དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།
ཐོག་མའི་མཚམས་སྦྱོར།
༄༅། །དེའང་བདག་ཅག་གི་སྟོན་མཆོག་བླ་ན་མེད་པའི་མཁྱེན་བརྩེ་དང་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་མངའ་བ་གང་དེའི་བསྟན་པ་ནི། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་རྟོགས་པ་བསླབ་པ་གསུམ་ལ་ཉམས་ལེན་བྱ་བ་ལས་གཞན་མེད་པའི་ཕྱིར། ཐོག་མར་བྱང་འཕགས་དགྲ་བཅོམ་རྣམས་ཀྱིས་བཀའ་ཡི་བསྡུ་བ་མཛད་ཅིང་། རྒྱ་དཀར་ནག་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་མཆོད་ཡོན་དང་བླ་སློབ་ཀྱི་རྟེན་འབྲེལ་ཚོགས་པ་ལས། གདུལ་བྱ་རང་སྐལ་དང་འཚམས་པའི་སྤོང་ཀློག་ལས་ཀྱི་འཁོར་ལོའི་རྒྱུན་འཛིན་སྐྱོང་སྤེལ་གསུམ་བགྱིས་པ་ཡིན་ལ། ཁྱད་པར་བསིལ་ལྡན་བྷོ་ཊའི་ཞིང་འདིར་སྤྲུལ་པའི་རྗེ་བློན་རྣམས་ཀྱིས་སྦྱིན་བདག་གནང་ནས། ལོ་པཎ་གྲུབ་པའི་ཚོགས་ཀྱིས་རིས་མེད་རྒྱལ་བསྟན་གྱི་ལུས་ཡོངས་སུ་རྫོགས་པ་སྟེ། དེང་དུས་ཤིང་སྤར་དུ་བཞུགས་པའི་རྒྱལ་བའི་བཀའ་འགྱུར་ལ་པོད་བརྒྱ་དང་གསུམ། དགོངས་འགྲེལ་བསྟན་འགྱུར་ལ་པོད་ཉིས་བརྒྱ་དང་བརྒྱད་ཀྱིས་མཚོན་པའི་གསུང་རབ་གྲགས་ཆེ་བ་ཕལ་མོ་ཆེ་བསྒྱུར་ཞུས་གསན་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་ཅིང་། རྩོམ་འཆད་བསྙེན་སྒྲུབ་ཀྱི་ཕྱག་བཞེས་ཉལ་འགྲོའི་རྒྱུན་བཞིན་བསྣར་བའི་མཛད་རྗེས་གཞལ་མཐའ་བྲལ་བའི་བཀའ་དྲིན་ལ་བརྟེན་ནས། དེང་གི་སྤྱི་ཚོགས་ཀྱི་ཁྲོད་དུའང་(བོད་བརྒྱུད་ནང་བསྟན་)ཞེས་པའི་མཚན་སྙན་དབྱར་རྔའི་སྒྲ་ཡི་རྗེས་སུ་འགྲོ་བ་འདི་བྱུང་བར་མངོན། དེས་ན་འུ་ཅག་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་ཞུགས་ཤིག་ཡིན་པའི་ངོས་ནས། བསྟན་པའི་སྲི་ཞུ་དང་སྐྱེ་འགྲོའི་བདེ་དོན་ལ་འབད་རིགས་པ་ནི་སྨོས་ཅི་དགོས། ཁྱད་པར་དོན་གཉིས་མཐར་སོན་པ་ནི་རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན། དེའི་གོ་འཕང་མངོན་དུ་བྱེད་པ་ལ་མྱུར་བདེའི་གསེང་ལམ་རྨད་དུ་བྱུང་བ་ནི་བསྟན་པའི་ཡང་སྙིང་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་དོ། །དེ་ལའང་གངས་ཅན་གྱི་ལྗོངས་འདིར་གསར་རྙིང་བཀའ་གཏེར་གྱི་བབས་སོ་དང་བསྙེན་སྒྲུབ་ཕྱག་བཞེས་ཀྱི་ཁྱད་པར་ལས་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད་དུ་གྲགས་པའི་རྣམ་བཞག་སོགས་བྱུང་བ་ནི་གདུལ་བྱ་སོ་སོའི་ཁམས་དབང་མོས་པའི་བྱེ་བྲག་ལ་ལྟོས་ཚུལ་ཡོངས་གྲགས་ལྟར་ལ། དེ་ལས་འདིར་མཉམ་མེད་འགྲོ་མགོན་མར་མི་དྭགས་པོའི་བཀའ་བརྒྱུད་སྤྱི་དང་། བྱེ་བྲག་རྒྱལ་བ་འབའ་རོམ་པ་ཆེན་པོ་ཡབ་སྲས་བརྒྱུད་པར་བཅས་པའི་རིང་སྲོལ། མདོ་རྒྱུད་མན་ངག་གི་དགོངས་བཅུད་གཅིག་ཏུ་དྲིལ་བས་ཚེ་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པའི་མནོག་ཆོས་ཏེ། བྱང་ཆུབ་སེམས་སྦྱོང་གི་གདམས་སྐོར། ཐབས་ལམ་ཆོས་དྲུག་གི་གདམས་སྐོར། གྲོལ་ལམ་ཕྱག་ཆེན་གྱི་གདམས་སྐོར་ཏེ་འབའ་རོམ་སྙན་བརྒྱུད་གཙོའི་ཨོཾ་ཨཱཿཧཱུྃ་རྟགས་ཅན་དེབ་གསུམ་ཞུ་བསྒྲིགས་དཔེ་བསྐྲུན་གྱི་ཁུར་བླངས་ཏེ། ཁམས་དབུས་ཀྱི་འབའ་རོམ་སྨོན་ལམ་ཆེན་མོ་འཚོགས་པའི་སྐབས་དང་། ཁང་དགོན་དུ་ཁྲིད་ལུང་ཆོས་ཚོགས་ཁར་ཕེབས་བཞུགས་གནང་བའི་འབྲེལ་ཡོད་ཆོས་སྡེ་ཁག་གི་བླ་སྤྲུལ་མཁན་སློབ་རྣམ་པ་དང་། དམིགས་བསལ་ལོ་གསུམ་ཕྱོགས་གསུམ་ཡུན་ཐབས་གྲོལ་ཉམས་བཞེས་མཛད་མྱོང་ཡོད་པའི་སྒྲུབ་གྲྭ་བ་ཡོངས་ལ་རིན་མེད་དུ་གཟིགས་འབུལ་ཕྱག་འཕྲོད་བགྱིས་ཟིན་པ་ལྟར་ལ། སྐབས་སུ་བབ་པ་ནི། བསྒྲུབ་བྱ་དེ་དག་བསྙེན་སྒྲུབ་ཀྱི་སྒོ་ནས་ཚུལ་བཞིན་ཉམས་བཞེས་བགྱི་བ་ལ་ཉེ་བར་མཁོ་བའི་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། རྟེན་འབྲེལ་དང་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྟེ། (རྩ་བ་གསུམ་གྱི་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་)འདི་ཉིད། སྔ་སོར་སྤྱི་ལོ་༡༩༩༥ལོར་བསྟན་པའི་སྲི་ཞུ་འགྲུབ་རེ་ཁོ་ནས་སྒྲུབ་སྡེ་ཐུན་མོང་ལ་ཉེར་མཁོའི་ཁྲིད་དཔེ་ལག་བྲིས་པོད་གཅིག་འགྲིམས་སྤེལ་བགྱིས་པ་གནད་སྨིན་བྱུང་བའི་ཉེར་ལེན་དང་། འབའ་རོམ་བཀའ་བརྒྱུད་སྤྱིའི་སྒྲུབ་སྡེ་སྐྱོ་བྲག་དབུ་རྩེ་མཐོང་གྲོལ་མཁའ་འགྲོ་དགའ་ཚལ་གླིང་གཙོར་བྱས་པའི་སྒྲུབ་ཁག་སུམ་ཅུ་ཡས་མས་ལ། བླ་མ་གསལ་བྱེད་རྡོ་རྗེ་འཆང་གི་ཞལ་བཀོད་བཞིན་ངེད་ཀྱིས་སྒྲུབ་ཐེངས་སྔ་ཕྱི་དུ་མར་དབང་ཁྲིད་ལུང་གསུམ་གྱི་སྲི་ཞུ་ཅི་རིགས་སྒྲུབ་ཁུལ་བགྱིས་པའི་ཚེ། སྤོང་བ་བསམ་གཏན་གྱི་འཁོར་ལོ་འཛིན་པའི་འབའ་རོམ་དོན་བརྒྱུད་འཛིན་སྤེལ་ཚོགས་པའི་ལས་ཐོག་དབུ་གཙོ་སྔ་ཕྱི་དང་བླ་སློབ་དུ་མ་ཞིག་གིས་སྒྲུབ་སྡེར་རྒྱུན་མཁོའི་རྩ་གསུམ་དཀྱིལ་ཆོག་སྐོར་གྱི་འདོན་ཆ་དང་བསྙེན་ཟིན་འཐུས་ཚང་ཞིག་ཕྱོགས་བསྒྲིག་བྱ་རྒྱུའི་རེ་བསྐུལ་བྱུང་བ་ལྟར། ༧ ཁྱབ་བདག་བླ་མ་རིན་པོ་ཆེར་རྒྱུ་མཚན་སྙན་ཞུ་ཕུལ་བས་དགྱེས་པའི་གསུང་གིས་དབུགས་དབྱུང་དང་གནང་བ་བསྩལ་བར་བརྟེན། འབའ་རོམ་བརྒྱུད་སྲོལ་འཛིན་པའི་སྒྲུབ་སྡེ་རྣམས་སུ་ཚར་གྲངས་འོས་མཚམས་རེ་གཏན་བཞག་ཐུབ་པའི་རེ་སྨོན་དང་ལྷག་བསམ་གཙང་མས་ཀུན་ནས་བསླངས་ཏེ། གནའ་དེང་ཀུན་ཏུ་རྒྱལ་བ་འབའ་རོམ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མེད་འཛིན་སྐྱོང་སྤེལ་བའི་བྱེད་པོ་༧ཆོས་རྗེ་སྐྱོ་བྲག་པའི་བཀའ་སྲོལ་ལ་གཞིར་བྱས། ཉེ་རིང་བརྒྱུད་སྲོལ་གཅིག་འདྲེས་ཀྱི་བཀའ་བབས་རིག་འཛིན་ཆེན་པོ་༧འཇིགས་མེད་ཆོས་ཀྱི་སེང་གེ་དང་། དགོངས་སྤྱོད་མཛད་རྗེས་ཕུལ་བྱུང་མཁས་གྲུབ་བླ་མ་༧འཇམ་དབྱངས་བློ་གྲོས་རིན་ཆེན་སོགས་ཀྱིས་བསྩལ་བའི་བསྙེན་སྒྲུབ་ལ་མཁོ་གལ་ཆེ་བའི་ཡིག་ཆ་རིགས་ཕྱོགས་གཅིག་ཏུ་བསྡེབས། ༧ བྱང་འབའ་རོམ་གདན་ས་མཐིལ་གྱིས་གཙོ་མཛད་པའི་རྩ་བ་ཡན་ལག་གི་དགོན་ཁག་སོ་སོའི་བསྟན་བདག་མཁན་སློབ་རྣམ་པ་དང་། ཁྱད་པར་སྒྲུབ་དཔོན་བླ་མ་རྣམས་ལ་ནང་མོལ་ཞུས་པའི་དགོངས་གཞི་ལྟར། ཐོག་མར་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་སྔ་ནས་བསྩལ་བའི་མདོ༵་ཤེར་ཕྱིན་སྡུད་པ། རྒྱུད༵་འཇམ་དཔལ་མཚན་བརྗོད་དང་བདེ་མགོན་ལྷ་མོའི་རྒྱ་གཞུང་སྐོར་པོད་གཅིག་གིས་ཐོག་དྲངས། གཙོ་བོར་འབའ་རོམ་རང་ལུགས་ཀྱི་རྩ་གསུམ་སྨིན་གྲོལ་སྐོར་སྒྲུབ་སྡེ་སྤྱིའི་ལག་དེབ་རྒྱས་པའི་འགྲོས་ལ་ཁོག་ཕུབས་ཤིང་། འཕྲལ་མཁོའི་སྒྲིབ་སྦྱོང་ཆོག་ཁྲིགས་སྣ་ཚོགས་ཀྱིས་ཀྱང་ཟུར་བརྒྱན་ནས་འགྲིག་རིམ་དཀར་ཆག་ཏུ་བཀོད་པའི་ཆོས་ཚན་རྣམས་པོད་གྲངས་བཅོ་བརྒྱད་དུ་གཏན་འབེབས་བྱས་ཏེ། སྔར་གྱི་ཡིག་རྙིང་བྱིན་རླབས་ཀྱི་ཚན་ཁ་ཅན་དུ་རེ་བའི་ཚིག་སྦྱོར་གང་ཡོད་སོར་བཞག །ནོར་བཅོས་མ་བྱས་ཀ་མེད་རིགས་སྡེ་དགེའི་ཆོས་མཛོད་དུ་བཞུགས་པའི་བཀའ་བསྟན་གཙོར་བྱས་པའི་མ་དཔེ་ཁུངས་བཙུན་དག་ལ་ཞུ་གཏུགས་ཅི་ཐུབ་བཅས་ཁོ་བོས་གཙོ་སྒྲིག་པའི་ལས་གཞི་ལྷུར་བླངས་པའི་སྐབས་འབྲེལ། ཐོག་མཐའ་བར་དུ་ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར་ཡིག་གཞིའི་ཇུས་འགོད་དང་འགྲོ་གྲོན་གྱི་ཁུར་བླ་ལྷག་ཏུ་བཞེས་པའི་དཔུང་གཉེན་དམ་པ་དགེན་བླ་མ་བསྟན་འཛིན་ཡོངས་གྲགས་ལགས་ཀྱིས་དབུ་མཛད་པའི་བླ་མཆེད་ལས་འཛིན་རྣམ་པ་དང་། སྒྲིག་སྦྱོར་ཕྱི་ནང་གི་ཕྱག་བསྟར་དངོས་དང་དཔེ་བསྐྲུན་འགན་བཞེས་པ་མཁན་པོ་འཇམ་དབྱངས་སེང་གེ། གསར་སྣོན་དགོས་རིགས་ཀྱི་ཡིག་ཆ་འཕྲུལ་བཏགས་དང་ཞུ་དག་གཉིས་ཀར་ནུས་ཤུགས་མཉམ་འདོན་པ་མང་ཐོས་སྡེ་སྣོད་འཛིན་ཅིང་བསླབ་གསུམ་ནོར་གྱིས་འབྱོར་བའི་(སྐྱོ་བྲག་ཁང་ནེ་དགོན་ཆོས་ཀྱི་བློ་གྲོས་རིག་གཞུང་འཚོལ་སྒྲིག་ཁང་)གི་མཁན་སློབ་དགེ་རྒན་ལྷན་རྒྱས། དམིགས་བསལ་རྩིས་འཕྲུལ་དུ་སྔར་བཏགས་མ་ཡིག་གང་ཡོད་མཁོ་འདོན་གནང་བ་ལ་བཀའ་དྲིན་ཆེས་ཆེ་བ་ཚང་གསར་གནམ་དགོན་གྱི་སྒྲུབ་དཔོན་བླ་མ་ཀརྨ་དཔལ་འབྱོར་མཆོག་དང་། སྐྱོ་བྲག་དགོན་གྱི་སྒྲུབ་བླ་མ་དགེན་བདེ་ཆེན་གྲགས་པ་དང་འཇམ་དབྱངས་དོན་གྲུབ་མཆེད་གཉིས། ཐེངས་སྔ་ཕྱིར་བསྐྱར་ཞུའི་རམ་འདེགས་པ་རང་དགོན་གྱི་སྒྲུབ་དཔོན་བླ་མ་དགེ་ལེགས་རྒྱལ་མཚན་དང་ཕྲིན་ལས་བཟང་པོ། མཁན་པོ་དཀོན་མཆོག་བསྟན་འཛིན་དང་དགེན་ཆོས་འཕེལ་ཉི་མ། བླ་མ་ཀརྨ་གཡུལ་རྒྱལ་དང་འཇམ་དབྱངས་མཁྱེན་རབ། དབུ་ལས་དབང་རྒྱལ་མཚན་དང་འཇམ་དབྱངས་བཀྲ་ཤིས། སྐབས་དེ་དག་ཏུ་གཙོ་བོར་སྲི་ཞུ་བ་རང་གི་ཉེ་གནས་སྒྲུབ་བླ་མ་ཀརྨ་འབྲུག་གྲགས་དང་གཞན་ཕན་ཉི་མ་སོགས་རྒྱུ་ལུས་ཚེགས་གསུམ་གྱི་སྒོ་ནས་མཐུན་སྦྱོར་མཛད་པོ་ཚང་མ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག །གོང་སྨོས་ལེགས་བྱས་ཀྱི་དགེ་ཚོགས་ཅི་མཆིས་པ་ལ་བརྟེན་ནས། ཕན་བདེ་མ་ལུས་པའི་འབྱུང་གནས་ཀུན་མཁྱེན་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ངེས་གསང་སྙིང་པོའི་སྒྲུབ་སྲོལ་འདི་ཉིད་མི་ནུབ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡུན་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་མཆོག་དམ་པ་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་ནས་གསང་གསུམ་རྡོ་རྗེའི་ཆོས་སུ་བརྟན་ཅིང་བཞེད་དོན་གེགས་མེད་དུ་འགྲུབ་པ་དང་། བསྟན་རྩ་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་གཞིར་བྱས་པའི་ཐོས་བསམ་སྒོམ་པ་མཐར་སོན་ནས་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་དང་། ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མཚོན་མུ་གེའི་འཚུབ་འགྱུར་སོགས་སྙིགས་ལྔའི་རྒུད་པ་མཐའ་དག་ལྷག་མེད་དུ་ཞི་ནས་རྫོགས་ལྡན་དཔལ་གྱིས་འབྱོར་བ་དང་། རྩ་བའི་ཕ་མས་གཙོས་པའི་ཁམས་གསུམ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ཀུན་བཏགས་འཁྲུལ་པའི་ལས་སྣང་ལས་མྱུར་དུ་གྲོལ་ཏེ། རྣམ་དག་བདེ་ཆེན་ཞིང་དུ་སྐྱེས་ནས་ཟག་མེད་ཀྱི་ཆོས་ལ་ལོངས་སྤྱོད་ཅིང་ཟུང་འཇུག་སྐུ་བཞིའི་གོ་འཕང་བདེ་བླག་ཏུ་ཐོབ་ནས་དོན་གཉིས་མཐར་ཕྱིན་པའི་འདུན་སྨོན་བཅས། གྲུབ་པའི་གནས་མཆོག་སྐྱོ་ཉིན་དབྱིངས་ཀྱི་ཀེའུ་ཚང་དུ་རབ་རྒྱན་ལྕགས་གླང་མགོ་ཟླའི་ཡར་ཚེས་བཅུ་ཡི་སྔ་དྲོའི་ཆར། རྟེན་གསུམ་ལ་སྦྱོང་ཁྲུས་རབ་གནས་དང་ཚོགས་མཆོད་ཕུལ་བའི་སྐབས་བསྟུན། ལྷ་རས་བརྩོན་འགྲུས་དཔལ་བའི་གདུང་རྟེན་དང་། རླངས་(གླང་)རས་རྒྱལ་མཚན་གྲགས་པའམ་གྲགས་པ་རྒྱལ་མཚན་གཙོ་འཁོར་གྱི་སྐུ་བརྙན་འདྲ་ཞལ་རིན་པོ་ཆེའི་སྤྱན་སྔར། ༧ ཆོས་རྗེ་བསྟན་འཛིན་ཕུན་ཚོགས་རབས་བརྒྱད་པའི་མཚན་འཛིན་དགེ་སྦྱོང་གྱི་ན་བ་བཙུན་མིང་ཀརྨ་ཡོངས་སུ་གྲགས་པས་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག། །།
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ།
༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{བདེ་མགོན་ལྷ་མོའི་རྩ་བའི་རྒྱུད་རྒྱ་གཞུང་སྐོར་}བཞུགས་སོ། །
༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་བཞུགས་སོ། །
རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་གཱ་ཐཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། །དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །སྐབས་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན། འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་
ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང་། །མངོན་སུམ་བྱས་ནས་བསླབས་པ་ཇི་བཞིན་སྟོན་བྱེད་དེ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །གང་ལ་ཤེས་
རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་སྐྲག་མེད་པ། །བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མ་ཡིན། །དེ་ཆོས་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་གཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་འཐོབ། །ཇི་ལྟར་ཀུན་ཏུ་རྒྱུ་བ་བཟོ་སྦྱངས་ཤེས་པ་ཡིས། །དམིགས་མེད་ཕུང་པོ་རྣམ་པར་འཇིག་པ་འབྱུང་བ་ལྟར། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཆོས་ཤེས་པ། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །ཡང་འདི་ཤེས་རབ་འདི་ནི་གང་ཡིན་སུ་ཡི་ཡིན། །གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་པར་རྟོགས། །ཉེ་བར་བརྟགས་ནས་ཞུམ་པ་མེད་ཅིང་སྐྲག་མེད་པ། །བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཉེ་བ་ཡིན། །གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་། །ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་སྤྱོད་བྱེད་ཅིང་། །ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །གང་ཞིག་གཟུགས་མིན་ཚོར་མིན་
འདུ་ཤེས་སེམས་པ་མིན། །རྣམ་པར་ཤེས་ལ་མི་སྤྱོད་གནས་པ་མེད་པར་སྤྱོད། །དེ་ནི་སྤྱོད་ཅེས་བྱ་བར་མི་དམིགས་ཤེས་རབ་བརྟན། །སྐྱེ་མེད་བློ་ལྡན་ཏིང་འཛིན་ཞི་བ་མཆོག་ལ་རེག །བྱང་ཆུབ་སེམས་གང་དེ་ལྟར་འདིར་བདག་ཞིར་གནས་པ། །དེ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ལུང་བསྟན་ཡིན། །བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེེས་རློམ་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །དེ་ལྟར་སྤྱོད་ན་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། །དེས་ནི་སྤྱོད་མེད་སྤྱོད་པ་ཡིན་པར་རབ་ཤེས་ཕྱིར། །ཆོས་གང་སྤྱོད་པ་དེ་ཡང་དམིགས་པར་མི་འགྱུར་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བརྟགས་ཡོད་པར་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །དགེ་བའི་བཤེས་དང་ལྡན་ཞིང་ལྷག་མཐོང་ལྡན་གྱུར་པ། །རྒྱལ་
བ་རྣམས་ཀྱི་ཡུམ་ཐོས་སྐྲག་པར་ཡོང་མི་འགྱུར། །གང་ཞིག་སྡིག་པའི་གྲོགས་ལྡན་གཞན་གྱི་དྲིང་འཇོག་པ། །དེ་ནི་སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན། །ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། །ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་བོ། །ཅི་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང་། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་སེམས་དཔའ་ཆེན་པོ་ཞེས་ནི་རབ་བརྗོད་དོ། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །དཔེར་ན་སྒྱུ་མ་མཁན་གྱིས་བཞི་མདོར་སྤྲུལ་བྱས་ཏེ། །སྐྱེ་བོ་ཕལ་ཆེན་མགོ་མང་བྱེ་བ་གཅོད་བྱེད་པའི། །གསད་བྱ་དེ་དག་ཅི་འདྲ་དེ་ལྟར་བྱང་ཆུབ་སེམས། །འགྲོ་ཀུན་སྤྲུལ་འདྲ་རབ་ཤེས་དེ་ལ་འཇིགས་པ་མེད། །གཟུགས་དང་འདུ་ཤེས་ཚོར་བ་དང་ནི་སེམས་པ་དང་། །རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་ཡོད་པ་མིན། །དེ་ལྟར་བྱང་ཆུབ་ལ་འཇུག་
ཞུམ་པའི་སེམས་མེད་པ། །འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག །ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །གང་ཞིག་ཞོན་ནས་ཕྱོགས་སུ་འགྲོ་བ་དམིགས་སུ་མེད། །མྱ་ངན་འདས་པར་འགྲོ་བར་གསུངས་པ་འགྲོ་མི་དམིགས། །དཔེར་ན་མི་ཤི་དེ་ཡིས་འགྲོ་རྒྱུ་མེད་པ་བཞིན། །རྒྱུ་དེས་དེ་ནི་མྱ་ངན་འདས་ཞེས་རབ་ཏུ་བརྗོད། །བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟར་བྱུང་བར་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །བྱང་ཆུབ་སེམས་དཔའ་མཁས་རིག་གང་གི་དུས་ཀྱི་ཚེ། །སྐྱེ་མེད་རྣམ་པར་བསམས་ཏེ་འདི་ལྟར་སྤྱོད་བྱེད་ཅིང་། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གལ་ཏེ་སེམས་ཅན་འདུ་ཤེས་སྡུག་བསྔལ་འདུ་ཤེས་སྐྱེད། །འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་སྟེ། །
འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲར་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །འཇིག་རྟེན་དག་ན་ཆོས་མིང་ཇི་སྙེད་ཡོངས་བརྗོད་པ། །ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས་སྤངས་ནས། །ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞན་མེད་འཐོབ། །དེ་ཕྱིར་འདི་ནི་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ། །བྱང་ཆུབ་སེམས་དཔའ་གང་ཞིག་དོགས་མེད་དེ་ལྟར་སྤྱོད། །ཤེས་རབ་ལྡན་ཏེ་མཉམ་ཉིད་གནས་པར་ཤེས་པར་བྱ། །ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །སྐབས་གཉིས་པ་ལམ་ཐམས་ཅད་ཤེས་པ་ཉིད་བསྟན། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །རྟག་དང་མི་རྟག་བདེ་དང་སྡུག་བསྔལ་སྡུག་མི་སྡུག །བདག་དང་བདག་མེད་དེ་བཞིན་ཉིད་དང་དེ་བཞིན་སྟོང་། །འབྲས་བུ་ཐོབ་དང་དགྲ་བཅོམ་ས་ལ་མི་གནས་ཤིང་། །རང་རྒྱལ་ས་
དང་དེ་བཞིན་སངས་རྒྱས་སར་མི་གནས། །ཇི་ལྟར་འདྲེན་པ་འདུས་མ་བྱས་ཁམས་མི་གནས་ཤིང་། །དེ་བཞིན་འདུས་བྱས་ལ་ཡང་མི་གནས་གནས་མེད་སྤྱོད། །དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་མེད་གནས། །གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་དང་། །འབྲས་བུ་ཐོབ་དང་རྐྱེན་རྒྱལ་དེ་བཞིན་འཇིག་རྟེན་མགོན། །མཁས་པ་གསལ་བས་ཐོབ་པའི་མྱ་ངན་འདས་གང་ཡིན། །དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན། །གང་ཟག་བཞི་པོ་འདི་དག་དེ་ལ་མི་སྐྲག་སྟེ། །རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང་། །དགྲ་བཅོམ་དྲི་མ་བསལ་ཞིང་སོམ་ཉི་སྤངས་པ་དང་། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །བྱང་ཆུབ་སེམས་དཔའ་མཁས་རིག་དེ་ལྟར་སྤྱོད་པ་ནི། །དགྲ་བཅོམ་ས་ལ་མི་སློབ་རྐྱེན་རྟོགས་ས་ལ་མིན། །ཐམས་ཅད་མཁྱེན་ཉིད་ཆད་དུ་སངས་རྒྱས་ཆོས་རྗེས་
སློབ། །གང་ཞིག་སློབ་མི་སློབ་ལ་མི་སློབ་དེ་སློབ་ཡིན། །གཟུགས་འཕེལ་ཡོངས་སུ་ཉམས་དང་ཡོངས་སུ་གཟུང་ཕྱིར་མིན། །ཆོས་རྣམས་སྣ་ཚོགས་ཡོངས་སུ་གཟུང་ཕྱིར་མི་སློབ་པར། །སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་འཛིན་ལ། །ངེས་འབྱུང་གང་ཡིན་འདི་ནི་ཡོན་ཏན་དགའ་བའི་སློབ། །གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །རྣམ་ཤེས་འདུ་ཤེས་ཚོར་དང་སེམས་པ་འདི་དག་ནི། །ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད། །འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །དམིགས་པ་རྣམས་ཀྱི་རང་བཞིན་དེ་ནི་ཕ་མཐའ་མེད། །སེམས་ཅན་རང་བཞིན་གང་ཡིན་དེ་ཡང་ཕ་མཐའ་མེད། །ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ་མེད། །འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །གང་དག་འདུ་ཤེས་བྲལ་བ་འདི་ནི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས། །གལ་ཏེ་སྟོན་པས་ཀྱང་ནི་གང་གཱའི་བྱེ་སྙེད་ཀྱི། །བསྐལ་པར་བཞུགས་ཏེ་སེམས་ཅན་ཞེས་སྒྲ་ཡོངས་བསྒྲགས་ཀྱང་། །གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་
ལ་འགྱུར། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གང་ཚེ་ང་ནི་ཕ་རོལ་ཕྱིན་པ་མཆོག་འདི་དང་། །མཐུན་པར་སྨྲ་གྱུར་དེ་ཚེ་སྔོན་གྱི་སྐྱེས་མཆོག་གིས། །མ་འོངས་པ་ཡི་དུས་ན་སངས་རྒྱས་འགྱུར་རོ་ཞེས། །ང་ལུང་བསྟན་པར་གྱུར་ཅེས་རྒྱལ་བ་དེ་སྐད་གསུངས། །ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་ནི་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གང་གཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་སྟི་སྟང་བྱེད་གྱུར་ན། །མཆོད་
རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེ། །སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིག་སྔགས་འདི་བསླབས་སྨན་པའི་རྒྱལ་པོ་བླ་མེད་གྱུར། །གང་དག་ཕན་དང་སྙིང་རྗེར་བཅས་པ་སྤྱད་སྤྱོད་པ། །རིག་སྔགས་འདི་ལ་བསླབས་ནས་མཁས་པ་བྱང་ཆུབ་རིག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱ། །ས་བོན་བཏབ་ནས་ས་ལ་གནས་ཏེ་འབྱུང་འགྱུར་བ། །ཚོགས་པ་རྙེད་ནས་རྣམ་མང་གཟུགས་དག་རྣམ་པར་སྐྱེ། །ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེ། །འཁོར་ལོས་སྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་བ། །ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན། །གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ། །དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན་འགྲོ་བར་འགྱུར། །རྒྱལ་བས་བརྒྱ་བྱིན་དྲི་བ་ཡོངས་དྲིས་ལན་གསོལ་པ། །གལ་ཏེ་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་གྱུར་ལ། །དེ་ཀུན་རྒྱལ་བའི་རིང་བསྲེལ་ཕྱུར་བུར་གཏམས་གྱུར་ཀྱང་། །བདག་ནི་ཤེས་རབ་
ཕ་རོལ་ཕྱིན་པ་འདི་ཉིད་ལེན། །ཅི་སླད་ཅེ་ན་སྐུ་གདུང་མི་གུས་བདག་མ་ལགས། །འོན་ཀྱང་ཤེས་རབ་ཡོངས་སུ་བསྒོས་པས་མཆོད་པར་བགྱིད། །དཔེར་ན་རྒྱལ་པོ་རྟེན་མི་རིམ་གྲོ་ཐོབ་པ་ལྟར། །སངས་རྒྱས་རིང་བསྲེལ་ཤེས་རབ་ཕ་རོལ་ཕྱིན་ལ་རྟེན། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་རིན་ཐང་མེད། །གབ་ཚེ་གང་དུ་སྩལ་པ་དེ་ནི་ཕྱག་བགྱི་འོས། །དེ་ཕྱུང་གྱུར་ཀྱང་གབ་ཚེ་ལ་ནི་དགའ་བགྱིད་དེ། །ཡོན་ཏན་དེ་དག་ནོར་བུ་རིན་ཆེན་དེ་ཡི་ལགས། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས། །རྒྱལ་བ་མྱ་ངན་འདས་ཀྱང་རིང་བསྲེལ་མཆོད་པ་བརྙེས། །དེ་ལྟས་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་འཚལ་དེས། །ཤེས་རབ་ཕ་རོལ་ཕྱིན་བླངས་འདི་ནི་ཐར་པ་ལགས། །སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གཟན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །དཔེར་ན་འཛམ་བུའི་གླིང་ན་ཤིང་རྣམས་བྱེ་བ་སྟོང་། །རྣམ་པ་སྣ་ཚོགས་རྣམ་པ་དུ་མ་གཟུགས་མང་བ། །གྲིབ་མར་གྱུར་པའི་གྲངས་སུ་བརྗོད་པ་མ་གཏོགས་པར། །གྲིབ་མ་སྣ་ཚོགས་མེད་ཅིང་བྱེ་བྲག་ཡོད་མ་ཡིན། །
དེ་བཞིན་རྒྱལ་བའི་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་པའི་མིང་ཉིད་ཐོབ་པར་འགྱུར། །ཐམས་ཅད་མཁྱེན་པ་ཉིད་ཕྱིར་ཡོངས་སུ་བསྔོས་བྱས་ན། །བྱང་ཆུབ་ཅེས་བྱར་དྲུག་པོ་འདི་ཀུན་རོ་གཅིག་འགྱུར། །བྱང་ཆུབ་སེམས་དཔའ་གལ་ཏེ་རབ་ཏུ་མི་ཤེས་བཞིན། །གཟུགས་དང་འདུ་ཤེས་ཚོར་དང་སེམས་པ་རྣམ་པར་ཤེས། །མི་རྟག་ཡོངས་སུ་སྟོན་པ་བཅོས་ལ་སྤྱོད་པ་སྟེ། །མཁས་པ་ནམ་ཡང་ཆོས་རྣམས་འཇིག་པར་མི་བྱེད་དོ། །གང་ལ་གཟུགས་མིན་ཚོར་མིན་འདུ་ཤེས་མི་དམིགས་ཤིང་། །རྣམ་པར་ཤེས་པ་མ་ཡིན་སེམས་པ་མི་དམིགས་ལ། །ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དུ་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ལ་ལས་གང་གཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་དུ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །མྱུ་གུ་མེད་པར་འཇིག་
རྟེན་སྡོང་འབྱུང་ཡོང་མེད་ན། །དེ་ལ་ཡལ་འདབ་མེ་ཏོག་འབྲས་བུ་ག་ལ་འབྱུང་། །བྱང་ཆུབ་སེམས་མེད་རྒྱལ་འབྱུང་འཇིག་རྟེན་ཡོད་མེད་ན། །འབྲས་བུ་བརྒྱ་བྱིན་ཚངས་པ་ཉན་ཐོས་ག་ལ་འབྱུང་། །ཉི་མའི་དཀྱིལ་འཁོར་གང་ཚེ་འོད་ཀྱི་དྲ་བ་འགྱེད། །དེ་ཚེ་སེམས་ཅན་ལས་བྱེད་བརྩོན་པ་དེ་བཞིན་དུ། །མཁས་པ་ཤེས་ཕྱིར་འཇིག་རྟེན་བྱང་ཆུབ་སེམས་བྱུང་ན། །ཡེ་ཤེས་ཀྱིས་ནི་སེམས་ཅན་ཡོན་ཏན་ཆོས་དང་ལྡན། །དཔེར་ན་མ་དྲོས་མཚོ་ལ་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར། །དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་། །ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །འཇིག་རྟེན་འདི་ན་སྣང་བྱེད་སྲོག་ཆགས་ཇི་སྙེད་པ། །ཀུན་གྱིས་སྣང་བར་བྱ་ཕྱིར་འོད་རྣམས་ཕྱུང་བ་བས། །ཉི་མའི་དཀྱིལ་འཁོར་འོད་ཟེར་གཅིག་ཕྱུང་ཆེས་མཆོག་སྟེ། །སྣང་བྱེད་ཚོགས་ཀྱི་འོད་རྣམས་ཀུན་གྱིས་ཆར་མི་ཕོད། །ཉན་ཐོས་ཚོགས་རྣམས་ཇི་སྙེད་སྦྱིན་དང་
ཚུལ་ཁྲིམས་དང་། །བསྒོམ་དང་རབ་ཏུ་ལྡན་པའི་བསོད་ནམས་ཚོགས་བསྐྱེད་པ་འང་། །བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་སེམས་གཅིག་ལ། །ཉན་ཐོས་ཚོགས་ཀྱི་བསོད་ནམས་ཕུང་པོས་ཆར་མི་ཕོད། །འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་། །ཞིང་མང་མཐའ་ཡས་བྱེ་སྟོང་དག་ན་གང་བཞུགས་དང་། །གང་ཡང་མྱ་ངན་འདས་པ་འཇིག་རྟེན་མགོན་པོ་རྣམས། །སྡུག་བསྔལ་ཟད་པར་བྱ་ཕྱིར་རིན་ཆེན་ཆོས་སྟོན་པ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང་། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་ཞིང་། །འགྲོ་བའི་དོན་རྒྱུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཡོངས་བསྔོ་གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང་། །བྱང་ཆུབ་འདུ་ཤེས་ཡོངས་བསྔོ་སེམས་ཅན་འདུ་ཤེས་ན། །འདུ་ཤེས་ཕྱིར་ན་ལྟ་གནས་སེམས་ནི་གསུམ་ལ་ཆགས། །དམིགས་པ་ཡོད་པས་ཡོངས་སུ་བསྔོ་བར་ཆུད་མ་ཡིན། །གལ་ཏེ་འདི་ལྟར་ཆོས་འདི་འགགས་
ཤིང་ཟད་པ་དང་། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཇི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པ་འང་དེ་འདྲར་རྒྱལ་བས་གསུངས། །དེ་ལྟས་འདི་ལྟར་ཡོངས་སུ་བསྔོ་བ་བསླབ་བྱ་སྟེ། །ཇི་ལྟར་རྒྱལ་བ་དེ་དག་དགེ་བ་དེ་མཁྱེན་པའི། །རྣམ་པ་གང་ཡིན་འབྱུང་གང་མཚན་ཉིད་གང་ཡིན་ལ། །རྗེས་སུ་ཡིད་རང་དེ་ལྟ་དེ་ལྟར་ཡོངས་སུ་བསྔོ། །དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་བསྔོ་བྱེད་ན། །དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུངས་པ་སྨྲ། །དེ་ལྟར་ཡོངས་བསྔོ་དཔའ་བོ་འཇིག་རྟེན་དམིགས་ཅན་གྱི། །བྱང་ཆུབ་སེམས་དཔའ་ཇི་སྙེད་ཐམས་ཅད་ཟིལ་གྱིས་གནོན། །དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་
འདི་ཡི་མིང་ཐོབ་བོ། །དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ། །ཇི་སྲིད་མིག་མ་བྲིས་པས་རྔན་པ་མི་ཐོབ་བཞིན། །གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །གལ་ཏེ་བདག་ནི་རྒྱལ་བའི་ཤེས་རབ་སྤྱད་བྱ་ཞིང་། །སེམས་ཅན་སྡུག་བསྔལ་རེག་པ་ཁྲག་ཁྲིག་མང་དགྲོལ་སེམས། །སེམས་ཅན་འདུ་ཤེས་ཡོངས་རྟོག་བྱང་ཆུབ་སེམས་དཔའ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཆད་སྤྱོད་པའི་ཚེ། །ཕ་རོལ་ཕྱིན་འདིར་སྤྱོད་པ་མཁས་པ་སོམ་ཉི་མེད། །ཐོས་མ་ཐག་ཏུ་དེས་ནི་སྟོན་པའི་འདུ་ཤེས་བསྐྱེད། །དེས་ནི་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར། །སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང་། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས། །དཔེར་ན་ཚོང་པ་
རིན་ཆེན་གླིང་དུ་སོང་ནས་ནི། །ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུང་ངོ་། །གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་གཅད་དུ་མེད། །སྐབས་གསུམ་པ་གཞི་ཐམས་ཅད་ཤེས་པ་བསྟན། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བ་འང་མིན། །ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམ། །འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །སྤྱོད་པ་ཡོངས་དག་གང་ཞིག་གཟུགས་ལ་མི་སྤྱོད་ཅིང་། །རྣམ་ཤེས་འདུ་ཤེས་ཚོར་བ་སེམས་པར་མི་སྤྱོད་ན། །དེ་ལྟར་སྤྱོད་པ་ཆགས་པ་ཐམས་ཅད་ཡོངས་སྤོང་ཞིང་། །ཆགས་ལས་རྣམ་གྲོལ་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་
བཅད་ནས་འགྲོ་ལ་ཆགས་པ་མེད་པར་འགྲོ། །ཉི་མ་སྒྲ་གཅན་གཟའ་བྲལ་ལྷང་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་སྲེག་པ་བཞིན། །ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །སྐབས་བཞི་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བསྟན། རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། །བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་ཇི་ལྟར་བརྩོན། །ཕུང་པོ་ཁམས་ལ་རྡུལ་ཙམ་བརྩོན་པར་མི་བྱེད་ཅིང་། །ཕུང་པོར་མི་བརྩོན་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན། །གང་ཞིག་ཆོས་འདི་སྤྲུལ་དང་སྒྱུ་མ་འདྲར་ཐོས་ནས། །སོམ་ཉི་མེད་ཅིང་སློབ་ལ་ཕྱིར་ཞིང་སྦྱོར་བྱེད་པ། །སེམས་ཅན་དེ་ནི་རིང་ནས་ཐེག་ཆེན་ཞུགས་རིག་བྱ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་ལ་ལྷག་བྱས་ཡིན། །དགོན་པའི་ལམ་ནི་དཔག་ཚད་མང་པོར་ཞུགས་པའི་མིས། །གནག་རྫི་མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་མཐོང་ནས། །འདི་དག་གྲོང་དང་གྲོང་ཁྱེར་ཉེ་བར་བརྟགས་སྙམ་སྟེ། །དབུགས་ཕྱིན་རྙེད་པར་འགྱུར་ཞིང་ཆོམ་རྐུན་འཇིགས་པ་མེད། །དེ་བཞིན་བྱང་ཆུབ་ཡོངས་སུ་ཚོལ་
ཚེ་རྒྱལ་རྣམས་ཀྱི། །ཤེས་རབ་ཕ་རོལ་ཕྱིན་འདི་མཉན་པ་གང་ཐོབ་པ། །དེ་ནི་དབུགས་ཕྱིན་ཐོབ་པར་གྱུར་ཅིང་འཇིགས་མེད་དེ། །དགྲ་བཅོམ་ས་ལ་མ་ཡིན་རྐྱེན་རྟོགས་ས་ལ་མིན། །མི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་ཕྱིར་འགྲོ་བ་ཡིས། །གལ་ཏེ་ཤིང་དང་ནགས་ཚལ་རི་མཐོང་ད་དུང་རིང་། །ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་པོ་ནི། །ཉེ་བར་གྱུར་ཏོ་སྙམ་སྟེ་དེ་ལ་སོམ་ཉི་མེད། །དེ་ལྟར་བྱང་ཆུབ་དམ་པར་རབ་ཞུགས་རྒྱལ་བ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་འདི་མཉན་རིག་པར་བྱ། །རྣམ་པར་འདྲེན་པས་མངོན་སུམ་ལུང་བསྟན་མ་གྱུར་ཀྱང་། །སངས་རྒྱས་བྱང་ཆུབ་རིང་པོར་མི་ཐོགས་བདག་རེག་འགྱུར། །དཔྱིད་དུས་བཟང་ལ་སྡོང་པོ་ལོ་མ་ལྷགས་གྱུར་ན། །ཡལ་གས་རིང་པོར་མི་ཐོགས་ལོ་འབྲས་མེ་ཏོག་སྐྲུན། །ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་འདྲེན་པ་རྣམས་ཀྱི་བྱང་ཆུབ་ཐོབ། །དཔེར་ན་བུད་མེད་སྦྲུམ་གང་སྡུག་བསྔལ་ཉེན་གྱུར་ན། །དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་ཉན། །དགའ་དང་འདུན་པ་སྐྱེད་པ་མྱུར་དུ་བྱང་ཆུབ་རེག །ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་ཚེ་རྣལ་འབྱོར་པ། །གཟུགས་ཀྱི་འཕེལ་བ་དང་ནི་ཡོངས་
སུ་འགྲིབ་མི་མཐོང་། །གང་ཞིག་ཆོས་དང་ཆོས་མིན་ཆོས་དབྱིངས་མི་མཐོང་ཞིང་། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །གང་ཞིག་འདིར་སྤྱོད་སངས་རྒྱས་ཆོས་རྣམས་མི་རྟོག་སྟེ། །སྟོབས་དང་རྫུ་འཕྲུལ་རྐང་པ་བྱང་ཆུབ་ཞི་མི་རྟོག །རྣམ་པར་མི་རྟོག་རྟོག་བྲལ་བྱིན་གྱི་རླབས་ཀྱིས་སྤྱོད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་རབ་འབྱོར་ཞུས། །ཡོན་ཏན་དགའ་བ་རྣམས་ཀྱི་བར་དུ་གཅོད་གང་ལགས། །སྟོན་པས་བཀའ་སྩལ་བར་དུ་གཅོད་པར་འགྱུར་མང་སྟེ། །དེ་ལས་རེ་ཤིག་ཅུང་ཟད་ཙམ་ཞིག་ཡོངས་སུ་བརྗོད། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་འདྲི་ཚེ། །སྤོབས་པ་ཐ་དད་རྣམ་པ་དུ་མ་འབྱུང་འགྱུར་ཞིང་། །འགྲོ་བའི་དོན་མ་བྱས་པར་གློག་བཞིན་མྱུར་དུ་ཡང་། །ཡོངས་སུ་ཉམས་པར་འགྱུར་བ་འདི་ནི་བདུད་ཀྱི་ལས། །འདི་བཤད་ཚེ་ན་ཁ་ཅིག་སོམ་ཉི་ཟ་འགྱུར་ཏེ། །འདྲེན་པས་འདིར་ནི་བདག་གི་མིང་ཡང་ཡོངས་མ་བརྗོད། །རིགས་དང་ས་དང་རུས་ཀྱང་ཡོངས་སུ་མ་བརྗོད་ཅེས། །འདི་ནི་ཉན་པར་མི་འགྱུར་སྤོང་འགྱུར་བདུད་ཀྱི་ལས། །དེ་ལྟར་མི་ཤེས་དེ་དག་རྩ་བ་བོར་ནས་ནི། །རྨོངས་པས་ཡལ་ག་དག་དང་འདབ་མ་ཚོལ་བར་འགྱུར། །གླང་པོ་རྙེད་ནས་གླང་པོའི་རྗེས་
ནི་ཚོལ་བ་ལྟར། །ཤེས་རབ་ཕ་རོལ་ཕྱིན་ཐོས་མདོ་ཚོལ་དེ་བཞིན་ནོ། །དཔེར་ན་ལ་ལས་རོ་བརྒྱ་ལྡན་པའི་ཟས་རྙེད་ལ། །ཟས་མཆོག་རྙེད་ནས་ཟས་ངན་ཚོལ་བར་བྱེད་པ་ལྟར། །བྱང་ཆུབ་སེམས་དཔའ་ཕ་རོལ་ཕྱིན་པ་འདི་རྙེད་ནས། །དགྲ་བཅོམ་ས་ཡིས་བྱང་ཆུབ་ཚོལ་བྱེད་དེ་བཞིན་ནོ། །སྟི་སྟང་འདོད་པར་འགྱུར་ཞིང་རྙེད་པ་འདོད་འགྱུར་དང་། །ལྷ་དང་བཅས་པའི་སེམས་ཀྱིས་ཁྱིམ་འདྲིས་བྱེད་ལྡན་ཞིང་། །ཆོས་བཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བ། །ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས། །གང་དག་དེ་ཡི་ཚེ་ན་འདུན་ཅིང་དད་གྱུར་ནས། །ཆོས་ཀྱི་དམ་པ་འདི་ནི་ཉན་དུ་སོང་བ་ལས། །དེ་དག་གིས་ནི་ཆོས་སྨྲ་བྱ་བ་ལྡན་རིག་ནས། །དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་འགྲོ། །དེ་ཡི་ཚེ་ན་བདུད་ཀྱི་ལས་འདི་འབྱུང་བར་འགྱུར། །དེ་ཚེ་གང་དག་གིས་ནི་དགེ་སློང་མང་དཀྲུགས་ནས། །ཤེས་རབ་ཕ་རོལ་ཕྱིན་འདི་འཛིན་པར་མི་འགྱུར་བའི། །བར་དུ་གཅོད་པ་རྣམ་མང་གཞན་ཡང་འབྱུང་བར་འགྱུར། །རིན་ཆེན་རིན་ཐང་མེད་པ་རྙེད་འགྱུར་གང་དག་ཡིན། །དེ་དག་དཀོན་ལ་དུས་རྣམས་རྟག་ཏུ་འཚེ་བའང་མང་། །དེ་བཞིན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་མཆོག །རིན་ཆེན་ཆོས་ཀྱང་དཀོན་ལ་
རྟག་ཏུ་འཚེ་བ་འང་མང་། །ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མི་རྙེད་པ། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཕྱོགས་བཅུའི་སངས་རྒྱས་དེ་དག་ཡོངས་སུ་འཛིན་ལ་སྦྱོར། །མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད། །གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང་། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་འབྱུང་། །འཇིག་རྟེན་སྟོན་པ་རྒྱལ་བ་རྣམས་ཀྱི་སྐྱེད་བྱེད་ཡུམ། །སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པ་སྟོན་པར་བྱེད། །འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཤེས་རབ་ཕ་རོལ་ཕྱིན་པ་དེ་བཞིན་གཤེགས་པས་མཁྱེན། །མཁས་པ་འཇིག་རྟེན་གནས་སམ་མྱ་ངན་འདས་ཀྱང་རུང་། །ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། །བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཞེས་
སངས་རྒྱས་མཚན་གསོལ་ཏོ། །ཤེས་རབ་ཕ་རོལ་ཕྱིན་པ་དགའ་ཚལ་ལ་བརྟེན་པ། །སྟོབས་བཅུ་རྣམ་འདྲེན་རྣམས་ཀྱི་སྤྱོད་ཡུལ་འདི་ཡིན་ཏེ། །སེམས་ཅན་སྡུག་བསྔལ་ངན་སོང་གསུམ་ལས་ཡོངས་འདོན་ཀྱང་། །དེ་དག་ནམ་ཡང་སེམས་ཅན་འདུ་ཤེས་འགྱུར་བ་མེད། །དཔེར་ན་སེང་གེ་རི་སུལ་བརྟེན་ནས་འཇིགས་མེད་པར། །རི་དྭགས་ཕྲ་མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། །མི་ཡི་སེང་གེ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །མུ་སྟེགས་ཅན་མང་སྐྲག་བྱེད་འཇིག་རྟེན་སྒྲ་ཡང་སྒྲོགས། །དཔེར་ན་ནམ་མཁར་གནས་པའི་ཉི་མའི་འོད་ཟེར་ནི། །ས་འདི་སྐེམས་པར་བྱེད་ཅིང་གཟུགས་ཀྱང་རབ་ཏུ་སྟོན། །དེ་བཞིན་ཆོས་རྒྱལ་ཤེས་རབ་ཕ་རོལ་ཕྱིན་རྟེན་པ། །སྲེད་པའི་ཆུ་ཀླུང་སྐེམས་ཤིང་ཆོས་ཀྱང་རབ་ཏུ་སྟོན། །གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་
བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང་། །རྒྱལ་པོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད་ལྟར། །སངས་རྒྱས་མཛད་དང་ཉན་ཐོས་ཆོས་རྣམས་ཇི་སྙེད་པ། །དེ་དག་ཐམས་ཅད་ཤེས་རབ་ཕ་རོལ་ཕྱིན་པ་བྱེད། །རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་མི་འགྲོ་ལ། །རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །བྱང་ཆུབ་སེམས་དཔའི་ཆོས་ཉིད་གང་དུ་འང་མི་འགྲོ་ལ། །སངས་རྒྱས་ས་ཡི་ཡོན་ཏན་གང་ཡིན་ཐམས་ཅད་སྡུད། །གང་ལ་བདེ་གཤེགས་བྱང་ཆུབ་སེམས་དཔའ་དད་བརྟན་ཡོད། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལ་བསམ་སྦྱོར་བ། །ཉན་ཐོས་རང་རྒྱལ་ས་གཉིས་ཤིན་དུ་འདས་བྱས་ནས། །ཟིལ་གྱིས་མི་ནོན་རྒྱལ་བའི་བྱང་ཆུབ་མྱུར་དུ་ཐོབ། །དཔེར་ན་རྒྱ་མཚོར་འཇུག་པའི་གྲུ་ནི་ཆག་གྱུར་ལ། །མི་གང་རོ་འམ་རྩྭ་འམ་ཤིང་ནི་མི་འཛིན་པ། །ཆུ་དབུས་འཇིག་པར་འགྱུར་ཏེ་ངོགས་སུ་ཕྱིན་མི་འགྱུར། །གང་ཞིག་འཛིན་པ་རྒྱ་མཚོའི་ཕ་རོལ་ཕྱིན་པར་འགྱུར། །དེ་ལྟར་དད་ལྡན་དང་བ་ཐོབ་པ་གང་ཞིག་ནི། །ཤེས་རབ་ཕ་རོལ་ཕྱིན་ཡུམ་རྗེས་སུ་མི་འཇུག་མིན། །དེ་དག་ཐབས་ཀྱི་ཡོན་ཏན་ཤེས་རབ་ཡོངས་ཟིན་ན། །མཆོག་ཏུ་རྨད་བྱུང་བདེ་གཤེགས་
བྱང་ཆུབ་མྱུར་དུ་རེག །དཔེར་ན་ལ་ལས་རྫ་སོ་མ་བཏང་ཆུ་སྐྱེད་ན། །ཉམ་ཆུང་ཕྱིར་ན་མྱུར་དུ་འཇིག་པར་རིག་པར་བྱ། །སོ་བཏང་བུམ་པར་ཆུ་སྐྱེད་ལམ་དུ་འཇིག་པ་ཡི། །འཇིགས་པ་མེད་ཅིང་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་དད་པ་མང་གྱུར་ཀྱང་། །ཤེས་རབ་རྣམ་པར་ཉམས་ན་མྱུར་དུ་མ་རུངས་འགྱུར། །དད་པས་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་ན། །ས་གཉིས་ཤིན་ཏུ་འདས་ཏེ་བྱང་ཆུབ་མཆོག་ཐོབ་འགྱུར། །དཔེར་ན་བཅོས་ལེགས་མ་བྱས་གྲུ་ནི་རྒྱ་མཚོའི་ནང་། །ནོར་དང་བཅས་ཤིང་ཚོང་པར་བཅས་ཏེ་འཇིག་པར་འགྱུར། །གྲུ་དེ་ལེགས་པར་བཅོས་ལེགས་བྱས་དང་ལྡན་གྱུར་ན། །མི་འཇིག་ནོར་དང་བཅས་པར་ངོགས་སུ་ཕྱིན་པར་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་དད་པས་ཡོངས་བསྒོས་ཀྱང་། །ཤེས་རབ་མེད་ན་བྱང་ཆུབ་ལས་ནི་མྱུར་ཉམས་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལྡན་ན། །མ་སྨས་མ་ཉམས་རྒྱལ་བའི་བྱང་ཆུབ་རེག་པར་འགྱུར། །ལོ་བརྒྱ་ཉི་ཤུ་ལོན་ཏེ་རྒས་ཤིང་སྡུག་བསྔལ་མི། །ལངས་ཀྱང་བདག་ཉིད་འགྲོ་བར་ནུས་པ་མ་ཡིན་ཏེ། །དེ་ནི་གཡས་གཡོན་གཉིས་ནས་མི་ཡིས་བརྟེན་བྱས་ན། །འགྱེལ་བའི་འཇིགས་པ་མེད་ཅིང་བདེ་
བླག་འགྲོ་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་སྟོབས་ཆུང་བ། །རབ་ཏུ་ཞུགས་པར་གྱུར་ཀྱང་རབ་ཏུ་ཉམས་པར་འགྱུར། །དེ་ཉིད་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སར་གནས་གང་། །ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ། །སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས། །བྱང་ཆུབ་ཕུང་པོར་ཞེན་ནས་མཆོག་འཛིན་མ་བྱེད་ཅེས། །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ། །དེ་ལྟར་སྤྱོད་པ་ལེགས་མཚོ་སྨྲ་བའི་ཟླ་བ་རྣམས། །འགྲོ་བའི་སྐྱབས་དང་དཔུང་གཉེན་དང་ནི་གནས་ཡིན་ཏེ། །རྟེན་དང་བློ་དང་གླིང་དང་ཡོངས་འདྲེན་དོན་འདོད་པ། །གསལ་བྱེད་སྒྲོན་མ་ཆོས་མཆོག་
སྨྲ་བ་མི་འཁྲུགས་ཡིན། །གྲགས་ཆེན་ལྡན་རྣམས་བྱ་དཀའ་གོ་ཆ་གྱོན་བྱེད་དེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་གོ་ཆ་མིན། །ཐེག་གསུམ་འདུ་ཤེས་བྲལ་ཞིང་ཡོངས་སུ་བཟུང་བ་མེད། །མི་ལྡོག་གཡོ་བ་མེད་ཅིང་མི་འཁྲུགས་ཆོས་ཅན་ཡིན། །དེ་དག་འདི་འདྲའི་ཆོས་དང་ལྡན་ཞིང་སྤྲོས་པ་མེད། །ཐེ་ཚོམ་སོམ་ཉི་ཡིད་གཉིས་བྲལ་ཞིང་དོན་དང་ལྡན། །ཤེས་རབ་ཕ་རོལ་ཕྱིན་པ་ཐོས་ནས་མི་ནུར་བ། །གཞན་གྱི་དྲིང་མི་འཇོག་ཅིང་མི་ལྡོག་རིག་པར་བྱ། །འདྲེན་པ་རྣམས་ཀྱི་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་ནས་ནི། །སེམས་ཅན་ཚོགས་སུས་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། །ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་དང་། །དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་ཕྱོགས་ཕ་མཐའ་ཡས། །སྟེང་དང་འོག་དང་ཕྱོགས་བཅུའི་ཇི་སྙེད་རྣམས་ནའང་ཡོད། །ཐ་དད་གྱུར་པ་
མེད་ཅིང་བྱེ་བྲག་གྱུར་པ་མེད། །འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད། །བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་གྱུར་པ། །འདི་ནི་བྱང་ཆུབ་སེམས་དཔའ་གང་ཞིག་ཐོབ་འདོད་པ། །ཐབས་དང་ལྡན་པས་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར། །འདྲེན་པའི་ཤེས་རབ་མེད་ན་ཐོབ་པར་འགྱུར་མ་ཡིན། །བྱ་ཞིག་ལུས་ཆེ་དཔག་ཚད་བརྒྱ་རྩ་ལྔ་བཅུ་པར། །གྱུར་ལ་འདབ་གཤོག་ཟད་དེ་ཉམས་རྩལ་ཡོད་མིན་ན། །དེ་ཡིས་སུམ་ཅུ་རྩ་གསུམ་གནས་ནས་འཛམ་གླིང་འདིར། །བདག་ཉིད་མཆོངས་ན་དེར་ནི་ཉམ་ཉེས་གྱུར་པ་ཡིན། །རྒྱལ་བ་རྣམས་ཀྱི་ཕ་རོལ་ཕྱིན་པ་ལྔ་འདི་ཡང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བསྒྲུབས་བྱས་ཤིང་། །སྨོན་ལམ་མཐའ་ཡས་རྒྱ་ཆེན་འཇིག་རྟེན་རྟག་བསྟེན་ཀྱང་། །ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་། །སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང་། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང་། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་བརྟུལ་བྱ་ཞིང་། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་
བར་བྱ། །འཇིག་རྟེན་མགོན་ལ་གནས་བརྟན་རབ་འབྱོར་ཡོངས་ཞུས་པ། །ཡོན་ཏན་རྒྱ་མཚོ་ཉོན་མོངས་མ་མཆིས་རྟགས་བསྟན་གསོལ། །མཐུ་ཆེ་བ་དག་ཇི་ལྟར་སླར་ལྡོག་མི་འགྱུར་བ། །དེ་ལྟར་ཡོན་ཏན་ཕྱོགས་ཙམ་རྒྱལ་བས་ལུང་བསྟན་གསོལ། །ཐ་དད་འདུ་ཤེས་བྲལ་ཞིང་རིགས་པ་ལྡན་ཚིག་སྨྲ། །དགེ་སྦྱོང་དག་དང་བྲམ་ཟེ་གཞན་ལ་བརྟེན་མི་བྱེད། །མཁས་པ་དུས་རྣམས་རྟག་ཏུ་ངན་སོང་གསུམ་པོ་སྤངས། །དེ་དག་དགེ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན། །ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་རྗེས་སུ་སྟོན། །ཆོས་ལ་གཅིག་ཏུ་དགའ་ཞིང་རྟག་ཏུ་ཚིག་འཇམ་ལྡན། །འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །གཙང་བྱས་གཙང་མའི་གོས་འཆང་གསུམ་པོ་དབེན་ཞིང་དག །རྙེད་འདོད་མ་ཡིན་ཁྱུ་མཆོག་རྟག་ཏུ་ཆོས་འདོད་པ། །བདུད་ཀྱི་ཡུལ་ལས་འདས་ཤིང་གཞན་གྱི་དྲིང་མི་འཇོག །བསམ་གཏན་བཞི་ལ་བསམ་གཏན་བསམ་གཏན་དེར་མི་གནས། །གྲགས་པ་འདོད་པ་མ་ཡིན་ཁྲོ་བས་སེམས་དཀྲིས་མེད། །ཁྱིམ་པར་གྱུར་ཀྱང་རྟག་ཏུ་དངོས་པོ་ཀུན་མ་ཆགས། །འཚོ་བའི་ཕྱིར་ནི་ཡ་ངས་ལོངས་སྤྱོད་ཚོལ་མི་བྱེད། །དྲག་ཤུལ་སྤྱོད་
སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན། །འདོད་པའི་ལས་ཅན་ཕོ་མོར་འགྱུར་ཞེས་སྟོན་མི་བྱེད། །རབ་ཏུ་དབེན་པའི་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། །འཐབ་དང་རྩོད་དང་བྲལ་ཞིང་བྱམས་པའི་སེམས་ཀྱང་བརྟན། །ཀུན་མཁྱེན་འདོད་ཅིང་བརྟན་ལ་རྟག་ཏུ་གཞོལ་སེམས་ལྡན། །མཐའ་འཁོབ་ཀླ་ཀློའི་སྐྱེ་བོའི་ཡུལ་མཐའ་རྣམ་པར་སྤངས། །རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་འདྲ། །ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །མི་ལྡོག་རྟགས་ནི་འདི་དག་ཡིན་པར་ཤེས་པར་བྱ། །གཟུགས་དང་ཚོར་དང་འདུ་ཤེས་སེམས་པ་རྣམ་ཤེས་རྣམས། །ཟབ་སྟེ་རང་བཞིན་མཚན་མ་མེད་ཅིང་རབ་ཞི་བ། །དཔེར་ན་མདའ་ཡིས་རྒྱ་མཚོའི་གཏིང་ཐུག་ཚོལ་བ་ལྟར། །ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཟབ་གྱུར་ཅིང་། །ཐེག་པ་དོན་དམ་ཆགས་མེད་གང་ལ་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་ཡོད་མིན་ཆོས་འདི་རྟོགས་པ་དེའི། །བསོད་ནམས་ཡང་དག་གྲུབ་པ་དེ་ལས་ཅི་ཞིག་ཡོད། །དཔེར་ན་འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག །བུད་མེད་དུས་བཏབ་དེ་དང་མ་ཕྲད་དེ་ཡི་ནི། །ཉིན་གཅིག་སེམས་ཀྱི་རྣམ་རྟོག་སྤྱོད་པ་ཇི་སྙེད་པ། །དེ་སྙེད་བསྐལ་པའི་
བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་གང་ཞིག་བསྐལ་མང་བྱེ་སྟོང་དུ། །དགྲ་བཅོམ་རང་རྒྱལ་སྦྱིན་བྱེད་ཚུལ་ཁྲིམས་སྲུང་བྱེད་ཀྱང་། །གང་ཞིག་ཤེས་རབ་ཕ་རོལ་ཕྱིན་མཆོག་ལྡན་པའི་ཆོས། །བརྗོད་པའི་ལེགས་ལ་སྦྱིན་དང་ཚུལ་ཁྲིམས་ཆར་མི་ཕོད། །བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །བསོད་ནམས་དེ་ཡང་གསོག་དང་དེ་བཞིན་སྟོང་པ་དང་། །གསོབ་དང་ཡ་མ་བརླ་དང་སྙིང་པོ་མེད་པར་ཤེས། །དེ་ལྟར་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱད་སྤྱད་ན། །སྤྱོད་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན། །སངས་རྒྱས་ཀྱིས་བཤད་རབ་ཏུ་སྦྱར་ཅིང་རབ་བསྟན་པའི། །ཆོས་འདི་ཐམས་ཅད་བརྗོད་པ་ཙམ་དུ་ཟད་ཤེས་ནས། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བརྗོད་བྱས་ཀྱང་། །ཆོས་ཀྱི་དབྱིངས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །རྒྱལ་བ་རྣམས་ཀྱི་ཕ་རོལ་ཕྱིན་ཅེས་བྱ་བ་གང་། །ཆོས་དེ་རྣམས་ཀྱང་མིང་ཙམ་དུ་ནི་ཡོངས་སུ་བསྒྲགས། །ཡོངས་བསྔོ་རློམ་སེམས་མེད་པའི་བྱང་ཆུབ་སེམས་
དཔའ་ནི། །ཉམས་པ་མེད་ཅིང་སངས་རྒྱས་བྱང་ཆུབ་མཆོག་རེག་འགྱུར། །འབྲུ་མར་སྙིང་པོ་འབར་བ་ཕྲད་པ་དང་པོ་ཡིས། །སྙིང་པོ་ཚིག་མིན་དེ་མེད་པར་ཡང་དེ་མི་ཚིག །མེ་ལྕེ་ཕྲད་པ་ཐ་མས་སྙིང་པོ་ཚིག་མིན་ལ། །མེ་ལྕེ་ཐ་མ་མེད་པར་སྙིང་པོ་ཚིག་མིན་ལྟར། །དང་པོའི་སེམས་ཀྱིས་བྱང་ཆུབ་མཆོག་རེག་མ་ཡིན་ལ། །དེ་མེད་པར་ཡང་དེ་ལ་རེག་པར་ནུས་མ་ཡིན། །ཐ་མའི་སེམས་ཀྱིས་བྱང་ཆུབ་ཞི་བ་ཐོབ་མིན་ལ། །དེ་མེད་པར་ཡང་དེ་ཐོབ་ནུས་པ་མ་ཡིན་ནོ། །ས་བོན་ལས་ནི་མྱུ་གུ་མེ་ཏོག་འབྲས་བུ་འབྱུང་། །དེ་ཡང་འགགས་ལ་ཤིང་ཡང་མེད་པ་དེར་མིན་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །དེ་ཡང་འགགས་ལ་བྱང་ཆུབ་མེད་པ་དེ་མ་ཡིན། །ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །སྟོང་པ་མཚན་མེད་སྨོན་པ་མེད་པའི་ཆོས་སྤྱོད་ཅིང་། །མྱ་ངན་འདས་ལ་མི་རེག་མཚན་མར་མི་སྤྱོད་པ། །དཔེར་ན་མཉན་པ་མཁས་པ་ཕར་འགྲོ་ཚུར་འགྲོ་ཡང་། །མཐའ་གཉིས་མི་གནས་རྒྱ་མཚོར་གནས་པ་མེད་པ་བཞིན། །དེ་ལྟར་སྤྱོད་
པའི་བྱང་ཆུབ་སེམས་དཔའ་འདི་སྙམ་བདག །སྟོབས་བཅུས་ལུང་བསྟན་བྱང་ཆུབ་རེག་འགྱུར་རློམ་སེམས་མེད། །འདི་ལ་ཅི་ཡང་མེད་ཅེས་བྱང་ཆུབ་སྐྲག་པ་མེད། །དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། །འཇིག་རྟེན་དགོན་པའི་ལམ་དང་མུ་གེ་ནད་བཅས་པར། །མཐོང་ནས་སྐྲག་པ་མེད་ཅིང་དེ་ནས་གོ་གྱོན་ཏེ། །ཕྱི་མའི་མུ་མཐར་རྟག་ཏུ་བརྩོན་ཞིང་རབ་ཤེས་ནས། །ཡོངས་སུ་སྐྱོ་བའི་ཡིད་ནི་རྡུལ་ཙམ་སྐྱེ་མི་བྱེད། །བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སྤྱོད་བྱེད་ཅིང་། །ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །དཔེར་ན་སྐྱེས་བུ་མཁས་པ་ཡོན་ཏན་ཀུན་ལྡན་ཞིང་། །སྟོབས་ལྡན་མི་ཐུབ་བརྩོན་བྱས་སྒྱུ་རྩལ་ཆོ་ག་ཤེས། །འཕོང་དང་བཟོ་གནས་མང་པོའི་ཕ་རོལ་ཕྱིན་གྱུར་ཅིང་། །སྒྱུ་མ་སྒྲུབ་ཤེས་འགྲོ་དོན་རབ་ཏུ་འདོད་པ་ཞིག །ཕ་དང་མ་དང་ཆུང་མར་བཅས་པར་ཡོངས་བསྡུས་ནས། །དགྲ་བྱེད་མང་བ་ད་གོན་པའི་ལམ་དུ་ཕྱིན་པ་དང་། །དེ་ཡིས་དཔའ་ཞིང་རྟུལ་ཕོད་སྐྱེས་བུ་མང་སྤྲུལ་ཏེ། །བདེ་བར་སོང་ཞིང་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར། །དེ་བཞིན་དེ་ཚེ་བྱང་
ཆུབ་སེམས་དཔའ་མཁས་པ་ཡང་། །སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེར་བསྐྱེད་ཅིང་། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་ནས། །ཏིང་འཛིན་མཆོག་ལ་གནས་ཤིང་བྱང་ཆུབ་རེག་མི་བྱེད། །མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དེ་འདྲ་སྟེ། །ནམ་མཁའ་གང་ལ་གནས་ཡིན་དོན་འདི་བསམ་པར་གྱིས། །དེ་བཞིན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་གནས་པ། །འགྲོ་ལ་སེམས་ཅན་ཤེས་པའི་སྨོན་ལམ་རྟེན་ཅན་གྱིས། །བྱ་བ་རྣམ་པ་སྣ་ཚོགས་དུ་མ་སྟོན་བྱེད་ཅིང་། །མྱ་ངན་འདས་ལ་མི་རེག་སྟོང་པར་གནས་པ་མེད། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །སྟོང་པ་ཞི་བའི་ཏིང་འཛིན་དམ་པ་འདི་སྤྱོད་པ། །བར་སྐབས་དེར་ནི་མཚན་མ་རབ་ཏུ་སྒོམ་མི་བྱེད། །མཚན་མ་མེད་པར་གནས་ཤིང་ཞི་ལ་རབ་ཞི་སྤྱོད། །བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་ཏེ། །དེ་ན་གནས་པ་མ་ཡིན་ས་ལ་ལྟུང་མི་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །མྱ་ངན་འདས་ལ་མི་རེག་མཚན་མར་སྤྱོད་མ་ཡིན། །དཔེར་ན་འཕོང་བསླབས་སྐྱེས་བུས་གནམ་དུ་མདའ་འཕངས་ཏེ། །མདའ་གཞན་
དག་གིས་ཕྱི་བཞིན་བརྒྱུད་མར་ལོང་བཏགས་ཏེ། །སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་བྱེད། །མི་དེ་འདོད་ན་མདའ་དེ་ས་ལ་ལྟུང་བར་འགྱུར། །དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་སྤྱོད་པ། །ཤེས་རབ་ཐབས་སྟོབས་རྫུ་འཕྲུལ་གྱིས་ནི་རྣམ་སྤྱོད་པ། །དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །དཔེར་ན་དགེ་སློང་རྫུ་འཕྲུལ་སྟོབས་མཆོག་ལྡན་པ་ཞིག །ནམ་མཁར་གནས་ཏེ་གཅིག་ཆར་ཆོ་འཕྲུལ་རྣམ་པར་འཕྲུལ། །འགྲོ་དང་འཆག་པ་དང་ནི་ཉལ་དང་འདུག་པ་སྟོན། །དེ་ནི་སྐྱོ་བ་མེད་ཅིང་དེ་ལ་དུབ་པ་མེད། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྟོང་གནས་ཤིང་། །ཡེ་ཤེས་རྫུ་འཕྲུལ་ཕ་རོལ་སོན་ལ་གནས་པ་མེད། །འགྲོ་བ་དག་ལ་བྱ་བ་རྣམ་པ་མཐའ་ཡས་སྟོན། །བསྐལ་པ་བྱེ་བར་སྐྱོ་བ་མེད་ཅིང་དུབ་པ་མེད། །དཔེར་ན་མི་འགའ་གཡང་ས་ཆེན་པོར་འདུག་བྱེད་ཅིང་། །ལག་པ་གཉི་གས་གདུགས་གཉིས་འཛིན་ཅིང་ནམ་མཁའ་ལ། །འཆོང་བར་བྱེད་ཅིང་གཡང་ས་ཆེན་པོར་ལུས་བོར་ནས། །ལྟུང་བར་མི་འགྱུར་ཇི་སྲིད་དེར་ནི་འགྲོ་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྙིང་རྗེར་གནས། །ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་
ཡོངས་བཟུང་སྟེ། །ཆོས་རྣམས་སྟོང་པ་མཚན་མེད་སྨོན་པ་མེད་རྟོག་ཅིང་། །མྱ་ངན་འདས་ལ་རེག་པ་མེད་ལ་ཆོས་ཀྱང་མཐོང་། །དཔེར་ན་རིན་ཆེན་འདོད་པ་རིན་ཆེན་གླིང་སོང་སྟེ། །རིན་ཆེན་རྙེད་ནས་ཕྱིར་ཡང་ཁྱིམ་དུ་འོངས་གྱུར་པ། །དེར་ནི་དེད་དཔོན་འབའ་ཞིག་བདེ་བར་འཚོ་བྱེད་ཅིང་། །གཉེན་བཤེས་ཚོགས་ཡིད་མི་བདེར་འཇོག་པ་མིན་པ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་སྟོང་ཉིད་རིན་ཆེན་གྱི། །གླིང་དུ་སོང་སྟེ་བསམ་གཏན་དབང་པོ་སྟོབས་ཐོབ་པ། །མྱ་ངན་འདས་ལ་རེག་པ་འབའ་ཤིག་མངོན་དགའ་ཞིང་། །སེམས་ཅན་སྡུག་བསྔལ་ཡིད་དུ་འཇོག་པར་འགྱུར་མ་ཡིན། །དཔེར་ན་དོན་གཉེར་ཚོང་པ་རྒྱུས་ཤེས་བྱ་བའི་ཕྱིར། །བར་གྱི་གྲོང་ཁྱེར་གྲོང་རྡལ་གྲོང་གང་ཡིན་པར་འགྲོ། །དེར་ཡང་མི་གནས་རིན་ཆེན་གླིང་དུའང་མི་གནས་ལ། །རིག་པ་ཁྱིམ་དུ་མི་གནས་ལམ་ལ་མཁས་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་གསལ་ཏེ་ཉན་ཐོས་དང་། །རང་རྒྱལ་རྣམས་ཀྱི་ཤེས་པ་རྣམ་གྲོལ་ཀུན་ལ་མཁས། །དེ་ལ་མི་གནས་སངས་རྒྱས་ཡེ་ཤེས་གནས་མ་ཡིན། །འདུས་མ་བྱས་ལ་མི་གནས་ལམ་གྱི་ཚུལ་ཤེས་ཡིན། །གང་ཚེ་འགྲོ་ལ་བྱམས་པས་རྗེས་སུ་འབྲེལ་བྱས་ནས། །ཏིང་འཛིན་སྟོང་པ་མཚན་མེད་སྨོན་པ་མེད་སྤྱོད་པ། །
དེ་ནི་མྱ་ངན་འདས་པ་ཐོབ་པར་འགྱུར་ཞེ་འམ། །འདུས་བྱས་ཡིན་པར་གདགས་ནུས་དེ་ནི་གནས་མེད་དོ། །དཔེར་ན་སྤྲུལ་པའི་མི་ལུས་མི་སྣང་མ་ཡིན་ཞིང་། །དེ་ནི་མིང་གིས་ཀྱང་ནི་གདགས་པར་ནུས་པ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །དེ་ནི་མིང་གིས་ཀྱང་ནི་གདགས་པར་ནུས་པ་ཡིན། །གལ་ཏེ་སྤྱོད་པ་དང་ནི་དབང་པོ་ཡོངས་དྲིས་ལ། །བྱང་ཆུབ་སེམས་དཔའ་སྟོང་པ་མཚན་མ་མེད་པའི་ཆོས། །ཡོངས་སུ་མི་སྟོན་ཕྱིར་མི་ལྡོག་པ་ས་ཡི་ཆོས། །མི་འཆད་དེ་ནི་ལུང་མ་བསྟན་པར་རེག་པར་བྱ། །སྐབས་ལྔ་པ་རྩེ་མོ་མངོན་པར་རྫོགས་པར་རྟོགས་པ་བསྟན། དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། །ཁམས་གསུམ་དག་ལ་རྨི་ལམ་ན་ཡང་མི་འདོད་ཅིང་། །སངས་རྒྱས་རྣམས་མཐོང་འགྲོ་ལ་ཆོས་ཀྱང་སྟོན་བྱེད་པ། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་གནས་མཐོང་། །སྐད་ཅིག་དེ་ལ་ངན་སོང་རྒྱུན་བཅད་སྨོན་ལམ་འདེབས། །བདེན་པའི་བྱིན་གྱིས་རླབས་ཀྱིས་མེ་ཡི་ཕུང་པོ་ཞི། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །མི་ཡིས་འཇིག་རྟེན་འབྱུང་པོའྀ་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པའི་བདེན་པའི་བྱིན་གྱིས་ཞི། །
འོན་ཀྱང་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་མེད་པ། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཅི་སྟེ་དེ་ནི་བདེན་པའི་བྱིན་རླབས་སྣ་ཚོགས་དག །འབྱོར་པས་བདག་ལུང་བསྟན་སྙམ་རློམ་སེམས་འབྱུང་བ་འམ། །གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱིས་ལུང་བསྟན་རློམ། །རློམ་སེམས་གནས་པ་དེ་ནི་བློ་ཆུང་ཤེས་པར་བྱ། །མིང་གི་གཞི་ལས་བདུད་ནི་ཉེ་བར་འོངས་གྱུར་ནས། །འདི་སྐད་སྨྲས་ཏེ་འདི་ནི་ཁྱོད་དང་ཕ་མ་དང་། །ཁྱོད་ཀྱི་བདུན་མེས་རྒྱུད་ཀྱི་བར་གྱི་མིང་ཡིན་ཞིང་། །གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན། །སྦྱངས་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་འབྱུང་འགྱུར་ལ། །ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲའོ་ཞེས་བརྗོད་དོ། །དེ་སྐད་གང་ཐོས་རློམ་སེམས་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་རིག་པར་བྱ། །རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་རི་སུལ་དང་། །དགོན་པ་དབེན་པ་ནགས་ཁྲོད་རབ་ཏུ་སྟེན་བྱེད་ཅིང་། །བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་རིག་པར་བྱ། །རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་གནས་བྱེད་ཅིང་། །སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས་པར། །དེ་ནི་དགྲ་
བཅོམ་རང་རྒྱལ་འདོད་པ་གཞན་མི་སྐྱེ། །འདི་ནི་བདེ་བར་གཤེགས་ཀྱི་སྲས་ཀྱིས་དབེན་པར་གསུངས། །གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། །སྦྲུལ་གྱིས་གང་བར་ལོ་མང་བྱེ་བར་གནས་བྱེད་ཀྱང་། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་དེ། །ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། །བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་བརྩོན་བསམ་གཏན་དང་། །སྟོབས་དང་དབང་པོ་རྣམ་ཐར་ཏིང་འཛིན་ཐོབ་དེ་ལ། །འདི་ནི་དགོན་དབེན་སྤྱོད་པ་མིན་སྙམ་བརྙས་བྱེད་པ། །དེ་ནི་བདུད་ཀྱི་སྤྱོད་ཡུལ་གནས་ཤེས་རྒྱལ་བས་གསུངས། །གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་། །ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ཆུབ་མཆོག་ངེས་ན། །འདི་ནི་འགྲོ་དོན་ཞུགས་པ་རྣམས་ཀྱི་དབེན་པ་སྟེ། །བྱང་ཆུབ་སེམས་དཔའ་དྲོད་ཉོམ་དེ་ནི་བདག་ཉིད་ཉམས། །དེ་ལྟ་བས་ན་བྱང་ཆུབ་དམ་པ་ཚོལ་བ་ཡིས། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་
བཤེས་སུ་བསྟན། །དེ་དག་རྗེས་སུ་སྟོན་བྱེད་འདི་ནི་བསྒྲུབ་པའི་ས། །རྒྱུ་རྣམ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས། །རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཕ་རོལ་ཕྱིན་འདི་བྱང་ཆུབ་མཆོག་ལ་ཞུགས་རྣམས་ཀྱི། །གསལ་དང་སྒྲོན་དང་སྣང་དང་སྟོན་མཆོག་ཡིན་ཞེས་བཤད། །ཇི་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཚན་ཉིད་སྟོང་། །ཆོས་འདི་ཐམས་ཅད་མཚན་ཉིད་དེ་དང་འདྲར་ཤེས་ཤིང་། །ཆོས་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན། །དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། །སེམས་ཅན་ཡོངས་སུ་རྟོག་པ་ཟས་ལ་འདོད་བྱེད་ཅིང་། །འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་བསླང་བ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་རྟག་སྐྱེ་ཞིང་འཆི། །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་
བྱང་བར་གསུངས། །འདི་ལ་གང་ཡང་ཉོན་མོངས་རྣམ་དག་འགྱུར་མེད་པར། །བྱང་ཆུབ་སེམས་དཔས་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། །འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་མ་ལུས་པ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ། །ཀུན་ཀྱང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ཡང་། །གང་ཞིག་ཤེས་རབ་ཕ་རོལ་ཕྱིན་མཆོག་མངོན་བརྩོན་པ། །ཐ་ན་ཉི་མ་གཅིག་ཅིག་རྗེས་སུ་འཐུན་བྱེད་ན། །དེ་ལ་སྦྱིན་པའི་ཕུང་པོས་བསོད་ནམས་ཆར་མི་ཕོད། །དེ་ཕྱིར་གཡེལ་མེད་རྟག་ཏུ་ཤེས་རབ་འཇུག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པའི་རྣལ་འབྱོར་པ། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །དེ་ཚེ་མཁས་པ་འགྲོ་བ་ཀུན་གྱི་སྦྱིན་གནས་འགྱུར། །རྟག་ཏུ་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངས་སུ་སྤྱོད། །བྱང་ཆུབ་སེམས་དཔའ་གང་འདིར་ཡུན་རིངས་འབྲེལ་པ་ཡི། །ལྷ་མི་ངན་སོང་གསུམ་གྱི་སེམས་ཅན་དགྲོལ་བའི་ཕྱིར། །ལམ་ཡངས་ཕ་རོལ་སེམས་ཅན་ཁམས་ལ་སྟོན་འདོད་པས། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་ལ་བརྩོན་པར་བྱ། །མི་ཞིག་སྔོན་ཆད་མ་རྙེད་པ་ཡི་རིན་ཆེན་མཆོག །དུས་གཞན་ཞིག་ན་རྙེད་པར་གྱུར་ཏེ་
དགའ་བ་ལས། །རྙེད་མ་ཐག་ཏུ་བག་མེད་གྱུར་ཏེ་སྟོར་ན་ནི། །སྟོར་བས་རིན་ཆེན་མངོན་འདོད་རྟག་ཏུ་སྡུག་བསྔལ་ལོ། །དེ་ལྟར་བྱང་ཆུབ་མཆོག་ཞུགས་རིན་ཆེན་ལྟ་བུ་ཡི། །ཤེས་རབ་ཕ་རོལ་ཕྱིན་ལ་རྣལ་འབྱོར་དོར་མི་བྱ། །རིན་ཆེན་རྙེད་ནས་བླངས་ཏེ་རབ་ཏུ་བརྩོན་དཀྲིས་ནས། །མྱུར་དུ་འགྲོ་བར་བྱེད་པ་ཞི་བར་འགྱུར་བ་བཞིན། །ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་དྲ་བ་ཅན། །མུན་ནག་ཐིབས་པོ་མུན་པ་ཐམས་ཅད་འཇོམས་འཆར་བ། །སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། །སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན། །མཆོག་སྤྱོད་སྟོང་པ་དང་ནི་མཚན་མ་མེད་སྤྱོད་པ། །མཁས་པས་ལྟ་བའི་ཐིབས་པོ་བཅོམ་ནས་འགྲོ་ཀུན་དང་། །དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན། །དཔེར་ན་རྒྱལ་པོའི་བུ་ཞིག་ནོར་གཏོང་དོན་འདོད་པ། །ཀུན་གྱི་གཙོ་བོར་གྱུར་ཏེ་མངོན་པར་འགྲོ་བྱ་འོས། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་དགའ་བྱེད། །ཐབས་ཐོབ་གྱུར་ཏེ་རྒྱལ་སྲིད་གནས་ནས་སྨོས་ཅི་དགོས། །དེ་ལྟར་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་དགའ། །འདི་ནི་ད་ལྟ་ན་
ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ནས་སྨོས་ཅི་དགོས། །དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམ་ཆུང་། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་གྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་སྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པ་དྲག་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །གང་ཚེ་བྱང་ཆུབ་སེམས་དཔའ་འཐབ་དང་རྩོད་གྱུར་ཅིང་། །ཕན་ཚུན་མི་མཐུན་ཁྲོས་པའི་སེམས་དང་ལྡན་གྱུར་པ། །དེ་ཚེ་བདུད་ནི་དགའ་ཞིང་མཆོག་ཏུ་ཉམས་བདེར་འགྱུར། །དེ་གཉིས་རྒྱལ་བའི་ཡེ་ཤེས་ལས་ནི་རིང་འགྱུར་སྙམ། །དེ་གཉིས་རིང་དུ་འགྱུར་ཞིང་ཤ་ཟ་འདྲ་བར་འགྱུར། །གཉི་ག་རང་གི་དམ་བཅས་ཉམས་པར་བྱེད་པར་འགྱུར། །སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། །དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར། །ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་
སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་བགོས་སོ། །སངས་རྒྱས་བཟོད་པའི་ཕ་རོལ་ཕྱིན་པས་བྱང་ཆུབ་རེག །སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང་། །སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་སྡོམ་བྱེད་ལ། །དགའ་བར་མི་བྱེད་དེ་ནི་སངས་རྒྱས་ཆོས་འདིར་སློབ། །གང་ཞིག་སློབ་ཚེ་བསླབ་པ་གང་ཡང་ཁས་མི་ལེན། །སློབ་པ་པོ་དང་བསླབ་པའི་ཆོས་རྣམས་མི་དམིགས་ཤིང་། །བསླབ་དང་བསླབ་པ་མ་ཡིན་འདི་གཉིས་མི་རྟོག་པ། །དེ་ལྟར་གང་སློབ་དེ་ནི་སངས་རྒྱས་ཆོས་འདིར་སློབ། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟའི་བསླབ་འདི་ཤེས། །དེ་ནི་གཞན་ཡང་བསླབ་ཉམས་ཚུལ་ཁྲིམས་འཆལ་མི་འགྱུར། །དེ་ནི་སངས་རྒྱས་ཆོས་མཉེས་བྱ་ཕྱིར་འདི་ལ་སློབ། །དེ་ནི་བསླབ་ལྷག་བསླབ་ལ་མཁས་ཏེ་དམིགས་པ་མེད། །མཁས་པ་འོད་བྱེད་རྣམས་ཀྱི་ཤེས་རབ་ཤེས་རབ་དེ་ལྟར་སློབ། །དགེ་བ་མ་ཡིན་སེམས་གཅིག་ཙམ་ཡང་སྐྱེད་མི་བྱེད། །ཉི་མ་མཁའ་ལ་འགྲོ་བའི་ཟེར་གྱིས་ཟིལ་གནོན་པའི། །མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། །ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པར་བྱས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་འགྱུར། །འཇིག་ཚོགས་ལྟ་
བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །དེ་བཞིན་ཕ་རོལ་ཕྱིན་པ་འདི་དག་འདུས་པར་གསུངས། །དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན། །གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགག་པར་འགྱུར། །དེ་ལྟར་ཤེས་རབ་སྤྱོད་པ་མཁས་པ་མཆོག་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་གསུངས། །བྱང་ཆུབ་སེམས་མཁས་ཉན་ཐོས་ཡོན་ཏན་གང་དག་དང་། །དེ་བཞིན་རང་རྒྱལ་ཡོན་ཏན་ཀུན་ལ་སློབ་བྱེད་ཅིང་། །དེ་དག་དེ་ལ་མི་གནས་འདོད་པ་མི་སྐྱེད་དེ། །འདི་ནི་བདག་གིས་བསླབ་བྱ་ཡིན་སྙམ་དེ་ཕྱིར་སློབ། །མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །དགེ་བ་དོན་གཉེར་ཕན་འདོད་སེམས་ཅན་ཇི་སྙེད་པ། །ཀུན་གྱི་བསོད་ནམས་ཕུང་པོ་ལ་ཡང་ཡི་རང་གྱུར། །དེ་ཕྱིར་དེ་དག་རྒྱལ་བའི་ཡོན་ཏན་ཐོབ་གྱུར་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འཇིག་རྟེན་ཆོས་སྦྱིན་བྱེད། །བྱང་ཆུབ་སེམས་དཔའ་གང་ཞིག་མི་རྟོག་ཆོས་རྣམས་ཀུན། །སྟོང་དང་མཚན་མ་མེད་དང་སྤྲོས་མེད་ཡོངས་ཤེས་པ། །དེ་ནི་ཤེས་རབ་གཉིས་ཀྱིས་བྱང་ཆུབ་
ཚོལ་མི་བྱེད། །རྣལ་འབྱོར་པ་དེ་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། །ནམ་མཁའི་ཁམས་དེ་དང་ནི་ནམ་མཁའ་དེར་འགལ་བ། །ཡོད་པ་མ་ཡིན་གང་གིས་ཀྱང་ནི་དེ་མ་ཐོབ། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །ནམ་མཁའ་ལྟ་བུ་ཡིན་ཏེ་ཉེ་བར་ཞི་བ་སྤྱོད། །སྐྱེ་བོའི་དབུས་ན་སྒྱུ་མའི་སྐྱེས་བུ་འདི་སྙམ་དུ། །སྐྱེ་བོ་འདི་མགུ་བྱ་སྙམ་མི་སེམས་དེ་ཡང་བྱེད། །རྫུ་འཕྲུལ་སྣ་ཚོགས་རབ་ཏུ་སྟོན་པར་བྱེད་མཐོང་ཡང་། །དེ་ལ་ལུས་མེད་སེམས་མེད་མིང་ཡང་ཡོད་མ་ཡིན། །དེ་བཞིན་ཤེས་རབ་སྤྱོད་པ་ནམ་ཡང་འདི་སྙམ་དུ། །བྱང་ཆུབ་རྟོགས་ནས་འགྲོ་བ་ཡོངས་སུ་དགྲོལ་མི་སེམས། །སྐྱེ་བ་སྣ་ཚོགས་དང་ནི་བྱ་བ་མང་ལྡན་པ། །སྒྱུ་མ་ལྟ་བུར་སྟོན་ཀྱང་རྣམ་པར་མི་རྟོག་སྤྱོད། །དཔེར་ན་སངས་རྒྱས་སྤྲུལ་པ་སངས་རྒྱས་མཛད་པ་བྱེད། །བྱེད་པ་དེ་ལ་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། །ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །དེ་ལྟར་
སྤྱོད་མཁས་རྣམས་ལ་ལྷ་ཚོགས་མང་པོ་དག །ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་པའང་། །ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད། །གང་གཱའི་ཀླུང་མཉམ་ཞིང་ན་སེམས་ཅན་ཇི་སྙེད་པ། །དེ་ཀུན་ཡོངས་སུ་བརྟག་པ་བཟུང་སྟེ་བདུད་གྱུར་ལ། །བ་སྤུ་ཉག་རེ་ལས་ཀྱང་དེ་སྙེད་སྤྲུལ་བྱས་ཀྱང་། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་བརླབས་ཅན། །དེ་བཞིན་གཤེགས་ཡུམ་ཤེས་རབ་ཕ་རོལ་ཕྱིན་པ་འདི། །འཆད་ཚེ་བྱང་ཆུབ་སེམས་དཔའ་གང་ཞིག་མོས་བྱེད་ཅིང་། །བསམ་པ་ཐག་པས་བསྒྲུབ་པར་མངོན་པར་བརྩོན་བྱེད་ན། །དེས་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་རིག་བྱ། །ཆོས་དབྱིངས་དེ་བཞིན་ཉིད་ལ་གནས་པར་མི་འགྱུར་ཞིང་། །དཔེར་ན་བར་སྣང་སྤྲིན་བཞིན་གནས་པ་མེད་པར་གནས། །རིག་སྔགས་འཆང་བ་གནས་མེད་མཁའ་རྒྱུ་གནས་འདོད་པ། །སྔགས་མཐུས་དུས་
མིན་མེ་ཏོག་ལྡན་ཞིང་བྱིན་གྱིས་རློབ། །དེ་ལྟར་སྤྱོད་པ་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །རྟོགས་པར་བྱེད་དང་སངས་རྒྱས་ཆོས་རྣམས་དམིགས་མི་འགྱུར། །འཆད་པར་བྱེད་དང་ཆོས་འདོད་ལྟ་བར་བྱེད་མི་དམིགས། །འདི་ནི་ཞི་འདོད་ཡོན་ཏན་དགའ་བའི་གནས་པ་ཡིན། །དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། །གནས་པ་འདི་ནི་ཉན་ཐོས་རང་རྒྱལ་བཅས་པ་ཡི། །གནས་པ་ཞི་བའི་ཏིང་འཛིན་རབ་ཞི་བདེ་ལྡན་པ། །ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན། །འདབ་ཆགས་མཁའ་ལ་གནས་ཀྱང་ལྟུང་བར་འགྱུར་མ་ཡིན། །ཉ་ནི་ཆུ་ལ་གནས་ཀྱང་འཚུབས་ཏེ་འཆི་བ་མེད། །དེ་ལྟར་བྱང་ཆུབ་སེམས་དཔའ་བསམ་གཏན་སྟོབས་དག་གིས། །ཕ་རོལ་སོན་པ་སྟོང་གནས་མྱ་ངན་འདའ་མི་འགྱུར། །སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ཏུ་འགྲོ་བ་དང་། །སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་བྱུང་མཆོག་རེག་དང་། །ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་འདོད་གང་། །ཕན་མཛད་རྣམས་ཀྱི་གནས་མཆོག་འདི་ལ་བསྟེན་པར་གྱིས། །བསླབ་པ་འདི་ནི་འདྲེན་པས་བསླབ་པ་ཡོངས་བརྗོད་ན། །བསླབ་པ་ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད། །མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས། །
སངས་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་འདིར་སློབས། །འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་ཤེས། །ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་ཡང་དག་འབྱུང་ཞིང་འཐོན། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །ཡོངས་སུ་མི་ཉམས་རྣམ་པར་མི་རྟོག་སྐྱོ་བ་མེད། །སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཤེས་རབ་རྣམས་ཀྱང་ཟད་པ་མེད་ཅིང་འཕེལ་བ་མེད། །སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །རྐྱེན་རྣམས་ཚོགས་ནས་ལས་ཀྱི་འཁྲུལ་འཁོར་རབ་
ཏུ་འབྱུང་། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསལ་ལྟར། །མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །མཐུ་ཆེན་ལྡན་པ་བསམ་གཏན་བཞིས་ཀྱང་གནས་བྱེད་ལ། །རྟེན་པར་བྱེད་པ་མ་ཡིན་གནས་པར་བྱེད་པ་མེད། །འོན་ཀྱང་བསམ་གཏན་ཡན་ལག་བཅས་པ་བཞི་པོ་འདི། །བྱང་ཆུབ་དམ་པ་མཆོག་ཐོབ་པ་ཡི་རྟེན་དུ་འགྱུར། །ཤེས་རབ་མཆོག་ཐོབ་བསམ་གཏན་དག་ལ་གནས་པ་ནི། །གཟུགས་མེད་ཏིང་འཛིན་དམ་པ་བཞི་ཡང་ཉམས་སུ་མྱོང་། །བསམ་གཏན་འདི་དག་བྱང་ཆུབ་དམ་པ་མཆོག་ལ་ཕན། །བྱང་ཆུབ་སེམས་དཔའ་ཟག་པ་ཟད་ཕྱིར་སློབ་པ་མིན། །འདི་ནི་ཡོན་ཏན་སྩོགས་པའི་ངོ་མཚར་རྨད་བྱུང་སྟེ། །བསམ་གཏན་ཏིང་ངེ་འཛིན་ལ་གནས་ནས་མཚན་མ་མེད། །དེ་ལ་གནས་རྣམས་གལ་ཏེ་ལུས་ནི་ཞིག་གྱུར་ན། །བསམ་པ་ཇི་བཞིན་འདོད་པའི་ཁམས་སུ་ཡང་སྐྱེའོ། །དཔེར་ན་འཛམ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་གྱི། །ལྷ་ཡི་གྲོང་ཁྱེར་མཆོག་ཏུ་མ་ཕྱིན་ཕྱིས་སོང་སྟེ། །དེ་ནི་ཡོངས་སུ་བཟུང་བའི་ཡུལ་དེ་རྣམས་མཐོང་ནས། །ཕྱིར་འདིར་
འོང་བར་གྱུར་ན་ཆགས་པར་མི་བྱེད་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའི་ཡོན་ཏན་མཆོག་འཆང་བ། །རྣལ་འབྱོར་བརྩོན་ཏེ་བསམ་གཏན་ཏིང་འཛིན་ལ་གནས་ནས། །ཕྱིར་ཡང་འདོད་པའི་ཁམས་སུ་གནས་ཏེ་ཆགས་པ་མེད། །ཆུ་ཡི་པདྨ་བཞིན་དུ་བྱིས་པའི་ཆོས་མི་གནས། །བདག་ཉིད་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་བྱ་དང་། །ཞིང་སྦྱོང་ཕ་རོལ་ཕྱིན་རྫོགས་དོན་བྱེད་ཁོ་ནར་ཟད། །བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །དཔེར་ན་མི་ཞིག་རིན་ཆེན་གཏེར་རྣམས་རྙེད་གྱུར་ནས། །དེ་ལ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་ལ། །དེས་ཀྱང་དུས་གཞན་ཞིག་ན་དེ་དག་ཡོངས་བླངས་ཤིང་། །བླངས་ནས་ཁྱིམ་དུ་སོང་སྟེ་ཆགས་པར་མི་བྱེད་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་དགའ་བ་དང་། །བདེ་སྦྱིན་བསམ་གཏན་ཏིང་འཛིན་ཞི་བ་བཞི་ཐོབ་ནས། །བསམ་གཏན་བདེ་ལྡན་བསམ་གཏན་ཏིང་འཛིན་ཐོབ་བཏང་སྟེ། །འགྲོ་ལ་སྙིང་བརྩེར་ལྡན་པ་ཕྱིར་ཡང་འདོད་ཁམས་འཇུག །གལ་ཏེ་བྱང་ཆུབ་སེམས་དཔའ་ཏིང་འཛིན་བསམ་གཏན་གནས། །དགྲ་བཅོམ་རང་རྒྱལ་ཐེག་པར་འདོད་པའི་བློ་སྐྱེད་ན། །མཉམ་པར་མ་བཞག་རྒོད་ཅིང་
སེམས་གཡེངས་གྱུར་པ་སྟེ། །སངས་རྒྱས་ཡོན་ཏན་ཡོངས་ཉམས་མཉན་པ་གྲུ་ཞིག་བཞིན། །གཞན་ཡང་གཟུགས་དང་སྒྲ་དང་དེ་བཞིན་དྲི་དང་རོ། །རེག་དང་འདོད་ཡོན་ལྔ་ལ་མངོན་པར་བརྩོན་གྱུར་ཀྱང་། །དགྲ་བཅོམ་རང་རྒྱལ་ཐེག་བྲལ་བྱང་ཆུབ་སེམས་དགའ་ན། །དཔའ་བོ་རྟག་ཏུ་མཉམ་གཞག་ཡིན་པར་ཤེས་པར་བྱ། །སེམས་ཅན་གང་ཟག་གཞན་ཕྱིར་སེམས་དཔའ་རྣམ་དག་པ། །བརྩོན་འགྲུས་ཕ་རོལ་ཕྱིན་ལ་མངོན་བརྩོན་རྣམ་པར་སྤྱོད། །དཔེར་ན་བྲན་མོ་ཆུ་ཆུན་དབང་མེད་རྗེ་བོའི་དབང་། །དེ་བཞིན་དཔའ་རྣམས་སེམས་ཅན་ཀུན་གྱི་དབང་གིས་འགྲོ། །སྤྱོ་བ་བྱས་སམ་འོན་ཏེ་རྟག་ཏུ་བརྡེགས་ཀྱང་རུང་། །བྲན་མོ་རྗེ་བོ་ལ་ནི་ཟློག་ཚིག་མི་སྨྲ་ཡི། །འདི་ཡིས་བདག་ནི་བསད་པར་འགྱུར་དུ་འོང་སྙམ་ནས། །ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་བཅས་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་ཆེད་དུ་བྱང་ཆུབ་མཆོག་ཞུགས་པ། །འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ། །འདི་ལས་བྱང་ཆུབ་ཐོབ་ཅིང་ཡོན་ཏན་རྫོགས་པར་འགྱུར། །རྩྭ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་སྲེག །བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །སེམས་ཅན་གཞན་གྱི་དགོས་ལ་ཉིན་མཚན་མངོན་པར་བརྩོན། །བུ་གཅིག་པ་
ལ་མ་ནི་རིམ་གྲོ་བྱེད་པ་ལྟར། །བསམ་པ་ཐག་པས་རྣམ་པར་སྐྱོ་མེད་གནས་པར་གྱིས། །བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་འཁོར་འདོད་ཅིང་། །སེམས་ཅན་དོན་དང་ཞིང་སྦྱོང་བརྩོན་པའི་རྣལ་འབྱོར་པ། །སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན། །དེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན་ལྡན་གཡེལ་བ་མེད། །བྱང་ཆུབ་སེམས་དཔའ་མི་མཁས་བསྐལ་པ་བྱེ་བ་བགྲང་། །གལ་ཏེ་རིང་བར་འདུ་ཤེས་སྡུག་བསྔལ་བྱང་ཆུབ་སྒྲུབ། །ཡང་དག་ཆོས་སྒྲུབ་བྱེད་ཚེ་ཡུན་རིང་སྡུག་བསྔལ་འགྱུར། །དེས་ནི་བརྩོན་འགྲུས་ཕ་རོལ་ཕྱིན་ཉམས་ལེ་ལོ་ཅན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་པོ་ནས་བཟུང་སྟེ། །བྱང་ཆུབ་བླ་ན་མེད་པ་ཐོབ་པར་འགྱུར་གྱི་བར། །ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་བྱེད་ན། །མཁས་པ་གསལ་བས་བརྩོན་འགྲུས་བརྩམས་པར་རིག་པར་བྱ། །གལ་ཏེ་འགའ་ཞིག་འདི་སྐད་རི་རབ་རི་བཤིག་པའི། །རྗེས་ལ་བྱང་ཆུབ་མཆོག་ཐོབ་འགྱུར་ཞེས་སྨྲ་བ་ལས། །ཅི་སྟེ་སྐྱོ་བའི་བློ་སྐྱེད་ཚད་ཀྱང་སེམས་བྱེད་ན། །དེ་ཚེ་བྱང་ཆུབ་སེམས་དཔའ་ལེ་ལོར་གྱུར་པ་ཡིན། །ཇི་སྟེ་དེ་ནི་འདི་ཙམ་ཚོད་ལྟ་ཅི་དཀའ་ཞེས། །སྐད་ཅིག་ཙམ་ལ་རི་རབ་ཐལ་བར་བརླག་སེམས་བསྐྱེད། །བྱང་ཆུབ་སེམས་དཔའ་མཁས་པ་
བརྩོན་འགྲུས་བརྩམས་པ་སྟེ། །རིང་པོར་མི་ཐོགས་འདྲེན་པའི་བྱང་ཆུབ་མཆོག་ཐོབ་འགྱུར། །འགྲོ་བ་ཡོངས་སུ་སྨིན་པར་བྱས་ནས་དོན་བྱ་ཞེས། །གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་བརྩོན་བྱེད་ན། །བདག་ཏུ་འདུ་ཤེས་གནས་པས་ལེ་ལོར་གྱུར་པ་སྟེ། །ཐམས་ཅད་མཁྱེན་པ་ཉིད་ལས་རིང་འགྱུར་གནམ་ས་བཞིན། །གང་ཚེ་ལུས་དང་སེམས་དང་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་རྣམ་པར་ལོག་ནས་གཉིས་སུ་མེད་ཆོས་སྤྱོད། །འདི་ནི་བྱང་ཆུབ་ཞི་བ་མི་ཉམས་མཆོག་འདོད་པའི། །བརྩོན་འགྲུས་ཕ་རོལ་ཕྱིན་ཅེས་ཕན་པ་མཛད་པས་གསུངས། །གལ་ཏེ་གཞན་ལས་ངན་བརྗོད་ཚིག་རྩུབ་ཐོས་གྱུར་ན། །བདག་བདེ་ཡིན་ཞེས་བྱང་ཆུབ་སེམས་དཔའ་མཁས་པ་དགའ། །སུ་སྨྲ་སུས་ཐོས་གང་གིས་གང་ཞིག་གང་གི་ཕྱིར། །བཟོད་པའི་ཕ་རོལ་ཕྱིན་མཆོག་ལྡན་པ་མཛངས་པ་ཡིན། །བྱང་ཆུབ་སེམས་དཔའ་གང་ཞིག་བཟོད་པའི་ལེགས་ཆོས་ལྡན། །གང་ཞིག་སྟོང་གསུམ་རིན་ཆེན་བཀང་སྟེ་འཇིག་རྟེན་མཁྱེན། །སངས་རྒྱས་རྣམས་དང་དགྲ་བཅོམ་རང་རྒྱལ་ཕུལ་བྱས་པའི། །སྦྱིན་པའི་ཕུང་པོས་དེ་ལ་བསོད་ནམས་ཆར་མི་ཕོད། །བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །
སེམས་ཅན་རྣམས་ལ་ཆོས་རབ་སྟོང་པ་སྒྲོགས་པར་བྱེད། །འདི་ནི་བཟོད་ལྡན་དེ་ལ་འགྲོ་བ་དགའ་འགྱུར་མཁས། །གལ་ཏེ་སེམས་ཅན་ལ་ལས་ཙནྡན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ལ། །གཞན་ཞིག་མེ་མདག་མགོ་ལ་འཐོར་བྱེད་གཉི་ག་ལ། །དེ་ཡིས་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་མཁས་པས་དེ་ལྟར་བཟོད་བྱས་ནས། །སེམས་བསྐྱེད་དེ་ནི་བྱང་ཆུབ་མཆོག་ཏུ་ཡོངས་བསྔོས་ན། །དཔའ་བོ་འཇིག་རྟེན་ཀུན་ལ་བཟོད་པས་དགྲ་བཅོམ་དང་། །རང་རྒྱལ་སེམས་ཅན་ཁམས་མང་ཇི་སྙེད་ཟིལ་གྱིས་གནོན། །བཟོད་བྱེད་འདི་སྙམ་དུ་ཡང་སེམས་ནི་བསྐྱེད་བྱ་སྟེ། །སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་མང་། །འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་མྱོང་ན། །བྱང་ཆུབ་ཆེད་དུ་ཅི་ཕྱིར་ད་བཟོད་མི་བྱ་སྙམ། །ལྕག་དབྱིག་མཚོན་དང་གསོད་དང་བཅིང་དང་བརྡེག་པ་དང་། །མགོ་གཅོད་པ་དང་རྣ་བ་རྐང་ལག་སྣ་གཅོད་དང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ། །བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཕྱིན་ལ་གནས། །ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར། །སྟོབས་
བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །སྡོམ་པའི་བྱ་བ་ཇི་སྙེད་ཀུན་གྱི་རྗེས་སུ་འཇུག །སེམས་ཅན་ཀུན་ལ་ཕན་ཕྱིར་དེ་ཡང་བྱང་ཆུབ་བསྔོ། །གལ་ཏེ་དགྲ་བཅོམ་རང་རྒྱལ་བྱང་ཆུབ་རེག་འདོད་ན། །ཚུལ་ཁྲིམས་འཆལ་ཅིང་མི་མཁས་དེ་བཞིན་སྤྱོད་པ་ཉམས། །ཅི་སྟེ་བྱང་ཆུབ་ཞི་བ་མཆོག་ཏུ་ཡོངས་བསྔོ་ན། །འདོད་ཡོན་བརྩོན་ཡང་ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་གནས། །ཆོས་གང་ངེས་པའི་བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ། །འདི་ནི་ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཚུལ་ཁྲིམས་དོན། །ཆོས་གང་ཕན་བྱེད་རྣམས་ཀྱི་བྱང་ཆུབ་ཡོངས་ཉམས་པ། །འདི་ནི་ཚུལ་ཁྲིམས་འཆལ་ཅེས་རྣམ་པར་འདྲེན་པས་གསུངས། །གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་སྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཚུལ་ཁྲིམས་སྲུང་ཞིང་བྱང་ཆུབ་མཆོག་ཏུ་ཡོངས་
བསྔོ་ལ། །དེ་ཡིས་རློམ་སེམས་མེད་ཅིང་བདག་བསྟོད་མི་བྱེད་ལ། །ང་ཡི་འདུ་ཤེས་སེམས་ཅན་འདུ་ཤེས་ཡོངས་སུ་སྤངས། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་བརྗོད། །གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ། །སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ཉམས་ཤིང་དེ་ལ་ཡོངས་དག་ཚུལ་ཁྲིམས་མེད། །གང་ལ་བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །སེམས་ཅན་དག་པ་གང་ཞིག་དེ་ལྟར་ཁྲིམས་ལྡན་པ། །སྡུག་དང་མི་སྡུག་ཀུན་ལ་ལྟ་བ་མེད་པ་ཡིན། །མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ཞིང་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། །བདག་ཏུ་འདུ་ཤེས་དངོས་ལ་
བདག་གིར་འཛིན་པས་ཆགས། །བླུན་པོ་རྣམས་ལ་གཏོང་བའི་བློ་ལྟ་ག་ལ་ཡོད། །སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས། །གཏོང་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷུག་པར་གཏོང་། །གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟ་མིན། །བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་གསུམ་གྱི། །སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི། །བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་བྱིན་ལ། །དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ། །སྦྱིན་པ་བྱིན་ནས་དངོས་ལ་གནས་པར་བྱེད་པ་མེད། །དེ་ནི་ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །དེ་ལྟར་གཏོང་ལ་མཁས་པ་ཐམས་ཅད་གཏོང་བ་སྟེ། །ཆུང་ངུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་སྙེད་པ། །ཡོངས་སུ་བརྟག་པ་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཐའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་ཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་
གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོས་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། །རིན་ཆེན་བཻ་ཌཱུརྱ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན། །གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་ལ་སྦྱིན་བྱིན་ནས། །དེ་ལ་བདག་གིར་མི་བྱེད་དངོས་པོ་ཕངས་མེད་ན། །དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །སྐབས་དྲུག་པ་མཐར་གྱིས་པ་བསྟན། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར། །བརྩོན་འགྲུས་ཀྱིས་
ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། སྐབས་བདུན་པ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པར་བསྟན། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །སྐབས་བརྒྱད་པ་ཆོས་ཀྱི་སྐུ་བསྟན། ཡོངས་དག་ཞིང་དང་སེམས་ཅན་དག་པ་ཡོངས་སུ་འཛིན། །སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པས། །ཤེས་རབ་བསྟན་པ་བྱང་ཆུབ་ལམ་ལྡན་འདི་གསུངས་ཏེ། །མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ། །ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སེང་ཧ་དང་། ཞུ་ཆེན་གྱི་
ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བཀླག་ཐབས་ཡེ་ཤེས་གྲུབ་སྟེར།
༄༅། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བཀླག་ཐབས་ཡེ་ཤེས་གྲུབ་སྟེར་བཅས་བཞུགས་སོ། །
ན་མོ་གུ་རུ་ཛྙཱ་ན་ཀཱ་ཡཱ་ཡ། འདིར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་གདོན་པའི་གདམས་ངག་ལ་རྣམ་པ་བཞིར་གསུངས་པ་ལས། ཟབ་མོའི་རྣལ་འབྱོར་ལ་གཞོལ་བར་མི་ནུས་པའི་ལས་དང་པོ་པའམ། རྣལ་འབྱོར་ཟབ་མོ་ལ་འཇུག་པས་ཀྱང་ཐུན་མཚམས་རྣམས་སུ་ཆེ་བའི་ཡོན་ཏན་ལ་བསྔགས་པའི་ཚུལ་གྱིས་གདོན་པར་འདོད་པས་དད་པ་དང་། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་གཉིས་ཡིད་ལ་བྱས་ཏེ། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་འཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླག་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་བྱ། རང་མདུན་ནམ་མཁར་ཡིད་འཕྲོག་པའི། །མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་ཟླའི་གདན་ལ་སྐད་ཅིག་གིས། །རྗེ་བཙུན་འཕགས་པ་འཇམ་པའི་དབྱངས། །སྐུ་མདོག་གསེར་
གྱི་ལྷུན་པོ་ནི། །མཚམས་སྤྲིན་གསར་པས་འཁྱུད་བཞིན་མཛེས། །ཞི་འཛུམ་བརྒྱད་གཉིས་ལང་ཚོའི་དཔལ། །ངོ་མཚར་མཚན་དཔེའི་ཕུང་པོ་འབར། །ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། །ཤེས་རབ་རལ་གྲི་གླེགས་བམ་དང་། །འོག་མས་ཐབས་ཤེས་མདའ་གཞུ་བསྣམས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྣ་ཚོགས་དར་གྱི་ཤམ་ཐབས་དང་། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །ཟུར་ཕུད་ཨུཏྤ་ལར་གནས་པའི། །མི་བསྐྱོད་རིགས་ཀྱི་བདག་པོར་བཅས། །མཁའ་ལམ་དབང་པོའི་གཞུ་ལྟ་བུ། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །མངོན་སུམ་བཞིན་དུ་གསལ་བར་གྱུར། །ཨེ་མ་སངས་རྒྱས་བྱང་སེམས་དང་། །ཉན་ཐོས་རང་རྒྱལ་ཚངས་དབང་སོགས། །སྲིད་ཞིའི་ཉམས་འགྱུར་ཇི་
སྙེད་ཀུན། །འཇམ་པའི་དཔལ་ལས་གཞན་མིན་ཕྱིར། །མཐའ་ཡས་ཤེས་བྱའི་རྗེས་སོང་བའི། །མཚན་དང་སྐུ་ཡི་བཀོད་པ་དང་། །ཡོན་ཏན་མཁའ་དང་སྙོམས་འཇུག་པར། །མི་ཕྱེད་མཆོག་ཏུ་གུས་པའི་བློས། །ངག་གི་ནོར་བུའི་ཏམྦུ་ར། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །རྡོ་རྗེའི་མཚན་དོན་ཡང་དག་པར། །བརྗོད་པའི་གདངས་སུ་འཕོས་པ་ཡིས། །མཁྱེན་བརྩེ་ནུས་པའི་རྒྱུད་བསྐུལ་བས། །ཐུགས་རྗེའི་འོད་ཟེར་དཔག་ཡས་པ། །ས་གསུམ་ཁྱབ་པར་རབ་ཏུ་འཕྲོས། །བདག་དང་ཡིད་ཅན་ཐམས་ཅད་ཀྱིས། །ཐོག་མེད་ནས་བསགས་སྡིག་ལྟུང་དང་། །སྒྲིབ་གཉིས་མུན་པ་ཀུན་བསལ་ནས། །ཇི་ལྟ་ཇི་སྙེད་ཤེས་བྱ་ལ། །བློ་མཆོག་པདྨོ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་པའི་གདན་ལ་བཞུགས། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་
བྱེད་པ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་གཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་
པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགྱེས་བཞིན་དུ། །རབ་གསུངས་གང་ལགས་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་ནི། །བདག་གིས་བསམ་པ་བརྟན་པོས་བཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་
པར་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་
བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ སྠི་ཏོ་ཧྲི་དི། ཛྙཱ་ན་མཱུརྟྟི་ར་ཧཾ་བུདྡྷོ་བུདྡྷ་ན། ཏྲྱ་དྷྭ་བརྟྟི་ནཱཾ། ༀ་བཛྲ་ཏཱིཀྵྞ་དུཿ ཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོངས་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་
མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་པོ་ལྕགས་ཀྱུ་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་
ཆེན་པོའི་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་
གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པས་སྐམས་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་འགྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་
ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་འོས་
རྗེད་འོས་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་ལྡན། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ། །རྡོ་རྗེ་དྲག་པོ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་
རྗེ་འབར་བ་མིག་མི་བཟང་། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །
གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་
ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་པ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་སྟེ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བའི་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་
མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བས་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་
འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །
མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་རྒྱལ་བས་རྒྱལ། །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་ཡང་དག་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱིས་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་སྒྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བའི། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་
བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །དཔའ་བོ་མི་སྡུག་གཟུགས་འཆང་བ། །ལག་པའི་དབྱུག་པ་བརྒྱ་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་པ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་
པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག ། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་
བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེ་དང་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་
ཏོག །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིགས་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་བླ། །ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་
མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གིས་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗོད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་
མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ༀ་སརྦ་དྷརྨཱ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུཿ ཨ་ཨཱ་ཨཾ་ཨཱཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ། ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡེ་ཏི། ཨ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ༀ་ཧཱུྃ་ཧྲཱིཿ བྷ་ག་བཱན་ཛྙཱ་ན་མཱུརྟི། ཝཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ། སརྦ་དྷརྨ་ག་ག་ནཱ་ཨ་མ་ལ་སུ་པ་རི་ཤུདྡྷཱ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །
དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནི་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་གཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །འགྲོ་བ་མགོན་མེད་རྣམས་དང་ནི། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །རྣམ་དག་ལེགས་པའི་ལམ་འདི་ནི། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ།། །།ཞེས་མོས་གུས་རྩེ་གཅིག་པས་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལན་གསུམ་སོགས་ཅི་ནུས་སུ་འདོན། སྤྲོ་ན། ཨོཾ་སརྦ་དྷརྨཱ་ཨ་བྷཱ་ཝ་སོགས་ཀྱི་སྔགས་ཅི་རིགས་པར་བཟླ་ཞིང་ཕན་ཡོན་ཀྱང་གདོན་པར་གསུངས། གང་ལྟར་ཡང་མཐར། དངོས་དང་
ཡིད་ལས་བྱུང་བ་ཡི། །ཀུན་བཟང་མཆོད་པའི་སྤྲིན་རྒྱ་མཚོས། །སྲིད་པ་མཐར་བྱས་དེ་སྲིད་དུ། །འཇམ་དཔལ་གཞོན་ནུ་མཉེས་གྱུར་ཅིག །ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་བསྡུས་པ། །སྲིད་ཞི་ཀུན་གྱི་དཔལ་གྱུར་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་རྡོ་རྗེའི་མཚན། །ཡང་དག་བརྗོད་པས་རབ་བསྔགས་བདག །དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་བཞིན་རྗེས་སུ་གཟུང་བར་མཛོད། །གནས་སྐབས་ཚུལ་གནས་ཐོས་བསམ་དང་། །སྒོམ་པའི་བློ་གྲོས་རབ་རྒྱས་ཤིང་། །འཆད་རྩོད་རྩོམ་ལ་མཚུངས་མེད་པའི། །སྨྲ་བའི་ཉི་མར་བྱིན་གྱིས་རློབས། །མཐར་ཐུག་ཤེས་དང་ཤེས་བྱ་ཀུན། །མི་ཕྱེད་ཡེ་ཤེས་སྐུ་ཐོབ་ནས། །འགྲོ་རྣམས་འཇམ་དཔལ་གཞོན་ནུ་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག །ཅེས་གསོལ་བ་གདབ། གཟོད་ནས་སྤྲོས་བྲལ་འཇམ་པའི་དཔལ། །རྟེན་འབྱུང་སྒྱུ་མའི་ངང་ཚུལ་གྱིས། །སྣང་ཆར་ཤར་བའི་ཡེ་ཤེས་པ། །རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། ། ༈ འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་
རབ་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་ཅི་རིགས་པས་མཐའ་བརྒྱན་པར་བྱའོ། །ཡང་མཚན་བཅས་ཀྱི་རྣལ་འབྱོར་ལ་གཙོ་བོར་གཞོལ་བས་འཇམ་དཔལ་གྱི་རྣལ་འབྱོར་གྱིས་གདོན་ན། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་རང་ཉིད་ནི། །པད་ཟླའི་གདན་ལ་སྐད་ཅིག་གིས། །ཞེས་པ་ནས་མངོན་སུམ་བཞིན་དུ་གསལ་བར་གྱུར། །ཅེས་པའི་བར་གོང་བཞིན་ལ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །སྐྱེ་མེད་དོན་མཚོན་ཨ་དཀར་པོ། །དེ་ལས་རྡོ་རྗེའི་ཚིག་གི་རྒྱུད། །རྟེན་འབྱུང་སྒྲ་བརྙན་ལྟ་བུའི་ཚུལ། །སྐྱེས་ཙམ་ཉིད་ནས་སྐྱེ་འགག་སོགས། །སྤྲོས་པའི་མཚན་མ་མི་དམིགས་པ། །ཟབ་གསལ་གཉིས་མེད་ཡེ་ཤེས་སྐུ། །རྗེས་སུ་དྲན་པའི་ངང་ནས་བཀླག །ཅེས་གསལ་བཏབ་ནས་རྒྱུད་ཅི་ནུས་སུ་བཏོན་མཐར། འདི་བསྒྲུབས་པ་ལས་བྱུང་བ་ཡི། །ཞེས་སོགས་བསྔོ་སྨོན་གྱི་རྒྱས་བཏབ་སྟེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ། །ཡང་ན་ཡི་དམ་ལྷའི་ང་རྒྱལ་གྱིས་གདོན་པ་ནི། རང་གི་རྒྱུན་གྱི་ཡི་དམ་གང་ལའང་སྦྱར་དུ་རུང་བས། དེའི་བདག་བསྐྱེད་གསལ་བཏབ་པའི་རྗེས། ཁྲོ་བོ་ཡིན་ན། ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །ཞེས་བསྒྱུར་བ་མ་གཏོགས་དམིགས་པ་སོགས་སྔར་བཞིན་ནོ། །ཡང་མཚན་མེད་ཀྱི་རྣལ་འབྱོར་ལ་གཙོ་བོར་གཞོལ་བས་བདག་མེད་པའི་ངང་ནས་གདོན་པ་ནི། སྐྱབས་
སེམས་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་རྨི་ལམ་དང་སྒྲ་བརྙན་དང་བྲག་ཅ་ལྟ་བུར་ཤེས་པར་བྱས་ལ་མ་ཡེངས་པའི་ངང་ནས་གདོན་ཞིང་དགེ་བ་བསྔོ་བ་སོགས་བྱའོ། །དེ་ཐམས་ཅད་ཀྱི་དོན་མདོར་བསྡུས་པའི་ཚུལ་གྱིས་གདོན་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། ཐོག་མར་འཇམ་དཔལ་གྱི་རྣལ་འབྱོར་གྱིས་འདོན་པའི་སྐབས་ལྟར་བདག་ཉིད་ལྷར་གསལ་གདབ། དེ་ནས་མདུན་དུ་ལྷ་གསལ་གདབ་པ་སོགས་ཆེ་བའི་ཡོན་ཏན་ལ་བསྔགས་པའི་ཚུལ་གྱིས་རྒྱུད་གདོན་པ་ལ་འཇུག །དེ་དག་གི་གནས་སྐབས་ཐམས་ཅད་དུ་ལུས་འཇའ་ཚོན། ངག་བྲག་ཅ། སེམས་སྤྲོས་བྲལ་ནམ་མཁའ་ལྟ་བུར་ཤེས་པར་བྱ། མཐར་མཆོད་བསྟོད་གསོལ་བ་གདབ་པ་སོགས་སྦྱར་རོ། །འདི་རྣམས་ཀྱི་ཁུངས་ནི་རྗེ་བཙུན་རིན་པོ་ཆེས་རྒྱུད་ཀྱི་ལུང་སྦྱོར་མཛད་པ་ལྟར་དང་། དེར་མ་ཟད་འཁོར་ལོ་བཞི་པའི་རྗེས་སུ་བསྔགས་པ་ལས། མཚན་གྱི་དོན་ཕན་ཚུན་རེ་རེ་ཞིང་ཡང་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱས་ཏེ། རྩེ་གཅིག་པའི་ཡིད་ཀྱིས་བདག་ཉིད་ལྷར་སྒོམ་པར་བྱེད་པ་དང་། ཆེ་བའི་ཡོན་ཏན་ལ་ལྷག་པར་མོས་པ་དང་། བདག་མེད་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་ཞེས་གསུངས་པས་ཀྱང་རིམ་བཞིན་དུ་བསྟན་པར་བཞེད་དོ། །དེ་ལྟར་དུས་གསུམ་དུ་བརྩོན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པ་དང་། སྤོབས་པ་སྒྲུབ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་
བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱིས་བསྲུང་ཞིང་བསྐྱབ་པ་དང་། ཚེ་རབས་ཀུན་ཏུ་མི་ཁོམ་པར་མི་སྐྱེ་ཞིང་འཇིགས་པ་ཐམས་ཅད་མི་འབྱུང་བ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་འབྱོར་བར་འགྱུར་བ་དང་། གཟུངས་དང་། བློ་གྲོས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་ལ་སོགས་པ་མཐའ་ཡས་པ་དང་ལྡན་ཞིང་མི་ཉམས་པ་དང་། གོང་ནས་གོང་དུ་འཕེལ་བ་ལ་བརྟེན་ནས་མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་འགྱུར་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཚུལ་རྒྱ་ཆེར་ཕན་ཡོན་གྱི་རྗེས་སུ་བསྔགས་པའི་སྐབས་རྣམས་ལས་འབྱུང་བ་ལྟར་ཤེས་པར་བྱས་ནས་བློ་ལྡན་རྣམས་ཀྱིས་འདི་ཁོ་ན་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ། །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་ཕྱིར་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ལ་གཞི་བྱས། འཇམ་མགོན་ས་སྐྱ་པཎྜི་ཏའི་གསུང་སྒྲོས་ཟིན་བྲིས་སོགས་ལས་ཀྱང་ཅུང་ཟད་བསྣན་ཏེ་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །དགེའོ།། །།
དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ།
༄༅། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ཤྲཱི་སམྦ་ར་ཁ་ས་མ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་གསང་བ་བས་ཀྱང་ཆེས་གསང་བ། གསང་བ་ཆེན་པོ་དེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །སྲོག་དང་ལྔ་པ་དེ་བཞིན་དུ། །ལམ་དང་འབྲས་བུ་ཉིད་ཡིན་ནོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་
ལྡན་འདས་སྲོག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །སྲོག་ནི་འཛིན་པར་བྱེད་པ་སྟེ། །སྔགས་དང་རླུང་དང་རྟེན་ཉིད་དོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ལྔ་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །སངས་རྒྱས་ལྔ་དང་འབྱུང་བ་ལྔ། །ལྔ་པ་ཡང་ནི་གཅིག་ཉིད་དོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །སྨིན་པ་དང་ནི་གྲོལ་བའོ། །རྡོ་རྗེ་སྙིང་པོས་གསོལ་པ། སྨིན་པའི་ལམ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །བུམ་པ་གསང་བ་ཤེས་རབ་དང་། །བཞི་པའི་རང་བཞིན་ངོ་བོ་སྟེ། །དེ་ཡི་རྣམ་པ་དེ་ལ་གནས། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་གྲོལ་བའི་ལམ་གང་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་བསྩལ་པ། །སྙིང་རྗེ་ཆེན་པོ་ལས་སྐྱེས་པ། །དགའ་བའི་ཤུགས་ལས་རྣམ་པར་གྲུབ། །ཐབས་དང་ཤེས་རབ་གཉིས་མེད་མཆོག །བདེ་བ་ཆེན་པོ་ལམ་ཡིན་ནོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་གང་། དགའ་བ་ནི་གང་། ཐབས་ནི་གང་། ཤེས་རབ་ནི་གང་། གཉིས་སུ་མེད་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །དམིགས་པ་མེད་པ་སྙིང་རྗེའི་མཆོག །དགའ་བ་གཉིས་མེད་བདེ་བ་ཆེ། །ཐབས་ནི་ཧེ་རུ་ཀ་དཔལ་ཉིད། །ཤེས་རབ་རྡོ་རྗེ་རྣལ་འབྱོར་མ། །གཉིས་སུ་མེད་པ་ཟུང་འཇུག་མཆོག །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཧེ་རུ་ཀ་ནི་གང་ལགས། རྣལ་འབྱོར་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཧེ་རུ་ཀ་ནི་ཕུང་པོ་ཉིད། །ཕུང་པོ་ཡང་ནི་ཧེ་རུ་ཀ ། ཁམས་ནི་རྡོ་རྗེ་མ་དཔལ་ཏེ། །རྡོ་རྗེ་མ་དཔལ་ཁམས་ཉིད་དོ། །སྐྱེ་མཆེད་དེ་ཡང་དེ་བཞིན་དུ། །ལྷ་ཡི་ངོ་བོར་ཤེས་པར་བྱ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཕུང་པོའི་ཧེ་རུ་ཀ་གང་ལགས། ཁམས་ཀྱི་རྡོ་རྗེ་རྣལ་འབྱོར་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཧེ་རུ་ཀ་དཔལ་བདག་ཉིད་དངོས། །དྲི་མ་མེད་པའི་ཁ་དོག་ཅན། །རྡོ་རྗེ་དྲིལ་བུ་འཛིན་པ་
སྟེ། །དྲུག་གིས་བརྒྱན་ཅིང་དགུ་དང་ལྡན། །ཟླ་ཚེས་སྣ་ཚོགས་རྡོ་རྗེ་དང་། །རིགས་ཀྱི་བདག་པོས་རྣམ་པར་བརྒྱན། །སྤྱན་གསུམ་དག་གིས་མཛེས་པ་སྟེ། །ཆགས་པ་མེད་པའི་ཤམ་ཐབས་ཅན། །ཤེས་རབ་རང་བཞིན་རྣལ་འབྱོར་མ། །བན་དྷུ་དམར་པོའི་ཁ་དོག་ཅན། །གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་། །དག་པ་ལྔ་བཅུའི་ཕྲེང་བས་མཛེས། །རྡོ་རྗེ་པད་མའི་སྣོད་བསྣམས་པ། །ཡབ་ལ་འཁྱུད་ཅིང་བརྐྱང་བསྐུམ་བཞུགས། །གཉིས་མེད་བདེ་བ་ལ་དགྱེས་པ། །ཆུ་སྐྱེས་ཉི་མའི་དབུས་ན་འགྱིང་། །ཁམས་ཉིད་ཀྱང་ནི་ལྷ་ཉིད་དོ། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས་བསྐྱེད་པའི་རིམ་པའི་དུམ་བུ་སྟེ་ལེའུ་དང་པོའོ།། །།རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་གྱིས་རྣམ་པར་དག་པ་ནི་གང་ལགས། ངོ་བོ་ཉིད་ཀྱིས་འོད་གསལ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །བརྟན་དང་གཡོ་བ་ཐམས་ཅད་ཀུན། །ཤེས་རབ་རང་བཞིན་མ་ཉིད་དེ། །ལྔ་པའི་ངོ་བོ་འོད་གསལ་ཉིད། །མ་སྐྱེས་རྟོག་པ་བྲལ་བའི་སྐུ། །བརྗོད་དུ་མེད་ཅིང་བསམ་མི་ཁྱབ། །རྟོག་པ་མེད་པ་ནམ་མཁའི་དབུས། །གཉིས་མེད་བདེ་བའི་རྣམ་པ་ཅན། །གསལ་བའི་རང་བཞིན་གཡོ་བ་མེད། །གཉིས་སུ་
མེད་པ་བདེ་བའི་མཆོག །འབྲས་བུ་ལམ་གྱི་རྣམ་པའོ། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས་རྫོགས་པའི་རིམ་པའི་དུམ་བུ་སྟེ་ལེའུ་གཉིས་པའོ།། །།རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྣམ་པར་རྟོག་པ་རྣམ་པར་དག་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །སྔགས་དང་སྦྱིན་སྲེག་གཏོར་མ་དང་། །དབང་གི་རྣམ་པར་དག་པ་དང་། །མཎྜལ་དང་ནི་དེ་བཞིན་དུ། །བུམ་པའི་ངོ་བོ་ལྷར་ཤེས་པ། །སྔགས་ཀྱི་དེ་བཞིན་གནས་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྔགས་ནི་གང་། སྦྱིན་སྲེག་ནི་གང་། གཏོར་མ་ནི་གང་། དབང་ནི་གང་། མཎྜལ་ནི་གང་། བུམ་པ་ནི་གང་། སྔགས་ཀྱི་དེ་བཞིན་ཉིད་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །སྔགས་ནི་གསང་སྔགས་རྒྱལ་པོ་སྟེ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿ ཧ་ཧ་ཧུྃ་ཧཱུྃ་ཕཊ། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འདི་དག་གིས། །བསྐལ་པ་སྟོང་ལ་སོགས་པ་ཡི། །སྡིག་པ་མ་ལུས་དག་བྱེད་ཆུ། །གྲུ་བཞི་པ་ལ་སྒོ་བཞི་པ། །འཁོར་ལོ་དག་གིས་རྣམ་པར་མཛེས། །ཨ་ཤྭཏྠ་དང་ནྱ་གྲོ་དྷ། །ὰརྦ་ལ་
སོགས་དེ་བཞིན་དུ། །བཞི་པའི་ངོ་བོར་ཡང་དག་ཤེས། །ཤ་ལྔ་དང་ནི་བདུད་རྩི་ལྔ། །གྱེན་དུ་ཕེཾ་གྱི་སྒྲ་བསྒྲགས་པས། །དཔའ་བོ་རྣལ་འབྱོར་མ་ཀུན་དགྱེས། །དབང་ནི་ཐ་མའི་ལམ་ཉིད་དོ། །བདུད་རྩི་ཆུ་ཡིས་ལེགས་བྱུགས་ནས། །མེ་ཏོག་དམར་པོས་མཆོད་པའོ། །རིན་ཆེན་སྣོད་བཟང་བྷྲཱུྃ་གྱིས་མཛེས། །དཔའ་བོ་བདུད་རྩི་དག་བྱེད་ཆུ། །ཞལ་བཞི་སྔགས་ཀྱི་འོད་ཟེར་གྱིས། །གདུག་པ་མ་ལུས་ཀུན་འདུལ་ཞིང་། །སྤྲོ་དང་བསྡུ་བའི་རྣམ་པ་ཅན། །རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སྐྱེ་མཆེད་ཀྱི་མཁའ་འགྲོ་མ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །གཅེར་བུ་ཐལ་བའི་མདོག་ཅན་ཏེ། །ཉི་ཤུ་རྩ་བཞིའི་ཡུལ་རྣམས་འགྲིམ། །ལྔ་པ་དང་ནི་དྲུག་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་སྔགས་ནི་གང་། གཏོར་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །ཨོཾ་ཛྭ་ལ་མུ་ཁི་ཌཱ་ཀི་ནཱི་ཀྃ་ཀ་ནི་ཧཱུྃ་ཕཊ། ཨོཾ་པ་རི་ནཱ་ཡ་ནི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་མ་ཌི་ར་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་པ་ར་མུ་ཁི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་ཨུ་ལུ་ཀ་ཏི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་ཨ་ར་ན་མ་ནི་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཆུ་སྐྱེས་དག་གིས་རྣམ་བརྒྱན་ཅིང་། །བདུད་རྩི་ལྔ་ཡིས་རྣམ་པར་མཛེས། །དཔའ་མོ་དྲུག་ནི་མཉེས་
པར་འགྱུར། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྣམ་པའི་ངོ་བོ་ནི་གང་། སྤྲུལ་པའི་ངོ་བོ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །རྣམ་པའི་ངོ་བོ་ལྷ་ཉིད་དེ། །སྤྲུལ་པ་ཚོགས་ཀྱི་བདག་པོར་བཤད། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ཚོགས་ཀྱི་བདག་པོ་ནི་གང་། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །དབང་གི་ཁ་དོག་དམར་པོ་སྟེ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྤྲུལ་པ་འཁོར་ལོའི་རྩིབས་ལ་གནས། །བརྐྱང་བསྐུམ་ཚུལ་གྱིས་མནན་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་བསྙེན་པར་བྱ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །བསྙེན་པར་བྱ་བ་སྔགས་ཉིད་དེ། །ཨོཾ་ག་ཎ་པ་ཏི་ཡེ་སྭཱ་ཧཱ། ནག་པོ་འབྲུ་ཡི་རི་ལུ་ལ། །བསྙེན་དང་སྒྲུབ་པའི་ལྷར་གནས་པ། །སྔགས་ཀྱི་ངོ་བོར་ཤེས་པར་བྱ། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས་ལས་སྣ་ཚོགས་ཀྱི་དུམ་བུ་སྟེ་ལེའུ་གསུམ་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་གནོད་གནས་ལ་སོགས་པ་དང་། རྣལ་འབྱོར་མ་དཔག་ཏུ་མེད་པའི་འཁོར་དེ་དག་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་
གསུངས་པ་ལ་མངོན་པར་བསྟོད་དོ། །ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲས་རང་འགྱུར་དུ་མཛད་པ་རྫོགས་སོ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུན་ཏེ་ཥཱན་ཏ་ཐཱ་ག་ཏ་ཧྱོ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཱཿ མངྒ་ལཾ་བྷ་བ་ཏུ། ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཾ།
མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ།
༄༅། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ཌཱ་ཀི་ནཱི་སརྦ་ཙིཏྟ་ཨ་དྭ་ཡ་ཨ་ཙིནྟ་ཛྙཱ་ན་བཛྲ་བཱ་རཱ་ཧི་ཨ་བྷི་བྷ་བ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། མགོན་པོ་དཔའ་བོ་འཇིགས་བྱེད་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཕྱི་དང་ནང་དང་གསང་བའི་དུར་ཁྲོད་ཆེན་པོའི་གནས་མཆོག་ཏུ་གྱུར་པ་ན། བཅོམ་ལྡན་འདས་ཞེ་སྡང་འཇོམས་པའི་ཧེ་རུ་ཀ་དང་། གཏི་མུག་འཇོམས་པའི་ཧེ་རུ་ཀ་དང་། ང་རྒྱལ་འཇོམས་པའི་ཧེ་རུ་ཀ་དང་། འདོད་ཆགས་འཇོམས་པའི་ཧེ་རུ་ཀ་དང་། ཕྲག་དོག་འཇོམས་པའི་ཧེ་རུ་ཀ་དང་། ཡུམ་སངས་རྒྱས་སྤྱན་དང་། ཡུམ་མཱ་མ་ཀཱི་དང་། ཡུམ་གོས་དཀར་མོ་
དང་། ཡུམ་དམ་ཚིག་སྒྲོལ་མ་དང་། ཡུམ་ཀུན་ཏུ་བཟང་མོ་དང་། དེ་རྣམས་ཀྱི་བྷ་ག་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུར་ཁྲོད་ཀྱི་བདག་མོ་དང་། ཁྲོས་མ་ནག་མོ་དང་། བདེ་ཆེན་དཀར་མོ་དང་། སེར་མོ་དོན་གྲུབ་མ་དང་། དམར་མོ་སྒྲ་སྒྲོག་མ་དང་། སྣ་ཚོགས་མཐར་ཕྱིན་མ་དང་། ལས་ཀྱི་གཙོ་མོ་ལ་སོགས་པའི་ཡེ་ཤེས་དང་། ལས་ལ་གྲུབ་པའི་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་བཛྲ་ཌཱ་ཀི་ནཱི་དང་། རཏྣ་ཌཱ་ཀི་ནཱི་དང་། པདྨ་ཌཱ་ཀི་ནཱི་དང་། ཀརྨ་ཌཱ་ཀི་ནཱི་དང་། ས་མ་ཡ་ཌཱ་ཀི་ནཱི་དང་། བི་ཤྭ་ཌཱ་ཀི་ནཱི་དང་། སརྦ་ཌཱ་ཀི་ནཱི་དང་། ལོ་ཀ་ཌཱ་ཀི་ནཱི་ལ་སོགས་ཏེ་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་དང་། དཔའ་བོ་དང་དཔའ་མོའི་
ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་འཇིག་རྟེན་པའི་མེས་པོ་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པ་དང་། གཞན་ཡང་རྒྱལ་པོ་ཆེན་པོ་བཞི་པོ་རང་གི་འཁོར་དང་བཅས་པ་དང་། ཕྱོགས་སྐྱོང་བ་བཅུ་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་པའི་ཚུལ་གྱིས་གནས་སོ། །ཡང་དེའི་ཚེ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུར་ཁྲོད་ཀྱི་བདག་མོ་ཞེས་བྱ་བ་རང་གི་སྟན་ལས་ལངས་ནས་མགོན་པོ་དཔའ་བོ་འཇིགས་བྱེད་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་མགོན་པོ་བདག་ལ་གསོན། །ཁྱེད་ཀྱི་འཁོར་དུ་འདུས་པ་ཡི། །སྐལ་དང་ལྡན་པ་འདི་རྣམས་ལ། །ལམ་ལོག་མུ་སྟེགས་མ་ལགས་པའི། །དམན་པ་ཉན་ཐོས་མ་ལགས་པའི། །མ་སྨིན་མཚན་ཉིད་མ་ལགས་པའི། །བསམ་གྱིས་མི་ཁྱབ་ཆོས་གཅིག་ཞུ། །ཕྱོགས་རིས་མེད་པ་ལྟ་བའི་མཆོག །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །དགག་སྒྲུབ་མེད་པ་སྤྱོད་པའི་མཆོག །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །བར་ཆོད་སེལ་བ་བདེ་བའི་མཆོག །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །སྨིན་པར་བྱེད་པ་དབང་གི་མཆོག །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །སངས་རྒྱས་ཐོབ་བྱེད་འབྲས་བུའི་མཆོག །ཡེ་ཤེས་ལྔ་ཡི་
གཟུགས་བརྙན་ཏེ། །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །རྣམ་རྟོག་སེལ་བྱེད་རྣམ་རྒྱལ་ལྔ། །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་ཞེས་བྱ་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་མགོན་པོ་དེས་སྤྱན་ཕྱོགས་མཚམས་ཀུན་ལ་གཟིགས་ནས་ཞལ་རྡོ་རྗེའི་མཆུ་འཛུམ་པ་མཛད་ནས་བཀའ་བསྩལ་པ་ནི། ཨེ་མ་ཧོ། ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །དུས་འདིར་ཚོགས་པའི་འཁོར་རྣམས་ལ། །མངོན་པར་འབྱུང་བའི་རྒྱུད་བཤད་ཀྱིས། །ཁ་སྦུབ་ཞབས་རྡོལ་དྲི་མ་ཅན། །སྣོད་སྐྱོན་གསུམ་པོ་སྤང་བྱས་ལ། །རྩེ་གཅིག་སེམས་ཀྱིས་མཉན་པར་གྱིས། །ཕྱོགས་རིས་མེད་པའི་ལྟ་བ་དེ། །གཉུག་མའི་སེམས་ཀྱིས་བལྟ་བར་གྱིས། །དམིགས་གཏད་མེད་པའི་སྒོམ་པ་ནི། །གཉུག་མའི་ཡིད་ཀྱིས་བསྒོམ་པར་བྱ། །དགག་སྒྲུབ་མེད་པ་སྤྱོད་པའི་མཆོག །གཉུག་མའི་ཡིད་ཀྱིས་སྤྱད་པར་བྱ། །བར་ཆོད་སེལ་བ་བརྡ་ཡི་ཆོས། །གཉུག་མའི་ཡིད་ཀྱིས་བསལ་བར་བྱ། །སྨིན་པར་བྱེད་པ་དབང་གི་མཆོག །གཉུག་མའི་སེམས་ཀྱིས་བསྐུར་བར་བྱ། །ཚེ་གཅིག་འབྲས་བུ་སངས་རྒྱས་དེ། །གཉུག་མའི་སེམས་ཀྱིས་
བསྒྲུབ་པར་བྱ། །ཡེ་ཤེས་ལྔ་ཡི་གཟུགས་བརྙན་དེ། །མ་བཅོས་སེམས་ཀྱིས་བསྒྲུབ་པར་བྱ། །རྣམ་རྟོག་སེལ་བྱེད་རྣམ་རྒྱལ་ལྔ། །མ་བཅོས་སེམས་ཀྱིས་གཅད་པར་བྱ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས། སྟོན་པས་ཞལ་གྱིས་བཞེས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྟོན་པས་བཀའ་བསྩལ་པ། །ཚེ་གཅིག་སངས་རྒྱས་ཐོབ་འདོད་པས། །དང་པོ་གདེང་ཆེན་ལྟ་བ་གཅེས། །དེས་ན་ལྟ་བ་དང་པོར་བསྟན། །ཕྱོགས་རིས་མེད་པ་ལྟ་བའི་མཆོག །ནམ་མཁའ་ལྟ་བུ་ཤེས་པར་གྱིས། །ཐམས་ཅད་འདེགས་པ་ལྟ་བའི་མཆོག །ས་གཞི་ལྟ་བུར་ཤེས་པར་གྱིས། །ཐམས་ཅད་བསྡུད་པ་ལྟ་བའི་མཆོག །འབྱུང་བ་ཆུ་ལྟར་ཤེས་པར་གྱིས། །ཉོན་མོངས་བསྲེག་པ་ལྟ་བའི་མཆོག །འབྱུང་བ་མེ་ལྟར་ཤེས་པར་གྱིས། །ངོས་གཟུང་མེད་པ་ལྟ་བའི་མཆོག །འབྱུང་བ་རླུང་ལྟར་ཤེས་པར་གྱིས། །དེ་ནས་ཡང་སྟོན་པས་གསུངས་པ། འཕོ་འགྱུར་མེད་པ་ལྟ་བའི་མཆོག །རི་བོ་ལྟ་བུར་ཤེས་པར་གྱིས། །གཡོ་འགུལ་མེད་པ་ལྟ་བའི་མཆོག །རྒྱ་མཚོ་ལྟ་བུར་ཤེས་པར་བྱ། །གསལ་ལ་མ་འདྲེས་ལྟ་བའི་མཆོག །འཇའ་ཚོན་ལྟ་བུར་ཤེས་པར་གྱིས། །གཉིས་སུ་མེད་པ་ལྟ་བའི་མཆོག །ག་
བུར་ལྟ་བུར་ཤེས་པར་བྱ། །དེ་ནས་ཡང་གསང་བས་ཚིག་འདི་གསུངས་ཏེ། ཟིལ་གྱིས་གནོན་པ་ལྟ་བའི་མཆོག །སེང་གེ་ལྟ་བུར་ཤེས་པར་བྱ། །ཉམ་ང་མེད་པ་ལྟ་བའི་མཆོག ། གླང་ཆེན་ལྟ་བུར་ཤེས་པར་བྱ། །སྟོབས་དང་ལྡན་པ་ལྟ་བའི་མཆོག །རྟ་མཆོག་ལྟ་བུར་ཤེས་པར་བྱ། །ཀུན་དུ་རྒྱུག་པ་ལྟ་བའི་མཆོག །སྟག་མོ་ལྟ་བུར་ཤེས་པར་བྱ། །འཇིགས་པ་མེད་པ་ལྟ་བའི་མཆོག །དོམ་བུ་ལྟ་བུར་ཤེས་པར་བྱ། །དེ་ནས་ཡང་གསང་བའི་ཚིག་འདི་གསུངས་ཏེ། སྐྱོན་གྱིས་མ་གོས་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་དཀར་པོར་སྣང་། །དུས་གསུམ་མི་འགྱུར་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་ནག་པོར་སྣང་། །ཡོན་ཏན་རྒྱས་པ་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་སེར་པོར་སྣང་། །ཀུན་ལ་ཁྱབ་པ་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་དམར་པོར་སྣང་། །ཕྲིན་ལས་རྫོགས་པ་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་ལྗང་ཁུར་ཤར། །དེ་ནས་ཡང་གསང་བའི་ཚིག་གསུངས་ཏེ། དུས་གསུམ་སྣང་བ་ལྟ་བའི་མཆོག །རྣམ་པར་སྣང་མཛད་ལྟ་བུར་ཤར། །ཆོས་ཉིད་དོན་ལ་རྟག་སེམས་པས། །རྡོ་རྗེ་སེམས་དཔའ་ལྟ་བུར་ཤར། །ཐམས་ཅད་མཉམ་པ་ཉིད་རྟོགས་པས། །རིན་ཆེན་འབྱུང་ལྡན་ལྟ་བུར་ཤར། །ཆོས་ཅན་སོ་སོར་མ་འདྲེས་པས། །སྣང་
བ་མཐའ་ཡས་ལྟ་བུར་ཤར། །སྣ་ཚོགས་སྣང་ལ་མ་འདྲེས་པས། །དོན་ཡོད་གྲུབ་པ་ལྟ་བུར་ཤར། །ཞེས་པ་གསུངས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས། །སྟོན་པ་ལ་ནི་འདི་སྐད་ཞུས། །རྟོགས་པ་ལྟ་བའི་རྗེས་ཐོག་ལ། །བསྒོམ་པའི་གོ་རིམ་ཇི་ལྟ་བུ། །ཞེས་ཞུས་པས། དེ་ནས་སྟོན་པས་བཀའ་བསྩལ་པ། །སངས་རྒྱས་ཐོབ་པར་འདོད་པ་ཡིས། །རྟོགས་པའི་དོན་གོ་བསྒོམས་ལས་བྱུང་། །གཞན་དུ་འབྲས་བུ་འབྱུང་མི་འགྱུར། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །ཡེ་ནས་སྤྲོས་དང་བྲལ་བ་ལ། །རྟག་པར་འཛིན་པ་སྒོམ་པའི་སྐྱོན། །ཕྱི་དང་ནང་གི་ཆོས་ཉིད་ལ། །ཆད་པར་འཛིན་པ་སྒོམ་པའི་སྐྱོན། །འོ་ན་ཇི་ལྟར་བསྒོམ་ཞེ་ན། །ལམ་མེད་ལམ་གོལ་དམན་པའི་ལམ། །འདི་རྣམས་སྤངས་ཏེ་བསྒོམ་པར་བྱ། །དང་པོ་བྱང་ཆུབ་སེམས་བསྐྱེད་དེ། །སྨོན་འཇུག་གཉིས་པོ་སྔོན་དུ་གཅེས། །གཟུང་བ་ཡུལ་མེད་སྒོམ་པའི་མཆོག །ཆོས་ཀྱི་བདག་མེད་རྟོགས་པར་བྱ། །འཛིན་པའི་སེམས་མེད་སྒོམ་པའི་མཆོག །གང་ཟག་བདག་མེད་རྟོགས་པར་བྱ། །ཆོས་རྣམས་གང་ཡིན་
མི་འགེགས་པས། །ཐབས་ཀྱི་ལམ་དུ་ཤེས་པར་བྱ། །ངོ་བོ་ཅི་ཡང་མ་གྲུབ་པས། །ཤེས་རབ་ལམ་དུ་ཤེས་པར་བྱ། །ཆོས་རྣམས་རྒྱུ་མེད་སྒོམ་པའི་མཆོག །སྟོང་པ་ཉིད་ཀྱི་རྣམ་ཐར་ཡིན། །འབྲས་བུ་སྟོང་པ་སྒོམ་པའི་མཆོག །མཚན་མ་མེད་པའི་རྣམ་ཐར་ཡིན། །རྒྱུ་འབྲས་དབྱེར་མེད་སྒོམ་པའི་མཆོག །སྨོན་པ་མེད་པའི་རྣམ་ཐར་ཡིན། །ཀུན་ལ་བྱམས་པ་སྒོམ་པའི་མཆོག །བྱམས་པ་ཚད་མེད་རང་བཞིན་ཡིན། །ཀུན་ལ་བརྩེ་བ་སྒོམ་པའི་མཆོག །སྙིང་རྗེ་ཚད་མེད་ངོ་བོ་ཉིད། །ཀུན་ལ་ཕན་པ་སྒོམ་པའི་མཆོག །དགའ་བ་ཚད་མེད་ངོ་བོ་ཉིད། །ཀུན་ལ་ཁྱབ་པ་སྒོམ་པའི་མཆོག །བཏང་སྙོམས་ཚད་མེད་ངོ་བོ་ཉིད། །བསོད་ནམས་ཚོགས་གསོག་སྒོམ་པའི་མཆོག །བཞི་གསུམ་བཅུ་གཉིས་བདག་ཉིད་ཅན། །ལམ་ལ་གོམས་པ་སྒོམ་པའི་མཆོག །ངེས་འབྱེད་བཞི་ཡི་བདག་ཉིད་ཅན། །ཡེ་ཤེས་མཐོང་བ་སྒོམ་པའི་མཆོག །བྱང་ཆུབ་ཡན་ལག་རྣམ་བདུན་ཡིན། །གོམས་པར་བྱེད་པ་སྒོམ་པའི་ལམ། །འཕགས་ལམ་བརྒྱད་ཀྱི་བདག་ཉིད་ཅན། །གོམས་པ་མཐར་ཕྱིན་སྒོམ་པའི་མཆོག །བཅུ་པ་ལ་ནི་ཡོངས་སུ་གྲོལ། །སངས་རྒྱས་པ་ཡི་རྣམ་ཐར་ཡིན། །ཆགས་སེམས་བྲལ་བ་སྒོམ་པའི་མཆོག །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །རང་
སེམས་དག་པ་སྒོམ་པའི་མཆོག །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན། །ཇི་མི་སྙམ་པ་སྒོམ་པའི་མཆོག །བཟོད་པའི་ཕ་རོལ་ཕྱིན་པ་ཡིན། །གོ་ཆ་སྦྱོར་བ་སྒོམ་པའི་མཆོག །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན། །གཡེང་བ་མེད་པ་སྒོམ་པའི་མཆོག །བསམ་གཏན་ཕ་རོལ་ཕྱིན་པ་ཡིན། །འཁོར་འདས་ཤེས་པ་སྒོམ་པའི་མཆོག །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །ཉོན་མོངས་མི་སྤོང་སྒོམ་པའི་མཆོག །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །མི་མཐུན་ཟིལ་གནོན་སྒོམ་པའི་མཆོག །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །ཅི་བསམ་འགྲུབ་པ་སྒོམ་པའི་མཆོག །སྨོན་ལམ་ཕ་རོལ་ཕྱིན་པ་ཡིན། །ཇི་སྙེད་མཁྱེན་པ་སྒོམ་པའི་མཆོག །ཡེ་ཤེས་ཕ་རོལ་ཕྱིན་པ་ཡིན། །ཆོས་དབྱིངས་ཡེ་ཤེས་སྒོམ་པའི་མཆོག །སྤྲོས་པ་མེད་པའི་རང་བཞིན་ཡིན། །མེ་ལོང་ཡེ་ཤེས་སྒོམ་པའི་མཆོག །ཐམས་ཅད་གཟུགས་བརྙན་ལྟར་ཤེས་ཡིན། །མཉམ་ཉིད་ཡེ་ཤེས་སྒོམ་པའི་མཆོག །ཀུན་ལ་སྙོམས་པའི་བདག་ཉིད་ཡིན། །ཀུན་རྟོག་ཡེ་ཤེས་སྒོམ་པའི་མཆོག །མ་འདྲེས་གསལ་བའི་ངོ་བོ་ཉིད། །བྱ་གྲུབ་ཡེ་ཤེས་སྒོམ་པའི་མཆོག །ཕྲིན་ལས་ཐམས་ཅད་དུས་གཅིག་རྫོགས། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་
རྒྱུད་ཅེས་བྱ་བ་ལས་སྒོམ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས། །ཧེ་རུ་ཀ་ལ་འདི་སྐད་གསོལ། །གོམས་པར་བྱ་བའི་རྗེས་ཐོབ་ལ། །སྤྱོད་པའི་གོ་རིམ་ཇི་ལྟར་བགྱི། །དེ་ནས་སྟོན་པས་གསང་བའི་ཚིག་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཅུང་ཟད་དྲོད་ནི་ཐོབ་པ་དང་། །དེ་ཚེ་སྤྱོད་པ་སྤྱད་པར་བྱ། །དང་པོ་གསང་བའི་སྤྱོད་པ་བྱ། །བྱང་ཆུབ་སེམས་ནི་དྲོད་ཐོབ་ནས། །རིག་པ་བརྟུལ་ཞུགས་སྤྱོད་པ་བྱ། །ལྷན་ཅིག་སྐྱེས་པའི་དྲོད་ཐོབ་ནས། །མ་དད་ཟློག་པའི་སྤྱོད་པ་བྱ། །ཆུ་ཚོད་ལྟ་བུའི་དྲོད་ཐོབ་ནས། །ཚོགས་ཀྱི་སྤྱོད་པ་ཅི་བདེར་སྤྱད། །སྨྱོན་པ་ལྟ་བུའི་སེམས་ཐོབ་ནས། །ཕྱོགས་མེད་རྣམ་རྒྱལ་སྤྱོད་པ་བྱ། །དེ་ཡི་དབྱེ་བ་གཞན་ན་གསལ། །གནས་དང་གྲོགས་དང་དུས་དང་ཟས། །ལེའུ་གཞན་ནས་ཤེས་པར་བྱ། །ཀུན་གྱིས་བཀུར་བ་སྤྱོད་པའི་མཆོག །རྒྱལ་པོ་ལྟ་བུའི་སྤྱོད་པ་བྱ། །ངོ་ཚ་ཤེས་པ་སྤྱོད་པའི་མཆོག །རྗེ་རིགས་ལྟ་བུའི་སྤྱོད་པ་བྱ། །ཆགས་སྡང་འཁྲུ་བ་སྤྱོད་པའི་མཆོག །བྲམ་ཟེ་ལྟ་བུའི་སྤྱོད་པ་བྱ། །སྲིད་དང་བྲལ་བ་སྤྱོད་པའི་མཆོག །དམངས་རིགས་ལྟ་བུའི་སྤྱོད་པ་བྱ། །དམན་ས་འཛིན་པ་སྤྱོད་པའི་མཆོག །གདོལ་པ་ལྟ་བུའི་སྤྱོད་པ་བྱ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །མཐོ་ས་འཛིན་པ་
སྤྱོད་པའི་མཆོག །སེང་གེ་ལྟ་བུའི་སྤྱོད་པ་བྱ། །ཉམ་ང་མེད་པ་སྤྱོད་པའི་མཆོག །གླང་ཆེན་ལྟ་བུའི་སྤྱོད་པ་བྱ། །ཤུགས་དང་ལྡན་པ་སྤྱོད་པའི་མཆོག །རྟ་མཆོག་ལྟ་བུའི་སྤྱོད་པ་བྱ། །རྣམ་རྟོག་གསོད་པ་སྤྱོད་པའི་མཆོག །སྤྱང་ཀི་ལྟ་བུའི་སྤྱོད་པ་བྱ། །དྲག་ཤུལ་ལྟ་བྱེད་སྤྱོད་པའི་མཆོག །དྲེད་མོ་ལྟ་བུའི་སྤྱོད་པ་བྱ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །གཟའ་གཏད་མེད་པ་སྤྱོད་པའི་མཆོག །རི་དྭགས་ལྟ་བུའི་སྤྱོད་པ་བྱ། །ངོ་ཚ་བྲལ་བ་སྤྱོད་པའི་མཆོག །རོ་ལངས་ལྟ་བུའི་སྤྱོད་པ་བྱ། །རོ་དང་འགྲོགས་པ་སྤྱོད་པའི་མཆོག །རིགས་ངན་ལྟ་བུའི་སྤྱོད་པ་བྱ། །དུར་ཁྲོད་གནས་པ་སྤྱོད་པའི་མཆོག །ལྕེ་སྤྱང་ལྟ་བུའི་སྤྱོད་པ་བྱ། །བག་ཡོད་རྔམ་པ་སྤྱོད་པའི་མཆོག །ཝ་མོ་ལྟ་བུའི་སྤྱོད་པ་བྱ། །དེ་ལས་གཞན་ཡང་བཤད་པར་བྱ། །ཟུང་དུ་འབྲེལ་བ་སྤྱོད་པའི་མཆོག །ངུར་བ་ལྟ་བུའི་སྤྱོད་པ་བྱ། །གཞན་གྱིས་མི་མཐོང་སྦྱོད་པའི་མཆོག །ཁྭ་ཏ་ལྟ་བུའི་སྤྱོད་པ་བྱ། །དུག་ལྔ་སྤྱོད་པ་སྤྱོད་པའི་མཆོག །རྨ་བྱ་ལྟ་བུའི་སྤྱོད་པ་བྱ། །དུས་ཚོད་འཛིན་པ་སྤྱོད་པའི་མཆོག །ཁུ་བྱུག་ལྟ་བུའི་སྤྱོད་པ་བྱ། །ཉེས་པས་མ་གོས་སྤྱོད་པའི་མཆོག །བྱ་རྒོད་ལྟ་བུའི་སྤྱོད་པ་བྱ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །རིམ་གྱིས་འཛེག་པའི་སྤྱོད་པའི་མཆོག །སྤྲེའུ་ལྟ་བུའི་སྤྱོད་པ་བྱ། །
འཇིགས་པ་མེད་པ་སྤྱོད་པའི་མཆོག །དོམ་བུ་ལྟ་བུའི་སྤྱོད་པ་བྱ། །མཚན་མོ་རྒྱུ་བ་སྤྱོད་པའི་མཆོག །ཞག་མིག་ཅན་གྱི་སྤྱོད་པ་བྱ། །གང་ལ་མི་གནས་སྤྱོད་པའི་མཆོག །བུང་བ་ལྟ་བུའི་སྤྱོད་པ་བྱ། །སྣང་བ་ལྟ་བ་སྤྱོད་པའི་མཆོག །འཕར་བ་ལྟ་བུའི་སྤྱོད་པ་བྱ། །དེ་ལས་གཞན་ཡང་བཤད་བྱ་སྟེ། །དགོས་འདོད་འབྱུང་བ་སྤྱོད་པའི་མཆོག །ནོར་བུ་ལྟ་བུའི་སྤྱོད་པ་བྱ། །སྨན་དུག་གཉིས་མེད་སྤྱོད་པའི་མཆོག །ག་བུར་ལྟ་བུར་ཤེས་པར་བྱ། །ཅིས་ཀྱང་མི་ཚུགས་སྤྱོད་པའི་མཆོག །རྡོ་རྗེ་ལྟ་བུར་ཤེས་པར་བྱ། །མི་མཐུན་གཅོད་པ་སྤྱོད་པའི་མཆོག །རལ་གྲི་ལྟ་བུར་ཤེས་པར་བྱ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །ཐབས་དང་ཤེས་རབ་སྤྱོད་པའི་མཆོག །མདའ་གཞུ་ལྟ་བུར་ཤེས་པར་བྱ། །སྟོང་པའི་ཁ་འབྱེད་སྤྱོད་པའི་མཆོག །ཤག་ཏི་ལྟ་བུར་ཤེས་པར་བྱ། །འབིགས་པར་བྱེད་པ་སྤྱོད་པའི་མཆོག །མདུང་ཐུང་ལྟ་བུར་ཤེས་པར་བྱ། །ང་བདག་གསོད་པ་སྤྱོད་པའི་མཆོག །སྟ་རེ་ལྟ་བུར་ཤེས་པར་བྱ། །གདུལ་བྱ་འདྲེན་པ་སྤྱོད་པའི་མཆོག །ལྕགས་ཀྱུ་ལྟ་བུར་ཤེས་པར་བྱ། །དགོན་པའི་གནས་དང་དུར་ཁྲོད་དང་། །གྲོང་ཁྱེར་དག་ཏུ་རྣལ་འབྱོར་རྒྱུ་བའི་ཚེ། །དེ་འདྲའི་སྐྱེས་བུའི་ཕྱག་རྒྱ་ཆེར་རྟོགས་བྱེད། །དེ་ཉིད་སེམས་ཀྱི་ཁྱད་པར་མཐོང་གྱུར་
ན། །བརྟུལ་ཞུགས་མེད་ཀྱང་སངས་རྒྱས་ས་ལ་འགྲོ། །སེམས་ཉིད་གཉིས་ཀྱི་གནད་དང་མ་བྲལ་ན། །བརྟུལ་ཞུགས་སྤྱད་ཀྱང་སྡུག་བསྔལ་སྣ་ཚོགས་སྐྱེ། །བསམ་གྱིས་མི་ཁྱབ་བརྟུལ་ཞུགས་རབ་ལྡན་ན། །རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་ལྟར། །ཐོགས་པ་མེད་པ་ཕྱག་རྒྱ་ཆེན་པོ་དེ། །སྐྱེ་བ་འདི་ལ་སངས་རྒྱས་ས་ལ་རེག །ཅེས་གསུངས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་སྤྱོད་པའི་རབ་ཏུ་དབྱེ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས། །སྟོན་པ་ལ་ནི་འདི་སྐད་གསོལ། །ཡང་དག་བརྡ་ནི་བརྡ་ཆེན་པོ། །ཀུན་གྱིས་མི་རྟོགས་སྦས་པའི་དོན། །བར་ཆད་སེལ་བ་བརྡ་ཡི་ཆོས། །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །དེ་ནས་སྟོན་པས་བཀའ་བསྩལ་པ། །སྣང་བ་ཐམས་ཅད་ལས་ཀྱི་བརྡ། །ཚིག་ནི་ཇི་སྙེད་ངག་གི་བརྡ། །དེ་ལ་བསམ་གྱིས་མི་ཁྱབ་གནས། །དོན་གྱི་བརྡ་རུ་ཤེས་པར་བྱ། །དེ་ནས་དུར་ཁྲོད་བདག་མོས་ཡང་ཞུས་པ། །གང་ཟག་འཇུག་པའི་རིམ་པ་དང་། །དཔའ་བོ་བརྟག་པའི་རིམ་པ་དང་། །ཕྱག་རྒྱ་མོ་ཡི་བརྟག་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་དང་། །ཚོགས་ཀྱི་འཁོར་ལོའི་དུས་དག་དང་། །རྣལ་
འབྱོར་ཕག་མོ་རྫོགས་བྱེད་དང་། །བརྡ་ཡི་བྱེ་བྲག་ཇི་སྙེད་པ། །འགྲོ་མགོན་ཁྱེད་ཀྱིས་བཤད་དུ་གསོལ། །མགོན་པོ་དཔའ་བོས་བཀའ་བསྩལ་པ། །ཐམས་ཅད་ཀུན་གྱི་བརྡ་ཆེན་པོ། །སྦས་པའི་བརྡ་ནི་བཤད་བྱ་བ། །གཡས་པ་ཐབས་ཀྱི་རང་བཞིན་དང་། །གཡོན་པ་ཤེས་རབ་རང་བཞིན་དང་། །ལུས་ཀྱི་བརྡ་རྣམས་རྫོགས་པར་བྱ། །མི་རྟོག་སྒོམ་པ་སྟོན་པ་ལ། །ལག་པ་གཡོན་པ་བསྟན་པ་ནི། །ས་རོ་ཞེས་ནི་བརྗོད་པར་བྱ། །རྐང་པ་གྲོང་ཁྱེར་ས་བགྲོད་པས། །སྤྱོད་པ་ཉམས་མྱོང་གིས་འགྲོ་བ། །གོ་བའི་ཕྱིར་ན་རྐང་བསྟན་ཏེ། །ཨ་གྷུ་ལ་ཞེས་བརྗོད་པར་བྱ། །སྲིན་ལག་མཁའ་འགྲོ་མ་ཡི་རྩ། །དེ་ཡི་ཕྱིར་ན་དེ་བསྟན་ཏེ། །ཤེས་རབ་ཆེན་པོར་གོ་བྱའི་ཕྱིར། །བྷ་ཏ་རི་ཞེས་བརྗོད་པར་བྱ། །ལྕེ་ཡིས་ཟས་ཀྱི་རོ་མྱོང་ལྟར། །སྟོང་པས་བདེ་བ་མྱོང་བསྟན་ཕྱིར། །ལྕེ་བསྟན་ཙརྱ་གྷ་ཞེས་བརྗོད། །སྐལ་བར་ལྡན་པའི་བདག་ཉིད་ནི། །ཡུལ་ལ་རིག་པར་བྱ་བའི་ཕྱིར། །ལྟོ་བ་ཟས་ཀྱི་སྣོད་བསྟན་པ། །ཨན་དྷ་ལི་ཞེས་བརྗོད་པར་བྱ། །ལྟོ་བ་ཟས་ཀྱི་སྣོད་ཡིན་ཕྱིར། །དེ་བཞིན་སྣོད་ནི་བསྟན་པར་བྱ། །བླ་མའི་བརྒྱུད་པ་གོ་ཆའི་ཕྱིར། །པྃ་ཀ་ཏ་ཞེས་བརྗོད་པར་བྱ། །སོར་མོ་ལྔའི་ནི་རྒྱུད་གཅིག་ལྟར། །ལྔ་ཡི་རྩ་བ་ཨེ་ཝྃ་དུ། །བསྡུས་
ཕྱིར་སོར་མོ་ལྔ་བསྟན་ལ། །ཚན་དྷོ་ཧ་ཞེས་བརྗོད་པར་བྱ། །སོ་ཡི་སྟོབས་ཀྱིས་ཟས་འདུལ་ལྟར། །ཨེ་ཝྃ་ཇི་བཞིན་རྟོགས་པར་བྱེད། །གང་གིས་སོ་ནི་བསྟན་བྱས་པས། །ཙ་ལ་ནི་ཞེས་བརྗོད་པར་བྱ། །བྱིན་པས་ལུས་ཀྱི་སྟོབས་སྐྱེད་ལྟར། །གོམས་པས་འབྲས་བུ་བསྐྱེད་པའི་ཕྱིར། །གོ་ཕྱིན་པ་ནི་བསྟན་བྱས་ལ། །མེ་ག་བ་ཞེས་བརྗོད་པར་བྱ། །ས་གཞི་འགྲོ་བ་ཀུན་འདེགས་ལྟར། །འབྲས་བུ་དམ་ཚིག་གིས་བསྟེན་ལྟར། །ས་གཞི་གྲུ་བཞིར་བསྟན་བྱས་ལ། །མཎྜལ་ཞེས་སུ་བརྗོད་པར་བྱ། །སོར་མོ་ལྔ་ནི་རྒྱུ་མཐུན་ཕྱིར། །ཕུང་ལྔ་རིགས་ལྔར་རྒྱས་བཏབ་པས། །གཡས་པའི་སོར་མོ་ལྔ་བསྟན་པ། །སྦ་ར་ན་ཞེས་བརྗོད་པར་བྱ། །མི་བསྐྱོད་པ་དང་རྡོ་རྗེ་འཆང་། །རྒྱས་གདབ་གཉིས་ནི་གོ་བྱའི་ཕྱིར། །དབུགས་ནི་ལ་ནི་དབྱུང་བར་བྱ། །དཔལ་ཀུན་ཤམ་ཞེས་བརྗོད་པར་བྱ། །སོ་འཆའ་བ་ཡི་ཞེ་སྡང་གིས། །འབྲས་བུའི་རྟགས་ནི་ཡིན་པའི་ཕྱིར། །གཉིས་སྣང་གཅོད་ཕྱིར་སོ་འཆའ་བས། །མ་ཏ་ཁྲ་ཞེས་བརྗོད་པར་བྱ། །ཤ་ནི་སྲོག་ཆགས་ཐམས་ཅད་ལས། །འབྱུང་ཞིང་ཆོས་རྣམས་ཐམས་ཅད་ནི། །སེམས་ཡིན་ཕྱིར་ནས་ཤ་བསྟན་པས། །ར་ཙ་ན་ཞེས་བརྗོད་པར་བྱ། །ཁྲོ་གཉེར་ཁྲོས་པའི་རྟགས་ཡིན་པས། །བྱ་བ་ཐམས་ཅད་སྡུག་བསྔལ་གྱི། །རྟགས་ཡིན་
ཕྱིར་ན་ཁྲོ་གཉེར་བསྟན། །ནི་རི་ཧ་ཞེས་བརྗོད་པར་བྱ། །བསྡུམས་པས་དབྱེ་བ་མེད་པ་ལྟར། །འཁོར་འདས་དབྱེར་མི་ཕྱེད་པ་ལྟར། །བྷ་ག་ནི་ཞེས་བརྗོད་པར་བྱ། །དཔེ་ཡིས་མཚོན་པའི་དོན་དུ་ནི། །དྲི་མ་ཀུན་ལས་གྲོལ་བའི་ཕྱིར། །བསྡམས་པ་བཀྲོལ་ནས་གྲེ་ནན་བརྗོད། །བྱིན་གྱིས་བརླབས་པའི་གཏོར་མ་ཡིན། །ཐམས་ཅད་ཚིམ་པར་བྱེད་པ་ལྟར། །སྣ་ཚོགས་སྣང་བའི་ཆོས་ཀུན་ལ། །བདེ་བ་ཆེན་པོའི་རོས་ཚིམ་ཕྱིར། །གཏོར་མ་བཏང་ལ་ཧིཀ་ཀ་བརྗོད། །ལྟོ་བ་ཟས་ཀྱི་སྣོད་ཡིན་ལྟར། །སེམས་ཅན་སངས་རྒྱས་སྣོད་ཡིན་པས། །དོན་དུ་ལྟོ་བ་བསྟན་ནས་ནི། །ནི་གར་མ་ཞེས་བརྗོད་པར་བྱ། །དེ་རྣམས་ཕན་ཡོན་དཔག་མེད་པས། །སྙིང་པོ་རྒྱུད་དུ་གསལ་བར་བསྟན། །བརྡ་དང་ལྡན་པའི་རྣལ་འབྱོར་པས། །བདུད་རྩི་རྣམ་པ་ལྔ་པོ་ལ། །ལོངས་སྤྱོད་པ་ནི་ཐབས་ཀྱི་མཆོག །བྱིན་གྱིས་བརླབས་དང་ས་བོན་དང་། །རང་བཞིན་བདུད་རྩི་ལ་འབད་པས། །དཔག་མེད་རིམ་གྱིས་ཕན་ཡོན་འབྱུང་། །དེ་ནས་གཞན་ཡང་བཤད་བྱ་སྟེ། །ལྔ་བསྡུས་རྩེ་མོ་མནན་པ་ནི། །བུམ་པའི་དབང་སྟེ་ལུས་ཀྱི་བརྡ། །མཐེབ་སྲིན་ཨེ་ཡི་དྲང་རོ་གཅིག །གསང་བའི་དབང་སྟེ་ལུས་ཀྱི་བརྡ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི། །གསུམ་པ་ཤེས་རབ་
ཡེ་ཤེས་ཡིན། །སྐྱེས་དང་མ་སྐྱེས་གཉིས་མེད་པས། །བཞི་པ་ཡིན་སྟེ་ལུས་ཀྱི་བརྡ། །དེ་ཡི་ངག་གི་བརྡ་སྨྲས་པ། །ཀ་ལ་ཤ་ཡ་བུམ་པའི་དབང་། །ཡ་ར་ལ་ཝ་གསང་བའི་བརྡའོ། །ཨེ་ཝྃ་མ་ཡ་གསུམ་པའི་བརྡའོ། །ཨེ་ཧཱུྃ་ཨོཾ་ཨཱ་བཞི་པའོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་བརྡའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས། སྟོན་པ་མཚན་ཉིད་བཞི་དང་ལྡན་པ་དེ་ལ་ཕྱིའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། ནང་གི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། གསང་བའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ནས་འདི་སྐད་ཞུས་སོ། །བླ་མེད་སྟོན་པ་ཧེ་རུ་ཀ །འཁོར་བའི་སེམས་ཅན་འདྲེན་མཛད་པ། །ཐུགས་རྗེ་ཆེ་དང་ལྡན་པ་ཁྱོད། །ནད་པ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྨན་མཆོག་བསྟན་དུ་གསོལ། །ལོང་བ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་པོ་ལྟ་བུའི་སྟོན་པ་ཁྱོད། །ཀུན་ལ་བྱམས་པར་མཛད་དུ་གསོལ། །བློན་པོ་ལྟ་བུའི་སྟོན་པ་ཁྱོད། །ཀུན་ལ་ཕན་པར་མཛད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སྟོན་པ་འཇིགས་བྱེད་ཧེ་རུ་ཀ་དེ་ཐུགས་རབ་ཏུ་དགྱེས་ཏེ།
སྐུའི་སྒོ་ནས་མཛེས་གར་རྣམ་པ་གསུམ་མཛད། གསུང་གི་སྒོ་ནས་རྡོ་རྗེའི་ཚིག་རྣམ་པ་གསུམ་བརྗོད། ཐུགས་ཀྱི་སྒོ་ནས་ཁྱད་པར་ཀྱི་ཡེ་ཤེས་རྣམ་པ་གསུམ་བསྐྱེད་ནས། འཁོར་རྣམས་ལ་སྤྱན་གྱིས་གཟིགས་ནས་ཚངས་པའི་གསུང་གིས་རྡོ་རྗེའི་ཚིག་འདི་བཀའ་བསྩལ་ཏོ། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །མ་རིག་པ་ཡི་མུན་པས་བསྒྲིབས། །འཁོར་བའི་རྒྱ་མཚོ་ཆེན་པོར་ལྟུང་། །ཉོན་མོངས་འདམ་དུ་བྱིང་བ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀུན། །ཉོན་མོངས་པ་ཡི་གཉེན་པོར་བསྟན། །དབང་པོ་རབ་འབྲིང་དང་སྦྱར་ནས། །ཐུན་མོང་ཐེག་པ་རིམ་གྱིས་བསྟན། །མདོ་སྡེ་འདུལ་བ་མངོན་པ་གསུམ། །བསྟན་པ་ཀུན་གྱི་རྩ་བ་ཡིན། །བདེར་གཤེགས་ཐུགས་རྗེ་བསམ་མི་ཁྱབ། །སེམས་ཅན་རྣམས་ལ་དེ་ལྟར་བསྟན། །དེ་ནས་དུར་ཁྲོད་བདག་མོ་དེས་ཡང་འདི་སྐད་ཅེས་གསོལ་ཏོ། །བླ་མེད་སྟོན་པ་ཧེ་རུ་ཀ །ཐུན་མོང་ཐེག་པ་དེ་ལྟར་བསྟན། །ཁྱད་པར་གསང་སྔགས་ཇི་ལྟར་ལགས། །རྒྱུད་སྡེ་རྣམས་ཀྱི་དབྱེ་བ་ཞུ། །སྨིན་པའི་ལམ་ནི་ཇི་ལྟར་ལགས། །གྲོལ་བའི་ལམ་ནི་གང་ལ་བགྱི། །དཔའ་བོ་ཆེན་པོས་
བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སྟོན་པ་ཧེ་རུ་ཀས། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །སྐལ་བར་ལྡན་པའི་གང་ཟག་ལ། །གསང་སྔགས་རྒྱུད་སྡེ་ངས་བཤད་ཀྱིས། །སྣོད་སྐྱོན་གསུམ་པོ་སྤོངས་ལ་ཉོན། །བྱ་བ་གཙོ་བོར་བྱེད་པ་ལ། །ཀྲི་ཡའི་རྒྱུད་སྡེ་རྣམ་ལྔ་བསྟན། །སྦྱོར་བ་གཙོ་བོར་བྱེད་པ་ལ། །གཉིས་པའི་རྒྱུད་སྡེ་རྣམ་ལྔ་བསྟན། །སེམས་ཉིད་གཙོ་བོར་བྱེད་པ་ལ། །རྣལ་འབྱོར་རྒྱུད་སྡེ་རྣམ་ལྔ་བསྟན། །བདེ་སྟོང་གཙོ་བོར་བྱེད་པ་ལ། །བླ་ན་མེད་པའི་རྒྱུད་ལྔ་བསྟན། །ཡིད་ལ་བྱེད་པ་མེད་རྣམས་ལ། །གོང་ན་མེད་པའི་རྒྱུད་ལྔ་བསྟན། །དེའི་ཕྱིར་རྒྱུད་སྡེ་རྣམ་པ་ལྔ། །གསང་སྔགས་རྒྱུད་ཅེས་བྱ་བར་གྲགས། །རེ་རེ་ལ་ཡང་ལྔ་ལྔ་སྟེ། །རྒྱུད་ཆེན་ཉི་ཤུ་རྩ་ལྔ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་དུར་ཁྲོད་བདག་མོ་དེས་ཡང་ཞུས་པ། རྒྱུད་ཀྱི་དབྱེ་བ་དེ་ལྟར་ན། །སྨིན་ཞེས་བགྱི་བ་ཇི་ལྟར་ལགས། །ལམ་ཞེས་བགྱི་བ་གང་ལ་བགྱི། །དེ་ཡི་དབྱེ་བ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་བསྩལ་པ། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །དེ་ཉིད་ཡོད་དེ་སྨིན་ལམ་མེད། །དེས་ན་འབྲས་བུ་ཐོབ་མི་འགྱུར། །ལམ་ལོག་མུ་སྟེགས་བྱེད་རྣམས་ལ། །དེ་ཉིད་
ཡོད་དེ་སྨིན་ལམ་མེད། །དེས་ན་འབྲས་བུ་ཐོབ་མི་འགྱུར། །དམན་པ་ཉན་ཐོས་རང་རྒྱལ་ལ། །དེ་ཉིད་ཡོད་དེ་སྨིན་ལམ་མེད། །དེ་ཕྱིར་བསྐལ་པ་གྲངས་མེད་དུ། །དཀའ་ཐུབ་སྤྱོད་པ་ཉོན་རེ་མོངས། །མ་སྨིན་མདོ་སྡེར་ཞུགས་རྣམས་ལ། །དེ་ཉིད་ཡོད་དེ་སྨིན་ལམ་མེད། །དེས་ན་ཚེ་གཅིག་སངས་རྒྱས་དཀའ། །ཞེས་སོ། །དེ་ནས་དུར་ཁྲོད་བདག་མོ་དེས་ཡང་ཞུས་པ། སྨིན་ཞེས་བྱ་བ་གང་ལ་བགྱི། །ལམ་ཞེས་བྱ་བ་ཇི་ལྟར་ལགས། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །སྨིན་ཞེས་བྱ་བ་ནི་སང་དྷའི་སྒྲ་ལས་ཤེས་པར་བྱའོ། །ལམ་ཞེས་བྱ་བའི་སྒྲ་ནི་ཨ་ཐ་མི་ཐའི་སྒྲ་ལས་ཤེས་པར་བྱ། འཇིག་རྟེན་པའི་ལམ་དང་སྦྱར་རོ། །ལུས་དང་ངག་དང་སེམས་དང་གསུམ། །མ་སྨིན་སྨིན་པར་བྱེད་པའི་ཐབས། །དབང་བསྐུར་ཆོ་ག་ཇི་སྙེད་བསྟན། །དང་པོ་བསྙེན་པ་བྱ་བ་གཅེས། །གྲངས་དང་དུས་དང་མཚན་མ་ཡི། །བསྙེན་པ་རྣམ་གསུམ་རྫོགས་བྱས་ནས། །ས་ཆོག་སྟ་གོན་ཚུལ་བཞིན་བྱ། །དང་པོ་ས་གཞི་ཡོངས་སུ་གཟུང་། །གཉིས་པ་སྟ་གོན་གནས་པ་སྟེ། །ནུབ་གསུམ་པ་ལ་འཇུག་པར་བྱ། །རྒྱུད་རྣམས་གཞན་དུ་ཤེས་པར་བྱ། །དེ་ནས་དཀྱིལ་འཁོར་ཤར་གྱི་སྒོར། །བ་བྱུང་རྣམ་ལྔས་མཎྜལ་བྲི། །སྐལ་
ལྡན་སློབ་མ་དེར་བཞག་ལ། །བུམ་པའི་དབང་རྣམས་རྫོགས་པར་བསྐུར། །དཀྱིལ་འཁོར་དེ་ཡི་ལྷོ་སྒོ་རུ། །བདུད་རྩི་ལྔ་ཡི་མཎྜལ་བྱ། །སྐལ་ལྡན་སློབ་མ་དེར་བཞག་ལ། །གསང་བའི་དབང་རྣམས་རྫོགས་པར་བསྐུར། །དཀྱིལ་འཁོར་དེ་ཡི་ནུབ་སྒོ་རུ། །དལ་གྱི་ཆོས་འབྱུང་ཨེ་དབྱིབས་བྲི། །སྐལ་ལྡན་སློབ་མ་དེར་བཞག་ལ། །ཤེས་རབ་ཡེ་ཤེས་དབང་བསྐུར་ཏེ། །གསུམ་པའི་དབང་རྣམས་རྫོགས་པར་བསྐུར། །དཀྱིལ་འཁོར་དེ་ཡི་བྱང་སྒོ་རུ། །ཕྲིན་ལས་རྣམ་བཞིའི་མཎྜལ་བྲི། །སྐལ་ལྡན་སློབ་མ་དེར་བཞག་ལ། །བཞི་པའི་དབང་རྣམས་རྫོགས་པར་བསྐུར། །དཀྱིལ་འཁོར་དེ་ཡི་ཕོ་བྲང་དུ། །སེང་ཆེན་བསྣོལ་བའི་ཁྲི་སྟེང་དུ། །སྐལ་ལྡན་སློབ་མ་དེར་བཞག་ལ། །རྡོ་རྗེ་སློབ་དཔོན་བྱེད་པའི་དབང་། །ཆོ་ག་ཐམས་ཅད་རྫོགས་པར་བསྐུར། །སྐུ་གསུང་ཐུགས་ཀྱི་དབང་གསུམ་པོ། །ཐོག་མ་ཉིད་དུ་བསྐུར་བར་བྱ། །དེ་ནས་དུར་ཁྲོད་བརྒྱད་རྣམས་ཀྱིས། །དབང་ནི་རྣམ་པ་བརྒྱད་པོ་བསྐུར། །དེ་ནས་ཟས་རྣམས་བདུད་རྩིའི་དབང་། །ཇི་ལྟ་བར་ནི་བསྐུར་བར་བྱ། །དེ་ནས་ཕྱག་མཚན་རྣམས་ཀྱི་དབང་། །གོ་རིམ་བཞིན་དུ་བསྐུར་བར་བྱ། །དེ་ནས་ཉན་པའི་དབང་རྣམས་བསྐུར། །དེ་ནས་བཤད་པའི་དབང་རྣམས་བསྐུར། །དེ་ནས་སྐལ་ལྡན་གང་
ཟག་ལ། །མངའ་གསོལ་སུམ་ཅུ་རྩ་ལྔ་བྱ། །དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱིས། །དབང་རྣམས་མ་ལུས་རྫོགས་པར་བསྐུར། །དེ་ནས་དབང་རྫོགས་གང་ཟག་དེ། །བདེར་གཤེགས་རྣམས་ཀྱི་སྲས་ཡིན་ཏེ། །མཁྱེན་རབ་བདེ་གཤེགས་རྣམས་དང་མཉམ། །མཐུ་སྟོབས་ཁྲོ་རྒྱལ་རྣམས་དང་མཉམ། །ཚེ་ཚད་ཉི་ཟླ་གཉིས་དང་མཉམ། །དང་པོ་ལས་ཅན་སྦྱོར་བ་ཡིས། །ས་བརྒྱད་པ་ལ་རབ་ཏུ་གནས། །དབང་བསྐུར་གནང་བ་མ་ཐོབ་ན། །རིག་པ་ཤེས་རབ་རྩལ་རྫོགས་ཀྱང་། །སློབ་དཔོན་བྱ་བ་ཡོང་མི་ནུས། །དབང་བསྐུར་གནང་བ་མ་མཐོང་ན། །གཞན་གྱི་ཡོན་ཏན་ཀུན་འཆང་ཡང་། །འཁོར་ལོ་སྲོག་ཤིང་མེད་པ་འདྲ། །དབང་མ་ཐོབ་པར་ལས་རྩོམ་དང་། །ལྕིད་ལ་མ་བརྟག་ཁལ་འགེལ་བ། །འདི་དག་ཕུང་བའི་རྒྱུ་ཡིན་ནོ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩོམ་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་དབང་བསྐུར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དུར་ཁྲོད་ཕག་མོ་དེས། །ཧེ་རུ་ཀ་ལ་འདི་སྐད་ཞུས། །སངས་རྒྱས་ཐོབ་
བྱེད་འབྲས་བུའི་ཆོས། །བསམ་གྱིས་མི་ཁྱབ་བཤད་དུ་གསོལ། །དབང་པོ་རབ་འབྲིང་ཐ་མ་གསུམ། །གང་དང་གང་གིས་གྲོལ་བ་ལགས། །དུག་ལྔ་སྤྱོད་པའི་གང་ཟག་ལྔ། །གང་དང་གང་གིས་འཇོམས་པར་བྱེད། །དེ་ནས་སྟོན་པས་བཀའ་སྩལ་ཏེ། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །དབང་པོ་རབ་ཀྱི་གང་ཟག་ལ། །རང་བཞིན་རྣམ་དག་ཕག་མོ་བསྟན། །དབང་པོ་འབྲིང་གི་གང་ཟག་ལ། །བརྗོད་པ་སྒྲ་ཡི་ཕག་མོ་བསྟན། །དབང་པོ་ཐ་མའི་གང་ཟག་ལ། །མཚོན་པ་བརྡ་ཡི་ཕག་མོ་བསྟན། །ཞེས་བཀའ་བསྩལ་ཏོ། །དེ་ནས་དུར་ཁྲོད་བདག་མོ་དེས། །སྟོན་པ་ལ་ནི་ཚིག་འདི་གསོལ། །རང་བཞིན་རྣམ་པར་དག་པ་ཡི། །རྡོ་རྗེ་ཕག་མོ་ཇི་ལྟ་བུ། །སྒྲ་ཡི་ཕག་མོ་ཇི་ལྟ་བུ། །དབྱིབས་ཀྱི་ཕག་མོ་ཇི་ལྟ་བུ། །ཞེས་པ་ལ་སོགས་པ་ཞུས་སོ། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །རང་བཞིན་ཉིད་ནས་དག་པ་དེ། །ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། །སྐད་ཅིག་དྲུག་གིས་རྫོགས་སངས་རྒྱས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །བརྗོད་པ་སྒྲ་ཡི་ཕག་མོ་དེ། །ལོངས་སྤྱོད་སྒྲ་ཡི་ངོ་བོ་ཉིད། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད། །ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མཚོན་པ་བརྡ་ཡི་ཕག་མོ་དེ། །སྤྲུལ་པ་སྐུ་ཡི་ངོ་བོ་ཉིད། །ཟླ་དྲུག་
གོམས་པའི་སྦྱོར་བ་ཡིས། །འགྲུབ་འགྲུར་འདི་ལ་ཐེ་ཚོམ་མེད། །ཅེས་བཀའ་བསྩལ་ཏོ། །དེ་ནས་དུར་ཁྲོད་བདག་མོ་དེས། །དཔའ་བོ་ཆེ་ལ་ཡང་ཞུས་པ། །གང་ཟག་རིགས་ལ་ལྔ་ཡོད་དེ། །གཏི་མུག་ཅན་གྱི་གང་ཟག་དང་། །ཞེ་སྡང་ཅན་གྱི་གང་ཟག་དང་། །འདོད་པ་གཙོར་བྱེད་གང་ཟག་དང་། །ང་རྒྱལ་ཅན་གྱི་གང་ཟག་དང་། །ཕྲག་དོག་ཅན་གྱི་གང་ཟག་ལྔ། །དེ་རྣམས་གང་དང་གང་གིས་གྲོལ། །ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་ཏེ། །གཏི་མུག་ཅན་གྱི་གང་ཟག་ལ། །སྐུ་ཡི་ཕག་མོ་དཀར་མོ་བསྟན། །གཏི་མུག་ཚུལ་གྱིས་གཏི་མུག་འཇོམས། །འདོད་པ་གཙོར་བྱེད་སྐྱེས་བུ་ལ། །གསུང་གི་ཕག་མོ་དམར་མོ་བསྟན། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས། །ཞེ་སྡང་ཅན་གྱི་གང་ཟག་ལ། །ཐུགས་ཀྱི་ཕག་མོ་ནག་མོ་བསྟན། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས། །ང་རྒྱལ་ཅན་གྱི་གང་ཟག་ལ། །ཡོན་ཏན་ཅན་གྱི་ཕག་མོ་བསྟན། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས། །ཕྲག་དོག་ཅན་གྱི་གང་ཟག་ལ། །ཕྲིན་ལས་ཕག་མོ་ལྗང་ཁུ་བསྟན། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས། །དེ་ནས་དུར་ཁྲོད་བདག་མོ་དེས། །ཧེ་རུ་ཀ་ལ་ཚིག་འདི་གསོལ། །དུག་ལྔ་ཤས་ཆེ་གང་ཟག་ལྔ། །འབྲས་བུ་སྐུ་ལྔ་ཇི་ལྟར་ཐོབ། །ཡེ་
ཤེས་ལྔ་ནི་ཇི་ལྟར་སྣང་། །རིགས་ལྔ་ཞེས་ནི་གང་ལ་བགྱི། །ཁྲོ་མོ་ལྔ་ནི་ཇི་ལྟར་བསྒོམ། །འཁོར་ལོ་ལྔ་ནི་ཇི་ལྟར་གནས། །སྙིང་པོ་ལྔ་ནི་ཇི་ལྟར་བཟླས། །དམ་ཚིག་ལྔ་ནི་ཇི་ལྟར་བསྲུང་། །ཉམས་མྱོང་ལྔ་ནི་ཇི་ལྟར་འབྱུང་། །ཉོན་མོངས་ལྔ་ནི་ཇི་ལྟར་འབྱུང་། །ཡེ་ཤེས་ལྔ་ནི་ཇི་ལྟར་འཕེལ། །གྲངས་ཀྱི་ཚད་ནི་ཇི་ལྟར་བཟླ། །མཚན་མའི་རྟགས་ནི་ཇི་ལྟར་འབྱུང་། །དུས་ཀྱི་ཚད་ནི་ཇི་ལྟར་ལགས། །ལས་ཚོགས་རྣམས་ནི་ཇི་ལྟར་འགྲུབ། །ཅེས་ཞུས་སོ། །དེ་ནས་དཔའ་བོ་ཧེ་རུ་ཀས། ཐུགས་རབ་ཏུ་དགྱེས་ཏེ་བརྡའི་ཚིག་འདི་བཀའ་བསྩལ་ཏོ། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །དུག་ལྔ་སྤྱོད་པའི་གང་ཟག་ལྔ། །འབྲས་བུ་རྣམ་པ་ལྔ་ཐོབ་སྟེ། །ཀུན་ལ་ཁྱབ་པ་ཆོས་སྐུ་དང་། །ཐེག་ཆེན་སྤྱོད་པ་ལོངས་སྐུ་དང་། །གང་ལ་གང་འདུལ་སྤྲུལ་སྐུ་དང་། །ཅིས་ཀྱང་མི་ཤིགས་རྡོ་རྗེའི་སྐུ། །ངོ་བོ་ཉིད་ཀྱི་སྐུ་མཆོག་དང་། །སྐྱེ་བ་གཅིག་གིས་ཐོབ་པར་འགྱུར། །རྟོགས་པའི་དོན་ལ་གོམས་པར་བྱེད། །ཚེ་འདི་ཉིད་ལ་སངས་རྒྱས་འཐོབ། །རྫོགས་སངས་རྒྱས་ཀྱིས་རྒྱུད་དུ་བཤད། །འཐོབ་བྱའི་ཡེ་ཤེས་རྣམ་ལྔ་ཡང་། །སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་དང་། །མེ་ལོང་ཡེ་ཤེས་གཟུགས་བརྙན་ལྟར། །བདག་གཞན་གཉིས་མེད་མཉམ་པ་ཉིད། །གསལ་ལ་མ་
འདྲེས་སོ་སོར་རྟོག །ཕྲིན་ལས་མཐར་ཕྱིན་བྱ་བ་གྲུབ། །ཡེ་ཤེས་ལྔ་ནི་དེ་ལྟར་སྐྱེ། །གཞན་ནས་མ་ཡིན་རང་ཉིད་ལའོ། །དུག་ལྔ་སྤྱོད་པའི་གང་ཟག་ལྔ། །རིགས་ནི་རྣམ་པ་ལྔ་ཐོབ་སྟེ། །སྤྲོས་མེད་དེ་བཞིན་གཤེགས་པའི་རིགས། །དགོས་འདོད་འབྱུང་བ་རིན་ཆེན་རིགས། །སྐྱོན་གྱིས་མ་གོས་པདྨའི་རིགས། །སེམས་ཅན་དོན་གྲུབ་ལས་ཀྱི་རིགས། །གཞན་ནས་མ་ཡིན་རང་ཉིད་ལ། །དུག་ལྔ་སྤྱོད་པའི་གང་ཟག་དེ། །ཡེ་ཤེས་ཁྲོ་མོ་ལྔ་བསྒོམས་ནས། །བདེ་བ་སྐྱེ་བ་སྐུ་ཡིན་པས། །བདེ་ཆེན་དཀར་མོ་བསྒོམ་པར་བྱ། །ནུས་པ་འབྱུང་བ་གསུང་ཡིན་པས། །དམར་མོ་སྒྲ་སྒྲོགས་བསྒོམ་པར་བྱ། །རྟོགས་ཚད་འཆར་བ་ཐུགས་ཡིན་པས། །ཁྲོས་མ་ནག་མོ་བསྒོམ་པར་བྱ། །བརྟན་པར་བྱེད་པ་ཡོན་ཏན་ཏེ། །སེར་མོ་དོན་གྲུབ་བསྒོམ་པར་བྱ། །བར་ཆད་སེལ་བ་ཕྲིན་ལས་ཏེ། །སྣ་ཚོགས་མཐར་ཕྱིན་བསྒོམ་པར་བྱ། །རིམ་གྱིས་མ་ཡིན་གཅིག་ཅར་ཡིན། །རྒྱ་དང་འབུར་གྱི་ཚུལ་དུ་བྱ། །ཡིག་འབྲུ་རྣམས་ཀྱི་གནས་ལུགས་ནི། །སྤྱི་གཙུག་བདེ་ཆེན་འཁོར་ལོ་ན། །བདེ་བྱེད་སྐུའི་ཡི་གེ་བཞི། །རང་བཞིན་རྩའི་གཟུགས་ཅན་ནོ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །གསུང་མཆོག་ཡི་གེ་རྣམ་བཞི་ནི། །རང་བཞིན་རྩའི་ཚུལ་དུ་གནས། །སྙིང་
ག་ཆོས་ཀྱི་འཁོར་ལོ་ན། །ཐུགས་མཆོག་ཡི་གེ་རྣམ་བཞི་ནི། །རྩ་ཡི་དབྱིབས་དང་འཐུན་པར་གནས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རྟེན་བྱེད་ཡོན་ཏན་ཡི་གེ་བཞི། །དེ་ཡི་རང་བཞིན་རྩ་ཡི་དབྱིབས། །ཕྲིན་ལས་ཡི་གེ་རྣམ་བཞི་ནི། །ཞི་རྒྱས་དབང་དྲག་ཡི་གེ་བཞི། །ལས་དང་རྗེས་འཐུན་གཟུགས་སུ་གནས། །སྙིང་པོ་ལྔའི་བཟླས་ཐབས་ནི། །ཕྱི་དང་ནང་དང་གསང་བ་དང་། །ཕྲིན་ལས་བཞི་ཡི་ཚུལ་དུ་བཟླས། །དམ་ཚིག་ལྔའི་བསྲུང་ཚུལ་ནི། །བདེ་ཆེན་དཀར་མོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་བསྒོམས། །ཁྲོས་མ་ནག་མོའི་དམ་ཚིག་ཏུ། །དྲག་ཅིང་རྩུབ་པའི་སྤྱོད་པ་བྱ། །སེར་མོ་དོན་གྲུབ་དམ་ཚིག་ཏུ། །དངོས་པོ་ཀུན་ལ་ཆགས་མེད་བྱ། །དམར་མོ་སྒྲ་སྒྲོགས་དམ་ཚིག་ཏུ། །སྨྲ་ཞིང་བུད་མེད་བསྟེན་པར་བྱ། །སྣ་ཚོགས་མཐར་ཕྱིན་དམ་ཚིག་ཏུ། །འཁྱུད་ཅིང་མཆོད་པའི་སྤྱོད་པ་བྱ། །མཁའ་འགྲོ་སྤྱིའི་དམ་ཚིག་ཏུ། །བདུད་རྩི་ལྔ་དང་ཤ་ལྔ་ལ། །རྟག་ཏུ་ལོངས་སྤྱོད་བྱ་བ་ནི། །བཟའ་བའི་དམ་ཚིག་རྣམ་ལྔ་སྟེ། །གསང་སྔགས་སྤྱོད་པས་བསྟེན་པར་བྱ། །དེ་ནས་ཉམས་དང་བྱིན་རླབས་ཀྱིི། །གོ་རིམ་སྐྱེ་ཚུལ་འདི་ལྟ་སྟེ། །དམིགས་པ་མེད་པའི་སྙིང་རྗེ་སྐྱེ། །སངས་རྒྱས་མཁའ་འགྲོའི་ཉམས་མྱོང་ཡིན། །ཆོས་རྣམས་གཟུགས་
བརྙན་ལྟར་མཐོང་བ། །རྡོ་རྗེ་མཁའ་འགྲོའི་ཉམས་མྱོང་ཡིན། །ཐམས་ཅད་མཉམ་པ་ཉིད་སྐྱེ་བ། །རིན་ཆེན་མཁའ་འགྲོའི་ཉམས་མྱོང་ཡིན། །ཆོས་རྣམས་མ་འདྲེས་སོ་སོར་གསལ། །པདྨ་མཁའ་འགྲོའི་ཉམས་མྱོང་ཡིན། །དངོས་པོ་གང་ལའང་ཐོགས་མེད་པ། །ལས་ཀྱི་མཁའ་འགྲོའི་ཉམས་མྱོང་ཡིན། །ཉོན་མོངས་ལྔ་ཡི་འགྱུར་ལུགས་ནི། །གཏི་མུག་ཆོས་ཀྱི་དབྱིངས་སུ་འགྱུར། །ཞེ་སྡང་མེ་ལོང་ཡེ་ཤེས་འགྱུར། །ང་རྒྱལ་མཉམ་པ་ཉིད་ཀྱིར་འགྱུར། །འདོད་ཆགས་སོ་སོར་རྟོག་པར་འགྱུར། །ཕྲག་དོག་བྱ་བ་ནན་ཏན་འགྱུར། །དེ་ནས་འགྱུར་བ་ལམ་དུ་བྱེད། །དེ་ནས་གཞན་ཡང་བཤད་བྱ་སྟེ། །སྐུ་ཡི་ཡི་གེ་རྣམ་བཞི་ཡིས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འཕེལ། །གསུང་གི་ཡི་གེ་རྣམ་བཞི་ཡིས། །སོ་སོར་རྟོགས་པའི་ཡེ་ཤེས་འཕེལ། །ཐུགས་ཀྱི་ཡི་གེ་རྣམ་བཞི་ཡིས། །མེ་ལོང་ལྟ་བུའི་ཡེ་ཤེས་འཕེལ། །ཡོན་ཏན་ཡི་གེ་རྣམ་བཞི་ཡིས། །མཉམ་པ་ཉིད་ཀྱི་ཡེ་ཤེས་འཕེལ། །ཕྲིན་ལས་ཡི་གེ་རྣམ་བཞི་ཡིས། །བྱ་བ་གྲུབ་པའི་ཡེ་ཤེས་འཕེལ། །ཨཱ་ལི་དང་ནི་ཀཱ་ལི་ཡིས། །སྒྲ་དོན་དག་ནི་རྟོགས་པར་འགྱུར། །ཞེས་སོ། །དེ་ནས་གསང་བ་བཤད་བྱ་སྟེ། །གྲངས་ཀྱི་ཚད་ནི་འདི་ལྟ་སྟེ། །འབུམ་ཕྲག་གཅིག་གིས་བགེགས་རྣམས་
སྐྲོད། །འབུམ་ཕྲག་གཉིས་ཀྱིས་གྲོང་ཁྱེར་སྐྲོད། །འབུམ་ཕྲག་གསུམ་གྱིས་རྒྱལ་པོ་འཇོམས། །འབུམ་ཕྲག་བཞི་པས་བུད་མེད་འགུགས། །འབུམ་ཕྲག་ལྔ་ཡིས་ཕྱོགས་རྣམས་བསྲེག །འབུམ་ཕྲག་དྲུག་གིས་འབྱུང་བ་བཟློག །འབུམ་ཕྲག་བདུན་གྱིས་གནས་ཁང་གཡོ། །འབུམ་ཕྲག་བརྒྱད་ཀྱིས་མངོན་ཤེས་འཆར། །འབུམ་ཕྲག་དགུ་ཡིས་ཟས་ནོར་འདུ། །འབུམ་ཕྲག་བཅུ་ཡིས་གང་འདོད་འགྲུབ། །དེ་ནས་གསང་བ་བཤད་བྱ་སྟེ། །མཚན་ལྟས་རབ་འབྲིང་ཐ་མ་གསུམ། །སྐལ་དང་ལྡན་པའི་གང་ཟག་ལ། །ཡེ་ཤེས་ཁྲོ་མོ་རྣམ་པ་ལྔ། །མངོན་སུམ་དག་ཏུ་མཐོང་བར་འགྱུར། །དབང་པོ་རབ་ཀྱི་སྣང་བ་སྟེ། །ལས་འཕྲོ་ཅན་གྱི་སྣང་བ་ཡིན། །སྐལ་པ་འབྲིང་གི་གང་ཟག་ལ། །ཡེ་ཤེས་ཁྲོ་མོ་རྣམ་པ་ལྔ། །རང་གི་ལས་དང་གང་མཐུན་པར། །རྨི་ལམ་དག་ཏུ་མཆོག་ཏུ་གསལ། །སྐལ་པ་འབྲིང་གི་མཚན་ལྟས་ཡིན། །སྐལ་པ་དམན་པའི་གང་ཟག་ལ། །ཚུལ་བཞིན་བྲིས་པའི་ཐང་སྐུ་སྟེ། །འོད་དང་སྒྲ་དང་འཛུམ་པ་དང་། །མཁའ་འགྲོའི་ལུང་བསྟན་འབྱུང་བ་དང་། །སྐྱེ་བ་འདི་ལ་ངེས་པར་འགྲུབ། །སྦྱོར་བ་དམན་པའི་གང་ཟག་ལ། །བར་མ་དོ་ནས་ལམ་སྣ་འདྲེན། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དུས་ཀྱི་ཚད་ནི་རྣམ་གསུམ་སྟེ། །རབ་ལ་སྐད་
ཅིག་རྣམ་དྲུག་ཡིན། །འབྲིང་ལ་ཟླ་བ་དྲུག་གིས་གྲོལ། །ཐ་མ་ལོ་དྲུག་སྦྱར་བའོ། །ཕྱི་དང་ནང་དང་གསང་བ་གསུམ། །རྣམ་པ་གསུམ་དུ་ཤེས་པར་བྱ། །ལས་ཚོགས་རང་བཞིན་དབྱེ་བ་ནི། །རྒྱས་དང་བསྡུས་པ་ཤིན་དུ་རྒྱས། །རྣམ་པ་གསུམ་དུ་ཤེས་པར་བྱ། །བསྡུས་པ་ཚར་གཅད་རྗེས་གཟུང་གཉིས། །རྒྱས་པ་ཕྲིན་ལས་རྣམ་པ་བཞི། །ཤིན་ཏུ་རྒྱས་པ་ཐུན་མོང་བརྒྱད། །དེ་ལས་འཕྲོས་པ་ཉི་ཤུ་ལྔ། །བདེ་ཆེན་དཀར་མོའི་ཏིང་འཛིན་གྱིས། །ཞི་བའི་ལས་ཚོགས་རྣམ་ལྔ་འགྲུབ། །སེར་མོ་དོན་གྲུབ་ཏིང་འཛིན་གྱིས། །རྒྱས་པའི་ལས་ཚོགས་རྣམ་ལྔ་འགྲུབ། །དམར་མོ་སྒྲ་སྒྲོགས་ཏིང་འཛིན་གྱིས། །དབང་གི་ལས་ཚོགས་རྣམ་ལྔ་འགྲུབ། །ཁྲོས་མ་ནག་མོའི་ཏིང་འཛིན་གྱིས། །དྲག་པོའི་ལས་ཚོགས་རྣམ་ལྔ་འགྲུབ། །སྣ་ཚོགས་མཐར་ཕྱིན་ཏིང་འཛིན་གྱིས། །ཕྲིན་ལས་བཞི་ཡི་ལས་རྣམས་འགྲུབ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་འབྲས་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས། །སྟོན་པ་མཚན་ཉིད་བཞི་ལྡན་ལ། །ཕྱི་ནང་གསང་བའི་མཆོད་པ་འདི་ཕུལ་ནས་འདི་སྐད་ཞུས་ཏེ། སྐལ་བར་ལྡན་པའི་གང་ཟག་གིས། །
བདག་དང་གཞན་ལ་ཕན་གདགས་ཕྱིར། །སྐུ་དང་མཆོད་རྟེན་ཇི་ལྟར་བགྱི། །དེ་ཡི་གོ་རིམ་བཤད་དུ་གསོལ། །ཞེས་ཞུས་པའོ། །དེ་ནས་སྟོན་པས་བཀའ་སྩལ་ཏེ། །ཉོན་ཅིག་དུར་ཁྲོད་བདག་མོ་ཁྱོད། །རིགས་ཅན་ལྔའི་གང་ཟག་དེས། །བདག་དོན་གཞན་དོན་བྱེད་འདོད་པས། །སྐུ་ལྔ་གདུང་ལྔ་མཆོད་རྟེན་ལྔ། །རྒྱུ་ལྔ་སྔགས་ལྔ་ལས་རིམ་ལྔ། །ལྔ་ཚན་ལྔ་རུ་ཤེས་པར་བྱ། །དེ་ཡི་བྱ་བའི་རིམ་པ་ནི། །དེ་ཉིད་གསུམ་དང་ལྡན་པར་བྱ། །དང་པོ་བདག་གི་དེ་ཉིད་དང་། །གཉིས་པ་རྒྱུ་ཡི་དེ་ཉིད་དང་། །གསུམ་པ་འབྲས་བུའི་དེ་ཉིད་དོ། །དང་པོ་བདག་གི་དེ་ཉིད་ནི། །དེ་བཞིན་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་འདེབས་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་དཀར་ཞིང་སྣུམ་པ་ལ། །རིན་ཆེན་སྣ་ལྔ་ལ་སོགས་པའི། །ལྔ་ཚན་ལྔ་ནི་ལེགས་སྦྱར་ཏེ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་དང་མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ནས་མངའ་གསོལ་ན་བཟའ་གསོལ། །དེ་ལ་མཆོད་དང་བསྟོད་པ་བྱ། །བཞུགས་སུ་གསོལ་བའི་རིམ་པ་ནི། །དམ་
ཆོས་གཞན་དང་མཐུན་པར་བྱ། །ཞི་བའི་ལས་རྣམས་འགྲུབ་པར་འགྱུར། །དང་པོ་བདག་གི་དེ་ཉིད་ནི། །རིན་ཆེན་རིགས་ཀྱི་གང་ཟག་དེས། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་འམ་མཆོད་རྟེན་འདེབས་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་སེར་ལ་འཚེར་བ་ལ། །གོང་དུ་བསྟན་པ་ཇི་ལྟ་བར། །སྐུ་དང་མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ནས། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་པ་བཞུགས་པ་རྣམས། །དམ་ཆོས་གཞན་དང་མཐུན་པར་བྱ། །རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར། །དང་པོ་བདག་གི་དེ་ཉིད་ནི། །པད་མ་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་བྱེད་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་དམར་ལ་གདང་བ་ལ། །ལྔ་ཚན་ལྔ་དང་ལེགས་སྦྱར་ཏེ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་དང་མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་
གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་དང་གཞུགས་པ་ཀུན། །དམ་ཆོས་གཞན་དང་མཐུན་པར་བྱ། །དབང་གི་ལས་རྣམས་འགྲུབ་པར་འགྱུར། །དང་པོ་བདག་གི་དེ་ཉིད་ནི། །རྡོ་རྗེ་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་འདེབས་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་གནག་ཅིང་རྩུབ་པ་ལ། །ཁྲག་དང་དུག་དང་ཚེར་མ་དང་། །ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །ལྔ་ཚན་ལྔ་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་སྦྱོར་བ་ཡིས། །སྐུ་དང་མཆོད་རྟེན་ཅི་རིགས་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་པ་བཞུགས་པ་ཀུན། །དམ་ཆོས་གཞན་དང་མཐུན་པར་བྱ། །དྲག་པོའི་ལས་རྣམས་འགྲུབ་པར་བྱེད། །དང་པོ་བདག་གི་དེ་ཉིད་ནི། །ལས་ཀྱི་རིགས་ཀྱི་གང་ཟག་དེ། །དད་དང་བརྩོན་འགྲུས་རབ་ལྡན་པས། །སྐུ་དང་མཆོད་རྟེན་འདེབས་དུས་སུ། །འདུ་ཤེས་གསུམ་དང་ལྡན་པར་བྱ། །གཉིས་པ་རྒྱུ་ཡི་དེ་ཉིད་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ས་གཞི་ལྗང་ཞིང་ཁ་དོག་སེར། །གོང་དུ་ལྔ་ཚན་ལྔ་དང་སྦྱར། །དེ་
ལ་སྐུ་དང་མཆོད་རྟེན་རྣམས། །ཇི་ལྟར་ནུས་པ་བཞིན་དུ་གདབ། །འོག་མིན་གནས་ནས་སྤྱན་དྲངས་ལ། །རབ་ཏུ་གནས་པ་གཞུང་བཞིན་བྱ། །དེ་ལ་མངའ་གསོལ་ན་བཟའ་གསོལ། །མཆོད་དང་བསྟོད་པ་བཞུགས་པ་རྣམས། །དམ་ཆོས་གཞན་དང་མཐུན་པར་བྱ། །དྲག་པོའི་ལས་རྣམས་འགྲུབ་པར་འགྱུར། །བསྟོད་པ་ལྔ་ནི་སོ་སོར་བསྟོད། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་སྐུ་དང་མཆོད་རྟེན་གདབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས་སྟོན་པ་མཚན་ཉིད་བཞི་ལྡན་ལ་ཕྱི་ནང་གསང་བའི་མཆོད་པ་གསུམ་ཕུལ་ནས་འདི་སྐད་ཞུས་སོ། །ཀྱེ་ཀྱེ་མགོན་པོ་བདག་ལ་གསོན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་། །རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་གིས། །དུས་གསུམ་ཀུན་ཏུ་སྡུག་བསྔལ་བསྐྱེད། །དེ་ཡི་གཉེན་པོ་བཤད་དུ་གསོལ། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །རྒྱུ་ནི་མ་རིག་པ་ཡིས་བསྐྱེད། །རྐྱེན་ནི་རྣམ་པར་རྟོག་པ་སྟེ། །དེ་རྣམས་རྣམ་རྟོག་ཇི་ལྟར་བསལ། །ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ། །དེ་ཡི་རྟོག་པ་གཅད་པར་ཞུ། །ལེགས་ཉེས་
ཀུན་གྱི་སྟངས་གཅོད་པའི། །མནའ་དང་གལ་གྱིས་འཇིགས་པ་ལ། །དེ་ཡི་རྟོག་པ་གཅད་པར་ཞུ། །ཉོན་མོངས་ནད་ཀྱིས་ཉེན་པ་ལ། །དེ་ལས་ཐར་པའི་ཐབས་གཅིག་ཞུ། །བདག་གཞན་གཉིས་པོ་རྩོད་དུས་སུ། །དེ་ལས་རྒྱལ་བའི་ཐབས་གཅིག་ཞུ། །ལུས་སེམས་གཉིས་པོ་འབྲལ་དུས་དེར། །དེ་ལས་ཐར་པའི་ཐབས་གཅིག་ཞུ། །དེ་ནས་སྟོན་པས་ཚིག་འདི་སྐད་ཅེས་བཀའ་བསྩལ་ཏོ། །རྒྱུ་འབྲས་ཀུན་ཏུ་སྡུག་བསྔལ་བ། །མ་ལུས་དབྱེར་མེད་ཤེས་གྱུར་ན། །སྡུག་བསྔལ་མ་ལུས་བདེ་བར་འགྱུར། །གཞན་ཡང་ཐུན་མོང་འདི་ལྟ་སྟེ། །ཕྱོགས་ངན་ལ་སོགས་འགྲོ་བའི་ཚེ། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱ། །ཉེས་ལེགས་ཀུན་གྱི་སྟངས་གཅོད་པ། །མནའ་འམ་གལ་གྱིས་འཇིགས་པ་ལ། །མནའ་ལས་རྣམ་པར་རྒྱལ་བར་བྱ། །ནད་དང་གདོན་གྱིས་ཉེན་པ་ལ། །བགེགས་ལས་རྣམ་པར་རྒྱལ་བར་བྱ། །བདག་གཞན་གཉིས་པོ་རྩོད་པ་ལ། །ངག་ལས་རྣམ་པར་རྒྱལ་བར་བྱ། །ལུས་སེམས་གཉིས་པོ་འབྲལ་དུས་དེར། །རླུང་ལས་རྣམ་པར་རྒྱལ་བར་བྱ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྣམ་པར་རྒྱལ་བ་རྣམ་པ་ལྔའི་ལེའུ་སྟེ་བཅུ་པའོ།། །།དེ་
ནས་མགོན་པོ་ཧེ་རུ་ཀས་འཁོར་རྣམས་ལ་དེ་སྐད་ཅེས་བཀའ་བསྩལ་པ་དང་། གསང་སྔགས་ཀྱི་སྡུད་པ་མོ་རབ་ཏུ་དགའ་སྟེ། འཁོར་རྣམས་འདུས་པའི་ཚོགས་ཀྱིས་ཀྱང་དེ་ལྟར་དགའ་མགུ་ཡི་རངས་ཏེ། ཕྱི་ནང་གསང་བའི་མཆོད་པ་ཕུལ་ནས། མགོན་པོ་ཐུགས་རྗེ་དང་ལྡན་པས། །བདག་དང་འདུས་པའི་འཁོར་རྣམས་དང་། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེས་གནང་བ་བཀའ་དྲིན་ལགས། །ཞེས་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་རྫོགས་སོ།། །།དུར་ཁྲོད་བདག་མོས་གསོལ་པ། ལྷ་མོ་རྣམས་ཀྱི་སྐུ་མདོག་ནི། །ཇི་ལྟར་ཤེས་ན་གྲོལ་བར་འགྱུར། །ཕག་མོ་ཞེས་བྱ་གང་ལ་བྱ། །ཡི་གེའི་དོན་ནི་གང་ལ་བསྐྱལ། །བསྐྱེད་རྫོགས་ངོ་བོ་གང་ལ་བྱ། །དཔའ་བོ་ཧེ་རུ་ཀས་བཀའ་བསྩལ་པ། ཉོན་ཅིག་དུར་ཁྲོད་ཕག་མོ་ཁྱོད། །ཉེས་པའི་སྐྱོན་གྱིས་མ་གོས་པ། །དཀར་ཞིང་སྤྲོས་བྲལ་ཞི་བར་བྱེད། །མ་ཆགས་སྐྱོན་གྱིས་མ་གོས་པ། །དམར་ལ་གདང་བ་སྒྲ་སྒྲོགས་ཡུམ། །སྐྱོན་མེད་
སེམས་ཉིད་རང་དབང་འདུས། །གཉེན་པོ་གཅིག་ཀྱང་མི་འགྱུར་བས། །ཁྲོས་མ་ནམ་མཁའི་ཁ་དོག་བཞིན། །མི་འགྱུར་རང་སེམས་དབྱིངས་སུ་གྲོལ། །ཆེ་བ་ཡེ་ཤེས་ལྔ་རྒྱས་པ། །སེར་མོ་སྐྱོན་མེད་དོན་གྲུབ་མ། །ངོ་བོ་རྒྱལ་ལ་གཡོ་དང་བྲལ། །སྣ་ཚོགས་སྐྱོན་གྱིས་མ་གོས་པས། །ཨིནྡྲ་ནཱི་ལའི་མཐར་བྱིན་མ། །སྣ་ཚོགས་ངོ་བོ་གཅིག་ཏུ་འདུས། །རྣམ་པ་གང་ཡང་འགྱུར་བ་མེད། །ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད། །རྣམ་རྟོག་ཅིས་ཀྱང་མ་གོས་པས། །ཕག་ཅེས་བྱ་བ་རྟོག་མེད་ཡིན། །དབྱིངས་ཉིད་རྟོག་པ་སྤྲོས་བྲལ་བས། །མོ་ཞེས་བྱ་བ་དབྱིངས་སུ་ཐིམ། །དེ་ལ་ཕྱེ་ན་རྣམ་པ་གསུམ། །དམ་ཆོས་སྐྱེ་མེད་ཕག་མོ་ནི། །སྐྱེ་འགག་མེད་པས་ཆོས་སྐུ་ཡིན། །བརྗོད་པ་སྒྲ་ཡི་ཕག་མོ་ནི། །ཕག་ནི་ཀཱ་ལི་ཐབས་ཡིན་ལ། །མོ་ནི་ཨཱ་ལི་ལོངས་སྐུར་འདོད། །མཚོན་པ་དབྱིངས་ཀྱི་ཕག་མོ་ནི། །སྟོང་ཉིད་མཚོན་པའི་སྐུ་མདོག་ལ། །རྟོག་མེད་སྙིང་རྗེ་ཕག་གི་གདོང་། །ཐབས་དང་ཤེས་རབ་ཕག་མོ་ལ། །བདེ་སྟོང་སྐྱོན་བྲལ་གཅེར་བུ་ནི། །རྟོག་པ་མེད་པས་སྤྲུལ་སྐུའོ། །ཡིག་འབྲུ་གསལ་ལ་མི་རྟོག་པས། །ཐིམ་པ་ན་ཡང་ཅང་ཏེའུ། །སྣང་སྟོང་མཐའ་དང་བྲལ་བའོ། །བསྐྱེད་རྫོགས་ངོ་བོ་དབྱེར་མེད་པས། །མཚོན་པ་སྣང་བ་སྟོང་པའི་ངང་། །དེ་ཉིད་སྣང་བའི་ངོ་
བོ་ཉིད། །དབྱེར་མེད་ཟུང་འཇུག་ཁས་ལེན་བྲལ། །གཅིག་ལ་གཅིག་རྒྱས་གདབ་པར་བྱ། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྒྱུད་ཕྱི་མ་བསྐྱེད་རིམ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་དུར་ཁྲོད་བདག་མོ་དེས་དཔའ་བོ་ཆེན་པོ་ལ་འཛུམ་པ་དང་བཅས་ནས་ཞུས་པ། གསང་སྔགས་རྣམས་ཀྱི་སྔགས་ནི་གང་། །བཟླས་པར་བྱ་བའི་ཡི་གེ་གང་། །འཁོར་ལོ་རྣམ་བཞི་དགོད་པ་གང་། །ཞེས་ཞུས་པས། ཧེ་རུ་ཀས་བཀའ་བསྩལ་པ། དུར་ཁྲོད་བདག་མོས་གུས་པར་གྱིས། །གསང་སྔགས་རྣམས་ཀྱི་ཡི་གེ་ནི། །ཐམས་ཅད་བྱེད་པ་ཡི་གེ་ཨོཾ། །དགྱེས་པ་སྐུ་ཡི་ཡི་གེ་ནི། །བཛྲ་ཝཱ་ར་ཧི་ཞེས་འབྱུང་། །ནུས་པ་འབྱུང་བ་གསུང་གི་ཀྲོ་ཏཱ་ཀཱ་ལི། རྟོགས་པ་ཐུགས་ནི་ཧ་རི་ས། །ཡོན་ཏན་འབྱུང་བ་ཨ་བེ་ཤ་ཡ། ཕྲིན་ལས་མཛད་པ་ཨེ་ཝཾ་མ་ཡ། དེ་ལས་གཞན་ཡང་འདི་ལྟ་སྟེ། །འཁོར་ལོ་ལྔ་ཡི་དབུས་ཉིད་དུ། །ཡི་གེ་བཞི་པས་རྒྱས་བཏབ་ནས། །བཟླས་པ་ཕྱི་ནང་གསང་བ་གསུམ། །ཞི་བ་ཕྱི་ཡི་བཟླས་པ་ནི། །ཡིག་འབྲུ་རྣམས་ནི་ཁ་དོག་དཀར། །དེ་ལས་འོད་ཟེར་དཀར་པོ་འཕྲོས། །ཉོན་མོངས་
ཤེས་བྱའི་སྒྲིབ་པ་ཀུན། །བ་སྤུའི་སྒོ་ནས་བསྟན་པ་ཡིས། །སེམས་ཅན་ཀུན་ལ་ཕོག་པས་ཀྱང་། །སྒྲིབ་པ་ཐམས་ཅད་དག་པར་བསམ། །དེ་བཞིན་གཤེགས་ལ་ཕོག་པས་ཀྱང་། །མཉེས་པའི་མཆོད་པ་ཕུལ་བས་སོ། །བདག་ལ་སླར་ཐིམ་ཞི་བ་འགྲུབ། །རྒྱས་པ་སེར་པོ་འཕྲོ་འདུ་ཡིས། །གོང་བཞིན་སྤྲོ་བསྡུ་ཤེས་པར་བྱ། །དམར་པོ་དབང་གི་འཕྲོ་འདུ་བྱ། །དྲག་པོ་ནག་པོའི་འཕྲོ་འདུ་བྱ། །སྣ་ཚོགས་འཕྲོས་པས་ཕྲིན་ལས་བཞིའི། །དངོས་གྲུབ་ཐམས་ཅད་འགྲུབ་པ་ཡིན། །ནང་དང་གསང་བའི་བཟླས་པ་ཡང་། །གོང་བཞིན་སྤྲོ་བསྡུ་ཤེས་པར་བྱ། །དུར་ཁྲོད་ཕག་མོས་ཡང་གསོལ་པ། །ཟད་ཅིང་འཕེལ་བར་བྱེད་པ་གང་། །མཐར་ཐུག་པ་ཡི་ཡི་གེ་གང་། །ཞེས་ཞུས་སོ། །དཔའ་བོ་ཆེན་པོས་ཡང་གསུངས་པ། །གཏི་མུག་ཟད་བྱེད་ཨ་ཡིན་ཏེ། །ཧས་ནི་ཞེ་སྡང་ཟད་པར་བྱེད། །ང་རྒྱལ་ཟད་བྱེད་རི་ཡིན་ཏེ། །ནི་ཡིས་འདོད་ཆགས་ཟད་པར་བྱེད། །ཕྲག་དོག་ཟད་བྱེད་ས་ཡིན་ནོ། །ཨ་ནི་ཆོས་དབྱིངས་ཡེ་ཤེས་འཕེལ། །ཧ་ནི་མེ་ལོང་ཡེ་ཤེས་འཕེལ། །རི་ཡིས་མཉམ་ཉིད་ཡེ་ཤེས་འཕེལ། །ནི་ཡིས་སོ་སོར་རྟོག་བྱེད་འཕེལ། །ས་ཡི་བྱ་གྲུབ་ཡེ་ཤེས་འཕེལ། །ཨ་ནི་སངས་རྒྱས་མཁའ་འགྲོར་སྣང་། །ཧ་ནི་རྡོ་རྗེ་མཁའ་འགྲོར་སྣང་། །རི་ནི་རིན་ཆེན་མཁའ་
འགྲོར་སྣང་། །ནི་ཡིས་པད་མ་མཁའ་འགྲོར་སྣང་། །ས་ཡིས་ལས་ཀྱི་མཁའ་འགྲོར་སྣང་། །ཨས་ནི་དེ་བཞིན་རིགས་ཐོབ་སྟེ། །ཧས་ནི་རྡོ་རྗེའི་རིགས་ཆེན་ཐོབ། །རི་ནི་རིན་ཆེན་རིགས་ཐོབ་སྟེ། །ནི་ཡིས་པད་མའི་རིགས་ཐོབ་བོ། །ས་ནི་ལས་ཀྱི་རིགས་ཆེན་ཐོབ། །ཆོས་སྐུའི་མཐར་ཐུག་ཨ་ཡིན་ཏེ། །ལོངས་སྐུའི་རྣམ་པ་ཡི་གེ་ཧ། །སྤྲུལ་པ་སྐུ་ནི་རི་ཡིན་ནོ། །ངོ་བོ་ཉིད་སྐུའི་ཡི་གེ་ནི། །རྡོ་རྗེའི་སྐུ་ནི་ཡི་གེ་ས། །ཞེས་གསུངས་སོ། །དུར་ཁྲོད་བདག་མོས་ཡང་ཞུས་པ། །དབང་པོ་རབ་འབྲིང་རིམ་པ་ཡིས། །ཇི་ལྟར་ཤེས་ན་གྲོལ་བར་འགྱུར། །དཔའ་བོ་ཆེན་པོས་ཡང་གསུངས་པ། །དབང་པོ་རབ་འབྲིང་གསུམ་ཡིན་ཏེ། །དབང་པོ་རབ་ཀྱི་གང་ཟག་ལ། །སྐད་ཅིག་དྲུག་གི་གདམས་ངག་བསྟན། །ཡེ་ཤེས་སྐད་ཅིག་དང་པོ་ཡིས། །གཟུང་བའི་རྣམ་པར་རྟོག་པ་གཅད། །སྐད་ཅིག་གཉིས་པའི་ཡེ་ཤེས་ཀྱིས། །འཛིན་པའི་རྣམ་པར་རྟོག་པ་གཅད། །སྐད་ཅིག་གསུམ་པའི་ཡེ་ཤེས་ཀྱིས། །གཟུང་འཛིན་གཉིས་ཀྱི་རྟོག་པ་གཅད། །སྐད་ཅིག་བཞི་པའི་ཡེ་ཤེས་ཀྱིས། །ཉམས་ལ་ཞེན་པའི་རྣམ་རྟོག་གཅད། །སྐད་ཅིག་ལྔ་པའི་ཡེ་ཤེས་ཀྱིས། །ཉམས་མྱོང་བདེ་བའི་རྣམ་རྟོག་གཅད། །སྐད་ཅིག་དྲུག་པའི་ཡེ་ཤེས་ཀྱིས། །ཡིད་ལ་བྱེད་པའི་རྣམ་རྟོག་
གཅད། །གྲོལ་འགྱུར་རབ་ལ་ཐེ་ཚོམ་མེད། །དབང་པོ་འབྲིང་པོའི་གང་ཟག་ལ། །རླུང་དྲུག་མན་ངག་བསྟན་པ་ནི། །ལྷན་ཅིག་སྐྱེས་པའི་རླུང་གོམས་པས། །རང་བཞིན་སྒྲིབ་པ་སེལ་བར་བྱེད། །ཐད་ཀར་འབྱུང་བའི་རླུང་གོམས་པས། །མཚན་མོ་ལྟ་བུའི་སྒྲིབ་པ་སེལ། །རང་ལས་སྐྱེས་པའི་རླུང་གོམས་པས། །ཆོད་པའི་སྒྲིབ་པ་སེལ་བར་བྱེད། །སྤོང་བྱེད་རླུང་ལ་གོམས་པ་ཡིས། །སྔོན་དུ་རྒྱུ་བའི་སྒྲིབ་པ་སེལ། །སྦྱོང་བྱེད་རླུང་ལ་གོམས་པ་ཡིས། །ཤེས་བྱའི་སྒྲིབ་པ་སེལ་བར་བྱེད། །རྫོགས་བྱེད་རླུང་ལ་གོམས་པ་ཡིས། །ས་རྣམས་རིམ་གྱིས་གནོན་པར་བྱེད། །ཡེ་ཤེས་རྣམས་ནི་དུས་གཅིག་འཆར། །ཤེས་བྱ་ཐམས་ཅད་དུས་གཅིག་ཆོད། །རླུང་དྲུག་མ་ཡིན་ཡེ་ཤེས་ཡིན། །མུན་པ་རྣམས་ནི་བསྒྲིབས་པ་ཡིས། །ཡེ་ཤེས་རིམ་གྱིས་སྐྱེ་བ་དང་། །སྒྲིབ་པ་རིམ་གྱིས་སེལ་བར་བྱེད། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །དབང་པོ་ཐ་མའི་གང་ཟག་ལ། །ཡུལ་ནི་དག་པའི་སངས་རྒྱས་ཞིང་། །ལུས་དག་པ་ནི་དཀྱིལ་འཁོར་ཡིན། །རང་སེམས་དག་པ་ཕག་མོའི་སྐུ། །ངག་དག་པ་ནི་སྔགས་སུ་གསུངས། །ལྟ་སྒོམ་དག་པ་དངོས་གྲུབ་ཡིན། །དཔེ་དོན་གཉིས་སུ་མེད་པ་གང་། །སྐལ་མེད་དངོས་གྲུབ་མི་འབྱུང་བས། །ལོ་དྲུག་བསྒོམས་ན་ཐེ་ཚོམ་མེད། །ཅེས་
གསུངས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས་རྒྱུད་ཕྱི་མ་རྫོགས་རིམ་བསྟན་པའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།པཎྜི་ཏ་གཱ་ཡ་དྷ་རའི་ཞལ་སྔ་ནས། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ། །
དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད།
༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་བཞུགས་སོ། །
རྒྱ་གར་སྐད་དུ། ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀྲོ་དྷ་ནཱ་ཐ་ར་ཧ་སྱ་སིདྡྷི་བྷ་བ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་ཀུན་མཁྱེན་པའི། །ཡེ་ཤེས་མངོན་པར་མཁྱེན་པ་ཡིས། །བདུད་ཀྱི་དཀྱིལ་འཁོར་འཇོམས་བྱེད་པའི། །བཀའ་ཡི་འཁོར་ལོ་བཤད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐོགས་པ་མེད་ཅིང་གདོན་མི་ཟ་བ་བདེ་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཇི་སྲིད་འཁོར་བའི་གནས་སུ་ནི། །ཀུན་མཁྱེན་བདེ་གཤེགས་བཞུགས་གྱུར་པ། །མྱ་ངན་འདའ་བར་མི་མཛད་ཅིང༌། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །རྒྱུན་མི་འཆད་པར་
འགྲོ་བ་ཀུན། །སྲིད་པའི་ཞགས་པས་འཇིགས་མེད་པར། །བྱམས་པའི་ཐུགས་ཀྱི་བརྩོན་འགྲུས་ཀྱིས། །རྟག་ཏུ་སེམས་ཅན་དོན་རྣམས་མཛད། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །སྨོན་ལམ་རྣམ་པར་སྦྱོང་བྱེད་ཅིང་། །སྙིང་རྗེས་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོས་སྲིད་པ་སྦྱོང་བར་མཛད། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །འདི་ནི་རྒྱུད་རྣམས་ཀུན་ཏུ་ཡང༌། །ཀླ་ཀློའི་སྐད་ཀྱིས་སྦས་པ་སྟེ། །འཁོར་བའི་སྡུག་བསྔལ་འཇོམས་པ་པོ། །རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །མྱུར་དུ་དངོས་གྲུབ་སྟེར་བྱེད་པ། །འཕྲལ་དུ་ཡང་དག་ཡིད་ཆེས་བྱེད། །བསམ་པ་གང་དང་གང་དག་གིས། །མི་རྣམས་སེམས་དང་མཐུན་པར་འཇུག །དེ་དང་དེ་ཡི་གཟུགས་སྤྲུལ་ཏེ། །སྣ་ཚོགས་གཡོགས་ཏེ་བདེ་
བར་བཞུགས། །དེ་ཕྱིར་འབད་པ་དུ་མ་ཡིས། །སྣ་ཚོགས་ཚུལ་གྱིས་མཐུན་པར་བྱ། །བདག་ཉིད་སངས་རྒྱས་ཧེ་རུ་ཀ །དཔའ་བོ་རྣལ་འབྱོར་མ་ཚོགས་ཅན། །རང་གི་ལྷ་ཡི་རབ་སྦྱོར་བས། །བདག་ཉིད་ཡེ་ཤེས་མཆོག་འགྲུབ་འགྱུར། །འདི་ཡིས་རྒྱལ་བ་རྒྱ་མཚོ་དང༌། །དཀྱིལ་འཁོར་པ་དང་ཞིང་སྐྱོང་ཚོགས། །གདོད་ནས་གྲུབ་པའི་དུར་ཁྲོད་གནས། །མཁའ་འགྲོའི་དབང་ཕྱུག་མགོན་པོ་ཆེ། །སྐུ་གསུང་ཐུགས་དང་ཕྲིན་ལས་ཚོགས། །ཡེ་ཤེས་ཡོན་ཏན་རིགས་ཀྱི་ལྷ། །ནག་པོ་ཆེན་པོ་འཁོར་དང་བཅས། །ལྷ་མོ་ཆེན་མོ་བཀའ་འབངས་བཅས། །རྡོ་རྗེ་འཛིན་པས་དུས་ཀུན་ཏུ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཕྱི་ནང་གསང་བའི་མགོན་པོ་ཆེ། །བདེ་བ་ཆེན་པོའི་རོལ་པ་ཡིས། །ཡེ་ཤེས་གསང་བ་བསམ་མི་ཁྱབ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པོ་ནི་མ་ལུས་པ། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡིས། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་ཐོས་ལ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུར་འཆར། །གང་གིས་སྐྱེ་བོ་འཆིང་གྱུར་པ། །དེ་ཉིད་ཡོངས་ཤེས་རྣམ་པར་གྲོལ། །
ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་བདེ་བ་ཆེན་པོར་བསྒྱུར། །ཉོན་མོངས་མེད་ན་ཡེ་ཤེས་མེད། །ཉན་རང་བྱང་ཆུབ་ལམ་ལས་རིང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །འབྱུང་བ་བཞི་ལ་སོགས་པ་རྣམས། །ཐམས་ཅད་གདོད་ནས་དག་པ་ཡི། །ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས། །དངོས་པོ་དུ་མ་གསལ་བར་སྣང༌། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། །སངས་རྒྱས་ཡེ་ཤེས་ཀྱིས་རབ་བསྐུལ། །དེ་བས་བླ་མེད་རྒྱུད་འདི་རུ། །འབད་དེ་དད་པ་བསྐྱེད་པར་བྱ། །གསང་བའི་སྡོམ་པ་བླ་ན་མེད། །དང་པོ་བླ་མའི་དམ་ཚིག་དག །ཐོབ་པས་རྒྱུ་དང་འབྲས་བུ་འབྱུང༌། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །བརྟན་པ་དག་ནི་ལོངས་སྤྱོད་ཡིན། །ངེས་པར་བརྟན་པ་མྱ་ངན་འདའ། །རྣལ་འབྱོར་གྱི་ནི་དམ་ཚིག་གནས། །བརྡ་ཡི་སྦྱོར་བ་གསང་བ་དང༌། །དབང་བསྐུར་བས་ནི་དངོས་གྲུབ་སྟེར། །བླ་མ་དེ་བཞིན་གཤེགས་པ་དང༌། །རྒྱལ་བ་བྱང་ཆུབ་སེམས་དཔའ་བཅས། །དཀྱིལ་འཁོར་བདག་པོ་བླ་ན་མེད། །སྔགས་པ་གསང་བ་འདིར་ཞུགས་གང༌། །ཡང་དག་བླ་མ་བསྟེན་པར་བྱ། །འདིར་ནི་བྱང་ཆུབ་སེམས་ཀྱིས་ནི། །བསྙེན་པ་ཉེ་བར་བསྙེན་པ་དང༌། །སྒྲུབ་པ་སྒྲུབ་པ་ཆེན་པོ་ཡི། །ཁྱད་པར་རིམ་པ་རྟགས་དང་དུས། །ལས་ལ་སྦྱོར་བ་ཤེས་
པར་བྱ། །ཇི་སྲིད་ལས་ཀྱི་སྦྱོར་བ་ཡིས། །མགོན་པོ་འཁོར་བཅས་མཉེས་གྱུར་ན། །ལས་དང་དངོས་གྲུབ་སྣ་ཚོགས་པ། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་མངོན་པར་བྱང་ཆུབ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་གསུང་རྨི་ལམ་ལྟ་བུར་ཉེ་བར་གསན་ཏེ། གསུང་རྡོ་རྗེའི་ཚིག་འདི་གསུངས་སོ། །རྡོ་རྗེ་འཛིན་པ་གང་ཞིག་གིས། །སྒྱུ་མ་བྲག་ཆའི་སྒྲ་བརྙན་ལྟར། །ཡིད་འོང་དབེན་པའི་གནས་དག་ཏུ། །དངོས་གྲུབ་ཐམས་ཅད་བསྡུས་པ་སྒྲུབ། །བསྐལ་པ་བཟང་པོ་འདི་ལ་ནི། །བྱུང་བའི་མགོན་པོ་མ་ལུས་པ། །ཀུན་གྱི་སྙིང་པོར་གྱུར་པ་ནི། །གསང་བ་ཞིང་སྐྱོང་མགོན་པོ་ཆེ། །སངས་རྒྱས་ཀུན་གྱི་མགོན་པོ་འདིས། །བསྟན་པ་བསྲུང་བར་མཛད་པ་ཡིན། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་དང༌། རྡོ་རྗེ་འཛིན་པ་ལ་སོགས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་དུ་རྡོ་རྗེའི་ཐེག་པ་ཆེ། །གསང་བ་བསྡུས་པའི་ཡང་དག་ལམ། །སངས་རྒྱས་བསྟན་པ་
སྲུང་བྱེད་པའི། །སྙིང་པོ་འབྲས་བུ་ལམ་བྱེད་པ། །སྙིགས་མ་ལྔ་ལྡན་དུས་འདི་རུ། །འདྲེན་པ་ཡེ་ཤེས་བསྟན་པ་བསྲུང༌། །འདི་ཉིད་གསང་བའི་སྒྲུབ་པ་གང༌། །རྡོ་རྗེའི་ཐེག་པ་འདིར་བསྟན་གསོལ། །དེ་སྐད་ཅེས་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་བསྩལ་པ། ཤེས་རབ་སྙིང་རྗེ་ཟུང་འཇུག་པ། །ཏིང་འཛིན་གང་དུ་བསྒོམ་གྱུར་པ། །བླ་མེད་དཀོན་མཆོག་བསྟན་པ་སྟེ། །རྒོལ་བ་ངན་པ་བཟློག་པར་མཛད། །ཐུབ་པ་མཆོག་གི་བསྟན་པ་ལ། །འཛིན་དང་སྐྱོང་དང་སྲུང་བ་གསུམ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བདག་ཏུ་འཛིན་པ་སྤོང་བར་མཛད། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པར། །གསང་བ་གཅིག་པུ་བསྒྲུབ་པར་བྱ། །ཞེས་བཀའ་བསྩལ་ཏོ། །གསང་བའི་བདེ་བ་ཆེན་པོ་དབྱིངས་ལ་རབ་ཏུ་ཞུགས་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེ་རང་རིག་པའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་ལྷུན་གྱིས་གྲུབ་པའི་གནས་གསང་བ་རང་བྱུང་བླ་ན་མེད་པའི་རྡོ་རྗེ་རབ་ཏུ་རྒྱལ་བའི་སྙིང་པོ་མི་ཕྱེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པོ་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་
བར་བྱེད་པ་ཞེས་བྱ་བའི་ཆོས་མི་ཟད་པ་ཡང་དག་པར་འབྱུང་བ་ཞེས་བྱ་བ་སྟོན་པར་མཛད་དོ། །རྡོ་རྗེ་གཞི་ལ་གནས་པའི་ཆ། །གཏེར་གྱི་བུམ་པ་ཁ་ཁྱེར་ལྡན། །དུས་ཀྱི་རྒྱལ་པོ་འོད་གསལ་བ། །ཆུ་འཛིན་ཕྱོགས་གཅིག་ཕྱེད་ལྡན་ཉིད། །སྒྲ་དང་སྒྲ་ལས་ཁྱབ་པ་སྟེ། །དུ་མ་མ་ཡིན་གནས་པའི་ཡུལ། །དམ་ཚིག་གསང་བ་འབྱུང་བ་ལས། །རྒྱལ་བ་རིན་ཆེན་འབར་བའི་གཙོ། །ཕྱོགས་དུས་མེད་པར་རང་བྱུང་བ། །ཆོས་འབྱུང་ཕོ་བྲང་དཀྱིལ་འཁོར་དུ། །རིགས་ཀྱི་ཡོན་ཏན་ལྡན་པར་ནི། །ནམ་མཁའི་རྒྱ་མཚོ་འབྲས་ལྡན་པ། །ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ། །མི་ཕྱེད་ལྷན་ཅིག་སྐྱེས་པའི་རྒྱལ། །ཕོ་བྲང་གསང་བའི་གཞལ་ཡས་ཁང༌། །དཀྱིལ་འཁོར་རིན་ཆེན་འོད་འཁྲུག་པ། །གེ་སར་པདྨའི་དབུས་སུ་ནི། །ཀུན་ནས་ཟླུམ་པོར་འཁོར་བ་ནི། །ཚད་མེད་ཕྲེང་བས་བརྒྱན་པ་ཡི། །བཀོད་པ་དཔག་མེད་རིམ་པར་ལྡན། །རི་རབ་ལྷུན་པོ་མཆོག་འབྱུང་བའི། །དེ་ཉིད་ཀུན་ནས་ཡོངས་བསྐོར་བའི། །རྒྱ་མཚོ་དང་ནི་རི་རྣམས་ཏེ། །ཤིན་ཏུ་མཉམ་ཞིང་མཚུངས་པར་འཁོར། །དེ་ཉིད་རིམ་པ་ཡོངས་སུ་བརྟན། །བྱེ་བྲག་མཚུངས་མེད་དམར་ཆེན་མཚོ། །རིམ་པས་ཆུ་གཏེར་འོ་མའི་གནས། །འབྱུང་བ་བསྡུས་པ་མི་ལུས་ཀྱི། །ཕུང་པོ་རུས་པའི་རི་བོ་ལ། །ཕྱི་ནང་
མཉམ་པའི་ཚད་ཅན་གྱི། །ལྷུན་གྱིས་གྲུབ་པར་བསྟན་པ་ཡིན། །དེ་ལས་དངོས་པོ་སྣ་ཚོགས་ཀྱིས། །ཐ་དད་སྣང་བ་ཡེ་ཤེས་གཟུགས། །རང་བྱུང་བདེ་བ་ཆེན་པོ་ཉིད། །མཉམ་པ་མེད་པ་ཀུན་ཏུ་འབྱུང༌། །དུས་གསུམ་དེ་བཞིན་གཤེགས་པ་ཡི། །འབྱུང་གནས་སྙིང་པོ་རྡོ་རྗེའི་གདན། །རྡོ་རྗེ་སྐྱིལ་ཀྲུང་མི་ཕྱེད་ལས། །ཐོག་མཐའ་མེད་པའི་རང་བཞིན་ཅན། །གསང་བ་ཆེན་པོའི་རིགས་དག་པའི། །འདོད་ཆགས་རྡོ་རྗེའི་སྐུར་ལྡན་པ། །ལྷོ་ཕྱོགས་བྱ་རྐང་རི་དང་ནི། །དཔལ་གྱི་རི་ལ་མདུན་ཕྱོགས་པ། །དྷ་ནྱ་ཀ་ཊ་པརྤ་ཏ། །པདྨ་གེ་སར་རྒྱས་པའི་དབུས། །ཆོས་ཀྱི་འབྱུང་གནས་རྟག་པར་གནས། །དཔལ་ལྡན་དགའ་བའི་ཁང་པ་བརྩེགས། །གསང་བ་སྔགས་ཀྱི་རྒྱ་མཚོ་ཡི། །མ་ལུས་རྒྱལ་བ་བགྲོད་པའི་ཡུལ། །གསང་བ་ཆོས་ཀྱི་དབྱིངས་ཆེན་པོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །ཀླ་ཀློའི་ཡུལ་གྱི་མི་རྣམས་དང༌། །ལྷ་དང་ལྷ་མིན་དྲི་ཟར་བཅས། །གསང་ཆེན་ཡོངས་སུ་རྫོགས་པ་ཡི། །རང་བྱུང་ཡེ་ཤེས་ཕོ་བྲང་དུ། །ཚངས་དབང་ཁྱབ་འཇུག་དབང་ཕྱུག་བདག །དཀྱིལ་འཁོར་སྒོ་བཞིར་བཅུག་ནས་ཀྱང༌། །སྐྱེ་བོ་ཆགས་ཅན་རབ་འདུལ་ཕྱིར། །མཆོག་ཏུ་གྱུར་པའི་སྙིང་པོ་གསུངས། །ཕྱོགས་བཅུར་གནས་ཀྱི་སངས་རྒྱས་དང༌། །
བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང༌། །དཔའ་བོ་རྣལ་འབྱོར་དབང་ཕྱུག་ཚོགས། །གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །ཁྲག་ཁྲིག་རི་རབ་རྡུལ་མཉམ་པ། །དེ་དབུས་སེང་གེའི་ཁྲིར་བཞུགས་པའི། །ཐུབ་པའི་རྒྱལ་པོ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་ཆེན་པོ་ལ། །རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །བླ་གོས་ཕྲག་པ་གཅིག་གཟར་ཏེ། །པུས་མོའི་ལྷ་ང་ས་ལ་བཙུགས། །ཐལ་མོ་སྦྱར་ཏེ་འདི་དོན་ཞུས། །གསང་ཆེན་ཁྱད་པར་འཕགས་པ་ཡི། །ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཆེ། །མི་འགྱུར་རྡོ་རྗེ་ཐེག་པའི་ལམ། །དུས་དང་གནས་དང་གང་ཟག་སྟེ། །སྤྱོད་ཡུལ་བསྟན་པའི་ཁྱད་པར་གྱི། །སྒྲུབ་དང་སྒྲུབ་པ་ཕྲིན་ལས་ཚོགས། །ཐབས་དང་སྟོབས་དང་འཇུག་པ་སྟེ། །རིམ་པ་མངོན་བྱེད་རྒྱུར་ལྡན་པ། །དེ་ཉིད་བཅོམ་ལྡན་གསུང་དུ་གསོལ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་བསྩལ་པ། བླ་མེད་སངས་རྒྱས་བསྟན་པ་ལ། །དགའ་ཞིང་མགུ་ལ་རབ་དད་པའི། །སེམས་དཔའ་ཆེན་པོས་གསང་བའི་དོན། །རབ་ཏུ་ཞུས་པ་ལེགས་སོ་ལེགས། །ཤིན་ཏུ་རྨད་དུ་བྱུང་བ་ཡི། །གདུལ་དཀའ་མ་ལུས་གདུལ་དོན་དུ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་མཛོད། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དེ་ནས་དངོས་གྲུབ་ཐམས་ཅད་ཀྱི། །གྲུབ་པ་རབ་ཏུ་
སྟེར་བྱེད་པ། །རྒྱལ་བ་ཀུན་གྱི་སྙིང་པོ་སྟེ། །གསང་བ་ལས་ཀྱི་རིམ་པ་ཉིད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་ཞིང་བཀའ་ལ་གནས། །དམ་ཚིག་འཛིན་པའི་ཞིང་སྐྱོང་ལ། །མགོན་པོ་ས་བཅུའི་དབང་ཕྱུག་གཙོ། །དཔལ་ལྡན་ཞིང་སྐྱོང་ཐམས་ཅད་ལས། །མཆོག་ཏུ་གྱུར་པའི་ལས་སྒྲུབ་པ། །དཔལ་ལྡན་ནག་པོ་ཆེན་པོ་ནི། །འདིས་ནི་ལྷ་མིན་འདུས་པ་ཡི། །གཡུལ་ལས་རྒྱལ་བར་བྱེད་པ་ཡིན། །ལྷ་སྲིན་སྡེ་བརྒྱད་མ་ལུས་པས། །མཆོད་འོས་གཙོ་བོར་གྱུར་པ་ཡིན། །དཔལ་ལྡན་ལྷ་མོ་ཆེན་མོ་དང༌། །ནག་མོ་རེ་མ་ཏིར་གྱུར་པའི། །ལྕམ་དྲལ་གྱུར་པས་བསྟན་པ་སྲུང༌། །སྐུ་དང་གསུང་དང་ཐུགས་གསང་བ། །ཕྱི་ནང་དེ་ཉིད་ཁོ་ནའི་དོན། །ཡོན་ཏན་ཕྲིན་ལས་དབང་ཕྱུག་ཏུ། །དམ་ཚིག་མགོན་པོ་ཞིང་སྐྱོང་བ། །ཉི་ཤུ་རྩ་བཞི་གཙོ་བོ་སྟེ། །གཞན་དུ་ས་གསུམ་དབང་བྱེད་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་སྤྱི་ལ་དགོངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གསང་བ་བཤད་བྱ་བ། །འདི་ཉིད་བླ་མེད་སྒྲུབ་པ་པོ། །འཁོར་བའི་རྒྱ་མཚོར་ལྷུང་བ་ཡི། །སེམས་ཅན་སྡུག་བསྔལ་གཟིགས་ནས་ནི། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ། །དེ་དང་དེ་ཡི་ཐབས་སྟོན་མཛད། །དུས་ནི་
བསྐལ་པ་བཟང་པོ་ཡི། །རྫོགས་ལྡན་ཐ་མར་གྱུར་པ་ཡི། །དཔག་མེད་དུས་ལས་འདས་ནས་ནི། །གཉིས་ལྡན་དང་ནི་གསུམ་ལྡན་ལས། །རྩོད་པའི་དུས་ཀྱི་རིམ་པ་ལ། །བཅོམ་ལྡན་ཚེ་ལོ་བརྒྱ་པའི་དུས། །དེ་ཉིད་བསྟན་པའི་སྙིགས་མ་ཡི། །ལྔ་བརྒྱ་པ་ཡི་དུས་ཀྱི་མཐར། །ཤིན་ཏུ་གདུག་ཅིང་རྩུབ་པ་ཡི། །མི་བསྲུན་པ་ཡི་དུས་ཀྱི་ཚེ། །དེ་ཚེ་མགོན་པོའི་བསྟན་པ་འབྱུང༌། །གང་ཟག་ལ་ཡང་གཉིས་སུ་བཤད། །བསྒྲལ་བར་བྱ་བའི་གང་ཟག་དང༌། །སྒྲོལ་བར་བྱེད་པའི་སྒྲུབ་པོ་སྟེ། །དང་པོ་བསྟན་པ་འཇིག་བྱེད་ཅིང༌། །དཀོན་མཆོག་གསུམ་པོ་སྨོད་པ་དང༌། །བླ་མ་ལ་སྡང་བདག་ལ་སྨོད། །དེ་དག་ལ་སོགས་བྱ་བར་བཤད། །སྒྲུབ་པ་པོ་ནི་རྣམ་པ་གསུམ། །ཧེ་རུ་ཀ་དཔལ་རྣལ་འབྱོར་མ། །དག་ཅིང་སྦྱངས་ཏེ་ཏིང་འཛིན་གསལ། །རིམ་པ་གོ་འཕང་ཐོབ་པ་སྟེ། །ཐུན་མོང་སྤྱི་དང་བྱེ་བྲག་ཏུ། །དམ་ཚིག་གནས་པའི་རྡོ་རྗེ་འཛིན། །གནས་ཀྱི་ཁྱད་པར་འབྱུང་བ་ཡང༌། །བསྙེན་པའི་དུས་དང་སྒྲུབ་པ་དང༌། །ལས་ལ་སྦྱར་བའི་དུས་ཤེས་པས། །ཡིད་འོང་དབེན་དང་དུར་ཁྲོད་སོགས། །བསམ་གཏན་འཕེལ་དང་ཁྱད་པར་རོ། །ཡུལ་དང་དབང་པོའི་སྤྱོད་ཡུལ་དུ། །མཐོང་བ་དང་ནི་ཐོས་པ་དང༌། །རེག་པ་དང་ནི་དྲན་པ་ཡིས། །དཀྱིལ་འཁོར་པ་ཡི་སྣང་བ་
ཡང༌། །མ་ལུས་དངོས་པོ་གང་ཤར་བ། །བདེ་བ་ཅན་དུ་ཤེས་པར་བྱ། །བསྟན་པ་ཀུན་ལས་བསྡུས་པ་ནི། །བྱང་ཆུབ་སེམས་དཔའི་ལམ་ལས་ཀྱང༌། །གསང་བ་འབྲས་བུ་ལམ་བྱེད་པ། །རྡོ་རྗེ་ཐེག་པ་འདི་ཉིད་དེ། །བསྟན་པ་འཛིན་སྐྱོང་སྲུང་དང་གསུམ། །འདི་ནི་ཁྱད་པར་སྲུང་བ་ཡིན། །གྲུབ་པ་བསྙེན་པའི་ཏིང་འཛིན་དང༌། །ཉེ་བར་བསྙེན་པའི་ཏིང་ངེ་འཛིན་དང༌། །དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །རྣམ་དག་མཚན་ཉིད་ཀུན་གྲུབ་པ། །བདེ་བའི་བསོད་ནམས་རྒྱུན་གནས་པ། །རྣམ་དག་སྟོབས་ནི་རྒྱས་པར་བྱེད། །བསྙེན་པའི་དུས་སུ་རང་ལྷ་ཡི། །ཧེ་རུ་ཀར་ནི་གནས་པ་ཡི། །མདུན་དུ་བཀའ་སྡོད་དམ་ཚིག་གི། །མགོན་པོ་ཕྱག་བཞི་བསྒོམ་པར་བྱ། །དེ་ནས་ཐུགས་ཀའི་རང་སྔགས་ལས། །འོད་འཕྲོས་འཁོར་བའི་བཟླས་པ་ལས། །ཁྱད་པར་དུ་ནི་སྒྲ་བཅས་དང༌། །ཤིན་ཏུ་དལ་བར་བཟླས་པར་བྱ། །ཉེ་བར་བསྙེན་པའི་དུས་སུ་ནི། །བདག་ཉིད་ཧེ་རུ་ཀ་ལས་ནི། །ཧཱུྃ་ཕྱུང་མདུན་དུ་འོད་འཕྲོས་པས། །བསྐྱེད་ཅིང་མཐར་ནི་ཉེ་བར་བསྡུ། །སྒྲུབ་པའི་དུས་སུ་མགོན་པོ་ཡི། །རྒྱས་འདེབས་སྤྱི་བོར་ཧེ་རུ་ཀ །དེ་ཉིད་གསང་སྔགས་ཕྱོགས་བཅས་པ། །དེ་ཉིད་སེམས་དཔའ་སུམ་བརྩེགས་བསམ། །གསང་བ་ཞིང་སྐྱོང་རྒྱལ་པོ་ཆེ། །ཆོ་ག་
གསུམ་གྱིས་བསྒྲུབ་པའི་ཚུལ། །འཇིག་རྟེན་འཇིག་རྟེན་འདས་པའི་བདག །ཐམས་ཅད་བདེ་ཆེན་གནས་པ་ལ། །དུས་གསུམ་འཁོར་ལོ་གསུམ་དུ་གནས། །བརྟུལ་ཞུགས་འཛིན་པས་འཐོབ་པར་འགྱུར། །སྒྲུབ་པ་ཆེན་པོ་བླ་ན་མེད། །ཡེ་ཤེས་མགོན་པོ་ཆེན་པོ་ཉིད། །ཁྭ་གདོང་ལ་སོགས་ལྷ་མོ་བརྒྱད། །རིམ་པ་བཞིན་དུ་ཡོངས་སུ་བསྐོར། །དཀྱིལ་འཁོར་ཕོ་བྲང་དབུས་སུ་ཡང༌། །དུར་ཁྲོད་དུ་ནི་མགོན་པོ་རོལ། །འཇིག་རྟེན་གསུམ་ན་རྙེད་དཀའ་བ། །དམ་ཚིག་སྤྱོད་པའི་རང་བཞིན་ནི། །རྟག་ཏུ་རང་སྔགས་སྦས་པ་སྟེ། །རབ་ཏུ་འབད་དེ་གསང་བར་བྱ། །ཕྲིན་ལས་ཁྱད་པར་གང་ཡིན་པ། །ལས་ལ་སྦྱོར་བ་རིམ་ཤེས་བྱ། །རེངས་པར་བྱེད་དང་སྐྲོད་པ་དང༌། །རྨུགས་པར་བྱེད་དང་བརྒྱལ་དུ་འཇུག །རྣམ་པར་རྨོངས་དང་ལྐུགས་པར་བྱེད། །དུག་གིས་འཛིན་དང་འོན་ལོང་དང༌། །རང་ཤ་རང་གིས་ཟ་བྱེད་ཅིང༌། །གཤིས་ངན་དུག་དང་ཁྲག་ཏུ་སྐྱུག །འདི་དག་དུས་མིན་འཆི་བྱེད་པ། །ལས་ཀྱི་ཁྱད་པར་ཡོངས་སུ་བསྟན། །ཆར་དབབ་པ་དང་སྤྲིན་བྲལ་དང༌། །ཐོག་དང་སེར་བ་དབབ་པ་དང༌། །རང་ཕྱོགས་སུ་ནི་བཟློག་ཅིང་སྲུང༌། །བྱད་ཀ་བཟློག་དང་ངག་བཅིང་དང༌། །ནུས་པ་གཞོམ་དང་ཆོ་འཕྲུལ་དང༌། །ཕྲན་ཚེགས་ལས་ཀྱི་གསང་བའོ། །ཐབས་
ནི་ལས་ཀྱི་རིམ་པ་སྟེ། །རྟེན་གྱི་གང་ཟག་འགའ་ཞིག་གིས། །དང་པོར་བླ་མ་མཉེས་པར་བྱ། །གཉིས་པར་དབང་བཞི་ཐོབ་པ་དང༌། །གསུམ་པར་བྱིན་གྱིས་བརླབས་ནས་ནི། །བཀའ་བསྒོ་རྗེས་གནང་ཚུལ་བཞིན་དུ། །མ་ནོར་འཇུག་པའི་གོ་རིམ་ཤེས། །རྟེན་ཚུལ་ཁྱད་པར་ཤེས་པར་བྱ། །སྟོབས་ནི་ཆོས་རྣམས་ཐམས་ཅད་ལ། །སྒྱུ་མ་ལྟ་བུར་ཤེས་པ་དང༌། །ཡང་དག་བདེན་པའི་སྟོབས་ཀྱིས་ནི། །རང་བཞིན་མེད་པར་རྟོགས་པས་འབྱུང༌། །འཇུག་པ་ཐུན་མོང་མ་ཡིན་པ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཚད་མེད་བཞི་དང་ལྡན་པ་ཡིས། །འགྲོ་བའི་དོན་ལ་སེམས་པ་པོ། །མངོན་དུ་བྱེད་པ་ཉེར་སྒྲུབ་སྟེ། །དུས་དང་གྲངས་དང་མཚན་མ་སྟེ། །དང་པོ་བར་དང་ཐ་མར་ཡང༌། །གཙོ་བོ་དང་ནི་འཁོར་རྣམས་ཀྱི། །གང་འགྲུབ་རབ་འབྲིང་ཐ་མ་རུ། །རྟགས་ཀྱི་དབྱེ་བ་བསྟན་པ་ཡིན། །རྒྱུ་ནི་ཐོག་མ་མེད་པ་ཡི། །རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། །མངོན་སུམ་དུ་ནི་འབྱུང་བ་ལ། །གང་གིས་དགག་པར་མི་ནུས་པ། །དེ་ལས་འབྲས་བུ་ཕུན་སུམ་ཚོགས། །སྙིང་པོ་སྨིན་པ་བཞིན་དུ་འབྱུང༌། །གང་དུ་ཐོགས་མེད་རྡོ་རྗེ་ཡི། །སྙིང་པོ་ཟད་པ་མེད་པའི་དོན། །ཡང་དག་ཡེ་ཤེས་སྣང་བ་པོ། །བླ་མའི་དྲིན་ལས་ཐོབ་པར་འགྱུར། །དཔལ་
མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བའི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དཔལ་ལྡན་བདུད་འཇོམས་པའི། །སྒྲུབ་པ་ཡང་དག་རབ་ཏུ་བཤད། །གསང་བའི་མགོན་པོ་ཆེན་པོ་ཡི། །སྦས་པའི་ཡུམ་དང་བཅས་པ་ཡི། །གསང་བ་མཁའ་འགྲོ་མ་བཞི་དང༌། །ལྷན་ཅིག་ཏུ་ནི་དགྱེས་པར་རོལ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །གདུལ་དཀའ་འདུལ་བའི་དཔའ་བོ་ནི། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །མིའུ་ཐུང་ཁྲོས་པ་ཨུཏྤལ་མདོག །མགོ་སྐྱེས་གྱེན་འགྲེང་རྔམ་པའི་སྐུ། །རོ་ཡི་གདན་ལ་བཞུགས་མཛད་ཅིང༌། །ཀླུ་བརྒྱད་ཀྱིས་ནི་བརྒྱན་པ་པོ། །ཁྲོས་པས་ཆར་སྤྲིན་ནག་པོ་ལྟར། །མེ་སྟག་ཕུང་པོ་ལྟ་བུ་ཡི། །སྤྱན་གསུམ་དྲག་པོའི་ལྟ་བས་གཟིགས། །གླང་པོའི་ཚུལ་ཅན་སྟོབས་ལྡན་པ། །རྒྱུ་མའི་དོ་ཤལ་དཔྱངས་པ་ཡི། །མི་མགོ་རློན་པའི་ཕྲེང་བས་ཀླུབས། །ཤིན་ཏུ་མི་སྲུན་སྒེག་པའི་སྐུ། །བདུད་འདུལ་ཆེན་པོ་ལྷ་ཡི་ལྷ། །ཉམས་ལྡན་གཟི་བརྗིད་ཕུན་སུམ་ཚོགས། །མ་རིག་མུན་སེལ་སྒེག་པའི་ཉམས། །རྨད་བྱུང་ཆོས་སྒྲོགས་བཞད་པར་སྟོན། །བརྟུལ་ཞུགས་སྤྱོད་པ་དཔའ་བོ་སྟེ། །གདུག་པ་འདུལ་མཛད་འཇིགས་པར་སྟོན། །ལོག་ལྟ་སྤོང་བྱེད་གཙིགས་པའི་ཉམས། །གདུག་པ་ཚར་གཅོད་སྙིང་རྗེས་
ཁྲོས། །ངོ་མཚར་ཉོན་མོངས་འཇོམས་མཛད་ཅིང༌། །ཁྲོ་ཆགས་མི་གཡོ་ཞི་བའི་ཐུགས། །གཡས་ཀྱི་དང་པོས་གྲི་གུག་བསྣམས། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །གཡས་ཀྱི་གཉིས་པས་རལ་གྲི་འདེབས། །གཡོན་པས་ཁ་ཊྭཱཾ་འཛིན་པར་མཛད། །གསུང་གིས་ཧ་ཧ་ཞེས་སྒྲོགས་པ། །ལོག་པར་ལྟ་བ་འཇོམས་པར་མཛད། །སྟག་གི་པགས་པའི་ཤམ་ཐབས་ཅན། །སྣ་ཚོགས་ཆུ་སྐྱེས་ཉི་མར་བཅས། །རང་བྱུང་རོལ་པའི་སྟབས་ཀྱིས་གནས། །དེ་ཡི་མདུན་དུ་གཏུམ་པ་མོ། །ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །མུན་པའི་མདོག་ཅན་ཞལ་གཅིག་མ། །ཕྱག་གཉིས་སྤྱན་གསུམ་ཁྲོ་ཚུལ་ཅན། །གྲི་གུག་ཐོད་པ་བསྣམས་པར་མཛད། །ཡབ་ལ་ཕྱག་རྒྱ་དྲུག་གིས་བརྒྱན། །ཡུམ་ལ་ལྔ་ཡིས་རྒྱས་བཏབ་ནས། །སྐུ་དང་གཉིས་མེད་འཁྲིལ་བར་བཞུགས། །མེ་འོད་ཕྲེང་བས་ཡོངས་སུ་བསྐོར། །ཡེ་ཤེས་རྒྱ་མཚོའི་འཁོར་བསྲུངས་མ། །ཤར་ཕྱོགས་མཁའ་འགྲོ་འཕྲོག་མ་དང༌། །ལྷོ་ཕྱོགས་གླང་སྣ་མ་ཞེས་བྱ། །ནུབ་ན་སྲིན་མོ་རལ་པ་ཅན། །བྱང་དུ་ས་ཡི་གཙུག་ཡིན་ནོ། །གང་དུ་རྒྱ་མཚོ་ཆུ་དྭངས་དང༌། །ནག་པོའི་ཆུ་དང་འདྲ་བའི་སྐུ། །མ་རུངས་འཇོམས་བྱེད་ནག་པོ་ཆེ། །འབད་པས་སྙིང་རྗེ་བསྐྱེད་པ་ཉིད། །གསད་པར་བྱ་བ་བརྗོད་པ་ཉིད། །
སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ། །མཚམས་མེད་ལྔ་ནི་བྱེད་པ་དང༌། །སངས་རྒྱས་བསྟན་པ་འཁྲུག་བྱེད་པ། །ཞེ་སྡང་རིགས་ཀྱི་ཏིང་འཛིན་གྱིས། །རེ་ཞིག་ཙམ་དུ་གསད་པར་བྱ། །གཟས་པའི་ཤ་ལ་རྟག་ཏུ་རོལ། །ཀུན་ཏུ་གཏུམ་པའི་ཤུགས་འཆང་བ། །ཡུལ་དང་ཡུལ་དུ་རོལ་བྱེད་པས། །ཤིང་རྣམས་ལ་ནི་གནས་ནས་ཀྱང༌། །དཀྱིལ་འཁོར་ཞིང་རྣམས་སྐྱོང་བར་བྱེད། །དུར་ཁྲོད་གནས་ཀྱིས་ཡོངས་སུ་བསྐོར། །མ་མོའི་གནས་སོགས་ཁྱབ་པར་བྱེད། །ཀླུ་ཡིས་མཚོན་པའི་ཞིང་སྐྱོང་ལ། །མེ་ཡི་ཕྱེ་མས་ཡོངས་སུ་བསྐོར། །སྒོ་དང་མིག་གིས་ཁྱད་པར་འགྱུར། །གཙོ་བོའི་སྔགས་ཀྱི་ལུས་ཅན་ཏེ། །སྒྲུབ་པ་པོ་ཡི་ལུས་ལ་གནས། །དེ་དག་རིམ་པར་དུས་བསྟན་པ། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །སྒྲུབ་པའི་རྫས་རྣམས་ཁྱད་པར་ལས། །འབྲུ་ནག་གཏོར་མ་རབ་ཏུ་ཤིས། །ཤ་ཆེན་གྱིས་ནི་བརྒྱན་པ་ཡི། །ཚོགས་རྫས་པཱུ་ཛ་གུས་པས་དབུལ། །ཕྱི་ནང་གསང་བ་ཁྱད་པར་ལས། །བསྟན་པའི་ཚུལ་གྱིས་ཕྲིན་ལས་ནི། །བྱེ་བྲག་རྒྱུན་དང་གནས་སྐབས་པ། །གྲུབ་དང་སྒྲུབ་པས་མངོན་དུ་འགྱུར། །དུས་རྣམས་ཀུན་ཏུ་ཞེ་སྡང་གིས། །རྣམ་པ་ཀུན་ཏུ་གཞོམ་མི་བྱ། །ཡུལ་མིན་པ་ལ་གསད་བྱས་ན། །རྣལ་འབྱོར་དམ་ཚིག་ལས་
ཉམས་ཕྱིར། །གྲུབ་པ་ནམ་ཡང་ཡོང་མི་སྲིད། །ཁྱད་པར་ཡེ་ཤེས་བླ་མེད་པ། །དམ་ཚིག་མགོན་པོ་སྒྲུབ་པ་ཡི། །དམ་ཚིག་འདི་ནི་རྨད་པོ་ཆེ། །བདེ་བར་གཤེགས་པའི་ལམ་སྦྱོར་མཛད། །བྱང་ཆུབ་སེམས་ཀྱི་ཟླ་བ་འདི། །ཡར་ངོ་མར་ངོ་རབ་ཏུ་གནས། །ཡར་ངོ་ཡིས་ནི་སྐྱེད་བྱེད་ལ། །མར་ངོ་ལ་ནི་འགྲིབ་པར་བྱེད། །ཡར་ངོ་ཡི་ནི་བཅོ་ལྔ་ལ། །བྱང་ཆུབ་སེམས་ཀྱི་མཁའ་འགྲོ་ཡང༌། །བདེ་བ་ཆེན་པོར་འདུ་བར་མཛད། །འདི་ནི་ངེས་པའི་དོན་དུ་གསུངས། །དཀྱིལ་འཁོར་ལྷ་ཉིད་ལུས་ཉིད་ཡིན། །གཞན་དུ་ལྷ་དང་དཀྱིལ་འཁོར་ནི། །བཙལ་ཡང་རྙེད་པར་མི་འགྱུར་ཞེས། །འདྲེན་པ་དཔའ་བོས་རྟག་ཏུ་གསུངས། །སྐུ་གསུང་ཐུགས་ཀྱི་གསང་བ་ལ། །དྲག་པོ་ཀུན་གྱི་སྲོག་གྱུར་པ། །ཡོན་ཏན་ཕྲིན་ལས་དབང་ཕྱུག་གི། །ཕྱི་ནང་གསང་བའི་བདག་པོ་ཡིན། །སྟོན་པ་གནས་པའི་རང་བཞིན་ལས། །འཁོར་ལོ་དགུག་བྱ་གཉིས་མེད་བསྟིམ། །དྭངས་སྙིགས་ལས་ནི་རྒྱུ་འབྲས་དང༌། །གནས་དང་ཁྱད་པར་རྟེན་འབྲེལ་ཏེ། །འཁྲུལ་དང་འཁྲུལ་པ་མ་ཡིན་པ། །ཁམས་གསུམ་ཀུན་ལ་དབང་བྱེད་པས། །འཇིག་རྟེན་ལས་དང་ཡེ་ཤེས་ཀྱི། །མགོན་པོའི་ཁྱད་པར་མངོན་འབྱུང༌བ། །གདགས་པ་ཐ་སྙད་ཁྱབ་པ་པོ། །ཐུན་མོང་བར་ནི་བསྟན་པ་
ཡིན། །འདི་དག་ལས་དང་སྐྱེ་བོ་ལས། །སྒྲིབ་པ་ཐུན་མོང་ལྷ་ཡི་ཆ། །དངོས་གྲུབ་བརྒྱུད་པས་ལུང་བསྟན་པ། །སྲོག་དང་སྲོག་མ་ཡིན་པ་སྟེ། །རྒྱུ་དང་རྐྱེན་གྱི་བསྐུལ་བ་ཡིས། །གསང་སྔགས་བཟླས་པ་མངོན་པར་ཕྱེ། །འདི་ནི་མངོན་དུ་འབྱུང་བའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་མངོན་པར་འབྱུང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཧེ་རུ་ཀ་དཔལ་མགོན་ཉིད་ཀྱི། །གསང་བའི་སྤྲུལ་པ་ནག་པོ་ཆེ། །འདི་ཡི་སྒྲུབ་རིམ་བཤད་པར་བྱ། །གསང་བའི་སྒྲུབ་པའི་ཐབས་མཆོག་སྟེ། །སྐལ་བ་ཅན་ལ་སྦྱིན་པར་བྱ། །གང་དུ་སྒྲུབ་པའི་ས་ཕྱོགས་སུ། །མི་མཐུན་གཡེང་བ་སྤང་བྱས་ནས། །དེ་ནས་ནག་པོ་བསྒྲུབ་པར་བྱ། །འགྲོ་བ་ཀུན་ལ་རབ་བལྟས་ནས། །ཚད་མེད་བྱང་ཆུབ་སེམས་ཀྱི་བློས། །སྙིང་རྗེ་ཆེན་པོ་བསྐྱེད་བྱས་ནས། །བདེ་བའི་སྟན་ལ་འདུག་ནས་ནི། །ལྷོར་བལྟས་སྐྲ་གྲོལ་གཅེར་བུ་ཡིས། །དང་པོར་སྐད་ཅིག་ཙམ་གྱིས་ནི། །རང་ལྷར་བསྐྱེད་པའི་སྙིང་ག་རུ། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཡང༌། །བསིལ་ཞིང་འོད་དང་བཅས་པ་བསམ། །དེ་སྟེང་རཾ་ལས་ཉི་དཀྱིལ་འཁོར། །རྟ་བདུན་འོད་ཟེར་ཚ་བ་དང་། །མེ་ཡི་རང་བཞིན་འཕྲོ་བ་བསམ། །དེ་དབུས་ཡི་གེ་ཧཱུྃ་ནག་པོ། །ཡེ་
ཤེས་ལྔ་ཡི་རང་བཞིན་ཅན། །དེ་ཡི་འོད་ཀྱི་སྣང་བ་ལས། །དཔག་མེད་ཁ་དོག་བཞི་བཅས་བསམ། །རང་བཞིན་གནས་སུ་འཕྲོས་པ་ལས། །བླ་མ་དང་ནི་ལྷག་པའི་ལྷ། །དཀྱིལ་འཁོར་འཁོར་ལོ་བཅས་པ་དང༌། །ནག་པོ་ཆེན་པོ་འཁོར་དང་བཅས། །མདུན་གྱི་ནམ་མཁར་བཞུགས་པ་ལ། །སྐྱབས་སུ་འགྲོ་དང་མཆོད་པ་འབུལ། །སྡིག་པ་བཤགས་པ་ལ་སོགས་བྱ། །བཟོད་པར་གསོལ་ནས་གཤེགས་སུ་གསོལ། །དེ་རྗེས་དངོས་པོ་ཐམས་ཅད་ཀུན། །མ་ལུས་སྟོང་པ་ཉིད་གཞུག་ཅིང༌། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ྅་ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཕྱི་དང་ནང་གི་དངོས་པོ་ཀུན། །གདོད་ནས་དག་པའི་ངང་དུ་བསམ། །དེ་ཉིད་ཧཱུྃ་དང་བཅས་པ་ཡང་། །ནཱ་ད་ཙམ་དུ་གནས་པ་ལས། །ནམ་མཁའ་ལྟ་བུའི་ངང་ལས་ནི། །ཚངས་པའི་གནས་བཞི་ཁྱབ་པར་བྱ། །དེ་ལས་ས་བོན་འདི་དག་ནི། །འཆད་བཞིན་པ་ལས་རིམ་པས་བསམ། །ཡྃ་ལས་རླུང་གི་དཀྱིལ་འཁོར་དང༌། །རྃ་ལས་མེ་ཡི་དཀྱིལ་འཁོར་དང༌། །བྃ་དཀར་ཆུ་ཡི་དཀྱིལ་འཁོར་ཏེ། །ལྃ་ལས་གསེར་གྱི་ས་གཞི་ཉིད། །དེ་སྟེང་བྷྲཱུྃ་ལས་རི་རབ་འབྱུང༌། །དེ་དག་ཕྱི་ནང་ངོ་བོ་ཉིད། །དེ་
དག་སྟེང་གི་ཆ་ལ་ཡང༌། །དབུས་སུ་པཾ་ལས་པདྨ་ནི། །སྣ་ཚོགས་པདྨ་རྒྱ་ཆེ་བ། །ལྟེ་བ་གེ་སར་བཅས་དབུས་སུ། །ཧ་ལས་སྣ་ཚོགས་རྡོ་རྗེ་ནི། །ཁ་དོག་ལྔ་དང་ལྡན་པར་བསམ། །དེ་དབུས་རྃ་ལས་ཉི་མ་ཡི། །ཧཱུྃ་ཡིག་ས་བོན་ལས་བྱུང་བ། །ས་གཞི་མ་ལུས་རྡོ་རྗེར་གྱུར། །སྟེང་འོག་ཕྱོགས་མཚམས་རྡོ་རྗེ་དང༌། །རལ་གྲི་འཁོར་ལོ་མདའ་དང་ནི། །ཕུར་བུ་གྲི་གུག་ཁ་ཊྭཱཾ་ག །རྡོ་རྗེ་རྩེ་གཅིག་པ་དང་ནི། །རྩེ་གསུམ་ཉི་ཤུ་རྩ་ལྔའི་སྔགས། །དུ་མ་རྣམ་པར་འཕྲོས་ནས་ནི། །ཤིན་ཏུ་རྒྱ་ཆེ་བསམ་པར་བྱ། །བླ་རེ་ར་བ་ལོགས་དང་ནི། །གུར་གྱི་རྣམ་པར་མཚམས་བཅིང་བྱ། །མེ་འོད་འབར་བ་ཁྱབ་པར་འགྱུར། །འདི་དག་སྲུང་བའི་ཁྱད་པར་རོ། །བྷྲཱུྃ་ལས་བྱུང་བའི་འཁོར་ལོ་ནི། །རྩིབས་བཅུ་པ་ནི་ཡོངས་སུ་འཁོར། །དེ་སྟེང་རཾ་ལས་ཉི་དཀྱིལ་འཁོར། །དེ་ཡི་དབུས་སུ་ཧཱུྃ་མཛད་དོ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །རིན་ཆེན་ཀླུ་དབང་རྒྱན་དང་ལྡན། །རོལ་པས་རྣམ་པར་སྒེག་པར་བསམ། །རྃ་ལས་ཉི་མའི་དཀྱིལ་འཁོར་དབུས། །དེ་སྟེང་ཧཱུྃ་བཅུ་རྣམ་པར་བསམ། །དེ་ལས་ཁྲོ་བོའི་རྒྱལ་པོ་བཅུ། །ཞལ་ཕྱིར་གཟིགས་པ་རྣམ་པར་བསམ། །ཁྲོ་བོ་དེ་དག་རེ་རེ་ཞིང༌། །ཕྱོགས་སྐྱོང་བཅུ་པོ་གདན་ལ་ནི། །བཀུག་ནས་གཉིས་མེད་བཞུགས་པར་བསམ། །
དེ་ལ་གསང་སྔགས་བརྗོད་ཙམ་གྱིས། །ཕུར་བུས་གདབ་དང་བརྡུང་བར་བྱ། །དེས་ནི་བླ་མེད་མཆོག་དག་འགྱུར། །ཁྲོ་བོ་དེ་དག་རེ་རེ་ཞིང༌། །བརྟན་པར་བྱ་ཕྱིར་གསང་སྔགས་བརྗོད། །ཨོཾ་དཀར་འཁོར་ལོ་དང་བཅས་པ། །འོད་ལྡན་དེ་ལས་སྤྲོ་བསྡུས་པས། །བཅོམ་ལྡན་རང་བཞིན་ཡངས་ཤིང་ཁྱབ། །འོད་དུ་ཞུ་ནས་གཞལ་ཡས་ཁང༌། །རིན་ཆེན་སྣ་ཚོགས་ལས་གྲུབ་པ། །གྲུ་བཞི་སྒོ་དང་རྟ་བབས་བཅས། །རྡོ་རྗེ་དང་ནི་ནོར་བུ་ཡི། །འོད་ཟེར་འཁྲུགས་པའི་རྣམ་པའོ། །ཕོ་བྲང་ནང་མ་ཟླུམ་པོ་ལ། །རེ་མིག་དགུ་པ་རྡོ་རྗེས་བསྐོར། །ཕྱི་ནི་པདྨ་མུ་ཁྱུད་བཅས། །དེ་ཡི་ནང་མ་ཨེ་ཡི་དབྱིབས། །དྲག་པོའི་གནས་སུ་བསམ་པར་བྱ། །དབུས་མའི་ནང་དུ་པཾ་ལས་ནི། །པདྨ་ཉི་ཟླར་བཅས་པ་བསམ། །ཨ་ལི་ཀཱ་ལི་འདུས་པ་ལས། །དེ་ལས་ནམ་མཁའི་ས་བོན་ཏེ། །ནམ་མཁའ་ལས་ནི་ཧཱུྃ་བྱུང་སྟེ། །གཉིས་མེད་ཞུགས་ལས་འོད་དུ་ཞུ། །དེ་ལ་རྡོ་རྗེ་གྲི་གུག་བསམ། །འོད་ཀྱི་སྣང་བས་ཁྱབ་པ་ལས། །སྐད་ཅིག་གིས་ནི་སྐུ་རྫོགས་པ། །ནག་པོ་ཆེན་པོ་བསམ་པར་བྱ། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །དཔའ་བོ་ཆེན་པོ་རོལ་པས་བཞུགས། །ཡབ་ཡུམ་གཉིས་སུ་མེད་པར་བསམ། །དེ་ལྟར་ཡབ་ཡུམ་རྫོགས་བསྐྱེད་ནས། །
མཁའ་གསང་བྱིན་གྱིས་བརླབ་བྱ་སྟེ། །སྔགས་བརྗོད་པས་ནི་དགྱེས་པ་བསྐྱེད། །དེ་ལས་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །ཡུམ་གྱི་མཁའ་དབྱིངས་བདེ་ཆེན་དུ། །སོ་སོར་ལྷ་ཚོགས་བསྐྱེད་བྱས་ལ། །ཕྱི་རོལ་དུ་ནི་རིམ་གྱིས་འབྱུང༌། །དང་པོར་གཙོ་བོའི་རྒྱན་དང་བཅས། །རྫོགས་པར་ཕྱུང་སྟེ་དྷཱུ་ཏི་ནས། །གྱེན་དུ་ཐུགས་ཀའི་པདྨ་ལས། །འཐོན་ཏེ་འགྲོ་བའི་དོན་བྱས་ལ། །སླར་འདུས་རང་ལ་ཐིམ་གྱུར་པ། །དཔལ་ལྡན་སྙིང་རྗེའི་སྟོབས་སུ་གནས། །དེ་ལས་རིམ་པ་ཇི་བཞིན་དུ། །ཕྱུང་ནས་སོ་སོའི་གདན་ལ་བཞུགས། །གཙོ་བོའི་ཕྱོགས་བཞིར་མཁའ་འགྲོ་བཞི། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །གར་སྟབས་ལྡན་པའི་ལྷ་མོ་ནི། །གཡས་བརྐྱང་བ་ནི་རྣམ་པར་འགྱིང༌། །དཔའ་མོ་བདེ་བའི་སྐུར་བསྐྱེད་པའོ། །མཚམས་བཞིར་ཐོད་པ་བདུད་རྩིས་བཀང༌། །སྣ་ཚོགས་པད་འདབ་ལ་གནས་པ། །ཉི་མ་ལ་གནས་མགོན་པོ་ནི། །ཤར་དུ་སྐུ་ཡི་མགོན་པོ་དང༌། །ལྷོ་རུ་ཡོན་ཏན་མགོན་པོ་དང༌། །ནུབ་ཏུ་གསུང་གི་མགོན་པོ་དང༌། །བྱང་དུ་ལས་ཀྱི་མགོན་པོ་སྟེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །གྲི་གུག་ཐོད་པ་བསྣམས་པའོ། །སོ་སོའི་གཡོན་དུ་ཡུམ་རེ་རེ། །གཏུམ་མོ་དང་ནི་དྲག་མོ་དང༌། །
བཟློག་བྱེད་མ་དང་དཔའ་མོ་སྟེ། །ཞལ་གཅིག་ཕྱག་གཉིས་རྒྱན་དང་བཅས། །དེ་ཡི་ཕྱི་ཡི་གྲུ་ཆད་ལ། །བེང་འཛིན་པ་དང་ཁ་ཊྭཱཾ་ག །གཎྜཱི་འཛིན་དང་རྒྱལ་མཚན་འཛིན། །སོ་སོའི་ཡུམ་དང་བཅས་པ་སྟེ། །ཞལ་གཅིག་ཕྱག་གཉིས་འབར་བའོ། །དེ་ཡི་ཕྱི་རོལ་སྒོ་དང་གྲྭར། །ལྷ་མོ་བརྒྱད་པོ་གར་གྱིས་རོལ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །གར་སྟབས་ལྡན་པས་བཞུགས་པའོ། །དཀྱིལ་འཁོར་ལྷ་རྣམས་རྫོགས་པ་དང༌། །དེ་ནས་གཙོ་བོ་ཡབ་ཡུམ་དག །སྙོམས་པར་ཞུགས་པས་འོད་དུ་ཞུ། །དེ་ནས་ལྷ་མོ་བཞི་ཡིས་ནི། །རྡོ་རྗེ་ཚད་མེད་དབྱངས་ཀྱིས་བསྐུལ། །ཨེ་བཾ་སི་ཏ་ཨུ་ཌ་ན་ནཱི་བཱ་ཛ་ཏི་དྷ་མ་དྷ་མ་གྷ་མ་གྷ་མ་ཨཾ་ཀ་མ། དྷ་དྷ་ཤ་རི་དྷ་རཾ། ས་ནི་ས་ས་ས་ནི་ག་མ་ས་ས་ས། རི་ག་མོ་བུ་མ་ཏེ་ས་རི་ས་ར་ས་རི་རི་ས་ནི་ཤ །མ་ཧཱ་མ་ཨ་དྷ་མ་ས་ས། ཤུ་ཏྲ་ནི་སཱ་ས་སཱ། ས་ནི་ས་རི་ཏ། གྷ་མ་ཨཾ་གྷཾ། ཨ་ཏ་མ་ཏ་ཡ། ས་སཱ་པ་པ། མ་ཡ་ཨ་པ་ས་དྷཻ་ན་མ་ཨ་ཨི། དེ་ལྟར་བསྐུལ་བར་གྱུར་པ་ལས། །དེ་ལྟར་ཉེ་བར་གསན་ནས་ནི། །ཐུགས་རྗེའི་ངང་ལས་བཞེངས་མཛད་དེ། །ནག་པོ་གསང་བའི་བུ་དང་བཅས། །ཤིན་ཏུ་འཇིགས་ཤིང་འབར་བའི་སྐུ། །བདུད་འདུལ་ཆེན་པོ་རྒྱན་དང་བཅས། །སྤྲོ་བ་དང་ནི་བསྡུ་བར་མཛད། །དེ་ཉིད་བརྟན་
དང་མཉེས་པར་བྱ། །སྐུ་གསུང་ཐུགས་ནི་རྒྱས་གདབ་ཅིང༌། །ཡེ་ཤེས་གཞུག་དང་དབང་བསྐུར་དང༌། །བྱིན་གྱིས་བརླབས་དང་མཆོད་པ་དང་། །སྔགས་ཀྱིས་བརྟན་བྱེད་བཟླས་པ་བྱ། །བདུད་རྩི་མྱང་དང་བསྟོད་ཅིང་བསྐུལ། །ཏིང་འཛིན་དོན་བསམ་ཉེར་བསྡུ་བྱ། །དེ་ལས་ལྡང་བར་གྱུར་པ་ན། །གཉིས་པ་ལྷ་རྣམས་ཐམས་ཅད་ཀུན། །སྐད་ཅིག་གིས་ནི་རྫོགས་བྱ་སྟེ། །དེ་ཡི་ངང་ལས་ཏིང་འཛིན་ནི། །གསང་བ་ཁྱད་པར་རྫོགས་པར་བྱ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །རྟོག་པ་དག་པའི་ཐབས་མཆོག་ལྡན། །རྣམ་རྟོག་རང་བཞིན་ཡོངས་ཤེས་ན། །དེ་ཉིད་ཐོབ་ཏུ་མེད་པ་སྟེ། །བདེ་བ་ཆེན་པོ་ཡང་དག་འབྱུང༌། །ཆགས་པ་མེད་པས་ཀུན་ཏུ་སྤྱད། །འདི་དེའི་རང་བཞིན་རྣལ་འབྱོར་པ། །རིག་མ་རྣམས་ལ་རོལ་བྱེད་ནའང༌། །དེ་ཉིད་ཤེས་ལ་བཅིང་མེད་དེ། །རྣམ་པར་གྲོལ་བའི་ཚུལ་མཆོག་གོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་ལྷའི་གནས་མངོན་པར་འབྱུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གང་དུ་སྔགས་ཀྱི་ཡི་གེ་དང༌། །བཟང་པོའི་སྔགས་ཀྱི་ཕྲེང་བ་འདི། །རྫ་རྔ་བཅིངས་པ་ལས་ཤེས་བྱ། །རེ་མིག་བདུན་པའི་གྲངས་ཀྱིས་ནི། །ཀུན་ནས་མཉམ་པར་དགོད་པར་བྱ། །མཁས་
པས་དབྱངས་དང་གསལ་བྱེད་ནི། །སྡེ་ཚན་རིམ་པས་ཕྱེ་བ་ཉིད། །ཀུན་ནས་བསྐོར་བའི་ཚུལ་གྱིས་ནི། །རིམ་པ་བཞིན་དུ་བཏུ་བར་བྱ། །སྡེ་ཚན་དྲུག་པའི་ལྔ་པ་ནི། །ཧ་ཡི་འོག་ན་གནས་པ་བླང༌། །ཨུསྨ་ཥ་ཡི་བཞི་པ་ཉིད། །ཝ་འོག་གནས་པ་དེ་ཉིད་དེ། །སྡེ་ཚན་གཉིས་པའི་དང་པོ་སྟེ། །ཕ་ཡི་སྟེང་ན་གནས་པ་བླང༌། །ཨན་ཏསྠ་ཡི་གསུམ་པ་སྟེ། །ཡ་ཡི་སྟེང་མ་ཡང་དག་བླང༌། །སྡེ་ཚན་བརྒྱད་པའི་བཞི་པ་ནི། །མ་ཡི་སྟེང་ན་གནས་པ་སྦྱར། །སྡེ་ཚན་དང་པོའི་གཉིས་པ་ཉིད། །ཉ་ཡི་འོག་ན་གནས་པ་སྦྱར། །སྡེ་ཚན་དང་པོའི་ལྔ་པ་སྟེ། །ཌ་ཡི་འོག་ན་གནས་པར་སྦྱར། །སྡེ་ཚན་དང་པོའི་བཅོ་ལྔ་པ། །དྷ་ཡི་སྟེང་ན་གནས་པ་ཡི། །ཟླ་ཚེས་ཐིག་ལེས་བརྒྱན་པར་བྱ། །སྡེ་ཚན་དང་པོའི་བཅུ་བཞི་པ། །དེ་ཡི་འོག་མའི་ཡི་གེ་ལ། །དབྱངས་ཡིག་བཅོ་ལྔ་པ་ཡིན་ཏེ། །དྷ་ཡི་འོག་མས་བརྒྱན་པར་བྱ། །དེ་ཉིད་ཐོག་མར་སྦྱིན་བྱ་ཡིན། །སྡེ་ཚན་དྲུག་པའི་གཉིས་པ་ཉིད། །ན་ཡི་འོག་ན་གནས་པ་སྟེ། །བཞི་པ་ཡི་ནི་ཐོག་མ་གང༌། །ར་ཡི་འོག་མ་སྦྱར་བྱས་ཏེ། །ཐ་མར་འབྱུང་བའི་དྲུག་པོ་སྟེ། །འདི་ནི་ཡིད་བཞིན་ནོར་བུ་སྟེར། །ཚ་ཡི་སྟེང་ན་གནས་པ་གང༌། །བྷ་ཡི་འོག་མ་རྣམ་པར་བླང༌། །ཊ་ཡི་སྟེང་མས་བརྒྱན་པར་བྱ། །ཧ་ཡི་འོག་ན་གནས་པ་དང༌། །
ཝ་ཡི་འོག་མ་གཟུང་བར་བྱ། །པ་ཡི་སྟེང་མ་ཉིད་བཏུ་བྱ། །ཡ་ཡི་སྟེང་ན་གནས་པ་ལས། །ཉ་ཡི་སྟེང་མས་ལས་ཀུན་བྱེད། །མ་ཡི་སྟེང་གནས་ཡི་གེ་ཉིད། །རི་ཡི་འོག་མ་སྦྱར་བྱས་ལ། །ཉིས་འགྱུར་དྷ་ཡི་སྟེང་མས་བརྒྱན། །ཙ་ཡི་སྟེང་ན་གནས་པ་ལ། །ཨི་ཡི་སྟེང་མ་དྲུག་ཏུ་བཞག །འདི་ནི་དངོས་གྲུབ་འབྱུང་བའི་གནས། །ད་ཡི་སྟེང་མའི་ཡི་གེ་ལ། །དྷ་ཡི་སྟེང་མས་ཡང་དག་བརྒྱན། །རིག་བྱེད་མངོན་སུམ་དང་པོར་གནས། །མ་ལུས་ཡེ་ཤེས་སྐུར་གྱུར་པའོ། །ཥ་ཡི་འོག་ན་གནས་པ་ལ། །བྷ་ཡི་འོག་མའི་ཡི་གེ་དང༌། །ཎ་ཡི་འོག་ནས་རབ་སྦྱིན་དང༌། །པ་ཡི་འོག་མ་ཡང་དག་བླང༌། །ཐ་འོག་ཌ་འོག་སྟན་དུ་སྦྱར། །ཙ་ས་བར་གནས་ཡི་གེ་དང༌། །ཛྙཱ་ཡི་འོག་མ་བདག་པོ་སྟེ། །ཤ་ཡི་བར་ན་གནས་པ་བཟུང༌། །ཁ་དང་ཨ་ཡི་བར་གནས་པ། །ཏ་ཡི་འོག་མ་ཉ་སྟེང་ལྡན། །མ་ཡི་སྟེང་གནས་རི་འོག་སྦྱར། །ཐིག་ལེས་བརྒྱན་པ་ཉིས་འགྱུར་སྦྱར། །ཙ་ཡི་སྟེང་ན་གནས་པ་ལ། །ཨ་ཡི་སྟེང་མས་བརྒྱན་པ་དྲུང༌། །འདི་ནི་སྦས་པའི་སྙིང་པོ་སྟེ། །རང་སྲོག་ཡི་གེར་གསང་བའོ། །ང་ཡི་སྟེང་མའི་ཡི་གེ་ལ། །དྷ་ཡི་སྟེང་མས་བརྒྱན་པར་བྱ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །སྙིང་པོ་བཟླས་པའི་རིག་པ་སྟེ། །བཀྲ་ཤིས་པ་ནི་ཐོག་མར་སྦྱར། །ན་ཡི་སྟེང་མས་ཡང་དག་
བརྒྱན། །ཛ་ཡི་གོང་མ་དྷ་སྟེང་སྦྱར། །ས་ལ་བར་གནས་ཌ་སྟེང་སྦྱར། །ཐིག་ལེ་ནཱ་དས་བརྒྱན་པར་བྱ། །ན་འོག་དྷ་སྟེང་མགོ་བོར་སྦྱིན། །འདི་ལས་མ་སྟེང་རི་འོག་ལྡན། །ཐིག་ལེ་ཟླ་ཚེས་དག་གིས་མཚན། །ཙ་ཡི་སྟེང་ན་གནས་པ་ལ། །ར་ཡི་འོག་མ་དྲུང་དུ་སྦྱིན། །བྷ་སྟེང་གནས་པ་ལ་འོག་སྦྱར། །ཉ་ཡི་འོག་མ་ཡང་དག་ལྡན། །ཤ་ས་བར་གནས་ཉ་འོག་སྦྱར། །འདི་ནི་གསང་བའི་བཟླས་པ་སྟེ། །བྱ་བ་སྟོབས་ལྡན་ཉིད་ཡིན་ནོ། །གང་དུ་མངོན་པར་ཕྱོགས་པ་ཡི། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །གསང་སྔགས་མཆོག་ཏུ་གྱུར་པ་འདིས། །སྟོང་དང་བརྒྱ་པོ་བཅུ་འགྱུར་གྱིས། །རིགས་ནི་དམ་པའི་ས་ལ་གནས། །ཐོབ་པ་ཡུལ་དང་ཡུལ་དུ་གནས། །ཕ་ཡི་འོག་མ་དང་པོར་བླང༌། །ཧ་ཡི་འོག་མ་བླང་བྱས་ལ། །ཐ་ཡི་སྟེང་མ་སྦྱིན་པར་བྱ། །ཌ་ཡི་སྟེང་མའི་དྲུང་ཉིད་དུ། །ཤ་ཡི་ཐོག་མས་བརྟེན་པར་བྱ། །ཕ་ཡི་སྟེང་མས་བཏུ་བར་བྱ། །ལ་ཡི་སྟེང་མའི་ཡི་གེ་ལ། །ཌ་ཡི་སྟེང་མས་སྟན་དུ་སྦྱར། །ཉ་ཡི་སྟེང་མ་ཉིས་འགྱུར་ལ། །ཕྱི་མ་ཉ་ཡི་འོག་མས་བརྒྱན། །ཨཻ་ཡི་འོག་གྱུར་བསྡུས་པ་ལ། །ཤ་ཡི་སྟེང་མ་དྲུང་དུ་སྦྱར། །ལ་ཡི་འོག་མ་རྒྱན་དུ་བྱས། །ཉ་ཡི་འོག་གིས་སྦྱིན་པར་བྱ། །ཨོ་ཡི་འོག་ན་གནས་པ་ལ། །ཉ་ཡི་འོག་མས་བརྒྱན་པར་བྱ། །
ད་ཡི་འོག་མར་གནས་པ་ལ། །ཐིག་ལེ་ནཱ་ད་དག་གིས་བརྒྱན། །ད་ཡི་འོག་མའི་ཡི་གེ་ལ། །ཨུ་ཡི་སྟེང་མ་སྦྱིན་པར་བྱ། །ཚ་ཡི་སྟེང་ན་གནས་པ་གང༌། །བྷ་ཡི་འོག་མ་རྣམ་པར་བླང་། །ཏ་ཡི་སྟེང་མས་བརྒྱན་པར་བྱ། །དྷ་ཡི་འོག་མ་གནས་པ་དང༌། །ཝ་ཡི་འོག་མ་གཟུང་བར་བྱ། །ས་ཡི་སྟེང་མ་ཉིད་བསྡུས་ལ། །ཡ་ཡི་སྟེང་ན་གནས་པ་ལས། །ཉ་ཡི་འོག་མས་དེ་ལ་བརྒྱན། །ཉ་ཡི་འོག་མ་ཀུན་གྱི་རྟེན། །ས་ཡི་སྟེང་མ་བླང་བར་བྱ། །བྷ་ཡི་སྟེང་ན་གནས་པ་ལ། །ལ་ཡི་འོག་མས་བརྒྱན་པར་བྱ། །ཕ་ཡི་སྟེང་མ་ཉིད་དེ་བླང༌། །ཛྷ་ཡི་འོག་མ་ད་སྟེང་དང༌། །པ་ཡི་སྟེང་ན་གནས་པ་ལ། །ཨུ་ཡི་སྟེང་མ་ཡང་དག་བླང༌། །ཨེ་ཡི་འོག་གནས་ཡི་གེ་ལ། །དྷ་ཡི་སྟེང་མ་མགོ་བོར་སྦྱིན། །ལ་ཐ་བར་གནས་པ་ལ་ཡང་། །ཎ་ཡི་སྟེང་མས་བརྒྱན་པར་བྱ། །མ་སྟེང་ཐིག་ལེ་ནཱ་དས་བརྒྱན། །ཛ་འོག་གནས་པའི་ཡི་གེ་ལ། །ང་སྟེང་ས་ཡི་སྟེང་མ་དང༌། །ཕ་འོག་ཏ་ཡི་འོག་མས་བརྒྱན། །ཛ་ཡི་གོང་ན་གནས་པ་དང༌། །མ་ཡི་སྟེང་མ་ས་སྟེང་གནས། །ཡ་ཡི་སྟེང་མ་ཉིད་དང་ལྡན། །ཛ་འོག་ཉ་ཡི་སྟེང་མ་ལ། །དྷ་ཡི་སྟེང་མས་མགོ་བོར་བརྒྱན། །ཌ་ཡི་འོག་མ་ཤ་སྟེང་ལྡན། །ཐིག་ལེ་ནཱ་དས་བརྒྱན་པའོ། །ཌ་ཡི་སྟེང་མས་ཚ་ཉིད་དུ། །ཤ་ཡི་ཐོག་མས་བརྟེན་པར་བྱ། །ཕ་ཡི་སྟེང་མ་བཏུ་
བར་བྱ། །ལ་སྟེང་གནས་པ་ཊ་སྟེང་སྦྱར། །ཉ་ཡི་སྟེང་དུ་ཉིས་འགྱུར་བ། །ཕྱི་མའི་ཉ་ཡི་འོག་མས་བརྒྱན། །དབྱངས་ཡིག་དང་པོ་ཀ་འོག་ཅན། །ས་སྟེང་གནས་པ་ཉིད་དང་ཡང༌། །ཨུ་སྟེང་གནས་པ་ཡང་དག་བཅས། །ས་སྟེང་གནས་པ་ཐིག་ལེས་བརྒྱན། །ཉ་ཡི་སྟེང་མའི་གནས་པ་ལ། །ཨཻ་ཡི་འོག་གནས་ག་མདུན་གནས། །ཏ་ཡི་འོག་མ་མགོ་བོར་སྦྱིན། །ང་སྟེང་གནས་པ་ཎ་འོག་སྦྱར། །ལ་སྟེང་གནས་པ་ཊ་འོག་བཅས། །ལ་འོག་ཟུར་གནས་སྦྱར་བར་བྱ། །བྷ་ཡི་འོག་མའི་ཡི་གེ་ལ། །མ་སྟེང་གནས་པ་སྟན་དུ་བྱས། །ཤ་འོག་ཛ་ཡི་སྟེང་མར་སྦྱར། །ཎ་འོག་གནས་པ་ཉིད་དྲུང་སྟེ། །བྷ་སྟེང་གནས་པའི་འོག་མས་བརྒྱན། །ཤ་སྟེང་དྲུང་དུ་སྦྱིན་པར་བྱ། །ལ་སྟེང་ཤ་ཡི་ཐོག་མ་ལ། །ཕྱི་མ་ཉ་འོག་གནས་པས་མཛེས། །ཊ་འོག་ཤ་ཐོག་ཐིག་ལེས་བརྒྱན། །ཤ་ཐོག་རི་ཡི་འོག་མས་བརྒྱན། །བ་ཐོག་ལ་སྟེང་གནས་པ་སྦྱར། །དེ་ལ་ཉ་འོག་སྦྱིན་པར་བྱ། །བ་སྟེང་གནས་པ་ལ་འོག་ལྡན། །ཉ་འོག་དག་གིས་ཡང་དག་མཛེས། །ཀ་ག་བར་གནས་པ་ཉིད་ལ། །ཉིས་འགྱུར་དུ་ནི་བསྡུ་བར་བྱ། །གྷ་སྟེང་གནས་པ་དེ་ཉིད་ལ། །ཉ་འོག་བརྒྱན་པ་ཉིད་དུ་བྱ། །མ་ཡི་ཐོག་མར་ཌ་འོག་བཅས། །གྷ་སྟེང་གནས་པ་ཉིད་དང་ནི། །ཝ་འོག་གནས་པ་ཋ་འོག་སྦྱིན། །
ཧ་འོག་ཎ་ཡི་འོག་མར་ལྡན། །དེ་ཡི་ཉིས་འགྱུར་ཤེས་པར་བྱ། །ཁ་འོག་མ་ཡི་ཡི་གེ་ལ། །ཨུ་རི་བར་གནས་སྦྱར་བར་བྱ། །མ་སྟེང་ཕ་འོག་འོག་ཏུ་སྦྱིན། །དེ་ནི་ཉིས་འགྱུར་སྦྱར་བར་བྱ། །ཚ་ཡི་སྟེང་མ་ཕ་ཐོག་དྲུང༌། །ཥ་ཡི་ཐོག་མ་དྲུང་དུ་གནས། །དེ་ནི་ཟུང་དུ་སྦྱར་བར་བྱ། །མ་སྟེང་གནས་པས་ས་ཐོག་དྲུང༌། །ཉིས་འགྱུར་རིམ་པར་ཤེས་པར་བྱ། །ཤ་ཐོག་གནས་པ་ཝ་ཐོག་དྲུང༌། །ལན་གཉིས་སུ་ནི་བརྗོད་པར་བྱ། །ཀ་འོག་གནས་ཕ་པ་བསྟན་པ། །བ་འོག་སྟན་དུ་བྱས་པ་ཉིད། །ཉིས་འགྱུར་དག་ཏུ་ཤེས་པར་བྱ། །བྷ་སྟེང་གནས་པ་ཊ་སྟེང་དྲུང༌། །ཥ་ཡི་འོག་མ་སྟེང་དུ་བྱས། །ཤ་སྟེང་ཌ་ཡི་འོག་མས་བརྒྱན། །བྷ་འོག་ཨི་ཐོག་སྟན་དུ་སྦྱར། །ཕ་ཡི་སྟེང་མ་དྲུང་དུ་བཞག །ཧ་ཡི་འོག་མ་ཎ་འོག་ལྡན། །ཕ་ཐོག་དྲག་པོར་འགྱུར་བའོ། །ཤ་སྟེང་ཐ་ཡི་འོག་མས་བརྒྱན། །འདི་ཉིད་རིམ་པ་མངོན་སྤྱོད་པའི། །བསྙེན་པའི་དུས་སུ་མ་ར་ན། །སྒྲུབ་པའི་དུས་སུ་མ་ར་ཡ། །མཱ་ར་ཡ་ཡི་ཐོག་མར་སྦྱར། །མ་ཡི་སྟེང་གནས་རི་འོག་སྦྱར། །ཉིས་འགྱུར་ཐིག་ལེ་ནཱ་དས་བརྒྱན། །ཙ་ཡི་སྟེང་ན་གནས་པ་ལ། །ཨི་ཡི་སྟེང་མ་བརྒྱན་པ་དྲུང༌། །བྷ་ཐོག་ཐ་ཐོག་གནས་པ་སྦྱར། །དེ་ལ་ཉ་ཡི་འོག་མས་བརྒྱན། །མ་སྟེང་གནས་པ་ཉ་འོག་ནི། །ཡང་དག་སྟན་དུ་བྱ་བའོ། །འདི་ནི་དྲི་
མེད་བདེ་བའི་གཏེར། །སྙིང་པོ་གསང་སྔགས་འདི་ཉིད་ནི། །གང་དུ་གནས་པའི་ས་ཕྱོགས་སུ། །ནག་པོ་ཆེན་པོ་འཁོར་དང་བཅས། །མ་ལུས་ཞིང་སྐྱོང་འཁོར་དང་བཅས། །དུར་ཁྲོད་རོ་ལ་ལྕེ་སྤྱང་དང༌། །ཤ་ཟའི་ཚོགས་རྣམས་འདུ་བ་བཞིན། །ངེས་པར་འདུ་བར་བྱེད་པ་སྟེ། །བསྟན་པ་རྒྱ་མཚོ་སྲུང་བྱེད་པའོ། །དཔག་ཚད་བརྒྱད་ཁྲིའི་བར་དུ་ནི། །དེ་ཡི་བགེགས་རྣམས་མ་ལུས་པ། །ཏིལ་འབྲུ་ཙམ་དུ་བྱེད་པར་མཛད། །སྙིང་པོ་འདི་ནི་ཟློས་བྱེད་ཅིང༌། །གང་དུ་ཉི་མ་གཅིག་ཏུ་ཡང༌། །མ་ཆད་མངོན་པར་སེམས་པ་ཡི། །ཧེ་རུ་ཀ་དཔལ་རྣལ་འབྱོར་ལ། །འཇིགས་པ་ཀུན་ལས་སྲུང་བ་དང༌། །ཞི་བ་དང་ནི་རྒྱས་པ་དང༌། །དེ་བཞིན་དབང་དང་མངོན་སྤྱོད་ལ། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །ཇི་སྲིད་མཚན་མ་མ་བྱུང་གི། །བར་དུ་འབད་དེ་བསྒྲུབ་པར་བྱ། །མཚན་མ་བྱུང་ནས་བླ་མ་ཡི། །མན་ངག་བཞིན་དུ་ལས་ལ་སྦྱར། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཡང་དག་ཡེ་ཤེས་སྐྱེད་པ་པོ། །གདུག་པ་མ་ལུས་འདུལ་མཛད་པ། །གཏུམ་པོ་དེ་ཡི་གསང་བའི་ཡུམ། །ལྷ་མོ་བཞི་དང་བཅས་པ་ཡི། །གསང་སྔགས་བཏུ་བ་བཤད་
པར་བྱ། །དབྱངས་ཡིག་བཅུ་བཞི་པ་དག་ལ། །ཐིག་ལེ་ནཱ་དས་རྣམ་པར་བརྒྱན། །རིག་བྱེད་མངོན་སུམ་དང་པོར་གནས། །དྲུག་པ་ཡི་ནི་ལྔ་པ་དང༌། །མཐར་གནས་པ་ཡི་བཞི་པ་དང༌། །བདུན་པ་ཡི་ནི་དང་པོ་ཉིད། །ཨན་ཏསྠ་ཡི་གསུམ་པ་སྟེ། །དང་པོའི་གསུམ་པ་ཐོག་ཏུ་སྦྱིན། །ལྔ་པའི་ལྔ་པ་གསུམ་པས་བརྒྱན། །གཉིས་པ་ཡི་ནི་དང་པོ་ལ། །ཨན་ཏསྠ་ཡི་གསུམ་པས་བསྟན། །དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན། །དྲུག་པ་ཡི་ནི་དང་པོ་དང༌། །དབྱངས་ཀྱི་དགུ་པས་གནས་དེར་སྦྱར། །གཉིས་པ་ཡི་ནི་དང་པོ་དང་། །ཨན་ཏསྠ་ཡི་གསུམ་པ་དང༌། །དེ་ཉིད་ཀྱི་ནི་གཉིས་པ་དང༌། །ལྔ་པ་ཡི་ནི་དང་པོ་ལ། །དབྱངས་ཀྱི་བདུན་པས་སྟེང་འོག་སྦྱིན། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཀྱི་གསུམ་པ་མགོ་བོར་སྦྱིན། །གསུམ་པ་ཡི་ནི་དང་པོ་ལ། །དྲུང་དུ་ལྔ་པའི་ལྔ་པ་སྦྱར། །ལྔ་པའི་བཞི་པ་དག་དང་སྦྱར། །དང་པོའི་དང་པོའི་དྲུང་དུ་ནི། །གཉིས་པའི་གསུམ་པ་སྦྱར་བ་དང༌། །མཐར་གནས་ལས་ཀྱི་ཕྱི་མ་ཡི། །དེ་ལ་དབྱངས་ཀྱི་གསུམ་པས་བརྒྱན། །ཨན་ཏསྠ་ཡི་དང་པོ་ལ། །དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། །བརྒྱད་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་དྲུག་པ་དག་གིས་བརྒྱན། །ཐིག་ལེ་ནཱ་དས་མཛེས་པའོ། །དྲུག་པ་ཡི་ནི་གཉིས་པ་
ཉིད། །བཞི་པ་ཡི་ནི་ཐོག་མ་སྦྱར། །འདི་ནི་གསང་བའི་གཏུམ་པ་མོ། །དྲག་ཅིང་ཤིན་ཏུ་ཆེར་འཇིགས་བྱེད། །ཡིད་བཞིན་ནོར་བུའི་རིགས་འཛིན་གཏེར། །བཀྲ་ཤིས་པ་ནི་ཐོག་མར་སྦྱར། །མཐར་གནས་པ་ཡི་བཞི་པ་ལ། །དབྱངས་ཡིག་བདུན་པ་སྟེང་འོག་སྦྱར། །ཐིག་ལེ་ནཱ་དས་མཛེས་པ་ཡིན། །ཨུསྨ་ཥ་ཡི་བཞི་པ་ལ། །དབྱངས་ཡིག་དྲུག་པ་དང་སྦྱར་བ། །ཨན་ཏསྠ་ཡི་གཉིས་པ་སྦྱར། །དེ་ཉིད་ཐིག་ལེས་མཛེས་པར་བྱས། །གཉིས་པའི་དང་པོ་བླང་བྱས་ལ། །དབྱངས་ཀྱི་དགུ་པ་བླང་བ་ཉིད། །དྲུག་པ་ཡི་ནི་ལྔ་པ་ལ། །ཨུསྨ་ཥ་ཡི་བཞི་པ་དང༌། །གཉིས་པ་ཡི་ནི་དང་པོ་དང༌། །དབྱངས་ཡིག་བཅུ་པ་སྦྱར་བར་བྱ། །བདུན་པ་ཡི་ནི་གཉིས་པ་དང༌། །གཉིས་པ་ཡི་ནི་དང་པོ་དང༌། །ལྔ་པའི་དང་པོ་བཏུ་བར་བྱ། །དྲུག་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་བཅོ་ལྔ་པ་ཡིས་བརྒྱན། །གཉིས་པའི་ལྔ་པར་གནས་པའོ། །མཐར་གནས་པ་ཡི་གསུམ་པ་དང༌། །ལྔ་པ་ཡི་ནི་ལྔ་པ་དང༌། །དྲུག་པ་ཡི་ནི་བཞི་པ་དང༌། །ཕྱི་མའི་ཡང་ནི་བཞི་པ་ལ། །ལྔ་པ་ཡི་ཡང་ལྔ་པ་ལ། །དབྱངས་ཀྱི་གསུམ་པས་བརྒྱན་པར་བྱ། །དང་པོ་ཡི་ནི་དང་པོ་དང་། །དྲུག་པ་ཡི་ནི་ལྔ་པ་ལ། །དབྱངས་ཀྱི་ལྔ་པས་བརྒྱན་པར་བྱ། །གཉིས་པ་ཡི་ནི་དང་པོ་དང༌། །མཐར་གནས་པ་ཡི་
གསུམ་པ་ལ། །ཨན་ཏསྠ་ཡི་དང་པོ་སྦྱར། །མཐར་གནས་པ་ཡི་གསུམ་པ་དང༌། །བདུན་པ་ཡི་ནི་ལྔ་པ་དང༌། །དྲུག་པ་ཡི་ནི་བཞི་པ་སྦྱར། །ལྔ་པ་ཡི་ནི་ལྔ་པ་དང༌། །དབྱངས་ཀྱི་དགུ་པའི་ཡི་གེ་ལ། །ལྔ་པའི་གསུམ་པ་གདགས་པར་བྱ། །ཨུསྨ་ཥ་ཡི་གསུམ་པ་ལ། །ལྔ་པའི་དང་པོ་སྦྱར་བར་བྱ། །ཐིག་ལེ་ནཱ་དས་ཡང་དག་བརྒྱན། །དྲུག་པ་ཡི་ནི་གསུམ་པ་དང༌། །ཨན་ཏསྠ་ཡི་དང་པོ་སྟེ། །ཡི་གེ་གསུམ་གྱི་བདག་ཉིད་ཀྱིས། །ཉིས་འགྱུར་དག་ཏུ་སྦྱར་བར་བྱ། །ཨུསྨ་ཥ་ཡི་བཞི་པ་ལ། །དང་པོའི་དྲུག་པ་དང་སྦྱར་བ། །ཨན་ཏསྠ་ཡི་གཉིས་པ་སྦྱར། །ཐིག་ལེ་ནཱ་དས་བརྒྱན་པར་བྱ། །འདི་ནི་གསང་བའི་ཡུམ་དག་གིས། །སྙིང་པོ་སྦས་པ་མཆོག་གྱུར་པ། །ལྷ་མོ་ནག་མོ་ཡེ་ཤེས་ཆེ། །སྔགས་ནི་དྲག་ཅིང་སྡུད་པའོ། །དེ་ནས་ཡེ་ཤེས་ལྔ་ལྡན་པའི། །རིག་བྱེད་མངོན་སུམ་དང་པོར་གཞག །དྲུག་པ་ཡི་ནི་ལྔ་པ་དང༌། །མཐར་གནས་པ་ཡི་བཞི་པ་ལ། །གཉིས་པ་ཡི་ནི་དང་པོ་ཉིད། །ཨན་ཏསྠ་ཡི་གསུམ་པ་སྟེ། །དང་པོའི་གསུམ་པ་ཐོག་ཏུ་སྦྱིན། །དང་པོའི་བཅུ་དྲུག་པ་མཐའ་བྱ། །མཐར་ནི་ཧཱུྃ་ཕཊ་སྦྱར་བར་བྱ། །སྡེ་ཚན་གཉིས་པའི་དང་པོ་ལ། །ཨན་ཏསྠ་ཡི་གཉིས་པ་སྦྱར། །དང་པོའི་དགུ་པ་བླང་བ་ཉིད། །དྲུག་པ་ཡི་ནི་ལྔ་པ་ལ། །ཐིག་ལེ་ནཱ་དས་བརྒྱན་པའོ། །
གཉིས་པ་ཡི་ནི་དང་པོ་ལ། །དྲུང་དུ་དེ་ཉིད་ལྔ་པ་སྦྱར། །གཉིས་པའི་དང་པོ་དེ་ཉིད་དང༌། །དབྱངས་ཀྱི་དགུ་པ་སྦྱར་བར་བྱ། །མཐར་གནས་པ་ཡི་བཞི་པ་ལ། །བདུན་པ་ཡི་ནི་གཉིས་པ་སྦྱར། །དེ་ལ་ཐིག་ལེ་ནཱ་དས་བརྒྱན། །གཉིས་པ་ཡི་ནི་དང་པོ་ལ། །ཨན་ཏསྠ་ཡི་གསུམ་པ་དང༌། །བདུན་པ་ཡི་ནི་གཉིས་པ་སྦྱར། །ལྔ་པའི་དང་པོ་ཉིད་ལ་ཡང༌། །དབྱངས་ཀྱི་བདུན་པ་སྟེང་འོག་སྦྱར། །བདུན་པ་ཡི་ནི་གཉིས་པ་ལ། །ཐིག་ལེ་ནཱ་དས་མཛེས་བྱས་པའོ། །འདི་དག་ཀུན་གྱི་ཐོག་མ་དང༌། །ཐ་མར་ཡང་དག་བརྟེན་པར་བྱ། །འདི་ནི་ཌཱ་ཀི་བཞི་དག་གི། །སྙིང་པོ་སྦས་པ་མཆོག་ཏུ་གསུངས། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་སྔགས་རིམ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །གསང་བ་སྔགས་ཀྱི་འཁོར་ལོ་ལས། །མཐར་ནི་ཧཱུྃ་ཕཊ་སྦྱར་བར་བྱ། །ལྷ་ཡི་འཁོར་ལོ་རྒྱ་མཚོ་ཉིད། །ལན་ཚྭ་ཆུ་རྒྱུན་འབབ་པའི་ངང༌། །གངས་ཀྱི་ཐིགས་པ་བདུད་རྩིའི་ཆུ། །མེ་ཏོག་མདངས་གསལ་སྙིང་པོ་ཡི། །གེ་སར་ཟེ་འབྲུར་ལྡན་པ་ལ། །འདབ་རྒྱས་ཡེ་ཤེས་ཉི་ཤར་བས། །རང་གྲོལ་མདངས་འབར་རབ་ཏུ་རྒྱས། །རྡོ་རྗེ་རིན་ཆེན་རལ་གྲི་དང༌། །འཁོར་ལོ་འབར་བའི་རྩིབས་
དག་ལས། །འཁོར་བའི་རྒྱུ་ལས་འོད་ཟེར་འཕྲོ། །སྟེང་འོག་དག་ལས་རིམ་པ་ནི། །འཁྲུག་ཅིང་གཅོད་པའི་གྲི་གུག་གིས། །ལས་དང་ཕྲིན་ལས་རང་བྱུང་དུ། །བྱེད་ཅིང་བསྐུལ་བའི་ལས་གྲུབ་པ། །ཕྱི་ནང་གསང་བ་རིམ་བཞིན་དུ། །དབབ་དང་སྔགས་པ་བཟློག་པ་སྟེ། །རྩ་བ་ཡན་ལག་ལས་བཞིར་འགྱུར། །དང་པོ་ཐུན་མོང་དགུ་པ་སྟེ། །གཉིས་པ་བྱེ་བྲག་ཕྱེད་པ་དང༌། །བསྐྱེད་པའི་ཡེ་ཤེས་མི་བཟློག་པ། །ཀླུངས་སུ་ཆུད་པ་ཕྱག་རྒྱ་ཆེ། །སྙིང་པོ་གཅིག་ལ་དུས་གསུམ་དུ། །འགྱུར་མེད་དེ་ཉིད་དབྱེ་བ་ཉིད། །གཅིག་ལས་དུ་མའི་ངོ་བོ་ཅན། །འཇིག་རྟེན་པ་དང་ཡེ་ཤེས་ཆེ། །མི་འགྱུར་བ་དང་འགུགས་པ་དང༌། །ལས་རྣམས་བྱེད་པའི་སྲོག་གྱུར་པ། །གསང་སྔགས་འཁོར་ལོ་འདི་དག་ནི། །བྱེ་བྲག་རྣལ་འབྱོར་པས་ཤེས་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རཱི་ཎཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚ་ས་ཏྭཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། སརྦྦ་དུཥྚཾ། དི་ན་མེ་ཀེ་ན་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ།
ཨོཾ་མ་ཧཱ་ཀཱ་ལི་ནི་ཀྲོ་དྷ་ས་ཀི་ལ་རཀྵི་ཎི་ཙཎྜ་ཨཀྵི་ཡེ་ཧཱུྃ་ཕཊ། ཨོཾ་ཧྲཱིཿ ཧཱུྃ་ཀཱ་ལི་མ་ཧཱ་ཀཱ་ལི་རཀྟ་མཾ་སེ་ན། བྷཀྵ་ཎི། ཨ་མུ་ཀ་སྱ། སརྦྦ་བ་ལིཾ་སྟཾ་བྷ་ཡ་ཧཱུྃ་ཕཊ། ཨོཾ་ཨཾཿ མཾ་ཧྲཾ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཀ་ར་ལི་མཾ་ཧཱུྃ་ཕཊ། ཨོཾ་ཀཾ་ཀཱ་ལི་ཧྲི་ཧཱུྃ་ཕཊ། ཨོཾ་ཀཱ་ལ་ར་ཏྲི་རཾ་ཧཱུྃ་ཕཊ། དེ་ལས་དངོས་སམ་ཉམས་སུ་ཡང༌། །ནག་པོ་ཆེན་པོའི་ཞལ་སྟོན་དང༌། །ཐ་མ་རྨི་ལམ་ལུང་སྟོན་པ། །མི་ནག་བོང་ཐུང་གསུས་འཕྱང་དང༌། །བྱ་ནག་ཁྭ་ཏ་ལ་སོགས་འོང༌། །དེ་ཡང་རབ་འབྲིང་ཐ་མ་ཡི། །བྱེ་བྲག་རྟགས་སུ་འཆར་བར་འགྱུར། །གྲངས་ནི་བདུན་འབུམ་དག་གིས་ནི། །མངོན་སུམ་གསལ་བའི་ངེས་པ་འཆར། །ཁྲི་ཕྲག་བདུན་དང་ཁྲི་ཕྲག་དགུ། །སྟོང་ཕྲག་བདུན་གྱིས་ཉེ་བར་འགྱུར། །ཐབས་དང་ཤེས་རབ་བཅས་པ་ཡི། །སྔགས་ཀྱི་སྟོང་ཕྲག་བཅུ་དག་ནི། །དུས་ནི་ཟླ་དྲུག་ཞག་བདུན་བར། །རྣལ་འབྱོར་སྨྲ་བ་བཅད་དེ་བཟླས། །མི་ཚིག་བར་མ་ཆོད་པ་ཡི། །གསང་སྔགས་ཕྲིན་ལས་ངེས་པར་འགྲུབ། །ཐུན་མཚམས་མཆོད་དང་གཏོར་མ་དང༌། །བསྟོད་དང་བཅོལ་བསྐུལ་ལས་ལ་འབད། །རང་ཉིད་ཧེ་རུ་ཀར་གསལ་བ། །རི་རབ་སྟེང་དུ་ཡུམ་བཅས་བསམ། །དེ་མདུན་ནག་པོ་ཆེན་པོ་ཉིད། །གསལ་བ་བསྐྱེད་ཚུལ་དབྱེ་བ་ཡི། །རྒྱན་དང་ཆ་ལུགས་རྫོགས་
པ་ནི། །མངོན་སུམ་ལྟ་བུར་བལྟ་བར་བྱ། །བདག་དང་མདུན་གྱི་མགོན་པོ་ཡི། །ཐུགས་ཀའི་ས་བོན་རང་སྔགས་ལས། །དེ་ལྟར་སྤྲོ་བསྡུའི་ཏིང་འཛིན་བསམ། །དེ་ལྟར་དུས་དང་གཞན་དུ་ཡང༌། །རྟེན་བཅས་དཀྱིལ་འཁོར་བཞེངས་པ་དང༌། །རྟེན་བཙུགས་རྟེན་བྱེད་དེ་ཉིད་བསྙེན། །དེ་ནས་རྟེན་བཅས་ཙམ་གྱིས་ནི། །ངེས་པར་དེ་ཡི་མདུན་སོང་བས། །མཆོད་དང་གཏོར་མ་བཤམ་པར་བྱ། །ཤ་ཆེན་སྲེག་སྤོས་ཕུལ་ནས་ནི། །དམིགས་པ་གཏོད་པར་བྱེད་པ་དང༌། །གང་ལ་བྱ་བའི་བསྒྲུབ་བྱ་དེ། །དམིགས་པས་བཀུག་ཅིང་བསྟབ་པ་དང༌། །གཏོར་མར་དབུལ་ཞིང་བཀའ་བསྒོ་བྱ། །ལྷ་དང་ཕྲལ་ཞིང་ཉེས་པ་བསྒོ། །དེ་ནས་མ་ཉེས་ཉེས་པ་བསྒྲག །དཔང་བཙུགས་ལས་ལ་བཅོལ་བསྐུལ་བྱ། །དེ་ཡིས་ངེས་པར་འགྲུབ་པར་འགྱུར། །དེ་ལས་ཁྱད་པར་ཕྲིན་ལས་ནི། །ལྷ་སྦྱིན་དང་ནི་མཆོད་སྦྱིན་སོགས། །བསྒྲལ་བའི་ཞིང་དེ་གང་ཡིན་པ། །དེ་ཡི་ཟག་པའི་རྫས་རྣམས་དང༌། །ཕུང་ཤུལ་ས་དང་གཡུལ་སྤྲད་ས། །གྲོག་མཁར་ས་ལ་སོགས་པ་རྣམས། །བདུན་ཆད་ས་ལ་བོང་བུའི་ཆུས། །སྦྲུས་ཏེ་ལིང་ག་སྟ་གོན་བྱ། །དེ་ནས་དབེན་པར་སོང་ནས་ནི། །མར་ངོ་ཡི་ནི་ཚེས་བརྒྱད་དམ། །བཅུ་བཞི་ལ་སོགས་སྒྲུབ་དུས་ལ། །གཟའ་སྐར་ཤིན་ཏུ་དྲག་པོ་ལ། །དེ་ནས་
འཁོར་ལོ་བྲི་བར་བྱ། །རྒྱུ་ནི་རོ་རས་ཤིང་ཤུན་དང༌། །ཞིང་ལྤགས་དག་ལ་དུག་སྣ་དང༌། །ཁྲག་དང་དུག་གི་མེ་ཏོག་གི། །དུ་བ་མཚན་ངན་ཐོད་ཆགས་ལ། །མཆོག་ཕུར་བསྟོད་པའི་སྣག་ཚས་བྲི། །རྒྱ་སྐྱེགས་དག་གིས་བསྲེས་ལ་བྲི། །ཚད་དང་ལྡན་པའི་མུ་ཁྱུད་ནི། །རིམ་པ་བཞི་དང་ལྡན་པ་ལ། །ནང་དུ་ལེ་ཚེ་དགུ་པ་བྱ། །ཕྱོགས་བཞི་དབུས་དང་ལྔ་པོར་ནི། །གྲུ་གསུམ་ནག་པོ་ས་བོན་བཅས། །ལས་རྣམས་བྱེད་པ་རླུང་ཡིག་དང༌། །མ་ཧཱ་ཀཱ་ལ་འབྲུ་བཞི་དང༌། །སྟེང་ནོན་ཨོཾ་དང་བཛྲ་སྟེ། །དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། །ཨ་མུ་ཀ་དང་བཅས་པ་ཡི། །ཡི་གེ་བཅུ་གསུམ་ཉིས་འགྱུར་ལ། །གཡས་བསྐོར་དག་ཏུ་དགོད་པར་བྱ། །དེ་ཡི་ཕྱི་རིམ་པད་འདབ་བརྒྱད། །སྒོ་མཚམས་ལྷ་མོའི་འཁོར་ལོའི་སྔགས། །མིང་སྤེལ་བཅས་པ་དགོད་པར་བྱ། །དེ་ཡི་ནང་གི་གྲུ་ཆད་བཞིར། །ཧཱུྃ་གཉིས་ཕཊ་དང་བཅས་པ་ལ། །མིང་སྤེལ་བཅུག་ལ་བྲི་བར་བྱ། །ཁྱད་པར་སྦས་པའི་འཁོར་ལོ་ནི། །དབུས་སུ་རླུང་གི་ས་བོན་ཉིད། །ཕྱོགས་བཞིར་མཁའ་འགྲོ་མ་བཞི་གནས། །ཕྱོགས་བཞིར་སྔགས་ཀྱི་ཕྲེང་བ་ལས། །ཕྱི་རོལ་རྩིབས་ལ་གཅོད་པའི་སྔགས། །འདབ་བརྒྱད་ཆ་ལ་ཙཎྜི་ཀ །མཐའ་རྟེན་སྔ་མ་དག་དང་མཚུངས། །ཡང་ན་རིམ་པ་གསུམ་པ་ཡི། །
གསང་སྔགས་མ་ཧཱ་ཀཱ་ལ་ཡི། །ཕྲིན་ལས་ཁྱད་པར་དགོད་པར་བྱ། །འདིས་ནི་ཤིན་ཏུ་མངོན་སྤྱོད་མྱུར། །ཐབས་དང་ཤེས་རབ་ཁྱད་པར་དང༌། །སྟེང་འོག་བར་གྱི་དབྱེ་བ་ཡིས། །ཟངས་དང་ལྕགས་ཀྱི་གྲི་གུག་གིས། །བླ་དང་ཚེ་སྲོག་དོན་སྙིང་ལ། །མྱུར་དུ་འཁོར་བས་གཅོད་པར་བྱེད། །སྡུད་བྱེད་འཕྲོག་ཅིང་ལེན་པའི་སྲོག །བསྒྲལ་བ་རྡོ་རྗེ་རིགས་ཀྱི་ལས། །ཐུན་མོང་དུ་ནི་བྱ་བ་ཡིན། །ཁྱད་པར་འཁོར་ལོ་དྲིལ་བྱ་སྟེ། །དུས་ཀྱི་རིམ་པས་ལས་ལ་སྦྱར། །འདི་ནི་ཀུན་ཏུ་མནན་པ་སྟེ། །ལས་ཀྱི་གཤིན་རྗེའི་གནས་སུ་གཏད། །འཁོར་ལོ་ལ་ཡང་བསྙེན་པ་དང༌། །སྒྲུབ་པ་གོ་རིམ་ནོར་མི་བྱ། །འདི་ནི་བྱ་བ་མི་འགྲུབ་མེད། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་སྔགས་དང༌འཁོར་ལོ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །རྣལ་འབྱོར་ཏིང་འཛིན་ལ་ཞུགས་ཏེ། །མངོན་པར་སྤྱོད་པ་བརྩམ་པར་བྱ། །ཁྱད་པར་དུར་ཁྲོད་སྐྱེས་པའི་ཤིང༌། །ལྷ་འདྲེ་གཏུམ་པོ་གནས་པ་ལས། །མ་མོའི་བྱེ་བྲག་བརྟགས་པ་ལ། །བཅད་པ་མགོ་མཇུག་མ་ནོར་བར། །གཉིས་གཤགས་དེ་ནས་སྔགས་བྲིས་ལ། །བསྡམས་ཏེ་ཟླ་བ་མིག་གིས་ནི། །ཕྱེ་བའི་བདུན་ཕྲག་གསུམ་པ་ལ། །
ལེགས་པར་བཞག་སྟེ་ཚད་དུ་བྱ། །དཀྱིལ་འཁོར་གྲུ་གསུམ་པ་ལ་གཟུགས། །གཞན་ཡང་བསྒྲུབ་བྱའི་གཟུགས་དག་ནི། །ཟུར་གསུམ་ཚུད་པ་སྔགས་དང་བཅས། །མིང་སྤེལ་བསྐུལ་ཚིག་ལྡན་པ་ནི། །གྲངས་ནི་རབ་འབྲིང་ཐ་མ་སྟེ། །ཅི་རིགས་པར་ནི་བྱ་བར་གསུངས། །ཡང་ན་རོ་སྒྲོམ་ཤིང་ལ་ཡང༌། །བྱང་བུ་བྱས་ལ་ལིང་ག་བྲི། །གཞན་དུ་མགོན་པོ་ཡབ་ཡུམ་གྱི། །འཁོར་ལོ་ལེགས་པར་བྲིས་པ་དང༌། །བསྒྲུབ་བྱ་སྲོག་གི་འཁོར་ལོ་ནི། །གྲི་གུག་ལྔ་པ་འཁོར་བ་དག །དེ་དག་བར་དུ་བཅུག་པ་དང་། །ཡང་ན་མགོན་པོའི་འཁོར་ལོ་དང༌། །བསྒྲུབ་བྱ་དུ་ཡོད་ལིང་ག་རྣམས། །དེ་ཡི་ནང་དུ་དྲིལ་བར་བྱ། །འཁོར་ལོ་ཚོན་སྐུད་རྣམ་ལྔས་དཀྲི། །དེ་ཡི་ཕྱི་རོལ་ཀུ་ཤ་ཡི། །རྩྭ་ཡི་མི་གཟུགས་བྱས་ནས་ཀྱང༌། །རང་མདུན་གྲུ་གསུམ་ནག་པོ་ཡི། །ནང་དུ་གཟུགས་དེ་གཞུག་པར་བྱ། །དེ་ལ་ལྷ་དང་དབྱེ་བ་དང༌། །ཉེས་པ་བསྒོ་ཞིང་བསྒྲག་པར་བྱ། །དེ་ནས་བདག་ཉིད་ལྷ་དང་ནི། །མདུན་དུ་ནག་པོ་ཆེན་པོ་ནི། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །ཡུམ་དང་བཅས་པ་བསྐྱེད་པ་དང༌། །སྤྱན་དྲངས་མཆོད་ཅིང་བསྟིམ་པར་བྱ། །ལས་མགོན་རྣམས་དང་ལྷ་མོ་བཞི། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་སྲིན་སྡེ་བརྒྱད་མ་ལུས་
དང༌། །གཞན་ཡང་དུར་ཁྲོད་ཤ་ཟ་དང༌། །མ་མོ་རོ་ལངས་ལྕེ་སྤྱང་དང༌། །སྟག་དང་དྲེད་དང་བྱ་གཅན་སོགས། །བྱ་རོག་ཁྭ་ཏ་ལ་སོགས་པས། །ཡོངས་སུ་བསྐོར་ཅིང་ཕྲིན་ལས་བྱེད། །དེ་ནས་རང་དང་མགོན་པོ་དང༌། །ལྷ་མོ་བཞི་ལ་སོགས་པ་ཡི། །ས་བོན་ལས་ནི་འོད་ཟེར་ཡང༌། །ལྕགས་ཀྱུ་ལྟ་བུ་དཔག་མེད་པས། །བསྒྲུབ་བྱ་དེ་དག་མ་ལུས་པ། །སྙིང་གི་སྲོག་རྩ་ནས་དྲངས་ཏེ། །རང་དབང་མེད་པར་རླུང་གིས་བཏེག །མྱུར་དུ་འོང་བ་མདོག་ཉམས་པ། །རིད་ཅིང་སྐྲ་འཛིངས་ཤིན་ཏུ་འདར། །ཡེད་ཡེད་དངང་ཞིང་སྐྲག་པ་དེ། །ཞགས་པས་བཅིངས་དང་བསྡམས་པ་དང༌། །དྲིལ་བུ་ལ་སོགས་སྒྲ་ཡིས་ནི། །ཤིན་ཏུ་དབང་པོ་མྱོས་གྱུར་ཏེ། །དེ་ཡི་རྣམ་པར་ཤེས་པ་ནི། །མིང་དང་བཅས་པའི་གཟུགས་ལ་བསྟིམ། །དེ་ཡི་དུས་སུ་གསང་སྔགས་ནི། །ཕྲིན་ལས་སྔགས་རིངས་མཐའ་རུ་ནི། །ཨཱ་ཀརྵ་ཡ་ཛཿཞེས་བརྗོད། །མགོན་པོ་ནག་པོ་ཡབ་ཡུམ་གྱི། །ལྟེ་བར་གྲུ་གསུམ་ལྕགས་ཁང་ནི། །བཙོན་དོང་མུན་ཁང་གནས་པར་བསམ། །དེ་ལས་ཐར་དུས་མེད་པར་བྱ། །དེ་ནས་དོང་དེ་རོ་གཡམ་ལ། །རྡོ་རྗེ་རྒྱ་གྲམ་བྲིས་པས་མནན། །མཐའ་མར་ལས་སྦྱོར་དུས་སུ་ཡང༌། །བསྒྲུབ་བྱའི་ཐེམ་པའམ་ལམ་དག་ཏུ། །མནན་པ་བྱས་ལ་ཕྲིན་ལས་བཅོལ། །གལ་
ཏེ་དེ་ཉིད་སྦྱིན་སྲེག་གིས། །ལས་སྦྱོར་བསྒྲུབ་བྱའི་ཆུ་རྗེས་སོགས། །དྲི་མ་གོས་དང་སྐྲ་སོགས་དང༌། །ཚ་བ་གསུམ་དང་དུག་སྣ་དང༌། །ཁྲག་དང་སྐེ་ཚེ་ཤང་ཚེ་དང༌། །ད་དྷུ་ར་དང་དེ་ལ་སོགས། །ས་སྣ་གཞན་དང་སྦྱར་བར་བྱ། །བོང་བུའི་ཆུ་དང་བསྲེས་ནས་ནི། །འཇིམ་པ་བྱས་ལ་གཡོགས་པར་བྱ། །དུག་ཆུ་རོ་སོལ་དག་གིས་ནི། །དེ་ལ་བྱུག་ཅིང་གནས་ལྔ་རུ། །སེང་ལྡེང་ལྕགས་ཕུར་བཏབ་ལ་བཞག །དེ་ཡི་ལུས་པོ་ཐམས་ཅད་ལ། །སྤྲ་ཚིལ་གྱིས་ནི་བྱུག་པར་བྱ། །དེ་ལ་དྲག་པོའི་ཤིང་གི་ནི། །ཚེར་མ་སྣ་ཚོགས་བཙུགས་ལ་བཞག །གྲུ་གསུམ་ཨེ་ཡི་ནང་དུ་ནི། །དེ་གཟུགས་ཕྱི་གན་དག་ཏུ་བཞག །ཁ་ནང་དུར་ཁྲོད་ཐལ་བས་བརྫང༌། །དེ་ནས་དོང་ཁ་བཅད་ལ་བཞག །དེ་ལ་ཐུན་བཞིར་བྱ་བའམ། །དུས་དྲུག་དག་ཏུ་བྱ་བ་ནི། །ཁྱད་པར་མར་ངོའི་དུས་དག་ཏུ། །རྣལ་འབྱོར་པ་ཡིས་ལྷོར་བལྟས་ལ། །ཉིན་ཕྱེད་མཚན་ཕྱེད་དུས་སུ་བྱ། །ཡང་ན་དུས་བཞིར་ལས་ལ་སྦྱར། །ཕྱོགས་ཀྱི་ཌཱ་ཀི་བཞི་ཡིས་ནི། །དགུག་གཞུག་བསྟིམ་དང་བསྔགས་པར་བྱ། །དེ་ནས་ཐོད་པ་མཚན་ངན་དུ། །ཡུངས་ཀར་ཡུངས་ནག་ལ་སོགས་པའི། །ཐུན་རྫས་རྣམས་ལ་སྔགས་བཟླས་ཤིང༌། །དུས་དུས་དག་ཏུ་བརྡེག་པར་བྱ། །སྐབས་སྐབས་དུག་གི་ཆུ་ཡིས་བརྡེག །
ཡང་ན་གུ་གུལ་ནག་པོ་དང༌། །ཤ་ཆེན་དག་གིས་བདུག་པར་བྱ། །ཡང་ན་འབྲས་ཕུབ་མེ་ལ་ནི། །སྤྲ་ཚིལ་མ་ཞུ་ཙམ་དུ་བསྲོ། །དེ་ནས་སྔགས་ཀྱིས་བརྡེག་པར་བྱ། །འདི་ནི་ཉེ་བར་འགྲུབ་པར་འགྱུར། །དེ་ལྟར་ཆོ་གའི་ཐབས་འདི་ཡིས། །དགྲ་ཡི་ཁང་པར་བྱ་རོག་དག །མང་པོ་འབའ་ཞིག་སྐད་འདོན་དང༌། །ལུས་ལ་ཚ་བས་ཐེབས་ལ་སོགས། །དུ་མའི་ཆོ་འཕྲུལ་འབྱུང་བར་འགྱུར། །དང་པོར་ནང་རྟགས་གསལ་བར་འཆར། །ཕྱི་རྟགས་རིམ་གྱིས་འབྱུང་བར་གྱུར། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དྲག་པོའི་མངོན་སྤྱོད་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གདུག་པ་འདུལ་དོན་དུ། །ནག་པོ་ཆེན་པོ་ཁྲོས་པ་ཡི། །སྒྲུབ་པའི་རིམ་པ་མཆོག་གྱུར་པ། །གཞན་ཡང་རབ་ཏུ་བཤད་པར་བྱ། །རྗེ་བཙུན་ཧེ་རུ་ཀ་དཔལ་དང༌། །ནག་པོ་ཆེན་པོའི་ལྷ་ཚོགས་རྣམས། །ནམ་མཁར་མངོན་པར་བལྟས་ནས་ནི། །བདུན་པོ་ཡོངས་སུ་དག་པར་བྱ། །བཟོད་པར་གསོལ་ལ་གཤེགས་སུ་གསོལ། །དེ་རྗེས་སྟོང་པའི་ངང་ལས་ནི། །ཚད་མེད་བཞི་པོ་བསམ་པར་བྱ། །བྱང་ཆུབ་སེམས་ཀྱི་ངང་ལས་ནི། །པདྨ་ཟླ་ཉིར་གནས་པ་ཡི། །ཧཱུྃ་ཡིག་ནག་པོ་བསམ་པར་བྱ། །དེ་ཡི་འོད་ཀྱིས་ཁྱབ་པ་ལས། །བསྡུས་ཤིང་སྐད་ཅིག་ཡོངས་གྱུར་པ། །
དཔལ་ལྡན་ནག་པོ་ཆེན་པོ་ནི། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །ཕྱག་གཉིས་སྐུ་མདོག་ཤིན་ཏུ་གནག །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །གཡས་པས་གཤིན་རྗེའི་ལྕེ་འདྲ་བའི། །གྲི་གུག་རྣོན་པོ་འཛིན་པར་མཛད། །གཡོན་པས་ཐོད་པ་ཁྲག་བཀང་བསྣམས། །ཐོད་པས་སྐྲ་མཚམས་བཅིངས་པ་དག །ཡན་ལག་ཐུང་ཞིང་རགས་པའི་གཟུགས། །མཆེ་གཙིགས་འཇིགས་སུ་རུང་བ་སྟེ། །ལྟོས་འགྲོ་བརྒྱད་དང་རིན་ཆེན་བརྒྱད། །རྒྱུ་མའི་ག་ཤ་སྟག་ལྤགས་ཅན། །མི་མགོ་རློན་པའི་ཕྲེང་བ་འཕྱང༌། །ཞལ་ནས་ཁྲག་འཛག་གང་རྒྱངས་ཅན། །ཕྱག་རྒྱ་དྲུག་གིས་སྐུ་ལ་སྤྲས། །དྲག་པོའི་ཉམས་དང་ལྡན་པ་སྟེ། །སྐད་ཅིག་ཙམ་གྱིས་བསྐྱེད་པར་བྱ། །དེ་ཡི་ཐུགས་ཀར་ཉི་མ་ལ། །ཡེ་ཤེས་སེམས་དཔའ་གསལ་བར་དམིགས། །ཏིང་འཛིན་སེམས་དཔའ་དང་བཅས་པ། །རྟེན་དང་བརྟེན་པར་བཅས་པ་བསམ། །དེ་ལ་འདི་ཡི་གསང་སྔགས་བྱུང༌། །ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧུྃ་ཧཱུྃ་ཕཊ། ཇི་སྲིད་སྐྱོ་བར་མ་གྱུར་པ། །གསང་སྔགས་ཕྲེང་བ་བཟླས་པར་བྱ། །དེ་ནས་ཤ་ཆེན་སྤོས་སྲེག་ཅིང༌། །གཞན་ཡང་དུག་དང་ཁྲག་ལ་སོགས། །བདུག་པའི་དུ་བས་མཆོད་པར་བྱ། །མ་ཤ་འབྲས་དང་སོ་བ་དང༌། །འབྲུ་ནག་མེ་ཏོག་བྱུག་པ་དང༌། །སྒྲོན་མ་ལྔ་
དང་མི་འཆི་ལྔ། །ཁུར་བ་ཆན་དང་ཆང་ལ་སོགས། །གཏོར་མ་ནག་པོ་ཆེ་ལ་དབུལ། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། །འདི་ཡི་ཉེ་བར་སྤྱད་པ་ནི། །བསྒྲུབ་བྱའི་ཟག་པའི་རྫས་རྣམས་དང༌། །ཚ་བ་གསུམ་ལ་སོགས་པ་ལ། །གང་གི་མིང་དང་བཅས་པའི་གཟུགས། །བྱས་ཏེ་དུག་གིས་བྱུགས་ནས་ཀྱང༌། །ཚེར་མས་བཀང་སྟེ་ཐབ་ཁུང་དུ། །འབྲས་ཕུབ་མེ་ལ་གདུང་ལ་སོགས། །བྱ་བ་སྣ་ཚོགས་ལས་བྱས་ན། །སྐད་ཅིག་གིས་ནི་བརླག་པར་བྱེད། །རྡོ་རྗེ་སློབ་དཔོན་སྨོད་བྱེད་ཅིང༌། །སངས་རྒྱས་བསྟན་པ་འཇིག་བྱེད་པ། །དཀོན་མཆོག་གསུམ་ལ་སྡང་བ་དང༌། །སེམས་ཅན་ཀུན་ལ་འཚེ་བ་རྣམས། །འདི་དག་ནག་པོ་ཆེན་པོས་སྒྲོལ། །ཡན་ལག་དག་གི་ཤ་ཆོད་ལ། །མགོན་པོ་ནག་པོའི་ཞལ་དུ་གསོལ། །ཡང་ན་དེ་ཡི་སྤྱི་ནས་ནི། །ཏིལ་ཙམ་དུ་ནི་མཛད་དུ་གསོལ། །ཁྲག་གི་རྒྱུན་ཡང་འཐུང་བར་མཛོད། །དེ་ལྟར་ཕྲིན་ལས་ལས་བཅོལ་བྱ། །དེ་ནས་སྦྱིན་སྲེག་བརྩམ་པར་བྱ། །ཕུང་ཤུལ་གཡུལ་སྤྲད་ལ་སོགས་པ། །དུར་ཁྲོད་སོལ་བས་བྱུག་བྱས་ཏེ། །གྲུ་གསུམ་རིམ་པ་ཁ་ཁྱེར་ལྡན། །དེ་ཡི་ནང་དུ་དྲག་པོའི་ཤིང༌། །ཚེར་མ་ཅན་གྱིས་བརྩིག་པར་བྱ། །མཆོད་དང་བསྲེག་རྫས་གཏོར་མ་དང༌། །བསྒྲུབ་བྱའི་ལིང་ག་ཤ་ཆེན་དང༌། །ཉུངས་ཀར་བཅས་པས་
ཡོངས་སུ་བསྐོར། །སྔགས་པས་ལྷོར་བལྟས་ཏིང་འཛིན་ཞུགས། །མེ་ལྷ་བསྐྱེད་ཅིང་དགུག་གཞུག་བྱ། །ལིང་ག་ཕུར་བཏབ་གཏུབས་བྱས་ལ། །མེ་སྦར་བསྲེགས་པས་ལྷ་ལ་མཆོད། །གསང་སྔགས་འདོད་ཡོན་བསྒྱུར་ལྡན་པ། །ཕྲག་གཅིག་གིས་ནི་ལན་གཅིག་སྟེ། །ལན་གྲངས་རོལ་མཚོའི་ཁྱད་པར་གྱིས། །ཕྱིར་མི་བཟློག་ཅིང་སྲོག་གཏོར་བྱེད། །དེ་རྗེས་གསོལ་གདབ་བཅོལ་བསྐུལ་བྱ། །ཤིན་ཏུ་མྱུར་བར་རྟགས་རྣམས་འགྲུབ། །ནག་པོ་ཆེན་པོའི་གསང་བའི་ལས། །མ་གྲུབ་ལན་གསུམ་སྤོགས་པ་དང༌། །ས་བོན་འཕྲོག་ཅིང་གཅུད་པས་འགྲུབ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དྲག་པོའི་སྦྱིན་སྲེག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དཀྱིལ་འཁོར་ཆེན་པོ་ཡི། །དུར་ཁྲོད་གནས་པའི་ཞིང་སྐྱོང་དང༌། །ཉི་ཤུ་རྩ་བཞི་ཞིང་སྐྱོང་བཅས། །དེ་དག་རིམ་པ་བཤད་པར་བྱ། །རྡོ་རྗེ་རིགས་ཀྱི་ཕོ་ཉ་མོ། །དྲུག་ཅུ་རྩ་བཞིའི་ཕྲིན་ལས་དང༌། །འདི་ཉིད་གསང་བའི་མགོན་པོ་ཡི། །ཐབས་མཆོག་འདི་ནི་ཀུན་ཏུ་སྦས། །དཔལ་ལྡན་མགོན་པོ་རྡོ་རྗེ་ཅན། །ཁྲོ་བོ་དེ་བཞིན་གཤེགས་པའི་སྐུ། །དཀྱིལ་འཁོར་དབུས་བཞུགས་དཔའ་བོ་ནི། །ཤིན་ཏུ་འགྱིང་ཞིང་འབར་བའི་སྐུ། །ལེ་ཚེ་དགུ་པའི་དབུས་སུ་ནི། །
སྣ་ཚོགས་པདྨ་ཉི་དབུས་ལ། །དཔའ་བོ་ཆེན་པོ་ཕྱེད་དཀྱིལ་ཚུལ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྤྱན་གསུམ་བྷི་རུ་ལ་ལྟར་དམར། །སྐུ་མདོག་ནག་པོ་འཇིགས་ཆེན་པོ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ཕྱག་རྒྱ་ལྔ་ལྡན་གར་གྱིས་རོལ། །དང་པོས་གྲི་གུག་ཐོད་པ་དང༌། །གཉིས་པས་རལ་གྲི་ཁ་ཊྭཱཾ་ག །ཀླུ་བརྒྱད་རྒྱན་གྱི་ཕྲིན་ལས་ཅན། །དེ་ཡི་ཐུགས་ཀར་གནས་པ་ཡི། །ས་བོན་སྤྲོ་དང་བསྡུ་པའི་དངོས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཨཱ་ཀཪྵ་ཡ་མ་པྲ་ཤ་མཱ་ནཱ་ཡ་ཧ་ས་མ་ཡ་སྟྭཾ། ཐམས་ཅད་སྡུད་ཅིང་དབང་བྱེད་པ། །སྐད་ཅིག་ཅམ་གྱིས་བསྐྱེད་པར་བྱ། །དེ་ཡི་ཤར་གྱི་ལེ་ཚེ་ལ། །དྲག་པོ་ཤིན་ཏུ་འཇིགས་པ་སྟེ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །མཐིང་ནག་རྔམ་པའི་ཚུལ་དུ་གནས། །དེ་ཡི་མདུན་དུ་རྒན་བྱེད་མ། །གཡས་སུ་མི་སྡུག་དྲག་མོ་ཆེ། །གཡོན་དུ་འཇིགས་མ་གནས་པ་དང༌། །རྒྱབ་ཏུ་ཨུ་མ་རྣམ་པར་རོལ། །ནག་པོའི་ལྷོ་ཡི་ཕྱོགས་སུ་ནི། །དྲག་པོ་ཆེན་པོ་དུ་བའི་མདོག །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །ཐོད་ཕྲེང་གིས་བརྒྱན་གཙིགས་པའི་ཚུལ། །དེ་ཡི་མདུན་དུ་རྣམ་རྒྱལ་མ། །གཡས་སུ་རྣམ་པར་རྒྱལ་བ་མ། །རྒྱབ་ཏུ་མི་སྡུག་མ་གནས་ལ། །གཡོན་དུ་གཞན་གྱིས་མི་ཐུབ་མའོ། །ལྷ་གཏེར་མཉམ་གནས་ནུབ་ཕྱོགས་
སུ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །མདོག་སེར་རྒྱུ་མའི་ཕྲེང་བས་དཀྲིས། །ཤིན་ཏུ་བཞད་པའི་ཚུལ་དུ་གནས། །དེ་ཡི་མདུན་དུ་ནག་མོ་ཆེ། །གཡས་སུ་དྲག་ཆེན་དྲག་ཤུལ་ཆེན། །རྒྱབ་ཏུ་ནག་སྦོམ་མ་ནི་གནས། །གཡོན་དུ་བཟང་མོ་མཆེ་བ་ཅན། །ནག་མོ་ཁྱབ་བྱེད་བྱང་ཕྱོགས་སུ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །ཆར་སྤྲིན་ནག་པོའི་མདོག་འདྲ་བ། །ཤིན་ཏུ་གདངས་ཤིང་ལྗགས་འདྲིལ་བ། །དེ་ཡི་མདུན་དུ་དབང་མོ་སྟེ། །གཡས་སུ་ཟླ་བ་མོ་ཞེས་བྱ། །རྒྱབ་ཏུ་དྲག་ཏུ་སྡང་བ་མོ། །གཡོན་དུ་རྣ་བ་འཕྱང་བ་མོ། །གཙོ་བོ་ནག་པོ་ཆེན་པོ་ཡི། །ཤར་ལྷོ་མཚམས་ཀྱི་གནས་བཞུགས་པ། །གཙིགས་པ་ཅན་ནི་ཤེལ་གྱི་མདོག །སྟག་ལྤགས་གོས་ཀྱིས་དཀྲིས་པའོ། །མདུན་དུ་ལྷ་མོ་འཕྲོག་བྱེད་མ། །གཡས་སུ་འབར་བྱེད་མ་གནས་ལ། །དེ་ཡི་རྒྱབ་ཏུ་འཇིག་བྱེད་མ། །གཡོན་དུ་ཡུལ་སྐྱོང་མ་གནས་སོ། །གཙོ་བོར་གྱུར་པའི་སྐུ་ཡི་ནི། །ལྷོ་ནུབ་མཚམས་སུ་བཞུགས་པ་ནི། །མི་སྡུག་མ་ནི་དུ་བའི་མདོག །ཤིན་ཏུ་མི་བསྲུན་གཟུགས་འཆང་མ། །གཟིག་གི་ཀོ་བ་རློན་པས་དཀྲིས། །མདུན་དུ་འཇིགས་བྱེད་དྲག་མོ་ཆེ། །གཡས་སུ་གཟུགས་ཆེན་མོ་ཞེས་བྱ། །རྒྱབ་ཏུ་མཆེ་བ་གཙིགས་མ་སྟེ། །གཡོན་དུ་ཐོད་ཅན་མ་ཡིན་ནོ། །
ནག་པོ་ཆེན་པོའི་སྐུ་ཡི་ནི། །ནུབ་བྱང་མཚམས་ཀྱི་གྲྭར་བཞུགས་པ། །དགའ་བར་ལྡན་པ་པད་དམར་མདོག །གླང་པོའི་པགས་པ་འཛིན་པའོ། །དེ་ཡི་མདུན་དུ་ཐོད་ཕྲེང་འཛིན། །གཡས་སུ་ཕྲེང་བ་འཛིན་མ་སྟེ། །རྒྱབ་ཏུ་ཏྲི་ཤུ་ལ་འཛིན་མའོ། །གཡོན་དུ་ལྟོས་འགྲོ་བསྣམས་པའོ། །གཙོ་བོ་ནག་པོ་ཆེན་པོ་ཡི། །བྱང་ཤར་མཚམས་སུ་གནས་པ་ནི། །ལོག་སྲེད་ཅན་ནི་རྫ་གསར་མདོག ། སྤྲེའུའི་པགས་པ་འཛིན་པའོ། །དེ་ཡི་མདུན་དུ་རལ་གྲི་མ། །གཡས་སུ་དགྲ་སྟྭ་འཇིན་མ་སྟེ། །རྒྱབ་ཏུ་རྡོ་རྗེ་མདའ་ཐོགས་མ། །གཡོན་དུ་རྡོ་རྗེའི་གཞུ་མ་འོ། །ཁྲོ་བོའི་ཕོ་ཉ་འདི་དག་ནི། །ཞལ་གཅིག་ཕྱག་བཞི་གར་གྱིས་རོལ། །དང་པོ་གྲི་གུག་ཐོད་པ་འཛིན། །གཉིས་པ་ཌཱ་མ་རུ་དང་ནི། །ཏྲི་ཤུ་ལ་ནི་འཛིན་པར་མཛད། །ཕོ་ཉའི་རྣལ་འབྱོར་མ་འདི་དག །འདི་དག་ཕལ་ཆེར་ཞལ་གཅིག་ལ། །ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །ནག་མོ་སེར་དང་དམར་ལྗང་སྟེ། །ཕྱག་རྒྱ་ལྔ་དང་ལྡན་པའོ། །དུར་ཁྲོད་གནས་སུ་རོལ་པར་མཛད། །ཕོ་བྲང་དེ་ཡི་ཕྱི་རོལ་དུ། །ཞིང་སྐྱོང་རྣམས་ཀྱིས་ཡོངས་སུ་བསྐོར། །ཀ་ར་ཧ་རི་ཀ་ཏཾ་ཤིང༌། །ཤནྟི་པ་ལ་ཡབ་ཡུམ་ཅན། །ཀོ་ལ་ཀིར་ནི་རོ་ཡི་ཤིང༌། །གྷན་དྷ་པ་ལ་ཡུམ་དང་ལྡན། །དྷ་ར་པརྟ་པ་ཡི་ཤིང༌། །ཨཾ་གི་པ་ལ་ཡབ་ཡུམ་སྦྱོར། །
ཀོ་ཊིར་དྷི་བ་པ་དྷི་ཤིང༌། །ཛཱ་ལ་པ་ལ་ཡབ་ཡུམ་སྦྱོར། །བྷི་ར་ཙརྟེ་ཨ་མྲའི་ཤིང༌། །ཤྭ་ར་དྷ་ས་གཉིས་མེད་གནས། །ཨོ་ཊ་དབྱངས་ཅན་ཀ་ན་ཀའི། །ཀ་པཱ་ལ་ཡི་ལྷ་སྲུབ་བྱེད། །ས་ཊ་བྷ་རུར་ཛ་ཏིའི་འབྲས། །གྷན་སྟོད་ད་པ་ལྷན་ཅིག་སྦྱོར། །ཨོ་ལ་པུ་རི་ར་མ་ཎ། །ཧ་ཏི་པ་ཡི་རྣ་བ་ཅན། །ཧ་ན་མོ་ཧ་ཡབ་ཡུམ་སྦྱོར། །ཀརྨི་ར་བར་རྩ་བའི་སྡོང༌། །ཙན་དྷ་ས་ནི་གོ་ཊའི་བདག ། མ་རི་ཎ་པར་ཐང་སྒྲོན་ཤིང༌། །བྱིན་པ་ཀྵེ་ཏྲ་པཱ་ལར་ལྡན། །ནཱ་ག་བ་རར་ས་ཤིང་ཅན། །ཀེང་རུས་ལྡན་པ་རོལ་པར་འགྱུར། །སུཎྜེ་པར་རི་ཛཱ་ལུའི་ཤིང༌། །པུ་ཡི་རྐང་པ་རྟག་ཏུ་རོལ། །ཛཱ་ལན་དྷ་རར་ཁང་བརྩེགས་ཤིང༌། །བུམ་པ་ཅན་དེ་བདེ་བར་རོལ། །བྷ་སྣ་གུ་བར་དྲག་གློག་འཁྲུག །ཛ་ཊ་ཏྲི་པ་མཉམ་པར་གནས། །སོ་ས་པར་ནི་ཏྲིལ་ཤའི་ཤིང༌། །སྒྲ་གཅན་བསྒྲགས་པའི་ཡུམ་དང་བཅས། །ཙ་རི་ཊ་པའི་ཀ་རན་ཙར། །མཛེས་པ་ཤག་ཏི་ཅན་ཡུམ་ལྡན། །ཨོ་ཊ་ཡ་བར་ཨ་ཤོ་ཀའི། །ཤིན་ཏུ་སྒྲ་གཅན་བཟང་མོར་བཅས། །གཟུང་འཛིན་ས་སར་ཀ་ཀོ་ལི། །སྲེད་པ་དཔའ་བོ་དབང་ཕྱུག་བཅས། །ཀྵི་རི་ཀི་སར་ས་ལའི་ཤིང༌། །ལྷུན་པོ་འབར་བ་ལྷན་ཅིག་བཅས། །བྷ་ཡ་མ་འབུར་འབྱུང་པོའི་ཤིང༌། །སྟོབས་ཆེན་འཇིགས་པ་གནས་བྱེད་པའོ། །པུ་ཊ་ནར་ནི་དྷ་དུ་པའི། །
ཨ་བྷ་ཀེ་པ་བརྟུལ་ཞུགས་འཛིན། །རཱ་ཛ་གྷི་ཧར་ཛ་པ་ན། །སྣ་ཆེན་ཛི་ལི་སྒྲ་གཅན་ནོ། །ཁ་བ་ཅན་དུ་རང་བྱུང་བྲག །ཐུབ་དཀའ་རྒྱལ་མཚན་འཛིན་མར་བཅས། །མ་ཧཱ་ཏྲ་ཡེར་ཙནྡན་ཤིང༌། །སྣ་ཚོགས་དབང་ཕྱུག་དབང་བསྐུར་བཅས། །འདི་དག་ཀྵེ་ཏྲ་པཱ་ལ་ནི། །ཞིང་སྐྱོང་ཞལ་གཅིག་ཕྱག་བཞི་པ། །གྲི་གུག་ཅང་ཏེའུ་གཡས་པ་ན། །གཡོན་པ་ཐོད་ཁྲག་རྩེ་གསུམ་ཅན། །ཡུམ་ནི་སོ་སོའི་ཕྱག་མཚན་ལྡན། །སྐྱེ་གནས་ལས་བྱུང་སྒྲ་སྒྲོགས་མཛད། །རྟག་ཏུ་སྒྲུབ་པ་པོ་རྣམས་ཀྱི། །ལུས་ལ་ཡང་དག་གནས་ནས་ནི། །དངོས་གྲུབ་སྟེར་བྱེད་སྟོབས་མཆོག་བྱེད། །འདི་དག་ཞིང་སྐྱོང་ཐུགས་བརྩེ་བས། །རྟག་པར་མཚན་མོ་འདུ་བར་མཛད། །འདི་དག་ས་གསུམ་ཁྱབ་པ་སྟེ། །སྣ་ཚོགས་མདོག་ཅན་འབར་བ་འོ། །ཨོཾ་ཤཱནྟི་ཀྵེ་པ་ཧཱུྃ་ཕཊ། ཨོཾ་མ་ཧཱ་སྨྲི་ཏི་ཧཱུྃ་ཕཊ། ཨོཾ་བྷ་ལཾ་པཱུ་ཧཱུྃ་ཕཊ། ཨོཾ་ཤཾ་ཀ་རི་ཧཱུྃ་ཕཊ། ཨོཾ་ཀཱ་ལཱ་དྷི་པ་ཧཱུྃ་ཕཊ། ཨོཾ་ཛ་ཡ་བྷ་ལཾ་ཧཱུྃ་ཕཊ། ཨོཾ་བེ་སུ་བྷ་ག་ཧཱུྃ་ཕཊ། ཨོཾ་བརྞཾ་ས་ན་ཧཱུྃ་ཕཊ། ཨོཾ་ཀྵེ་ཏྲ་པཱ་ལ་ཧ་ཧི་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི་ཕེཾ་ཕེཾ་ཕེཊ་ཕེཊ། ཀྵཾ་ཀྵཾ་ཀྵཾ་ཀྵཾ། ཀ་ཧ་ཀ་ཧ། ཧྲི་ཧྲི་ཧྲི་ཧྲི། པ་ཙ་པ་ཙ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཧ་ཧཱ། ཌ་ཌཱ། རཾ་རཾ་རཾ་རཾ། ཀྲུཾ་ཀྲུཾ་ཀྲུཾ་ཀྲུཾ། ཁཾ་ཁཾ་ཁཾ་ཁཾ། རུ་རུ་རུ་རུ། ཌཾ་ཌཾ་ཌཾ་ཌཾ། ཀཾ་ཀཾ་ཀཾ་ཀཾ། ཙཾ་ཙཾ་ཙཾ་ཙཾ། ཀྲཾ་ཀྲཾ་ཀྲཾ་ཀྲཾ། སཾ་སཾ་སཾ་སཾ།
བཾ་བཾ་བཾ་བཾ། ཡཾ་ཡཾ་ཡཾ་ཡཾ། ཕེཾ་ཕེཾ་ཕེཾ་ཕེཾ། བྷྲཱུཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཀྵཾ་ཀྵཾ་ཀྵཾ་ཀྵཾ། ཀླུཾ་ཀླུཾ་ཀླུཾ་ཀླུཾ། པཾ་པཾ་པཾ་པཾ་སྭཱ་ཧཱ། ཡུལ་ནི་ཉི་ཤུ་རྩ་བཞི་ཡི། །དྲག་པོའི་ཞིང་སྐྱོང་ཉི་ཤུ་བཞི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡི། །ས་གསུམ་རྣམ་པར་ཁྱབ་ནས་གནས། །འདི་དག་གསང་བའི་སྔགས་ཡིན་ཏེ། །གཞན་དུ་ནམ་ཡང་འཁྲུལ་བར་འགྱུར། །ཨོཾ་ཌཱ་ཀི་ནི། ཀ་ཀ་ཀྣ་ཏ་ན། བ་བ་བནྡྷ་ན། ཁ་ཁ་ཁ་ད་ན། སརྦྦ་དུཥྚཾ། ཧ་ན་ཧ་ན། གྷཱ་ཏ་ཡ། གྷ་ཏ་ཡ། སརྦ་པཱ་པ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཛ་སྭཱ་ཧཱ། འདི་དག་གྲུབ་པའི་རྣལ་འབྱོར་ལ། །དངོས་གྲུབ་སྩོལ་བར་ཐེ་ཚོམ་མེད། །འདི་ཉིད་དཀྱིལ་འཁོར་དགོད་པ་ཡིས། །སྣ་ཚོགས་ཕྲིན་ལས་བྱེད་པ་སྟེ། །དུར་ཁྲོད་བརྒྱད་ཀྱི་བདག་པོ་མཆོག །ཕོ་ཉ་ལེགས་བརྟེན་འཁོར་ལོ་ཡིན། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དུར་ཁྲོད་ཀྱི་བདག་པོ་རྣམས་དང༌། ཕོ་ཉ་བ་ཁྱད་པར་རྣམས་དང༌། མ་མོ་དང༌། ཞིང་སྐྱོང་གི་ཕྲིན་ལས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་ཉི་ཤུ་བཞི། །གསང་བའི་མགོན་པོ་འདི་ཉིད་ཀྱི། །དཀྱིལ་འཁོར་ཕོ་བྲང་གནས་པའོ། །མཁའ་འགྲོའི་གསང་སྔགས་བསྟན་པར་བྱ། །ཕོ་ཉ་ལེགས་སྐྱེས་རྣལ་འབྱོར་མ། །རྒྱ་མཚོ་དང་ནི་རོ་ཡིས་ནི། །ཕྱེ་བའི་རྡོ་རྗེ་
ནོར་བུ་དང༌། །པདྨ་རལ་གྲིའི་རིགས་དང་ནི། །བདེ་གཤེགས་ཡེ་ཤེས་དམ་ཚིག་གིས། །སྣ་ཚོགས་ཤ་ཟའི་མ་མོ་རྣམས། །གནས་སྐྱེས་ཡུལ་དང་གྲོང་གནས་པ། །ཀླུ་ཡིས་མཚོན་པས་ཀུན་ཏུ་ཕྱེ། །ཨོཾ་བྷཻ་ར་ཁི་ནི་སྭཱ་ཧཱ། ཌུ་ཏྲི་ནི། ཌ་ཤ་ཀ་ར་ལི་ནི། ཛྭཱ་ལ་མུ་ཁི་ནི། བཱ་ཡུ་བེ་ག་ནི། ཕྲ་ཙཎྜི་ཎི། རུ་དྲ་ཨཀྵི་ནི། མ་ཧཱ་སེ་ནི། ཨ་སེ་ནི་ཡ་མ་ནི། ཀཱིརྟི་ནི། ལཀྵྨ་ཎི། བི་ཛ་ཡེ་ནི། ཤྲཱི་ཛཱ་ན་ཡེ། ཤྲཱི་ཛ་ཡ་ཀ་ར་ཎི། ཀཾ་ཀཱ་ལི་ནི། ཀཱ་ལ་རཱ་ཏྲི་ནི། པྲ་ཀྲོ་དྷ་མུ་ཁི་ནི། ཀཱ་ལ་ཛི་ཧྭཱ་ནི། ཀཱ་རཱ་ལི་ནི། བཛྲ་བྷཻ་ར་བ་ཀ་ར་ཎི། དྷུ་རུ་སི་ནི། ཡ་ནི་མ་ན་ཨཾ་ཀ་རི་ནི། མྲྀ་ཀ་ར་ཏི་སྠཱ་ནི། རཏྣ་མཱ་ལི་ནི། སུ་ཀྲ་ཨཀྵི་ནི། ཀུ་སུ་ལི་ནི། ཁཏྟི་ནི། བཛྲ་པྲ་བྷ་ནི། བཛྲ་ཀཱ་ལ་ཡ་ནི། ས་མ་པཉྩ་ཎི། ཀ་མ་ནི་བྷི། ཙི་ཏྲ་ལི་ག་ནི། ཤུ་ཀི་ནི། སརྦ་དྷི་ནི། སུ་ཏྲ་རི་ཎི། གྷ་ལས་ས་ནི། པད་མཱཀྵི་ནི། ཛ་ལ་ཛ་ལ་ཁ་ཌི་བྷ་བ་བྷུ་དྷི་ནི། ཤྲཱི་གྷོ་ར་ཎི། ཙཎྜ་ལེ་ཁེ་ནི། ཙཎྜ་མུ་ཁི་ནི། ཧ་ས་ཝརྨི་ཎི། ཝ་ཀི་མེ་ཤྭ་ར་ཎི། གྷི་ཏ་རུ་དྲ་ཡེ། ཀ་ར་ཎི་སྭ་ཀ་བྷི་རུ་ས་ནི་མྲྀ་དྷ་ནི་དྷི། གྷ་རི་ཎ་ཤོ་ཤ་ཎི། སུ་ཤཱི་གྷྲ། བྷ་དུ་བྷ་ར་ཎི། ཤྲཱི་མུ་ཁི་ནི། པར་ཀ་ལི་ནི། ཧ་རི་ཎི་ཐཱ་ཡེ། པདྨི་ནི། ན་གྲ་པ་ཨཀྵི་ཎི་བྷཱི་མ་ལ་ཙཾ་གྲི་ནི་སྭཱ་ཧཱ། པཀྵ་པཀྵ་སརྦ་ཡོ་གི་ནི་ཀཱ་མེ་ཤྭ་རི། སརྦ་དུཥྚ་གརྫྫ་གརྫྫ་གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ། ཚེས་བརྒྱད་དང་ནི་ཉ་བ་དང༌། །ཉི་ཤུ་
དགུ་དང་དགུ་སྟོང་དང༌། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ནི་ཐེ་ཚོམ་མེད་འགྲུབ་པའོ། །དབྱུག་གུ་དྲག་པོའི་ཕོ་ཉ་དང༌། །ཆུ་ཚོད་ཀྱི་ནི་མ་མོ་དང༌། །འཕོ་བ་གནོད་སྦྱིན་བརྒྱ་ཕྲག་གཉིས། །ཐུན་ནི་ཕོ་ཉ་བརྒྱ་དག་གོ། །དུས་སྦྱོར་བཅུ་གཉིས་གནས་པའི་ཡུལ། །ཉི་ཤུ་རྩ་བཞི་དེ་ཡི་ཕྱེད། །རྩ་རླུང་ཡི་གེ་ཁམས་ལ་རྒྱུ། །འཆིང་གྲོལ་ཚར་གཅོད་རྗེས་འཛིན་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ཕྱི་དང༌ནང་གི་དངོས་པོ་ཕོ་ཉ་མའི་ལས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ནག་པོ་ཆེན་པོ་གཏུམ་པོ་ནི། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཅིང༌། །ཨ་ལ་ལ་ཡི་སྒྲ་སྒྲོགས་པ། །རབ་འཇིགས་བཞེངས་པའི་སྟབས་ཀྱིས་ནི། །གསང་བ་མཆོད་བྱེད་ལྷ་མོ་བརྒྱད། །ཀུན་ནས་གར་གྱིས་རོལ་བ་སྟེ། །འདི་ཡིས་ཕྲིན་ལས་དབང་ཐོབ་བྱེད། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲི་དྷ་ས་གཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་བྷ་ག་བྱཱ་གྷྲཱ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་བྷ་ན་སུ་བ་ར་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་སི་མ་ལཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བྷ་ན་ཥེ་ཎ་སྱཻ་ཧུྃ་ཧཱུྃ་ཕཊ། ཨོཾ་ཀྲོ་ནེ་དྷ་ཀ་རཱ་སྱཻ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱཻ་ཧུྃ་ཧཱུྃ་ཕཊ། ཨོཾ་ག་ན་གཱ་སྱཻ་ཧུྃ་ཧཱུྃ་ཕཊ། འདི་ནི་དཔལ་ནག་པོ་ཆེན་པོ་འཁོར་ལྷ་མོ་
བརྒྱད་དང་བཅས་པའི་སྔགས་སོ། །མཚན་ཕྱེད་དུས་ན་གཏོར་མ་འབུལ། །ཤ་ལྔ་དང་ནི་བདུད་རྩི་ལྔ། །མྱོས་བྱེད་སྟོབས་དང་བཅས་པས་མཆོད། །གསང་བ་སྒྲུབ་པའི་མཆོག་ཏུ་བཤད། །བསྙེན་པ་སྔོན་དུ་སོང་བ་ཡིས། །དབེན་པར་དུག་དང་ཚ་བ་དང༌། །ས་ལ་དགྲ་བོའི་གཟུགས་བྱ་སྟེ། །གྲོ་ག་འམ་ནི་རོ་རས་ལ། །རྒྱ་སྐྱེགས་དུག་དང་ཁྲག་རྣམས་ཀྱིས། །བྱ་རོག་མི་ཡི་རུས་པས་ནི། །གཟུགས་བྲིས་དེ་ཡི་སྙིང་གར་ནི། །ཨེ་ཡི་རྣམ་པའི་འཁོར་ལོ་ལ། །མཱ་ར་ཡ་ཡི་མཐའ་ཅན་གྱི། །མན་ངག་བཞིན་དུ་བྲི་བར་བྱ། །དེ་ནས་རྐང་པ་ནས་བརྩམས་ཏེ། །དྲིལ་ལ་དུར་ཁྲོད་སྐྲ་ཡིས་དཀྲིས། །སྔར་གྱི་གཟུགས་ཀྱི་སྙིང་ཁ་རུ། །བཅུག་སྟེ་ཚིགས་དང་ལྟེ་བ་སོགས། །དུག་དང་བཅས་པའི་ཚེར་མ་གཟུགས། །དེ་ནས་སྔགས་པ་འདོད་ལྷ་ཡི། །ང་རྒྱལ་ཆེན་པོ་རབ་ལྡན་པས། །སྙིང་གའི་ཧཱུྃ་ལས་འོད་འཕྲོ་བས། །ལྷ་ལ་བཀའ་བསྒོ་རྣམ་ཤེས་ནི། །མན་ངག་ཅན་གྱིས་དགུག་པར་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཆྒཻ་མོ་ཨཱ་ཀཪྵ་ཡ་ཛ། ཛཿ ཧཱུྃ་བཾ་ཧོཿས་དགུག་པ་དང༌། །གཞུག་དང་བཅིང་དང་མྱོས་པར་བྱ། །དེ་ནས་ཚ་བ་དུག་གིས་བྲབ། །དེ་བཞིན་བདུན་ཕྲག་ཉི་ཤུ་གསུམ། །ཟླ་བ་གཅིག་ཏུ་ལས་སྒྲུབ་ལ། །དྲག་པོའི་ཐབ་ཏུ་ཚེར་མ་དང༌། །བྲ་མའི་མེ་ལ་བསྲོ་བར་བྱ། །དེས་
ཀྱང་མདུད་པར་མི་བྱེད་ན། །བསྟན་པ་བདེ་ལ་གནས་པའི་ཕྱིར། །སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །གྲི་ལྕགས་ལས་བྱས་མཚོན་གྱིས་གཏུབ། །ཁྲག་དང་དུག་དང་ཚ་བ་དང༌། །ཚེར་མ་ལིང་གར་བཅས་ཏེ་བསྲེགས། །ཐལ་བ་བླ་མའི་མན་ངག་ལྟར། །མནན་དང་ཆུ་བོར་དོར་བར་བྱ། །གཞན་ཡང་མི་ཤིས་ཐོད་པ་ལ། །དུག་གི་མྱུ་གུས་གཟུགས་བྲིས་ཏེ། །དེ་ཡི་ལྕེ་ལ་ཨུད་མ་ནི། །མིང་སྤེལ་བྲིས་ལ་ཐོད་པ་གཉིས། །ཁ་སྦྱར་སྐུད་པ་ནག་པོས་དཀྲི། །ནག་པོའི་གོས་ཀྱིས་གཏུམས་ནས་ནི། །མི་ཤིས་ས་ཕྱོགས་དག་ཏུ་མནན། །བསྙེན་དང་སྒྲུབ་པས་མཉེས་གྱུར་ན། །འཆི་དང་སྨྱོ་བར་གྱུར་པ་ནི། །ཐེ་ཚོམ་ཡོད་པ་མ་ཡིན་ནོ། །ཡི་དྭགས་སམ་ནི་དགྲ་བོ་གང༌། །གྲོ་ག་ལ་ནི་གཟུགས་བྲིས་ལ། །སྙིང་གར་སྔགས་འདིས་བསྐོར་བར་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཆྒཻ་མོ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། ཅེས་པའི་སྔགས་བྲིས་གཏོར་མ་གཞུག །དེ་ནས་སྒྲུབ་སྔགས་བཟླས་པར་བྱ། །དེ་ཡི་རྗེས་ལ་གཏོར་མ་འབུལ། །མགོན་པོ་ནག་པོ་འཁོར་བཅས་ལ། །ཤ་ཁྲག་བསྐང་སོགས་བསྟབས་བྱས་ནས། །གཏོར་མས་བསད་པས་བསྒྲལ་བྱ་སྟེ། །དམིགས་པར་བྱ་བ་མྱུར་དུ་བརླག །གཞན་ཡང་གདུག་པ་ཕ་རོལ་དེ། །ནུས་པ་ཅུང་ཟད་ཡོད་གྱུར་ན། །རང་གཤེད་རང་ལ་
དབབ་པའི་ཕྱིར། །ངག་གནན་སྦྱོར་བ་འདི་ལྟར་བྱ། །གྲོ་ག་འམ་ནི་རོ་རས་ལ། །ཁྲག་དང་དུག་དང་གདུག་པ་ཡིས། །གཟུགས་ནི་ལྕེས་ཁེངས་སྔགས་བྲི་སྟེ། །སྟམྦྷ་མིང་སྤེལ་ལྡན་པས་བསྐོར། །ཕྱིན་ཅི་ལོག་ཏུ་དྲིལ་ལ་བཅིངས། །ཟག་པའི་རྫས་སོགས་ས་ལ་ནི། །ཚ་ཚ་བྱས་པའི་ནང་བཅུག་ལ། །བསྟིམ་ཞིང་མནན་ལ་མདུན་བྱས་ལ། །རྣལ་འབྱོར་སྤྲོ་བསྡུ་ཕྱག་རྒྱ་བཅིང༌། །ཐུན་གྱིས་བྲབས་ལ་བཟླས་པ་བྱ། །ལས་བཅོལ་ཞག་བདུན་ཐུན་བཞིར་བྱ། །དེ་ལ་སྔར་བཞིན་བྱས་ནས་ནི། །གནོད་པའི་ས་ཕྱོགས་དག་ཏུ་མནན། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །ཐོད་པ་འམ་ནི་སྣོད་གཞན་དུ། །སྦྱིན་སྲེག་བྱས་པའི་ཐལ་བ་དེ། །ཐུན་རྫས་ཀྱིས་བྲབ་ལིང་གར་བཅས། །ཡང་ན་དྲག་པོ་ཀླུ་ལ་གཏད། །གྲུ་གསུམ་དོང་བཅུག་བརྫི་བར་བྱ། །ཁ་བཅད་ནས་ནི་དྲག་པོ་ཡི། །ངེས་པར་གནོན་པར་ཐེ་ཚོམ་མེད། །དེ་ལྟར་ལས་ལ་སྦྱོར་དུས་སུ། །ཉེས་པ་བསྒོ་བའི་ཐབས་ཤེས་ནི། །སྲུང་བྱེད་ཉེས་པ་འདི་ལྟར་བསྒྲག །བསྟན་པ་འཇིག་པར་བྱེད་པ་ཡི། །དགྲ་བོ་སྲུང་བྱེད་ལྷ་ཁྱོད་ཉོན། །གདུག་པའི་སེམས་ལྡན་དགྲ་འདི་ཡིས། །དཀོན་མཆོག་བླ་མ་ལ་སྨོད་ཅིང༌། །རྣལ་འབྱོར་ལ་སྡང་སེམས་ཅན་འཚེ། །སྒྲུབ་པ་པོ་ལ་བརྙས་གྱུར་པས། །དཔག་ཚད་སྟོང་དུ་ལྷུང་བ་
ཡི། །དམྱལ་བའི་སྡུག་བསྔལ་མྱོང་འགྱུར་བས། །བདག་གིས་མྱུར་དུ་བསྒྲལ་ནས་ནི། །གཟུགས་ཀྱིས་ལྷ་རྣམས་མཆོད་པ་ཡིན། །ཁྱེད་ཀྱིས་སྲུང་བར་མ་བྱེད་པར། །སྡིག་ཅན་འདི་ནི་མྱུར་དུ་སྤོངས། །ཞེས་བརྗོད་པར་བྱའོ། །བསྟན་པ་སྲུང་བའི་བསམ་པ་དང༌། །སྙིང་རྗེ་ཆེན་པོ་ལྡན་པ་ཡིས། །ཡེངས་པ་མེད་པར་བྱས་གྱུར་ན། །ངེས་པར་འགྲུབ་པར་གདོན་མི་ཟ། །བརྒྱ་བྱིན་དག་གི་སྲོག་ཀྱང་གཡོ། །སྡིག་ཅན་དགྲ་བགེགས་སྨོས་ཅི་དགོས། །བྱང་ཆུབ་སེམས་དང་རབ་ལྡན་ན། །ངོ་བོ་ཉིད་ཀྱིས་འགྲུབ་པར་འགྱུར། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ལྷ་མོའི་འཁོར་ལོ་དང༌། ལས་སྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཞན་ཡང་བཤད་བྱ་བ། །གསང་བའི་ཆོ་ག་ཉམས་དགའ་བ། །དཔལ་ལྡན་ལྕམ་དྲལ་ཐམས་ཅད་ཀྱི། །སྒྲུབ་པ་རབ་ཏུ་ཉམས་དགའ་ནི། །མགོན་པོ་ཀུན་གྱི་གནས་འདི་ནི། །ཞལ་གཅིག་པ་ལ་ཕྱག་དྲུག་པ། །དང་པོ་གྲི་གུག་ཐོད་ཁྲག་འཛིན། །སྤྱན་གསུམ་མཐིང་ནག་རྔམ་པ་ཡི། །གཡས་གཡོན་བར་མའི་ཕྲེང་བ་དང༌། །ཌཱ་མ་རུ་ནི་འཛིན་ཅིང་རྡུང༌། །ཐ་མ་གཉིས་ནི་ཁ་ཊྭཱཾ་དང༌། །སྡིགས་མཛུབ་ཞགས་པ་འཆིང་བར་མཛད། །ཀླུ་བརྒྱད་ཀྱིས་བརྒྱན་ཁྲག་འཛག་ཞལ། །
ས་བོན་རང་སྔགས་ཕྲེང་བ་ཅན། །རྒྱས་བཏབ་པས་ནི་བྱིན་བརླབས་ཤིང༌། །རྡོ་རྗེ་སེམས་དཔས་དབུ་བརྒྱན་པ། །ནྱ་གྲོ་དྷ་ཡི་ཤིང་ལ་བརྟེན། །བི་ན་ཡ་ཀ་མནན་པར་བསམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱཾ་བི་ནཱ་ཡ་ཀ་ནཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཤ་ཆེན་བསྲེགས་སྤོས་ཕུལ་ནས་ནི། །སྐྱོ་བར་གྱུར་ན་གསང་སྔགས་བཟླས། །དེ་ལ་གཏོར་མ་དབུལ་བར་བྱ། །ཁྱད་པར་བྱིན་རླབས་གྱུར་པར་བྱ། །ཕྲིན་ལས་ཐོགས་པ་མེད་པར་འགྲུབ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། སྐུའི་མགོན་པོའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཡོན་ཏན་གྱི་མགོན་པོའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རཀྴ་རུ་ཏྲི་བྷ་ཥ་ནི་ཧཱུྃ་ཕཊ། གསུང་གི་མགོན་པོའི་སྔགས་སོ། །ཨོཾ་བཛྲ་ཀྲྀཥྞ་ཙཎྜ་མཱ་ར་ཡ་མ་ཧཱ་ཀཱ་ལ་ཙིཏྟ་ལ་ཧྲཱིཾཿ ཛཿ ལས་ཀྱི་མགོན་པོའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧ་ན་བཛྲ་ཧཱུྃ་ཕཊ། ཡི་གེ་བཅུ་པ་འདི་གསང་བའི་མགོན་པོའི་སྔགས་སོ། །ཨོཾ་ཙཎྜི་ཤྭ་རཱི་ཡེ་སྭཱ་ཧཱ། གཏུམ་པ་མོའི་སྔགས་སོ། །ཨོཾ་ཙཎྜི་ཙི་ཀཱ་ཡེ་སྭཱ་ཧཱ། དྲག་མོའི་སྔགས་སོ། །ཨོཾ་ཀཱ་ལི་ཀཱི་ཡེ་སྭཱ་ཧཱ། བཟློག་བྱེད་མའི་སྔགས་སོ། །ཨོཾ་ཀུ་ལི་ཤེ་ཥ་རཱི་ཡེ་སྭཱ་ཧཱ། དཔའ་མོའི་སྔགས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་མེ་ཏྲི་ཛཿ བེང་འཛིན་པའི་སྔགས་སོ། །ཨོཾ་རེ་དནྟི་མ་ཧཱ་ཀཱ་ལ་ཏྲི་ཤཱུ་ལ་སརྦྦ་ཤ་ཏྲུཾ་
ཛཿ རྩེ་གསུམ་འཛིན་པའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྲོ་ཏི་གཎྜེ་ས་ཡ་ཧཱུྃ་ཕཊ། །གཎྜི་འཛིན་པའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏེ་ཙི་ཙོ་ཏ་ཀ་ར་མ་རཱ་ཎཱཾ་ཧཱུྃ་ཕཊ། རྒྱལ་མཚན་འཛིན་པའི་སྔགས་སོ། །གསང་བ་བེང་འཛིན་མགོན་པོ་ཡིས། །ལྷ་མ་ཡིན་གྱི་གྲོང་ཁྱེར་ནི། །སུམ་བརྩེགས་ལ་སོགས་ཁང་བཟང་རྣམས། །ཁྲོ་བོ་ཙནྡན་བེང་བསྣམས་ཀྱིས། །ལྷ་དམག་བྱེ་བ་དུང་ཕྱུར་རྣམས། །ཕྱུང་ནས་བརླག་པར་མཛད་པ་ཡི། །གྲོང་ཁྱེར་འབུམ་ཕྲག་བརྒྱད་ཅུ་ཡང་། །རླག་བྱེད་བདུད་འདུལ་ཆེན་པོ་སྟེ། །འདི་ཉིད་གཡོན་གནས་ལྷ་མོ་ནི། །ཀུན་ཏུ་དགྱེས་ནས་གར་སྟབས་གནས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ་བེང་ནི་ཛ་ཨ་མུ་ཀའི་མགོ་ལ་རུ་ཊ་ཧཱུྃ་བྷྱོཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲཀ་རཀྵཾ་དུ་བཾ་ནི་ཛཿ མུཾ་ནག་ཤིག་བྷྱོཿ མུཾ་ཤིག་བྷྱོཿ ཆྒཻ་མོ་མཱ་ར་ཡ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རཀྵ་ཏྲི་ཡཀྵ། རུ་དྲ་ས་མ་ཡ། སརྦྦ་ཤ་ཏྲུཾ་རུ་རུ་ཙ་པ་ལཱ་ཡ། མ་ར་ཎ་རྦད་རྦད། ནྲི་རྦད་པུ་རྦད་པུ། ཚལ་པ་ཚལ་པ། ནི་ཤ་ཀུ་རུ་ས་མ་ཡ། ཆྒཻ་མོ་གཏུབས་ཛ་ཛ། ཨོཾ་རུ་རུ་མ་མ་བྷྱོཿ མ་མ་ཤ་ཏྲཱཾ། ཙི་ཏ་ལ་ཧྲིཾ་ཧྲིཾ། མཱ་ར་ཡ་རྦུད་རྦུད། རེ་ཤཾ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཀཱ་ལོ་ཡཾ་བྷ་ཤ་ནི་མ་ཧཱ་ཀཱ་ལ་ཡཀྵ་ཤཱ་ས་ན། ཨ་པ་ཀ་རི་དི་ན་མེ་ཀེ་ན་མེ་རུ་རུ་མ་མ་བྷྱོཿ ཙིཏྟ་ལ་ཧྲིཾ་ཧྲིཾ་རྦད། ཏྲི་རི་ཏྲི་པི་ཏྲི་ཀ་ཧི་སྭཱ་ཧཱ། ཏི་
ཀ་པ་ཏྲ་ཧཱུྃ། ཨ་ཏྲ་ཀ་ཏི་སྭ་མོ་ཤ་མོ་སྣ། ཏིག་བུག་ཤིག །ཀུ་མི་ཏ་རྦད་ཤིག་རྦུད་སོད། གཎྜེ་འཛིན་པའི་ཁྲོ་བོ་ཆེ། །མ་རུངས་ཀླད་པ་འགེམས་པར་བྱེད། །ཙ་མུཎྜི་ལྡན་རོལ་པ་སྟེ། །གདུག་པ་འདུལ་བའི་ལས་ལ་ཤིས། །ཁ་ཊྭཱཾ་རྩེ་གསུམ་འཛིན་པས་ནི། །དགྲ་བགེགས་ལུས་ངག་ཡིད་ལ་འདེབས། །གཏུམ་པོ་ཐོག་འབེབས་མིག་སྒྱུར་མ། །སངས་རྒྱས་བསྟན་པ་སྐྱོང་བའོ། །གང་དུ་ཀེང་རུས་རྒྱལ་མཚན་བསྣམས། །བདུད་དང་བདུད་ཀྱི་ཕྱོགས་སྐྲག་བྱེད། །འདི་ཉིད་ལེགས་ལྡན་རྒྱལ་པོ་ཆེ། །རྡོ་རྗེ་སེ་གདོང་སྣ་ཚོགས་གདོང༌། དཀྱིལ་འཁོར་ལྷ་ཚོགས་འདི་དག་གིས། །གསང་སྔགས་རིམ་པ་བསྟན་པའོ། །ཐུན་མོང་ཁྱད་པར་བྱེ་བྲག་གིས། །ལུས་ཀྱི་མཚན་ཉིད་རྟགས་བཅས་པ། །གྲུབ་པ་ཀུན་ཏུ་བགྲོད་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དཀྱིལ་འཁོར་བའི་མགོན་པོ་ཡུམ་དང་བཅས་པའི་གསང་སྔགས་དང༌། ཕྲིན་ལས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བདེན་པ་ཙམ་གྱིས་ནི། །གྲུབ་པ་སྩོལ་བར་མཛད་པ་པོ། །དངོས་གྲུབ་འབྱུང་གནས་རིམ་པ་ནི། །ཡང་དག་ཉིད་དུ་བཤད་པར་བྱ། །བྱ་རོག་གཡང་གཞིས་བརྒྱན་པ་ཡི། །ནག་པོ་ཕྱག་བཞི་པ་ཡི་སྐུ། །གསང་ཞིང་དམ་ཚིག་ལྡན་པས་བྲི། དེ་ནི་སྐུ་ཡི་རྟེན་དུ་
བཤད། །གསེར་དངུལ་ལ་སོགས་ཀྱིས་བྲིས་པའི། །ནག་པོ་ཆེན་པོའི་སྙིང་པོ་དང༌། །ཉེ་བའི་སྙིང་པོ་བྲིས་པ་རྣམས། །གསུང་གི་རྟེན་དུ་འདོད་པའོ། །བྱ་རོག་སོགས་དང་རྟ་ནག་སྙིང༌། །ཁྱི་ཡི་སྙིང་དང་མི་ཡི་སྙིང༌། །རིན་ཆེན་ལྔ་དང་བཅས་པ་རྣམས། །ཐུགས་ཀྱི་རྟེན་དུ་གཟུང་བར་བྱ། །སྙིང་གི་རྣམ་པ་ཐམས་ཅད་དང༌། །ཉ་ཤ་ལ་སོགས་འབྲུ་ཡི་ཆན། །སྨན་གྱི་རྣམ་པ་ཐམས་ཅད་ཀྱིས། །བསྙེན་པའི་གཏོར་མ་བྱ་བ་ཡིན། །རྫས་དང་གཏའ་གཏོར་སྟེང་དང་འོག །སྟེང་ནས་དར་ནག་གུར་གྱིས་ཕུབ། །ཤ་ལྔ་སྨན་ལྔ་མྱོས་བྱེད་བཅས། །རྒྱུན་དུ་ཐུགས་དམ་བསྐུལ་ཕྱིར་མཆོད། །རྟ་ནག་ལུག་ནག་གཡག་རོག་ལ། །མགུལ་དུ་སྙིང་པོ་བྲིས་ལ་གདགས། །དེ་ཡི་ངོ་བོ་ལེགས་ཕུལ་ལ། །ཕྱི་ཡི་རྟེན་དུ་བྱ་བར་བཤད། །ནག་པོ་རས་སམ་དར་ལ་ཡང༌། །རིན་ཆེན་ལྔ་དང་བཅས་པ་ཡིས། །ནག་པོ་ཞལ་གཅིག་ཕྱག་བཞི་པ། །བྲིས་པ་ཉིན་གཅིག་གིས་རྫོགས་ནས། །བར་ཆད་མེད་པར་རབ་གནས་བྱ། །གསང་རྟེན་ལུས་ལ་བཅང་བ་འོ། །སྣ་ཚོགས་འབྲུ་ནག་དབལ་བྱས་པའི། །གཏོར་མ་མི་ཤས་བརྒྱན་པ་ཡི། །ཕོ་བྲང་རྟེན་དང་བརྟེན་པར་བཅས། །ནང་གི་རྟེན་དུ་སློབ་པའོ། །སྐྱེས་པ་གྲིར་ཤིའི་ཐོད་ཕྲེང་ནི། ཡོན་ཏན་ལྡན་ཕྱིར་རྟག་ཏུ་སྦ། །མི་
བསད་མཚོན་ལས་བྱས་པ་ཡི། །རྡོ་རྗེ་གྲི་གུག་ཧཱུྃ་བྲིས་པ། །ཕྲིན་ལས་བྱེད་པའི་ཁྱད་པར་རོ། །དམ་ཚིག་གནས་པའི་རྣལ་འབྱོར་པས། །ཉམས་དགའ་དབེན་པའི་གནས་ཉིད་དུ། །ལྷ་མོའི་རྟེན་ཡང་འདི་ལྟར་རོ། །རིགས་མེད་ཀྱི་ནི་ཐོད་པ་ལ། །གསང་སྔགས་ཡི་གེ་འདི་དག་ནི། །བྲིས་པ་ཙམ་གྱིས་ལས་འགྲུབ་བྱེད། །སྒྲུབ་པ་མི་དགོས་ནུས་པ་འབྱུང༌། །དུར་ཁྲོད་སོལ་བས་སྔགས་འདི་བྲིས། །ཨོཾ་ཤྲཱི་དེ་ཝི་ཙ་མུཎྜི་རཀྟ་ཙ་མུཎྜི། སེཾ་ཀ་མོར། དྷ་ཀེ་སཾ་ཧ་སི་ཏ། མུ་ཁ་ཀ་ར་ཧ་ར། ཀཱི་ལ་ཀཱི་ལ། ཕྲེ་ཀྵ་ཏི་ཏ་ས་ན་ས་ཏ་བྷྲཱུཾ་བྷྲཱུཾ་ལ་ལ་ཏ་ཡ། ཀ་པཱ་ལ་མཱ་ལ་དྷ་ར་ཎི་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཐོད་པའི་ནང་དུ་འཁོར་བར་བྲི། །ཕྱི་ཡི་རྟེན་དུ་བཤད་པ་ཡིན། །བོང་བུ་ནག་མོའི་ཐོད་པ་ལ། །བརྟེན་པ་ལྷ་མོའི་སྐུ་བྲིས་པ། །ནང་གི་རྟེན་དུ་བཤད་པ་ཡིན། །ནལ་གྲིའི་སྙིང་ནི་མ་ཉམས་པ། །མཚོན་གྱི་རྩེ་ལ་བཀོན་པ་བཞག །གསང་བའི་རྟེན་དུ་གཟུགས་པར་བྱ། །བུ་མོའི་ཐོད་པ་རྫ་རིལ་དང༌། །གྲི་གུག་དར་གྱིས་གཏུམས་པ་དང༌། །དྲི་བཟང་ཚོགས་ཀྱིས་གདུག་པར་བྱ། །དེ་ཁོ་ན་ཉིད་རྟེན་དུ་བཤད། །དེ་ནས་ནུབ་ཕྱོགས་དག་ནས་ནི། །གསུམ་གྱིས་ཁུར་ནས་འོངས་པའི་རྡོ། །མི་ནག་གསུམ་གྱིས་འདི་སྐད་བརྗོད། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །རྡོ་རྗེ་མགོན་པོ་
འཁོར་བཅས་པ། །རང་བཞིན་གནས་ནས་སྐུ་བཞེངས་ལ། །འདིར་ནི་བསྟན་སྲུང་བཞུགས་སུ་གསོལ། །ལན་གསུམ་བརྗོད་ནས་བཞུགས་པར་བྱ། །རོལ་མོའི་སྒྲ་དང་སྤོས་དུད་དང༌། །སྣ་ཚོགས་རོལ་མོས་བསུས་ནས་ཀྱང༌། །ཕྲིན་ལས་གང་འགྲུབ་རིམ་ཤེས་བྱ། །འདི་ནི་རང་བཞིན་རྟེན་ཡིན་ནོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ཕྱི་ནང་གསང་བ་དང་སྐུ་གསུང་ཐུགས་ཀྱི་རྟེན་གཟུགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །བཀའ་ཡི་ཚོགས་ཀྱི་འཁོར་གྱུར་པ། །འདི་ནི་ཀུན་ཏུ་ཤེས་པར་བྱ། །ལས་ཀྱི་མགོན་པོ་རྣམས་དང་ནི། །ལྷ་མོ་ཆེན་མོ་འཁོར་དང་བཅས། །ལྷ་སྲིན་སྡེ་བརྒྱད་མ་ལུས་པ། །ཕོ་ཉ་མངག་གཞུག་ལས་བྱེད་པའོ། །གཞན་ཡང་ཕྱོགས་སྐྱོང་བཅུ་དང་ནི། །ཀླུ་ཆེན་བརྒྱད་དང་ལྷ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱལ་ཆེན་བཞི། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ། །གནོད་སྦྱིན་བརྒྱད་དང་འཕྲོག་མའི་བུ། །ཤ་ཟ་དང་ནི་མ་མོ་དང༌། །འཇིག་རྟེན་པ་དང་དམ་ཚིག་གནས། །ཞིང་སྐྱོང་མ་ལུས་འཁོར་དང་བཅས། །འདི་དག་ལས་ཀུན་བྱེད་པ་ཡི། །འཇིག་རྟེན་སྐྱོང་བ་བཞི་བཅས་པས། །གྲུབ་པ་རབ་ཏུ་སྩོལ་མཛད་པ། །ལྷ་དང་
ལྷ་མིན་མི་འམ་ཅི། །ལྟོ་འཕྱེ་གྲུལ་བུམ་སྲུལ་པོ་དང༌། །ལུས་སྲུལ་གྲིབ་གནོན་སྐེམ་བྱེད་སོགས། །ནམ་མཁའ་ལྡིང་དང་དྲི་ཟ་དང་། །འབྱུང་པོ་མ་ལུས་འདུས་པ་ཀུན། །འདི་དག་སྒྲུབ་ལ་གྲོགས་བྱེད་ཅིང༌། །མཐུ་སྟོབས་དཔུང་དང་ནུས་པ་ཡིས། །སྲུང་ཞིང་བར་ཆད་ངེས་པར་སེལ། །སྒྲ་གཅན་འཛིན་པའི་རཱ་ཧུ་ལ། །འདི་ལ་སོགས་པ་ཐམས་ཅད་ལ། །ཚོགས་ཀྱི་གཏོར་མས་ཆེར་མཆོད་ན། །དཔལ་དང་རྫུ་འཕྲུལ་མྱུར་དུ་སྟེར། །འདི་དག་འཁོར་དང་བཅས་པ་ཡི། །ཉེ་དང་ཉེ་བའི་མཚན་མ་དང༌། །རྟགས་དང་ཆོ་འཕྲུལ་དུ་མ་འབྱུང༌། །སྐུ་གསུང་ཐུགས་ཀྱི་རྟགས་དང་ནི། །ཕྱི་ནང་གསང་བ་རྟགས་གྱུར་པ། །དངོས་དང་ཉམས་སྣང་རྨི་ལམ་དང༌། །སྤྲུལ་པའི་ཕྲིན་ལས་ངེས་འབྱུང་བ། །གཙོ་བོ་ཉིད་དང་འཁོར་རྣམས་ཀྱི། །རིམ་པ་རྗེས་སུ་འབྲེལ་བར་འབྱུང༌། །རྟགས་བྱུང་ནས་ནི་ལས་ལ་བསྐུལ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གཙོ་བོ་དང༌འཁོར་དུ་བཅས་པ་མཆོད་པར་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཐར་པའི་གྲོང་ཁྱེར་ཉམས་དགའ་བར། །དབང་བསྐུར་ཆོ་ག་བཤད་པར་བྱ། །འདིས་ནི་བདུད་དང་བདུད་ཀྱི་ཚོགས། །དེ་ལས་རྒྱལ་བར་བྱེད་
པ་ཡི། །ཆོ་ག་བཟང་པོ་བླ་ན་མེད། །དཀྱིལ་འཁོར་བཟང་པོ་བཞེངས་པར་བྱ། །ཕུན་སུམ་ཚོགས་པའི་གནས་དག་ཏུ། །རྒྱུད་ཤེས་ཡང་དག་བླ་མ་ལ། །སྣོད་ལྡན་དག་པའི་སློབ་མ་ཡིས། །གསོལ་བ་ལན་གསུམ་གདབ་བྱས་ལ། །མཎྜལ་མེ་ཏོག་སྔོན་འགྲོ་ཡིས། །རྡོ་རྗེ་འཛིན་པ་མ་ལུས་དང༌། །རྒྱལ་བ་མགོན་པོ་ཀུན་གྱི་གནས། །དབང་ཕྱུག་དམ་པའི་དཀྱིལ་འཁོར་དུ། །དབང་བསྐུར་གནང་བར་མཛད་དུ་གསོལ། །ལན་གསུམ་བརྗོད་ནས་གནང་གྱུར་པས། །དང་པོ་བསྙེན་པ་བརྩམ་པར་བྱ། །མཚན་མ་ཉེ་བའམ་ཚུལ་ཤེས་ནས། །དེ་ནས་སྔོན་འགྲོ་བརྩམ་པར་བྱ། །དང་པོ་བགེགས་རྣམས་ཉེར་ཞི་བའི། །ཕྲིན་ལས་མཆོད་པ་གཏོར་མ་ཡི། །ཡེ་ཤེས་ལྷ་རྣམས་མཆོད་པ་དང༌། །ལུས་དང་ངག་དང་ཡིད་གསུམ་གྱི། །སྡིག་པ་བྲལ་ཞིང་བགེགས་དབྱུང་བའི། །སྔགས་དང་བཅས་པའི་ཉུངས་ཀར་གྱིས། །མེ་སྦར་སྲེག་དང་བྲབ་པར་བྱ། །དེ་རྗེས་ས་ཕྱོགས་གཙང་མ་ལས། །ས་བརྟག་པ་དང་སྦྱང་བར་བྱ། །ས་བླངས་ནས་ནི་བཀའ་ཐོབ་པས། །བརྐོ་ཞིང་རོ་ལྔ་བསལ་བར་བྱ། །དེ་ནས་བསྲུང་ཞིང་བཅག་པར་བྱ། །རྡོ་རྗེ་འཛིན་པ་བཞེངས་ནས་ནི། །རྡོ་རྗེ་གོམ་པའི་གར་སྟབས་ཀྱིས། །ཧཱུྃ་ཧཱུྃ་དྲག་པོའི་སྒྲ་བརྗོད་པས། །ཕྱོགས་ཀུན་བཅིང་བ་བྱས་
ནས་ནི། །བགེགས་ལ་བཀའ་བསྒོ་གཏོར་མ་སྦྱིན། །སློབ་མ་ཀུན་ལ་བསྲུང་བྱས་ལ། །རྡོ་རྗེ་མགོན་པོ་ཆེན་པོ་ཡི། །ཏིང་ངེ་འཛིན་དུ་གནས་པ་ལ། །གསོལ་བ་གདབ་པས་གནང་བ་སྦྱིན། །ཁྱད་པར་བདུད་རྩི་འཁྱིལ་པས་བསྲུངས། །ཡང་དག་ཡེ་ཤེས་སེམས་དཔའ་ཆེ། །འཁོར་བའི་གཡུལ་ལས་རྒྱལ་བྱེད་པ། །རྒྱལ་བ་མ་ལུས་བསྟན་སྐྱོང་ཆེ། །དེ་ནས་ལྷག་པར་གནས་པ་བརྩམས། །ས་འཛིན་ལྷ་མོ་ཉིད་མཆོད་པས། །བཀའ་བྱིན་ནས་ནི་ཐིམ་པར་བལྟ། །བུམ་པ་བཀྲ་ཤིས་ཡང་དག་ལྡན། །མ་ཉམས་མཚན་ཉིད་ལྡན་པ་ལྔ། །ཁ་ཚར་མ་ཉམས་རས་ཟུང་དཀྲི། །སྙིང་པོ་སྨན་དང་འབྲུ་ལྔ་སོགས། །སྤོས་དང་རིན་ཆེན་དག་གིས་དགང༌། །རྒྱུན་འབབ་ཆུ་ཡིས་དགང་བ་དང༌། །འབྲས་ལྡན་ཤིང་གིས་ཁ་བརྒྱན་པའོ། །དེ་ནས་སྲུང་བའི་འཁོར་ལོ་ཡི། །བཀའ་ཡི་ཁྲོ་བོ་རྣམ་པར་བསྒོམ། །དཀྱིལ་འཁོར་དྲི་ཡི་ཐིག་ལེ་ལ། །མེ་ཏོག་གཅལ་བཀྲམ་ལྷ་རྣམས་ནི། །བསྐྱེད་ཅིང་མཆོད་ལ་གཉིས་མེད་བསྟིམ། །སོ་ཤིང་དོར་དང་ལྟས་བརྟག་པ། །སྲུང་སྐུད་ཀུ་ཤ་སྦྱིན་པར་བྱ། །དེ་ནས་སེམས་བསྐྱེད་སྡོམ་གནས་པས། །དམ་ཚིག་གསང་བ་སྦྱིན་པར་བྱ། །ཁྱད་པར་ལྷ་ལ་གསོལ་བཏབ་ནས། །རྡུལ་ཚོན་དཀྱིལ་འཁོར་ཐིག་གདབ་བྱ། །དང་པོར་ཡེ་ཤེས་ཐིག་གདབ་ཅིང༌། །
ཕྱི་ནས་དམ་ཚིག་ངེས་པར་གདབ། །གོ་རིམ་མ་ནོར་ངེས་པའི་ཚུལ། །སྲད་བུ་ཤེས་རབ་ཅན་ཐིག་གདབ། །ཚོན་ནི་བྱིན་གྱིས་བརླབས་ནས་ཀྱང༌། །པྲ་བརྟག་རྡུལ་ཚོན་རིམ་པར་དབྱེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པ་ཡི། །ཟླུམ་བསྐོར་ཕོ་བྲང་ལིང་ཚེ་དགུ། །དབུས་མ་ཨེ་དབྱིབས་དྲག་པོ་ཉིད། །ཕྱི་རོལ་པདྨ་འདབ་བརྒྱད་པ། །ལྷ་ཁྱམས་བཅས་པའི་དཀྱིལ་འཁོར་མཆོག །འདོད་ཡོན་རིན་ཆེན་སྐེད་པད་དང༌། །དྲྭ་ཕྱེད་བ་ཀུ་ལི་ཡི་ཕྲེང༌། །ཡ་སྟེང་ཁ་བད་མཛེས་པའི་རྒྱན། །ཆོས་འཁོར་རི་དྭགས་གདུགས་དང་བཅས། །ཐོད་སྐམ་པདྨའི་ཕྲེང་བར་ལྡན། །དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་འཁོར། །རྡོ་རྗེ་མེ་འོད་འབར་བས་འཁྲིགས། །དམ་ཚིག་ཡེ་ཤེས་གཉིས་མེད་པའི། །གསང་སྔགས་ཉེ་བར་རྫོགས་པར་གནས། །བརྟན་ཞིང་མཆོད་ལ་གསོལ་བ་གདབ། །ཉེ་བར་བརྒྱན་ཅིང་ཡོངས་སུ་བསྐོར། །དེ་ནས་སློབ་དཔོན་བདག་འཇུག་བྱ། །སྦྱིན་སྲེག་ལས་ནི་རབ་ཏུ་ཤིས། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་ཆེན་པོའི་དཀྱིལ་འཁོར་གསང་བར་བྱེད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གཞན་ཡང་རྣམ་བཤད་བྱ། །ཡང་ན་ལེང་ཚེ་དགུ་ལྡན་པའི། །པདྨ་འདབ་བརྒྱད་ཕྱི་རོལ་
དུ། །མུ་ཁྱུད་འཁོར་ལོ་རིམ་གསུམ་ལ། །ཨེ་དབྱིབས་ཞིང་སྐྱོང་རིམ་པར་དགོད། །ལྷ་དང་ས་བོན་ཕྱག་མཚན་ནི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་མཚན། །སློབ་མ་ཁྲུས་བྱས་རྒྱན་བཏགས་ཏེ། །མཎྜལ་མེ་ཏོག་ཕྱག་བྱ་ཞིང༌། །རས་ཀྱིས་མིག་ནི་བཀབ་ནས་སུ། །དང་པོར་མེ་ཏོག་དོར་བར་བྱ། །མཚན་མ་མཐོང་བས་ལེགས་པར་བྲི། །སྒོ་བཞི་ནས་ནི་ནང་འཇུག་ཅིང༌། །གུ་གུལ་བདུག་ཅིང་ཏིང་འཛིན་གྱིས། །ནག་པོ་ཆེན་པོའི་ལྷ་ཚོགས་ཀྱང༌། །ངེས་པར་སྤྱན་དྲངས་བསྟིམ་པར་བྱ། །དེ་ལས་ངེས་པར་རྟགས་རྣམས་འབྱུང༌། །ཡང་ན་སོ་སོའི་མགོན་པོར་བསྐྱེད། །ཡེ་ཤེས་སེམས་དཔའ་བྱིན་གྱིས་བརླབ། །བླ་མ་དཀྱིལ་འཁོར་གཙོ་བཅས་ལས། །འོད་འཕྲོས་རང་བྱིན་བརླབ་པར་འགྱུར། །མཐོང་བ་དྲི་དང་བདུད་རྩིས་གཏོར། །གདོང་གཡོགས་དཀྲོལ་ཞིང་ལྷ་ངོ་བསྟན། །དེ་ནས་དབང་པོའི་བྱེ་བྲག་གིས། །ངེས་པར་རིམ་པས་དབང་བསྐུར་ཏེ། །བསྟན་པ་འཛིན་ཅིང་བསྟན་པ་སྐྱོང༌། །བསྟན་པ་སྲུང་བར་བྱེད་པ་ཡི། །སངས་རྒྱས་བསྟན་པ་འཕེལ་མཛད་པ། །སྐུ་ཡི་མགོན་པོ་འཁོར་བཅས་ཀྱིས། །བླ་མེད་དངོས་གྲུབ་སྦྱིན་པའི་ཕྱིར། །ཡང་དག་ཡེ་ཤེས་དབང་བསྐུར་རོ། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ཕྲིན་ལས་ལྷ་ཡི་ཁྱད་པར་རོ། །མེ་
ལོང་ཡེ་ཤེས་བདག་ཉིད་ཅན། །རྡོ་རྗེ་རིགས་ཀྱི་མགོན་པོ་ཡིས། །དཀྱིལ་འཁོར་ཆེན་པོའི་ནང་དུ་ནི། །ཞེ་སྡང་དག་པས་དབང་བསྐུར་རོ། །མཉམ་ཉིད་སོ་སོར་རྟོག་པ་དང༌། །བྱ་བ་ནན་ཏན་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་རིགས་ཀྱི་གཙོ། །ངེས་པར་དབང་བསྐུར་བརྟན་པར་བྱ། །ཕྲིན་ལས་བཞི་ཡི་དབང་ཡང་བསྐུར། །ལྷ་མོ་བརྒྱད་ཀྱི་ལས་རྣམས་འགྲུབ། །བུམ་པ་སྤྱི་བོར་བྱིན་པ་དང༌། །ཐོད་པའི་བདུད་རྩི་བླུགས་པ་ཡིས། །གསང་བ་བདེ་ཆེན་ཡེ་ཤེས་ཉིད། །རང་བྱུང་དྲི་མེད་དབང་བསྐུར་བའོ། །དེ་རྗེས་བ་ལིཾ་གཏད་པ་ཡིས། །ནུས་པ་ཐོགས་མེད་སྦྱིན་བྱེད་ཡིན། །སྐུ་གསུང་ཐུགས་ཀྱི་གསང་བ་མཆོག །ལྷ་དང་སྔགས་ཀྱི་ཟབ་པའི་ཆོས། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཆེ། །འདི་ཉིད་དངོས་གྲུབ་ཀུན་གྱི་གཏེར། །ཟབ་ཅིང་རྒྱ་ཆེ་དོན་སྒྲུབ་པ། །སྐལ་བ་ཅན་ལ་སྦྱིན་པར་བྱའོ། །ཧེ་རུ་ཀ་དང་ནག་པོ་ཆེ། །བླ་མ་ཐ་དད་མེད་པ་ལ། །ཚོགས་ཀྱི་འཁོར་ལོས་ལེགས་མཆོད་ཅིང༌། །ཞབས་ལ་གཏུགས་ལ་སྨོན་ལམ་བཏབ། །འདི་ནི་ཐོབ་པར་ཐེ་ཚེམ་མེད། །ཕྲིན་ལས་ཀུན་ཏུ་གྲུབ་སྟེར་བྱེད། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་གཞན་
ཡང་བཤད་བྱ་བ། །དཔལ་ལྡན་མགོན་པོ་དེ་ཉིད་ཀྱི། །ཕྱོགས་བཞི་ཡོངས་སུ་སྐྱོང་བ་ཡི། །རྒྱལ་པོ་ཆེན་པོ་རྣམ་པ་བཞི། །ཤར་ཕྱོགས་ནས་ནི་ཡུལ་འཁོར་སྲུང༌། །ལྷོ་ཕྱོགས་ནས་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ནས་ནི་སྤྱན་མི་བཟང༌། །བྱང་ཕྱོགས་ནས་ནི་རྣམ་ཐོས་སྲས། །རྒྱལ་པོ་ཆེན་པོ་འདི་བཞི་ཡང་། །སངས་རྒྱས་བསྟན་པ་སྲུང་བྱེད་པ། །འདི་ཉིད་གྲུབ་པ་སྟེར་བྱེད་པའོ། །རབ་ཏུ་དབེན་ཞིང་གཙང་བ་དང༌། །བཀྲ་ཤིས་ཉམས་དགའི་ས་ཕྱོགས་སུ། །རྣལ་འབྱོར་ལྷག་བསམ་རྣམ་དག་པས། །རྣམ་ཐོས་སྲས་ནི་བསྒྲུབ་པར་བྱ། །ས་གཞི་བ་ཡི་ལྕི་བས་བྱུག །དྲི་བཟང་ཙནྡན་དཀར་དམར་དང༌། །ཨ་ཀ་རུ་དང་དུ་རུ་ཀ །ཁ་ཆེ་གི་ཝང་སྣ་ཚོགས་སྨན། །བསྲེག་ཅིང་ཚོགས་པའི་སྨན་དུ་བྱ། །མཎྜལ་གྲུ་བཞི་མདའ་གང་བ། །དཀྱིལ་འཁོར་སྒོ་བཞི་རྟ་བབས་དང༌། །རིན་ཆེན་ཁང་པ་ཡིད་འོང་བ། །པོ་བྲང་རིན་ཆེན་ལས་གྲུབ་པ། །སྣ་ཚོགས་པདྨ་རིན་ཆེན་གླིང༌། །གཏེར་དང་དཔག་བསམ་ལྗོན་ཤིང་བཅས། །ཀ་བ་སྟོང་ཕྲག་དུ་མ་ཡིས། །རབ་ཏུ་རྒྱས་ཤིང་ཡོངས་སུ་བསྐོར། །ལྟེ་བ་རིན་ཆེན་མུ་ཁྱུད་ལ། །ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར། །བར་མ་ལྷ་ཁྱམས་མཛེས་པ་ལ། །གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་བསྐོར། །ཕྱི་མ་ར་བས་བསྐོར་བ་ལ། །
ཀླུ་ཆེན་བརྒྱད་ཀྱིས་ཡོངས་སུ་བསྐོར། །སྒོ་བཞིར་གནོད་སྦྱིན་བཞི་བཀོད་པ། །དབུས་སུ་རིན་ཆེན་སེང་གེའི་ཁྲི། །སྣ་ཚོགས་པདྨ་གེ་སར་བཅས། །དེ་དབུས་ཟླ་བ་དར་གྱི་གདན། །དེ་ལ་སྐུ་གསུང་ཐུགས་ཀྱི་གནས། །ས་བོན་ཕྱག་མཚན་སྐུ་དགོད་བྱ། །སྣ་ཚོགས་མཆོད་པས་ཡོངས་བསྐོར་ཏེ། །འབྲས་དང་གྲོ་དང་འབྲུ་སྣ་ལ། །གཏོར་མ་ཤིན་ཏུ་བཟང་བར་བཤམ། །ཁྱད་པར་མེ་ཏོག་སྣ་ཚོགས་ནི། །ནཱ་ག་གེ་སར་ཀུ་མུ་ད། །པུཎ་ཏ་ཀེ་བ་བ་ཀུ་ལི། །པར་ཤི་ཀ་དང་ཙམ་པ་ཀ །དྷ་ནུ་སྐ་རི་མ་ལི་ཀ །སུ་ཏི་ཀ་དང་ཨུཏྤ་ལ། །པདྨ་མན་དཱ་ར་བ་དང༌། །དཎྜོད་པ་ལ་སོགས་པའོ། །སྣ་ཚོགས་ཆུ་དང་སྲེག་སྤོས་ཚོགས། །གུ་གུལ་ཁྱད་པར་བསྲེག་པར་བྱ། །ཀ་ར་བུ་རམ་སྦྲང་རྩི་དང༌། །ཁུར་བ་འབྲས་ཆེན་ཞུན་མར་དང༌། །ཞལ་ཟས་བྱེ་བྲག་ཐམས་ཅད་དང་། །སྣང་གསལ་མར་མེ་བྱུག་པ་དང༌། །སྒྲ་སྙན་སྣ་ཚོགས་མཆོད་པའི་རྫས། །གདུགས་དང་རྒྱལ་མཚན་བ་དན་དང༌། །འཕན་དང་བླ་རེ་ལ་སོགས་པ། །སྣ་ཚོགས་དར་གྱི་ལྡ་ལྡི་དང༌། །དེ་ལྟར་བཀོད་པ་ལེགས་བརྒྱན་ནས། །བདེ་བའི་སྟན་ལ་འདུག་ནས་ཀྱང༌། །རང་ལྷར་བསྐྱེད་པའི་ས་བོན་ལས། །འོད་འཕྲོས་མདུན་གྱི་དཀྱིལ་འཁོར་ལ། །རབ་ཏུ་འཕྲོས་པས་འོད་དུ་འབར། །དེ་
ལས་དབུས་སུ་རྒྱལ་ཆེན་ནི། །སྐུ་མདོག་གུར་གུམ་མདོག་འདྲ་བ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །སེངྒེའི་ཁྲི་ལ་ལེགས་བཞུགས་པའི། །ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། །རིན་ཆེན་འབར་བའི་རྒྱལ་མཚན་ཅན། །གཡོན་པ་ནེའུ་ལེའི་སྣོད་ཅན་ལས། །ཁ་ནས་རིན་ཆེན་སྐྱུག་པར་བསམ། །གནོད་གནས་དབང་པོ་གང་བ་བཟང༌། །ནོར་བུ་བཟང་དང་རྟ་ཡི་བདག །ཡང་དག་ཤེས་དང་འབྲོག་གནས་དང༌། །ལྔ་རྩེན་པི་ཙི་ཀུཎྜ་ལི། །སྣ་ཚོགས་རྒྱན་དང་ཕྱག་མཚན་བཅས། །རེ་རེའང་དུ་མས་ཡོངས་བསྐོར་ནས། །ཤིན་ཏུ་གསལ་ཞིང་བརྟན་པར་བསམ། །དེ་ནས་ས་བོན་འོད་འཕྲོས་ཏེ། །རང་བཞིན་གནས་ནས་སྤྱན་དྲངས་ལ། །མཆོད་ཅིང་བསྟོད་དེ་གཉིས་མེད་བསྟིམ། །ཁྱད་པར་གསོལ་བ་གདབ་པར་བྱ། །རྒྱལ་བ་མགོན་པོ་འཁོར་བཅས་པའི། །ཡིད་འོང་ཁང་བཟང་ཕོ་བྲང་འདི། །ཡིད་བཞིན་ནོར་བུའི་ཆར་འབེབས་པའི། །རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ། །ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ཨོཾ་ཛམྦྷ་ལཱ་ཡེ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡེ་སྭཱ་ཧཱ། ཨོཾ་སཾ་པྲ་ཛ་ནཱ་ཡེ་སྭཱ་ཧཱ། ཨོཾ་གུ་ཧྱ་ཏ་ནཱ་ཡེ་སྭཱ་ཧཱ། ཨོཾ་པཱྀ་ཙི་ཀཱ་ཡེ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལཱ་ཡེ་སྭཱ་ཧཱ། དང་པོ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། །གཉིས་པ་
རིན་ཆེན་འབར་བ་ཉིད། །གསུམ་པ་ཀུན་ནས་བསྟོད་པར་བྱ། །དེ་ནས་གཏོར་མ་དབུལ་བར་བྱ། །གསོལ་བ་བཏབ་ནས་ཕྲིན་ལས་བཅོལ། །དེ་ནས་ཡེ་ཤེས་གཤེགས་སུ་གསོལ། །དེར་གནས་པ་ནི་བཞུགས་པར་བྱ། །ཕྱི་རྟེན་ནང་རྟེན་ཁྱད་པར་བ། །རིམ་པ་འཁོར་ལོ་སྔགས་དང་བཅས། །མིས་མི་མཐོང་བར་སྦས་ཏེ་བཅང༌། །ཁྱད་པར་རྟགས་ནི་གསལ་བར་འབྱུང༌། །ཉེ་བའི་མཚན་མ་ངེས་མཐོང་ནས། །དངོས་གྲུབ་བླང་ཞིང་གཏོར་མ་དབུལ། །སྦྱིན་སྲེག་ལས་ཀྱིས་མྱུར་དུ་འགྲུབ། །གསང་སྔགས་འབུམ་ཕྲག་བཅུ་ཡིས་ནི། །འབྲས་བུ་ཡིད་ལ་འདོད་ཀུན་འགྲུབ། །ཁ་སྐོང་མེ་ཡི་མཆོད་པ་བྱ། །གཏོར་མ་ཆེན་པོ་དང་བཅས་པས། །ལན་བདུན་ཉེ་བར་བསྙེན་པས་འགྲུབ། །འདི་ནི་ལྷ་རྣམས་ཀུན་གྱི་གཏེར། །སྒྲུབ་པ་པོ་ལ་སྩོལ་བར་མཛད། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ཁྱད་པར་དུ་འཕགས་པ་རྣམ་ཐོས་སྲས་གནོད་སྦྱིན་ཆེན་པོ་བརྒྱད་དང་བཅས་པ་སྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །འཕགས་པ་ཆེན་པོ་དེ་ཉིད་ལ། །ཀླུ་ཆེན་བརྒྱད་ཀྱིས་ཡོངས་བསྐོར་བ། །རིམ་པ་འདི་ནི་བསྟན་པར་བྱ། །ཁྱད་པར་ས་བཅུའི་དབང་ཕྱུག་ཆེ། །དཔལ་ལྡན་ཐུགས་རྗེའི་བདག་
པོ་ཉིད། །ཞལ་གཅིག་ཕྱག་ནི་གཉིས་པ་ཉིད། །སྤྱན་གསུམ་ཅུང་ཟད་ཁྲོ་བོའི་ཚུལ། །སྐུ་མདོག་མར་གད་ལྗང་ཁུའི་མདོག །རིན་ཆེན་འབར་བའི་དབུ་རྒྱན་ཅན། །སྐུ་ལ་དར་བེར་སུམ་རིམ་ལ། །སྣ་ཚོགས་ཅོད་པན་རྒྱན་གྱིས་སྤྲས། །ཕྱག་གཡས་རིན་ཆེན་འབར་བ་བསྣམས། །ལྷ་ཡི་བ་དན་མཛེས་པ་འཕྱར། །གཡོན་པ་མཆོད་རྟེན་སྐུ་གདུང་བསྣམས། །ནེའུ་ལེའི་རྐྱལ་པ་ནོར་སྐྱུག་འཆང༌། །འཁོར་དུ་ཁྱད་པར་ཀླུ་ཆེན་བརྒྱད། །སྐུ་ལུས་མི་ཡི་རྣམ་པ་ལ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཕྱག་གཉིས་ཐལ་མོ་སྦྱར་བ་ནས། །ཡིད་བཞིན་ནོར་བུ་ལེགས་བསྣམས་པ། །སེམས་དཔའི་འདུག་སྟངས་ཕྱེད་སྐྱིལ་ཅན། །ཐམས་ཅད་གཙོ་ལ་འདུད་པར་བྱེད། །ནོར་རྒྱས་པདྨ་ཉིད་དང་ནི། །སྟོབས་ཀྱི་རྒྱུ་དང་འཇོག་པོ་ཉིད། །པདྨ་ཆེ་དང་ཧུ་ལུ་ཆེ། །དུང་སྐྱོང་རིགས་ལྡན་བརྒྱད་པོ་ཉིད། །རྒྱ་མཚོ་ཆེན་པོ་ནང་དག་གི། །པདྨ་ལ་ནི་གནས་བཅས་ཏེ། །དེ་ལྟར་བསྐྱེད་ལ་ཡེ་ཤེས་པ། །སྤྱན་དྲངས་མཆོད་ལ་གཉིས་མེད་བསྟིམ། །དགྱེས་པའི་ཚུལ་གྱིས་རྣལ་འབྱོར་ལ། །ཡིད་འོང་དངོས་གྲུབ་སྩོལ་བར་འགྱུར། །ཨོཾ་ཤྲཱི་བཛྲ་ཡཀྵ་བཻ་ཤྲཱ་མ་ཎཱ་ཡེ་ཧཱུྃ་ཕཊ། ཨོཾ་བ་རུ་ཎཱ་ཡེ་སྭཱ་ཧཱ། ཨོཾ་ཨ་ནནྟཱ་ཡེ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡེ་སྭཱ་ཧཱ། ཨོཾ་ཤཾ་ཁ་པཱ་ལཱ་ཡེ་སྭཱ་ཧཱ། ཨོཾ་ཀརྐོ་ཊཱ་ཡེ་སྭཱ་
ཧཱ། ཨོཾ་པདྨཱ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་ཡེ་སྭཱ་ཧཱ། ཨོཾ་ཀུ་ལི་ཀཱ་ཡེ་སྭཱ་ཧཱ། དེར་ནི་གསང་སྔགས་བཟླས་པ་ཡིས། །སྔགས་ཀྱི་འོད་ཟེར་སྤྲོ་བསྡུ་བྱ། །དེ་ནས་ཀླུ་རྣམས་ཐམས་ཅད་ལ། །ཡིད་འོང་གཏོར་མ་དབུལ་བར་བྱ། །ནཱ་ག་གེ་སར་པུས་པ་དང༌། །རྒྱ་མཚོ་ལྦུ་བ་ཨ་རུ་ར། །ཛཱ་ཏི་ཕ་ལ་གུར་གུམ་དང༌། །ཙནྡན་དཀར་དམར་པུ་ཤེལ་ཙི། །དབང་པོ་ལག་དང་སྙིང་ཞོ་ཤ ། ཆུ་སྲིན་སྡེར་མོ་ལེ་བརྒན་དང༌། །འགྲོན་བུ་དུང་དང་མུ་ཏིག་དང༌། །ཉ་ཕྱིས་གླ་གོར་ཞོ་ཤ་དང༌། །མཁལ་མ་ཞོ་ཤ་རྨ་བྱའི་མདོངས། །རུ་རྟ་རྒུན་འབྲུམ་མངར་གསུམ་དང༌། །གསེར་གྱི་བྱེ་མ་རས་སྐུད་དང༌། །འོ་མ་དང་ནི་འབྲུ་སྣ་ལྔ། །རིན་ཆེན་སྣ་ཚོགས་མ་ལུས་པ། །ཁྱད་པར་དུ་ནི་དབུལ་བར་བྱ། །དེ་ནས་མཆོད་ཅིང་བསྟོད་བྱ་སྟེ། །དངོས་གྲུབ་གང་འདོད་སྩོལ་བར་བསམ། །དེ་ནས་ཞི་བའི་སྦྱིན་སྲེག་བྱ། །གསང་སྔགས་ཁྲི་ཕྲག་བཅུ་བཟླས་ནས། །རྟགས་བྱུང་ནས་ནི་དངོས་གྲུབ་བླང་། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྒྱལ་པོ་རྣམ་ཐོས་སྲས་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དྲང་སྲོང་སྲས་མཆོག་དེ་ཉིད་ལ། །ལྷ་མོ་བརྒྱད་ཀྱིས་ཡོངས་བསྐོར་བའི། །ཐབས་ཉིད་རྣལ་འབྱོར་པས་
ཤེས་བྱ། །རིན་ཆེན་བདུན་པའི་ཁང་བཟངས་སུ། །ནོར་བུ་སྣ་ཚོགས་གདན་བཞུགས་པའི། །འཕགས་པ་སྐུ་མདོག་བཻ་ཌཱུཪྱ། །ཞལ་གཅིག་ཕྱག་དྲུག་སྤྱན་གསུམ་པ། །རིན་ཆེན་སྣ་ཚོགས་དུ་མས་སྤྲས། །གདུག་པ་ཀླུ་ཡིས་ཉེར་བརྒྱན་ཅིང༌། །གཡས་ཀྱི་དང་པོ་རྒྱལ་མཚན་འཛིན། །གཡོན་གྱི་དང་པོ་རིན་ཆེན་སྣོད། །བར་མ་གཉིས་ནི་རྡོ་རྗེ་དང༌། །པདྨ་འབར་བ་བསྣམས་པ་དང༌། །ཐ་མས་ཞགས་པ་ཐོ་བ་འཕྱར། །སྟག་གི་པགས་པའི་ཤམ་ཐབས་ཅན། །དར་གྱི་ཅོད་པན་དག་གིས་མཛེས། །སྐད་ཅིག་གིས་ནི་བསམ་པར་བྱ། །ཨོཾ་བཛྲ་བི་རུ་ཀ །ཀུ་བེ་ར་ཨཱཏྨ་ཀ །མ་ཧཱ་ཡཀྵ་རཱ་ཛ་རཏྣ་སིདྡྷི་ཧཱུྃ་སྭཱ་ཧཱ། གསང་སྔགས་འདི་ནི་བརྗོད་པ་ཡིས། །གནོད་སྦྱིན་མོ་རྣམས་མདུན་དུ་འགུགས། །ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་གུ་ཧྱཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་ཨཱརྱ་ཡཻ་སྭཱ་ཧཱ། ཨོཾ་ས་ར་སྭ་ཏྱཻ་སྭཱ་ཧཱ། ཟླ་འོད་ཅན་མ་རབ་བཟང་མོ། །སྦྱིན་བྱེད་མ་དང་གསང་བ་མ། །རབ་སྦྱིན་མ་དང་དཔལ་ལྷ་མོ། །འཕགས་མ་དང་ནི་དབྱངས་ལྡན་ཏེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། །ཀུན་ཏུ་རྒྱལ་བ་འོད་འཕྲོ་མ། །གདུ་བུ་དཔུང་རྒྱན་མགུལ་རྒྱན་དང༌། །ཞབས་གདུབ་དོ་ཤལ་ལེགས་བརྒྱན་ཅིང༌། །དར་དང་ནོར་
བུས་རྣམ་པར་མཛེས། །དཀར་དང་སེར་དང་དུར་བའི་འོད། །གསེར་འོད་པདྨ་རཱ་ག་དང༌། །ཨུཏྤལ་པུཎྜ་རི་ཀ་དང༌། །པ་ལ་ཤ་ཡི་མདོག་མཚུངས་པ། །འོད་ཀྱི་ཕྲེང་བས་འཁྲིགས་པའི་ནང༌། །རིན་ཆེན་སྒྲོམ་བུ་གཏེར་གྱི་སྣོད། །རིན་ཆེན་གཞོང་པ་དུང་ཆོས་དང༌། །བཻ་ཌཱུརྱ་དང་ནོར་བུ་མ། །དཔལ་བེའུ་པཉྩ་ལི་ཀ་སྟེ། །གཡོན་པ་ཀུན་ཏུ་པདྨ་བསྣམས། །སྒེག་ཅིང་འགྱིང་དང་ལྡན་པར་བསམ། །གཙོ་བོས་ལྷ་མོ་བརྒྱད་པོ་བསྐུལ། །ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱིས། །རིན་ཆེན་ཆར་པ་ཕབ་ནས་ནི། །བཀའ་བཞིན་བགྱིད་པ་རྣམ་པར་བསམ། །མགོན་པོ་མྱུར་དུ་བསྐུལ་བའི་ཚེ། །གཙོ་བོས་མི་འཇིགས་སེང་གེ་ཆིབས། །ཐུན་མོང་གི་ནི་ལས་བྱེད་པའོ། །སྟོབས་ལྡན་གླང་ཆེན་རབ་བརྟན་ཆིབས། །ཁྱད་པར་སྒྲུབ་པའི་ལས་རྣམས་བྱེད། །གཡུ་འབྲུག་སྔོན་པོ་ཆིབས་ནས་ནི། །སྣང་སྲིད་མ་ལུས་དབང་དུ་སྡུད། །དབང་དུ་བྱེད་པའི་ལས་རྣམས་དང༌། །ཁྱད་པར་སྦྱིན་སྲེག་དྲག་པོ་ནི། །བཞད་དང་རྔམ་པའི་ཚུལ་གྱིས་ནི། །མྱུར་དུ་ལས་ལ་འགྲོ་བ་ཡིན། །ཕྱི་ནང་གསང་བའི་རིམ་ཤེས་པའི། །སྟོང་ཕྲག་བཅུ་ཡིས་འགྲུབ་པ་སྟེ། །འདི་ནི་རིན་ཆེན་གའུའི་ནང༌། །རིན་ཆེན་འབར་བའི་འཁོར་ལོ་ལ། །གསང་སྔགས་ཡི་གེའི་ཕྲེང་བ་ཅན། །
ས་བོན་སྤྲོ་བསྡུས་ཏིང་འཛིན་བསྒོམ། །ན་མོ་བཻ་ཤྲ་བ་ཎ་བཛྲ་མུ་ས་ལ། མུ་སུ་ན་སྟི། ཏྲི་ཤཱུ་ལ་ཨཾ་ཀུ་ཤ །པཱ་ཤ་པ་ར་ཤུ། བཾ་དྷ་མུད་ག་ར་ལཱ་ལཾ་ཀྵི་ད། ཧསྟ་སྱ། ན་མོ་ན་མཿ སརྦྦ་དེ་ཝ་ཏ་སུ་ཙི་ཏ། ཀྲྀ་ཏ་ཊ་སྱ། མ་ཧཱ་ཀཱི་ལ་ཀཱི་ལ་ཡ། སརྦ་གྲ་ཧཱ། ཨ་ཀ་རི་ཥ་ནི་ཡ་བི་ཛ་ཡ། ཛ་ཡཾ་དུ། བྷ་ག་བཱཾ། ནཱ་ད་ཀུ་བེ་རཱ། ཀྵི་ཏི་ས་ཏི། ཙཀྲ་ཏི་ནི། ཀ་ལ་ཀ་ལ། ནཱ་ད་ཀུ་བེ་ར་ཀི་རི་ཀི་ལི། ནཱ་ད་ཀུ་བེ་ར། ཀྵི་ཏི་པ་ཏི། ཙཀྲ་ཏི་ནི། བི་ཛི་མ་ཧཱ་བྷ་ག་བ་ནི། ནཱ་ད་ཀུ་བེ་ར། བྷྱ་ཀྲ་ཏ། དྲང་སྲོང་ཀ་ར་ལ། བན་དྷ་ན། རཻ་ཏྲ། དྷི་ཧྱ་ས། གུ་ཧྱ། ཀ་ན་ག་ན་པ་རི་བྲྀ་དཱ། བཻ་ཤྲ་མ་ཎ། བྷ་ནེ་བྷ་ནེ། བྷི་བ་ན་བ་སི་ཏི། ཀུ་ཏི་ཀུ་ཏི། ཀུ་བེ་ར། ནཱ་ད་ཀུ་བེ་ར། ནཱ་མ་སྟུ་སྟེ་སྭཱ་ཧཱ། འདི་ནི་ཁྱད་པར་སྒྲུབ་པ་སྟེ། །གསང་སྔགས་གནོད་སྦྱིན་སྟོང་སྡེའི་ཚོགས། །མ་ལུས་འདི་ཡིས་བསྐུལ་བར་བྱེད། །གར་མཁན་མཆོག་ཅེས་བྱ་བ་ཡི། །ལྷ་ནི་དུ་མས་ཡོངས་བསྐོར་བའི། །འདི་ནི་བསྐྱེད་ཅིང་སྤྱན་དྲངས་པ། །སྤྱན་དྲངས་མཆོད་ཅིང་བསྟོད་པ་དང༌། །གང་སྒྲུབ་ལས་ལ་བསྐུལ་བར་བྱ། །འདི་ཡིས་རྣལ་འབྱོར་དགོས་པ་སྒྲུབ། །ཞི་བས་ནད་གདོན་མ་ལུས་སེལ། །དབང་གིས་ཁམས་གསུམ་མ་ལུས་བསྒྱུར། །རྒྱས་པས་ནོར་དང་འབྲུ་སོགས་འཕེལ། །མངོན་སྤྱོད་ཀྱིས་ནི་གདུག་པ་འདུལ། །ནོར་བུ་
བཟང་པོས་གཏེར་ལ་སྤྱོད། །ཡང་དག་ཤེས་ཀྱིས་དུས་གསུམ་མཐོང༌། །གང་བ་བཟང་པོས་ལོངས་སྤྱོད་འཕེལ། །གཙུག་ན་འཁྱིལ་པས་ཚེ་དཔལ་སྟེར། །འབྲོག་གནས་རྒྱལ་བས་དུད་འགྲོ་སྤེལ། །གནོད་སྦྱིན་ལྔ་པོ་འདི་དག་གིས། །ས་གསུམ་གཡོ་བར་བྱེད་པ་སྟེ། །འདི་དག་སྒྲུབ་པོས་མཆོད་གྱུར་ན། །ཕུན་སུམ་ཚོགས་པའི་དཔལ་རྣམས་སྟེར། །རང་ཉིད་ལྷག་པའི་ལྷ་ཡིས་ནི། །ས་བོན་ལས་འཕྲོས་ལྕགས་ཀྱུས་ནི། །འདི་དག་སྲོག་གི་དབང་པོ་ལ། །དབང་བྱེད་ལས་བྱེད་མི་བཟློག་འགྱུར། །གནོད་སྦྱིན་རྣམས་ལ་ཤིང་ཐོག་དང༌། །ཀླུ་རྣམས་གཏོར་མས་ཀུན་ཏུ་མཆོད། །ལྷ་མོ་ཨ་རུ་ར་ཡི་འབྲུ། །མ་ལུས་མྱུར་དུ་མཆོད་པའོ། །གང་པོ་དང་ནི་མཛེས་མ་དག །ཁྱད་པར་མངག་གཞུག་གྱུར་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །འཁོར་བའི་སྲིད་པ་ཇི་སྲིད་པར། །བྱང་ཆུབ་སེམས་ཀྱི་ཆོས་རྣམས་སྟོན། །རི་བོའི་རྩེ་དང་ནགས་ཚལ་བྲག །རྒྱ་མཚོའི་འགྲམ་དང་ཤིང་གཅིག་གམ། །གདོད་ནས་གྲུབ་པའི་དུར་ཁྲོད་དེ། །གནས་འདི་དག་
ཏུ་བསམ་གཏན་བསྒོམ། །ལས་ཀྱི་མགོན་པོ་འཇིགས་པའི་གཟུགས། །གྲུ་གསུམ་ཕོ་བྲང་ལ་གནས་པ། །དུར་ཁྲོད་གཞལ་ཡས་འབར་བ་ནི། །མེ་དཔུང་འབར་བ་འཕྲོ་བའི་དབུས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྐུ་མདོག་ནག་ཅིང་མཆེ་བ་རྣོ། །ཡན་ལག་ཐུང་ཞིང་གསུས་པ་འཕྱང༌། །ཐོད་པ་སྐམ་པོའི་དབུ་རྒྱན་བྱས། །སྤྱན་གསུམ་སྡང་མིག་ཁྲོ་ཚུལ་སྟོན། །བཞིན་སྒྱུར་མི་སྡུག་ལུས་ཅན་ནི། །ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར། །གཡོན་པ་དམ་ཉམས་སྙིང་ཁྲག་གིས། །ཐོད་པ་བཀང་ནས་གསོལ་བར་མཛད། །དུག་སྦྲུལ་གདུག་པས་ལྷུ་ཚིགས་བརྒྱན། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །མི་ཐོད་རློན་པའི་དོ་ཤལ་བྱས། །རོ་ཡི་གདན་ལ་བརྫིས་ནས་ཀྱང༌། །དྲག་པོའི་ང་རོ་སྒྲོགས་པའི་གནས། །སྐུ་གསུང་ཐུགས་ཀྱི་མགོན་པོ་ནི། །གསོད་བྱེད་རྔམ་བྱེད་སྒྲོལ་བྱེད་ཆེ། །བསྒྲུབ་བྱ་ངེས་པར་སྒྲོལ་བའི་ཚེ། །སྐུ་ཡི་མགོན་པོས་དམ་ཉམས་ཀྱི། །ལྟེ་བའི་སྲོག་རྩ་གཅོད་པར་བྱེད། །གསུང་གི་མགོན་པོས་དམ་ཉམས་ཀྱི། །མགྲིན་པ་ནས་ནི་ཁྲག་རྣམས་འདྲེན། །རྡོ་རྗེ་ཐུགས་ཀྱི་མགོན་པོ་ཡིས། །སྙིང་གི་དཀར་ནག་མཚམས་སུ་ཡང༌། །བྱ་རོག་མཆུ་ནི་བཙུགས་ནས་ཀྱང༌། །སྲོག་རྩ་མྱུར་དུ་གཅོད་པར་བྱེད། །ཕོ་ཉ་ཤ་ཟའི་གདོང་ཅན་གྱིས། །
སྤྱི་གཙུག་ནས་ནི་རྩ་ལ་འཇིབ། །ལས་བྱེད་མ་མོ་ཙཎྜི་ཀས། །གསང་བའི་འདོམས་སོར་དྭངས་མ་རྔུབ། །རྩ་འཇིབ་མ་དང་ཁྲག་འཐུང་མ། །སྲོག་འཕྲོག་མས་ནི་ལས་ལ་སྦྱོར། །ཉིན་མཚན་དུས་ལས་འདའ་མི་བྱེད། །འདི་དག་གསང་སྔགས་མ་ཡེངས་བཟླས། །དུས་གསུམ་དག་ཏུ་ཏིང་འཛིན་འབད། །རྩ་བའི་སྔགས་ནི་སྲོག་ཡིན་ཏེ། །གསུང་གི་དངོས་གྲུབ་སྙིང་པོ་ཡིན། །ཉེ་བའི་སྙིང་པོས་ཐུགས་བསྐུལ་བའོ། །ཡེ་ཤེས་ས་བོན་མི་ཤིགས་པ། །དྭངས་མའི་གནས་པར་དེ་བཤད་དོ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །རིམ་པར་བཟླས་པས་བསམ་གཏན་འགྲུབ། །རྟགས་རྣམས་ཉེ་བར་མ་བྱུང་ན། །འབད་པས་བསྟེན་ཅིང་མཆོད་པར་བྱ། །གཞན་དུ་འགྲུབ་པར་མི་འགྱུར་རོ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལཱ་ཏྲག་ཤད་ཛཿ མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཨཱ་ལི་ཀཱ་ལི་མཉམ་ལྡན་པའི། །རྩ་བརྒྱད་ཕྲེང་བ་རབ་ཏུ་བསྒྲགས། །རིམ་པར་བྱིན་རླབས་ལྡན་བྱའི་ཕྱིར། །བཟླས་པ་བརྒྱ་རྩ་བརྒྱད་དུ་བྱ། །བགྲང་ཕྲེང་ནུས་པར་ལྡན་པ་ཡིས། །ལས་ནི་མྱུར་བར་ཤིས་པ་ཡིན། །ཤེལ་གྱིས་ཞི་བ་ཆེན་པོ་འགྲུབ། །མུ་ཏིག་གིས་ནི་རྒྱས་པ་འགྲུབ། །དྲེད་མོའི་སོ་ཡིས་གསད་པ་འགྲུབ། །དེ་གཉིས་འགྱུར་བ་བོང་བུའི་སོ། །སྡང་དང་
བསྐྲད་པ་རྔ་མོའི་སོ། །ཀ་སོགས་རྣམ་དག་ཡུམ་བཅུ་དྲུག །བྱིས་པ་འཚོ་བྱེད་དབང་སོགས་ལ། །དབྱངས་དང་གསལ་བྱེད་རྣམས་བསྲེས་པས། །བཞི་ཡིས་ལྷག་པའི་པད་འབྲས་ཤིང༌། །ལུང་ཏང་དམར་པོས་བདུན་གཅིག་དྲུག །ཡང་ན་ཙནྡན་འབྲུ་དགུ་འམ། །རྒྱུ་སྐར་ཕྱེད་པོའི་གྲངས་མཉམ་པས། །ལུང་ཏང་ནག་པོས་རྨོངས་བྱེད་ནུས། །དབྱངས་དང་གསལ་བྱེད་ཕྱེད་སྦྱངས་པས། །རུ་རཀྴ་ནི་མངོན་སྤྱོད་ལ། །དེ་ལྟའི་ཆོ་ག་ཤེས་པ་ཡིས། །ཚར་བཅད་ཕན་གདགས་ལས་རྣམས་སྤྱད། །གསང་སྔགས་ཡི་གེའི་འཁོར་ལོ་ནི། །མགལ་མེ་བཞིན་དུ་བསྐོར་བར་བྱ། །དེ་ལྟར་དུས་བཞིར་བསྒྲུབ་པར་བྱ། །དེས་ནི་ཉེ་བར་འགྲུབ་པར་འགྱུར། །དེས་ཀྱང་འགྲུབ་པར་མ་གྱུར་ན། །རང་ཉིད་ཡེ་ཤེས་ནག་པོ་ཡིས། །གདུག་པ་འདུལ་བར་བསམས་ནས་ནི། །ལས་བྱེད་མགོན་པོའི་སྲོག་རྩ་འཕྲོག །དེ་ལྟར་བསྐུལ་བས་ལས་ལ་སྦྱོར། །གཟས་པ་པོ་དེ་སྒྲོལ་བར་བྱེད། །གལ་ཏེ་ལས་ལ་འགྱངས་པ་ན། །སྲོག་གི་ཐིགས་པ་བླང་བ་དང༌། །གསང་སྔགས་སྙིང་པོ་གོ་བཟློག་ཅིང༌། །ལྟོ་བ་དཀྲུགས་པའི་ལས་བྱས་ན། །ཤི་ས་བསྟན་པར་འགྱུར་བ་སྟེ། །སྲོག་ནི་དམར་ལེན་བྱེད་པར་འགྱུར། །མ་རུངས་འདུལ་བའི་ལས་འདི་དག །སངས་རྒྱས་བསྟན་པ་སྲུང་བ་ལས། །
གཞན་དུ་བྱས་ན་ཉེས་པར་འགྱུར། །སྦྱིན་སྲེག་དང་ནི་མནན་པ་དང༌། །དེ་བཞིན་ཟོར་འགྱེད་ལས་བྱས་པ། །གསད་པ་རང་གཤེད་གནད་ལ་དབབ། །དེ་ལས་མྱུར་བར་རྟགས་བྱུང་ཚེ། །ཐུགས་དམ་བསྐང་ཞིང་གཏོར་མ་འབུལ། །ཚོགས་ཀྱི་འཁོར་ལོའི་མཆོད་པ་དང༌། །རྣལ་འབྱོར་ནར་མར་འགྲུབ་པར་འགྱུར། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ལས་ཉེ་བར་སྒྲུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས། །ནག་མོ་མངོན་པར་འབྱུང་བ་ཡི། །ལས་ཀྱི་དངོས་གྲུབ་ཆོ་ག་བཤད། །དམ་ཚིག་གནས་པའི་སྔགས་པ་ཡིས། །བྲག་ནག་རྩེ་མོ་རྣོ་བ་ཡི། །ཁ་ལྷོར་བལྟས་པའི་བྲག་ཕུག་གམ། །གཞན་ཡང་རི་བོའི་ཟོམ་མམ་རྩེ། །ཤིང་གཅིག་དུར་ཁྲོད་མ་མོའི་གནས། །རབ་ཏུ་འཇིགས་པའི་གནས་མཆོག་ཏུ། །མཎྜལ་དང་ནི་མཆོད་པ་དང༌། །གཏོར་མ་ལེགས་པར་བཤམས་ནས་ནི། །ཤ་ཆེན་བསྲེགས་སྤོས་ཕུལ་ནས་ཀྱང༌། །བར་ཆད་བགེགས་རྣམས་བསྐྲད་པར་བྱ། །གྲུ་གསུམ་ཁྲག་དང་དུག་གིས་བྱུག །དུག་ཤིང་ཚེར་མ་ཅན་གྱིས་བརྩིག །གཞན་ཡང་ལིང་ག་བྱས་པ་ལ། །མི་བསད་ལྕགས་ཀྱུ་ཏྲི་ཤཱུ་ལ། །དེ་ཡི་ལུས་ལ་གདབ་
པར་བྱ། །ཚིལ་ཆེན་མར་མེ་ཟུར་གསུམ་པ། །བཏང་ནས་བདག་ཉིད་ལྷར་བསྐྱེད་ལ། །དཀྱིལ་འཁོར་གྲུ་གསུམ་ལེགས་གནས་པ། །མ་ཧཱ་ཀཱ་ལ་ཕྱག་བཞི་པ། །མདོག་ནག་ཁྲག་འཛག་མེ་དཔུང་དབུས། །ཞལ་གཅིག་སྤྱན་གསུམ་འབར་བ་སྟེ། །གཡས་ཀྱི་དང་པོ་ཆུ་གྲི་དང༌། །འོག་མ་ཏྲི་ཤུ་རྩེ་གསུམ་པ། །གཡོན་གྱི་དང་པོས་མདའ་གཞུ་དང༌། །གཉིས་པས་མགོ་བོ་ཁྲག་འཛག་བསྣམས། །དུར་ཁྲོད་ཀྱིས་བརྒྱན་ཤམ་ཐབས་ཅན། །དེ་ཡི་གཡས་དང་གཡོན་གཉིས་སུ། །ཤ་ཟ་གཉིས་ནི་གནས་པར་བསམ། །ལས་ཀུན་བྱེད་པའི་ཕོ་ཉར་བསྐུལ། །དང་པོ་ལྷ་མོ་ཆེན་མོ་ནི། །ཨེ་དབུས་གསང་སྔགས་ལས་གྲུབ་པའི། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྤྱན་གསུམ་ཤིན་ཏུ་སྐུ་མདོག་གནག །ཤིན་ཏུ་རྔམ་ཞིང་སྒེག་པའི་སྐུ། །གཡས་ཀྱི་དང་པོ་རལ་གྲི་འཆང༌། །འོག་མ་ཤག་ཏི་འབར་བ་ཅན། །གཡོན་གྱི་དང་པོ་ཐོད་ཁྲག་འཛིན། །འོག་མ་ཁ་ཊྭཱཾ་བསྣམས་པའོ། །རལ་པ་ཁམ་ནག་གྱེན་དུ་བརྫེས། །མཆེ་གཙིགས་ཐོད་པ་དུག་སྤྲུལ་བརྒྱན། །གླང་པོའི་སྟོད་གཡོགས་སྟག་ཤམ་དང༌། །རེ་ལྡེ་ནག་པོའི་ཤམ་ཐབས་གསོལ། །བོང་བུ་གྭ་དམར་སྟེང་ན་ནི། །ཕྱེད་ཀྲུང་འབར་བས་བཞུགས་པའོ། །ཡང་ན་ཞལ་གཅིག་ཕྱག་གཉིས་མ། །རལ་གྲི་ནེའུ་ལེའི་
རྐྱལ་པ་འཛིན། །དམ་ཚིག་བསྐྱེད་ལ་ཡེ་ཤེས་དགུག །ཕྲིན་ལས་བཅོལ་བར་བྱ་བའོ། །ཨོཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་བྷྱོ་ཧཱུྃ། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བཱ་ཏོ་སི་ཏྲི་ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛཿ མ་ཧཱ་ཀཱ་ལི་དེ་ཝཱི་ཀ་རཱ་ལི་བི་ཀྲནྟ་ཀཱ་ལ་ར་ཏྲི་ནི་ཙཎྜ་རཱུ་པི་ཎི་ཧུྃ་ཧཱུྃ་ཕཊ། རག་མོ་ཙི་ཏ་ཁ་རག་མ་ཧཱུྃ་བྷྱོཿ ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་གྲྀཧྣ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། ཁཱ་ཧི་ཧཱུྃ་ཕཊ། བདུད་རྩི་ལྔ་དང་ཤ་ལྔ་དང༌། །སྐྱེས་པ་གྲིར་ཤིའི་སྙིང་ཁྲག་གིས། །ནག་མོ་ཆེན་མོའི་གཏོར་མར་བླུགས། །མ་ཉམས་གྲིར་ཤིའི་བམ་བླངས་ལ། །མ་ཧཱ་རུ་དྲ་བསྟིམས་ནས་ནི། །མགོ་བོ་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །གན་རྐྱལ་བཞག་ལ་བསྒྲལ་བར་བྱ། །དེ་ཡི་ཤ་དང་ཁྲག་དང་ནི། །པགས་པ་ཚིལ་བུ་རྐང་མར་བཅས། །ཀླད་པ་ཀླད་རྒྱས་ཞག་དང་ནི། །དབང་པོ་ལྔ་དང་དོན་སྙིང་ལྔ། །རུས་པའི་བྱེ་བྲག་ཐམས་ཅད་ཀྱིས། །ཡེ་ཤེས་ནག་པོ་ཆེན་པོ་དང༌། །དཔལ་ལྡན་ནག་མོ་རེ་མ་ཏི། །ལས་ཀྱི་མགོན་པོ་འཁོར་དང་བཅས། །ཕོ་ཉ་བྲན་གཡོག་དུར་ཁྲོད་གནས། །ཌཱ་ཀིའི་ཚོགས་ཀྱི་ཐུགས་དམ་བསྐང༌། །དེ་ཡི་ཤ་ཡི་ཚོགས་རྣམས་ཀྱིས། །ནག་པོ་སྟོང་གི་ཐུགས་དམ་བསྐང༌། །དེ་ཡི་ཁྲག་
དང་ཆུ་སེར་གྱིས། །མ་མོ་བྱེ་བའི་ཐུགས་དམ་བསྐང༌། །དེ་ཡི་ཆུ་རྒྱུས་རུས་པ་རྣམས། །ཤ་ཟ་འབུམ་གྱི་ཐུགས་དམ་བསྐང༌། །མཁའ་འགྲོ་ལྔ་དང་ལྷ་མོ་བརྒྱད། །དེ་ཡི་ཕྲིན་ལས་མགོན་པོ་དང༌། །ཤ་ཟ་འཁོར་དང་བཅས་ལ་དབུལ། །ཕུང་པོ་བསྒྲལ་བའི་ཚོགས་ཀྱིས་མཆོད། །རྣམ་ཤེས་བསྒྲལ་བའི་ཡེ་ཤེས་བསྒྱུར། །མི་བསྐྱོད་པ་ཡི་ཞིང་ཁམས་སུ། །རྒྱལ་བའི་སྲས་སུ་སྐྱེས་པ་ཡིན། །རྣལ་འབྱོར་འཆི་བ་སླུ་བ་དང༌། །བར་ཆད་ཐམས་ཅད་ཟློག་པར་བྱེད། །མ་རུངས་བསྟན་ལ་སྡང་ཞིང་འཚེ། །སྒྲུབ་ལ་གནོད་ན་ལས་འདི་བྱ། །གཞན་དུ་བྱས་ན་བརླག་པར་འགྱུར། །དེ་ཡི་ཤ་ལ་སྦྱིན་སྲེག་བྱ། །ཚིལ་ནི་ཞུན་ཆེན་མར་མེ་བྱ། །ཀླད་རྒྱས་ཐོད་པའི་ལྔ་པགས་བྱ། །པགས་པ་ཚོགས་ཀྱི་གདན་དུ་བྱ། །བསྲེགས་པའི་རུས་པ་སཱཙྪ་བྱ། །འདི་ནི་མགོན་པོ་འཁོར་བཅས་ཚོགས། །མཉེས་པར་གྱུར་ཅིག་ཐུགས་དམ་བསྐང༌། །གཞན་ཡང་ཕྲན་ཚེགས་ལས་ཀྱི་གསང་བ་རབ་ཏུ་བཤད་པར་བྱའོ། །དཀྱིལ་འཁོར་པའི་ལྷའི་ཕྲིན་ལས་ཀྱི་རྣལ་འབྱོར་དང་རབ་ཏུ་ལྡན་པས་ཞི་བའི་ལས་སྒྲུབ་པ་ལ་ནི། བིལ་བ་ལ་སོགས་པ་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱའོ། །འབྲས་ལྡན་གྱི་ཤིང་གང་ལས་རྒྱས་པའི་ལས་སྒྲུབ་ན་སྟོང་ཕྲག་གིས་བྱའོ། །ཁཱི་ཌི་རའི་ཤིང་དང༌། དམར་བའི་
ཤིང་གིས་ནི་དབང་གི་ལས་སྒྲུབ་ན་ཁྲི་ཕྲག་གིས་བྱའོ། །ཤིན་ཏུ་རྩུབ་པའི་ཚེར་མ་དང་ལྡན་པའི་ཤིང་དག་གིས་ནི་མངོན་སྤྱོད་ལ་འབུམ་ཕྲག་གིས་བྱ་བར་ཤིས་སོ། །བསྐྲད་པ་ལ་ནི་ཤིང་གི་ལོ་མ་རླུང་དམར་བྱུང་བའི་ཚེ་ས་ལ་མ་ལྷུང་བར་བླངས་ཏེ་གཟུགས་བརྙན་བྲིས་ནས་ཡུལ་གཞན་གྱི་ཧོར་ཁྲལ་བཏགས་ཏེ་གཏང་བར་བྱའོ། །གལ་ཏེ་བཟློག་པར་འདོད་ན་ཞི་བའི་སྦྱིན་སྲེག་གི་ཐལ་བས་གཏོར་ཞིང་བ་སེར་སྐྱའི་འོ་མས་ལུས་བཀྲུས་ན་ཞི་བར་བྱེད་དོ། །རུས་ཕྱེ་སྣ་ཚོགས་པ་ལ་ཁྲག་བྱུགས་ཏེ་གཟུགས་བརྙན་བྲིས་ལ་དགྲ་བོ་དེའི་ཕྱོགས་སུ་གཏོར་བས་ནི་ཤ་ཟ་ཆེན་པོས་འཛིན་པར་བྱེད་དོ། །ཡང་ན་ལྕེ་སྤྱང་གི་ཤ་ལ་སྦྱིན་སྲེག་བྱས་ཏེ་དུར་ཁྲོད་དུ་ཐལ་བ་ཕྱར་ཏེ་ལྷག་མ་གཟས་པ་པོའི་སྒོ་ལ་གཏོར་ནས་བཏང་ན་དུར་ཁྲོད་ཀྱི་ལྕེ་སྤྱང་གི་ཚོགས་རབ་ཏུ་འདུ་ཞིང་ངུ་ལ། སྒོ་ལ་སྡེར་མོས་འབྲད་པར་འགྱུར་རོ། །དེ་ལྟ་བུ་ལན་གསུམ་བྱས་ན་ལྕེ་སྤྱང་གིས་ཟ་བར་འགྱུར་རོ། །གང་དུ་ཐོག་གིས་ཤི་བའི་རུས་པ་ལ་རབ་ཏུ་བསྔགས་ཏེ་རི་བོང་གི་ཐོད་པར་བཅུག་སྟེ་ཤིང་རྐང་གཅིག་པའི་རྩེ་མོ་ལ་བཏགས་ན་ཐོག་འབབ་པས་འཆི་བར་འགྱུར་རོ། །ཡང་ན་དེ་ཉིད་ཀྱི་གཟུགས་བྱས་ཏེ་དེ་ཉིད་དང་རིགས་མཐུན་པའི་རུས་པ་རྙེད་ན་ཡུངས་ཀར་
གྱིས་བརྡེག་ཅིང་ཕ་མེས་ཀྱི་དུར་ཁྲོད་དུ་གྲིབ་སོ་ལྷགས་པ་དང་སྦས་ཏེ་གཏོར་མས་མནན་ཅིང་དོང་བྲུས་པར་སྦས་ལ་རོ་བསྲེགས་པའི་གཡམ་པས་མནན་ན་རིགས་འཆད་པར་འགྱུར་རོ། །གྲོག་མཁར་གྱི་ས་ལ་གཟུགས་བྱས་ལ། དེ་ལ་དུག་དང་ཏིལ་མར་གྱིས་བྱུགས་ལ་འབྲས་ཕུབ་ཀྱི་མེ་ལ་རབ་ཏུ་བསྲོ་ཞིང་སྔགས་བརྡེག་ན་རིམས་ཚ་བ་ཆེན་པོས་བཏབ་པར་འགྱུར་རོ། །གཞན་པ་ལ་ནི་སྤྲ་ཚིལ་གྱིས་བྱུགས་ཤིང་ཚེར་མའི་རིགས་མང་པོ་བཏབ་པར་བྱས་ནས་དུས་མ་ཡིན་པའི་རླུང་ལ་ཕྱར་ན་ཡུལ་གཞན་དུ་གཤིས་ངན་དུ་འཆི་བར་བྱེད་དོ། །མཚོ་ནང་གི་ཉ་སེ་བ་བཟུང་སྟེ་གྲོ་ག་ལ་ལིང་ག་བྲིས་པ་དེ་བག་ཟན་གྱི་གཟུགས་དང་བཅས་པ་ལ་རབ་ཏུ་སྔགས་ཏེ་སླར་གཏང་ན་ཆུ་གྲིར་མྱུར་དུ་འཆི་བར་བྱེད་དོ། །བསེ་ཤིང་ལ་ལིང་ག་བསྲེགས་ཏེ་སྒོ་ཁང་དུ་སྦས་ན་སྐྲངས་པ་ཆེན་པོས་བཏབ་པར་འགྱུར་རོ། །གལ་ཏེ་གྲོག་མཁར་གྱི་ས་ལ་གཟུགས་བྱས་ཏེ། མཆོད་རྟེན་རྙིང་པའི་འོག་ཏུ་འབྱུང་པོའི་ཉི་མ་ལ་མནན་ནས་རོ་གཡམ་གྱིས་ཁ་བཅད་ན་ནི་འཁོར་དང་བཅས་པ་ནུས་པ་མེད་ཅིང་རབ་ཏུ་གནོན་པར་འགྱུར་རོ། །དེ་ཉིད་ཀྱི་ཟག་པ་གང་ཡིན་པ་དང་ཕུང་ཤུལ་ནས་ས་བླངས་ཏེ་གཟུགས་བརྙན་བྱས་ལ་གནས་ཀྱི་སར་རུས་པའི་ཕུར་བུས་བཏབ་ན་ནི་འོན་པ་
དང༌། ལོང་བ་དང༌། ཡན་ལག་ཉམས་པ་དང༌། ལྐུགས་པར་འགྱུར་ཏེ། ཀླུ་གནས་པའི་སར་སྦས་ན་དབང་པོ་ཉམས་པ་ཉིད་བྱེད་དོ། །གལ་ཏེ་ས་ཕྱོགས་དེར་ཆར་མི་འབབ་པར་གྱུར་ན་ཀ་ར་བཱི་རའི་ཤིང་བཙུགས་ལ་བ་དམར་སེར་གྱི་འོ་མ་གཏོར་བར་བྱས་པས་ཀླུ་གནས་པའི་སར་སོང་ནས་རང་ཏིང་ངེ་འཛིན་དུ་གནས་པས་བཀའ་བསྒོ་ན་ཆར་ཆེན་པོ་འབབ་པར་བྱེད་དོ། །བལ་པོ་སེའུའི་ཤིང་དང༌། འབྲུག་ཤིང་དང་བཅས་པ་གཡབ་ཅིང་ཀླུ་གཟིར་ན་ཆར་འབབ་ཅིང་སྤྲིན་སྡུད་པར་བྱེད་དོ། །གལ་ཏེ་སྤྲིན་དྲལ་བར་འདོད་ན་རླུང་ལྷའི་གཏོར་མ་བྱས་ལ་རླུང་གི་བ་དན་གཡབ་པར་བྱའོ། །ཁྲག་སྣ་ཚོགས་ལ་ཡུངས་ཀར་ཡུངས་ནག་ཏུ་སྦྱར་ཏེ་ཀླུ་གནས་པའི་སར་སྦྱིན་སྲེག་ཏུ་བྱས་ན་བཟླས་པའི་ཐུན་བར་དུ་གཏོར་ན་སེར་བ་མོད་ལ་འབབ་པར་འགྱུར་རོ། །ཡུངས་ཀར་ཡུངས་ནག་ཐལ་ཆེན་ལ་རབ་ཏུ་བསྔགས་ནས་གཏོར་ན་སེར་བ་མོད་ལ་གཅོད་པར་བྱེད་དོ། །དྷ་དུ་རའི་ཤིང་ལ་སྦྱིན་སྲེག་བྱས་ན་སྨྱོ་བར་འགྱུར་རོ། །ནིམ་པའི་ཤིང་གིས་ནི་རངས་པར་བྱེད་དོ། །མེ་ཏོག་བན་དྷུ་རི་ཀ་དང༌། པ་ལ་ཤ་ཡིས་འགུགས་པར་འགྱུར་རོ། །ཙནྡན་དཀར་པོའི་སྦྱིན་སྲེག་བྱས་ན་གང་ལ་ཡང་གསོ་བར་བྱེད་དོ། །ཨ་རུ་རའི་སྦྱིན་སྲེག་གིས་མྱུར་དུ་ཞི་བར་
བྱེད་དོ། །མ་ཧེའི་འོ་མས་བཀྲུས་ན་བཅིངས་པ་ཐམས་ཅད་གྲོལ་ལོ། །ཨ་ག་རུའི་ཤིང་འབྲས་བུ་དང་ལྡན་པའི་ཤིང་དང་གཅིག་ཏུ་བསྲེགས་ཏེ་མཚོར་དོར་ན་རྒྱས་པར་འགྱུར་རོ། །གླང་པོ་ཆེའི་རུས་པ་ལ་གི་ཝང་དང་བཅས་པའི་གླང་སྣ་ཅན་གྱི་མེ་ཏོག་དང་སེར་བའི་རིགས་ཀྱི་མེ་ཏོག་དང་བཅས་པས་ཀུན་དགའ་ར་བར་སྦྱིན་སྲེག་བྱས་ན་འབྱོར་པ་ཕུན་སུམ་ཚོགས་པར་བྱེད་དོ། །དེ་དག་ཐམས་ཅད་སྔགས་དང་བཅས་པའི་ནུས་པས་འགྲུབ་བོ། །དྲང་སྲོང་གི་རུས་པ་རི་བོའི་རྩེར་སྦས་ཏེ་འབྲུ་སྣས་མཆོད་པ་བྱས་ཏེ་ཆུ་བོ་རྒྱུན་དུ་འབབ་པ་མཐོང་བའི་སར་སྤྱོད་ཡུལ་དུ་གྱུར་ན་རིགས་ཐམས་ཅད་རབ་ཏུ་འཕེལ་བར་བྱེད་དོ། །ཨ་མྲའི་འབྲས་བུ་དང་ཤིང་ཐོག་ཛི་ཙིན་ཏ་ཀ་དང་ཛ་ལུ་དང་ཛི་བ་ཀ་རྣམས་ལ་སྣོད་དུ་བཀང་སྟེ་གཏོར་མ་བྱས་ནས་སྐུ་གཟུགས་ཀྱི་མདུན་དུ་ཕུལ་ན་ནི་གནོད་སྦྱིན་གྱིས་འབྱོར་པ་ཐམས་ཅད་སྤེལ་བར་འགྱུར་རོ། །ཕུར་བུས་གདབ་ཅིང་ཉུངས་ཀར་ཐལ་ཆེན་གྱིས་མཚམས་བཅད་པར་གྱུར་ན་གནོད་པ་ཐམས་ཅད་ལས་སྲུང་བར་འགྱུར་རོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། སྣ་ཚོགས་པའི་ལས་ཀྱི་རབ་ཏུ་བྱེད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཤིན་ཏུ་
གསང་བ་བླ་ན་མེད། །ནག་པོ་མངོན་པར་འབྱུང་བ་ཡི། །ལས་ཀྱི་དངོས་གྲུབ་ཆོ་ག་བཤད། །དཔལ་ནག་པོ་ཆེན་པོའི་ཕྱོགས་ཀྱི་ཕྲིན་ལས་ཀྱི་ལྷ་མོ་བཞི་ལས། ཤར་གྱི་ལྷ་མོ་འཕྲོག་མས་འགུགས་པའི་ལས་བྱེད་པའོ། །ལྷོའི་ལྷ་མོ་གླང་སྣ་མས་འཆི་བའི་ལས་བྱེད་པའོ། །ནུབ་ཀྱི་ལྷ་མོ་རལ་པ་ཅན་གྱིས་སྡོམ་པའི་ལས་བྱེད་པའོ། །བྱང་གི་ལྷ་མོ་སའི་གཙུག་གིས་མྱོས་ཤིང་དབང་དུ་བྱེད་པར་འགྱུར་རོ། །ལྷ་མོ་བྱ་རྒོད་མགོ་བོ་ཅན་མས་རེངས་པའི་ལས་བྱེད་དོ། །སྟག་གི་མགོ་བོ་ཅན་མས་བསྐྲད་པའི་ལས་བྱེད་དོ། །ཕག་རྒོད་ཀྱི་མགོ་བོ་ཅན་མས་སྨྱོར་འཇུག་པའི་ལས་བྱེད་དོ། །ལྕེ་སྤྱང་གི་གདོང་གིས་དབྱེ་བའི་ལས་བྱེད་དོ། །ཁྱི་གདོང་མས་ནི་རྣམ་པར་རྨོངས་པའི་ལས་བྱེད་དོ། །ཁྭའི་གདོང་གིས་ནི་རྣམ་པར་གནོན་པའི་ལས་བྱེད་དོ། །འུག་པའི་གདོང་གིས་ནི་ཁྲག་དྲང་བའི་ལས་བྱེད་དོ། །ཁྱུང་གི་གདོང་གིས་ནི་བརྒྱལ་བའི་ལས་བྱེད་དོ། །གཞན་ཡང་གྲོང་ཁྱེར་དཀྲུགས་པའི་ལས་བྱ་བར་འདོད་ན་གྲོ་ག་འམ། ཤིང་ཤུན་ལ་དབྱངས་དང༌གསལ་བྱེད་སྤེལ་ཞིང་གོ་ལྡོག་ཏུ་བྲིས་ལ་བསྣོལ་བར་བྱས་ལ་རླུང་གི་ཤུགས་ཀྱིས་བསྒྲུབ་བྱ་གང་གི་གཟུགས་དང་མིང་སྤེལ་གྱིས་འཁྲུལ་འཁོར་གོ་ལྡོག་ཏུ་བྲིས་ལ་བསྣོལ་བར་བྱ་སྟེ། རླུང་
གི་ཤུགས་ཀྱིས་བསྒྲུབ་བྱ་དག་གི་གཟུགས་དང༌། མིང་སྤེལ་གྱི་གནས་དེ་མྱུར་དུ་བསྐྱོད་པ་རླུང་དང༌། མེ་དང༌། ཆུ་བསྣོལ་མ་རྣམ་པར་འཁྲུག་པར་བྱེད་དོ། །དེ་ནས་ཡང་ཁ་སྦྱར་དབྱེ་བའི་ལས་དག་གིས་ཕ་རོལ་གྱི་སྡེ་དག་གི་ལུས་དང༌། ངག་དང༌། སེམས་ཀྱི་དབྱེ་བས་ཕྱག་རྒྱ་དང༌། གསང་སྔགས་དང༌། ཏིང་ངེ་འཛིན་གྱིས་བསྐུལ་ནས་ལན་བདུན་མྱུར་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་ཀླུའི་དུག་གིས་གཟས་པ་པོ་འཛིན་དུ་འཇུག་པར་འདོད་ན་ཏི་ཐ་ལའི་འབྲུ་ལ་བྱས་པའི་དུག་སྦྲུལ་གྱི་གཟུགས་མགོ་གསུམ་པ་ལྕེ་བརྐྱང་བའམ། ཅི་རིགས་སུ་བྱས་པ་དེའི་ཁའི་ནང་དུ་གང་ལ་དམིགས་པའི་རྫས་དེ་མིང་དང་བཅས་པས་ཀླུ་གནས་པའི་ས་ཕྱོགས་སུ་བཏང་ན་སྦྲུལ་གྱིས་འཛིན་པའི་ལས་བྱེད་དོ། །མ་ཧེ་དང༌། རྟའི་འཁྲུལ་འཁོར་འབྱུང་པོའི་ཉི་མ་ལ་ས་ཏི་ཙའི་ཁུ་བས་བྲིས་ཏེ། དེ་ཉིད་ཀྱི་ཤ་ཁྲག་དང་བཅས་པས་བསྐུལ་བར་གྱུར་ན་ནི་ཤིན་ཏུ་འཁྲུག་ཅིང་འབྱེར་བར་འགྱུར་རོ། །ཡང་ན་བི་ཏ་ན་རཽ་པ་ལ་ཏྲཻ་ཞེས་བྱ་བའི་ཆོ་གའི་ཐབས་ཀྱིས་བགེགས་ཆེན་པོ་བསྒྲལ་བའི་གཟུགས་ལ་བརྟེན་ནས་ཆོ་ག་ཕྱག་མཚན་དག་བཙུགས་ཏེ་ལས་སུ་བྱའོ། །ཡང་ན་ས་ནག་པོ་ལ་གྲུ་གསུམ་བརྩེགས་ལ་ནག་པོའི་ཚོགས་ཁ་ཕྱིར་བལྟས་པ་དང༌། ནང་དུ་བལྟས་པ་
དག་བཀོད་དེ། ཕ་རོལ་རྒོལ་བའི་ཕྱོགས་སུ་བསྐྱལ་ན་ནི་མྱུར་དུ་ཡུལ་དང་བཅས་པ་རླག་པར་བྱེད་དོ། །ཤ་ཟ་ཆེན་པོའི་གཟུགས་ཤིན་ཏུ་འཇིགས་པ་ཁ་གདངས་པ་ནག་པོ་གྲི་གུག་དང༌། ཞགས་པ་ཐོགས་པ་མདུན་དུ་དམིགས་ལ་ཕུར་བུས་བཏབ་པ་དང་བཅས་པའི་ཐབས་ཀྱིས་ཕ་རོལ་གྱི་དཔུང་གཡོ་བ་དང་བཅས་པ་ཟློག་པར་བྱེད་དོ། །གཏོར་མ་ཆེན་པོ་བྱས་ཏེ་ཡང་གཏོར་ན་གཡུལ་བཤམས་པ་ལས་རྣམ་པར་རྒྱལ་བར་བྱེད་དོ། །རི་རབ་ཀྱི་གཟུགས་ལ་སྣ་ཚོགས་པའི་གཟུགས་བརྙན་བཀོད་དེ་ཕྲིན་ལས་སེམས་དཔའ་དང་བཅས་པའི་ཕྱག་རྒྱས་བཏབ་ན་གཡུལ་ཆེན་པོ་ལས་རྒྱལ་བར་བྱེད་དོ། །དཔག་བསམ་གྱི་ཤིང་ལྗོན་པའི་ཚུལ་དུ་བྱ་བ་ལས་ཨ་ཤོ་ཀའམ། བི་ཌ་ཀའི་ཤིང་ལ་བརྟེན་ནས་ཐབས་དང་ལྡན་པའི་ཡུལ་ཕྱོགས་དེ་ཡོངས་སུ་རྒྱས་པའི་གནས་ཐོབ་པར་བྱེད་དོ། །རྡོ་རྗེ་བྱ་ཁྱུང་གི་ཕྱག་རྒྱ་བཅས་ལ་དེས་ཀླུ་ནོན་པར་བྱས་ན་དེ་ཉིད་ཁ་དོག་དཀར་པོར་གྱུར་པའི་འཇམ་པའི་སྤྱོད་ཀྱིས་འདུལ་བ་ལ་ནག་པོར་བསྒྱུར་བའི་རྩུབ་པའི་ཐབས་ཀྱིས་དཀྲུགས་པའི་ཀླུའི་གནས་ཐམས་ཅད་དུ་ལྟས་ཆེན་པོ་དྲུག་འབྱུང་བས་ཐམས་ཅད་འདར་ཞིང་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་འགས་པ་སྙམ་བྱེད་ནས་མྱུར་བར་འོངས་ཏེ་
བཀའ་ཉན་ཅིང་འཛམ་བུའི་གླིང་དུ་ཆར་གྱི་རྒྱུན་ཆེན་པོས་རབ་ཏུ་གང་བར་བྱེད་པར་འགྱུར་རོ། །གང་དུ་སྐྱེས་པ་གཡུལ་ངོར་བསད་པའི་མགལ་དུམ་དང༌། ལག་ངར་གྱི་རུས་པ་ལ་དཔལ་ནག་པོ་ཆེན་པོའི་གཟུགས་བརྙན་ཇི་ལྟ་བར་བྱས་ལ་བསྐྱེད་པ་དང་བསྟིམས་ཏེ་བཟླས་པ་བྱ། དབེན་པར་སྦས་ནས་གསོལ་བ་བཏབ་ན་གང་འདོད་པ་འབྱུང་བར་འགྱུར་རོ། །ས་ཀུན་ལའང་སྲུང་བར་འགྱུར་བ་དང༌། འདས་པ་ལ་སོགས་པའི་དོན་ཤེས་པ་དང༌། དེའི་མདུན་དུ་ཁྲུས་བྱས་ཏེ་ཉལ་ན་ལུང་སྟོན་པའམ། དགེ་མི་དགེ་གསལ་པོར་སྟོན་པར་འགྱུར་རོ། །ཡང་ན་དུར་ཁྲོད་ཀྱི་རས་སམ། དར་ནག་པོ་ལ་ཡང་རུང་སྟེ། སྐུ་དམ་ཚིག་དང་ལྡན་པས་བྲིས་ཏེ། མཆོད་པ་དང༌། གཏོར་མར་ལྡན་པས་རབ་ཏུ་གནས་པར་བྱས་ན་སྐུ་བྱིན་རླབས་དང་ལྡན་པར་འགྱུར་རོ། །དེ་ཉིད་ཀྱང་རིན་པོ་ཆེ་ལས་བྱས་ནས་དེའི་མདུན་དུ་གསོལ་བ་བཏབ་ན་ཟླ་བ་དྲུག་གིས་ངེས་པར་ཡང་འགྲུབ་པར་འགྱུར་རོ། །ཡང་ན་ནག་པོ་ཆེན་པོའི་གསང་སྔགས་སྔོན་དུ་བྱས་ཏེ་ཤེས་རབ་ཀྱི་ཡོངས་སུ་འཛིན་པ་ཁྲི་ཕྲག་གཅིག་བཟླས་ན་ཐོས་པའི་གཟུངས་ཡོངས་སུ་འཛིན་པ་དང༌། བློ་ཡོངས་སུ་དག་པ་དང༌། མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །སྲུང་བས་བསྲུང་ཞིང་བཅིངས་པ་ཐམས་
ཅད་ལས་ཡོངས་སུ་གྲོལ་ལོ། །གང་དུ་སྒྲུབ་པ་པོ་ཕུན་སུམ་ཚོགས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་ལ་རབ་ཏུ་གནས་པ་མཚན་ཉིད་དང་ལྡན་པར་བྱས་ན་དངོས་གྲུབ་ཐམས་ཅད་འགྲུབ་པ་དང༌། བར་ཆད་ཐམས་ཅད་ལས་བཟློག་པར་འགྱུར་བ་ཡིན་ནོ། །ཁྱད་པར་དུའང་གསང་བ་ཆེན་པོའི་དམ་ཚིག་ལ་ངེས་པར་གནས་པ་ཉིད་ཀྱིས་ཕྱོགས་དང༌། དུས་ཐམས་ཅད་དུ་ཡེ་ཤེས་ཀྱི་ནག་པོ་ཆེན་པོས་རྗེས་སུ་སྐྱོང་བ་དང༌། རྒྱང་རིང་པོ་ནས་ཀྱང་ངེས་པར་གཟིགས་པར་མཛད་དོ། །འཇིགས་པ་ཐམས་ཅད་ལས་རབ་ཏུ་སྒྲོལ་བར་འགྱུར་རོ། །སྟོབས་དང༌། ཚེ་དང༌། དཔལ་རབ་ཏུ་སྟེར་ཅིང༌། མི་ཟད་པའི་ཡེ་ཤེས་ཐོབ་པར་བྱེད་པ་དང༌། ཉམ་ང་བ་དང༌། བག་ཚ་བ་མེད་པར་སེང་གེའི་སྟོབས་ཀྱིས་ཀུན་ཏུ་རྒྱུ་ཞིང་། བདུད་ཀྱི་རིགས་ཀྱི་ཕྱོགས་མ་ལུས་པ་ཕམ་ཞིང༌སྐྲག་སྟེ་མགོ་འགྱེས་པ་ཙམ་བྱེད་པར་འགྱུར་ཞིང་རྒྱ་མཚོ་ཆེན་པོའི་མཐར་ཐུག་པར་འབྱེར་བར་འགྱུར་རོ། །གང་གིས་གཏུམ་པ་དང༌། དཔའ་བ་དང༌། དྲག་པོའི་བརྟུལ་ཞུགས་ཀྱིས་ཀུན་ཏུ་སྤྱོད་ལ་རྡོ་རྗེའི་ཏིང་ངེ་འཛིན་མི་ཤིགས་པར་འགྱུར་བ་མེད་པའི་ཚུལ་གྱིས་ཁྱབ་པར་རྒྱུ་བའོ། །གནས་ཀྱི་མཁའ་འགྲོ་མ་དང༌། འཇིག་རྟེན་གྱི་མཁའ་འགྲོ་མ་དང༌། ལས་ཀྱི་
མཁའ་འགྲོ་མ་དང་། དམ་ཚིག་གི་མཁའ་འགྲོ་མ་དང༌། ཤ་ཟའི་མཁའ་འགྲོ་མའི་དབང་ཕྱུག་ཏུ་འགྱུར་རོ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་ཀྱང་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་བྱེད་དོ། །ཞིང་སྐྱོང་ཆེན་པོ་རྣམས་དང༌། ཉེ་བའི་ཞིང་སྐྱོང་ཉི་ཤུ་རྩ་བཞི་པོ་དེ་དག་གིས་ཀྱང༌། ཕྲིན་ལས་ཐོགས་པ་མེད་པ་སྒྲུབ་པར་བྱེད་པའོ། །གདུལ་དཀའ་བ་མ་ལུས་པ་འདུལ་ཞིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་བྱེད་དོ། །གང་དུ་རྒྱུད་འདི་འཆང་བ་དང༌། ཀློག་པ་དང༌། འཛིན་པ་དང༌། སེམས་པ་དང༌། དེ་བཞིན་གང་གནས་པ་དང༌། རྣལ་འབྱོར་དུ་གང་གནས་པ་ལ་ཉེ་བར་སྐྱོབ་པར་བྱེད་དོ། །ཉེ་བར་དགོངས་པས་མཁྱེན་པར་འགྱུར་རོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ས་གསུམ་དུ་སྒྲུབ་པའི་དབང་ཕྱུག་ཏུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གསང་བ་མངོན་པར་འབྱུང་བའི་གནས། །དྲང་སྲོང་ཐུབ་པས་ཡང་དག་བསྟན། །ངེས་པར་གསང་བ་འཛིན་གྱུར་པ། །རྒྱལ་བ་ཡོན་ཏན་འབྱུང་བའི་གཏེར། །ཡེ་ཤེས་མགོན་པོ་ཆེན་པོ་དང༌། །ལས་ཀྱི་མགོན་པོ་དུ་མར་བཅས། །དཔལ་ལྡན་ལྷ་མོ་ནག་མོ་ནི། །འཁོར་བཅས་དཀྱིལ་འཁོར་བསྟན་པ་སྟེ། །
སྐལ་ལྡན་ལམ་འདི་འཛིན་པ་གང༌། །ང་ཡིས་ལུང་བསྟན་གྱུར་པ་ཡིན། །གདུག་པ་རྣམས་ནི་གཟུང་བའི་ཕྱིར། །མཁས་པས་སྙིང་རྗེ་བསྐྱེད་ནས་ནི། །ཆོ་ག་ཀུན་མཆོག་གིས་རབ་སྒྲུབ། །བདག་ཉིད་ཇི་བཞིན་སེམས་ཅན་དེ། །དེ་བཞིན་བདག་དེ་དམ་པའི་བདག །དཔལ་ཧེ་རུ་ཀའི་གོ་འཕང་གནས། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །སུན་འབྱིན་པས་ནི་འགྲུབ་མི་འགྱུར། །རྣམ་དག་རྣམ་པ་ཅན་སེམས་ཀྱི། །རང་བཞིན་གྱིས་ནི་མྱ་ངན་འདས། །མ་རུངས་པ་ནི་གང་དག་གིས། །སྐྱེ་བོ་བཅིངས་པར་གྱུར་པ་གང༌། །དེ་ཉིད་ཐབས་དང་བཅས་པ་ཡིས། །སྲིད་པའི་བཅིངས་ལས་གྲོལ་བར་འགྱུར། །དེ་ལྟར་གྲུབ་པའི་ལམ་བརྟེན་ཅིང༌། །ཐུན་མོང་ཁྱད་པར་འགྲུབ་པར་འགྱུར། །དུས་བཞི་དག་ཏུ་གཏོར་མ་འབུལ། །བགེགས་མེད་བསོད་ནམས་འཕེལ་བྱེད་པའོ། །འདིར་འཇིག་རྟེན་དང༌འཇིག་རྟེན་ལས་འདས་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ལ་གཏོར་མ་དབུལ་བར་བྱ་སྟེ། ཤ་ཆེན་པོ་དང་བཅས་པའི་གཏོར་མ་བཤམས་ལ། ཨོཾ་བ་ལིཾ་མ་ཎི་རཾ་ཧཱུྃ་ཛ། རཀྵ་ཎི་རཀྵ་ཎི་རཀྵ་མི། ཁ་ཁ་ཁཱ་ཧི་ཁཱ་ཧི་གྲྀཧྞ་གྲྀཧྞ་བ་ལིཾ། མ་ཧཱ་བི་ཥཱ་ཎཾ། པྲ་སཱ་དྷ་ཡ་པྲ་སཱ་དྷ་ཡ། ཧུ་ལུ་ཧུ་ལུ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར། སརྦྦ་
ཏ་ས་ན་ས་ཏྲཾ། ཝ་རི་ཧ་དྷི་ར་པྲ་ཡཙྪནྟུ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཞེས་པས་མཚན་ཕྱེད་ན་གཏོར་མ་སྲེག་སྤོས་དང་བཅས་པ་དབུལ་བར་བྱའོ། །ཨོཾ་ཧཱཿཀ་ཧ་ཀ་ཧ་མཱ་ལི་ནི་མུ་ཁེ་ཡཾ་སཱ་དྷ་ཛ། མ་ཧཱ་ཀཱ་ལ་བུདྡྷ་ཛཾ། པྲ་ཏི་ཏོ་སི། ཀཱ་ར་ཡ་ཀཱ་ར་ཡ། པྲ་དུཥྚཱ་ན། གྲྀཧྞ་གྲྀཧྞ། མཱ་ར་མཱ་ར། ཁ་ཁ་ཁཱ་ཧི་ཁཱ་ཧི། ཤཱི་གྷྲཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཧུ་ར་ཧུ་ར། མཾ་རཾ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། ཤྲཱི་སརྦ་ཨོཾ་ཨཱཿ ཧཱུྃ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་གྲུབ་པ་དང༌། གཏོར་མའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དཔལ་མགོན་པོ་ཆེན་པོ་ཁྲོས་པའི་མགོན་པོ་གསང་བ་མངོན་པར་འབྱུང་བའི་རྒྱུད་ཀུན་གྱི་རྩ་བར་གྱུར་པ་བསྟན་པ་འཛིན་པ། བསྟན་པ་སྐྱོང་བ། བསྟན་པ་སྲུང་ངེས་པ། གསང་བ་བདུད་དཔུང་འདུལ་བར་བྱེད་པའོ། །དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ཀུན་གྱི་སྙིང་པོར་གྱུར་པ་གདོད་ནས་གྲུབ་པའི་བླ་མ་ཡིན་ནོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཧཱ་པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་ཁེར་རྒད་འཁོར་ལོ་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །ཡང་སླད་ནས་མཁས་པ་ཆེན་པོ་སངས་རྒྱས་གྲགས་པའི་སྤྱན་སྔར་ཀྲེ་བོ་ཤེས་རབ་དཔལ་གྱིས་ཀྱང་ཞུ་གཏུགས་བགྱིས་པའོ། །སརྦ་མངྒ་ལཾ།། །།
འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོའི་རྒྱུད།
༄༅། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོའི་རྒྱུད་བཞུགས་སོ། །
རྒྱ་གར་སྐད་དུ། ཨཱརྱ་དྷ་མེ་གོ་རོ་པ་ན་པི་ཏི་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་སྲིན་པོ་ཞེས་བྱ་བ་དེའི་སྐུ་དང་གསུང་དང་ཐུགས་ཀྱི་འོད་ཟེར་སྣ་ཚོགས་པ་སྟོན་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་འཁྲུགས་རབ་ཏུ་འཁྲུགས་པ་ལས། དྲེགས་པ་ཅན་ཐམས་ཅད་བརྒྱལ་བ་དང་། ཆོས་ཉིད་དོན་ལ་དགོངས་པའི་ཐུགས་རྗེས་དབང་དུ་བསྡུས་པའོ། །དེ་ཡང་དྲེགས་པ་ཅན་ནི། ཞེ་སྡང་ཅན་གྱི་གཤིན་རྗེ་དང་། ཆགས་པ་ཅན་གྱི་མ་མོ་དང་། གདུག་པ་ཅན་གྱི་སྲིན་པོ་དང་། ཕྲག་དོག་ཅན་གྱི་ཀླུ་གཉན་དང་། གཏི་མུག་ཅན་གྱི་ས་བདག་
དང་། གདུག་རྩུབ་ཅན་གྱི་བདུད་ཕོ་མོ་དང་། ང་རྒྱལ་ཅན་རྒྱལ་པོའམ་འགོང་པོ་དང་། ཕྲག་དོག་ཅན་གྱི་ཀླུ་བཙན་ལ་སོགས་ཏེ་གདུག་སེམས་ཅན་གྱི་རོ་ལངས་བརྒྱ་དང་ནག་པོ་སྟོང་གནོད་སྦྱིན་ཁྲི་མ་མོ་འབུམ་ཤ་ཟ་བྱེ་བ་ལ་སོགས་པ་འཁོར་འབུམ་ཕྲག་དང་བཅས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དཔལ་རྡོ་རྗེ་སྲིན་པོས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་དགོངས་ཏེ། དེ་ཡང་དང་པོ་གང་ནས་བྱུང་ཞིང་བསྟན་པ་ཇི་ལྟར་བསྲུང་བ་དང་། བར་དུ་བསྟན་པ་གང་ལ་བབས་ནས་ཇི་ལྟར་བསྲུང་བ་དང་། ཐ་མར་བསྟན་པ་གང་གིས་བསྲུང་བར་སྨོན་ལམ་བཏབ་པའོ། །དེ་ལ་དང་པོ་སངས་རྒྱས་ཀྱི་བསྟན་པ་འདི་གང་གི་ཕྱིར་བསྲུང་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྣུབས་
ཤིང་ལོག་སྲེད་ཀྱི་སྤྱོད་པ་དར་དུ་བཅུག་པས། འགྲོ་དྲུག་གི་བློ་མུན་པས་གཏིབས་ཟེར་ཏེ་ཟུག་ངུས་བསྲེགས་པས་བྱང་ཆུབ་ཀྱི་མྱུ་གུ་སྐམས་པར་གྱུར་ཏོ། །དེའི་ཚེ་དཔལ་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ལས་ནམ་མཁའ་ལས་འོད་ཟེར་སྤྲོས་ཏེ་རྡོ་རྗེ་ཁྲོ་བོ་སྲིན་པོར་གྱུར་པ་དང་། ནམ་མཁའ་འབྲུག་གིས་གང་། བར་སྣང་གློག་གིས་ཁེངས། ས་གཞི་ཐམས་ཅད་མེ་དཔུང་དང་ཁྲོ་ཆུང་གི་སེར་བས་གང་བས། གདུག་པ་ཅན་ཐམས་ཅད་མྱོས་ཤིང་བརྒྱལ་བར་གྱུར་པ་དང་། དཔལ་ཆེན་པོའི་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེས་དྲེགས་པ་ཅན་རྣམས་བརྒྱལ་སངས་པ་དང་། དེ་དག་གིས་གཙོ་བོས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག །ཇི་ལྟར་གསུངས་པ་བཀའ་བཞིན་བགྱིད། །ཅེས་ཞུས་པ་དང་། གདུག་པ་ཅན་གྱི་འཁོར་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད་དོ། །འཕགས་པ་སྤུ་གྲི་ཀླད་གཟེར་དངོས་གྲུབ་འབྱུང་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདུས་པའི་འཁོར་དེ་དག་ཐམས་ཅད་ལྷན་གཅིག་ཏུ་འདུས་ཏེ་མགྲིན་གཅིག་ཏུ་གསོལ་པ། དཔའ་བོ་ཆེན་པོ་ལྷའི་གཙོ། །བར་དུ་བསྟན་པ་གང་གིས་བསྲུང་། །ཞེས་ཞུས་པས། དཔའ་བོ་ཆེན་པོ་བསྟན་པ་རྒྱས་པའི་
ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་ཆུ་ལ་ཆུ་བུར་གྱི་ཚུལ་དུ་ལེགས་ལྡན་ནག་པོ་ཆེན་པོར་ཏེ། དུས་ངན་བསྐལ་མཐའ་བྱུང་བའི་ཚེ། །སངས་རྒྱས་བསྟན་པ་ཉམས་པར་འགྱུར། །དེ་དུས་བདག་གི་མཐུ་སྟོབས་ཀྱིས། །སངས་རྒྱས་བསྟན་པ་བསྲུང་བར་བགྱིད། །མ་ཧཱ་ཀཱ་ལ་ནག་པོ་ཆེ། །ལྷ་ཆེན་དཔའ་བོ་ཐུགས་ཁྲོས་པས། །དཔལ་ལྡན་ནག་པོའི་སྐུར་གྱུར་ཏེ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཕྱག་གཡས་བྷེ་ཏ་འབྲས་བུ་དམར། །གཉིས་པ་རལ་གྲི་འཛིན་པའོ། །གཡོན་གྱི་དང་པོ་རཀྟ་ཡིས། །རབ་ཏུ་བཀང་བའི་ཐོད་པ་བསྣམས། །གཉིས་པ་ཁ་ཊྭཱཾ་འཛིན་པའོ། །སྟག་གི་པགས་པས་སྨད་དཀྲིས་ཤིང་། །དབུ་སྐྲ་སྨིན་མ་ཨག་ཚོམ་སེར། །སྤྱན་གསུམ་མཆེ་གཙིགས་འཇིགས་པར་བྱེད། །ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །སྣ་ཚོགས་པད་མ་ཉི་སྟེང་བཞུགས། །དཔའ་བོའི་འདུག་སྟངས་ཀྱིས་གནས་པའོ། །ང་ཡིས་སངས་རྒྱས་བསྟན་པ་བསྲུང་། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །ཅེས་ཞལ་ནས་འོད་ཟེར་གྱི་ཚུལ་དུ་སྔགས་འདི་ཐོན་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ་འགུལ་ལྡེག་ལྡེག་ཤིག་ཤིག་རབ་ཏུ་འགུལ་ཤིག་བྱེད་དོ། །འོད་ཟེར་དེའི་སྣ་ལས་རིག་པའི་རྒྱུད་
གྱི་གཟུངས་སྔགས་འདི་ཐོན་པར་གྱུར་ཏོ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ཕཊ། ཅེས་འོད་ཟེར་གྱི་ཚུལ་དུ་བརྗོད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་འགུལ་ལྡེག་ཤིག་གཡོས་ཏེ་བརླགས་པར་གྱུར་ཏོ། །དེ་ནས་དཔལ་ནག་པོ་རྡོ་རྗེ་སྲིན་པོས་ཉིད་ལ་ཉིད་ཀྱིས་ཆེ་བ་བརྗོད་པའི་ཚུལ་གྱིས་འདི་དག་བསྟོད་དོ། །དེའི་ངང་ལས་དྷཱ་ཀི་ཨ་ལ་ཧྲིང་ཧྲིང་གསུངས་པ་ལས། ནག་པོ་ཆེན་པོའི་ཤངས་ལས་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་ཕྱག་མཚན་བཞི་ལས་ལས་ཀྱི་མཁའ་འགྲོ་མ་བཞི་ཐོན་པར་གྱུར་ཏོ། །ཐོན་པ་དང་རང་རང་གི་རིག་པ་རྣམས་སོ་སོར་ཕུལ་ལོ། །དྷཱ་ཀི་ནི་ཊྃ་དཾ་ཊྃ་དཾ་དུཾ་ད་ཌཱ་ཀི་ནི་རཾ་རཾ་རུཾ་རཾ་ར་ལ་ཀི་ནི་ལཾ་ལཾ་ལཾ་ཡུཾ་ལ། ཀ་ཀི་ནི་ཀཾ་ཀཾ་ཀེཾ་ཀུང་ཀ །པཾ་པཾ་པེཾ་པུཾ་པ། ཞེས་བརྗོད་པས་ཁམས་གསུམ་འོད་ཀྱི་གོང་བུར་གྱུར་པ། འོད་ཟེར་དེ་ལ་དྲག་སྔགས་འདི་འཕྲོས་སོ། །ན་ནི་ན་ནི་མ་ཧཱ་ཀཱ་ལ་གྷ་རེ་མ་གྷ་རེམ་བུ་ལ་ཨི་ཛི་མ་བ་ར་ལི་པ་དཾ་པ་དཾ། ཡོ་ཏི་ཀ་ཏི། ཀ་རེ་ཀ་རེ། ཀ་པད་དྷ། ཕོ་ཏི་ཀ་ར་མ་ཀཾ་པ། པི་པི་ད་ཀཾ །པི་པི་ད་ཀཾ །ཁ་དཾ་དཾ་ས་ཆྒཻ་མོ་མ་ར་ཡ་ཕཊ། ཅེས་བཏོན་པས་དཔལ་ཆེན་པོ་ཉིད་ལ་ཉིད་ཀྱིས་ཆེ་བ་ལ། དཔལ་ནག་པོ་ཆེན་པོ་ལ་འདི་ལྟར་དུ་བསྟོད་དོ། །ཨོཾ་སི་ཧབ་ཧ་ཧ་ཧཱུྃ་ཀཱ་ར་ན་ཏྲེ། ཀི་ལི་ཀི་ལི་ཏ་རི་ལི་རི་ཏ་ལ་བྲེང་བྲེང་ཧཱུྃ་
ཧཱུྃ། ཀ་རེད་མིན་བྷ་ཨ་ནུ་ར་བྷི་སི་ཏི་མུ་ཁེ་རེན་ཏྲ། མ་མ་ཀུ་ལ་ཨི་གཾ་ཁ་ཊ་ཁ་ཤ་ཀུ་དེ་ས་ནི་ན་ན་ར་ཀ་ཀ་ར་དྷ་ར། ཀ་མ་རུ་པི་བུམ་གཾ་ཡཀྵ་པཾ། གཾ་ཀེས་ཤ་པ་ག་མ་ན་ཏ་རེ། ཀྵེ་ཏྲ་པ་ལོ་ཨ་པ་དྷུ་ར་ཐ། ཕེཾ་ཕེཾ་ཕེཾ་པེཾ་ཏ་ཀྵ་ར་རྭ་པ། ཕྲ་ཏི་ཛ་ནི་ཏ་བྲཾ་ཧ་ངཾ་རྣ་གྷར་བྷ་པཾ་བག་ཀྲེ་ཏྲེ་སྨ་ལ་མ་བྷེ་དྷ་ལ་ཀྲ་ཀ་ར་ཡ་བཱ་ཡུ་ར་བྷུ་ཤ་ཧཾ་གོ་པར་མ་བྷ། བེ་ཏ་ར་ཀ་ཏ་བྲ་བོ་གྷ་ཤི་ཀ་པ་ཀུ་ལཾ་བྲི་ཏི་མ་རི་རྞྞ་མུ་ཏྲ་བཀྵ། ཀྲི་ཧ་ན་ཀྲི་པི་ཉེ་ར་ན་ར་ཤག་ཧ་ན་བྷུ་བི་ཀྵེ་ཏྲ་ཡ་ཏུ་སྤུ་སྨན། ཀྵུ་ཀྵུ་ཀྵུ་ཀྵ་ན་ཏི་མུ་ར་ཏི། ཀ་ལ་ཧེ་ཀྵིཾ་ཀྵིཾ་མེན་ཏྲ་དེ་ད། པ་ཙ་པ་ཙ་ཧ་ཧ་ནི་ར་ཛ་ཧེ་མནྟེ་ས་མནྟ་གྷི་གྷི་ན་ན། པྲོ་ཏ་པ་ར་ཡ་མ་ན། ས་མནྟ་ཐ་ད་ནོ་ཨ་ཏཾ་དྷ་ཀ་ན་ཀྵེ་ཏྲ་པ་ལ། ཧ་ཧ་ཏ་ཌ་ཧ་སེ་རཱ་ཏི་ཤ་པ་ཡ་ཏྲད་སརྦ་ཏ་ཡ། ས་ཤུ་ནཾ་པཱ་པཱ་ནི་བི་གྷ་ན་ཧ་ནཾ་དྷ་པྲ་ཏི་པ་པ་མ་ལ་པྲ་པ་ཏི་ཨ་མ་བྷི་དྷ་ར་བྷ་ཧཱུྃ་ཧཱུྃ་ཕཊ། ཏྲི་ཏྲ་ནི་ཏི་ཧ་བུ་བ་ན་ཀ་རཾ་པུ་ར་ཡ་ན་སུ་རྦད་ཤག་ཏི་པ་ལ་ཏྲ་ཀྵེ་ཏྲ་པ་ལ། ག་པི་ལ་ཏ་ར་ཛ་ཏ་ཨ་ཤ་མ་ཤྲུ་ཀོ་བོ་ཨུ་པ་ཏ་ར། ཁཾ་ཁཾ་ཁཾ་གོ་ཀ་པ་ནི། ལ་ལ་ལ་ལ་ཧོ་ལཾ་མ་ཎི་ཏི་ར་ཀ་ད་པ་ན་ཧ། རཾ་རཾ་རཾ་ཀ་པ་ཏྲེ་ཏྲོ་རུ་རུ་རུ་དྷི་ར་ཀ་རེ་ཤར་རྩི་ཏི་རྩན་བྷེ་གེ། ཀྲུཾ་ཀྲུཾ་ཀྲུཾ་རྭ་ཏྲིཥྚ་ཌྭཾ་ཌྭཾ་ཌྭཾ་ཌྭཾ་ཌ་མ་ར་ཡ་སློ། མ་དུ་ཀ་པ་ཧི་ཧོ་ར་ཀྵེ་ཏྲ་པ་ལ། ཀྲཾ་ཀྲཾ་ཀྲཾ་ཀྲཾ་ཏྲ་ད་ཏི་པ་ས། ཀྲི་ཏ་ཏྲི་སུ་མི་ཡ་མ། ཀེ་ཤཾ་དྷ་ཀཱེ་ཌི་ནི་
ཀཾ་ཀཾ་ཀཾ་པ་ལ་མ་ལི་ཀ་ལི་ཀ་ཏ་ལི་ཏ་ཀ་ལི་བཱ་ར། ཀ་ལན་དུ་ན་དྷ་པ་ཀ་ཡ་རྩཾ་རྩཾ་རྩཾ་རྩན་བེ་ག་པྲ་རྩ་ལེ་ཏ་ཀ་ར་བྷུ་ལོ་ཀ་པཾ་པཾ་པཾ་པཾ་གྷ་ཏ་མ་ཏ་ས་མ་ཡ་སྭ་ཏ་དྷ་ར། པ་ཏ་ཏུ་ཨུ་སྨན། ཡཾ་ཡཾ་ཡཾ་ཡ་ཏི་རྩོ་ཤམ་ས་མ་མི་ཡ་ཏི་པ་ལ་ལོ་ཡ་བྷེ། བཾ་བཾ་བཾ་བཾ་ཏ་ཏ་ཛྙཱ་ཏ་ཌཾ་ཏི་ཏ་མ་ཏྲ་པ་ཏི་ལོ་ཀ་པྲ་རྩ་ར། བྷྲུཾ་བྷྲུཾ་བྷྲུཾ་བྷི་ཤ་ན། ཨ་བྷི་ཀུ་ཏི་ཏྲི་ཏ་བྷ་ཡཾ་ཤ་རྩ་ག་ཏི་མ་ར་ཡ། ཀ་ཀ་ཀི་ན་མ་ཀྵཾ་ཀྵཾ་ཀེ་མ་ཀི་རཀྵ་པ་ཏི་རུ་རུ་ཏི་ཧཾ་པ། ཀྵ་ན་ཀྵེ་ཏྲ་པ་ལ་ཀློཾ་ཀློཾ་ཀློཾ་རྣ་མུར་ཏི། སྟི་བྷཱུ་པ་ན་མོ་ནི་ཤཾ་བླ་ཏ་ཡེད་ཡེད་སརྦ་ད་ཡི། པཾ་པཾ་པཾ་པ་ཤ་ཧ་བྷ་ས་བ་ཤུ་ས་སུ་བི་ཧྲི་ཡ་ག་ར་ཡ་མ་ཡ་བྷྱ་བྷྱ་ཡ་ལ་ནི་ཡ་ན་མ་ཏྲ་ཨད་མནྟྲ། མུ་ཏི་ར་མ་ཏི་རྭ་མ་ཏི་པ་ལ་ཧོ་མན་ཏྲི་མན་ཏྲི་མན་ཏྲ་རུ་ལ། ཀྵེ་ཏྲ་ནཾ་པ་ལ་ཀོ་པོ་པི་ཀ་ལ་ཛ་ན་ཏ་ནུ་པར་ཏུ་མུ་སྨེ་ན་རྩི་རཾ་མནྟྲ་ན་མཥྚ་ཀ་ཡ་པྲ་བྷ་ཁ་ཏི་མ་ཎི་མ་ན་བྷག་ཏི་ཡུ་ཀ་ཏ་པན་ཏ་ཨ་ཙརྱ། པ་ཏ་ཀོ་བ་ས་མ་ཡ་དབུ་ཏ་དྷ་ར་པ་བྷུད་པ་ན་ཛ་ཡ་ཏི་ནུ་ཡཱ་ཡཱ། ཤི་ཀི་དཱི་མ་ཀྵི་པྲི་ཏི་བ་ལ་མ་ཧུ་ལ་ཀ་ནི། དྷ་སུཥྚ་བྷ་པྲ་བྷེ་བ་ཛ་ཡ་ན། ཧེ་ཏ་ཡ་ནི་རྒྱ་བྱི་ཧཱུྃ་བི་ཤ་ཏ་ཧཾ་ན་སྱ་དེ་བི་ག་ན་ཛ་ལཾ། ཞེས་དེ་ལྟ་བུའི་བསྟོད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་གོང་བུར་གྱུར་ཏེ་ཐམས་ཅད་བདེ་ལ་བཀོད་དེ་བསྟན་པ་རབ་ཏུ་གནས་པར་གྱུར་ཏོ། །འཕགས་པ་སྤུ་གྲི་ཀླད་གཟེར་
ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་བར་དུ་བསྟན་པ་གང་ལ་བབས་ན་ཇི་ལྟར་བསྲུང་ཞིང་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །དུས་མཐའ་སངས་རྒྱས་བསྟན་པ་འདི། །གང་གིས་བསྲུང་བར་སྨོན་ལམ་བཏབ། །ཅེས་གསོལ་པ་དང་། དཔའ་བོ་ཆེན་པོ་ཐུགས་ཀྱི་དཀྱིལ་ནས་དྲག་པོའི་ཚང་རབ་རྔམ་པའི་འོད་ཟེར་ནག་པོ་གཅིག་ཐོན་པར་གྱུར་ཏོ། །འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ལན་གསུམ་དཀྲུགས་ཏེ་སླར་དཔའ་བོ་ཆེན་པོའི་ཐུགས་ཀར་ཐིམ་མོ། །ཐིམ་པ་དང་ཞལ་ལྷག་ལྷག་པའི་ངང་ལས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་རྔམ་པར་སྒྲོགས་པའི་ངང་ལས་ཐུགས་ཀ་ནས་མི་ལུས་བྱ་རོག་གི་མགོ་བོ་ཅན་ཕྱག་གཡས་ན་གྲི་གུག་ཕྱར་བ། གཡོན་པ་ཐོད་ཁྲག་ཞལ་དུ་རྔུབ་པ། སྐུ་ལ་གདུག་པའི་འོད་ཟེར་འཕྲོ་བ། རྐང་པ་ས་ལ་བརྡབས་པས་ཐམས་ཅད་རྡུལ་དུ་རློག་པ། གསུང་གི་ང་རོས་སྟོང་གསུམ་བསྒྲགས་པར་མཛད་པ། ལོག་སྲེད་གདུག་པ་ཅན་རྣམས་བརྒྱལ་ཞིང་ཁྲག་ཏུ་སྐྱུག་པ། དྲག་པོའི་བཙན་དུག་སྲོག་གི་སྤུ་གྲིས་དམ་ཉམས་པའི་ཚེ་སྲོག་གཅོད་པ། བཀའི་བསྟན་སྲུང་། ཡེ་ཤེས་ཀྱི་སྤྱན་ཅན། ནག་པོ་ཆེན་པོའི་སྙིང་ཏིག །སྲོག་
གི་སྤུ་གྲི་འདི་ཐོན་པར་གྱུར་ཏོ། །དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ་འགུལ་ཤིག་ཤིག་ལྡེག་ལྡེག་རབ་ཏུ་གཡོས་པར་གྱུར་པ་དེའི་ཚེ་འདི་དག་བཀའ་བསྩལ་ཏོ། །བསྟན་ལ་སྡང་བའི་དམ་ཉམས་དང་། །རུ་ཏྲ་ཀླད་སྙིང་བསྒྲལ་དོན་དུ། །དུར་ཁྲོད་ས་དང་ཤིས་པའི་གནས། །ནག་པོ་བདུད་ཀྱི་ཉི་མ་ལ། །ཕུང་བའི་ཤུལ་ནས་ས་བླངས་ལ། །དཀྱིལ་འཁོར་གྲུ་གསུམ་ནག་པོར་བྱུག ། དེ་ཡི་ནང་དུ་ཐོད་པ་ནི། །རབས་ཆད་ཐོད་པ་ཁ་སྦྱར་ཏེ། །དམ་ཉམས་རྐང་རྗེས་ལ་སོགས་པའི། །གཟུགས་ཀྱི་སྙིང་ཁར་སྲོག་འཁོར་གཞུག །ཐོད་ངན་མི་ཤིས་ནང་དུ་ནི། །ཉུངས་དཀར་ཉུངས་ནག་སྐེ་ཚེ་བསོགས། །བྲབ་པའི་རྫས་རྣམས་བསག་པར་བྱ། །རྡོ་རྗེ་སྲིན་པོ་བསྒོམ་པར་བྱ། །དཀྱིལ་འཁོར་གྲུ་གསུམ་ནང་དུ་ནི། །ཕུང་བྱེད་ལས་མཁན་ཆེན་པོ་བསྒོམ། །དོན་དང་ལྡན་པའི་གང་ཟག་གིས། །བདུན་ཕྲག་བདུན་དུ་ཐུན་གྱིས་བྲབ། །སྟབས་ལ་གནས་ཤིང་སྙིང་རྗེ་ཡིས། །ཡེངས་པ་མེད་པར་བཟླས་པ་ཡིས། །དྲེགས་པ་རྣམས་ཀྱི་སྲོག་ཀྱང་གཅོད། །སྡིག་ཅན་དམ་ཉམས་སྨོས་ཅི་དགོས། །ཞེས་བསྒྲགས་པའི་རྗེས་ལ་དབུགས་གཅིག་ཐོན་ཏོ། །ཨ་ལ་ལ་ཨ་ལ་ལ་ཨེ་ཧ་ཧེ་ཧཱུྃ་ཧཱུྃ་ཧྲི་ཧྲི། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ནྲི་ཐུམ་ལཾ་ཐུམ་རིལ་རྦད།
ཙིཏྟ་ཁ་རག་ནི་ཛཿཛཿ ནྲི་ཛཿཙིཏྟ་ལ་ཡ་རིལ་རྦད། ནི་ཤག་ཤག །ཆེ་གེ་མོའི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་ཡ། གིང་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་ཡ་ཆྒཻ་མོའི་སྙིང་ཁྲག་ལ་ལྗིབ་ལྗིབ། ཆོད་ཆོད་སྲོག་རྩ་ལ་ཐུཾ་རིལ་རྦད། ཅེས་བསྒྲག་གོ། །གསང་བ་གསུམ་གྱི་མཁའ་དབྱིངས་ནི། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར། །ཤིན་ཏུ་རིད་ཅིང་ཀེང་རུས་ལུས། །དང་པོ་རལ་གྲི་ཏྲི་ཤུ་ལ། །གཡོན་གྱི་དང་པོ་མདའ་གཞུ་དང་། །འོག་མ་མི་མགོ་ཐོད་ཁྲག་ཅན། །གཅེར་བུ་སྐྲ་གྲོལ་སྤྱན་གསུམ་པ། །རོ་ལངས་མ་མོའི་དབུས་ན་བཞུགས། །ཞལ་ནས་སྔགས་བཟློས་བསྟན་པ་བསྲུང་། །ཨོཾ་མ་ཧཱ་ཀཱ་ལི་དྷི་བི་རུ་པི་ནི་ཧཱུྃ་ཕཊ། ནྲི་ཛ་ཙིཏྟ་ལ་ཡ། རག་མོ་ནྲི་ཛ་ཐུམ་རིལ་རྦད་ན་ཤག །ཆྒཻ་མོའི་ཙིཏྟ་ལ་ཡ། མ་མ་ཏྲག་རག་མོ་རུ་ཏྲ་མ་ར་ཡ་ཛཿཛཿ མཎྜལ་ཆ་གཉིས་མཁའ་དབྱིངས་སུ། །དར་ནག་གདུགས་དང་ཁྱི་ནག་དང་། །བྱ་ནག་ལུག་ནག་གཡང་གཞི་དགྲམ། །བླ་རྡོ་གཏིང་དུ་གཞུག་པར་བྱ། །ཕྱི་རྟེན་ནང་རྟེན་སོ་སོར་བཅའ། །དམ་ཚིག་བསྲུང་བ་ཤིན་ཏུ་གཅེས། །མ་ཧཱ་ཀཱ་ལའི་སྦྱོར་བ་ཡིས། །ཁམས་གསུམ་བརླག་པར་གདོན་མི་ཟ། །ཤར་ཕྱོགས་ཤ་ཡི་གཏོར་ཚོགས་བཤམས། །བྱང་དུ་རུས་པ་རྐང་དང་
ཀླད་པ་ཚིལ་ལ་སོགས། །དམིགས་པའི་གཟུགས་ནི་ཁྲག་གིས་བྲིས། །གཏོར་མར་བཅུག་པས་སྨྱོས་ཤིང་བརྒྱལ། །སྒྲུབ་པ་ཐོན་ནས་བཏང་རག་བཏང་། །བསྙེན་དང་བསྒྲུབ་དང་གསད་དང་གནན། །ངག་གི་ནུས་པ་ཉམས་གཞུག་དང་། །ལྟས་ངན་དབབ་དང་རྟེན་བཅའ་དང་། །དམ་ཚིག་བསྲུང་དང་བཤགས་པ་དང་། །དྲག་པོ་རྟགས་ཀྱི་རིམ་པ་དང་། །མཱ་ར་ཡས་ནི་སྨྱོར་གཞུག་པ། །ཕུང་བྱེད་ལྟོ་དཀྲུག་ལས་ཀྱིས་གཟིར། །དེ་ཡིས་ང་ཡི་ལས་སྦྱོར་རྫོགས། །ཞེས་བསྒྲགས་པ་དང་ཉིད་ལ་ཉིད་ཐིམ་པར་གྱུར་ཏོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ཐ་མར་བསྟན་པ་གང་གིས་བསྲུང་བར་སྨོན་ལམ་བཏབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་གསོལ་པ། རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །བཀའ་དང་བསྟན་པ་སྲུང་བ་ལ། །དམ་ཚིག་གཉེན་པོ་ཇི་ལྟར་བསྲུང་། །ཉམས་པར་གྱུར་ན་གང་གིས་གསོ། །ཞེས་ཞུས་པས། རྡོ་རྗེ་སྲིན་པོས་ཞལ་གྱི་ཁྲོ་གཉེར་འདི་ལྟ་བུ་གཙིགས་སོ། །བླ་མ་སངས་རྒྱས་དཀོན་མཆོག་ལ། །གང་ཞིག་ལུས་དང་ངག་ཡིད་ཀྱིས། །དུས་གསུམ་ད་གསུམ་འཕེལ་འགྱུར་ན། །སྤྱི་དང་ཁྱད་པར་དམ་ཚིག་ཡིན། །མགོན་པོའི་ཐང་སྐུ་རྟག་བསྲེལ་བ། །ཆོས་སྐྱོང་སྐུའི་དམ་
ཚིག་ཡིན། །མི་ཚིག་གཏམ་གྱིས་བར་མི་ཆོད། །མགོན་པོའི་སྲོག་སྙིང་རྒྱུན་བཟློས་པ། །ཆོས་སྐྱོང་གསུང་གི་དམ་ཚིག་ཡིན། །རྡོ་རྗེ་སྲིན་པོའི་དགོངས་པ་ཡིས། །མདུན་གྱི་ནག་པོ་འཁོལ་བ་ནི། །ཆོས་སྐྱོང་ཐུགས་ཀྱི་དམ་ཚིག་ཡིན། །དུས་དང་རྒྱུན་ཆད་མེད་པ་རུ། །ཕངས་པ་མེད་པར་མཆོད་པ་ནི། །ཆོས་སྐྱོང་མཉེས་པའི་དམ་ཚིག་ཡིན། །དར་ནག་རག་ཤའི་ཕྲེང་བ་ཡང་། །དམ་རྫས་འཚོགས་པར་བསོག་པ་ནི། །སྤྲིན་ལྟར་འདུ་བའི་དམ་ཚིག་ཡིན། །བེ་ཆེན་ནག་པོ་ཁྲུ་གང་ཚད། །མདའ་གང་འདོམ་གང་ཁོག་པ་རུ། །ནག་པོའི་སྔགས་གསུམ་དར་ནག་ལ། །འོ་མ་མཚལ་གྱིས་བྲིས་པ་གཞུགས། །འགྲོ་ན་ཁྱེར་ལ་དགྲ་བྱུང་གདབ། །ཆོས་སྐྱོང་ཕྱག་མཚན་དམ་ཚིག་ཡིན། །རྟ་ནག་ཁྱི་ནག་རྡོ་ནག་གསུམ། །ཆོས་སྐྱོང་བླ་རྡོའི་དམ་ཚིག་ཡིན། །བླ་མ་ལ་སྡང་གསང་སྔགས་སྨོད། །མི་ནག་ཆོས་ཀྱི་གཡོ་སྒྱུ་མཁན། །ཐོ་ཕྱིར་མི་བསྲེལ་དམ་ཚིག་ཡིན། །རྨེ་སྟོང་མཛེ་ཕོ་ཡུགས་ས་ནི། །ཕྱོགས་མི་ཟེར་བ་དམ་ཚིག་ཡིན། །དམ་བཅའ་དྲག་པོ་བྱས་གྱུར་ནས། །གདོང་གྲང་མི་ཕྲད་དམ་ཚིག་ཡིན། །གལ་ཏེ་དམ་ཚིག་ཉམས་གྱུར་ན། །འབུམ་ལྔའི་བཤགས་པས་དག་ཚངས་གདོན། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །སྐུ་བཞེངས་སཱཙྪ་འབུམ་
སོགས་གདབ། །གསུང་གི་དམ་ཚིག་ཉམས་པ་དེས། །མདོ་རྒྱུད་གསང་སྔགས་འབུམ་སོགས་འདོན། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །འགྱོད་ཚངས་བཤགས་པ་སྔོན་སོང་ནས། །ཐུགས་དམ་རྩེ་གཅིག་མཉམ་པར་བཞག །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཚོགས་བསག་མཆོད་པ་འབུལ་བར་བྱ། །ཁྱད་པར་དམ་ཚིག་ཉམས་ན་སྲོག་འདོན་འབུམ། །སྤྱི་དང་ཁྱད་པར་དམ་ཚིག་གཞུང་བཞིན་བསྲུང་། །ཆོས་སྐྱོང་མཁའ་འགྲོ་མཁའ་ལ་སྤྲིན་ལྟར་འདུ། །ཞེས་གསུངས་སོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དམ་ཚིག་ལ་གནས་པར་བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་འཁོར་འདུས་པ་རྣམས་ཀྱིས། རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །བསྐང་དང་བཤགས་ན་ཇི་ལྟར་བཤགས། །ཞེས་གསོལ་པ་དང་། །རྡོ་རྗེ་སྲིན་པོའི་བཀའ་བསྩལ་པ། །ཐུགས་དང་འགལ་འཁྲུལ་བྱུང་གྱུར་ན། །བསྐང་བ་བཤགས་པ་འདི་ལྟར་བྱ། །ཕྱི་རུ་གཡག་དང་ལུག་གིས་བསྐང་། །ནང་དུ་ཟན་གླུད་དཔལ་བཤོས་དང་། །སྤྱན་གཟིགས་གཏོར་མས་ཐུགས་དམ་བསྐང་། །གསང་བ་དམ་ཚིག་གཉན་པོས་བསྐང་། །དེ་ཁོ་ན་ཉིད་དུ་བསྐང་བ་ནི། །ནག་པོའི་སྐུ་དང་དམ་རྫས་ལ། །ཚིག་འདིས་རབ་ཏུ་བསྐང་བཤགས་བྱ། །ཧཱུྃ། མ་ཧཱ་ཀཱ་ལ་
མཐུ་བོ་ཆེ། །ནག་པོ་ཆེན་པོ་ལྕམ་དྲལ་ཚོགས། །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །གཤེགས་ཤིག་སངས་རྒྱས་གནས་འདིར་སྤྱོན། །བདག་གི་གནས་མཆོག་དམ་པ་ན། །ཁྱོད་ཀྱི་མཐུན་པའི་དམ་རྫས་འདི། །གཡག་ལུག་ནག་པོ་མར་གྱིས་བྱུགས། །དར་ནག་རུ་མཚོན་རྭ་ལ་བརྒྱན། །ཕྲག་པར་དགྲ་བགེགས་ལིང་ག་བསྐྱོན། །གསེར་སྐྱེམས་བདུད་རྩི་རྣམ་ལྔ་འཛིན། །ནག་པོ་ཆེན་པོའི་ཐུགས་དམ་བསྐང་། །བྱ་རོག་གདོང་ཅན་ལ་སོགས་པའི། །འཁོར་གྱི་མ་དང་མཁའ་འགྲོའི་ཚོགས། །ཞུན་ཆེན་གསལ་བའི་མར་མེ་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་གྱིས། །ནག་པོ་ཆེན་པོའི་ཐུགས་བསྐུལ་ཏེ། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །སྒྲུབ་པ་པོ་ལ་བུ་བཞིན་སྐྱོངས། །དར་ནག་ལྕགས་ཀྱི་རུ་མཚོན་གྱིས། །བྱ་རོག་གདོང་ཅན་དཔོན་དང་གཡོག །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །མྱུར་དུ་སྤྱོན་ཅིག་མཁའ་འགྲོའི་ཚོགས། །རོ་ལངས་གཅན་ཟན་སྣ་ཚོགས་དང་། །བསྟན་སྲུང་བཀའ་ཡི་བྱར་བྱེད་རྣམས། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སྐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།
ཐུགས་དམ་བསྐང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཐུགས་ཀྱི་འགལ་འཁྲུལ་བྱུང་ན་འདི་ལྟར་བཤགས། ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོལ། །མ་ཧཱ་ཀཱ་ལའི་དཀྱིལ་འཁོར་སྒོར་ཞུགས་ནས། །བཀའ་ཡི་དམ་ཚིག་གཉན་པོ་བསྲུང་རྒྱུ་ལ། །བཀའ་ལྟར་མ་གྲུབ་གཞུང་བཞིན་རྔོ་མ་ཐོགས། །བསྙེན་བསྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རྡོ་རྗེ་སྲིན་པོ་དུར་ཁྲོད་ཚོགས་ལ་བཤགས། །ཁྱི་ནག་གཅན་གཟན་བཀའ་ཡི་ལས་མཁན་ཚོགས། །བྱ་རོག་གདོང་ཅན་འཁོར་དང་བཅས་ལ་བཤགས། །བསྟན་སྲུང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །གཞན་ཡང་བཤགས་ཆེན་མཆོག་ལ་རྟ་གཟུགས་ནས། །དུས་བཞིའི་ཕུད་དང་ནང་ནུབ་མཆོད་རྒྱུ་ལ། །འདོད་ཡོན་འབྱོར་ཚོགས་ཆུང་བས་སྐུ་མ་མཉེས། །བཟླས་བརྗོད་སྔགས་ཚིག་ལོང་གཏམ་བར་དུ་ཆོད། །ནག་པོའི་སྲོག་སྙིང་གནད་ནས་མ་བསྐུལ་སྟེ། །བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་ཀུན། །ལྷ་ཆེན་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །ཡི་དམ་རྩེ་གཅིག་གཞུང་བཞིན་བསྒོམ་རྒྱུ་ལ། །ཏིང་འཛིན་རྩེ་གཅིག་མ་གསལ་ནག་པོ་བསྐྱེད། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །དར་ནག་རཀྟ་བན་དྷ་དམ་
རྫས་ཚོགས། །བརྟེན་རྫས་མ་ཚོགས་ཡན་ལག་དམ་ཚིག་ཉམས། །ནག་པོ་འཁོར་བཅས་ཚོགས་ལ་མཐོལ་ལོ་བཤགས། །གནོང་ངོ་འགྱོད་དོ་མ་དང་མཁའ་འགྲོའི་ཚོགས། །ཞེས་གསུངས་སོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོའི་རྒྱུད་ལས། བསྐང་བཤགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་དཔའ་བོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །གནག་པའི་ནན་ཏུར་བཤད་དུ་གསོལ། །ཞེས་ཞུས་པ་དང་ཐུགས་ཀ་ནས་འོད་ཟེར་གྱི་ཚུལ་དུ་འདི་གསུངས་སོ། །མ་ཧཱ་ཀཱ་ལའི་ཕྲིན་ལས་བཞི། །གསད་གསོ་དྲག་པོའི་ལས་གཞུག་རྣམས། །གནན་ཅིང་གཤེད་ལ་གཏོད་པའི་ཚེ། །སྦྱིན་སྲེག་བྱས་པའི་ཐལ་བ་དང་། །བསྒྲུབ་བྱའི་ལིང་ག་ལྷག་མ་རྣམས། །ཐོད་པ་ནག་པོའི་ནང་བཅུག་ཏེ། །ཁྲག་འཐུང་རྒྱལ་པོའི་ང་རྒྱལ་གྱིས། །དགུགས་གཞུག་དྲག་ཏུ་བྱས་ནས་ནི། །དྲག་སྔགས་འདི་བཟླས་མནན་པ་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཤ་ཏྲུཾ་ཆྒཻ་མོ་ན་ཤ་ཡ་ན་ཤ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། མཱ་ར་ཡ་མཱ་ར་ཡ། མ་ར་དྷ་ཡ་མ་ར་དྷ་ཡ་ནན་ཧཱུྃ་ཕཊ། སྔགས་དེ་ཁྲི་ཕྲག་གཅིག་ཏུ་བཟླས། །ཆོས་འཁོར་གཉན་པོའི་ཐེམ་འོག་གམ། །རང་གི་མལ་འོག་ལ་སོགས་མནན། །བསྐལ་པ་ཁྲི་རུ་ཐར་མི་འགྱུར། །ཞེས་
དཔའ་བོ་ཆེན་པོས་གསུངས་སོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དྲག་པོ་མནན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་གསོལ་པ། རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །རྦོད་གཏོང་དྲག་པོ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། ཐུགས་ཀྱི་འོད་ཟེར་ལས་འདི་གསུངས་སོ། །བསྟན་ལ་སྡང་བའི་དམ་ཉམས་ལ། །མ་ཧཱ་ཀཱ་ལའི་ཆོ་འཕྲུལ་གྱིས། །ཤིན་ཏུ་སྐྲག་དང་དངངས་པར་བྱེད། །བདུན་ལས་འདས་ན་འཆི་བར་འགྱུར། །རོ་སྒྱེད་གསུམ་སྟེང་སླང་བཙུགས་ལ། །སླང་ངའི་ནང་དུ་གྲུ་གསུམ་བྲི། །ཚེར་མ་ཅན་གྱི་ཤིང་ཚེར་ལ། །བྱ་རོག་དབང་ལྔའི་རྒྱལ་མཚན་ཕྱར། །བྱའི་དོན་སྙིང་ཤ་ཁྲག་ལ། །གཏོར་མ་ཆེན་པོ་རྒྱ་ཆེར་བཤམས། །རཀྟ་གསེར་སྐྱེམས་དག་གིས་མཆོད། །མ་ཉེས་ཤགས་གདབ་དཔང་པོ་བཅོལ། །དགྲ་བོའི་མིང་བྱང་མང་དུ་བྲི། །ལིང་ག་བྱ་རོག་ཁྲག་གིས་བྲི། །དེ་ལ་གང་དམིགས་དགུག་པར་བྱ། །གོང་གི་རྫས་རྣམས་འཚོགས་པ་དང་། །དམིགས་པ་དྲག་པོའི་འདི་ལྟར་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ན་ག་མ་ར་ཡ། ཏྲག་ཤད་ཐུཾ་ཐུཾ་ཆོད་ཆོད། ཁ་སྲོག་ནག་དགུ་ལིང་ལྗིབ་ལྗིབ་ན་ག་རྩད་ནས་ཆོད། ཏྲག་ཤད་ཆེ་གེ་མོའི་ཙིཏྟ་ཕུར་ཐུམ་ཆོད་རྦད་སོད་ཅེས་བཟླས་པ་དང་། སླང་ངའི་
ནང་དུ་རྫས་དང་ལིང་ག་བསྲེག་གོ། །དེ་ནས། ནག་པོ་བསྐུལ་ཞིང་ལས་ལ་རྦད། །དེ་ལྟར་ཞག་བདུན་བར་དུ་བྱ། །དེས་ནི་བརླག་པར་གདོན་མི་བྱ། །བྱ་རོག་མང་པོའི་སྐད་འབྱིན་དང་། །མོན་པ་མཚོན་ཆ་ཐོགས་པ་དང་། །ང་ཡི་ནོར་སླང་ཟེར་བ་འོང་། །གྲངས་ལས་ཐལ་ན་འཆི་བར་འགྱུར། །ཞེས་གསུངས་སོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ལྟས་ངན་རྦོད་གཏོང་གི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །ངག་གི་དབང་བསྡུ་ཇི་ལྟར་ལགས། །གནད་ཀྱི་གདམས་པ་བཤད་དུ་གསོལ། །དེ་ལྟར་འཁོར་གྱིས་ཞུས་པ་ལས། །དཔའ་བོ་ཐུགས་ཀྱི་འོད་ཟེར་ལས། །ལས་ཀྱི་ལྷ་མོ་འོད་ཟེར་འབར། །མཎྜལ་གྲུ་བཞི་མཉམ་པ་ལས། །དབུས་སུ་གྲུ་གསུམ་ཐུར་དུ་འདྲུ། །དེ་ཡི་གཏིང་དང་ལོགས་གསུམ་ལ། །སོར་ནི་ཉི་ཤུ་རྩ་གཅིག་བྱ། །ཕྱི་ནང་ཐམས་ཅད་ནག་པོར་བྱུག །དེའི་ནང་ཚེར་མ་རྣོན་པོས་དགང་། །གང་དུ་དམིགས་པའི་ཕྱི་ས་ལ། །ལིང་ག་མཛུབ་གང་དག་ཏུ་བྱ། །རོ་རས་གྲོ་གའི་ཤོག་བུ་ལ། །མིང་རུས་བྲིས་ཏེ་སྙིང་ཁར་གཞུག །ལྕགས་ཀྱི་ཁ་ཊྭཱཾ་མཛེས་པ་ཡང་། །དེ་ཡི་སྙིང་ཁར་གཞུག་པར་བྱ། །ཟུར་
གསུམ་ཚིལ་ཆེན་མར་མེ་གསུམ། །དེ་ཡི་ལོགས་གསུམ་གཏོར་མ་རེ། །ལྷ་མོ་མ་ཧཱ་ཀཱ་ལི་ནི། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར། །ཤིན་ཏུ་སྐེམ་ལ་ཀེང་རུས་ལུས། །ཕྱག་གཡས་དང་པོ་རལ་གྲི་འཛིན། །འོག་མ་རྩེ་གསུམ་ཏྲི་ཤུ་ལ། །གཡོན་གྱི་དང་པོ་མདའ་གཞུ་བསྣམས། །འོག་མ་མི་མགོ་ཁྲག་འཛག་ཅིང་། །སྤྱན་གསུམ་གཅེར་བུ་སྐྲ་གྲོལ་བའི། །གཡས་གཡོན་གཅེར་བུ་རོ་ལངས་གཉིས། །ཕྱག་གཉིས་མི་རྐང་དབྱུག་པ་ཐོགས། །དེ་ལྟར་གྱུར་ནས་སྔགས་འདི་བཟླས། །ཨོཾ་མ་ཧཱ་ཀཱ་ལི་དྷི་གྷི་ན་བྷ་ལིང་ཨ་མུ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ། པ་ཙ་པ་ཙ། ཆྒཻ་མོ་མཱ་ར་ཡ་མཱ་ར་ཡ། སྤོ་ཏ་ཡ་སྤོ་ཏ་ཡ། ཁཾ་ཧྲི་ཧཱུྃ་ཕཊ། ལིངྒའི་སྟེང་དུ་ཚེར་མ་དང་། །མེ་ཏོག་ནག་པོའི་སྦྱིན་སྲེག་བྱ། །མི་ཚིག་སྤངས་པའི་སྔགས་དེ་དག །བརྒྱ་དང་རྩ་བརྒྱད་ཉིད་དུ་བསྲེག །ཚངས་པའི་ཚེ་ཡང་བརླག་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། མ་མོ་རྩ་འཇིབས་མ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་དེ་དག་གིས་རྡོ་རྗེ་སྲིན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དྲག་པོ་མ་རུངས་ལྷ་ཡི་གཙོ། །དམ་ཉམས་ཀླད་སྙིང་བསྒྲལ་དོན་དུ། །སྲོག་གཟེར་ནག་པོ་ཇི་ལྟར་བྱ། །ཞེས་ཞུས་པ་
དང་། དྲེགས་པའི་བདག་པོ་དེའི་ཞལ་རྔམ་པའི་ང་རོས་འབྲུ་ཚུགས་སུ་གཟིགས་ཏེ། དྲག་པོའི་ཚང་རབ་འདི་ལྟར་གྱུར་ཏོ། །བདུད་ཀྱི་ཉི་མའི་ནམ་གུང་ལ། །བྱང་གི་ཕྱོགས་ནས་ས་བླངས་ཏེ། །མཎྜལ་མདའ་གང་གྲུ་བཞིའི་ཚད། །དུག་ཁྲག་འདྲེས་པས་ཆག་ཆག་གདབ། །རབས་ཆད་ནག་པོའི་ཐོད་པ་ནི། །དབང་པོ་ལྔ་དང་མ་བྲལ་བ། །དགྲ་ཕྱོགས་ཁ་བལྟས་དབུས་སུ་བཞག །དེ་ཡི་ནང་དུ་བླུག་པ་ནི། །མི་རྟ་ལུག་ནག་བྱ་རོག་ཁྲག །ཙན་དུག་ར་དུག་ཐར་རྣུ་ལ་སོགས་བྱུག །གྲུ་གསུམ་ཟུར་གསུམ་རྩང་དམར་གསུམ། །བླ་སྲོག་འཁོར་ལོ་འདི་ལྟར་བྲི། །གྲོ་ག་ཤོག་བུ་གང་རྙེད་ལ། །ཡ་ཁབ་མ་ཁབ་གྲི་གུག་གཟུགས། །རྩིབས་ལ་ཕོ་མོ་བསྣོལ་མར་བྲི། །མུ་ཁྱུད་དྲག་པོའི་སྔགས་ཀྱིས་བསྐོར། །སྨྱོ་བྱེད་ཁུ་བས་འཁོར་ལོར་བྱུག །ཁ་སྦྱར་རྩང་གི་ཁ་ལ་བསྐྱོན། །མཁའ་འགྲོ་མ་ཡི་སྐུ་གཟུགས་ནི། །སྟེགས་བུ་བཅས་པའི་ལོགས་ལ་བཞག །ཉི་ཤུ་རྩ་གཅིག་སྲིན་མོ་འགྲོས། །བཀྲ་ཤིས་ཁུ་དཀར་པ་ལི་ནི། །བཟང་དྲུག་ཙནྡན་གྷི་ཝང་སོགས། །གླ་རྩི་ལ་སོགས་ཆུས་བཀྲུས་ལ། །བྱ་རོག་གདོང་ཅན་སྐུ་གཟུགས་བཤམས། །སྟེགས་བུ་བཅས་ཏེ་ལོགས་ལ་གཟུགས། །མཁའ་འགྲོ་མ་ཡི་སྐུ་གཟུགས་ནི། །སྟེགས་བུ་བཅས་པའི་ལོགས་ལ་
བཞག །དེ་ཡི་མཐའ་མར་རྟེན་གཟུག་སྟེ། །ནང་རྟེན་གསང་རྟེན་རྣམས་ཀྱང་དགོད། །གཏའ་གཏོར་རྒྱུན་གཏོར་རིམ་པར་དགོད། །ཤ་ཆེན་ཚིལ་ཆེན་རཀྟ་དང་། །གསུར་ཆེན་དུད་པ་རྒྱུན་མི་གཅད། །སྟེང་ནས་དར་ནག་བླ་རེ་དབུབ། །བདག་ཉིད་བདེ་བའི་སྟན་འདུག་སྟེ། །རྭ་དོམ་ཡུངས་ཀར་ཡུངས་ནག་ལ། །ལྟོ་དཀྲུག་དྲག་པོའི་སྲོག་གཟེར་སྔགས། །ཁྲི་ཚོ་གཅིག་ཏུ་བཟླས་པར་བྱ། །དེ་ནས་ཉི་ཤུ་རྩ་གཅིག་ཏུ། །དྲག་སྔགས་ཕོ་མོར་དབྱེ་བྱས་ལ། །ཉིན་གྱི་ལས་སུ་ཕོ་སྔགས་བཟླས། །མཚན་མོའི་དུས་སུ་མོ་སྔགས་བཟླས། །ཐུན་ཁྲག་ཐོད་པའི་ནང་དུ་བླུག །དེ་ནས་བདག་གི་བསམ་གཏན་ནི། །ཡེ་ཤེས་མགོན་པོ་བསྒོམ་བྱས་ལ། །གདུག་པའི་སྲོག་གཟེར་འདི་དག་བཟླས། །རྦུ་རིལ་ཐུཾ་ཛ་རག་ལ་ཛ་དུ་མ། ཆོད་རྩ་སྲོག་རྦད་རིལ་ཐུཾ་ཡ་ཏི་ཆོད་ཆོད། ལྕིབ་ལྕིབ་ཁ་རག་སྙིང་ལ་ཐུཾ་ཀ་ལ། ཆྒཻ་མོ་ལ་ཀ་ཀ་མ་ཧཱ་ཎི་ལ་ཧ་ལ། བྷྱོ་ཡ་མ་ཧཱ་ཀཱ་ལ་ཙ་རུ་རུ་ཀ་ཧ་མ་ཨོཾ། ཡ་མ་སྙིང་ཧ་མ་ཨོཾ། ལ་ཡ་སྲོག་གི་ཡ་ར་ཀ་གིང་ལ་གིང་། དྲག་པོ་ཕོའི་སྲོག་གཟེར་ཡིན། ཛ་ཡ་ར་མ་ཡ་ལ་ཏ་ཕཊ། ཧཱུྃ་ཕྱེ་མ་ར་ཡ། ཏྲ་རུ་མི་རྩི་ཡི་ནི་རུ་མ་ཏྲག་རུ། བྷུ་མོ་རག །ཆྒཻ་མོ་ཤག་བྷི་དྷ་དྲག་ཏུ། རག་ཏྲག་མ་མ་ནི་རྦད་རིལ་ཐུཾ་ཛ་ནི། མོ་རག་ལིང་ག་ཧ་དྲག་མ་མ་བཛྲ་ནི་མ་ཨོཾ། ཁྲག་
སྐྱུག་གཟེར་ནག་དྲག་སྔགས་ཡིན། །ཞེས་བཟླས་པས་ལས་མགོན་ཡབ་ཡུམ་གྱི་ལྟོ་བ་དཀྲུག །ལས་མགོན་ཡབ་ཡུམ་གཉིས་ཀྱི་གདུག་པའི་འོད་ཟེར་ཐུན་ལ་ཕོག །ཐུན་ལས་དུག་རླངས་བྱུང་བས་འཁོར་ལོ་འཁོར་བས་གྲི་གུག་ནང་འཐབས་ནས་དམ་ཉམས་དེ་རྣམས་ཉལ་ཉལ་པོར་སོང་བར་བསམ། ཉིན་ཕོ་སྔགས་ནུབ་མོ་སྔགས་བཟླས། །ཉི་ཤུ་རྩ་གཅིག་ཐེམ་གྱུར་ན། །ཚངས་པའི་ཚེ་ཡང་བརླག་པར་འགྱུར། །བྱང་སེམས་བསྒོམས་པས་མ་བྱས་ན། །རང་སྲོག་གཅོད་པ་ཐེ་ཚོམ་མེད། །གྲུབ་ནས་ཐུན་ཁྲག་དགྲ་ལ་འཕང་། །ལིང་ག་འཁོར་ལོ་དང་བཅས་པ། །ལྷ་ཁང་འདྲེ་ཅན་དག་ཏུ་གནན། །དེ་ཡིས་ཤི་ས་ཡན་ཆད་རྫོགས། །ཞེས་གསུངས་སོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། སྲོག་གཟེར་ལྟོ་དཀྲུག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་ལས་ཀྱི་སྲིན་པོ་ལ་འདི་སྐད་ཅེས་ཞུས་སོ། །དྲག་པོའི་བདག་པོ་ལྷ་ཡི་གཙོ། །ཏིང་འཛིན་དགོངས་པ་ཇི་ལྟར་ལགས། །ཞེས་ཞུས་པ་དང་། བཀའ་སྩལ་པ། རང་གི་རིག་པ་རང་ལ་ཕབ། །དགོངས་པའི་རིམ་པ་གང་བྱེད་ཀྱང་། །རང་གི་ཐུགས་ཀར་ཧཱུྃ་ཡིག་ལ། །དྲག་པོའི་སྔགས་ཀྱིས་བསྐོར་བར་བསམ། །ཞི་བ་ལ་ཡི་གེ་ཁ་
དོག་དཀར་པོ། རང་གི་ཁ་ནས་ཐོན་ནས་མགོན་པོའི་ཞལ་དུ་ཞུགས་པར་བསམ། དེ་ཡང་མགོན་པོའི་ཐུགས་ཀ་ནས་བརྒྱུད་པ་ལ་ཞི་བའི་ལས་བཅོལ་བས་མགོན་པོའི་མི་བསྙེལ་བ་དང་། བར་དུ་གཅོད་པའི་གདོན་ལ་སོགས་པ་ཞི་བར་བྱས་ནས། རང་གི་སྙིང་ག་ནས་བརྒྱུད་པས། དེ་རང་གི་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་ཞི་བར་བྱེད་པར་བསམ་མོ། །རྒྱས་པའི་དུས་སུ་ཡི་གེ་རྣམས་སེར་པོ་འཁོར་ལུགས་སྔ་མ་ལྟར་འཁོར་བ་ལས་ལས་མགོན་པོའི་ཐུགས་ཀ་ནས་འཁོར་བའི་དུས་སུ། རང་གིས་རྒྱས་པའི་ལས་བཅོལ་བས། མགོན་པོ་མི་བསྙེལ་བ་དང་། རང་གི་ཁར་ཞུགས་པའི་དུས་སུ་རང་གི་ཚེ་དང་བསོད་ནམས་ལ་སོགས་པ་ཐམས་ཅད་རྒྱས་པར་བསམ་མོ། །དབང་གི་དུས་སུ་སྔགས་འབྲུ་ཁ་དོག་དམར་པོ། མགོན་པོའི་ཞལ་ནས་རང་གི་ངག་ཏུ་ཞུགས་པར་བསམ། ཡང་མགོན་པོའི་ཐུགས་ཀ་ནས་འཁོར་བའི་དུས་སུ་དབང་གི་ལས་བཅོལ་བ་ཐམས་ཅད་ལ་མི་བསྙེལ་བར་བསམ་མོ། །བར་དུ་འཁོར་དུས་སུ་གང་དབང་དུ་བྱ་བའི་རྒྱལ་པོ་ལ་སོགས་དབང་དུ་འདུས་པར་བསམ་མོ། །དེ་ནས་ཡང་རང་གི་སྙིང་ཁར་བརྒྱུད་པའི་དུས་སུ་རང་སེམས་དབང་དུ་འདུས་ནས་སྔར་གྱི་ཉོན་མོངས་པ་ཐམས་ཅད་གྲོགས་སུ་གྱུར་པར་བསམ།
མངོན་སྤྱོད་ཀྱི་དུས་སུ་ཡི་གེ་ཁ་དོག་ནག་པོ་འཁོར་ལུགས་སྔ་མ་དང་འདྲ། མགོན་པོའི་ཐུགས་ཀ་ནས་འཁོར་བའི་དུས་སུ་མངོན་སྤྱོད་ཀྱི་ལས་མི་བསྙེལ་ཅིང་བརྩོན་པར་བསམ། བར་དུ་འཁོར་བའི་ཚེ་དགྲ་བགེགས་ལ་སོགས་པ་རྣམས་གསད་ཅིང་གཏུབས་པར་བསམ། རང་གི་སྙིང་ག་ནས་འཁོར་བའི་དུས་སུ་རང་གི་བར་ཆད་ཐམས་ཅད་ཞི་བར་བསམ། ཞེས་གསུངས་སོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དགོངས་པ་འཕྲོ་འདུའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་དཔའ་བོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལས་ཀྱི་བདག་པོ་ལྷ་ཡི་གཙོ། །རྟེན་གྱི་རིམ་པ་གང་ལ་བགྱི། །ཞེས་ཞུས་པ་དང་། དགོངས་པ་ཉིད་ཀྱི་ངང་ལས་བཀའ་བསྩལ་པ། རྡོ་རྗེ་སྲིན་པོ་བསྒྲུབ་འདོད་པས། །ཕྱི་ནང་གསང་བའི་རྟེན་གསུམ་བཅའ། །ཕྱི་ཡི་རྟེན་ནི་ལུག་ནག་དང་། །གཡག་ནག་རྭ་ལ་སྙིང་པོ་བྲི། །དཔའ་བོ་ཆེན་པོའི་རྟེན་དུ་གཟུགས། །ནང་རྟེན་མདའ་དང་དར་ནག་ལ། །སྲོག་སྙིང་བྲིས་པ་གཡབ་ཅིང་གཟུགས། །གསང་རྟེན་གཞི་སྙིང་དྲིལ་བའི་སྔགས། །དར་ནག་ལ་ནི་མཚལ་གྱིས་བྲིས། །གྲི་རྒོད་གཡུལ་དུ་ཤི་བ་ཡི། །སྙིང་དུ་བཅུག་ལ་ལུས་ལ་བཅང་། །དེ་ལྟར་
བསྟེན་པའི་དམ་ཚིག་ནི། །བསྒྲུབ་ཐབས་སྤོང་ལེན་ཤིན་ཏུ་བསྡམ། །དམ་རྫས་ཐུག་ཐུབ་མི་སྤྱད་ཅིང་། །སྔགས་ལ་སེལ་དང་ལྷད་མི་གཞུག །དེ་ཡི་ལུས་དང་གྲིབ་མ་བཞིན། །རྟག་ཏུ་མི་འབྲལ་འགྲོགས་བྱེད་འགྱུར། །སྤུ་གྲི་ལྟ་བུའི་རྒྱུད་ལས་རྟེན་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་འདི་སྐད་ཞུས། དཔལ་ལྡན་འཇམ་དབྱངས་འགྲོ་བའི་མགོན། །ནག་པོ་ཆེན་པོ་བསྟོད་འདོད་པས། །གཏོར་མའི་རིམ་པ་ཇི་ལྟར་བཏང་། །དེ་ལྟར་ཞུས་པས་བཀའ་བསྩལ་པ། །ཉོན་ཅིག་ལས་ཀྱི་བཀའ་འཁོར་རྣམས། །གཏོར་མ་གཏོང་བར་འདོད་པ་ཡིས། །ཤ་ལྔ་བདུད་རྩི་རྣམ་ལྔ་དང་། །ཉ་ཤ་ཆན་དང་སྲན་མ་དང་། །ནག་པོ་ལ་སོགས་གཏོར་མའི་རྒྱུ། །ཇི་ལྟར་འབྱོར་པའི་གཏོར་མ་རྣམས། །ཐོད་པ་ལ་སོགས་སྣོད་དུ་བླུག །མེ་ཏོག་ནག་པོ་ལ་སོགས་པའི། །མཆོད་པ་བཟང་པོ་རྒྱ་ཆེར་བཤམས། །བྱིན་རླབས་སྤྱི་དང་མཐུན་པ་ལས། །ཁྱད་པར་མགོན་པོ་ལ་འབུལ་ཚེ། །རང་ཉིད་ལྷག་པའི་ལྷར་གནས་པ། །མདུན་དུ་ནག་པོ་ལ་སོགས་བསྐྱེད། །ཡེ་ཤེས་བཅུག་ལ་བྱིན་གྱིས་བརླབ། །ལྗགས་ནི་ཧཱུྃ་དུ་གྱུར་པ་ལས། །རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། །དངོས་ཀྱི་མཆོད་པ་རྒྱ་ཆེན་དང་། །ཡིད་ཀྱི་མཆོད་པ་རྒྱ་ཆེན་འབུལ། །ཧཱུྃ་གི་འོད་ཟེར་
གཏོར་མ་ལ། །ཟུག་པས་ཤིན་ཏུ་མཉེས་པར་བསམ། །དར་ནག་བླ་རེའི་རྒྱལ་མཚན་ཕྱར། །རྔ་སྒྲ་དྲིལ་བུ་ཅང་ཏེའུ་དཀྲོལ། །གཙོ་འཁོར་རིམ་གྱིས་རྒྱས་པས་བསྟོད། །སྔགས་འདིས་དམ་རྫས་ཞལ་དུ་འབུལ། །ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨ་པ་ཀ་རི་ཨེ་པས་རྩི། མ་ཧཱ་ཀཱ་ལ་ཨ་ཡ་ཨི་དྷི་རཏྣ་ཏྲ་ཡ། ཨ་པ་ཀ་ར་ཡ་ཏི་པྲ་ཏི་ག་ཛྙཱ་སྨ་ར་སི་ཏ། ༀ་མཾ་དྷ་ཏ་པ་ད། ཁ་ཁ་ཁཱ་ཧི་ཁཱ་ཧི། གྷྲི་ཧྞ་གྷྲི་ཧྞ། བྷན་དྷ་བྷན་དྷ། ཧ་ན་ཧ་ན། པ་ཙ་པ་ཙ། དི་ན་མེ་ཀེ་ན། སརྦ་དུཥྚ་མ་ར་ཡ་ཧཱུྃ་ཕཊ། དཔའ་བོའི་འབོད་རྦད་གསད་གསུམ་ལ། །གཏོར་སྔགས་བཏགས་ཏེ་ཞལ་དུ་དབུལ། །ཞི་རྒྱས་ལ་སོགས་ཕྲིན་ལས་བཅོལ། །ས་མུན་ཛ་ཡིས་གཤེགས་སུ་གསོལ། །དེ་ནས་ནག་པོ་ཆེན་པོ་ཡི། །རྒྱུན་མཆོད་རྟག་ཏུ་བརྩོན་པར་བྱ། །རང་ཉིད་སྐད་ཅིག་ལྷར་བསྐྱེད་ལ། །བདེ་མཆོག་སྐུ་ལ་དམིགས་པ་གཏད། །དེ་ཡིས་བར་ཆད་ཐམས་ཅད་འཇོམས། །དྲག་པོའི་སེམས་བསྐྱེད་སྔོན་འགྲོ་བས། །འབྲུ་གསུམ་སྔགས་ཀྱིས་བྱིན་བརླབ་བྱ། །དེ་ཡིས་ཡེ་ཤེས་བདུད་རྩིར་འགྱུར། གཏོར་མའི་མདུན་དུ་འཁོར་བཅས་དམིགས། །ཡེ་ཤེས་སེམས་དཔའ་དབྱེར་མེད་པས། །སྔགས་འདི་ལན་གསུམ་བརྗོད་ལ་དབུལ། །ཨོཾ་མ་ཧཱ་ཀཱ་ལ་ཨི་མཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། དཔའ་
བོ་ཆེན་པོ་མཉེས་པ་དང་། །འདོད་པའི་དོན་ལ་གསོལ་བ་གདབ། །གཏོར་མ་འདི་ལ་བརྩོན་བྱས་ན། །བདེ་མཆོག་སྐུ་ཡི་དངོས་གྲུབ་འཐོབ། །བཛྲ་མུ་ཡིས་གཤེགས་སུ་གསོལ། །ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། །ཞེས་གསུངས་སོ། །སྤུ་གྲི་ནག་པོའི་རྒྱུད་ལས། གཏོར་མ་དབུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཁོར་གྱིས་འདི་སྐད་གསོལ། །དྲེགས་པའི་བདག་པོ་ལྷ་ཡི་ལྷ། །ཁྱོད་མཆོད་གྲུབ་རྟགས་ཇི་ལྟར་ལགས། །ཞེས་ཞུས་པས་དྲག་པོའི་བདག་པོ་དེས། ལྷ་སྔགས་ཏིང་འཛིན་གསལ་གདབ་ན། །རྟགས་ཀྱི་རིམ་པ་བཀའ་བསྩལ་པ། །བསྙེན་པའི་རྟགས་དང་གྲུབ་པའི་རྟགས། །ལས་སྦྱོར་མཐུ་ཡི་རྟགས་གསུམ་བཤད། །བསྒོམ་བསྒྲུབ་བསྙེན་པའི་རྟགས་བཤད་པ། །ཡིད་འོང་འདུག་ཚུལ་ཉམས་དགའི་གནས། །དྲི་བཟང་ལུང་སྟོང་སྒྲ་བསྙན་བསྒྲག ། གོས་བཟང་མེ་ཏོག་འབྲས་བུ་ཐུ། །དེ་ལྟར་བྱུང་ན་བསྒྲུབ་པ་བརྩམ། །གྲུབ་པའི་དུས་སུ་འདི་ལྟར་འོང་། །རབ་ཏུ་སྐུ་ཞལ་དངོས་སུ་སྟོན། །འབྲིང་ལ་ཐུན་སོགས་རང་ཁོལ་འཁྲུགས། །ཐ་མ་གཏོར་ལུད་ལ་སོགས་པ། །བྲག་ནག་རྟ་ནག་མཛོ་ནག་དང་། །དྲིལ་ནག་གཡག་ནག་བྱ་ཁྱི་ནག །རྔ་མོང་སེང་གེ་དོམ་ལ་སོགས། །ནག་པོའི་ཆོ་འཕྲུལ་སྣ་ཚོགས་འབྱུང་། །དྲག་པོའི་ལས་སྦྱོར་
མཐུ་རྟགས་ནི། །ཁང་སྒྲ་འཁྲོལ་དང་གདུང་སྒྲ་འཚིག །བྱ་ནག་འབབ་ཅིང་ཁྱི་ནག་ཟ། །རྔ་རྡུང་དྲིལ་བུ་འཁྲོལ་བ་དང་། །དུང་འབུད་རུ་དར་ཕྱར་བ་དང་། །ཤ་གཡག་ར་ལུག་བསད་པ་དང་། །དེ་ལ་སོགས་པ་མང་པོ་འབྱུང་། །འཇིགས་སྐྲག་དངས་པར་བྱ་མི་དགོས། །ཞེས་སྤུ་གྲི་ནག་པོའི་རྒྱུད་ལས། རྟགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་འདུས་པའི་འཁོར་རྣམས་ཀྱིས། །དྲེགས་པའི་གཙོ་ལ་འདི་སྐད་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་ལ། །བཀའ་བསྒོ་ན་ནི་ཇི་ལྟར་བགྱི། །ནག་པོ་ཆེན་པོས་བཀའ་སྩལ་པ། །རང་ལ་རང་ཉིད་ཁྲོ་ཚུལ་གྱིས། །སྔོན་བྱུང་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་གཡར་དམ་བཅས། །དེ་ནས་བསྐལ་པ་སྟོང་གི་བར། །མཆོག་གསུམ་བསྟན་ལ་གནོད་པ་རྣམས། །བསྒྲལ་ཕྱིར་གཏོར་མ་འདི་བཞེས་ཤིག །དཔལ་མ་ཧཱ་ཀཱ་ལ། ཁྲག་འཐུང་གི་རྒྱལ་པོ། ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་གི་བདག་པོ། དཀྱིལ་འཁོར་ཡོངས་ཀྱི་སྲུང་མ། བདག་གི་རྣལ་འབྱོར་
སྲུངས་ཤིག །ཚེ་དང་དབང་ཐང་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །ཅེས་གསུངས་སོ། །སྤུ་གྲི་ནག་པོའི་རྒྱུད་ལས། ནག་པོ་ཆེན་པོ་ལ་ཕྲིན་ལས་བཅོལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་སྐད་གསུངས་པའི་ངང་ལས། ནམ་མཁའ་མཐིང་ནག་གྲུ་གསུམ་དུ་གྱུར། བསྟན་པ་བསྲུང་བའི་འབྲུག་སྒྲ་ཆེན་པོ་ནི་གྲགས། དམ་ཉམས་གསོད་པའི་ཐོག་དྲག་པོ་ནི་འབེབས། བར་སྣང་ལ་དཔའ་བོ་ཆེན་པོའི་གློག་འོད་ནི་འཁྲུག །ས་གཞི་ལས་མེ་དང་རླུང་ལ་སོགས་པའི་ཆོ་འཕྲུལ་ནི་སྣ་ཚོགས་པར་བསྟན་ནས། ཉིད་ལ་ཉིད་ཀྱིས་ངོ་མཚར་བའི་ཚུལ་གྱིས་འདི་ལྟར་བསྟོད་དོ། །ཧཱུྃ། དཔལ་ལྡན་མགོན་པོ་ལྷ་ཡི་གཙོ། །འཇིགས་སུ་རུང་བ་ལྷ་ཡི་ལྷ། །སྐུ་མདོག་ནག་པོ་འོད་ཆེན་འབར། །འཇིག་རྟེན་ལྷ་སྲིན་དམ་ལ་བསྡུད། །སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད། །དམ་ཉམས་ཞིང་བཅུ་རྩད་ནས་གཅོད། །སངས་རྒྱས་བསྟན་པ་བདག་གིས་བསྲུང་། །དཀོན་མཆོག་དབུ་འཕང་བདག་གིས་བསྟོད། །སྒྲུབ་པ་པོ་ཡི་གྲོགས་བྱ་ཞིང་། །སེམས་ཅན་བདེ་ལ་བདག་གིས་སྦྱར། །ཞེས་གསུངས་པ་དང་སྐུ་མི་མངོན་པར་གྱུར་ཏོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ཉིད་ལ་ཉིད་ཀྱིས་ཆེ་
བར་བསྟོད་ཅིང་ལས་མཁན་ལ་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་དེ་དག་ཐམས་ཅད་གོང་དུ་བཀའ་བརྒྱུད་གསང་བའི་གདམས་པ་གསུངས་པས། ཐུགས་ཚིམ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ། ལྷ་ལས་ལྷར་གྱུར་ལྷ་ཡི་ལྷ། །འགྲོ་བའི་དཔལ་མགོན་མཐུ་སྟོབས་ཅན། །སྒྲུབ་ལ་གྲོགས་མཛད་བཀའ་བཞིན་བསྒྲུབ། །བསྟན་པ་ཡུན་དུ་གནས་པར་མཛད། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །ཕྲིན་ལས་མཐར་ཕྱིན་ཡི་རང་ངོ་། །ཞེས་བརྗོད་དོ། །ཐལ་མོ་སྤྱི་བོར་སྦྱར་ནས་གུས་པའི་འཁོར་དེ་དག་ཐམས་ཅད་གཙོ་བོའི་སྐུ་ལ་རྡོ་ཁབ་ལེན་ལ་ལྕགས་འདུས་པའམ་ཉི་མ་ལ་འོད་ཟེར་འདུ་བ་བཞིན་ཞལ་དུ་ཐིམ་པར་གྱུར་ཏོ། །འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་བདུན་པའོ།། །།འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་བརྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་རྡོ་རྗེ་སྲིན་པོའི་གསུང་ཡེ་ཤེས་ཀྱི་མགོན་པོའི་རྒྱུད་རྫོགས་སོ།། །།དཔལ་རོ་ལངས་རྡོ་རྗེ་དབང་ཕྱུག་གིས་བསྒྱུར་བའོ། །ཐུགས་རྗེ་འབྱུང་བའི་རྒྱུད་འདི་ནི། །ཀུན་གྱིས་ཐུན་མོང་མ་ཡིན་ཏེ། །བདག་གི་ཁྱད་ཆོས་ཡིན་པར་སྣང་། །དཀོན་མོད་རྒྱལ་ཁམས་མི་
ལ་དྲིས། །འདི་འདྲའི་ཆོས་སྐྱོང་རྙེད་པ་ལ། །ལས་འཕྲོ་ཅན་གྱི་གང་ཟག་དགོས། །བསོད་ནམས་བསགས་པའི་སྐྱེས་བུ་དགོས། །འདི་འདྲའི་ཆོས་སྐྱོང་བསྒྲུབ་པ་ལ། །སྙིང་རུས་ཅན་གྱི་གང་ཟག་དགོས། །སྒྲུབ་པ་གཉུག་ཏུ་བསྲིངས་པ་དགོས། །སློབ་དཔོན་སྟོན་གཞོན་ལ་བདག་དབོན་ཚ་བས་ཞུས་སོ། །
འཇིག་རྟེན་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་དང་རྡོ་རྗེ་སྲིན་པོ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ཀྱི་རྒྱལ་པོ།
༄༅། །འཇིག་རྟེན་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་དང་རྡོ་རྗེ་སྲིན་པོ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ལོ་ཀ་ཀརྨ་ནཱ་ཐ་ཁ་ཏ་ལི་བཛྲ་རཀྵ་མ་ཧཱ་ཀཱ་ལ་ཀ་རུ་ཎི་བ་སྟེ་ཨཱ་ཀ་ར་རུ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། ཆོས་འཇིག་རྟེན་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་དང་རྡོ་རྗེ་སྲིན་པོ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །དུས་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། གནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། སྟོན་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་ལ། འཁོར་དཔལ་མགོན་པོ་ནག་པོ་དང་། ལྷ་མོ་ནག་མོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། མཁའ་འགྲོ་མ་དྲུག་དང་། ལེགས་ལྡན་ཕོ་མོ་བརྒྱད་དང་། ཕྱོགས་སྐྱོང་ཆེན་པོ་བཅུ་དང་། ཕྲ་མེན་མ་བཅུ་དྲུག་དང་། གིང་ཆེན་པོ་བཅོ་བརྒྱད་དང་། ཕོ་བདུད་ཉི་ཤུ་རྩ་གཅིག་དང་། དབང་
ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་། དྲེགས་པ་ཅན་སུམ་ཅུ་དང་། གཙང་མ་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་གཉིས་དང་། རོ་ལངས་དམར་མོ་བརྒྱ་དང་། ནག་པོ་བདུད་རིགས་སྟོང་དང་། གནོད་སྦྱིན་འབྱུང་པོ་ཁྲི་དང་། མ་མོ་ནག་མོ་འབུམ་དང་། ཤ་ཟ་བྱེ་བའི་ཚོགས་ཀྱིས་བསྐོར་ནས་བཞུགས་སོ། །དེའི་ཚེ་ན་རྡོ་རྗེ་སྲིན་པོས་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། །བཅོམ་ལྡན་གསང་བདག་རྡོ་རྗེ་འཆང་། །བདག་གི་སྐྱེ་རྒྱུད་ཇི་ལྟར་ལགས། །འཁོར་རྣམས་དམ་ལ་ཇི་ལྟར་བཏགས། །བསྟན་པ་གང་གིས་ཇི་ལྟར་བསྲུང་། །ཕྱི་ནང་ལས་མཐའ་དུ་ཞིག་བྱ། །དཀྱིལ་འཁོར་དམ་རྫས་རྩ་བ་གང་། །རྩ་བའི་སྔགས་དང་ལས་སྔགས་གང་། །སྔགས་ཀྱི་བསྡུ་བ་ཇི་ལྟར་བཏུ། །ཡེ་ཤེས་འཇིག་རྟེན་ཁྱད་པར་གང་། །རྒྱུད་ཀྱི་རྣམ་གྲངས་དུ་ཞིག་ཡོད། །མཐར་
ཐུག་ཇི་ལྟར་ལུང་ཡང་བསྟན། །ཕོ་མོ་དབྱེ་བ་ཁྱད་པར་གང་། །སྦྲགས་ནས་སྒྲུབ་པ་གང་ལ་ཤིས། །སོ་སོར་བསྟན་ན་སྡེ་ཚན་གང་། །གནས་སྐབས་མཐར་ཐུག་འབྲས་བུ་གང་། །བདག་ལ་ལེགས་པར་བསྟན་དུ་གསོལ། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་བདུད་ལས་རྣམ་པར་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བའི་རྒྱུད་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོ་ཏིང་ངེ་འཛིན་དེ་ལས་བཞེངས་ནས་འདུས་པའི་འཁོར་རྣམས་ལ་སྐྱེ་རྒྱུད་བཀའ་སྩལ་པ། སྔོན་འདས་པའི་དུས་ན་བསྐལ་པ་དྲག་པོ་རྣམ་པར་འཁྲུགས་པ་ཞེས་བྱ་བ་ལ། སངས་རྒྱས་ཞི་བའི་འོད་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་དེའི་བསྟན་པ་ལ། གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས། བདུད་ཀྱི་སྤྲུལ་པ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་དང་། ལྷ་མོ་ཨུ་མ་དེ་བ་གཉིས་ཀྱིས་ཀྱང་འཇིགས་བྱེད་དང་དུས་མཚན་གཉིས་སྤྲུལ་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་གསོད་པའི་ལས་བྱེད་ཅིང་བརླག་པར་བྱས་ནས་སྟོངས་པ་ལ་ཐུག་པའི་ཚེ་ན། སངས་རྒྱས་ཞི་
བའི་འོད་ཀྱིས་བདུད་བཞི་པོ་དེ་དག་བཏུལ་ཀྱང་མ་ཐུལ་བས། དཔལ་བདེ་བ་ཆེན་པོས་བདུད་འདུལ་བའི་ཆོ་འཕྲུལ་གྱིས་ལྷ་མོ་ཨུ་མ་དེ་བ་ལ་དགྱེས་པའི་གད་མོ་བཅུ་གཉིས་ཀྱིས་སྦྱོར་བ་བྱས་པས་དེ་དག་ལས་རྡོ་རྗེ་སྲིན་པོ་རབ་ཏུ་འཇིགས་པ་དག་སྐྱེས་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ་ཞིང་ལྡེག་པར་གྱུར་པ་ལས་བདུད་དགའ་རབ་དབང་ཕྱུག་ཡིད་འཁྲུགས་པར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་ལ་ཞུགས་ནས་ལྷ་མ་ཡིན་གྱི་དམག་བསྡུས་ནས་ཐོག་དང་སེར་བ་དང་འབྲུག་དང་སྲིན་པོའི་ཆོ་འཕྲུལ་ཆེན་པོ་བཅུ་དྲུག་གིས་སྲིད་པ་གསུམ་འགུལ་འགུལ་ཤིག་ཤིག་བྱེད་པ་ལས། དེའི་ཚེ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་ལས་བདུད་ཞལ་བཞི་ནས་དྲག་པོའི་སྐུ་བྱུང་བས་དེ་འདུལ་བ་ལ་གསང་བའི་ལྷ་མོ་བཞི་སྤྲུལ། ཁོའི་སྤྱན་ལ་དུག་བཞི་ཡོད་པས་དེ་འདུལ་བ་ལ་ཕྲིན་ལས་ཀྱི་ཕྱག་བཞི་སྤྲུལ་ནས་དུག་ཞི་བའི་རྒྱལ་པོ་བཞི་སྤྲུལ། སྐྱེ་མཆེད་དྲུག་ལས་མཁའ་འགྲོ་མ་དྲུག །རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་བཀའ་སྡོད་བརྒྱད། རིག་པའི་ཡན་ལག་བཅུ་ལས་ཕྱོགས་སྐྱོང་བཅུ། དབང་གི་བཞིན་འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་དྲུག །སྐུའི་བཀོད་པ་བཅོ་བརྒྱད་
ལས་གིང་ཆེན་བཅོ་བརྒྱད། ཁྲོས་པའི་ང་རོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉི་ཤུ་རྩ་གཅིག །ཆགས་པའི་གར་ཉི་ཤུ་བརྒྱད་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། སྤྱན་གྱི་སྒྱུར་ཟློག་སུམ་ཅུ་ལས་དྲེགས་པ་སུམ་ཅུ། ཕྲིན་ལས་ཀྱི་འོད་སྤུངས་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་གདངས་བཞད་བརྒྱ་ལས་རོ་ལངས་བརྒྱ། སྤྱན་ལོག་སྟོང་ལས་ནག་པོ་སྟོང་། ཞབས་ཀྱི་སྟངས་སྟབས་ཁྲི་ལས་གནོད་སྦྱིན་ཁྲི། དབང་གི་གར་སྤྱོད་འབུམ་ལས་མ་མོ་འབུམ། བ་སྤུའི་འོད་ཟེར་བྱེ་བ་ལས་ཤ་ཟ་བྱེ་བ་སྤྲུལ་ནས། དྲག་པོ་འཇིགས་བྱེད་དང་དུས་མཚན་དམར་མོ་གཉིས་ཀྱི་ལུས་ལ་དབང་བྱས་ནས་གདན་དུ་བཏིང་། ལྷ་ཆེན་ཡབ་ཡུམ་འཁོར་དུ་བཀོད། འཁོར་ཚོགས་གཞན་ཐམས་ཅད་དབང་དུ་བསྡུས་ནས་བདུད་ཀྱི་དམག་ཚོགས་བརླགས་པར་བྱས་པའོ། །དེས་ན་ཕ་ནི་ཁྲག་འཐུང་ཆེན་པོ་ཧེ་རུ་ཡིན་ལ། མ་ནི་ཨུ་མ་དེ་བ་ཞེས་བྱ་བ་ཡིན་ཏེ་དེ་གཉིས་ལས་རྡོ་རྗེ་སྲིན་པོ་ཉིད་སྐྱེས་པའོ། །དེ་ནས་རྡོ་རྗེ་སྲིན་པོ་དེས་བདུད་ཐམས་ཅད་དབང་དུ་བསྡུས་ཏེ་ཉིད་ཀྱི་སྐུ་ལ་སྤྲུལ་པ་ཐམས་ཅད་ཐིམ་པར་གྱུར་ཏེ། དེ་ཉིད་ཀྱང་དཔལ་ཧེ་རུ་ཀའི་ཞལ་ལ་ཐིམ་པར་གྱུར་ཏོ། དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། ཡེ་ཤེས་མགོན་པོ་སྤྲུལ་
པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་བཀའ་བསྩལ་པ། དང་པོ་སྔོན་བྱུང་འདས་པའི་དུས་ཀྱི་ཚེ། །བསྐལ་པ་བཟང་རྒྱན་བྱ་བ་ལ། །སངས་རྒྱས་ཞི་འོད་འཇིག་རྟེན་བྱུང་། །དེ་ལ་འཁོར་ནི་བྱེ་བ་དུང་ཕྱུར་འབུམ། །དགེ་སློང་དགེ་བསྙེན་ཚངས་སྤྱོད་གཙང་། །སྦྱངས་པ་བཅུ་གཉིས་སྤྱོད་པ་ལས། །བྱང་ཕྱོགས་ཨོ་ཏྲའི་ཡུལ་དུ་སོང་། །སངས་རྒྱས་འཁོར་དང་བཅས་པ་རྣམས། །སྡིག་སྤྱོད་རྒྱལ་པོ་དགའ་བའི་དཔལ། །ཁམས་གསུམ་ལྷ་ཡི་བདག་པོ་དེས། །འོག་གི་རྒྱ་མཚོ་དུག་རིའི་ཁ། །དུག་གསུམ་འབར་བའི་ཁང་པར་བཅུག ། བདུད་རྒྱལ་དགའ་རབ་དབང་ཕྱུག་དང་། །བཙུན་མོ་པད་མའི་ཕྲེང་བ་ཅན། །རང་གི་ལྷ་རུ་སྨོན་པ་ལས། །སངས་རྒྱས་རྫུ་འཕྲུལ་མཁའ་ལ་གཤེགས། །དེ་ཚེ་འཁོར་གྱིས་སྨོན་ལམ་བཏབ། །བདག་ཅག་དགེ་སློང་ཕོ་མོ་རྣམས། །ཚངས་སྤྱོད་བསོད་ནམས་སྔགས་མཐུ་ཡིས། །སྐྱེ་བ་འདི་ནས་གཉིས་པ་ན། །སྲིད་པ་གསུམ་ལ་དབང་ཆེ་བ། །གནོད་སྦྱིན་གདུག་ཅན་སྲིན་པོའི་རིགས། །ཤ་ཟ་ཁྲག་འཐུང་སྲོག་གི་བདག །ལས་ཀྱི་གཤིན་རྗེར་སྨོན་ལམ་བཏབ། །སྨོན་ལམ་བདེན་པའི་བྱིན་རླབས་ཀྱིས། །རི་རབ་རི་ཡི་རྩེ་མོ་རུ་། །ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། །བཙུན་མོ་ཨུ་མ་
དེ་བ་ལ། །བུ་ནི་བརྒྱད་སྐྱེས་ལྷ་ཆེན་བརྒྱད། །དེ་ཡི་ཆུང་ཤོས་མགོན་པོ་སྟེ། །སྲིན་པོ་ནག་པོ་སྟོབས་པོ་ཆེ། །ཤ་དང་ཁྲག་ལ་རབ་དགའ་བ། །སྲིད་པ་གསུམ་ལ་དབང་ཆེ་བ། །འཇིག་རྟེན་གསུམ་པོ་ཟ་བྱེད་ཅིང་། །ཁམས་གསུམ་ཐམས་ཅད་བརླགས་པར་བྱས། །རྒྱལ་ཆེན་བཞི་པོ་བསྒྲལ་བྱས་ནས། །གསང་བའི་ཡུམ་བཞི་ཉིད་ལ་སྦྱོར། །དེ་ལ་གསང་བའི་བུ་བཞི་སྐྱེས། །སྲིན་པོའི་ཐུགས་ལས་བྱ་རོག་གདོང་། །གསུས་ཁྱིམ་ཆེ་ལ་ཤ་ཁྲག་དགའ། །མིག་རྩ་དམར་ལ་མཆེ་བ་རིང་། །དྲག་པོའི་གཟུགས་ཅན་བཞི་རུ་བྱུང་། །སྟེང་ཕྱོགས་ཚངས་པའི་འཇིག་རྟེན་ནས། །ལྷ་མོ་བརྒྱད་པོ་དབང་དུ་བསྡུས། །འདོད་ཁམས་ལྷ་རིགས་གནས་དྲུག་ནས། །མཁའ་འགྲོ་དྲུག་པོ་དབང་དུ་བསྡུས། །རི་རབ་རི་བོའི་ཁོང་གསེང་ནས། །ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། །རྣམ་པར་རྒྱལ་བའི་ཁང་བཟང་ནས། །ཕྱོགས་སྐྱོང་བཅུ་པོ་དབང་དུ་བསྡུས། །ལྷ་ཆེན་བརྒྱད་ཀྱི་སྐན་མར་དུ། །ཉ་ཤ་ལ་ཕུག་སྒོག་པ་དང་། །རྒུན་འབྲུམ་བུ་རམ་ཤ་ཁྲག་བྱིན། །བཀའ་སྡོད་གསང་བའི་མིང་ཡང་བཏགས། །ལག་ཏུ་གྲི་གུག་ཐོད་ཁྲག་གཏད། །འཇིག་རྟེན་གསུམ་པོ་ཞིང་དུ་བསྐོས། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས།
ལས་ཀྱི་མགོན་པོའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །འཁོར་གྱི་བསྡུ་ཚུལ་བཀའ་བསྩལ་པ། །དེ་ནས་སྲིན་པོ་ནག་པོ་དེས། །སྔོན་གྱི་སྨོན་ལམ་དམོད་བོར་བས། །ལས་ཀྱི་སྐྱེ་བ་དྲན་ནས་དུག་རི་ཁར། །རྒྱལ་པོ་འཁོར་ཚོགས་སྟོང་གི་ནི། །མཁལ་མ་སྙིང་དང་ནང་ཁྲོལ་གྱི། །འདུ་བྱེད་དག་ནི་བཅད་ཅིང་ཟོས། །སྲིན་པོ་ལང་ཀ་པུ་རིའི་ཡུལ། །སྲིན་གྱི་གྲོང་ཁྱེར་བདུན་འབུམ་བརླགས། །གཡས་པ་རྡོ་རྗེའི་གྲི་གུག་གིས། སྲིན་པོའི་མགོ་བཅད་དོན་སྙིང་གཏུབས། །ལང་ཀ་པུ་རིའི་སྙིང་ཁྲག་འཐུང་། །ལྷ་མིན་བུ་མོ་གློག་མ་སྲིན། །བསད་ནས་མགོ་བཅད་ཕྲེང་བ་བྱས། །རྒྱལ་པོའི་གཡག་ལུག་ཁྱི་ནག་དང་། །སྲིན་པོའི་རྟ་ནག་དྲིལ་ནག་དང་། །བདུད་ཀྱི་བྱ་ནག་དོམ་ནག་དང་། །ཀླུ་ཡི་སྦྲུལ་ནག་རླུང་ནག་དང་། །མ་མོའི་དར་ནག་གོས་ནག་ཕྲོགས། །ནག་པོ་བདུན་གྱི་ཤ་ཁྲག་ཟོས། །ས་འོག་ས་སྟེང་དབང་དུ་བསྡུས། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་སྒྲོགས་པས། །ཁ་ནས་མེ་འབར་རྒྱ་མཚོ་བསྐམས། །འུར་འུར་ཆེམ་ཆེམ་སྤྲིན་ནག་འཁྲིགས། །མ་རུངས་འབྲུག་སྒྲ་དི་རི་རི། །མི་ཟད་གློག་འོད་ཀེམ་ཀེམ་འབར། །གནམ་ལྕགས་ཐོག་གི་སེར་དྲག་ཕབ། །དེ་ནས་ལྷ་དབང་བརྒྱ་བྱིན་གྱིས། །གདུག་པའི་
དྲག་རྩལ་ཆེ་མཐོང་ནས། །ལྷ་མིན་གཡུལ་ངོ་བཟློག་པའི་ཕྱིར། །ཚངས་པའི་བུ་མོ་ཡིད་འོང་མ། །བཞིན་མཛེས་རྒྱན་བཟང་ལྷ་མོ་བརྒྱད། །ཡིད་འཕྲོག་ལུས་འབུལ་སྤྱན་འདྲེན་བཏང་། །བདུད་ཀྱི་བུ་ཕོ་སྤུན་བཞི་ཡིས། །ཡིད་འོང་ལྷ་མོ་གཉིས་གཉིས་རོལ། །བུ་རེ་བུ་མོ་གཉིས་གཉིས་ནི། །མགོ་བརྙན་གཏུམ་ཆེན་འཇིགས་པའི་སྐུ། །དྲག་པོ་གཏུམ་མོ་ཉི་ཤུ་བཞི། །ཟླ་བདུན་ལོན་ནས་མིང་སྲིང་ཚར། །ལྷ་དབང་སྐྱོ་བས་བསྐུལ་བ་ལས། །སྲིན་པོའི་གཟུགས་ཅན་འཇིགས་བྱེད་དེས། །ཆོས་བཟང་ལྷ་ཡི་མདུན་ས་དེར། །དྲག་པོའི་ངར་སྐད་ཐེངས་གསུམ་བརྗོད། །ཁམས་གསུམ་སྲིད་པ་གཡོ་ཞིང་འགུལ། །བསྐྱོད་པའི་གར་སྟབས་ཕྱོགས་བཞིར་གཟིགས། །ཞལ་གྱི་ཁྲོ་གཉེར་ཕྱོགས་བཅུར་བརྩེགས། །སྤྲུལ་པ་མང་པོ་སྐུ་ལས་ཕྱུང་། །ཐུགས་ཀྱི་སྤྲུལ་པ་བཞི་ནི་དཔུང་བཅས་བསྐྱོད། །གསང་བ་ཡུམ་ཆེན་གསུམ་ནི་གར་སྟབས་བསྒྱུར། །ལས་ཀྱི་མཁའ་འགྲོ་དྲུག་ནི་འབྱུང་བ་གཡོ། །ཕྱོགས་མཚམས་བཀའ་སྡོད་བརྒྱད་པོས་གང་། །སྤྲུལ་པའི་དམག་ཚོགས་རྣམས་ནི་སྟེང་འོག་བཀང་། །ལྷ་མིན་གནས་གསུམ་ཧཱུྃ་སྒྲ་སྒྲོགས། །གཟུགས་ཁམས་ལྷ་རྣམས་ལྷག་པ་ལས། །ལྷ་ཡི་དགྲ་བླར་མངའ་ཡང་གསོལ། །དེ་ནས་ལྷ་མིན་རྒྱལ་པོ་ཐགས་བཟང་རིས། །
ལྷ་མིན་ཤུ་ཀ་མཆུ་རིངས་དང་། །སྟོབས་ཆེན་ཁྱབ་འཇུག་ར་ཧུ་ལ། །གནོད་སྦྱིན་ནག་པོ་འབུམ་སྣ་ཅན། །བགེགས་རྒྱལ་བི་ན་ཡ་ཀ་དང་། །ལྟོ་འཕྱེ་ནག་པོ་མིག་དགུ་དང་། །རྩེ་ལུང་བདག་པོ་བེ་དུར་འགྱེད། །བདུད་རྒྱལ་བྱེ་བ་གུང་རིངས་རྣམས། །རི་རབ་རྩེ་ལ་བྲོས་པ་ལས། །རང་རང་དཔུང་བཅས་འབུམ་འབུམ་རྣམས། །སྟོབས་ཆེན་བྱེ་བ་དུང་ཕྱུར་བཅས། །མུན་པའི་ཚལ་དུ་བབས་པ་ལས། །རི་རབ་འཕེན་ཅིང་ཐོག་སེར་སྤྲུག །གློག་དང་འབྲུག་སྒྲ་ཆེམ་ཆེམ་སྒྲོགས། །མེ་དང་ཆུ་ཡི་ཆར་པ་འབེབས། །ནད་དང་དུག་གི་སྤྲིན་ནག་འཁྲིགས། །བདུད་ཀྱི་བུ་མོ་གར་མཁན་མ། །གྲི་མདུང་མཚོན་དྲུག་ཞགས་པ་འཕེན། །དྲག་པོའི་བསོ་སྒྲ་དང་བཅས་འཚོགས་པ་ལས། །དེ་ནས་ལྷ་དབང་བརྒྱ་བྱིན་དང་། །ལྷ་དམག་བྱེ་བ་བདུན་འབུམ་རྣམས། །རྣམ་པར་རྒྱལ་བའི་ཤར་ཕྱོགས་ཆས། །རྡོ་རྗེ་སྲིན་པོ་འཇིགས་བྱེད་དང་། །སྤྲུལ་པའི་ལྷ་དམག་བྱེ་བ་ཕྲག །དུང་ཕྱུར་བརྒྱད་ཁྲི་གསེར་ཁྲབ་ཅན། །རི་རབ་བྱང་ཤར་མཚམས་སུ་ཆས། །ཧཱུྃ་ཕཊ་སྒྲ་ཡིས་སྲིད་གསུམ་འགུལ། །ལྷ་མིན་རྒྱལ་པོ་འཁོར་བཅས་ཁྲོས། །བདུད་དམག་བྱེ་བ་དུང་ཕྱུར་གཡོས། །རྩུབ་འགྱུར་ལྷ་ཡི་མདུན་སར་ལྷགས། །དེ་ནས་རྡོ་རྗེ་སྲིན་པོ་དེས། །གྲི་གུག་རལ་གྲི་
འབར་བ་ལས། །ལྷ་དམག་བྱེ་བ་འབུམ་འབུམ་བཀྱེ། །ཁ་ཊྭཱཾ་ཐོད་ཁྲག་དམར་པོ་ལས། །ལྷ་དམག་བྱེ་བ་འབུམ་འབུམ་བཀྱེ། །འཇིགས་པའི་གར་སྟབས་སུམ་ཅུ་ལས། །ལྷ་དམག་བྱེ་བ་དུང་ཕྱུར་བཀྱེ། །ལྷ་མིན་ཞེ་སྡང་གཡུལ་ངོ་བཟློག །ལྷ་མིན་བདུད་ཀྱི་རྒྱལ་པོ་བརྒྱད། །ཤར་ཕྱོགས་ལྷ་ཆེན་བརྒྱད་པོ་ཡི། །མགོ་བཅད་ཐོད་པ་ཁྲག་བཀང་གསོལ། །བདུད་ཀྱི་དམག་དཔོན་ཆེན་པོ་བརྒྱད། །བྱང་ཕྱོགས་གནོད་སྦྱིན་བརྒྱད་ཀྱིས་བསད། །ལྷ་མིན་བློན་པོ་ཆེན་པོ་བརྒྱད། །ནུབ་ཕྱོགས་ཀླུ་ཆེན་བརྒྱད་ཀྱིས་བཅིངས། །བདུད་ཀྱི་དམག་ཁྲོམ་ཆེན་པོ་བརྒྱད། །ལྷོ་ཕྱོགས་གཤིན་རྗེ་བརྒྱད་ཀྱིས་བསྒྲལ། །ལྷ་མིན་དམག་ཚོགས་བརླགས་པར་བྱས། །ལྷ་དམག་དཀར་པོའི་དབུགས་ཀྱང་ཕྱུང་། །གིང་ཆེན་བཅོ་བརྒྱད་ཁོལ་པོར་བཞག །ཕོ་བདུད་ཉི་ཤུ་ལས་ལ་བཀྱེ། །དབང་ཕྱུག་ཉེར་བརྒྱད་བྲན་དུ་བཞག །དྲེགས་པ་སུམ་ཅུ་ཕོ་ཉར་འགྱེད། །སྡེ་དཔོན་བདུན་ཅུ་དམ་ལ་བཏགས། །རོ་ལངས་བརྒྱ་པོ་སྤྲུལ་པར་བཞག །ནག་པོ་སྟོང་ནི་རྩིས་ལ་ཕབ། །འབྱུང་པོ་ཁྲི་ནི་ཅི་གསུང་ལས་ལ་ཉན། །མ་མོ་འབུམ་གྱིས་བྲན་གྱི་བཀའ་བཞིན་བྱེད། །ཤ་ཟ་བྱེ་བའི་ཚོགས་ནི་བཀའི་བྱ་ར་བྱེད། །དེ་ནས་ལྷ་དབང་བརྒྱ་བྱིན་གྱིས། །དག་པའི་ཡུལ་ཕྱེད་བྱིན་ནས་ནི། །ཕོ་ཉ་བྱ་
བར་ཁས་བླངས་ཚེ། །ལྷ་ལ་ཕྲག་དོག་སྐྱེས་པ་ལས། །ལས་ཀྱི་དབང་གིས་ལྷ་ཡི་ཡུལ། །འཁོར་དང་བཅས་པའི་སྲིན་པོ་དེ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀས། །དབང་བསྐུར་མིང་བཏགས་དམ་ཚིག་ཕོག །ལག་ཏུ་གྲི་གུག་གཏད་ནས་ཀྱང་། །བསྟན་པ་བསྲུང་བར་གཙིགས་ལ་ཕབ། །རང་སྔགས་སྲོག་སྙིང་འབྲུ་བདུན་ཕུལ། །བསིལ་བའི་ཚལ་གྱི་དུར་ཁྲོད་དུ། །ཕོ་བྲང་མཐའ་ནས་མངའ་ཡང་གསོལ། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས་རང་གི་འཁོར་དབང་དུ་བསྡུ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འཛིན་གྱིས་ནི། །བསྟན་པ་བསྲུང་ཚུལ་བཀའ་སྩལ་པ། །སངས་རྒྱས་བསྟན་པ་རིན་པོ་ཆེ། །དུས་བཞི་དབང་གིས་གནས་པ་སྟེ། །རྒྱུ་དང་མངོན་རྟོགས་ལུང་གི་གནས། །འབྲས་བུའི་དུས་ནི་བཞི་པའི་ཚེ། །སྙིགས་མ་ལྔ་ནི་དར་བ་ལས། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །རྩོད་པ་མང་པོ་དར་བར་འགྱུར། །དེ་ཚེ་ནག་པོ་ཆེན་པོ་ཡིས། །སངས་རྒྱས་བསྟན་པ་བསྲུང་བར་བྱ། །དཀོན་མཆོག་བླ་མའི་སྐུ་དགྲ་དང་། །གསང་སྔགས་ལ་སྨོད་བསྟན་ལ་སྡང་། །བསྒྲུབ་ལ་འཚེ་ཞིང་སྡིག་ལ་དགའ། །མུ་སྟེགས་སྐྱེ་བོ་ལོག་རྟོག་ཅན། །དེ་ནི་ནག་པོ་ཆེན་པོས་བསད། །དེ་ཡི་རིམ་
པ་ཡང་དག་བཤད། །སྲོག་དང་ཆོ་འཕྲུལ་སེལ་བ་དང་། །ཐོག་དང་གཏད་ཆེན་ཟེ་ནག་དང་། །ནང་རྒྱས་བཟློག་དང་བསྲུང་བ་སྟེ། །ཕྱི་སྒྲུབ་ལྷ་སྲིན་སྲོག་ལ་གཏད། །ནང་དུ་ཆོ་འཕྲུལ་གིང་ལ་བསྒྱུར། །གསང་བ་བདུད་ཀྱིས་ཐོག་སེར་དབབ། །གཏད་དང་ཟེ་ནག་ཀླུ་ལ་བསྐོར། །ནང་རྒྱས་བཟློག་པ་གཤིན་རྗེ་སྔགས། །སྲུང་བའི་གཙོ་བོ་མཁའ་འགྲོ་མ། །དེ་ནི་རྩ་བའི་བསྟན་སྲུང་གནད། །སྲོག་བདུད་ནག་པོ་གནད་ལ་བསྐུལ། །དང་པོ་རང་ཉིད་ཧེ་རུ་ཀའི། །དབང་གིས་སྨིན་བྱས་དམ་ཚིག་ལྡན། །དེ་ནས་བསྒྲུབ་ལ་དཔའ་བ་དེས། །སྲིན་པོ་ཁྲོས་འདྲ་ལྕགས་ཀྱི་མདོག ། བྲག་ནག་འཇིགས་པ་བྱང་དུ་ལྟས། །རི་བོ་དུར་ཁྲོད་སོང་ནས་ཀྱང་། །དཀྱིལ་འཁོར་དམར་ནག་གྲུ་གསུམ་པ། །ཐོད་པ་ནག་པོ་རྩངས་བཅས་བཞེངས། །གོས་ནག་ཞྭ་དང་བཅས་པ་ཡིས། །ནག་པོའི་འབྲུ་ལ་གཏོར་ཆེན་བཤམས། །རྩ་བའི་སྔགས་ལ་བྱེ་བ་གསུམ། །བཟླས་པས་རི་རབ་ཐང་ལ་ལྷུང་། །ནག་པོའི་ཞལ་མཐོང་ལུང་ཡང་སྟོན། །དེ་ནས་ལས་མཐའ་གང་འདོད་བསྒྱུར། །དེས་ནི་སངས་རྒྱས་བསྟན་པ་བསྲུང་། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། རྩ་བའི་བསྙེན་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསང་
བའི་བདག་པོ་ཡིས། །ཕྱི་ནང་གསང་བ་དང་བཅས་པའི། །དེ་ཡི་ལས་མཐའ་ཡང་དག་བཤད། །བརྒྱད་ཚན་བརྒྱད་ཀྱི་གོ་རིམ་ལས། །གནད་ཆིངས་འགགས་དང་བླ་རྡོ་ནི། །གསང་བའི་ལས་ཆེན་ཉིད་དུ་གསུངས། །མཆོད་དང་ལས་ཚོགས་ཆ་ལག་ནི། །ནང་གི་ཡན་ལག་ཡིན་པར་བཤད། །མཐའ་གནད་བརྒྱད་ཅེས་ཕྱིའི་ལས། །དེས་ན་ལས་ཆེན་དཔག་མེད་ཀྱང་། །བསྡུས་པ་ཞི་རྒྱས་དབང་དང་དྲག །ལྷ་དང་སྔགས་དང་དམིགས་པའི་གནད། །དེ་ཡི་གོ་རིམ་བཞི་བཞིར་འགྱུར། །ལས་ཚོགས་དམིགས་པའི་སྔགས་ཀྱིས་ནི། །དེ་ཡི་དངོས་གྲུབ་མྱུར་དུ་འཐོབ། །དེ་ནས་ལས་ཚོགས་ཡང་དག་བསྟན། །བཀའ་ཡི་དབང་ལུང་མ་སྦྱིན་པར། །དེ་ཡིས་ལས་བྱས་གྲུབ་པ་མིན། །དེས་ན་དང་པོ་དབང་ཐོབ་བྱ། །བུམ་པའི་དབང་ཐོབ་བརྟུལ་ཞུགས་འཛིན། །ཕྲིན་ལས་དབང་ནི་བཞི་རུ་བཤད། །གྲི་གུག་རལ་གྲི་ཁ་ཊྭཱཾ་ག །ཐོད་པ་ཕུར་བུ་ཕྲེང་བ་སྟེ། །བསྟན་པ་སྲུང་བའི་དབང་ལུང་དེས། །ཆོས་སྐྱོང་ནག་པོས་བཀའ་བཞིན་བྱེད། །དྲག་པོའི་ལས་ཚོགས་ཐམས་ཅད་འགྲུབ། །དེ་ལྟར་དབང་ཐོབ་སྔགས་པ་ཡིས། །ཅི་འདོད་དོན་རྣམས་འགྲུབ་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས།
ལས་སྣ་ཚོགས་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །དཀྱིལ་འཁོར་དམ་རྫས་ཡང་དག་བཤད། །དཀྱིལ་འཁོར་རྣམ་པ་བཞིར་གསུངས་ཏེ། །དབང་བསྐུར་བསྙེན་པ་ཕྱི་ཡིན་ལ། །སྒྲུབ་པ་ལས་ཚོགས་ནང་གི་ཡིན། །ལས་སྦྱོར་དྲག་པོ་གསང་བའི་ཡིན། །སྤོགས་དང་གནད་འབེབས་མཐར་ཐུག་ཡིན། །ཕུང་བའི་ས་ལ་དུག་ཁྲག་གདབ། །རྒྱུས་ཆེན་ཤི་སྐྲས་ཐིག་བཏབ་སྟེ། །གྲུ་ཐིག་ཚངས་ཐིག་ལྡན་པ་ལས། །སྒོ་དང་ལོགས་ལ་བདུན་བདུན་དབྱེ། །གྲུ་དང་གྲུ་ཆད་ཆ་ཕྲན་དབྱེ། །དེ་ནས་ཚོན་གྱིས་ལེགས་བྲིས་ཏེ། །གྲུ་གསུམ་མཐིང་ལ་ཟླ་གམ་དམར། །ཐོད་ར་དཀར་ལ་བར་ཁྱམས་ལྗང་། །ལྷ་སྣམ་ཕྱོགས་ནི་དཀར་པོ་སོགས། །རིམ་པ་དེ་བཞིན་བྲི་བར་བྱ། །དམ་རྫས་རྣམ་པ་བཞི་ཡིན་ཏེ། །རྟེན་དང་མཆོད་དང་གསད་པ་སྟེ། །བསྐང་བའི་དམ་རྫས་ཞེས་བཤད་དེ། །སྙིང་ཆེན་བཞི་དང་གསང་སྔགས་དག །སྨན་དང་རིན་ཆེན་འཁོར་ལོ་ནི། །ནག་པོ་རྟེན་ཕྱིར་བཅའ་བར་བྱ། །ནག་པོ་གཞི་ཡི་ཤ་ཁྲག་དང་། །འབྲུ་སྣ་གཏོར་མས་རྟག་ཏུ་མཆོད། །དུག་ཁྲག་འབྲུ་ནག་ལྕགས་ཕྱེ་ཡིས། །དགྲ་སྲོག་ཐང་ལ་དབོ་བར་བྱ། །ཚོགས་དང་གཏོར་མ་འབྲུ་ཆན་གྱིས། །མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཞེས་བཀའ་
བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། དཀྱིལ་འཁོར་དང་དམ་རྫས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །སྔགས་ནི་ཡང་དག་བཤད་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ནག་པོ་སྤྱི་ཡི་སྔགས་སུ་བཤད། །ཨོཾ་ཤྲཱི་ཛྙཱ་ན་བཛྲ་མ་ཧཱ་ཀཱ་ལ་ཧ་ན་ཧཱུྃ་ཕཊ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྔགས་སུ་བཤད། ཨོཾ་ལོ་ཀི་ཏྲི་གིང་ཀ་ར་མ་མ་སྦྲ་མ་ཡཀྵ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། བྱ་རོག་གདོང་ཅན་བཞིའི་སྔགས་སོ། །ཨོཾ་བཛྲ་ལོ་ག་ཏྲི་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། མགོན་པོ་གཙོ་འཁོར་ལས་ལ་གཞུག་པའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན། ཨུ་པ་ཧ་རི་ནི། ཨེ་ཏ་ཨ་པས་ཙི། མ་ཧཱ་ཀཱ་ལ་ཡ་དྷེ་བི་དྷ་ཀི་ནི། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨཱ་པ་ཀ་རི་ཎཾ་ཛྙཱ་ན་སྨ་ར་སི་ཧ། ཨི་མཾ་དུས་ཏ་སྭ་ཏ་ན། སརྦ་ཤ་ཏྲུཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ། གྷྲི་ཧྞ་གྷྲི་ཧྞ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དྷི་ན་མཻ་ཀེ་ན་སརྦ་དུཥྚན་མཱ་ར་ཡ་ཧཱུྃ་ཕཊ། ལས་སྣ་ཚོགས་སུ་བསྒྱུར་བའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལི་དེ་བི་རུ་པི་ནི་ཧཱུྃ་ཕཊ། ཡུམ་གྱི་སྔགས་སོ། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། རྩ་བའི་སྔགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་
གསང་བའི་བདག་པོ་ཡིས། །སྔགས་བཏུ་བ་ཡི་རིམ་པ་ལས། །ཕྱི་ནང་གསང་བའི་འཁོར་ལོ་ནི། །དབུས་ཀྱི་ལིང་ཙེ་དགུ་པོ་ལ། །དྲག་པོའི་ཡིག་འབྲུ་བཅོ་ལྔ་བྲི། །ཧཱུྃ་དྷརྨཱ་ཙ་ཤྲཱི་ཀ་ལ་དང་། ཤྲཱི་ཀྵ་ཀྵ་ཤྲཱི་ལ་ནྲི། །མདུན་ནས་བརྩམས་ནས་དགོད་པར་བྱ། །དེ་ཡི་དཀྱིལ་འཁོར་མུ་ཁྱུད་ལ། །དམ་རྫས་བསྲེ་བའི་སྔགས་བཀོད་ལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་མ་ཡ། ཤྲཱི་ཙན་ཏི་བ་ཤཾ་མ་ར་ཏི་ཀུ་རུ་ཀུ་རུ་ཧཱུྃ། མ་ཧཱ་ཀཱ་ལ་ཡ་ཤྲཱི་མིད་ཏི་སི་ཏི་ས་མ་ཡ། མ་ཧཱ་ཀཱ་ལ་ཡ་ཤྲཱི་ཀ་ལ་རུ་རུ་ས་མ་ཡ་ཧཱུྃ། དེ་ནས་འཁོར་ལོ་རྩིབས་བརྒྱད་ལ། །ཤར་གྱི་རྩིབས་ལ་སྔགས་འདི་བྲི། །ཨོཾ་མ་ཧཱ་ཀཱ་ལ་བེཾ་བེཾ་བྲཾ་པཾ་བྷ་ཏི་གི། དེ་ནས་ལྷོ་རུ་འདི་ཉིད་དོ། །ཨོཾ་མ་ཧཱ་ཀཱ་ལ་ཏྲ་མ་སརྦ་ཕེཾ་ཕེཾ་རཾ་ར། དེ་ནས་ནུབ་ཏུའང་འདི། ཨོཾ་མ་ཧཱ་ཀཱ་ལ་ཧ་ཧ་ཧཱུྃ་ཧཱུྃ་སེ་ར་ཏི། དེ་ནས་བྱང་དུ་ནི། ཨོཾ་མ་ཧཱ་ཀཱ་ལ་ཀྲ་གླིང་ཀླི་ཀྵི་མུ་ཏི། དེ་ནས་བྱང་ཤར་མཚམས་སུ་འདིའོ། །ཨོཾ་མ་ཧཱ་ཀཱ་ལ་བྷྲུྃ་བྷྲུྃ་བི་ཤ་ན་ཡ་ཀུ་ཏེ། ཤར་ལྷོའི་མཚམས་སུའང་འདིའོ། །ཨོཾ་མ་ཧཱ་ཀཱ་ལ་བྷི་ཏི་ར་རུ་ཏི། ལྷོ་ནུབ་མཚམས་སུ་འདིའོ། །ཨོཾ་མ་ཧཱ་ཀཱ་ལ་ཤྲཱི་ཁང་ཀྵ་ཀྵན་ཏི། ནུབ་བྱང་མཚམས་སུ་འདི་ཉིད་དོ། །ཨོཾ་མ་ཧཱ་ཀཱ་ལ་ཀཾ་ཀཾ་ཀཾ་ལ་ལཱ། དེའི་ཕྱི་རིམ་མུ་ཁྱུད་ལ། དབང་དུ་བྱེད་པའི་སྔགས་འདི་བྲི། ཨོཾ་མ་ཧཱ་ཀཱ་ལ་ཨ་བེ་ཤ་ཡ་ཧྲིཿ ཨ་ཀར་ཤ་ཡ་བ་
ཤཾ་ཀུ་རུ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་དྷ་ཤ་ཀཾ་ཙཾ་ན་མེ་ཙ་ཚན་དྷ་ཐ་བ་ཤཾ་ཀུ་རུ་སྭཱ་ཧཱ། སཾ་སཾ་གྷ་ཏ་ཡ། མ་ཧཱ་ཡ་ཡཱ་ཡཱ་བ་ཏི་ཙ་ཤ་ཡཱ། མ་ཧཱ་ཀཱི་ནིཉྵ་ཀྵཾ་ཀྵ་ཀ་ཀྴ་ཧྲིཿ མ་ཧཱ་ལཱ་ར་པཾ་པཾ་པཾ་ཤཾ་ན་ཏ་ཡ། མ་ཧཱ་རཾ་རཾ་རཾ་ར་ར་ར་ཀ་ཏ་ཤ་ཀྲ་ཡ། མ་ཧཱ་ཧཱུྃ་ཨ་ཙར་བྱ་ཧ་ན་ཛཿ མ་ཧཱ་ཀཱ་ལ་ཡ་ཀྲ་ཀྲ་ཀྲཾ་ཀྲ་ཏི་ཏི་བ་ཥཾ། ཨ་བེ་ཤ་ཡ་ཧྲིཿ ཨ་ཀར་ཤ་ཡ་ཤཾ་ཀ་རུ་སྭཱ་ཧཱ། དེ་ནས་ཕྱི་རོལ་རྩིབས་ལ་ནི། ཌཱ་ཀི་ནི་ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ་ཕཊ། རཱ་ཀི་ནི་ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ། ལཱ་ཀི་ནི་ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ། ས་ཀི་ནི་ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ། ཀ་ཀི་ནི་ༀ་མ་ཧཱ་ཀི་ལི་ཧཱུྃ། ཧ་ཀི་ནི་ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ། ༀ་མ་ཧཱ་ཀཱ་ལི་ནག་པོ་ས་མ་ཡ་ཧཱུྃ་ཛ་ཛ། ཨོཾ་མ་ཧཱ་ཀཱ་ལི་ཏི་ཏི་ཡཾ་དུ་ཛ་ཛ་ཧཱུྃ། དེ་ནས་དེའི་མུ་ཁྱུད་ལ། མ་ཧཱ་ཀཱ་ལི་ནི་ས་མ་ཡ་ཤག་ཕྱེ། མ་མ་ཏྲག་རཀྵ་ཀ་རོ་ལི་ཡི་ཨ་ཀར་ཤ་ཡ་ཛ་ཛཿ མ་མ་ཏྲག་རུ་ཏྲ་ཡ་ཐུམ་རིལ་རྦུད་ཛ་ཛཿ མ་མ་ཏྲག་རུ་ཏྲ་ར་ག་སིང་ག་རང་ལི་ཏྲ་ཨ་ཀར་ཤ་ཡ་ཛ་ཛཿ ༀ་མ་ཧཱ་ཀཱ་ལི་རུ་ལུ་ཙ་ལ་ཆོད་ཛ་ཛཿ མ་མ་ཏྲག་རུ་ཏྲ་སི་ཀ་ར་རག་ཡ་མ་བྷྱོ་ཀ་ལ་ར་ག་ཨ་ཀར་ཤ་ཡ་ཛ་ཛཿ མ་ཧཱ་ཀཱ་ལི་མ་མ་ཏྲག་ཏུ་ཤག་དུག་དུ་སུམ་ཛ་ཛཿ མ་མ་ཏྲག་རག་ཤ་ཀ་ལ་ཤུ་ཏྲ་ཨ་ཀར་ཤ་ཡ་ཛ་ཛཿ དེ་ནས་ཕྱིའི་རྩིབས་ལ་ནི། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ནག་པོ་སི་ཏི་མ་རུ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ་མ་མ་ཏྲག་རག་དུ་རགྴ་མ་ཧཱ་ཀཱ་ལི་
སི་ཏི་ཡཾ་དུ་ཛཿ བ་སུ་བྱ་ཨ་ཤུ་ཥྜི་ཀུ་རུ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ་རིལ་བས་དུ་ཛཿ ཏྲག་རགྴ་ཁ་རག་ཛཿ མ་ཧཱ་ཀཱ་ལ་གིང་ཀ་ར་སྙིང་ལ་ཡ། ཙིཏྟ་ལ་ཡ་ཡཱ། གིང་མ་ཧཱ་ཀཱ་ལ་ཡ། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤྲཱི་མ་ཧཱ་ཀཱ་ལ་རུ་པ་ཧཱུྃ་ཕཊ། ཤྲཱི་མ་ཧཱ་ཀཱ་ལ་སི་ཏི་མ་མ་དུ་ཛ་ཛཿ ཤྲཱི་མ་ཧཱ་ཀཱ་ལ་རགྴ་ནི་ཞི་ལ་པ་སྭཱ་ཧཱ། ཤྲཱི་མ་ཧཱ་ཀཱ་ལི་དམ་ཚིག་སྲོག་རྩ་ལ་ལྷན་ལྷན་ས་མ་ཡ་སྭཱ་ཧཱ། ཕྱི་ནང་གཉིས་ཀྱི་འཁོར་ལོ་ལ། །དྲག་པོ་སྔགས་ཀྱི་འཁྲུལ་འཁོར་བཀོད། །སྡེ་ཚན་བརྒྱད་ཀྱི་ལིང་ཙེ་ལ། །ཨཱ་ལི་ཀཱ་ལི་གཡས་གཡོན་བསྐོར། །ཕོ་སྔགས་གཡས་སུ་བསྐོར་ལ་བསྡུ། །མོ་སྔགས་གཡོན་དུ་བསྐོར་ལ་བསྡུ། །གསད་པ་གཡོན་དུ་དཀྲུག་ལ་བསྡུ། །སྔགས་ཀྱི་རེའུ་མིག་བཞི་བཅུ་བདུན། །མ་བུ་ཡན་ལག་སྦྱོར་ཤེས་ན། །འདིས་ནི་སྲིད་གསུམ་སྒྲོལ་བར་བྱེད། །ཅེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། གསང་བའི་སྔགས་བཏུ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གསང་བའི་བདག་པོ་དེས། །ཡེ་ཤེས་དང་ནི་ཏིང་འཛིན་གྱི། །དེ་ཡི་ཁྱད་པར་ཡང་དག་བཤད། །དཔལ་ལྡན་ཁྲག་འཐུང་ཧེ་རུ་ཀས། །གདུག་པ་མ་ལུས་འདུལ་ཕྱིར་སྐུ་སྤྲུལ་པ། །རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །འཇིགས་བྱེད་སྟོབས་ཆེན་ནག་པོ་ཆེ། །ཚོགས་བདག་ཆེན་པོ་
ས་བཅུའི་ལྷ། །རིགས་གསུམ་ཁྲོ་བོའི་དབང་བསྐུར་ནས། །བསྟན་པ་བསྲུང་བར་ཐུགས་དམ་བཅས། །སྲིན་པོའི་གཟུགས་ཀྱིས་གདུག་པ་འདུལ། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་པར་བྱེད། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་དམར། །གདུག་པ་མཆེ་གཙིགས་རྐན་སྒྲ་ཅན། །ཞལ་གཅིག་ཆོས་སྐུ་མི་འགྱུར་རྣམ་པར་གནག །ཕྱག་བཞི་ཕྲིན་ལས་བཞི་ཡི་བདག། །བདུད་བཞི་འདུལ་བྱེད་གྲི་གུག་དང་། །ལྷ་མིན་གཡུལ་ཟློག་རལ་གྲི་གཡས། །ཁམས་གསུམ་དབང་བསྡུད་ཐོད་ཁྲག་དང་། །བགེགས་ཆེན་འདུལ་བྱེད་ཁ་ཊྭཱཾ་གཡོན། །ཐབས་དང་ཤེས་རབ་ལས་བྱུང་བའི། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་ཁྲག་འཐུང་། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཡི་གེ་ཧཱུྃ་ལས་བྱུང་བ་སྟེ། །ཉི་མ་ཟླ་བའི་གདན་སྟེང་དུ། །ས་བཅུའི་མགོན་པོ་ཡེ་ཤེས་པ། །བརྐྱང་བསྐུམ་ཚུལ་དུ་བཞུགས་པར་བསྒོམ། །འཇིག་རྟེན་ལས་ཀྱི་སྤྲུལ་ཆེན་གསུམ། །དམར་ནག་དཀར་མོ་ཁྲོས་པའི་སྐུ། །འཇིགས་པའི་མཚོན་ཆ་སྣ་ཚོགས་བསྣམས། །ཡི་གེ་ཀྵིཾ་ལས་བསྐྱེད་པར་བྱེད། །ཐུགས་ཀྱི་
སྲས་མཆོག་ཆེན་པོ་བཞི། །སྤྲུལ་པའི་མགོ་བརྙན་བྱ་རོག་གདོང་། །ཧཱུྃ་ལས་བྱུང་བའི་ནག་པོ་ཆེ། །ཧ་ཧ་ཞེས་སྒྲོགས་འཇིགས་པར་བྱེད། །གཅེར་བུའི་ལུས་ལ་སྦྲུལ་གྱིས་བརྒྱན། །གཏུམ་པོ་སྤྱན་གསུམ་འབར་བ་སྟེ། །ཞལ་གཅིག་ཕྱག་ཀྱང་བཞི་བཞི་པ། །གསོད་པའི་མཚོན་ཆ་སྣ་ཚོགས་ཕྱར། །དོན་སྙིང་གཏུབ་ཅིང་སྙིང་ཁྲག་འཐུང་། །མཆེ་བ་སྤུ་གྲི་རྣམ་པར་གཙིགས། །རིགས་བཞི་འཁོར་དང་བཅས་པར་བསྒོམ། །སྐྱེ་མཆེད་སྤྲུལ་པའི་མཁའ་འགྲོ་དྲུག །ཡེ་ཤེས་ལས་ལ་སྤྲུལ་པའི་དབང་མོ་ཆེ། །འབྱུང་བ་དྲུག་ལས་བྱུང་བ་ཡི། །དཀར་སེར་སྔོ་དང་དམར་ནག་མོ། །ལག་ན་གྲི་གུག་ཐོད་ཁྲག་ཐོགས། །གཅེར་བུ་མི་ལྤགས་གཡང་གཞི་གསོལ། །དྲག་པོའི་གཟུགས་ཅན་བསྒོམ་པར་བྱ། །ལས་ཀྱི་བཀའ་སྡོད་ཡབ་ཡུམ་བརྒྱད། །ཧ་ཧ་ཧ་ལས་བྱུང་བའི་སྐུ། །འཇིགས་པའི་ཞལ་བསྒྲད་མཆེ་བ་གཙིགས། །ལག་ན་བེང་མདུང་གློ་སྙིང་ཟ། །དར་ནག་འཇོལ་བེར་སྐུ་ལ་གྱོན། །སྦྲུལ་གྱི་མགོ་བརྙན་སྤྱི་བོར་བཅིངས། །མི་མགོའི་ཕྲེང་བ་ལུས་ལ་འཕྱང་། །བདུད་འདུལ་མི་རོ་སྟེང་ན་བཞུགས། །ལྷ་མོ་མགྱོགས་མ་མགོ་བརྙན་ཅན། །གྲི་གུག་ཐོད་པ་ལག་ན་ཐོགས། །མི་ལྤགས་གཡང་གཞིའི་སྟོད་གཡོགས་ཅན། །སྐུ་མདོག་ནག་མོ་མུན་པའི་
གཟུགས། །ཕྱོགས་དང་མཚམས་ན་གནས་པར་བསྒོམ། །ཕྱོགས་སྐྱོང་ཕྲ་མེན་གིང་བདུད་དང་། །དབང་ཕྱུག་དྲག་པོ་དཔལ་མགོན་དང་། །རོ་ལངས་ནག་པོ་གནོད་སྦྱིན་དང་། །མ་མོ་ཤ་ཟ་བྱེ་བ་རྣམས། །གཟུགས་དང་ཁ་དོག་སོ་སོ་ལ། །གསོད་པའི་མཚོན་ཆ་སྣ་ཚོགས་ཐོགས། །དྲག་པོའི་གར་བཅས་སྣ་ཚོགས་བསྒོམ། །ཡེ་ཤེས་དབྱིངས་ནས་སྤྲུལ་པའི་མགོན་ནག་ལ། །འཇིག་རྟེན་ལས་ལས་སྐྱེས་པའི་འབྱུང་པོས་བསྐོར། །དེས་ནི་སངས་རྒྱས་བསྟན་པ་སྲུང་བའོ། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། ལྷ་ཡེ་ཤེས་པ་དང་། ལས་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱི་མགོན་པོ་བསྒོམ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །ནག་པོ་ཆེན་པོ་ཡབ་ཡུམ་དང་། །གཙོ་འཁོར་རྒྱུད་ཀྱི་ཡང་དག་བཤད། །དཔལ་ལྡན་ནག་པོ་ཆེན་པོ་ལ། །ཕྱི་ནང་གསང་བའི་རྒྱུད་དང་ནི། །མན་ངག་སྦས་པ་བཤད་པའི་རྒྱུད། །སྤྱི་ཡི་རྒྱུད་ནི་དྲུག་ཅེས་བཤད། །བདེ་མཆོག་རྒྱ་མཚོར་བཤད་པ་བཞིན། །མིང་དང་ལེའུ་བརྗོད་བྱ་དོན། །ཕྱི་ནང་གོ་རིམ་གཞུང་གི་ཚད། །དེ་ཡི་དབྱེ་བ་རྒྱས་ཤོས་བསྟན། །དང་པོ་གསུངས་པ་རྩ་བའི་རྒྱུ། །གནད་རྣམས་གསུངས་པ་མན་ངག་རྒྱུད། །དོན་རྣམས་གསལ་
བྱེད་ནང་གི་རྒྱུད། །གབ་པ་སེལ་བ་གསང་བའི་རྒྱུད། །ཡོངས་སུ་རྫོགས་པར་བཤད་པ་ཡིན། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། རྒྱུད་ཀྱི་རྣམས་གྲངས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །དེ་ནས་གསང་བའི་བདག་པོ་དེས། །ལས་ཀྱི་མགོན་པོ་ལུང་བསྟན་ཡང་དག་བཤད། །ཁྱོད་ནི་དང་པོ་དུས་ཀྱི་སྔོན་རོལ་ཚེ། །བྲམ་ཟེའི་བུ་ནི་བླ་མར་སྐྱེས་པ་ཡིས། །གནོད་སྦྱིན་འབྲོག་གནས་བཟང་པོ་ལ། །གདུག་པའི་སེམས་ཀྱིས་ནོར་བུ་བརྐུས། །འགྱོད་པའི་སེམས་ཀྱིས་སླར་གཏད་པས། །མི་འདོད་ཚུལ་ལ་སྦྱིན་པར་གཏང་། །མངོན་སུམ་སངས་རྒྱས་པ་ལ་དད་པ་དེ། །འབྲས་བུ་མི་བསླུ་སྔོན་ཡང་བསྐལ་པ་བརྒྱར། །རེ་རེ་ལ་ཡང་བསོད་ནམས་བསགས་ལས་སྐྱེས། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། །བྲམ་ཟེའི་སྔགས་དྲུག་འདི་ཉིད་དུ། །ལས་ཀྱི་མགོན་པོའི་ལུས་བླངས་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པའི་གཙུག་ལག་བསྲུང་ནས་ཀྱང་། །མཐར་ནི་ནུབ་ཕྱོགས་ཐར་པ་ཅན་ཞེས་པའི། །རྣམ་པར་དག་པའི་འཇིག་རྟེན་དེར། །ཁྱོད་ནི་དེའི་དབང་པོ་མཆོག །བདེ་བར་གཤེགས་པར་སངས་རྒྱས་ནས། །ལུས་ཅན་ཁྱོད་ཀྱིས་
བསད་པ་རྣམས། །ཞིང་དེར་ཐམས་ཅད་སངས་རྒྱས་འགྱུར། །ལས་ཀྱི་འཁོར་ཚོགས་ཐམས་ཅད་ཀྱང་། །ཞིང་དེའི་སངས་རྒྱས་རེ་རེར་འགྱུར། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་ལུང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གསང་བའི་བདག་པོ་དེས། །ཕོ་མོ་དབྱེ་བ་ཡང་དག་བཤད། །ཕོ་ནི་ནག་པོ་བདུད་ཀྱི་རིགས། །དྲག་ཅིང་མྱུར་ལ་རྩུབ་པར་འགྱུར། །མོ་ནི་དཀར་མོ་ལྷ་ཡི་རིགས། །འཇམ་ཞིང་རྣོ་ལ་གྱོང་པར་འགྱུར། །ཕོ་བསྒྲུབས་མོ་རྟགས་བྱུང་བ་ནི། །དེ་ནི་དགྲ་རྣམས་མྱུར་བར་འགྱུར། །མོ་བསྒྲུབས་ཕོ་རྟགས་བྱུང་བ་ནི། །དེས་ཀྱང་དགྲ་རྣམས་ཕུང་བར་འགྱུར། །རང་གི་རྒྱུད་རྩུབ་ཁྲོ་བ་ན། །ཡེ་ཤེས་བསྙེན་པས་སྟོད་ལ་མནན། །འཁོར་དང་ནོར་ལ་འཁྲེན་པ་ན། །ཕྲེང་བའི་སྔགས་ཀྱིས་མགོ་ཐོག་བགྲང་། །ནོར་དང་བསོད་ནམས་ཆུང་བ་ན། །གསང་བའི་སྔགས་ལ་ཐུན་བཞིར་བཅད། །ལྷ་བཞིའི་འབྱིན་སྔགས་མ་ཤེས་ན། །ནག་པོ་གནད་ནས་འཁོལ་མི་འགྱུར། །རྦད་པའི་ལས་བཞི་མ་ཤེས་ན། །དངོས་གྲུབ་ཡུན་རིང་འགྱངས་པར་འགྱུར། །བླ་རྡོ་སྡོམ་པ་མ་ཤེས་ན། །ལུས་དང་གྲིབ་མ་འགྲོགས་མི་འགྱུར། །དམ་ཚིག་
གཙང་མ་མ་བསྲུང་ན། །ཕྲིན་ལས་དཀའ་ལ་མཐུ་རྩལ་ཆུང་། །དེས་ན་ཕོ་མོའི་ཁྱད་པར་སྤྱོད་ཤེས་པ། །དེས་ནི་ཆོས་སྐྱོང་བྲན་དུ་འཁོལ། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། ལྷ་ཕོ་མོའི་གནད་སོ་སོར་དབྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གསང་བའི་བདག་པོ་དེས། །སྦྲགས་ནས་སྤྱི་བསྒྲིལ་ནང་སྒྲུབ་གནད། །གྲི་ཐོད་གྲི་སྙིང་གསར་པའི་ནང་། །རལ་གྲི་སྲོག་གཅོད་སྤུ་གྲི་འཁོར་ལོ་བརྒྱད། །ལས་མགོན་ཕོ་བཞི་མོ་བཞི་ལ། །རལ་གྲི་སོ་ལ་གྲི་ཁྲག་གིས། །བདུད་ཀྱི་དྲག་སྔགས་བདུན་པ་བྲི། །བར་དུ་དགྲ་བགེགས་ལིང་གས་བཀང་། །གྲུ་གསུམ་ཐོད་ནག་ནང་དུ་གཞུག །གཙོ་འཁོར་དྲིལ་ལ་ཐུན་བཞིར་བཟླས། །གནག་པའི་ཡིད་ཀྱིས་དུག་ཐུན་བྲབ། །ཞག་བདུན་ནང་དུ་དགྲ་རྣམས་ཕུང་། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། དཔལ་མགོན་པོ་ནག་པོ་དྲིལ་བའི་སྤྱི་སྒྲུབ་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །སོ་སོར་དབྱེ་བ་ཡང་དག་བཤད། །གཙོ་བོ་ཡེ་ཤེས་མ་མགོན་ལ། །མ་མོ་མཁའ་འགྲོས་བསྐོར་བ་ནི། །སྤྱི་བསྙེན་ཡིད་བཞིན་ནོར་བུ་ཡིན། །ལས་མགོན་ནག་པོ་མཆེད་བཞི་ལ། །གིང་ཆེན་ལྷ་
མོས་བསྐོར་བ་ནི། །སྙིང་ཐིག་ནག་པོའི་སྲོག་སྒྲུབ་ཡིན། །བཀའ་སྡོད་ནག་པོ་མཆེད་བརྒྱད་ལ། །ཕོ་བདུད་དྲེགས་པས་བསྐོར་བ་ནི། །ལྟོ་དཀྲུག་གསང་བའི་དྲག་སྔགས་ཡིན། །རོ་ལངས་དམར་མོ་སྤུན་བདུན་ལ། །ཤ་ཟ་བྱེ་བས་བསྐོར་བ་ནི། །སྙིང་གཟིར་ནག་པོའི་སྒྲུབ་པ་ཡིན། །གསང་བའི་ཡུམ་ཆེན་མ་བདུན་ལ། །དབང་ཕྱུག་མ་མོས་བསྐོར་བ་ནི། །ཙིཏྟ་གསང་ཐུན་དྲག་སྔགས་ཡིན། །ལས་ཀྱི་ཤན་པ་མཆེད་བཞི་ལ། །ནག་པོ་སྟོང་གིས་བསྐོར་བ་ནི། །གཤེད་པོ་ལྟོ་འཁྲུགས་དྲག་སྔགས་ཡིན། །བདུད་མགོན་ནག་པོ་སྤུན་གསུམ་ལ། །མུན་པའི་བདུད་མོ་བཞིས་བསྐོར་བ། །ལྕམ་དྲལ་སྲོག་ཐིག་དྲག་སྔགས་ཡིན། །རོ་ལངས་དྲག་པོ་བསྙེན་པ་ལ། །མཁའ་འགྲོ་དྲུག་གིས་བསྐོར་བ་ནི། །སྤུ་གྲི་རེག་གཅོད་དྲག་སྔགས་ཡིན། །རྩ་བ་གཅིག་ལ་ཡན་ལག་བརྒྱད། །དེ་ཡི་གནད་འགག་གསང་བའི་གནད། །རྒྱུད་ཆེན་གསང་བའི་རྩ་བས་ཤེས། །དེས་ན་འདི་ནི་རྒྱུད་ཀྱི་གཙོ། །ཁྱོད་ཀྱི་དོན་ཉིད་ཁྱོད་ཀྱིས་ཞུས། །ཁྱོད་ལ་བསྟན་པའི་གཉེར་གཏད་པའི། །རང་གི་ལས་བྱས་རང་ལ་སྨིན། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། ལྷ་སོ་སོར་དབྱེ་ནས་སྒྲུབ་པའི་རིམ་པ་བསྟན་པ་ལེའུ་སྟེ་
བཅོ་ལྔ་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །གནས་སྐབས་མཐར་ཐུག་འབྲས་བུ་བཤད། །ཞི་དང་རྒྱས་དང་དབང་གི་ལས། །ཚེ་དཔལ་གྲགས་པ་གཟི་བརྗིད་དང་། །མཐུ་སྟོབས་འབྱོར་པ་དང་ལྡན་བསྲུང་། །ས་སྟེང་དང་ནི་མཐོ་རིས་སུ་ནི་ཕྱིན། །དེ་ཡི་བགེགས་ཀྱི་ཚོགས་རྣམས་སྲུང་བར་བྱེད། །རྐང་མགྱོགས་རིལ་བུ་རལ་གྲི་བུམ་པ་བཟང་། །གནོད་སྦྱིན་འཆིང་ལམ་མཁའ་ལ་སྤྱོད་པར་འགྱུར། །དག་པའི་ལམ་གནས་ས་བཅུའི་དབང་ཕྱུག་ཡིན། །སྤྲུལ་དང་དོན་སྤྱོད་ཟག་མེད་འབྲས་བུ་ཐོབ། །དགའ་བའི་ཤུགས་ཆེན་སྟོབས་ལྡན་དེ་ཡི་ཞིང་། །སྐྱེ་ཞིང་མགོན་པོ་དེ་དང་མཚུངས་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་ལ་རྒྱུད་འདི་གཏད་ནས་ལྷ་དང་ཀླུ་དང་བདུད་དང་གཤིན་རྗེ་དང་མ་མོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱིས་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་ནས་ཁས་བླངས་ཤིང་དབང་དུ་འདུས་སོ། །དེ་ནས་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་
བར་གྱུར་ཏོ། །དཔལ་ནག་པོ་ཆེན་པོ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། ལས་ཀྱི་མགོན་པོ་བྱ་རོག་གདོང་ལ་རྒྱུད་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དཔལ་མགོན་པོ་བྱ་རོག་གདོང་གི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཨ་བྷྱ་ཀ་ར་ཤེས་རབ་འབྱུང་གནས་སྦས་པ་དང་། བོད་ཀྱི་ལོ་ཙཱ་ཆེན་པོ་ཙ་མི་ཟླ་བ་གྲགས་པ་གཉིས་ཀྱིས། དཔལ་ནཱ་ལེན་དྲའི་ལྷ་ཁང་དུ་བསྒྱུར་ནས། ཕྱིས་བླ་མ་ཆེན་པོ་རྒྭ་ལོས་བོད་དུ་སྤྱན་དྲངས་པའོ། །༈ རྒྱུད་འདི་བླ་མ་དཔལ་ཆེན་པོའི་སློབ་མ་དགེ་བཤེས་བོན་བསག་ཐང་བ་བྱ་བ་ལ། བླ་མ་རིན་པོ་ཆེ་ཕག་མོ་གྲུ་པས་ཞུས་པ་ཡིན། ཕྱིས་བླ་མ་ཅོག་དང་ཨ་སེང་གི་ཕྱག་དཔེར་ཞུ་གཏུག་བྱས་པ་ཡིན་ནོ། །
ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་སྲོག་ཟན་ནག་པོ།
༄༅། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་སྲོག་ཟན་ནག་པོ་ཞེས་བྱ་བ་བཞུགས་སོ། །
བླ་མ་ཙ་མི་ལོ་ཙཱས་བསྒྱུར་བ་ལགས་སོ། །ཟབ་པས་གསང་བ་གལྖེ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཀརྨ་ནཱ་ཐ་ཀ་ཀ་མུ་ཁ་ཛྙཱ་ན་མཱ་ར་ཡ་ཙིཏྟ་བྷཱ་སྭ་ར་ཏནྟྲ་ནཱ་མ། བོད་སྐད་དུ། ལས་ཀྱི་མགོན་པོ་ནག་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོ་ཞེས་བྱ་བའི་རྒྱུད། སྟོན་པ་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། དུར་ཁྲོད་ཕུང་ལུང་ནག་པོ་ཞེས་བྱ་བ་ན། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ལ། འཁོར་ཁྲོ་བོ་རྔམ་ཞིང་རོལ་བ་དང་། མཁའ་འགྲོ་མ་དང་རོ་ལངས་དང་། ལྷ་དང་དྲང་སྲོང་རྫུ་འཕྲུལ་དང་ལྡན་པ་དང་། འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་སོ། །དུས་དེའི་ཚེ་བཅོམ་ལྡན་འདས་དྲེགས་པ་ཅན་ཐམས་ཅད་འདུལ་ཞིང་བྲན་དུ་འཁོལ་
བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་དང་། དེ་ནས་འཇིག་རྟེན་སྲོག་གཅོད་ཀྱི་ཤན་པ་གིང་དང་། ལས་ཀྱི་གཤིན་རྗེ་དང་། ལས་མཁན་འཆི་བདག་གི་བདུད་དང་། མགྱོགས་བྱེད་ཀྱི་གནོད་སྦྱིན་དང་། གསོད་བྱེད་ཀྱི་སྲིན་པོ་དང་། ཆགས་བྱེད་ཀྱི་མ་མོ་དང་། དུས་འདེབས་ཀྱི་གཟའ་དང་། རྨུགས་བྱེད་ཀྱི་ཀླུ་དང་། འཇིག་རྟེན་གྱི་དྲེགས་པ་ཕོ་མོ་སྒྲོལ་བྱེད་གདུག་པའི་ཚོགས་མ་ལུས་པ་ཐམས་ཅད་དང་། གཞན་ཡང་ཐུན་མོང་གི་འཁོར་རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བ་བཅུ་དང་། ལྷ་ཆེན་པོ་བརྒྱད་དང་། ཀླུ་ཆེན་པོ་བརྒྱད་དང་། གནོད་སྦྱིན་ཆེན་པོ་བརྒྱད་དང་། གཟའ་ཆེན་པོ་བརྒྱད་དང་། དུར་ཁྲོད་ན་གནས་པའི་མ་མོ་དང་། མཁའ་འགྲོ་མ་ཐམས་ཅད་འདུས་པར་གྱུར་པ་ལས། དེའི་ཚེ་བཅོམ་ལྡན་འདས་དེ་ཏིང་ངེ་འཛིན་དེ་
ཉིད་ལས་མི་གཡོ་བའི་ངང་ལས་ཞལ་ནས་གདུག་པའི་སྔགས་འདི་སྒྲ་རབ་ཏུ་སྒྲོགས་པར་གྱུར་ཏོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རུ་ཏྲ་ས་མ་ཡ་ཧཱུཾྃ་ཨེ་ཨ་ར་ལི་ཧུར་ཐུམ་ཛཿཛཿ ཞེས་བསྒྲགས་པ་ལས། སྐད་ཅིག་དེ་ཉིད་ལ་འོག་མིན་གྱི་གནས་ནས་མནར་མེད་པའི་དམྱལ་བའི་གནས་ཡན་ཆད་ཀྱི་ཁམས་གསུམ་ཐམས་ཅད་འགུལ་ལྡེག་གཡོས་འཁྲུག་པར་གྱུར་ནས། སྐད་ཅིག་མ་ལ་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དང་བཅས་འཕྲོས་ནས་སླར་འོག་མིན་གྱི་གནས་དེ་ཉིད་དུ་ཐིམ་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་འོད་ཟེར་དེ་དཔལ་ཧེ་རུ་ཀ་དང་སངས་རྒྱས་མི་འཁྲུག་པ་ལ་ཐིམ་ནས་དཔལ་ཧེ་རུ་ཀ་རབ་ཏུ་ཁྲོས་པའི་ཐུགས་ཀ་ནས་དྲེགས་པ་ཐམས་ཅད་འདུལ་བྱེད་ཀྱི་གཉེན་པོ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཞལ་གཅིག་ཕྱག་བཞི་པ། འོད་ཟེར་མཐིང་ནག་རབ་ཏུ་འབར་བའི་གཟི་བརྗིད་ཆེན་པོ་ཅན། དཔའ་བོའི་བཞུགས་སྟབས་སུ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་སྟངས་སྟབས་ཀྱི་ཆ་ལུགས་ཀྱིས་སྐུ་ལུས་འགྱིང་བག་ཅན་གཅིག་ལྷགས་པར་གྱུར། ཁྱད་པར་དུ་ལས་བྱེད་པའི་འཁོར་ནག་པོ་བྱ་རོག་གི་གདོང་པ་ཅན་བཞི་ནི། ཤིན་ཏུ་གཏུམ་པའི་ཆ་ལུགས་སུ་ཡོད་པ། དྲག་པོའི་གཟི་
བརྗིད་མི་ཟད་པ་དང་ལྡན་པ། མ་རུངས་པའི་རྐན་སྒྲ་རབ་ཏུ་གཏོག་པས་འཇིག་རྟེན་གྱི་ཐམས་ཅད་སྐྲག་ཅིང་རྔམ་པར་བྱེད་པ། རྐང་པ་ས་ལ་བརྡབས་པས་སྐྱེ་འགྲོ་ཀུན་ཀྱི་ཀླད་པ་རབ་ཏུ་འགེམས་ཞིང་སྲོག་གཅོད་པར་བྱེད་པ། སྲོག་གཅོད་པའི་མཚོན་ཆ་སྤུ་གྲི་དང་མ་རུངས་པ་ཟ་བའི་མཆེ་བ་རབ་ཏུ་གཙིགས་པ། དྲག་པོ་སྲོག་གི་བཙན་དུག་ཁ་རླངས་སུ་འཕྱོ་བ། དམ་ཚིག་ཉམས་པའི་སྙིང་ཁྲག་འཐུང་བར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུང་བར་བྱེད་པ། སྒྲོལ་བྱེད་ཕྲིན་ལས་ཀྱི་བདག་པོ་བཞི་དང་། སྐུ་གསུང་ཐུགས་ཀྱི་མ་མོ་བཞི་དང་མཁའ་འགྲོ་དྲུག་དང་ཕྲ་མེན་མ་དང་བཅུ་གཉིས། ཤུགས་འགྲོ་མ་དང་གིང་ཆེན་དང་ཕོ་བདུད་དང་དབང་ཕྱུག་མ་དྲེགས་པ་དང་གཙང་རིགས་ཀྱི་མགོན་པོ་དང་རོ་ལངས་དང་ནག་པོ་སྟོང་དང་ཤ་ཟ་འབུམ་ཕྲག་དང་མ་མོ་བྱེ་བ་དང་། འབྱུང་པོ་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པ་ཐམས་ཅད་དབང་མེད་དུ་ལྷགས་ནས་འདུས་པར་གྱུར་ཏོ། །ཞུ་བ་པོ་དེའི་ཚེ་གནོད་སྦྱིན་རྣམ་ཐོས་སྲས་རང་གི་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ། བཅོམ་ལྡན་གསང་བདག་རྡོ་རྗེ་འཆང་། །འཇིག་རྟེན་དྲེགས་པ་ཀུན་གྱི་གཙོ། །དུས་གསུམ་སངས་རྒྱས་བསྟན་སྲུང་མཆོག །མ་
ཧཱ་ཀཱ་ལ་ཁྲོ་བོའི་སྐུ། །ནག་པོ་འོད་འབར་འཇིགས་བྱེད་རྒྱལ། །དྲག་ཤུགས་སྟོབས་ཅན་གཟི་མདངས་ཅན། །བསྟན་པ་སྲུང་མཛད་ཞིང་བཅུའི་ཚོགས། །སྒྲོལ་བྱེད་ཤན་པ་བྱ་རོག་གདོང་། །གནད་ནས་བསྐུལ་བའི་འོད་ཟེར་གྱིས། །གདུག་པ་ཐམས་ཅད་དབང་དུ་སྡུད། །གསང་བའི་སྒྲུབ་པ་༡གནས་དང་༢དུས། །༣རྟེན་གཟུང་༤བསྙེན་ཅིང་༥བསྒྲུབ་པ་དང་། །༦བསྐང་ཞིང་མཆོད་པའི་༧གཏོར་མའི་གནས། །༨དགྲ་ལ་མྱུར་དུ་རྦད་དང་༩བསད། །༡༠ལྷ་དང་དབྱེ་ཞིང་༡༡དགྲ་བོ་དགུག །༡༢གྲུབ་ནས་ལས་མཐའ་བརྟུལ་བ་དང་། །༡༣མ་གྲུབ་ཤི་ས་ཨར་གཏད་དང་། །༡༤འགྲུབ་པ་ཕྱི་ནང་རྟེན་རྣམས་དང་། །༡༥བསྙེན་དང་ལས་ཀྱི་སྔགས་དང་ཐིམ། །༡༦ངག་མནན་རིགས་སྔགས་ཟློག་པ་དང་། །༡༧བསྟོད་ཅིང་ཕྲིན་ལས་ཐུགས་དམ་བསྐུལ། །༡༨ལྟས་ངན་ཆོ་འཕྲུལ་དབབ་པ་དང་། །༡༩འཁོར་གྱི་དྲེགས་པ་སོ་སོར་བསྒྲུབ་པ་དང་། །༢༠ཕྱི་ནང་གསང་བའི་མདོས་རིགས་དང་། །༢༡གཞན་གྱི་ལས་ཚོགས་མང་པོ་དང་། །༢༢ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་དང་། །༢༣གསང་བ་ཡང་གསང་ཐུགས་ཀྱི་གནད། །༢༤སྲོག་གི་ཐིག་པ་ནག་པོ་དང་། །༢༥ནག་པོ་འབྲུ་བདུན་སྔགས་ཀྱི་གནད། །གསང་བའི་བདག་པོས་བཤད་དུ་གསོལ། །ཞེས་གསོལ་བ་ལས་གསང་བའི་
བདག་པོ་ཏིང་ངེ་འཛིན་ལས་བཞེངས་ནས། ཐུགས་ཀ་ནས་འོད་ཟེར་དམར་པོ་མེ་ལྟ་བུ་འཕྲོས་པས། ཡེ་ཤེས་ཀྱི་མགོན་པོ་དང་ལས་ཀྱི་མགོན་པོ་ལ་སོགས་པས་རང་རྟགས་སྲོག་གི་སྙིང་པོ་དང་དམོད་པ་ལས་ཀྱི་མཚན་མའི་སྔགས་དང་མཐར་ཐུག་ཕྲིན་ལས་ཀྱི་སྔགས་རྣམས་དུས་གཅིག་ཏུ་ཕུལ་ནས། རྒྱལ་བའི་བསྟན་པ་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་ཁས་བླངས་དམ་བཅས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་རྒྱུད་ལས། གླེང་གཞི་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཆེ་མཆོག་ཐུགས་ཀྱི་སྤྲུལ་པའི་སྐུ། །མ་ཧཱ་ཀཱ་ལ་ཁྲག་འཐུང་གཙོ། །ལེགས་ལྡན་ནག་པོ་ཆེན་པོ་ཡི། །ཕོ་ཉ་ལས་མཁན་བྱ་རོག་གདོང་། །བདུད་འདུལ་དབང་ཕྱུག་དུག་གསུམ་རྒྱལ། །རྣལ་འབྱོར་དགྲ་བླ་རིག་འཛིན་སྐྱོང་། །བསྟན་པའི་བཀའ་སྲུང་དམ་ཉམས་གཤེད། །འཁོར་བཅས་བསྙེན་བསྒྲུབ་ལས་སྦྱོར་བ། །ཡིད་འོང་དབེན་པའི་གནས་དག་གམ། །བྲག་ཕུག་ལྷ་ཁང་སྟོང་པ་འམ། །ཤིང་གཅིག་འདྲེ་གནས་མ་མོའི་ཁྱིམ། །རི་གསུམ་རྩེ་འདུས་བྲག་ནག་སྤུངས། །ནགས་ཚལ་འཐུག་ལ་གཅན་གཟན་འགྲིམ། །དབེན་ཞིང་བྱིན་ཆགས་ལྷ་རྣམས་འགྲིམ། །
འདབ་ཆགས་སྐད་སྙན་སྣ་ཚོགས་ལྡིང་། །མ་རུངས་གཤིན་རྗེ་འཇིགས་རུང་གནས། །དུར་ཁྲོད་ཕུང་ཤུལ་ཤིས་པའི་སར། །ལྷ་ཆེན་མགོན་པོ་བསྙེན་བསྒྲུབ་བྱ། །གསད་པའི་ལས་སྦྱོར་བྱ་བའི་སར། །དྲག་པོའི་གནས་ལ་ཉེ་བར་བརྒྱན། །དེ་ཡི་གནས་ཐབས་ཡན་ལག་རྣམས། །སྒྲུབ་པ་པོ་ཡིས་ཉེ་བར་བརྟེན། །ཞེས་བཀའ་བསྩལ་པའོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། གནས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དབང་གིས་སྨིན་བྱས་དམ་ཚིག་ལྡན། །སློབ་དཔོན་ལ་གུས་སྒྲུབ་ལ་བརྩོན། །བཟོད་ལྡན་མཆོད་སྦྱིན་གཏོང་ལ་མོས། །བསྙེན་རྫོགས་ལྷ་ཡི་གདིང་དང་ལྡན། །ཤེས་རབ་སྙིང་རྗེ་མཉམ་སྦྱོར་བའི། །རྒྱུད་དང་ལྡན་པའི་སྔགས་པ་ཡིས། །ནག་པོ་ཆེན་པོ་བསྒྲུབ་པ་ལ། །སྲོག་གི་བླ་རྡོ་བཟུང་བ་དང་། །ཕྱི་ནང་གསང་བ་དང་བཅས་པའི། སྐུ་དང་གསུང་དང་ཐུགས་ཀྱི་རྟེན། །འཁོར་ལོ་དང་བཅས་མ་བཙུགས་པར། །བསྙེན་སྒྲུབ་པ་ལས་ལ་སྦྱོར་བ་ནི། །བྲན་གྱིས་རྗེ་བོ་བསྐུལ་དང་མཚུངས། །དེས་ན་རྟེན་དང་བླ་རྡོའི་གོ་རིམ་བསྟན། །ཕྱི་རྟེན་གཡག་ལུག་ཁྱི་ནག་ལ། །མགུལ་དུ་ཡང་སྙིང་འཁོར་ལོ་གདགས། །རྭ་དང་ཡུངས་ཀར་དར་ནག་
གདགས། །ལུས་ལ་དར་ནག་རྔ་མས་བརྒྱན། །དམར་གཏོར་འབུལ་ཞིང་ལྷ་ལ་བཏབ། །ནང་རྟེན་བྱ་རོག་རྒྱལ་མཚན་ལ། །དར་སྣ་མེ་ལོང་ལིང་གར་བཅས། །འཁོར་ལོ་བྲིས་སྐུ་སྨན་དང་སྔགས། །ནམ་མཁའི་དབྱིངས་སུ་ལྡིང་བ་བཞུགས། །གསང་རྟེན་དྲི་རྒོད་སྙིང་གི་ནང་། །ཡབ་ཡུམ་གཙོ་འཁོར་རྣམས་ཀྱི་སྔགས། །གནད་ཀྱི་འཁོར་ལོ་རིན་ཆེན་སོགས། །གསེར་དངུལ་གཉིས་ཀྱིས་བྲིས་ལ་བཅང་། །མགོན་པོ་ཡབ་ཡུམ་བླ་རྡོ་ནི། །རྟ་ནག་ཁྱི་ནག་བུད་མེད་ཀྱི། །ཐོད་པ་མཚན་ལྡན་གྲི་གུག་ཁ་ཊྭཱཾ་ག །རྒྱ་མཚོ་གངས་ཀྱི་རྡོ་ནག་དང་། །ὰརྦ་ཉུངས་ཀར་སྔགས་དང་བཅས། །ལྡིང་ཁང་དལ་གྱི་ལོགས་ལ་བཅིང་། །ཞག་བདུན་བར་དུ་སྲོག་སྔགས་བསྒྲང་། །ལྷ་བསྐྱེད་དགུག་གཞུག་རབ་གནས་བྱ། །དངོས་གྲུབ་རྫས་ཀྱིས་མཆོད་ཅིང་གསོ། །མངའ་གསོལ་བར་ཆད་ཞི་བར་གསོལ་བ་གདབ། །གནས་ནས་བསྐོར་ཞིང་ཕྲིན་ལས་བཅོལ། །དེ་ནས་སྒྲུབ་ལ་བརྩོན་པ་དེས། །བྲན་གྱི་ཚུལ་དུ་བཀའ་ཉན་ཞིང་། །བཅོལ་དང་རང་བཞིན་ལས་རྣམས་བྱེད། །གསང་བ་སྲོག་བདུད་འཁོར་ལོ་ལྔ། །གསེར་དང་དངུལ་གྱིས་མཁས་པས་བྲི། །རྟགས་ཐོན་རབ་གནས་བཟླས་བྱས་ཏེ། །མི་འབྲལ་རང་གི་ལུས་ལ་བཅང་། །སྨན་དང་ཤ་ལྔ་
བདུད་རྩི་ལྔ་དང་བཅས། །ཉ་ཤ་ལ་ཕུག་སྒོག་ཙོང་སྣ་ཚོགས་མཆོད། །ཐུགས་དམ་བསྐུལ་ཞིང་བསྒྲུབ་བྱས་ན། །རྣལ་འབྱོར་སྲུང་ཞིང་བསྟན་པ་སྐྱོང་། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། རྟེན་གཟུགས་པ་དང་བླ་རྡོ་བཟུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །བསྟན་པའི་སྲོག་སྲིད་ལ་དམིགས་ནས། །ཡིད་འོང་གནས་སུ་མཎྜལ་བཤམ། །ཡར་ངོ་ཤིས་པའི་དུས་བཟང་ལ། །ཕུད་དང་གཏོར་མས་གནས་བདག་མཆོད། །ཕུང་ཤུལ་ས་ལ་གྲུ་བཞིར་བརྩེགས། །ཁྲག་སོགས་དུར་ཁྲོད་སོལ་བས་བྱུག །དེ་སྟེང་ཙན་དན་བདུད་རྩིས་བྲན། །མི་རུས་སོ་ཕག་ལ་སོགས་རྡུལ་ཚོན་གྱིས། །གྲུ་ཆད་སྒོ་བཞི་རྟ་བབས་བཅས། །དེ་དབུས་ཕོ་བྲང་ལིང་ཚེ་དགུ། །ཕྱོགས་བཞི་ལྷ་ཡི་ཁ་དོག་གམ། །ཡང་ན་མཐིང་ནག་གྲུ་གསུམ་བྲི། །ཤ་རུས་ཁྲག་དང་རྐང་མར་ཚིལ། །རང་རང་གཏོར་མ་ཕྱོགས་བཞིར་བཤམས། །དགྲ་བགེགས་ལིང་ག་དེ་ལ་ཕྱོགས་བཞིར་གཏོར་མ་རེ་རེ་གཟུགས། །དར་ནག་གུར་རེ་ཕུབ་ལ་གཞག །དབུས་ཀྱི་གྲུ་གསུམ་མཐིང་ནག་སྟེ། །སུམ་རྩེགས་གྲུ་གསུམ་མཐིང་ནག་བཞི། །ཕྱོགས་བཞི་མཚམས་བཞིར་བྲི་བར་
བྱ། །གྲི་གུག་ཐོད་ཕྲེང་མེ་རིས་བསྐོར། །ཐོད་ནག་མཚན་ངན་ནང་དུ་ནི། །གསད་པའི་འཁོར་ལོ་ལིང་ག་དང་། །དྲག་པོའི་ཐུན་རྫས་ཟག་པ་བྱུག །ཟུར་གསུམ་ལས་ཀྱི་མ་མོ་གསུམ། །ཕྱོགས་བཞིར་ལས་ཀྱི་མགོན་པོ་བཞི། །མཚམས་བཞིར་བདུད་ཀྱི་དམག་དཔོན་བཞི། །རང་རང་འཁོར་བཅས་རྣམས་ཀྱི་གཟུགས། །མདའ་དང་དར་ནག་མེ་ལོང་བཅས། །དེ་སྟེང་དཔལ་གྱི་གཏོར་མའི་ནང་། །དགྲ་བགེགས་ལིང་ག་དང་བཅས་ཏེ། །སྟེང་དུ་དར་ནག་གུར་གྱིས་དགབ། །བྱ་རོག་ལུག་ནག་གསོབ་དང་ནི། །སྣ་ཚོགས་དར་ཕན་བ་དན་བཅས། །ཡེ་ཤེས་མགོན་པོའི་སྐུ་གཟུགས་དང་། །མདའ་ནག་དར་དང་བཅས་པ་གཟུགས། །གསོད་པར་བྱེད་པའི་དུར་ཁང་ནི། །ཁ་ཁྱེར་རྩངས་དམར་ཉི་ཤུས་བསྐོར། །དུག་ཕུར་མཚོན་དང་ཐུན་གྱིས་བྲབ། །གནག་པར་བྱེད་པའི་དམ་རྫས་ནི། །དགྲ་བོའི་རྐང་རྗེས་ཟག་པར་བཅས། །ཤ་ཆེན་ཞུན་གྱི་མར་མེ་དང་། །མངར་གསུམ་རྒུན་འབྲུམ་ལ་ཕུག་བཅས། །སྒོག་ཙོང་འབྲས་ཆན་ཤིང་ཐོག་དང་། །ཚོགས་དང་ཞལ་ཟས་མང་དུ་བཤམས། །བྷནྡྷ་རཀྟ་ཨ་མྲྀ་ཏ། །ཁ་ཊྭཱཾ་ཅང་ཏེའུ་རྔ་དང་བཅས། །དྲིལ་བུ་གླིང་བུ་རྐང་དུང་གིས། །དུས་དང་དུས་རྣམས་ཀུན་ཏུ་མཆོད། །ཅེས་བཀའ་བསྩལ་ཏོ། །
ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། སྒྲུབ་པ་བཅའ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྒྲུབ་ལ་དཔའ་བའི་སྔགས་པ་ཡིས། །བདེ་བའི་སྟན་ལ་རབ་འདུག་ལ། །ཕྱི་ནང་གསང་བའི་མཚམས་བཅད་དེ། །བྱང་ཆུབ་སེམས་ནི་རབ་བསྐྱེད་ནས། །ཚད་མེད་བཞི་ལ་གནས་པར་བྱ། །དེ་ནས་ཧེ་རུ་ཀ་ཡི་ང་རྒྱལ་གྱིས། །ཐུགས་ཀའི་ས་བོན་འོད་ཟེར་གྱིས། །ཁྲོ་བོ་མང་པོས་བགེགས་རྣམས་བསྐྲད། །འོད་ཟེར་སླར་འདུས་རྡོ་རྗེའི་གུར། །ར་བ་དྲ་བ་མེ་རིས་བསྐོར། །བླ་མ་ལྷ་དང་ཡི་དམ་ལྷ། །ཕྱི་ནང་གསང་བའི་ཚོགས་བསགས་ལ། །དེ་ནས་སྐད་ཅིག་དེ་ཉིད་ལ། །བདག་ཉིད་ཧཱུྃ་ལས་ཕྱག་བཞི་པ། །ཞལ་གཅིག་སྐུ་མདོག་མཐིང་ནག་ལ། །སྤྱན་གསུམ་རིན་ཆེན་སྦྲུལ་གྱིས་བརྒྱན། །དབུ་སྐྲ་སིལ་མ་ཨག་ཚོམ་སེར། །ཐོད་སྐམ་དབུ་རྒྱན་རིགས་ལྔ་དང་། །རུས་པའི་རྒྱན་གྱིས་རབ་ཏུ་བརྒྱན། །རོ་དང་ཉི་ཟླ་པདྨའི་གདན། །མེ་དཔུང་ནང་ན་བཞུགས་པར་བསྐྱེད། །ཕྱོགས་བཞིའི་ལིང་ཙེ་བཞི་པོ་ལ། །དུར་ཁྲོད་ཁང་པ་འཇིགས་རུང་བར། །པདྨ་ཉི་མ་རོ་གདན་ལ། །ཧཱུྃ་ཡིག་མཐིང་ནག་བཞི་བསམས་ཏེ། །སྤྲོས་དང་བསྡུས་ལས་ནག་པོ་ཆེ། །བྱ་རོག་གདོང་ཅན་འཇིགས་པའི་གཟུགས། །གཏུམ་
པོ་ཞལ་གཅིག་ཕྱག་བཞི་པ། །ཐུང་ལ་སྦོམ་པའི་གསུས་པོ་ཆེ། །ཕྱག་གཡས་གྲི་གུག་འབར་བ་བསྣམས། །གཡོན་པས་ཁྲག་གི་ཐོད་པ་འཛིན། །ལྷག་མའི་ཕྱག་ནི་གཉིས་པ་ན། །གིང་སྤུ་གྲི་གཤིན་རྗེ་འཁོར་ལོ་བདུད་ཁྲམ་ཤིང་དང་། །གནོད་སྦྱིན་རལ་གྲི་ལ་སོགས་གཡས་ན་འཛིན། །གཡོན་བཞི་ལ་སྙིང་དང་བེ་ཅོན་ཞགས་པ་དང་། །ནད་ཀྱི་རྐྱལ་པ་གཡོན་ན་འཛིན། །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས། །དབུ་སྐྲ་སྨིན་མ་ཨག་ཚོམ་སེར། །མཆུ་དང་མཆེ་བ་མི་ཟད་གཙིགས། །སྟག་གི་པགས་པའི་ཤམ་ཐབས་ཅན། །དུག་སྦྲུལ་གདུག་པས་སྐུ་ལ་བརྒྱན། །མི་མགོ་རློན་པའི་དོ་ཤལ་ཅན། །རྡོ་རྗེ་བྱ་ཁྱུང་རབ་འཇིགས་པ། །སྤྱི་བོའི་གཙུག་ན་ཡང་དག་གནས། །ཉི་མ་འབུམ་གྱི་འོད་འབར་ཅིང་། །འཇིགས་པའི་མེ་དཔུང་ཀློང་ན་བཞུགས། །ཞབས་གཉིས་བསྐྱང་བསྐུམ་བགྲད་པ་ཡིས། །བདུད་བཞི་གན་རྐྱལ་འགྱེལ་སྟེང་ན། །གསོད་པའི་གར་གྱིས་འགྱིངས་ཤིང་བཞུགས། །སྲོག་བདག་གཤིན་རྗེ་འཆི་བདག་བདུད། །གནོད་སྦྱིན་ནག་པོ་མི་བསྲུན་པ། །བྱ་རོག་གདོང་ཅན་སྟོང་གིས་བསྐོར། །མ་མོ་བྱེ་བ་ཤ་ཟ་འབུམ། །ཀླུ་བདུད་མཁའ་འགྲོ་རོ་ལངས་རྣམས། །རང་རང་འཁོར་གྱིས་བསྐོར་བར་བསྒོམ། །མཚམས་ཀྱི་ལིང་ཙེ་བཞི་པོ་
ལ། །མ་མོ་དྲུག་གི་དཀྱིལ་འཁོར་ལ། །མཁའ་འགྲོ་དྲུག་དྲུག་སུམ་ཅུ་དྲུག །སྐུ་མདོག་མཐིང་ནག་མུན་པ་འདྲ། །ལག་ན་གྲི་གུག་ཐོད་ཁྲག་འཛིན། །མི་ལྤགས་གཡང་གཞི་གོས་སུ་གོན། །སྡེ་བརྒྱད་འཁོར་བཅས་མང་པོ་བསྒོམ། །དེ་ནས་ཧཱུྃ་གི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་དགུག་གཞུག་བསྟིམ། །གནས་གསུམ་བྱིན་རླབས་དབང་བསྐུར་ལ། །མཆོད་ཅིང་བསྟོད་ལ་བཟླས་པ་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲག་རག་ཤ་རུ་ཏྲ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཤ་ཏྲུཾ་ཙིཏྟ་ཧུར་ཐུམ་ཛཿཛཿ ཐུན་མཚམས་བཞིར་ནི་གཏོར་མ་དབུལ། །བསྐུལ་ཞིང་ཕྲིན་ལས་བཅོལ་བར་བྱ། །དེ་ནས་རྟགས་དང་མཚན་མ་ནི། །སྒྲུབ་ཁང་བྱ་རོག་ཚང་བཅས་ནས། །སྲོག་ཆགས་བསད་ཅིང་ཟ་བ་དང་། །ཤ་དང་སྙིང་ཁུར་གྲུབ་པའི་རྟགས། །བྱ་ནག་སྤྲིན་ལྟར་འཐིབས་པ་དང་། །ཁྱི་ནག་ཤུལ་དུ་འབྲང་བ་དང་། །དམག་གིས་རུ་སྐོས་བྱེད་པ་དང་། །དགྲ་བོ་དངོས་སུ་བསད་པ་རྨིས། །དེ་དུས་དྲག་པོའི་ལས་སྦྱོར་བྱ། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། བསྙེན་ཅིང་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་སྟེ། །ནག་པོ་ཆེན་པོའི་གཏོར་
མ་ལ། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །དྲག་པོ་ཚར་གཅོད་གཏོར་མ་འོ། །རྒྱས་པའི་གཏོར་མ་འདི་ལྟར་བཤམ། །རིན་ཆེན་ཟངས་ཀྱི་ཀ་ཏོ་རར། །འབྲུ་ནག་མགོན་བཤོས་ཟུར་གསུམ་ལ། །མཐའ་མར་མཐེབ་ཀྱུ་འབྲས་ཀྱིས་དགང་། །ལ་དུ་དགུ་སྦྱོར་སྒོག་ཙོང་དང་། །ཆང་དང་ཤ་ལྔ་བདུད་རྩི་ལྔ་། །ཆེ་བཟང་བཞི་བཅུ་རྩ་ལྔ་བཤམས། །ཁྲག་དང་ཆང་གིས་བྲན་ནས་ཀྱང་། །དེ་ལ་སྔགས་ཀྱི་ཆོ་ག་ཡིས། །ཡོངས་སུ་སྦྱངས་པར་བྱས་ནས་ཀྱང་། །སྤྱན་དྲངས་བཞུགས་སུ་གསོལ་བ་དང་། །མཆོད་ཡོན་གཏོར་མ་སྔོན་འགྲོ་བས། །བདུན་པོ་ཡོངས་སུ་དག་པ་སྟེ། །ཡེ་ཤེས་དགུག་གཞུག་ལ་སོགས་བྱ། །གཏོར་མ་མེ་ལོང་སྦྱོར་བས་སྦྱོང་། །སྣོད་བཅུད་གཉིས་པོ་དག་པར་སྦྱངས། །དཔལ་ལྡན་ནག་པོ་འཁོར་བཅས་ལ། །སྒྲུབ་པའི་ལས་སྔགས་འདིས་འབུལ་ལོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན། ཨུ་པ་ཧ་རི་ཎེ་ཨེ་ཥ་ཨ་པ་སྲ་ཙི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཾ། ཡ་དི་པྲ་ཏཱི། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚ་སཏྭན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྷྲི་ཧྞ་གྷྲི་ཧྞ། བན་དྷ་བན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཧཱུྃ་ཕཊ། བརྒྱ་དང་རྩ་བརྒྱད་དག་གིས་དབུལ། །རྐང་པ་བརྒྱད་པ་དག་གིས་བསྟོད། །
ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ། །རོལ་མོ་སྣ་ཚོགས་དཀྲོལ་བར་བྱ། །མེ་དང་དར་གྱིས་སྣ་དྲངས་ལ། །ལྷོ་ཡི་ཕྱོགས་སུ་ཉིན་གུང་བསྐྱལ། །ཚེ་དང་གྲགས་པ་རྒྱས་པ་དང་། །དབང་དང་བསོད་ནམས་ཤིན་ཏུ་རྒྱས། །བར་ཆད་བརྒྱ་སྟོང་ཐམས་ཅད་བཟློག །བསྡུས་པའི་གཏོར་མ་འདི་ལྟར་བཤམ། །མཚན་ལྡན་ཐོད་པ་རིན་ཆེན་ནང་། །མགོན་བཤོས་མཐེབ་ཀྱུ་བཅུ་གསུམ་དང་། །ཁྲག་ཆེན་སྨན་གྱིས་བྲན་ནས་ཀྱང་། །ནག་པོ་འཁོར་བཅས་སྤྱན་དྲངས་ལ། །ཨོཾ་བཛྲ་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔོན་གྱི་དམ་བདར་མཆོད་ཅིང་བསྟོད། །དཀྱིལ་འཁོར་སྒྲུབ་ཁང་ནུབ་ཏུ་གཏོང་། །དམ་ཅན་མཉེས་ཤིང་ཐུགས་དམ་བསྐང་། །མ་མོ་མཁའ་འགྲོ་དབང་དུ་བསྡུ། །ཤིན་ཏུ་བསྡུས་པའི་གཏོར་མ་ནི། །ཐོད་པ་ལ་སོགས་སྣོད་ནང་དུ། །འབྲས་སམ་ཤ་ཁྲག་གང་འབྱོར་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས། །ནག་པོ་འཁོར་བཅས་སྤྱན་དྲངས་ཏེ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི། ཞེས་པའི་རྩ་སྔགས་བདུན་གྱིས་དབུལ། །དགྲ་བགེགས་ཚར་གཅོད་གཏོར་མ་ནི། །ཟླ་བ་ནག་པོའི་མར་ངོ་ལ། །ནག་པོ་བདུད་ཀྱི་ཉི་མ་བདུན། །དགྲ་བགེགས་བླ་གཅོད་ནམ་ཕྱེད་དུས། །སྔགས་པ་དར་
ནག་ཞྭ་ནག་གོན། །དཀྱིལ་འཁོར་ཕུང་ཤུལ་ས་ལ་ནི། །ནག་པོ་བདུད་རྩི་གསོལ་བས་བྲིས། །དེ་ནས་དུག་ཁྲག་སྦྱར་བ་བཞི། །དགྲ་བགེགས་ལིང་ག་ཉེར་གཅིག་ལ། །མིང་རུས་བླ་དགས་བཅས་པ་བྲི། །པད་གཏོར་ཟུར་གསུམ་རྩེ་ལ་བསྐྱོན། །སླང་ང་བདུན་དང་ཐོད་པ་ནི། །བཅུ་བཞིའི་ནང་དུ་ཤ་ཁྲག་དང་། །འབྲུ་ནག་བདུན་དང་ཟན་ནག་གི། །པད་གཏོར་ཟུར་གསུམ་དམར་ནག་པ། །ཉི་ཤུ་རྩ་གཅིག་འབྲུ་ནག་བཅས། །དར་ནག་དཀྱིལ་འབུར་བཅས་པ་རྣམས། །རོ་རས་གདན་ལ་དཀྱིལ་འཁོར་མདུན། །བྱང་དུ་ཁ་བལྟས་ཁྲོས་པའི་སྐུ། །གནག་པའི་སེམས་དང་རབ་ལྡན་པས། །དྲག་པོའི་གཏོར་སྔགས་འདི་ལྟར་བགྲང་། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཛཿཛཿབ་ལིང་ཏ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི། སརྦ་ཤ་ཏྲུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་གྷྲི་ཧྞ་གྷྲི་ཧྞ། སརྦ་ཤ་ཏྲུཾ་མཾ་ས་ལ་ཁཱ་ཧི་ཁཱ་ཧི། ཧ་ན་ཧ་ན་སརྦ་ཤ་ཏྲུཾ་གོ་རོ་ཙ་ན་ལ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ་སརྦ་ཤ་ཏྲུཾ་བ་སུ་ཏ་ལ་ཁཱ་ཧི་ཁཱ་ཧི། པ་ཙ་པ་ཙ་སརྦ་ཤ་ཏྲུཾ་རཀྟ་ལ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏྲུཾ་ཆེ་གེ་མོའི་ཙིཏྟ་ལ་རྦད་རྦད། སརྦ་བིགྷྣན་མཱ་ར་ཡ་ཨེ་ཀ་ཟློག །བརྒྱ་འམ་བདུན་ནམ་སྟོང་ཕྲག་བདུན། །ཞེ་སྡང་ལྡན་པས་བརྗོད་པར་བྱ། །དགྲ་བགེགས་ཤ་ཁྲག་རུས་
པ་དང་། །རྐང་དང་ཚིལ་བུ་སྙིང་དང་ནི། །ཞིང་ལྤགས་ཀླད་པར་དམིགས་བྱས་ལ། །སྟེང་གི་ལིང་ག་གཏུབས་བྱས་ཏེ། །དུས་བཞིར་བསྟབ་ཅིང་སྔགས་ཀྱིས་རྦད། །རྟགས་དང་མཚན་མ་མ་བྱུང་བར། །གཏོར་མའི་སྒྲུབ་པ་དྲག་ཏུ་བསྐུལ། །མགོན་པོ་འཁོར་དང་བཅས་པ་ཡིས། །དངོས་སུ་བལྟས་དང་དངོས་གྲུབ་སྟོན། །འཆི་བདག་བདུད་དང་བདུད་རིགས་སྟོང་། །བགེགས་དང་ལྟས་ངན་བྱད་ཁ་རྣམས། །ཚར་གཅོད་གཏོར་མས་བཟློག་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། གཏོར་མ་བཞིའི་གོ་རིམ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །དེ་ལྟར་སྔགས་དང་བློ་ལྡན་གྱིས། །རྩ་བའི་སྔགས་ལ་འབུམ་ཚོ་བདུན། །གསུང་དང་ཐུགས་ལ་དེ་བཞིན་བདུན། །ཚུལ་བཞིན་བསྙེན་པ་བྱས་པ་ཡིས། །བསྟན་ལ་སྡང་བ་བརླག་པར་བྱ། །ནག་པོ་བདུད་ཀྱི་ལོ་ཟླ་ལ། །ཕུང་ཤུལ་ས་དང་དུག་ཁྲག་གིས། །གསད་པའི་དཀྱིལ་འཁོར་རྣམ་པ་གཉིས། །ཕྱི་ནང་གཉིས་ཀ་ནག་པོར་བྱུག །རབས་ཆད་ཐོད་པ་མཚན་ངན་དུ། །དགྲ་བོའི་རྐང་རྗེས་ཆུ་དང་དྲི། །ཕུང་ཤུལ་གཡུལ་བསྐྲད་གྲོག་མཁར་ས། །གྲི་ཁྲག་དུག་དང་ཚ་བ་གསུམ། །ལེགས་པར་
དགྲ་གཟུགས་ལིང་ག་བྲི། །དབང་པོ་ཚང་བའི་ལིང་ག་གཟུགས། །གསད་པའི་འཁོར་ལོ་སྙིང་ཁར་གཞུག །ཐོད་པར་བཅུག་ལ་སྲོག་ཁང་གཞུག །དཀྱིལ་འཁོར་གྲུ་གསུམ་ཟུར་ཕྱོགས་བཞིར། །ཡེ་ཤེས་མགོན་པོས་དབུ་བརྒྱན་པའི། །ལས་ཀྱི་འཆི་བདག་བྱ་རོག་གདོང་། །དགྲ་བོའི་སྙིང་ཁར་མཆུ་བཙུགས་ནས། །སྙིང་ཁྲག་འཐུང་ཞིང་ནང་ཁྲོལ་ཟ། །དགྲ་བོ་གསོད་བྱེད་གཤེད་པོ་བཞི། །འཁོར་དང་བཅས་པ་བསྒོམ་བྱས་ལ། །ཐོད་ནང་དགྲ་བོའི་གནག་གཟུགས་ལ། །གུ་གུལ་རྒྱལ་པོའི་དུད་པས་བདུག །དགུག་གཞུག་བྱ་ཞིང་ལྷ་དང་དབྱེ། །བདུན་ཕྲག་གསུམ་དུ་ཐུན་གྱིས་བྲབ། །མི་ཚིག་བར་ཆད་སེལ་མེད་པར། །གསད་པའི་དྲག་སྔགས་སྙིང་ཐིག་བཟླས། །དང་པོ་དགྲ་གཟུགས་འགུག་པའི་སྔགས། །ལས་མགོན་རྩ་བའི་སྔགས་ཡིན་ཨོཾ་མ་ཧཱ་ཀཱ་ལ་ཀརྨ་རཀྵ་གིང་ཀ་ར་ཡ་མ་མུ་ཀ་ཡཀྵ་ལོ་ཀྲི་ཀ་ཀ་མུ་ཁ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་བྷི་ཥ་ཨ་བེ་ཤ་ཧྲིང་ཧྲིང་། སརྦ་ཤ་ཏྲུཾ་རཱུ་པ་སྙིང་ཚལ་པ་སྲོག་དབྱིབས་ས་འདུ་འདུ། ལིང་ག་ལ་འགུག་པ་རཱུ་པ་ཀན་ཚ་ཙི་ཏ་ཐེན་མ་ཐེན། ཆྒཻ་མོ་ཛཿཧཱུྃ་བཾ་ཧོཿ ཨ་བེ་ཤ་ཡ་ཨཱ་ཨ། ཀ་ཏྲུཾ་ནྲི་ཛ་བཛྲ་ཨཾ་ཀུ་ཤ་ནྲི་ཤ་ས་རུ་ཏྲྀ་ཨ་མུ་ཀ་ཧཱུྃ་ཧཱུྃ་ཛཿཛཿ ཤ་ཏྲཱུཾ་ནྲི་ཛ་ཀེཾ་ཤ་ཁྲག་རཾ་མི་རཀྵ་ཨ་མུ་ཀ་ས་མ་ཡ་ཛཿཛཿ དགྲ་བོའི་བླ་འགུག་དང་
ནི་གཟུགས་ལ་གཞུག །ཞག་བདུན་ཁྲི་ཚོ་བདུན་གྱིས་འགྲུབ། དེ་ནས་ཁུག་ནས་ཁོ་རང་གི་ལྷ་དང་དབྱེ་བ་ནི། །ཁུག་པའི་རྟགས་ལ་ཕེབས་པའི་ལིང་ག་དང་། །གུ་གུལ་ཁྱི་ལུད་རྟ་བོན་པ། །ལྷམ་འབོབ་མཛེ་ཁྲག་ཞག་མ་དང་། །མུ་ཟི་ནག་པོས་བདུག་པར་བྱ། །གསང་སྔགས་འདིས་ནི་ཞག་བདུན་བྲབ། །ཨོཾ་དེ་བ་ཏད་ཐ་ཨངྐུ་ཤ་ཨ་ཀརྴ་ཡ་ཨ་ཀརྴ་ཡ་ཧཱུྃ་ཧཱུྃ་ཛཿཛཿ ཨོཾ་ཚིན་དྷ་ཚིན་དྷ་ཆོད་ཆོད། ཨོཾ་ཨ་པ་ར་ན་བྷིན་དྷ་བྷིན་དྷ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་དེ་བ་ཏད་ཏ་སརྦ་ཤ་ཏྲུཾ་ཤག་ཕྱེ་ཤག་ཕྱེ། མ་མ་ཏྲག་རག་ཤ་རུ་ཏྲ་མཱ་ར་ཡ་ཤག་ཕྱེ་ཚིནྡྷ་ཚིནྡྷ་བིནྡྷ་བིནྡྷ་ཆོད་ཆོད་ཕྱ། ཤག་ཕྱེ་མཱ་ར་ཡ་རྦད་ཕྱེ་ཕྱེ། དེ་ནས་ལྷ་དང་བྲལ་བའི་རྟགས། །དགྲ་བོ་མགོན་སྐྱབས་བྲལ་ལ་སོགས། །ངེས་པ་ཐོབ་ནས་གཤེད་བཞི་ཡིས། །བཞི་སྙིང་གཅིག་ཏུ་དྲིལ་ལ་གསད། །ལས་མགོན་བཞིའི་རྩ་བའི་སྔགས་ཡིན་ཨོཾ་མ་ཧཱ་ཀཱ་ལ་ཀརྨ་རཀྵ་ལོཀ་ཏྲི་ཀ་ཀ་མུ་ཁ། ཀཱ་ཡ་ཝཱ་ཀ་ཙིཏྟ་སུ་ཏྲི་ཡ་མ་དུང་དུང་ཛཿ སྲོག་བདག་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་ཀ་ཀ་མུ་ཁ་གིང་ཀ་ར་གིང་ཀ་ར་སརྦ་ཤ་ཏྲུཾ་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་དགྲ་བོའི་སྙིང་ལ་རྦད་ཡ། གཤིན་རྗེ་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་ཡ་མ་ར་ཙ་སརྦ་ཤ་ཏྲུཾ་ནྲི་ཐུམ་ལཾ་ཐུམ་རིལ་རྦད་སུ་ནྲྀ་ཛཿཛཿ སརྦ་ཤ་ཏྲུཾ་ཙིཏྟ་ལ་ཏྲག་རཀྴ་ཡ་ཐུམ་རིལ་རྦད། ཙིཏྟ་ཁ་རག་ཛཿཛཿ ནྲི་ཛ་ཙིཏྟ་ལ་
ཡ་ཡ་ཐུམ་རིལ་རྦད། ནྲི་ཤག་ཤག་དགྲ་བོ་ཆྒཻ་མོ་ལ་ཤག་ཤག་ཙིཏྟ་ལ་ཡ། བདུད་པོ་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་པྲ་མ་མུ་ར་ཀ་ར་ཙ་ཡ་མ་ཧཱ་ཀཱ་ལ་བྷྱོ་བྷྱོ་སརྦ་ཤ་ཏྲུཾ་མཱ་ར་ཡ་སྲོག་ལ་ནྲི་ཧུར་ཐུམ་རྦད་རྦད། གནོད་སྦྱིན་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་རུ་པ་སརྦ་ཤ་ཏྲུཾ་སྙིང་ཁྲག་ལ་ལྕིབ་ལྕིབ། ཆོད་ཆོད་སྲོག་རྩ་ཆོད་ཐུམ་རིལ་རྦུད་རྦུད་སརྦ་ཤ་ཏྲུཾ་མཱ་ར་ཡ་སྲོག་ལ་ཧུར་ཐུམ་ཛཿཛཿ བསྟན་པའི་བར་ཆད་སྲུང་བ་དང་། །ཞིང་བཅུ་བསྒྲལ་བའི་སྙིང་རྗེ་ཡིས། །ཡེངས་པ་མེད་པར་བཟླས་གྱུར་ན། །ཚངས་པའི་ཚེ་དང་ལྡན་གྱུར་ཀྱང་། །ཟླ་བ་བཞི་ན་ཕུང་བར་འགྱུར། །སྡིག་ཅན་དགྲ་བགེགས་དང་བཅས་ནི། །བདུན་ཕྲག་གསུམ་ན་བརླག་པར་འགྱུར། །དེས་ན་ནག་པོ་གཤེད་བཞི་པོ། །དགྲ་བགེགས་སྒྲོལ་བའི་སྲོག་བདུད་ཡིན། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། ཞིང་བཅུ་སྐད་ཅིག་ལ་སྒྲོལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །གནན་སྲེག་འཕང་གསུམ་བྱ་བ་ནི། །དྲག་པོའི་ལས་དེ་ཟིན་པ་དང་། །རྗེས་ཤུལ་ཐལ་བ་ལིང་གར་བཅས། །ཐོད་ནག་མཛེ་ཐོད་དག་ཏུ་བླུག །རོ་གོས་རེ་བས་གཏུམ་བྱས་ལ། །དགུག་གཞུག་དྲག་ཏུ་བྱས་པ་དང་། །མཚོན་
དང་ཐུན་གྱིས་བྲབས་ནས་ཀྱང་། །ཁྱད་པར་གནད་ཀྱི་སྔགས་འདི་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་སརྦ་ཤ་ཏྲུཾ་བིགྷྣན་རུ་པ་སྲོག་པ་ཙ་ཀཱ་ཡ་ཝཱ་ཀ་ཙིཏྟ་ལུས་ངག་ཡིད་གསུམ་ལ་རྦད་རྦད། ད་ཧ་ད་ཧ། པ་ཙ་པ་ཙ། ཚིན་དྷ་ཚིན་དྷ། བིན་དྷ་བིན་དྷ། སྟཾ་བྷ་ཡ་སྟཾ་བྷ་ཡ། ཛཾ་བྷ་ཡ་ཛཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། བན་དྷ་ཡ་བན་དྷ་ཡ། མཱ་ར་ཡ་མཱ་ར་ཡ། ལཾ་ཀུ་རུ་ནན། ཧཱུྃ་ཕཊ་ཧཱུྃ་ཕཊ། ལཾ་ནན་ལཾ་ནན། དེ་ནས་སྔགས་པ་བློ་ལྡན་གྱིས། །རྟགས་དང་མཚན་མ་རྫོགས་པ་དང་། །བལ་ཚོན་ལྔ་ཡི་བྱད་དུ་གཞུག །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ལྔ། །རི་རབ་ཆེན་པོར་དམིགས་བྱས་ཏེ། །བལ་ཚོན་ས་ཚོན་སྔགས་ཀྱི་ནི། །རང་རང་སོ་སོར་སྔགས་འདི་བཟླས། །ཐིག་གུ་དང་ས་ནག་ལ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། བལ་དང་ས་སེར་པོ་ལ་ཨོཾ་ཏི་རི་བི་རི་ཧཱུྃ་ཕཊ། ཐིག་གུ་དམར་པོ་དང་ས་ཚོན་དམར་པོ་ལ་ཨོཾ་མ་ཧཱ་ཀཱ་ལ་མ་ཧཱ་པ་ར་ན་ག་ཧཱུྃ་ཕཊ། ཐིག་གུ་དང་ས་ཚོན་སྔོན་པོ་ལ་ཨོཾ་མ་ཧཱ་ཀཱ་ལ་པད་ཏི་པ་ཤི་པ་ཟད་ཧཱུྃ་ཕཊ། ཐིག་གུ་དང་ས་དཀར་ལ་ཨོཾ་མ་ཧཱ་ཀཱ་ལ་དུ་ན་ས་ར་ཐབ་ན་ཤ་ཏྲུཾ་ལ་ཧཱུྃ་ཕཊ། ཐིག་གུ་དང་ས་ནག་ལ་ཨོཾ་མ་ཧཱ་ཀཱ་ལ་ལོ་ཤི་ཁ་ལ་རཀྴ་རྦད་ནན་ཧཱུྃ་ཕཊ། སེར་པོ་དམར་པོ་སྔོན་པོ་དང་། །དཀར་པོ་ནག་པོ་བལ་ཚོན་ལྔ། །ས་ཚོན་ལྔ་དང་ཚྭ་ཚྭ་ལྔ། །ལྔ་པོ་རེ་རེ་ལ་ཡང་སྟོང་སྟོང་བཟླས། །དེ་ནས་རྩང་ཕུར་ཉི་ཤུ་རྩ་གཅིག་ལ། །
དྲག་པོའི་འདེབས་སྔགས་འདི་ལྟར་བཟླས། །ཕུར་བུས་གདབ་པའི་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚན་ཕཊ། ཐལ་ཆེན་གྱིས་བྲབ་པའི་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་པ་པཾ་ཧུྃ་ཧཱུྃ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་དུཥྚན་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཤ་ཏྲུཾ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། རེ་རེ་ལ་ཡང་བརྒྱ་བརྒྱ་བཟླས། །རྡེའུ་དཀར་ནག་དམར་གསུམ་ལ། །བདུན་བདུན་ཉི་ཤུ་རྩ་གཅིག་ལ། །རྩ་སྔགས་ཉི་ཤུ་རྩ་རེ་བཟླས། །དེ་ནས་མཚན་མ་རྫོགས་པ་དང་། །ལྷ་ཀླུ་གནས་པའི་ཕོ་བྲང་ངམ། །དགེ་འདུན་འདུ་བའི་ཐེམ་འོག་གམ། །རྣལ་འབྱོར་རང་གི་མལ་འོག་ཏུ། །གྲུ་གསུམ་གྲུ་གང་བརྐོས་པ་ཡི། །དེ་དུས་དགྲ་ལ་རྟགས་འབྱུང་སྟེ། བྱ་ནག་མཆུ་བདར་གཤོག་པ་རྡེབས། །སྡེར་མོའི་ཤ་འབྲད་ཤ་ལོག་བྱེད། །ནད་ཡམས་སྣ་ཚོགས་འཁྲུགས་པ་དང་། །གློ་བུར་གྲི་ཐབ་སྣ་ཚོགས་ཀྱི། །དམ་ཉམས་གནག་དགྲ་ཕུང་བར་འགྱུར། །མནན་པས་དགྲ་བགེགས་བསྒྲལ་བའོ། །དེ་ནས་སྲེག་པར་བྱེད་པ་ནི། །བསྒྲུབ་པའི་གྲུ་གསུམ་དེ་ཉིད་དུ། །ཚེར་མ་ཅན་གྱི་ཤིང་ནག་ལ། །གྲུ་གསུམ་དྲག་པོའི་གཟུགས་སུ་བརྩིག །ཤན་པའི་ཁྱིམ་ནས་མེ་བླངས་ཏེ། །ཞིང་ལྤགས་སྦུད་པས་མེ་བུས་ལ། །མེ་ལྷ་ལས་ཀྱི་མགོན་པོར་
བསྐྱེད། །དུག་དང་ཁྲག་གིས་ཡན་ལག་བྱུག །ཞྭ་ནག་གོས་ནག་གྱོན་བྱས་ལ། །བསྟན་པ་བསྲུང་ཕྱིར་སྙིང་རྗེ་ཡིས། །དམ་ཉམས་བསྒྲལ་བར་བསམས་བྱས་ཏེ། །ཐུན་གྱིས་བྲབ་པའི་ལིང་ག་རྣམས། །མི་བསད་ཚོན་དང་གྲི་གུག་གིས། །རྐང་པ་གཡོན་པ་ནས་བརྩམས་ཏེ། །དུམ་བུར་གཏུབ་ཅིང་སྔགས་འདིས་བསྲེག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། སརྦ་ཤ་ཏྲུཾ་རཱུ་པ་ལ་ད་ཧ་ད་ཧ། པ་ཙ་པ་ཙ། ཛྭ་ལ་རཾ་ཛྭ་ལ་རཾ། སརྦ་ཤ་ཏྲུཾ་ཙིཏྟ་མཱ་ར་ཡ་སྲོག་ལ་ཧུར་ཐུམ་ཛཿ དི་ན་ཆྒཻ་མོ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། ཐུན་རྫས་དུག་སོགས་བསྲེག་པའི་རྫས། །ཤ་ཁྲག་ལ་སོགས་མཆོད་པའི་རྫས། །གཏོར་མ་རྣམ་ལྔར་བཅས་པ་དང་། །སྲོག་སྔགས་ལིང་གར་བཅས་པ་རྣམས། །མང་ཉུང་མེད་པར་སྤེལ་ལ་བསྲེག །ཐལ་བ་རླུང་ལ་ཕྱར་དང་གནན། །དེས་ནི་དགྲ་བགེགས་མ་ལུས་རྣམས། །ཚ་བ་མེ་དབལ་ནག་པོའི་ནད། །རིམས་དང་ལྡོག་ཐབས་སྣ་ཚོགས་འོང་། །ཟོར་ཐོག་དྲག་པོས་གསད་པ་ནི། །ཁྲག་མདའ་གཏོར་མ་རྐང་ཟོར་ལ། །ཁྲག་གི་ཀོང་བུ་ཟུར་གསུམ་པ། །བརྒྱ་དང་བརྒྱད་དུ་བཤམ་པར་བྱ། །ནག་པོ་བདུན་གྱི་ཤ་ཁྲག་དང་། །ལ་རྫས་མི་ཁ་སྣ་དགུ་དང་། །བལ་ཚོན་སྔོ་དམར་བྱད་སྟེམས་དང་། །དུག་ཁྲག་ནག་པོ་ཉེར་གཅིག་དང་། །རྡོ་ནག་ལིང་ག་མང་པོ་དང་། །ཁྲམ་
དང་ཚོན་གྲུག་རྩང་འཚེར་དང་། །ཀོང་བུ་བཀང་ལ་ཕྱོགས་བཞིར་བཞག །མི་བསད་མདའ་ལ་ལྟས་ངན་སྒྲོ། །གསད་པའི་སྔགས་རྒོད་ཟློག་པའི་སྔགས། །དུག་དང་ཁྲག་གིས་མས་བཟློག་བྲི། །གཏོར་མ་དབལ་ཅན་བདུན་ལ་སྨན་གྱིས་བྲན། །ཁྲག་གཏོར་ཉེར་གཅིག་ལིང་གར་བཅས། །ཕྱོགས་དང་མཚམས་སུ་གཞག་པར་བྱ། །དུས་དང་གཟའ་སྐར་ངན་ལ་གཏད། །གོས་ནག་ཞྭ་ནག་ལུས་ལ་གྱོན། །དུག་ཁྲག་སོལ་བས་ལུས་ལ་བྱུག །བལ་ཚོན་སྣ་ལྔའི་དགུ་ཐོག་ལ། །མི་ལྤགས་ཐིལ་དང་ཁྱི་ནག་སྤུ་འཇག །མི་བསད་གཞུ་དང་བཅས་པ་རྣམས། །རྣལ་འབྱོར་དྲག་སྔགས་ལྡན་པས་བཟུང་། །བྱང་དུ་ཁ་བལྟས་སྔགས་འདི་བཟླས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཏྲག་རཀྴ་མ་ཏི་ཡེ་ཏི་དགྲ་ལ་འཕྱོ་ཞིང་ཤ་ལ་ཟོ། རྣལ་ཕོབ་ན་རཀྟ་གྷན་ཏ་གློ་སྙིང་སྤྲུག །མ་ཧཱ་ཀཱ་ལ་ཨེ་ཀ་དུ་ན་བྷྱོ། ས་ཀ་དུ་ན་བྷྱོ། ཙ་ཏུར་དུ་ན་བྷྱོ། ར་ཙ་དུ་ན་བྷྱོ། ས་མ་ཡ་བྷྱོ་བྷྱོ། ཞེས་པའི་སྔགས་འདི་རབ་ཏུ་བཟླས། །ཚ་བ་མེ་ཡི་ཁྲག་ཟོར་འདི། །རྟགས་དང་ལྡན་ནས་དགྲ་རྣམས་སྒྲོལ། །དུས་མིན་འཆི་དང་བགེགས་རིགས་སྟོང་། །མ་ལུས་བར་ཆད་ཐམས་ཅད་ཟློག །ཅེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས།
གནན་སྲེག་འཕང་གསུམ་གྱི་ལས་མཐའ་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །དེ་ནས་ཡང་དག་བཤད་པར་བྱ། །དེ་ལྟར་བསྒྲུབས་ཀྱང་མ་འགྲུབ་ཅིང་། །བསྒྲུབས་ཀྱང་ལས་ལ་མི་འགྲོ་བར། །འཁུ་ཞིང་ལྡོག་པར་གྱུར་པ་ན། །ཁྱད་པར་དྲག་པོས་བསད་པའི་ལས། །འཁོར་ལོ་ཐུན་གདབ་ལིང་ག་ལ། །སྲོག་རྩ་བཟློག་ཅིང་དཀྲུག་པ་ཡི། །དྲག་སྔགས་བདུན་པའི་ལས་མཐའ་བསྟན། །མཚོན་ཆ་རྫས་ཀྱི་ཐོག་མདའ་འཕེན། །ཤི་ས་ཨར་ལ་གཏད་པ་དང་། །མ་གྲུབ་སྤོགས་པའི་ལས་མཐའ་ནི། །ཉུངས་ཀར་ལ་སོགས་དུག་དང་ཁྲག །ལྕགས་ཕྱེ་ལ་སོགས་མཚོན་རྩེ་དང་། །ཞག་གི་དུས་མཐུན་ཐུན་དྲུག་ལ། །ཏིང་འཛིན་གསལ་བསྟན་འབྲུ་ལྡོག་སྔགས། །ངག་བཅད་བརྒྱ་བརྒྱ་རྫོགས་པ་དང་། །ལྷ་ལ་སྡང་ཞིང་དགྲ་ལ་བརྡེག །སྔགས་དེ་བློ་ལ་མི་བཟུང་ཞིང་། །ཕྱི་ནས་དྲན་པར་མི་བྱའོ། །དེ་ཡིས་ལས་རྣམས་འགྲུབ་ཅིང་བཀའ་ལ་ཉན། །ཤིན་ཏུ་འཇིགས་པའི་ལས་ཡིན་པས། །ཀུན་གྱིས་བྱ་བར་མི་རུང་སྟེ། །ལྷ་ལ་དྲོད་ཐོབ་གདེངས་དང་ལྡན། །སྔགས་པ་ནུས་པ་ཐོབ་པ་ཡི། །རྣལ་འབྱོར་པས་བྱ་གཞན་དུ་མིན། །ནག་པོ་ཆེན་པོ་སྒྲུབ་དུས་སུ། །ཕྱི་རྟགས་ནང་རྟགས་གྲུབ་རྟགས་དང་། །ལྡོག་དང་དམ་ཚིག་ཉམས་པའི་རྟགས། །ཕྱི་རྟགས་རླུང་ནག་ཚུབ་
སྒྲ་ཅན། །ཐོག་འཚེག་གླུ་ལེན་གར་བྱེད་དང་། །མོན་པ་བྱ་རོག་མང་པོ་དང་། །སྔགས་པ་དར་ནག་ཕྱར་བ་དང་། །རྟག་ཏུ་འོད་ཆེན་འོང་བ་ཡིན། །ནང་རྟགས་བླ་མ་སློབ་དཔོན་དང་། །གཏམ་སྨྲ་ཆོས་བཤད་ལུང་སྟོན་དང་། །གདུགས་ཕུབ་སེང་གེའི་ཁྲི་ལ་འདུག །ཏིང་འཛིན་ཉམས་བཟང་རིག་པ་དཔའ། །རྒྱལ་སར་དབང་བསྐུར་ཐོབ་པ་དང་། །མཚན་ལྡན་ཐོད་པ་རྙིང་པའོ། །གྲུབ་རྟགས་མགོན་པོའི་ཞལ་མཐོང་དང་། །རལ་གྲི་རྙེད་དང་སྙིང་སྟེར་དང་། །མཁའ་འགྲོའི་ཚོགས་ཀྱིས་གཏམ་ཟེར་དང་། །དངོས་གྲུབ་རྫས་རྣམས་གཏེར་བ་དང་། །སྟག་གཟིག་དོམ་དྲེད་ལྕེ་སྤྱང་དང་། །བྱ་རོག་འཕུར་ཞིང་བྱ་ཁྱུང་གི་རིགས་ལྡིང་བ་དང་། །ཤེལ་གྱི་མཆོད་རྟེན་དཀར་པོ་ལ། །རང་ཉིད་བསྐོར་བ་ཕྱག་བྱེད་དང་། །གཏེར་མཐོང་རིན་ཆེན་ཆར་འབེབས་དང་། །ལྡོག་དང་དམ་ཚིག་ཉམས་པའི་རྟགས། །མཚོན་ཆའི་ཆར་དང་དམག་འོང་དང་། །རྦབ་དང་ཤྭ་བུད་ཆུ་ཡིས་ཁྱེར། །མུན་པ་མང་པོ་འཐིབ་པ་དང་། །རང་ཉིད་རི་བོས་ནོན་པ་དང་། །ནག་པོ་བདུན་གྱིས་རྒོལ་བ་དང་། །རང་གི་རྡོ་རྗེ་སློབ་དཔོན་ལ། །སྡིག་བསགས་བར་ཆད་བྱས་པ་ན། །དེ་ནི་དམ་ཚིག་ཉམས་པའི་རྟགས། །ཁྲོ་འདོད་ཚིག་པ་ཟ་བ་དང་། །གཤན་པའི་སྡིག་ལ་སྤྱད་འདོད་དང་། །
དྲ་བ་ནག་པོའི་ལུས་དྲིལ་དང་། །ཐག་ནག་ཞགས་པས་བསྡམས་པའོ། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་སྲོག་ཟན་ནག་པོའི་ནང་རྒྱུད་ལས། མགོན་པོའི་གནད་འབེབས་དང་གྲུབ་རྟགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །དཔལ་ལྡན་མགོན་པོ་འཁོར་བཅས་ཀྱི། །བསྙེན་པ་སྒྲུབ་པ་བསད་པ་དང་། །རྩ་བ་རང་གི་བཅུད་ཕུར་སྔགས། །སྲེག་པ་མནན་དང་ཟོར་གྱི་སྔགས། །འབྲུ་དང་ཚེག་བར་གོང་འོག་བརྒྱན། །མ་ཚང་ཆད་ནོར་གྱུར་པ་ཡང་། །ཆུ་དཀྲུགས་སྙིང་པོ་མེད་དང་མཚུངས། །སྐྱེས་བུས་བསྐལ་པ་གནས་ཀྱི་བར། །བསྒྲུབས་ཀྱང་འབྲས་བུ་མི་འབྱུང་ངོ་། །བསྙེན་པའི་སྔགས་ལ་མ་ཐེམས་ན། །རི་དྭགས་སྨིག་རྒྱུ་བསྙེག་པ་འདྲ། །བསྒྲུབ་པའི་སྔགས་ལ་མ་ཚང་ན། །དཔའ་བོ་ལག་ན་མཚོན་མེད་འདྲ། །ལས་སྦྱོར་སྔགས་ལ་མ་ཚང་ན། །མཚོན་ཆ་ངར་མེད་ཐོགས་པ་འདྲ། །ལས་ཚོགས་སྔགས་ལ་མ་ཚང་ན། །ལག་རྡུམ་བྲག་ལ་འཛེག་པ་འདྲ། །དེ་ཕྱིར་སྔགས་ཀྱི་བཏུ་བ་གཅེས། །སྔགས་རྣམས་ཀུན་གྱི་ཐོག་མཐའ་ལ། །ཨོཾ་ཡེ་ཤེས་ལྔ་དང་ཕཊ་སྐྲོད་བྱེད་ཀྱིས། །ཀཱ་ལ་ནག་པོ་མ་ཧཱ་ཆེན་པོ་འབྲུ་བཞི་ལ། །ཧཱུྃ་སྡུད་བྱེད་རྒྱལ་པོའི་ཡང་དག་བསྡུ། །བཛྲ་མི་ཤིགས་རྡོ་རྗེ་ཡང་དག་བརྒྱན། །དེ་ནི་
རྩ་བའི་སྔགས་སུ་བཤད། །ཡེ་ཤེས་མགོན་པོའི་བསྙེན་པ་ཡིན། །གསང་བའི་བསྙེན་པ་གོང་ནོན་བཅུན། །ཨོཾ་མ་ཧཱ་ཀཱ་ལ་ཡེ་ཤེས་ལྔ་དང་འབྲུ་བཞི་ལ། །གུ་ཎ་ཡོན་ཏན་སྔགས་དང་ཧྲི་ད་སྙིང་པོས་བརྒྱན། །ཧཱུྃ་སྡུད་དང་ཕཊ་སྐྲོད་པར་བྱེད་པའི་མཆོག །གསང་བ་ཡང་སྙིང་འདི་དག་ལ། །མོས་ཤིང་དད་པས་བཟླས་བྱེད་པ། །མགོན་པོ་དམ་ཅན་ལས་ལ་འདུ། །གཞན་ཡང་བཟླས་པའི་ཕན་ཡོན་ནི། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །མེ་དང་རྒྱལ་པོ་ཆུ་དང་དུག །མ་རུངས་ལྕེ་སྤྱང་ལ་སོགས་པའི། །འཇིགས་པ་རྣམས་ལས་ཡོངས་སུ་ཐར། །ནད་དང་སྡུག་བསྔལ་ཞི་བ་དང་། །ཚེ་དང་དབང་ཐང་ལ་སོགས་པ། །ལོངས་སྤྱོད་འཕེལ་ཞིང་དབུལ་བ་སེལ། །དཔག་བསམ་ལྗོན་ཤིང་རྒྱས་པ་སྟེ། །མི་ནུབ་རྒྱལ་མཚན་འཇིག་རྟེན་དུ། །གྲགས་པ་ཆེན་པོ་བླ་མེད་འགྱུར། །ཚོགས་རྫོགས་སྒྲིབ་པ་རྣམ་དག་ཅིང་། །བླ་མེད་བྱང་ཆུབ་ཆེན་པོར་འགྱུར། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །དགོས་འདོད་ཐམས་ཅད་དེ་ལས་འབྱུང་། །ཡེ་ཤེས་མགོན་པོའི་བསྙེན་པ་ཡིན། །འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས། །ཐོག་མར་ཨོཾ་ཡེ་ཤེས་ལྔ་དང་ལྡན། །ཐ་མར་སྤྲོད་པར་བྱེད་པའི་མཆོག །བར་ན་ཡི་གེ་འབྲུ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་དགུ་གནས། །མགོ་ནོན་ལས་མགོན་
གྱི་སྔགས་སུ་ཤེས་པར་བྱ། །དཔེར་ན་གནད་སར་གཅུད་ཕུར་གཏམ་པ་བཞིན། །འཁུ་ལྡོག་བྱེད་པར་མི་ནུས་སོ། །དང་པོ་ཨོཾ་ཡེ་ཤེས་ལྔ་དང་ལྡན། །ཐ་མར་ཛ་ཛ་འགུགས་པར་བྱེད་པའི་མཆོག །བར་ན་ཡིག་འབྲུ་ཉེར་དགུ་གནས། །ལས་ཀྱི་མགོན་པོའི་སྲོག་སྔགས་ཡིན། །སྒྲུབ་པ་ནང་རྟགས་མ་ཐོན་བར་དུ་བཟླས། །དེས་ནི་དགྲ་བགེགས་མ་ལུས་གསོད་པར་བྱེད་པའི་མཆོག །དང་པོ་ཨོཾ་ཡེ་ཤེས་ལྔ་དང་ལྡན། །ཐ་མ་མཱ་ར་ཡ་གསོད་བྱེད་ཡང་དག་ལྡན། །བར་ན་མཱ་ར་ཡ་གསོད་བྱེད་བསྐོར་ཞིང་གདོང་ཅན་བཞིའི་སྔགས་བསྟོད། །ཡེ་ཤེས་མགོན་པོ་རྦད་པའི་མཆོག །དང་པོ་ཏྲག་རག་ཤ་འཁྲུགས་བྱེད་ཆེན་པོར་ལྡན། །ཐ་མར་སྐྱོད་བྱེད་ཡཾ་རླུང་གིས་བརྒྱན། །མ་མོ་ནག་མོའི་རྦད་སྔགས་ཡིན། །དང་པོར་རང་གི་ས་བོན་མཾ་ལྡན། །ཐ་མར་གཞན་ལ་དབོ་བ་བྷྱོ་བྷྱོ་སྟེ། །ལས་ཀྱི་ཤན་པའི་སྔགས་དགོད་ཡིན། །དཔེར་ན་སྟག་མོ་གཟན་ཚོལ་འདྲ། །བསྒྲུབ་པ་ལྷ་ཡི་རྩ་སྔགས་འདི། །ངོ་བོ་སོ་སོ་མ་ཡིན་ཏེ། །སྔགས་དང་ལྷ་གཉིས་བསྟན་པའི་ཕྱིར། །ཡུམ་སོ་བཞི་ཡེ་ཤེས་པ་ཉེར་གཅིག་ལས་མགོན་བཞི་ཉེར་དྲུག་གསུམ། །མ་མོ་ཡེ་ཤེས་ལས་མགོན་སྔགས། །འབྲུ་ཐེམ་སོ་སོར་བགྲངས་པ་ཡིན། །ལས་བཞི་པོ་གཅིག་ཏུ་དྲིལ་བས་གཙོ་འཁོར་སྡེབས། །རྦད་པའི་སྔགས་ལས་ལ་འགྲོ་བའི་སྔགས་སུ་རིག །
རྦད་པ་བླ་འགུགས་སྔགས་ཞེས་བྱ། །དང་པོ་མ་མོའི་ས་བོན་མཾ་ལ། །ཐ་མར་མཱ་ར་ཡ་གསོད་བྱེད་མ་མོ་དང་། །ཡིག་འབྲུ་སུམ་ཅུ་སོ་གཉིས་པ། །ལས་མགོན་བཞི་ཡི་བསད་སྔགས་ཡིན། །དཔེར་ན་དུག་གི་སྤུ་གྲི་འདྲ། །དང་པོར་རང་གི་ས་བོན་ལས། །ཐ་མར་ཕཊ་སྐྲོད་པར་བྱེད་པའི་མཆོག །ཡི་གེ་འབྲུ་དགུ་གནས་པ་ནི། །མ་མོ་ནག་མོའི་གསང་སྔགས་ཡིན། །དེ་ལ་གཅིག་ཏུ་དྲིལ་ལ་རྦད། །གང་དམིགས་སྲོག་ནི་སྤུ་གྲིས་ལེན། །དང་པོ་ཨོཾ་ཡེ་ཤེས་ལྔ་བརྒྱན་ནས། །ཐ་མར་ཛ་ཛ་འགུགས་དང་ཕཊ་སྐྲོད་ཕྱེ་ཕྱེ་དབྱེའང་། །བཅུ་དགུ་ཉི་ཤུ་ལྔ་བཅུ་པ། །ལྷ་འགུགས་དབྱེ་དང་སྐྲོད་པའི་སྔགས། །གནན་སྲེག་ཟོར་སྔགས་ལ་སོགས་རྣམས། །ལས་མཐའ་སྡུད་པའི་སྔགས་རྣམས་དང་། །ལས་ཀྱི་གིང་ཆེན་གསོད་བྱེད་ལ། །སྤྱི་བསྡུས་སྲོག་དང་སོ་སོའི་སྔགས། །ལེའུ་བདུན་པ་གང་དུ་བཤད་དང་ཡེ་ཤེས་མགོན་པོའི་རྒྱུད་སྟོན་པའི་གསུང་། །ཕྱི་རྒྱུད་ནང་རྒྱུད་ལས་རིམ་པར་བཤད་དང་བླ་མ་དམ་པའི་ཞལ་བཞིན་བཟླས། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། སྔགས་ཀྱི་ཐེམ་ཡིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །ཕ་རོལ་ངན་སྔགས་ཟོར་དང་བྱད། །ལྷ་འདྲེ་རྦོད་
གཏོང་མུ་སྟེགས་མཐུ། །ནང་རྒྱས་བཟློག་པ་འདི་ལྟར་བྱ། །ཕུང་ཤུལ་ས་ལ་དཀྱིལ་འཁོར་ནི། །གྲུ་གསུམ་དམར་ནག་བདུན་བརྩེགས་བརྩིག །ནང་དུ་དུག་ཁྲག་རོ་སོལ་བྱུག །རབས་ཆད་ཐོད་ནག་ཁ་སྦྱར་ལ། །གསད་པའི་འཁོར་ལོ་རོ་རས་སམ། །ཡང་ན་ཞིང་ལྤགས་དག་ལ་བྲི། །ནང་དུ་རུ་ཏྲའི་སྔགས་པའི་གཟུགས་བཅུག་ལ། །སྙིང་ཁར་མིང་རུས་ལྷ་དང་བཅས་པ་དགོད། །མཆོད་རྟེན་ནག་པོའི་ནང་དུ་གཞུག །དུག་ཁྲག་ནག་པོ་འབྲུ་བདུན་ལ། །དྲག་པོའི་སྔགས་ཀྱིས་དགུག་ཟློག་དང་། །མཆོད་རྟེན་དཀར་པོས་སྟེང་ནས་གནན། །ནང་དུ་གསང་བའི་སྔགས་ཀྱིས་བསྲུང་། །དེ་ཡི་སྔགས་གུད་འདི་ལྟར་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ཏྲོ་མ་རི་ཤ་ཤ །ཁྲག་ཐུན་མ་ཙིཏྟ་མཱ་ར་ཡ་ཏྲི་རྦད། ཤོ་མ་རི་རག་ཤ་ལ་བཾ། ཙིཏྟ་པྲ་མ་རག་ཤ་རྦད། སྲོག་ཏེ་ཏྲི་མ་ཧྲི་ཤ་ཛཿ ཙག་ཏེ་ལ་ཏྲྀ་ཡག་ཤ་ཛཿ ཏྲྀ་ཏ་མ་ཏྲྀ་ཡ་ཡ་ཛཿ སརྦ་ཤ་ཏྲུཾ་མཱ་ར་ཡ་ཧུར་ཐུམ་རྦད་རྦད། ཟློག་ཟློག །མཱ་ར་ཡ་མཱ་ར་ཡ། ཞེས་པའི་དྲག་སྔགས་སྤུ་གྲི་བཟླས། །དེས་ནི་མཐུ་དང་བྱད་ཁ་ཟློག །དེ་ནས་ངག་གནན་བྱ་བ་ནི། །ལུག་དང་ཕོ་རོག་དང་མི་ལྐུགས་པ་གསུམ་གྱི་ཤ་ཁྲག་དང་། །ཆུ་མིག་ལྐུགས་པ་གསུམ་གྱི་ས་ཆུ་ལ། །དགྲ་བོའི་ལིང་ག་བྱས་ལ་ནི། །དེ་ཡི་སྙིང་གར་ལྕེ་ལྤགས་ནང་། །དགྲ་གཟུགས་ལྕེ་དང་ལྡན་པ་ལ། །
རྡོ་རྗེ་རྒྱ་གྲམ་རབ་བརྒྱངས་ལ། །དེ་ཡི་སྔགས་ཀྱིས་བསྐོར་བར་བྱ། །རྡོ་ནག་མཚལ་ཡིག་དང་བཅས་ནས། །གསང་བའི་སྔགས་འདིས་བྲབ་པར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ལོ་ཀ་ཏྲི་ཀརྨ་རཀྴ་ཧཱུྃ་ཕཊ་སརྦ་ཤ་ཏྲུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་དུ་ན་ནན་ས་དུ་ནན་སྙིང་དུ་ནན་ཏྲི་དུ་ནན་ཁ་ཤ་ཐུན་ནན་ཡཀྴ་ཀུ་རུ་རྦད་ཡ་ནན། དེ་བྱི་ནན། ཛ་ཏི་ནན། ཏེ་བྱི་ནན། ཏ་ཏུ་ཏེ་ནན། པུ་རུ་ཏེ་ནན། ཨུ་མ་ནན། མཱ་ར་ཡ་རྦད་ནན། དེ་ནས་ལིང་ག་དྲིལ་བྱས་ལ། །མི་ལྐུགས་པའི་ཐོད་པར་བཅུག་ལ་ནི། །ས་དོན་མཛེ་ཕོའི་རོ་གོས་ནག་པོས་དྲིལ་བྱས་ཏེ། །ནུབ་ཏུ་ཁ་བལྟས་ལྐུགས་པར་གནན། །སྔགས་ནག་བདུན་རྒྱུད་བཅས་པ་རྣམས། །ལྕེ་འཆད་ངག་ནི་ལྐུགས་ནས་འཆི། །དགྲ་ལ་ལྟས་ངན་གཏོང་བ་ནི། །བསྟན་ལ་སྡང་བའི་དམ་ཉམས་རྣམས། །མགོན་པོ་ནག་པོའི་ཆོ་འཕྲུལ་གྱིས། །ཤིན་ཏུ་སྐྲག་ཅིང་སྔངས་པར་བྱེད། །ཐལ་ན་འཆི་དང་སྨྱོ་བར་བྱེད། །དེས་ན་བསྒྲུབ་ཚོད་ཟིན་པར་བྱ། །དུར་ཁྲོད་ལ་སོགས་གནས་འཇིགས་པར། །རབས་ཆད་མཚན་ངན་ཐོད་པ་རུ། །རྟ་ནག་ཁྱི་ནག་བྱ་རོག་ཁྲག །ཝ་དང་སྤྱང་ཀི་འཕར་བའི་ཁྲག །སྲིན་བྱ་འུག་པ་ཁ་ཏའི་ཁྲག །སྤྲ་དང་སྤྲེའུ་བྱི་ལའི་ཤ །བོན་ནག་མཐའ་འཁོབ་ཀླ་ཀློའི་མི། །སྦལ་ནག་རྩངས་པ་སྦྲུལ་སྡིག་ཤ །བག་ཟན་
བསྲེས་ལ་ལིང་ག་ནི། །ལྟས་ངན་གདུག་པའི་ཀླུ་གཟུགས་བྱ། །ཨ་ཙ་ར་ན་ལ་སོགས་པ། །དགྲ་བོའི་ལིང་ག་མང་བྱས་ལ། །ཞག་བདུན་བར་དུ་སྔགས་འདི་བཟླས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀརྨ་རཀྴ་གིང་ཀ་ར་གིང་ཀ་ར། རྒྱུག་རྒྱུག་བྲེང་བྲེང་མ་ཧཱ་ཀཱ་ལ་ས་ཏྭཱ་ས་མ་ཡ། འུར་བ་འུར་བ། རྒྱུག་ཏྲི་རྒྱུག་ཏྲི། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར། ཏེ་ཤང་ཀུ་རུ་རྒྱུག་རྒྱུག་བྲེང་བྲེང་། མ་ཧཱ་ཀཱ་ལ་དགྲ་ལ་བྷྱོ་བྷྱོ། རྟགས་དང་མཚན་མ་སྣ་ཚོགས་འོང་། །མི་མཐུན་མཚན་ངན་ཅི་བྱུང་ཡང་། །འཇིགས་ན་བར་དུ་གཅོད་པར་འགྱུར། །དེ་བས་སྔགས་པ་གདེང་ལྡན་པས། །ནག་པོ་ཆེན་པོ་གདེང་ལྡན་བསྒོམ། །ལྟས་ངན་ཤ་ཁྲག་ཆང་ཕུད་ཀྱིས། །གཏོར་མ་ཆེན་པོ་ལེགས་བཤམས་ཏེ། །མགོན་པོ་མཆོད་ཅིང་གནད་ནས་བསྐུལ། །གཏོར་མ་ལྟས་ངན་གཟུགས་དང་བཅས། །ཐོད་ཁྲག་དགྲ་བོའི་ཕྱོགས་སུ་འཕངས། །དམོད་གཡབ་དོར་ཞིང་འོ་དོད་འབོད། །དེ་ལྟར་འབད་པས་བསྒྲུབ་གྱུར་ན། །དམ་ཉམས་དགྲ་བོ་མངོན་སུམ་དུ། །བྱ་རོག་མཆུ་བརྡར་གཤོག་པ་རྡེབས། །སྡེར་མོས་ས་འབྲད་ཤ་ལོག་བྱེད། །མི་སྙན་སྐད་ངན་སྣ་ཚོགས་སྒྲོགས། །སྲིན་བྱས་ཀུས་འདེབས་འུག་པ་དགོད། །ཝ་དང་འཕར་བ་ལྕེ་སྤྱང་ངུ། །ཁྱི་ནག་དོམ་དང་སྤྲེའུ་མཆོང་། །མོན་པ་མཐའ་འཁོབ་ཨ་ཙ་
ར། །གར་བྱེད་གླུ་ལེན་བཤུག་པ་འདོན། །འོད་དང་ཐོག་ཆེན་འུར་སྒྲ་ཆེ། །ལྟས་ངན་སྣ་ཚོགས་དགྲ་ལ་འོང་། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། ཟློག་པ་ནང་རྒྱས་ངག་གནན་ལྟས་ངན་གཏོང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །བཅུ་པ་འཁོར་དྲེགས་པ་སོ་སོར་སྒྲུབ་པ་བསྟན་པ་སྲུང་བའི་མ་མོ་ནི། །མཁའ་འགྲོ་དྲུག་དང་མ་མོ་བཞི། །དཔལ་ལྡན་མགོན་པོ་ནག་པོ་ཡི། །ལས་མཁན་གསང་བའི་བཀའ་སྡོད་ཡིན། །ནམ་མཁའ་མེ་རླུང་ས་ཆུ་དང་། །ལྕགས་ཤིང་ལས་སྐྱེས་མཁའ་འགྲོ་མ། །གསང་བའི་ཡང་སྙིང་བཞི་བཅུ་བརྒྱད། །དྷ་ཀི་ནི་ཌྷཾ་ཌྷཾ་ཌྷུཾ་ཌྷེཾ་ཌྷོཾ་ཌྷ། ར་ཀི་ནི་རཾ་རིཾ་རུཾ་རེཾ་རོཾ་ར། ལ་ཀི་ནི་ལཾ་ལིཾ་ལུཾ་ལེཾ་ལོཾ་ལ། ཀ་ཀི་ནི་ཀཾ་ཀིཾ་ཀུཾ་ཀེཾ་ཀོཾ་ཀ །ས་ཀི་ནི་སཾ་སེཾ་སུཾ་སེཾ་ས། ཧ་ཀི་ནི་ཧཾ་ཧེཾ་ཧུཾ་ཧོཾ་ཧ། ན་ནི་ན་ནི། མ་ཧཱ་ཀཱ་ལི། གྷ་རེ་གྷ་རེ། བུ་ལ་ཨི་ཛི། མ་བ་ར་ལི། ས་ཏཾ་ས་ཏཾ། བོ་ཏི་ཀ་ཏི། ཀེ་ར་ཀེ་ར། ཀ་ས་ཏ། ཕོ་ཏི་ཀ་རེ། མ་ཀཾ་ལ་སི་པ་སུ། དུ་ཁཾ་ཀི་ལ། དཾ་དཾ་པྲ། འཁུ་ལྡོག་མི་འོང་བཀྲ་ཤིས་ལ། །མཁའ་འགྲོ་བཞི་བཅུ་རྩ་བརྒྱད་པོ། །སྔོན་མོ་བརྒྱད་དང་དམར་མོ་བརྒྱད། །སེར་མོ་བརྒྱད་དང་དཀར་མོ་བརྒྱད། །ལྗང་ཁུ་བརྒྱད་དང་ནག་མོ་བརྒྱད། །
ཡེ་ཤེས་མཁའ་འགྲོ་བཀྲ་ཤིས་མཐུ་ཡང་ཆེ། །ལས་ཀྱི་མཁའ་འགྲོ་ལྟོ་ལ་ངན། །དྲུག་དྲུག་སུམ་ཅུ་སོ་དྲུག་ནི། །རྩང་དང་ཕུར་པ་ལིང་གར་བཅས། །ཤ་ཁྲག་རྐང་མར་གཏོར་མ་དྲུག །དྲུག་དྲུག་གནད་ལ་ཐུན་གྱིས་བྲབ། །དེས་ནི་དགྲ་བོ་མ་ལུས་སྒྲོལ། །དེ་ནས་མོན་མ་ནག་མོ་ཡི། །གསང་བ་གནད་ཀྱི་སྙིང་སྒྲུབ་ནི། །དགྲ་བོའི་གཟུགས་ནི་རའི་ཁྲག་གིས་བྲི། །དཀར་ནག་སྐུད་པས་རྒྱ་གྲམ་བཅིང་། །རྣོལ་གྲི་ནག་མོའི་སྙིང་སྒྲུབ་ཐོད། །ནང་དུ་དགྲ་གཟུགས་ལིང་ག་གཞུག །སྙིང་ཁྲག་དུག་གི་ཐུན་གྱིས་བྲབ། །གསང་བའི་སྔགས་ནི་འདི་ཉིད་བཟླས། །ཨ་ཙ་ཙ་ཨ་ན་ཧ་ཙ་ཙ། ཙུ་ཏྲ་ལ་ཙ་ཏ་ཏ། ཁ་ཙ་ཙ་ན། ཁ་ག་ཙ་ཙ་ན། ཙ་མུ་ལ་ཙ་མུ་ལ། ཙི་ཙ་མུ་ཧུ་ལ། ཏ་མུ་ཧུ་ལ་ཙ་ཙ། ཏ་མུ་ཧུ་ཧ་ཏ། མུ་ཧུ་ལ་ཨ་པ་ཏ་སྭཱ་ཧཱ། སྲོག་ཆགས་གང་ལ་བཏབ་ཀྱང་འཆི། །བྱ་ཁྱི་བུད་མེད་སྤང་བར་བྱ། །ཉུངས་ཀར་རྒྱལ་པོ་དུས་དྲུག་སྔགས། །ཞག་ནི་བདུན་གསུམ་བར་དུ་བཟླས། །ལྷ་མོ་གཅེར་བུ་ཞལ་གསུམ་མ། །གཅེར་བུ་ནག་མོ་ཕྱག་བཞི་མོ། །གཡས་པ་ཏྲི་ཤུ་ཆུ་གྲི་དང་། །གཡོན་པ་ཌཱ་མ་རུ་དང་ཁ་ཊྭཱཾ་འཛིན། །ཚངས་པ་བྱ་ཡི་གདན་ལ་བཞུགས། །བྱ་རོག་ལ་ཕུག་སྐེ་ཚེ་དང་། །ཚེར་ནག་མར་ནག་ལིང་ག་བསྲེག །དེས་ནི་དགྲ་བོ་བརླག་པར་འགྱུར། །མ་མོ་ནག་མོ་ཙནྜི་ཀ །
དགྲ་བོ་གསད་པར་འདོད་པས་འདི་ལྟར་བྱ། །དུག་དང་སྐེ་ཚེ་ཚ་བ་གསུམ། །ཐང་ཁྲོམ་སྲིན་ལག་རའི་ཁྲག །ལིང་ག་སྤྲ་ཚིལ་ལ་བྱས་ལ། །གོང་གི་མིང་བྲིས་སྙིང་ཁར་གཞུག ། མཆོག་གི་ཕུར་པས་ལིང་ག་བཙོག །གསང་བའི་སྔགས་འདི་བཟླས་པར་བྱ། །ཨོཾ་ཀྵཾ་ཡ་མི་མུ་ཁ་ཡ་མ་དན་ཏི་མུ་ཏི་ཧྲི་ཛཿ ཆྒཻ་མོ་མཱ་ར་ཡ་མཱ་ར་ཡ་ཕཊ། ཨན་ཏ་ཨན་ཏེ། བྷ་ཏི་ར་བྷ་ཏི་ར། ཛ་ཏ་ཛ་ཏ། བམ་གྷུ་བམ་གྷུ། སརྦ་ཤ་ཏྲུཾ་མཱ་ར་ཡ་ཧུར་ཐུམ་རྦད། ཐུན་གྱིས་བྲབ་ཅིང་ཁྲག་གིས་བརྡེག །མ་མོ་ནག་མོ་མཐུ་མོ་ཆེ། །གཡས་པ་ཁྲམ་བམ་རལ་གྲི་འཛིན། །གཡོན་པ་ནད་རྐྱལ་ཞགས་པ་འཕེན། །ཤིན་ཏུ་འཇིགས་བྱེད་ཁྲག་འཐུང་མ། །དགྲ་བོ་འགུགས་ཤིང་གསོད་པར་བསམ། །ཞག་བདུན་དག་གིས་དགྲ་བོ་སྒྲོལ། །དེ་ཡི་གཡོག་མོ་ཤ་ཟ་དང་། །རོ་ལངས་གཉིས་ཀྱི་ལས་བྱེད་ནི། །དྲག་པོའི་འཁོར་ལོ་རྩིབས་གསུམ་པ། །ལིང་ག་མིང་རུས་བཅས་པ་བྲི། །ཐོད་པ་དུཾ་དྲུག་ནང་དུ་གཞུག །ཆུ་དང་ལྕི་བ་རྐང་རྗེས་གསུམ། །བསྲེགས་པའི་ཕྱེ་ལ་ལིང་ག་བྲི། །འཁོར་ལོ་དུར་ཁྲོད་གནས་སུ་དྲིལ། །རབས་ཆད་རིགས་རྒྱུད་མཛེ་རྐང་གཞུག །བྲུབ་ཁུང་ནང་ཧོཾ་ལིང་གཞུག །གཏོར་མ་མཆོད་པ་ལ་སོགས་བཤམ། །དུས་དྲུག་རྣམས་ལ་གཏོར་མ་དབུལ། །གསང་བའི་
སྔགས་འདི་དྲག་ཏུ་བཟླས། །ཨོཾ་དུ་ཀ་ཏཾ་དགྲ་བོ་སོད་ཡ། སྟོད་ན་འུར་འུར། སྨད་ན་འུར་འུར། བར་ན་ཆེམ་ཆེམ། མཁའ་འགྲོ་སྔར་གྱི་གཏན་གྱི་སྲོག་ལ་རྦུད། སྲོག་ལ་ཡཾ་ཡཾ། སྙིང་ལ་ཐིབས་ཐིབས། སརྦ་ཤ་ཏྲུཾ་མཱ་ར་ཡ་ཛཿཛཿ དེས་ནི་དགྲ་རྣམས་ཕུང་བར་འགྱུར། །དམར་ནག་གཅེར་བུ་མོ་གཉིས་དང་། །ཤིན་ཏུ་ཀེང་རུས་སྐམ་པོ་གཉིས། །ལག་ན་སྙིང་དང་མཆོག་ཕུར་འཛིན། །ཁ་ནས་ཁྲག་འཛག་གཡང་གཞི་གོན། །དུས་ལས་མི་འདའ་ལས་ལ་རྒྱུག །དྲག་སྔགས་སྤུ་གྲི་གསོད་པ་ཡི། །གཏོད་ཀྱི་སྙིང་ཐིག་ནག་པོ་ཡིན། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། ལས་ཀྱི་མ་མོ་མཁའ་འགྲོ་ཤཾ་ལ་བསྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །མཆང་གི་ཕ་བཞི་སྒྲུབ་ཐབས་བཤད། །རྒྱལ་པོ་སྲོག་བདག་མདུང་དམར་ཅན། །གཤིན་རྗེ་མུན་ནག་རལ་གྲི་ཅན། །བདུད་པོ་ནད་ཀྱི་ཁ་རླངས་ཅན། །གནོད་སྦྱིན་ཁྲག་གི་རལ་པ་ཅན། །སྤྱི་གནད་གཅིག་དང་རང་གནད་བཞི། །གྲུ་གསུམ་དམར་ནག་དུག་ཁྲག་བྱུག །བྱ་དཀར་ཅོང་ཀ་ཁྲག་རིས་ཅན། །ཧོར་པ་གོ་བོ་ཁ་ཏའི་གསོབ། །སྙིང་དམར་གཏོར་མ་བཤོས་བུ་དང་། །སྟག་རས་གཟིག་རས་
དར་ཟབ་འཕན། །སྙུག་རྒོད་ཤུག་ཕོད་དར་མདུང་བཅས། །རྩངས་དམར་ཁྲག་ཅན་ཕུར་པ་བདུན། །ཁྱི་དཀར་སྤྱང་ཐོད་དོམ་ཐོད་དང་། །མཛེ་ཐོད་རབས་ཆད་ཐོད་ནག་དང་། །ཆང་ཕུད་བདུད་རྩི་ཨ་མྲྀ་ཏ། །རཾ་བུའི་བཤོས་བུ་དང་བཅས་བཤམས། །རང་ཉིད་དཔལ་ལྡན་ནག་པོ་ཆེ། །ཡེ་ཤེས་མགོན་པོར་བསྒོམ་བྱས་ལ། །མདུན་དུ་གྲུ་གསུམ་དམར་ནག་ཏུ། །སྲོག་གཤེད་འཆི་བདག་བཞི་པོ་བསམ། །ཐམས་ཅད་མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །མཆེ་བ་སྤུ་གྲི་བསྣོལ་མ་འདྲ། ཞལ་གདངས་ལྗགས་འདྲིལ་མིག་རྩ་དམར། །མི་ལྤགས་གཡང་གཞི་ཁྲག་འཛག་གོན། །རྒྱལ་པོ་མདུང་དང་གཤིན་རྗེ་རལ་གྲི་བདུད་ཁྲམ་ཤིང་དང་། །གནོད་སྦྱིན་གྲི་གུག་སོ་བསྣོལ་གཡས་ན་འཛིན། །གཡོན་པ་ཐམས་ཅད་གློ་སྙིང་ཟ། །བདུད་བཞིའི་གདན་ལ་བསྒྲད་ནས་བཞུགས། །སྲོག་བྱེད་སྲོག་བདག་བཞི་པོ་དེ་ལྟར་བསྐྱེད། །དེ་ནས་དྲིལ་སྔགས་བཞི་པོ་བཟླས། །ཨོཾ་བཛྲ་མ་ཧཱ་ནག་པོ་ཀཱ་ལ་ཆེན་པོ་གིང་ཀ་ར་རྒྱལ་པོ་རཀྴ་སྲིན་པོ་ར་ཙི་ཏི་ཟུང་ཀྱི་ཡ་བདུད་ཛཿཛཿ ཀྱི་ཡ་གནོད་སྦྱིན་དུན་དུན། ཁ་རག་སྲོག་ཆོད་རྨ་ཤ་ན་རྦད་རྦད། མ་ཧཱ་ཀཱ་ལི་ནག་པོ་ཙི་ཏ་ལ་ཧེ་ད་ཧེ་ད། འཆང་ཞིང་དྲིལ་བའི་སྔགས་རྒོད་འདི། །མ་ལུས་གནད་ནས་འགུགས་པར་བྱེད། །ཨོཾ་མ་ཧཱ་ཀཱ་ལ་གིང་ཀ་
ར་ཡ་མ་ར་གཤིན་རྗེ་ཙ་རུ་ཏྲ་བདུད་ཙ་པ་ལ་ཡཀྴ་གནོད་སྦྱིན་ནི་ཏི་ནི་ཏི། མ་ཧཱ་ནག་པོ་བཞིས་སོད་ཅིག་ཀཱ་ལ་གྷ་རེ་གྷ་རེ། བུ་ལ་ཨི་ཙི་མ་བ་ར་ལི། འཁོར་གྱི་མོན་པ་བརྒྱད། པ་ཏ་པ་ཏ། མོན་མོ་གཅིག་པ། ཕོ་ཧི་ཤན་པ་ཆྒཻ་མོ་དགྲ་བོ་ལ་ཀཱ་བ་ཀ་ར་་སྣ་བ་རྣ་བ་ཏི་། ཕོ་ཏྲིང་ཀེ་ར། མ་ཀང་ཀ་ལུས་སེམས། ཨི་ས་བྷུ། སོ་སོར་ཁྲོལ་དགྲ་བོ་རྣམས་ཀ་ཀ་ང་ཏྲི་ཤ་ལ་རྦད་རྦད། བར་མཚམས་མེད་པར་བཟླས་བྱས་པས། །མི་རེང་མང་པོ་བྱུང་ན་འགྲུབ་པའི་རྟགས། །ལེ་ལོ་མེད་པར་བསྒྲུབ་བྱས་ན། །ཞག་ནི་བདུན་གྱིས་ལས་རྣམས་བྱེད། །གུ་གུལ་བདུག་ཅིང་དྲག་ལས་རྦད། །ཏ་ལའི་ཤུན་པས་དགྲ་ལིང་དང་། །རྐང་རྗེས་ལ་སོགས་པ་ཞག་གི་ཉ་བོའི་རུ་པ་བྱ། །རབས་ཆད་གའུ་ཕོ་མོའི་ཐོད་པ་ཁ་སྦྱར་དུ། །དུག་ཁྲག་སྦྱར་བའི་ཐུན་མདའ་བརྒྱག །རོ་སོལ་ཁྲག་གིས་ནག་པོར་བྱུག །བྱད་ཐག་ཁྲ་བོས་བཅིང་པར་བྱ། །ཕུར་པ་བཞི་ལ་ཕྱོགས་བཞིར་བརྟོད། །བར་བར་ཞག་བདུན་བདུན་གྱི་གནད་ནས་རྦད་ལས་བྱ། །སྔགས་བོན་བཙུན་ཆེན་སྐྱེ་བོ་དང་། །དྲང་སྲོང་དམོད་པ་མཁན་ལ་མྱུར། །ཞེས་བཀའ་བསྩལ་ཏོ། །དཔལ་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། དྲག་པོའི་མཆང་བཞི་སྤྱིར་དྲིལ་ནས་གནད་སོ་སོར་བསྒྲུབ་པའི་ཤམ་བུ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་
ཡང་དག་བཤད་པར་བྱ། །རྣལ་འབྱོར་དམ་ཚིག་ཉམས་པ་དང་། །ཁས་བླངས་དམ་བཅས་ཉམས་པ་ན། །དེ་ཚེ་བསྐང་བའི་མདོས་འདི་བྱ། །སྙིང་མི་དགའ་དང་ངུ་སྙིང་འདོད། །ཚིག་པ་ཟ་ཞིང་ཁྲོ་བ་དང་། །ལྟོགས་ཤིང་ལུས་པོ་ཉམས་པ་དང་། །དམག་གིས་བསྐོར་ཞིང་དགྲ་ཡིས་འདེད། །གཅན་གཟན་མཛེ་སྤྲང་འོང་གྱུར་ན། །དེ་ཚེ་མགོན་པོའི་ཟློག་མདོས་བྱ། །ས་ནག་དག་ལ་རི་རབ་བྱ། །བང་རིམ་གསུམ་དང་ལྡན་པ་ལ། །དབུས་སུ་ནག་པོ་ཆེན་པོའི་སྐུ། །ཞལ་གཅིག་ཕྱག་གཉིས་བཞུགས་པར་བྱ། །ཕྱོགས་བཞིར་གདོང་ཅན་བཞི་པོ་བཞག །རི་རབ་བང་རིམ་དང་པོ་ལ། །ཡུམ་ཆེན་བཞི་དང་མཁའ་འགྲོ་དྲུག །རི་རབ་བང་རིམ་གཉིས་པ་ལ། །ལྷ་མོ་བརྒྱད་དང་ལས་མཁན་བརྒྱད། །རི་རབ་བང་རིམ་གསུམ་པ་ལ། །རོ་ལངས་མ་མོ་ནག་མོ་དང་། །སྟག་གཟིག་དོམ་དྲེད་གཅན་གཟན་བཞི། །རྟ་པ་ནག་པོ་དར་ཐོགས་དང་། །ཕྱོགས་བཞིར་དར་ནག་བ་དན་བཞི། །ལུག་ནག་བཞི་དང་ཁྱི་ནག་བཞི། །རྟ་ནག་བཞི་དང་བྱ་ནག་བཞི། །མི་ནག་སྤྲེའུ་ནག་བཞི་ཡང་བཞག །ཕྱོགས་བཞིར་རྒྱལ་ཆེན་་བཞི་ཡང་་བཞག །གཡག་ནག་བཞི་དང་དྲེལ་ནག་བཞི། །དམར་གྱི་གཏོར་མ་བཞི་ཡང་བཤམ། །ཡི་དམ་ཁྲོ་བོའི་ང་རྒྱལ་གྱིས། །མགོན་
པོའི་སྲོག་གི་སྙིང་པོ་བགྲང་། །སྤྱན་དྲངས་བཞུགས་ཤིང་མཆོད་པ་དབུལ། །མཆོད་པ་རྣམ་ལྔས་ལྷ་སྲུང་མཆོད། །མི་ཤའི་སྙིང་གིས་མགོན་པོ་བསྐང་། །བསྐང་ཞིང་བསྔོས་ལ་མཆོད་གཏོར་དང་། །ཚེ་དང་ཉུངས་ཀར་ཕུད་ཀྱིས་མཆོད། །བསྐང་ཞིང་བཤགས་པ་དྲག་ཏུ་བྱ། །མདོས་ལ་སོགས་པའི་ཡས་སྟགས་རྣམས། །སྒྲུབ་ཁང་ཡང་ཐོག་རྩེ་ལ་བསྐྱལ། །བསྐང་ཞིང་དགྲ་ལ་རྦད་འདོད་ན། །འབྲུ་ནག་ངར་ཕྱེ་ས་ནག་ལ། །མགོན་པོའི་སྐུ་འབག་ཁྲུ་གང་ཚད། །ལག་ན་རལ་གྲི་ཁ་ཊྭཱཾ་འཛིན། །གསད་པའི་སྲོག་སྙིང་ཁོང་དུ་གཞུག །རྩ་བའི་ལྷ་ཚོགས་བདུན་ཕྲག་བརྒྱད། །བཅུ་གསུམ་ཚོགས་སུ་བསགས་པར་བྱ། །རོ་རས་ཤོག་བུ་ཟུར་གསུམ་ལ། །དགྲ་བགེགས་མིང་བྲིས་ཞལ་དུ་གཞུག །བཤོས་བུ་ཟུར་གསུམ་མཐོ་རེ་ལ། །ཁྲག་གིས་བྱུགས་པ་བརྒྱད་དུ་བཤམ། །ནམ་མཁའ་བརྒྱད་དང་རྒྱང་བུ་བརྒྱད། །མདའ་བཀྲ་བརྒྱད་དང་འཕང་བཀྲ་བརྒྱད། །བྱ་ནག་བརྒྱད་དང་ཁྱི་ནག་བརྒྱད། །མི་ནག་བརྒྱད་ལ་སོགས་པ་བརྒྱད། །ཁྲག་གི་ཀོང་བུ་ཉེར་གཅིག་དང་། །དམར་གྱི་གཏོར་མ་ཉེར་གཅིག་བཤམ། །ཚོགས་དང་གཏོར་མ་བཟང་བཤམས་ཏེ། །དེ་ནས་སྔགས་པ་བློ་ལྡན་བཞིས། །བཞི་སྙིང་དྲིལ་ལ་ཞག་གསུམ་དུ། །དུས་བཞིར་མཆོད་ཅིང་བཟླས་པ་
བྱ། །མདོས་ལ་སྤྱན་དྲངས་ཕྱག་འཚལ་ལ། །སྔགས་པས་གོས་ནག་ཞྭ་ནག་གོན། །ལག་ཏུ་ཕུར་བྷན་རལ་གྲི་བཟུང་། །དགྲ་ལ་རྦད་ཅིང་དྲག་ཏུ་བསྐུལ། །བཟློག་གསོད་ནག་པོའི་དྲག་སྔགས་བཟླས། །དེ་ནས་དགྲ་བོའི་ཡུལ་དུ་བསྐྱལ། །གཟའ་སྐར་ཚེས་གྲངས་ནག་ལ་བྱ། །ཞེས་བཀའ་བསྩལ་ཏོ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་སྲོག་ཟན་ནག་པོའི་ནང་རྒྱུད་ལས། མགོན་པོའི་ཐུགས་དམ་བསྐང་ཞིང་དགྲ་ལ་རྦད་མདོས་གཏང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །བསྙེན་པའི་ཚད་དུ་ཕྱིན་པ་ཡིས། །ལས་ཚོགས་བྱེ་བྲག་བསྒྲུབ་པར་བྱ། །ཆར་པ་དབབ་པར་འདོད་པ་ན། །ཆུ་མིག་ཤར་དུ་ཁ་བལྟས་སུ། །དཀར་གསུམ་སྨན་གྱི་གཏོར་མ་བཤམ། །ཀླུ་རྒྱལ་ཆུ་ལྷ་སྤྱན་དྲངས་ལ། །བདེན་པ་བདར་ཞིང་ཀླུ་རྒྱལ་འབོད། །རྒྱལ་རིགས་ཀླུ་བརྒྱད་སྤྱན་དྲངས་ཏེ། །མགོན་པོའི་ཚོགས་ལ་གཏོར་མ་འབུལ། །དེ་ནས་ཆར་པ་འབབ་པར་འགྱུར། །༡བྲམ་ཟེ་རྒྱལ་རིགས་རྗེའུ་རིགས། །མཚན་ལྡན་ཐོད་པ་ཀ་པཱ་ལར། །འབྲས་བུ་གསུམ་དང་རིན་ཆེན་ལྔ། །འབྲུ་དང་སྙིང་པོ་སྨན་ལྔ་དང་། །དྲི་དང་དར་ཟབ་སྣ་ལྔ་དང་། །རིན་ཆེན་གཏོར་མ་བཟང་བཤམས་ལ། །ཀླུ་རྒྱལ་ནོར་རྒྱས་སེར་པོ་ལ། །རྒྱས་པའི་དོན་དུ་
གསོལ་བ་གདབ། །ཟས་ནོར་བང་མཛོད་རྒྱས་པར་འགྱུར། །༢རིན་ཆེན་ས་ཡི་བུམ་པ་ལ། །འབྲུ་བཅུད་སྣ་ཚོགས་དགང་བྱས་ཏེ། །རིན་ཆེན་སྣ་ལྔས་ཡང་དག་དགང་། །ཁ་རྒྱན་མགུལ་ཆིངས་ལྡན་པ་ལ། །ཀ་ར་འབྲས་ཀྱི་གཏོར་མ་བཤམ། །གང་བ་བཟང་པོ་གསེར་མདོག་ཅན། །ཛམ་བྷ་ལ་སྟེ་ནོར་གྱི་ལྷ། །འདོད་དགུ་འབྱུང་བའི་གསོལ་བ་གདབ། །བུམ་པ་བང་མཛོད་སྒྲོམ་བུ་སྦ། །མི་ནོར་འཁོར་དང་ལོངས་སྤྱོད་རྣམས། །ལྷ་ཡི་དབང་པོ་ལྟ་བུ་འཐོབ། །༣པད་མ་ཅན་གྱི་ཀ་ཏོ་རར། །འབྲུ་སྣ་དགུ་ཡི་གཏོར་མ་ལ། །དཀར་གསུམ་འབྲས་བུ་གསུམ་དང་བཅས། །མངར་གསུམ་བདུད་རྩི་སྨན་དང་བཅས། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །ལུག་དཀར་སྙིང་གིས་བརྒྱན་པ་བཤམ། །ནོར་བུ་བཟང་པོ་སྐུ་མདོག་དམར། །སྤྱན་དྲངས་འདོད་པའི་དོན་ལ་སྔགས། །དར་རཾ་རས་སེར་དག་གིས་དགབ། །བུ་ནོར་མངའ་ཐང་རྒྱས་པར་འགྱུར། །༤དུས་དང་ཚེས་གྲངས་སྐར་བཟང་ལ། །རས་དང་དར་རཾ་ཟངས་ལྕགས་ལ། །གསེར་དངུལ་མཚལ་དང་བཻ་ཌཱུརྱས། །འཁོར་ལོ་སྔགས་ཀྱིས་བརྒྱན་པ་བྲི། །ཏིང་འཛིན་སྔགས་ཀྱིས་རབ་གནས་པ། །གང་གི་ལུས་ལ་ཐོགས་པ་ན། །དེ་ཡི་བར་ཆད་བསྲུང་བར་བྱེད། །༥སླང་ངའི་ནང་དུ་ཙནྡན་མེ། །སྨན་དང་རིན་
ཆེན་སྣ་ལྔའི་ཕྱེ། །འུག་པའི་སྒྲོ་བསྲེགས་ཐལ་བ་རྣམས། །རང་གི་ལྕེ་ལ་བཞག་པར་བྱ། །བྱ་རོག་སྒྲོས་བཞར་མེ་ལ་བསྲེག །ལུས་ངག་ཡིད་གསུམ་བཅིངས་ལས་གྲོལ། །༦གྲིར་ཤིའི་བླ་རྐང་གཡོན་པའི་ནང་། །མཐེབ་ཆེན་འཛག་པའི་འཁོར་ལོ་ཡིས། །གཅན་གཟན་མི་རྒོད་རྐུན་པོ་འཆིང་། །རིན་ཆེན་གསེར་གཡུ་གཟི་དང་དུང་། །དར་ནག་བཏུམ་ནས་ལུས་ལ་བཅང་། །འབྲུ་བཟང་བཤོས་བུའི་མཆོད་པར་བྱ། །སྣང་སྲིད་ཐམས་ཅད་མཐོང་བར་འགྱུར། །༧ཤིང་ལོ་རླུང་གིས་ཁྱེར་བ་ལས། །ཨུ་ཙ་ཏའི་འཁོར་ལོ་བྲི། །བྱ་རོག་ཐོད་པར་གནན་པའོ། །དགྲ་རྣམས་ཡུལ་ནས་འབྱུང་བར་འགྱུར། །༨དགྲ་བོ་མཛའ་གཉིས་འབྱེད་པ་ནི། །མི་མཐུན་བདུན་གྱིས་ལིང་ག་བྲི། །སྟོང་ཐུབ་ཁྲི་ཐུབ་ཐོད་པར་གཞུག །ཆུ་ལམ་གཉིས་དང་རི་ལ་མནན། །དེས་ནི་དགྲ་དེ་འཐབ་ཅིང་རྩོད། །ཤ་རུས་གཉིས་ཀྱང་འབྲལ་བར་འགྱུར། །༩ སྨྱོ་ནས་ཤི་བའི་ཐོད་པའི་ནང་། །ལིང་ག་ཐང་ཁྲོཾ་དུག་ཁྲག་གི། །སྨྱོ་འཁོར་གཉིས་སུ་བསྡམ་བྱས་ལ། །ཆུ་འཁོར་རྡོ་འཁོར་འོག་ཏུ་མནན། །དགྲ་རྣམས་སྨྱོ་ནས་འཆི་བར་འགྱུར། །༡༠མི་ཤིའམ་རབས་ཆད་མཛེ་ཐོད་དུ། །ཁྲག་སྣ་དུག་སྣ་ས་སྣའི་རྫས། །ཉུངས་ཀར་ཉུངས་ནག་ཐུན་གྱི་རྫས། །ལྷ་ཀླུའི་མགུལ་དུ་སྦས་བསྲེགས་
ན། །འབྲས་བུ་ལོ་ཏོག་ཐམས་ཅད་འཇོམས། །༡༡སད་ཁྱེར་ཤ་ཁྲག་ལིང་གར་བཅས། །བ་དམར་ར་ཐོད་ནང་དུ་མནན། །ནག་པོ་མཆོད་ལ་གདོལ་པའི་ཀླུ་ལ་གཏད། །དགྲ་བོ་མཛེ་ཡིས་འཛིན་པར་འགྱུར། །༡༢ཐོག་གིས་ཤི་བའི་ཐོད་པའི་ནང་། །སྙིང་དང་དུག་ཁྲག་ས་སྣ་དང་། །གདུག་པའི་དགྲ་བགེགས་ལིང་ག་གཞུག །སྡེ་བརྒྱད་འཁྲུགས་པའི་སྦྱོར་བ་ཡིས། །དགྲ་བོའི་ཁང་པར་ཐོག་ཆེན་འབེབས། །བུད་མེད་གཞོན་ནུའི་ཐོད་པའི་ནང་། །གུར་གུམ་གྷི་ཝཾ་མཚལ་ཁྲག་གིས། །ཨ་ཀརྵ་ཡི་འཁོར་ལོ་བྲི། །དབང་གི་དམིགས་པ་ཡོངས་རྫོགས་ནས། །དེས་ནི་ཐམས་ཅད་འགུགས་པར་ནུས། །སྲིའུ་གསོ་བར་འདོད་པ་ཡིས། །དང་པོ་དབང་གིས་སྨིན་པར་བྱ། །དེ་ནས་བསྲུང་བའི་སྔགས་ཀྱིས་བསྲུང་། །བུ་ཚ་སྐྱེས་པའི་དུས་དག་ཏུ། །ཙནྡན་གུར་ཀུམ་ག་བུར་གྱིས། །ལུས་དེ་དག་པར་བཀྲུ་བར་བྱ། །དེ་ནས་གི་ཝཾ་ཤིང་ཀུན་མ་གི་ཏ། །གུར་ཀུམ་བུ་རམ་མར་ལ་སོགས། །བུ་ཆུང་ཁ་རུ་དུམ་གཅིག་གཞུག །དེ་ནས་ལུས་ལ་སྒྲིབ་ཤིང་གདགས། །གཟའ་སྐར་ཚེས་གྲངས་བཟང་པོ་ལ། །མདའ་ཆེན་རྒོད་ཀྱི་བཞི་སྒྲོམ་ལ། །དར་ནག་སྲོག་གི་འཁོར་ལོ་གདགས། །གཡག་དང་ལུག་ནག་རྟེན་དུ་གཟུགས། །གཏོར་མ་བདུད་རྩིས་བྲན་པ་ལ། །དར་ནག་གུར་
དབུབ་སྟེང་དུ་གདགས། །ཟླ་བ་ངོ་རེ་མཆོད་པར་བྱ། །བསྐང་གསོ་བསྟོད་པ་དང་བཅས་པ། །ནག་པོ་ཆེན་པོ་དུས་སུ་མཆོད། །དེ་ནས་རྐང་པ་ཚུགས་པ་དང་། །གཏོར་མ་དེ་ཡིས་དབང་བསྐུར་ཞིང་། །ཕྲིན་ལས་སྲོག་གཏའ་དམ་པར་བྱ། །གཏང་རག་མཆོད་པ་རྒྱས་པར་བྱ། །དེ་ནས་ནག་པོ་ཆེན་པོ་དང་། །བདེ་བཤེགས་ཀུན་གྱིས་དབང་བསྐུར་ཞིང་། །སངས་རྒྱས་ཀུན་གྱིས་མངའ་གསོལ་བའི། །ཕྲིན་ལས་མགོན་པོ་བྱ་རོག་གདོང་། །ལྷ་སྲིན་སྡེ་བརྒྱད་དབང་བྱེད་ཅིང་། །སྐྱེ་འགྲོ་སྲོག་ལ་དབང་བྱེད་པའི། །གསོད་བྱེད་སྲིན་པོ་ནག་པོ་ཡི། །ལས་ཚོགས་དུ་མ་རྒྱུད་ལས་བཤད། །ཅེས་བཀའ་བསྩལ་ཏོ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། ལས་ཁ་ཚར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །དེ་ནས་རྡོ་རྗེ་གནོད་སྦྱིན་རྣམ་ཐོས་སྲས་ཀྱིས། སླར་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། །ཨེ་མ་སྟོན་པ་ཐུགས་རྗེ་ཅན། །བཅོམ་ལྡན་གསང་བདག་རྡོ་རྗེ་འཛིན། །ཁྲག་འཐུང་སྤྲུལ་པ་ཡེ་ཤེས་མགོན། །དཔལ་ལྡན་ནག་པོ་ཆེན་པོ་འདི། །༡མིང་དང་ངོ་བོ་གང་ལ་བྱ། །༢ལས་མཁན་སྲིན་པོ་འཁོར་བཅས་ཀྱི། །གོང་ནོན་གཉེན་པོ་གང་གིས་བྱེད། །༣བསྒྲུབ་
པའི་ཚུལ་ནི་ཇི་ལྟ་བུ། །༤ལས་ཚོགས་ལས་མཐའ་མཐར་ཐུག་གང་། །༥གཏོར་མ་བྱེ་བྲག་དུས་སྐབས་གང་། །༦མ་གྲུབ་སྤོགས་པའི་ཆོ་ག་གང་། །༧ཐ་མ་རྒྱུད་འདི་གང་ལ་གཏད་པར་བྱ། །དེ་དོན་རྒྱས་པར་བཤད་དུ་གསོལ། །༡ཉོན་ཅིག་རྡོ་རྗེ་རྣམ་ཐོས་སྲས། །བསྟན་པ་གཉན་པོ་དར་ཞིང་རྒྱས་པའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཐུགས་རྗེ་ལས་བྱུང་བ། །སེམས་ཅན་ཀུན་གྱི་མགོན་ཡིན་ཕྱིར། །དཔལ་ལྡན་མགོན་པོ་ཞེས་བྱའོ། །ལས་ཀྱིས་སྤྲུལ་ཕྱིར་ཡང་དག་སྟོན། །དོན་གྱི་སྤྲུལ་པ་འགྱུར་མེད་པ། །འདབ་ཆགས་མཁའ་ལྡིང་ནག་པོའི་ཚོགས། །སྤྲུལ་པའི་ཞལ་དུ་བྱུང་བས་བྱ་རོག་གདོང་། །ཉིན་མཚན་མེད་པར་མཐོང་བ་བཞིན། །དུས་གསུམ་མཁྱེན་པའི་སྤྱན་གསུམ་པ། །སངས་རྒྱས་ཀུན་གྱི་བསྟན་སྲུང་མཆོག །རྣལ་འབྱོར་རྣམས་ཀྱི་དགྲ་བླ་ཡིན། །ཡེ་ཤེས་མཆོག་གི་སྤྲུལ་པ་ལས། །ཁྲོ་བོ་ཁྲག་འཐུང་བདེ་མཆོག་ཡིན། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་འཆང་། །དེ་ལས་སྤྲུལ་པ་དཔལ་འབར་བ། །ཁྲག་འཐུང་ལེགས་ལྡན་ནག་པོའི་སྐུ། །སྐུ་བཞི་མཐར་ཕྱིན་ཕྱག་བཞི་པ། །དམ་ཆོས་སྐྱོང་བའི་སྲུང་མ་སྟེ། །མ་འོངས་དུས་མཐའི་བསྐལ་པ་ལ། །ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་ཁམས། །མེ་རླུང་སྦྱར་བའི་གླིང་ཞེས་པར། །སངས་རྒྱས་
དབང་པོའི་མཆོག་ཅེས་པར། །བསྟན་པ་མི་ནུབ་རྒྱས་པར་བྱེད། །དེང་འདིར་ཁྲོ་བོའི་ཆ་ལུགས་ཀྱིས། །བྱ་རོག་མིང་ཅན་མཚན་བཟུང་ནས། །སངས་རྒྱས་བསྟན་པའི་བདུད་དགྲ་འདུལ། །རིག་འཛིན་རྣམས་ཀྱི་བར་ཆད་སོལ། །༢དེའི་བཀའ་སྡོད་ལས་མཁན་ནི། །སྲོག་བདུད་གཤེད་པོ་བྱ་རོག་གདོང་། །དུས་སུ་རྒྱལ་བས་བྱིན་བརླབས་ཤིང་། །ཧེ་རུ་ཀ་དཔལ་དབང་ཐོབ་ཕྱིར། །རྫུ་འཕྲུལ་ནུས་པ་ཐོགས་པ་མེད། །ཕྲིན་ལས་དཔག་མེད་བསམ་མི་ཁྱབ། །མཐུ་སྟོབས་གྲགས་ཆེན་བསམ་མི་ཁྱབ། །ཞིང་བཅུ་སྒྲོལ་ཞིང་དགྲ་བགེགས་གསོད། །ཟློག་པ་བྱད་ཀ་གང་ཡང་རུང་། །ལས་ཀྱི་ཕོ་ཉར་བསྔགས་པ་ཡི། །ཀླུ་དང་བདུད་རྒྱལ་སྡེ་བརྒྱད་ཚོགས། །ལས་ཀྱི་མགོན་པོ་ཞེས་བྱར་གྲགས། །གཉེན་པོ་གོང་ནོན་བསྙེན་པ་དང་། །བསྒྲུབ་དང་ལས་སྦྱོར་གསང་བའི་གནད། །སྙིང་ཐིག་སྲོག་གི་འཁོར་ལོ་ནི། །གསང་བ་ཡང་གསང་རྒྱུད་དུ་གསུངས། །༣བསྒྲུབ་པ་རྣལ་འབྱོར་དབང་ཕྱུག་གིས། །བསྟན་པ་བསྲུང་བའི་བློ་བཞག་ནས། །བླ་མ་དཀོན་མཆོག་དོན་དུ་བསྒྲུབ། །རྩ་བའི་སྔགས་ལ་ཡིད་ཆེས་བསྐྱེད། །དེ་རྫོགས་དྲག་པོ་ལས་ལ་སྦྱར། །དེ་རྟགས་དྲག་པོ་མངོན་དུ་བྱུང་བར་འགྱུར། །དམ་ཚིག་ལས་མགོན་གནད་ལ་བོར། །ལས་
མཐའ་གཏད་དང་བསྲེག་པས་བཏུལ། །ཟློག་དང་ལྟོ་དཀྲུག་དྲོད་དང་སྦྱར། །ཕྲིན་ལས་བཞི་པོ་གང་བསྒྲུབ་ཀྱང་། །ནག་པོ་མཆོད་ཕྱིར་གཏོར་མས་མཆོད། །རྒྱས་པ་བསྙེན་པའི་དུས་སུ་སྟེ། །བསྡུས་པ་སྒྲུབ་པ་དག་ལ་ཤིས། །ཤིན་ཏུ་བསྡུས་པ་རྒྱུན་དུའོ། །ཚར་ཆོད་ལས་སྦྱོར་དུས་སུ་བྱ། །བསྙེན་པ་གཙོ་འཁོར་དྲིལ་བ་སྟེ། །བསྒྲུབ་པ་འཇིག་རྟེན་ལས་མགོན་བཞི་པ་ལས་ལ་བསྔགས། །ལས་ལ་ཕོ་བདུད་གནད་ནས་སྦྱར། །ལྟས་ངན་སོལ་ནག་དཀར་ལ་བསྒྲུབ། །ནང་རྒྱས་ནག་པོ་སྟོང་བསྒྲུབ་བྱ། །མྱུར་མགྱོགས་མཁའ་འགྲོ་ཤ་ཟ་ཡིན། །༤མཆོང་བཞི་ལས་ཚོགས་སྣ་ཚོགས་གང་བྱེད་དང་། །མ་ནོར་རྩ་བའི་སྔགས་ཀྱིས་བསྒྲུབ། །མཐའ་རུ་གང་ཡིན་ཤམ་བུར་བཏགས། །བསྙེན་པའི་དུས་སུ་ལྷ་རྟགས་གཅེས། །སྒྲུབ་པའི་དུས་སུ་ཁུག་རྟགས་གཅེས། །དགྲ་བོ་བླ་ཚེ་ཡང་ཡང་དུ་ལས་སྦྱོར་དུས་སུ་དགྲ་བཤས་བྱེད་པ་ཤ་ཟ་བ་གློ་སྙིང་སྟེར་བ་རྟགས་གཅེས། །གཞུང་ནས་བཤད་པ་དེ་ལྟར་བསྒྲུབས་ཀྱང་མ་འགྲུབ་ན། །དམ་རྫས་སྔགས་པས་སྔགས་དང་ཏིང་འཛིན་གྱིས། །ནག་པོ་གཟེར་ཞིང་གནད་ལ་དབབ། །སྔགས་པ་དམ་ཚིག་ཉམས་གྱུར་ན། །རང་ལ་མི་འཁོར་ཕྱིར་ལ་འགྱངས་གྱུར་ན། །སྲོག་སྙིང་མས་ཟློག་དཀྲུག་པར་བྱ། །བསྙེན་སྒྲུབ་ལས་ལ་སྦྱར་གྱུར་ཀྱང་། །བསྒྲུབས་
པའི་རྟགས་མཚན་མ་མཐོང་ན། །སྐུ་གཟུགས་གྲི་སྙིང་ནང་བཅུག་ལ། །ཕྲེང་བའི་སྔགས་ཀྱིས་རབ་ཏུ་གཟིར། །ལྡོག་རྟགས་བྱུང་ན་བཅུད་སྔགས་བརྒྱག །༥མདོས་དང་གཏོར་མས་མགོན་པོ་མཆོད། །མགོན་པོའི་ཐུགས་ཀར་ཁྲག་འཐུང་བསྒོམ། །ཉམས་པ་བཤགས་ཤིང་ཚོགས་ཀྱིས་མཆོད། །༦ཡང་ན་མེ་ཡི་གདུང་བས་གསད། །གཏོར་མ་དབུལ་ཞིང་བསྟོད་པ་བྱ། །ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ། །ངེས་པ་ཁོ་ནར་འགྲུབ་པར་འགྱུར། །གྲུབ་པར་གྱུར་པའི་ཕན་ཡོན་ནི། བུ་ནོར་འཁོར་དང་ལོངས་སྤྱོད་རྒྱས། །ཚེ་དང་གྲགས་པ་བསོད་ནམས་འཐོབ། །དཔལ་དང་འབྱོར་པ་གཟི་བརྗིད་རབ་ཏུ་འཕེལ། །རྟ་དང་བ་གླང་དུད་འགྲོ་རྣམས་དང་ལྡན། །བཀྲ་ཤིས་མཐུ་ཆེ་སྔགས་ཀྱི་དམོད་པ་འགྲུབ། །མི་ལྡོག་གནད་ཀྱི་སྙིང་ཐིག་ནི། །སྲོག་རྩ་བཞི་ཡི་དྲག་སྔགས་ཡིན། །ཡང་གསང་ཐུགས་ཀྱི་གསང་བའི་གནད། །སྲོག་གི་ཐིག་པ་ནག་པོ་ནི། །ཀཱ་ཡ་ཝཱ་ཀ་ཙིཏྟ་ཧུར་ཐུམ། གནད་ཀྱི་གོ་བཟློག་ཐིགས་པ་ནག་པོ་ཡིན། །ནག་པོ་འབྲུ་བདུན་རང་དབང་མེད་པའི་གནད། །སུ་ཏྲི་ཡ་མ་དུ་ཛཿསྲོག་དུང་དུང་། །གཉིས་བསྡེབས་བཞི་ལ་རྐྱང་པ་བཞི། །སྲོག་གཅོད་ནག་པོ་འབྲུ་བདུན་ནན། །ནག་པོ་ཆེན་པོ་རེང་གནད་ཡིན། །དགྲ་
སྲོག་སྤུ་གྲི་དག་གིས་ལེན། །མགོན་པོ་ཙནྡན་མེ་ཡིས་གདུང་། །དེ་ནས་ཡང་གསང་སྙིང་ལ་གབ། །དོན་མེད་ལས་ལ་སྦྱར་བ་ན། །སྔགས་པའི་སྙིང་ཁྲག་ཐང་ལ་འབོ། །འཛམ་གླིང་ཁམས་གསུམ་ཁྲག་ཏུ་སྐྱུག །དེ་བས་རྒྱུད་རྣམས་འཁྲུགས་པའི་ཚེ། །མ་ནོར་བླ་མའི་ཞལ་གྱིས་རྟོགས་པར་འགྱུར། །དེ་ཕྱིར་གསང་སྔགས་འབྲུ་བདུན་པོ། །བྱང་ཆུབ་སེམས་ལྡན་དམ་ཚིག་བསྲུང་། །དབང་བཞི་ཐོབ་ཅིང་ཏིང་འཛིན་ལྡན། །ལྟ་བ་རྟོགས་ཤིང་བསྒྲུབ་ལ་དཔའ། །དེས་ནི་ངེས་འགྲུབ་གཞན་གྱིས་མིན། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་སྲོག་ཟན་ནག་པོའི་ནང་རྒྱུད་ལས། སྲོག་གི་ཐིག་པ་ནག་པོ་འབྲུ་བདུན་གྱི་མནན་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འཁོར་གྱི་དྲེགས་པ་ཕོ་མོ་རྣམས་ལ་གཟིགས་ནས། ཨེ་མ་འཇིག་རྟེན་སྐྱོང་བ་རྣམས། །བདེ་གཤེགས་སྤྲུལ་པ་ཕྱག་བཞི་པ། །ལས་ཀྱི་ཕོ་ཉ་དྲག་རྩལ་ཅན། །མགྱོགས་བྱེད་བཀའ་ཡི་ཕྱག་བརྙན་པ། །འཇིགས་བྱེད་གཏུམ་པོ་བྱ་རོག་གདོང་། །གསོད་བྱེད་སྲོག་ཟན་ནག་པོ་ཡི། །ནང་རྒྱུད་སྲོག་ཐིག་ནག་པོ་ཞེས། །གཅོད་པ་སྤུ་གྲི་གསང་བ་འདི། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །དགེ་ཟད་སྙིགས་མ་དར་
བའི་ཚེ། །དམ་ཚིག་ལྡན་ལ་ཐུགས་བརྩེ་བའི། །སངས་རྒྱས་བསྟན་པ་བསྲུང་བྱ་ཞིང་། །སྔགས་འཆང་འཁོར་ནི་རྣམ་བཞི་ཡིན། །ཇི་ལྟར་བཀའ་བསྒོ་ལས་བཅོལ་བའི། །ལས་རྣམས་མ་ལུས་ཁྱོད་ཀྱིས་མཛོད། །ཅེས་བཀའ་བསྩལ་ནས། །བཅོམ་ལྡན་འདས་གཙོ་བོ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཐུགས་ཀར་ཐིམ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ཡེ་ཤེས་ཀྱི་མགོན་པོ་འཁོར་ཞིང་སྐྱོང་དང་བཅས་པ་ལ་བསྟོད་པའི་རྒྱལ་པོ་འདིས་མངོན་པར་བསྟོད་དོ། །ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །གྲུ་གསུམ་མཐིང་ནག་འབར་བ་ཡི། །ཤིན་ཏུ་འཇིགས་པའི་གཞལ་ཡས་ནས། །ཞིང་སྐྱོང་ནག་པོ་ཆེན་པོ་ནི། །བྱ་རོག་མིང་ཅན་སྲིན་པོའི་གཟུགས། །ཞལ་གཅིག་ཕྱག་བཞི་གཡས་པའི་ཕྱག །བེ་ཏའི་འབྲས་བུ་རལ་གྲི་བསྣམས། །ཕྱག་གཡོན་ཐོད་ཁྲག་ཁ་ཊྭཱཾ་འཛིན། །གཟི་བརྗིད་འབར་བའི་ཁྲོ་གཉེར་ཅན། །སྤྱན་གསུམ་སྡང་དམིགས་ཕྱོགས་བཅུར་གཟིགས། །དམ་ཉམས་གདུག་པའི་སེམས་ཅན་ལ། །ཁྲོ་ཞིང་འཁྲུགས་པས་མཆེ་བ་གཙིགས། །ལྗགས་ནི་དྲག་པོའི་གློག་ལྟར་འཁྱུག །འཇིགས་པའི་གད་མོ་འབྲུག་ལྟར་བཞད། །སྐུ་ཡི་སྤྲུལ་པས་འབྱུང་པོ་ཡི། །སྙིང་ལ་གདུག་པའི་གཟེར་ཆེན་
འདེབས། །དབུ་སྐྲ་སྨིན་མ་ཨག་ཚོམ་སེར། །ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །སྣ་ཚོགས་པདྨ་ཉི་སྟེང་ན། །ཙནྡན་འཁྱིལ་པའི་སྟབས་ཀྱིས་བཞུགས། །གཏུམ་ཆེན་འཇིག་རྟེན་གསུམ་ལས་རྒྱལ། །འཇིགས་བྱེད་ཁྱོད་ལ་བདག་བསྟོད་དོ། །ཁྱོད་ཀྱི་བཀའ་ཉན་ཕོ་ཉ་ནི། །གདུག་པའི་ལྷ་སྲིན་ཆོ་འཕྲུལ་ཅན། །རྒྱལ་པོ་གཤིན་རྗེ་བདུད་ཀྱི་བུ། །གནོད་སྦྱིན་ནག་པོ་སྲོག་ཟན་པོ། །ཞིང་སྐྱོང་དྲག་པོ་སྟོབས་ཆེན་བཞི། །དེའི་བཀའ་ཉན་ཕོ་ཉ་མོ། །མ་མོ་མཁའ་འགྲོ་ཆེན་མོ་དགུ། །དམ་ཉམས་སྒྲོལ་ཞིང་ཚར་གཅོད་པའི། །ཕྲ་མེན་མ་དང་ཤུགས་འགྲོའི་ཚོགས། །གིང་དང་ཕོ་བདུད་དྲེགས་པའི་ཚོགས། །སྲོག་གཅོད་དབུགས་ལེན་གདུག་པ་ཅན། །ཤ་ཟ་ཁྲག་འཐུང་རོ་ལངས་བརྒྱ། །སྟོབས་ཆེན་ཤིན་ཏུ་རྔམ་པའི་ཚོགས། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །གནོད་སྦྱིན་སྲིན་པོ་གཤིན་རྗེ་ཡིས། །གསོད་ཅིང་གཟེར་བའི་ལས་རྣམས་བྱེད། །གསོད་བྱེད་མ་མོ་བྱེ་བས་བསྐོར། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །གཅེར་བུ་ཟ་ཞིང་རྒྱུག་པ་ཡི། །ཤ་ཟ་ནག་པོ་འབུམ་གྱིས་བསྐོར། །ཚོགས་བདག་ཁྱེད་ལ་བདག་བསྟོད་དོ། །དུས་སུ་སངས་རྒྱས་བསྟན་པ་ནི། །སྤྱི་བོ་གཙུག་གིས་ཁུར་མཛད་ཅིང་། །དམ་
ཉམས་བསྟན་ལ་སྡང་བ་རྣམས། །མྱུར་དུ་སྒྲོལ་ཞིང་ཚར་གཅོད་པའི། །བྱ་རོག་མིང་ཅན་སྟོབས་པོ་ཆེ། །བསྟན་སྲུང་ཁྱེད་ལ་བདག་བསྟོད་དོ། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་དམ་བཅས་པ། །ཁྲག་འཐུང་རྒྱལ་པོ་མི་བཟད་པ། །ནག་པོ་ཆེན་པོ་དྲག་ཤུལ་ཅན། །བྱ་རོག་མིང་ཅན་ནག་པོ་ཆེ། །ཁྱོད་ཀྱིས་མི་ཐུབ་གང་ཡང་མེད། །སྔོན་གྱི་ཐུགས་དམ་ཕྲིན་ལས་མཛོད། །བཅོལ་བའི་ལས་རྣམས་ཁྱེད་ཀྱིས་སྒྲུབས། །བླ་མ་ལ་སྡང་གསང་སྔགས་སྨོད། །དམ་ཚིག་ལས་འདས་སེམས་ཅན་འཚེ། །སྒྲུབ་ལ་བར་ཆད་དཀོན་མཆོག་སྡང་། །སྡང་བའི་དགྲ་དང་གནོད་པའི་བགེགས། །བསྟན་ལ་གནོད་བྱེད་ཀུན་ཁུག་ལ། །དེ་ཡི་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ཀླད་པ་ནང་ཁྲོལ་དང་། །ལྷ་བ་རྐང་མར་ཞག་ཁྲག་ཟོ། །དམ་ཉམས་དགྲ་བགེགས་བརླག་པར་མཛོད། །ཁྱོད་ཀྱི་ཕྲིན་ལས་དུས་ལ་བབས། །བཀའ་དང་དམ་ཚིག་མ་འགལ་བར། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བྱ་རོག་མིང་ཅན་ཕྲིན་ལས་མཛོད། །རང་གིས་ལས་བྱས་རང་ལ་སྨིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའི་ཚིག་དེ་དག་གིས་བསྟོད་པས། རྒྱལ་པོ་རྣམ་ཐོས་སྲས་ལ་འཁོར་ཐམས་ཅད་དགའ་ཞིང་ཡི་རངས་ཏེ། བཅོམ་ལྡན་
འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་ནང་རྒྱུད་ལས། རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་མིང་ཅན་འཁོར་དང་བཅས་པ་ལ་བསྟོད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ལས་ཀྱི་མགོན་པོ་ནག་པོ་སྲོག་ཐིག་ནག་པོ་ཡང་ཟེར་ཆེན་པོ་བྱ་རོག་གདོང་ཅན་སྲོག་ཟན་ནག་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཨ་བྷྱ་ཀ་ར་དཔལ་རྡོ་རྗེ་གདན་པ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་པ་དང་སྟེང་པ་ལོ་ཙཱ་བས་བསྒྱུར་ཅིང་ཞུས་ཏེ་ལེགས་པར་གཏན་ལ་ཕབ་པའོ། །རྒྱུད་འདི་སློབ་དཔོན་བལ་པོ་བའི་ཕྱག་དཔེ་ལས་སློབ་དཔོན་སྟོན་གཞོན་གྱིས་དཔེ་ལ་བྲིས་ཞལ་ལ་གཏུག་ཅིང་གཞན་དུ་ཡང་ཞུ་གཏུག་བྱས་ཏེ་ཤིན་ཏུ་དག་པར་ཡོད་དོ། །ལེགས་པར་གདའ། ལ་འོག་སྟོན་པ་ལ་ཤེས་རབ་དཔལ་གྱིས་ཞུས་སོ།། །།
དཔལ་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ཅེས་བྱ་བ་ཁྲག་མཚོ་ཁོལ་མའི་སྙིང་འབྱིན་གསོད་བྱེད་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ་ཤིན་ཏུ་ཟབ་ཅིང་རྒྱས་ལ་བཀའ་གཉན་པར།
༄༅། །དཔལ་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ཅེས་བྱ་བ་ཁྲག་མཚོ་ཁོལ་མའི་སྙིང་འབྱིན་གསོད་བྱེད་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ་ཤིན་ཏུ་ཟབ་ཅིང་རྒྱས་ལ་བཀའ་གཉན་པར་བཞུགས།
སྤྱིར་མགོན་པོ་འདི་མི་སྤེལ་བ་དགའ་བར་འདུག་པས་མི་སྤེལ་བ་གལ་ཆེའོ། །ལེའུ་ཉི་ཤུ་རྩ་གཅིག་བཞུགས་པ་ལགས་སོ། །རྒྱ་གར་སྐད་དུ། རཀྟ་མུ་ལཻ་བ་དྷི་རི་ཙིཏྟ་མ་ར་དུ་མ་ཧཱ་ཀཱ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། ཁྲག་མཚོ་ཁོལ་མ་སྙིང་འབྱིན་གསོད་བྱེད་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྷའི་གནས་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ། འཁོར་རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བ་བཅུ་དང་། ལྷ་མ་སྲིན་སྡེ་བརྒྱད་དང་། མ་མོ་རྣམས་ཀྱིས་བསྐོར་ནས་བཞུགས་སོ། །དེ་ནས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ། བདུད་ཐམས་ཅད་རྣམ་པར་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་དུས་སུ་བདུད་ཀྱི་རྒྱལ་པོ་ཀ་ལ་དུང་
མགྲིན་ཞེས་བྱ་བས། ལྷའི་གནས་སུམ་ཅུ་རྩ་གཉིས་རྣམ་པར་རྒྱལ་བའི་ཁང་བཟང་དུ་ལྷ་དང་ལྷ་མ་ཡིན་གཉིས་ཀྱི་བར་དུ་བདུད་དེས་ལྷ་རྣམས་སྤ་བསྐོང་བའི་ཕྱིར་སྟོབས་བསྟན་པ་ལས། བདུད་ཀྱི་ཕྱོགས་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས་ཞེས་བྱ་བ་དེ་ལ་རབ་ཏུ་དགའ་བར་གྱུར་ནས་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ལ། ལྷ་ཐམས་ཅད་སྤ་སྐོང་བར་བྱའོ་ཞེས་སྨྲས་ནས། བདུད་དགའ་རབ་དབང་ཕྱུག་གིས་དམག་འབུམ་ཕྲག་བདུན་གྱིས་ཐོག་དང་སེར་བ་དང་མཚོན་ཆའི་ཆར་དང་ནད་དང་མུ་གེ་ཐམས་ཅད་ལྷ་དང་མི་ཐམས་ཅད་ནས་ཐམས་ཅད་ཟད་ཅིང་བརླག་པར་བྱས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ཕྱག་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །བདུད་འདུལ་ཆེན་པོ་རྡོ་རྗེ་འཆང་། །བདུད་ལས་རྒྱལ་བྱེད་ཆེན་
པོ་གསང་བའི་བདག །ལྷ་མིན་བདུད་ཀྱིས་འགྲོ་བ་སེམས་ཅན་རྣམས། །ཟད་ཅིང་བརླག་སྟེ་སྟོངས་པར་བྱས། །དེ་ཚེ་ལྷ་དང་ལྷ་མིན་གཉིས། །འཇིགས་བྱེད་ཆེན་པོའི་དབུགས་དབྱུང་གསོལ། །ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་འོད་ཟེར་དམར་པོ་དུས་མཐའི་མེའི་རྒྱུན་ལྟ་བུ་ཚ་ལ་དྲག་པོ་བྱེ་བ་ཕྲག་འབུམ་ཕྲག་འཕྲོས་པར་གྱུར་ཏོ། །དེས་བགེགས་ཐམས་ཅད་ཀྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་འགུལ་འགུལ་ཤིག་ཤིག་ལྡེག་ལྡེག་པར་གྱུར་ནས། བདུད་ཀྱི་གནས་ཐམས་ཅད་སྤ་སྐོང་བར་གྱུར་རོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས་བདུད་ཐམས་ཅད་འདུལ་བའི་རིག་སྔགས་འདི་བྱུང་བར་གྱུར་ཏོ། །བྱ་རོག་མིང་ཅན་སྔགས་ཨོཾ་ཤྲཱི་ནཱ་ཐ་བཛྲ་མ་ཧཱ་ཀཱ་ལ་ཨུ་ཀ་ཝུ་ཙུ་ཧ་ན་ཧཱུྃ་ཕཊ། ཅེས་བྱ་བ་ཐོན་པ་དང་། བདུད་ཀྱི་རིགས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཟད་ཅིང་བརླགས་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་སྨྲས་པ། ཀྱེ། སྟོན་པ་སངས་རྒྱས་རྡོ་རྗེ་འཆང་། །ཤཱཀྱ་ཐུབ་པའི་བསྟན་པ་ཟེར་ལྔ་བརྒྱ་དུས་ཀྱི་སྙིགས་མ་འབྱུང་བ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་ཆུང་། །རྩོད་པ་མང་པོ་དར་བར་འགྱུར། །དཀོན་མཆོག་དབུ་འཕང་སྨོད་པར་འགྱུར། །དེ་ཚེ་བསྟན་པ་བསྲུང་བའི་ཐབས། །བདག་ལ་
ལེགས་པར་བསྟན་དུ་གསོལ། །ཞེས་སྨྲས་པ་དང་། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལྷ་དང་ལྷ་མ་ཡིན་ཐམས་ཅད་འཐབ་པའི་ཁྲག་གི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རབ་ཏུ་འབར་བ་རབ་ཏུ་གཏད་པས་དེའི་འོད་ཀྱིས་ཁྲག་གི་རྒྱ་མཚོ་ཆེན་པོ་དེ་རབ་ཏུ་ཁོལ་ཅིང་ལུད་བར་གྱུར་ཏོ། །དེའི་ཚེ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་དང་། སྲིན་པོ་ཀ་ལ་དུང་མགྲིན་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས་དང་། གནོད་སྦྱིན་ནག་པོ་དུག་གི་མིག་ཅན་ལ་སོགས་པ་ཐམས་ཅད་ཀྱིས་དཔའ་བོ་བདག་ཅག་ཐམས་ཅད་དབུགས་དབྱུང་དུ་གསོལ་ཞེས་ལུས་ཕུལ་བར་གྱུར་ཏོ། །ཁྲག་མཚོ་ཁོལ་མ་སྙིང་འབྱིན་གསོད་བྱེད་ནག་པོའི་རྒྱུད་ལས་བདུད་བཏུལ་བའི་ལེའུ་སྟེ་དང་པའོ།། །།དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དཔའ་བོ་ཆེན་པོ་རྡོ་རྗེ་འཛིན། །སངས་རྒྱས་བསྟན་པ་བསྲུང་བ་ལ། །སྲུང་བྱེད་ནག་པོ་ཆེན་པོ་ལ། །༡ བསྲུང་ཐབས་རྣམ་པ་དུ་ཞིག་ཡོད། །༢ལྷའི་གོ་རིམ་དུ་ཞིག་མཆིས། །༣སྔགས་དང་དམ་རྫས་གང་ལྟར་ཡིན། །༤གནད་ཀྱི་སྲོག་གཟེར་གང་དང་གང་། །༥རྟེན་དང་བླ་རྡོ་ཇི་ལྟར་གཟུང་། །༦སྲོག་གི་འཁོར་ལོ་ཇི་ལྟར་བསྐོར། །༧ནང་རྒྱས་དམེ་འཁྲུགས་ཇི་ལྟར་བྱེད། །༨ལས་མཐའ་
ངན་ཐབས་དུ་ཞིག་མཆིས། །༩གནོད་སྦྱིན་འབྱུང་པོ་ཇི་ལྟར་འདུལ། །༡༠ཡུམ་གྱི་གསང་ཐབས་དུ་ཞིག་མཆིས། །༡༡དགྲ་སྲོག་དངོས་གྲུབ་ཇི་ལྟར་ལེན། །༡༢བསྙེན་བསྒྲུབ་ལས་ལ་ཇི་ལྟར་སྦྱོར། །༡༤མཆོད་པའི་རིམ་པ་དུ་ཞིག་མཆིས། །༡༥གསད་དང་ཟློག་མདོས་ཇི་ལྟར་བགྱི། །༡༦གཏད་དང་མནན་པ་ཇི་ལྟར་བྱ། །༡༧ཐོག་དང་སེར་བ་ཇི་ལྟར་དབབ། །༡༨རྣལ་འབྱོར་དམ་ཚིག་ཇི་ལྟར་བསྲུང་། །༡༩མཆོག་དང་ཐུན་མོང་ཇི་ལྟར་འཐོབ། །ཅེས་ཞུས་སོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་གླེང་གཞི་གླེང་བསླང་ནས་ཞུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དཔལ་རྡོ་རྗེ་འཆང་ཆེན་པོ་ཤིན་ཏུ་དགྱེས་ནས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཁྱོད་ཀྱིས་དྲི་བ་དེ་ཤིན་ཏུ་ལེགས། །འདུས་པའི་འཁོར་རྣམས་ཉན་པར་འཚལ། །སངས་རྒྱས་བསྟན་པ་བསྲུང་བའི་ཐབས། །ངས་ནི་ཁྱོད་ལ་ལེགས་པར་བསྟན། །ཞི་བ་རྒྱས་པ་དབང་དང་དྲག །ཕྲིན་ལས་རྣམ་པ་བཞི་ཡིས་ནི། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །སངས་རྒྱས་བསྟན་པ་དེ་ལ་ཞི་བས་བསྲུང་བ་ནི། །ནད་དང་གདོན་དང་མུ་གེ་དང་། །བྱད་ཀ་སྟོན་དང་བཀྲ་མི་ཤིས། །ལོ་མི་ལེགས་དང་འཁྲུགས་པ་ཞི་བའི་ཐབས་ཀུན། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། རྩ་བའི་སྙིང་པོ་བདུན་འབུམ་ཉིད། །
ལྷའི་ཐུགས་ཀར་རིག་པ་གཏད། །དེས་ནི་སེམས་ཅད་ཀུན་ལ་ཕན། །ལོག་ལྟ་ཅན་དེ་འདུལ་བར་འགྱུར། །རྒྱས་པར་བསྲུང་བར་འདོད་པ་ནི། །ཚེ་དང་ལོངས་སྤྱོད་བསོད་ནམས་དང་། །དཔལ་དང་གྲགས་པ་གཟི་བརྗིད་དང་། །གནས་དང་འཁོར་ཚོགས་ནོར་བུ་དང་། །འབྲུ་དང་རྟ་མཆོག་གླང་པོ་ཆེ། །ཨུ་ཀ་ཏའི་སྔགས་གསང་སྔགས་རྒྱལ་པོ་འབྲུ་བདུན་གྱིས། །འདི་ནི་ཤིན་ཏུ་རྒྱས་པར་འགྱུར། །དབང་གིས་བསྟན་པ་སྲུང་བ་འདི་ལྟ་སྟེ། །ལྷ་དང་ལྷ་མིན་འཁོར་ལོས་བསྒྱུར། །བྲམ་ཟེ་དྲང་སྲོང་བརྒྱ་བྱིན་དང་། །སྐྱེས་པ་བུད་མེད་ལྷ་འདྲེ་དང་། །མུ་སྟེགས་ལོག་ལྟ་གཅན་གཟན་དང་། །བདུད་དང་གཤིན་རྗེ་ཚོགས་རྣམས་ཀུན། །གསང་བའི་སྙིང་པོ་བདུན་འབུམ་གྱིས། །ངེས་པར་བྲན་བཞིན་དབང་དུ་འགྱུར། །དྲག་པོའི་གསང་བའི་གོ་རིམ་ནི། །ཕྱི་དང་ནང་ནང་གསང་བ་དང་དེ་ཁོ་ན། །མཐར་ཐུག་ཏུ་དགྲའི་སྲོག་རྩ་གཅོད་པའི་ཐབས། །བསད་ཐབས་རྣམ་པ་ལྔ་ཡིས་ནི། །སངས་རྒྱས་བསྟན་པ་བསྲུང་བར་བྱ། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་ཕྲིན་ལས་བཞིས་བསྟན་པ་བསྲུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་ཡིས། །ལྷའི་གོ་རིམ་བཀའ་བསྩལ་པ། །སངས་རྒྱས་
བསྟན་པ་སྲུང་བྱེད་པ། །སྲོག་བདུད་ནག་པོ་ལས་ཀྱི་ལྷ། །བྱ་རོག་མིང་ཅན་ཡེ་ཤེས་པ་ནག་པོ་ཆེ། །ཞལ་གཅིག་པ་ལ་ཕྱག་ཀྱང་བཞི། །ཕྱག་གཡས་པས་གྲི་གུག་རལ་གྲི་འཛིན། །ཕྱག་གཡོན་པ་ཐོད་ཁྲག་ཁ་ཊྭཱཾ་འཛིན། །སྐུ་མདོག་མཐིང་ནག་འབར་བ་ལ། །སྟག་གི་པགས་པས་སྨད་དཀྲིས་ཅན། །སྲིན་པོ་ལང་ཀ་མགྲིན་བཅུ་དང་། །ལྷ་མིན་བུ་མོ་གདན་དུ་བཏིང་། །རུས་པའི་དབུ་རྒྱན་ཐོད་རློན་ཕྲེང་། །གླང་ཆེན་ཀོ་རློན་གོས་སུ་གྱོན། །མི་ལྤགས་གཡང་བཞིས་སྟོད་གཡོགས་ཅན། །ཀླུ་ཆེན་བརྒྱད་ཀྱི་ཡན་ལག་དཀྲིས། །ཁ་ནས་མེ་ཡི་བསྐལ་པ་ལྷང་ལྷང་འཕྲོ། །སྲོག་བདུད་ནག་པོ་དེ་ལ་ནི། །ལས་བྱེད་སྤྲུལ་པའི་བྱ་རོག་གདོང་ཅན་བཞི། །སྐུ་གསུང་ཐུགས་ཀྱི་ཡུམ་གསུམ་དང་། །མཁའ་འགྲོ་དྲུག་དང་ལྷ་མོ་བརྒྱད། །མགོ་བརྙན་བཅུ་དྲུག་ཅན་དང་དྲེགས་པ་ཅན་ཉེར་བཞི་དང་། །དབང་ཕྱུག་མ་ཉེར་བརྒྱད་དང་བདུན་ཅུ་རྩ་གཉིས་ལས་ཀྱི་མགོན། །རོ་ལངས་དང་ནི་ནག་པོ་སྟོང་། །གནོད་སྦྱིན་ཁྲི་དང་མ་མོ་འབུམ། །ཤ་ཟ་སྤྲུལ་པ་བྱེ་བ་ནི། །ཀུན་ཀྱང་ཁ་དོག་དམར་ནག་ལ། །གཡས་གྲི་གུག་དང་ནི་གཡོན་ཐོད་ཁྲག་འཐུང་། །དུར་ཁྲོད་ཀྱི་རུས་པའི་ཆས་བརྒྱད་དང་ལྡན་པ་སྟེ། །ཕྱི་ནང་གསང་བ་དེ་ཁོ་ན། །མཐར་ཐུག་ཕྲིན་ལས་བཞི་ཡི་འཁོར། །མ་རུངས་ཚར་གཅོད་དྲག་པོ་སྲོག་གི་བདག །
ལས་ཀྱི་སྲོག་བསྡུས་མ་རུངས་པ། །དེ་ནི་བསྟན་པ་སྲུང་བའི་ལྷ། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། སྲོག་གི་བདག་པོ་ལྷའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྔགས་ཀྱི་རིམ་པ་བཀའ་བསྩལ་པ། རྩ་བའི་སྔགས་༡ཨོཾ་ཤྲཱི་ནཱ་ཐ་བཛྲ་མ་ཧཱ་ཀཱ་ལ་ཨུ་ཀ་ཝུ་ཙུ་ཧ་ན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བྱ་རོག་མིང་ཅན་གྱི་སྔགས་སོ། །༢ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མུ་དགུག་པ་ཉུངས་ཐུན་རྒྱག་པ་ཀ་ཧྲི་ཏ་ཤད་ཏྲག་གྷུ་ན་སི་ཏི་མ་ཡ་དུ་ཛ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། བྱ་རོག་གདོང་ཅན་བཞིའི་སྔགས་སོ། །༣ ཨོཾ་ཀྵིཾ་ཐོད་པ་དུག་ཐུན་རྒྱག་པ་ཡ་མི་མུ་ཁ་མ་ཧཱ་ཀཱ་ལི་ཡ་མ་དུན་ཏི་མུ་ཏི་ཏྲི་ཛ་ཛཿ ཡུམ་རྣམས་ཀྱི་སྔགས་སོ། །ཨོཾ་༤ར་ཏ་ཨུ་པ་ཡ་མྱོས་པ་ཁྲག་ཐུན་གྱིས་རྒྱག་པ་ར་ཏ་ན་ལི་ཀ་བྷི་བྷི་བྷི་བྷོ་ས་རོང་ཨུ་ཁྲི་ཛྙཱ་ཛྙཱ་སི་ཨར་ལོག་གི་མ་རོ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཁའ་འགྲོ་མ་དྲུག་གི་སྔགས་སོ། །༥ཨོཾ་མ་ཧཱ་ཀཱ་ལི་སྤྱོད་པ་གྲི་ཐུན་གྱིས་རྒྱག་པ་མ་མ་ཏྲག་ཤད་ལིང་ཏི་ཤར་ཏི་ཤར་མུ་ཏི་ལང་ན་ཚ་ཤིང་ཏྲང་རླབ་རླབ། ཁུག་ཁུག་ཆུམ་ཆུམ། སྡུས་སྡུས་དྷི་ནན་སྭཱ་ཧཱ། ལྷ་མོ་བརྒྱད་ཀྱི་སྔགས་སོ། །༦གསད་པ་ཕུར་ཐུན་གྱིས་རྒྱག་པ་ཨོཾ་མ་ཧཱ་ཀཱ་ལི་སེ་ཏ་བྷ་ཏད་མན་ཏྲ་ཏན་ཏྲ་ཁ་ཐམ་བི་ས་རི་ཏ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རོ་ལངས་བརྒྱའི་སྔགས་སོ། །༧ཙག་པ་མདའ་ཐུན་གྱིས་རྒྱག་པ་ཨོཾ་མ་ཧཱ་ཀཱ་ལ་རྩ་མོན་ཏེ་
ཀྲག་ཀྲག་ཀོལ་ཀོལ་ཧང་ཧང་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ནག་པོ་སྟོང་གི་སྔགས་སོ། །༨ བརླག་པ་ཟོར་ཐུན་གྱིས་རྒྱག་པ་ཨོཾ་མ་ཧཱ་ཀཱ་ལི་བྱི་དུ་ཤ་ཁྲག་ཏུ་ནན་ཛ། བྷུ་ཏ་ཀུ་རུ་ཧྲི་ཛ་ཛ་བཛྲ་ཏྲི་འུར་མ་ནག་མོ་སྲོག་བྲེང་བྲེང་ཛ་ཛཿ མ་མོ་འབུམ་གྱི་སྔགས་སོ། །༩རྡུང་བ་རྡོ་ཐུན་གྱིས་རྒྱག་པ་ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ་བཛྲ་ཕྲི་ས་མ་ཡ། མུ་དྷ་ར་མུ་དྷ་ར་ཤག་རྦད། ཙཀྲ་ཧྲིང་ཧྲིང་འུར་འུར་ཀྱིལ་ཀྱིལ་ཤག་རྦད། གྷ་རུ་ལས་ཁ་རོ་ཁ་དྷ། ཝུ་ར་ན་ཤག་རྦད། མ་ཧཱ་ཀཱ་ལི་དེ་བ་ཨ་ཧུར་ཤ་ཛྙཱ་བུར་ཡ། གནོད་སྦྱིན་ཁྲིའི་སྔགས་སོ། །༡༠ ཟློག་པ་སྦྱར་ཐུན་གྱིས་རྒྱག་པ་ཨོཾ་མ་ཧཱ་ཀཱ་ལ་དོཾ་ཏྲད་ཏྲ་བཛྲ་ཀཱ་ལི་མ་ཧཱ་ཀཱ་ལི། ཐུར་དུ་ཀཱ་ལི་ཡོ་གི་ནི་ཀྲི་བ་ཀ་ས་མ་མི། ཀྲི་བ་ཀ་ས་མ་མི་བྷ་ག་བ་ཏི། མ་ཀེ་མ་ཀ་ནི། བྱའུ་རུ་ཀུ་རུ་སྭ་ད་དུ་ནི། སཾ་བྷ་ནི་ཀའི་ཀའི་ཀ་རི་ཛ་རི་ཀ་རི། ཤྲཱི་ཧེ་རུ་བཛྲ་མ་ཏི་ཧ་ཁཾ་ཕག་ཀེ་ལི་ཡ། ཤ་ཟ་ནག་པོ་བྱེ་བའི་སྔགས་སོ། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། རྩ་བའི་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དམ་རྫས་རྣམས་ནི་བཀའ་བསྩལ་པ། རྟེན་པའི་རྫས་དང་མཆོད་པའི་རྫས། །གསད་པའི་རྫས་དང་ཟློག་པའི་རྫས། །བསྲུང་བ་དང་ནི་བསྒྲུབ་པ་ཡི། །རྫས་ནི་རྣམ་པ་དྲུག་ཏུ་བཤད། །ནག་པོ་གཡག་ནག་ལུག་ནག་བྱ་ནག་ཁྱི་ནག་བཞི་ཡི་རྒྱལ་
མཚན་ལ། །དར་ནག་རུ་མཚོན་ཕྱར་བ་དང་། །མདའ་རྒོད་སྒྲོ་མ་བཞི་ལ་གྲི་སྙིང་སྙིང་ཆེན་བཞི། །གསེར་གྱིས་བྲིས་པའི་སྔགས་རིང་དང་། །མགོན་པོའི་སྐུ་གཟུགས་ཚད་དང་ལྡན་པ་ལ། །ཨུར་ཐ་ཀའི་རྩ་བའི་སྔགས་ཀྱི་བཀོད་པ་དང་། །མདའ་ནག་བཞི་ལ་དར་ནག་བཞི། །རྟེན་པའི་བྱང་བུ་བརྒྱད་དང་བཅས། །གྲི་རྒོད་གསང་བའི་སྙིང་ཆེན་ནང་། །དར་ནག་མཚལ་གྱིས་སྲོག་འཁོར་བྲི། །རྩ་སྔགས་འབུམ་གྱིས་རབ་གནས་བྱ། །དར་ཚོན་སྣ་ལྔས་བྲིས་པ་དང་། །ལྕེ་སྤྱང་སྤྱང་ཀི་དར་མའི་སྙིང་ནང་དུ། །གསད་པའི་སྔགས་བཞི་སྙིང་དང་དགྲ་གཟུགས་བཅའ། །དེ་ནི་རྟེན་པའི་དམ་རྫས་ཡིན། །གཉིས་པ་མཆོད་པ་ནི་མེ་ཏོག་སྤོས་དང་མར་མེ་དང་། །ཆུ་གཙང་བཤོས་དང་ཅང་ཏེའུ་སྒྲ། །གླིང་བུ་དང་ནི་རྔ་ཆེན་དང་། །དབང་པོ་ཤ་ཁྲག་རུས་པ་དང་། །རྐང་དང་ཚིལ་བུ་ནང་ཁྲོལ་དང་། །འབྲུ་དང་ལ་དུ་ཉ་ཡི་ཤ །སྒོག་རྩང་བུ་རམ་རྒུན་འབྲུམ་དང་། །བུད་མེད་བསད་པའི་ཤ་ཁྲག་གསོན་པོའི་ཁྲག་བུད་མེད་ཀྱི་མངལ་ཁྲག །བསྲེག་པའི་གསུར་དང་བཙོས་པའི་ཞག །གཏོར་མ་ཆེ་ཆུང་རྣམ་བརྒྱད་ཀྱིས། །རྟག་ཏུ་མ་བརྗེད་མཆོད་པར་བྱ། །གསད་པའི་དགྲ་ལ་གནག་པའི་རྫས། །དུག་སྣ་ཙག །རམ། བོང་ང་། སྤྱང་། ཐང་ཕྲོཾ། གྲི། མཛེ། ཕག །ཁྱི། རྟ་བོང་། ཡུགས་ས། དགུ་དང་ཁྲག་སྣ་དགུ། །མདའ་དར་ཕུར་པ་
དགུ་དགུས་ཀྱང་། །རབས་ཆད་ནག་པོའི་ཐོད་པ་དང་། །ནག་པོ་ཕག་ཁྱི་རྟ་བྱ་བཞི་ཡི་ཤ་ཁྲག་དང་། །རྡོ་ནག་རོ་བསྲེགས་པའི་ལྕགས་ཀྱི་ཕྱེ་མས་ནི། །དམིགས་པའི་གཟུགས་ནི་བརྒྱ་རྩ་བརྒྱད། །ཚེར་ནག་ཧོམ་དང་བཅས་པའི་རྫས། །སྡིག་ཅན་དགྲ་བགེགས་གསད་པའོ། །ནག་པོ་བཞི་ཡི་སྙིང་ཁྲག་གིས། །ཟློག་པའི་ཁྲཾ་བརྒྱད་མཆོད་རྟེན་བྱ། །ཐོད་ནག་ལྕགས་ཀྱི་ཕུར་བུ་བརྒྱད། །རེ་བ་ནག་པོས་བསྡམས་བྱས་ལ། །ཟློག་པ་ཁ་ཐུན་ནག་པོའི་རྫས། །སྲུང་བ་རིན་ཆེན་སྒྲིབ་ཤིང་ལ། །སྒྲུབ་པའི་རྫས་ནི་གྲི་སྙིང་དང་། །ནག་པོ་བཞི་ཡི་སྙིང་ཁྲག་གཅེས། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། རྫས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གནད་ཀྱི་སྲོག་གཟེར་འདི་གསུངས་སོ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་ལ། །དབུས་སུ་གྲུ་གསུམ་བསྣོལ་མར་བརྩིགས། །ནང་དུ་གྲུ་གསུམ་སུམ་བརྩེགས་ལ། །ཐམས་ཅད་ཀྱི་ཁ་དོག་ནང་དམར་ཕྱི་ནག་འོད་དང་ལྡན། །ཐོད་པ་དགུ་བརྩེགས་ཕོ་བྲང་དུ། །རབས་ཆད་ནག་པོའི་ཐོད་པ་ནི། །ཕོ་མོ་གཉིས་ནི་སོ་སོ་ལ། །གསོད་པ་སྤུ་གྲིའི་འཁོར་ལོ་ནི། །རྩིབས་བརྒྱད་སྤུ་གྲི་མདུན་བསམ་མོ། །བླ་མའི་མན་ངག་བཞིན་དུ་དཀྲུགས་པའི་སྔགས་ཐབས་འཁོར་ལོ་བྲི། །ལས་ཀྱི་བྱ་རོག་
གདོང་། ཤོག་བུ་ལ། མགོན་པོ་ཡབ་ཡུམ་གཉིས། །ཞལ་སྦྱར་བར་དུ་དགྲ་གཟུགས་ནི། །ཕོ་མོ་གཉིས་ཀྱི་བཞི་སྙིང་བསད་པའི་སྔགས་ཀྱིས་བསྐོར་བ་བྲི། །ཐོད་པར་བཅུག་ལ་རེ་བས་དྲིལ། །དྲག་པོའི་སྔགས་ཀྱི་རྦད་བསད་བྲི། །ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་དུ་ཐུན་བཞིར་རྦད། །སྲོག་གཟེར་བཅད་པའི་དམིགས་པ་ཡིས། །སྲོག་དང་རྩོལ་བ་ལས་བསྐྱེད་པའི། རྣམ་ཤེས་ས་བོན་ནྲི་ཉལ་ཐག་བཅད། དཀྲུག་སྔགས་བསད་སྔགས་ཨོཾ་མ་ཧཱ་ཀཱ་ལ་ཤད་ཏྲག་ཡ་མ་དུ་པི་ལིང་བྱིན་ནི་ཏི་སུ་ཙིཏྟ་ལ་རྦད་རྦད། ༡ སརྦ་ཤ་ཏྲུཾ་ཐུཾ་རིལ་ཐུཾ་ཛཿརྦད། རག་ཁ་ཛ་དུ་མ་༢ཆོད་ཆོད་རྩ་ལ་རྦད།༣ ཐུམ་རིལ་རྦད་རིལ་ཐུམ་རྦད། ༤ས་ཏི་ཆོད་ཆོད་ལྕིབས་ལྕིབས་ཁ་ཁྲག་ལ་སྙིང་ལ་ཐུམ་ཐུམ་རྦད།༥ ལ་ཀ་ཀ་ལ་དགྲ་བོ་ཀྲཾ་ཧ་ནི་མ་ཧཱ་མ་བྷྱོ།༦ ཡ་ལ་ཀ་མ་ཧཱ་ཀཱ་ལ་ཙ་རུ་རུ།༧ ཀ་མ་ཧཱ་ཀཱ་ལ་རྦད།༨ ཡང་མུ་ཁྱུད་ལ་སྙིང་ཧ་མ་ཨོཾ་ས་ལ་སྲོག་ལ་གིང་ཡ་རཾ་ཀ་ཀ་ལ་གིང་། མོ་དཀྲུག་པ་༡ཨོཾ་མ་ཧཱ་ཀཱ་ལི་ཛ་ཨ་ཙ་ཚཿ ༢ཨ་ན་ན་ཙ་ཙི། ༣ཙུ་ཁྲ་ཁ་ཙི་ཏ་ཏུཾ། ༤ཁ་ཙ་ཙ་ན། ༥ ཁ་ག་ཙ་ཙ་ན། ༦ཙ་མུ་ལ་ཙ་མུ་ལ །༧ཙི་ཙ་མུ་ཧུ་ལ་ཙ་ཙ། ༨ཏ་མུ་ཧ་ཧ་ཏི། མུ་ཧུ་ལ་ཨ་པ་ཏ་སྭཱ་ཧཱ། ཛ་ཡ་མོ་ཟློག་པ་མཱ་ར་ཡ་ལ་ཏ་ཕཊ་ཧཱུྃ་ཕྱེ་མ་ར་རྭ་རུ་མོ་ཙི་ནི་པི་རུ་མ་ཏྲག །དྷུ་བུ་མོ་རག་ཆྒཻ་མོ་ཤག་བྷི་ར་ཏྲག་རུ་རུ། རག་ཏྲག་མ་མ་ནི་རྦད། ཐུམ་
རིལ་ཛ་ནི་མོ་རག་ལིང་ག་ཀ་ཧ་ཏྲག་མ་མ། དགྲ་བོའི་སྲོག་རྩ་ལ་ཧབ་ཧབ་ཐུཾ་རིལ་རྦུད་རྦུད། གྲངས་ནི་ཁྲི་ཚོ་གསུམ་ན་ཐེམས། །ཞག་བདུན་ལས་འདས་ན་རང་སྲོག་གཅོད། །ལས་མགོན་ཡབ་ཡུམ་ལྟོ་དཀྲུགས་པས། །དགྲ་སྲོག་ཉལ་ཐག་གཅོད་པར་བསམ། །དེ་ནི་ཐེ་ཚོམ་མེད་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། གནད་ཀྱི་སྲོག་གཟེར་ནག་པོས་དགྲ་གསད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྔ་པ་རྟེན་དང་བླ་རྡོའི་མན་ངག་ལ། དེ་ཡི་བྱེ་བྲག་བཀའ་བསྩལ་པ། །ཕྱི་ཡི་རྟེན་དང་ནང་གི་རྟེན། །གསང་བའི་རྟེན་དང་དེ་ཁོ་ན། །ཕྱི་རྟེན་གཡག་ལུག་ཁྱི་ནག་ལ། །སྔགས་ཀྱི་བྱང་བུ་རྔ་མས་བརྒྱན། །རྭ་དང་དཔུང་པར་དར་ཚོན་ལྔ། །ཚེ་ཐར་བཅས་པ་ཕྱི་ཡི་རྟེན། །བྱ་ནག་ལུག་གི་རྒྱལ་མཚན་ལ། །སྐུ་གཟུགས་སྔགས་དང་བཅས་པ་ནི། །ཆོས་སྐྱོང་ནང་གི་རྟེན་དུ་བཤད། །བྱ་རྒོད་སྒྲོ་ཅན་མདའ་བརྒྱད་ལ། །གྲི་རྒོད་ནག་པོ་སྙིང་བཞི་ལ། །སྲོག་འཁོར་སྔགས་དང་བཅས་པ་ནི། །དེ་ནི་མགོན་པོ་གསང་བའི་རྟེན། །ཕོ་བཞི་མོ་བཞི་དཀྲུགས་པའི་སྔགས་ཆེན་བརྒྱད་པོ་ལ། །ཁྲོ་བོའི་སྔགས་བདེ་མཆོག་གི་ཕྲེང་སྔགས་བསྲེས་འཁོར་ལོ་བྲི། །གསེར་དངུལ་ཟངས་ལྕགས་ག་བུར་བཅས། །
རྟག་ཏུ་མི་འབྲལ་འགྲོགས་པ་ནི། །དེ་ཁོ་ན་ཉིད་ཀྱི་རྟེན་དུ་གསུངས། །གསེར་དངུལ་ཟངས་ཀྱི་ཤོག་བུ་ལ། །གྲི་སྙིང་ཁྲག་གིས་སྔགས་འཁོར་བྲིས། །གྲི་སྙིང་ནང་བཅུག་ལུས་ལ་བཅང་། །དེ་ནི་ལུས་དང་གྲིབ་མ་བཞིན། །མི་འབྲལ་གཏན་དུ་འགྲོགས་པའམ། །སྲོག་གི་བླ་རྡོ་དམ་པ་ཡིན། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་རྟེན་དང་བླ་རྡོའི་ལེའུ་སྟེ་བརྒྱད་པའོ། །དྲུག་པ་དེ་ནས་སྲོག་གི་འཁོར་ལོ་བཀའ་སྩལ་པ། །དུར་ཁྲོད་རོ་རས་ནག་པོ་ལ། །དུར་ཁྲོད་ས་དང་དམེ་ཁྲག་སྦྱར། །དུག་ཆེན་ཧ་ལ་འབར་བ་ཡིས། །མི་ཡི་རྐང་གི་སྨྱུ་གུ་བྱས། །འཁོར་ལོ་རྣམ་པ་བཞི་རུ་བྲི། །རྩིབས་ཕོ་འཁོར་མོ་འཁོར་གཉིས་ལ་ནི་བརྒྱད་བརྒྱད་བྱ་བ་ལ། །ལྟེ་བ་མུ་ཁྱུད་སུམ་རིམ་བྲི། །ཞལ་མགོན་པོ་གདོང་ཅན་ཡབ་ཡུམ་དང་ཕྱག་མཚན་ཐོད་པ་ཡི། །རྐྱང་ཁུག་དཀྲུགས་དང་ཟློག་པ་ཡིས། །མན་ངག་བཞིན་དུ་སྔགས་ནི་མ་ནོར་ལེགས་པར་བྲི། །གྲི་གུག་ནང་དུ་རལ་གྲི་བར་དུ་ལྕགས་ཀྱུ་གསུམ། །ཕྱི་རོལ་དུ་མུ་ཁྱུད་རྣམས་ལ་རིམ་པས་བྲི། །ལྟེ་བ་ཇི་ལྟར་གསུངས་པ་ཡི། །ལས་ཀྱི་དགྲ་བོའི་གཟུགས་དེ་དབུས་སུ་བྲི་བར་བྱ། །དེ་ནས་ནག་པོ་བདུད་ཀྱི་ཉི་མ་ལ། །ཕུང་བའི་ཤུལ་ནས་ས་བླངས་ལ། །དཀྱིལ་འཁོར་དབུས་སུ་འཁོར་ལོ་
དགྲམ། །དམིགས་པའི་ལིང་ག་བར་དུ་བསྡམ། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ལ། །རྩ་བའི་སྔགས་ནི་བཞི་སྙིང་སོ་སོར་བདུན་སྟོང་བཟླས། །གང་ལ་དམིགས་པ་གདོན་མི་བྱ། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། སྲོག་གི་འཁོར་ལོ་བསྐོར་བས་དགྲ་གསད་པའི་ལེའུ་སྟེ་དགུ་པའོ། །བདུན་པ་དེ་ནས་ནང་རྒྱས་དམེ་འཁྲུགས་བཤད་པར་བྱ། །ནག་པོ་བཞི་ཡི་སྙིང་ཆེན་དང་། །འབྲུ་ནག་པོ་ཡི་གཏོར་ཆེན་ལ། །རག་པའི་ཙིཏྟར་ལིང་ག་བཅུག །གྲུ་གསུམ་རྩངས་བཅས་ནང་དུ་བཅུག །བན་དྷར་ཁྲག་བླུག་སྐབས་སུ་གཏོར། །དྲག་པོའི་སྔགས་འདི་བདུན་འབུམ་བཟླས། །ཡེ་ཤེས་མགོན་པོ་བྱ་རོག་གདོང་ཅན་ཨོཾ་ཤྲཱི་ནཱ་ཐ་བཛྲ་ཨུ་ཀ་ཝུ་ཙུ་མ་ཧཱ་ཀཱ་ལ་ཧ་ན་བཛྲ་ར་ཙིཏྟ་ཐུན་རྦད་རྦད་སྭཱ་ཧཱ། སྙིང་ཁྲག་རྦད་པ་ལོ་དུན་ཁུག་རྦད་རྦད་སྭཱ་ཧཱ། ཐུམ་ཤིག་ཁུག་ལིང་རྦད་རྦད་སྭཱ་ཧཱ། དགྲ་བོའི་བསད་པ་ཡབ་ཡུམ་སྦྲག་པ་སྙིང་ཁྲག་དུན་རྨུགས་རྦད་རྦད་སྭཱ་ཧཱ། བྱ་རོག་གདོང་བཞི་ལས་སྲོག་བདག་བྱ་རོག་གདོང་ཨོཾ་ཤྲཱི་ནཱ་ཐ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཏྲག་ལ་ནན་ཤན་བྱིན་ནོ་སི་ཏི་ཡ་མ་དུ་ཛ་སུ་ཙིཏྟ་ལ་རྦད་ཀ་ཀྵ་ཀ་ཀྵ་བྲག་ཐལ་ཤག །མ་ཐ་ཤག་རྦད་སོད། སྙིང་ཆོད་ཡ་མ་བྲང་བྲང་ཞུང་ཞུང་རིལ་རྦད་རྦད་འབོད་རྦད་གསད་པ་ཡ་ཡ། གཤིན་རྗེ་བྱ་རོག་གདོང་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙེ་ཙེ་ན་
ན་རྦད་རྦད་སྙིང་ལ་ཡ་ཡ་རྦད་རྦད་མཱ་ར་ཡ་བྷྱོ། འབོད་རྦད་གསད་པ། བདུད་པོ་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་པྲ་ཏི་པ་མ་ན་ཙ་རྨུགས་རྨུགས་པྲ་ཏི་ས་བན་ཏ་ཁུག །པྲ་ཏི་ས་མན་ན་ཏ་ཆོད། ཁ་ལ་རག་ཤ་རྦུད་རྦུད། ཙིཏྟ་རག་ཤ་རྦུད་རྦུད་ཏེ། འབོད་རྦད་གསད་པ། གནོད་སྦྱིན་བྱ་རོག་གདོང་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙི་ཐུན་ཤུ་ཐུན་ཨ་མུ་ཀཱ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། འབོད་རྦད་གསད་པ། རོ་ལངས་བརྒྱ་ཨོཾ་བཛྲ་ཐུཾ་ཤིག་ཁུག་ལིང་ཤ་ཐུན་ཙི་ཐུན་སརྦ་ཤ་ཏྲུཾ་འབོད་རྦད་གསད་པ་མཱ་ར་ཡ་ཁ་བསྒྱུར་བ་ཧུྃ་ཧཱུྃ་ཕཊ། ནག་པོ་སྟོང་གི་ཨོཾ་བཛྲ་སྙིང་ཁྲག་ཐུན་ཁུག་ཤ་ཐུན་ཙི་ཐུན་ཨ་མུ་ཀ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། གནོད་སྦྱིན་ཁྲི་ཨོཾ་བཛྲ་དགྲ་བོའི་སྙིང་ཁྲག་ཙིཏྟ་དུན་རྨུགས་ཤ་ཐུན་ཙི་ཐུན། ཛི་བི་ཏ་ཨ་མུ་ཀ་ཆྒཻ་མོ་ཁ་བསྒྱུར་བ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། མ་མོ་འབུམ་ཤ་ཟ་བྱེ་བའི་ཨོཾ་མ་ཧཱ་ཀཱ་ལི་ཤ་བན་དེ་ནག་པོ་སྲོག་ལ་ཐུན་ཏི་ཛ་མཱ་ར་ཡ་ཛ་ཛ། ཞེས་དྲག་པོའི་ཐུན་གྱིས་བྲབ། གང་ལ་བྱ་བ་བརླག་པར་འགྱུར། །ནང་རྒྱས་ཟློག་པར་ཐེ་ཚོམ་སྤོངས། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། ནང་རྒྱས་དང་ཕྱིར་ཟློག་པའི་ལེའུ་སྟེ་བཅུ་པའོ། །བརྒྱད་པ་དེ་ནས་གདུག་པའི་ལས་མཐའ་གསུངས། །༡ངག་མནན་༢སྒྲོལ་དང་༣མནན་སྲེག་དང་། །༤སྨྱོར་གཞུག་༥རེངས་དང་༦བཅིང་
བ་དང་། །༧དགུག་དང་༨བསྐྲད་དང་༩དབྱེ་བ་དང་། །༡༠ཤི་ས་བསྟན་དང་༡༡གནད་ལ་གཟེར། །དང་པོ་དེ་ལ་རེ་རེ་ནས་བཤད་ན། །རང་གི་ལུས་ངག་ཡིད་གསུམ་གཞན་གྱིས་བཅིངས་ན། །གཡས་བྱ་རོག་གཡོན་འུག་པའི་དང་རུ་ལ། །སྟཾ་བྷ་ཡ་བྱེར། རིན་ཆེན་གསུམ་ཙནྡན་དཀར་དམར་དང་ག་པུར་གྱི་མེས་བདུག་ལ། །གསང་བའི་སྔགས་འདི་ཁྲི་གསུམ་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ཀ་མ་ཀྵ་ཡ་ཤན་ཏི་ཤན་བྱེར་མ་ཧ་བྱེར་སྟྭ་བྱེར་ཡ་ཟློག །བག་ཀྵ་ཡ་ཙིཏྟ་ཀྵ་ཡ། དེས་ནི་ལུས་ངག་ཡིད་གསུམ་གྱི། །བྱད་མནན་གྲོལ་བར་འགྱུར་བའོ། །དགྲ་བོ་ངག་མནན་པར་འདོད་པས་འདི་ལྟར་དུ། །རྡོ་ནག་ཡིག་དམར་མདའ་རས་སྣུན། །སྐུད་པ་ནག་པོས་རྒྱ་གྲམ་བཅིང་། །ཕྱོགས་གཅིག་ནས་ནི་ཁྲི་ཚོ་བདུན། །མཚེའུ་འབྲི་མིག་བཀུག་པར་གནན། །རང་ཉིད་མགོན་པོར་གསལ་བ་ཡིས། །མཎྜལ་དམར་ནག་སྟེང་དུ་ནི། །གཏོར་མ་དམར་པོ་ཕུལ་ནས་ནི། །གསང་སྔགས་གདུག་པའི་སྦས་བསད་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ཀྲིང་ཝང་ཧཱུྃ་ཧྲཱིཾ། ཆྒཻ་མོ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྟྭཾ་བྷ་མོ་ཧ་བན་དྷ་མཱ་ར་ཡ་ནན། དེས་ནི་དགྲ་བོའི་ལྕེ་ཆད་འགྱུར། །གསུམ་པ་དགྲ་བོ་དེའི་ལིང་ག་བསྲེག་པར་འདོད་པས་འདི་བཞིན་དུ། །དྲག་པོའི་ཤིང་ནག་སེང་ལྡེང་གི་ཚེར་མ་ཅན། །གྲུ་གསུམ་བརྩེགས་ལ་ལིང་ག་གཞུག །བདུག་པའི་རྫས་ལ་སྔགས་
སྟོང་བཟླས། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧ་ན་བཛྲ་སི་ཏི་ཡ་མ་དུ་ཛཿཛཿ སརྦ་ཤ་ཏྲུཾ་ཆྒཻ་མོ་ཛ་ལ་རཾ་རཾ་ཨག་ནེ་ཁ་རཾ་ཁཱ་ཧི། ཞེས་དེས་ནི་དགྲ་བགེགས་ཐམས་ཅད་ཀུན། །སྲེག་བྱེད་ཐམས་ཅད་བརྟུལ་ཞིང་བརླག །བཞི་པ་དགྲ་བོ་དེ་སྨྱོར་གཞུག་སྨྱོན་པ་ཤི་བའི་སྙིང་ནང་དུ། །དགྲ་བོ་གང་ལ་དམིགས་པའི་ལིང་ག་གར་བྱེད་བྲི། །སྦྲང་རྒོད་ཐང་ཕྲོཾ་སྙིང་ཀར་གཞུག །སྨྱོན་པའི་ཐོད་པར་ཐུན་སྔགས་བྲབ། །ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་དྲིལ་བ་ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛ་ཙིཏྟ་སྲོག་ལ་དུང་དུང་ཛཿ མོ་ཐམས་ཅད་དྲིལ་བའི་གཞི་སྙིང་ཡིན་མ་མ་ཏྲག་རཀྴ་སྙིང་ཁ་རག་ཀ་ལི་རེ་མ་ཏི་སྲོག་དུང་དུང་ཛཿར་ཙ་ཨ་ཧོ་བྷྲུྃ་རྦད། ས་མ་ཡ་སྲོག་དུན་དུན་ཛ་ཛཿ ས་མ་ཡ་གིང་ཀ་ར་པྲ་མ་ཤ་ཀུ་རུ་ཏི་ཛ་ཛཿ ཏེ་ཤང་ཀུ་རུ་ཡ་ཁུག་བཛྲ་ས་དུ་ས་མ་ཡ་ཛ་ཛཿ མ་ར་དུན་ཙེ་ཏྲི་ཀ་ར་ཤི་ན་ལིང་ག་ལམ་ཤ་ལ་རྔ་མོ་ཆུམ། རཀྴ་ཙིཏྟ་སྲོག་དུང་དུང་ཛཿཞེས། དེ་ལྟར་བཟླས་པས་དགྲ་རྣམས་སྨྱོ། །གྲངས་ནི་འབུམ་ཚོ་གསུམ་གྱིས་སོ། །ལྔ་པ་དགྲ་བོ་རེངས་སུ་གཞུག་པ་ནི། །མི་རྐང་གླིང་བུའི་ནང་དུ་ནི། །ཧ་ལའི་ཤིང་ལ་དགྲ་གཟུགས་བྲིས་ལ་གཞུག །བལ་ཚོན་སྣ་སྔས་ལེགས་པར་དྲིལ། །དྲག་པོའི་སྔགས་འདི་བདུན་འབུམ་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ཧི་ཏ་མི་ཏྲི་ཏི་ཏང་བྷན་དྷ་སོ་ཏ་ཏས་ཀ་ར་མ་ཧཱ་པ་
ལ་ཐཱ། ན་མོ་རུ་ཏྲ་ཡ་མོ་རི་ཤི་ཏ་ཧ་སྲི་པ་ཀ་དུ་ཤན་ཁྲིད་ལོ་ཏི་ནག་པོ་བྷྱོ། དགྲ་བྱུང་ཚེ་ན་གླིང་བུ་འབུད། །དགྲ་ནི་བརྒྱལ་དང་རེངས་པར་འགྱུར། །༈ དྲུག་པ་དགྲ་བོ་བཅིང་བར་འདོད་པ་ཡིས། །ཐལ་ཆེན་དང་ནི་ཉུངས་ཀར་ལ། །གསང་བའི་སྔགས་འདི་བདུན་སྟོང་བཟླས། །ཨོཾ་མ་ཧཱ་ཀཱ་ལི་ཨ་ཏི་ས་གྷུ་ཡ་ཏྭི་སརྦ་དྷི་དྷཾ་ཨི་དམ་ཨི་སི་སྭཱ་ཧཱ། རི་ཏྲི་ཕྲི་ཏི་ཀུན་ལན་རྡཱོ་རྗེ། ཛོ་གི་རྡོ་རྗེ། ར་ཧུ་ཨ་ན་རྡོ་རྗེ་ཧཱུྃ་ཀ་རི་ཙོད་ཕུང་ཀ་རི་ཙོད། ཏེའི་ཐུགས་མུ་ཏྲེ་ཙ་ན་རེ་ཀ་ས་ལེ། །ཆ་ཡེར་མ་བྷ་ལེ་ཆར་བ་ལ། སརྦ་ཤ་ཏྲུཾ་བྷན་དྷ་བྷན་དྷ་སྭཱ་ཧཱ། གོས་ཀྱི་ཐུ་བ་འདབ་མ་ལ། །རྫས་དེ་ཐུཾ་བྱས་གདགས་པར་བྱ། །དེས་ནི་དགྲ་ལ་གཏོར་བས་ཀྱང་། །རྐང་པ་བཅིང་བར་འགྱུར་བའོ། །བདུན་པ་འདི་དབང་དུ་བསྡུད་པ་དགུག་པར་འདོད་པས་འདི་ལྟར་དུ། །གང་ལ་བྱ་བའི་གཟུགས་བྲིས་ལ། །ཁྲག་ཆེན་ག་བུར་གུ་གུལ་ལ། །སྔགས་འདི་འབུམ་ལྔ་བཟླས་ལ་བྱུག་ལ་གཟུགས། །ཨོཾ་མ་ཧཱ་ཀཱ་ལ་ཨ་ཏི་པ་ནམ་སློང་སློང་ལི་ར་ཏ་ཨ་པྲི་ཤན་ཏི་ཨ་ཀར་ཤ་ཡ་ཏྲི་ཛ་ཛཿ དེས་ནི་གང་འདོད་དབང་དུ་འགྱུར། །བརྒྱད་པ་དགྲ་བོ་དེ་བསྐྲད་པར་འདོད་ན་དགྲ་བགེགས་གཟུགས། །རྔ་མོང་བོང་བུའི་ཁྲག་གིས་བྲི། །ཤྭ་བ་ཡུ་མོའི་ཐོད་པར་གཞུག །སྔགས་འདི་འབུམ་བཟླས་ལམ་ཁར་མནན། །ཨོཾ་མ་ཧཱ་ཀཱ་ལ་ཨུ་
ཙ་ཏ་མ་ཝི་ཝང་སྟྭཾ་བྷ་ཡ་སརྦ་ཤ་ཏྲུཾ་མཱ་ར་ཡ་བྱེར། དེས་ནི་དགྲ་བགེགས་ཡུལ་ནས་འབྲོས་པར་འགྱུར། །དགུ་པ་དགྲ་བོ་ནང་བྱེ་བ་ནི་འཐབ་བྱེད་འདོད་ན། །བྱ་རོག་འུག་པའི་དང་རུ་ལ། །ཕག་སྦྲུལ་ནག་པོའི་ཁྲག་གིས་བྲི། །དགྲ་གཟུགས་བྲིས་ལ་བར་དུ་གཞུག །རྟ་གཡག་གཉིས་ཀྱི་རྔ་མས་བཅིང་། །གསད་པའི་སྔགས་འདི་བདུན་ཁྲི་བཟླས། །ཨོཾ་མ་ཧཱ་ཀཱ་ལ་མུན་ཏི་ཡོ་རག་ཏི་མ་ཕྲད་དམ་པ་ཡ་ཙི་སྭཱ་ཧཱ། བཛྲ་མ་ཧཱ་ཀཱ་ལི་ཏྲག་ཤད་གྷུར་བཾ་ར་ཏྲ་ཕཊ་ཛ་བྷི་ཏཾ་ཤ་ཡ་ཕཊ་ཕཊ་ནྲྀ་ཏྲག་རག་ཤ་རྦད་ཕྱེ་ཕྱེ། དེ་ནས་མལ་ལམ་ལམ་ཁ་རུ། །གང་མནན་དེ་ནི་མྱུར་དུ་འབྲལ། །བཅུ་པ་ལས་ཀྱི་མགོན་པོའི་ཤི་ས་བསྟན་པ་ནི། །ཙནྡན་དམར་པོའི་བྱང་བུ་ལ། །ལུག་ནག་ཁྲག་གིས་གཟུགས་བྲིས་ལ། །རྩ་བའི་སྔགས་ནི་སྙིང་ཁར་དགོད། །དབུས་ཀྱི་ས་བོན་དག་ལ་ཡང་། །བྱ་རྒོད་བྲུན་དང་ཕོ་རོག་ཚིལ། །ཆུ་བྱའི་ཁྲག་གིས་བྲི་བར་བྱ། །གསང་བའི་སྔགས་འདི་འབུམ་དུ་བཟླས། །ཨོཾ་མ་ཧཱ་ཀཱ་ལི་ས་པ་ཆོད་རཾ་ཀ་ལ་ཉིལ་ཤོག །ཐཾ་ཐཾ་ཐུར་ཐུར་ཛ་ཛ་རཾ་རཾ་སྲོག་ཧ་ས་ཧུར་ཐུཾ་ཛ། དེས་ནི་ནག་པོ་ཤི་ས་བསྟན་པར་འགྱུར། །བཅུ་གཅིག་ལས་ཀྱི་མགོན་པོ་དེ་གནད་ལ་འབེབས་པ་འདི་ལྟར་བྱ། །གྲོ་གར་མགོན་པོའི་སྐུ་གཟུགས་ནི། །འབྲུབ་ཁུང་ནང་དུ་སྦུབ་བྱས་ལ། །ནག་པོ་
བདུན་གྱིས་བྲབ་བྱས་ལ། །རྩ་བའི་སྔགས་འདི་མས་བཟློག་ལ། །ཉི་ཁྲི་སྟོང་དང་བརྒྱ་རྩ་བརྒྱད། །བཟླས་པས་གནད་ལ་ཕེབས་པའོ། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། ལས་སྣ་ཚོགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གནོད་སྦྱིན་འདུལ་བ་ནི། །དུག་༤ཁྲག་ནག་༤འབྲུ་ནག་༤ས་ནག་༤ནག་པོ་བཅུ་དྲུག་གཤེད་རྫས་ལ། །གསང་བའི་སྔགས་འདི་བདུན་འབུམ་བཟླས། །ཡེ་ཤེས་མགོན་པོ་ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཤ་བཛྲ་ཧཱུྃ་ཕཊ་ས་མ་ཡ་བ་ད་སྭཱ་ཧཱ། ཡུམ་ཨོཾ་མ་ཧཱ་ཀཱ་ལི་སུ་ཏྲ་ཏི་བཛྲ་དུན་ཏི་མི་ལི་མི་ལི་ཧཱུྃ་ཕཊ་སཾ་ནི་མཱ་ར་ཡ་རྦད། ལས་མགོན་ཨོཾ་མ་ཧཱ་ཀཱ་ལ་ག་ལ་དག་ཆྒཻ་མོ་མཱ་ར་ཡ་རྦད། ཧ་ན་བྱ་ཏི་སྤོ་ཏ་སྤོ་མཱ་ར་ཡ་རྦད། ཤིག་ཏྲི་ཤིག་ཏྲི་ཧཱུྃ་ཕཊ། མུག་ཏྲི་མུག་ཏྲི་ཧཱུྃ་ཕཊ། ཨོཾ་བྱེ་བྱེ་མར་ཤིག་ཤིག །བྷུ་ཏ་སརྦ་མཱ་ར་ཡ་རྦད་རྦད། དུད་པ་ཐུན་གྱིས་བདུག་བྱས་ལ། །ལིང་ག་མནན་བསྲེག་ལན་བདུན་བྱ། །དེས་ནི་འབྱུང་པོ་ཐམས་ཅད་ཐུལ། །ཁྲག་དང་དུག་གིས་མྱོས་སུ་གཞུག །རབས་ཆད་ནག་པོའི་ཐོད་པར་གཞུག ། མཆོད་རྟེན་ནག་པོའི་འོག་ཏུ་མནན། །བསྐལ་པ་འབུམ་དུ་ཐར་མི་འགྱུར། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། གནོད་སྦྱིན་འབྱུང་
པོ་འདུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡུམ་གྱི་གསད་ཐབས་བཀའ་བསྩལ་པ། ཡུམ་གྱི་གསད་ཐབས་རྣམ་པ་ལྔ། །ཚ་བས་བསད་དང་གཏོར་མས་བསད། །མེ་ཡིས་བསད་དང་སྨྱོར་གཞུག་དང་། །དྲི་ཐབས་རིམས་དང་ཐུན་གྱིས་བསད། །དེ་ལྟར་བསད་ཐབས་གང་བྱེད་ཀྱང་། །ཕུང་བའི་ཤུལ་ནས་ས་བླངས་ལ། །གྲུ་གསུམ་དམར་ནག་རྩངས་ཀྱིས་བསྐོར། །གྲི་རྒོད་རས་ལ་གསད་འཁོར་བྲི། །རབས་ཆད་ཐོད་པར་ལིང་ག་གཞུག །ལྕེ་སྤྱང་ཐོད་པར་ཐུན་རྫས་བསག །ལིང་ག་བཞི་དང་དམར་གཏོར་བཞི། །ལྕགས་ཟངས་ཕྱེ་མ་ཉུངས་ཀར་ལ། །མ་མོ་འབུམ་གྱི་སྔགས་རྒོད་འདི། །ཞག་བདུན་སྨྲ་བ་བཅད་ལ་བཟླས། །ཨོཾ་མ་ཧཱ་ཀཱ་ལི་ཨེ་བམ་རཾ་ཤིག་ཙིཏྟ་གཏུབས། དགྲ་བོའི་སྲོག་ལ་ཐུན་རྨུགས་ལི་ཤ་ཏྲུཾ་ཛྭ་ལ་རཾ་ཤག་རྦད། མ་མ་དུག་བྷྱོ། ཨ་མུ་ཀ་ནི་བམ་ཤིག་རོལ་རོལ་ངོས་གཟེར་མུ་ཏྲི་མུ་ཨ་མ་ཧེ་ཨ་མུ་ཀེ་ཡ་ཤ་ཏྲུཾ་ཙིཏྟ་ཁཱ་ཧི། གནག་མོ་ཐུཾ་དྲུཾ་ཙིཏྟ་ཁའི་རི་ལི་རི་ལི་ཙིཏྟ་སྲོག་ཧོན་ཕྱུང་ནི་ཤ་ཀུ་རུ་ཁ་སོ་བ་ཏི་ཡ་སེན་མོན་ཡཾ་རཾ་རཾ་ཡཾ་ཡ། ཨ་མུ་ཀ་པྲ་པེ་ཤ་ཡཾ་རཾ། རུ་ཏྲི་ཡཾ་ཙིཏྟ་སོད། སྲོག་ཕྲིག་ཕྲིག་ཤམ་ཤམ་ཁྱེར་བྷྱོ། ཁུ་ལེ་ཟ་ཁུ་ལེ་ཟ་ཙིཏྟ་ལ་སྦུད། ལྕེ་དར་མ་སོད་ལྕེ་དུར་མ་སོད། མ་ཙིཏྟ་རག་ཏི་ནི་ནི་མཱ་ར་ཡ་རྦད། ཏྲི་
ནི་མཱ་ར་ཡ་རྦད། ག་ཏི་ག་ཏི་མཱ་ར་ཡ་རྦད། མཱ་ར་ཡ་ཤ་ཤ་ནི་ནི་རོ་སྲོག་ཆོད། ཨ་མུ་ཀཾ་སྲོག་མཱ་ར་ཡ་རྦད། མ་རག་ཤ་ཁ་མ་རག་ཤ་ཁུཾ། མ་རིལ་མ་མོ་བྷྱོ། གསད་ཐབས་ལྔའི་གསད་སྔགས་འདིས། །ཁམས་གསུམ་མ་ལུས་ཐམས་ཅད་སྒྲོལ། །བྲག་དམར་ཆུ་འཐབ་བར་དུ་མནན། །སྨྱོ་བྱེད་དུག་ཆུ་ཚ་བའི་ནད། །དྲི་ཐབས་སྣ་དགུ་མྱུར་དུ་འབྱུང་། །བརྒྱ་བྱིན་སྲོག་ཀྱང་གཅོད་བྱེད་པའི། །དྲག་པོ་སྙིང་གཟེར་ལྟ་བུའི་གནད། །འདིས་ནི་སངས་རྒྱས་བསྟན་པ་བསྲུང་། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོའི་རྒྱུད་ལས་ཡུམ་གྱིས་གསད་པའི་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་དགྲ་སྲོག་དངོས་གྲུབ་ལེན་པ་བཤད། །ཡིད་ལ་གནག་པའི་དགྲ་བོ་དེ། །གང་ལྟར་མིས་མཚོན་རྒྱབ་པས་འཆི་བ་ལ་ཁད་པའི་རྩར་སོང་ལ། །གྲི་རྒོད་དར་མའི་དེ་ཡི་ཁྲག་ཡོད་ན་རབ་སྙིང་ཁྲག་གིས། །དུར་ཁྲོད་རས་ལ་དགྲ་གཟུགས་བྲི། །སྲོག་ལེན་སྔགས་འདིས་དགྲ་སྲོག་གཞུག །སེང་གེ་གདོང་ཅན་གྱི་སྔགས་ཨོཾ་མ་ཧཱ་ཀཱ་ལ་དཾ་ཏྲད་ཏྲ་ཏྲག་ཤད་སི་ཏི་ཡ་མ་དུ་ཛཿ ཆྒཻ་མོ་ཁྲག་རཀྴ་ཛ་ཛ་རག་ཤ་ཛ་ཛ། ཡཾ་རཀྴ་ཛ་ཛ་ཤ་རཀྴ་ཛ་ཛ་རྐང་རཀྴ་ཛ་ཛཿ ཙིཏྟ་རཀྴ་ཛ་ཛཿ དབུགས་འགྲོ་ཁར་གསད་པའི་སྔགས་ཀྱིས་དབུགས་བླངས་ལ། །ལིངྒ་དགྲ་བོ་དངོས་སུ་བསམ། །ཡི་གེ་ཨོཾ་ཨཱཿཧཱུྃགསུམ། ཛཿཧཱུྃ་
བཾ་ཧོཿབཞིའི་རྒྱས་བཏབ་ལ། །ཕྱི་ནས་དགྲ་ལིང་དེ་ལས་དབབ། དེས་ནི་དགྲ་སྲོག་དངོས་གྲུབ་ནི། །མཐུ་ལ་ཐོགས་པ་མེད་དོ། །སྐད་ཅིག་ཉིད་ལས་ཐོབ་འགྱུར་ཏེ། །མཐུ་རྩལ་ཐོགས་པ་མེད་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། དགྲ་སྲོག་དངོས་གྲུབ་ལེན་པའི་ལིང་གའི་ལེའུ་སྟེ་བཅུ་བཞི་པའོ། །དེ་ནས་བསྙེན་སྒྲུབ་བཅུ་གཉིས་པ་ལས་སྦྱོར་བཤད། །རི་བོ་བྱང་ལྟས་ལྕགས་ཀྱི་མདོག །བྲག་ནག་བྱང་ལྟས་ཆུ་རོང་ཅན། །སྲིན་པོ་ཁྲོས་འདྲ་ཧཱུྃ་སྒྲ་སྒྲོགས། །འཇིགས་པའི་དུར་ཁྲོད་ཕུང་ཤུལ་དུ། །བྱ་དབྱར་ར་བ་གླང་སྟོན་འབྲིང་སྦྲུལ་གྱི་ཟླ་བ་དགུན་ཐ་ཆུང་ལ། །ཚེས་བརྒྱད་ཟླ་བ་ཕྱེད་བདུན་གཉིས་པ་གསུམ་ཉེར་གཅིག་ལ་གཞུག །ཤ་ཤར་ཁྲག་ལྷོ་རྐང་ནུབ་རུས་བྱང་གཏོར་མ་བཞི། །ཆོས་སྐྱོང་བ་ཕོ་རོག་ནག་པོའི་རྒྱལ་མཚན་ཆོས་སྐྱོང་གི་སྐུ་གཟུགས་བཅས། །གནག་པའི་ཡིད་ཀྱིས་ཟླ་དྲུག་ཏུ། །རྩ་བའི་ཡིག་འབྲུ་བདུན་པ་སྔགས་ནི་འབུམ་ཚོ་བདུན། །མ་ཡེངས་རྟག་ཏུ་བཟླས་པར་བྱ། །ཡིད་འོང་རྟགས་ནི་ཉམས་དགའི་དྲི་ཞིམ་དང་། །སྒྲ་སྙན་དུང་འབུད་གླུ་ལེན་པ། །དེ་ལྟར་བྱུང་ནས་བསྒྲུབ་པ་ནི། །དུར་ཁྲོད་གནས་དང་ཤིས་པའི་སར། །ནག་པོ་བདུད་ཀྱི་ཉི་མ་ལ། །ཕུང་བའི་ཤུལ་ནས་ས་བླངས་ལ། །དཀྱིལ་འཁོར་
གྲུ་གསུམ་ནག་པོར་བྱ། །དེ་ཡི་ནང་དུ་ཐོད་པ་ནི། །རབས་ཆད་ནག་པོ་ཤིན་ཏུ་བསྔགས། །དེ་ཡི་ནང་དུ་དམ་ཉམས་ཀྱི། །རྐང་རྗེས་ཟག་རྫས་གཞུག་པར་བྱ། །གཟུགས་ཀྱི་སྙིང་ཁར་ལིང་ག་གཞུག །ནག་པོ་བཞི་ཡི་རྒྱལ་མཚན་གཟུགས། །གཏོར་མ་རྒྱས་པར་འབྲུ་ནག་བཅའ། །རབས་ཆད་ཐོད་པར་དུག་ཁྲག་དང་། །ཉུངས་ཀར་ལྕགས་ཕྱེ་སྔགས་ཀྱིས་བསྒྲུབ། །དེ་ལ་ཕོ་མོ་སོ་སོར་མ་ཕྱེ་ཞིང་། །ཐུན་མོང་བསྒྲུབ་པའི་སྔགས་དགོད་འདི། །དྲག་པོའི་བཙན་དུག་སྲོག་གི་གྲི། །གདུག་པའི་དབལ་ཚན་འདི་ལྟར་བཟླས། །སེང་གདོང་ཅན་ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་དོཾ་ཏྲད་ཧྲ་སི་ཏི་ཡ་མ་དུ་ཛ་ཛཿ བཞི་སྙིང་གཤེད་བཞིའི་དྲག་སྔགས་ཨོཾ་མ་ཧཱ་ཀཱ་ལ་གིང་ཡ་མ་ཡཀྴ་ཧཱུྃ་ཕཊ། ནྲི་ཐུཾ་ལཾ་ཐུན་རིལ་རྦུད། ཙིཏྟ་ཁ་རག་ཛ་ཛཿ ནྲི་ཛ་ཛཿ ཙིཏྟ་ལ་ཡ། ཐུམ་རིལ་རྦད་ནི་ཤག་ཤག་ཆེ་གེ་མོའི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་ར་ཡ་གིང་སྲོག་ལ་ཡ། སྙིང་ལ་ཡ། རུ་ལུ་ཙ་ལ་ཡ་མ་ཧཱ་ཀཱ་ལ་ཡ་བྷྱོ། མ་ཧཱ་ཀཱ་ལ་སྙིང་ཁྲག་ལ་ལྕིབས་ལྕིབས། ཆོད་ཆོད་སྲོག་རྩ་ཆོད་ཐུཾ་རིལ་རྦུད། དེ་ལྟར་བཟླས་པ་བྱས་པས་ནི། །བསྙེན་པའི་སྔགས་ཀྱི་དུས་རྟགས། སྔགས་པ་བོན་པོ་ཞང་བློན་དང་། །བུད་མེད་ནག་མོ་བྱ་ཁྱི་ནག །འུར་སྒྲ་ཆོམ་སྒྲ་འབྲུག་སྒྲ་དང་། །གཡག་ལུག་རྟ་ནག་ལ་སོགས་པའི། །ནང་རྟགས་ཚང་ནས་
ལས་ལ་སྦྱར། །ཤ་སྙིང་ཁྲག་དང་རུས་པ་ཡི། །སྣ་ཚོགས་གཏོར་མ་ཕྱོགས་བཞིར་བཞག །དུས་བཞིར་བཞི་སྙིང་དྲིལ་ལ་བཟླས། །མ་མོ་ཡི་སྔགས་རྣམས་ནི་མཚན་མོ་བཟླས། །བདུད་པོ་བཞི་ནི་ཉིན་པར་བཟླས། །ཤ་ཟ་མཁའ་འགྲོ་ནང་ནུབ་ལ། །ལྷ་དང་དབྱེ་བ་མཚམས་སུ་བཞག །སེམས་ཅན་སྒྲུབ་པ་ལས་སྦྱོར་གྱི་དུས་སུ་བསད་དང་བཙོན་དུ་བཟུང་། །ཤ་ཟོས་ཁྲག་འཐུང་ཡན་ལག་གཏོར། །ཡུལ་མཁར་བཤིག་ཅིང་ལོ་ཏོག་འཇོམས། །དེ་ནི་གྲུབ་པའི་རྟགས་སུ་ཤེས། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། བསྙེན་སྒྲུབ་ལས་སྦྱོར་གྱི་བྱ་བ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།བཅུ་གསུམ་པ་དེ་ནས་མཆོད་པའི་རིམ་པ་བཤད། །ཕྱི་ནང་གསང་བ་དེ་ཁོ་ན། །ཕྱི་རུ་མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་བཤོས་གཙང་རོལ་མོས་མཆོད། །ནང་དུ་གཏོར་མ་ཚོགས་དང་འདོད་ཡོན་ལྔ། །འབྲུ་ཡི་བཅུད་དང་ཤིང་ཐོག་དག་གིས་མཆོད། །གསང་བ་ཤ་ཁྲག་གློ་སྙིང་དང་། །ནང་ཁྲོལ་རྒྱུ་མ་བདུད་རྩི་ལྔ། །མཐར་ཐུག་ཏིང་འཛིན་འདོད་ཡོན་དེ་ཁོ་ན། །དེ་ལྟར་མཆོད་པའི་རྣལ་འབྱོར་པ། །མཐུ་སྟོབས་འབྱོར་པ་གཟི་བརྗིད་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་འབྱོར་པ་
ཕུན་སུམ་ཚོགས། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་མཆོད་པའི་གོ་རིམ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །༡༤དེ་ནས་བསད་དང་བཟློག་པའི་མདོས་འདི་བཤད། རི་རབ་ཆེན་པོ་གླིང་བཞི་པ། །དབུས་སུ་མགོན་པོ་ནག་པོ་ནི། །ཁྲམ་དང་རལ་གྲི་ཐོགས་པའི་གཟུགས། །གཙོ་བོ་མི་གང་ཚད་དུ་གཞུག །དྲུག་སོགས་བརྒྱད་སོགས་བཅུ་གསུམ་སོགས་གང་རིགས་པ། །བྱ་དང་ཁྱི་ནག་བུད་མེད་དང་། །མི་ནག་སྐྱེས་ཕྲན་རྟ་ཞོན་དང་། །སྟག་གཟིག་ལྕེ་སྤྱང་དོམ་དང་དྲེད། །རྔ་མོང་བོང་བུ་དྲེལ་ནག་ཞོན། །མདའ་འཕང་རྒྱང་བུ་དེ་བཞིན་དུ། །ནམ་མཁའ་དམར་ནག་བྱ་སྤུས་བརྒྱན། །འབྲུ་སྣ་ཁྲག་སྣ་དུག་སྣ་དང་། །མི་ཁ་སྣ་དགུ་དུག་འབོག་དང་། །དྲག་པོའི་རྫས་ཀྱིས་བསྐོར་ནས་ནི། །རྩ་བའི་སྔགས་ནི་བཞི་སྙིང་གཅིག་ཏུ་དྲིལ་ལ་འབུམ་གྱིས་བསྒྲུབ། །དེ་ནས་ཕོ་ཉ་དྲག་པོའི་ཕོ་ངར་གྱིས་རྦད། །གང་ལ་བྱས་པ་གདོན་མི་ཟ། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། གསད་མདོས་དང་ཟློག་མདོས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།༡༥དེ་ནས་གཏད་དང་མནན་པ་བཤད། །དགྲ་བོའི་ཟག་པ་ཆེ་ཆུང་ལ། །དུག་དང་མཚལ་དང་ཤུ་དག་དང་། །རྩི་སྨན་སྦྱར་
བའི་དགྲ་གཟུགས་བྱ། །ཀླུ་རིགས་བཞི་ཡིས་ལུས་ལ་དྲིལ། །སྦལ་པའི་གའུར་དེ་ཉིད་གཞུག །གསང་བའི་སྔགས་ནི་བདུན་འབུམ་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ན་ག་དུ་ཧི་ལི་ཧི་ལི། ན་ག་འདུས་འདུས། ཨོཾ་ནཱ་ག་ཀྲོ་ཏི་ཤྭ་རི་ནཱ་ག་རག་མོ་དྷེ་ཀུ་ལ་ཕོས་ཕོས། ཤིག་ཤིག་ཧུ་ཡ་ཧུ་ཡ་ཀླུ་རྒྱལ་ནག་པོ་ཧེ་ཞོན་ཧུ་ཞོན། ནཱ་ག་ཞེན་ནཱ་ག་ཞེན། ནཱ་ག་ལེ་ཞེན་ན་ག་ལེ་ཞེན། སུ་མེ་ཞེན་པ་ཁྲག་ཞེན་དབུགས་བལ་ཐུལ་ཐུལ་སྭཱ་ཧཱ། ཀླུ་བདུད་གནས་པའི་མཚོ་ལ་གཏད། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། །ཅེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་དགྲ་བོ་ཀླུ་ལ་གཏད་ཅིང་མནན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།༡༦དེ་ནས་ཐོག་དང་སེར་བ་བཤད། །ཐོག་གིས་ཤི་བའི་ཐོད་ཆེན་དུ། །ཐོག་གི་ཤ་ཁྲག་དབབ་སྔགས་གཞུག ། འཇིག་རྟེན་རླག་བྱེད་སྔགས་འདི་བཟླས། །ཨོཾ་མ་ཧཱ་ཀཱ་ལ་ཨ་མུ་ཀ་ཤ་ཤ་ཁྲིབ། ཀྲ་ས་ཤི་ཛ་ཀྲང་ཀྲང་ཞུ་མཱ་ར་ཡ་ཐིབ་ཐིབ་ཛ་ཛ་ནར་ནར་མཱ་ར་ཡ། ཙིཏྟ་ཚལ་པ་ཁ་སྡུས། ཕར་པ་དུ་ཡ་གན་དྷེཾ་ཕོབ་ཕོབ་རཾ་རཾ་ཧྲིལ་ཧྲིལ། གྲོང་ཁྱེར་ཆེ་གེ་མོར་ཕོབ། དེས་ནི་ཐོག་ཆེན་འབེབས་པར་འགྱུར། །སེར་བ་འབེབས་ན་ཐོད་ནག་ཏུ། །མཛེ་ཁྲག་མཛེ་དང་རྟ་ནག་ཁྲག །ཕག་དང་ཁྱི་ཁྲག་ཉུངས་དཀར་
བླུག །སྦལ་སྡིག་ཤ་ཁྲག་དུག་སྣ་ལ། །དྲག་སྔགས་འདི་ནི་བདུན་འབུམ་བཟླས། །ཨོཾ་མ་ཧཱ་ཀཱ་ལ་གུ་ཤང་ལིང་ས་མ་ཡ་ཕྲོཾ་ཕྲོཾ་ཐེའུ་ཐུལ། ཕྲོཾ་མཉོགས་དྲིལ་དམིག་ཐིག་ཐུམས་ཤིག །དུ་མ་ར་རྒྱོབ་བུར་རྒྱོབ་ཐུག་ཐུག་ཆེཾ་ཆེཾ་ཐག་ཐག་ལྷོགས་ལྷོགས་ཞེས། དགྲ་ཡུལ་ཐབས་དང་གཞོབ་གཏོར་གཏད། །དེས་ནི་དགྲ་ཡུལ་ལོ་རྣམས་བརླག་པར་འགྱུར། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་དགྲ་ལ་ཐོག་སེར་དབབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།༡༧དེ་ནས་དམ་ཚིག་བཤད་པ་ནི། །བླ་མ་རྡོ་རྗེ་སྤུན་ལ་མི་སྡང་དང་། །གསང་སྔགས་གསང་ཚིག་མི་སྤོང་དང་། །དམ་རྫས་རྟེན་རྫས་མི་སྤོང་དང་། །ཆོས་དང་གང་ཟག་ཁྱད་མི་གསོད། །བསླབ་དང་སྡོམ་ལ་གུས་པ་དང་། །རྒྱུད་དང་སྒྲུབ་ཐབས་མི་སྤེལ་དང་། །ཆོས་བསྐོར་ནོར་རྫས་མི་ལེན་དང་། །དམ་ཉམས་སྣོད་མིན་མི་འགྲོགས་དང་། །དོན་མེད་ལས་ལ་མི་སྦྱོར་བ། །ཆོས་སྐྱོང་བཀའ་ཡི་དམ་ཚིག་ཡིན། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་ཆོས་སྐྱོང་གི་དམ་ཚིག་བསྲུང་བའི་ལེའུ་སྟེ་ཉི་ཤུ་པའོ།། །།༡༨དེ་ནས་མཆོག་དང་ཐུན་མོང་འབྲས་བུ་བཤད། བདེ་མཆོག་གི་དབང་བཞི་ཐོབ་པ་ལུས་ངག་ཡིད་གསུམ་
སྨིན་པའི་དབང་། །བདེ་མཆོག་གི་བསྐྱེད་རྫོགས་གཉིས་ཀྱིས་ཧེ་རུ་ཀ་དཔལ་དོན་རྟོགས་ན། །རྒྱུད་གསུམ་ལུས་ངག་ཡིད་གསུམ་སྨིན་པའི་རིག་པ་དེ། །སྐུ་གསུམ་འབྲས་བུ་ཐོབ་པར་འགྱུར། །བཅུ་གསུམ་གནས་པའི་རྡོ་རྗེ་འཛིན། །ནག་པོ་ཆེ་ལ་འབྲས་དམིགས་ན། །དེ་ཉིད་ཀྱི་ནི་རིགས་སུ་འགྱུར། །ལུས་ངག་དབང་ཐོབ་དམ་ཚིག་དག །རི་ལུ་མིག་སྨན་རྐང་མགྱོགས་དང་། །གནོད་སྦྱིན་བུམ་པ་མཆིལ་ལྷམ་དང་། །རལ་གྲི་བཅུད་ལེན་ཚེ་རིང་ཐོབ། །གསད་དང་བཅིང་དང་རེངས་པ་དང་། །དགུག་དང་སྨྱོས་པ་སྐྲད་དང་དབྱེ། །མི་སྣང་ལ་སོགས་ལས་ཆེན་བརྒྱད། །ཡེ་ཤེས་འཇིག་རྟེན་མགོན་གྱིས་སྟེར། །ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་མ། །བདུད་དང་གཤིན་རྗེ་སྲིན་པོ་རྣམས། །ལས་བྱེད་བྲན་བཞིན་བཀའ་ལ་ཉན། །ཞེས་བཀའ་བསྩལ་ཏོ། །ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་མཆོག་དང་ཐུན་མོང་གི་འབྲས་བུ་ཐོབ་ཚུལ་སྟེ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གསུང་དེ་དག་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་བཅས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མིའམ་ཅི་དང་། ནམ་མཁའ་ལྡིང་དང་། མཁའ་འགྲོ་མའི་ཚོགས་རྣམས་དགའ་ཞིང་རྗེས་སུ་ཡི་
རངས་ལ། རྒྱུད་དེ་དག་ཐམས་ཅད་གཏན་ནས་མི་བརྗེད་པའི་རྒྱས་བཏབ་ནས། མཁའ་འགྲོ་མའི་ལག་ཏུ་གཏད་དོ། ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་རྡོ་རྗེ་གདན་པ་དང་ཨ་བྷྱ་ཀ་ར་གཉིས་ལ། བོད་ཀྱི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱུད་འདི་བླ་མ་དཔལ་ཆེན་པོས་ཡེ་ཤེས་མགོན་པོའི་གསང་རྒྱུད་དུ་བཞེད་སྐད། གཞན་ནི་འདི་ན་རྒྱུད་དུ་གྲགས་པ་ཡིན་ནོ། །བླ་མ་སྟེང་པ་ལོ་ཙཱ་བས་བསྒྱུར་བའི་ལུགས་དང་འདི་གཉིས་ལེའུ་འཁྲུགས་ཡོད་གསུངས། གཞན་ཞུ་གཏུག་གཏུབ་པར་འདུག །རྒྱུད་འདི་ཤིན་ཏུ་ཟབ་པས་བླ་མས་བཀའ་དགོས་པར་འདུག་པས་གཞན་དུ་མང་པོ་མི་སྤེལ་བར་ཞུའོ། །༈ ཙ་མི་ལོ་ཙཱ་བ་དེས་དཔལ་རྒྭ་ལོ། དེས་བླ་མ་ཨ་སེང་། དེས་བླ་མ་སོག་པ། དེས་བླ་མ་འདར། དེས་ཕག་མོ་གྲུ་པ། དེས་སློབ་དཔོན་རླངས། དེས་སློབ་དཔོན་སྟོན་གཞོན། དེས་སྟོན་པ་བ། དེས་པྲ་ཛྙཱ་ཤྲཱི་ལའོ།། །།
བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད།
༄༅། །བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་བཞུགས་སོ། །
རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ཀ་པ་ཏི་ཙིཏྟ་གྷུ་ཧྱ་ཙ་ཏུ་བཾ་ཛཱི་བནྟི་ཁ་ཏཾ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། གནས་ཕུན་སུམ་ཚོགས་པ་དུར་ཁྲོད་ཆེན་པོ་གཏུམ་དྲག་འབར་བ་ཞེས་བྱ་བ་དེ་ན། འཁོར་འཇིག་རྟེན་གྱི་མཁའ་འགྲོ་མ་དང་། མ་མོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། གཤིན་རྗེ་དང་། བདུད་དང་། རྒྱལ་པོ་དང་། སྲིན་པོ་དང་རོ་ལངས་ཀྱི་ཚོགས་རྣམས་འདུས་ཏེ། གླིང་བཞི་ཡི་སེམས་ཅན་ཐམས་ཅད་ལ་ནད་ཀྱི་རིགས་མང་པོ་དང་། ཐོག་དང་སེར་བ་དང་གློག་དང་དཔུང་དམག་བྱས་ཏེ། སེམས་ཅན་ཐམས་ཅད་བརླག་པར་བྱས་པའི་ཚེ། སྟོན་པ་ཕུན་སུམ་ཚོགས་པ་
བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཇིགས་པར་བྱེད་པ་བདུད་ཐམས་ཅད་འདུལ་བ་འི་གར་མཛད་པའི་ཚེ། དཔལ་ཧེ་རུ་ཀ་ཡི་ཐུགས་ཀ་ནས་རིག་པའི་སྤྲུལ་པ་འདི་དག་ཐོན་པར་གྱུར་ཏོ། །མིའི་ལུས་ལ་བྱ་རོག་གི་གདོང་པ་ཅན་མཆེ་བ་གཙིགས་ཤིང་གར་བསྒྱུར་བའི་སྤྲུལ་པ་བཞི་བྱུང་ནས་ལྷ་སྲིན་སྡེ་བརྒྱད་པོ་དེ་དག་དབང་དུ་བྱས་སོ། །དེ་ནས་རྡོ་རྗེ་མཁའ་འགྲོ་མས་འདི་སྐད་ཅེས་སྨྲས་སོ། །སྟོན་པའི་གཙོ་བོ་ཧེ་རུ་ཀ །ཁྱོད་ཀྱི་སྤྲུལ་པ་གང་ཕྱིར་སྤྲུལ། །དེའི་ལས་དང་བྱ་བ་གང་། །བཞི་རུ་འབྱུང་བའི་དགོས་པ་ཅི། །ཕན་དང་གནོད་པ་ཇི་ལྟར་བྱེད། །ཅེས་ཞུས་པ་དང་། རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །སྤྲུལ་པ་གདུག་པ་འདུལ་ཕྱིར་སྤྲུལ། །ལས་དང་བྱ་བ་བསྟན་པ་བསྲུང་། །བཞི་རུ་བྱུང་བ་ཕྲིན་ལས་བཞི། །ཕན་དང་གནོད་པ་སྣ་ཚོགས་བྱེད། །ཅེས་
གསུངས་སོ། །དཔལ་ནག་པོ་ཆེན་པོ་བྱ་རོག་གདོང་གི་བཞི་སྙིང་སྦས་པ་སྲོག་གཟེར་གསང་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །ཕན་པའི་ལས་མཐའ་དུ་ཞིག་ཡོད། །གནོད་པའི་ལས་མཐའ་གང་དང་གང་། །ཞེས་ཞུས་པས། ཁྲག་འཐུང་ནག་པོ་འཇིགས་བྱེད་དེས། །ཁྲོ་བོ་འཇིགས་པར་བྱེད་པའི་ཡེ་ཤེས་ཀྱི་གད་རྒྱངས་བཅུ་དྲུག་གིས། །སྲིད་པ་གསུམ་པོ་རེངས་བྱས་ནས། །ལོག་པར་ལྟ་བའི་བདུད་རིགས་འབུམ། །བརྒྱལ་ཞིང་འབོག་པས་སྙིང་ཁྲག་ཟགས། །དེ་ཡི་ངང་ལས་འདི་སྐད་གསུངས། །བླ་སྙིང་རུ་ཏྲ་གདུག་པ་བསྒྲལ་དོན་དུ། །ང་ཡི་སྤྲུལ་པ་རྣམ་བཞི་ཡིས། །དཀོན་མཆོག་བསྟན་པ་བསྲུང་བའི་ཐབས། །དེ་ཡི་ལས་མཐའ་བསྟན་པར་བྱ། །བསད་༡པ་བརྒྱད་དང་ཐུན་མོང་༢བཞི། །གནད་ཆེན་༣བརྒྱད་ཀྱིས་སྦས་པ་བསྟན། །སྤུ་གྲིས་༤བསད་དང་ཐུན་༥གྱིས་བསད། །སྙིང་གཟིར་༦དང་ནི་རེག་ཆོད་༧དང་། །ལྟོ་དཀྲུག་༨དང་ནི་སྲོག་ཐིག་༩དང་། །འབྱུང་དཀྲུགས་༡༠དང་ནི་སྲོག་གཟེར་༡༡གྱིས། །བཞི་སྙིང་༡༢བསད་པ་རྣམ་པ་བརྒྱད། །ལྷ་༡༣དང་སྔགས་༡༤དང་དམ་རྫས་༡༥དང་། །དུས་དང་ཐུན་དང་འཁོར་ལོ་དང་། །གཏོར་མ་སྦྱིན་སྲེག་བཞི་བཞིའོ། །སྙིང་པོ་གཅིག་ཏུ་དྲིལ་ལ་བསད། །ཅེས་
གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་སྦས་པ་སྲོག་གཟེར་གསང་བའི་རྒྱུད་ལས་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །སྤུ་གྲིས་བསད་པ་ཇི་ལྟར་ལགས། །རྡོ་རྗེ་འཛིན་པས་བཀའ་སྩལ་པ། །དུར་ཁྲོད་ས་ལ་དཀྱིལ་འཁོར་ནི། །དམར་ནག་གྲུ་གསུམ་དགུ་བརྩེགས་ལ། །དུག་ཁྲག་གཉིས་ཀྱིས་བྱུགས་བྱས་ལ། །རབས་ཆད་ཐོད་པ་ནག་པོར་བླུག །ཤར་ནས་སྲོག་བདག་བྱ་རོག་གདོང་། །འདི་བཞི་བླ་མ་ཙ་མིས་ཕྱག་བཞི་པར་འདོད། ནག་པོ་སྤྱན་གསུམ་གྲི་ཐོད་འཛིན། །བླ་མ་དཔལ་གྱིས་ཞལ་གཟིགས་པའི་ལུགས་ལ་ཕྱག་གཉིས་པར་འདོད། ལྷོ་ནས་གཤིན་རྗེ་བྱ་རོག་གདོང་། །མཐིང་ནག་སྤྱན་གསུམ་སྤུ་གྲི་ཐོད་པ་འཛིན། །ནུབ་ནས་བདུད་པོ་བྱ་རོག་གདོང་། །ནག་པོ་བྱ་གདོང་སྤུ་གྲི་ཐོད་པ་འཛིན། །བྱང་ནས་གནོད་སྦྱིན་བྱ་རོག་གདོང་། །མཐིང་ནག་མཆེ་གཙིགས་སྤུ་གྲི་ཐོད་པ་འཛིན། །ཐང་ཕྲོམ་བཙན་དུག་མུ་ཟི་ནག །ཟི་ར་ཏིལ་ནག་ཉུངས་ནག་ལ། །བཞི་སྙིང་དྲིལ་བའི་དྲག་སྔགས་བཟླས། །ནག་པོ་བཞི་ཡི་བྱ་ནག་ཁྱི་ནག་མི་ནག་གཡག་ནག་སྙིང་གིས་མཆོད། །ནམ་ཕྱེད་ཉི་མ་ཕྱེད་པ་དང་། །ཉི་མ་ཤར་དང་ནུབ་པའི་དུས། །སྲོག་གི་སྤུ་གྲི་ཀླད་ལ་བསྐོར། །ཚངས་པའི་ཚེ་ཡང་འཇོམས་པར་ནུས། །ཞེས་
གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས་སྤུ་གྲི་བཞི་སྐོར་བསད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །ཐུན་གྱིས་གསད་པའི་རིམ་པ་གང་། །རྡོ་རྗེ་འཛིན་གྱིས་བཀའ་བསྩལ་པ། །ཐུན་གྱིས་བསད་པ་བཞི་པོ་ནི། །རྦོད་པ་གསོད་བྱེད་དུག་གི་ཐུན། །སྨྱོས་པ་འགུག་བྱེད་ཁྲག་གི་ཐུན། །གཟིར་བ་སྤྱོད་བྱེད་ཕུར་པའི་ཐུན། །བརླག་པར་གཏོར་བྱེད་ལྕགས་ཀྱི་ཐུན། །བཙན་དུག་ལ་སོགས་པ་དུག་ཆེན་བཞི་དང་ཁྲག་ཆེན་མཛེ་རྨེ་གྲི་སྨྱོ་བཞི། །མཆོག་གི་ཕུར་བུ་བཞི་དང་མི་བསད་པའི་མཚོན་ལྕགས་རྩེ་བཞི། །འབུམ་ཕྲག་བཞི་རུ་ཐུན་གྱིས་བྲབ། །ལིང་ག་གྲི་བོའི་ཁྲག་གིས་བཀོང། །ལུས་ཀྱི་ཟག་པ་དྲུག་ལ་རུ་པ་བྱ། །སྤྱང་ཀི་ལྕེ་སྤྱང་དར་མའི་ཐོད་པར་གཞུག །རེ་བ་ནག་པོས་ཁ་བཅད་ལ། །བདུད་བཞིའི་སྔགས་རྒོད་དུས་བཞིར་བརྒྱགས། །དེས་ནི་རུ་ཏྲ་མ་ལུས་འཇོམས། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། ཐུན་བཞིས་བསད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །སྙིང་གཟེར་ནག་པོ་ཇི་ལྟར་ལགས། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །ཟག་པ་ལས་བྱུང་རུ་པ་དེ། །ལྐུགས་པ་ལུག་ནག་
ལ་གཏི་མུག་ཕག་ནག །ཞེ་སྡང་ཁྱི་ནག་ལ་འདོད་ཆགས་བྱ། །ནག་པོ་བཞི་ཡི་སྙིང་གིས་དྲིལ། །རབས་ཆད་ནག་པོའི་ཐོད་པར་གཞུག །གྲི་བསད་རྐང་གིས་བརྡུང་བར་བྱ། །དུག་མདའ་ནག་པོ་བཞི་བཞི་བརྒྱན། །དྲག་པོའི་སྔགས་ནི་བཞི་འབུམ་བཟླས། །དགྲ་བོ་ཁ་ཕུག་རྡལ་ནག་འཆི། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། སྙིང་གཟེར་ནག་པོས་བསད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །སྤུ་གྲི་རེག་ཆོད་གང་དང་གང་། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །དུར་ཁྲོད་འབར་བའི་ནང་སོང་ལ། །དུར་ཁྲོད་ས་ལ་མཎྜལ་ནི། །དབུས་སུ་གྲུ་གསུམ་དཔང་དུ་བརྩིགས། །མཐའ་མ་སྤུ་གྲི་གྲུ་གསུམ་བཞི། །འཁོར་ལོའི་རྩིབས་ལ་དམར་ནག་བརྩེགས། །གྲུ་ཆད་དམར་པོ་སྒོ་རིམ་ལྕགས། །ནག་པོ་ལུག་ནག་ལ་སོགས་པ་བཞི་ཡི་སྙིང་ཁྲག་ལ། །གཏོར་མ་བཞི་ཀ་སྣ་ཚོགས་གཏོར་མ་བྱས་ཕྱོགས་བཞིར་བཞག །བསད་པ་ཐོག་གིས་གྲི་ཐོད་དམར་པོ་ཁ་ཕྱེ་ལ། །འཆི་བདག་གཤིན་རྗེའི་ལས་མགོན་ཡབ་ཡུམ་གྱི་གཟུགས་བརྙན་དགོད། །ཕོ་ཡབ་མོ་ཡུམ་གཉིས་ལ་འཁོར་ལོ་གཉིས། །འཁོར་ལོ་གཉིས་ཀ་ལ་རྩིབས་ནི་བཞི་པ་ལ། །གསད་པ་སྤུ་གྲིའི་སྔགས་ཀྱང་བྲིས། །དབུས་སུ་
དམ་ཉམས་རུས་པ་བཞག །དེ་འོག་ཟག་པའི་གཟུགས་ལིང་དགོད། །ལུག་ནག་གཡག་ནག་པོ་ལ་འབེན་ཀྱང་བཅས། །མི་བསད་མཚོན་གྱིས་ཐུན་བཞིར་བྲབ། །བཞི་སྙིང་དྲིལ་བ་བཞི་འབུམ་བཟླས། །བསྲེག་པ་བཞི་དང་མནན་པ་བཞི། །དེས་ནི་སྲིད་གསུམ་མ་ལུས་སྒྲོལ། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། སྤུ་གྲི་རེག་ཆོད་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །དྲག་པོ་ལྟོ་དཀྲུགས་ཇི་ལྟར་ལགས། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །གསོད་བྱེད་ནག་པོ་རྗེ་བློན་གྱིས། །ལྟོ་དཀྲུག་དགྲ་བོའི་སྲོག་ལ་བསྐོར། །དཔའ་བོ་གྲི་རུ་བསད་པ་ཡི། །བསད་མ་ཐག་པའི་ཤ་ཁྲག་ཐོད་པ་སྙིང་དམར་བཅས། །རྨེ་བ་ལྔ་ཡི་དུར་ཁྲོད་ཀྱི་རས་ལ། །མགོན་པོ་ཡེ་ཤེས་པ་དང་རྗེ་བློན་འཇིག་རྟེན་པ་འཁོར་ལོ་ནི། །དཔའ་བོ་གྲིར་ཤི་བའི་སྙིང་ཁྲག་གིས་དཀྲུགས་སྔགས་རྣམས་ལ་དགོད། །འཁོར་ལོ་གསར་པ་ཡི་རིམ་པ་བཞི་དེ་ལ་མུ་ཁྱུད་ལྡན་ནི། །དབུས་སུ་གྲུ་གསུམ་དམར་ནག་ལ། །རྩིབས་ནི་བཞི་བཞིའི་ནང་དུ་ནི། །གསོད་བྱེད་སྲོག་གཟེར་སྤུ་གྲི་ནི། །ཕྱི་རིམ་མུ་ཁྱུད་བསྐོར་དག་ལ། །མ་མོ་ནག་མོ་དྲུག་གི་དཀྲུག་སྔགས་བྲི། །དཔའ་བོ་ཐོད་པར་ལས་མགོན་ཨར་གཏད་པའི། སྙིང་གཟེར་འཁོར་
ལོ་དམར་ནག་བྲི། །བར་དུ་དགྲ་བོ་མི་ཟ་སྡིག་ཅན་རུ་ཏྲ་གཞུག །སྲད་བུ་སྔོ་དམར་རྒྱ་གྲམ་བཅིངས། །མས་བཟློག་སྔགས་ལ་བསད་པ་བྲི། །བཞི་སྟོང་བཞི་ཁྲི་ཁྲོས་པས་བཟླས། །སྔགས་ཀྱི་འོད་གཟེར་ནག་པོ་ལས་ཀྱི་རླུང་བསྐྱོད་པས། །འཁོར་ལོ་དེ་ཡིས་བསྐོར་བས་མགོན་པོ་ཁྲོས། །ལས་མཁན་བྲང་པས་ལས་ལ་འགྲོ། །ཉིན་མཚན་སྔགས་ནི་མི་ནོར་བར། །བདུད་བཞིའི་ལྟོ་བ་དཀྲུག་པར་བྱེད། །རླུང་དང་སྔགས་ཀྱི་རྩལ་ཤུགས་ཀྱིས། །འཁོར་དམག་གཅོད་པའི་གྲོགས་ཡིན་པས། །སྔགས་བཟླས་པ་སྟོང་སྟོང་བར་ལ་བརྒྱ་བརྒྱས་སམ། །དེས་ནི་དགྲ་བོ་སྡིག་ཅན་དེ། །ཞག་བདུན་ཐལ་ནས་འཆི་བར་འགྱུར། །རྟགས་དགྲ་ལ་བྱུང་ཚེ་ན་ཤ་ཁྲག་མཆོད། །ཅེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། དྲག་པོ་ལྟོ་དཀྲུགས་ཀྱིས་བསད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །སྲོག་ཐིག་ནག་པོ་ཇི་ལྟར་ལགས། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །འཆི་བདག་ལས་ལ་རྦད་སྲོག་བདུད་ནག་པོ་མ་རུངས་པ། །མགོ་བོ་རྔམ་པ་བདུད་ཀྱི་གཙོ། །ཟ་བྱེད་འབར་བ་སྲོག་གི་བདག །དུག་གི་སྡོང་པོ་ལག་ན་ཐོགས། །མུན་པའི་གཡུང་དྲུང་སྐུ་ལ་གསོལ། །ལྷ་མིན་གདུག་པའི་སྙིང་
ཁྲག་འཐུང་། །དེ་ཡི་སྲོག་ཐིག་ནག་པོ་ནི། །རབས་ཆད་ལྕེ་སྤྱང་ཐོད་ནང་དུ། །དམིགས་པའི་གཟུགས་ལ་དྲི་མས་བྱུག །རོ་རས་ནག་པོས་སྟེང་ནས་གཡོགས། །ནག་པོ་བདུན་བརྩེགས་དཀྱིལ་དུ་བཞག །ཐོད་ནག་ཐུན་བཞི་དུས་བཞིར་བྲབ། །སྲོག་གི་ཐིག་ལེའི་སྔགས་ཆ་རྒོད་བཞི། །བཞི་འབུམ་དུས་བཞིར་རྦད་གསད་བྱ། །བྱ་རོག་ཤ་ཁྲག་འབྲུ་ནག་མཆོད། །ནག་པོ་སྟོང་གིས་དགྲ་ཡུལ་འཇིགས། །གང་ལ་དམིགས་པ་སྲོག་དང་འབྲལ། །སྲོག་ཐིག་ནག་པོ་ཐང་ལ་ལྷུང་། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་གསོད་བྱེད་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། སྲོག་ཐིག་ནག་པོས་བསད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །འབྱུང་བ་དཀྲུག་པ་ཇི་ལྟར་དཀྲུག །རྡོ་རྗེ་འཛིན་པས་བཀའ་སྩལ་པ། །འབྱུང་བ་དཀྲུགས་པ་མ་མོས་དཀྲུག །འབྱུང་དཀྲུགས་དམིགས་པའི་ལུས་ལ་གནས། །དེ་ནི་མ་མོས་དཀྲུག་པར་བྱ། །དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ། །མཆོག་གི་མི་རྐང་གིས་ཕུར་པ་གཟུགས་ལ་དབབ། །དགྲ་བོ་ཡི་ཤ་ནི་ས་ལ་རུས་པ་ལྕགས། །རྩ་ནི་ཤིང་ལ་དྲོད་ནི་མེ། །ཁྲག་ནི་ཆུ་ལ་དབུགས་ནི་རླུང་། །མེ་དང་ཆུ་ནི་ཕྲད་པར་བྱེད། །ཤིང་དང་ལྕགས་གཉིས་སྤྲད་པར་བྱ། །རླུང་དང་མེ་
གཉིས་སྤྲད་པར་བྱ། །ནམ་མཁའ་འབྱུང་བ་ཀུན་ཏུ་ཁྱབ་པར་བྱེད། །ནམ་ཕྱེད་ལྕགས་ཉི་མ་ཕྱེད་པ་དང་། །ཤིང་སྲོད་དང་མེ་ཐོ་རངས་དེ་བཞིན་དུ། །མེ་དགུང་དང་རླུང་སྔ་གྲོ་ཐམས་ཅད་དུ། །མ་མོ་དྲུག་ལ་སྔགས་དྲུག་གིས། །ཐུན་དྲུག་དུས་ནི་དྲུག་ཏུ་རྦད། །ཡི་གེ་དཾ་ལཾ་སཾ་རཾ་ཀཾ་དྷཾ་རྩ་བ་དྲུག་ལས་ནི། །བསྐྱེད་པའི་ཡི་གེ་སུམ་ཅུ་དྲུག །མགོ་འདྲེན་གསུམ་གསུམ་འདོག་སྔགས་ནི། །བཞི་བཅུ་རྩ་དགུ་བསད་པའི་མཐའོ། །ཕྱི་ནང་གསང་བ་གནད་དུ་བཅས། །དཀྲུགས་པས་མ་མོ་དཀྲུག་ནས་ཀྱང་། །དགྲ་རྣམས་ཚ་བའི་ནད་ཀྱིས་འཕོ། །སྔགས་གཟེར་ཚ་བའི་མེ་སྟག་དེ། །ཁྲོས་པས་ཁ་རླངས་ནད་དུ་འགྲོ། །དེས་ནི་སངས་རྒྱས་བསྟན་པ་སྲུངས། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། འབྱུང་བ་དཀྲུགས་ནས་དགྲ་བསད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །སྲོག་གཟེར་དྲག་པོ་ཇི་ལྟར་ལགས། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །བདུད་མགོན་ནག་པོ་མ་རུངས་པ། །སྲོག་ལ་ཟ་བ་གཤིན་རྗེའི་རིགས། །རྣོ་ལ་མྱུར་བ་རྒྱལ་པོའི་བུ། །དྲག་པོ་རྩལ་ཆེན་གནོད་སྦྱིན་བདག །དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ། །གཤོག་ཅན་ཕོ་རོག །སྐྱུང་ཀ །ཁྲ། ཁྭ་ཏ་
བཞི་དང་མཆེ་ཅན་ཝ་སྤྱང་ཁྱི་དོམ་བཞི། །སྙིང་དང་རྒྱལ་མཚན་ཐོད་པ་ལ། །རྟེན་བཅས་ཐོད་ནག་སྲོག་འཁོར་བཅའ། །སྲོག་གཟེར་དྲག་སྔགས་བཞི་འབུམ་ནི། །དམིགས་པའི་གཟུགས་ལ་གྲི་རྩེས་གཏུབ། །དམར་གྱི་ཁྲག་གཏོར་ཆེན་པོ་བཞི། །དུས་བཞིར་བཅང་ཞིང་ཐུན་བཞིར་བཅའ། །ཕོ་ཉ་རྦད་པའི་ང་རོས་བསྒྱུར། །ཐོད་པ་འཚག་དང་ཐུན་ཁོལ་ནས། །ས་བཅུ་ནོན་པའི་སེམས་དཔའ་ཡང་། །དེ་ཡི་སྲོག་ཀྱང་འཕོ་བར་བྱེད། །ཅེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། སྲོག་གཟེར་དྲག་པོའི་བསད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །བཞི་སྙིང་བསད་པ་རྣམ་བརྒྱད་གང་། །རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། །འཆི་བདག་ལས་ཀྱི་གཤིན་རྗེ་ལ། །དེ་ལ་བསད་ཐབས་རྣམ་པ་བརྒྱད། །གཏོར་མས་བསད་དང་སྦྱིན་སྲེག་བསད། །ཟོར་གྱིས་བསད་དང་མདོས་ཀྱིས་བསད། །མནན་པས་ བསད་དང་ལྟས་ངན་དང་། །ཟློག་པས་བསད་དང་ཐུན་གྱིས་བསད། །ནག་པོའི་གཏོར་སྒྲུབ་བྱས་པ་གཏོར་མས་བསད་པ་ནི། །ནག་པོ་རྣམས་ཀྱི་ཤ་ཁྲག་ལ། །གཏོར་ཆེན་གཅིག་ལ་གཏོར་ཆུང་སྟོང་། །འབྲུ་སྣ་སྨན་དང་སྙིང་སྣ་སྟོང་། །ནག་པོའི་གནམ་སྟོང་ལ་ཉི་མ་བདུད་ཉི་མ་གྲིབ་
བའི་དུས་ཆད་ལ། །བཞི་ཕོ་དང་མོ་ཡི་སྙིང་བཟླས་ཤིང་ཁྲག་ཐུན་གཏོར། །གཏོར་ཆེན་གཅིག་གིས་གཞི་བྱས་ལ། །གཏོར་མ་རེ་ལ་དགྲ་གཟུགས་རེ། །སྔགས་རིང་དྲག་པོའི་སྦལ་གྱིས་དབུལ། །དགྲ་བོ་གནས་པའི་ཕྱོགས་སུ་བསྐྱལ། །དེས་ནི་ལན་གསུམ་ཐལ་ནས་མཆི། །དུག་གི་ཚེར་མ་དྲག་པོ་ཡི་སྦྱིན་སྲེག་བྱས་སྤུན་དགུ་ལ། །དྲག་པོའི་ཧོམ་ནག་ཟུར་གསུམ་བྱ། །སྔགས་བྱང་ལིང་ག་བརྒྱ་བརྒྱད་བྲིས། །དུག་དགུ་ཁྲག་སྙིང་དགུ་འབྲུ་དགུ་ནག་པོ་དགུ། །བཞི་སྙིང་བཞི་སྟོང་བཟླས་པ་ནི། །ཟླ་བ་ཐ་མ་སྟོང་བཞི་ལ། །སྲེག་པ་ཉི་ཤུ་རྩ་བདུན་བསྲེག །བུ་ག་དགུ་ནས་ཁྲག་འཛག་ནས། །དགྲ་བོ་མ་ལུས་དུས་མིན་འཆི། །ཕུར་པ་ཟོར་སྦུབས་པ་ལ་ནག་པོ་ཕུར་དགུ་ལ། །ཟོར་ཀྱི་ཀོང་བུ་ཟུར་གསུམ་བརྒྱ། །ནག་པོའི་ཁྲག་བཀང་འབྲུ་ནག་དང་། །འགོང་རྫས་ཉུངས་ནག་ཚེར་ནག་བཙུགས། །དུག་རྨེ་ཁྲག་གིས་བྱུགས་ཤིང་བཙན་དུག་གིས་ངར་བླུད་མདའ་ནག་པོ་སྤུན་དགུ་ལ། །ཐན་སྲིན་བྱ་རྒོད་པོ་འུག་པ་གསུམ་གྱི་སྒྲོ་སྐྱོན་ལ་དུག་ཁྲག་བྱུག །བཞི་སྟོང་བཟླས་ལ་དགྲ་ཡུལ་འཕང་། །དེས་ནི་དགྲ་རྣམས་ཁ་ཕུང་འཆི། །སྒྲུབ་མདོས་བྱ་བ་འབྲུ་ནག་ནག་པོ་གསད་མདོས་སྤུན་དགུ་ལ། །མི་ནག་དར་མདུང་ཐོགས་པ་བརྒྱ། །གནོད་སྦྱིན་ཐོག་སེར་འཕེན་པ་བརྒྱ། །མ་མོ་ནད་རྐྱལ་ཐོགས་པ་བརྒྱ། །ལྕེ་
སྤྱང་འུར་ཝ་རྒྱུག་པ་བརྒྱ། །རྒྱང་བུ་འཕན་དང་རུ་དར་དང་། །ནམ་མཁའ་མདའ་འཕང་མདུང་རྩེ་བརྒྱ། །ཤ་ཁྲག་གཏོར་མ་དང་བཅས་བཞི་སྙིང་ནི། །བཞི་སྟོང་བཞི་བརྒྱས་རྦད་ལ་གཏོང་། །དགྲ་རྣམས་དུས་གཅིག་བརླག་པར་འགྱུར། །གདུག་པ་ཡི་གཏད་རྒྱ་གདུག་པ་ཐོད་ཤག་བརྟེན་པ་ནི། །མཛེ་ཐོད་ནག་པོ་ཤ་མེད་དུ། །རྨེ་ཁྲག་ནག་པོས་ལིང་ག་བྱུགས། །ཉུངས་ནག་སྲན་མ་ནས་ནག་ལ། །བཞི་སྙིང་འབུམ་བཟླས་ལྷ་ཁང་མནན། །དགྲ་བོ་ཐིབ་གྲིར་འཆི་བར་འགྱུར། །ཐན་ཆོ་འཕྲུལ་ཐན་འགྱེད་གྱི་ཤ་ཁྲག་སྣ་དགུ་སྤྲེལ་ཝ་ཕྱི་བ་སྤྱང་ཀི་སྦྲུལ་ཕག་འུག་པ་སྲིན་བྱ་མི་ལྟས་ངན་གྱི་གཟུགས་ལ། །ཝ་སྤྲེའུ་མི་རོ་རྔ་མོང་དང་། །ལྕེ་སྤྱང་བྱ་ནག་བུད་མེད་དང་། །རྒྱ་ཁྱི་མོན་པ་ཕོ་མོའི་གཟུགས། །ཤིན་ཏུ་འཇིགས་བཅས་མདུན་དུ་བཞག །རོ་དེ་རྣམས་ཀྱིས་རས་ནག་པོས་སྟེང་ནས་དགབ། །ནག་པོ་དགུ་ཡི་ཐུན་ཉུངས་ལ། །བཞི་སྙིང་བཞི་འབུམ་བཟླས་ལ་རྦད། །དགྲ་རྣམས་བྲེད་ཅིང་དངངས་ནས་འཆི། །མཆོད་རྟེན་ནང་རྒྱས་བྱ་བ་ནག་པོའི་ཁོང་སེང་དུ། །རབས་ཆད་ཐོད་ནག་ནང་དུ་རུ་པ་གཞུག །གནག་པའི་རྫས་ལ་བཞི་སྙིང་རྦད། །ལྷ་དང་བཅས་པ་བྲལ་ནས་འཆི། །རབས་ཆད་རྒང་ཚལ་རྦོས་དྲིལ་བསད་པ་ནག་པོའི་རྐང་ཕུག་ཏུ། །དགྲ་ཡི་ཟག་པ་གཟུགས་བྱས་གཞུག །ཁྲག་ནག་བཞི་ལ་བཞི་སྙིང་བཟླས། །
དུག་འབྲུ་ནག་པོས་བྲབ་ལ་བསད། །དེས་ནི་སྦོས་དྲིལ་འཆི་བར་འགྱུར། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། བཞི་སྙིང་གིས་སྔགས་ཀྱི་དགྲ་བོ་བསད་ཐབས་བརྒྱད་ཀྱིས་བསད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །བསྙེན་པའི་ལྷ་དང་ལས་ཀྱི་ལྷ། །གྲངས་དང་གོ་རིམ་སྐུ་མདོག་དང་། །ཆ་ལུགས་ཕྱག་མཚན་བཞུགས་སྟངས་དང་། །རང་རང་གཙོ་འཁོར་ཡབ་ཡུམ་གྱི། །སྡེ་ཚན་ངེས་པར་བསྟན་དུ་གསོལ། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །གཉེན་པོ་སྟོབས་ཀྱི་ཡེ་ཤེས་ལྷ། །འཇིགས་བྱེད་ཁྱད་པར་དུ་ཡེ་ཤེས་མགོན་པོ་ལ་ཆེན་པོ་ཧེ་རུ་ཀ །དེ་ཡི་བཀའ་བཞིན་རྗེས་སུ་འབྲང་། །སྤྱིར་བསྟན་པ་བསྲུང་བའི་མགོན་པོ་ལས་ཀྱི་ལྷ་ལ་རྣམ་པ་བཞི། །ཕྱི་ནང་གསང་བ་དེ་ཁོ་ན། །བྱ་རོག་མིང་ཅན་ནག་པོའི་ལྷ། །ཞལ་གཅིག་ཕྱག་བཞི་འཇིགས་པའི་སྐུ། །༡དཀར་༢སེར་༣དམར་པོ་༤ནག་པོ་ཆེ། །༡གྲི་གུག་རལ་གྲི་གཡས་ན་འཛིན། །༢ཐོད་པ་ཁ་ཊྭཱཾ་གཡོན་ན་འཛིན། །གཞན་ནི་སྣ་ཚོགས་ཕྱག་ན་བཟུང་། །༣བེང་དང་ཕུར་བུ་སྙིང་ཞགས་དང་། །༤རིན་ཆེན་རྒྱལ་མཚན་ཐོད་རློན་དང་། །༥རོ་དབྱུག་དམར་པོ་ཕྱར་བ་དང་། །༦སྤུ་གྲི་ལྕགས་ཀྱུ་གློ་སྙིང་དང་། །༧ཁྲག་
གི་ཞགས་པ་རྣམ་པར་འཛིན། །གཡས་བསྐུམ་པ་ལ་གཡོན་པ་བརྐྱང་། །རོ་ལ་ཞོན་ནས་དུར་ཁྲོད་བརྒྱན། །ཡི་གེ་ཧཱུྃ་ལས་བྱུང་བ་ཡི། །༡ཚད་མེད་བཞི་དང་རབ་ལྡན་པས། །༢བྱང་ཆུབ་སེམས་ལས་བྱུང་བའི་གཟུགས། །གསང་བ་ཡུམ་གྱི་མཁའ་འགྲོ་ནི། །༣སྒྲོལ་བྱེད་དཀར་མོ་སྐུ་ཡི་ཡུམ། །༤སྲུང་བྱེད་སེར་མོ་ཡོན་ཏན་ཡུམ། །༥དམར་མོ་རྩ་འཇིབས་གསུང་གི་ཡུམ། །༦ནག་མོ་ཙན་ཏི་ཐུགས་ཀྱི་ཡུམ། །ཞལ་གཅིག་ཕྱག་བཞི་ཕྱག་མཚན་ནི། །༡ལྕགས་ཀྱུ་ལྕགས་སྒྲོག་གློ་སྙིང་ཟ། །༢ཅང་ཏེའུ་གྲི་གུག་ཐོད་སྙིང་ཞགས་པ་ཐོགས། །༣རལ་གྲི་མདའ་གཞུ་ཁ་ཊྭཱཾ་ག །ཐོད་རློན་ཤ་ལ་རབ་ཏུ་ཟ། །༤ཁྲམ་ཤིང་མི་མགོ་ཞགས་པ་ཐོགས། །ནད་རྐྱལ་ཐོགས་པས་ཀེང་རུས་གཟུགས། །མི་རོའི་གདན་ལ་འཇིགས་པའི་གཟུགས། །གྲངས་ནི་ཕྱི་ལྟར་བཞི་ལ་ནང་ལྟར་བཞི། །གསང་བ་བཞི་དང་མཐར་བྱེད་དང་། །བཞི་བཞི་གཙོ་འཁོར་བཅུ་དྲུག་ལ། །མཁའ་འགྲོ་དྲུག་དང་ལྷ་མོ་བརྒྱད། །ཕྱོགས་སྐྱོང་བཅུ་དང་མ་མོ་བཅུ་དང་དྲུག །དྲེགས་པ་བཅོ་བརྒྱད་ཕོ་བདུད་ཉི་ཤུ་དང་། །དབང་ཕྱུག་ཉི་ཤུ་བརྒྱད་དང་གཙང་རིགས་མགོན་པོ་ནི། །སུམ་ཅུ་རྩ་གཉིས་དཔལ་མགོན་བདུན་ཅུ་གཉིས། །རོ་ལངས་བརྒྱ་དང་ནག་པོ་སྟོང་། །གནོད་སྦྱིན་ཁྲི་དང་མ་མོ་འབུམ། །ཤ་ཟ་བྱེ་
བའི་ཚོགས་དང་བཅས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ལ། །ཆ་ལུགས་བཞུགས་སྟངས་དུ་མ་སྟེ། །སྐུ་ལ་དུར་ཁྲོད་ཆས་དང་ལྡན། །དྲག་པོའི་གར་དང་སྣ་ཚོགས་ཚུལ། །དེས་ནི་ལྷ་ཡི་རིམ་པ་བཤད། །ཅེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་གཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། ལྷའི་གོ་རིམ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །ལྷ་རྣམས་གང་དང་གང་གི་སྔགས། །གཙོ་བོའི་བཞི་སྙིང་གང་དང་གང་། །ལས་མཐའི་སྔགས་ཀྱི་འཁྲུག་ཡིག་གང་། །ཕོ་མོའི་དབྱེ་བ་ཇི་ལྟར་བྱེད། །གཅིག་ཏུ་དྲིལ་སྔགས་གང་དུ་དྲིལ། །ཡི་གེ་འབྱིན་འཇུག་ཇི་ལྟར་འཐུ། །རྡོ་རྗེ་འཛིན་གྱིས་བཀའ་བསྩལ་པ། །བྱ་རོག་མིང་ཅན་ནག་པོ་ཆེ། །དེའི་རིག་པ་རྩ་བའི་སྔགས། །ཡེ་ཤེས་མགོན་པོའི་རྩ་བའི་སྔགས་ཨོཾ་ཛྙཱ་ན་བཛྲ་ནཱ་ཐ་ཤྲཱི་མ་ཧཱ་ཀཱ་ལ་ནཱ་ཐ་ཧ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསང་བ་ཡབ་ཡུམ་གྱི་སྔགས་ཚིག་ནི། ཡུམ་བཞིའི་སྔགས་ཨོཾ་མ་ཧཱ་ཀཱ་ལི་མ་མ་ཏྲག་རཀྴ་མུ་རུ་ལུ་རུ་ལུ་བྷྱོ་རག་མོ་ཏི་ཀུཾ་ཛ་ཛ་ཙི་རག་མོ་ཙ་ཚ་ལ་ལ་མ་ཧཱ་བྷྱོ་བྷྱོ། མ་ཧུ་ལུ་རུ་ལུ་ཏྲག་རག་ཁ་མུན་ཏྲ་བྷྱོ། ལས་ཀྱི་མགོན་པོ་བྱ་རོག་གདོང་གསོད་ཕོ་བཞིའི་སྙིང་པོ་ནི་བྱེད་ནག་པོ་བཞི་ཡི་སྲོག་ཐིག་ནི། སྲོག་བདག་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་ཡ་བྷཱ་བྷཱ་ར་
བ་ར་བ་སེ། ཀུ་མེ་ཀུ་མེ་ཁ་ཁ་ཡེ་རེ་ཡེ་རེ་ཧ་ས་ཧ་ས་ཧི་ཧི། བྷ་ར་ན་བྷ་ར་ཧི། གཤིན་རྗེ་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་ཡ་མ་ཏྲོ་ལི་ཤང་ཀུ་རུ། ཏྲི་སྟཱ་ཡག་ཤ་རྦད། སུ་ཕྱེ་མ་ཁ་རྡར་ཏེ་རུ་རུག་པྲ་པྲ་ཐུཾ་ཐུཾ་ཤིག་ཤིག །བདུད་པོ་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་པྲ་མ་ཤག་ཙཀ་ཀྲ་ཀ་ལ་ཛ་ཛ་ཏྲི་ནན་པུ་རུ་པུ་རུ། ཏི་ཏ་ཏི་ཏ། རི་ཧི་རི་ཧི། འུབ་འུབ་ཛ་ཛ། གནོད་སྦྱིན་བྱ་རོག་གདོང་ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་བཛྲ་ཕྲི་བས་མ་ཡ་མུ་ཧ་ར་མུ་ཧ་ར་ཤག་རྦད། ཙག་ཧྲིང་ཧྲིང་འུར་འུར་ཀྱིལ་ཀྱིལ་ཤག་རྦད། གྷུ་རུ་ར་ཁ་རི་དྷའུ་ར་ན་ཤག་རྦད་མ་ཧཱ་ཀཱ་ལ་ཡག་ཤ་དེ་བ་ཀ་ལི་ཛ་ཧུར་ཡ་རྦད་བྷྱོ། མཁའ་འགྲོ་དྲུག་གི་སྲོག་ཚིག་ནི། ཌཱ་ཀི་དྲུག་གི་སྤྱི་སྔགས་ཨོཾ་མ་ཧཱ་ཀཱ་ལི་ནི་མ་མ་ཌཱ་ཀི་ནི་ར་ཀི་ནི་ལ་ཀི་ནི་ཀ་ཀི་ནི་ས་ཀི་ནི་ཧ་ཀི་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ། ལྷ་མོ་བརྒྱད་ཀྱི་སྲོག་ཚིག་ནི། ལྷ་མོ་བརྒྱད་ཀྱི་སྤྱི་སྔགས་ཨོཾ་མ་ཧཱ་ཀཱ་ལི་ཤ་ཁྲག་དུ་ནན་ཛ། བྷུ་ཏ་ཀུ་རུ་ཧྲི་ཛ་བཛྲ་ཏྲ་འུར་བ་ནག་མོ་སྲོག་རྩ་ལ་མ་མ་ཏྲག་རག་ཤ་བྲེང་བྲེང་ཛ་ཛ། གཙོ་འཁོར་དྲིལ་བའི་གཞི་སྙིང་ཟེར། བླ་མ་ཙ་མིས་ནི་སྔགས་འདི་རྣམས་དངོས་གྲུབ་བླང་ཞིང་རྟེན་གཙོ་བོ་བཞི་སྙིང་འདི་ཉིད་བསྟན། ཨོཾ་བཛྲ་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་ཨ་མུ་ཀ་ཛུ་ཙུ་ཏྲཀ་ཤད་ཡེ་ཤེས་མགོན་པོ་བཀའ་སྡོད་དང་བཅའ་པའི་བསད་པ་གླི་བན་བྱིན་ནོར་པུ་ཙིཏྟ་སི་ཏི་ཡ་མ་དུ་ཛ་ཛཿ བྱ་རོག་གདོང་ཅན་བཞི་སྦྲན་ནས་བསད་པ་ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་གིང་ཀ་ར་ཡ་པྲ་མ་
ཡཀྴ་དོཾ་ཏྲ་ཏྲད་མཱ་ར་ཡ་སི་ཏི་ཡ་མ་དུ་ཛ་ཛཿ ཕྱོགས་ཀྱི་གདོང་ཅན་བཞི་ཡི་བསད་པ། ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ་བཛྲ་རག་ཤ་ར་ཙ་ཙི་ཏ་ཟུང་སྲོག་རྩ་ལ་རྦད་ཀྱང་ས་ཛ་སརྦ་ཤ་ཏྲུཾ་ཙིཏྟ་ཧུར་ཐུམ། སརྦ་སི་ཏི་ཡ་མ་དུ་ཛ་ཛཿ མཚམས་ཀྱི་གདོང་ཅན་བཞིའི་སྒོ་ནས་བསད་པ་ཨོཾ་མ་ཧཱ་ཀཱ་ལ་རག་དུ་བེང་ནི་ཛ་ཀཱི་ལ་ཡ་གྷུ་ཛ་ཛྷ་ཛྷ་ཨ་མུ་ཀཾ་རྦད་རྦད་སྲོག་ལ་རྦད། རྦུད་རྦུད་ཐུཾ་གྲི་སརྦ་ཤ་ཏྲུཾ་སྲོག་ལ་ཐུན་ཚིཾ་བཏུབས་སི་ཏི་ཡ་མ་དུ་ཛ་ཛཿ སྔགས་ཀྱི་འཁྲུག་ཡིག་ཀ་ཁ་ག་ང་བཞི་ལ་སྔགས་གསད་པ་ཡི་བཞི་ཡིས། །གནད་ཀྱི་སྲོག་ཁང་སོ་སོར་འབོད་རྦད་གསད་གསུམ་དྲིལ་སྦྲེལ། །བསྒྲུབ་ལུགས་མི་འདྲ་བ་དེས་ནི་འབྲས་བུ་སོ་སོར་འབྱིན། །འཇུག་པ་ཀ་ཁ་ཡི་རང་རང་སྐབས་ཀྱིས་འབོད། །འབྱིན་པ་ང་ལྟ་ན་མ་བཞིའི་ཐེམས་ཀྱིས་བསྐོར་དྲུག་ཚན་དྲན་ལ་འབྱུང་། །འཇུག་འབྱིན་སྔགས་ཀྱི་འབྲུ་ཐུན་ནི། །ཕོ་མོ་བརྒྱད་པོ་ཉིན་མཚན་བཞི་བཞི་བསྐོར་བའི་ལིང་ཚན་བཞི་པ་འདི། །ནྲི་ལིང་ག་ལ་དགུག་པའོ། །ཐུཾ་ལཾ་ཐུམ་རིལ་རྦད་ཙིཏྟ་ཁ་རག་ཛ་ཛཿ ནྲི་ཛ་ཙིཏྟ་ལ་ཡ་ཐུཾ་རིལ་རྦད་ནི་ཤག་ཤག །ནྲི་ཛ་ཙིཏྟ་ལ་ཡ་སྲོག་ལ་རྦད་སྙིང་ལ་ཡ་རུ་ལུ་ཙ་ལ་ཡ་ཡཱ། ནྲི་ཛ་སྙིང་ཁྲག་ལྗིབ་ལྗིབ་ཆོད་ཆོད་སྲོག་རྩ་ཆོད་རྦུད་རྦུད། དེས་ནི་ཡེ་ཤེས་པ་གསུམ་ལས་ཀྱི་ཁ་བསྒྱུར་སྣ་ཚོགས་བསྟན། །ཕོ་མོ་དབྱེ་བ་ཉིན་མཚན་ལ། །སྔགས་ཀྱི་འཁྲུག་ཡིག་སྣ་ཚོགས་ཕྱེ་ལ་བཟླས། །
གཅིག་ཏུ་དྲིལ་སྔགས་འདི་ང་ལྟ་ན་མ་ལྟར་དྲིལ། །ཕོ་སྲོག་ཁ་གསུམ་པ་ད་ཤ་དུ་རྟ་མ། ཎ་པ་ཤ་ཀོ་ཤ་ཤ་ཡ། མ་ཡི་སྲོག་ཁང་གསུམ་ས་མ་མ་ལ། འཇིག་རྟེན་མ་གསུམ་ན་ལ་་བུད། ནང་བོར། མ་ཤ་ཤ་ཀྲག །འོན་མ། བཀའ་སྡོད་བརྒྱད་ཀྱི་བསད་པ་ཨ་ནི་ཤ་རག་ཤ །ཙེ་ཚེ་སྲོག་ཁ་ལརྦུད། ཨེ་མ་ར་ཡ་ཤིག །ལྷ་དང་དབྱེ་བ་མ་མ་རག་ཤ་མ་མ་རག་ཤ་ཕྱེ། མ་ནི་ཏྲག་རག་ཤ་མ་ར་ཡ། བརླ་འགུགས་པ་ཡི་མ་མ་སུ་ཏྲི་བྲུཾ་སྲོག་ལ་རྦུད། སུ་པ་མཱ་ར་ཡ་རྦུད་མ། འཁོར་ཐམས་ཅད་ཀྱི་གནད་པ་ཐུན་མོང་དུ་གནད་པ་ཡོ་སྔགས་མ་རོ་ར་ཙ་ཏྲ་བྷེ་ཏྲ། ཙིཏྟ་པ་ཕ་བ་མ་སྤོ་ཏ་ཡ་ཨ་ཀོ་ཏི་ས་ཤག་ཤག །དུན་ཏྲི་ཤ་ཏྲུཾ། ཙིཏྟ་སྤོ་ཏ་ཡ་ཨ་ཀ་ཡག་ཤ་དུན་ཏྲི་ཙིཏྟ་བཾ་བག་ག་སི་ལཾ་ཤ་ཏྲུཾ་ཧ་ར་ཡ། ཨ་ཀྲོ་ཝ་ར་ཛི་སེ་ཚེ་ན། ཨེ་བི་སྟཾ་པ་ཡ་ཨ་ནུ་ན་རྦད་ཡ། འབྱིན་སྔགས་བཞི་ལ་འཇུག་སྔགས་བཞི། །ཟོ་ཆུའི་འཁོར་ལོ་འདྲ་བ་ལས། །རང་གནས་དང་ནི་མཐར་ཟད་དང་། །ཚ་དྲག་བར་དུ་དགྲ་མིང་གཞུག །དེས་ཤེས་ནས་ནི་སྔགས་འདི་བཟླས། །བླ་མའི་མན་ངག་དགོས་གཞན་དོན་མེད་པར་ཆུ་བཞིན་སླ། །གནད་ཀྱི་འཁྲུག་ཡིག་འདི་ན་དྲིལ། །འདི་གལ་ཆེ། གཙོ་བོ་ཀ་ཁ་ག་ང་། རང་གནས་བཞི། བསྐོར་བ་བཞི། ཙ་ཚ་ཛ་ཉ། ལས་མགོན། མི་བསྐོར་བ་བཞི། ཏ་ཐ་ད་ན། ཡུམ་སྦས་པ། ཊ་ཋ་ཌ་ཎ། མཐར་ཟད་བཞི། པ་ཕ་བ་མ། ཁྲོ་བོ་ཐུན་མོང་དུ་བསད་པ་ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་
གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། རྩ་བའི་རྒྱུད་སྔགས་བསྟན་པའི་ཐུན་མོང་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །ཕྱི་ནང་གསང་བའི་དམ་རྫས་གང་། །དྲག་པོའི་རྟེན་རྫས་གང་དང་གང་། །མི་འབྲལ་འགྲོགས་པའི་གནད་ནི་ཅི། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །མགོན་པོའི་མཆོད་པ་ནག་པོའི་ཤ་ཁྲག་ཕྱི་ཡི་རྫས། །གྲི་རྒོད་ཙིཏྟ་ནང་གི་རྟེན། །སྨན་ཆེན་རྒུན་ཆང་གསང་བའི་རྟེན། །དྲག་པོའི་རྟེན་རྫས་སྙིང་ཁྲག་དང་། །སྦྱིན་སྲེག་གསུར་གྱིས་རྟག་ཏུ་བསྟེན། །གཏན་དུ་མི་འབྲལ་འགྲོགས་པའི་རྩ་བའི་སྔགས། །རྒྱུན་བཟླས་དམ་ཚིག་གཙང་བསང་འགྲོགས། །ཟླ་བ་བྱུང་ངོ་ཅོག་གི་དུས། །བརྒྱད་དང་བཅོ་ལྔ་ཉི་ཤུ་དགུ། །ཚོགས་དང་གཏོར་མས་རྒྱུན་དུ་མཆོད། །བསྐང་དང་བཤགས་པ་ལོ་དུས་བཟུང་། །ཞེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། དམ་རྫས་བསྟན་པ་ཐུན་མོང་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །གསད་པའི་དུས་དང་བྲབ་པའི་ཐུན། །སྲོག་གི་འཁོར་ལོ་ཇི་ལྟར་བྲི། །རྡོ་རྗེ་འཛིན་གྱིས་བཀའ་བསྩལ་པ། །ར་བ་བཞི་ལ་བསྙེན་པ་བྱ། །འབྲིང་པོ་བཞི་ལ་བསྒྲུབ་པ་བྱ། །ཐ་ཆུང་
བཞི་ལ་ལས་ལ་སྦྱར། །གཅིག་གསུམ་བསྙེན་པ་བཞི་གསུམ་བསྒྲུབ། །དྲུག་གསུམ་རྦད་ལ་བརྒྱད་གསུམ་བསད། །ཕག་དང་ཁྱི་ནག་བྱ་རོག་དང་། །དོམ་དང་རྟ་ནག་གཡག་རོག་དང་། །སྤྲེའུ་སྦྲུལ་ནག་རྩངས་པ་ནག །ཉུངས་ནག་སྲན་མ་བྲ་བོ་ནག །ཟི་ར་ཏིལ་ནག་ཐང་ཕྲོམ་ནག །རྡོ་ནག་ལྕགས་ཕྱེ་མུ་ཟི་ནག །ར་དུག་སྤྱང་དུག་བཙན་དུག་དང་། །ཉ་དུག་བོང་ང་ཧོར་དུག་དང་། །བསེ་ཤིང་འབྲུ་གུ་གུ་གུལ་ནག །རྩེ་མ་འདུག་ས་ནག་པོ་དང་། །གྲི་ཁྲག་སྙིང་ཕྱེ་སྦྱར་བ་ནི། །དྲག་པོའི་ཐུན་སྲོག་གཅོད་བྱེད་ཡིན། །དར་དཀར་གསེར་ཤོག་འོད་འབར་ལ། །གསེར་དངུལ་མཚལ་དང་བཻ་ཌཱུརྱས། །མགོན་པོའི་སྲོག་འཁོར་རྩིབས་བརྒྱད་བྲི། །ཕོ་བྲང་ལྟེ་བ་སྙིང་དགུ་ལ། །མིང་སྔགས་ས་བོན་རྩ་སྔགས་དགོད། །རྩིབས་ལ་སྔགས་རིང་ཡིག་ལོག་དགོད། །མུ་ཁྱུད་རྐང་པ་བརྒྱད་པས་བསྐོར། །གི་ཝང་གླ་རྩི་ཀ་ཀོ་ལ། །ག་བུར་གུར་གུམ་ཛ་ཏིས་བྱུག །གྲི་རྒོད་དར་མ་སྙིང་དུ་གཞུག །རབ་གནས་བྱས་པ་ཧེ་རུ་ཀ་ཡི་དབང་བསྐུར་ནས། །སྒྲུབ་པ་དེར་འཛིན་ལུས་ལ་རྟེན། །དེས་ནི་ལས་མགོན་བྲན་ལྟར་བྱེད། །ཅེས་བཀའ་བསྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། ཐུན་གྱི་དུས་དང་འཁོར་ལོ་
བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོས་ཞུས། །གཏོར་མ་སྦྱིན་སྲེག་ཇི་ལྟར་བྱེད། །ཕན་ཡོན་དགོས་པ་ཅི་ཞིག་ཡོད། །རྡོ་རྗེ་འཛིན་གྱིས་བཀའ་བསྩལ་པ། །གསང་བའི་གཏོར་མ་ཡིན་འབྲུ་དང་འབྲས་ཟན་ཤ་ལྔ་དང་། །ཕྱེ་དང་ཟན་དོན་བདུད་རྩི་ལྔ། །རྒོག་པ་ཕུར་ཐུན་བྲབ་ནས་ཀྱང་། །འབྲུ་ཨོཾ་ཨཱཿཧཱུྃ་གསུམ་རྣམ་པར་སྦྱོར་བ་ཡིས། །བདུད་རྩི་མཆོག་བྱས་སྤྱན་དྲངས་ནས། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཨོཾ་ཨི་དཾ་བ་ལིང་ཏ་སརྦ་པཉྩ་ཨ་མྲི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཏྲག་རག་ཤ་མ་ཧཱ་ཀཱ་ལ་རག་མོ་དེ་བི་གྷི་ན་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་སི་ཏི་ཡ་མ་ཡ་ཏུ་སྭཱ་ཧཱ། ཞེས་པས་འབུལ་བར་བྱའོ། །རིན་ཆེན་ལྕགས་ཀྱི་གསང་བའི་སྦྱིན་སྲེག་ཐབ་ཁུང་དུ། །ཀ་ར་སྨན་གྱི་དཀྱིལ་འཁོར་བྲི། །ཙནྡན་དཀར་པོའི་ཤིང་ཚེར་ལ། །རྒྱས་པ་གྲུ་བཞི་འབར་བ་བརྩིགས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །སྨན་དང་སྙིང་པོ་འབྲུ་ལྔ་དང་། །དྲི་དང་མེ་ཏོག་དབང་པོ་ལྔ། །ཏིལ་དམར་ཞོ་དང་པ་ལ་ཤས། །རྣམ་དག་སྦྱར་བས་བྱིན་བརླབས་ནས། །རྩ་བའི་སྔགས་ལ་བདུན་བདུན་འབུལ། །དེས་ནི་ལས་ཀྱི་འབྲས་བུ་མྱུར་དུ་འགྲུབ། །ཞི་རྒྱས་དབང་དང་དྲག་པོ་བཞི། །ཐུན་མོང་ལས་ཆེན་བརྒྱད་ཐོབ་ནས། །བསམ་པའི་དངོས་གྲུབ་ཐམས་ཅད་འགྲུབ། །ལྷ་ཀླུ་གནོད་སྦྱིན་སྲིན་པོས་
ཀྱང་། །ཚེ་བསྲིངས་ནད་སོགས་གནོད་པ་ཀུན་ལས་ཐར། །ཞེས་བཀའ་སྩལ་ཏོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་ལས། གཏོར་མ་དང་སྦྱིན་སྲེག་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། །དེ་ནས་དཔལ་རྡོ་རྗེ་མཁའ་འགྲོ་མ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། བདུད་དང་མ་མོ་དང་། གཤིན་རྗེ་དང་རྒྱལ་པོ་དང་། གཟའ་ཐམས་ཅད་ཀྱིས་བཀའ་ཡི་སྲུང་མར་ཁས་བླངས་ཤིང་རྒྱུད་ཀྱི་བདག་པོར་གཉེར་གཏད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཐམས་ཅད་དགའ་ནས་མངོན་པར་བསྟོད་དོ། །རྗེས་སུ་ཡི་རངས་ནས་མཁའ་འགྲོ་མས་བསྡུས་ནས། ནུབ་ཕྱོགས་ཨོ་རྒྱན་རྡོ་རྗེའི་ཕུག་ཏུ་སྦས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་གི་རྒྱུད་རྒྱས་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ལས་ཀྱི་མགོན་པོ་བྱ་རོག་གདོང་གི་བཞི་སྙིང་གསང་བ་སྲོག་གཟེར་སྦས་པའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་བྷྱ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་ཙ་མི་ཟླ་བ་གྲགས་པས་བསྒྱུར་ཞིང་ཞུས་ཏེ་ཕྱིས་བླ་མ་རྒྭ་ལོས་བོད་དུ་སྤྱན་དྲངས་ནས་གཏན་ལ་ཕབ་པའོ། །རྒྱུད་འདི་བཀའ་དོག་ཅིང་གཉན་པ་ཡིན་པས་མི་སྤེལ་བར་ཞུ། དེ་གོང་དུ་གཅིག་བརྒྱུད་ཡིན་གསུངས། ཡེ་ཤེས་མགོན་པོའི་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ། ལས་མགོན་གྱི་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་
གསུམ། ཡུམ་གྱི་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ་དང་དགུ་པོ་དེ་ཟབ་ཅིང་གནད་ཆེ་གསུངས། ལས་མགོན་གསང་རྒྱུད་འདི་བླ་མ་རིན་པོ་ཆེ་ཕག་མོ་གྲུ་པ་ལ་སོགས་པའི་སྤྱན་སྔར་བླ་མ་འདན་དགོངས་རྫོགས་བྲག་པས་ཞུས་པ་ཡིན་ནོ། །
མགོན་པོ་བྱ་རོག་མའི་རྒྱུད་གྲི་གུག་བརྩེགས་པ།
༄༅། །མགོན་པོ་བྱ་རོག་མའི་རྒྱུད་གྲི་གུག་བརྩེགས་པ་བཞུགས་སོ། །
རྒྱ་གར་སྐད་དུ། ཤྲཱི་དཔལ་ན་ཐཱ་མགོན་པོ་ཀཱ་ལ་ནག་པོ་དྷ་རི་གྲི་གུག་ཀུ་ཊ་བརྩེགས་པའི་ཏནྟྲ་རྒྱུད་ནཱ་མ་ཞེས་བྱ་བ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་གྲི་གུག་བརྩེགས་པ་ཞེས་བྱ་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་ལྡན་སྟོན་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ཤིན་ཏུ་འཇིགས་སུ་རུང་བའི་གནས་དེ་ན། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། མིའི་དྲང་སྲོང་ཆེན་མོ་དུ་མ་དང་། བདུད་ཀྱི་རིགས་སུ་གྱུར་པ་དཔག་ཏུ་མེད་པ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་གྱི་ཚོགས་དཔག་ཏུ་མེད་པ་དང་། སྲིན་པོ་ལང་ཀའི་བདག་པོ་ལ་སོགས་པ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ཡིད་འཕྲོག་མའི་བུ་དང་། ཀླུའི་རྒྱལ་པོ་དུ་མ་དང་།
ལྷའི་རྒྱལ་པོ་ཚངས་པའི་དུ་མ་དང་། དབང་པོ་དང་། ཕྱོགས་སྐྱོང་བ་བཅུ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཞུ་བ་པོ་ཞིང་སྐྱོང་མེའི་ཕྲེང་བ་ཅན་ཞེས་བྱ་བ་དེ་ན་གནས་པ་དང་། དཔལ་མགོན་པོ་དང་། ལྷ་མོའི་ཚོགས་དུ་མ་དང་། དཔག་ཏུ་མེད་པའི་འཁོར་དང་བཅས་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དཔལ་ཕྱག་ན་རྡོ་རྗེ་ཆེན་པོ་བདུད་ཀྱི་དཔུང་འཇོམས་པའི་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་མ་ཐག་ཕྱག་གི་རྡོ་རྗེ་དེ་བར་སྣང་ལ་འཕག་པས། ཆོས་ཀྱི་སྒྲ་མངོན་པར་བྱུང་བ་འདི་ལྟ་སྟེ། དེ་ནས་རྡོ་རྗེ་རྒྱལ་པོ་ཆེ། །སྒྱུ་འཕྲུལ་དྲྭ་བའི་མཁའ་དབྱིངས་ལས། །ཐོགས་མེད་འཁོར་ལོའི་དཀྱིལ་འཁོར་ཤར། །དཔལ་ལྡན་དྲག་པོ་འབར་བས་བརྟེན། །ཆོས་ཉིད་མཁའ་ལ་ཉི་མ་ཤར། །རྡོ་རྗེ་དྲི་མེད་ངོ་བོ་ཉིད། །
དེ་ཉིད་འདུས་པ་ལྷའི་གཙོ། །སྣ་ཚོགས་སྣང་བ་མཉམ་པ་ཉིད། །རིགས་སྔགས་གཟུངས་སྔགས་གསང་བ་ཆེ། །བླ་མེད་རིག་པ་གོང་ན་མེད། །མི་མཉམ་མེད་པས་ཕ་རོལ་ཕྱིན། །ཅེས་པས་རྡོ་རྗེ་དེ་ནམ་མཁའ་ལ་ལྡིང་ཞིང་། རྡོ་རྗེ་འཛིན་པ་ལ་ལན་གཡས་ཕྱོགས་ནས་གསུམ་བསྐོར་ཞིང་། འོད་ཟེར་ཆེན་པོ་འབར་བ་འཁྲུག་པའི་འོད་ཆེན་པོ་དཔག་ཏུ་མེད་པ། འཇིག་རྟེན་གསུམ་དུ་འཕྲོ་ཞིང་ཀུན་ཏུ་ཁྱབ་པར་གྱུར། ཧཱུྃ་ཧཱུྃ་ཞེས་བྱ་བའི་སྒྲ་དབྱངས་ཀྱིས་ས་ཆེན་པོ་གཡོས་ཤིང་འཁྲུག་པ་ངོ་མཚར་བའི་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ངོ་། །འཇིག་རྟེན་ས་འོག་ས་བླ་ས་སྟེང་གསུམ་གྱི་ལྷ་སྲིན་སྡེ་བརྒྱད་དྲེགས་བྱེད་ཐམས་ཅད་རང་དབང་མེད་པར་ལྷགས་པར་འགྱུར་རོ། །དེ་དག་འདུས་པའི་ཚོགས་ལུས་རྔུལ་ཞིང་སྐྲ་རྩེ་ཟིང་ངེ་བྱེད་པའམ་ཐམས་ཅད་སྔངས་ཤིང་། སྒྲ་ཐོས་པས་སྐྲག་པ་དང་། ཤིན་ཏུ་མངོན་སུམ་དུ་བྱུང་བས་འཇིགས་པར་གྱུར། རབ་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་རྡོ་རྗེ་ནམ་མཁའ་ལས་བབས་ཏེ་ཕྱག་གཡས་པར་གནས་པ་དང་། ཐུགས་རྗེ་ཆེན་པོ་རབ་ཏུ་འབྱུང་བ་ཁ་དོག་མི་འདྲ་བ་དུ་མ་འབྱུང་བའི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས། སྐུའི་སྨིན་མཚམས་ནས་རྡུལ་མེད་ཟླ་བ་ཞེས་བྱ་བའི་འོད་ཟེར་བྱེ་བ་དུ་མ་བྱུང་སྟེ། ཐམས་ཅད་ལ་འོད་ཟེར་དེས་རེག་མ་ཐག་ཏུ། ལུས་བདེ་བ་དང་
སེམས་བདེ་བ་ཡིད་བདེ་བས་ངག་ཁྱབ་པར་དབུགས་དབྱུང་ངོ་། །དཔལ་གྱི་གྲི་གུག་བརྩེགས་པ་ལས། རྣམ་འཕྲུལ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་དང་། ཡེ་ཤེས་རྫུ་འཕྲུལ་གྱིས་བསྐྱེད་པ་བདེན་པའི་བྱིན་གྱིས་མ་རུངས་པ་ལས་ཁྱད་པར་དུ་འཕགས་པའི་དཔལ་མགོན་ནག་པོའི་ཚོགས་དང་དཔལ་ལྷ་མོའི་ཚོགས་ཐམས་ཅད་ཀྱིས་ནམ་མཁའ་ལ་མཆོད་པའི་སྤྲིན་ཕུང་ཆེན་པོ་མངོན་པར་སྤྲུལ་ལྷའི་མེ་ཏོག་འཐོར་ཞིང་ཙནྡན་འཐོར་བ་དང་འབྲས་བུ་སྣ་ཚོགས་ཀྱི་ཆར་བབས་ནས་མཆོད་ཅིང་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་དོ། །ཕྱག་འཚལ་ཏེ་བསྐོར་བ་བྱེད་ཅིང་། །དགའ་ཞིང་མགུ་ལ་ཡི་རངས་པས། །འཇིག་རྟེན་གསུམ་ན་རྣམ་རྒྱལ་བའི། །འདྲེན་པ་ཁྱོད་ནི་བླ་ན་མེད། །དྲག་པོ་མ་ལུས་འདུལ་བར་མཛད། །བསྟན་པ་དོན་ཡོད་འབྲས་བུ་བཀོད། །མཐུ་སྟོབས་མི་བཟད་རྫུ་འཕྲུལ་ཅན། །དཔག་མེད་ཞིང་དུ་ཁྱོད་སྐུས་ཁྱབ། །སངས་རྒྱས་ཀུན་གྱི་གསང་འཛིན་པ། །རྨད་བྱུང་ཆེན་པོ་ལྷ་ཡི་ལྷ། །ཞེས་བརྗོད་དོ། །དེ་ཉིད་དུ་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པ་དང་། དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་པའི་གནས་བཅུ་གཉིས་དང་། ཞིང་སྐྱོང་གི་ཚོགས་ཐམས་ཅད་དང་། མཁའ་འགྲོ་མ་དུ་མ་དང་། ཤ་
ཟའི་ཚོགས་དང་བཅས་པ་དཔག་ཏུ་མེད་པ་ལྷགས་སོ། །དེ་དག་གིས་པཱུ་ཛའི་ཚོགས་ཐམས་ཅད་ཀྱིས་མཆོད་པར་བྱས་སོ། །དཔལ་གྲི་གུག་བརྩེགས་པའི་རྒྱུད་ལས། དཔལ་གསང་བ་འཛིན་པ་ལ་བསྟོད་ཅིང་མཆོད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་གྱི་འདུས་པ་ཆེན་པོ་དེ་ཉིད་ཀྱི་ནང་ནས། ཞིང་སྐྱོང་གི་བདག་པོ་མེའི་ཕྲེང་བ་ཅན་ཞེས་བྱ་བས། རྡོ་རྗེ་འཛིན་པ་ལ་འདི་སྐད་ཅེས་གསོལ་ཏོ། དཔའ་བོ་གསང་བའི་བདག་པོ་ཁྱོད། །ཆོ་འཕྲུལ་མངོན་པར་འདུ་བྱ་བ། །དྲེགས་པ་ཅན་དབང་དུ་བསྡུད་ཅིང་ཟིལ་མནན་པ་ནི། སླར་ཡང་བསླང་བར་མཛད་པ་ནི། །གང་གི་དོན་དུ་མཛད་པ་ལགས། །དགོས་པ་གང་ཕྱིར་གནས་སྐབས་མཐར་ཐུག་གང་ལ་ཡང་། །གང་གིས་འཇུག་པའི་དོན་འགྱུར་བ། །ཐབས་ཚུལ་འདི་ནི་བསྟན་དུ་གསོལ། །ཞེས་ཞུས་སོ། །དེ་ནས་གསང་བའི་བདག་པོ་ཡིས། །སྙིང་པོ་མཆོག་ནི་བཀའ་བསྩལ་པ། །ང་ཡི་ལག་ན་འཛིན་པ་ཡི། །རིན་ཆེན་ནོར་བུ་རྡོ་རྗེ་འདི། །བྱེ་བ་ཕྲག་ནི་བརྒྱད་བཅུ་ཡི། །དེ་བཞིན་བཤེགས་པ་ཐམས་ཅད་ཀྱིས། །བྱིན་རླབས་དབང་བསྐུར་རྗེས་གནང་བྱིན། །དེ་ཕྱིར་ཕྲིན་ལས་སྟོབས་སུ་འགྱུར། །དེ་དག་རྣམས་ལ་ཚར་བཅད་དང་། །རྗེས་འཛིན་དྲག་པོ་ཞི་བ་ནི། །ཏིང་འཛིན་དེར་སྣང་ཁྱད་པར་རོ། །དད་
པའི་རྗེས་སུ་འབྲངས་པ་དང་། །ཆོས་ཚུལ་གྱི་རྗེས་སུ་འཇུག་པ་ཉིད་རྣམས་ལ། །དམ་ལ་དང་པོར་གདགས་ཤིང་དམ་ཚིག་གཉིས་པ་ལ། །གནད་ལ་གསུམ་པ་དབབ་པ་མ་འོངས་དོན། །བསྟན་པ་སྲུང་ཞིང་འཛིན་པ་དང་། །བསྟན་པ་སྐྱོང་བྱེད་རྒྱས་འགྱུར་བ། །ཐབས་ནི་ཟབ་རྒྱས་གཉིས་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ། །ཕྱི་ནང་གསང་བའི་ཚུལ་ཀུན་རྡོ་རྗེ་སྙིང་པོས་བསྟན་པའོ། །སྤྱི་དང་བྱེ་བྲག་གྱུར་པ་ཡི། །མ་མགོན་ལྕམ་དྲལ་འཁོར་བཅས་ཀྱི། །དུས་གསུམ་རྒྱལ་བའི་དགོངས་པ་ཐམས་ཅད་རྫོགས་པར་བྱེད། །དེ་ཉིད་བསྒྲུབ་པ་ལ་འཇུག་རིམ་པ་ཉིད་འདིར་གསལ་བར་བསྟན། །ཞེས་གསུངས་སོ། །དཔལ་གྲི་གུག་བརྩེགས་པའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཞིང་སྐྱོང་བདག་པོ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསོལ། །སྤྱི་དང་བྱེ་བྲག་གང་གསུངས་པའི། །དེའི་ཁྱད་པར་གང་དུ་བསྟན། །ལྷ་མོའི་ནང་ནས་གང་མཆོག་འགྱུར། །མགོན་པོའི་གཙོ་བོའི་ནུས་ལྡན་གང་། །དེའི་རིམ་པ་འཁོར་བཅས་དང་། །ལས་མཁན་ཕོ་ཉ་འཁོར་གྱུར་པ། །དེའི་སྒོས་བྱེ་བྲག་ཏུ་དོན་ནི་གསུང་དུ་གསོལ། །ཞེས་ཞུས་པ་དང་། རྡོ་རྗེ་འཛིན་གྱིས་བཀའ་བསྩལ་པ། །ཉོན་ཅིག་ཞིང་སྐྱོང་བདག་པ་ཆེ། །སྤྱིར་སངས་རྒྱས་བསྟན་པ་རིན་པོ་ཆེ། །བསྟན་པ་
འཛིན་པ་སྐྱོང་བ་སྲུང་བ་གསུམ་ལས། །འདི་ནི་བསྲུང་བའི་དོན་ཆེད་དུ། །ལྷ་སྲིན་སྡེ་བརྒྱད་མ་ལུས་པ། །སྤྱིར་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དམ་ལ་བཏགས་པ་ཐམས་ཅད་དོ། །ཁྱད་པར་ཐུགས་གྲི་གུག་ལྷ་མོ་ལྕམ་མོ་ནི། །ཡེ་ཤེས་ལྷ་མོ་རེ་མ་ཏི། །བོང་བུ་ག་དམར་བཅིབ་པ་ནི། །ལས་བྱེད་སྲིན་པོའི་ཚོགས་དང་བཅས་པའོ། །མིང་པོ་མགོན་པོ་ནག་པོ་ནི། །ཕྱག་གཉིས་པ་དང་ཕྱག་བཞི་པ། །ནག་པོ་དུ་མའི་གཙོ་བོར་གྱུར། །གཏུམ་བྱེད་ཙན་ཏི་ཀ་མ་མོ་ནག་མོར་ཏི་ར་ཏི་ཀ་བཞི་བཞིར་བཅས། །ཕྱོགས་མཚམས་གནས་པའི་ལྷ་མོ་བརྒྱད་དང་། །ཐུགས་འཇིགས་བྱེད་དྲག་མོ་གསུང་རྔམ་པ་རྒོད། །དེ་གསུམ་ཀ་ལས་མཁན་ཁྭ་ཏའི་གདོང་ཅན་དང་། །མགོ་བརྙན་ལས་ཕོ་ཉའི་མགོན་པོ་ཤ་ཟ་བརྒྱད། །ལེའུ་བཅོ་ལྔ་ནས་བཤད་པའི་སོ་སོ་ཡི་སྡེ་དཔུང་བཅས་པ་ནི། །འདི་དག་གི་ནི་སྔོན་བྱུང་དུ། །དེ་བཞིན་གཤེགས་པ་འཁོར་རྣམ་པ་བཞིས་དུ་མ་མཆོད། །ད་ལྟ་ཕྱོགས་བཅུའི་ཞིང་རྣམས་སྐྱོང་། །ཐུབ་པ་ཆེན་པོ་འདི་ཡི་ནི། །བསྟན་པ་སྲུང་བར་བྱེད་པ་ཡིན། །བྱམས་པ་ལ་སོགས་མ་འོངས་པ་ཡང་དེ་བཞིན་འགྱུར། །ཞེས་གསུངས་སོ། །དཔལ་གྲི་གུག་བརྩེགས་པ་ལས། །གླེང་བསླང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གསང་བའི་བདག་པོ་དེས། །དཔལ་ལྡན་ལྷ་མོ་དང་། །མགོན་པོའི་ཚོགས་དེ་
དག་ཐམས་ཅད་ལ་བསྟན་པ་སྲུང་བར་བྱིན་གྱིས་བརླབས་ནུས་པ་དང་ལྡན་པས་པར་མཛད་དེ། །ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་པའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པ་དང་། ཐུགས་ཀ་ནས་འོད་ཟེར་མི་འདྲ་བ་བདུན་ཕྱུངས་ཏེ། དེ་དག་གི་རྩེ་མོ་ལས་རྡོ་རྗེ་གྲི་གུག་ཏུ་གྱུར་ཏེ། འོད་ནག་པོ་ལས་བཻ་ཌཱུརྱའི་གྲི་གུག་ཐབས་ཤེས་རབ་གཉིས་བྱུང་ངོ། །འོད་དཀར་པོ་ལས་སྐུ་སངས་རྒྱས་ཀྱི་རིགས་ཤེལ་གྱི་གྲི་གུག་གཉིས་དང་། འོད་སེར་པོ་ལས་སྔོན་རིན་པོ་ཆེའི་གསེར་གྱི་གྲི་གུག །འོད་ལེབ་རྒན་ལས་པད་མ་རཱ་གའི་དང་། འོད་སྲུབ་ཀ་ལས་མར་གད་ཀྱི། འོད་མཐིང་ག་ལས་ཨིནྟྲ་ནི་ལའི། ཉ་ཕྱིས་སམ་མུ་ཏིག་ལྟ་བུ་འོད་སྣ་ཚོགས་ལས་ཨིནྡྲ་རྙིལ་གྱི་གྲི་གུག་ཕྱུང་སྟེ། སྟེང་དུ་གནས་པ་བདུན་གཡས་སུ་འཁོར་ལ། གཡོན་དུ་གནས་པ་བདུན་གཡོན་དུ་འཁོར་བས། དེ་དག་རེ་རེ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་བྱུང་ངོ་། །དེ་དག་ལས་ཀྱང་གྲི་གུག་དཔག་ཏུ་མེད་པ་བྱུང་ངོ་། །དེ་དག་ཐམས་ཅད་ཀྱང་ལྡིང་ཞིང་གཡས་ཕྱོགས་ནས་རྡོ་རྗེ་འཛིན་པ་ལ་བསྐོར་བ་བྱས་ནས། མགོན་པོ་དང་ལྷ་མོ་དེ་དག་གི་སོ་སོ་ཡི་སྤྱི་གཙུག་ན་ཐིམ་པ་དང་། དེ་དག་གི་ལུས་དང་ངག་དང་ཡིད་དག་ཅིང་བདེ་བ་དང་ཡིད་བདེ་བ་བླ་ན་མེད་པ་ཐོབ་པར་གྱུར་ཏེ། དེ་དག་ལ་ཐམས་ཅད་
ཐིམ་མ་ཐག་ཏུ་དེ་དག་ཐམས་ཅད་སྟོབས་དང་ནུས་པ་གཟི་བརྗིད་ཐམས་ཅད་འབར་བར་གྱུར་ཏོ། །དེ་ནས་ཞིང་སྐྱོང་གིས་ཞུས་པ། གསང་བའི་བདག་པོ་དགོངས་སུ་གསོལ། །འདི་ལྟར་ལྷན་གཅིག་འཚོགས་པ་ཡི། །ལྷ་མོ་མགོན་པོ་འཁོར་དང་བཅས། །ལྕམ་དྲལ་ཡབ་ཡུམ་འདི་དག་གིས། །བསྟན་པ་ཇི་ལྟར་བསྲུང་བར་འགྱུར། །དེ་ནས་དཔལ་ལྡན་ནག་པོ་ཆེ། །ཕྱག་བཞི་པ་ཡིས་སླར་གསུངས་པ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ཟས་ངན་ལྕི་བ་ཟ་བའི་དུས། །གོས་ངན་རེ་བ་གྱོན་པའི་དུས། །མཚོན་ལ་རྒྱན་དུ་བྱེད་པའི་དུས། །མུ་སྟེགས་ལོག་ལྟ་དར་བའི་དུས། །རབ་བྱུང་སྡེ་འཁྲུག་དར་བའི་དུས། །སྔགས་པ་ནང་དམེ་བྱུང་བའི་དུས། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཞེས་གསུངས་སོ། །ཞིང་སྐྱོང་བདག་པོ་ཡིས་གསོལ་པ། དེ་ཚེ་སྒྲུབ་པ་པོ་གང་ཟག་རྨོངས་པ་ཡིས་ནི། །གནས་དང་སྤྱོད་ལམ་བྱ་བའི་རིམ། །རྩ་བའི་མན་ངག་རིམ་པ་གང་། །ལེའུ་བཅོ་བརྒྱད་པ་ནས་བསྙེན་དང་ཉེར་བསྙེན་དགུ་པ་ནས་བསྒྲུབ་པ་བཅུ་པ་ནས་དང་། །སྒྲུབ་ཆེན་ཏ་ལེས་ནས་ལས་ཀྱི་སྤྱད་སྣ་ཚོགས། །ཕྲིན་ལས་སྒྲུབ་ཚུལ་བཅོ་བརྒྱད་ནས་དུས་ཇི་བཞིན། །རྟགས་འཆར་བཅུ་གཅིག་ནས་བསྟེན་ཚུལ་ཕྱི་ནང་དང་། །ཡོན་ཏན་དབང་བསྐུར་བཅོ་བརྒྱདརྩལ་འདོན་ཐབས། །གཏོར་མ་སྔགས་ཀྱི་རིམ་པ་
བཅུ་དྲུག་པ་ནས་བསྟན་པ་གང་། །བཅོ་བརྒྱད་པ་ནས་མ་གྲུབ་གནད་དབབ་བསྐུལ་བ་དང་། །བཅུད་ཕུར་ཨར་ལ་གཏད་པ་དང་། །གཟེར་བ་རང་དབང་མེད་པ་ཡི། །འཁོར་ལོ་ལས་སྦྱོར་ཟིན་མནན་པ། །ལེའུ་གཅིག་ནས་བཅོ་བརྒྱད་བར་སྦྱོར་བའི་གསང་བ་བཤད་དུ་གསོལ། །གྲི་གུག་བརྩེགས་པའི་དོན་ནི་གང་། །བྱ་རོག་ཅན་ཞེས་བྱ་བ་གང་། །གདོང་ཅན་ལས་ནི་གང་ཚེ་འབྱུང་། །གསང་བའི་བདག་པོས་གསུང་དུ་གསོལ། །ཞེས་ཞུས་སོ། །དཔལ་གྲི་གུག་བརྩེགས་པ་ལས། །དབང་བསྐུར་ཞིང་ཁྱད་པར་དུ་ཞུས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །འདི་མན་ཆད་ནས་ཞུས་པའི་དོན་རྒྱས་པར་སྟོན། ཞིང་སྐྱོང་བདག་པོ་ལེགས་ཞེས་གསུངས། །གྲི་གུག་བརྩེགས་པ་ཞེས་བྱ་བ། །ཐབས་དང་ཤེས་རབ་ལྡན་པ་ཡི། །རིགས་བདུན་པ་ཡི་རྒྱལ་པོ་ཡིས། །དབང་བསྐུར་རིགས་བདག་གྱུར་པ་ཡི། །ལས་ཀུན་བྱེད་པར་བྱིན་བརླབས་པའི། །གསང་བ་མཐུ་སྟོབས་རྨད་བྱུང་བའི། །བདུད་དཔུང་མ་ལུས་འཇོམས་བྱེད་པའི། །མགོན་པོ་བྱ་རོག་ཅན་བྱ་བ། །སྔོན་ཚེ་ལྷ་མིན་འདུལ་བའི་ཚེ། །བྱ་རོག་དག་ཏུ་སྤྲུལ་ནས་ནི། །དེ་ཡི་ཡང་སྤྲུལ་དུ་མ་ཡིས། འོད་ཟེར་ནག་སྟོང་སྐར་མདའ་སྟོང་། །དེ་ཡིས་བདུད་ཚོགས་ཕམ་པར་བྱས། །སྲིན་པོའི་ཚོགས་ནི་
འདུལ་བའི་ཚེ། །བྱ་རོག་ཆེན་པོའི་དད་པ་འཁོར་ལོ་རིན་པོ་ཆེ། ཚུལ་ཁྲིམས་བཙུན་མོ། གཏོང་བ་ཁྱིམ་བདག །ཐོས་པ་དམག་དཔོན། ངོ་ཚ་ཁྲེལ་ཡོད་གླང་པོ་གཤོག་པ་བརྡབ། །དེ་ཚེ་རྒྱལ་པོ་འཁྲུག་པ་དང་། །མེ་དཔུང་ཁ་ནས་འཕྲོ་བ་དང་། །ཐམས་ཅད་བསྲེག་ཅིང་རྡུལ་དུ་བརླག །གཤིན་རྗེའི་ཡུལ་དུ་བྱ་རོག་ཆེས། །ཏོག་ཏོག་རྔམ་པའི་སྒྲ་བསྒྲགས་པས། །དེ་བཱ་ས་ཏ་བཏུལ་བར་འགྱུར། །མ་མོ་རྣམས་ཀྱང་དབང་དུ་བྱས། །བདུད་ཀྱི་དཔུང་རྣམས་ཀ་ནིང་ཀར། །གཡོས་ཚེ་སུམ་ཅུ་རྩ་གསུམ་ནས། །བྱ་རོག་ཆེན་པོ་ཁྲོས་པ་ཡིས། །ལྷ་དམག་དུང་ཕྱུར་ཕྲག་བརྒྱ་རྣམས། །གཤོག་པའི་སྟེང་དུ་བཏེགས་ནས་ནི། །འོངས་ཏེ་བདུད་ཚོགས་ཕམ་པར་བྱས། །དུས་གསུམ་མ་ལུས་ཐམས་ཅད་ཀུན། །ཀུན་ཁྱབ་འོད་ནི་གློག་ལྟར་འཁྱུག །ཐམས་ཅད་མཐོང་ཞིང་རྡོ་རྗེ་ཡིས། །མངོན་ཤེས་མངའ་བར་འགྱུར་བས་ན། །རྡོ་རྗེ་བྱ་རོག་ཅན་དུ་གྲགས། །སྒྲུབ་པ་པོ་རྣམས་སྐྱོང་བའི་ཚེ། །བྱ་རོག་ཆེན་པོས་བསྲུང་བར་མཛད། །ཉེ་བའི་ཡུལ་ནི་ཉི་ཤུ་བཞི། །ཁྱབ་མཛད་ཞིང་སྐྱོང་ཆེན་པོ་ཕྱག་དྲུག་པ་ནི། །ལྗོན་པའི་ཤིང་ལ་བསྟེན་ཏེ་བརྒྱན་པ་གནས། །དེ་ཕྱིར་ཞིང་སྐྱོང་ཆེན་པོར་གྲགས། །ཐབས་དང་ཤེས་རབ་ལས་ཀྱི་མགོན་པོ་ནི་གཤོག་པར་ལྡན། །རྡོ་རྗེའི་སྤྱན་གྱིས་གཟིགས་མཛད་ཅིང་། །གནམ་ལྕགས་འབར་བའི་རྡོ་
རྗེ་མཆུ། །ཁྲོ་རྒྱལ་སྤྱན་གསུམ་ཕྱག་ཞབས་ལ། །བྱ་སྡེར་ཆེན་མོ་རྣོན་མོ་ཅན། །ལས་ཀྱི་མགོན་པོར་རབ་ཏུ་གྲགས། །ཀང་ཀ་བྱ་ཁྱུང་ཁྭ་ཏ་འགྱེད། །ཡེ་ཤེས་སེམས་དཔས་མ་ཐུལ་བའི། །མ་རུངས་གདུལ་དཀའ་ངེས་པར་འདུལ། །བྱ་རོག་གདོང་ཅན་དྲག་པོ་ཆེ། །སྲོག་གི་ཤན་པ་ནག་པོ་ཡིས། །དངོས་སུ་དགྲ་བོའི་སྲོག་རྩ་འདྲེན། །སྨྱོ་འབོག་ནད་ཀྱི་ཁྲག་ནད་གཏོང་། །དེའི་སྤྱི་གཙུག་ནས་བརྩམས་ནས། །ཏིལ་འབྲུ་ཙམ་དུ་ཟ་བར་བྱེད། །གཟས་པ་རང་དབང་མེད་པ་ཡིས། །ཁོ་རང་ཤ་ནི་ཁོ་རང་གིས། །ཟར་བཅུག་ནག་པོས་སྒྲོལ་བར་བྱེད། །གཏུམ་པོ་ལས་བྱེད་ཆེན་པོ་ཡིན། །དཔལ་གྲི་གུག་བརྩེགས་པ་ལས། མཚན་སྟོན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གསང་བའི་བདག་པོ་ཡིས། །འདུས་པའི་ཚོགས་ལ་བཀའ་བསྩལ་པ། །རྟེན་གྱི་གང་ཟག་འདི་ལྟ་སྟེ། །བསླབ་པ་ལ་གནས་བྱམས་སེམས་ལྡན། །དབང་བསྐུར་ཐོབ་ཅིང་དེ་ཉིད་ཀྱི། །དོན་གནས་བླ་མ་མཆོག་ལ་གུས། །གཞན་དོན་གཙོར་བྱེད་རྟོགས་པ་གཏོང་། །བློ་ལྡན་བཟོད་པ་རབ་ཏུ་ཆེ། །ལེ་ལོ་མེད་ཅིང་སྟོབས་སྩལ་ལྡན། །སྒྲུབ་པ་པོ་ནི་དབང་པོ་མཆོག་དང་ནི། །བར་མ་ཡིས་ཀྱང་བསྒྲུབ་པར་བྱ། །གནས་རྒྱས་པར་ལྷུན་སྟུག་ནགས་ཁྲོད་རི་བོ་ལ་སྟོན། །མེ་ཏོག་དུ་མ་དང་འབྲས་
བུ་སྣ་ཚོགས་ཅན་གྱི་ཤིང་། །འདབ་ཆགས་རིགས་མི་འདྲ་བ་དུ་མ་ཤིང་ལོ་འབྲས་བུ་རྒྱས། །ལས་སྦྱོང་བས་ངོས་བཟང་བྲག་ནས་་བྱ་སྐྱིབས་བླ་གབ་ཆེ། །དུག་ཤིང་ནག་པོ་གདུག་པ་ཅན་སྡོང་པོས་བརྒྱན་པ་དང་། །དུར་ཁྲོད་གཅན་གཟན་དྲག་པོ་རྒྱུ། །ཤ་ཟ་མ་མོ་ལྕེ་སྤྱང་ཚོགས། །དྲག་པོའི་ས་ཕྱོགས་རབ་འཇིགས་པ། །སྲིན་པོ་གཤིན་རྗེ་གནོད་སྦྱིན་ཚོགས། །ཡང་ན་བས་མཐའ་འམ་ཤིན་ཏུ་དབེན་པ། །བཀྲ་ཤིས་ཤིང་ཉམས་དགའི་ཕོ་བྲང་དུ། །སྦྱོར་བ་མཐུན་གྲོགས་འབྱོར་ལྡན་པ། །ནག་པོ་ཆེན་པོ་བསྒྲུབ་པར་བྱ། །ཕུན་སུམ་ཚོགས་པའི་གནས་དེར་ནི་བྱ་བའི་རིམ་པ། །དུར་ཁྲོད་སོལ་བ་ཁྲག་ཆེན་ནི། །དམར་ནག་གིས་ནི་ཁྱབ་པར་བྱ། །མཆོད་པའི་ཚོགས་ནི་མ་ལུས་བཤམ། །ཤ་ཆེན་ཅན་གྱི་གཏོར་མ་དབལ་ཅན་བཞག །དུར་ཁྲོད་ས་ནག་བླངས་ནས་ནི། །མལ་ས་ནག་པོ་བྱས་པ་ལ། །འབྲུ་ནག་ཚོམ་བུ་བཀྲམ་པར་བྱ། །རྟེན་བཀྲམ་མཚམས་བཅད་གསོལ་བ་གདབ། །སྤྱོད་ལམ་གོས་ནི་ནག་པོ་བསོག །དཔལ་གྱི་ཆས་ཀྱིས་བརྒྱན་པ་དང་། །བརྟུལ་ཞུགས་ལྡན་པས་སེམས་བསྐྱེད་ལ། །སྔོན་སོང་ལུགས་འདི་ཕྱེད་དཀྲུགས་སོགས། །མ་ཡེངས་བརྩོན་པས་གནས་པར་བྱ། །རྩ་བའི་མན་ངག་གི་རིམ་པ། །བདེ་བའི་སྟན་འདུག་སྦྱོར་བ་ལ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །འགྲོ་
བའི་དོན་དུ་དམིགས་ནས་ནི། །རང་ཉིད་སྐད་ཅིག་ལྷར་གསལ་བའི། །ས་བོན་ལས་འཕྲོས་འོད་ཀྱིས་བཀུག །དེ་ལ་བླ་མ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །སྤྱན་དྲངས་མཁའ་ལ་བཞུགས་པ་ལ། །ཕྱག་དང་སྐྱབས་སོང་མཆོད་ཅིང་བསྟོད། །སྡིག་བཤགས་ཡི་རང་གསོལ་བ་གདབ། །མེ་ཏོག་བསྔོ་དང་སྨོན་ལམ་འཐོར། །ལུས་འབུལ་བཟོད་གསོལ་གཤེགས་སུ་གསོལ། །དངོས་རྣམས་སྟོང་པར་སྦྱངས་བྱས་ལ། །དེ་རྗེས་བསྟན་ལ་སྡང་བ་ཡི། །མ་རུངས་གདུག་པའི་དོན་བྱས་ལ། །རང་མདུན་དུར་ཁྲོད་ཕོ་བྲང་དུ། །ཆུ་སྐྱེས་ཉི་མའི་སྟེང་དུ་ཧཱུྃ། །ས་བོན་དེ་ལས་འོད་འཕྲོས་བསྡུས། །འགྲོ་བའི་དོན་བྱས་འོད་དུ་ཞུ། །སྐད་ཅིག་གིས་ནི་སྐུ་རྫོགས་པ། །ནག་པོ་ཆེན་པོ་ཞལ་གཅིག་ལ། །སྤྱན་གསུམ་ཕྱག་བཞི་འབར་བའི་དབུས། །ཁྲོ་བོ་གར་གྱི་ལུས་ལྡན་པ། །མཐིང་ནག་མདོག་ཅན་དབུ་སྐྲ་སེར། །ཕྱག་གཡས་དང་པོ་ནི་ཐོག་མར་དེའི་སྤྲོ་བསྡུ་འབྱུང་ངོ་། །བེ་ཏ་རྒྱས་པ་རིན་པོ་ཆེ་འབར་བ་མཚོན། དབང་དུ་བྱེད་པས་ཁུར་བའོ། །རྣམ་དག་དང་སྦྱར་ཏེ། ཁྱད་པར་ཐེག་པ་ཆེན་པོའམ། ལམ་ཕྱིན་ཅི་མ་ལོག་པའི་རྟགས་སུ་གསུངས། དྲག་པོ་ཙིཏྟར་གྱུར་པ་བླ་མ་ཙ་མིས་གསུངས་སོ། །ཕྱག་གཡས་ཤིང་གི་འབྲས་བུ་བསྣམས་ས་བྷེ་ས། །གཡོན་པས་ཐོད་པ་བདུད་རྩི་ཡི། །ཁྲག་གིས་བཀང་བ་གསོལ་
བར་མཛད། །རལ་གྲི་འབར་བ་གཡས་འོག་མ། །ཁ་ཊྭཱཾ་གཡོན་གྱི་འོག་མ་ལའོ། །དབུ་ལ་ཐོད་སྐམ་རྡོ་རྗེའི་ཕྲེང་བ་ལྔས་མཚན་པ་ཅན། །རིན་ཆེན་སྤྲོ་བསྡུ་ཅོད་པན་ཅན། །མཆེ་གཙིགས་ཧ་ཧ་ཞེས་སྒྲོགས་པ། །ཀླུ་བརྒྱད་ཀྱིས་བརྒྱན་དོ་ཤལ་བཀླུབས། །རུས་པའི་ཕྲེང་བ་བདུད་ཚོགས་ཀྱི། །སྡེ་དཔོན་བཞི་བཅུ་རྩ་དགུ་དགའ་རབ་དབང་ཕྱུག་དང་ལྔ་བཅུའི་མགོ་བོའི་ཕྲེང་བ་རྒྱུན་ཐག་གིས། སྟག་གི་ཤམ་ཐབས་རབ་འཇིགས་པ། །ཉི་མ་འབུམ་བདག་སྟོབས་ཀྱི་དབང་དུ་གྱུར་པ་ཁབ་ལེན་ལྟར་རོ། །གཟི་བརྗིད་རབ་ཏུ་གསལ་བར་དམིགས། །དེ་ཡི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །ཆུ་ལ་ཆུ་ཐིམ་པ་ལྟར་གཉིས་སུ་མེད་པར་བསྟིམ་པ་ཡང་། །ཡི་གེ་ཛཿཧཱུྃ་བཾ་ཧོཿབཞི་དང་ལྡན་པར་བྱ། །ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་ནས། །སླར་ཡང་ས་བོན་དེ་བཞི་ལས། །འོད་འཕྲོས་སྟེང་གི་ནམ་མཁའ་ལས། །བླ་མ་དང་ནི་སངས་རྒྱས་དང་། །བྱང་སེམས་ལྷ་སྲིན་སྡེ་བརྒྱད་ལྷགས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །མགོན་པོ་ལྷ་མོ་འཁོར་དང་བཅས། །གདོང་ཅན་ཚོགས་དང་ལྷ་མོ་སྒོ་མཚམས་མ་བརྒྱད། །གཏུམ་པོ་མ་རུངས་ལྷ་མོ་ཙན་ཏི་ཀ་དང་ཌཱ་ཀི་བཞི། །ཐམས་ཅད་མགོན་པོའི་གཡས་ཕྱོགས་མདུན་རྒྱབ་གནས། །དེ་དག་ཐམས་ཅད་ཀྱིས་ཕྲིན་ལས་བྱེད་པར་འབར་ཞིང་རབ་ཏུ་གང་བར་
བསམ། །དུར་ཁྲོད་ཀྱིས་ནི་ཡོངས་བསྐོར་བ། །ཞིང་ཁམས་ཚུལ་དུ་བསྟན་པའོ། །ནམ་མཁར་བཞུགས་པའི་སངས་རྒྱས་ཀྱིས། །དབང་བསྐུར་རིགས་ཀྱིས་རྒྱས་གདབ་བྱ། །གསང་སྔགས་ཏིང་འཛིན་ལྡན་པ་དང་། །ས་བོན་དབུས་སུ་འགྱུར་ཕྲེང་བཞི། །འོད་ཟེར་ཁ་དོག་སྣ་ཚོགས་པ་ལྡན་པས་སྤྲོ་དང་བསྡུ། །འཁྱོགས་ལྟར་ལྡིང་ཞིང་འཁོར་བར་འགྱུར། །སྙིང་པོ་གསང་བ་རྟེན་གྱུར་བཟླ། །འཁོར་ཚོགས་རྣམས་ཀྱང་གཤེགས་པའམ། །ཡང་ན་གཙོ་ལ་བསྡུ་བའམ། །དེ་ནས་ཡེ་ཤེས་སེམས་དཔའ་འམ། །དམ་ཚིག་པ་ནི་འོད་དུ་ཞུ། །རང་སར་དག་པ་སྟོང་ཉིད་དུ། །མཚན་མ་མེད་པར་གནས་པའོ། །འདི་ནི་རྩ་བའི་སྒྲུབ་པ་སྟེ། །དམ་ཚིག་མཆོག་ཏུ་བསྟན་པ་ཉིད། །འཁོར་དང་བཅས་པ་མི་གསལ་ན། །དཔའ་བོ་ནག་པོ་ཆེན་པོ་གཅིག་པར་མོས་པར་བྱ། །རང་སྦྱང་བསྒྲུབ་པ་འདི་ལ་གཞན་ལ་མཆོག་ཏུ་ཤིས་པ་གསལ་བར་བྱ། །དཔལ་གྲི་གུག་བརྩེགས་པ་ལས། །རྩ་བའི་མན་ངག་བསྟན་པ་སྟེ་ལེའུ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བསྙེན་པའི་ཐབས་ནི་བཤད་པར་བྱ། །བཅོམ་ལྡན་འདས་ཀྱི་བསྟན་སྲུང་མཆོག །སྙིང་རྗེ་ཆེན་པོ་བསྐྱེད་ནས་ནི། །གདུག་པའི་སེམས་ཅན་བསྒྲལ་བར་བྱ། །ཕུན་སུམ་ཚོགས་གནས་དེ་ཉིད་དུ། །ཕྲིན་ལས་
བཞི་གནས་ད་ལ་བྲི། །སྒོ་དང་རྟ་བབས་མཛེས་བྱས་ལ། །དུར་ཁྲོད་ཚོན་གྱིས་བྲིས་པ་ཡང་། །རྒྱུས་ཆེན་རཀྟས་ཐིག་གདབ་ཅིང་། །བདུད་རྩི་ལྡན་པའི་ཆང་གིས་བྱུག །གནས་བརྒྱད་མཆོད་པ་གཏོར་མ་འབུལ། །ནག་མོ་ཆེན་པོའི་ལྷ་ཚོགས་རྣམས། །དམ་ཚིག་བསྐྱེད་ཅིང་ཡེ་ཤེས་བསྟིམ། །དཀྱིལ་འཁོར་དུར་ཁྲོད་ཡོངས་བསྐོར་བ། །སྤྱན་དྲངས་མཆོད་བསྟོད་གཞུང་བཞིན་བྱ། །ཡང་ན་ཡེ་ཤེས་པ་བཀའ་སྡོད་ལྷ་མོ་གདོང་ཅན་ཚུལ་དུ་འོང་། །ཤིས་པའི་ལྷ་ཡི་ཏིང་འཛིན་གྱིས། །ཕྲེང་བ་གང་གནས་བསྐྱེད་པ་ལ། །ཁྲུས་བྱས་དྲིས་བྱུག་རང་ལག་བརྟེན། །མི་དམིགས་པ་ལ་ཏིང་འཛིན་གྱིས། །བྱིན་རླབས་སྤྲོ་བསྡུ་མཆོད་པ་བྱ། །གསང་སྔགས་བརྒྱ་རྩ་བརྒྱད་པ་བརྗོད་ལ་སྦ་ཞིང་བཅང་བར་བྱ། །དུས་དང་གྲངས་དང་མཚན་མ་ཡི། །བསྙེན་པ་རབ་འབྲིང་གསུམ་དུ་འགྱུར། །སྲོག་གཅོད་སྤངས་པ་ཞི་བ་སྟེ། །མ་བྱིན་ལེན་སྤངས་རྒྱས་པ་སྟེ། །མི་ཚངས་སྤྱོད་སྤངས་དབང་དུ་འགྱུར། །རྫུན་སྨྲ་ལ་སོགས་ཤུགས་མཐུ་ཡིས། །མངོན་དུ་གསལ་བར་བྱེད་པ་ཡིན། །རྩ་བ་འདི་དག་སྦྱོར་བ་ལས། །མ་ཡེངས་མ་འགལ་ལམ་བྱས་ན། །ཆོས་སྐྱོང་ཚོགས་རྣམས་འདུ་བར་བྱེད། །སྐུ་གསུང་ཐུགས་ཀྱི་བསྙེན་པ་ནི། །རྩ་བའི་ཉོན་མོངས་རང་དག་འགྱུར། །གསང་བ་གསུམ་དང་ལྡན་པ་
ཡིས། །སྤང་བྱ་དུ་མའི་གཉེན་པོ་གཅེས། །རང་ལྷར་གསལ། མདུན་དུཆོས་སྐྱོང་། དམ་རྫས་དངོས། ཕོ་བྲང་གཞལ་ཡས་ཁང་། མཆོད་པ་གཏོར་མ། རཀྟ་སྨན་མཆོད། ཉམས་པའི་སྡིག་སྒྲིབ་ཀྱི་གཉེན་པོར། བསོད་ནམས་ཚོགས་ཀྱིས་བཅད་པ་ཡི། །ཁ་ན་མ་ཐོའི་དྲི་མ་དག །ཡེ་ཤེས་ཚོགས་ཀྱི་རང་བཞིན་གྱི། །ཁ་ན་མ་ཐོའི་གཉེན་པོར་གྱུར། །ཐར་པ་ཐོབ་པའི་གཞི་རྟོགས་ཅན། །ཐམས་ཅད་སྐྱེ་མེད་སྤྲོས་དང་བྲལ། །རྩ་བ་མཐོང་བ་རང་སར་དག །བསྙེན་པ་ཆེན་པོར་འགྱུར་བ་ཡིན། །དཔལ་གྲི་གུག་བརྩེགས་པ་ལས། བསྙེན་པའི་རིམ་པ་སྟེ་བརྒྱད་པའོ། །དེ་ནས་གཞན་ཡང་བཤད་བྱ་བ། །ཉེ་བསྙེན་རྗེས་སུ་སྦྱོར་བ་བསྟན། །དུར་ཁྲོད་ས་དང་སྟེགས་བུ་ནི། །འདོམ་གང་མདའ་གང་ཅི་རིགས་སྦྱར། །ནང་ཡངས་ཐོག་ཅན་ཡིན་ཤིས་པའི་གཏེར་ཡང་སྦ། །ནུབ་བྱང་ངམ་ལྷོ་ནུབ་ནས་རྡོ་ནག་བླངས་ལ་རྟེན་དུ་གཟུགས། །གཡབ་དར་ནག་པོ་ལྕེ་ལྔ་ལ། །རྨ་བྱའི་ཆུན་པོས་བརྒྱན་པའི་མདུང་། །ནལ་བུའི་རྒྱལ་མཚན་ཧསྟ་ལག་པ་ནི། །རྩེ་ལྔ་ལག་མཐིལ་དུ་སྔགས་བཅས་གཟུགས་པར་བྱ། །རང་ལྷར་གསལ་བའི་ལྷོ་ཕྱོགས་ལྷ། །རྣལ་འབྱོར་པ་ཡི་མིང་པོ་གཡས་སྲིང་མོ་གཡོན་དུ། །མགོན་པོ་ལྷ་མོ་བསམ་པར་བྱ། །བྷྱོ་ལས་བྱུང་བའི་ལྷ་མོ་ནི། །ཞལ་གཅིག་ཕྱག་བཞི་གྭ་དམར་སྟེང་། །ཙན་དཀྱིལ་གནས་
པའམ་མཐིང་ནག་སྐུ། །རལ་གྲི་ཁ་ཊྭཱཾ་ནེའུ་དང་། །ཐོད་པ་ཤག་ཏི་བསྣམས་པར་མཛད། །དུར་ཁྲོད་ཆས་བརྒྱད་འབར་བར་ལྟ། །ཕྲིན་ལས་ཉེ་བ་ལྷ་མོ་སྟེ། །དམ་ཚིག་དེ་ཕྱིར་མཆོད་གཏོར་བཞེས་འབུལ། །ལས་དང་ནུས་པ་ཉེ་བའི་ཕྱིར། །མཐུན་པའི་དམ་ཚིག་རྟེན་རྣམས་བཅང་། །ཆུ་སྐྱེས་དབུས་ཀྱི་ནང་ན་པདྨ་གནས་རྡོ་རྗེ་ནི། །ས་བོན་འོད་འཕྲོས་མི་བཟད་པ། །ཉི་ཟླ་དྲག་པོའི་སྙིང་པོ་ལས། །རོལ་མཚོ་བདུན་ཕྱོགས་སུ་བཅུར་གྱུར་གནས་པའི། །པདྨ་སྔགས་བཅས་ཕྲེང་བའོ། །གེ་སར་འདབ་མ་ཀླུ་གནས་གཏེར། །སྲོག་ཉིད་ཡེ་ཤེས་བདག་ཉིད་ཅན། །སྙིང་པོ་ཀུན་ཏུ་བསྐུལ་བ་འོ། །ཉེ་བའི་ཉོན་མོངས་དག་པའི་ཚུལ། །ལྷག་མར་གྱུར་པའི་ཉེས་པ་། །ལྷ་ནི་མེ་གསུམ་དང་ཕྱོགས་བཅུར་དག་གི། །ད་ལའི་རང་བཞིན་གྱུར་པ་ཡི། །ལྷ་མོ་ཉི་ཤུ་བདེ་བར་རོལ། །སྤྱོད་པ་གྲོལ་བའི་ངོ་བོར་ཐོབ། །དཔལ་གྲི་གུག་བརྩེགས་པ་ལས། ཉེ་བར་བསྙེན་པའི་ལེའུ་སྟེ་དགུ་པའོ།། །།སྒྲུབ་པའི་རིམ་པ་གསང་བ་ཆེ། །ནག་པོ་ཆེན་པོ་ཞལ་གཅིག་པ། །ཕྱག་གཉིས་པ་ནི་གྲི་གུག་འཛིན། །ཐོད་ཁྲག་གསོལ་མཛད་འཇིགས་པ་ཆེ། །ལེའུ་བཅུ་གཅིག་པའི་སྒྲུབ་ཆེན་ནས་བཤད་པའི་ལྷ་མོ་བརྒྱད། ལེའུ་བཅུ་པའི་ལྷ་མོ་བརྒྱད་དང་བཞི་བསྟན་པས། དཔའ་བོ་གཅིག་པུར་ཆེན་པོ་གསལ་བར་དམིགས། །ཡང་ན་དུར་ཁྲོད་
གཞལ་ཡས་ཁང་། །ད་ལ་ཆེན་པོར་ལྷུན་གྱིས་གྲུབ་པར་གནས་པ་ལ། །དབུས་གནས་དཔའ་བོ་འབར་བ་གྲི་གུག་མ་ཆེ། །ཤར་བྱ་རྒོད་མགོ་ཅན་བྱང་ཁྱུང་གི་མགོ། །ཁྲ་ནུབ་དང་ཕག་ཤར་ལྷོ་དང་འུག་པ་ལྷོར་དང་། །ཁྱི་ལྷོ་ནུབ་དང་ལྕེ་སྤྱང་ནུབ་བྱང་སྟག་བྱང་ཤར་གདོང་རྣམས། །ཤར་དུ་ཡོངས་བསྐོར་ཀ་ལི་མཁའ་འགྲོ་མ། །མ་ཧཱ་ཀཱ་ལི་སེར་ཀ་ར་ལི་དམར། །ཀ་ཀ་ལི་ལྗང་གུ་ཡིས་ཕྱོགས་གནས་པ། །ཤིན་ཏུ་རྣལ་འབྱོར་ཡབ་ཡུམ་སྐུ། །གཏུམ་པ་མོ་དང་འཁྲིག་པ་ཡི། །ཕྱག་བཞི་པ་ནི་བདེ་བའི་སྐུ། །རབ་བསྔགས་འབར་བའི་ཕྲེང་བས་མཛེས། །རབ་འགྱུར་སྙིང་དབུས་མི་ཤིགས་པ། །དེ་ཉིད་སྲོག་གི་འཁོར་ལོ་ཆེ་བསྐོང་བ་དང་བསྐོར། །བུ་ག་ལེང་ཙེ་མུ་ཁྱུད་ལྡན། །དེའི་ཕྱི་རིམ་རྩིབས་ལ་རྐང་པ་བརྒྱ་བརྒྱད་པའི་སྙིང་པོ་ཉིད། །ཕྲེང་སྔགས་ཕྱི་ནང་བསྐོར་བ་བསྐོར་རིམ་པ་སྔགས་རིང་ནི། །ཀླུ་ཡིས་བསྐོར་བཞིན་ལྷག་ལྷ་ཡི་། །བསྟོད་པརྐང་པ་བརྒྱད་པ་འམ་དེའི་ཕྲིན་ལས་འཁོར། །ཡུམ་གྱི་པདྨའི་འཁོར་ལོ་འདབ་མ་བརྒྱད་ལ། །ཟིལ་པ་སྔགས་ཀྱི་རྐ་བ་ཅན་གྱེན་དུ་། །མུ་ཁྱུད་ལྡན་པས་མ་མོ་སྒོ་མཚམས་མ་ནི། །མ་ལུས་སྔགས་ནི་རྟེན་དུ་བཟླ། །ཕྲེང་བ་འཇའ་བཞིན་འོད་གསལ་བའོ། །སྤྲོ་བསྡུ་རང་ལ་བསྟིམ་པའམ། །མདུན་བསྐྱེད་དབང་བྱ་ཚོ་གསུམ་པ། །རང་གནས་ལས་བྱེད་སོ་སོར་ཕོ་མོ་མ་མོ་ནི་ཚུལ། །ཡེ་
ནས་རྡོ་རྗེའི་ལས་ལ་རང་བྱུང་གྲུབ། །བླ་མའི་ལུང་གིས་ཕན་བསྐྱེད་ན། །ཐབས་རོ་མ་དང་ཤེབ་རབ་རྐྱང་མ་གཉིས་མེད་ཀུན་དཱར་སྦྱོར། །ཟུང་འཇུག་ཚིག་དྲུག་པ་བསྣོལ་མར་རང་དབང་གྲུབ། །འདི་ནི་འཇིག་རྟེན་ས་གསུམ་དབང་ཕྱུག །དཔལ་དང་འབྱོར་པ་རྒྱ་ཆེ་ལ། །རྩ་བར་གྱུར་ལས་ཉམས་མི་བྱ། །མ་ཡེངས་བརྩོན་ལས་མྱུར་དུ་འགྲུབ། །འདི་ནི་གསང་བའི་རྒྱས་གདབ་བོ། །དམ་ཚིག་ཡེ་ཤེས་གཉིས་མེད་བསྟིམ། །དུས་སུ་ཐམས་ཅད་རང་ལ་འབྱུང་ཞིང་འཕྲོ། །བྱང་བ་སྟོབས་ལྡན་དཔལ་འགྲུབ་འགྱུར། །དཔལ་གྲི་གུག་བརྩེགས་པ་ལས། སྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། སྒྲུབ་པ་ཆེན་པོའི་ལས་བྱ་བ། །རྣལ་འབྱོར་དབང་ཕྱུག་ལྷར་གསལ་བས། །བྲིས་པའི་དཀྱིལ་འཁོར་བཞེངས་པའི་ཚུལ། །ནག་པོ་གསང་བའི་གཞལ་ཡས་ཁང་། །སུམ་བརྩེགས་གཞལ་ཡས་གྲུ་གསུམ་པ། །ཟླ་གམ་ཐོད་ཕྲེང་འབུར་དུ་འོང་། །བང་རིམ་ཐོད་པའི་མཁར་སྒོ་བཞི། ཐོད་པ་པད་མ་རྡོ་རྗེ་དང་། །མེ་འོད་འབར་བ་འཁོར་ཡུག་ཏུ། །དུར་ཁྲོད་བརྒྱད་ལ་ཕྱོགས་སྐྱོང་བཅུ། །དབུས་སུ་ནག་པོ་ཕྱག་བཞི་པའམ་གཉིས་པ་ཆེན་པོའོ། །ཟླ་གམ་གསུམ་ལ་གདོང་ཅན་གསུམ། །ཕྱི་རིམ་ཟུར་དྲུག་དྷ་ཀི་མ། །ལྷ་ཁྱམས་ཞིང་སྐྱོང་བརྒྱད་ལྡན་པ། །འཁོར་ཡུག་ལྷ་སྲིན་སྡེ་བརྒྱད་དང་། །གྲྭ་བཞི་
ལ་ནི་རྒྱལ་ཆེན་བཞི། །ནང་གི་གྲྭ་བཞིར་ལྷ་མོ་བཞི། །རེ་མ་ཏི་བཞི་མཆོད་སྒོ་བཞིར་རྡོ་རྗེ་གདན་བཞིའི་སྲུང་མ་ཕོ་ཉ་མོ་ལྷ་མོ་བཞི་བཞི་སྟེ། །དབང་ཕྱུག་ལྷ་ཁྱབ་འཇུག་ཆེན་པོ་ནག་པོ་དང་། །གུ་ལང་སེར་པོ་ཚོགས་བདག་དཀར་པོ་དགའ་བྱེད་སྨུག་པོ་དང་། །ཀར་ཏི་ཀ་གདོང་དྲུག་དང་ལྷ་བྷི་ནུ་ལྗང་དང་། །སྒྲ་གཅན་དུད་ཀ་ལ་སོགས་དགོད་པར་བྱ། །རྒྱན་ཐམས་ཅད་དང་ཆ་ལུགས་ཡོངས་རྫོགས་པ། །ད་ལ་ཆེན་པོར་རྣམ་པར་བསམ། །མངོན་སུམ་ལྟར་ནི་དམིགས་ནས་ནི། །བསྐྱེད་བསྟིམ་སྤྱན་དྲངས་མཆོད་པ་འབུལ། །གཏོར་མ་ཞལ་ཟས་སྣ་ཚོགས་པ། །བསྟོད་དང་དགྱེས་བྱེད་འཁོར་ལོ་བསྐོར། །གསང་སྔགས་བཟླ་ཞིང་མ་ཡེངས་པ། །སྤྲོ་བསྡུ་ཏིང་འཛིན་མཆོག་གྱུར་པས། །ཉིན་གསུམ་མཚན་དང་ཐུན་བཞིར་བྱ། །དེས་ནི་འཁོར་བཅས་མྱུར་དུ་འགྲུབ། །གལ་ཏེ་མངོན་སྤྱོད་ལས་བྱེད་ན། །ལིང་གའི་རྫས་དང་བྲི་གཞི་དང་། །དེ་ཡི་ལས་རྣམས་མཐར་བྱེད་པ། །དགུག་དང་ལྷ་དབྱེ་སྒོ་སྦྲགས་དང་། །ཞག་བདུན་བར་དུ་རྫོགས་པ་དང་། །འབྲས་ཕུབ་མེ་ལ་གདུང་བའོ། །མ་རུ་ཀ་ཞེས་བྱ་བའི་བཙུན་མོའི་ཚོགས་ཀྱི་ནང་དུ་རྣལ་འབྱོར་མ་གཅིག་འོངས་ཏེ། དེས་ལུས་གཅེར་བུར་བྱས་ཏེ་གར་བྱས་པས། བཙུན་མོའི་ཚོགས་བུད་མེད་ལྔ་བརྒྱ་ཙམ་འདུས་པ་རྣམས་ཀྱིས། དེ་ལ་ཐམས་ཅད་ཀྱིས་རིགས་ངན་འདིས་ངེད་ལ་བརྙས་པ་བྱས་པས་འདི་དོང་དུ་སྐྱུར་ཟེར་ནས། བརྡུངས་
ཏེ་དོང་དུ་སྦས་པ་ལ། རྣལ་འབྱོར་མས་དཔལ་རྡོ་རྗེ་ནག་པོའི་རྡོ་སྐུ་གཅིག་ཡོད་པ་ལ་གསོལ་བ་བཏབ་པས། རྒྱལ་བཙུན་གྱི་རྨི་ལམ་མཐུན་པར། རྡོ་སྐུ་དེ་བཞེངས་ནས་བྱོན་ཏེ། ངའི་རྣལ་འབྱོར་མ་མི་འདོན་ན། ཁྱོད་ཀྱི་རྒྱལ་ཁམས་མེས་བསྲེག་གོ་ཟེར་ནས་རྡོ་སྐུའི་ཞལ་ནས་མེ་བྱུང་སྟེ། གྲོང་ཁྱེར་ཐམས་ཅད་འཚིག་ལ་ཁད་པ་རྨིས་པས་སྐྲག་སྟེ་སད་པ་དང་། བཙུན་མོའི་ཚང་མང་གི་མེ་མཆེད་དེ་ཅི་བྱས་ཀྱང་མ་ཞིའོ། །དེ་ནས་རྣལ་འབྱོར་མ་དེ་ཕྱུངས་ཏེ་འདུས་པས། དེ་དག་ལ་སྨྲས་པ། ཁྱེད་ཅག་རྒྱལ་པོ་འཁོར་དང་བཅས་པ་ནི། །ནང་པར་འདུད་ཅིང་སངས་རྒྱས་བསྟན་དད་ན། །ཞི་བར་མགོན་པོ་མཆོག་ལ་གསོལ་བ་གདབ། །དེ་ལྟར་ཡིན་ན་རྗེས་སུ་གཟུང་བར་བྱ། །ཞེས་ཟེར་ནས་བྲོས་སོ། །རྒྱལ་པོའི་བཟོད་པར་གསོལ་ནས་གསུང་ཉན་པར་དམ་བཅས་སོ། །དེ་ནས་རྣལ་འབྱོར་མས། མགོན་པོ་ལ་མཆོག་གཏོར་ཕུལ་ནས་གསོལ་བ་བཏབ་པས། མེ་དེ་ཉིད་སླར་ཞི་བར་གྱུར་ཏོ། །དེར་རྒྱལ་པོའི་སྨྲས་པ། རྣལ་འབྱོར་མ་ཁྱོད་མགོན་པོ་མཆོག་གྲུབ་པ། །ཁྱོད་ནི་ནུས་ལྡན་བདག་ཅག་ལམ་ལ་བཀོད། །ཁྱོད་ཀྱིས་དབང་བསྐུར་སླར་ཡང་ཞི་བར་རྗེས་སུ་བཟུང་། །ད་ནི་མ་ཧཱ་ལེགས་མཆོད་བགྱི། །ཞེས་ཟེར་ནས་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ནང་པར་ཆུད་དོ། །དེ་ནས་རྣལ་འབྱོར་མས་རྒྱལ་པོའི་མཆོད་གནས་སུ་ཁས་བླངས་ཏེ་དུར་ཁྲོད་དུ་སོང་ངོ་། །ལས་ཀྱིས་ཚར་ནི་གཅད་པར་བྱ། །ཉིན་ལ་གཙོ་འཁོར་ལས་སྔགས་སྤེལ་ཚིག་ལྡན་པར་ནི། གྲི་གུག་སྤྲོ་བསྡུ་ཙིཏྟ་དཀྲུག །གཙོ་འཁོར་ཐམས་ཅད་དྲིལ་བ་ནི། །མཚན་མོའི་དུས་སུ་ཤིས་པ་ཡིན། །ཐུན་རྡོག་ཉི་ཤུ་རྩ་གཅིག་ཏུ། །ལས་འདིས་རྟགས་ནི་མྱུར་དུ་འབྱུང་། །དཔལ་གྲི་གུག་བརྩེགས་པ་
ལས། སྒྲུབ་པ་ཆེན་པོའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཞི་བའི་ལས་ནི་བསྒྲུབ་པ་ལ། །ལས་ཀྱི་སྤྱད་སྣ་ཚོགས་པའི་དོན་བསྐྱེད་ཚུལ་བྱ་བ་གང་ཤིས་པ། །ཆེད་དུ་བྱ་བ་ལམ་དུ་འཁྱེར། །གཏོར་མའི་བྱ་བ་གསོལ་གདབ་པ། །བྲི་གཞི་གྲོ་གའམ་ནི་ཤིང་ཤུན་ལ། །འཁོར་ལོ་གུར་ཀུམ་བཟང་པོའི་རྩིབས་ཡི་གེ་བཅུ་པ་བཅུ་པའི། །སྔགས་བཀོད་འཁོར་ལོ་གང་ཡིན་པ་དང་ཏིང་འཛིན་གྱིས། །སྤྲོ་བསྡུ་ལས་རྣམས་འགྲུབ་པར་འགྱུར། །སྦྱིན་སྲེག་མེ་ལྷ་ཞི་རྒྱས་དབང་དྲག་ཐམས་ཅད་མཆོད་པ་དང་། །ཐབ་ཀྱི་ཚད་དང་ཁུང་བསྲེག་རྫས་ཡམ་ཤིང་དང་། །འདུག་ཕྱོགས་རང་ཁ་བལྟ་གོས་དང་ཕྲེང་བ་ཤིས་དང་། །སྔགས་དང་སྤེལ་ཚིག་ཕྲིན་ལས་བཅོལ། །གཏོར་མ་མཆོད་པ་གོ་རིམ་བཞིན། །ཀུན་ལ་སྦྱར་བ་ཤེས་པར་བྱ་གང་ཤེས་པའམ་གང་ལ་བྱ་བ། །དཔལ་གྲི་གུག་བརྩེགས་པ་ལས། ཞི་བའི་ཕྲིན་ལས་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྒྱས་པའི་ཕྲིན་ལས་ཀྱི། །གནོད་སྦྱིན་གང་པོ་མཛེས་མ་དག །སྒྲུབ་པ་པོ་ལ་དཔལ་སྟེར་བའི། །གཏོར་མ་ལ་བརྟེན་ནས་གང་ཤིས་བསྐུལ་བ་ཡི། །ཕྱག་གཡས་པའི་འཁོར་ལོ་ནོར་བུ་རིན་ཆེན་གྱིས། །སྐུའི་སྙིང་པོ་རྟེན་འབྲེལ་གསེར་མདོག་ཅན། །དྲིལ་བུ་འཆང་བའོ། །གཏེར་བདུན་སྣ་ཚོགས་བཀྲ་ཤིས་པའི། །ལོངས་སྤྱོད་འབྲུ་
ནོར་ཕུན་སུམ་ཚོགས་པ་འབྱུང་ངོ་། །རྣམ་ཐོས་དཔལ་ལྡན་དེ་ཡང་ནི། །སྒྲུབ་པ་པོ་ལ་བརྩེ་བར་དགོངས། །གནོད་སྦྱིན་ཕོ་མོ་དགུ་དགུ་པོ་ཐམས་ཅད་ཀྱང་། །རྟེན་འབྲེལ་བདག་གི་དངོས་གྲུབ་འདི་འཐོབ་བོ། །དཔལ་གྲི་གུག་བརྩེགས་པ་ལས། རྒྱས་པའི་ཕྲིན་ལས་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་རང་རིན་ཆེན་མཁའ་འགྲོ་ནས་དབང་གི་ཕྲིན་ལས་ཀྱི། །ད་ལའི་ལི་ཁྲིས་མདོག་ལྟར་བྱ། །ཚོང་འདུས་ས་དང་སྨད་འཚོང་མའི། །འདུག་ས་དག་དང་བུད་མེད་དང་། །བསྲེགས་པའི་རུས་ཐལ་མདོག་བསྒྱུར་ཏེ། །མགོན་པོ་ལྷ་མོར་བཅས་པའི་སྐུ། །སིན་དྷུ་མེ་ཏོག་ར་ག་ལྟར་གསལ་བའི། །སྐུ་བྱས་མཆོད་གཏོར་འཁོར་ལོ་ཡང་། །ཁྭ་ཏ་ཀ་ལ་དར་བཏགས་པ་རྟེན་བཅས་རྒྱ་གྲམ་གྱིས། །སྔགས་བྲིས་ལེབ་རྒན་ནང་དུ་དྲིལ། །གང་དུ་པད་མ་པད་མ་འབར་བ་བསྒྲུབ་བྱ་ཚུད་པར་བསྒོམ་ལ་ལ། །གང་མིང་དེ་ལ་ཏིང་འཛིན་སྦྱར། །ཇི་ལྟར་རིགས་ཀྱིས་བསྐུལ་བ་ནི། །སྤེལ་ཚིག་ལྡན་པས་ཁ་བསྒྱུར་བ། །དབང་དང་གདུག་པའི་ལས་མཆོག་འདི་རླུང་གིས་བཏེགས་པར་བསམ། །སྲིད་པ་གསུམ་ན་གནས་པ་དག ། དཔལ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ཀླུ་རྣམས་དབང་བྱས་ཅི་བཞིན་འགྲུབ། །དཔལ་གྲི་གུག་བརྩེགས་པ་ལས། དབང་གི་ཕྲིན་ལས་བསྒྲུབ་པ་སྟེ་ལེའུ་བཅུ་བཞི་པའོ།། །།དེ་ནས་དྲག་པོའི་ཕྲིན་
ལས་ཀྱི། །མགོན་པོ་ཆེན་པོ་དེ་ལ་ནི། །ཤ་ཟའི་མགོན་པོ་བརྒྱད་ཀྱིས་བསྐོར། །ཆུ་སྲིན་ཤར་དྲེད་བྱང་དང་སྦྲུལ་ནུབ་གཟིག་ལྷོ་མགོ། །ལྕེ་སྤྱང་ཤར་ལྷོ་བྱི་ལ་ལྷོ་ནུབ་དོམ་ནུབ་བྱང་དང་ནི། །དུར་བྱའི་བྱང་ཤར་དུ་གདོང་ཅན་དཔུང་དང་བཅས་པ་སོ་སོའི་སྡེ། །གང་དུ་ཞལ་གཅིག་ཕྱག་གཉིས་གྲི་གུག་པ། །བྱ་རོག་གདོང་ཅན་གཙོ་འཁོར་གྱུར་པས་ན། །དེ་ཡི་སྙིང་གནས་པའི་སྙིང་དབུས་སེམས་དཔའ་སུམ་བརྩེགས་དབུས་གསང་བའི་སྐུའི། །རིམ་པ་བསྔགས་པས་ཤེས་པར་བྱ། །ཕོ་བྲང་འཁོར་ལོའི་གྲོང་ཁྱེར་གནས་པ་ནི། །དུར་ཁྲོད་བརྒྱད་ན་གནས་པ་སྟེ། །སྡེ་བརྒྱད་འཁོར་བཅས་ཡོངས་སུ་རོལ། །ཁྱད་པར་གཙོ་བོའི་ལས་བྱེད་པ། །དཀྱིལ་འཁོར་གྱི་ནི་གྲྭ་རྣམས་སུ། །རྒྱན་དང་ཆ་ལུགས་མཐུན་པ་ཡི། །གདོང་ཅན་གསུམ་སྐུ་གསུང་ཐུགས་ཀྱི་ནི་དམིགས་པར་བྱ། །ནག་པོ་བྱ་རོག་གདོང་ཅན་ནི། །སྐུ་ནི་ནག་ལ་རབ་ཏུ་འཚེར་བ་མི་འགྱུར་བས། །པདྨ་དང་ཉི་མའི་སྟེང་དུ་ཞལ་གཅིག་པ། ཕྱག་གཉིས་པ། ཞལ་རབ་ཏུ་གདང་ཞིང་། དག་པ་མཆེ་བ་གཙིགས་ཤིང་། རྔམ་པའི་སྒྲ་སྒྲོགས་པ། དྲག་མོ་བཅུ་གཉིས་གཡས་གྲི་གུག་གདེང་པ། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་ཞལ་དུ་སྟོབ་པ། སྐུ་ལུས་ཐུང་ལ་གེལ་བ། ཡན་ལག་ཐམས་ཅད་རགས་ཤིང་། སོར་མོ་ཐམས་ཅད་བྱ་སྡེར་དུ་རྣོ་བ། ཐོད་
པ་ཡེ་ཤེས་ལྔས་དཔྲལ་བར་བརྒྱན་པ། མི་མགོ་ཁྲག་འཛག་པ་ལྔ་བཅུ་རྒྱུ་མའི་ཕྲེང་བས་བརྒྱུས་པ་རབ་ཏུ་འཕྱང་བ། སྤྱན་གསུམ་རབ་ཏུ་དམར་ཞིང་སྡང་མིག་ཏུ་ལྟ་བ། དབུ་སྐྲ་དམར་སེར་དང་། སྨིན་མ་ཨག་ཚོམ་དམར་བ་གྱེན་དུ་ལངས་པ་ལ་མེ་ལྕེ་འཕྲོ་བ། སྦྲུལ་གདུག་པ་ཅན་གྱིས་བརྒྱན་པ། ཕྱག་རྒྱ་ལྔ་ཡི་རུས་པའི་རྒྱན་གྱིས་མཛེས་པ། སྟག་གི་པགས་པ་རློན་པའི་ཤམ་ཐབས་བཅིངས་པ། མེ་དཔུང་འབར་བའི་ནང་ན་ཤིན་ཏུ་གནས་པར་བལྟའོ། །གསང་སྔགས་འོད་ཟེར་འཁྲུགས་པ་ནི། །སྐར་མདའ་གློག་གི་ཚ་ཚ་འཕྲོ། །གདུག་པ་མ་ལུས་བརླག་པར་བྱེད། །དེ་ལ་ཆོ་ག་རྫོགས་པ་ལ། །སྟོབས་དང་ནུས་པ་བྱིན་བསྐྱེད་དོན། །བསྒྲུབ་པ་ལྟར་འཛིན་བཤམ་པ་སྟེ། །གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ། །འདིས་ནི་ལས་རྣམས་བྱེད་པས་ན། །ལས་ཀྱི་མགོན་པོར་རབ་ཏུ་གྲགས། །ལས་དང་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་དག་གདོང་ཅན་མ་མོ་སྟེ། །ཡེ་ཤེས་མགོན་པོ་སྟོན་པར་འགྱུར། །དཔལ་གྲི་གུག་བརྩེགས་པ་ལས། །ལས་ཀྱི་མགོན་པོའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་གསང་སྔགས་བཤད་པར་བྱ། །རིག་པའི་རྒྱལ་པོ་འདི་ཤེས་བྱ། །བདུན་པ་ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། བརྒྱད་པ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། དགུ་པ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། བཅུ་གཉིས་པ་ཨོཾ་མ་
ཧཱ་ཀཱ་ལ་མི་ལི་ཤ་རི་ནི་ཧུྃ་ཧཱུྃ་ཕཊ། བཅུ་བདུན་པ་ཡུམ་གྱི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛ། བཅོ་ལྔ་ཨོཾ་མ་ཧཱ་ཀཱ་ལ་བཛྲ་ཀ་ཝུ་པ་ཀཱི་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་པ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། བཅུ་གཉིས་པ། ཨོཾ་མ་མ་རུ་ཏི་རེ་མ་ཏི་ཧྲི་ཏྲི་བྷྱོ་ཛ། བཅོ་ལྔ་པ་ཨོཾ་བཛྲ་ཀ་ཝུ་པ་ཀཱི་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧྲི་ཧུཾ་ཀ་ལི་མ་ཧཱ་ཀཱ་ལི་ཙ་མུན་ཏི་ར་ཀ་ཏ། མཾ་ས་ན། ཨ་མུ་ཀ་སླ་སརྦ་ན་ལྡི་སྟཾ་བྷ་ཡ། སྟྃ་བྷ་ཡ་ཧཱུྃ། ཡུམ་གཏུམ་པའི་དབང་ཕྱུག་མ། ཨོཾ་མ་ཧཱ་ཀཱ་ལི་དྷེ་ཝི་གྷྲི་ཧྣ་བྷ་ལིངྟ་ཨ་མུ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ། སྤོ་ཏ་ཡ་སྤོ་ཏ་ཡ། ད་ཧ་ད་ཧ། པ་ཙ་པ་ཙ། ཁཾ་ཧྲིཾ་ཧཱུྃ་ཕཊ། ཕྲེང་སྔགས་ཨོཾ་ཤྲཱི་ཨ་ཏི་ཡ་མ། བྱིན་གྱིས་བརླབ་པའི་སྔགས། ཧ་ཛྙཱ་ན་མ་སརྦ་དུད་ད་མ་ལ་གབ་སྟེ་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཐཱ་སྭཱ་ཧཱ། ཨོཾ་རུ་ཙི་ར་མ་ལིན་པྲ་བྷེ་ཏ་ཡེ་ཧཱུྃ་ཧྲིཾ་ཧྲིཾ། ཧ་ཧ། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་ཧཱུྃ། མ་མ་སྲོག་གི་ཤན་པ་ནི། དགྲ་བགེགས་ཙིཏྟ་ལ་ཡ།ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། དམ་གཏོར་སྔགས་ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་ཛ། མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛ། བཅུ་དྲུག་པ། ཨོཾ་མ་ཧཱ་ཀཱ་ལ་ན་ཐཱ་ཀརྨ་རག་ཤ་ས་མ་ཡ་ཧུྃ་ཧཱུྃ་ཕཊ། བཅུ་བཞི་པ། ཨོཾ་མ་ཧཱ་ཀཱ་ལ་ཙན་དྷ་རག་ཤ་ས་མ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཀརྨ་རག་ཤ་ས་མ་ཡ་མ་མ་ཨེ་ཀ་ཙ་ཏི་རུ་ཏྲི་རེ་མ་ཏི་ཙ་པ་ལ་ཧཱུྃ་བྷྱོ། ནག་པོ་སྟོང་ལྷ་ཚོགས་ཀྲི་ན་རུ་ཊ་ཨ་མུ་
ཀེ་སརྦ་ཤ་ཏྲུྃ་མཱ་ར་ཡ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཡ། གདོང་ཅན་གྱི་དམ་ཚིག་ཨོཾ་མ་ཧཱ་ཀཱ་ལ་ཡ་ནཱ་ཐ་པ་ཁ་ག་ས་མ་ཡ། ཡག་ཤ་རག་ཤ་རུ་ཏྲ་མ་མ་རག་མོ་རུ་ཏི་སྲིན་མོ། ཏྲག་རག་ཤ་ཨེ་ཁ་ཙ་ཏེ་མུ་ཏྲ་ས་མ་ཡ་བྷྱོ། ཨ་མུ་ཀྃ་ཨཱ་ཀརྴ་ཡ་སརྦ་ཤ་ཏྲུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཆྒཻ་མོ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཆྒཻ་མོ་ཨ་ཀརྴ་ཡ་འགུགས་པའི་ཛཿཧཱུྃ་བཾ་ཧོཿ ནྲྀ་ཨངྐུ་ཤ་ཧཱུྃ་ཧཱུྃ་ཕཊ་ཕཊ། མནན་པ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཆྒཻ་མོ་ཅུད་མ་ཏི་བྷ་བཱ་སྟྭཾ་བྷ་ཡ་ནན། ཀུ་རུ་ཧཱུྃ་ཕཊ། སྨྱོར་གཞུག་པ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཆྒཻ་མོ་ཨུད་མ་ཏི་བྷ་བ་ཏི་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཆྒཻ་མོའི་་ཨ་དང་། ཆྒཻ་མོའི་ངག་དང་ལྷ་དང་བཅས་པ་ཨཱ་ཀརྴ་ཡ་ཛ། བསྐྲད་པ་ཨུ་ཙ་ཏ་ཡ་ཧུྃ་ཧཱུྃ་ཕཊ། སྦྱིན་སྲེག་ཨོཾ་མ་ཧཱ་ཀཱ་ལ་ཡ་སརྦ་ཤ་ཏྲུཾ་ཆྒཻ་མོའི་རུ་པ་ད་ཧ་ད་ཧ། པ་ཙ་པ་ཙ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། དྷི་ན་མེ་ཀེ་ན་མཱ་ར་ཡ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། གསད་མནན་ཨོཾ་མ་ཧཱ་ཀཱ་ལ་ཡ་སརྦ་ཤ་ཏྲུཾ། ཆེ་གེ་མོ་ན་ཤ་ཡ་ན་ཤ་ཡ། སྟྭཾ་བྷ་ཡ་སྟྭཾ་བྷ་ཡ། མར་དྷ་ཡ་མར་དྷ་ཡ་ནན་ཧཱུྃ་ཕཊ། བཅུ་དགུ་པ་ཨོཾ་རུ་རུ་རོ་རུ་བི་ཏིཥྚ་བཱ་ཏོ་སི་ཏྲི་ཙ་པ་ལ་ཨ་ཤུག་མེ་བྷྱོ་ཛ། ཞལ་གཅིག་པ་ཨོཾ་བཛྲ་ཀ་ལཾ་ཤ་རུ་ཏི་ཧྲི་ཧྲི་ཛ། ཕྱག་གཉིས་པ་ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ན་ཧཱུྃ་ཕཊ། དྷ་ཀི་བཞིའི་ཨོཾ་ཀ་ལི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་
ཧཱུྃ་ཕཊ། ཨོཾ་ཀྲ་ལི་ཧཱུྃ་ཕཊ། དབྱུག་ཏོ་ཅན་ཨོཾ་ཏྲི་ཤ་ར་ཀ་ར་ལི་རུ་ཏྲི་ཛ། ཟོར་ལྕགས་ཁ་རག་མོ་ཧར་མ་དུན་ཏི་རྦད་ཛ། ཞགས་པ་གཤིན་རྗེ་ས་ན་ག་ཤུ་ལ་ཕུལ། དབྱུག་ཏོ་ཅན། ད་རུ་ཧ་ལ་རྔཾ་རྔཾ། ཤིང་གི་ར་ཙ་ཏྲིག་སྦུར་ཡ་ནན། སྲིན་ཟོར་བ་ རག་ཤ་དྷ་ཤ་གྷི་བ་རྦད། ཁྲོ་བོ་རུ་ཏྲ་ཙ་རི་ནྲྀ་ཛ། བེ་ཅོན་ཡག་ཤ་མ་ར་ན་ཤ་ཏྲུཾ། གིང་ཀླུ་སྤྱིར་ཀ་མ་ལ་ཤ་རི་དུ་ཛ་དྲིལ་བ། ཧྲིང་ཀ་ས་སྨེ། མ་མོ་གཤིན་རྗེ་སྲིན་པོ་གནོད་སྦྱིན།རག་ཤ་མ་ཏ་ཛ། སྡེ་བརྒྱད་ཀྱི་སྔགས་སོ། །ཞི་བའི་སྔགས། ཨོཾ་མ་ཧཱ་ཀཱ་ལ་ཨ་ཡུ་མེ་ཡེ་བུ་བྱ་སརྦ་སིདྡྷི་མ་མ་ཀུ་རུ་ཡེ་སྭཱ་ཧཱ། དྲིལཨོཾ་པུ་ཎུ་ཌ་དི་ཡེ་ཧཱུྃ་ཕཊ། ཨོཾ་བྷི་སྨྲི་ཏུ་དན་ཏེ་ཧཱུྃ་ཕཊ། དྲིལ་ཨོཾ་ས་གྷ་རི་ནི་ཧཱུྃ་ཕཊ། ཨོཾ་མཎ་དྷ་ར་ནི་ཧཱུྃ་ཕཊ། རྒྱས་པའི་ཨོཾ་མ་ཧཱ་ཀཱ་ལ་རཏྣ་བྷ་དྷི་དྷེ་ཕ་ལ་པ་སརྦ་སིདྡྷི་མ་མ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཡཀྵ་པུརྣ་རྦད་ཏྲ་ཡེ་ཧཱུྃ། ཨོཾ་པུ་ཏད་སྟ་ཡ་ཀྵ་ལི་ཡེ་ཧཱུྃ།དབང་གི་ཨོཾ་ཨ་མུ་ཀཾ་མེ་པ་ཤཾ་མ་ན་ཡེ་ཧོ་ཛ། འདི་དག་གསང་བ་ལས་ཀུན་བྱེད། །འགྲུབ་པའི་འབྲས་བུ་སྩོལ་བར་བྱེད། །དཔལ་གྲི་གུག་བརྩེགས་པ་ལས། གསང་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ལས་ཀྱི་རིགས་ཀྱི་འདི་ཉིད་ནི། །སྙིང་པོ་ལྔ་ཡོན་ཏན་ལྡན་པར་བརྗོད། །ཨོཾ་ནི་ཚངས་པའི་དཔལ་སྟེར་བྱེད། །སྔགས་ནི་རྩ་བའི་སྲོག་གནས་པ། །སྲོག་ཆེན་པོ་གཅིག་འབྱུང་། ཨ་ནི་ཀ་ལིའི་ཁོང་ནས་འབྱུང་བ་དང་། །འཇུག་པ་
རྒྱན་གྲོགས་རྐྱེན་གྱིས་བྱིན་པ་བསྒྱུར། །མིང་དང་ཚིག་དང་སྡེ་བཅས་པ་ལ་ཡི་གེའི་ཚོགས། །རབ་ཏུ་འབྱེད་པ་དུ་མར་འགྱུར། །ལུས་ཀྱི་རྩ་བའི་བུ་གར་རབ་གནས་ནས། །གསལ་དང་མི་གསལ་འོད་དང་ལྡན། །སྒྲ་དང་སྒྲ་མིན་གནས་ལས་གྲོལ། །སྲོག་རྩོལ་འགོག་པས་ཐིག་ལེ་ཆ་གསུམ་པོ་དང་། །ས་བོན་འོད་དང་ཆ་བཅས་གསུམ་ཆ་མེད་གསུང་། །ལྷར་བསྐྱེད་དང་གསལ་གནས་པ་དང་དབང་བསྒྱུར་བས། །རང་གཞནཕན་ཚུན་བསྐྱེད་པས་ཞུ་དང་དབབ་ཡབ་ཡུམ་ཐིག་ལེ་དབབ་བཟུང་གྱེན་དུ་བཟློག །བསྟིམ་ཞིང་རྩ་ཡི་གནས་སུ་སྤྲོ་བ་བསྡུ། །དབང་བསྒྱུར་གཉིས་ཐབས་ཤེས་གཉིས་མེད་བསྟིམ། །དུག་གསུམ་རྡུལ་དང་མུན་པ་སྙིང་སྟོབས་དག །རྒྱ་མཚོ་ཆུ་གཏེར་ཆུ་གཏེར་དབང་འདབ་རྒྱས་བཞི་པ། །སྒྲོལ་མ་ཤ་ལྔ་ལྡན་པས་རླུང་ལས་བྱེད། །བདུད་རྩི་དག་བྱེད་འཕེལ་བར་ཡེ་ཤེས་པར་འགྱུར། །སིདྡྷི་དངོས་གྲུབ་ཐོབ་པའི་དུས་སུའོ། །དབང་ཆེན་རོ་དྲུག་ནི་བརྒྱད་དུ་འགྱུར། །གསལ་བའི་གསུམ་པ་ཕྲེང་བའི་མོའི་རི་ཐོག །མེའི་ས་བོན་དྲག་པོའི་མིག །འཁྲུལ་བཟློག་ཡེ་ཤེས་མགོན་པོར་ཤེས་པའོ། །སྙོག་པ་མེད་པས་ཆོས་ཀུན་འབྱུང་ཞིང་ཐིམ་མོ། །ཕུར་པའི་ཀི་ལ་ཡ་ལྷ་ཉིད་གསལ་བྱེད་མ་ལྷ་མོ། །མ་མོ་བརྒྱད་བཀྲ་ཤིས་ཆུ་བོ་སྟེ། །སྣང་བ་སྒྱུ་མར་གྲོལ་ལྷ་དང་རྣལ་འབྱོར་མ་དགྲ་བགེགས་ཕྲིན་ལས་ཐམས་ཅད་སྒྱུ་མ་ལྟ་བུར་གྲོལ་བར་ཤེས་ཨ་ཨ་ཨི་ཨུ་ཏྲ་རི་མེའི་ས་
བོན་དང་། གྲུབ་པའི་ཤིན་ཏུ་ཡང་དག་འགྲུབ་པ་སྒྱུ་མར་གྲོལ། །དཔལ་གྲི་གུག་བརྩེགས་པ་ལས། །ཐུན་མོང་གི་སྔགས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཁྱད་པར་རིམ་པ་ནི། །ཞིང་སྐྱོང་ཛ་ལ་རམ་ཏེ་ཛ་འཁྲུལ་བཅས་སུ་ཤེས་སོ། །བདག་པོ་ཤེས་པར་བྱོས། །མ་གྲུབ་ལྔ་པ་ནི་གནད་དབབ་དུས་སུ་ནི། །གཤིབ་པའི་ལྷ་དང་གསང་བདག་གི། །བྱ་དང་བྱེད་པའི་གང་ལ་སྦྱར། །སྲོག་པོ་ཞིང་ལྤགས་བྲང་ཀ་ཡི། །སྐྱེས་པ་གྲིར་ཤིའི་ཁྲག་གིས་ནི། །བྱ་རོག་སྒྲོ་ཡི་སྨྱུ་གུས་བྲིས། །ཕྱག་ན་རྡོ་རྗེའི་ལྟོ་བར་ཡང་། །མུ་ཁྱུད་དྲུག་ལྡན་བསྐོར་བ་ལ། །བར་དུ་མགོ་བོའི་ལུས་ཆུད་པ། །སྣ་ཚོགས་རྡོ་རྗེའི་ལྟེ་བར་ལྡན་པ་ཡི། །ལྟེ་བར་ས་བོན་ཧཱུྃ་སྔགས་ཀྱིས་བསྐོར། །སྔགས་ཕྲེང་མགོ་ནི་ཕྱིར་བསྟན་དང་། །ནང་ལྟ་བར་མ་གཟེར་ལྡན་པའོ། །བསྐྱེད་བསྟིམ་མཆོད་རྟེན་བཟླས་པར་བསྟིམ། །ཙནྡན་འཁྱིལ་པའི་ལག་རྡོ་རྗེའི་གཟེར། །དེ་ཡིས་ལས་ནི་མྱུར་དུ་བྱེད། །བསྐུལ་བའི་ལྔ་པ་མདོ་འདི་རྒྱས་འཁོར་ལོ་གསེར་དངུལ་གྱིས། །བྲི་བ་མཆོག་ཏུ་ཤིས་པ་ཉིད། །ལྟེ་བར་རྡོ་རྗེ་གྲི་གུག་བཞི། །ཡུམ་པདྨ་མུ་ཁྱུད་ཡབ་འཁོར་ལོ་དྲུག །ཐོད་ཕྲེང་རྡོ་རྗེ་མེ་འོད་བསྐོར། །ཕྱི་ནང་སྔགས་ནི་རིམ་བཞིན་དུ། །འདིས་ནི་མ་གྲུབ་འགྲུབ་པར་འགྱུར། །གཟིར་དུས་བཞི་པ་རྒྱས་པ་འཁོར་ལོ་རོ་རས་
ལ། །དུག་གི་སྨྱུ་གུས་གྲི་གུག་ལྔ། །འདབ་བརྒྱད་སྣ་ཚོགས་རྡོ་རྗེ་གྲྭར། །མུ་ཁྱུད་དྲུག་བཅས་སྔགས་བཀོད་ལ། །ནུས་པ་གསལ་བའི་རྟགས་རྣམས་འཆར། །རང་དབང་མེད་པར་ལས་བྱེད་དོ། །གཙོ་བོ་ལས་མཁན་ཡུམ་བཅས་པ། །ཟིལ་གནོན་འཁོར་ལོ་རྣམ་པ་གསུམ། །སྲོག་གི་སྒྲུབ་པོ་བཤད་པ་འཁོར་ལོ་སྔ་མ་ལ། །ལས་མཁན་ལ་ཡང་རྩིབས་དྲུག་པ། །ཊཱ་ཀི་ནི་སོགས་ལས་སྔགས་ནི། །བྲི་གཞི་གྲོ་གའམ་ནི་ཤིང་ཤུན་ལ། །ཞལ་བཅས་སྣག་ཚ་བྱ་རོག་ཁྲག་གིས་བྲི། །མགོ་ཐུར་དུ་གོང་འོག་བསྣོལ་མ་རིམ་པར་ཡབ་ཡུམ་མེད་པར་སྦྱར། །བཅུད་བོར་ལས་ནི་སྤོབས་པ་ཉིད། །གོ་བཟློག་སྦྱོར་བ་གོ་འཕྲོག་པ། །ཡང་ཏིག་བླ་མ་སྟོབས་མཆོག་དང་། །ཁ་སྦྱར་དབྱེ་བ་ཕྱི་ནང་དང་། །སྐུ་གསུང་ཐུགས་ལས་ཨར་གཏད་པ། །སྒྱུ་འཕྲུལ་དྲ་བའི་བདེ་བ་འོ། །ཕྱི་ནང་གསང་བའི་རྟེན་བཙུགས་ནས། །ལས་རྣམས་གྲུབ་པར་རྒྱན་ཆད་དང་། །རྒྱུན་མིན་རྫས་དང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་དབང་ཕྱུག་ཚུལ། །བསྟེན་ཚུལ་དུ་མར་ངེས་པར་བྱེད། །རྟགས་ནི་དངོས་སུ་ཞལ་མཐོང་དང་། །ཉམས་ཀྱི་མཐོང་སྣང་རྨི་ལམ་འཆར། །འཁྲུལ་དང་གསལ་སྣང་སྣ་ཚོགས་པ། །སྔགས་སྒྲ་རང་འབྱུང་དུང་སྒྲ་དང་། །ལུང་སྟོན་བྱུང་དང་བླ་མ་དང་། །མཆེད་གྲོགས་ཨ་ཙ་ར་དང་ནི། །སྔགས་པ་
གོས་ནག་ཅན་ལ་སོགས། །བུད་མེད་དམག་ཚོགས་ཁྲོམ་འདུས་དང་། །སེང་གེ་རྟ་དང་གླང་པོ་དང་། །ཁྱི་ནག་དོམ་དྲེད་འཕར་སྤྱང་དང་། །ཀང་ཀ་བྱ་ཁྱུང་ཁྭ་ཏ་སོགས། །དུ་མ་འབྱུང་ཞིང་སྤྲུལ་ཚོགས་འཆར། །གར་བྱེད་གླུ་ལེན་སྔགས་བསྟོད་པ། །རྒྱལ་པོ་བློན་པོ་བཙུན་མོ་རྣམས། །དཔུང་བཅས་དམ་ཚིག་ལྡན་པ་འབྱུང་། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །བླ་མ་དམ་པའི་མོས་གུས་ཀྱིས། །ངེས་ཤེས་སྐྱེས་ཚེ་བར་ཆད་ཞི། །རྟོག་པའི་སྒྲིབ་དག་ནུས་པ་ཐོབ། །བླ་མ་མཆོད་ལ་བརྩོན་བྱས་ནས། །མགོན་པོ་ལྕམ་དྲལ་དེ་ཚེ་བསྐྱེད། །ལྷ་རྣམས་ཀྱིས་ཀྱང་སྲུང་བར་བྱེད། །ཚོགས་རྫོགས་བར་ཆད་མེད་པའི་དུས། །བསྙེན་སྒྲུབ་ཚད་དུ་ཕྱིན་པ་ན། །རྒྱུ་འབྲས་མི་བསླུ་ངེས་པའི་དུས། །ཆོས་རྣམས་སེམས་སུ་རྟོགས་པ་ཡིན། །སྣང་བ་སེམས་སུ་འདུས་པའི་དུས། །རྟེན་འབྲེལ་རང་འགྲིག་དག་ཏུ་འོང་། །ཡོན་ཏན་ཁྱད་པར་དུ་མ་འབྱུང་སྣང་། །ལུས་ངག་སེམས་ནི་རབ་ཏུ་ཞི། །ཟོ་མདོག་བདེ་ཞིང་ཉམས་དང་ལྡན། །འབྱུང་པོའི་འཚེ་བ་དག་ལས་གྲོལ། །རྩ་རླུང་ཐིག་ལེ་ལས་སུ་རུང་། །བྱིན་རླབས་རྩལ་འབྱོངས་བར་ཆད་ཞི། །བྱང་ཆུབ་སེམས་ཀྱིས་གཞན་དོན་བྱེད། །ས་ལམ་ཡོན་ཏན་ངེས་པར་འཆར། །བར་མ་དོར་ནི་འཇུག་པའི་ཚེ། །
བར་ཆད་སེལ་ཞིང་ལམ་སྣ་འདྲེན། །ཞིང་ཁམས་དག་པར་སྐྱེལ་བར་བྱེད། །དེ་ཕྱིར་ཆོས་སྐྱོང་ཆེན་པོ་ཡིན། །ལྟ་སྟངས་བསྐྲད་པས་འགྲོ་དོན་འབྱུང་། །གྲུབ་པ་བརྒྱད་སོགས་ལས་ཚོགས་འགྲུབ། །གལ་ཏེ་ལོ་ཟླ་དུ་མར་ནི། །བསྒྲུབས་ཀྱང་ནུས་པ་མ་བྱུང་ན། །ཐུགས་དམ་མ་སྐོང་འགྱངས་པ་ན། །རྩལ་འདོན་ཐབས་ནི་མཆོད་གཏོར་དང་། །བསྐང་བཤགས་དམ་ཚིག་སྡོམ་གནས་པ། །ཏིང་འཛིན་མ་གསལ་བཟླས་པ་ལ། །བར་ཆད་སྔགས་ཀྱི་ཟུར་སྒྲ་ཉམས། །དམ་རྫས་མཐུན་རྐྱེན་མ་ཚོགས་དང་། །མཚམས་ཤོར་ཚོགས་མཆོད་དུས་ལས་འདས། །དྲིན་ཅན་བླ་མ་དམ་པ་ལ། །མོས་གུས་སྲིད་ཞུ་མེད་པའི་ཕྱིར། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །དྲན་པའི་བྱ་ར་དཔང་བཙུགས་ནས། །ཆོས་སྤྱོད་བཅུ་ལ་གནས་པ་གཅེས། །དབང་དང་བྱིན་རླབས་བསྐྱར་བྱ་ཞིང་། །སྔ་མ་ལས་བཟློག་ཡོན་ཏན་འབྱུང་། །དཔལ་གྲི་གུག་བརྩེགས་པ་ལས་མགོན་པོ་ལྕམ་དྲལ་ཉེ་བར་སྦྱར་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཡེ་ཤེས་མགོན་པོ་ས་བཅུ་པའི། །དབང་ཕྱུག་གྲུབ་ཚུལ་ཇི་བཞིན་དུ་། །ལས་མགོན་དུར་ཁྲོད་བདག་པོ་ནི། །འཇིག་རྟེན་གནས་པའི་ས་དྲུག་པ། །ཡབ་ཡུམ་ལྷ་མོ་འཁོར་བཅས་པ། །གཅིག་འགྲུབ་ཐམས་ཅད་དུས་ཅིག་འགྲུབ། །བསྙེན་པ་
ཚེས་གསུམ་བརྒྱད་དང་ནི། །བཅུ་བཞི་ཉེར་གཉིས་ལ་སོགས་པ། །ལས་སྦྱོར་དྲང་སྲོང་ལས་བྱེད་པ། །མགོན་པོ་རྒྱུ་བའི་དུས་ལས་ནི། །སྒྲ་གཅན་གྱི་ནི་ལས་བྱེད་པ། །དེ་དུས་སྦྱོར་བ་བྱེད་པ་ལྷག །ཉིན་མཚན་ཆ་ལ་རབ་ཕྱེ་བས། །གནས་སྐབས་རྟག་དང་སྦྱར་བར་བྱ། །རྣལ་འབྱོར་པ་ལ་གྲུབ་སྟེར་བའི། །ལས་ཀྱི་སྤྱད་བྱ་སྣ་ཚོགས་པའི། །རོ་ལངས་ཀྱི་ནི་ལྕེ་ལྟ་བུ། །གཤིན་རྗེ་ལྕེ་འདྲའི་གྲི་གུག་དང་། །རལ་གྲི་གྲི་གུག་ཕྱག་མཚན་ནི། །སྟོབས་ཆེན་དཔའ་བོའི་འཁོར་ལོ་ཆེ། །ཐམས་ཅད་ཟིལ་གནོན་བཟློག་པའོ། །ཁ་ཊྭཱཾ་ག་ལས་སྐུ་གསུམ་གཏེར། །ཡེ་ཤེས་ཐུགས་རྗེས་ཞི་བ་ཉིད། །ཡང་ན་རྩེ་གསུམ་འཇིགས་བྱེད་པ། །གདུག་པ་ཅན་རྣམས་ཚར་བཅད་པར། །ཡེ་ཤེས་ཐུགས་རྗེས་རྒྱུན་བབས་ནས། །མཆེ་བ་འབྱུང་པོ་ཀུན་ལས་སྲུངས། །ཐོད་པའི་སྣོད་ནི་བཟང་པོ་རུ། །བདུད་རྩིའི་རྫས་ནི་དངོས་གྲུབ་བླང་། །ཁ་སྦྱར་ཏིང་འཛིན་སྤྲོ་བསྡུ་ཡིས། །རིལ་བུ་སྦྱར་བ་མཆོག་ཏུ་གཏེར། །རཱ་ས་ཡ་ན་བཅུད་ཀྱིས་ལེན། །འཆི་མེད་གྲུབ་པའི་རྡོ་རྗེ་ཐོབ། །དུམ་བུ་གཅིག་པ་ཡོན་ཏན་འགྲུབ། །གཉིས་པ་འབྱུང་པོས་གནོད་པ་ཞི། །གསུམ་པ་དངོས་གྲུབ་ས་གསུམ་དབང་། །བཞི་པ་ཕྲིན་ལས་ཕྱོགས་མཐར་ཐུག །ལྔ་པ་རིགས་ལྔ་ལ་སོགས་
འཕེལ། །དྲུག་པ་ཐོད་ནག་མངོན་སྤྱོད་ཤེས། །བདུན་པ་མཚོ་སྟེ་བརྒྱད་པ་ཤིས། །རྩིབས་ལྡན་སྟོབས་ཆེན་དཔུང་ཚོགས་ཅན། །དགུ་པ་དབང་ཕྱུག་ལིང་ཙེ་ཡིན། །ཕོ་མོ་ག་བུར་ལྟེ་བར་ཡང་། །ས་བོན་ལྷ་ལས་འོད་འཕྲོས་པས། །བརྒྱད་འགྱུར་བླ་མེད་དབང་དང་དགུག །ཁྲག་ཏུ་ཞུ་བས་ངེས་པར་འབྱུང་། །མངོན་སྤྱོད་སྦྱོར་བས་གཏོར་མར་བསད། །སྨྱོར་གཞུག་པ་དང་ངག་མནན་དང་། །མནན་པའི་ལས་ཀྱིས་མྱུར་དུ་འགྲུབ། །ཟོར་དུ་འཕངས་པས་བརྡེག་པར་བྱ། །རྣལ་འབྱོར་དམ་ཚིག་བསྐང་བ་དང་། །དངོས་གྲུབ་མྱུར་དུ་བསྐུལ་བ་དང་། །མགོན་པོ་འཁོར་བཅས་དགྱེས་པ་ཡི། །དམ་ཚིག་གཏོར་མས་ཐུགས་དམ་བསྐང་། །དགྲ་ལ་ཆོ་འཕྲུལ་གཏོང་ན་ཡང་། །འདི་བཞིན་བྱས་པས་ལས་རྣམས་འགྲུབ། །སྙིང་ཏིག་སྲོག་ཏིག་ཡང་གསང་ཆེ། །མྱུར་འགྲུབ་སྲོག་གི་ཤན་པའོ། །ལས་མགོན་ཕྱི་ནང་གསང་བའི་བགེགས་དགྲ་ཐུལ། །འཇིགས་པའི་བདུད་བཞི་ཆོམ་པར་འགྱུར། །དེ་ནས་ནག་པོ་ཆེན་པོ་ཡིས། །མཐུ་དང་ནུས་པ་ཕུན་ཚོགས་པའི། །མྱུར་དུ་མངོན་དུ་བྱ་བའི་ཕྱིར། །གསང་བའི་བྱིན་རླབས་རྗེས་གནང་བའི། །བླ་མའི་ཞལ་ལས་ཐོབ་པར་བྱ། །ཤིན་ཏུ་དབེན་པའི་གནས་ཉིད་དུ། །མཆོད་དང་གཏོར་མ་ལེགས་བཤམས་ནས། །མཎྜལ་མེ་ཏོག་བཅས་
ཕུལ་རྗེས། །རྡོ་རྗེ་སློབ་དཔོན་ལྷག་པའི་ལྷར། །མོས་ཚེ་སློབ་མ་མདུན་གནས་པ། །ཏིང་ངེ་འཛིན་པས་གསང་སྔགས་བརྗོད། །གསང་བའི་སྔགས་ཀྱི་ཕྲེང་བ་ནི། །ཟླ་ཉི་དབུས་སུ་ས་བོན་ལ། །བསྟིམ་བྱ་འོད་ཟེར་སྤྲོས་ནས་ཀྱང་། །འཁྱོག་ལྟར་ཕྲེང་བ་ལྡིང་གྱུར་པ། །དེ་ཉིད་རྣམ་པ་གསལ་བ་ལས། །ནུས་པ་གཟི་བརྗིད་མྱུར་བསྐྱེད་པ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཡེ་ཤེས་མེ་ལྕེའི་སྙིང་པོ་ནི། །འོད་གསལ་མཁའ་དབྱིངས་མི་འགྱུར་བ། །ངག་ཏུ་བརྗོད་པའི་བཟླས་པ་ཡང་། །དཔལ་འཛིན་བྱིན་རླབས་དུས་སུ་བྱ། །མེ་ཏོག་ཕྲེང་འཛིན་མཆོག་ཏུ་བྱུང་། །བར་མ་རྒྱ་མཚོ་ཕྱོགས་བཅུ་དག །ཐ་མར་རོལ་མཚོའི་ཁྱད་པར་ཏེ། །སྔགས་པས་དུས་སུ་སྣང་བའི་སྦྱིན། །གཞན་དུ་སྦ་བར་བྱ་བའོ། །ལྟ་བ་སྒོམ་པ་སྤྱོད་པ་དང་། །འབྲས་བུ་དམ་ཚིག་ཕྲིན་ལས་གནད། །ཏིང་འཛིན་དུག་གསུམ་རྣམ་དག་པས། །ཡེ་ཤེས་མགོན་པོ་ཆེན་པོ་ཡང་། །འགྲོ་དོན་སྙིང་རྗེས་བྱེད་པས་ན། །སྒྲོལ་བྱེད་ནག་པོ་ཆེན་པོས་བརྗོད། །དཔལ་གྲི་གུག་བརྩེགས་པ་ལས། སྣ་ཚོགས་ལས་ཀྱི་རོལ་པ་བསྟན་པ་སྟེ་བཅུ་དགུ་པའོ།། །།ཐབས་དང་ཤེས་རབ་མཁའ་གསང་བྱིན་གྱིས་བརླབ། དེ་ནས་སྦྱོར་བའི་གསང་བ་ནི། །ལས་ཀྱི་ཕྱག་རྒྱའི་ཕྱག་རྒྱ་འབྱུང་། །འདོད་པའི་དབང་ཕྱུག་ལྷ་
མོར་བསྐྱེད། །གཟུངས་མ་ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །བདེ་བ་དགྱེས་པ་གསང་བ་ཆེ། །རྡོ་རྗེ་ཆུ་བྱུང་བྱང་སེམས་ནི། །དཔེ་བྱེད་འདོད་ཡོན་ལམ་དུ་བྱེད། །ཆོས་ཀྱི་ཕྱག་རྒྱ་ཡེ་ཤེས་ཆེ། །ཐབས་དང་ཐབས་བྱུང་གཉིས་མེད་སྦྱོར། །ཕྱག་རྒྱ་ཆེན་པོ་དྲི་མ་མེད། །རྟོག་པ་དག་པས་རང་བྱུང་གྲོལ། །དམ་ཚིག་ཕྱག་རྒྱ་མགོན་པོ་དག །རྣལ་འབྱོར་པ་ཡི་དགོངས་པ་བསྒྲུབ། །མི་ཕྱེད་དཔལ་ལྡན་འབྲལ་མི་འགྱུར། །སྐུའི་ཕྱག་རྒྱས་ལུང་བསྟན་བཏབ། །གསུང་གི་ངག་དང་འགྲོ་ལྡོག་ངེས། །སེམས་ཉིད་མི་འགྱུར་ཡེ་ཤེས་ཀྱི། །རྒྱས་གདབ་གསང་བ་བརྗོད་བྲལ་ཉིད། །འདི་ནི་ཕྱག་ན་རྡོ་རྗེ་ཡི། །སྦྱོར་བ་རྨད་བྱུང་དུས་འདིར་བཤད། །དཔལ་གྲི་གུག་བརྩེགས་པ་ལས། སྦྱོར་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཞིང་སྐྱོང་གི་བདག་པོ་ལ་སོགས་པ་ཐམས་ཅད་དགའ་ཞིང་མགུ་ནས་ཡི་རངས་ཏེ། མེ་ཏོག་སྣ་ཚོགས་པའི་ཆར་ཕབ་ཅིང་། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ཚེ་ནག་པོ་ཆེན་པོ་ཡིས། །འདི་སྐད་ཅེས་ནི་གསོལ་བ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ། །ནུས་པ་བསྐྱེད་ཅིང་བསྟན་སྲུང་བསྐོས། །དེ་ཕྱིར་ངང་ལ་དམ་
བསྒྲགས་ལ། །ཨརྫ་ཀ་ཡི་དོག་པ་བཞིན། །མགོ་ནི་འགས་པར་གྱུར་ཀྱང་ནི། །བདག་ཅག་འཁོར་དང་བཅས་པ་ཡིས། །རྡོ་རྗེའི་བཀའ་ལས་འདའ་མི་བྱ། །ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོ། །གསང་འཛིན་བསྟན་པ་དར་བར་གྱིས། །རིན་ཆེན་བླ་མེད་ལམ་བཀོད་གྱིས། །ཞེས་གསོལ་ཏོ། །དེ་ནས་གདོང་ཅན་འཁོར་བཅས་ཀྱིས། །མ་རུངས་གདུལ་དཀའ་འདུལ་བའི་ཚེ། །བདག་ཅག་སྡེ་བརྒྱད་འཁོར་བཅས་ཀྱིས། །སུས་ཀྱང་མ་ཐུལ་གནོད་སྦྱིན་ཚོགས། །ཚར་བཅད་ནས་ནི་བསྒྲལ་བར་བགྱི། །ཞེས་ཀྱང་གསོལ་ཏོ། །དེ་ཚེ་ཞིང་སྐྱོང་ཆེན་པོ་ཡིས། །མ་འོངས་སྙིགས་མའི་དུས་ཀྱི་ཚེ། །བདག་ཅག་སྐལ་ལྡན་གང་ཟག་ལ། །དུར་ཁྲོད་གནས་ནས་སྐུ་བཞེངས་ལ། །ཞིང་སྐྱོང་མ་ལུས་དབང་སྡུད་ཅིང་། །མགོན་པོ་ལྷ་མོའི་ཚོགས་བཅས་རྣམས། །སྒྲུབ་པ་པོ་ལ་དགོངས་མཛོད་ཅིག །རྒྱལ་ཁམས་བདེ་བར་བྱ་བའི་ཕྱིར། །ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །མ་ལུས་དབང་དུ་སྡུད་ཅིང་ལས་མཛོད་ཅིག །དགྲ་བགེགས་ངན་པ་ཚར་བཅད་ཕྱིར། །མངོན་སྤྱོད་ལས་ནི་མཛད་དུ་གསོལ། །ཅེས་བརྗོད་དོ། །དེ་ནས་དཔལ་ནག་པོ་ཆེན་པོ་ལ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་བསྟོད་པ། །
དཔལ་ནག་པོ་ཆེན་པོ་གཏུམ་པའི་ཞལ། སྣང་སྲིད་མ་ལུས་དབང་དུ་སྡུད་མཛད་པ། །རབ་འཇིགས་རྔམ་བྱེད་དྲག་པོ་ཆེན་པོ་ཡིས། །བདུད་དཔུང་མ་ལུས་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་སོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་བསྟོད་པ། རབ་གྱུར་ལྷ་དང་མི་ཡི་འཇིག་རྟེན་ན། །སྲིན་པོའི་གཟུགས་ཀྱིས་ས་གསུམ་ཁྱབ་པའི་སྐུ། །དཔེ་མེད་མཚན་གྱིས་སྤྲས་པའི་རྒྱལ་བ་ཆེ། །སྤྲོས་མེད་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གིས། །འགྱུར་མེད་ཆོས་སྐྱོང་དབྱིངས་ལས་སྐུ་བཞེངས་པ། །ཐུགས་རྗེ་ཆེན་པོའི་ཚད་མེད་སྟོབས་ཀྱིས་ནི། །སྐྱེ་མེད་བྱང་ཆུབ་སེམས་ལས་བྱུང་བའི་ཐུགས། །བདེ་ཆེན་རང་བྱུང་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་མེའི་ཕྲེང་བ་ཅན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་བསྟོད་པ། ཡོན་ཏན་མཐའ་ཡས་འབྱུང་གནས་མགོན་པོ་ནི། །སྒྱུ་མའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །གདུལ་དཀའ་མ་ལུས་འདུལ་ཅིང་དབང་བསྒྱུར་བའི། །དཔལ་ལྡན་བྱ་རོག་ཅན་ལ་ཕྱག་འཚལ་བསྟོད། །ཅེས་པས་ཡང་དག་པར་བསྟོད་དོ། །དེ་ནས་ཞིང་སྐྱོང་གི་རྒྱལ་པོས་ལྷ་མོ་དང་མ་མོ་ལས་མཁན་དུ་མ་བཅས་ལ་བསྟོད་པ། ཁམས་གསུམ་དབང་བསྒྱུར་དཔལ་ལྡན་རེ་མ་ཏི། །མ་ཆགས་ལྷ་མོས་ལོག་འདྲེན་འདུལ་
མཛད་ཅིང་། །སྣ་ཚོགས་རྡོ་རྗེ་ཕྲིན་ལས་རྡོ་རྗེ་ཡི། །ཀུན་སྤྱོད་ལྷ་མོ་འཁོར་བཅས་ཕྱག་འཚལ་བསྟོད། །བསྟན་པ་སྲུང་བའི་ལས་བྱེད་འཇིག་རྟེན་མགོན། །གསོད་བྱེད་རྔམ་བྱེད་སྒྲོལ་བྱེད་ལས་མཛད་པའི། །སྤྲུལ་པའི་བྱ་རོག་མང་པོའི་བར་སྣང་ཁེངས། །བྱ་རོག་གདོང་ཅན་འཁོར་བཅས་ཕྱག་འཚལ་བསྟོད། །ཕྱོགས་བཅུ་ཀུན་ནས་འཁྲིགས་མའི་མ་མགོན་ཚོགས། །འཁོར་བཅས་དཔུང་བཅས་མ་ལུས་ཞིང་འདིར་སྣང་། །མ་རུངས་འདུལ་བའི་དོན་དུ་ཕྱིན་པའི་ཚེ། །རྒྱུད་འདི་འཛིན་པའི་རྣལ་འབྱོར་སྒྲུབ་པ་པོ་། །དེ་དག་ཀུན་ལ་སྲུང་བ་ཆེར་བགྱིད་ལ། །ཡིད་འོང་དངོས་གྲུབ་མཆོག་སྩོལ་གྲུབ་པར་མཛོད། །ཅེས་ཡང་དག་པར་བསྟོད་དོ། །དཔལ་ནག་པོ་ཆེན་པོ་གྲི་གུག་བརྩེགས་པའི་རྒྱུད་ལས། ཡང་དག་པར་བསྟོད་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དཔལ་ཕྱག་ན་རྡོ་རྗེའི་དབང་བསྐུར་བའི་རྒྱུད། རྡོ་རྗེ་ཆེན་པོའི་བདུད་ཐམས་ཅད་འཇོམས་པ། ཐུགས་རྗེ་ཆེན་པོ་རབ་ཏུ་བྱུང་བའི་རྣམ་པར་འཕྲུལ་པའི་གནས། གསང་བའི་ཕྲིན་ལས་ཀྱི་རྟོག་པ། རང་བྱུང་གི་སྐུ་བསྟན་པའི་ཆོས་དཔལ་ནཱ་ལེནྡྲའི་བསྟན་སྲུང་རྫོགས་སོ།། །།པཎྜི་ཏ་ཆེན་པོ་སྭཱ་མ་ན་ཐཱའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པའོ། །ཨྀཐི། དགེའོ།། །།
གསོད་བྱེད་དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མ་བསད་པའི་རྒྱུད།
༄༅། །གསོད་བྱེད་དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མ་བསད་པའི་རྒྱུད་ཅེས་བྱ་བ་བཞུགས་སོ། །
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཁའ་འགྲོ་མ་བི་མ་ལ་དེ་ཕྱི་ལ་ཞུས་སོ། །སློབ་དཔོན་ཙ་མི་སངས་རྒྱས་གྲགས་པས་ཚངས་པ་ཀླུ་འདུལ་གྱི་ལྷ་ཁང་ནང་ནས་གཏེར་ནས་ཕྱུང་བ་ཡིན་ནོ། །ཡུམ་གྱི་རྒྱུད་འདི་སུ་ལ་ཡང་མ་སྤེལ་ཅིག །གསང་བ་གནད་ཆེའོ། །རྒྱ་གར་སྐད་དུ། མ་ར་ཀ་ཀཾ་ལཱི་ཧ་ལ་ཀར་པཱ་ཏི་གྷུ་ཧྱ་ཏན་ཏྲ་ནཱ་མ། བོད་སྐད་དུ། གསོད་བྱེད་དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མ་བསད་པའི་རྒྱུད་ཅེས་བྱ་བ། དཔལ་འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། གནས་བསྟན་པ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ན། མི་རོ་སྐམ་རློན་བརྩེགས་པའི་མཁར་ཆེན་པོ་ལ། ཏི་རའི་དུང་ཕྱམ་བཏང་བ། ཁྲག་ཆེན་དང་ཚིལ་ཆེན་གྱི་འདམ་བྱུགས་པ། ཞིང་ལྤགས་ཀྱི་ཐོག་ལ་རྒྱུ་མའི་རྒྱུད་བྱས་པ། ཞིང་ཆུང་གི་བ་དན། མགོ་བོའི་དྲྭ་ཕྱེད་དང་རྟ་རོའི་མཆོང་བྱས་པ། ཕྱོགས་
བཞི་ན་འདབ་ཆགས་སྣ་ཚོགས་ལྡིང་བ། སྟེང་ན་གནམ་ལྕགས་ཀྱི་འབྲུག་ལྡིར་བ། སྤྲིན་དང་ན་བུན་འཇིགས་པའི་མུན་ནག་འཐིབ་པ། ཤིང་སྣ་ཚོགས་དང་རོ་གསར་རྙིང་གིས་གང་བ། ཧ་ཧ་དང་ཧི་ཧི་ཡི་སྒྲ་སྒྲོགས་པ། ཤིན་ཏུ་འཇིགས་ཤིང་འདར་བའི་གནས། སྟོན་པ་བསྟན་པ་དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀ་ལ། འཁོར་བསྟན་པ་འཁོར་ནི་མཁའ་འགྲོ་མ་དང་། མ་མོ་དང་། བདུད་དང་། གཤིན་རྗེ་དང་། གནོད་སྦྱིན་དང་། སྲིན་པོ་དང་། རོ་ལངས་དང་། འབྱུང་པོ་དང་། སྲོག་བདག་དང་། གཟའ་བདུད་དང་། བགེགས་རྣམས་ཀྱིས་བསྐོར་ནས་བཞུགས་སོ། །དུས་བསྟན་པ་དེའི་ཚེ་དེའི་དུས་ན་ཡབ་གནོད་སྦྱིན་ནག་པོ་དུང་གི་མཆུ་ཅན་དང་། ཡུམ་ཀླུ་བདུད་ནག་མོ་ཁྲག་གི་རལ་པ་ཅན་གཉིས། ཡབ་ཞེ་སྡང་གི་མེ་འབར་བ་དང་། ཡུམ་
འདོད་ཆགས་ཀྱི་ཆུ་ཁོལ་བ་གཉིས། འདོད་ཆགས་རང་གར་སྤྱད་པས། ཞག་གསུམ་གྱི་ནང་པར་འདོད་ཆགས་དང་ཞེ་སྡང་འཁྲིགས་པའི་འབྲས་བུ་ལ། གདུལ་བྱ་བསྟན་པ་དུག་གི་སྒོང་ང་ནག་པོ་དུག་རླངས་སྤྲིན་ལྟར་འཁྲིགས་པ་གཅིག་དང་། ཁྲག་གི་སྒོང་ང་ལྷོག་ནད་འོད་ཟེར་དུ་འཕྲོ་བ་གཅིག་སྐྱེས་སོ། །དེའི་ཚེ་དཔལ་འཇིགས་བྱེད་ཧེ་རུ་ཀ་ཡི་སྐུ་གསུང་ཐུགས་ཀྱི་གར་ཆེན་པོ་དགུས་གནོད་སྦྱིན་བཞི་ཕ་མ་གཉིས་ཡིན་གསུངས། ཕོ་མོ་གཉིས་པོ་ཟིལ་གྱིས་མནན་ཏེ། ཕྱག་མཚན་གསེར་གྱི་རྡོ་རྗེ་རྩེ་དགུ་པ་དེས་དུག་དང་ཁྲག་གི་སྒོང་ང་གཉིས་བཅག་པའི་ནང་ནས། དོན་ལ་བྱ་རོག་གདོང་ཅན་དུག་གི་མི་རེང་ནག་པོ་ལ་བྱའི་མཆུ་ཡོད་པ། ཁ་ནས་ནད་བཅུག་པས་སྲིད་པ་གསུམ་ཉལ་ཐག་གཅོད་པ། ཉིན་གྱི་ལས་སུ་ཕོ་བརྒྱའི་སྲོག་ཟ་བ། མཚན་གྱི་ལས་སུ་མོ་བརྒྱའི་སྙིང་ཁྲག་འཐུང་བ། ལུས་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྟགས་ཚང་བ་ཞིག་བྱུང་ངོ་། །ཁྲག་གི་སྒོང་ང་བཅག་པའི་ནང་ནས་བུད་མེད་དོན་ལ་ཡུམ་རྩ་འཇིབས་མ་དམར་མོ་ཁྲག་གི་མིག་ཅན་ཁ་ནས་དུག་དང་ནད་ཀྱི་ཆར་པ་འབེབས་པ། ཉིན་མཚན་སྐྱེས་པ་དང་བུད་མེད་ཀྱི་སྲོག་ལ་ཟ་བ། སྐྱེ་འགྲོ་ཐམས་ཅད་རླག་པར་བྱེད་པ་ཞིག་བྱུང་ངོ་། །འདུལ་ཐབས་བསྟན་པ་དེའི་ཚེ་དཔལ་འཇིགས་བྱེད་ཆེན་པོ་ཧེ་རུ་ཀས་གད་
རྒྱངས་བཅུ་གཉིས་སྒྲོགས་པས། བདུད་ཀྱི་གནས་ཐམས་ཅད་བཅོམ་ནས་བདུད་ཀྱི་གནས་ཐམས་ཅད་འགུལ་ཞིང་ལྡེག་པ་ལས། བདུད་ཀྱི་སྤྲུལ་པ་གཉིས་བོག་ཅིང་བརྒྱལ་ནས་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་སླར་དྲན་པ་རྙེད་པ་དང་ཕྱོགས་བཅུར་བལྟ་ཞིང་ཕྱག་འཚལ་ཏེ། དཔལ་ཆེན་པོ་བདག་ཅག་དབུགས་དབྱུང་དུ་གསོལ། བདག་ཅག་གཉིས་ཀྱིས་ད་ལྟ་བདེ་མཆོག་གི་ཞབས་འོག་གི་དེ་གཉིས་ཡིན་གསུངས། ལུས་འདི་དཔའ་བོ་ཆེན་པོའི་གདན་དུ་འབུལ་བ་ལགས་སོ། །ཞེས་ཁས་བླངས་སོ། །དེའི་ཚེ་དཔལ་ཆེན་པོའི་དབང་བསྐུར་ནས་ཕོ་ཡི་ལག་ཏུ་གྲི་གུག་དང་མོ་ཡི་ལག་ཏུ་རལ་གྲི་གཏད། ཁར་བདུད་རྩི་བླུད་ནས་དམ་ཚིག་འདས་ན་སྙིང་ཁྲག་འཛག་པར་ཁས་བླངས་ཏེ། ཧེ་རུ་ཀའི་བདེ་མཆོག་གི་བཀའ་སྲུང་དུ་བསྟན་པ་སྲུང་བར་དམ་བཅས་ནས། གསང་བའི་མཚན་བྱ་རོག་གདོང་འདི་རང་ཡིན་གསུངས་ཅན་དུ་གཏགས་སོ། །ལས་ཀྱི་གསང་བའི་མཚན་མ་མོའི་མིང་དམར་མོ་རྩ་འཇིབས་ཁྲག་འཐུང་རྐང་ལྡག་མར་བཏགས་སོ། །གསང་བའི་མཚན་ནི་གནོད་སྦྱིན་ལྕམ་དྲལ་དུ་བཏགས་སོ། །ང་།རྩ་འཇིབས་མའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཞུ་བ་པོ་བསྟན་པ་དེ་ནས་མ་མོ་ནག་མོ་གསེར་གྱི་མིག་ཅན་གྱིས། དཔལ་ཧེ་རུ་ཀ་ལ་འདི་སྐད་ཅེས་ཞུས་
སོ། །དཔལ་ལྡན་འཇིགས་བྱེད་ཧེ་རུ་ཀ །དཔའ་བོ་འཇིགས་པའི་གར་སྟབས་ཅན། །འགྲོ་ལ་ཕན་པའི་ཐུགས་རྗེ་ཡིས། །གདུག་པ་ཐམས་ཅད་ཁྱོད་ཀྱིས་བསྒྲལ། །སྙིང་རྗེའི་ཐུགས་ཀྱིས་བཟུང་སླད་དུ། །མཁའ་འགྲོ་འདི་ཡི་རྒྱུད་ཀྱི་དོན། །བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ། །ཞེས་ཞུས་པས། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་མ་མོ་མཁའ་འགྲོ་དང་། །ལྷ་སྲིན་འཇིགས་པས་རྒྱུད་འདི་ཉོན། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱི་བསྟན་པ་ལ། །ལོག་ལྟ་ཅན་གྱི་གང་ཟག་བསྒྲལ་བའི་ཞིང་བཅུ་དང་། །བསྟན་པ་བསྣུབ་པའི་གང་ཟག་ཕྱི་རོལ་མུ་སྟེགས་པ་རྣམས། །ངན་སྔགས་འདི་ཡི་དགོས་པ་བསྟན་པ་ནི་བསླབ་པར་བྱ། །ཉོན་ཅིག་ལྷ་མོ་རབ་འཇིགས་མ། །དེ་ཡི་སྒྲུབ་པའི་རིམ་པ་ལ། །ཕྱི་ནང་གསང་བ་སྙིང་སྒྲུབ་དང་། །སྔགས་དང་རྟེན་ཐབས་ལས་མཐའ་དང་། །གནད་དང་སྤོགས་དང་འཁོར་ལོ་དང་། །བཀའ་དང་བཟློག་པ་བཅིང་བ་དང་། །ཆོ་འཕྲུལ་སེར་བ་སྦྱིན་སྲེག་དང་། །གཏོར་མ་དང་ནི་རྟགས་ཀྱི་རིམ་པའོ། །བཅོ་ལྔའི་གོ་རིམ་ཇི་བཞིན་བསྟེན། །རྒྱུད་ཀྱི་ལུང་བསྟན་གནད་འདི་ཉིད། །ཐུན་མོང་གི་ཕྱི་ནང་གསང་གསུམ་དང་པོ་ཕྱི་ནང་གསང་གསུམ་དང་། །ལས་མཐའ་གང་གིས་བསྒྲུབ་ཀྱང་ནི། །སྒྲུབ་པའི་ཟླ་བ་ར་བ་བཞི། །འདོན་པའི་ཟླ་བ་ཐ་ཆུང་
ལ། །གཟའ་ཕུར་བུ་སྐར་རྒྱལ་ཚེས་གྲངས་གནད་ལ་གཏད། །མ་མོ་ཡི་གནས་གནས་ནི་རབ་འཇིགས་དུར་ཁྲོད་དུ། །ལྷ་དང་སྲིན་པོ་ཡི་གནས་སུ་ལྷ་སྲིན་དྲག་པོ་གནས་པ་དང་། །ལུང་གསུམ་བདུད་ཀྱི་ལྷ་དང་མདོ་དང་རི་གསུམ་རྩེ། །བྲག་བཙན་དང་ཆུ་འཐབས་རྒྱལ་པོ་ཤིང་གཅིག་དྲུང་། །ཐུན་མོང་དུ་མི་དང་ཁྱི་སྐད་མི་གྲགས་པ། །གཡའ་རི་གངས་རི་དབེན་ཞིང་བཙན་པ་རྣམས་སུ་ནི། །བསྒྲུབ་པ་ལ་དགོས་པའི་འབྱོར་པའི་ཡོ་བྱད་ཚང་བར་བསག །ལྷ་འདྲེ་རྣམས་ལ་མ་ཉེས་དཔང་གཟུགས་གསེར་ཕུད་བཏང་། །ཚྭ་ཚྭ་གཏོར་མ་བཀའ་ཡང་བསྒྲག །ཕྱི་བཤག་གཞུང་དང་མཐུན་པའི་ལུང་མཚམས་བཅད་རྒྱལ་པོ་ཆེན་པོ་བཞི་ཡི་ཐོ་ཡང་བརྩིགས། །ཞེས་གསུངས་སོ། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། རྒྱུད་ཀྱི་ལུགས་དང་ཐུན་མོང་བཅའ་གཞིའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཇིགས་བྱེད་ཧེ་རུ་ཀས་བཀའ་སྩལ་པ། ལྷ་མོ་ཕྱི་ལྟར་སྒྲུབ་པ་ན། །གཡུལ་གྱི་ཕུང་ས་བསད་པ་ཡི་རོ་སྦས་པ། །ལྷ་ཁང་འདྲེ་ཅན་གྲོག་ཕུག་ཏུ། །དཔའ་བོ་གཡུལ་དུ་བསད་པ་ནི། །གྲི་རུས་ཁྲག་དང་དུག་ཆུས་སྦྲུས། །བསད་པའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་པ། །ཁྲུ་ཚད་གང་སོར་བཞི་བརྩིགས་པར་བྱ། །རོ་སོལ་དུག་ཁྲག་ཕྱི་ནང་བྱུག །ཁ་ལ་མེ་རི་དམར་ནག་བྲི། །རལ་གྲི་གཙང་གིས་མཐའ་
མ་བསྐོར། །མར་མེ་གཏོར་མ་ཟུར་༣དང་ལོགས།༣།སྐྱེར་མདའ་དམར་པོ་དུག་ཁྲག་ཅན། །འུག་པའི་སྒྲོ་ཅན་ཕྱོགས་བཞི་རེ་རེ་གཟུགས་པར་བྱ། །དགྲ་ཡི་ལིང་ག་རྐང་རྗེས་དང་དྲི་ཆུ་ལ་ཟག་བཅས་ལ། །དགྲའི་མིང་གིས་མཚན་པ་བྲིས་ལ་ནི། །ལིང་ག་དེ་ལ་དུག་ཁྲག་དག་གིས་བྱུགས་པ་ནི། །ཁྲག་སྣ་དགུ་དང་དུག་སྣ་དགུ། །ནག་པོའི་འབྲུ་དང་རྡོ་ནག་ཕྱེ། །ལྕགས་ཕྱེ་དུག་གི་ཕྱེ་མས་བྲབ། །བོད་རྦད་བསད་པའི་དྲག་སྔགས་ནི། །རང་ཉིད་བདེ་མཆོག་འཁོར་ལོ་ཧེ་རུ་ཀར་བྱས་ལ། །དེའི་མདུན་དུ་ལྷ་མོ་དཀར་མོ་ནི། །ཞལ་གཅིག་ཕྱག་བཞི་ཁྲོ་མོ་འཇིགས་པའི་གཟུགས། །རལ་གྲི་འོག་མ་ན་མདུང་དང་ཞགས་གཡོན་དང་པོ་སྙིང་འཛིན། །གླང་ཆེན་ཀོ་རློན་གོས་སུ་གོན། །ཐོད་པའི་ཕྲེང་བས་དབུ་རྒྱན་ཅན། །རོ་ལངས་ཕོ་མོ་ཕོ་ནག་པོ་བཞི། མོ་ནག་མོ་བཞི། བརྒྱད་ཀྱིས་བསྐོར། །འཇིག་རྟེན་མཁའ་འགྲོ་མཐུ་མོ་ཆེ། །དྲག་པོ་སྔགས་ཀྱིས་ཉིན་ལན་གསུམ། མཚན་ལན་གསུམ་དུས་དྲུག་གཟེར། །དུས་བོད་རྦད་བསད་གསུམ་རེ་རེ་ལ་ཐུན་མོང་དུ་ཟླ་གསུམ་དུས་ཀྱི་ནང་དག་ཏུ། །སྐྱེ་བོ་ཐ་མལ་པ་གསོད་པའི་རིམ་པ། གང་ལ་དམིགས་པ་མེད་པར་འགྱུར། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། ལྷ་མོ་ཕྱི་ལྟར་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཧེ་རུ་ཀ་ཡིས་ནི། །ནང་སྒྲུབ་ཡང་དག་བཤད་པར་བྱ། །བོན་པོ་
བསད་པ་ཡི་ཕོ་ཐོད། རབས་ཆད་མོ་ཐོད་ཐོད་ནག་ནང་དུ་ནི། །གཅོད་པ་སྤུ་གྲིའི་འཁོར་ལོ་འབར་ཐོད་པ་གཉིས་ལ་རེ་རེ་ཡོད། །བག་ཟན་སྤྲ་ཚིལ་དགྲ་ཡི་གཟུགས། །རྐང་རྗེས་དགྲ་བོ་དེ་ཡི་ཟག་པ་དང་བཅས་པ། །མིང་རུས་བླ་དང་བཅས་པ་གཞུག །ཁྱི་མོ་དམར་མོའི་རྒྱལ་མཚན་ལ། །ཁ་རུ་དགྲ་བོའི་གཟུགས་བཅུག་ལ། །དཀྱིལ་འཁོར་ཁ་དགྲ་ལ་བསྟན་ནུབ་ཏུ་གཟུགས་པར་བྱ། །དཀྱིལ་འཁོར་པ་ནི་གོང་མ་ལས། །དུག་ཁྲག་མཚལ་གྱིས་དམར་པོར་བྱ། །ཁྲོ་ཞལ་ཅན་ཟངས་ཕུར་དམར་པོ་ཁྲུ་གང་ལ། །སྟོད་དུ་ལྷ་མོ་དང་ཡེ་ཤེས་མགོན་པོ་ཡི་་བོད་རྦད་སྔགས་ཀྱིས་བསྐོར། །སྨད་དུ་ལྷ་མོ་དང་གསད་སྔགས་དུག་དང་ཁྲག་གིས་བྲི། །དར་ཕུར་པ་ལ་དམར་ཅོད་པན་བཏགས་བྱས་ལ། །དགྲ་བོ་ཡི་ལིང་གའི་སྟེང་དུ་བཙུགས་ལ་བཞག །གཞན་ཡང་རྩང་མདའ་ཕུར་བུ་དམར་པོས་ཀྱང་། །བསད་ཁུང་ཐ་མ་བསྐོར་བར་བྱ། །རབས་ཆད་ནག་མོའི་བྷན་དྷ་རུ། །གྲི་སྙིང་ལོགས་གསུམ་དུ་བཅུག་པའི་གཏོར་མ་གསུམ། །ཟུར་གསུམ་དུ་ཚིལ་ཆེན་མར་མེ་གསུམ་ཡང་བལྟམ། །སྣོལ་གྲི་ཁ་མེད་ཐོད་པ་རུ། །༡བཙན་དུག་༢ཐར་ནུ་༣ཐང་ཕྲོམ་དང་། །༡སྤྱང་ཚེར་༢ར་དུག་༣བོང་ང་ནག །༡མི་༢ཁྱི་༣ར་ཡི་ཁྲག་དང་ནི། །གྲི་བོ་གྲི་མོའི་སྙིང་ཕྱེ་བླུག །ཐུན་དྲག་ཕ་ལ་སྔགས་རྒོད་བཟླ། །ཞིང་ལྤགས་ཁ་བཅད་
བལ་ཚོན་སྣ་ལྔས་གཡོགས། །རང་ཉིད་བདེ་མཆོག་ཧེ་རུ་ཀར་བྱས་ལ། །གདུག་པའི་སེམས་ཀྱིས་རང་གི་མདུན་དུ་ནི། །དམར་མོ་འཇིགས་བྱེད་ཁྲག་འཐུང་མ། །དམར་མོ་ཞལ་གཅིག་ཕྱག་བཞི་མ། །ཕྱག་གཡས་འོག་གིས་རལ་གྲི་ཁ་ཊྭཱཾ་འཛིན། །གཡོན་པས་དགྲའི་མགོ་བཅད་དང་པོའོ། །གཉིས་པ་ན་ཐོད་རློན་མདའ་གཞུ་བཟུང་། །སྨད་དུ་མི་ལྤགས་གཡང་བཞི་སྟག་ཤམ་ཅན། །རུས་པའི་རྒྱན་དང་ཁྲག་གིས་བྱུག །འཁོར་དུ་རོ་ལངས་ཕོ་ཉ་མོ་གསུམ་དམར་མོ་དྲུག །ལག་ན་དབྱུག་པ་དགྲ་བོ་ཡི་མི་སྙིང་ཟ། །གཅེར་བུ་མཚན་མ་རིང་བ་སྟེ། །ཤིན་ཏུ་འཇིགས་པས་བསྐོར་བའོ། །ཟླ་བ་གཉིས་ཀྱི་ནང་རོལ་དུ། །བོན་པོ་ལྟ་བུ་ལ་བྱེད་ན་གདུག་པའི་དགྲ་བོ་བརླག་པར་བྱེད། །ལྷ་མོ་དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས་ནང་བསྒྲུབ་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དྲག་པོ་སྔགས་པ་གསད་པ་འཇིགས་བྱེད་ཀྱི། །གསང་བའི་སྒྲུབ་པ་ཡང་དག་བཤད། །དཀྱིལ་འཁོར་གྲུ་གསུམ་འབར་བ་ལ། །ཕྱི་ནང་གཉིས་ཀ་ནག་པོར་བྱུག །ནང་དུ་གྲི་ཐོད་ནག་པོ་འདི་རབས་ཆད་ནག་པོ་མིས་བསད་པ་ཡིན་གསུངས་རུ། །གསོད་པའི་ལིང་ག་མང་པོ་གཞུག །སྟེང་དུ་མཆོད་རྟེན་ནག་པོ་བརྩིགས། །བུམ་པའི་སྟེང་དུ་བྱ་ནག་དང་། །ཁྱི་མོ་ནག་མོའི་རྒྱལ་མཚན་གསུམ་གསུམ་དེ་སྔར་བཞིན་ཕྱར། །གཏོར་མ་མར་མེ་རྒྱུན་
དུ་བཏང་། །རོལ་གྲི་ནག་མོའི་ཐོད་པ་རུ། །འབྲུ་ནག་ཟན་ལ་དགྲ་ཡི་གཟུགས། །མིང་རུས་སྙིང་ཁར་བཅུན་པའི་གཟུགས་ཀྱི་ཕ་མ་བཅས་པ་མཐེབ་ཀྱུས་བསྐོར། །ཤ་ཆེན་ཁྲག་དང་ཚིལ་གྱིས་བརྒྱན། །དར་ནག་རཀྟས་བརྒྱན་པ་ནི། །འཛིན་གཏོར་བརྟེན་ཞིང་མཆོད་པར་བྱ་བའི་རྫས། །རྒྱུན་མཆོད་གཏོར་མའི་ནང་དུ་ཡང་། །ལིང་ག་གཏོར་མ་དེ་ལ་ལིང་ག་རེ་མིང་རུས་བཅས་པ་གཞུག ། དགྲ་ཡི་ཤ་དང་ཁྲག་བསམས་ལ། །ནམ་གྱི་ཐོ་རངས་རྒྱུན་དུ་བཏང་། །ཐོད་པའི་རྔ་དང་རྐང་གླིང་འབུད། །རང་ཉིད་མི་ལྤགས་གཡང་གཞི་གོས་སུ་གྱོན། །སྤྱི་བོར་སྐྲ་བཅིང་ཕོ་གདོང་ཁྲག་གིས་བྱུག ། རང་ཉིད་བདེ་མཆོག་ཧེ་རུ་ཀར་བྱས་ལ། །དྲག་པོའི་སྔགས་ནི་དུས་དྲུག་ཏུ། །མ་ཡེངས་ཐུན་གྱིས་བྲབ་པར་བྱ། །༡ཏིལ་ནག་༢ཟི་ར་ནག་པོ་དང་། །༣ཉུངས་ནག་༤སྲན་མ་ནག་པོ་དང་། །༥ཕག་དང་༦རབས་ཆད་ནག་པོའི་ཁྲག །༧བསོ་ཤིང་བྱང་པ་ནག་པོ་དང་། །༨ཉ་དུག་༩སྤྱང་དུག་༡༠ལང་ཐེ་རྩེ། །༡༡ཀེ་ཚེ་༡༢ཤང་ཚེ་༡༣ཁྲག་ཐུན་གྱིས། །དགྲ་བོའི་གཟུགས་ཕུང་བརླག་པར་བྱ། །མདུན་དུ་ལྷ་མོ་ནག་མོ་ནི། །ཞལ་གཅིག་མ་ལ་ཕྱག་བཞི་མ། །གཡས་པས་རལ་གྲི་ཕུར་པ་འཛིན། །གཡོན་པ་བ་དན་དར་ནག་ཕྱར། །ཆིབས་སུ་དྲིལ་ནག་རྐང་གསུམ་བཅིབས། །མི་ལྤགས་གཡང་གཞི་
གོས་སུ་གྱོན། །རོ་ལངས་མཁའ་འགྲོ་འབུམ་གྱིས་བསྐོར། །ཤིན་ཏུ་འཇིགས་པ་བསམ་ལ་ནི། །སྔགས་པ་དེས་ཟླ་བ་གཅིག་གིས་ཐེ་ཚོམ་མེད། །ལིང་རོ་སྦྱིན་སྲེག་ཐལ་བ་ལ། །དགྲ་བོས་གཟུགས་བྱས་ཕག་ཐོད་གཞུག །རབས་ཆད་ནག་པོའི་ཕུར་པ་ཁྱི་ཡི་རྐང་གིས་བརྡུངས། །ཆུ་མིག་ཀླུ་གདོལ་པ་གནས་པ་བྱང་བལྟས་མདུན་དུ་ནི། །རོ་གཡམ་རང་འཐག་འཆིག་ཡིན་གསུངས་རང་གིས་མནན། །སྟེང་དུ་བྲོ་བརྡུངས་ཐར་བ་མེད་པར་བསམ། །ཞག་གཅིག་ཙམ་གྱིས་འགྲུབ་པ་ལ། །གཞན་དུ་ཐར་བར་ག་ལ་འགྱུར། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། གསང་སྒྲུབ་ཀྱི་ལེའུ་སྟེ་ལྔ་པའོ།། །།བན་དེས་བསད་པ་དེ་ནས་འཇིགས་བྱེད་འབར་བ་ཡི། །ཡང་གསང་ཐུགས་ཀྱི་སྙིང་སྒྲུབ་ནི། །དེ་ནས་ཡང་དག་བཤད་པར་བྱ། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་ལ། །དབུས་སུ་གྲུ་གསུམ་ཟླ་གམ་ཅན། །གྲུ་གསུམ་དུག་དང་ཁྲག་གིས་བྱུག །ཟླ་གམ་དམར་ལ་ཟླུམ་པོ་དཀར། །གྲུ་བཞི་ཕྱོགས་ཚོན་རྣམ་པར་མཛེས། །རྟ་ནག་དྲེལ་གྱི་ལག་པ་དང་། །ཁྱི་མོ་ནག་མོའི་སོག་པ་ལ། །པུས་མོ་གཉིས་ལ་འབྲི་མི་དགོས་གསུངས་རྩ་བའི་སྔགས་བྲིས་འོག་ཏུ་གཞུག །འབྲུ་སྣ་ཤུགས་འགྲོ་མ་ཁྲག་སྣ་མཁའ་འགྲོ་མ་མཆོད་པ་ཡིན་པ་ཤ་རྐང་དང་། །བདུད་རྩི་ལྔ་ཡི་གཏོར་མ་ཡང་། །མ་མོ་རྣམས་ཐོད་པར་བླུག་ལ་
ཕྱོགས་བཞིར་བཞག །མགོན་པོ་རྣམས་ཚིལ་ཆེན་མར་མེ་ཤ་ཡི་གསུར། །རྐང་མར་ཕྲ་མེན་མ་ཞག་དང་ནང་ཁྲོལ་རྣམས། །སྨན་དང་ཆང་གིས་བྲན་པ་རྣམས། །ལ་ཕུག་ལ་དུ་འབྲས་དང་ནི། །སྒོག་ཙོང་བུ་རམ་ཀ་ར་དང་། །རྒུན་འབྲུམ་སྦྲང་རྩི་སྔགས་རྣམས་ཀུན། །མཆོད་པའི་རྫས་སུ་བཞག་པར་བྱ། །མི་བསད་ཕྱག་མཚན་མཚོན་ལ་བྱས་པ་ཡི། །ལྕགས་ཀྱི་ཁ་ཊྭཱཾ་རྩེ་གསུམ་པ། །གྲི་ཐོད་སྙིང་གིས་བརྒྱན་པ་ནི། །དཀྱིལ་འཁོར་དབུས་བཙུགས་རྟེན་དུ་དམིགས། །བརྟེན་རྫས་རྟ་གཡག་ལུག་ཕོ་བྱ་ནག་དང་། །ཁྱི་ནག་རབས་ཆད་ཕོ་མོ་དང་། །གྲི་རྒོད་མདའ་དར་སྨྱུག་རྒོད་བཅས། །རྒྱལ་མཚན་དར་གྱིས་སྙིང་དཀྲིས་ལ། །རྟག་ཏུ་མཆོད་པའི་བདུད་རྩི་ལ། །ཧྲཱི་ཧ་ཧ་དང་གུ་ཎ་ཧྲི་གཉིས་སྟོང་ཚོ་རེ་བསྙེན་པའི་སྔགས་ཀྱིས་བཏབ་པ་བཞག །གྲི་ཐོད་ཕོ་མོའི་བར་དུ་ནི། །གཅོད་པའི་འཁོར་ལོ་སྤུ་གྲི་གཞུག །དགྲ་བོའི་ཟག་པ་ལས་བྱས་པའི། །དགྲ་གཟུགས་མཛུབ་གང་སྙིང་ཁར་ནི། །མིང་རུས་ལིང་ག་གཞུག་པར་བྱ། །མདུན་དུ་ཐོད་ཆེན་ནང་དུ་ནི། །དུག་ཁྲག་འབྲུ་ནག་བསགས་བྱས་ལ། །དྲག་པོའི་སྔགས་ནི་བདུན་སྟོང་གིས། །དུས་བཞིར་མ་ཡེངས་བྲབ་པར་བྱ། །རང་ཉིད་བདེ་མཆོག་ཧེ་རུ་ཀ་ཡི་གཟུགས་ཀྱིས་ནི། །ལྷ་མོ་ལས་ལ་གཞུག་པ་ནི། །ཙནྟྲི་ཀ་ཡང་ཟེར་སྐུ་མདོག་ནག་མོ་
ཆར་སྤྲིན་འདྲ། །ཞལ་གཅིག་ཕྱག་དྲུག་འཇིགས་པའི་གཟུགས། །གཡས་པ་གསུམ་ན་རལ་གྲི་ཕུར་བུ་ཞགས་པ་གཡས། །གཡོན་པ་གསུམ་ན་ཐོད་སྙིང་ཁ་ཊྭཱཾ་མདའ་གཞུ་གཡོན། །མི་རོ་བསྣོལ་བའི་གདན་ལ་བཞུགས། །མི་ལྤགས་གཡང་བཞི་རུས་པའི་རྒྱན། །ཐོད་ཕྲེང་དབུ་རྒྱན་སྦྲུལ་གྱིས་སྤྲས། །ཤིན་ཏུ་འཇིགས་པའི་ལྷ་མོ་ལ། །མ་མོ་བརྒྱད་ཀྱིས་བསྐོར་བ་ནི། །སྟག་དང་སེང་གེ་དྲེད་དང་དོམ། །ལྕེ་སྤྱང་འབྲུག་དང་གཟིག་གི་གདོང་། །ཕག་རྒོད་དང་ནི་ཁྱི་ཡི་གདོང་། །ཐམས་ཅད་སྐུ་མདོག་ནག་མོ་ལ། །ཕྱག་བཞི་ཐམས་ཅད་སྤུ་གྲི་དང་། །སྙིང་དང་ཁ་ཊྭཱཾ་ཐོད་པ་དང་། །མདའ་གཞུ་གཡས་གཡོན་ཕྱག་ན་བསྣམས། །མི་ལྤགས་གཡང་གཞི་གོས་སུ་གྱོན། །ཤིན་ཏུ་འཇིགས་བྱེད་མ་རྣམས་བསྒོམ། །སྦྱོར་བ་འདིས་ནི་གང་སྦྱར་ན། །ཚངས་པའི་ཚེ་ཡང་འཇིགས་པར་འགྱུར། །གཞན་བན་དེ་བཙུན་པ་ནི་རྣམས་ཞེས་བྱ་སྨོས་ཅི་གོས། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། ཡང་གསང་སྙིང་བསྒྲུབ་ཙནྜི་་ཀའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཧེ་རུ་ཀ་ཡི་ནི། །གསང་སྔགས་ཡང་དག་རབ་བཤད་བྱ། །ཨོཾ་མ་ཧཱ་ཀཱ་ལ་དེ་བི་གྷི་ན་བ་ལིང་་ཨ་མུ་ཀཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཤ་ཏྲུཾ་ཙིཏྟ་མཱ་ར་ཡ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། སྤོ་ཏ་ཡ་སྤོ་ཏ་
ཡ། ཁཾ་ཧྲཱི་ཧཱུྃ་ཕཊ། བསྙེན་པ་རྩ་བའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལི་དེ་བི་གྷྲྀ་ན་མ་ར་ན་དུན་ཙེ་ཏྲི་གར་ཤི་ན་ལིང་རག་མོ་ཀ་ལི་སྲོག་ཙི་ཆུམ་རག་ཤ་ཙིཏྟ་སྲོག་ལ་དུང་དུང་བྷྱོ། ཨོཾ་མ་ཧཱ་ཀཱ་ལི་དེ་བི་གྷྲྀ་ན་མ་མ་རུ་ཏྲ་རག་ཤ་མ་ཡ་བྷྱོ། མ་མ་རག་མོ་གུར་བ་ནི་ལ་རྒྱུག་བྲེང་ཐུཾ་རིལ་རྦད། ཀཱ་ལི་ཡ་ཏི་བྷ་བ་ཀུ་ས་ཡ་ཏི་ཙ་ཏི་ལ་མྱོགས་སྙིང་ཁྲག་ཤོམ་ལོ་སྲོག་རྩ་ཆུབ་རྦད། ཀ་ལི་འབབ་ཧབ་ཧུབ། དུག་ཏྲི་ཛ་ཚོ་སུ་ཀི་ར་ཚ་སརྦ་ཤ་ཏྲུཾ་རྩ་རྒྱུད་ལ་རྦད་རྦད་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལི་དེ་བི་གྷྲྀ་ན་མ་ར་དེ་བ་པར་པ་ཏཾ་རཀྵ་ཀ་ལ་སྲོག་ཆོད། རུ་ཏི་ནག་མོ་སྲོག་ལ་ཤད་ཤད་གཟེར། ཁ་དྷར་མ་སྙིང་རྩ་ལ་ཤད་རྦད། ཁ་དམ་ཛ་ལིང་དུ་མ་ལིང་ཛ་ཙ་རྒྱུད་ཆུམ་རྦད་གོ་རོ་ཙ་ན་ལུས་ལ་ཏྲཾ་རྦུད། ཤོམ་ལེ་ནི་མ་ཡ་རྦད་སོད། མཱ་ར་ནི་ཧཱུྃ་ཡག་ཏྲི་རཀ་ཤ་སྲོག་ལ་ཛ། རུ་ལིང་ཆྒཻ་མོ་ནྲྀ་ཨཱ་ཀར་ཤ་ཡ་དྲོངས། ཨ་ཀར་སུ་གྲི་པ་ལ་ནྲྀ་ཏྲི་ཚལ་པ་ཤག་ཕྱེ། ཨ་མུ་ཀཾ་ཙིཏྟ་རཀྵ་ཐུན་ཁྲག་གཟེར་བྷྱོ། ཧ་ར་ནག་མོ་མ་ར་ཡ་མྱོགས། རྩ་ཐང་རྦུད་མུས་ནྲྀ་ཆུཾ། ཀླད་ཁྲག་འཁོར་ཁྲག་རྒབ་རྩ་ཆོད། རྩ་སྲོག་ཙིཏྟ་བདུན་རྒྱུད་ཆོད། ཀཾ་ཁ་ལ་རྩ་སྲོག་ལ་མྱལ་ཏི་རྨུགས། ཙཀྲ་ཨ་མ་དེ་ཀུན་སྒྲི་རྦད། ཐུན་ཆར་སིལ་ཧ་ར་རྟུལ་སྲན་བཏུབས། མེ་ཏྲི་ཙག་ཏྲ་མེ་ཁ་དྷ་ལ་སད། ཨེ་མ་ར་ཙ་ཐུན། རག་མོ་
དགྲ་སྲོག་ཙིཏྟ་ལ་ཡ། ཧ་ར་ཏྲག་ཤུ་རུ་པ་ལ་རཾ་ཐུལ་སྲོག །སརྦ་ཤ་ཏྲུཾ་རག་ཤ་ཡག་ཤོཾ་སྤུ་གྲི་ཡཾ། ན་ག་ཙ་ཧ་ར་ཏྲག་ཤུ་རུཾ་ཆུཾ་ར་ཙ་མྱོལ་ཁ་དུལ་ཙ་ཤུ་མེ་ལ་སྲོག་ལ་མྱོག་ཐིབས། ཨ་ཀྲོ་འབར་བ་ཤ་ཏྲུཾ་སརྦ་ཙིཏྟ་ལ་རྦད། ལཾ་སྟཾ་ཧཱུྃ་ཐུམས་ཟུང་ཆིངས་བིང་དང་ཚལ་པ་ཁད་ཀ་ནན། ཨོཾ་མ་ཧཱ་ཀཱ་ལི་དེ་བི་གུ་ན་ཡག་ནི་མ་ར་ཡ་ཆུཾ་ལྡན་རྩེར་བླ་སྲོག་ལ་མ་ཡཾ། དུར་བྱེད་མུ་ག་ཆོམ་ཕོག ཙ་དུར་སྙིང་ལ་ཐུན། དུ་མ་འོང་ཕོར་ཆྒཻ་ཛཿ ཧཱུྃ་བཾ་ཏྲི་མ། ཨོཾ་མ་ཧཱ་ཀཱ་ལི་དེ་བི་གུ་ན་ཏྲི་རག་ན་ཤ་མ་ར་ཏུ་ཆུཾ། བླ་སྒྲིམ་ཤཾ་ལོ་ཙིཏྟ་ཟུང་ཁུག་དྲིལ་པྲི་དུ་སྲོག་ལ་ཛ། ཙ་ལ་རྩལ་པ་ཁེར་ཁས་ཆིངས་སྡོམས་ནན། གྷི་བི་དྷི་ལི་ཀ་ཧ་མ་ཨོཾ་ར་མ་དུ་ཏྲཾ་རག་ཤ་ནི་ཧཱུྃ་ཨ་མོ་ལིང་ག་ཙན་ཏི་ལི་ཁས་རུ་ཏྲ་སྲོག་ལོང་ཀ་ལ་མེ་ཀ་ལ་རྦད། ཐ་དུ་དྲག་ལམ་ནན། ཏྲི་རཾ་མ་ཁམ་ནི་ཡམ་བྷྱོ། ཨོཾ་མ་ཧཱ་ཀཱ་ལི་ཙིཏྟ་མུ་ལེ་དཀྲུགས་ཏྲཾ་ཕྲཾ་ན་ག་རག་ཤ་ར་ཙ་ཤ་དུན་ཨེ་ཡཾ་རཾ་པར་ཁ་ལཾ་དཀྲུགས་ཛ་ལ་འབར་བ་ཕོབ། ག་ཏོག་རྒྱོབ་ཏུལ་ཤར་བྷྱོ། ཧ་མེ་རུ་ཐུན་མུ་ཏྲི་ཛ་ཡ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་དེ་བི་གུ་ན་ཕུར་ཟོར་ཙ་ཚུམ་བྱད་ཀ་སོད་ཚལ་ཚལ་མ་ཧཱ་རུ་ཏྲ་བྷྱོ། བན་ཏྲ་ཉམས་པའི་སྙིང་ལ་ནན། ཨོཾ་མ་ཧཱ་ཀཱ་ལི་རྩ་ཏྲི་སྨྲ་ཤི་ཡ་མ་ས་ཏེ་རྒྱུག་བྲེང་བྷྱོ། ནི་ཤ་ཀུ་རུ་ཀུམ་རྦད། མྱགས་རྦད། མྱོགས་རྦད། ཧཱུྃ་རི་ལི་ལི་རྦད། སད་སད་སད། ཡཾ་
ཡཾ་ཡཾ། སརྦ་ཤ་ཏྲུཾ་སྙིང་ཁ་ལ་རག་འདུལ་ཡང་། སྙིང་ལ་རུ་ཏྲ་ཡ། ཨོཾ་མ་ཧཱ་ཀཱ་ལི་དེ་བི་གུ་ན་རྦད་ཡ་རྦད་ཡ། སྙིང་རྦད་ཡ་སྙིང་ལ་རེ་མ་ཏི་བུམ་ཤཾ་རི་མ་མ་བྷྱོ། ཙིཏྟ་སྙིང་ལ་བྷྱོ། ཁྲག་མ་མ་བྷྱོ། ཨོཾ་མ་ཧཱ་ཀཱ་ལི་སརྦ་ཤ་ཏྲུཾ་ཙིཏྟ་ཤ་ལ་ཀྱིང་ཀྱིང་བྲག་ཐལ་ཤཾ་ཡ་ཡ། མ་རི་ཡ་མ་སྙིང་རི་ཡ་མ། ཨོཾ་མ་ཧཱ་ཀཱ་ལི་དེ་བི་གུ་ན། ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི། རཀྴཏ་ཁཾ་ནྲྀ་རྦད་ཤོ་བྷ་ཀྲ་ཀྵ་པ་ར་བ་ལིང་སརྦ་ཤ་ཏྲུཾ་སྟཾ་བྷ་ཡ་ཧུྃ་ཧཱུྃ་ཕཊ། རྣལ་ཕོབ་ཅིག་རྣལ་ཕོབ་ཅིག་ར་ར་ཀ་ཏ་ཀ་ཏེ་བླ་སྙིང་སྤྲུག་ཅིག །ཏི་རི་ཏི་རི་ཏི་རི་པ་པར་ཤིག །ས་ར་ས་ར་བྷྱོ་ཤིག་ཡ་ཏེ་ཡེད་དེ། དགྲ་ཤ་མཆོང་གི་ཞི་ཞི་ཟོ་ཟོ། གསང་བ་སྔགས་ཀྱི་ཐིམ་ཡིག་ནི། །སྡེ་ཚན་རྣམས་ཀྱི་གོ་རིམ་ལ། །རང་རང་ཁོང་དུ་སྦས་པའི་མིང་། །ཀ་ཁ་ལ་སོགས་བོད་ཡིག་ཡི་གེ་རྣམས་ཀྱི་གོ་རིམ་གྱིས། །མགོན་པོ་ལྷ་མོ་ཕོ་མོ་རྣམས་ཀྱི་རིགས་མཐུན་རོ་ལངས་ནི། །ཧེ་རུ་ཀ་ཡི་ཞལ་ལ་དྲིས། །དེས་ནི་བྲིས་ན་མཐུ་རྩལ་ཐོགས་པ་མེད། །དམར་མོ་ལྷ་མོ་རྩ་འཇིབས་ཨ་ཡི་གསང་བའི་གནད། །རྩ་སྔགས་སྙིང་པོ་དང་ཉེ་བའི་སྙིང་པོ་བདུན་པོ་གྲངས་སོང་ནས། །སྤྱི་བསྙེན་འབུམ་ཚོ་བདུན་སོང་ནས། །དེ་ནས་ལས་རྣམས་གང་བྱས་འགྲུབ། །ཅེས་གསུངས་སོ། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། སྔགས་བསྟན་པའི་ལེའུ་སྟེ་
བདུན་པའོ།། །།དེ་ནས་དེ་ཉིད་ཧེ་རུ་ཀས། །བསྟེན་ཐབས་ཡང་དག་བཀའ་བསྩལ་པ། །ཕྱི་ནང་གསང་བ་རྣམ་གསུམ་གྱི། །བསྟེན་པའི་ཐབས་ནི་འདི་ལྟ་སྟེ། །ཕྱི་རྟེན་དུར་ཁྲོད་རོ་རས་ལ། །ལྷ་མོའི་སྐུ་བྲིས་རབ་གནས་བྱ་བ་དང་། །ཟངས་ཀྱི་ཕུར་བུ་ཁྲོ་ཞལ་ཅན། །མི་ཐོད་ཕྲེང་བ་བརྒྱ་དང་བཅུ། །ཐོད་པ་གཡང་གཞི་མཆོག་ཕུར་དང་། །རལ་གྲི་མདའ་གཞུ་ཁ་ཊྭཱཾ་བསྣམས། །ལྷ་མོའི་སྐུ་སྐུ་ཆགས་པ་དང་ཕྱི་ཡི་རྟེན། །སྨན་ཕུད་ལ་དུ་དགུ་སྦྱོར་དང་། །དབང་པོ་ནང་ཁྲོལ་ཆང་ཕུད་དང་། །རཀྟའི་སྙིང་ཕྱེ་ཁྲག་སྣ་དང་། །གསེར་གྱི་རྩ་སྔགས་འཁོར་ལོ་ནི། །ནང་དང་གསུང་གི་རྟེན་རྫས་གསུང་ཆགས་པ་ཡིན། །ནག་མོའི་སྙིང་གསུམ་སྨན་གྱིས་བསྐང་། །སྲོག་གི་འཁོར་ལོ་དྲིལ་བྱས་ནས། །དར་ཟབ་ཁུག་མར་བཅུག་པ་ནི། །མཁའ་འགྲོ་གསང་བ་ཐུགས་ཀྱི་རྟེན། །ནག་ཁྱི་མོ་བྱ་མོ་ལུག་མོ་མོ་རྣོན་གྲི་མོ་བདུན་གྱི་ཟླ་མཚན་དང་། །ཁ་ཊྭཱཾ་རབས་ཆད་ཐོད་པ་བསྣམས། །རྣོལ་གྲི་མོ་ཡི་སྙིང་ལྕེ་ཞིང་། །རྟ་ནག་དྲེའུ་ཁྱི་ནག་ལག་མིག་དང་། །ནག་མོའི་སོག་པ་ཡུགས་སའི་ཁྲག །ཤ་ཁྲག་དུག་གི་སྦྱར་ཆུ་བོང་བུ་རྔ་མོང་བ་མེན་ཁྲག་དང་། །འགྲུབ་ཅིང་གནད་ཀྱི་རྟེན་རྫས་ཡིན། །ཞེས་གསུངས་སོ། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། བརྟེན་པ་བླ་རྡོའི་ལེའུ་སྟེ་བརྒྱད་
པའོ།། །།དེ་ནས་ཧེ་རུ་ཀ་ཡི་ནི། །མཁའ་འགྲོ་མ་ཡི་ལས་མཐའ་བཤད། །བསྲུང་དང་གསོལ་བའི་འདུལ་བ་དང་། །མནན་དང་བསྐྲད་དང་ནོར་བསྒྲུབ་དང་། །དགུག་དང་རེངས་དང་སྨྱོར་གཞུག་ལས། །དེ་ནི་ཡང་དག་བཤད་བྱ་བ། །སྲུང་བར་འདོད་པ་བསམས་པས་ནི། །བགེགས་དང་གནོད་པ་ཀླུ་དང་ནི། །སེར་བ་ཤ་ཆང་གང་བསྲུང་ཡང་། །ཡུངས་ཀར་ཕུར་པ་ཐལ་རོ་བསྲེགས་པའི་ཐལ་བ་ཆེན་ལ། །སྔགས་རྩ་བའི་སྔགས་ཡིན་གསུངས་བཟླས་གང་བསྲུངས་སྦྱར་བ་ནི། །བསྲུངས་པ་ཉིད་དུ་འགྱུར་བའོ། །གསོ་བ་སྲིའུ་མཛེ་དང་ནད་པ་ལ། །རིན་ཆེན་བུམ་པའི་ནང་དུ་ནི། །ཆུ་དང་འོ་མས་བྲན་ནས་ཀྱང་། །རྩ་སྔགས་བཟླས་ཏེ་ཁྲུས་བྱའོ། །དེས་ནི་ཕན་པ་ཉིད་དུ་འགྱུར། །དགྲ་བོ་འདུལ་བ་སྨྱོན་པ་བགེགས་དང་མི་རྒོད་འདུལ། །དྲག་པོའི་ཐུན་ནི་དགུ་གསུམ་ལ། །མཁའ་འགྲོ་མའི་སྔགས་བཟླས་ཏེ། །གང་ཡིན་འདུལ་བར་བྱ་བ་དེ་ལ་ཐུན་གྱིས་བརྡེག །ཆད་དང་མནའ་ལ་མནན་འགན་གཟེར། །དེས་ནི་ཐུལ་བར་འགྱུར་བའོ། །མནན་ལིང་ག་བྲིས་པ་པ་དགྲ་བགེགས་བྱུར་སྲི་གསུམ། །ལྕེ་སྤྱང་དར་མ་ཡི་ཐོད་པར་གཟུགས་བཅུག་ལ། །ཞག་བདུན་ལྷ་མོའི་རྩ་བའི་སྔགས་ཀྱིས་གཟེར། །ཡུགས་ས་མོའི་མཁར་ནག་དོམ་ལྤགས་དྲིལ་བྱས་ལ། །ཆུ་མིག་ལྷ་ཁང་ལམ་མདོ་དེར། །
གཏོར་ཚོགས་བྲག་དང་ཆུ་འཐབས་པར། །གྲུ་གསུམ་བྲུས་ལ་ལས་ལྔས་དཀར་སེར་དམར་སྔོ་ལྗང་མནན། །ཁ་ནི་རང་འཐག་རྡོ་ཡིས་མནན་རང་འཐག་ཡིན་གསུངས་སྐད། །དེས་ནི་དགྲ་རྣམས་མ་ལུས་པ། །བསྐལ་པའི་བར་དུ་མནན་པར་འགྱུར། །བསྐྲད་པ་དགྲ་དང་ཟ་འདྲེ་དང་། །བགེགས་ཀྱི་རྒྱལ་པོ་བསྐྲད་པ་ནི། །དགྲ་ལིང་ག་བགེགས་རུ་ཤ་སོ་བཅུའི་ཁྲག་གིས་བྲིས། །ཡང་རླུང་ལྷའི་སྔགས་ཡིན་གསུངས་སྔགས་ཁུག་པའི་མཐའ་བསྐོར་ལ། །རླུང་གི་ལྷ་ཡི་ཐོད་པར་གཞུག །སྔགས་བཟླས་ཆུ་བོའི་གཞུང་ལ་སྐྱུར། །དེས་ནི་བསྐྲད་པར་འགྱུར་བའོ། །ནོར་ནི་བསྒྲུབ་པ་རྣམ་གསུམ་སྟེ། །ཚེ་དང་ནོར་ཕྱུག་འབྲུ་གསུམ་མོ། །ཕ་ཤིང་བུ་ཤིང་མ་ཤིང་དགུ། །བཟང་དྲུག་སྨན་དང་གསེར་གྱིས་ནི། །གསང་བ་ཚེའི་སྙིང་པོ་ ཚེ་དཔག་མེད་ཁོ་ན་ཡིན་གསུངས། ནི། །སྐྱོབས་ཤིག་ཕ་བྲི་ལ་ཤོག་ཅིག་བུ་བྲི་ལ་སྐྱོད་ཅིག་མ་བྲི་ལ་བྲི། །རིན་ཆེན་སོ་སོར་བྱ་བུམ་པ་ཁ་རྒྱན་ཅན། །འབྲུ་སྣ་རིནཆེན་བཅུད་ཀྱིས་བཀང་། །གླང་ཆེན་རྟ་དང་དུད་འགྲོའི་སྤུ། །ནང་བཅུད་ལྷ་མོའི་རྩ་བ་ཡིན་སྔགས་ཀྱིས་ནི། །བདུན་ཁྲི་བདུན་འབུམ་རབ་བཟླས་ན། །གང་འདོད་དོན་རྣམས་འགྲུབ་པར་འགྱུར། །དགུག་པ་བུ་མོ་ཞང་བློན་རྒྱལ་པོ་དང་། །ལྷ་འདྲེ་གཉིས་ཀྱང་དབང་དུ་བསྡུ། །ཤ་ས་ནའི་རྒྱ་གར་གྱི་འཕྲ་རས་ཀྱི་རིགས་སྔགས་ལ་པ་ནའི་
ཤུན་ཤིང་ལོ་ཅན་ཡིན་སྐད། །གི་ཝང་ཁྲག་དང་རྡོ་མཚལ་དམར་གྱིས། །གང་འདོད་གཟུགས་བྲིས་མིང་རུས་བཀོད། །བལ་པོའི་ཤིང་ཏོག་ཅིག་གི་མིང་ལི་ཁྲི་དམར་པོས་སྙིང་ཁར་བྱུགས། །དགུག་གཞུག་བྱ་ཞིང་སྙིང་ཀར་གཞུག །དགུག་གཞུག་བྱ་ཞིང་རྩ་སྔགས་བཟླས། །བརྒྱ་ཡིས་སྐྱེ་བོ་ཕལ་པ་དང་། །སྟོང་གིས་རྒྱལ་པོ་འོང་བར་འགྱུར། །ཁྲི་ཡིས་ལྷ་འདྲེ་དབང་དུ་འགྱུར། །བྱེ་བས་ཐམས་ཅད་འགྲུབ་པར་འགྱུར། །ལུས་རེངས་པ་གཉིས་རེངས་པ་རྐུན་པོ་ལྕེ་སྤྱང་དང་། །ལུས་ངག་ཡིད་གསུམ་གྱིས་ཞེས་པ་མུ་སྟེགས་དྲང་སྲོང་དམོད་པ་རྣམས། །དང་པོ་དམིགས་པའི་སྦྱོར་བ་ཡིས། །ལུས་ངག་ཡིད་གསུམ་གང་བྱེད་ཀྱང་། །རང་བྱུང་ལྐུགས་པ་ཡི་ལྕེ་དང་སྙིང་། སྐྱེ་མེད་སྙིང་རྗེ་དམིགས། །རྡེའུ་རྩིས་མཁན་གྱི་རྡེའུ་དཀར་ནག་འཇག་མིག་དང་། །སྲོག་ཆགས་ལུག་དང་པི་ལིང་ཤ་ཁྲག་ལ། །རྩ་བའི་སྔགས་ནི་འབུམ་བཟླས་ཏེ། །གང་དམིགས་དེ་ལ་བཏབ་པ་ན། །དེས་ནི་རིང་ནས་དགྲ་བོ་སྨྱོ། །དགྲ་བོ་ལས་བྱེད་ལས་མཐའ་ནི། མི་རྟ་ཁྱི་གསུམ་སྨྱོ་བའི་གླད་པ་དང་། །མི་སྨྱོན་པ་ཡི་ལྕེ་དང་སྙིང་དུ་ལིང་ག་གཞུག །བྱ་ཝང་སྒོང་ང་དུང་གསེར་སྦྲང་སྣོད་མེ་ཏོག་འདུས་ཁུ་དང་། །རི་ལུ་ཕབ་རྩ་ཆེ་ཆུང་གཉིས་ཀྱི་ད་རུ་ར། །སྙོ་བྱེད་ཐང་ཕྲོམ་བོན་པོ་དྲི་ཆེན་བན་དེ་དྲི་ཆུ་དང་། །བུད་མེད་དྲི་ཆེན་མི་རེང་སྐྱ་བ་དྲི་ཆུ་དང་། །
ཕག་པ་ཁྲ་བོའི་ཁྲག་བཞི་ལ་སྦྱར། །མཐའ་སྔགས་པ་ཡི་རུ་པ་བྱས་ལ་སྔགས་འབུམ་ཚོ་བདུན་བཟླས་ལ། །དུག་ཁྲག་ལིང་གའི་སྟེང་དུ་རྟག་པར་བཞག །དེས་ནི་སྡིག་ཅན་གང་ཡིན་དེ། །སྨྱོ་འབོག་ནད་ཀྱིས་འཆི་བར་འགྱུར། །ལྷ་མོ་དམ་ལ་བཏགས་པའི་ཚེ། །ལས་མཐའ་དགུ་པོ་གང་དམིགས་འགྲུབ། །ཅེས་གསུངས་སོ། །ཡུམ་དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། གསུམ་པ་གཉིས་པ་གསུམ་ནི་ལས་མཐའ་སྣ་ཚོགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཧེ་རུ་ཀ་དཔལ་གྱིས། །གནད་དང་སྤོགས་པ་ཡང་དག་བཤད། །དྲག་པོའི་ལས་ལ་སྦྱར་ཀྱང་དགྲ་ལ་རྟགས་མེད་ན། །ཤི་ས་ལྷ་མོ་བསྟན་ཞིང་གནད་ལ་འབོར། །དཀྱིལ་འཁོར་དེའི་དང་པོ་ཡི་སྟེང་ནང་དུ། །དུང་བྲུས་བླ་རྡོ་དེར་བཅུག་ལ། །སྟེང་དུ་དུག་གི་ཚེར་མས་རྒོང་། །འབོབ་དང་ཡུགས་སའི་དོར་རྟ་དང་། །ཁྱི་ལུད་གུ་གུལ་སྤྱང་ཀིའི་བྲུན། །ལྔ་པོ་རི་ལུ་བྱས་ལ་ཚེར་ཁུང་གཞུག །འོག་ན་དུད་པ་རྟག་ཏུ་བཏང་། །ལྷ་མོའི་འཁོར་ལོ་དུད་པས་བདུག །མཚོན་དང་ཞགས་པས་བཅིངས་ཤིང་བརྒྱངས། །ཕུར་བུ་ཁ་ཊྭཱཾ་རྩེ་གསུམ་གྱི། །དབལ་གྱིས་གཏད་ཅིང་སྔགས་ཀྱིས་གཟེར། །དེས་ནི་ལས་ལ་འགྲོ་བར་འགྱུར། །དེ་ནས་སྤོགས་པའི་ཆོ་ག་ནི། །འཁོར་ལོ་སྨན་བཟང་དྲུག་གིས་གྱིས་བྱུགས་བྱས་ལ། །རྡོ་རྗེ་སེམས་
དཔའི་ཡི་གེ་བརྒྱ་པས་དབང་བསྐུར་ཏེ། །བདེ་མཆོག་གི་ཡི་གེ་བདུན་པས་དབང་དུ་བསྡུ། །བསྙེན་བསྒྲུབ་ལས་སྦྱོར་བསྐྱར་ལ་བྱ། །དེས་ནི་ལས་རྣམས་བྱེད་པར་འགྱུར། །ཞེས་གསུངས་སོ། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། གནད་དང་སྤོགས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འཇིགས་བྱེད་ཧེ་རུ་ཀས། །འཁོར་ལོ་ཡང་དག་བཤད་བྱ་བ། །གསད་པ་སྤུ་གྲི་འཁོར་ལོ་དང་། །བརྟེན་པ་སྲོག་གིས་འཁོར་ལོ་དང་། །གཟིར་བ་གནད་ཀྱི་འཁོར་ལོ་སྟེ། །འཁོར་ལོ་དང་པོ་ནི་བུད་མེད་ནག་མོའི་སྙིང་ཤུན་དང་། །གྲི་རྒོད་ཀླད་རྒྱ་དག་ལ་ནི། །རྨེ་ཁྲག་སྨྱོ་བྱེད་དུག་དང་ནི། །སྣག་ཚ་སྦྱར་བར་བྱས་ནས་ནི། །གྲི་བོའི་རྐང་གི་སྨྱུ་གུ་ཡིས། །འཁོར་ལོ་རིམ་པ་གསུམ་གྱིས་བསྐོར། །འཁོར་ལོ་དང་དགྲ་ཡི་ལྟེ་བར་ལིང་ག་བྲི་བར་བྱ། །མཐའ་མ་མནན་པའི་སྔགས་ཀྱིས་བསྐོར། །དཔྲལ་བ་སྙིང་ཁ་ལྟེ་བར་ཡང་། །རུས་མིང་བླ་དགས་བྲི་བར་བྱ། །ཡན་ལག་བཞི་ལ་ཡི་གེ་བཞི། །གཡས་གཡོན་ཕོ་མོ་འབྲེལ་ཤེས་བྲི། །སྙིང་ཁར་ས་བོན་བྲི་བར་བྱ། །དེ་ཡི་རིམ་པ་དང་པོའི་ནང་། །རེ་མིག་ཉི་ཤུ་རྩ་དྲུག་ལ། །སྲོག་གི་རྒྱུན་སྔགས་བྲི་བར་བྱ། །བར་མ་རེ་མིག་བཞི་བཅུ་དགུ། །རྦད་པའི་གཟེར་རྩ་དམར་པོ་བྲི། །ཕྱི་རིམ་རེ་མིག་དྲུག་ཅུ་ལ། །བསད་པ་
སྤུ་གྲིའི་རྒྱུགས་སྔགས་བྲི། །ཤི་སྐྲ་སྔོ་དམར་ཐག་པ་ཡིས། །བརྒྱངས་ཏེ་དགྲ་སྲོག་གཅོད་པར་འགྱུར། །བླ་རེ་འཁོར་ལོ་ནི་དེ་ནས་ཡང་ནི་དར་སྔོན་ནམ། །ལྕགས་ལ་ལེའུ་གན་རྒྱ་ཤོག་དང་། །ཏ་ལ་མཐིང་ཤོག་དག་ལ་ནི། །ལྷ་མོ་སྲོག་གི་འཁོར་ལོ་ཡང་། །ལྟེ་བ་མར་མེ་དགུ་པ་ལ། །འཁོར་ལོ་རྩིབས་ནི་བཅུ་དྲུག་པའི། །ཕྱི་རིམ་སྣ་ཚོགས་རྡོ་རྗེ་འབར། །སྐུ་གསུང་ཐུགས་ཀྱི་སྔགས་ༀ་ཨཱཿཧཱུྃ་བཀོད་ལ། །རབ་གནས་བྱས་ལ་དར་ཟབ་དྲིལ། །གྲི་ཕོ་གྲི་མོའི་སྙིང་ཕྱེ་དང་། །སྨན་སྣ་བཟང་དྲུག་བྱུག་པར་བྱ། །སྙིང་ཤུན་དྲིལ་ཏེ་ཚོན་སྐུད་བཅིངས། །རང་གི་མཆན་ཁུང་གཡོན་པར་སྦ། །དེ་ནས་ལུས་དང་དྲི་མ་བཞིན། །མི་འབྲལ་རྒྱུན་དུ་འགྲོགས་པར་འགྱུར། །དེ་ནས་དུར་ཁྲོད་རོ་རས་ལ། །དུག་ཁྲག་སྣག་ཚ་བོང་བུའི་ཆུས། །རིམ་པ་བཞི་ལྡན་འཁོར་ལོ་ནི། །ལྟེ་བར་དམིགས་པའི་ལིང་ག་བྲི། །མཐའ་མ་སྲེག་པའི་སྔགས་ཀྱིས་བསྐོར། །ཕྱི་རིམ་རྩིབས་ནི་བཅུ་གཉིས་ལ། །རྩ་སྔགས་མས་བཀླག་ཚང་བ་བྲི། །དེ་སྟེང་ལིང་ཚེ་གསུམ་པོ་ལ། །ཤེས་པ་ཨར་གཏད་སྔགས་ལོག་བྲི། །དར་ནག་དྲིལ་ལ་བྲུབ་ཁུང་གཞུག །དེས་ནི་རང་དབང་མེད་པར་འཆིང་། །ཅི་སྨྲས་བཀའ་ལ་ཉན་པར་འགྱུར། །ཞེས་གསུངས་སོ། །དམར་མོ་རྩ་འཇིབས་དུག་རླངས་ཁོལ་མའི་རྒྱུད་
ལས། འཁོར་ལོ་རྣམ་པ་གསུམ་བྲི་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཧེ་རུ་ཀ་དཔལ་གྱིས། །བསྐང་ཐབས་ཡང་དག་བཤད་པར་བྱ། །མདོས་དང་ཚོགས་དང་གཏོར་མ་དང་། །བདུད་རྩི་སྨན་དང་རཀྟས་བསྐང་། །རི་རབ་བང་རིམ་བཞི་པ་ལ། །མཐའ་མ་གླིང་བཞི་གླིང་ཕྲན་དང་། །ལྕགས་རི་ནག་པོས་བསྐོར་བ་ལ། །རི་རབ་དབུས་སུ་དགྲ་ལ་བྱེད་ན་ལྷ་མོའི་སྐུ། །ཙ་ཀ་ལི་ཀ་སེམས་དང་བཅས་པ་གཞུག །བང་རིམ་དང་པོ་མཁའ་འགྲོ་འབུམ། །གཉིས་པ་མ་མོ་འབུམ་དང་བཅས། །གསུམ་པ་ཕྲ་མེན་དང་ཤུགས་འགྲོ་མ། །བཞི་པ་ཤ་ཟ་བང་རིམ་ལ་རོ་ལངས་འབུམ། །ཕྱོགས་རེར་བདུན་ནམ་དགུ་དགུ་གཞུག །ཡང་ན་བཅུ་དང་སུམ་ཅུ་བྱ། །ནམ་མཁའ་རྒྱང་བུ་མདའ་འཕང་དང་། །དེ་བཞིན་ཉིད་དུ་བསག་པར་བྱ། །ཁྱི་དང་བྱ་ནག་ལུག་དང་ནི། །འབྲི་གཡག་དོམ་བུ་རྟ་ནག་ཀྱང་། །ཕྱོགས་བཞི་རྣམས་སུ་བཞག་པར་བྱ། །ཚོགས་ཀྱིས་བསྐང་ན་བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེག་པའི་གསུར་དང་བཙོས་པའི་ཞག །ཁུ་ཁྲག་ལྷ་བ་རྐང་མར་དང་། །ནང་ཁྲོལ་གློ་སྙིང་མཁལ་མ་དང་། །ལ་དུ་ལ་ཕུག་སྤོས་དང་ནི། །ཁུར་བ་ཆན་ཐུག་དམར་གསུམ་དང་། །འབྲས་ཆང་གྲོ་ཆང་རྒུན་ཆང་དང་། །གཞན་ཡང་ཚོགས་ཀྱི་ཞལ་ཟས་དང་། །རྔ་དང་དུང་
དང་ཅང་ཏེའུ་དང་། །མི་རྐང་གླིང་བུ་དྲིལ་བུའི་སྒྲ། །གཏོར་མས་བསྐང་ན་དམར་ཀྱི་གཏོར་མ་བཅུ་གསུམ་དང་། །བྷན་དྷ་རཀྟས་བཀང་བ་དང་། །བདུད་རྩི་སྨན་དང་འཚེ་ཉུངས་དང་། །ཚིལ་ཆེན་མར་མེ་བཅུ་གསུམ་དང་། །མཆོད་པ་ལྔ་ཡང་བཤམ་པར་བྱ། །དེ་ནས་རང་ཉིད་ཧེ་རུ་ཀར་བྱས་ནས། །གདུང་བའི་སྐད་ཀྱིས་འབུལ་བར་བྱ། །ཧཱུྃ་བྷྱོ། རི་རབ་གླིང་བཞི་གླིང་ཕྲན་ནས། །འཇིག་རྟེན་འདས་དང་དཀྱིལ་འཁོར་ནས། །མཁའ་འགྲོ་མ་དང་ཤུགས་འགྲོ་དང་། །ཕྲ་མེན་མ་དང་རྒྱ་མཚོ་མ། །གཏིང་འགྲོ་མ་དང་མ་མོ་རྣམས། །དྲེགས་པ་ལྷ་སྲིན་ཕོ་མོའི་ཚོགས། །མ་ལུས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །དུག་རླངས་སྤྲིན་ལྟར་འཁྲུག་པའི་གཞལ་ཡས་ནས། །ཐོད་མཁར་འབར་བའི་མངའ་བདག་མོ། །གདུག་པའི་བུ་མོ་མི་བཟད་མ། །མ་མོ་ནག་མོ་ཁྲོ་ཚུལ་ཅན། །ཐུགས་ཡུམ་དམར་མོ་སྲོག་གི་ཤན་པ་མོ། །དམར་མོ་རྩ་འཇིབས་ཁྲག་འཐུང་རྐང་ལྡག་མ། །དུག་ཁྲག་གསོལ་བའི་ནད་བདག་མོ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཤན་པ་ཕོ་མོ་རོ་ལངས་ཚོགས། །འཁོར་དུ་གཏོགས་པ་ཁྱེད་རྣམས་ལ། །ཕོ་བྲང་བླུད་འབུལ་ཉམས་ཆགས་
བསྐོང་། །རིན་ཆེན་རྣམ་ལྔའི་ཚོགས་བཀྲམ་ནས། །ཚོགས་དང་གཏོར་མ་རཀྟ་དང་། །སྨན་དང་བདུད་རྩི་མཆོད་པས་ཀྱང་། །ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐོང་། །སྲོག་ཆགས་ནག་པོ་བདུན་འབུམ་དང་། །གཅན་ཟན་ལྕེ་སྤྱང་ཚོགས་རྣམས་ཀྱང་། །ལྷ་མོ་ཁྱོད་ཀྱི་ཐུགས་དམ་བསྐང་། །མདོས་དང་བླུད་ལོང་རྐྱེན་དབང་བཟློག །འཁོར་དང་ནོར་སྲུངས་བྱད་དང་ཟོར་ཁ་ཆིངས། །གདུག་པའི་དབལ་ཁ་དགྲ་ལ་སྟོན། །ཞེས་གསུངས་སོ། །དམར་མོ་རྩ་འཇིབས་མའི་རྒྱུད་ལས། མདོས་ཀྱི་བསྐང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཧེ་རུ་ཀ་ཡིས་ནི། །བཟློག་དང་བཅིངས་པ་ཡང་དག་བཤད། །སྔགས་པ་མུ་སྟེགས་ནང་རྒྱས་ནི། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །དབུས་གྲུ་གསུམ་ཐུར་དུ་འབྲུ། །དམ་ཉམས་བཀའ་ལོག་ཐོད་པ་རུ། །གཅོད་པ་སྤུ་གྲིའི་འཁོར་ལོ་གཞུག །རོ་རས་དང་ཤིང་རས་དམར་པོ་ལ། །ཁོ་དང་ལྷའི་གཟུགས་བྲིས་ལ། །དེ་གཉིས་ཀ་བཟློག་པའི་སྔགས་ཀྱིས་དང་པོ་མཐའ་མ་བསྐོར། །བསད་པའི་འཁོར་ལོ་སྙིང་ཁར་བྲི། །དུག་ཁྲག་མདའ་ཕུར་ཐུན་གྱིས་ནི། །བཟློག་པའི་སྔགས་ཀྱིས་དང་པོ་བཟློག་ཅིང་ཐ་མ་བསད། །ཉ་སྟོང་བརྒྱད་ལ་དུས་བཟང་རྣམས་ལ་ཟོར་སྐོང་འཕངས། །མུ་སྟེགས་གཅེར་བུ་དུག་ཆུ་སྟེ། །
ལྷ་བསྟེན་པ་ཁོ་རང་ལ་བདུད་དུ་བབས་ནས་འཆི། །བཅིང་བར་འདོད་པའི་བྱད་ཀུན་དེས། །ཇག་པ་བསད་པ་ཡི་མི་རྐང་གླིང་བུའི་ནང་དུ་ནི། །ཐུན་མོང་གྲམ་ཆུ་བསྐོར་བ་ཡི་མིའི་སྲོག་འཁོར་གཞུག །ཉུངས་དཀར་ལྕགས་ཕྱེས་སྔགས་བཟླས་ལ། །ནང་སྒྲུབ་བལ་ཚོན་ནག་པོས་ཁ་དེ་བཅད། །བགེགས་བཟློག་གནད་ཀྱིས་ཀླད་ལ་བསྐོར། །ཇག་པའི་ཚོགས་རྣམས་བྱུང་བ་ན། །ཀླད་ལ་བསྐོར་ཅིང་ས་ལ་བརྡབ། །དེས་ནི་ཆོམ་རྐུན་ཇག་པ་ཀུན། །ཁ་ཆིངས་ནག་པོའི་སྦྱོར་བར་འགྱུར། །ཞེས་གསུངས་སོ། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། བཟློག་འཆིང་ནག་པོའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཧེ་རུ་ཀ་ཡི་ནི། །ཆོ་འཕྲུལ་སེར་བའི་སྦྱོར་བ་ནི། །ཡང་དག་ཉིད་དུ་བཤད་པར་བྱ། །བུད་མེད་ལྟས་ངན་ནག་མོའི་མངལ་ཁྲག་དང་། །སྲོག་ཆགས་ལྟས་ངན་ནང་གཏོང་གང་འདོད་ཁྲག་གིས་ནི། །བུད་མེད་ནག་མོའི་གཟུགས་བྱས་ལ། །ཝ་སྤྲེལ་བྱི་ལ་ཁྱི་དང་བྱ། །སྟག་གཟིག་སྤྱང་ཀི་དོམ་ནག་ལ། །བསྐྱོན་ནས་སྔགས་ནི་འབུམ་ཚོ་བདུན། །སྔོན་དུ་རང་རྟགས་རྫོགས་ནས་དེ་ནས་དགྲ་ལ་རྦད། །མི་རྐང་གླིང་བུ་ཕྱོགས་བཞིར་འབུད། །ཐལ་ན་སྨྱོ་ནས་འཆི་བར་འགྱུར། །སེར་བ་དབབ་པ་ན་ར་ནི་རོག་པོའི་ཐོད་པ་རུ། །ཅོ་ག་འབྲི་དང་ལམ་ཟན་ངང་པ་དུ་ཁང་དང་། །
སེང་ལྡེང་ཚེར་མ་སྐྱེར་པ་དམར་སེར་ར་རྒྱ་བོ་ཡི་རིལ་མ་བྲུན། །སྲོ་ལོ་གཡའ་ཚད་ཚེ་དང་ནལ་བྱ་འབུ་ཡི་བུའི་ཤ །རིལ་བུ་སྒོང་ང་ཙམ་པ་བརྒྱ། །རེ་རེ་ལ་ཡང་སྔགས་ནི་བདུན་འབུམ་དང་། །བདུན་སྟོང་བདུན་བརྒྱ་བཟླས་པར་བྱ། །ཁྱག་རྟགས་ནི་རོམ་ཁུར་དང་འབྲུག་སྒྲ་དང་། །ཐུན་དོང་ཁོལ་ནས་དགྲ་ཡུལ་དུ། །ཞུད་རྣམས་སྲུང་ཕྱིར་གནད་ཐུན་ནི། །རྒྱ་མཚོ་སྦུ་བ་སོ་ཐོག་དང་། །མངལ་ཁྲག་ཁྱི་གླད་རྨེ་ཁྲག་དང་། །རྟ་བོན་གཉིས་ཐུག་བྲེ་དང་ཉུངས། །དཀར་པོ་གསུམ་ཁྱི་དཀར་རྟ་དཀར་བྱ་དཀར་གསུམ་གྱི་ཁྲག་རྣམས་ནི། །མགོ་གཞུག་བར་དུ་དུམ་རེ་བླུག་ཐུན་དུ་བརྡེག །ཞུགས་པ་སྟོང་ལ་ཞུགས་པར་བྱ། །དགྲ་བོའི་ལོ་ཐོག་མ་ལུས་འཇོམས། །དགྲ་བོའི་ཤ་ཁྲག་ཡིན་བཤམ་ལ། །སྣང་སྲིད་ལྷ་འདྲེ་རྣམས་ལ་འབུལ། །ཞེས་གསུངས་སོ། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། ཆོ་འཕྲུལ་དང་སེར་བ་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་འཇིགས་བྱེད་ཧེ་རུ་ཀས། །སྦྱིན་སྲེག་གཏོར་མ་རྟགས་ཀྱི་ནི། །དེ་ནས་ཡང་དག་བཤད་བྱ་བ། །གོང་དུ་སྦྱོར་བ་རབ་རྫོགས་ནས། །ལྕགས་ཀྱི་སླང་ང་ནང་དུ་ནི། །དུག་དང་ཁྲག་གིས་གྲུ་གསུམ་བྲི། །དུག་ཤིང་ནག་པོ་ཀ་ལ་ད་ཀི་ཤིང་ཡིན་གསུངས། ཚེར་མ་ཅན། །རབས་ཆད་ནག་པོས་བྲབ་ནས་ཀྱང་། །ལིང་
ག་དང་བཅས་གྲུ་གསུམ་བརྩེགས། །ཡུགས་སའི་ཐབ་ནས་མེ་བླངས་ཏེ། །མེ་སྦར་སྦྱིན་སྲེག་མེ་ལྷ་དང་། །ལྷ་མོ་རབ་འཇིགས་བསམས་ནས་ནི། །དགྲ་བོ་རེ་ལ་ལིང་ག་བརྒྱ། །སྦྱིན་སྲེག་སྔགས་དང་བསད་སྔགས་ནི། །ལིང་ག་རེ་ལ་བརྒྱ་དང་བརྒྱད། །སྦྱིན་སྲེག་བརྒྱ་དང་རྩ་བརྒྱད་བྱ། །ཐལ་བ་ལིང་རོ་བཅས་པ་དེ། །གྲི་ཐོད་ནག་པོར་བཅུག་ནས་ནི། །གྲི་གོས་ནང་དུ་དྲིལ་བྱས་ལ། །ལྷ་ཁང་ཆུ་མིག་ནག་པོའམ། །བྲག་དང་ཆུ་འཐབ་རྒྱ་མཚོར་སྦ། །ཚ་བ་མེ་དང་དུག་ནད་ཀྱིས། །དགྲ་བོ་བདུན་རྒྱུད་རྩད་ནས་འཆད། །གཏོར་མའི་རིམ་པ་ནི་མཚན་ལྡན་ཐོད་པ་ཀ་པཱ་ལར། །འབྲུ་ཆན་སྨན་དང་རཀྟས་བྲན། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ལ། །རྩ་བའི་སྔགས་ནི་འབུམ་གྱིས་དབུལ། །བར་ཆད་སེལ་ཞིང་ཕྲིན་ལས་ཉན། །དམ་ལ་འདུ་ཞིང་དགྲ་བགེགས་འདུལ། །དེ་ཕྱིར་གཏོར་མས་རྒྱུན་དུ་མཆོད། །བུ་མོ་གཞོན་ནུ་རྒྱན་བཟང་དང་། །ལྷ་གཅིག་བཙུན་མོ་བཟང་བ་དང་། །བུད་མེད་ཆ་བྱད་འོད་བཟང་མ། །རྟག་ཏུ་རང་དང་འགྲོགས་པར་རྨི། །སྐྱེས་པ་བུད་མེད་གཅེར་བུ་དང་། །མཚན་མ་རིང་ཞིང་ལྕེ་སྤྱང་ཞོན། །རང་ལ་དགའ་ཞིང་འདུན་པས་འབུལ། །དམག་གིས་དགྲ་ཡུལ་ཁེངས་པ་དང་། །སྟོང་གསུམ་བུད་མེད་གང་བ་དང་། །ཡུལ་མཁར་བསྒྱེལ་
དང་རི་དྭགས་བསད། །སྙིང་འབྱིན་དངོས་སུ་ཁུག་པ་ནི། །མ་མོ་ལས་ལ་ཞུགས་པ་ཡིན། །དམ་ལ་འགལ་བའི་རྟགས་ཡིན་སྙིང་མི་དགའ་ཞིང་འགྲོ་འདོད་དང་། །མཛེ་མོ་ཡུགས་ས་གླེན་ལྐུགས་དང་། །སྤྲང་མོ་སྨྱོན་མ་འོ་དོད་འབོད། །དེ་ནི་ཉམས་པ་བསྐང་གསོ་དང་། །བདེ་མཆོག་དང་མགོན་པོ་གཉིས་ཀྱི་བདེ་བ་ཆེ་དང་དཔལ་ལྡན་གྱི། །སྐུ་བསྒོམ་བཟླས་པ་གཞུང་ལྟར་བྱ། །ཞེས་གསུངས་ཏེ། དེ་ནས་འཇིགས་བྱེད་ཧེ་རུ་ཀའི་གསུང་ལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མཁའ་འགྲོ་མ་དང་། མ་མོ་རྣམས་དགའ་ཞིང་ཡི་རངས་ཏེ། མ་མོ་ནག་མོ་གསེར་མིག་མ་ཡང་། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་ལ་ཐིམ་ནས་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་ཐམས་ཅད་བསྐོར་བ་བྱས་ནས། མེ་ཏོག་གིས་མཆོད་དེ། །རང་རང་གིས་སྲོག་གི་སྙིང་པོ་ཕུལ་ནས། འཁོར་རྣམ་བཞི་སྐྱོང་བར་ཁས་བླངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་ཀྱིས་རྒྱུད་འདི་གནོད་སྦྱིན་གྱི་བུ་ཕོ་རྣམ་ཐོས་སྲས་ལ་གཏད་དོ། །དམར་མོ་རྩ་འཇིབས་མ་དུག་རླངས་ཁོལ་མའི་རྒྱུད་ལས། མཇུག་ཡོངས་སུ་གཏད་པའི་ལེའུ་བཅོ་ལྔ་པའོ།། །།ཡུམ་དམར་མོ་རྩ་འཇིབས་མ་ཡི་རྩ་བའི་རྒྱུད་དུག་རླངས་ཁོལ་མ་ཞེས་
བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་བྷྱ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་པས་བསྒྱུར་བའོ། །དུག་རླངས་ཁོལ་མ་རྩ་བའི་རྒྱུད། རོ་ལངས་ནག་མོ་བཤད་པའི་རྒྱུད། སྒྲོལ་བྱེད་ནག་མོ་མན་ངག་གི་རྒྱུད། ཐོད་ཕྲེང་ནག་མོ་སྐྱེ་རྒྱུད་སྟོན་པའི་རྒྱུད། ཁྲག་མཚོ་ཁོལ་མ་ལས་ཚོགས་སྟོན་པའི་རྒྱུད། ཟླ་གསང་ནག་མོ་གནད་འགག་སྟོན་པའི་རྒྱུད། རྒྱུད་དྲུག་པོ་འདི་ནི་ཡུམ་ཡེ་ཤེས་མ་རྩ་འཇིབས་མའི་རྒྱུད་གསུམ། འཇིག་རྟེན་མ་ཙན་ཏི་ཀའི་རྒྱུད་གསུམ་ཡིན་ནོ། །མཁའ་འགྲོ་དྲུག་སྐོར་ལ་རྒྱུད་དྲུག །མགོན་པོ་གཉིས་ལ་རྒྱུད་དྲུག་སྟེ། བཅོ་བརྒྱད་དུ་གྲགས་པ་ཡིན་ནོ། །མ་མོ་འཇིག་རྟེན་གཙུག་གིས་རྒྱུད་ལས། གནད་བསྡུས་པ་ཡང་ཐིག་བཀོལ་བའི་རྒྱུད་ཅེས་བྱ་བ་འདི་མཁའ་འགྲོ་མ་དྲུག་གི་རྒྱུད་དུ་གསུངས། ༈ བརྒྱུད་པ་ནི་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་ཌཱ་ཀི་མ། ཀླུ་སྒྲུབ། ཨརྱ་དེ་བ། ཀླུའི་བྱང་ཆུབ། དུས་འཁོར་བ། རྡོ་རྗེ་གདན་པ། ཨ་བྷྱ་ཀ་ར། ཙ་མི་ལོ་ཙཱ། དཔལ་རྒྭ་ལོ། ཞལ་ཚལ་པ། ཏི་ཤྲི་རས་པ། རས་པ་དཀར་པོ། རྗེ་གཟི་བརྗིད་ཆེན་པོ། ཤཱཀྱ་རྡོ་རྗེ། གྷིར་ཏི་བཛྲ། པྲ་ཛྙཱ་ཀེ་རུ། དེ་ལ་བདག་གིས་ཞུས།
མ་མོ་འཇིག་རྟེན་གཙུག་ལག་གི་རྒྱུད་ལས་ཡང་ཏིག་བཀོལ་བའི་རྒྱུད།
༄༅། །མ་མོ་འཇིག་རྟེན་གཙུག་ལག་གི་རྒྱུད་ལས་ཡང་ཏིག་བཀོལ་བའི་རྒྱུད་ཅེས་བྱ་བ།
རྒྱ་གར་སྐད་དུ། མ་མ་ལོ་ཀ་སུ་ཀ་སྐལ་པ་ཏནྟྲ་ནཱ་མ། བོད་སྐད་དུ། མ་མོ་འཇིག་རྟེན་གཙུག་ལག་གི་རྒྱུད་ལས། ཡང་ཏིག་བཀོལ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། མ་མོ་དང་ནི་མཁའ་འགྲོའི་གནས། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ན། །རྡོ་རྗེ་མཁའ་འགྲོ་ནག་མོ་ལ། །འཇིག་རྟེན་འདས་དང་མ་འདས་པའི། །མ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །དེ་ལ་མཁའ་འགྲོའི་སྤྲུལ་པ་ནི། །མ་ཧཱ་ཀཱ་ལ་ཐུགས་ཀྱི་སྲས། །མགོན་པོ་ནག་པོ་ཞེས་བྱ་བས། །ཕྱི་ནང་གསང་བའི་མཆོད་པ་ཕུལ། །ཕྱག་དང་བསྐོར་བ་བྱས་ནས་ནི། །ཡང་ཏིག་བཀོལ་བའི་རྒྱུད་འདི་ཞུས། །ཀྱེ་མ་རྡོ་རྗེ་མཁའ་འགྲོ་མ། །བསྐལ་པ་དུས་ཀྱི་སྙིགས་མ་ལ། །སངས་རྒྱས་བསྟན་པ་
བསྲུང་བའི་ཕྱིར། །ཆོས་ཀྱི་སྲུང་མར་བསྒྲུབ་འདོད་པའི། །གང་ཟག་སྔགས་པ་གདེང་ཅན་གྱིས། །མ་མོ་མཁའ་འགྲོ་བསྒྲུབ་འདོད་ན། །སྒྲུབ་པ་དུས་ཀྱི་དམིགས་གསལ་དང་། །བསྟན་པ་རྫས་ཀྱི་དམིགས་གསལ་དང་། །གྲུབ་པ་རྟགས་ཀྱི་དམིགས་གསལ་དང་། །བཟླས་པ་སྔགས་ཀྱི་དམིགས་གསལ་དང་། །བསྲུང་བ་དམ་ཚིག་དམིགས་གསལ་དང་། །སྦྱོར་བ་ལས་ཀྱི་དམིགས་གསལ་དང་། །དཔའ་མོ་ཆེན་མོས་བཤད་དུ་གསོལ། །ཞེས་གསོལ་པ་དང་། རྡོ་རྗེ་མཁའ་འགྲོས་བཀའ་བསྩལ་པ། །ནག་པོ་ཆེན་པོ་ཁྱོད་ཉོན་ཅིག །མ་མོ་མཁའ་འགྲོས་བཅུད་བསྡུས་པ། །ཡང་ཏིག་བཀོལ་བའི་རྒྱུད་འདི་ནི། །གསང་སྔགས་སྙིང་པོ་བསྡུས་པ་སྟེ། །བསྒྲུབ་ན་འདོད་པ་ཕུན་སུམ་ཚོགས་པ་འགྲུབ། །འགྲས་ན་ལྷ་ཡང་བརླག་པར་འགྱུར། །བཏབ་
ན་རྡོ་རྗེའི་བྲག་ཀྱང་འཇིགས། །བསད་ན་བསྐལ་པའི་མེ་ཡང་འཆི། །ཉི་ཟླ་གཉིས་ཀྱང་སོད་གྱུར་ན། །དགྲ་བགེགས་བསྒྲལ་བ་ལྟ་ཅི་སྨོས། །གང་ལ་བྱ་བ་གདོན་མི་བྱ། །དེས་ན་གསང་སྔགས་ཟབ་མོའི་དོན། །དམིགས་གསལ་བདུན་དུ་བཤད་པར་བྱ། །ཞེས་གསུངས་སོ། །ཡང་ཏིག་བཀོལ་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་མས། །བསྒྲུབ་པའི་དུས་ཀྱི་དམིགས་གསལ་བཤད། །འཚོགས་པའི་དུས་དང་རྒྱུ་ཡི་དུས། །ལས་ཀྱི་དུས་དང་རྣམ་པ་གསུམ། །དེ་ལ་དང་པོ་འཚོགས་པའི་དུས། །ཉ་དང་སྟོང་དང་ཚེས་བརྒྱད་ལ། །གནས་ནི་དུར་ཁྲོད་ཆེན་པོ་རུ། །བསྒྲུབ་པའི་གཏོར་ཚོགས་ས་རུ་འཚོགས། །མ་མོ་མཁའ་འགྲོ་རྒྱུ་བའི་དུས། །ཐེའུ་ལོག་ནག་མོར་ཤེས་པར་བྱ། །ཉིན་ཕྱེད་ནམ་ཕྱེད་ལས་ཀྱི་དུས། །འཚོགས་པའི་དུས་སུ་གཟུ་དཔང་གསོལ། །རྒྱུ་བའི་དུས་སུ་ཐུན་ཟོར་འཕང་། །ལས་ཀྱི་དུས་ན་ཕྲིན་ལས་བཅོལ། །དུས་ཤེས་སྔགས་པས་འདི་བྱས་ན། །སྲུང་ན་ཚེ་ཟད་ལུས་ཀྱང་ཐུབ། །ཟློག་ན་གནམ་ལྕགས་ཐོག་ཀྱང་བཟློག །གསོད་ན་བསྐལ་པའི་མེ་ཡང་འཆི། །ཞེས་གསུངས་སོ། །ཡང་ཏིག་བཀོལ་བའི་རྒྱུད་ལས། དུས་ཚོད་བསྟན་པའི་ལེའུ་སྟེ་གཉིས་པའོ། །དེ་ནས་རྡོ་རྗེ་མཁའ་འགྲོ་མས། །བསྒྲུབ་
ཅིང་བསྟན་པའི་རྫས་བཤད་པ། །གཞལ་ཡས་ཁང་ལ་བརྟེན་པ་དང་། །དམ་རྫས་དག་ལ་བརྟེན་པ་དང་། །ཡིག་འབྲུ་དག་ལ་བསྟབ་པ་གསུམ། །གཞལ་ཡས་ཁང་ལ་བརྟེན་པ་ནི། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །གནས་ནི་དུར་ཁྲོད་ཆེན་པོ་རུ། །ཁྲུ་གང་ཚད་ཀྱི་མཎྜལ་ལ། །བཾ་ཆེན་ཁྲག་གིས་ཐིག་གདབ་ལ། །དཀྱིལ་འཁོར་གྲུ་གསུམ་བསྣོལ་མ་ལ། །རོ་བསྲེགས་སོལ་བས་ནག་པོར་བྱ། །ཕྱི་མཐའ་རྩང་དང་མེ་རིས་བསྐོར། །དམ་རྫས་དག་ལ་བརྟེན་པ་ནི། །ཤ་ཁྲག་འབྲུའི་གཏོར་མ་བཤམ། །ལྷ་དང་ཚངས་པའི་དཔལ་བདེ་ལ། །ནང་དུ་བྲུབ་ཁུང་ལིང་ག་གཞུག །སྔགས་ཀྱིས་འཁོར་ལོའི་ཁ་བཅད་དེ། །གྲུ་གསུམ་དཀྱིལ་འཁོར་དབུས་ཉིད་དུ། །དར་ནག་གུར་ཀྱིས་ཕུབ་ལ་སྒྲུབས། །ཡིག་འབྲུ་གཟུགས་ལ་བརྟེན་པ་ནི། །ཟུར་དྲུག་འཁོར་ལོའི་རྩིབས་སྟེང་དུ། །སྔགས་དྷ་ར་ལ་ས་ཀ་ར་དྲུག་ཀྱི་ཡིག་འབྲུ་དང་པོ་བཀོད། །དབུས་སུ་སྐྱེས་པ་གྲིར་ཤི་བའི། །གྲིར་ཤི་མི་མཆོག་ཆེན་ཕུར་བུ་སོར་བརྒྱད་ལ། །བལ་མཚོན་གྱི་ཐག་པ་སྔོ་དམར་གཟུངས་ཐག་བཏགས་ལ་བཞག །བསྒོམ་དང་མཐུན་པའི་སྐུ་གཟུགས་ནི། །གཟུགས་དང་ས་ལ་རི་མོ་བྲིས་བྱས་ཏེ། །དྷ་ལ་སོགས་པ་ཡིག་འབྲུ་རེ་རེའི་སྟེང་དུ་དགྲམ། །དཀྱིལ་འཁོར་བྷྲཱུྃ་ལས་གཞལ་
ཡས་ཁང་། །ཡིག་འབྲུ་སྔགས་ལ་ལྷ་ཡི་སྐུ། །གཏོར་མ་བསྒྲུབ་བྱའི་ཤ་དང་ཁྲག །བྱིན་གྱིས་བརླབས་ཏེ་མཆོད་ཅིང་སྒྲུབས། །ཡང་ཏིག་བཀོལ་བའི་རྒྱུད་ལས། བརྟེན་པ་རྫས་དམིགས་སུ་བསྟབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་མས། །བསྒོམ་པ་ལྷ་ཡི་དམིགས་གསལ་བཤད། །གཙོ་བོ་ལྷ་དང་འཁོར་ཀྱི་ལྷ། །གནག་པ་ལས་ཀྱི་ལྷ་དང་གསུམ། །གཙོ་བོ་ཡི་དམ་ལྷ་གསལ་བས། །མདུན་དུ་མཁའ་འགྲོ་མགོན་པོའི་སྐུ། །རྡོ་རྗེ་མཁའ་འགྲོ་ནག་དྷཱ་ཀ་ནམ་མཁས་མོའི་སྟེ། །ཞི་ར་ཀི་མེ་བ་མོ་ནི་དཀར་མོ་ལ། །སྲུང་ལ་གི་ས།བ་མོ་ནི་སེར་མོ་སྟེ། །ཡེ་ཤེས་མ་མོའི་མཁའ་འགྲོ་གསུམ། །སྟེང་གི་གྲུ་གསུམ་གྲྭ་ལ་ནང་དུ་བསྒོམ། །ཚོར་ཀ་ཀི་ལྕགས་བ་ནག་མོ་བྱ་རོག་མགོ། །འགུག་པར་བྱེད་པ་སྟག་མོའི་པ་ཀི་ནི་ཤིང་ཞལ། །གསོད་དྷ་གི་ནི་རླུང་བྱེད་ཆེན་མོ་སེང་གེའི་གདོང་། །འཇིག་རྟེན་མ་མོ་མཁའ་འགྲོ་གསུམ། །འོག་ནང་དུ་གི་གྲུ་གསུམ་གྲལ་ལ་བསྒོམ། །དབུས་སུ་གཟུགས་པ་ལས་ཀྱི་ལྷ། །ཚེ་བདུད་མིང་ཅན་ནི་སྟོད་ཅན་ནག་པོ་ཆེན་པོ་བསྐྱེད། །ཀུན་ཀྱང་གྲི་གུག་ཕོ་མོ་ཐམས་ཅད་ཐོད་ཁྲག་ཐོགས། །དབུ་སྐྲ་རལ་པ་སྐེད་སོར་སླེབས། །ན་བཟའ་ཁྲ་བོས་སྟོད་གཡོགས་ལ། །སྐུ་སྨད་སྟག་གི་ཤམ་ཐབས་གསོལ། །ཁྲོས་པས་བསྒྲུབ་བྱའི་སྲོག་གཅོད་ཅིང་། །སྙིང་ཁྲག་
དྲོན་མོ་ཞལ་དུ་གསོལ། །གཙོ་མོ་དག་ནི་རེ་རེ་ལ། །འཁོར་ནི་དྲུག་དྲུག་སུམ་ཅུ་དྲུག །མཁའ་འགྲོ་བཞི་བཅུ་རྩ་གཉིས་ནི། །སྙིང་པོ་སྔགས་ཀྱིས་ཡིག་འབྲུ་བསྐྱེད། །གཏོར་མས་མཆོད་ཅིང་ཕྲིན་ལས་བཅོལ། །ཨརྒྷཾ་སྦྲེང་ཞིང་བསྒྲུབ་བྱ་བཏབ། །ཅེས་གསུངས་སོ། །ཡང་ཏིག་བཀོལ་བའི་རྒྱུད་ལས། བསྒོམ་པ་ལྷའི་དམིགས་གསལ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་མས། །བཟླས་པ་སྔགས་ཀྱི་དམིགས་གསལ་བཤད། །བསྙེན་སྒྲུབ་སྔགས་དང་ལས་ཀྱི་སྔགས། །མ་གྲུབ་གནད་ནས་བསྐུལ་བར་གསུངས། །བསྙེན་པ་ལྷ་བསྙེན་ཡི་དམ་སྔགས། །སྒྲུབ་པ་མཁའ་འགྲོའི་བཅུད་བསྡུས་པ། །ནམ་མཁའ། དྷ་ཀི་ནི་དྷཾ་དྷིཾ་དྷུཾ་དྷེཾ་དྷོཾ་དྷ། ར་ཀཱི་ནི་རཾ་རིཾ་རུཾ་རེཾ་རོཾ་ར། ལཱ་ཀི་ནི་ལཾ་ལེཾ་ལུཾ་ལེཾ་ལོཾ་ལ། ཀ་ཀི་ལྕགས་ནི་ཀཾ་ཀིཾ་ཀུཾ་ཀེཾ་ཀོཾ་ཀ །ཤིང་ས་ཀི་ནི་སཾ་སིཾ་སུཾ་སིཾ་སོཾ་ས། རླུང་ཧ་ཀི་ནི་ཧཾ་ཧིཾ་ཧུཾ་ཧེཾ་ཧོཾ་ཧ། ནི་ནི་ན་ནི་མ་ཧཱ་ཀཱ་ལི། གྷ་གྷ་རེ་བུ་ར་ལི་ཨི་པ་ཙ་མ་ས་ར་ལ། པ་ཏ་པ་ཏ། པོ་ཏི་ཀ་ཏི་ཀོ་ཏི་ཀ་པ་ཏ། པོ་ཏི་པོ་ཏི། དགྲ་བོ། མ་ར་ཡ་སི་སི་དུ་དུ་དཾ་དཾ་ཛ་ཛ་རྦད་རྦད། གསད་པ་དྲག་པོའི་ལས་ཀྱི་སྔགས། །ཀ་ནམ་མཁའ་ལྕགས་གཉིས་མེའི་དུས་སུ་བཟླས་ཌཱ་ཀི་ནི་གསུམ་སྔ་དྲོའི་དུས། །ར་མེ་དང་ཤིང་གཉིས་ལྕགས་ཀྱི་དུས་སུ་བཟླས། ས་ཁ་ནི་གསུམ་གུང་ལ་བཟླས། །ལ་ག །
ས་དང་རླུང་གཉིས། ཧ་ན་གསུམ་ཕྱི་འཕྲེད་བཟླས། །སྲོད་ཀ་དང་ཐོ་རངས་མཚན་གུང་གསུམ། །དུས་དྲུག་ཐུན་དྲུག་འབད་ལ་བཟླས། །བཟླས་ཉུངས་ཐུན་གྱིས་གཟུགས་ལ་བརྡེག །མ་ར་ཡ་ལ་མིང་རུས་གཞུག །སྔགས་ཀྱི་འོད་ཟེར་ལྷ་ལ་སྤྲོ། །ཁྲོས་ཅིང་བསྒྲུབ་བྱ་བསད་ཅིང་ཟ། །འཁོར་གྱི་མ་མོས་ལས་དྲུག་བྱེད། །ལྕགས་ཀྱུས་དགུག་ཅིང་ཞགས་པས་བཅིང་། །གྲི་གུག་ཐོད་པས་སྲོག་རྩ་གཅོད། །ཁྲམ་ཐོག་མས་ནི་རྒྱས་བཏབ་ནས། །ཤ་ཁྲག་གཙོ་བོའི་ཞལ་དུ་སྟོབ། །དམིགས་པ་དེ་དང་ལྡན་བྱས་ན། །གང་ལ་བསམ་པ་ཕུང་ཞིང་བརླག །དེས་ཀྱང་དགོངས་པ་མ་གྲུབ་ན། །མ་མོ་མཁའ་འགྲོའི་སྙིང་པོ་དྲུག །མཁའ་འགྲོ་ཁྲོས་པས་གནད་ནས་བསྐུལ། །བསྐུལ་བྱེད་གསང་སྔགས་འདི་ཉིད་བཟླས། །དྷཾ་རཾ་ལཾ་ཀཾ་པཾ་ཧཾ། རཾ་ལཾ་ཀཾ་པཾ་ཧཾ་དྷཾ། ལཾ་ཀཾ་པཾ་ཧཾ་དྷཾ་རཾ། ཀཾ་པཾ་ཧཾ་དྷཾ་རཾ་ལཾ། པཾ་ཧཾ་དྷཾ་རཾ་ལཾ་ཀཾ། པཾ་ཧཾ་རཾ་དྷཾ་ལཾ་ཀཾ། ཧཾ་དྷཾ་རཾ་ལཾ་ཀཾ་སཾ། དྷ་ཀི་ནི་ནཾ་ཁ་ར་ཀི་ནི་མེ། ལ་ཀི་ནི་ས། ཀ་ཀི་ནི་ལྕགས། ས་ཀི་ནི་ཤིང་། ཧ་ཀི་ནི་རླུང་། འབྱུང་བ་དྲུག་གི་ཡིག་འབྲུ་དྲུག །འབྱུང་བ་དཀྲུགས་པས་མཁའ་འགྲོ་འཁྲུགས། །ཌཱ་ཀི་ལ་སོགས་པ་དྲུག་གིས་དཀྲུགས་པའི་དྲགས་སྔགས་རེ་རེའི་མཐར། མཁའ་འགྲོའི་སྙིང་པོ་རེ་རེ་བཏགས། །བརྒྱའམ་སྟོང་དུ་བཟླས་བྱས་ནས། །རང་རང་
སྙིང་པོ་གནད་ནས་བསྐུལ། །ངེས་པ་ཁོ་ནར་ཤི་ས་སྟོན། །དྲགས་ན་རང་རང་ཚེ་ལ་གནོད། །འདི་ཡིས་ལས་ལ་ཐེ་ཚོམ་མེད། །རང་དབང་མེད་པར་ལས་ལ་གཟུགས། །ཞེས་གསུངས་སོ། །ཡང་ཏིག་བཀོལ་བའི་རྒྱུད་ལས། བཟླས་པ་སྔགས་ཀྱི་དམིགས་གསལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་མས། །བསྒྲུབ་པ་རྟགས་ཀྱི་དམིགས་གསལ་བཤད། །ལྡོག་པའི་རྟགས་ལ་རྣམ་པ་གསུམ། །གྲུབ་པའི་རྟགས་ལ་རབ་འབྲིང་གསུམ། །རབ་ཏུ་སྐུ་ནི་དངོས་སུ་སྟོན། །འབྲིང་ལ་འོད་དང་མེ་སྟག་འཕྲོ། །ཐ་མ་རྨི་ལམ་ལྟ་བུའོ། །ཐེབ་པའི་མཚན་མ་ཕྱི་ནང་གཉིས། །ཕྱི་རྟགས་དགྲ་བོ་ཕུང་ཞིང་བརླག །ནང་རྟགས་ཁུག་པའི་མཚན་མ་དང་། །སྲོག་གཅོད་ཤ་མར་ཟ་བ་རྨི། །ལྡོག་རྟགས་མཚན་མ་ལོག་པར་སྟོན། །སྒྲུབ་པ་པོ་ཡང་ཁྲོ་ཞིང་འཚིག །མཁའ་འགྲོ་ངུ་ཞིང་མདུན་ཆས་བྱེད། །སྒྲུབ་རྟགས་ཐོན་ནས་མཆོད་པ་བྱ། །ཐེབས་རྟགས་བྱུང་ན་ལས་ལ་སྦྱར། །ལྡོག་རྟགས་བྱུང་ན་ཚོགས་ཀྱིས་བསྐང་། །ཞེས་གསུངས་སོ། །ཡང་ཏིག་བཀོལ་བའི་རྒྱུད་ལས། མཚན་མ་རྟགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་མས། །སྲུང་བ་དམ་ཚིག་དམིགས་གསལ་བཤད། །སྤྱོད་པ་རྒྱུན་གྱི་དམ་ཚིག་དང་། །
བསྒྲུབ་པ་ཕྲིན་ལས་ཀྱི་དམ་ཚིག་དང་། །ལྟ་བ་ཕུགས་ཀྱི་དམ་ཚིག་དང་གསུམ་མོ། །སྤྱོད་པ་རྒྱུན་གྱི་དམ་ཚིག་ནི། །ལྷ་སྲུང་ལ་སྤོང་ལེན་མི་བྱ་ཞིང་། །སྒྲུབ་པ་འཕྲལ་གྱི་དམ་ཚིག་ནི། །སྒྲུབ་པ་པོ་རྣམས་འཁོན་མི་བྱ། །ལྟ་བ་ཕུགས་ཀྱི་དམ་ཚིག་ཏུ། །རྟག་ཏུ་ལྷ་དང་དམ་ཚིག་བཀུར། །བསྲུང་བའི་དམ་ཚིག་མ་ཉམས་ན། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །མ་མོ་མཁའ་འགྲོའི་དགོས་འདོད་བསྒྲུབ། །བསྙེན་སྒྲུབ་བཟླས་པ་མ་སྐྱོལ་བར། །དྲག་པོའི་ལས་ལ་སྦྱར་སྔས་པ། །དེ་ཡང་དམ་ཚིག་ཉམས་པའི་རྒྱུ། །རང་གིས་འདོད་པ་མ་བསྒྲུབས་པར། །ཟབ་མོའི་མན་ངག་གཞན་ལ་སྤེལ། །དེ་ཡང་དམ་ཚིག་ཉམས་པའི་རྒྱུ། །མ་མོའི་ཐེབ་ལྡོག་མི་ཤེས་པར། །དྲག་པོའི་ཐུན་ཟོར་འཕེན་པ་དང་། །མ་གྲུབ་གནད་ནས་བསྐུལ་བ་ཡང་། །མཁའ་འགྲོའི་ཆད་པ་འབྱུང་བར་འགྱུར། །དམ་ཚིག་ཉམས་ན་མི་འགྲུབ་སྟེ། །བསྐལ་པར་བསྒྲུབས་ཀྱང་ཐང་ཆད་དོ། །ཞེས་གསུངས་སོ། །ཡང་ཏིག་བཀོལ་བའི་རྒྱུད་ལས། དམ་ཚིག་དམིགས་གསལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྡོ་རྗེ་མཁའ་འགྲོ་མས། །དྲག་པོའི་ལས་ཀྱི་སྦྱར་ཀ་བཤད། །ཟོར་གྱིས་ལས་ལ་སྦྱར་བ་དང་། །དྲག་པོའི་ལས་ལ་སྦྱར་བ་དང་། །ཐུན་གྱིས་ལས་ལ་སྦྱར་བ་ནི། །སྔགས་དང་ཐུན་རྫས་
བརྡེག་པའི་དུས། །སྔགས་ནི་དྲུག་པ་ལས་ཀྱི་སྔགས། །འོད་ཟེར་ཐོག་དང་མེ་ལྕེ་འཕྲོ། །ཐུན་རྫས་དུག་དང་ཉུངས་ཀར་ཁྲག །དུག་དང་མཚོན་ཆར་བྱིན་གྱིས་རློབས། །དུས་ནི་ཉིན་ཕྱེད་ནམ་ཕྱེད་ན། །ཞེ་སྡང་ཁྲོས་པས་གཟུགས་ལ་བརྡེག །བསྲེག་པའི་བུད་ཤིང་མེ་དང་རྫས། །བུད་ཤིང་དུག་གི་ཚེར་མ་ཅན། མེ་ནི་རྨེ་ཡུགས་ཁྱིམ་ནས་བླངས། རྫས་ནི་ཤ་ཆེན་ལིང་ག་བསྲེག །སྔགས་ནི་རྩ་སྔགས་རེ་རེ་བཟླས། །ཐབ་ཁུང་དཀྱིལ་འཁོར་གྲུ་གསུམ་དབུས། །མཁའ་འགྲོ་མགོན་པོའི་ཞལ་དུ་གསོལ། །ཟོར་ནི་བཏང་ཁ་ཆ་བཞིར་བགོ། །ཆ་གཅིག་སྲེག་ཅིང་ཆ་གཅིག་མནན། །ཆ་གཅིག་དངོས་གྲུབ་རྟེན་དུ་བཟུང་། །ཆ་གཅིག་དགྲ་ལ་ཟོར་དུ་འཕང་། །མ་མོ་བསྐུལ་ཞིང་གཡབ་མོ་གདབ། །དེཡིས་ལས་ཀྱིས་འཆི་བ་ནི། །རྡོ་རྗེ་མཁའ་འགྲོ་ཉིད་ཀྱིས་གསུངས། །ཡང་ཏིག་བཀོལ་བའི་རྒྱུད་ལས། དྲག་པོ་ལས་ཀྱི་སྦྱོར་ཀ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་མཁའ་འགྲོ་མས། དཔལ་ནག་པོ་ཆེན་པོ་འཁོར་མ་མོ་དང་མཁའ་འགྲོ་མར་བཅས་པ་ལ་མངོན་པར་བསྟོད་དོ། །ལྷ་ལ་དགའ་བ་ཚོགས་ཀྱི་བདག །བསྟན་པ་སྲུང་བའི་མཁའ་འགྲོ་མ། །དམ་ལ་འདུ་བའི་མཁའ་འགྲོ་རྣམས། །ཁྱེད་ཀྱིས་སངས་རྒྱས་དམ་ཆོས་དང་། །
རྣལ་འབྱོར་དགེ་འདུན་བསྟན་པ་སྲུངས། །ཞེས་མངོན་པར་བསྟོད་པའི་ལེའུ་སྟེ་དགུ་པའོ།། །།མ་མོ་འཇིག་རྟེན་གཙུག་ལག་གི་རྒྱུད་ལས། ཡང་ཏིག་བཀོལ་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།
མཁའ་འགྲོ་མ་ལས་ཚོགས་ཕྲེང་བའི་རྒྱུད།
༄༅། །མཁའ་འགྲོ་མ་ལས་ཚོགས་ཕྲེང་བའི་རྒྱུད་ཅེས་བྱ་བ།
རྒྱ་གར་སྐད་དུ། ཌཱ་ཀི་ནི་ཀརྨ་ཨ་བ་ལི་ཏནྟྲ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་ལས་ཚོགས་ཕྲེང་བའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོའི་གནས་ཉིད་དུ། །རྡོ་རྗེ་མཁའ་འགྲོ་ནག་མོ་ལ། །མ་ཧཱ་ཀཱ་ལས་འདི་སྐད་ཞུས། །ཀྱེ། ཡེ་ཤེས་རྡོ་རྗེ་མཁའ་འགྲོ་མ། །སྲུང་དང་བཟློག་དང་དུལ་བ་དང་། །དབབ་བསད་མཁའ་འགྲོའི་ལས་ལྔ་པོ། །གཙོ་ཆེན་ནག་མོའི་བཤད་དུ་གསོལ། །ཞེས་གསོལ་བ་དང་། །རྡོ་རྗེ་མཁའ་འགྲོ་མས་བཀའ་སྩལ་པ། །མཁའ་འགྲོ་བསྒྲུབ་པའི་གང་ཟག་གིས། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །སྲུང་ཟློག་བསད་པ་གང་ཡང་འགྲུབ། །ཅེས་གསུངས་སོ། །ལས་ཚོགས་ཕྲེང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བསྲུང་བའི་ལས་བཤད་པ། །སྲིད་སྲུང་བ་དང་
ལོ་ཏོག་སྲུང་བ་དང་། །ནད་པ་སྲུང་བའི་ལས་དང་གསུམ། །སྲིད་སྲུང་ཁྱེའུ་གི་མ་མོ་ལ། །སྲུང་བྱེད་སེར་མོའི་སྐུར་བསྐྱེད་དེ། །མགུལ་དུ་སྲུང་བའི་འཁོར་ལོ་གདག །བཟླས་ཉུངས་ཐུམ་པོ་མགུལ་དུ་གདག །ཁྱེའུ་ལ་མགོན་པོའི་སྐུར་བསྐྱེད་དེ། །འཁོར་ལོ་བཟླས་ཉུངས་གོང་བཞིན་གདག ། བཟླས་པ་སྔགས་ཀྱི་ཞག་གྲངས་ཚད། །ཡིག་འབྲུའི་གྲངས་དང་མཉམ་པར་བཟླས། །འཁོར་ལོ་མ་མོའི་གཞལ་ཡས་ཁང་། །སྔགས་དང་ཡིག་འབྲུ་ལྷ་ཡི་སྐུ། །བྱིན་གྱིས་བརླབ་ཅིང་ལུས་ལ་གདག །ནད་པ་སྲུང་བ་དེ་བཞིན་ཏེ། །ཁྱད་པར་གནོད་བྱེད་འབྱུང་པོ་འདུལ། །ལོ་ཏོག་སྲུང་བའི་ལས་བྱེད་མ། །དུར་ཁྲོད་ཐལ་བས་བྲིས་པ་ཡི། །ད་ལའི་ནང་དུ་ལྷ་ཚོགས་བསྒོམ། །བཟླས་པ་འབུམ་གྱི་གྲངས་བརྗོད་ལ། །རྡུལ་ཚོན་ཕྱགས་ལ་གདོང་བཟློག་བྱ། །འཁོར་
ལོ་བྱིན་གྱིས་བརླབ་བྱ་སྟེ། །ཤྭ་བ་ཡུ་མོའི་ཐོད་པར་བཅུག་ལ་སྲུང་མཚམས་སྦ། །དེ་ཡི་ལས་ཀྱིས་ཐུབ་པར་འགྱུར། །མཁའ་འགྲོ་མ་ལས་ཚོགས་ཕྲེང་བའི་རྒྱུད་ལས། བསྲུང་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཟློག་པའི་ལས་བཤད་པ། །བདག་ཉིད་ཡི་དམ་ལྷར་གསལ་བ། །དམག་དང་བྱོལ་ཀ་ཕུར་ཟོར་གསུམ། །དམག་བཟློག་པ་ལ་མཚོན་ཆ་སྟེ། །གྲི་གུག་ལྷ་ཡི་སྐུར་བསྐྱེད་ཅིང་། །ཕྱོགས་སུ་ཁ་བལྟས་དྲག་སྔགས་བཟླས། །བྱོལ་པོ་བཟློག་ན་ཐོད་ཟོར་འཕང་། །ཐོད་པ་ཉུངས་ཐུན་བཀང་བ་ཕྱོགས་སུ་གཏོར། །ཕུར་ཟོར་བཟློག་ན་བདག་ཉིད་ནི། །དཀྱིལ་འཁོར་དབུས་སུ་ཡི་དམ་ལྷ། །མཁའ་འགྲོའི་ཕྱོགས་མཚམས་སྲུང་བྱེད་ཅིང་། །ཕྱིར་ལ་ཁ་བལྟས་བཟློག་པ་བསྒྱུར། །མགོན་པོ་ནག་པོའི་ཕྱི་རོལ་ན། །དམ་ཉམས་བཀུག་ནས་བསྒྲལ་བར་བསམ། །གཏོར་ཚུག་འོག་ཏུ་ལིང་ག་གཞུག །མ་ཧཱ་ཀཱ་ལའི་གཟུགས་ཀྱིས་མནན། །སྟབས་སུ་བྱུང་ན་གཏོར་མ་རྒྱག །བཟློག་པའི་ལས་ལ་ཐེ་ཚོམ་མེད། །མཁའ་འགྲོ་མ་ལས་ཚོགས་ཕྲེང་བའི་རྒྱུད་ལས། །བཟློག་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འདུལ་བའི་ལས་བཤད་པ། །ཕོ་རྒྱུད་མོ་རྒྱུད་ཀླུ་དང་གསུམ། །ཕོ་རྒྱུད་འདུལ་ན་མགོན་པོ་ལ། །མོ་རྒྱུད་འདུལ་ན་མ་མོས་བྱ། །ཁྱད་པར་ཀླུ་ལ་བྱ་ཁྱུང་སྤྲུལ། །བདག་
ཉིད་ཕྱག་ན་རྡོ་རྗེར་བསྒོམ། །སྤྱི་བོའི་གཙུག་ཏུ་བྱ་ཁྱུང་བསམ། །བྱ་བ་སྔགས་ཀྱི་ཤམ་བུ་རུ། །གསད་པའི་སྔགས་རྒོད་འདི་ཉིད་བཏག །ཨོཾ་བཛྲ་ཁྱུང་ནི་ཁྱུང་ནི། ཀ་ར་ན་ཀ་ར་ན། ཧབ་བྱ་ཧེབ་བྱ་ཧུབ་བྱ། ཆུམ་ནི་ཆུམ་ནི་བྱ་ཁྱུང་ཧ། བཛྲ་བཛྲ་ནན་སྭཱ་ཧཱ། རྟག་ཏུ་ཐུན་ཉིད་སྦྱིན་བསྲེག་བྱ། །རྒྱ་གྲམ་རླུང་ཡང་གནོན་འགྱུར་ན། །ཕལ་པའི་བགེགས་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །མཁའ་འགྲོ་མ་ལས་ཚོགས་ཕྲེང་བའི་རྒྱུད་ལས། གནོད་བྱེད་འདུལ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དབབ་པའི་ལས་བཤད་པ། །ལྟས་ངན་དབབ་དང་སེར་བ་དབབ། །གནམ་ལྕགས་ཐོག་གི་དབབ་ཐབས་གསུམ། །ལྟས་ངན་བདག་མོ་བྱ་རོག་མགོ། །སྟག་དང་སེང་གེའི་མགོ་བརྙན་མ། །ཐལ་ཆེན་མཎྜལ་གྲུ་གསུམ་པའི། །གྲུ་ལ་ལས་ཀྱི་མ་མོ་བཀོད། །ཕྱིར་ལ་ཁ་བལྟས་དེ་དབུས་སུ། །ཐོད་ཁྲག་ནང་དུ་ཐུན་གསུམ་བསགས། །མ་མོ་གསུམ་གྱི་སྔགས་བཟླས་ཏེ། །འཇིག་རྟེན་མ་གསུམ་ལས་ལ་རྦད། །མ་མོ་ཐོན་ནས་དགྲ་ལས་རྒྱལ། །ལྟས་ངན་སྣ་ཚོགས་འབྱུང་བར་འགྱུར། །སེར་བ་དབབ་པའི་ལས་བྱ་ན། །འཁོར་ལོའི་རྩེ་ལ་ཡུལ་མིང་བྲི། །ལྟེ་བར་ཡུལ་དཔོན་སེར་སྲུང་བྲི། །བཟླས་པ་སྔགས་ཀྱི་གྲངས་རྫོགས་ན། །འཁོར་ལོ་ཐོད་པར་བཅུག་བྱས་
ཏེ། །ཐུན་ཉུངས་བླུགས་ལ་སེར་གཏར་གཞུག །ཐོད་ཁྲག་གཉན་སར་ཐབ་ཏུ་བཀོལ། །བསྒྲུབ་པའི་གཏའ་གཏོར་ཟོར་དུ་འཕང་། །དེ་ཡི་ལས་ཀྱིས་འབབ་པར་འགྱུར། །གནམ་ལྕགས་དྲག་པོའི་ཐོག་དབབ་ན། །མ་ཧཱ་ཀཱ་ལའི་གཟུགས་བྱས་ཏེ། །ཀླུ་གནས་ཆུ་མིག་སྟེང་དུ་མནན། །གྲི་གུག་མཚོན་ལ་སྔགས་བཟླས་ཏེ། །དགྲ་ཡི་ཁྱིམ་དང་མཁར་ལ་བརྡེག །མཁའ་འགྲོ་མ་ལ་གསོལ་བ་གདབ། །ཐུན་ཟོར་གཏོར་མ་ཡུལ་དུ་འཕང་། །གནམ་ལྕགས་ཐོག་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །མཁའ་འགྲོ་མ་ལས་ཚོགས་ཕྲེང་བའི་རྒྱུད་ལས། དབབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསད་པའི་ལས་བཤད་པ། །དབྱེ་བ་དགུག་པ་གསད་པ་གསུམ། །དབྱེ་བ་བྱ་རོག་མགོ་ཅན་ཏེ། །བྱ་རོག་འུག་པའི་དང་རུ་ལ། །བྱ་རོག་མགོ་ཅན་སྔགས་བྲིས་ཏེ། །ཁ་དབྲག་ཤིང་གི་རྩེ་གཉིས་ལ། །བར་དུ་དགྲ་བོའི་ལིང་ག་ནི། །སྔོ་དམར་སྐུད་པས་བརྒྱུས་ལ་བརྒྱངས། །ནུབ་བྱང་མཚམས་ཀྱི་རླུང་ལ་ཕྱར། །སྐབས་སུ་གུ་གུལ་སྦྱར་མས་བདུག །ཏྲག་རག་ཤ་རུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ། ཀ་ཀི་ནའི་སྔགས་ལ་བཏག །བརྒྱའམ་སྟོང་གིས་ལྷ་དང་དབྱེ། །དགུག་པ་སྟག་མོ་ཞལ་གྱི་སྔགས། །ས་ཀི་ནི་ལ་འདི་བཏགས་བཟླས། །དགྲ་བོ་ནྲྀ་ཨཾ་ཀུ་ཤ་ཛ་ཛཿ ལྕགས་ཀྱུས་དགུག་ལ་གཟུགས་
ལ་བསྟིམ། །ཚོན་སྐུད་སྣ་ལྔས་བྱད་དུ་གཞུག །བསད་པ་སེང་གདོང་ནག་མོའི་སྔགས། །ཧ་ཀི་ནི་དང་ཚེ་བདུད་སྔགས། །སོ་ཏི་མ་ར་ཡ་དང་སྦྲེལ། །ཐུན་གྱིས་བྲབ་ཅིང་གཟུགས་ལ་བརྡེག །གྲི་གུག་མཚོན་གྱིས་སྲོག་རྩ་བཅད། །ཐོད་པས་སྙིང་ཁྲག་དྲོན་མོ་འཐུང་། །རྟགས་ལ་ཐུག་པར་ངན་སྔགས་བསྒྲུབ། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །ལས་ཀྱི་སྦྱོར་ཀ་གཞན་མ་ནི། །ཡང་ཏིག་བཀོལ་བར་ཤེས་པར་བྱ། །ལས་ཚོགས་ལྔ་པོ་གང་བྱེད་ཀྱང་། །མན་ངག་སྔགས་ཀྱི་དབྱེ་བ་གཅེས། །སྔགས་མེད་འགྲུབ་པར་མི་འགྱུར་ཏེ། །མཚོན་ཆ་མེད་པར་རྒོལ་བ་འདྲ། །ཏིང་ངེ་འཛིན་ནི་གོ་ཆ་ལ། །གདུག་པ་སྔགས་ཀྱི་མཚོན་ཆས་བརྡེག །དེས་ན་ངན་སྔགས་ལྡེ་མིག་དགོས། །བསད་པ་མཱ་ར་ཡ་ཡིན་ཏེ། །ཟློག་པའི་ལས་ལ་བྷྱོ་བྷྱོ་ཟློག །མནན་པའི་ལས་ལ་སྟྭཾ་བྷ་ཡ། །མི་ཕྱུགས་བསྲུང་ན་རུས་མིང་མཐར། །རཀྵ་རཀྵ་སྲུངས་ཤིག་གོ། །སེར་བ་དབབ་ན་འབའ་རི་འབའ་ཡ། ཐོག་སེར་མ་བུའི་ཚུལ་དུ་ཤེས། །སེར་བ་མ་ལ་ཐོག་ནི་བུ། །མ་བུ་དུས་མཉམ་འབབ་པར་འགྱུར། །དེ་ཚེ་སོ་སོའི་སྔགས་ཀྱི་མཐར། །ནག་པོ་ཆེན་པོའི་ལས་སུ་བསྟན། །ལྟས་ངན་འཇིག་རྟེན་མ་དང་འབྲེལ། །སྔགས་དང་ལྷ་ལ་ཐ་དད་མེད། །ངན་སྔགས་དབྱེ་བ་བསྟན་པ་སྟེ་ལེའུ་
དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་འཁོར་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་དང་ཐམས་ཅད་ཡི་རངས་ཏེ་མངོན་པར་བསྟོད་ཅིང་མི་སྣང་བར་གྱུར་ཏོ། །དཔལ་རྡོ་རྗེ་མཁའ་འགྲོ་མའི་ལས་ཚོགས་ཕྲེང་བའི་རྒྱུད་ལས། མངོར་པར་བསྟོད་པའི་ལེའུ་སྟེ་བདུན་པའོ།། །།མ་མོ་འཇིག་རྟེན་གཙུག་ལག་གི་རྒྱུད་ལས། ལས་ཚོགས་ཕྲེང་བའི་རྒྱུད་ལེའུ་བདུན་པའོ།། །།གསང་བའི་མན་ངག་རྒྱུད་ཀྱི་ཚུལ་དུ་བསྟན་པ་རྫོགས་སོ།། །།མཁའ་འགྲོ་མ་དྲུག་གི་རྒྱུད་ལས་ཚོགས་ཕྲེང་བའི་རྒྱུད་ལེའུ་བདུན་པ་འདི་ལ། གླེང་གཞིའི་ལེའུ་དང་གཅིག །སྲུང་བའི་ལེའུ་དང་གཉིས། ཟློག་པའི་ལེའུ་དང་གསུམ། གནོད་བྱེད་འདུལ་བའི་ལེའུ་དང་བཞི། དབབ་པའི་ལེའུ་དང་ལྔ། དབྱེ་བའི་ལེའུ་དང་དྲུག །རྒྱུད་བསྟོད་པའི་ལེའུ་དང་བདུན་ནོ། །དཔལ་ནག་པོ་ཆེན་པོ་ཉིད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་གསུངས། དེས་ཕྱག་ན་རྡོ་རྗེ་ལ་གསུངས། དེས་སློབ་དཔོན་ཀླུ་སྒྲུབ་ལ་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་བཟང་སྤྲིན་གྱི་ཡང་རྫོངས་སུ་གཏེར་ནས་ཕྱུང་བ་ཡིན། དེས་ཨརྱ་དེ་བ། དེས་ཀླུའི་བྱང་ཆུབ། དུས་འཁོར་བ། རྡོ་རྗེ་གདན་པ། ཨ་བྷྱ་ཀ་ར། ཙ་མི་ལོ་ཙཱ། དཔལ་རྒྭ་ལོ། བླ་མ་ཨ་སེང་དབང་ཕྱུག །བླ་མ་སོགས་པ། དཔལ་ཕག་མོ་གྲུ་པ། ཁམས་པ་གླང་སྟོན། སློབ་དཔོན་སྟོན་གཞོན། དེ་ལ་བདག་ཚུལ་ཁྲིམས་སྨོན་ལམ་གྱིས་ཞུས་སོ།། །།
དཔལ་ནག་པོ་ཆེན་པོ་ལ་མཁའ་འགྲོ་མ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས།
༄༅། །དཔལ་ནག་པོ་ཆེན་པོ་ལ་མཁའ་འགྲོ་མ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་ཞེས་བྱ་བ།
འདི་ཁྱད་པར་གྱི་སྒྲུབ་ཐབས་རྨད་དུ་བྱུང་བའོ། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལི་ཌཱ་ཀི་ནི་ཨཥྚ་སྭཱ་ཏ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ལ་མཁའ་འགྲོ་མ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ནག་པོ་ཆེན་མོ་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་དམ་ཚིག་ལྡན་པའི་སྔགས་པ་ཡིས། །དུར་ཁྲོད་དབེན་པ་ལ་སོགས་གནས་ཉིད་དུ། །བསྟན་པའི་སྡང་དགྲ་སྒྲོལ་བའི་ཕྱིར། །གསང་བའི་ལས་དྲགས་སྔགས་ འདི་བསྒྲུབ་པར་བྱ། །དུར་ཁྲོད་ས་ལ་དཀྱིལ་འཁོར་ནི། །མདའ་གང་གྲུ་བཞི་ས་ལ་གྲི་རྒོད་ཁྲག་གིས་བྱུག །དབུས་སུ་གྲུ་གསུམ་ཐུར་དུ་བྲུ། །རོ་སོལ་ཁྲག་དང་དུག་གི་བྱུག །གྲི་རྒོད་སྐྱེས་དར་མ་ཤི་བའི་ཐོད་པ་ལ། །ཡ་ཁབ་མ་ཁབ་གཉིས་སྟེང་འོག་གཉིས་བསྙེན་པ་བསྒྲུབ་པ་ལས་སྦྱོར་ཀྱི་ལས་སུ་དབྱེ། །བར་དུ་བསྒྲུབ་བྱའི་ལིང་ག་གཞུག །རོ་རས་དག་གིས་དྲིལ་
བར་བྱ། །ཕྱོགས་བཞི་འཚམས་བཞི་བརྒྱད་དུ་ནི། །པགས་པ་ཞིང་ངམ་རོ་རས་དག་ལ་ནི། །མཁའ་འགྲོ་བརྒྱད་ཀྱི་གཟུགས་བྲིས་ལ། །ཕྱོགས་མཚམས་བརྒྱད་དུ་གཟུགས་པར་བྱ། །དར་གྱིས་བརྒྱན་པའི་ཤ་ཁྲག་གཏོར་མ་དང་། །ལྕགས་ཕྱེ་དང་ཟངས་ཕྱེ་དང་རྡོ་ཕྱེ་དང་དུག །ཉུངས་དཀར་དང་ཉུངས་ནག་དང་སྐེ་ཚེ་ཏིལ་དང་། །ཁྲག་སྣ་སྣ་ཚོགས་ལྡན་པ་ཡི། །ཐུན་གྱིས་བཀང་བའི་ཐོད་པ་བརྒྱད། །ཕྱོགས་མཚམས་བརྒྱད་དུ་བཞག་པར་བྱ། །སྟེང་ནས་དར་ནག་གུར་དུ་དབུབ། །ཚིལ་ཆེན་མར་མེ་ཁ་བརྒྱད་དང་། །ཤ་ཆེན་གསུར་གྱི་དུད་པ་བཏང་། །ཧེ་རུ་ཀ་ཡི་ཏིང་ངེ་འཛིན། །ཤིན་ཏུ་གསལ་བར་བསྒོམ་བྱས་ལ། །མདུན་དུ་པདྨ་ཉི་མ་ཡི། །སྟེང་དུ་ནག་པོ་ཆེན་པོ་ཡེ་ཤེས་པ་བསྐྱེད། །དེའི་མཆོད་པ་དང་བསྟོད་པ་རྣམས་རྫོགས་པར་བྱས་ལ། །ཡེ་ཤེས་དང་
བཅས་བདག་ལ་གཞུག །བདག་གེ་ལྟེ་བར་ཐིམ་པར་བསྒོམ། །ཧེ་ཀུ་ཀ་དང་ཡེ་ཤེས་ཀྱི་མགོན་པོ་དེ་ཡི་བཀའ་ཉན་ལས་བྱེད་པ། །བདག་ཤ་ཟ་འཇིགས་སུ་རུང་བ་ནག་པོ་ཁྭ་ཏའི་གདོང་ཅན་ལ། །གཡས་གྲི་གུག་གཡོན་ཐོད་པ་འཛིན་བྱེད་པའི། །མགོ་བརྙན་དེའི་འཁོར་དུ་གཟུགས་ཀྱི་རྡོ་རྗེ་མཁའ་འགྲོ་བརྒྱད། །བསིལ་སྦྱིན་མ་སྔོན་མོ་ཤར་དུ་བྱ་རྒོད་གདོང་ཅན་མ། །ལྷོ་རུ་འུག་པའི་མགོ་ཅན་མ། །རྡོ་རྗེ་གཏུམ་བཟང་མོ་མཐིང་ནག་ནུབ་ཏུ་ཁྭ་ཏའི་གདོང་ཅན་མ། །ཤིན་ཏུ་གཏུམ་མོ་མཐིང་ནག་བྱང་དུ་ཁྱུང་གི་གདོང་ཅན་མ། །ཤར་ལྷོའི་མཚམས་སུ་སྟག་གི་གདོང་། །ལྷོ་ནུབ་མཚམས་སུ་ཕག་གི་གདོང་། །ནུབ་བྱང་མཚམས་སུ་སྤྱང་ཀིའི་གདོང་། །བྱང་ཤར་མཚམས་སུ་ཁྱི་གདོང་མ། །ཀུན་ཀྱང་གཅེར་བུ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་འཛིན་པ། །གཡོན་ཐམས་ཅད་ཐོད་རློན་ཕྲེང་ཐོད་དང་རུས་པའི་རྒྱན་ལྔས་བརྒྱན་པ། །འཁོར་དང་ཡང་འཁོར་སྤྲུལ་པ་བསམ་མི་ཁྱབ། །གནས་དུར་ཁྲོད་ལ་གནས་པའི་མཁའ་འགྲོ་དང་། །ཤ་ཟ་དང་ཞིང་སྐྱོང་གནོད་སྦྱིན་དང་། །སྲིན་པོ་ལ་སོགས་ཕྱོགས་སྐྱོང་བརྒྱད། །དེ་རྣམས་རྣམ་པར་བཀོད་པའི་ཚུལ་དུ་བསྒོམ། །དེ་ལ་རང་བཞིན་ཡེ་ཤེས་གཞུག་པ་དང་། །རང་ཉིད་ཧཱུྃ་གི་ས་བོན་ནག་པོ་ལས། །འོད་འཕྲོས་རང་བཞིན་གནས་དང་ནི། །དུར་ཁྲོད་བརྒྱད་ནས་བཀུག་ལ་བསྟིམ། །བདག་ཉིད་དེ་
རྣམས་ཀྱིས་བཀའ་ཉན་ཚུལ་དུ་བསྒོམ། །འཁོར་གྱི་མཁའ་འགྲོའི་མ་རྣམས་ཀྱི་བ་སྤུ་ལས། །ཕྱག་ན་ལྕགས་ཀྱུ་འཛིན་པའི་སྤྲུལ་པ་ནི། །མ་མོ་འབུམ་གྱི་ཚོགས་འཕྲོས་པས། །བསྒྲུབ་བྱའི་སྙིང་ལ་ལྕགས་ཀྱུས་རང་དབང་མེད་པར་མདུན་དུ་ཕུག །ནག་པོ་ཆེན་པོའི་ཐུགས་ཀ་ནས། །དེ་ཉིད་འདྲ་བའི་ནག་པོ་གཅིག །ཞིང་སྐྱོང་སྤྲོས་ནས་བསྒྲུབ་དུས་ན་བྱ་སྲུང་བྱེད་པའི། །ལྷན་ཅིག་སྐྱེས་མགོན་ལས་བྱེད་རྣམས། །སྐད་ཅིག་དེ་ལ་ཕྲལ་བར་བསྒོམ། །ཛཿཧཱུྃ་བཾ་ཧོཿས་ལྷ་མོ་བཞི། །ལིང་ག་ལ་ནི་དགུག་གཞུག་བསྟིམ། །བསྒྲུབ་བྱ་དེ་མགོན་སྐྱབས་མེད་ཅིང་ལུས་ཉམ་ཆུང་བ། །ལུས་ཐམས་ཅད་ལྕགས་སྒྲོག་དག་གིས་བཅིངས་པར་བསྒོམ། །དེ་ནས་གསང་སྔགས་བཟླས་པ་ནི། །ཏིང་ངེ་འཛིན་དང་མ་བྲལ་བར་བྱ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཁ་ཁ་ཌཱ་ཀི་ནི་ཨཱཥྚན། ས་མ་ཡ་མ་མ་རུ་ལུ་བཛྲ་ཙཀྲ་སརྦ་དུཥྚན་ནཱཾ། གྷྲི་ཧྞ་གྷྲི་ཧྞ། བྷན་དྷ་བྷན་དྷ། ཧ་ན་ཧ་ན། ཚིན་དྷ་ཚིན་དྷ། པ་ཙ་པ་ཙ། ད་ཧ་ད་ཧ། མཱ་ར་ཡ་མཱ་ར་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དུས་ཞག་བརྒྱ་པ་ལ་འབུམ་ཕྲག་གཅིག །བསྒྲུབ་བྱ་དགུག་གཞུག་བསམ་པ་ནི། །གསོད་དང་འཆིང་དང་བརྡེག་པ་དང་། །ཏིང་འཛིན་གསལ་བས་ཐུན་བཞིར་འབད། །ཐུན་མཚམས་གཏོར་མ་དབུལ་བ་ནི། །བསྲེག་སྦྱང་བཞུ་དང་བཀུག་པ་ལས། །སྔགས་
འདིས་གཏོར་མས་ཤིན་ཏུ་མཆོད་པར་བྱ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ། ཨི་དཾ་བ་ལིང་ཁ་ཁ་བཛྲ་ཌཱ་ཀི་ནི་མུ་ཁཱ་བྱ་ཏྲི། བཛྲ་ཌཱ་ཀི་ནི་མུ་ཁཱ་རུ་ལུ་དུ་ཌཱ། བཛྲ་ཌཱ་ཀི་ནི་མུ་ཁཱ་ག །བཛྲ་ཌཱ་ཀི་ནི་མུ་ཁཱ། བཛྲ་ཌཱ་ཀི་ནི་ཏྲི་ཏ་མུ་ཁཱ། བཛྲ་ཌཱ་ཀི་ནི་བཱ་རྭ་ཧཱ་མུ་ཁཱ། བཛྲ་ཌཱ་ཀི་ནི་ཀུ་ཀུ་ཤོ་ན་ར་མུ་ཁཱ། བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚན་མཱ་ར་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བརྗོད་པས་བ་ལིང་རྣམ་པར་འབུལ། །མཉེས་པར་བསམ་ཞིང་དེ་རྣམས་ལ་ཕྲིན་ལས་བཅོལ། །དང་པོ་རྟགས་ཀྱི་རིམ་པ་ལ། བྱ་རོག་དང་ཁྭ་ཏ་འུག་པ་དང་དང་། །ཁྲ་དང་ཧོར་དང་བྱ་རྒོད་དང་། །སྲིན་བྱ་དང་ལྕེ་སྤྱང་ཤ་ཟ་རྣམས། །སྒྲུབ་པོའི་གནས་སུ་རབ་ཏུ་འཁོར། །གཞན་ཡང་བུད་མེད་རྒྱན་ཅན་མང་པོ་དང་། །མི་ནག་མང་པོ་ཤིན་ཏུ་འཇིགས་པ་རྒྱུན་དུ་འོང་། །གོང་མ་དངོས་དང་འོག་མ་རྨི་ལམ་གཉིས་སུ་བཤད། །དེ་ནས་བསྒྲུབ་པ་བྱ་བ་ནི་ཞག་བདུན་དུ། །ཏིང་འཛིན་ལྡན་པའི་རྣལ་འབྱོར་པས། །ཧེ་རུ་ཀ་དང་ནག་པོ་བསྒོམ་པར་བྱ་བ་ཡིས། །འབད་པས་གསང་སྔགས་འདི་བཟླས་ན། །བརྒྱ་བྱིན་དག་གི་སྲོག་ཀྱང་གཡོ། །ཤིན་ཏུ་སྲ་བའི་རྡོ་རྗེའི་བྲག་ཀྱང་ཚལ་པར་འགས། །ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཨ་ར་ལི་ཤན་ཤན་དུ་ན་ལི་ཤན་ཤན། མཱ་ར་ཡ་མཱ་ར་ཡ། ཀ་ར་ཀ་ར། ཀཱ་ར་ཡ་ཀཱ་ར་ཡ། ཧ་ར་ཧ་ར། ཧ་ར་ཡཱ་ཧ་
ར་ཡཱ། ཐུམས་ཏང་ལིང་རྦད། མུགས་ཏང་ལིང་རྦད། ཤག་ཏང་ལིང་རྦད། ཧུ་ལུ་ཏང་ལིང་རྦད། ཚིན་དྷ་ལིང་ཏང་རྦད། ཛཾ་ཏང་ལིང་རྦད། སོ་ན་ཏང་ལིང་རྦད། ཧཱུྃ་ཏང་ལིང་རྦད། ཧཱུྃ་ཕཊ། ཅེས་ནི་བཟླས་པ་བྱེད་པ་ནི། །སྒྲུབ་ཁང་དུ་དགྲ་བོ་དངོས་སུ་ཁུག་པ་དང་། །ནང་གི་ལིང་ག་འགུལ་ཞིང་ཕྱིའི་ཐོད་པ་འགས། །བསྒྲུབས་པའི་རྟགས་སུ་ངེས་པར་བཤད། །དེ་རྣམས་ལས་ལ་སྦྱར་བ་ནི། །བདག་ཉིད་ཏིང་འཛིན་གསལ་བ་ཡིས། །ནག་པོ་ཆེ་དང་མཁའ་འགྲོ་མས། །མཚོན་ཆ་སྣ་ཚོགས་ཐོགས་ནས་ནི། །བསྒྲུབ་བྱ་དེ་གསོད་དང་ཤ་ཟ་མཚོན་ཆས་བསྣུན། །རྡུལ་ཕྲན་ཙམ་ཡང་མེད་པ་དང་། །གཞན་ཡང་བརྙས་བྱེད་གནོད་པ་དག །ཚར་བཅད་ལས་ཀྱིས་གཏུབ་པར་བསྒོམ། །བསྙེན་སྒྲུབ་གཉིས་ཀྱི་ཐུན་བཟླས་སྔགས། །ཐུན་གྱིས་ལས་ལ་སྦྱར་བས་ལིང་ག་བྲབ། །ཉིན་མོ་ལན་༣མཚན་མོ་ལན་༣དུས་གསུམ་དུ། །དྲག་ཏུ་ཁྲོས་པའི་སེམས་ཀྱིས་འཕྲོ་མ་ཆད་པར། །དྲག་སྔགས་འདི་ཐུན་ལ་བཟླས་པས་ངེས་པར་བསད། །ཨོཾ་མ་ཧཱ་ཀཱ་ལ་ཡ་ཐུམས་ལིང་རྦད། །ནྲི་ཙིཏྟ་མཱ་ར་ཡ་མཱ་ར་ཡ། སྲོག་ལ་ཧྲིཾ་ཧྲིཾ། རྣལ་མ་ནི་ལ། མ་ར་ཡ་ཏི་སོད། ནི་ཏི་སོད། དུན་ཏིང་མ་སོད། ཆུམས་ཏིང་སོད། དུ་ཏི་སོད། དུ་ཏི་སོད། ཆོཾ་ཀཾ་པ་ཡ་ཀཾ་པ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ།
བྷན་དྷ་ཡ་བྷན་དྷ་ཡ། ཤ་ས་པ་ཀ་པ་ན་སོད་སོད་ཧཱུྃ་ཧཱུྃ་ཕཊ་ཕཊ། དུས་དྲུག་གཏོར་མ་ཕུལ་བྱས་ལ། །ཕྲིན་ལས་བཅོལ་ལ་ལས་གཉེར་གཏད་བྱ། །ལས་སྦྱོར་གྱི་རྟགས་ནི་རྣམ་པ་འདི་རྣམས་འབྱུང་། །གཟུགས་ལས་དངོས་སུ་སྐད་འབྱིན་དང་། །སྒྲུབ་ཁང་ལ་བསེ་དྲི་མནམ་དང་ལིང་ག་ལ་མེ་འབར་དང་། །ཕྱིར་རླུང་ནག་འཚུབ་མ་འཚུབ་པ་དང་། །ཁྱི་ར་སྤྱང་ལ་སོགས་པ་སེམས་ཅན་མང་པོ་བསད་པ་དང་། །བྱ་ཁྲས་བྱ་རྣམས་བསད་པ་དང་། །རྟགས་རྣམས་རྫོགས་པར་བྱུང་བ་དང་། །དང་པོར་ཚེར་མ་ཅན་གྱི་མེ་ལ་བསྲེག །གཉིས་པ་དུག་ཤིང་བདུག་པའི་མེ། །གསུམ་པ་དུར་ཁྲོད་སོལ་བའི་མེ་གསུམ་བྱས་ལ། །དེ་ལས་ལིང་ག་ཆ་གཅིག་བསྲེག །ཆ་གཅིག་གཏོར་མར་བཅུག་པ་ནི། །ཡུལ་མཁར་དགྲའི་ཁང་པ་དག་ལ་ཟོར་དུ་འཕང་བར་བྱ། །དེ་ནས་སྦྱིན་སྲེག་ཐལ་བ་བསྡུས་པ་དང་། །ཆ་གཅིག་ནག་པོ་ཆེན་པོའི་ཏིང་འཛིན་གྱིས། །བྲག་དང་ཤིན་ཏུ་ཆུ་འཐབ་འཇིགས་པའི་ས། །ཆུ་མིག་ལྐུགས་པ་འདི་ཀླུ་ནག་པོ་དག་ལ་གཏད། །བདུན་རྒྱུད་རིགས་རྣམས་བརླག་པར་བྱེད། །ཡུན་རིང་འབད་པ་མི་དགོས་ཏེ། །བདུན་ཕྲག་གསུམ་གྱིས་འགྲུབ་པ་ཡིན། །དྲག་སྔགས་བསད་པའི་སྒྲུབ་པ་འདིས། །རྡོ་རྗེའི་སྐུ་ཡང་འཇིགས་བྱེད་ན། །སྐྱེ་འགྲོ་རྣམས་ནི་སྨོས་ཅི་དགོས། །སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་ཕྱི་ནང་གི་
བར་ཆད་སེལ། །བདག་ལ་དངོས་གྲུབ་གཉིས་འབྱུང་ཚུལ་ནི་ཚེ་རིང་ནད་མེད་དབང་ཕྱུག་འགྲུབ། །འཁོར་དང་ལོངས་སྤྱོད་རྒྱས་པ་རྣམས། །སྒྲུབ་པ་པོ་ལ་ཐེ་ཚོམ་མེད་པར་ངེས་པར་འགྲུབ། །རྒྱུ་མཚན་དེ་བས་འབད་པ་ཐམས་ཅད་ཀྱིས། །སངས་རྒྱས་མཁའ་འགྲོ་བརྒྱད་ཀྱིས་བསྐོར་བ་ཡི། །དཔལ་ནག་པོ་ཆེན་པོ་བསྒྲུབ་པར་བྱོས། །གང་གི་དོན་མཛད་ན་བསྟན་པ་གཉན་པོ་སྲུང་བའི་ཕྱིར། །ནག་པོ་ཆེན་པོ་བྱ་རོག་གདོང་ཅན་ལ། །དུར་ཁྲོད་བརྒྱད་ཀྱི་གཙོ་མོ་དག །མ་མོ་བརྒྱད་ཀྱིས་རབ་བསྐོར་བ། །སྒྲུབ་པའི་ཐབས་འདི་བདག་གིས་ནག་པོ་པའི་ཞལ་སྔ་ནས་བྱས། །འདི་ལ་འཁྲུལ་དང་ནོངས་པ་ཇི་སྙེད་རྣམས། །དཔའ་བོ་ཧེ་རུ་ཀ་འཁོར་ཡེ་ཤེས་མགོན་པོ་ལས་མགོན་དང་བཅས་བཟོད་པར་མཛོད། །དགེ་བསྔོ་འདི་ཡི་དགེ་བས་སངས་རྒྱས་ཀྱི། །བསྟན་པ་རབ་ཏུ་རྒྱས་གྱུར་ཅིག །མ་རུངས་ཚོགས་རྣམས་ཚར་བཅད་ཅིང་། །འགྲོ་རྣམས་འཁོར་ལོ་སྡོམ་པར་ཤོག །དཔལ་ནག་པོ་ཆེན་པོ་བྱ་རོག་གདོང་ཅན་ལ། ཌཱ་ཀི་མ་བརྒྱད་ཀྱིས་མངོན་སྤྱོད་བྱ་བའི་བསྒྲུབ་ཐབས། དངོས་གྲུབ་བརྙེས་པའི་སློབ་དཔོན་ནག་པོ་ཞབས་ཆེན་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དུས་ཀྱི་འཁོར་ལོའི་ཞབས་ཀྱི་ཞལ་སྔ་ནས། ལོ་ཙཱ་བ་མི་ཉག་སངས་རྒྱས་གྲགས་ཀྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་པཎྜི་ཏ་ལ་བྷས། དེས་
རོང་པོ་ལོ་ཙཱ་བ་དེས་དགེ་བཤེས་ངོར་རྗེ་དེས་དོལ་པ་ཤེའུ་དེས་སློབ་དཔོན་ཁྱུང་པོ། །དུ་བསྒྱུར་ཅིང་ཞུས་སོ། །དག་པར་གཏན་ལ་ཕབ་ནས་བོད་ཡུལ་དུའོ། །ལོ་ཙཱ་བས་སྣང་བར་བྱས་སོ། །དེ་ནས་རིམ་པར་བརྒྱུད་ནས། ཞུ་བན་བདག་ལ་བབས་པའོ། །
ཟུར་དེབ།
དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། དེ་ནས་མདུན་དུ་སྐད་ཅིག་གིས་དཔལ་མགོན་པོ་ལ་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས་ཏེ། ཤར་ཕྱོགས་ནས་བྱ་རྒོད་ཀྱི་མགོ་ཅན་མ་དང་། བྱང་ནས་ཁྱུང་གི་མགོ་ཅན་མ་དང་། ནུབ་ནས་ཁྲའི་མགོ་ཅན་མ་དང་། ལྷོ་ནས་འུག་པའི་མགོ་ཅན་མ་དང་། ཤར་ལྷོ་ཕག་གདོང་མ། ལྷོ་ནུབ་ཁྱི་གདོང་མ། ནུབ་བྱང་ནས་སྤྱང་གདོང་མ། བྱང་ཤར་སྟག་གི་གདོང་ཅན་མ་རྣམས་ནི་མཚམས་ཀྱི་ལྷ་མོ་སྟེ། ཐམས་ཅད་ནག་མོ་གྲི་ཐོད་ཅན། པད་ཉི་དང་རོའི་སྟེང་ན་ཞབས་བརྐྱང་བསྐུམ་གྱིས་བཞུགས་པའོ། །དེ་ཡང་བདག་གིས་བདུན་རྣམ་དག་གིས་མཆོད་པ་བྱས་ལ། གསོལ་བ་བཏབ་ནས་རང་
བཞིན་གྱི་གནས་སུ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་རང་ཉིད་ཡི་དམ་དུ་བསྐྱེད་པའི་མདུན་དུ་སྟོང་པའི་ངང་ལས་པཾ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས། གྲི་གུག་ཧཱུྃ་གིས་མཚན་པ་ལས། འོད་འཕྲོས་ནས་འགྲོ་བའི་དོན་བྱས་ཤིང་། གདུག་པ་ཅན་རྣམས་ཞི་བར་བྱས་ནས། འོད་ཚུར་འདུས་ནས་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་དཔལ་མགོན་པོའི་སྐུར་གྱུར་ཏེ། ཞལ་གཅིག་སྤྱན་གསུམ་པ་སྨིན་མ་འཁྱོག་ཅིང་བཞིན་ཁྲོ་གཉེར་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཕྱག་བཞི་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་རལ་གྲི་འཛིན་པ། གཡོན་གྱི་དང་པོ་ན་ཐོད་ཁྲག་འཛིན་པ། གཉིས་པ་ན་མདུང་རྩེ་གསུམ་པ་འཛིན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མགོ་བོའི་དོ་ཤལ་དང་། ཕྱག་རྒྱ་ལྔ་དང་། ཀླུ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པའོ། །འཁོར་ལྷ་མོ་བརྒྱད་དང་བཅས་པའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་མཆོད་ནས། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་ནས། སྐུ་གསུང་ཐུགས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། བླ་མའི་གདམས་པ་བཞིན་བཟླས་པ་བྱའོ། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་
བཟླས་སོ། །དེ་ནས་སྐྱོ་ན་གཏོར་མ་ཕུལ་ལ། ཡང་དག་པར་མཆོད་ནས། གསོལ་བ་བཏབ་ནས། ཡེ་ཤེས་པ་གཤེགས་ནས། དམ་ཚིག་པ་རང་ལ་བསྡུས་ལ། དགེ་བའི་རྩ་བ་བསྔོས་ལ་ཅི་བདེར་གནས་པར་བྱའོ། །དཔལ་མགོན་པོ་ལ་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་དབོན་རྩ་བ་ལ་དག་པར་གཏུགས་པར་མཛད་དོ། །ངོ་མཚར་རོ། །
དཔལ་ནག་པོ་ཆེན་པོ་ལས་གསང་བའི་རྒྱུད།
༄༅། །དཔལ་ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་བཞུགས་སོ། །
རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཀརྨ་གྷུ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་ནི་ཕུན་སུམ་ཚོགས་པ་ནག་པོ་ནི་འགྱུར་བ་མེད་པ་ཆེན་པོ་གོང་ན་གཞན་མེད་པ་ལས་ནི་ཕྲིན་ལས་བཞིས་དོན་བྱེད་པའོ། །གསང་བའི་ནི་སྣོད་མ་ཡིན་པ་ལ་རྒྱུད་ནི་འབྲེལ་བ་ཞེས་བྱ་བ།ནི་ཡིན་ཞེས་པ་ལགས་སོ། །བཞི་བཅོམ་དྲུག་ལྡན་མཐའ་ལས་འདས་རྡོ་རྗེ་ནི་ཆོས་ཉིད་མི་འགྱུར་བའི་དོན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྒྲོལ་བྱེད་ཆེན་པོ་རྡོ་རྗེ་འཆང་། དུར་ཁྲོད་རབ་ཏུ་ཁྲོས་པའི་གནས་ན་གདུག་པ་ཅན་འདུལ་ཕྱིར་བཞུགས་ཏེ། གནས་དེ་ཡང་ཕྱི་རྒྱ་ཆེ་བ། ནང་རབ་ཏུ་ཡངས་པ། ཡེ་ཤེས་སྣང་བ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། དེ་ཡང་ཤར་ཀེ་ཀེ་རུ་ཞི་བའིརང་བཞིན། ལྷོ་བཻ་ཌཱུརྱ་དྲག་པོའི་རང་བཞིན། ནུབ་པདྨ་རཱ་གའི་དབང་གི་རང་བཞིན། བྱང་ཨིནྡྲ་ནི་ལི་རྒྱས་པའི་རང་བཞིན། །ཆེ་བའི་ཡོན་ཏན་ཟུར་བཞི་ན་
གསེར་གྱི་ཅོག་བཞི་དང་ལྡན་པ། ཚད་མེད་བཞི་མཚོན་པའི་སྒོ་བཞི་རྟ་བབས་དང་ལྡན་པ། གཞན་ལྷུན་གྱིས་གྲུབ་པའི་བརྡར་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཕྱི་ནང་ཐམས་ཅད་གསལ་བ་སྒྲིབ་པ་མེད་པའི་ཡེ་ཤེས་མཚོན་། རབ་ཏུ་མཛེས་ཤིང་རྣམ་པར་བརྒྱན་པ་སྟེ། གཞལ་ཡས་ཁང་དེའི་ནང་ཡངས་པ། ཐོད་པ་སྐམ་པོ་དང་རློན་པ་བར་པ་གསུམ་གྱིས་བརྩིགས་པ་དུས་གསུམ་གྱི་རྒྱལ་བ་མཚོན། གང་གིས་ཀྱང་གཞིག་ཏུ་མེད་པས་གནམ་ལྕགས་འབར་བའི་གཟེར། མཚམས་སྦྱར་བའི་ཁྲག་ཆེན་གྱི་སྤྱིན། གླང་ཆེན་གྱི་ཞལ་བ་ཕྲིན་ལས་དུས་གསུམ་འབྱུང་བས་བུདྡྷའི་ཡོན་ཏན་གསལ། རྟ་ཁྲག་མི་ཁྲག་གི་བྱུག་པ་བྱས་པ། གདུལ་བྱ་རགས་པ་འདུལ་བས་གཟའ་ཆེན་པོ་བརྒྱད་ཀྱི་གདུང་དང་། གདུལ་བྱ་ཕྲ་བ་འདུལ་བས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ལྕམ། སངས་རྒྱས་ཀྱིས་བསྟན་པ་གསལ་བར་བྱེད་པས་ཕྱོགས་རེ་རེ་ནས་ཉི་ཟླ་གཉིས་ཀྱི་ཀ་ཞུ། ལོ་ཀ་པའི་རྒྱལ་བཙན་འདུལ་བས་རྒྱལ་པོ་
ཆེན་པོ་བཞིའི་ཀ་བ། ཁམས་གསུམ་ཟིལ་གྱིས་གནོན་པས་ཚངས་པ་དང་བརྒྱ་བྱིན་གྱི་ཀ་གདན། ཀླུའི་རྒྱལ་པོ་གདུག་པ་ཅན་འདུལ་བས་མཐའ་ཡས་དང་འཇོག་པོའི་སྒོ་སྐྱེས་བྱས་པ། ཀླུའི་རྒྱལ་པོ་དབང་དུ་སྡུད་པས་དགའ་བོ་དང་ཉེ་དགའ་བོའི་ཡ་ཐེམ་དང་མ་ཐེམ། ལྷ་མ་ཡིན་ཀུན་དྷ་ལི་བསྒྲལ་ནས་དབང་དུ་སྡུད་པས་སྒོ་ལེབ། མི་རྣམས་དབང་སྡུད་པས་ཞིང་ཆེན་གྱི་གཡང་གཞིས་ཐོག་ཕུབ་པ། དེའི་སྟེང་ཞིང་ཆུང་གཡང་གཞིའི་འཕན་བ་དན་གདུགས། ཉ་དང་སྦལ་པའི་ཟ་ར་བརྩེགས་གདུག་པ་ཅན་སྔར་བཏུལ་ཟིན་པ་མཚོན། ཤ་ལྔ་བདུད་རྩའི་ལྔ་ལ་སྤྱོད་པའི་རྟགས་སུ་རྟ་དང་མི་རོ་གཅལ་དུ་བཀྲམ་པ། གདུལ་བྱ་རྗེས་སུ་འཛིན་པས་རྣམ་སྣང་གཏི་མུག་གི་མུན་གཏིབས་པ། རིན་འབྱུང་ང་རྒྱལ་གྱི་བྲག་གཙེར་བ། དོན་གྲུབ་ཕྲག་དོག་གི་རླུང་འཚུབ་པ། སྣང་མཐའ་འདོད་ཆགས་ཀྱི་ཆུ་འབྲུབ་པ། ཞེ་སྡང་མི་སྐྱོད་པ་གི་མེ་འབར་བའི་གནས་ན། འཁོར་མཁའ་འགྲོ་མ་དང་། ཤེས་རབ་ཀྱི་འཁོར་མ་མོ་དང་། ཐབས་ཀྱི་འཁོར་གཤིན་རྗེ་དང་། བཀའ་ཉན་གསུང་སྡོད་ལྷ་སྲིན་ཕོ་ཉའི་ཚོགས་དང་། མཐུ་རྩལ་རྫུ་འཕྲུལ་ཕྲིན་ལས་ཐོགས་མེད་མྱུར་མགྱོགས་ཅན་ཤིན་ཏུ་མ་རུངས་པ་མཚོན་ཆ་མི་འདྲ་བ་སྣ་ཚོགས་པ་ཐོགས་པ་རྣམས་འཁོད་དོ། །ལ་ལ་དགའ་བའི་ཚུལ་གྱིས་དགོད་ལ་ལ་ལ་ངུ་། ལ་ལ་ནི་གླུ་ལེན། ལ་ལ་བཀའ་ཉན་པའི་ཚུལ་གྱིས་ནི་ཅི་བགྱི་ཞེས་བཀའ་སྡོད་དོ། །དེའི་ཚེ་བཅོམ་ལྡན་འདས་
སྒྲོལ་བྱེད་ཆེན་པོས་ཞུམ་པ་མེད་པའི་ལུས་སེམས་མཉམ་པར་བཞག་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཁོར་གྱི་ནང་ནས་གཙོ་བོར་གྱུར་པ་ཕྱག་ན་རྡོ་རྗེ་སྟན་ལས་བཞེངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས། །ཨེ་མ་ངོ་མཚར་བ་སྟོན་པ་སྒྲོལ་བྱེད་ཆེ། །ཞུམ་པ་མེད་ལ་བཞུགས་ཉིད་ཀྱང་། །འགལ་བྱེད་བསྟན་དགྲ་ཞིང་བཅུ་ཆམ་ལ་དབབ་པ་ནི། །སྒྲོལ་བྱེད་གིང་ཆེན་གང་གིས་བགྱི། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཞུམ་པ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་བཞིན་དུ་མ་གཡོས་པ་སྟེ། ཞལ་བཞི་པའི་ཐུགས་རྗེའི་རྣམ་འཕྲུལ་གདངས་དང་ལྡན་པར་མཛད་ནས། ཨེ་མ་ངོ་མཚར་བའི་ཚིག་གིས་བོས་པ་རྡོ་རྗེ་འཆང་ཆེན་པོ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །སྒྲོལ་གིང་མ་ཧཱ་ཀཱ་ལ་ཤིས། །ཞེས་འདི་སྐད་བཀའ་བསྩལ་ཏོ། །ཡང་རྡོ་རྗེ་འཆང་གིས། དེ་ཉིད་སྒྲུབ་ན་ཚུལ་ཇི་ལྟར་བསྒྲུབ། །དེ་ཡི་གསང་བའི་ཡུམ་ནི་གང་ལ་བགྱི། །དེ་ཡི་ལས་མཁན་ཇི་ལྟ་བུ། །དེ་ཡི་དཔོན་པོ་གཡོག་རྣམས་ཀྱི་གཉེན་པོ་གང་གིས་བྱ། །ཞེས་ཞུས་པས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། བསྒྲུབ་ལུགས་རྣམ་པ་དྲུག་ཏུ་སྒྲུབ། །ཡུམ་ནི་ཙན་ཏི་ནག་མོར་འདོད། །འཁོར་ནི་གདོང་ཅན་རྣམ་པ་གསུམ་ནག་པོ་སྟོང་ཤ་ཟ་འབུམ་མ་མོ་བྱེ་བ་ལ་སོགས། །
གཉེན་པོ་ལྷག་པའི་ལྷ་དཔལ་འཁོར་ལོ་སྡོམ་པ་ཡིན་ནོ། །ཞེས་བཀའ་བསྩལ་ཏོ། །ཡང་རྡོ་རྗེ་འཆང་གིས། ཨེ་མ་སྟོན་པ་ཐུགས་རྗེ་ཅན། །ཡེ་ཤེས་སེམས་དཔའ་གོང་དུ་སྒྲུབ་ལུགས་དྲུག་ཏུ་གསུངས་པ་ཇི་ལྟར་བསྒྲུབ། །འཁོར་རྣམས་འཇིག་རྟེན་ཇི་ལྟར་ལགས། །ཕྱི་ཡི་སྒྲུབ་པ་ཇི་ལྟར་བགྱི། །ནང་སྒྲུབ་ལ་ནི་གང་རྣམས་ཤིས། །གསང་སྒྲུབ་ལ་ནི་གང་རྣམས་ཤིས། །གསང་སྒྲུབ་དཀྱིལ་འཁོར་ཇི་ལྟར་བགྱི། །གསང་བ་བླ་ན་མེད་པ་ཡང་དག་ཡང་དག་པའི་སྒྲུབ་པ་ནི་གང་དང་གང་། །དེ་ལྟར་སྒྲུབ་པའི་ཚེ་བོད་དང་རྦད་དང་བསད་པ་གསུམ། །དུས་དང་རྟགས་ནི་ཇི་ལྟར་ལགས། །ཐོད་ནག་སྒྲུབ་པ་ཇི་ལྟར་ལགས། །ལྡོག་དང་སྲོག་གི་འཁོར་ལོ་གང་། །མནན་པའི་ཙཀྲ་དང་བསད་པར་བྱ་བ་གང་། །ཐུགས་དམ་བསྐང་བའི་གཏོར་མ་ཆོ་ག་གང་། །བསྙེན་སྒྲུབ་ཟབ་པའི་སྔགས་རྣམས་ཇི་ལྟར་ལགས། །གཞན་ཡང་སྲུང་བ་ཕྲ་མོའི་ལས་རྣམས་ནི། །བདག་གིས་མ་འཚལ་བའམ་མི་ཤེས་པའི་ཚུལ་དུ་མ་འོངས་པའི་དོན་དུ་ཞུ་བ་བཤད་དུ་གསོལ། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ཆོས་ཀྱི་བྱུང་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་སེམས་དཔའ་སྒྲུབ་པ་ཡིས། །དང་པོ་དངོས་གྲུབ་རྣམས་བླ་མ་ལས་འབྱུང་བས་བླ་མ་མཉེས་པར་བྱ། །དེ་ནས་དབང་རྣམས་ཐོབ་པར་བྱ། །དབང་ཐོབ་ནས་དམ་
ཚིག་ལྡན་པའི་རྣལ་འབྱོར་པས། །འདི་ཉམས་སུ་བླང་བའི་གདམས་ངག་བླ་མ་དགྱེས་པ་ལས་ཚུལ་བཞིན་མནོས་ནས་ནི། །དྲོད་མ་ཐོབ་བར་དབེན་ཞིང་ཡིད་འོང་དུར་ཁྲོད་ཀྱི་གནས་དག་གམ། །དྲག་པོ་ཆེན་པོའི་གནས་དག་ཏུ། །དྲག་པོའི་ལས་ཡིན་པས་ས་ནག་དག་ལས་དཀྱིལ་འཁོར་ནི། །ཕྲིན་ལས་རྒྱས་པའི་སྟེགས་དབྱིབས་ནི་གྲུ་བཞི་ལྷམ་པར་བྱ། །ཆོས་འབྱུང་གི་ཚད་ནི་ཆེ་ཆུང་གསུམ་གྱིས་ཤེས། །སྟེང་དུ་གྲུ་གསུམ་གྱེན་ལ་བརྩེགས། །མཐའ་རྒྱ་དང་གཏིང་གི་ཟབ་ཚད་རྣམས་ནི། །སོར་ནི་ཉི་ཤུ་རྩ་གཅིག་གོ། །རིམ་པ་གསུམ་དུ་ཤེས་པར་བྱ། །ཁྲག་སྣ་མི་ར་ཁྱི་གསུམ་དང་དུག་སྣ་གསུམ། །ལས་དང་བསྟུན་རོ་སོལ་དག་གིས་ནག་པོར་བྱུག །ནང་དུ་བཀྲ་ཤིས་ཤིང་བྱིན་རླབས་པའི་གཏོར་ཚོགས་བྱ། །འཁོར་ལོ་གནད་གྱི་ཙཀྲ་ལེགས་པ་གསུམ་གྱི་གདམས་ངག་བཅའ། །གཡས་སུ་སྲོག་བདག་བྱ་རོག་གདོང་མཐིང་ནག། །བྱ་དཀར་གསོབ་འདིས་སྣ་ཁྲིད་ནས་དཀར་པོའི་རིགས་དང་བཅས་པ་བཞག །གཡོན་དུ་བདུད་པོ་བྱ་རོག་གདོང་། །བྱ་རོག་ཕྲུ་གུ་ཚང་ནས་མ་འཕུར་བའི་གསོབ་རྟེན་ལ་དར་སྣས་བརྒྱན། །དམིགས་ཀྱིས་མིང་དུ་མི་རུང་ངོ། །མདུན་དུ་བདུད་པོ་བྱ་རོག་གདོང་། །སྐྱུང་ཀའི་གསོབ་དང་བཅས་པ་བཞག །ལྷོ་རུ་རྣལ་འབྱོར་སྒྲུབ་པོ་རང་ཉིད་སྟན་ལ་འདུག །སྨོན་པ་དང་འཇུག་པ་གཉིས་སུ་བྱང་ཆུབ་སེམས་བསྐྱེད་དེ། །བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་རྣལ་འབྱོར་བྱ། །བདག་ཉིད་སྟོང་ཡེ་ཤེས་ཀྱི་ཚོགས་པའི་ངང་ལས་ནི། །ལྷག་པའི་ལྷ་འཁོར་ལོ་སྡོམ་པ་རུ་བསྐྱེད་བྱས་ཏེ། །མདུན་དུ་གདན་གསུམ་བརྩེགས་པ་ལས། །གནས་པའི་ཡི་གེ་ཧཱུྃ་ནག་པོ། །བསམ་སྟེ་དེ་ཡི་འོད་ཟེར་གྱིས། །གདུག་པ་མ་ལུས་ཞི་བྱས་ཏེ། །འགྲོ་ཀུན་བདེ་བ་ལ་བཞག་ནས། །སླར་འདུས་ཧཱུྃ་ལ་ཞུགས་གྱུར་ཏེ། །ཡི་གེར་གྱུར་པ་སྐད་ཅིག་གིས། །བྱ་རོག་མིང་ཅན་ནག་པོ་ཆེ། །ཞལ་གཅིག་བིམ་པའི་འབྲས་བུ་དམར། །གཉིས་པ་རལ་གྲི་འཛིན་པའོ། །བདུད་བཞི་དང་དམ་ཉམས་ཀྱི་སྙིང་ཁྲག་འབྱིན་པའི་རྟགས་གཡོན་གྱི་དང་པོ་རཀྟ་ཡིས། །རབ་ཏུ་བཀང་བའི་ཐོད་པ་འཛིན། །གཉིས་པ་ཁ་ཊྭཱཾ་འཛིན་པའོ། །གདུག་པ་ཅན་ཚར་གཅོད་པ་སྟག་གི་པགས་པས་སྨད་དཀྲིས་ཤིང་། །འཁོར་བའི་གཡུལ་ལས་རྒྱལ་ཕྱིར་དབུ་སྐྲ་ཨག་ཚོམ་སྨིན་མ་སེར། །དུས་གསུམ་མཁྱེན་ཕྱིར་སྤྱན་གསུམ་རིན་ཆེན་སྦྲུལ་གྱིས་བརྒྱན། །སྣ་ཚོགས་པདྨ་ཉི་སྟེང་དུ། །དཔའ་བོའི་འདུག་སྟངས་ཀྱིས་གནས་པའོ། །དེ་ནས་རང་གི་ཐུགས་ཀ་ཡི། །ས་བོན་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །ལྷ་མོ་བཞི་ཡི་ཕྱག་རྒྱ་ཡིས། །མཆོད་ལ་ཛཿཧཱུྃ་བཾ་ཧོཿཡིས། །དགུག་བཞུག་བརྟན་དང་མཉེས་པར་བྱ། །སྤྱི་བོ་མགྲིན་པ་སྙིང་ཀ་རུ། །ཨ་དང་པྃ་དང་མྃ་
ལས་ནི། །ཟླ་བ་པདྨ་ཉི་མ་བསྒོམ། །དེ་སྟེང་ཡི་གེ་གསུམ་པོ་ལས། །སྐུ་དང་གསུང་དང་ཐུགས་དག་གི། །དབང་བསྐུར་བྱིན་རླབས་ལེགས་པར་གཞུག །ཡེ་ཤེས་སེམས་དཔའ་སྤྱན་དྲངས་པའི་དུས་སུ་མཆོད་ཅིང་བསྟོད། །ཙན་ཏི་ནག་མོ་ཡུམ་དག་ནི། །ལྷན་སྐྱེས་ཡུཾ་ལུས་དང་གྲིབ་མའི་ཚུལ་དུ་བསྐྱེད། །དེ་ཡི་བཀའ་ཉན་ཕོ་ཉ་ཡབ་ཡུམ་ནི། །དཀྱིལ་འཁོར་གྲུ་གསུམ་དག་ཏུ་ནི། །ཡི་གེ་ས་བོན་མེད་པར་ཡང་། །ཆུ་ལས་ཉ་ལྡང་ཚུལ་བཞིན་དུ། །གཟུགས་བརྙན་དག་ལས་འཁོར་རྣམས་རྫོགས་པར་བསྐྱེད། །དེ་ཡང་ལས་མཁན་ཇི་ལྟ་བུ་ཞེ་ན། །ཀུན་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །བྱ་རོག་གདོང་དེ་འཇིགས་པར་སྟོན། །གཡས་ན་གྲི་གུག་འབར་བ་ཡིས། །དམ་ཉམས་སྲོག་རྩ་གཅོད་པར་བྱེད། །གཡོན་པ་དམ་ཉམས་སྙིང་ཁྲག་གིས། །བཀང་བའི་ཐོད་པ་དམར་པོ་འཛིན། །ཞལ་ནས་ཧཱུྃ་དང་ཕཊ་ཅེས་སྒྲོགས། །དམ་ཉམས་ཀླད་པ་འགེམས་པར་བྱེད། །དེ་རྣམས་ཡེ་ཤེས་པའི་ལས་ཀྱི་མགོན་པོ་སྟེ། །རྒྱུད་འཇིག་རྟེན་པ་རུ་གྲགས་པ་ཡིན། །དེ་ལྟར་བསྙེན་པའི་སྦྱོར་བ་རྫོགས་པ་དང་། །གསང་སྔགས་ཡི་གེ་བདུན་པོ་ལ། །འབུམ་ཕྲག་གཅིག་ནི་རབ་རྫོགས་ནས། །སྐྱོ་ཞིང་དུབ་པར་གྱུར་པ་དང་། །ལྷ་ལ་གཏོར་མ་བསྔོས་ལ་འདོད་པའི་དོན་གསོལ་བ་
གདབ། །རྟགས་ནི་རབ་འབྲིང་མཐའ་གསུམ་པོ་གང་ཐོན་ཀྱང་། །ཐ་མ་ལས་ལ་སྦྱར་བར་བྱ། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་བསྙེན་པའི་ལེའུ་སྟེ་གཉིས་པའོ།། །།བསྙེན་པ་རྫོགས་པའི་རྗེས་དེ་ནས་ཡང་དག་བཤད་བྱ་བ། །དེ་ལྟར་བསྙེན་པ་རྫོགས་བྱས་ནས། །སྒྲུབ་པ་ལ་དཔའ་ཞིང་བརྟན་པའི་རྣལ་འབྱོར་པས། །ཕྱི་སྒྲུབ་ལས་འདི་བརྩམ་པར་བྱ། །དཀྱིལ་འཁོར་གྱི་ཚད་མདའ་གང་གྲུ་བཞི་ལ། །ཟུར་གསུམ་ཁྲུ་གང་གྱེན་ལ་བརྩིགས། །ཁྱབ་པར་བྱུག་དང་རྒྱན་རྣམས་ཚུལ་བཞིན་བྱ། །སྟེང་ནས་དར་ནག་གུར་གྱིས་དབུབ། །སྤྱི་དཀར་གཡག་ཁྱི་ལུག་ནག་ལྟེ་དཀར་ལ། །འཁོར་ལོ་བོད་རྦད་བསད་གསུམ་གྱི་སྔགས་ལྟེབས་ལ་སྙིང་པོ་ཉེ་སྙིང་མུ་ཁྱུད་མེ་རིའོ། །རིམ་གསུམ་གསེར་གྱིས་བྲི། །དབང་བསྐུར་རབ་གནས་བྱས་ནས་ནི། །དེ་ཡི་སྐེ་ལ་བཏགས་གྱུར་ན། །མགུ་ཞིང་ལས་རྣམས་བྱེད་པ་སྟེ། །སྔགས་བདུན་དང་བཅུ་གཅིག་ཡང་དག་བསྔགས། །བོད་པ་དེ་ཡི་ཤམ་བུའི་མཐའ་ལ། །རྒྱུད་དང་བཅས་པ་གྲངས་མ་ཆད་པར་བཟླས་པར་བྱ། །རྣལ་འབྱོར་བཞིའམ་གཉིས་ཀྱིས་ཡང་དག་གོ། །མྱུར་དུ་རྟགས་ནི་བྱུང་བ་ན། །ནམ་ཕྱེད་གཏོར་མ་བྱང་དུ་བཏང་། །རྣལ་འབྱོར་པ་ཡིས་དམོད་བཙུགས་ན། །ལས་རྣམས་མྱུར་དུ་འགྲུབ་པར་འགྱུར། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་ཕྱི་སྒྲུབ་ཀྱི་
ལེའུ་སྟེ་གསུམ་པའོ།། །།ཕྱི་སྒྲུབ་བཤད་པའི་རྗེས་དེ་ནས་ཡང་དག་བཤད་བྱ་བ། །ཕྱི་སྒྲུབ་ལས་ནི་རྫོགས་གྱུར་ནས། །ནང་སྒྲུབ་དཀྱིལ་འཁོར་བྲི་བར་བྱ། །ཇི་ལྟར་གྲུ་གསུམ་ཨེ་དང་བཅས་པ་སྟེ། །རྡུལ་ཚོན་དག་གིས་བྲི་བྱ་སྟེ། །དགྲ་བོ་ཉ་བོའི་གཟུགས་ཅན་འགྱེལ་བའི་སྟེང་། །རྩེ་མོ་མ་ཉམས་སྙུག་རྒོད་བཙུགས་བྱས་ལ། །བྱ་རོག་གསོབ་དང་སྙིང་དུ་བཅས། །རོ་རས་ལ་ཆེ་གེའི་ལིང་ག་བྲི། །སྔགས་བདུན་དང་བཅུ་གཅིག་པ་ཡིས་ནི། །དེ་ཡི་མཐའ་མར་འཁོར་བར་བྲི། །དེ་ཡི་མཐའ་རྟེན་རྦད་པའི་མཐའ་ཀ་བྲིའོ། །རྣལ་འབྱོར་ངག་ཏུ་བཞི་ཀ་དྲིལ་ལ་བཟླས། །སྙིང་ཁ་དང་རུས་པས་བརྒྱན་པ་ཡི། །གཏོར་མ་ཤིན་ཏུ་ཆེ་བ་གཉིས། །ལྷོ་དང་བྱང་དུ་བཞག་པར་བྱ། །དུས་ནི་ཉིན་ཕྱེད་མཚན་ཕྱེད་བསྔོས་ལ་བཏང་། །བསྐུལ་ཞིང་ཕྲིན་ལས་དྲག་ཏུ་བཅོལ། །དེས་ནི་མཚན་མ་མྱུར་དུ་སྟོན། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་ནང་སྒྲུབ་ཀྱི་ལེའུ་སྟེ་བཞི་པའོ། །ནང་སྒྲུབ་བཤད་པའི་རྗེས་དེ་ནས་ཡང་དག་བཤད་བྱ་བ། །གསང་བ་ཉིད་དུ་སྒྲུབ་པ་ནི། །ར་ལི་ལྤགས་པ་དག་ལས་ནི། །སྐྱེས་པ་གྲི་ཤི་དར་མའི་སྙིང་ཁྲག་གིས། །བདུན་དང་བཅུ་གཅིག་ཡི་གེ་བྲི། །སྙིང་གི་ཁོག་པ་བྱེ་མས་བརྒྱངས་ནས་ནི། །དེ་ཡི་ནང་དུ་སྲོག་སྔགས་གསུམ་མ་ཉམས་གཞུག །རིན་ཆེན་རྣམ་པ་ལྔ་
དང་ནི། །སྨན་དང་བདུད་རྩི་ཨ་མྲི་ཏ། །ལེབ་རྒན་དག་ཏུ་དྲིལ་ནས་ཀྱང་། །དེ་ཡི་སྟེང་ནས་གཞུག་པར་བྱ། །རྫས་གསུམ་ལྡན་པའི་གསང་རྟེན་འདི། །དང་པོ་གསང་བ་སྙིང་གི་ཤུན་པའི་སྣོད། །གཉིས་པ་དར་སྣ་ལྔ་ཡིས་དྲིལ། །གསུམ་པ་ཚོན་གྱི་སྐུད་པས་བསྡམ། །བྱ་རྒོད་སྒྲོ་ཡིས་འདི་ལ་གདགས། །ལེབ་རྒན་དར་དང་བཅས་པ་ཡིས། །བཏགས་ཏེ་མ་ཧཱ་ཀཱ་ལའི་རྟེན་དུ་གཟུགས་པར་བྱ། །དུས་ཕྱི་ནང་བསྙེན་པ་ཐོན་པ་དང་། །གཞན་གྱིས་མི་མཐོང་བར་རང་གི་ལུས་ལ་བཅང་། །དར་ནག་དག་གིས་དྲིལ་ལ་བཞག་ལུས་ལ་བཅང་བར་བྱ། །དུས་རྟག་ཏུ་མཆོད་དང་བསྟོད་པ་བྱ། །ནག་པོ་ཆེན་པོ་གསང་བའི་རྒྱུད་ལས་གསང་སྒྲུབ་ཀྱི་ལེའུ་སྟེ་ལྔ་པའོ། །གསང་སྒྲུབ་བཤད་པའི་རྗེས་དེ་ནས་ཡང་དག་བཤད་བྱ་བ། །གསང་སྒྲུབ་བླ་མེད་སྒྲུབ་དོན་དུ། །རྣལ་འབྱོར་པ་ཡིས་བརྩོན་པར་བྱ། །དང་པོར་སྡོམ་དང་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་བསྲུང་། །གཉིས་པ་དབང་བསྐུར་སེམས་བསྐྱེད་མ་ཉམས་པར་བྱ། །བསྟན་པ་བསྲུང་བར་དམ་བཅས་ལ། །དཀྱིལ་འཁོར་ཚད་མདའ་གང་དབྱིབས་གྲུ་བཞི་ལ། །དེའི་དབུས་གྲུ་གསུམ་ཁྲུ་གང་མདའ་འཕང་གང་གྱེན་ལ་བརྩེགས། །ཁོག་པ་སྟོང་པ་ཡངས་པར་བྱ། །ཁྱི་ཁྲག་མི་ཁྲག་ར་ཁྲག་གསུམ། །དུག་སྣ་བཙན་དུག་ར་དུག་ཐང་ཕྲོམ་གསུམ་དང་ཐལ་ཆེན་གྱིས། །ནང་དུ་
ཡོངས་སུ་བྱུག་པ་རྒྱས་པར་བྱ། །བོང་བུ་བུ་མོ་བྱ་མོ་དང་། །ཁྱི་མོ་ནག་མོ་གང་རྙེད་ཀྱི། །ཐོད་པ་གནམ་ས་མ་བྲལ་བར། །བསྒྲུབ་བྱའི་ལིང་ག་རྐྱང་བ་མིང་དང་བཅས། །ཁྱི་མོ་ནག་མོའི་ཐོད་པ་དེ་ལ་ཉ་བོ་གཞུག་པར་བྱ། །ཁྱི་མོ་ནག་མོའི་ཐོད་པ་ཡི། །མཚུལ་ལམ་དེ་ཡི་མགྲིན་པར་གཞུག །ལིང་ག་མཚན་ཉིད་ལྡན་པ་ཡང་དོང་གྲུ་གསུམ་པ་དེ་ནང་དུ་རེ་བ་དུམ་གཅིག་གདིང་། དེའི་སྟེང་དུ་ལིང་ག་བཞག་པར་བྱའོ། །ཁྱི་ནག་ཐོད་པར་གཞུག་པར་བྱ། །ཉི་ཟེར་ཚོན་སྐུད་ལྔ་ཡིས་ལས་སུ་བཀྲི། །བུ་མོ་རྡོ་རྗེའི་མདས་མ་ཕོག་པས་སྐྱོན་གྱིས་མ་གོས་པ་ཡི། །སྙིང་སྲོག་གི་རྩ་རྩ་ལག་མ་ཉམས་པའི། །འཁོར་ལོ་བཞིན་དུ་གསང་བའི་ཙཀྲ་དབུས་མར་བཅུག་ལ་ཐོད་པ་ཙཀྲའི་སྟེང་དུ་ཡར་སྟན་ལ་ཚུལ་བཞིན་བཞག །དེ་ཡང་བཅིང་བ་ཚོན་སྐུད་ལྔ་ཡིས་བསྡམ། །ཅི་སྟེ་དེ་ཡི་སྟེང་དུ་བཞག་པ་ནི། །ཐོད་པ་དུམ་བུ་གཅིག་པའོ། །དེ་ཡི་ནང་དུ་ལིང་ག་གན་རྐྱལ་གཞུག །གནད་ཀྱི་འཁོར་ལོས་སྟེང་ནས་དགབ། །མི་བསད་གྲི་ལྕགས་ལྕགས་ལས་བྱས་པ་ཡི། །གྲི་གུག་ཚད་དང་ལྡན་པ་ལ། །དེ་ལ་མཚལ་གྱིས་བྱུགས་ལ་བཞག །སོར་གྲི་གུག་བཅུ་ཧཱུྃ་གིས་མཚན་པ་རྡོ་རྗེ་ཕྱེད་ཡུ་བ་ཅན། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་གསང་བ་བླ་ན་མེད་པར་སྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།ལེའུ་དྲུག་པའི་རྗེས་དེ་ནས་ཡང་དག་བཤད་བྱ་བ། །གསང་བ་ཡང་དག་པ་
རུ་སྒྲུབ་འདོད་ན། །དེ་སྟེང་རོ་གཡམ་ལ་བྲིས་པའི་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་ལ། །གྲིར་ཤི་ཞིང་གིས་སྟེང་ནས་གཡོགས་ཤིང་གཏུམས་ལ་བཞག་གོ། །ཕུང་ཤུལ་མི་མང་པོ་བསད་པའི་ས་གསུམ་ནས་ས་བླངས་ལ། །ཞལ་བྱུག་ཆེན་བར་འཚམས་མེད་པར་སྙོམ་པར་བྱ། །རོ་སོལ་དང་དྲི་ཁྲག་མདའ་དུག་ལ་སོགས་གསུམ་གྱིས་བྱུག །འབྲུ་ནག་སྲན་མ་མེ་ཏོག་ཚོམ་བུ་བྱ། །དེ་ལ་དེ་སྟེང་ནག་པོ་ཆེན་པོ་ཡི། །རས་རིས་སམ་ལུགས་མ་སྐུ་རྟེན་སྟེང་ནས་བཞག །དབུལ་ཞིང་སྐུ་རྟེན་མེད་པར་གྱུར་ན་ནི། །དྲག་པོ་སྤྱོད་གོས་ནག་གྱོན་པའི་མི་དག་གིས། །ནུབ་བྱང་རླུང་ལྷའི་ཕྱོགས་ནས་རྡོ་རྡོ་རྗེ་སྨུག་ནག་བླངས་ལ། །དྲག་པོའི་བདུག་པས་བདུག་ལ་ཞལ་བསིལ་གྱིས་སྐུ་ཁྲུས་གསུམ་བྱ། །བསྐྱེད་དང་བསྟིམ་དང་དགུག་པ་དང་། །དང་པོ་ཡིད་ཀྱིས་མཆོད་ཅིང་བསྟོད་དེ་གང་འདོད་ཀྱི་གསོལ་བ་གདབ། །ཡི་གེ་མུན་པ་བཅུ་གཅིག་པ་ནི་ཤ་ས་ན་གསུམ་སྦྲེལ་ཞག་བདུན་བཟླས། །ཉིན་ལན་གསུམ་མཚན་ལན་གསུམ་མཆོད་པ་རྒྱ་ཆེན་པོ་དབུལ། །རབ་མ་ཧཱ་ཀཱ་ལའི་སྐུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་བར་ཆད་དངོས་སུ་སྲུང་བ་འོང་། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་གསང་བ་ཡང་གསང་བླ་ན་མེད་པ་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།ལེའུ་བདུན་པ་བཤད་པའི་རྗེས་སུ་དེ་ནས་ཡང་དག་བཤད་བྱ་བ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་པ་ཡི། །དམ་ཚིག་
ལྡན་པའི་སྔགས་པ་ཡིས། །དང་པོ་བོད་པ་བཞི་སྔགས་ཞག་བདུན་བྱ། །དུས་ནི་ཚེས་གྲངས་བཅུ་གཅིག་དག་ལ་ཤིས། །བོད་པ་གྲུབ་པའི་རྟགས་ནི་རྣམ་པ་གསུམ་ཡིན་ཏེ། །སྦྱོར་བའི་དྲུང་དུ་རབ་ནི་དངོས་སུ་འོང་བ་ཡིན། །འབྲིང་ནི་རང་ལ་སྒྲ་རུ་སྟོན་པ་ཡིན། །ཐ་མ་རང་གི་རྨི་ལམ་དག་ཏུ་འོང་། །དེ་ནས་བོད་པའི་རྗེས་ལ་རྦད་པ་སྔགས་སྒྲུབ་པ་ཞག་བདུན་བྱ། །དུས་ནི་ཚེས་གྲངས་ཉི་ཤུ་གཉིས་ལ་ཤིས། །རྦད་པ་གྲུབ་པའི་རྟགས་ནི་རབ་འབྲིང་གསུམ་དུ་གསུངས། །མོན་དང་ཨ་ཙ་ར་ནག་པོ། །དགོད་ཅིང་ཅི་བྱེད་ཟེར་བ་རབ། །ལྕགས་ཅན་ཁྱིམ་ཕྱིར་བསྐོར་བྱས་འབྲིང་། །བྱ་ནག་མང་པོ་འཁོར་ཞིང་ལྡིང་། །ཐ་མའི་རྟགས་སུ་ཤེས་པར་བྱ། །རྦད་པའི་རྗེས་ལ་དེ་ནས་གསད་པ་ཞག་བདུན་བྱ། །ཚེས་གྲངས་དུས་ནི་ཉི་ཤུ་བརྒྱད་ལ་ཤིས། །རྟགས་ནི་རྣམ་པ་གསུམ་ཡིན་ཏེ། །ཤིང་གཅོད་རྡོ་གཅོག་ཤ་བགོས་རབ། །ཞུབ་ཅན་མང་པོས་རང་གི་དམག་སྣ་འདྲེན་པ་དང་། །ཁྱི་ནག་དྲུང་འོང་འབྲིང་གི་རྟགས། །རང་དང་ནག་པོའི་ཚོགས་ཀྱིས་ལིངས་དང་ཁྱི་ར་བྱེད་པ་ནི། །ཐ་མའི་རྟགས་སུ་ཤེས་པར་བྱ། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས། བོད་རྦད་བསད་པ་གསུམ་གྱི་དུས་སུ་རྟགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །ལེའུ་བརྒྱད་པ་བཤད་པའི་རྗེས་སུ་དེ་ནས་ཡང་དག་བཤད་བྱ་བ། །ལས་སྦྱོར་ཐོད་པ་ནག་
པོ་སྒྲུབ་པའི་ས། །མཚན་ཉིད་བསྟན་པ་འདི་ལྟ་སྟེ། །ཁྱིམ་བྱས་ནས་བུ་བུ་མོ་གང་ཡང་མེད་པ་རབས་ཆད་ནག་པོའི་ཐོད་པའམ། །མཛེ་ཐོད་མོན་ཐོད་གང་ཡང་རུང་། །ཡང་ན་རྒྱུ་མེད་ཐོད་པའོ། །ཐོད་པ་དེ་ཡི་ནང་དུ་གཞུག་རྫས་ནི། །དགྲ་བོའི་རྐང་རྗེས་རེང་ལ་སོགས་དྲི་མ་ཆེ་ཆུང་ངར་སྣབས་སོགས་ཟག་པའི་རྫས་དྲུག་ནི། །བག་ཟན་དག་ལ་ཉ་བོའི་གཟུགས། །དེ་ཡང་སོར་བཞིའི་ཚད་ཀྱིས་ཏེ། །ལིང་ག་དེ་ཡི་སྙིང་ཁར་གཞུག་པ་ནི། །གནད་ཀྱི་འཁོར་ལོ་འོག་མའི་སྟེ། །སྲོག་གི་འཁོར་ལོ་སྟེང་ནས་དགབ། །དམིགས་པའི་ལིང་ག་བར་དུ་གཞུག །ཚོན་སྐུད་ལྔ་ཡིས་དམ་དུ་བཅིང་། །སྙིང་ཁར་བཅུག་ལ་མི་མངོན་བྱ། །ལིང་ག་དེ་ཉིད་ཐོད་པའི་ནང་དུ་འོ། །ཐོད་པ་དེ་ལ་གྲུ་གསུམ་གྱི་ནང་དུ་གཞུག །ཕོ་ཐོད་གཡས་ལ་མོ་ཐོད་གཡོན། །ཡང་གཅིག་ཐོད་པ་མཚན་ངན་དུ། །དྲག་པོའི་རྫས་ཡུངས་དཀར་ཡུངས་ནག་སྐེ་ཚེ་དང་། །ཤང་ཚེ་ཟི་ར་ནག་པོ་དང་། །རྡོ་རྗེ་ལྕགས་ཟངས་ཕྱེ་མ་གསུམ་དང་སྦྲུས་ལ་བླུག །གྲི་ཁྲག་ལ་སོགས་ཁྲག་སྣ་ཚོགས། །ཚ་བ་གསུམ་དང་དུག་སྣ་ཚོགས། །དྲག་པོའི་ཐུན་རྫས་འཚོགས་པར་བསམ། །བདག་ལྷར་བསྐྱེད་གཡོག་འཁོར་ལས་མགོན་བསྐྱེད་པ་དང་། །མཆོད་རྫས་ཀྱི་བཅའ་བའི་རིམ་པ་རྣམས། །སྐལ་ལྡན་སྔགས་པས་བླ་མའི་ལུང་ལས་ཤེས་པར་གྱིས། །ཐུན་ནི་བདུན་ཕྲག་ཞེ་
དགུ་བདུན་གྱིས་གདབ། །མ་ཡེངས་ཞག་བདུན་དུས་བཞིར་གདབ། །མི་ཚིག་སྤང་བ་རབ་ཏུ་གཅེས། །ལུས་ཀྱི་དྲི་མ་བཀྲུ་མི་བྱ། །ཕྲིན་ལས་བཅོལ་བའི་ལས་རྣམས་ཤེས་པར་གྱིས། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་ཐོད་པ་ནག་པོའི་སྒྲུབ་པ་དང་དཀྱིལ་འཁོར་གྱི་ལས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ལེའུ་དགུ་པ་བཤད་པའི་རྗེས་ལ་དེ་ནས་ཡང་དག་བཤད་བྱ་བ། །ནང་ལ་བྲི་ན་དུར་ཁྲོད་རས་སམ་ཞིང་ལྤགས་ལ། །དང་པོ་གནད་ཀྱི་འཁོར་ལོ་བྲི། །ཚད་ནི་མཐོ་གང་དག་ཏུ་བྱ། །རྩིབས་དང་ལྟེ་བ་མུ་ཁྱུད་བཅས། །རིམ་པ་གསུམ་དང་ལྡན་པར་བྱ། །དང་པོ་འཁོར་ལོའི་ཡི་གེ་སྔོན་པོའི་ལྟེ་བ་ལ། །བདུན་པ་ཆེ་གེ་མོའི་མཐའ་རྟེན་བཅས་པ་བྲི། །གཉིས་པ་ཙཀྲ་དེ་ཡི་མུ་ཁྱུད་ལ། །བོད་པའི་ཡི་གེ་བཅུ་གཅིག་པ། །དེ་ཡང་ག་གེ་མོའི་མིང་མཐའ་རྟེན་བཅས་པ་བྲི། །ཙཀྲ་ཕྱི་མ་དེ་ཡི་མུ་ཁྱུད་ལ། །འཁོར་ལོ་རྩིབས་ནི་བརྒྱད་པ་བྲི། །གསད་པའི་སྔགས་ཀྱིས་ཙཀྲ་འཁོར་བར་བྲི། །རྩིབས་མཆན་བརྒྱད་ལ་རྦད་བརྒྱད་བྲི། །གནད་ཀྱི་འཁོར་ལོ་དམ་པར་བཤད། །སྲོག་གི་འཁོར་ལོ་མདོར་བསྟན་འདི་ལྟ་སྟེ། །འཁོར་ལོ་རྒྱས་བཤད་རིམ་པ་གསུམ་དུ་བྲི། །དེའི་དང་པོའི་ལྟེ་བ་ལ། །ཟ་བྱེད་ཕོ་ཉ་ཁ་སྦྱོར་དག་ཏུ་བྲི། །ཕོ་ཉ་གཅིག་གི་བར་དུ་མ་ཉེས་རྣལ་འབྱོར་པས་ཤགས་ཀྱང་གདབ། །དེ་ཡི་
ཕྱི་རིམས་མུ་ཁྱུད་ལ། །གསང་བའི་ཡི་གེ་བདུན་པ་བྲི། །རྩིབས་བཅུ་དག་དང་ལྡན་པར་བྱ། །འཁོར་གྱི་སྦད་སྔགས་བྲི་བར་བྱ། །དེ་ཡི་མུ་ཁྱུད་ཕྱི་རིམ་ལ། །གསང་བའི་ཡི་གེ་གུ་ཎ་ཧྲི་ད་བཅུ་གཅིག་པ། །སྲོག་གི་མཇུག་བསྡུ་བ་འཁོར་ལོ་དམ་པར་བཤད། །མནན་པའི་འཁོར་ལོ་རྩིབས་བཞི་པ་དོན་ལ་ཤེས། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་འཁོར་ལོའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དུས་དང་པོ་གསང་བའི་ལས་བསྟན་པ། །ཚུལ་དང་ལྡན་པའི་རྣལ་འབྱོར་པས། །གསད་པའི་ལིང་ག་མཚན་ཉིད་ལྡན་པ་བྲི། །མདོར་བསྟན་ཆིངས་བཞིས་བཅིངས་ལ་དུ་བས་བདུག ། མཛེ་སྐྲ་མི་ཡི་རྒྱུས་པ་དང་། །ར་བལ་ཁྱི་བལ་བཞི་ཡིས་བཅིངས། །གུ་གུལ་ཁྱི་ལུད་རྟ་བོན་པོ། །བཙན་དུག་དག་དང་དུད་པ་བཞི་ཡིས་བདུག །ལིང་ག་ལྷ་དང་ཕྲལ་ནས་ཐོད་ནག་ནང་དུ་གཞུག་པར་བྱ། །མཚན་མ་དང་རྟགས་རྫོགས་པའི་རྣལ་འབྱོར་པས། །སྲོག་བདག་བདུད་ནུབ་ཤ་ཁྲག་གཏོར་མ་ཤར་དང་ནུབ་ཐམས་ཅད་དྲིལ་བའི་གཏོར་མ་དབུས་སུ་མ་ཧཱ་ལའོ། །གཤིན་རྗེ་སྙིང་དང་ཚིལ་བུ་གཟའ་ལྷོ་དང་བྱང་། །དང་པོ་རེ་ལ་བོད་རྦད་ཕྲལ་གཉིས་པ་གཉིས། །དུས་གསུམ་པ་བཞི་རུ་ལས་ཀྱིས་བསྐུལ། །ཕྱག་བཞི་པའི་གཞི་སྙིང་དྲིལ་ལ་བཟླས་པ་བྱ། །འཁོར་གྱི་སྦད་སྔགས་ལ་ནན་ཏན་བསྐྱེད། །དང་པོ་ཐུན་གྱིས་བསྣུན་ཅིང་
གསད་པར་བྱ། །གཉིས་པ་རྣོ་བའི་གྲི་གུག་མཚོན་གྱིས་གསད། །གསུམ་པ་གྲི་གུག་ཚད་ལྡན་དག་གིས་གཏུབས། །ལྕེ་མ་འདྲེས་སྨྲ་བཅད་བྱས་པའི་སྔགས་པ་གཉིས། །དུས་ཞག་བདུན་འབད་དེ་བསྒྲུབ་པར་བྱ། །དེ་ཡི་རྟགས་ཀྱང་འདི་ལྟ་སྟེ། །རྫིང་འབུགས་པ་དང་ཤིང་གཅོད་དང་། །ཤ་བགོས་བྱེད་དང་ཀུས་འདེབས་དང་། །དབང་པོ་དོན་སྙིང་ཟ་བ་འབྱུང་། །དེ་ལྟ་བུ་ཡི་རྟགས་ཐོན་ནས། །སྦྱིན་སྲེག་ལས་ཀྱིས་གསད་པར་བྱ། །བསད་པའི་བཤད་པ་དཀྱིལ་འཁོར་དེ་ཉིད་དུ། །ཚེར་མ་ཅན་གྱི་ཤིང་ཉིད་ལ། །གྲུ་གསུམ་དྲག་པོ་སྲིན་མོའི་འགྲོས་གཟུགས་སུ་བརྩིག ། གཞན་ཡང་དྲག་པོའི་རྫས་རྣམས་ལིང་ག་བཞི་ལ། །གྲི་རྒོད་དག་ཏུ་ཤི་བ་ཡི། །ཤ་དང་རུས་པ་ཁྲག་དང་ནི། །ཚིལ་ལ་སོགས་པ་མ་ལུས་ཀུན། །སྒྲུབ་པ་པོ་ཡི་གཡས་སུ་ལིང་ག་བཞི་བཞག །དུག་དང་སྐེ་ཚེ་ཉུངས་ནག་སོགས། །སྒྲུབ་པ་པོ་ཡི་གཡོན་དུ་བཞག །དུར་ཁྲོད་རས་སམ་ཞིང་ལྤགས་ལ། །ཆྒཻ་མོ་ཡི་གཟུགས་བྲིས་ཏེ། །བཀྲ་མི་ཤིས་པའི་ཐོད་པར་གཞུག །མ་ཧཱ་ཀཱ་ལ་འཇིགས་པའི་གཟུགས། །ནག་པོ་ཆེན་པོ་བསྒོམ་པར་བྱ། །མཆེ་གཙིགས་ཞལ་ནི་བསྒྲད་པའོ། །ཐབ་དེའི་ནང་དུ་ནང་དུ་དྲག་པོའི་སྦྱིན་སྲེག་བྱ། །སྔགས་ཀྱི་སྒྲུབ་པའི་དུས་ཀྱི་ལིང་ག་ཡང་། །མི་བསད་མཚོན་གྱི་གྲི་
གུག་གིས། །དུམ་བུར་གཏུབ་ཅིང་སྦྱིན་སྲེག་བྱ། །ཞག་གསུམ་བདུན་དུ་དེ་ལྟར་སྦྱིན་སྲེག་ཀྱིས་བསད་པ་རྫོགས་པ་དང་། །ཆ་གསུམ་མཉམ་རྗེས་གང་གི་ཕྱིར། །ལིང་ག་མང་ན་གནད་མི་ཐེབས། །སྲེག་རྫས་མང་ན་ལས་ལས་འགྱངས། །སྔགས་མང་རང་ལ་ལྡོག་པའི་ཕྱིར། །དེ་ལྟར་མཚན་ཉིད་ལྡན་པ་གཅེས། །རྗེས་མནན་པའི་ལས་མདོར་བསྟན་བྱ།དེ་ནས་མནན་པའི་ལས་རྣམས་བྱ། །ཆ་གསུམ་བྱས་པའི་མགོ་བོ་དང་བསྡེབས་ཏེ་དང་། །ཡང་གཅིག་གསར་པ་བྱས་པ་ཡིས། །བསྡེབས་ཏེ་གོང་ལྟར་དུ་བཅིང་བ་བཞི་ཡིས་བཅིང་། །དེ་ལྟར་ལིང་ག་ཆས་བཅུག་ནས་མཛེ་མོའི་ཐོད་ནག་གཞུག །སྦྱིན་སྲེག་ཁུང་ཐལ་བས་ཁ་བཀང་ལ། །དེ་ལ་མནན་པའི་སྔགས་དག་དང་། །ཕྱི་རོལ་སྔགས་རྣམས་རྫོགས་པར་བྲི་མནན་པའི་མཐའ་རྟེན་དང་བཅས་པས་མནན་པའི་ཙཀྲའོ། །མཛེ་ཐོད་དང་རེ་བས་དྲིལ་ནས་ནི། །མ་ཧཱ་ཀཱ་ལའི་རྟེན་གྱི་མདུན་དུ་བཞག །ལིང་ག་དེ་ལ་རྣལ་འབྱོར་པ་ཡིས་ཀྱང་། །བདག་སྐྱེད་མདུན་བསྐྱེད་ལ་གོང་ལྟར་བྱས་ལ་བཞི་སྙིང་དྲིལ་ལ་ཉིན་ཞག་བདུན། །མཐའ་རྟེན་བསྙེན་པའི་སྔགས་དང་བཅས། །མི་ཚིག་སྤངས་ཏེ་བཟླས་པར་བྱ། །དེ་ཡི་རྟགས་ཀྱང་འདི་ལྟ་སྟེ། །རི་རབ་རྩེ་ལ་འཛེགས་པ་དང་། །མཚོན་ཆ་སྣ་ཚོགས་ཐོགས་པ་དང་། །མེ་ཏོག་སྣ་ཚོགས་འཐུ་བ་དང་། །རྡོ་རྗེ་སློབ་དཔོན་བྱུང་བ་དང་། །མཐུན་
པའི་རྫས་མདོར་བསྟན་ཀྱིས་མགུ་བར་བྱ། །ལྕགས་སོགས་དྲག་པོའི་སྣོད་དག་ཏུ། །ཤ་སྣ་ལྔ་དང་བདུད་རྩི་ལྔ་ཏིལ་ནས་གྲོ་སྲན་མ་འབྲས་འབྲུ་སྣ་ལྔ། །མི་ལག་པའི་ཁྲག་སྣ་ལྔ་ལ་སོགས་པ་དང་། །ཁུར་བ་སྣ་ཚོགས་ལ་ཕུག་ཆན་ལ་སོགས། །དགོས་པའི་རྫས་རྣམས་རྫོགས་པ་ལ། །ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབ་བྱ། །རྩ་བའི་སྔགས་ཡི་གེ་བདུན་པ་དང་བཅས་པ་ཡིས། །དང་པོ་ཤིས་པའི་ལྷ་མགོན་པོ་ཡབ་ཡུམ་ལ་མཆོད། །གཉིས་པ་ལེགས་ལྡན་ནག་པོ་སྟེ། །གསུམ་པ་འཁོར་ལས་མགོན་འཁོར་དང་བཅས་པ་གསུམ་དག་ལ་དབུལ། །བཞི་པ་ལྷ་སྲིན་སྡེ་བརྒྱད་ལ་ཕུལ་ནས་ཕྲིན་ལས་བཅོལ། །སྲོག་སྔགས་རྣམས་མ་ལུས་པར་བགྲངས་པས་ཀུན་གྱི་དགྱེས་པ་བསྐྱེད། །མནན་རྫོགས་ཁྲོ་བོའི་རྟིང་པས་བརྫེས། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་རབ་ཏུ་གསང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་དག་བཤད་བྱ་བ། །ཟབ་པ་སྔགས་ཀྱི་མཚན་ཉིད་ནི། །བསྙེན་དང་བསྒྲུབ་དང་སྦད་པ་དང་། །བསད་པ་ལས་ཀྱི་མཐའ་རྟེན་དག །སྔགས་ཀྱི་མཚན་ཉིད་འདི་ལྟ་སྟེ། །སྙིང་པོ་ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཉེ་སྙིང་ཨོཾ་མ་ཧཱ་ཀཱ་ན་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ལས་སྦྱོར་གྱི་གཏོར་སྔགས། ཨོཾ་མ་ཧཱ་ཀཱ་ལ་ཆྒཻ་མོ་མཾ་ས་ལ། ཨི་དཾ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། གྷྲི་ཧ་ན་གྷྲི་ཧ་ན། ཆེ་གེ་མོའི་མཾ་ས་ལ། ཁཱ་ཧི་ཁཱ་ཧི། ཧ་
ན་ཧ་ན། ཆེ་གེ་མོའི་གོ་རོ་ཙ་ན་ལ་ཁཱ་ཧི་ཁཱ་ཧི། པ་ཙ་པ་ཙ། ཆེ་གེ་མོའི་ཀིང་རུས་ལ་ཁཱ་ཧིཁཱ་ཧི། ད་ཧ་ད་ཧ། ཆེ་གེ་མོའི་བ་སུ་ཏ་ལ་ཁཱ་ཧི་ཁཱ་ཧི། ཆེ་གེ་མོའི་ཙིཏྟ་ལ་མཱ་ར་ཡ་མཱ་ར་ཡ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི་ཎི་ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཾ། ཡ་དི་པྲ་ཏཱི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚན་ས་ཏྭན། དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྷྲི་ཧ་ན་གྷྲི་ཧ་ན། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀ་ན་དགྲ་བགེགས་སརྦ་གདུག་པ་ཅན་དུཥྚན་སོད་ཅིག་མཱ་ར་ཡ་ཧཱུྃ་ཧྲི་ཕཊ། བོད་པ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛ། ༀ་མ་ཧཱ་ཀཱ་ལ་ནྲི་ཐུྃ་ལྃ་ཐུྃ་རིལ་རྦད། རྦད་པ་མ་ཧཱ་ཀཱ་ལ་ཙིཏྟ་ཁ་རག་ཛ་ཛ་ནྲི་ཛ་ཙིཏྟ་ལ་ཡ་ཐུྃ་རིལ་སྦད། ནྲི་ཤག་ཤག་ཆེ་གེ་མོའི་ཙིཏྟ་ལ་ཡ། ཨོཾ་མ་ཧཱ་ཀཱ་ལ་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་སྙིང་ཁྲག་ལྗིབ་ལྗིབ་ཆོད་ཆོད། སྲོག་རྩ་ཆོད། ཐུམ་རིལ་རྦད། ལྷ་དབྱེ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ། མ་མོ་བྱེ་བ་མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕཊ། འཁོར་གྱི་གསང་སྔགས་འབྲུ་བདུན་མ་ཧཱ་ཀཱ་ལ་རྒྱུག་རྒྱུག་བྲེང་བྲེང་། རྦད་སྔགས་མ་ཧཱ་ཀཱ་ལ་ས་དུ་ས་མ་ཡ་འུར་འུར། རྒྱུག་ཏྲི་རྒྱུག་ཏྲི། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར། དེ་ཤང་ཀུ་རུ་རྒྱུག་རྒྱུག་བྲེང་བྲེང་། མ་ཧཱ་ཀཱ་
ལ་ཡ་བྷྱོ་བྷྱོ། ཡེ་ཤེས་པ་སྦྱིན་སྲེག་གིས་མཉེས་པར་བྱེད་པའི་སྔགས་ཨོཾ་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲུཾ། རུ་པ་ད་ཧ་ད་ཧ། པ་ཙ་པ་ཙ། དྷ་ནི་མེ་ཀེ་མཱ་ར་ཡ་ཧཱུྃ་ཆྒཻ་མོ་ཕཊ། ཡུམ་ནག་མོ་ཤ་ཟ་རོ་ལངས་ཐམས་ཅད་ཀྱི་ཨོཾ་མ་ཧཱ་ཀཱ་ལི་དྷེ་བྟི་གྲྀ་ཧྞ་བ་ལིང་ཨ་མུ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་མོ་མཱ་ར་ཡ་མཱ་ར་ཡ། སྤོ་ཏ་ཡ་སྤོ་ཏ་ཡ། ཁྲཾ་ཧྲི་ཧུྃ་ཧཱུྃ་ཕཊ། མནན་པའི་སྔགས་ཨོཾ་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲུྃ། ཆྒཻ་མོ་རུ་པ་ད་ཧ་ད་ཧ། པ་ཙ་པ་ཙ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། སྟཾ་བྷ་ཡ་སྟྃ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། མཱ་ར་ཡ་ཧཱུྃ་ཕཊ། དེ་ལྟར་བསྙེན་པ་ལགས་པས་སྔགས་རྣམས་རྫོགས་པ་དང་། །རྣལ་འབྱོར་པ་ཡི་དོན་ཕྲིན་ལས་བཞི་པོ་རྣམས་འགྲུབ། །མ་གྲུབ་གནད་ཀྱི་ཆོ་ག་ནི། །སྔགས་དཀྲུགས་ལུགས་གཉིས་ཞལ་ལས་ཤེས་སོ། །འཁོར་ལོ་ཕྱིར་ལ་བསྐོར། །འཁོར་རྣམས་ལྡོག་པར་གྱུར་པ་ན། །འཁོར་གྱི་རྦད་པའི་སྔགས་ནི་གཤམ་ནས་བཟློག །ནག་པོ་ཆེན་པོ་གསང་བའི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཕྲ་མོའི་ལས་རྣམས་ཡང་དག་བཤད་བྱ་བ། །ཕྲན་ཚེགས་སྒྲུབ་པའི་རྣལ་འབྱོར་པས། །མདོར་ན་ཕྲན་ཚེགས་ལ་ཕན་གནོད་གཉིས་སུ་ཤེས་པར་བྱ། །གཙོ་བོ་གནོད་པ་གོང་དུ་བཤད་པ་བཞིན། །གང་ཞིག་གཅོད་པར་འདོད་པ་ཡིས། །ཕྱོགས་བཞིར་གཙོ་འཁོར་ཁྲོས་པར་བསྒོམ། །གང་བསྲུང་བའི་
མཚམས་སུ་མེ་དཔུང་བསྒོམ། །ཁྱད་པར་དུ་སེར་བ་སྲུང་ན་གཡོན་མཛུབ་མོ་ཡི་རྩེ་མོ་ལ། །ཡི་གེ་རཾ་ནི་དམར་པོར་བསྒོམ། །དེ་ནི་སྲུང་བའི་རྣམ་པའོ། །གང་ཞིག་སྲིད་འཛིན་འདོད་པ་ཡིས། །མ་ཉམས་བྱང་བུ་མིག་དགུ་ལ། །དཀར་པོ་དར་ལ་སྲུང་འཁོར་བྲིས་པ་དང་སྦྲེལ་ནས་ནི། །དཀྱིལ་དུ་ཡི་གེ་བདུན་པ་བཤམས་ལ་རཀྵ་བྲི། །རུས་དང་བཅས་ཏེ་མཐའ་རྟེན་རཀྵ་སྔགས། །མཐའ་མ་རཀྴས་བརྒྱན་པ་ནི། །གཡས་ཕོ་དང་གཡོན་གྱི་མོ་བྱེ་བྲག་བརྟག །གསོ་དང་བསྲུང་བའི་རྣམ་པར་བཤད། །ཁྱི་ནག་ཐོད་པའི་རྫས་དང་ལྡན། །ལྟས་ངན་སྒྲོ་ཡིས་བརྒྱན་ནས་ནི། །ཁྱི་ནག་ཐོད་པའི་ཁ་རུ་ཉ་བོའི་ལིང་ག་གཞུག །འཚོགས་པའི་ཐུན་གྱིས་རྣམ་པ་བྲབ། །དེ་ནས་ཐེམ་པའི་འོག་ཏུ་མནན། །མོན་དང་སྔགས་པ་ཨ་ཙ་ར། །ལྕེ་སྤྱང་སྒོ་ལ་འབྲད་པའོ། །དེ་ལྟར་བསྙེན་པ་ནས་ཕྲ་མོའི་བར་གྱི་སྦྱོར་བ་རྫོགས་པ་དང་། །དཀྱིལ་འཁོར་ལ་སོགས་པའི་སྦྱོར་བ་ཐམས་ཅད་ནི། །གཟུགས་བརྙན་ཆུ་ཟླའི་ཚུལ་སྣང་ལ་རང་བཞིན་མེད་པར་ཤེས་ནས། །བསྟན་པ་སྲུང་བའི་རྣལ་འབྱོར་གྲོལ་འགྱུར་ཐེ་ཚོམ་མེད། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་ཕྲན་ཚེགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་སྒྲོལ་བྱེད་ཆེན་པོ་དེ་ཞུམ་པ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས་ཞལ་འཛུམ་པ་དང་བཅས་པས། ལྗགས་
རྣམ་པར་བརྐྱངས་ནས་འཁོར་རྣམས་ལ་རབ་ཏུ་གཟིགས་ནས་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་རྣམས་བདེན་པ་དབྱེར་མེད་པ་ཞེས་བྱ་བར་ཟུངས་ཤིག །ཀུན་རྫོབ་ཏུ་བསྒྲལ་བའི་ལས་བྱས་དོན་དམ་དུ་ཆོས་ཀྱི་དབྱིངས་སུ་སྐྱེལ་བས་རྡོ་རྗེ་རྣམ་པར་ཀུན་གནོན་པ་ཞེས་བྱ་བར་ཟུངས་ཤིག །གང་ལ་ཡང་ཐོགས་རྒྱུགས་མེད་པས་ན་གནམ་ལྕགས་རབ་ཏུ་འབར་བ་ཞེས་བྱ་བར་ཟུངས་ཤིག །དམ་ཉམས་ཀྱི་སྲོག་མྱུར་དུ་གཅོད་པས་ནག་པོ་ལས་ཀྱི་སྤུ་གྲི་ཞེས་བྱ་བ་ཟུངས་ཤིག །ཅེས་བཀའ་བསྩལ་ཏོ། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།སྟོན་པས་རྒྱུད་བཤད་པ་དེ་སྐད་ཅེས་བཀའ་བསྩལ་པ་དང་། འཁོར་གྱི་གཙོ་བོ་ལག་ན་རྡོ་རྗེ་དང་། ཤེས་རབ་ཀྱི་འཁོར་མཁའ་འགྲོ་མ་དང་། མ་མོ་དང་། ཐབས་ཀྱི་འཁོར་གཤིན་རྗེ་ལ་སོགས་པའི་ལྷ་མ་སྲིན་སྡེ་བརྒྱད་མ་རུངས་པའི་འཁོར་རྣམས་དགའ་བས་རྗེས་སུ་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་གུས་པའི་ཚིག་གིས་མངོན་པར་བསྟོད་དོ། །ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལས་རྗེས་སུ་ཡི་རངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དཔལ་ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དུས་འཁོར་བ་ཆུང་བ་དང་། ཙ་མི་ལོ་ཙཱ་བས་བསྒྱུར་བའོ། །སླད་ཀྱིས་ཞང་ཞུང་ལོ་ཙཱ་བས་ཀྱང་སྐད་གསར་བཅད་ཀྱིས་ཕྲན་
ཚེགས་བཅོས་པའོ། །སརྦ་མངྒ་ལཾ་དགེའོ།། །།
འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།
༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག