← Search

དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།

ཤཱཀྱ་བཛྲ། རྡོ་རྗེ་དྲིལ་བུ་པ། མ་ཏི་རཏྣ། འཇམ་དབྱངས་བློ་གྲོས་རིན་ཆེན། མདོ་སྡེ་ཞེ་སྡང་རྡོ་རྗེ། བསོད་ནམས་བསྟན་འཛིན། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། ཀརྨ་པ་རི་ཀིརྟི། མཁས་གྲུབ་ཀརྨ་ཆགས་མེད། པདྨ་གར་གྱི་དབང་ཕྱུག །སི་ཏུ་པདྨ་ཉིན་བྱེད། རིག་འཛིན་ཚེ་དབང་ནོར་བུ། བདེ་ཆེན་འབར་བའི་རྡོ་རྗེ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན། ཨ་བྷ་ཡ།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསང་བའི་སྒྲུབ་ཐབས་མགོན་པོ་བཀའ་རྒྱས་སུ་གྲགས་པའི་དཀྱིལ་འཁོར་གྱི་ཆོ་ག་སྨིན་ལམ་ཡིད་བཞིན་ནོར་བུ་དངོས་གྲུབ་ཀུན་འབྱུང་། ཤཱཀྱ་བཛྲ།

p. 0

༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{སྨིན་བྱེད་དབང་གི་སྐོར་སྨད་ཆ་}བཞུགས་སོ། །

p. 1

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསང་བའི་སྒྲུབ་ཐབས་མགོན་པོ་བཀའ་རྒྱས་སུ་གྲགས་པའི་དཀྱིལ་འཁོར་གྱི་ཆོ་ག་སྨིན་ལམ་ཡིད་བཞིན་ནོར་བུ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

p. 2

ན་མོ་གུ་རུ་ཤྲཱི་ཙཀྲ་སཾ་བྷ་ར་མ་ཧཱ་ཀཱ་ལ་ཡེ། བདེ་ཆེན་རྒྱལ་པོ་ལྷུན་གྲུབ་འདུས་མ་བྱས། །བདེ་བའི་མཆོག་བརྙེས་བདེ་གཤེགས་ཀུན་གྱི་གཙོ། །བདེ་སྟོང་ཟག་མེད་ཁ་སྦྱོར་དགའ་བས་དགྱེས། །བདེ་མཆོག་དབྱེར་མེད་བླ་མར་གུས་ཕྱག་འཚལ། །ཆགས་པའི་སྐྱོན་བྲལ་གར་དགུའི་རོལ་པར་ལྡན། །ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །ཆགས་པ་ཆེན་པོའི་མདངས་ལྡན་ཆགས་ཆེན་འདུལ། །མཁའ་འགྲོ་དྲྭ་བ་སྡོམ་དེས་བདག་སྐྱོངས་ཤིག །གསང་སྔགས་མཐར་ཐུག་རྣལ་འབྱོར་མ་ཡི་རྒྱུད། །ཁྱད་པར་རྨད་བྱུང་བདེ་མཆོག་འཁོར་ལོ་ཡི། །ཐུགས་སྤྲུལ་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད། །ཇི་བཞིན་ལོ་ཆེན་དཀོན་མཆོག་དཔལ་བཟང་གིས། །ལེགས་པར་སྦྱར་བའི་དབང་མཆོག་གསལ་བྱའི་ཕྱིར། །

p. 3

སྨིན་ལམ་ཡིད་བཞིན་ནོར་བུ་གུས་པས་སྦྱར། །དེ་ཡང་འདིར་བདེ་མཆོག་དང་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་མཚན་ཉིད་དང་ལྡན་པའི་བླ་མས། རྒྱུད་ཀྱི་རྒྱལ་པོ་དངོས་གྲུབ་འབྱུང་བའི་ལེའུ་ལྔ་པ་ལས། གསང་བའི་སྤྲུལ་པ་ནག་པོ་ཆེ། །འདི་ཡི་སྒྲུབ་པའི་རིམ་བཤད་བྱ། །གསང་བའི་སྒྲུབ་པའི་ཐབས་མཆོག་སྟེ། །སྐལ་བ་ཅན་ལ་སྦྱིན་པར་བྱའོ། །ཞེས་གསུངས་པ་སྟེ། དུར་ཁྲོད་ལ་སོགས་པ་ས་ཡི་གནས་སུ་འཇུག་གམ། དམ་ཚིག་དང་ལྡན་པའི་སློབ་མས། དཔལ་བདེ་མགོན་དང་ཁྱད་པར་འདི་ཡི་ཕྱི་ནང་གི་དབང་རྣམས་རིམ་པར་ཐོབ་པ་ལས་གསང་སྒྲུབ་ཁྱད་འཕགས་སྨིན་ལམ་ཡིད་བཞིན་ནོར་བུའི་དབང་བསྐུར་བར་བྱ་སྟེ། དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་བཅུ་དྲུག་པ་ལས། ས་བརྟགས་པ་དང་ས་སྦྱངས་དང་། །ས་བསླངས་ནས་ནི་བཀའ་ཐོབ་པས། །བརྐོ་ཞིང་རོ་ལྔ་བསལ་བར་བྱ། །ཞེས་དང་། བྱ་རོག་ཆེན་པོའི་རྒྱུད་ཀྱི་ལེའུ་དྲུག་པར། བརྟག་བཅལ་

p. 4

བསླང་དང་སྦྱང་བར་བྱ། བཟུང་དང་བསྲུང་བས་དཀྱིལ་འཁོར་བཤད། །ཅེས་གསུངས་ཏེ། འདི་ལ་བཞི། ས་ཡི་ཆོ་ག་དང་། སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་ག །རྗེས་ཀྱི་ཆོ་གའོ། །དང་པོ་ལ་ལྔ། ས་བརྟག་པ་དང་། ས་བསླང་བ་དང་། ས་སྦྱང་བ་དང་། ས་བཟུང་བ། བགེགས་ལ་ཕུར་བུས་བཏབ་པ་སྟེ་བསྲུང་བའོ། །དང་པོ་ལ་དྲུག །ཕྱོགས། དབྱིབས། ཁ་དོག །སས་བརྟག་པ། ཆུས་བརྟག་པ། ཟུག་རྔུ་བསལ་ཞིང་བརྟག་མི་དགོས་པའི་སའོ། །དང་པོ་ནི། ཕྱི་རོལ་ཤར་དུ་བྲི་ན་རྒྱལ་པོ་འཆི། ལྷོ་ནི་གང་གི་དོན་དུ་བྲི་བ་དང་། ནུབ་ཏུ་སློབ་དཔོན་དང་། བྱང་དུ་གྲོང་ཁྱེར་དེར་ཞུགས་པ་རྣམས་འཆི་བ་དང་། མེར་ནི་ཆར་དང་། བདེན་བྲལ་དུ་མུ་གེ་དང་། རླུང་དུ་ཆར་རླུང་འབྱུང་ཞིང་། མཆོད་རྟེན་དང་ཉེ་བར་ནི་འཆི་བའོ། །ཀླུ་གནས་པའི་སར་ཆུ་འབྱུང་བ་དང་། ཤིང་གྲིབ་ཏུ་བྱིས་པ་འཆི་བར་ཤེས་ནས་དེ་ཐམས་ཅད་དོར་ཏེ། གྲོང་བརྡལ་དང་། གྲོང་ཁྱེར་དང་། སྐྱེད་མོས་ཚལ་དང་། གཙུག་ལག་ཁང་རྣམས་ཀྱི་ནང་གི་དབང་ལྡན་རྣམས། ཡང་ན་ཡིད་དུ་འོང་ཞིང་། ཤར་དང་བྱང་གཞོལ་བར་བྱ་ཞིང་། ཕྲེང་བ་ལས་བཤད་པས། གྲངས་དང་ལྷ་གྲངས་ལ་སོགས་པ་མི་བྱེད་པར། དེ་དག་ཏུ་ཉེ་བའི་ཕྱི་རོལ་ཏུ་དཀྱིལ་འཁོར་བྲི་བ་དང་། དཀྱིལ་འཁོར་ཁང་པ་ནི་ཡིད་དུ་མི་འོང་བར་བྱར་མི་རུང་ཞིང་། དེ་འདྲ་མིན་པའི་ས་དང་ནགས་དང་ཡིད་དུ་འོང་བའི་སར་བྱེད་པས་ཆོག་གོ། །གཉིས་པ་ནི། རྡོ་རྗེ་ཕྲེང་བ་ལས། ས་ཤིན་ཏུ་རུས་སྦལ་གྱི་རྒྱབ་ལྟ་བུ་ནི་འཆི་བ་དང་ནོར་

p. 5

ཉམས་པའི་རྒྱུར་བཤད་ཅིང་། ཟུག་རྔུ་ཚེར་མ་ངམ་གྲོག་རུལ་བ་སྡོང་བུ་གྲོག་མཁར་ཐལ་བ་ཚ་སྒོ་ཅན་གསེག་མ་རྡོ་རྒྱུས་སྐྲ་དང་སྲིན་བུ་གྲོག་སྦུར་མང་བ་དང་ཡིད་དུ་མི་དགའ་ཞིང་། མཚན་མ་ངན་པ་རྣམས་སྤང་ངོ་། །གསུམ་པ་ནི། ཕྱག་རྡོར་དབང་བསྐུར་བ་ལས། དཀར་པོ་དག་ནི་ཞི་བར་བསྟན། །དམར་པོ་དབང་གི་དོན་དུ་བཤད། །སེར་པོ་རྒྱས་པར་ཤེས་པར་བྱ། །ནག་པོ་དྲག་ཤུལ་སྤྱོད་པར་ཤེས། །ཞེས་གསུངས་པ་བཞིན་ནོ། །བཞི་པ་ནི། རྒྱུད་དེ་ཉིད་ལས། ཕྱག་རྡོར་དབང་བསྐུར་བ་ཡི་རྒྱུད། །ལག་པས་ཁྲུ་གང་ཙམ་བརྐོས་ནས། །གསང་སྔགས་པ་ཡིས་ནི་བརྐོས་པ་དེ། །ས་དེ་ཉིད་ཀྱིས་དགང་བར་བྱ། །ལྷག་ན་མཁས་པས་ཀུན་ཏུ་ཆོག །ཁ་ད་ཆད་ནི་འབྲིང་དུ་བརྗོད། །གང་བར་མ་གྱུར་ས་དེ་སྤངས། །མཁས་པས་དེར་ནི་བརྩོན་མི་བྱ། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། ཁུང་བུ་མཐོ་གང་དུ་བརྐོས་ཤིང་བཅག་ལ་ཆུས་བཀང་སྟེ། གོམ་པ་བརྒྱད་ཅུ་ཕྱིན་ལ་ལོག་སྟེ་བལྟས་པས་ཆུས་གང་ན་བཟང་ལ། དམའ་ན་སྤངས་ཤིང་སྒྲ་དང་བཅས་ན་ཀླུས་འཇིགས་པ་མི་བརྟན་པར་ཤེས་པར་ཕྲེང་བ་ལས་བཤད་དོ། །དྲུག་པ་ནི། དངོས་གྲུབ་མཆོག་སྒྲུབ་ན་ལྟོ་བ་ཙམ་དུ་བརྐོས། འབྲིང་དང་དམན་པ་ལ་ཆུ་སོ་དང་པུས་མོའི་བར་ཙམ་བརྐོས་ནས་སེལ་དབྱུང་བར་བཤད་དོ། །ཟུག་རྔུ་ཇི་ལྟར་དག་པ་ཙམ་གྱིས་དངོས་གྲུབ་འགྲུབ་པ་ལ་ཁྱད་ཆེའོ། །རྡོ་སོགས་མ་བསལ་བའི་ཉེས་པ་ནི། ཕྲེང་བ་ལས། རྡོ་བར་བཅས་ན་རླུང་ཆེན་པོ། །རུས་པར་བཅས་

p. 6

ན་ཟུག་གཟེར་འབྱུང་། །གྱོ་དུམ་བཅས་ན་ལྐུགས་པ་ཉིད། །ཕུབ་མ་སོལ་བར་ལྡན་ན་རིམས། །སྐྲ་དང་རྩ་བར་ཤིང་སོགས་བཅས། །ཉེ་བར་འཚེ་བ་ཕྲ་མོ་འབྱུང་། །ཞེས་བཤད་པས་དེ་དག་བསལ་ལོ། །བརྟག་མི་དགོས་པ་ནི། ཕྱི་རྒྱུད་ལས། དྲང་སྲོང་གནས་དང་བ་ལང་སླས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ནས་འཐས་པ་དང་། །ཁང་སྟོང་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དང་། །ནན་ཏན་དུ་ནི་བྱ་མི་དགོས། །འཐས་པ་བཅག་ཀྱང་དེར་མི་དགོས། །མཐོ་དམན་ལ་སོགས་སྐྱོན་རྣམས་ཀྱང་། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་གནས་དེ་རྣམས་ལ་བརྟག་མི་དགོས། །སྦྱང་མི་དགོས་གསུངས་པ་ནི། བརྐོས་ནས་སྦྱངས་པས་བརྐོ་དགོས་པ་ཡིན་གྱི། སྦྱང་བ་གཏན་ནས་མི་དགོས་པ་མ་ཡིན་ནོ། །བརྟགས་པའོ། །གཉིས་པ་ས་བསླང་བ་ལ་གསུམ། མངོན་པ་ལས་བསླང་བ་དང་། མི་མངོན་པ་ལས་བསླང་བ་དང་། ས་ཡི་ལྷ་མོ་ལས་བསླང་བའོ། །དང་པོ་ཡུལ་གྱི་བདག་པོ་མི་ལས་བསླང་བའོ། །གཉིས་པ་ནི། སུམྦྷ་ནི་བཟླས་པའི་ཆུ་གཏོར་ཏེ། དཀྱིལ་འཁོར་སའི་སྟེགས་བུ་བྱས་ལ། རང་ཉིད་སྐད་ཅིག་གིས་ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་བཞི་ཞལ་གཅིག་ཕྱག་གཉིས་པ་ཡང་རུང་། མཆན། པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས། བསྒོམ་

p. 7

པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་ལ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་ལ་སོགས་པས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་བདེ་མཆོག་གིས་དབུར་བརྒྱན་པར་གྱུར་པར་བསམ། མི་བསྐྱོད་པ་ཡང་རུང་། དབང་ལྷ་རང་ལ་བསྟིམ། དེ་ནས་མཆོད་པ་བསངས་སྦྱངས་ཏེ་ཕུལ་བ་ནི། ཨོཾ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཆུ་གཉིས་ཉེར་སྤྱོད་རོལ་མོ་

p. 8

དང་བཅས་པས་མཆོད་ནས། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ་ཕུལ་ནས་བསྟོད། དཀྱིལ་འཁོར་སྟེགས་བུའི་དབུས་སུ་ཉེར་སྤྱོད་གཏོར་མ་བཤམས་ལ། སུམྦྷ་ནིས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པའི་སྣོད་རྣམས་ཀྱི་ནང་དུ་ཧཱུྃ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་རང་སྔགས་ཀྱིས་བྱིན་བརླབས། གཏོར་མ་སྒྲུབ་ཐབས་ལྟར་བྱིན་བརླབ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཞིང་སྐྱོང་འཁོར་བཅས་སྤྱན་དྲངས་པར་གྱུར། ཨོཾ་ཀྵེ་ཏྲ་པཱ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱཱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ལ། ཨོཾ་ཀྵེ་ཏྲ་པཱ་ལ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ་སོགས་ཆུ་གཉིས་ཉེར་སྤྱོད་ལྔ་ཕུལ་ཏེ། ཨོཾ་ཀྵེ་ཏྲ་པཱ་ལ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ལ། གང་ཡང་འདིར་གནས་ལྷ་དང་

p. 9

ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ་སྟེ། གནང་བ་བྱིན་ནས་ཞིང་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་པར་བསམ། གསུམ་པ་ནི། དཀྱིལ་འཁོར་དབུས་སུ་དྲིའི་ཐིག་ལེ་བྱས་པ་ལ་མེ་ཏོག་སེར་པོའི་ཚོམ་བུ་དགོད། མཆོད་པ་གཏོར་མས་བསྐོར། དཀྱིལ་འཁོར་གྱི་ཤར་ནས་ཕྱོགས་པར་འདུག་སྟེ། པྃ་ལས་བྱུང་བའི་པདྨ་དཀར་པོའི་ལྟེ་བར་བཾ་ལས་བྱུང་བའི་ལྷ་མོ་སེར་མོ་དགའ་བ་དང་ལྡན་པའི་ཉམས་ཅན། ཞི་བའི་ན་བཟའ་དཀར་པོ་མནབས་པ། རྒྱན་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་གཡས་དམ་བཅས་ཁས་ལེན་གྱི་ཕྱག་རྒྱ་དང་། གཡོན་གསེར་གྱི་བུམ་པ་བཟང་པོ་བསྣམས་པར་གྱུར་པར་བསྐྱེད་ནས། རང་གི་ལག་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་

p. 10

བསམ་སྟེ། རྡོ་རྗེ་དང་བཅས་པའི་མཐེ་བོང་གིས་མཐེའུ་ཆུང་མནན་ཏེ་སོར་མོ་རྩེ་གསུམ་པའི་ཕྱག་རྒྱས། ཊཱ་ཀི་ནི་ཧཱུྃ་ཛཿ ཨ་ཧཾ། ཞེས་ལན་གསུམ་ས་ལ་བསྣུན་ཅིང་། བསྣུན་པའི་སྒྲ་དང་ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བས་ས་གཡོས་པའི་གསེབ་ནས་ས་ཡི་ལྷ་མོ་ཡེ་ཤེས་པ་ཐོན་ཏེ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿ ས་ཡི་ལྷ་མོ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་གྱུར་པར་བསམ། མཆོད་པ་

p. 11

སྔར་ལྟར་བསངས་སྦྱངས་བྱིན་བརླབས་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་པྲི་ཐཱི་བི་དེ་ཝི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མོའི་བར་གྱིས་མཆོད། ཨོཾ་པྲི་ཐཱི་བི་དེ་ཝི་ཞེས་པ་ནས་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ནས། གཏོར་མ་ལ་ཨ་ཀཱ་རོས་ཕུལ་ཏེ། གཡས་རྡོ་རྗེ་དང་བཅས་པས་སྤོས་ཕོར་འཛིན། གཡོན་དྲིལ་བུ་བཅས་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད། ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་པར་གྱུར། དེ་གསུམ་པོ་གཅིག་ཏུ་དྲིལ་བས་ས་བསླང་བའོ། །གསུམ་པ་ནི། ས་སྦྱང་བ་ནི། གཙོ་བོའི་ང་རྒྱལ་གྱིས་དཀྱིལ་

p. 12

འཁོར་གྱི་གཞི་ལ། སུམྦྷ་ནི་བརྗོད་པས་ཡུངས་ཀར་དང་། ཆུ་དང་ཐལ་བས་རིམ་བཞིན་ཤར་ནས་བརྩམས་ཏེ་གཡོན་བསྐོར་དུ་གཏོར་ཞིང་བགེགས་བསངས་ཏེ། དེ་ནས་དྲི་བཟང་པོའི་ཆུ་ཀུ་ཤའི་རྩེ་མོས་གཡོན་བསྐོར་དུ་འཐོར་ནས། བའི་རྣམ་ལྔ་དང་རཀྟ་བདུད་རྩིས་གཡོན་བསྐོར་དུ་ལག་པས་བྱུག་གོ། །དེ་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ལག་པ་རྡོར་དྲིལ་དང་བཅས་པས་གཡས་ས་གནོན་གྱི་ཕྱག་རྒྱ་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། ཨོཾ་བྷུ་ཁཾཿ ས་གཞི་ནམ་མཁའི་རང་བཞིན་དུ་བསམ། ཧཱུྃ་ལཾ་ཧཱུྃ་ལས་ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུྃ་ཕཊ། རྡོ་རྗེ་ཁྲོ་བོས་བགེགས་རྣམས་འཇོམས་པར་གྱུར་ཅིག །རྡོ་རྗེ་ཐལ་མོ་ཕྱེ་ནས་དཀྱིལ་འཁོར་དུ་བཞག་སྟེ། ཨོཾ་མེ་དཱི་ནི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུྃ། ས་གཞི་རྡོ་རྗེའི་རང་བཞིན་དུ་བཅིངས་ཤིང་བརྟན་པར་གྱུར། དེ་ནས། ཨོཾ་ཨཱཿཧཱུྃ་ཤྲཱི་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་རྒྱས་པ་བརྗོད་ཅིང་བརྟན་པར་བྱས། ས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་

p. 13

ཉིད་རོ་གཅིག་པར་གྱུར་པར་བསམ་སྟེ་སྦྱངས་པའོ། །བཞི་པ་གཟུང་བ་ལ་ཡང་གསུམ་སྟེ། དཀྱིལ་འཁོར་གྱི་དབུས་སུ་སློབ་དཔོན་གྲོགས་དང་བཅས་པས་ལྷ་སྒོམ་པ་དང་། ཕྱོགས་བཞི་ནས་སློབ་དཔོན་གྱི་དོན་དུ་གསོལ་བ་བཏབ་ནས། དཀྱིལ་འཁོར་ནམ་མཁར་བཏེགས་ཏེ་བགེགས་ལ་བཀའ་བསྒོ་ནས་བསྲེག་པའོ། །དང་པོ་ནི་བླ་མ་དཀྱིལ་འཁོར་གྱི་དབུས་དང་། ཕྱོགས་བཞིར་སློབ་དཔོན་བཞི་འཁོད་ལ་མཆོད་པ་སྔོན་འགྲོ་གཏོར་མ་བཤམས་ནས། དང་པོ་ནང་མཆོད་རྣམས་རིམ་བཞིན་བྱིན་བརླབས་ནས། འབར་བའི་ཕྱག་རྒྱ་དང་བཅས་པས། ཕེཾ་ཞེས་བརྗོད་པས། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ནས་ཕྱོགས་མཚམས་བརྒྱད་དུ་འཁོད་པར་གྱུར་པའི་ལྗགས་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་གསུམ་པའི་སྦུ་གུས་དྲངས་ནས་གསོལ་བར་གྱུར། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་བྱས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་

p. 14

ཤཱ་ཙི་ཨུནྨཱ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་དྱ། ཨི་དཾ་བ་ལིཾ་གྷྲི་ཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐཱ། ཛི་གྷྲ་ཐཱ། པི་པ་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀརྟ་ཡ། སཏྶུ་ཁཾ་བི་ཤུདྡྷེ་ས་ཧཱ་ཡི་ཀཾ་བྷ་བནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གཉིས་ཕྱོགས་གཡོན་བསྐོར་དང་མཚམས་གཡས་བསྐོར་དུ་གནས་པ་ལ་ཕུལ་ནས། ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད་ནས། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་དང་། ཡི་གེ་བརྒྱ་པ་བརྗོད། སེ་གོལ་དང་། ཨོཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་སྔོན་འགྲོ་དང་། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་ནས། མགོན་པོའི་མངོན་རྟོགས་བཟླས་པའི་བར་བཏང་ནས། སྐུ་ལྔའི་མགོན་པོ་ཕྱོགས་བཅུའི་རྒྱལ་བ་རྣམས་ནམ་མཁར་དམིགས་ལ་མཆོད་དེ། པུས་མོ་གཡས་པ་ས་ལ་བཙུགས་ནས་གཡས་རྡོ་རྗེ་དང་བཅས་པའི་སྤོས་ཐོགས། གཡོན་དྲིལ་བུ་གསིལ་ཞིང་། ལྕེ་ཧཱུྃ་ལས་བྱུང་བའི་རྡོ་

p. 15

རྗེར་གྱུར་པར་བསམས་ལ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེན་པོ་འཛིན། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་བྱོན་ལ། །དངོས་གྲུབ་འདིར་ནི་བསྩལ་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་བོ། །གསུམ་པ་ནི། ནམ་མཁར་གནས་པའི་སྐུ་ལྔའི་མགོན་པོ་དང་། དཀྱིལ་འཁོར་དབུས་ཀྱི་བླ་མ་ཐུགས་ཀྱི་མགོན་པོ་ལ་སྒོ་བཞི་སློབ་མ་ལྔ་ཀས་རྡོར་དྲིལ་ཐོགས་ནས། སྐུ་བཞིའི་མགོན་པོ་ལ་སོགས་པའི་ང་རྒྱལ་འཛིན་ནས། ཆུ་གཉིས་ཉེར་སྤྱོད་བྱིན་བརླབས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་ཉེར་སྤྱོད་ཚང་བ་དང་། རྩ་སྔགས་མཐར་འབྲུ་གསུམ་བཏགས་ནས། ནང་མཆོད་ཕུལ་ནས། བསྟོད་པ་རྐང་བརྒྱད་རྒྱ་བོད་གང་རུང་གིས་བསྟོད། དེ་ནས་ཤར་ཕྱོགས་ཀྱི་སློབ་དཔོན་འགྲེང་སྟེ། མཎྜལ་བཀོད་དེ། གུ་རུ་རཏྣ་མ་ཧཱ་ཀཱ་ལ་རཏྣ་མཎྜལ་ཀཾ་ནིཪྻ་ཏ་ཡ་མི། ཞེས་བླ་མའི་ཕྱག་ཏུ་ཕུལ་ཏེ། རང་ཉིད་སྐད་ཅིག་གིས་སྐུ་ཡི་མགོན་པོ་ཞལ་གཅིག་ཕྱག་

p. 16

བཞི་པར་དམིགས་ལ་བླ་མ་དང་ནམ་མཁར་གནས་པའི་སྐུ་ཡི་མགོན་པོ་དང་ལྷན་ཅིག་གསོལ་བ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་བཞིན་གཡོན་བསྐོར་གྱིས་བྱང་ནས། གུ་རུ་རཏྣ་མ་ཧཱ་ཀཱ་ལ་རཏྣ་ཞེས་གོང་ལྟར་ཕྱོགས་གསུམ་ཀ་འགྲེ། མཎྜལ་གོང་ལྟར་འབུལ་ལ། རང་ཉིད་སྐད་ཅིག་ཐུགས་ཀྱི་མགོན་པོ་ལྗང་གུ་ཞལ་གཅིག་ཕྱག་བཞི་པར་དམིགས་ལ་བླ་མ་དང་ནམ་མཁར་གནས་པའི་ལས་ཀྱི་མགོན་པོ་དང་ལྷན་ཅིག་ཏུ་གསོལ་བ་ནི། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་དང་། ཡང་ནུབ་ནས་སྔར་ལྟར་ཕུལ་ལ། རང་ཉིད་ལས་ཀྱི་མགོན་པོ་དམར་པོ་ཞལ་གཅིག་ཕྱག་བཞི་པར་

p. 17

དམིགས་ལ། བླ་མ་དང་ནམ་མཁར་གནས་པའི་གསུང་གི་མགོན་པོ་དང་ལྷན་ཅིག་ཏུ་གསོལ་བ་ནི། ཞི་བའི་ཆོས་རྣམས་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམས་སྦྱངས་པ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་གསོལ་ནས། མཎྜལ་ཕུལ་ནས་ལྷོ་ནས་གསོལ་བ་ནི། རང་ཉིད་སྐད་ཅིག་གིས་ཡོན་ཏན་གྱི་མགོན་པོ་སེར་པོ་ཞལ་གཅིག་ཕྱག་བཞི་པར་དམིགས་ལ། བླ་མ་དང་ནམ་མཁར་གནས་པའི་ཡོན་ཏན་གྱི་མགོན་པོ་དང་ལྷན་ཅིག་ཏུ་གསོལ་བ་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མེད་པ། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ལྟར་གསོལ་བ་བཏབ། གསུམ་པ་ནི། རྒྱུད་དངོས་གྲུབ་འབྱུང་བའི་དབང་གི་ལེའུ་ནས། རྡོ་རྗེ་འཛིན་པ་བཞེངས་ནས་ནི། །བགེགས་ལ་བཀའ་བསྒོ་གཏོར་མ་སྦྱིན། །ཞེས་གསུངས་པས། ལག་པ་གཉིས་རྡོར་

p. 18

དྲིལ་འཛིན་ལ། རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་གཉིས་བརྐྱངས་ནས་རྩེ་མོ་སྦྱར་བ་ལ་འོག་ཏུ་བལྟས་ལ་སྤྱི་བོར་བཟུང་སྟེ། ཨོཾ་བཛྲོད་ཏིཥྛ། ཞེས་བརྗོད་པས་བསྒོམ་པའི་དཀྱིལ་འཁོར་ནམ་མཁར་བཏེགས་ལ་སྐྱིལ་ཀྲུང་བཤིག་ལ་ལངས་ཏེ། ཁ་ཤར་དུ་ཕྱོགས་ལ་རྐང་པ་གཉིས་གཤིབས་ལ་མཉམ་པའི་སྟངས་སྟབས་བྱས་ཏེ། སྤྱི་བོར་ཐལ་མོ་སྦྱར་ལ། ཨོཾ་པྲ་ན་མ་མི་སརྦ་ཏ་ཐཱ་ག་ཏ། ཞེས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ལ། རང་ཉིད་གཙོ་བོ་ལས་བྱེད་པའི་ཡེ་ཤེས་ཀྱི་མགོན་པོ་ཕྱག་གཉིས་པ་སྐུ་མདོག་སྔོན་པོར་གྱུར་པའི་མིག་གཡས་པ་ལ་ཉི་མ། གཡོན་པ་ལ་ཟླ་བ། མིག་འབྲས་ཧཱུྃ་ལས་དུས་མཐའི་མེ་ལྟར་འབར་བ་ལས། ཁྲོ་བོ་རྡོ་རྗེ་ཕྱོགས་བཅུར་སྤྲོས་ཏེ། བགེགས་ཐམས་ཅད་བཅོམ་པར་གྱུར་པར་བསམས་ལ། གཡས་བརྐྱང་གིས་ཤར་དུ་ཕྱོགས་ལ་གཡོན་སྡིགས་མཛུབ་ཐུགས་ཀར་བཞག །གཡས་པས་སྡིགས་མཛུབ་སྨིན་མཚམས་སུ་བསྒྲེངས་ལ། བཛྲ་དྲྀཥྚི་མ་ཊ། ཞེས་བརྗོད་པས་རྡོ་རྗེའི་ལྟ་སྟངས་ཀྱིས་གཡོན་སྐོར་དང་། དེ་བཞིན་དུ་གཡས་སྐོར་དུ་བལྟས་པས་བགེགས་བསྲེགས།

p. 19

རྐང་མཐིལ་གཉིས་ཧཱུྃ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེས་མཚན་པར་གྱུར། འགྱིང་བག་དང་བཅས་པས་པད་ཀོར་བྱེད་ཅིང་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། ཧཱུྃ། བརྗོད་ཅིང་སློབ་མ་དང་ལྷན་ཅིག་ཏུ་གཡོན་བསྐོར་རྡོ་རྗེའི་འགྲོས་སམ་གང་ཡང་རུང་བས་ལན་གཅིག་བསྐོར་ཏེ། མེ་མཚམས་ནས་ཁ་ནང་དུ་བལྟས་ཏེ་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །བསྲུང་བའི་འཁོར་ལོ་རབ་ཏུ་སྦྱོར། །ལུས་སྲུལ་ལ་སོགས་བགེགས་ཀྱི་ཚོགས། །ང་ལས་མ་འདའ་ཕྱིར་དེངས་ཤིག །ཅི་སྟེ་མི་འགྲོ་འདུག་གྱུར་ན། །ཧེ་རུ་ཀ་དཔལ་ཐུགས་ཁྲོས་ནས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་ནི་དུམ་བུ་སྟོང་དུ་འགྱུར། །བརླག་པར་འགྱུར་ལ་གདོན་མི་ཟ། །བགེགས་ཀྱི་ཚོགས་རྣམས་ཕྱིར་དེངས་ཤིག །ཅེས་དང་། སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད་དེ། དེ་ནས་ཤར་དུ་གཡས་བརྐྱང་། ལྷོར་གཡོན་བརྐྱང་། ནུབ་ཏུ་ས་ག །བྱང་དུ་ཟླུམ་པོ་ཙམ་དུ་བྱས་ནས།

p. 20

ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བགེགས་ཐམས་ཅད་བསྐྲད་པར་གྱུར། དཀྱིལ་འཁོར་ས་གཞི་ཡང་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། དེ་རྣམས་ས་བཟུང་བའོ། །ལྔ་པ་ནི། ཕུར་བུ་བསྒྲུབ་ཅིང་གདབ་པའི་ཚུལ་ནི། སེང་ལྡེང་གི་ཕུར་བུ་སོར་བཅུ་གཉིས་པ་དར་དམར་པོའི་ཅོད་པན་དང་མེ་ཏོག་ཕྲེང་བ་གདགས། དེ་ཡང་བྱ་རོག་ཆེན་པོའི་ལེའུ་ཞེ་གཅིག་པ་ལས། སྐུ་སྨད་ཟུར་གསུམ་དབལ་དུ་བྱས། སྐུ་སྟོད་བྱ་རོག་གདོང་ཅན་ནི། འཇིགས་པ་གྲི་གུག་ཐོད་པ་ཅན། །ཟུར་གསུམ་ལོགས་ལ་དབལ་གསུམ་ལྡན། །རྩེ་མོ་འབར་བའི་ཕུང་པོ་ཅན། །ཞེས་གསུངས་ཏེ། སུམྦྷ་ནི་དང་། གུ་ཎ་ཧྲྀ་ད་ལས་ཐམས་ཅད་པས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་རྣམས་ཀྱི་སྟེང་དུ་ཧཱུྃ་བཅུ་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ལྟེ་བ་

p. 21

མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་འབར་བ་བཅུར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ། ཕྱོགས་མཚམས་སྟེང་འོག་རྣམས་སུ་ཧཱུྃ་རིང་པོ་ལས་གྲུབ་པའི་ཁྲོན་པ་བྲུབ་ཁུང་གི་རྣམ་པ་ཅན་གྱི་ནང་དུ་བཅུག་པར་བསམ། གཡས་རྡོ་རྗེའི་ཐོ་བ། གཡོན་ཕུར་བུ་བཟུང་ནས་དབང་ལྡན་ནས་གཡོན་བསྐོར་དུ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་ཧཱུྃ། ཞེས་བརྗོད་དེ་ཕུར་བུ་བགེགས་ཀྱི་མགོར་བཙུག །ཨོཾ་བཛྲ་མུངྒ་ར་ཨ་ཀོ་ཏྲ་ཡ་ཧཱུྃ། ཨོཾ་ཧྲཱིཿཧྲཱིཿཧྲཱིཿགྷ་གྷ་གྷ་ཏ། ཞེས་བརྡུང་བས། བགེགས་ཐམས་ཅད་ཀྱི་སྤྱི་གཙུག་ནས་རྐང་པའི་བར་དུ་ཕུག་ནས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་རོ་གཅིག་ཏུ་གྱུར། སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་བཏབ་ཅིང་། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་

p. 22

པས། འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་གྲི་གུག་དང་མདའ་ཡི་དྲྭ་བ་ཡེ་ཤེས་ཀྱི་མེ་རིས་བསྐོར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས་བསྲུང་ངོ་། །དེ་རྣམས་གཅིག་ཏུ་དྲིལ་བའི་ཆོ་ག་དེ་སོང་། སྤྱི་དོན་གཉིས་པ་སྟ་གོན་ལ་བཞི། ས་ཡི་ལྷ་མོ། བུམ་པ། དཀྱིལ་འཁོར། སློབ་མ་ལྷག་པར་གནས་པའོ། །བྱ་རོག་ཆེན་པོའི་དབང་གི་ལེའུ་ལས། ལྷ་དང་བུམ་པ་ཁྲོ་བོ་དང་། །སློབ་མ་ལྷག་པར་གནས་པའོ། །ཞེས་གསུངས་སོ། །དངོས་གྲུབ་འབྱུང་བའི་ལེའུ་བཅུ་དྲུག་པ་ལས། ས་འཛིན་ལྷ་མོ་ཉིད་མཆོད་པས། །བཀའ་བྱིན་ནས་ནི་ཐིམ་པར་བལྟས། །ཞེས་གསུངས་པས། དང་པོ་ནི། ནུབ་གཉིས་པ་བྱེད་ན། ནངས་པར་སྔ་བར་ལངས་ལ། བདག་བསྐྱེད་བཟླས་པའི་བར་རྫོགས་པར་བྱས་ལ། དཀྱིལ་འཁོར་ཤར་ནས་ཁ་ཕྱོགས་པར་འདུག་ནས། སྟེགས་བུར་དྲི་བཟང་གིས་ཐིག་ལེའི་སྟེང་དུ་མེ་ཏོག་གི་ཚོམ་བུ་དང་། མཐར་ཆུ་གཉིས་ཉེར་སྤྱོད་གཏོར་མ་དང་བཅས་པ་སའི་ལྷ་མོ་བསྐྱེད་ནས་གནང་བ་བྱིན་ཏེ་ས་ལ་ཐིམ་པའི་བར་སྔར་ས་བསླང་བའི་སྐབས་ལྟར་བྱའོ། །དེ་ནས་ལག་པ་རྡོ་རྗེ་བསྡམས་པས་ནང་བཅིངས་ནས། དེས་ས་ལ་རེག་ཅིང་། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཧཱུྃ། ཞེས་ལན་གསུམ་བརྗོད་དེ། རྡོ་རྗེ་སྡོམ་པ་ལས་བྱུང་བའི་ཧཱུྃ་འབར་བའི་ཚོགས་ཀྱིས་འོག་དབང་ཆེན་གྱི་བར་དུ་རྡོ་

p. 23

རྗེའི་རང་བཞིན་དུ་བསམས་ལ། ཨོཾ་བཛྲ་ཏིཥྛ་ཏིཥྛ། ཞེས་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས་པར་གྱུར་པར་བསམས་ནས་སའི་ལྷ་མོ་ལྷག་གནས་པའོ། །གཉིས་པ་ནི། རྒྱུད་དངོས་གྲུབ་འབྱུང་བའི་ལེའུ་དེ་ཉིད་ལས། བུམ་པ་བཀྲ་ཤིས་ཡང་དག་ལྡན། །མ་ཉམས་མཚན་ཉིད་ལྡན་པ་ལྔ། །ཁ་ཚར་མ་ཉམས་རས་ཟུང་དཀྲི། །སྙིང་པོ་སྨན་དང་འབྲུ་ལྔ་དང་། །སྤོས་དང་རིན་ཆེན་དག་གིས་དགང་། །རྒྱུན་འབབ་ཆུ་ཡིས་བཀང་བ་དང་། །འབྲས་ལྡན་ཤིང་གིས་ཁ་བརྒྱན་པའོ། །ཞེས་ལྷ་མོ་བུམ་པ་སློབ་མ་རིམ་པར་ལྷག་པར་གནས་པར་གསུངས་སོ། །དེ་ཡང་རྒྱས་པར་བུམ་པ་ལྷ་གྲངས། འབྲིང་དྲུག །ཐ་མ་གཉིས་ལས་ཉུང་བ་ཡེ་ནས་མེད་ཐབས་མེད་དོ། །མཚན་ཉིད་དང་ལྡན་པའི་བུམ་པ་དཀར་པོ་བྱས་ཏེ། མདུན་དུ་རྡོ་རྗེ་གྲི་གུག །དེ་འོག་ཏུ་འཁོར་ལོ། བྱང་དུ་རལ་གྲི། ནུབ་ཏུ་པདྨ། ལྷོར་རིན་ཆེན། ལས་བུམ་ལ་གྲི་གུག་བྲི། རིགས་ལྔའི་ཕྱག་མཚན་བྲི། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་ལས་ཐམས་ཅད་པས་བསང་། གུ་གུལ་དུད་པས་བདུག །ཡུངས་ཀར་གྱིས་བྲབ་ཅིང་། ཞལ་བཞི་པའི་སྔགས་ཀྱིས་བགེགས་བསྐྲད། དེའི་ནང་དུ། ཨོཾ་པཉྩ་པྲོག་ཨཱཿཧཱུྃ། གིས་ནས།

p. 24

གྲོ། སྲན་ཆུང་། འབྲས། སོ་བ། ཏིལ་ཏེ་འབྲུ་ལྔ་དང་། ཨོཾ་པཉྩ་རཏྣ་ཨཱཿཧཱུྃ་གིས་རིན་ཆེན་ལྔ་དང་། ཨོཾ་པཉྩ་གརྦྷེ་ཨཱཿཧཱུྃ། གིས་ལན་ཚྭ། བུ་རམ། མུ་ཟི། མར། སྦྲང་སྟེ་སྙིང་པོ་ལྔ། ཨོཾ་པཉྩ་བྷཻ་ཥ་ཛྱཿཨཱཿཧཱུྃ་གིས་པྲྀ་ཧསྟི་དང་། ཀནྜ་ཀ་རི་དང་། ཨ་པ་ར་ཛི་ཏ་དཀར་པོ་དང་། ཧ་ས་དང་། ཧ་ས་དེ་བ་རྣམས་ཏེ་སྨན་ལྔ། ཨོཾ་པཉྩ་གནྡྷེ་ཨཱཿཧཱུྃ་གིས་ཙན་དན་དཀར་པོ། དམར་པོ། གུར་གུམ། ག་པུར། ཛཱ་ཏི་སྟེ་དྲི་ལྔ། ཨོཾ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ་གིས་ཤ་ལྔ་བདུད་རྩི་ལྔ་སྟེ་སུམ་ཅུ་སོ་ལྔ་པོ་ཐམས་ཅད་དང་། ནོར་བུ། ཡུངས་ཀར། གཡུ། མར་དཀར་པུ་ལུ་བདུན་ནམ། ལྔའམ། གསུམ་ལ་སོགས་པ་རྣམས་ལས་ཐམས་ཅད་པ་བཟླས་ལ་རྣམ་རྒྱལ་དུ་གཞུག །བུམ་པ་ཐམས་ཅད་རིན་པོ་ཆེའི་སྙིང་པོ་ཅན་དགོས་པས། འབྱོར་བ་ཆུང་ན་རྣམ་རྒྱལ་དང་ལས་བུམ་རྣམ་གཉིས་རིན་པོ་ཆེའི་སྙིང་པོ་བྱ། རྣམ་རྒྱལ་ངེས་པར་རིན་པོ་ཆེའི་སྙིང་པོ་བྱའོ། །སྲོག་ཆགས་མེད་པའི་ཆུ་གཞན་གྱིས་ལོངས་མ་སྤྱད་པ་དྲི་བཟང་གི་ཆུ་དང་འོ་མ་བསྲེས་ཏེ་དགང་ཞེས་ས་ར་ཧས་བཤད་དོ། །གོས་སྔོན་པོ་ནག་པོ་གང་རུང་གིས་མགུལ་ཆིངས་སྲོག་ལྔ་པའི་ཚུལ་གྱིས་བཅིང་། ཧཱུྃ་བཟླས་པའི་སྲད་བུ་སྔོན་པོས། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་

p. 25

མ་ཊ་དཱི་ཤཱཾ་བྷནྡྷ་བྷནྡྷ་ཧཱུྃ། ཞེས་པས་མགུལ་ཆིངས་དཀྲི། འབྲས་བུ་ཅན་གྱིས་ཁ་བརྒྱན། རྣམ་རྒྱལ་གྱི་སྟེང་དུ་ཧཱུྃ་གིས་བསྔགས་པའི་རྣམ་རྒྱལ་ཆེན་པོའི་དུང་ཆེན་ཏེ། ཐོད་པའམ་མ་རྙེད་ན་དུང་ཆོས་ཁམ་ཕོར་སོགས་སུ་ཤ་ལྔ་བདུད་རྩི་ལྔ་དང་བཅས་པའི་དྲི་ཆུས་བཀང་སྟེ། ལྔ་ཚན་ལྔ་ནི་རྒྱུད་སྡེ་འོག་མའི་བུམ་སྙིང་ཡིན་ལ། སུམ་ཅུ་སོ་ལྔ་པོ་ནི་བླ་མེད་ཀྱི་བུམ་སྙིང་ངོ་། །ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ། ཞེས་དང་། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས། ཡེ་ཤེས་ཀྱི་བདུད་རྩི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ། དེའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་བཏགས་ལ་གཟུངས་ཐག་རྣམ་རྒྱལ་ཁ་ཡར་ལྟ་བའི་ཤར་སྒོའི་གཡས་དང་ལས་བུམ་གཡོན་དུ་འགོད། ལྷ་གྲངས་ཡོད་ན་ཕྱོགས་མ་འཆོལ་བར་བཀོད་དེ་ལྷ་སོ་སོར་བསྐྱེད། བུམ་པ་རྣམས་སུམྦྷ་ནི་དང་ལས་ཐམས་ཅད་པས་བསང་། སྭ་བྷཱ་ཝས་སྦྱང་ཞེས་སོགས་ནས། བུམ་པ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་གཉིས་པའི་རང་བཞིན་དཀར་པོ་ལྟོ་བ་ལྡིར་བ།

p. 26

ཞབས་ཞུམ་པ། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ཁ་གཡེར་བ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྷ་རྫས་གོས་ཀྱིས་མགུལ་དཀྲིས་པ། མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཏཱཔྟེ་ཏཱཔྟེ་མ་ཧཱ་ཏཱཔྟེ་སྭཱ་ཧཱ། ལྷ་ཡི་ཆུ་དང་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨ་ཉི་མའི་གདན་སུམ་ཅུ་སོ་གསུམ་དུ་གྱུར། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་ལས་གྲི་གུག་གི་ཡུ་བ་ཧཱུྃ་གིས་མཚན་པ་སོ་གསུམ་ལས་འོད་འཕྲོས། དོན་གཉིས་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མགོན་པོ་ལྷ་སུམ་ཅུ་ཐོད་པ་བཞི་དང་བཅས་པར་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཡེ་ཤེས་ཀྱི་མགོན་པོ། ཞེས་དང་། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་བར་བསྒོམས་ནས། ལས་བུམ་གྱི་ནང་དུ་སྣ་ཚོགས་

p. 27

པདྨ་དང་ཉི་མའི་གདན་ལ། ཧཱུྃ་ལས་གྲི་གུག་གི་ཡུ་བ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས། བསྟན་དགྲ་ཐམས་ཅད་རྡུལ་དུ་བརླགས། སླར་འདུས་ཡོངས་སུ་གྱུར་པ་ལས་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། ཐོད་པ་སྐམ་རློན་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པར་གྱུར་པར་བསམ། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་བརླབས་པ་ནས་མཆོད་བསྟོད་ཀྱི་བར་ལྷ་སྟ་གོན་ལྟར་བྱས་ལ། སློབ་མས་པད་སྐོར་བྱ་ཞིང་། ཧཱུྃ་ཞེས་སློབ་དཔོན་ལ་གཟུངས་ཐག་གཏད་པས། སློབ་དཔོན་གྱིས་ཀྱང་དེ་ལྟར་བྱ་ཞིང་། ཧཱུྃ་ཞེས་བླངས་ཏེ་རྡོ་རྗེ་ལ་བཏགས་པའི་མེ་ཏོག་ཕྲེང་བ་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་། གཡས་བགྲང་ཕྲེང་བཟུང་། དམིགས་པ་ནི། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་གི་ལྷའི་ཐུགས་རྒྱུད་བསྐུལ་ནས་བདུད་རྩིའི་རྒྱུན་བབས་

p. 28

པས་བུམ་པ་གང་བར་གྱུར། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་ཞིང་ལྷ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་སྐད་བྱུང་བར་གྱུར་པར་བསམ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་བརྒྱ་རྩ་བརྒྱད། འཁོར་རྣམས་ལ་ཉི་ཤུ་རྩ་གཅིག་གམ་བདུན་ལ་སོགས་པ་བཟླས་ཤིང་། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་ནས། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་དང་། ཧཱུྃ། ལན་བདུན་བཟླས་ཏེ། རྣམ་རྒྱལ་སྟེང་གི་ཐོད་པ་ནས་མཆོད་ཡོན་ཕུལ་ལོ། །ལས་བུམ་ལ་རང་སྔགས་ཉི་ཤུ་རྩ་གཅིག་བཟླས། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་ལས་ཐམས་ཅད་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་གཞུག །སྤོས་ཀྱིས་བདུག །དེ་ནས་བསྲུང་བའི་དོན་དུ་ལས་བུམ་གྱི་ཆུས་ཁ་རྒྱན་རྩེ་མོ་གཏད། སྔགས་དང་བཅས་པས་བསངས་ལ། འདིར་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བཟློག་པར་མཛོད་ཅིག །ཅེས་གསོལ་བ་

p. 29

གདབ་ལ་ཉེར་སྤྱོད་རོལ་མོས་མཆོད། ནང་མཆོད་ཕུལ་ནས་ལག་གཡས་བུམ་པ་ལ་རེག་ནས། རྐང་བརྒྱད་དམ་གང་རུང་གིས་མགོན་པོ་ལ་མཆོད་བསྟོད་བྱས་ནས། ལྷ་ཐམས་ཅད་བདེ་བ་ཆེན་པོའི་ངང་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་བུམ་པའི་ཆུ་དང་དབྱེར་མེད་པར་བསམ། བུམ་པ་མང་དུ་ཡོད་ན་ཐམས་ཅད་ནས་ཆུ་ཅུང་ཟད་ཐོད་པའི་དུང་ཆོས་སུ་བསྡུས་ནས་རྣམ་རྒྱལ་བུམ་པའི་སྟེང་དུ་བཞག །དེའི་སྟེང་དུ་རྡོ་རྗེ་བཞག །བུམ་པའི་བཟླས་བསྒོམ་ཉིན་རེ་བཞིན་ཐུན་གསུམ་མམ་གཅིག་བྱའོ། །དེས་བུམ་པའི་ལྷག་གནས་ཚར་རོ། །གསུམ་པ་ནི། རྒྱུད་དངོས་གྲུབ་ཆེན་པོ་འབྱུང་བའི་ལེའུ་དེ་ཉིད་ལས། དཀྱིལ་འཁོར་དྲི་ཡི་ཐིག་ལེ་ལ། །མེ་ཏོག་གཅལ་བཀྲམ་ལྷ་རྣམས་ནི། །བསྐྱེད་ཅིང་མཆོད་ལ་གཉིས་མེད་བསྟིམ། །ཞེས་གསུངས་ཏེ། བདུད་རྩི་ལྔ་དང་ཆང་གིས་དཀྱིལ་འཁོར་གྱི་ལྷ་གནས་རྣམས་དང་དུར་ཁྲོད་གནས་སུ་ཟླུམ་པོར་བྱས་པའི་སྟེང་དུ་དྲི་བཟང་གི་ཐིག་ལེ་བཀོད་པས་རང་གི་སྔགས་བརྗོད་ཅིང་མེ་ཏོག་ནག་པོའི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་ནས། ཨོཾ་ཨཱཿཧཱུྃ། བརྗོད་དུར་ཁྲོད་གནས་སུ་མེ་ཏོག་དགོད། མཐར་ཆུ་གཉིས་སྔོན་དུ་འགྲོ་བའི་

p. 30

མཆོད་པ་ལྷ་གྲངས་དང་མཉམ་པའི་མཆོད་པ་ནས། ཐ་མ་ཡང་བཅུ་ལས་མི་ཉུང་བ་ཤར་སྒོ་ནས་གཡོན་བསྐོར་དུ་བཤམ། དེ་ནས་བདག་བསྐྱེད་དང་ཆོ་གའི་རྒྱུན་མན་བཟླས་པའི་བར་བསྒོམ་སྟེ། དཀྱིལ་འཁོར་སུམྦྷ་ནི་དང་། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་པས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་སྒྲུབ་ཐབས་མདུན་བསྐྱེད་ལྟར་བྱ། མཆན། ཞེས་པ་ནས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཡེ་ཤེས་ཀྱི་མགོན་པོ་ཞེས་པའི་བར་དང་། འདིར་ནི་བསྟན་སྲུང་བཞུགས་སུ་གསོལ། །ཞེས་པའི་བར་མངོན་རྟོགས་ལྟར་བཏང་ནས། ཨརྒྷཾ་ལ་སོགས་པས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསམ། ནམ་མཁར་བཏེགས་པའི་ཡེ་ཤེས་པའི་དཀྱིལ་འཁོར་ལ་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ནམ་མཁར་བཏེགས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་

p. 31

པར་གྱུར་པར་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། དབང་བསྐུར། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན་པར་གྱུར། ཅེས་བྱས་ནས་མཆོད་པ་བྱིན་བརླབས་ནས། ཧཱུྃ། དག་ཅིང་དྲི་མེད་ཡིད་འོང་བའི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་སོགས་ཀྱིས་མཆོད་ལ་ནང་མཆོད་བྱིན་གྱིས་བརླབས་ལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་གྲི་གུག་འོད་ཀྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། ལྷ་རྣམས་ཀྱི་སྙིང་པོའི་མཐར། ཨོཾ་ཨཱཿཧཱུྃ། བཏགས་ལ་མཆོད། ཕྱོགས་སྐྱོང་ཞིང་སྐྱོང་ལ་འབུལ་ཏེ། ཚིག་བར་གཉིས་མས་བསྟོད་དོ། །གསོལ་བ་གདབ་པ་ནི། ལྷ་ལ་སྙན་གསན་དབབ་པའི་ཕྱིར་སྤྱོད་ལམ་སྔར་ལྟར་པུས་མོ་བཙུགས་ཏེ། ལྕེ་ཧཱུྃ་ལས་

p. 32

སྐྱེས་པའི་རྡོ་རྗེར་གྱུར་པར་བསམས་ལ། ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་དག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་གིས་གུས་པ་ལ། །དེ་ནི་གནང་བར་མཛད་པར་རིགས། །འགྲོ་བའི་འཁོར་ལོ་དོན་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་གཞན་གསང་སྔགས་ལྷ་རྣམས་དང་། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །སེམས་ཅན་བསྟན་ལ་དགའ་བ་རྣམས། །ཤ་དང་རྡོ་རྗེའི་སྤྱན་མངའ་བ། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཁྲག་འཐུང་རྒྱལ་པོའི་དཀྱིལ་འཁོར་ནི། །ཡོ་བྱད་ཅི་

p. 33

འབྱོར་པས་བྲིས་ནས། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བས་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། ཅེས་གསོལ་བ་བཏབ་པས་དགྱེས་བཞིན་དུ་གནང་བ་བྱིན་པར་གྱུར་པར་བསམ་ནས་མཆོད་ཅིང་བསྟོད་དོ། །དེས་ནི་ལྷ་ལྷག་པར་གནས་པའོ། །བཞི་པ་ནི། རྒྱུད་ཆེན་དངོས་གྲུབ་འབྱུང་བའི་ལེའུ་དེ་ཉིད་ལས། སོ་ཤིང་དོར་དང་ལྟས་བརྟག་པ། །སྲུང་སྐུད་ཀུ་ཤ་སྦྱིན་པར་བྱ། །ཞེས་གསུངས་ཏེ། སློབ་མ་ལྷག་གནས་ལ་བཞི། ནང་དབང་བསྐུར་ཞིང་གསོལ་བ་འདེབས་པ། སྡོམ་བཟུང་བྱིན་རླབས་སོ་ཤིང་དོར་བ། ངག་གི་སྐྱོན་བསལ་བསྲུང་ཆོས་བཤད་པ། ཀུ་ཤ་སྦྱིན་ཞིང་རྨི་ལམ་བརྟག་པའོ། །དང་པོ་ནི། སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་ནམ་དགུ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་བཟུང་བར་མི་ཤིས་སོ། །ཞེས་གསུངས་པས། མཚན་ཉིད་དང་ལྡན་པའི་སློབ་མ་ནི་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གང་རུང་ཟུང་དུ་མ་གྱུར་ཅིང་ནང་མཐུན་པ་རྣམས་ལ་དཀྱིལ་འཁོར་མི་སྟོན་ཅིང་སྟ་གོན་བྱ། ཞལ་བཞི་པའི་ལས་ཐམས་ཅད་པ་བཟླས་ཏེ་ཁྲུས་བྱ། གོས་གསར་པ་ནག་པོ་གྱོན། ཕྱག་དང་མཎྜལ་ཕུལ། བགེགས་

p. 34

བསྐྲད། ལག་ཏུ་མེ་ཏོག་ནག་པོ་འཛིན་ལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ནག་པོ་ཆེན་པོ་ལ། །མཆོག་ཏུ་གུས་པས་སྐྱབས་སུ་མཆི། །སློབ་མ་ཉེར་བཟུང་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་སྟེ། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཤྲཱི་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པར་བྱའོ་སྙམ་དུ་སོམས་ཤིག །དེའང་མཆོག་ཏུ་ཟབ་པའི་དཀྱིལ་འཁོར་འདིར་ཐོག་མར་ནང་དབང་བསྐུར་བར་གསུངས་ཏེ། ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཅེས་བརྡ་སྤྲད་དེ། ངེད་བླ་མ་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་གྲི་ཐོད་འཛིན་པས་ཡུམ་ལ་འཁྱུད་ཅིང་ཐ་མ་གཉིས་རལ་གྲི་ཁ་ཊྭཱཾ་བསྣམས་པ། དཔའ་བོའི་འདུག་སྟངས་ཀྱིས་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སློབ་མ་རྣམས་དྲངས་ཏེ་

p. 35

རང་གི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཐོན། ཡུམ་གྱི་པདྨར་གནས་པས་སློབ་མ་རྣམས་སྐད་ཅིག་གིས་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་རེ་རེར་གྱུར་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཡབ་ཡུམ་ཐམས་ཅད་ཞལ་ནས་ཞུགས། དེར་རྗེས་ཆགས་ཀྱིས་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་ཐོན་ནས་གཏུམ་མོའི་པདྨར་བབ། གནས་པའི་སློབ་མ་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཐོན་ཏེ་དཀྱིལ་འཁོར་གྱི་ཤར་དུ་གནས་པར་གྱུར་པར་བསམས་ལ། སློབ་མ་རེ་རེ་ནས་དམིགས་པ་གསལ་བར་བྱས་ལ། དེ་ནས་སློབ་མས་མཎྜལ་ཕུལ་ལ་དོན་བསམ་བཞིན་པར། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་ཕྱག་

p. 36

འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ཅེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་བླ་མས་སློབ་མ་གཅིག་གཙོ་བོར་བྱས་ལ། བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་ཤཱཀྱ་སེང་གེ་དེས། །བདུད་སྡེ་ཤིན་ཏུ་མི་

p. 37

བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་སློབ་མ་རྣམས་སྤྲོ་བ་བསྐྱེད་ཅིང་མོས་པས་འཛིན་དུ་འཇུག་གོ། །གཉིས་པ་ནི། ཐུན་མོང་གི་སྡོམ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་བཞིན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་

p. 38

རྒྱས་འགྲུབ་པར་ཤོག །ཅེས་དང་། ཐུན་མོང་མ་ཡིན་པའི་རིགས་ལྔའི་སྡོམ་པ་ཡང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་

p. 39

ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་དག་པ་ལ། །སྡོམ་པ་ཐམས་ཅད་ལེན་པར་བགྱི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་

p. 40

ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་བརྗོད། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་སོགས་བཟླས་པས་བསྲུང་ངོ་། །དེ་ནས། སློབ་མའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ནག་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། དཔྲལ་བར་འཁོར་ལོའི་ལྟེ་བར་ཨོཾ་དཀར་པོས་མཚན་པར་གྱུར་པར་བསམ། རྡོ་རྗེ་དང་བཅས་པའི་ལག་པས་སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ཏེ། ཡར་མར་རེག་ཅིང་ཨོཾ་ཨཱཿཧཱུྃ་ཞེས་དང་། ཉེར་སྤྱོད་ཀྱིས་མཆོད་དོ། །དངོས་གྲུབ་པྲ་ལྟས་བརྟག་ཕྱིར་སོ་ཤིང་དོར་བ་ནི། སོ་ཤིང་འོ་མ་ཅན་གྱི་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་ལ། མདུན་དུ་དཀྱིལ་འཁོར་གྲུ་བཞི་པ་དྲི་བཟང་གིས་བྱུགས་པ་ཁ་ལྷོར་ལྟ་བ་ཚོམ་བུ་ལྔ་དང་ལྡན་པ་ལ། ཧཱུྃ། བཟླས་པ་སྦྱིན་ཏེ་རྩེ་མོ་ནས་མ་གས་པར་འཆའ་ཞིང་སྐྱོན་དག་པར་བསམས་ལ། ཨོཾ་བཛྲ་ཧཱ་ས་ཧ། ཞེས་བརྗོད་དོ། །སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་ནད་གདོན་ཐམས་ཅད་སྐྱུག་པར་མོས་ཏེ། མིག་

p. 41

སྟེང་དུ་བལྟ་ཞིང་ལྟོས་པ་མེད་པར་དཀྱིལ་འཁོར་དབུས་སུ་དོར་ཏེ། རྩེ་མོ་སློབ་དཔོན་ལ་ཕྱོགས་ན་མཆོག །གྱེན་དུ་འགྲེང་ན་མཁའ་སྤྱོད། ཐུར་དུ་བལྟས་ན་ས་འོག ། ཤར་དུ་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་འཇིག་རྟེན་པའི་དངོས་གྲུབ་བོ། །ཞེས་བརྡ་སྤྲད་དོ། །གསུམ་པ་ནི། ངག་གི་སྐྱོན་བསལ་ཕྱིར། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་བཟླས་པའི་དྲི་ཆུ་ཨོཾ་སརྦ་བི་ཀལྤ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་པས་ཁྱོར་བ་གསུམ་བླུད། བར་ཆད་བསྲུང་བ་དང་གྲངས་ངེས་པའི་ཕྱིར་སྲུང་སྐུད་བཏགས་ཏེ། སློབ་མའི་ལུས་ཚད་དང་མཚམས་མཉམ་པའི་སྲུང་སྐུད་ནག་པོ་སུམ་ལྟེབ་བྱས་པའི་མདུད་པ་སུམ་ལྡན་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ལན་བདུན་བཟླས་པ་སློབ་མའི་དཔུང་པ་གཡོན་པར། ཨོཾ་མ་ཧཱ་ཀཱ་ལ་རཀྵ་ཧཱུྃ། ཞེས་པས་བཅིངས་ལ་ཐོད་པའི་ཆུ་དང་རྡོ་རྗེས་བསྲུང་ངོ་། །དེ་ཡང་ཕོའི་གཡོན་དུ་ཟླ་བ་འབབ་པ་དང་། མོའི་གཡས་སུ་འབབ་པ་ལ་གེགས་མང་བས་དེ་བསྲུང་ཕྱིར་ཕོ་གཡོན་མོ་གཡས་ཞེས་བཤད་དོ། །སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་ཟབ་མོ་བཤད་པ་ནི། རྣམ་

p. 42

སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་དག །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་ནས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པ། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཅིང་མི་གཡོ་ན། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་གཅོད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་

p. 43

རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་དོ། །བཞི་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤ་སྔོ་ལྗང་ཆེ་ཆུང་གཉིས་རྩེ་མོ་མ་ཉམས་པས་ལས་ཐམས་ཅད་དང་། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། བཟླས་པས། ཧཱུྃ་ལས་བྱུང་བའི་ཀུ་ཤ་ཆེ་བ་དང་། དྷཱིཿལས་བྱུང་བའི་ཀུ་ཤ་ཆུང་བར་གྱུར། ཆེ་བ་གཡས་སྟན་དང་། ཆུང་བ་གཡོན་སྔས་སུ་བྱིན་ཏེ། ལག་གཉིས་བསྣོལ་ཏེ། ཨོཾ་བཛྲ་ཏིཀྵ་བྃ། ཞེས་པས་བྱིན་ལ། སུམྦྷ་ནི་དང་ལས་ཐམས་ཅད་པས་བསངས་ཏེ། ཀུ་ཤ་ཆེ་བ་སྟན་དང་། ཆུང་བ་སྔས་

p. 44

སུ་གྱིས་ལ་གང་བདེར་སེང་གེ་ཉལ་སྟབས་གྱིས་ལ་ཉོལ་ཅིག །མཚན་མོ་ཐུན་བཞིའི་ཐ་མ་རྨི་ལམ་གང་མཐོང་བ་དེ་ང་ལ་སྨྲོས་ཤིག །ཅེས་བགོས་ནས་ཉལ་དུ་གཞུག་གོ། །རང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ་སྲུང་བའི་དོན་དུ་ལས་ཐམས་ཅད་པའི་བཟླས་པ་བྱའོ། །ནངས་པར་སྔ་བར་ལངས་ནས་རྨི་ལམ་དྲིས་པས། ལེགས་པའི་རྨི་ལམ་རྨིས་ན་གཟེངས་བསྟོད། མི་ལེགས་པའི་རྨི་ལམ་རྨིས་ན་ཆོས་སྐྱོང་དང་ཞིང་སྐྱོང་མཁའ་འགྲོའི་ཚོགས་ལ་གཏོར་མ་འབུལ་ལ་བར་ཆད་ཞི་བའི་གསོལ་བ་གདབ། དེ་ཡང་གྱེན་ལ་འཛེག་པ་དང་། གོས་དཀར་པོ་གྱོན་པ་དང་། སྐྱུགས་པ། ཁྲུས་བྱས་པ་རྣམས་སྒྲིབ་པ་དག་པའི་རྟགས། ཉི་མ་ཤར་བ། ནམ་ལངས་པ། ནམ་མཁའི་དབྱིངས་སུ་བསྡད་པ། སློབ་དཔོན་གྱིས་ཆོས་གསུངས་པ། ཁྲོམ་མང་པོ་ལ་ཆོས་བཤད་པ་རྣམས་མཆོག་ཐོབ་པའི་རྟགས། བུད་མེད་མང་པོས་བསྙེན་བཀུར་བྱས་པ་དང་། ཤིང་ཐོག་དང་། བྷནྡྷ་བདུད་རྩི་ཆང་དང་། མར་དང་ཁྲག་གིས་

p. 45

བཀང་ནས་བྱིན་པ་དང་། ལོ་ལེགས་པ་མེ་ཏོག་རྒྱས་པ་རྣམས་ནི་དངོས་གྲུབ་ཐོབ་པའི་རྟགས་སོ། །ཐུར་དུ་རྒྱུག་པ་དང་། རྦབ་གཡང་དང་། ཆུས་ཁྱེར་ལ་སོགས་དངོས་གྲུབ་ལས་རིང་བའི་རྟགས་སོ། །ཞེས་རྨི་ལམ་གྱི་བརྡ་དང་། དེ་ཡང་ལེགས་ཉེས་བརྟག་ཕྱིར་ས་བརྟག་པ། དབང་དུ་བྱ་བའི་ཕྱིར་ས་བསླང་བ། ཉེས་པ་སྤང་ཕྱིར་ས་སྦྱང་བ། བྱིན་གྱིས་བརླབ་ཕྱིར་ས་བཟུང་བ། དཀྱིལ་འཁོར་ཆེན་པོའི་བྱ་བ་མ་རྫོགས་པར་བགེགས་གཞོམ་ཕྱིར་ཕུར་བུ་བཏབ་ཅིང་བརྡུང་བ་སྟེ་ས་ཆོག་གི་སྐོར་དང་། དབང་དུ་བྱ་ཕྱིར་ལྷ་མོ་ལྷག་པར་གནས་པ། བུམ་ཆུ་ནུས་ལྡན་བསྒྲུབ་ཕྱིར་ནུས་པ་དང་ལྡན་པར་གནས་པ། གསོལ་བ་བཏབ་ཕྱིར་ལྷ་ལྷག་པར་གནས་པ། སྣོད་དུ་རུང་བར་བྱ་ཕྱིར་ནང་དབང་བསྐུར་བ། དངོས་གྲུབ་ཀྱི་པྲ་བརྟག་པའི་ཕྱིར་སོ་ཤིང་དོར་བ། ངག་གི་ཉེས་པ་དག་ཕྱིར་

p. 46

ཁྱོར་ཆུ་བླུད་པ། བར་ཆད་བསྲུང་ཕྱིར་སྲུང་སྐུད་བཏགས་པ། སྤྲོ་བ་བསྐྱེད་ཕྱིར་ཆོས་བཤད་པ། རྨི་ལམ་བརྟག་ཕྱིར་ཀུ་ཤ་སྦྱིན་པ་སྟེ་སྟ་གོན་གྱི་སྐོར་རོ། །དེ་རྣམས་ཀྱིས་སྒྲིབ་གཉིས་བྱང་ནས་རྒྱུ་བསོད་ནམས་ཀྱི་ཚོགས་རྒྱུད་ལ་བཞག་ཅིང་འཐོབ་པར་བྱེད་པ་ཡིན་ནོ། །ཞེས་ངོ་སྤྲད་དོ། །རྨི་ལམ་ངན་པ་ཟློག་པ་ནི། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ཡི་གེ་བརྒྱ་པའི་ཁྲུས་བྱའོ། །དེས་སློབ་མ་ལྷག་པར་གནས་པའོ། །དེ་རྣམས་གཅིག་ཏུ་དྲིལ་བས་སྟ་གོན་གྱི་ཆོ་ག་ཚར་རོ། །སྤྱི་དོན་གསུམ་པ་དངོས་གཞི་ལ་བཞི། ཐིག་གདབ་ཅིང་ཚོན་བཀྱེ་བ། བུམ་བཀོད་དཀྱིལ་འཁོར་ཚོན་བརྒྱན་པ། སྒྲུབ་ཅིང་དཀྱིལ་འཁོར་མཆོད་པ། དབང་བསྐུར་བའོ། །དང་པོ་ལ་གསུམ། ཡེ་ཐིག་གིས་བྱིན་གྱིས་བརླབ་པ་དང་། ལས་ཐིག་གིས་ཆ་དབྱེ་བས་ཚོན་འགྱེད་པའོ། །འདི་ལ་སློབ་དཔོན་རིན་པོ་ཆེས་ལྷག་པར་གནས་པའི་སྐབས་སུ་དམ་ཚིག་པ་དང་། སྐབས་འདིར་ཡེ་ཐིག་གདབ་པར་བཞེད་ཀྱང་། དངོས་གྲུབ་འབྱུང་བའི་ལེའུ་བཅུ་བདུན་པར། ཁྱད་པར་ལྷ་ལ་གསོལ་བཏབ་ནས། །རྡུལ་ཚོན་དལ་ཐིག་གདབ་བྱ་ཞིང་། དང་པོ་ཡེ་ཐིག་གདབ་བྱ་ཞིང་། །ཕྱིས་ནས་དམ་ཚིག་ངེས་པར་གདབ། །གོ་རིམ་མ་ནོར་བསྐོར་བའི་ཚུལ། །སྲད་བུ་ཤེས་རབ་ཅན་ཐིག་གདབ། །ཅེས་དང་། བྱ་རོག་ཆེན་པོ་ལས། དཀྱིལ་འཁོར་བཏེགས་ནས་ཐིག་གདབ་བྱ། །ཞེས་ཡེ་ཐིག་བྱིན་གྱིས་

p. 47

བརླབས་ནས། ལས་ཐིག་གིས་ཆ་དབྱེ་བར་གསུངས་ཏེ། དང་པོ་ནི་སྔར་ས་ཆོག་གི་སྐབས་སུ་བཤད་པའི། ཨོཾ་བཛྲ་ཏིཥྛ་ཕཊ། སྔགས་རྒྱས་དཀྱིལ་འཁོར་ནམ་མཁར་བཏེགས་ལ་བཞག་གོ། །མེ་ཏོག་སིལ་མ་བཀྲམ། ལས་ཐམས་ཅད་པའི་དྲི་བཟང་དང་། བདུད་རྩི་ལྔས་བྱུགས། དེ་ནས་ཐིག་སྐུད་ཀྱི་རྒྱུ་འོག་ཏུ་འཆད་པའི་སྐུད་པ་ལྔ་དྲི་བཟང་ཡུངས་ཀར་ཕྱེ་མ། བདུད་རྩི་ལྔ་དང་སྲིད་པའི་ཚོན་ནག་པོ་སོགས་ཀྱིས་སོ་སོར་ཁ་བསྒྱུར་ལ་དྲི་བཟང་གིས་བྱུགས་ལ། ཐིག་སྐུད་ཀྱི་ཐོག་མཐའ་དབུས་རྣམས་སུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཧཱུྃ་བྷྲཱུྃ་ཨཾ་ཛིཾ་ཁཾ། བརྗོད་ཅིང་སློབ་མ་ལ་སྣེ་གཏད། དེས་ཀྱང་དེ་ཉིད་བརྗོད་ཅིང་བླངས། དཔོན་སློབ་གཉིས་ཀའི་ལག་པ་གཡོན་པའི་མཐིལ་དུ་སོར་མོ་ནས་བརྩམས་ཏེ། མཐེའུ་ཆུང་གི་རྩེའི་བར་དུ། སྔོན་པོ། དཀར་པོ། སེར་པོ། དམར་པོ། ལྗང་གུ་རྣམས་རིམ་པར་བཀོད་དེ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ནག་པོ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ། དཀར་པོ་བྷྲཱུྃ་ལས་རྣམ་སྣང་དཀར་པོ། སེར་པོ་ཨཾ་ལས་

p. 48

རིན་ཆེན་འབྱུང་ལྡན་སེར་པོ། དམར་པོ་ཛིཾ་ལས་འོད་དཔག་མེད་དམར་པོ། ལྗང་གུ་ཁཾ་ལས་དོན་ཡོད་གྲུབ་པ་ལྗང་གུར་གྱུར། ནམ་མཁར་བཞུགས་སུ་གསོལ་བའི་རིགས་ལྔའི་ཐུགས་ཀར་ཧཱུྃ་བྷྲཱུྃ་ཨཾ་ཛིཾ་ཁཾ་ལས་གྲུབ་པའི་ཐིག་སྐུད་འོད་ཟེར་ལྔ་ཡི་རང་བཞིན་དུ་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ་ཨཀྵོ་བྷྱཿ བཛྲ་པུ་ཏྲཾ་མེ་པྲ་ཡཙྪ། མ་ཧཱ་མཎྜལ་པུ་ཌ་ཎ་ཡེ་ཧཱུྃ། ཞེས་དང་། ཨཀྵོ་བྷྱའི་གནས་སུ། ཤ་ཤོ་ཏ་དང་རཏྣ་སཾ་བྷ་ཝ་དང་། ཨ་མོ་གྷ་སིདྡྷི། ཞེས་པ་རྣམས་རིམ་པ་ལྟར་སྦྱར་བ་རིགས་ལྔ་ལ་གསོལ་བ་བཏབ་པར་བསམས་ལ། རང་ནག་པོ་ཆེན་པོར་གསལ་བའི་མིག་གཉིས་ཛ་ཛ་ལས་ཉི་མ་དང་ཟླ་བ་སེར་པོའི་རང་བཞིན་ཅན་དུ་གྱུར་པར་བསམས་ལ། མིག་གི་རྫི་མ་འདེགས་ཤིང་བཏབ། འབར་བའི་ལྟ་སྟངས་བྱས་ལ། ཨོཾ་ཏིསྟ་ཏིསྟ་ཨཾ་ཀུ་ཤ་ཛཿ འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་པའི་ཡེ་ཤེས་ཀྱི་སྲད་བུ་རང་གི་མདོག་ཅན་གྱི་ཧཱུྃ་བྷྲཱུྃ་ཨཾ་ཛིཾ་ཁཾ་གི་ཡི་གེའི་

p. 49

གཟུགས་མི་བསྐྱོད་པའི་ངོ་བོ་མགོན་པོ་རིགས་ལྔ་ལ་སོགས་པའི་ཐུགས་ཀ་ནས་བྱུང་སྟེ་ལག་པའི་ཐིག་སྐུད་སོ་སོ་ལ་ཐིམ་པར་གྱུར་པར་བསམ། ཨོཾ་ཨཱཿནྱོ་ནྱ་ཨ་ནུ་གཱ་ཏེ་སརྦ་དྷརྨཱཿ སྤ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཨདྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་། དང་པོ་རེ་རེ་སྒྲིམ། དེ་ནས་ལྔ་པོ་གཅིག་ཏུ་བསྒྲིལ་ཏེ་ལག་པས་རེག་ལ་སུམྦྷ་ནི་དང་ལས་ཐམས་ཅད་པས་བསྲུང་སྟེ། སློབ་དཔོན་ནུབ་དང་གྲོགས་ཤར་དུ་སོང་སྟེ་ཚངས་ཐིག་དང་པོ་ནས་མཇུག་གི་བར་ལ་ཐིག་གི་སྐབས་ལྟར་བྱ་ཞིང་སློབ་དཔོན་ལ་གང་ལྟར་རྒྱབ་མི་སྟོན་པར་བྱ་ཞིང་། ཁྱད་པར་སློབ་དཔོན་ལག་པ་གཡས་རྡོ་རྗེ་དང་བཅས་པའི་མཐེའུ་ཆུང་མིང་མེད་ཀྱི་ཐིག་སྐུད་སྟེང་ནས་བཟུང་བ་འོག་ཏུ་བཅུས་ཏེ་གྱེན་དུ་ནམ་མཁར་གདབ་ཅིང་མཐེབ་མཛུབ་ཀྱིས་སེ་གོལ་གྱི་སྒྲ་བྱ་ཞིང་། ཨོཾ་བཛྲ་ས་མ་ཡ་སུ་ཏྲཱྃ་མ་ཏི་ཀྲ་མ་ཧཱུྃ། ཞེས་ཐིག་གི་སྒྲས། མ་ལུས་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་ལ་སོགས་ཁྱེད་རྣམས་ཀྱིས། །འགྲོ་དོན་མཛད་པའི་དུས་ཡིན་ནོ། །

p. 50

ཞེས་བསྐུལ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱོན་ནས་ཐིག་སྐུད་ལ་ཐིམ་པར་གྱུར་པར་བསམས་ལ། དཔོན་སློབ་གཉིས་ཀ་དེ་མ་ཐག་པར་ས་ལ་འདུག་ནས་ལག་པ་མཉམ་པོར་སྨད་ལ་ཚངས་ཐིག་དང་པོ་གདབ་སྟེ། ངོ་བོ་ཡེ་ཤེས་ལྔ་ལ་རྣམ་པ་སྲད་བུ་ཁ་དོག་ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ཐིམ་པར་གྱུར་པར་བསམས་ལ། དེ་བཞིན་དུ་ལྷོ་བྱང་གི་ཚངས་ཐིག་གི་ནམ་མཁའ་དང་འོག་གི་ས་ལ་འདུག་པ་ནི་གོང་ལྟར་རོ། །དེ་ནམ་མཁར་འདེབས་པ་མ་གཏོགས་སྐོར་ཕྱོགས་ལས་ཐིག་བཞིན་བྱ་ཞིང་། སྔགས་སྔ་མ། ཨོཾ་བཛྲ་ས་མ་ཡ་སུ་ཏྲཱྃ་མ་ཏི་ཀྲ་མ་ཧཱུྃ། བརྗོད་ཅིང་། ཟུར་ཐིག་ནས་དུར་ཁྲོད་ཀྱི་མཐའི་བར་ཡེ་ཐིག་བཏབ་ལ་ཡེ་ཤེས་སྲད་བུ་ཁ་དོག་ལྔ་པར་དུས་གཅིག་ལ་ཐིམ་པར་བསམ་མོ། །ཐིག་སྐུད་ལ་སྔར་ལྟར་མཆོད་ཅིང་བསྟོད་དོ། །ཡེ་ཤེས་ཀྱི་ཐིག་སྐུད་ནམ་མཁར་བཞུགས་པ་མགོན་པོ་རིགས་ལྔའི་ཐུགས་ཀར་གཤེགས་ཤིང་དམ་ཚིག་པ་རང་ལ་ཐིམ་པར་གྱུར་པར་བསམ་ཞིང་། ཐིག་སྐུད་རྡོ་རྗེ་ལ་དཀྲི་ནས་འཇོག་པ་ཕྱག་ལེན་ནོ། །དེས་ཡེ་

p. 51

ཐིག་ཚར་རོ། །གཉིས་པ་ནི། དཀྱིལ་འཁོར་གྱི་གཞིར་མེ་ཏོག་སིལ་མ་གཅལ་དུ་བཀྲམ། ཐིག་སྐུད་ཀྱི་རྒྱུ་ནི། དཔལ་མོའི་རིན་གྱིས་ཉོས་པ་རས་བལ་གཙང་མ་སྔར་ལོངས་མ་སྤྱད་པ། མི་རུང་བའི་སྐྲ་མ་འདྲེས་པ། གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་དམ་ཚིག་དང་ལྡན་པས་བཀལ་བ། ཁ་དོག་དཀར་པོ་སུམ་སྒྲིལ་སྒོའི་ཉི་ཤུའི་ཆར་སྦོམ་ཕྲ་དང་འཇུར་མེད་པ། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པ། དྲི་བཟང་པོའི་ཆུ་དང་བདུད་རྩི་ལྔ་དང་བ་བྱུང་ལྔས་བྱུགས་ནས་གདབ་པར་བྱ་སྟེ། དེ་ཡང་རིང་ཐུང་དུ་གྱུར་ན་བླ་མ་ནད་ཀྱིས་ཐེབ། ཆད་ན་བླ་མ་འཆི། སྡོད་པ་འཆུགས་ན་སློབ་མ་ལ་སྡུག་བསྔལ་བསྐྱེད། ཅེས་སོ། །ཐིག་སྐུད་ཀྱི་ནང་གི་རྩེ་དང་དབུས་དང་མཐར་ཨོཾ་ཨཱཿཧཱུྃ་གསུམ་གྱིས་རིམ་པ་ལྟར་མཚན་པར་གྱུར་པར་བསམས་ལ་ཐོད་པའམ་གསེར་ལ་སོགས་པའི་སྣོད་གཙང་མར་བཞག་སྟེ། སྔར་གྱི་ཆོ་གའི་རྒྱུན་མནན་ནས་རང་གཙོ་བོའི་རྣལ་འབྱོར་དང་ལྡན་པས། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། ཐིག་སྐུད་སྟོང་པར་གྱུར། སྟོང་པའི་ངང་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་ཀྱི་མགོན་

p. 52

པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་པར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར་པའི་ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། མཆོད་ཅིང་བསྟོད་ནས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་བས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ནང་མཆོད་འབུལ། སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པ། །སྲིན་པོའི་གཟུགས་ཀྱིས་གདུག་པ་མ་རུངས་འདུལ། །ལས་མགོན་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ་ལག་པས་རེག་ཅིང་། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅུང་ཟད་བཟླ། ལྷ་ཞུ་བ་ལས་ཐིག་སྐུད་དུ་བསམ། ཞེས་བསྲུང་སྟེ། མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཊ་ལས་ཟླ་བ། མིག་འབྲས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་བཛྲ་དྲིཥྛི་མ་ཊས་མཚན་

p. 53

པར་གྱུར་པར་བསམ་ལ་ཆགས་པའི་ཉམས་དང་ལྡན་པས་རབ་ཏུ་དགའ་བའི་མིག་བསྒྲད་དེ། རྡོ་རྗེའི་ལྟ་སྟངས་ཀྱིས་བལྟས་ཤིང་། བཛྲ་དྲྀཥྚི་མ་ཊ། ཞེས་བརྗོད་དོ། །ཐིག་སྐུད་དབང་དུ་བྱས་ཏེ་བརྟན་པར་བྱས་ལ་ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་ལྔ་དང་། དྲིའི་ཆུ། ཆུ་དང་། ཤ་ཆེན་དང་། ཡུངས་ཀར་གཏོར། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཏྲ་མ་ཧཱུྃ། ཞེས་པ་དང་། ཨོཾ་ཨཱཿཧཱུྃ། བརྒྱད་བཟླས་ཏེ་ལྷག་པར་གནས་པར་བྱའོ། །བདུད་རྩི་ལྔ་དང་ཙན་དན་དཀར་དམར་དང་བཅས་པའི་ཐིག་ཆལ་གྱིས་[སྦག་]ལ། དཀྱིལ་འཁོར་ས་གཞི་ལ་དྲི་བཟང་པོའི་ཆུས་བྱུགས་ནས། སྔར་ནམ་མཁར་གནས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་སུམ་དུ་གྱུར་པར་བསམས་ལ། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་བདུད་རྩིས་མཆོད། རྐང་བརྒྱད་སོགས་ཀྱིས་བསྟོད། རང་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་དང་། གྲོགས་དྲག་མོར་གྱུར་པའི་མིག་གཡས་གཡོན་ཛཿཛཿལས་ཉི་མ་དང་ཟླ་བ་སེར་པོ་ཅན་དུ་གྱུར་པར་བསམས་ལ།

p. 54

ཕྱོགས་འཁྲུལ་པའི་ཉེས་པ་སྤང་བའི་ཕྱིར་ཕྱོགས་ཀྱི་དབྱིབས་བརྟགས་ཡན་གྱིས་དོན་དམ་པར་རང་བཞིན་མེད་པས་མཉམ་ཉིད་ཡིན་ནོ་བསམ་མོ། །གཉིས་པ་ནི། སློབ་དཔོན་རླུང་དུ་གནས་ཏེ། གཡོན་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བར་བཟུང་ནས། ཛྫཿཛྫཿཛྫཿབརྗོད་དོ། །ཐིག་སྣ་དྲག་མོར་གནས་པའི་ལག་ཏུ་གཏད་ལ། དེས་ཀྱང་ཛཿཛཿཛཿཞེས་བརྗོད་ཅིང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བའི་ཐད་དུ་དྲངས་ལ་གཉིས་ཀའི་རྐང་མཐིལ་གཉིས་སུ་ཧཱུྃ་ལས་རྡོ་རྗེ་འབར་བ་རེ་རེ་ཞེས་བསམས་ལ། དཔོན་སློབ་གཉིས་ཀ་གཡོན་བསྐོར་གྱིས་འོང་ནས་སློབ་མ་སློབ་དཔོན་ལ་རྣམ་པ་ཐམས་ཅད་དུ་རྒྱབ་མི་སྟོན་པར་སློབ་དཔོན་ཤར་དང་སློབ་མ་ནུབ་ཏུ་སོང་སྟེ། སློབ་དཔོན་རྐང་པ་གཡས་གྱེན་དུ་བསླངས། གཡོན་སྐྱིལ་ཀྲུང་དང་གྲོགས་དེ་ལས་ལྡོག་པར་འདུག་སྟེ། ལག་པ་གཉིས་ས་ལ་ཕབ་ནས། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་གདབ། དེ་བཞིན་དུ་ཀུན་ལ་ཡང་ཕྱོགས་གཡོན་བསྐོར་དང་མཚམས་གཡས་བསྐོར་དུ་ཐིག་གདབ་པའི་ཚུལ་ནི། དང་པོར་དཀྱིལ་འཁོར་དབུས་སུ་ཅི་ཙམ་པའི་ཟླུམ་བསྐོར་གཅིག་ལ། དེའི་སྟེང་ཕྱོགས་བཞིར་མཚན་མ་མཉམ་པ་བཞི་བྱས་པའི་ཤར་ཕྱོགས་ཀྱི་ཐིག་ལེའི་སྟེང་དུ་ཟླུམ་པོ་སྔ་མ་ལས་ཅུང་ཟད་རིང་བའི་སྲད་བུ་བཟུང་ནས་མཎྜལ་བཞི། ཉ་ཡི་མགོ་དང་མཇུག་མའི་མཐར། གཡོན་བསྐོར་སློབ་དཔོན་བྱང་དང་སློབ་མ་ལྷོར་གནས་ནས་ཚངས་གཉིས། སློབ་དཔོན་མེར་གནས་ནས་སློབ་མ་དབང་དང་སྲིན་པོར་སོང་ལ་

p. 55

ཤར་དང་ལྷོ། སློབ་དཔོན་རླུང་དུ་གནས་སློབ་མ་སྲིན་པོར་དང་དབང་ལྡན་དུ་བསྐོར་ནས་ནུབ་དང་བྱང་གི་རྩ་ཐིག་གདབ། གཡས་བསྐོར་སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་ནས་ཟུར་ཐིག་དང་པོ་དང་། སློབ་དཔོན་སྲིན་པོར་གནས་ནས་སློབ་མ་དབང་ལྡན་དུ་སོང་ལ་ཟུར་ཐིག་གཉིས་གདབ་པར་བྱ། ཀུན་ལ་ཕྱོགས་གཡོན་མཚམས་གཡས་སྐོར། ཟུར་དེ་སྒོ་ཚད་བདུན་དང་ཕྱོགས། །ཁྲུ་ལ་སོགས་པའི་རྩ་ཐིག་གི །དབུས་སུ་ཆ་བརྒྱད་ཕྱེས་དེ་སྒོ། །དེ་ཡི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུད་ཟུར་ནས་ངོས་གསུམ་སྟེ། །ཚངས་ལ་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དང་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རིང་། །ཆ་ཆུང་དྲང་པོའི་ཐིག་བཞི་སྟེ། །གསུམ་ནི་ཆ་ཆུང་ལྔ་བཞི་སྟེ། །ཆ་ཆུང་དེ་ཡི་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རིག །གསུམ་ནི་ཆ་ཆུང་རེ་རེའི་བར། །བཞི་པའི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ། །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་པའི་ངོས་སྟེང་དུ། །ཆ་ཆུང་གཉིས་རེའི་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་མཁྱོག་པས། །རྩ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བའི་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང་། །བདུན་པ་ཆ་ཆུང་ཕྱེད་དང་གཉིས། །དེ་ནི་གཉིས་མཉམ་དགུ་མཉམ་ཡིན། །ལྔ་མཉམ་གསུམ་གསུམ་མཉམ་བྱེད་ནས། །ཡང་ན་གསུམ་པ་བདུན་པ་དང་། །དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་

p. 56

དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །[གཉིས་ཀའི་རྒྱ་ཚད་ཕྱོགས་གཉིས་རྒྱར། །]ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང་། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ས་ཆ་ཆུང་གསུམ། །སྟེང་གི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམ་ཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་གོ་འདིའི་ནང་དུ། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེ་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནི་གསུམ་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བ་གསུམ། །བཞི་དང་བཞི་དོར་ཟླུམ་པོ་གཅིག །མེ་རི་དུར་ཁྲོད་ཚངས་དང་མདའ་ཡབ་ཕྲད་པ་ནས། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བར་ཆ་ཆུང་དགུ་དང་ནི། །བཞི་ཆ་གཡས་གཡོན་ཕྱི་ར་བསྐོར། །མདའ་ཡབ་ཚངས་མ་ཆ་ཆུང་ནི། །ཕྱེད་བཅས་གསུམ་ནས་ཐད་དཀར་བཅས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། །གཡོན་བསྐོར་གཡས་པ་དེ་ལྡོག་གོ། །ནང་གི་དཀྱིལ་འཁོར་ཐིག་གདབ་པས། །རྩ་བའི་ནང་དུ་ཆ་ཕྲན་གསུམ། །སོང་བར་ཟླུམ་

p. 57

པོ་བཞི་ལ་ནི། །གཅིག་དང་ཕྱེད་བཞི་གཅིག་དོར་བའི། །མཚམས་སུ་ཡང་དག་བསྐོར་བར་བྱ། །དེ་ནས་ཚངས་པའི་གཡས་གཡོན་དུ། །གསུམ་དང་གཅིག་སོགས་མཚམས་སུ་ནི། །དྲང་ནི་ཐིག་བརྒྱད་གདབ་བྱ་སྟེ། །དབུས་སུ་གྲུ་གསུམ་ཐིག་གདབ་པས། །ཚངས་ཐིག་སྟེང་ནས་ནང་དུ་ནི། །ཆ་ཕྲན་ཕྱེད་གཉིས་སོང་མཚམས་སུ། །གྲུ་གསུམ་ལོགས་ཐིག་རྩེ་མོ་བདུན། །ནང་ཆ་རྩ་ཐིག་ནང་ནས་ཆ་ཕྲན་གཉིས། །མཉམ་དུ་བགོས་པ་ཁྱམས་སྟེགས་ཐིག །དེ་ནང་ཆ་ཕྲན་གཅིག་བསྐོར་བས། །ཐོད་རིས་ཐིག་ཏུ་ཤེས་པར་བྱ། །དེ་ནས་ཆ་ཕྲན་བཞི་དོར་བས། །སླར་ཡང་བསྐོར་བ་པདྨའི་ཐིག །དེ་ནང་ཆ་ཆུང་གཅིག་བསྐོར་བ། །རྡོ་རྗེ་ཕྲེང་བའི་ཐིག་ཏུ་བཤད། །ལྟེ་བ་ཡི་ནི་ཕྱོགས་བཞི་རུ། །ཚངས་ཐིག་སྟེང་ནས་ཆ་ཆེན་གཅིག །ཆ་ཆུང་གཅིག་གི་སུམ་ཆ་རེ། །དོར་བས་ཟླུམ་པོ་ལ་རེག་ཐིག །གཅིག་དང་དེ་ཡི་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ནི། །ཐིག་གཅིག་སྔ་མ་བཞིན་དུ་ནི། །གདབ་བོ་ལིང་ཚེ་དགུ་ཡི་ཐིག །ཁྲག་འཐུང་བྱ་རོག་ཅན་གྱི་ཐིག །ཅེས་ཐིག་རྫོགས་པར་ཐེབས་ནས། ཐིག་སྐུད་ཀྱི་ལྷ་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོ་ནང་མཆོད་ཕུལ་ལ་བསྟོད་དོ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་ནས་སྒོ་དབྱེ་བའི་ཐིག་ཐེབ་པའི་འོག་ཏུ། རང་ཉིད་བཅོམ་ལྡན་འདས་ཡེ་ཤེས་མགོན་པོའི་སྐུ་སྒྱུ་མ་ལྟ་བུར་

p. 58

གསལ་བའི་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ་ལས་འོད་ཟེར་སེར་པོ་མིག་འབྲས་གཉིས་ཧཱུྃ་ལས་ཁྲོ་བོ་རྡོ་རྗེའི་ལྟེ་བར་ཧྲཱིཿས་མཚན་པར་གྱུར་པར་བསམས་ལ། དཀྱིལ་འཁོར་གྱི་ནང་ནས་ཤར་དུ་ཕྱོགས་པས་གཡས་བརྐྱངས་བྱས་ལ། ལག་པ་རྡོ་རྗེ་ཁུ་ཚུར་བཀན་པ་དཀུར་བཞག་ལ། ཧྲཱིཿཞེས་བརྗོད་ཅིང་གཡོན་དང་གཡས་སུ་འགྱིང་བ་རེ་བྱས་ལ། ཧྲཱིཿཧྲཱིཿཞེས་པ་ཁྲོ་བོའི་ལྟ་སྟངས་ཀྱིས་བལྟས་ལ། ཧཱུྃ། ཁྲོ་བོའི་རྡོ་རྗེ་འབར་བ་ཁྲོས་པས་ཐར་པའི་སྒོ་ཡི་བར་ཆད་རྣམས་བཅོམ་པར་གྱུར་པར་བསམས་ལ། དྲི་ཆུས་ཚངས་ཐིག་དང་འཕྲད་པའི་གཡས་གཡོན་ནས་ཆ་ཕྲན་གཉིས་དབྱེས་ཤིང་། དེ་བཞིན་གཡོན་བསྐོར་གྱིས་སྒོ་གཞན་གསུམ་ཡང་དབྱེ་སྟེ་ལས་ཐིག་སྐོར་རོ། །གསུམ་པ་ནི། དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་བཅུ་བདུན་པར། ཚོན་ནི་བྱིན་གྱིས་བརླབས་ནས་ཀྱང་། །པྲ་བརྟགས་རྡུལ་ཚོན་རིམ་པ་བཀྱེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ནི་མཛེས་པ་ཡི། །ཟླུམ་བསྐོར་ཕོ་བྲང་ལིང་ཚེ་དགུ། །དབུས་མ་ཨེ་དབྱིབས་དྲག་པོ་ཉིད། །ཕྱི་རོལ་པདྨ་འདབ་བརྒྱད་པ། །ལྷ་རྣམས་བཅད་པའི་ད་ལ་མཆོག །ཅེས་དང་། བྱ་རོག་ཆེན་པོའི་རྒྱུད་ལས། ཚོན་བྱིན་བརླབས་ནས་རྡུལ་ཚོན་འགྱེད། གནས་སྦྱིན་མཆོད་གཏོར་བཟང་བཤམས་ལ། །ཞེས་གསུངས་པས་ཚོན་བྱིན་གྱིས་བརླབ་པ་ནི། དཀྱིལ་འཁོར་དབུས་སུ་སྔོན་པོ། ཤར་དུ་དཀར་པོ། བྱང་དུ་

p. 59

ལྗང་གུ། ནུབ་ཏུ་དམར་པོ། ལྷོར་སེར་པོ་བཀོད་དོ། །ཚོན་ཡིག་མ་ནོར་བར་སོ་སོར། ཧཱུྃ་བྷྲཱུྃ་ཛིཾ་ཁཾ་ཨཾ་བྲིའོ། །ལས་ཐམས་ཅད་པས་བསངས་སྦྱངས་ནས། ཚོན་རྣམས་སྟོང་པར་གྱུར། སྟོང་པའི་ངང་ལས་ནག་པོ་ཧཱུྃ་ལས་མི་བསྐྱོད་པ་ཞེས་པ་ནས་སེར་པོ་དམར་པོ་དཀར་པོ་ལྗང་གུ་གོང་བཞིན་ཨཾ་ཛིཾ་ཁཾ་བྷྲཱུྃ་རྣམས་རིན་འབྱུང་འོད་དཔག་མེད་དོན་ཡོད་གྲུབ་རྣམ་སྣང་རྣམས་སུ་གྱུར་པར་བསམས་ལ། ཡེ་ཐིག་གི་སྐབས་ལྟར་བྱས་ལ། རང་ཉིད་བཅོམ་ལྡན་འདས་དཔལ་ཡེ་ཤེས་མགོན་པོར་གསལ་བའི་མིག་གཉིས་སུ་ཛཿཛཿལས་ཉི་མ་དང་ཟླ་བ་སེར་པོའི་རང་བཞིན་ཅན་དུ་གྱུར་པར་བསམས་ལ། སྔར་ལྟར་ལྟ་སྟངས་ལྕགས་ཀྱུ་ལྟ་བུ་བྱས་ཤིང་། ཨོཾ་ཏིསྟ་ཏིསྟ་ཨཾ་ཀུ་ཤ་ཛཿ འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་པའི་ཡེ་ཤེས་ཀྱི་ཚོན་རང་རང་གི་མདོག་ཅན་གྱིས་ཧཱུྃ་ཨཾ་ཛིཾ་ཁཾ་བྷྲཱུྃ་གྱི་ཡི་གེའི་གཟུགས་ཀྱིས་ནག་པོ་ཆེན་པོ་ལ་སོགས་རིགས་ལྔའི་མགོན་པོའི་ཐུགས་ཀ་

p. 60

ནས་བྱུང་བ་ཚོན་སྣ་ལྔ་སོ་སོ་ལ་ཐིམ་པར་གྱུར་པར་བསམ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་སོ། །རྡུལ་ཚོན་སོ་སོ་ལ་ཧྲཱིཿཡིག་བཀོད་ལ། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ལ་ཆགས་པ་དང་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །ཅེས་བརྗོད་པས་བདེན་པ་བདར། ཆུ་གཉིས་ཉེར་སྤྱོད་རོལ་མོ་ནང་མཆོད་ཀྱིས་མཆོད་ལ་བཞག་གོ། །དེ་ནས་རང་ཉིད་ཧཱུྃ་མཛད་དུ་གྱུར་པར་བསམ་སྟེ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ། ཞེས་བརྗོད་དེ་ཐིག་གི་འོག་ཏུ་འཛུལ་བར་མོས་ལ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར་པར་བསམ་སྟེ། སྐོར་ཐིག་གི་ཕུར་པ་དངོས་སུ་ཡོད་ན་ཕྱུང་ཞིང་མལ་ཚོན་གྱིས་བཀང་ངོ་། །བསམ་གཏན་གྱིས་ཡིན་ན་མོས་པས་ཆོག །དེ་ནས་དཀྱིལ་འཁོར་དབུས་ལ་ཁ་ཕྱིར་བལྟས་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། བརྗོད་ཅིང་། གཡས་རྡོ་རྗེ་དང་། གཡོན་རྡོ་རྗེ་

p. 61

ཁུ་ཚུར་གྱིས་དབང་ལྡན་ནས་བརྩམས་ཏེ། ནང་གི་རིམ་པ་བཞིན་[ནག་]ཞེང་དུ་སྒོ་ཚད་ཀྱི་[དབང་དུ་]མཐེའུ་ཆུང་ཙམ་དཀར་སེར་དམར་ལྗང་བའི་རྩིག་པ་ལྔ་སོར་བཅུ་གཉིས་ཀྱི་ཚད་དུ་དྲངས་ཤིང་མཐའ་ལ་སྙོམས་པས་ཅུང་ཟད་མ་འབྱར་བར་གཡས་བསྐོར་དུ་བྲིས་ནས་ཐོད་པ་བཀབ་སྟེ་པྲ་བརྟག་གོ། །དེ་ཡང་རེས་འགའ་སྦོམ་ན་ནད་སྐྱེ། ཕྲ་ན་ནོར་ཉམས། དམའ་ན་དངོས་གྲུབ་མི་འགྲུབ། ཡོ་ན་གདུང་བ་སྐྱེད། ཆད་ན་བླ་མ་དང་སློབ་མ་འཆི། གཡས་བསྐོར་མིན་པར་བཀྱེས་ན་དངོས་གྲུབ་མེད། རྡུལ་ཚོན་འདྲེས་ན་རིགས་རྒྱུད་ཆད། དེ་བས་སྐྱོན་དང་བྲལ་བར་བྱས་ལ་བཀྱེའོ། །དེ་ནས་རང་དང་སློབ་མ་རི་མོ་མཁན་གང་བདེས་འགྱེད་ཅིང་། དཀྱིལ་འཁོར་ས་གཞི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། འདོད་སྣམ་དམར་པོ་སོགས་སྤྱི་དང་མཐུན། ནང་གི་སྟེགས་བུ་སེར་པོ་གྲྭ་བཞི་དམར། ཐོད་ར་དཀར། པདྨ་སྣ་ཚོགས་རྡོ་རྗེའི་ར་སྔོ་གྲུ་གསུམ་ནག །གཞན་དུར་ཁྲོད་སྤྱི་ལྟར་རོ། །མཚན་མ་དགོད་པ་ནི། དབུས་དང་ལྷ་ཡི་གནས་ཐམས་ཅད་དུ་ཡབ་རྣམས་ལ་ཉི་གདན། ཡུམ་རྣམས་ལ་ཟླ་གདན་ལ་གྲི་གུག་གི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། མཚམས་བཞིར་ཐོད་པ་དཀར་པོ་བཞི་དཔྲལ་བ་ནང་དུ་བསྟན་པར་བྱ། དེ་ནས་ཚོན་པྲ་ལེགས་པར་བརྟགས་ནས་ལྷག་ན་དབྱི་ཆད་ན་བསབ། མ་ཚང་བ་ཡི་གེ་བརྒྱ་པས་ཁ་སྐོང་། ཧཱུྃ་བཟླས་པའི་དྲི་བཟང་གི་ཆུས་དཀྱིལ་འཁོར་ཕྱི་རོལ་དུ་བྱུགས། བསང་གཏོར་བྱ། རྡུལ་ཚོན་ལྷག་མ་

p. 62

ལ་མཆོད་དོ། །ཚོན་གྱི་ཡེ་ཤེས་པ་ནམ་མཁར་བཞུགས་པའི་རིགས་ལྔའི་ཐུགས་ཀར་གཤེགས་ཤིང་། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །དེས་བྲི་བ་ཚར། གཉིས་པ་ནི། ལྷ་གྲངས་ཀྱི་བུམ་པ་ཡོད་ན་ཕྱོགས་མ་འཁྲུལ་བར་འོད་ཕྲེང་གི་ཕྱི་རོལ་དུ་ལྷ་གྲངས་རང་གི་ཐད་དུ་བཀོད་དེ། གཉིས་ལས་མེད་ན། ཁ་ཡར་གྱུའི་ཤར་སྒོའི་གཡས་སུ་རྣམ་པར་རྒྱལ། གཡོན་དུ་ལས་བུམ་དགོད་དེ། སྤོས་ཕོར་བརྒྱད། གཏོར་མ་བརྒྱད། མར་མེ་བརྒྱད། གཞན་ཡང་ཆུ་བཞི་ཉེར་སྤྱོད་ལྔ་དེ་རྣམས་རབ་ལྷ་གྲངས། ཐ་མ་བཅུ་ལས་མི་ཉུང་བ། གཏོར་མ་ཆ་ལྔའམ་བརྒྱད་དེ་རྣམས་ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་བཀྲམ་མོ། །སྟེང་དུ་གདུགས་ནག་བླ་བྲེ་དང་རྒྱལ་མཚན་བ་དན་གྱིས་བརྒྱན་ནོ། །གཞན་ཡང་བྷ་ལིཾ་མ་དཱ་ན། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན། ནང་མཆོད་ཐོད་རྔ། རྐང་དུང་རྡོར་དྲིལ་རྔ་བོ་ཆེ་རྣམས་བསག་གོ། །གཞན་ཡང་དབང་གི་ཆས་ཁ་ཊྭཱཾ་གྲི་ཐོད་རལ་གྲི་རྒྱན་དྲུག་དུར་ཁྲོད་ཆས་གོས་ནག་པོ་ཅོད་པན་འཚོགས་པར་བྱས། དེས་རྡུལ་ཚོན་དང་དཀྱིལ་འཁོར་རྣམས་བརྒྱན་པའོ། །གསུམ་པ་ལ་གཉིས་ཏེ་དཀྱིལ་འཁོར་སྒྲུབ་པ་དང་མཆོད་པའོ། །དང་པོ་ནི། རང་ཉིད་དཀྱིལ་འཁོར་གྱི་ཤར་ནས་ཕྱོགས་ཏེ་བདག་མདུན་ཐ་དད་དུ་བྱེད་ན། བདག་མདུན་གོང་ལྟར་བྱ། འདིར་བདག་མདུན་ཐ་མི་དད་པ་ནི། ནང་མཆོད་བྱིན་བརླབས་ནས། སྔོན་འགྲོ་ས་ཆོག་ལྟར་བཏང་ལ་རང་ཉིད་དཀྱིལ་འཁོར་དབུས་སུ་འདུག་པར་མོས་ལ། བྲིས་པའི་དཀྱིལ་འཁོར་ལས་ཐམས་

p. 63

ཅད་པས་བསངས་སྦྱངས་ནས། མཆོད་པ་བྱིན་གྱིས་བརླབ། སྐྱབས་འགྲོ་སེམས་བསྐྱེད་ནས་བདག་བསྐྱེད་མངོན་རྟོགས་ལྟར་བྱས་ནས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམས་པ་གཉིས་བསྲེས། སྔར་སྟ་གོན་གྱི་སྐབས་སུ་ནམ་མཁར་བཏེགས་པའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྲེས་ཏེ་སུམ་བསྲེས་སུ་བྱས་ནས་རྒྱས་གདབ་པར་བྱའོ། །གཉིས་པ་ནི། རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཙོ་བོ་གཉིས་པར་བྱེད་ནས་མཆོད་པ་བསངས་སྦྱངས་བྱིན་བརླབས་ལ་མཆོད་པར་བྱ་སྟེ། ཧཱུྃ། བསྟན་དགྲ་མ་ལུས་བསྒྲལ་བ་ཡི། །ཁྲག་ཞག་ཨརྒྷཾ་ལ་སོགས་པ་ཕྱི་ནང་གི་མཆོད་པ་འདོད་ཡོན་ལྔ་ལྡན་འབུལ་བར་བྱ། ནང་མཆོད་འབྲུ་གསུམ་གྱིས་ཕུལ་ལ། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཞེས་ཚང་བས་བསྟོད། ཚོགས་འབུལ་གཏོར་མ་བསྔོ། གཏོར་མ་བརྒྱད་ལ་སོགས་པ་མགོན་པོ་ལྷ་མོ་སོགས་ནང་གི་སྒོ་སྲུང་བཞི་དང་ཞིང་སྐྱོང་ཉེར་བཞི་དང་བཀའ་སྲུང་ལ་ཕུལ། མི་འགྱུར་རྣམ་དག་མའམ་འཇིག་རྟེན་གསུམ་གྲགས་མས་བསྟོད་དོ། །འདས་པའི་གཏོར་མའོ། །རང་ཉིད་བདེ་མཆོག་ཕྱག་གཉིས་པའི་ང་རྒྱལ་གྱིས་ཕྱི་རོལ་དུ་གཏོར་མ་གསུམ་བཤམས་ཏེ། བྱིན་གྱིས་བརླབས་ནས་དང་པོ་ཕྱི་འབྲང་གི་བགེགས་ལ་བྱིན་ཏེ་བསྐྲད། གཉིས་པ་གནས་བདག་ལ་བྱིན་ཏེ་བཀའ་བསྒོ། གསུམ་པ་རྒྱལ་ཆེན་ཕྱོགས་སྐྱོང་བཅུ་ཞིང་སྐྱོང་འཇིག་

p. 64

རྟེན་པ་རྣམས་ལ་ཕུལ་ཏེ། ཞིང་སྐྱོང་གི་བསྟོད་པ་བྱ། བར་ཆད་སྲུང་བའི་ཕྲིན་ལས་བཅོལ་བ་འཇིག་རྟེན་པའོ། །དེ་ནས་དྲི་བཟང་གི་ཆུས་ཁ་བཤལ་ཏེ་སུམྦྷ་ནི་དང་ལས་ཐམས་ཅད་པ་བཟླས་ཤིང་ནང་དུ་འོང་ནས། རང་ཉིད་སྐད་ཅིག་གིས་ཧཱུྃ་མཛད་དུ་གྱུར། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམ། རྡོ་རྗེ་གསོར། དྲིལ་བུ་གསིལ་ཞིང་། ཨོཾ་ཨཱཿཧཱུྃ། ཡི་གེ་བརྒྱ་པ་བཟླས་ཤིང་དཀྱིལ་འཁོར་ལ་ལན་གཅིག་བསྐོར་ལ། ཤར་སྒོ་ནས་གཡས་བརྐྱང་གིས་ནུབ་སྒོ་ལ་བལྟས་ཏེ། ཨོཾ་བཛྲ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་ཕྲེང་བ་དཀྱིལ་འཁོར་ལ་ཕུལ། ཕྱོགས་བཞི་ཕྱོགས་ནས་སྒོ་བཞི་ཕྱེ་བར་བསམ་ཞིང་ཧཱུྃ་མཛད་ཀྱི་ཕྱག་རྒྱས་བཀྲོལ་ཏེ། ཨོཾ་བཛྲ་ཨུངྒྷ་ཊ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་ཤར་དུ་བསྡད་ནས་ནུབ་སྒོ་ཕྱེ་ལྷོ་ནས་བྱང་དུ་རིམ་པར་ཕྱེའོ། །ཨོཾ་ས་མ་ཡེ་པྲ་ཝེ་ཤ་ཡ་མི། ཞེས་མེ་ཏོག་གི་ཕྲེང་བ་ཕུལ་ནས་གནང་བར་མོས་ཏེ་གར་བྱེད་ཅིང་བླངས། མགོར་བཅིངས་ཏེ་ཤར་ནས་ཕྱག་བྱས་ཏེ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་སྩོལ་ཅིག །ཅེས་

p. 65

གསོལ་བ་གདབ་བོ། །བཞི་པ་དབང་བསྐུར་བ་ལ་གཉིས། རང་ཉིད་འཇུག་པ། སློབ་མ་འཇུག་པའོ། །དང་པོ་ནི། སྔར་བཞིན་གཙོ་བོ་ལས་གཉིས་པ་དེ་ཤར་སྒོ་ནས་ཐོན་པར་མོས་ལ་དཀྱིལ་འཁོར་ལ་མཆོད་དོ། །བླ་མ་གཙོ་བོ་ཐ་མི་དད་དུ་བྱས་ལ། བླ་མའི་བྱ་བ་རྣམས་གཙོ་བོས་མཛད་པར་བསམ། སློབ་མའི་བྱ་བ་རྣམས་རང་གིས་བྱས་ལ་འཆད་པར་འགྱུར་བ་བཞིན་དུ་དབང་རྫོགས་པར་བླངས་ལ། སློབ་མ་ལ་གཞུག་པའི་དོན་དུ་རྡོར་དྲིལ་གསིལ་ཞིང་། ཨོཾ། ནམ་མཁའ་སྐྱེ་བ་མཚན་ལྡན་གྱིས། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་ཆེའི་རང་བཞིན། །དཔལ་ལྡན་མགོན་པོ་བདག་འགྲུབ་མཛོད། །ཅེས་གསུམ་གྱིས་དཀྱིལ་འཁོར་ལ་གསོལ་བ་གདབ་བོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་དུ་གཞུག་པ་དང་། ཞུགས་ནས་དབང་བསྐུར་བའོ། །དང་པོ་ལ་གཉིས། ཡོལ་བ་ཕྱི་འཇུག་དང་ནང་འཇུག་གཉིས་སོ། །དེའང་མགོན་པོ་དངོས་གྲུབ་འབྱུང་བའི་ལེའུ་བཅོ་བརྒྱད་པ་ལས། སློབ་མ་ཁྲུས་བྱས་རྒྱན་བཏགས་ཏེ། །མཎྜལ་མེ་ཏོག་ཕྱག་བྱ་ཞིང་། །རས་ཀྱིས་མིག་ནི་བཀབ་ནས་སུ། །དང་པོ་མེ་ཏོག་དོར་བར་བྱ། །མཚན་མ་མཐོང་བར་ལེགས་པར་དྲངས། །ཞེས་གསུངས་ཏེ། དང་པོ་ནི། སློབ་མ་རྣམས་ལས་རྡོར་པས་ཡོལ་བའི་ཕྱི་རོལ་དུ་ལས་ཐམས་ཅད་པ་བཟླས་པའི་ལས་བུམ་གྱིས་ཁྲུས་བྱ། གོས་དྲི་མ་མེད་པ་བགོ། ཡོན་ཕུལ་གདན་ལ་འགོད།

p. 66

བགེགས་གཏོར་སྤྱི་ལྟར་བཏང་ནས། རྡོ་རྗེའི་སློབ་མ་འདི་རྣམས་མ་ཧཱ་ཀཱ་ལའི་དཀྱིལ་འཁོར་དུ་ཞུགས་ཤིང་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་དེངས་ཤིག །ཅེས་པ་ནས་གཏོར་མ་རྒྱང་དུ་དོར། གུ་གུལ་གྱིས་བདུག་ཅིང་། ཡུངས་ཀར་གྱིས་བྲབ། ཞལ་བཞི་པ་དང་ལས་ཐམས་ཅད་པ་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ལི་ནི་ཧཱུྃ་ཕཊ། ཤཱ་ས་ནའི་སྔགས་རིང་བརྗོད་ཅིང་བགེགས་བསལ་ལོ། །དེ་ནས་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་ནི། དངོས་གྲུབ་འབྱུང་བར། རྡོ་རྗེ་འཛིན་པ་མ་ལུས་དང་། །རྒྱལ་བ་མགོན་པོ་ཀུན་གྱི་གནས། །དབང་ཕྱུག་དམ་པའི་དཀྱིལ་འཁོར་དུ། །དབང་བསྐུར་གནང་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས། ཨོཾ་མ་ཧཱ་ཀཱ་ལ་ཝསྟྲི་ཧཱུྃ། ཞེས་གོས་ནག་གསར་པ་བསྐོན། ལས་བུམ་གྱིས་སློབ་མ་རྣམས་བསངས་ལ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་

p. 67

གཉིས་གྲི་ཐོད་འཛིན་པའི་སྐུར་བསྒོམ་མཛོད་ཅིག །བྱས་ལ། ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ན་ཡ་ཧཱུྃ། ཞེས་དར་ནག་གིས་མིག་བཅིང་། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་ནག་པོ་སྦྱིན། དེ་ནས་སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ལ། ཁྱེད་རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་རྣམས་ཀྱི་འོད་ཟེར་གྱིས་དྲི་མ་ཐམས་ཅད་སྦྱངས་ཤིང་ལུས་འོད་གསལ་བར་གྱུར་ཏེ། དཀྱིལ་འཁོར་གྱི་ཤར་སྒོའི་ཡོལ་བའི་ཕྱི་རོལ་དུ་གནས་པའི་མོས་པ་མཛོད་ཅིག །དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་སྨོན་འཇུག་གི་སྡོམ་པ་བླངས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སངས་རྒྱས་མ་ཐོབ་ཀྱི་བར་དུ་སློབ་སྙམ་པ་མཛོད་ལ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་

p. 68

རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་བཟུང་ནས། སློབ་དཔོན་གྱིས། གོང་ནས་གོང་དུ་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་དེ་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་སྡོམ་པ་བསྒྲགས་སོ། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཐུན་མོང་མ་ཡིན་པའི་རིགས་ལྔའི་སྡོམ་པ་བླངས་ནས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་མཐའ་དག་ལ་བསླབ་པར་བྱ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། བྱས་ལ། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་

p. 69

གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་

p. 70

དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་དག་པ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་རིགས་ལྔའི་སྡོམ་པ་བཟུང་ངོ་། །སློབ་དཔོན་དཱ་རི་ཀ་པ་དང་རྒྱ་གར་བའི་དཀྱིལ་ཆོག་མང་པོ་སྟ་གོན་དང་དངོས་གཞིའི་སྐབས་གཉིས་ཀར་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་ཀ་བཟུང་བར་བཤད་དོ། །དེ་ནས་དཀྱིལ་འཁོར་དུ་གཞུག་པའི་དོན་དྲི་བར་བྱ་སྟེ། བདུད་རྩི་ལྕེ་ལ་བྱིན་ལ། ཨོཾ་ཨཱཿཧཱུྃ། ཞེས་དང་། ཀྱེ།

p. 71

བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་ཤིང་། དེས་ཀྱང་། སྐལ་བཟང་བདག་ནི་བདེ་ཆེན་ལའོ། །ཞེས་ལན་བཏབ། དེའི་བུ་ལ་ཅི་ཞིག་བྱ། སློབ་མས། སངས་རྒྱས་མཆོག་གི་དམ་ཚིག་གོ། །ཞེས་ལན་བཏབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བྱ་སྙམ་པའི་སེམས་ཀུན་རྫོབ་པ་དེ་ཉིད་ཁྱེད་རང་རྣམ་པའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་ཉིད་རོ་གཅིག་པར་གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཟླ་བའི་སྟེང་དུ་ཁ་ཊྭཱཾ་ག་སྔོན་པོའི་རྣམ་པ་ཅན་དུ་གྱུར་པར་མོས་ཤིག །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡ་མི། ཞེས་བརྗོད་དུ་གཞུག་ནས་ཐམས་ཅད་རྣལ་འབྱོར་གྱིས་སེམས་བསྐྱེད་དོ། །དེ་ནི་ལམ་གཞན་དུ་མི་ལྟོས་པས་ངེས་པར་བྱེད་དོ། །དེ་ནས་ཚངས་སྐུད་དང་བཅས་པའི་ཁ་ཊྭཱཾ་ག་སྙིང་གར་བཙུག །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་

p. 72

ཐ་སུ་ཁཾ། འདི་ནི་དམ་ཚིག་ཁ་ཊྭཱཾ་ག །མ་ཧཱ་ཀཱ་ལ་ཡིན་པར་གྲགས། །སྐུ་དང་ཕྱག་མཚན་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །དམ་ཚིག་འདི་ནི་གཞན་དག་ལ། །སྨྲས་ན་ཁྱོད་ཀྱི་སྙིང་གས་འགྱུར། །ཞེས་པས་གསང་བ་དམ་ལ་བཞག་གོ། །དེ་རྣམས་ནི་ཕྱི་འཇུག་གི་སྐོར་རོ། །གཉིས་པ་ལ་བཞི། ནང་འཇུག་གི་སྐོར་ཏེ་ཕྱག་འཚལ་བ། དམ་ལ་བཞག་པ། ཡེ་ཤེས་དབབ་པ། དངོས་གྲུབ་བརྟག་པའོ། །དང་པོ་ནི་ལས་མགོན་གྱི་གྲི་གུག་གི་འོད་ལ་འཇུས་ནས་སློབ་མ་ཡོལ་བའི་ནང་དུ་དྲངས་པའི་མོས་པས། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ་སིདྡྷྱི་མཾ། ཞེས་པ་ཤར་ཕྱོགས་ནས་དཀྱིལ་འཁོར་ལ་བསྐོར་ཏེ་ཤར་སྒོ་ལ་འཁོད་དེ། ལུས་ཞིང་རྡུལ་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་ཤིག །ཕྱག་བྱ་སྟེ། ཨོཾ་གུ་རུ་བུདྡྷ་བོ་དྷི་ཤྲཱི་ཙཀྲ་སམྦ་ར་མ་ཧཱ་ཀཱ་ལ་ཡེ་ན་མོ། ན་མཿ ན་མ་ཏི། ན་མ་མེ། ཞེས་ཕྱག་ཕྱོགས་བཞི་ནས་བྱའོ། །གཉིས་པ་ལ་བཞི། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ། ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ། ཕན་ཡོན་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ།

p. 73

སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པའོ། །དང་པོ་ནི། སློབ་མའི་མགོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔལ་ནག་པོ་ཆེན་པོའི་རིགས་སུ་ཞུགས་ཀྱིས། དེ་ནས་ངས་ཁྱོད་ལ་དཔལ་ནག་པོ་ཆེན་པོའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། སྨྲས་ན་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་ཕན་ཡོན་དང་། དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགས། །ཞེས་བརྗོད་དོ། །གཉིས་པ་ནི། སྙིང་ཁར་རྡོ་རྗེ་བཞག་ལ། ཧཱུྃ། མ་ཧཱ་ཀཱ་ལ་དེང་ཁྱོད་ཀྱི། །སྙིང་ལ་

p. 74

ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཞེས་ཉེས་དམིགས་དང་དེ་གཉིས་ཀྱི་རྩ་ལྟུང་བདུན་པ་དམ་བཞག་མཛད་པའོ། །གསུམ་པ་ནི། རྡོ་རྗེའི་གནའ་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཏྲ་ཋཱ། དམ་ཚིག་སྲུང་མ་སྲུང་གི་སྒོ་ནས་དམ་ལ་བཞག་པའོ། །བཞི་པ་ནི། སློབ་མའི་ལག་པ་ནས་བཟུང་སྟེ། དེང་ཕྱིན་བུ་ཁྱོད་ཀྱི་དཔལ་མ་ཧཱ་ཀཱ་ལ་ང་ཡིན་གྱི། དེས་ན་ངས་གང་བསྒོས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཡང་བརྙས་པར་མི་བྱ་སྟེ། ཁྱོད་དམ་ཚིག་འདས་ན་དམྱལ་བའི་གནས་སུ་སྐྱེ་བར་འགྱུར་ཏ་རེ། ཞེས་སློབ་དཔོན་བཀའ་གཉན་པར་རྩ་ལྟུང་དང་པོ་ལ་དམ་བཞག་པའོ། །གསུམ་པ་ནི། དངོས་གྲུབ་འབྱུང་བའི་ལེའུ་དེ་ཉིད་ལས། བླ་མ་དཀྱིལ་འཁོར་གཙོར་བཅས་ལ། །འདི་སྤྲོས་བྱིན་གྱིས་

p. 75

བརླབ་པར་འགྱུར། །མཐོང་དང་དྲི་དང་བདུད་རྩི་གཏོར། །གདོང་གཡོགས་བཀྲོལ་ཞིང་ལྷ་ངོ་བསྟན། །དེ་ནས་དབང་པོའི་བྱེ་བྲག་གིས། །ངེས་པར་རིམ་པས་དབང་བསྐུར་རོ། །ཞེས་གསུངས་པས། སློབ་མས་ཕྱག་རྒྱ་བཅས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་མ་ཧཱ་ཀཱ་ལའི་ལྷ་ཚོགས་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་མ་ལངས་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ། སྟེང་འོག་གི་རླུང་ཁ་སྦྱོར་སྟེ་སེམས་བསྐྱེད་དང་ལྡན་པར། སློབ་མ་རྣམས་སྐད་ཅིག་གིས་མགོན་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་ཅན་མེ་དཔུང་འབར་བའི་ནང་ན་བཞུགས་ཤིང་། ཉི་ཟླའི་སྟེང་ནས་གར་སྟབས་མཛད་པ་དང་། བླ་མ་ཧེ་རུ་ཀ་ཡབ་ཡུམ་དུ་བཞུགས་པ་དང་། ད་ལའི་དབུས་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཐུགས་ཀ་ནས་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས།

p. 76

རང་བཞིན་གྱི་གནས་དང་གྲུབ་པའི་གནས་ནས་སྐུ་གསུང་ཐུགས་ཀྱི་མགོན་པོ་དང་ལས་ཀྱི་མགོན་པོ་ལྷ་མོ་ནག་མོ་ནག་པོ་སྟོང་ཤ་ཟ་འབུམ་མ་མོ་བྱེ་བ་ལ་སོགས་པ་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པ་ནམ་མཁའ་ལ་སྤྲིན་ཆད་པ་ལྟར་དང་། ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསྒོམ་མཛོད་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་བཛྲ་ནཱ་ཐ་ཀ་ཝུ་ཝ་ཀཱ་ལི་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པ་དང་། དེས་མ་ཕེབས་ན། སློབ་མ་རྣམས་ཀྱི་ནང་ལྟེ་བར་པདྨ་ཉི་མ་ལ་གནས་པའི་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། གར་མཛད་པ་དང་། ནང་གི་ལྷ་རྣམས་ལས་འོད་ཟེར་འཕྲོས་པ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་གནས་གསུམ་གྱི་ཌཱཀྐི་མ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་གར་ཐིམ་པས་ལུས་ངག་ཡིད་

p. 77

གསུམ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསྒོམ་མཛོད་ཅིག །ཅེས་དཔོན་སློབ་གཉིས་ཀས་བསྒོམ་ཞིང་། བྱི་ལ་ནག་པོའི་བྲུན། ཟླ་མཚན་ཅན་གྱི་འདོམས་དཀྲིས་རས། གུ་གུལ་ཤ་ཆེན་རྣམས་དང་། མགོན་པོའི་སྤོས་བསྲེགས། རོལ་མོ་སྣ་ཚོགས་དཀྲོལ་ནས། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཨཱ་བེ་ཤ་ཡ་ཝཾ་ཝཾ། ཨོཾ་མ་ཧཱ་ཀཱ་ལ་ཀ་ཝུ་ཝཱ་པ་ཤ་ཡ་ཌཱ་ཀི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ནི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿཧཱུྃ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བརྒྱ་ཡི་བར་དུ་བརྗོད་ལ། རིག་པ་རང་གྲོལ་ངང་ལ་བཞག་གོ། །དེས་ཡེ་ཤེས་པ་དབབ་པ་ཡིན་ཏེ། སྐུ་བབས་ན་འཕར་བ་ལྡིང་བ་དང་། གསུང་བབས་ན་དགེ་མི་དགེའི་ལྟས་སྨྲ་བ། ཐུགས་བབས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ། །ཞེས་དབབ་ལ། འདི་དཔལ་ཁྲག་མཚོ་ཁོལ་མའི་རྒྱུད་ཀྱི་ལེའུ་ཉེར་གསུམ་པ་ལས་གསུངས་སོ། །དེ་ནས་རྡོ་རྗེ་མགོར་བཞག་ལ། ཕབ་པའི་ཡེ་ཤེས་པ་དེ་དུས་ད་ནས་བཟུང་སྟེ་སངས་

p. 78

རྒྱས་ཀྱི་བར་དུ་བརྟན་པར་མོས་ཏེ། ཨོཾ་བཛྲ་ཏིཥྛ། ཞེས་པས་བརྟན་པར་བྱའོ། །བཞི་པ་དངོས་གྲུབ་བརྟག་པ་ལ་དྲུག །མིག་གི་སྣང་བ་དྲི་བ། སྒོ་ཕྱེ་བ། མེ་ཏོག་ཕུལ་ཞིང་དབང་བྱ་བ། མིག་དབྱེ་བ། ལྷ་བསྟན་པ། དག་པ་བརྗོད་ཅིང་ངོ་སྤྲད་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་སྟེང་གི་བར་སྣང་ལ་ལྟར་བཅུག་ལ། ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་། ཞེས་མིག་གི་སྣང་བ་དྲི་ལ། དཀར་སེར་ལ་ཞི་རྒྱས། དམར་ལྗང་ལ་དབང་དྲག །མཐིང་ག་མཆོག །ཁྲ་བོ་ཕྲིན་ལས་སྣ་ཚོགས་འགྲུབ་བོ། །ཞེས་ངོ་སྤྲད་དོ། །གཉིས་པ་ནི། ཨོཾ་བཛྲ་ཨུངྒྷ་ཊ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་སྒོ་ཕྱེས་དཀྱིལ་འཁོར་དུ་གཞུག་ནས། སློབ་དཔོན་གྱིས། ཁྲག་འཐུང་རྒྱལ་པོའི་གྲོང་ཁྱེར་མཆོག །དཀྱིལ་འཁོར་མཆོག་ནི་དམ་པ་འདིར། །བདག་གིས་སློབ་མ་གཞུག་པ་འདི། །རིགས་དང་དངོས་གྲུབ་གང་ཡིན་པ། །དེང་འདིར་གསལ་བར་འགྱུར་བར་ཤོག །ཅེས་གསུམ་གྱིས་གསོལ་བ་གདབ་ནས་བདེན་པ་བརྗོད་དོ། །གསུམ་པ་ནི། སློབ་མས་མེ་ཏོག་ཕྲེང་བ་གསར་པ་རིན་པོ་ཆེའི་ཕྲེང་

p. 79

བར་མོས་ལ་ཤར་སྒོ་ནས། དཀྱིལ་འཁོར་གྱི་ཕྱི་ནང་དུ་ཞུགས་པར་མོས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་ལྟོས་པ་མེད་པས་ལྷ་གང་ཡིན་གྱི་རིགས་ཤེས་པར་བྱའོ། །དེ་ཡང་གཙོ་བོ་ལ་ཕོག་ནས་མྱུར་དུ་འགྲུབ་ཅིང་། སྐུ་ལས་རིང་ན་དངོས་གྲུབ་རིང་། ཉེ་ན་མྱུར། གཉིས་བར་དུ་ལྷུང་ན་གང་ལ་ཉེ་བའི་རིགས། མཉམ་ན་གཉིས་ཀའི་རིགས་དངོས་གྲུབ་ཐོབ། གང་ལ་དད་པ་དེའི་རིགས། རྩིག་པའི་ཕྱིར་ལྷུང་ན་ལན་གསུམ་བསྐྱར། ཡང་ལྷུང་ན་དངོས་གྲུབ་ཕྲ་མོ་འགྲུབ། རྡོ་རའི་ནང་དུ་ལྷུང་ན་ཚེགས་ཆེན་པོས་འགྲུབ། དུར་ཁྲོད་ཕྱོགས་སུ་ལྷུང་ན་དངོས་གྲུབ་མེད། དཀྱིལ་འཁོར་ཡང་མི་བསྟན་ཕྱིས་གཞུག་གོ། །ཡང་ན་སྦྱིན་བསྲེག་བྱ་སྟེ་གཞུག་གོ། །དེ་ནས་མེ་ཏོག་ཕྲེང་བ་དེ་བླངས་ཏེ་ལྷ་དེ་ལས་དངོས་གྲུབ་ཀྱི་ཚུལ་དུ་གནང་བར་མོས་ཏེ། སློབ་མའི་མགོར་བཅིངས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་པུཥྤེ་པྲ་ཏཱིཙྪ་གྲྀ་ཧྞ་ཧཱུྃ། སེམས་དཔའ་

p. 80

སྟོབས་པོ་ཆེ། སློབ་མ་འདི་བྱང་ཆུབ་མ་ཐོབ་བར་དུ་རྗེས་སུ་ཟུངས་ཤིག །ཅེས་ལྷ་ལ་གཏད། བཞི་པ་ནི། སློབ་མ་ཁྱེད་རང་གི་མིག་ལ་ཨོཾ་འོད་ཟེར་འབར་བའི་འོད་ཀྱིས་མ་རིག་པའི་ལིང་ཏོག་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཅེས་བརྗོད་དོ། །རྡོ་རྗེ་དང་བཅས་ཏེ། ཨོཾ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲཱིཿ ཞེས་སྤྱན་དར་དབྱེའོ། །ལྔ་པ་ནི། དེ་ནི་དད་པའི་སྟོབས་ཀྱིས་ནི། །དཀྱིལ་འཁོར་འདི་ལ་ཡང་དག་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཧེ་བཛྲ་པ་ཤྱ། ཀྱེ། ཞེས་བོས་ནས་ལྟོས་ཤིག །དེ་ཡང་དཀྱིལ་འཁོར་

p. 81

བསྟན་པའི་དབང་དུ་བྱས་ན། དཀྱིལ་འཁོར་གྱི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། དེའི་ནང་ལ་འོད་ཟེར་ལྔའི་ཕྲེང་བ། དེའི་ནང་ལ་འཁོར་ལོ་དང་རྡོ་རྗེ་དང་པདྨའི་ར་བས་ཡོངས་སུ་བསྐོར་བ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་རྟ་བབས་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བའི་ལིང་ཚེ་དགུ་པའི་ནང་གི་དབུས། གྲུ་གསུམ་མཐིང་ནག་གི་སྟེང་དུ་བཅོམ་ལྡན་འདས་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་བཞི་པ་ཡུམ་གཏུམ་མོ་དང་གཉིས་སུ་མེད་པ། ཕྱོགས་བཞིར་ཤར་དུ་འཕྲོག་མ། ལྷོར་གླང་སྣ་མ། ནུབ་ཏུ་སྲིན་མོ་རལ་པ་ཅན། བྱང་དུ་ས་གཙུགས་མ། མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི། དེ་རྒྱབ་པད་འདབ་བརྒྱད་ལ། ཤར་དུ་སྐུ་ཡི་མགོན་པོ། ལྷོར་

p. 82

ཡོན་ཏན་གྱི་མགོན་པོ། ནུབ་ཏུ་གསུང་གི་མགོན་པོ། བྱང་དུ་ལས་ཀྱི་མགོན་པོ། མེར་གཏུམ་མོ། ལྷོ་ནུབ་ཏུ་དྲག་མོ། རླུང་དུ་ཟློག་བྱེད་མ། བྱང་ཤར་དཔའ་མོ། གྲྭར་མེར་མིང་འཛིན་པ། བདེན་བྲལ་དུ་ཁ་ཊྭཱཾ་འཛིན་པ། རླུང་དུ་གཎྜི་འཛིན་པ། དབང་ལྡན་དུ་རྒྱལ་མཚན་འཛིན་པ། དེ་རྒྱབ་ཕྱོགས་བཞིར་ཤར་དུ་བྱ་རྒོད་གདོང་མ། བྱང་དུ་ཁྱུང་གདོང་མ། ནུབ་ཏུ་ཁྭ་གདོང་མ། ལྷོར་འུག་གདོང་མ། མེར་ཕག་གདོང་མ། བདེན་བྲལ་དུ་ཁྱི་གདོང་མ། རླུང་དུ་སྤྱང་གདོང་མ། དབང་ལྡན་དུ་སྟག་གདོང་མ། སྒོ་བཞིར་ལས་མགོན་བཞི་སྟེ་ལྷ་སུམ་ཅུ། ཁྱམས་སུ་ཞིང་སྐྱོང་ཉེར་བཞི། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། རོ་ལངས་བརྒྱ་ཕྲག་དང་བཅས་པ་རྟེན་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག །དེའི་ནང་ན་ཁྱེད་རང་རྣམས་རང་རང་གི་རྡོ་རྗེ་མེ་ཏོག་གང་ལ་ཕོག་པ་དེའི་

p. 83

རིགས་ཡིན་ནོ། །ཞེས་དཀྱིལ་འཁོར་བསྟན། དྲུག་པ་ནི། གདུལ་བྱ་མཆོག་དམན་སྣ་ཚོགས་འདུལ་བའི་ངོར། །རྟེན་དང་བརྟེན་པ་སྣ་ཚོགས་སུ་ཤར་ཡང་། །དོན་དམ་ཆོས་སྐུའི་རང་བཞིན་རྣམ་པར་དག་པའོ། །ཞེས་བརྗོད་དོ། །དེ་ནས་དཀྱིལ་འཁོར་ལ་ཕྱག་འཚལ་ཏེ། ཨོཾ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་གཞུག་གོ། །ཨོཾ། རྡོ་རྗེ་རྣལ་འབྱོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང་། །ཨོཾ། གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿ ཞེས་བརྗོད། དཀྱིལ་འཁོར་ནང་འཇུག་གི་སྐོར་རོ། །ཆོས་ཉི་ཤུ་པོ་དེ་རྣམས་ཕྱོགས་གཅིག་ཏུ་འདྲིལ་བས་འཇུག་ཆོས་ཀྱི་སྐོར་ཏེ་སོང་། གཉིས་པ་ཞུགས་ནས་དབང་བསྐུར་བ་ལ་བཞི། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བཞི་པའི་དབང་བསྐུར་བའོ། །དང་པོ་ལ་གཉིས། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་། ཐུན་མོང་མ་ཡིན་པའི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དང་པོ་ལ་ལྔ་སྟེ། རྒྱུད་

p. 84

དངོས་གྲུབ་འབྱུང་བའི་ལེའུ་དེ་ཉིད་ལས། སྐུ་ཡི་མགོན་པོ་འཁོར་བཅས་ཀྱིས། །བླ་མེད་དངོས་གྲུབ་སྦྱིན་པའི་ཕྱིར། །ཡང་དག་ཡེ་ཤེས་དབང་བསྐུར་རོ། །གསུང་དང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ལྔ་ཡི་ཁྱད་པར་གྱིས། །མེ་ལོང་ཡེ་ཤེས་བདག་ཉིད་ཅན། །རྡོ་རྗེའི་རིགས་ཀྱི་མགོན་པོ་ཡིས། །དཀྱིལ་འཁོར་ཆེན་པོའི་ནང་དུ་ནི། །ཞེ་སྡང་དག་པའི་དབང་བསྐུར་རོ། །མཉམ་ཉིད་སོ་སོར་རྟོག་པ་དང་། །བྱ་བ་ནན་ཏན་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་རིགས་ཀྱི་གཙོ། །ངེས་པར་དབང་བསྐུར་བསྟན་པར་བྱ། །ཕྲིན་ལས་བཞི་ཡི་དབང་ཡང་བསྐུར། །ཞེས་སོགས་རྒྱས་པར་རིག་པའི་དབང་སྟེ། ཆུ་དང་ཅོད་པན། རྡོ་རྗེ་དྲིལ་བུ་མིང་གི་དབང་ངོ་། །དང་པོ་ནི། སློབ་མས་རིག་པའི་དབང་གི་དོན་དུ་བླ་མ་སྤྲུལ་པའི་སྐུ་ལ། ཡོན་རྟ་དང་གླང་པོ་འབུལ་ཞིང་ཕྱག་དང་མཎྜལ་ཕུལ། ཐལ་མོ་སྦྱར་ནས། བྱ་རོག་ཆེན་པོའི་རྒྱུད་ལེའུ་ཉི་ཤུ་པ་ལས། སངས་རྒྱས་རྡོ་རྗེ་ཅན་ཁྱོད་ཀྱིས། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་སྣ་ཚོགས་པ། །དེང་འདིར་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་

p. 85

གདབ་ལ། འོ་ན། དེའི་རྡུལ་ཚོན་དཀྱིལ་འཁོར་འདིའི་དོན་ཡིན་ཏེ། འདིའི་ཐོག་ཏུ་དབང་ལྔ་བསྐུར་བ་ཡིན་པས་འདི་བཞིན་མོས་པ་མཛོད། སློབ་མ་ལས་ཐམས་ཅད་པས་བསང་བའམ་ཞལ་བཞི་པས་བསངས་ཏེ། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མ་དྲངས་པ་ཞལ་དུ་ཞུགས། སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐོན་པ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ཐུགས་ཀྱི་མགོན་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པ། ཐུགས་ཀྱི་ཡུམ་སྔོན་མོ་གྲི་གུག་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་ཅིང་འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱཾ་འཛིན་པ། བླ་མ་དང་མགོན་པོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་

p. 86

བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་རང་ཉིད་གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད་ལ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྤྱི་བོ་ནས་ཞུགས། སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སློབ་མ་ཐུགས་ཀྱི་མགོན་པོར་གནས་པ་ལ་དབང་བསྐུར། པདྨ་ནས་ཐོན། དཀྱིལ་འཁོར་གྱི་ཤར་སྒོའི་དབང་སྟེགས་སྟེང་དུ་འཁོད་པར་གྱུར་པའི་མོས་པ་མཛོད་ཅིག །དེ་ནས་བུམ་ཆུ་ལ། གུ་ཎ་ཧྲྀ་ད་ལས་ཐམས་ཅད་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང་དུ་དབང་རྫས་

p. 87

མི་དམིགས་པ་ལས་ཧཱུྃ་ལས་ཐུགས་ཀྱི་མགོན་པོ་ནག་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་རྡོ་རྗེ་དང་ཐོད་ཁྲག་འཛིན་ནས་ཐུགས་ཀྱི་ཡུམ་སྔོན་མོ་རྡོ་རྗེ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་ཅིང་། འོག་མ་གཉིས་རལ་གྲི་དང་ཁ་ཊྭཱཾ་འཛིན་པ། སྦྲུལ་དང་རུས་པ་དང་དུར་ཁྲོད་ཀྱིས་བརྒྱན་པར་བསྒོམས་ལ་བླ་མའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། དབང་རྫས་ཀྱིས་ལྷ་ལ་དབང་བསྐུར། དབང་རྟགས་སུ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམས་ལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། ཡབ་ཡུམ་སྙོམས་པར་ཞུགས་ནས་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར། སླར་ཡང་བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་

p. 88

གྱིས་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་དབང་བསྐུར། གཟུགས་རྡོ་རྗེ་མ་སོགས་ཀྱིས་མཆོད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དང་། ཞིང་སྐྱོང་གི་ཚོགས་དུ་མས་གདུགས་རྒྱལ་མཚན་དང་རོལ་མོའི་སྒྲ་དང་། གླུ་གར་དང་མེ་ཏོག་གི་ཆར་འབེབས་ཤིང་རིན་པོ་ཆེའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་ལྔས་གང་བ་ཐོགས་ནས། སྤྱི་བོ་ནས་དབང་བསྐུར་བར་གྱུར་པའི་མོས་པ་མཛོད་ཅིག །ཅེས་རྣམ་རྒྱལ་བུམ་པ་གཡོན་དུ་བཟུང་ནས་གཡས་པས་སློབ་མ་ལ་མེ་ཏོག་གཏོར་ཏེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་

p. 89

བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཞེས་སློབ་མ་ལ་བཀྲ་ཤིས་བརྗོད། བུམ་པ་མགོར་བཞག་ལ། ཧཱུྃ། མེ་ལོང་ཡེ་ཤེས་རང་བཞིན་ཏེ། །རྡོ་རྗེ་རིགས་ཀྱི་མགོན་པོ་ཡིས། །རྣམ་ཤེས་ཆུ་ཡི་དབང་བསྐུར་བས། །ཞེ་སྡང་རང་བཞིན་གནས་སུ་དག །ཨོཾ་མ་ཧཱ་ཀཱ་ལ་ཨུ་དཱ་ཀ་བཛྲ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བུམ་ཆུ་བླུད་ཅིང་ཁ་རྒྱན་གྱིས་སྤྱི་བོར་གཏོར། ཞེས་གསུངས་ཤིང་དབང་བསྐུར་བས་ཡེ་ཤེས་ཀྱི་བདུད་རྩི་དེས་ལུས་གང་ཉོན་མོངས་པ་ཞེ་སྡང་གི་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པའི་མོས་པ་མཛོད་ཅིག །དེ་ནས་ཐོད་པས་དབང་བསྐུར་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་བདུད་

p. 90

རྩི་བླུད། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་འབྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །ཅེས་བརྗོད། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། སློབ་མའི་བ་སྤུའི་བུ་ག་ནས་ནང་དུ་ཐིམ་པར་གྱུར་པ་ལ་མཆོད་པར་གྱུར་པར་བསམས་ལ། ཨརྒྷཾ་སོགས་ཀྱིས་མཆོད་ལ་སློབ་དཔོན་གྱིས། དེ་ལྟར་མི་བསྐྱོད་པ་ཆུ་ཡི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེའི་རིགས་ཀྱི་དངོས་གྲུབ་དང་། ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་དབང་དོན་ངོ་སྤྲད་དོ། །གཉིས་པ་ནི། སློབ་མས། མཎྜལ་ཕུལ། གསོལ་བ་གདབ་པ་ནི།

p. 91

སངས་རྒྱས་རྡོ་རྗེ་ཅན་ཁྱོད་ཀྱིས། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་སྣ་ཚོགས་པ། །དེང་འདིར་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་ལ། དེ་ནས་སློབ་མ་ལས་ཐམས་ཅད་པས་བསངས་ལ། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མ་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐོན་པ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། སྐུ་ཡི་མགོན་པོ་ཡབ་ཡུམ་བརྒྱད་པོ་ཞལ་གཅིག་ཕྱག་གཉིས་པར་བསྒོམ་པ་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་ལྔ་པར་གསུངས། མཆན། ཡོན་ཏན་གྱི་མགོན་པོ་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་གྲི་ཐོད་འཛིན་པ། ཡུམ་དྲག་མོ་སེར་སྐྱ་ཞལ་གཅིག་ཕྱག་གཉིས་མ་དང་མཉམ་པར་སྦྱོར་བ། བླ་མ་དང་གཙོ་བོ་ཐ་མི་

p. 92

དད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། སླར་ཡང་རང་ཉིད་གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྤྱི་བོ་ནས་ཞུགས། སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སློབ་མ་ཡོན་ཏན་གྱི་མགོན་པོར་གནས་པ་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཐོན། ལྷོ་སྒོའི་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར་པའི་མོས་པ་མཛོད། དབུ་རྒྱན་དང་བུམ་ཆུ་ལས་སྔགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་དབང་རྫས་མི་དམིགས་

p. 93

པ་ལས་ཏྲཱྃ་ལས་ཡོན་ཏན་གྱི་མགོན་པོ་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་ཐོད་ཁྲག་འཛིན་པ། ཡུམ་དྲག་མོ་སེར་སྐྱ་ཞལ་གཅིག་ཕྱག་གཉིས་པ་དང་མཉམ་པར་སྦྱོར་བ། སྦྲུལ་དང་རུས་པ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པར་བསྒོམ། བླ་མའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་དབང་གི་ལྷ་སྤྱན་དྲངས། དབང་རྫས་ཀྱིས་ལྷ་ལ་དབང་བསྐུར། དབང་རྟགས་སུ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར་པར་བསམས་ལ་མཆོད། ཡབ་ཡུམ་སྙོམས་པར་ཞུགས་ནས་བདེ་བ་ཆེན་པོའི་རང་བཞིན་འོད་དུ་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར། སླར་ཡང་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་

p. 94

དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དང་། ཞིང་སྐྱོང་གི་ཚོགས་དུ་མས་གདུགས་རྒྱལ་མཚན་དང་རོལ་མོའི་སྒྲ་དང་། མེ་ཏོག་གི་ཆར་འབེབས་ཤིང་རིན་པོ་ཆེའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་ལྔས་གང་བས་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད་ཅིག །ཅེས་དང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཞེས་དབང་རྫས་དང་སློབ་མ་ལ་ཤིས་པ་བརྗོད་ནས། དབུ་རྒྱན་ཅོད་པན་

p. 95

ཐོགས་ལ། ཧཱུྃ། མཉམ་ཉིད་ཡེ་ཤེས་རང་བཞིན་ཏེ། །རིན་ཆེན་རིགས་ཀྱི་མགོན་པོ་ཡིས། །ཚོར་བར་ཅོད་པན་དབང་བསྐུར་བས། །སེར་སྣ་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཏྣ་ཨ་བྷི་ཥཱིཉྩ་ཏྲཱཾཿ ཞེས་ཅོད་པན་བསྐོན་ནོ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་པས་དབང་བསྐུར་ཞིང་བུམ་ཆུ་བླུད་དོ། །ཞེས་གསུངས་ཤིང་དབང་བསྐུར་བས་ཡེ་ཤེས་ཀྱི་བདུད་རྩི་དེས་ལུས་གང་ཉོན་མོངས་པ་སེར་སྣའི་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། ཅེས་དབང་ལྷ་བསྟིམས་ནས་མཆོད་དེ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལ་ལེགས་འབྱུང་བ། །ཧེ་རུ་ཀ་

p. 96

དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག ། དེ་ལྟར་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ཐོབ། ཉོན་མོངས་པ་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་ཉིད་ཡེ་ཤེས་རྒྱུད་ལ་བཞག ། རིན་ཆེན་འབྱུང་ལྡན་དེའི་རིགས་ཀྱི་དངོས་གྲུབ་དང་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་དག་པ་སྦྱིན་ནོ། །གསུམ་པ་ནི། སངས་རྒྱས་རྡོ་རྗེ་ཅན་ཁྱོད་ཀྱིས། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་སྣ་ཚོགས་པ། །དེང་འདིར་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་ལ། སློབ་མ་ལས་ཐམས་ཅད་པས་བསངས་ཏེ། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མ་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་

p. 97

ནས་ཡུམ་གྱི་པདྨར་ཐོན་པས་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿཡིས་མཚན་པ་ཡོངས་སུ་གྱུར་པ་ལས། གསུང་གི་མགོན་པོ་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་དང་ཐོད་ཁྲག་འཛིན་པ། ཡུམ་ཟློག་བྱེད་མ་སྨུག་ནག་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་རང་ཉིད་གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་ཅན་གྱི་སངས་རྒྱས་ཀྱིས། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་གདབ་པས། ནམ་མཁའི་རྒྱལ་བ་

p. 98

ཡབ་ཡུམ་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྤྱི་བོ་ནས་ཞུགས། སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སློབ་མ་གསུང་གི་མགོན་པོར་གནས་པ་ལ་དབང་བསྐུར། སློབ་མ་ཡུམ་གྱི་པདྨ་ནས་ཐོན། དཀྱིལ་འཁོར་གྱི་ནུབ་སྒོའི་དབང་སྟེགས་ཀྱི་སྟེང་དུ་གནས་པར་གྱུར་པའི་མོས་པ་མཛོད་ཅིག །དབང་རྫས་པདྨ་དང་རྒྱ་གྲམ་ལས་སྔགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་མའི་སྟེང་དུ་དབང་རྫས་མི་དམིགས་པ་ལས་ཧྲཱིཿལས་གསུང་གི་མགོན་པོ་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་ཅིང་། ཡུམ་ཟློག་བྱེད་མ་སྨུག་ནག་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། སྦྲུལ་དང་རུས་པ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་བསྒོམས་ལ། བླ་མའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་

p. 99

སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་དབང་གི་ལྷ་སྤྱན་དྲངས། དབང་རྫས་ཀྱིས་ལྷ་ལ་དབང་བསྐུར། དབང་རྟགས་སུ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པར་བསམས་ལ་མཆོད། ཡབ་ཡུམ་སྙོམས་པར་ཞུགས་ནས་བདེ་བ་ཆེན་པོའི་རང་བཞིན་དུ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེར་གྱུར། སླར་ཡང་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དང་། ཞིང་སྐྱོང་གི་ཚོགས་དུ་མས་གདུགས་རྒྱལ་མཚན་དང་རོལ་

p. 100

མོའི་སྒྲ་དང་། རིན་པོ་ཆེའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་ལྔས་གང་བ་ཐོགས་ནས། སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཅེས་དང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ནས། པདྨ་དང་རྡོ་རྗེ་ལག་ཏུ་གཏད་ལ། ཧཱུྃ། སོར་རྟོགས་ཡེ་ཤེས་རང་བཞིན་ཏེ། །གསུང་གི་རིགས་ཀྱི་མགོན་པོ་ཡིས། །འདུ་ཤེས་པདྨའི་དབང་བསྐུར་བས། །འདོད་ཆགས་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་པདྨ་ཨ་བྷི་ཥཱིཉྩ་ཧྲཱིཿ དེ་ནས་བུམ་པ་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་

p. 101

སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་ཆུ་བླུད་ཅིང་སྤྱི་བོར་བཏེག་གོ། །ཞེས་གསུངས་ཤིང་དབང་བསྐུར་བས་ཡེ་ཤེས་ཀྱི་བདུད་རྩི་དེས་ལུས་གང་ཉོན་མོངས་པ་འདོད་ཆགས་ཀྱི་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པར་བསམས་ལ། དབང་ལྷ་བསྟིམས་ནས་མཆོད། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་འབྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །དེ་ལྟར་འོད་དཔག་མེད་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག །སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་བཞག །འོད་དཔག་མེད་དང་དེའི་རིགས་ཀྱི་དངོས་

p. 102

གྲུབ་དང་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་དག་པ་སྦྱིན་ནོ། །བཞི་པ་ནི། སངས་རྒྱས་རྡོ་རྗེ་ཅན་ཁྱོད་ཀྱིས། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་སྣ་ཚོགས་པ། །དེང་འདིར་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་ལས་ཐམས་ཅད་པས་བསང་སྦྱང་། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མ་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐོན་ཏེ་སློབ་མ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཕྲིན་ལས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་ཁྲག་འཛིན་པ། ཡུམ་དཔའ་མོ་ལྗང་སེར་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་ཁྲག་འཛིན་པ་མཉམ་པར་སྦྱོར་བ། བླ་མ་དང་གཙོ་བོ་ཐ་དད་མེད་

p. 103

པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་རང་ཉིད་གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ཞུགས། སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སློབ་མ་ཕྲིན་ལས་ཀྱི་མགོན་པོར་གནས་པ་ལ་དབང་བསྐུར། སློབ་མ་ཡུམ་གྱི་པདྨ་ནས་ཐོན། དཀྱིལ་འཁོར་གྱི་བྱང་སྒོའི་དབང་སྟེགས་ཀྱི་སྟེང་དུ་སློབ་མ་གནས་པར་གྱུར་པའི་མོས་པ་མཛོད། བུམ་ཆུ་དང་ལས་སྔགས་ཀྱིས་རྒྱ་གྲམ་དང་དྲིལ་བུ་བསང་སྦྱང་།

p. 104

སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་དབང་རྫས་མི་དམིགས་པ་ལས་ཕྲིན་ལས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་ཁྲག་འཛིན་པ། ཡུམ་དཔའ་མོ་ལྗང་སེར་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། སྦྲུལ་དང་རུས་པ་དུར་ཁྲོད་ཀྱིས་བརྒྱན་པར་བསྒོམས་ལ། བླ་མའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་དབང་གི་ལྷ་སྤྱན་དྲངས། དབང་རྫས་ཀྱིས་ལྷ་ལ་དབང་བསྐུར། དབང་རྟགས་སུ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར་པར་བསམས་ལ་མཆོད། ཡབ་ཡུམ་སྙོམས་པར་ཞུགས་ནས་བདེ་བ་ཆེན་པོའི་རང་བཞིན་དུ་འོད་དུ་ཞུ་བ་ལས་བྱུང་བའི་དྲིལ་བུར་གྱུར། སླར་ཡང་བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་

p. 105

ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དང་། ཞིང་སྐྱོང་གི་ཚོགས་དུ་མས་གདུགས་རྒྱལ་མཚན་དང་རོལ་མོའི་སྒྲ་དང་། མེ་ཏོག་གི་ཆར་འབེབས་ཤིང་རིན་པོ་ཆེའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་ཐོགས་ནས། སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཅེས་དང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་

p. 106

ཤོག །ཅེས་བརྗོད་ནས། རྒྱ་གྲམ་དྲིལ་བུ་ལག་ཏུ་གཏད་ལ། ཧཱུྃ། བྱ་གྲུབ་ཡེ་ཤེས་རང་བཞིན་ཉིད། །ཕྲིན་ལས་རིགས་ཀྱི་མགོན་པོ་ཡིས། །འདུ་བྱེད་ལས་ཀྱི་དབང་བསྐུར་བས། །ཕྲག་དོག་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥཱིཉྩ་མཾ། དེ་ནས་བུམ་པ་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་ཆུ་བླུད་ཅིང་སྤྱི་བོར་བཏེག་གོ། །ཞེས་གསུངས་ཤིང་དབང་བསྐུར་བས་ཡེ་ཤེས་ཀྱི་བདུད་རྩི་དེས་ལུས་གང་ཉོན་མོངས་པ་ཕྲག་དོག་གི་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར་པར་བསམས་ཏེ། དབང་ལྷ་བསྟིམས་ནས་མཆོད་དེ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་འབྱུང་བ། །

p. 107

ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །དེ་ལྟར་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་ཀྱི་དངོས་གྲུབ་དང་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་དག་པ་སྦྱིན་ནོ། །ལྔ་པ་ནི། སངས་རྒྱས་རྡོ་རྗེ་ཅན་ཁྱོད་ཀྱིས། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་སྣ་ཚོགས་པ། །དེང་འདིར་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་ལ། སློབ་མ་ལས་ཐམས་ཅད་པས་བསངས་ཏེ། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མ་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་

p. 108

གྱི་པདྨར་ཐོན་པ་སྟོང་པར་གྱུར། སྟོང་པའི་ངང་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། སྐུ་ཡི་མགོན་པོ་དཀར་པོ་ཞལ་གཅིག་ཕྱག་གཉིས་བུམ་པ་དང་ཐོད་ཁྲག་འཛིན་ནས་ཡུམ་གཏུམ་མོ་སྔོན་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་རང་ཉིད་གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྒྱལ་བ་ཡབ་ཡུམ་སྙོམས་པར་ཞུགས་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྤྱི་བོ་ནས་ཞུགས།

p. 109

སྐུ་ཡི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སློབ་མ་སྐུ་ཡི་མགོན་པོར་བྱས་པ་ལ་དབང་བསྐུར། སློབ་མ་ཡུམ་གྱི་པདྨ་ནས་ཐོན། དཀྱིལ་འཁོར་ཤར་སྒོའི་ཟུར་གྱི་དབང་སྟེགས་ཀྱི་སྟེང་དུ་གནས་པར་གྱུར་པའི་མོས་པ་མཛོད། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དང་། ཞིང་སྐྱོང་གི་ཚོགས་དུ་མས་གདུགས་རྒྱལ་མཚན་དང་རོལ་མོའི་སྒྲ་དང་། རིན་པོ་ཆེའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་

p. 110

ལྔས་གང་བ་ཐོགས་ནས། སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཅེས་བརྗོད། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་ཤིས་པ་སློབ་མ་ལ་བརྗོད་དེ། རྡོ་རྗེ་དྲིལ་བུ་མཉམ་པར་སློབ་མའི་མགོར་བཞག་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། །སྐུ་ཡི་རིགས་ཀྱི་མགོན་པོ་ཡིས། །གཟུགས་ལ་མིང་གིས་དབང་བསྐུར་བས། །གཏི་མུག་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བུདྡྷཱ་ན་མ་ཨ་བྷི་ཥཱིཉྩ་བྷྲཱུྃཿ ཀྱཻ། དཔལ་ཆྒཻ་མོ། སྐུ་ཡི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། དྲག་མོ། གཏུམ་མོ། ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་སཱ་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿ ཞེས་དང་མེ་ཏོག་ཕོག་པའི་ལྷའི་མིང་བཏགས། མཆན། དེ་ནས་བུམ་པ་ཐོགས་ཏེ། ཇི་

p. 111

ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པའི་མཇུག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་ཡེ་ཤེས་ཀྱི་ཆུས་ལུས་གང་ཉོན་མོངས་པ་གཏི་མུག་གི་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་སྣང་གིས་དབུ་བརྒྱན་པར་གྱུར་པའི་མོས་པ་མཛོད་ཅིག །དེ་ནས་ཐོད་པ་བདུད་རྩི་དང་བཅས་པ་མགོར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་ནས་བདུད་རྩི་བླུད་དེ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བརྗོད་ལ་མེ་

p. 112

ཏོག་གཏོར་ནས། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས། སློབ་མའི་བ་སྤུའི་བུ་ག་ནས་ནང་དུ་ཐིམ་པར་གྱུར་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད་དེ། དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང་འཁོར་ལོའི་རིགས་ཀྱི་དངོས་གྲུབ་དང་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས། དབང་ལྔ་ཐོབ་པས་སངས་རྒྱས་འགྲུབ་པའི་བགེགས་ཀྱི་དྲི་མ་སྦྱངས་པར་བྱས་སོ། །དེ་ལྟར་དབང་ལ་རིག་པ་ཞེས་པ་ནི། སྤངས་པ་ནི་མ་རིག་པ་ལྔ་སྤངས། རིག་པ་ནི་ཡེ་ཤེས་སྐྱེད་བྱེད་དོ། །རིག་པ་དང་རིག་མ་ལ་སོགས་པའི་ལྷ་མོས་ཆུ་ཡི་དབང་བསྐུར་བའི་ཕྱིར་རིག་པའི་དབང་ཞེས་བྱའོ། །མེ་ཏོག་ཕྲེང་བ་ནས་མིང་དབང་གི་བར་དྲུག་ནི།

p. 113

སློབ་མ་ལ་མེ་ཏོག་ཕྲེང་བའི་དབང་གིས་ནི་སློབ་མ་དེ་རྒྱལ་བ་གང་གི་རིགས་ཡིན་པར་ཤེས་པར་བྱེད་པ་ཡིན་ནོ། །ཆུ་དབང་ནི་རིགས་དེ་ལ་སྒྲིབ་པའི་དྲི་མ་འཁྲུད་པའི་ནུས་པ་ཁྱད་པར་ཅན་རེ་འཇོག་གོ། །ཅོད་པན་གྱི་མཐར་རིགས་བདག་གང་གིས་བྱེད་པ་དང་གཙུག་ཏོར་གྱི་ནུས་པ་ཅན་འཇོག་གོ། །རྡོ་རྗེའི་དབང་གིས་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་། དྲིལ་བུའི་དབང་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདོམས་པའི་གསུང་གི་ནུས་པ་དང་། མིང་དབང་གིས་སངས་རྒྱས་པའི་ཚེ་ན་དེའི་མཚན་ཉིད་ཅན་གྱི་ནུས་པ་ཁྱད་པར་ཅན་འཇོག་གོ། །ཞེས་ངོ་སྤྲད་དོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་གཉིས། དབང་དངོས་དང་། མཐའ་བརྟེན་ནོ། །དང་པོ་ནི། དཔེར་ན་བསྙེན་པར་རྫོགས་ནུས་པ་དགེ་སློང་གི་སྡོམ་པ་ལེན་ལ། མི་ནུས་པས་མི་ལེན་ནོ། །དེ་ནས་གསང་སྔགས་ཀྱི་གཞན་དོན་ནུས་པའི་སློབ་མས་ཕྱག་དང་

p. 114

མཎྜལ་ཕུལ་ལ། རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་གདབ་པའི་རྗེས་ཟློས་མཛོད། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བའི་མཚན་མ་མེད་བྱེད་པ། །དེ་ནི་དེང་འདིར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། འགྲོ་དོན་ནུས་པ་དེ་དཀྱིལ་འཁོར་གྱི་ཤར་དུ་པདྨའི་གདན་ལ་བཞུགས་པར་མོས་ལ། ལས་ཐམས་ཅད་པས་བསང་། དེ་ནས་བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མ་དྲངས་པ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཐོན་པ་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཐུགས་ཀྱི་མགོན་པོ་ཞལ་གཅིག་ཕྱག་བཞི་པའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཐུགས་ཡུམ་ནག་མོ་གྲི་ཐོད་འཛིན་པ་ལ་མཉམ་པར་སྦྱོར་ནས་འོག་མ་གཉིས་

p. 115

རལ་གྲི་དང་རྩེ་གསུམ་ཐོགས་པར་གྱུར། རང་ཉིད་གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་ཅན་གྱི་སངས་རྒྱས་ཀྱིས། །འགྲོ་བ་སྐྱོབ་པའི་དོན་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་བརྗོད་དོ། །ཡུམ་གྱི་པདྨར་སློབ་མ་ཐུགས་ཀྱི་མགོན་པོར་གནས་པ་ལ་དབང་བསྐུར། པདྨ་ནས་ཕྱུང་སྟེ་ཤར་གྱི་དབང་སྟེགས་སེང་གེས་བཏེགས་པའི་ཁྲིའི་སྟེང་དུ་པདྨ་ཟླ་བའི་གདན་ལ་འཁོད་པར་གྱུར་པར་བསམ། རྡོ་རྗེ་དང་དྲིལ་བུ་བསངས་སྦྱངས་ལ། ཧཱུྃ་དང་ཨཱཿལས་སྐྱེས་པའི་རྡོ་རྗེ་དང་དྲིལ་བུར་གྱུར། ཅེས་སློབ་མའི་གནས་གསུམ་དུ་རེག་ལ་ལག་པ་གཡས་སུ་རྡོ་རྗེ་གསོར་ལ། ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །

p. 116

རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་དཔལ་ཆེན་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་དང་གཡས་སུ་གཏད་དོ། །སྟོང་པ་ཉིད་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་གསང་བའི་རྡོ་རྗེ་ཡིན་ལ། རྡོ་རྗེ་ལག་ཏུ་བྱིན་པའི་ཚེ་དེ་ལྟར་དྲན་པར་གྱིས་ལ་ཟུང་ཞིག་ཅེས་བརྗོད་དོ། །དྲིལ་བུ་འཁྲོལ་ཞིང་། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་བཛྲ་གྷནྜེ་ཨཱཿ ཞེས་གཡོན་དུ་གཏད། ཆོས་ཐམས་ཅད་རང་བཞིན་མེད་པའོ། །ཞེས་སོགས་ཀྱི་སྒྲ་དྲིལ་བུས་སྒྲོགས་པར་སེམས་ལ་དཀྲོལ་ཅིག །རྡོར་དྲིལ་གྱིས་དེ་ཁོ་ན་ཉིད་དྲན་པའི་སྒོ་ནས་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཕན་ཚུན་འཁྱུད་པ་ལ་དམིགས་པ་གཏད་པ་ལས་

p. 117

བྱུང་བའི་རྡོ་རྗེ་སློབ་དཔོན་གྱིས་དབང་གི་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ནས་རྡོ་རྗེ་ཐུགས་ཀྱི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །རང་ལྷ་ཡི་དམ་ཚིག །རྣལ་འབྱོར་སྐུ་ཡི་དམ་ཚིག་སྟེ། དམ་ཚིག་གསུམ་དང་མ་བྲལ་བར་མཛོད་ཅིག །དེ་ནས་བུམ་པ་བསང་སྦྱང་། བསྐྱེད་མི་དགོས་པར། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་གདབ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་དབང་བསྐུར། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་དང་། ཞིང་སྐྱོང་གི་ཚོགས་དུ་མས་གདུགས་རྒྱལ་མཚན་དང་རོལ་མོའི་སྒྲ་དང་། རིན་པོ་ཆེའི་

p. 118

བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་ལྔས་གང་བ་ཐོགས་ནས། སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད་ཅིག །བུམ་པ་འཛིན་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་ནས་མགོར་བཞག་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ཞེས་པ་ལྟར་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་ཡེ་ཤེས་ཀྱི་བདུད་རྩི་དེས་ལུས་གང་ཉོན་མོངས་པ་ཞེ་སྡང་དག །ཆུའི་ལྷག་མ་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ་མཛོད་ཅིག །དབང་བསྐུར་བའི་ཡན་ལག་ཏུ་གྲི་གུག་གིས་དབང་བསྐུར་ཞིང་ལག་ཏུ་བྱིན་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་

p. 119

གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཀཱ་དྷ་རི་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཀ་པཱ་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། བླ་མ་དང་གཙོ་བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་ལྷ་རྣམས་སྤྱན་དྲངས། སློབ་མའི་བ་སྤུའི་སྒོ་ནས་རང་ལ་ཐིམ་པས་དཔའ་བོ་དང་དཔའ་མོའི་རང་བཞིན་དུ་གྱུར་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད་དེ། དེ་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་འབྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །ཅེས་མེ་ཏོག་དོར་ཏེ། འོ་དེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་པས་ཁུར་འཁུར་བ་དང་། ཁེ་སྤོགས་པ་དང་།

p. 120

ཞིང་ལས་ལ་སོགས་དམན་པའི་ལས་མི་བྱ་ཞིང་། རྡོ་རྗེ་སློབ་དཔོན་གྱི་ལས་དང་འགྲོ་བ་ཐམས་ཅད་རྡོ་རྗེ་ཐེག་པའི་ལམ་རྣམ་པར་དག་པ་ལ་འགོད་པར་ཞུ། ཞེས་གདམ་མོ། །འགྲོ་དོན་མི་ནུས་པའི་སློབ་མ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་གོང་མ་རྣམ་གསུམ་བསྐུར་ན། བདག་གཞན་གཉིས་རྡོ་རྗེའི་དམྱལ་བར་ལྷུང་བར་གསུངས་པས་གང་ཡིན་ལ་མི་སྦྱིན་ནོ། །གཉིས་པ་ལ་དྲུག །བཟླས་ལུང་། ཕྱག་མཚན། ལས་སྒྲུབ། རྒྱན་ཆ། ལས་སྣ་ཚོགས་པ། ཐབས་ཤེས་ཀྱི་རྗེས་གནང་ངོ་། །དེ་ཡང་དབང་བཞི་བྱེ་བྲག་ཏུ་བྱེད་ན་མཐའ་རྟེན་རྣམས་འདིར་སྟབས་གཅིག་ཏུ་བྱེད་ལ། དབང་བཞི་མཐའ་རྟེན་ཞིག་བྱེད་ན། བུམ་དབང་གི་མཐའ་རྟེན་རྗེས་གནང་། གསང་དབང་གི་མཐའ་རྟེན་ལུང་བསྟན། གསུམ་པའི་མཐའ་རྟེན་དབུགས་དབྱུང་། བཞི་པའི་མཐའ་རྟེན་གཟེངས་བསྟོད་རྣམས་རང་རང་གི་མཐར་བྱའོ། །ཞེས་གསུངས་པས་འདིར་རྗེས་གནང་བྱ་སྟེ། དང་པོ་ནི་སློབ་མས། བཅོམ་ལྡན་བདག་ལ་གནང་ལགས་ཀྱི། །སྔགས་ཀྱིས་བྱིན་བརླབ་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་སྟེ། སློབ་དཔོན་གྱིས། བླ་མ་དང་གཙོ་

p. 121

བོ་ཐ་དད་མེད་པའི་ཐུགས་ཀའི་ཧཱུྃ་གི་ཐ་མར་སྙིང་པོ་དང་ཉེ་སྙིང་རྣམས་ཀྱིས་བསྐོར་བ་ལ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བླ་མའི་ཐུགས་ཀ་ནས་བརྒྱུད། ཞལ་ནས་ཐོན། སློབ་མའི་ཁར་ཞུགས་ཐུགས་ཀར་ཧཱུྃ་གི་མཐར་གཡོན་བསྐོར་དུ་གནས་པར་མཛོད་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊཿ ཅེས་སྔགས་རིང་དེ་རྣམས་ལན་བདུན་བར་རྗེས་ཟློས་བྱ་སྟེ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་བྱིན་བརླབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཕྲེང་བ་མགོར་བཞག་ནས་མེ་ཏོག་དོར་ཏེ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དེ་བཟླས་ལུང་ངོ་། །གཉིས་པ་ནི། སློབ་མ་མགོན་པོར་གསལ་བ་ལ་གྲི་ཐོད་དང་རལ་གྲི་ཁ་ཊྭཱཾ་གཏད་ལ། ནག་པོ་ཆེན་པོའི་ཕྱག་ཆ་ཁྱོད་ཀྱིས་བཟུང་བ་ཉིད་དུ་གྱིས་ཤིག །རྡོ་རྗེའི་གྲི་གུག་

p. 122

ཐོད་ཁྲག་དང་། །རལ་གྲི་དང་ནི་ཁ་ཊྭཱཾ་ག །ཕྱག་རྒྱའི་གཟུགས་ཏེ་དམ་ཚིག་གིས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྦྱིན་སྲེག་ལ་སོགས་ལས་ལ་དབང་། །ཨོཾ་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། གསུམ་པ་ལས་སྒྲུབ་པར་གདམས་པ་ནི། ཐམས་ཅད་བྱམས་པའི་སེམས་ལྡན་པས། །བླ་མ་ལ་སྨོད་བསྟན་ལ་སྡང་། །དཀོན་མཆོག་གསུམ་ལ་གནོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །ཞི་རྒྱས་དབང་དྲག་ལས་ལ་སྦྱོར། །དེ་རིང་མ་ཧཱ་ཀཱ་ལར་གྱུར། །རྡོ་རྗེ་ཅན་གྱི་རིགས་སུ་སྐྱེས། །མི་འཇིགས་ཁྱོད་ལ་སྡིག་པ་མེད། །དུས་སུ་ནག་པོ་ཆེན་པོ་མཆོད། །རྡོ་རྗེ་འཛིན་པ་ཇི་བཞིན་དུ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་དོ། །བཞི་པ་ནི། དུར་ཁྲོད་ཆས་དགུས་བརྒྱན་ཏེ། ཧཱུྃ། ཕར་ཕྱིན་དྲུག་ལྡན་ཕྱག་རྒྱ་རྣམ་པ་དྲུག །ཐོད་པ་སྐམ་རློན་སྦྲུལ་དང་རིན་ཆེན་རྒྱན། །ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་རྒྱན། །གླང་ཆེན་

p. 123

ཀོ་རློན་ཞིང་ལྤགས་སྟག་ཤམ་རྣམས། །ཁྱོད་ཀྱིས་བརྒྱན་པ་ཉིད་དུ་གྱིས། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། དུར་ཁྲོད་བ་ལ་མ་ད་ན། །ཐབས་ཤེས་རྫས་སུ་བྱིན་གྱིས་བརླབས། །འདི་ཉིད་རིག་པའི་རྣལ་འབྱོར་པས། །མི་བཟའ་བ་ནི་གང་ཡང་མེད། །ཤ་ལྔ་བདུད་རྩི་ལྔ་ལ་རྟག་རོལ་ཅིང་། །རྒྱུན་དུ་ནག་པོ་ཆེན་པོ་མཆོད། །ཨོཾ་མ་ཧཱ་ཀཱ་ལ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཐབས་ཤེས་རྫས་ཀྱི་རྗེས་གནང་ངོ་། །རྗེས་གནང་བཞི་ཚར་ནས། ལྔ་པ་ལས་སྣ་ཚོགས་ཀྱི་རྗེས་གནང་ལ་བདུན་ཏེ། དང་པོ་ནི། མགོན་པོའི་སྐུ་བསྟན་ལ། སྤྲུལ་པས་འགྲོ་བ་འདུལ་བ་དང་། །སངས་རྒྱས་བསྟན་པ་རྒྱས་བྱའི་ཕྱིར། །དེ་རིང་རིགས་ཀྱི་སྐལ་ལྡན་ལ། །སྒྱུ་མ་ལྟ་བུའི་སྐུ་བསྟན་ནོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ནཱ་ཐ་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྐུའི་རྗེས་གནང་ངོ་། །གཉིས་པ་ནི། དྲིལ་བུ་གཏད་དེ། བླ་མེད་སྐུ་གསུམ་དངོས་གྲུབ་རྣམས། །གསང་སྔགས་བརྗོད་དུ་མེད་པའི་

p. 124

དོན། །ནུས་པ་མཆོག་ཏུ་སྟེར་གྱུར་པ། །དྲིལ་བུ་དབྱངས་ཉིད་རྟག་ཏུ་ཟུངས། །ཨོཾ་བཛྲ་ནཱ་ཐ་མ་ཧཱ་ཀཱ་ལ་ཝཱ་ཀ་གྷནྜེ་ཤབྟ་པཱུ་ཛ་ཨ་བྷི་ཥིཉྩ་ཧཱུྃ། གསུམ་པ་ཐུགས་རྡོ་རྗེ་བྱིན་ཏེ། ཐུགས་རྗེ་ཆེན་པོའི་དོན་སྒྲུབ་པ། །ཡེ་ཤེས་མི་ཕྱེད་རྣལ་འབྱོར་པས། །བརྟུལ་ཞུགས་ཆེན་པོ་འབད་མེད་པ། །རྡོ་རྗེ་མི་འགྱུར་དབང་བསྐུར་རོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སོགས་དང་། བཞི་པ་ཡོན་ཏན་ནི། མི་མགོའི་དོ་ཤལ་བྱིན་ལ། དངོས་རྣམས་ལོག་རྟོག་བཅོམ་ནས་ཀྱང་། །སྣ་ཚོགས་མགོ་ཡི་ཕྲེང་བ་ནི། །བདུད་དང་མུ་སྟེགས་རྩད་གཅད་ཕྱིར། །ཡོན་ཏན་རྒྱས་བྱེད་བཟུང་བར་གྱིས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ནཱ་ཐ་ཀྲནྟི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སོགས་དང་། ལྔ་པ་ཕྲིན་ལས་ནི། གྲི་གུག་བྱིན་ཏེ། གདུལ་དཀའ་འདུལ་མཛད་གྲགས་ཆེན་པོ། །ཞིང་སྐྱོང་ཆེན་པོའི་ཕྱག་རྒྱ་ནི། །གཅོད་བྱེད་གྲི་གུག་འབར་བ་ཡིས། །མངོན་སྤྱོད་ཡེ་ཤེས་དབང་བསྐུར་རོ། །

p. 125

ཞེས་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ནཱ་ཐ་ཀྲནྟི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། དྲུག་པ་དམ་ཚིག་ནི། གཏོར་མ་བྱིན་ཏེ། དམ་ཚིག་རྗེས་སུ་འཛིན་བྱེད་པ། །མ་མོ་མཁའ་འགྲོ་དབང་སྡུད་ཕྱིར། །གཏོར་མའི་གསང་བ་སྦྱིན་པ་ནི། །དུས་ཀུན་ཏུ་ནི་མཆོད་པར་གྱིས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དམ་ཚིག་དྲུག་གི་རྗེས་གནང་ངོ་། །བདུན་པ་ལས་བཞིའི་སྦྱིན་གནང་ནི། མགོན་པོ་སྡེ་བཞི་རིམ་པར་བསྒོམ་པ་ནི། ཡོན་ཏན་མགོན་པོ་བསྒོམས་ལ། བེ་ཏའི་འབྲས་བུ་གཏད་ལ། སྐལ་ལྡན་ཁྱོད་ཀྱིས་གདུལ་བྱ་ལ། །སྣ་ཚོགས་ལོངས་སྤྱོད་འཕེལ་བྱེད་པའི། །ཕན་དང་བདེ་བ་སྒྲུབ་གྱིས་ལ། །རྒྱས་པའི་ཕྲིན་ལས་སྒྲུབ་པར་གྱིས། །ཨོཾ་མ་ཧཱ་ཀཱ་ལ་ན་རུ་ཧོ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཞེས་དང་། ཐོད་ཁྲག་གཏད་དེ། འདི་ནི་དངོས་གྲུབ་ཀུན་གྱི་གནས། །ཐོད་པ་ཨིནྡྲས་བཀང་བ་འདི། །འགྲོ་བ་རྗེས་སུ་གཟུང་

p. 126

བའི་ཕྱིར། །དབང་གི་ཕྲིན་ལས་འགྲུབ་གྱུར་ཅིག །ཨོཾ་མ་ཧཱ་ཀཱ་ལ་ནཱ་ཐ་ཀ་པཱ་ལ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། རལ་གྲི་གཏད་ལ། འདི་ནི་མ་རུངས་འདུལ་བྱེད་ཅིང་། །བདུད་ལས་རྣམ་པར་རྒྱལ་བ་ཡི། །གཅོད་བྱེད་རལ་གྲི་འབར་བ་ཡིས། །དྲག་པོའི་ལས་རྣམས་འགྲུབ་གྱུར་ཅིག །ཨོཾ་མ་ཧཱ་ཀཱ་ལ་ནཱ་ཐ་ཁཊྒ་ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དྲག་པོ་དང་། ཁ་ཊྭཱཾ་གཏད་དེ། ལུས་ངག་ཡིད་གསུམ་ཉེས་པ་རྣམས། །རབ་ཞི་རྩེ་གསུམ་འབར་བ་ཡིས། །ཡེ་ཤེས་སྐུ་གསུམ་རྟོགས་གྱུར་པ། །ཞི་བའི་ཕྲིན་ལས་དབང་བསྐུར་རོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཞི་བའོ། །བརྒྱད་པ་དམ་ཚིག་ནི། ཕུར་པ་བྱིན་ཏེ། ལས་རྣམས་སྒྲུབ་ཅིང་བསྟན་པ་སྲུང་། །རྣལ་འབྱོར་ཕྲིན་ལས་དབང་བྱེད་པ། །ནུས་པ་ཚར་གཅོད་ཕུར་པ་ཡིས། །མི་གནས་གདབ་པ་སྦྱིན་པར་བྱ། །ཨོཾ་ནཱ་ཐ་མ་ཧཱ་ཀཱ་ལ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། རྡོར་

p. 127

དྲིལ་ཌཱ་མ་རུ་བྱིན་ཏེ། ཁྱོད་ལ་སྐུ་གསུང་ཐུགས་ཉིད་ཀྱི། །མཐུ་སྟོབས་ནུས་པ་རྫུ་འཕྲུལ་རྣམས། །ཞི་རྒྱས་ལ་སོགས་ལས་ཆེ་ཕྲ། །ད་ལྟ་ཉིད་དུ་འདིར་ཐོབ་འགྱུར། །དཔལ་ལྡན་ནག་པོ་འཁོར་བཅས་ལ། །ཕྱི་ནང་གསང་གསུམ་གྱིས་མཆོད་ཅིང་། །ལྷ་མོ་ལས་མཁན་བསྐུལ་བའི་ཕྱིར། །རྡོ་རྗེ་དྲིལ་བུ་ཌཱ་མ་རུ། །རྣལ་འབྱོར་སྤྱོད་ཕྱིར་སྦྱིན་པར་བྱ། །ཡང་དག་དོན་ལྡན་མཆོག་དོན་དུ། །རྣལ་འབྱོར་དབང་ཕྱུག་བརྟུལ་ཞུགས་ལྡན། །གསང་བ་འཛིན་པར་གྱུར་པ་ན། །ནམ་ཡང་འབྲལ་བར་མ་བྱེད་ཅིག །ཅེས་གསང་བ་འཛིན་པའི་རྗེས་གནང་ངོ་། །དེ་ལྟར་རྗེས་གནང་བཅུ་གཅིག་འདི། དཔལ་ཁྲག་མཚོ་ཁོལ་མའི་ལེའུ་ཉེར་གཉིས་པ་དབང་གི་ལེའུ་ལས་གསུངས་པའོ། །དེ་ལྟར་ཕྱི་རྡུལ་ཚོན་ལུས་རྩའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་

p. 128

པའི་སྐལ་པ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་དབང་དོན་ངོ་སྤྲད་ཅིང་། བུམ་དབང་གི་ལུས་བརྡ། མཛུབ་ལྔ་བསྡུས་གུང་མོ་མནན། ངག་བརྡ། ཀཱ་ལ་ཤ་ཨོཾ། དེ་སོགས་བརྡ་ལེགས་པར་སྤྲད་དོ། །གཉིས་པ་ནི། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་དེ་ཉིད་ལས། གསང་བ་བདེ་ཆེན་ཡེ་ཤེས་ཉིད། །རང་བྱུང་དྲི་མེད་དབང་བསྐུར་བའོ། །ཞེས་མཆོག་དབང་གསུམ་གསལ་བར་བསྐུར་བར་གསུངས་ཏེ། སློབ་མས་དབང་གཉིས་པའི་དོན་དུ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། ཡོན་གསེར་དངུལ་རིན་ཆེན་འབུལ་ཞིང་། ཕྱག་དང་མཎྜལ་ཕུལ་ལ། རྡོ་རྗེ་འཛིན་པ་མ་ལུས་དང་། །རྒྱལ་བ་མགོན་པོ་མ་ལུས་པ། །དབང་ཕྱུག་དམ་པའི་འཁོར་ལོ་ཡིས། །དབང་བསྐུར་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་སྟེ། དེ་ཡང་ངག་རླུང་གི་ཡི་གེའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་ཏེ། དེ་ཉིད་མ་མཐོང་བའི་བརྡར་

p. 129

གདོང་གཡོགས་རེ་བཅིང་བའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ། གིས་གདོང་གཡོགས་བཅིང་ངོ་། །སློབ་དཔོན་གྱིས་རང་ཉིད་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་དུ་བསྐྱེད་པའི་ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་དམར་པོ་འདབ་མ་གསུམ་པ་གཉིས་ཀའི་བུ་ག་ཕཊ་ཀྱིས་བཀག་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་ཧ་ཧ་དང་སི་སི་ཀུ་རུ་དྷྲིཀ་ཅེས་པས་ཕྱོགས་བཅུའི་དཔའ་བོ་དཔའ་མོ་དེ་བཞིན་གཤེགས་པ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས་ཡབ་ཡུམ་ལ་ཐིམ་སྟེ་ཞུ་བ་ལས་བྱུང་བའི་བྱང་སེམས་སུ་གྱུར། སློབ་མ་ལ། ཁྱེད་རྣམས་འོད་དཔག་མེད་དུ་སྒོམས་ཤིག །ཅེས་བརྗོད་དོ། །བྱང་སེམས་སྡིགས་མཛུབ་ཀྱིས་ལྕེ་ལ་བཞག་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །ངག་གི་སྒྲིབ་པ་དག་བྱེད་པ། །བྱང་ཆུབ་སེམས་ནི་བཟང་

p. 130

པོ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་དོ། །དེ་ལྟར་བླ་མ་ཡབ་ཡུམ་བྱང་སེམས་ཀྱི་བདུད་རྩི་དེས་ལུས་ཀྱི་རྩ་གནས་ཐམས་ཅད་བདེ་བ་ཆེན་པོས་གང་སྟེ། བདེ་སྟོང་དབྱེར་མེད་གསང་དབང་གི་ངོ་བོ་རྒྱུད་ལ་སྐྱེས་ནས་གསུང་རྣམ་དག་འོད་དཔག་མེད་དུ་གྱུར་པའི་མོས་པ་མཛོད་ཅིག །འབྲུ་གསུམ་གྱིས་གདོང་གཡོགས་ཕྱེས་ལ། དེ་ལྟར་གསུང་ཡི་གེའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །ཞེས་པ་དག་པ་སྦྱིན་ནོ། །དེ་ནས་ལུང་བསྟན་པ་ནི། རྡོ་རྗེ་སློབ་དཔོན་ཐུབ་པའམ། ཧེ་རུ་ཀའི་ཆ་བྱད་རྒྱན་དྲུག་གསོལ་ཏེ། གཡས་རྡོ་རྗེ་དང་བཅས་པ་མི་འཇིགས་པའི་ཕྱག་རྒྱ་སྤྱི་བོར་བཞག་ལ། འདིར་ནི་ཁྱོད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་

p. 131

ཏུ་དག་བྱའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ། ཞེས་བོས་ལ། དཔལ་ཆྒཻ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གྲུབ་པ་ས་གསུམ་གྱི་བདག་པོར་འགྱུར་རོ། །གང་དག་ངས་ལུང་བསྟན་པ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་ལུང་བསྟན་ཏེ་གསང་དབང་ངོ་། །འདིའི་མཐེབ་སྲིན་ཨེ་ལ་རེག་ཡ་ར་ལ་ཝ། ཞེས་བརྡ་སྤྲད་དོ། །གསུམ་པ་ནི། དེ་ནས་བླ་མ་ཆོས་ཀྱི་སྐུ་ལ། ཡོན་བུ་དང་ཆུང་མ་ཕུལ་ཏེ་མཎྜལ་ཕུལ་ལ། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །རྡོ་རྗེ་རྣལ་འབྱོར་དམ་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །གཙོ་བོས་བདག་

p. 132

ཀྱང་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་བོ། །དེའང་ཐིག་ལེ་བདེ་བའི་དཀྱིལ་འཁོར་དུ་དབང་གསུམ་པ་བསྐུར་བ་ལ། དེ་ཉིད་མ་མཐོང་བའི་བརྡར་འབྲུ་གསུམ་གྱིས་གདོང་གཡོགས་བཅིང་། བདུད་རྩི་འཐོར་ལ། སློབ་མ་མགོན་པོ་ཡུམ་མེད་པར་བསྒོམ་བཅུག་ལ། ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ལོ་བཅུ་དྲུག་ལོན་པ་ཞིག་བླ་མས་སློབ་མའི་ལག་ཏུ་གཏད་པར་བསམས་ལ། གཟུངས་མ་ཡིད་འོང་འདི་བཞེད་ཀྱིས། །བསྟེན་པར་སངས་རྒྱས་རྣམས་ཀྱིས་གསུངས། །འཁོར་ལོ་བཞི་ཡི་རིམ་པ་ཡི། །བདེ་བ་མཆོག་ནི་མྱང་བར་གྱིས། །ཞེས་བརྗོད་དོ། །དེ་ནས་རིག་མ་དེས། དཔའ་བོ་བྱང་ཆུབ་སེམས་བྱ་བར། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་དག་ལས་བྱུང་བ་ཡི། །རིག་མར་མཆོད་པ་འབུལ་ནུས་སམ། །ཞེས་དྲིས་པས། དཔའ་བོས་ལན་བཏབ་པ། ཇི་ལྟར་གསུངས་པའི་དམ་ཚིག་ལ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བགྱི། །པདྨ་

p. 133

མཆོད་པ་ཅིས་མི་བྱེད། །ཅེས་སྤྲད་པས། ལྷ་མོ་དེ་དགྱེས་ནས་གོས་དང་བྲལ་བར་བྱས་ནས་ཆུ་སྐྱེས་བསྟན་ནས། ང་ཡི་པདྨོ་མཛེས་པ་འདི། །ཐར་པའི་སྣོད་ནི་དམ་པ་སྟེ། །པདྨར་འོ་བྱེད་འཁྱུད་པ་ན། །དེ་ཡི་མདུན་དུ་ང་གནས་སོ། །བཛྲ་མོཀྵ་ཧོཿ ཞེས་གསུངས་ཏེ། དེ་ནས་སློབ་མ་ཡེ་ཤེས་ཀྱི་མགོན་པོ་དང་། རིག་མ་ཡུམ་གཏུམ་མོར་བསྐྱེད་པའི་མཁའ་གསང་དང་། སྐྱེ་མཆེད་བྱིན་གྱིས་བརླབས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པས་སྙོམས་པར་ཞུགས་པས་འཁྱུད་པ་དང་། བཅུམ་པ་དང་དུས་མཉམ་དུ། བླ་མ་དང་སློབ་མའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་དང་དགའ་བའི་སྒྲས་རྡོ་རྗེ་འཆང་ལ་སོགས་ཕྱོགས་བཅུའི་སངས་རྒྱས་དང་ཡབ་ཡུམ་དཔའ་བོ་དཔའ་མོའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་ཡབ་ཡུམ་གྱི་སྤྱི་བོར་ཐིམ་པས་ལྟེ་བའི་ཙཎྜ་ལི་གྱེན་དུ་སོང་སྟེ་སྤྱི་བོའི་ཧཾ་ཞུ་ནས་མགྲིན་པར་སླེབས་ཏེ་དགའ་བ། སྙིང་ཁར་མཆོག་དགའ། ལྟེ་བར་ཁྱད་པར་གྱི་

p. 134

དགའ་བ། གསང་གནས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་ཡས་བབས་ཀྱི་དགའ་བ་བཞི་དང་། སླར་ཡང་སྔར་ལྟར་གྱེན་དུ་ལྡོག་པ་མས་བརྟན་གྱི་དགའ་བ་བཞི་མངོན་དུ་བྱས་ཏེ། བདེ་སྟོང་དབྱེར་མེད་ཟག་པ་མེད་པའི་ཏིང་ངེ་འཛིན་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་རྒྱུད་ལ་སྐྱེས་པ་ཡིན་ནོ། །འབྲུ་གསུམ་གྱིས་མིག་དར་ཕྱེས་ལ། དེ་ལྟར་ཁྱོད་ཀྱི་ཐིག་ལེ་བདེ་བའི་དཀྱིལ་འཁོར་དུ་ཤེས་རབ་མ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །དོན་དམ་འོད་གསལ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས་སོ། །འདིའི་མཐའ་རྟེན་ནི་དབུགས་དབྱུང་བ་ཡིན་ཏེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དོ། །དེ་བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །དད་པས་ལྷ་དང་བླ་མ་ལ་ཆགས་པ། སྙིང་རྗེས་

p. 135

སེམས་ཅན་ལ་ཆགས་པ། བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཆགས་པ་དང་བྲལ་བར་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་སྡང་ཞིང་མ་དད་པ་བསྐྱེད་པ་ལྟ་བུ་སྡིག་གཞན་མེད་པས། ཁྱོད་ཀྱིས་དེ་ལྟ་བུ་མ་བྱེད་ཅིག །ཅེས་པའི་དོན་ནོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་ཀུན་ཏུ་ཞུགས་པ་ཡིན། །ཞེས་འབྲས་བུའི་དབུགས་དབྱུང་། དེ་ནི་དབང་གསུམ་པའོ། །ལུས་བརྡ་དབྱངས་མཆོག །ཨེ་ཝཾ་ས་མ་ཡ། ཞེས་མཐའ་རྟེན་དང་བཅས་པའོ། །བཞི་པ་ནི། བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་རང་ལུས་གཡོག་དང་འབངས་སུ་ཕུལ་ཏེ་མཎྜལ་ཕུལ་ལ། གསོལ་བ་གདབ་པ་ནི། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡི། །བཀའ་དྲིན་

p. 136

གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། འབྲུ་གསུམ་གྱིས་མིག་དར་བཅིངས་ལ། དེ་ཡང་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པ་ཞིག་ཆོས་ཤིག ། ཅེས་བརྗོད། དེ་ཡང་སྙིང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་བསྐུར་བ་ཡིན་ཏེ། དབང་གསུམ་པ་ཐོབ་པ་དེའི་རྒྱུ་ལས་བྱུང་བའི་སེམས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཁམས་གསུམ་གྱི་སྒྲིབ་གཡོགས་ལས་འདས་པའི་སེམས་ཉིད་རིག་སྟོང་མ་བཅོས་པའི་ཕྱག་རྒྱ་ཆེན་པོ་འདིའི་ངང་ལ་ཞོག་མཛོད་ཅིག །ཅེས་གདམས་ནས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །མགོན་པོ་དངོས་གྲུབ་འབྱུང་བའི་ལེའུ་དང་པོ་ལས་གསུངས། མཆན། ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་པོ་ནི་མ་ལུས་པའི། །འགྲོ་བ་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་

p. 137

ཀུན་དམིགས་སུ་མེད་པའོ། །ཞེས་ཚིག་གིས་ངོ་སྤྲད་པས་ན་ཚིག་དབང་ཞེས་སོ། །ཞེས་ངོ་སྤྲོད། དེ་ནས་འབྲུ་གསུམ་གྱིས་མིག་དར་བསལ་ལ། དེ་ལྟར་སྙིང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །བདེན་གཉིས་ཟུང་འཇུག་གི་རྫོགས་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་གྱུར་པའི་སྐལ་པ་དང་ལྡན་པར་བྱས་སོ། །འདིའི་མཐའ་རྟེན་ནི་གཟེངས་བསྟོད་དེ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །ཁྱེད་རྣམས་བདེ་བར་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཐུབ་པ་དང་མི་ཆོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་

p. 138

གྱིས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཞེས་དང་། གསང་མཆོག་འདིར་ནི་ལེགས་གནས་པ། །དེ་རིང་སྐྱེ་བ་འབྲས་བུར་བཅས། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེ་རིང་ཁྱོད་དབང་བསྐུར། །ཁམས་གསུམ་འདིར་ནི་ཁྱོད་དབང་ཕྱུག །ཁྲག་འཐུང་ཆེན་པོར་བསྟན་པ་ཡིན། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་རིང་ཐོབ་པར་གདོན་མི་ཟ། །ཞེས་པས་གཟེངས་བསྟོད་དོ། །དབང་བཞི་པའོ། །འདིའི་མཐའ་བརྟེན་ནི་མཛུབ་མོས་ནམ་མཁའ་མཚོན། དེ་ལྟར་བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཚིག་དབང་སྟེ། དེའང་གཞི་དུས་ཀྱི་དབང་བཞི་ཐོབ་ནས། དགའ་བ། མཆོག་དགའ། ལྷན་ཅིག་སྐྱེས་དགའ། དགའ་བྲལ་ཏེ་ལམ་དུས་ཀྱི་དབང་བཞི་ལ་གོམས་པར་བྱས། སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ངོ་བོ་ཉིད་སྐུ་སྟེ་འབྲས་བུའི་དུས་འདི་ལ་རྗེ་བཙུན་ནཱ་རོ་པས། དགའ་བ་

p. 139

དང་པོ་སྐྱེས་དུས་སུ། །ཆུ་འཛིན་བུམ་པའི་དབང་དུ་འདོད། །མཆོག་དགའ་རྒྱུད་ལ་སྐྱེས་དུས་སུ། །བདེ་བ་འཛིན་པ་གསང་བའི་དབང་། །ལྷན་ཅིག་སྐྱེས་པའི་དགའ་བ་ནི། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དགའ་བྲལ་རྒྱུད་ལ་སྐྱེ་བ་ནི། །བཞི་པ་ཚིག་དབང་རིན་པོ་ཆེ། །དབང་བཞི་བསྐུར་བས་ལམ་འདི་བསྒོམ། །སྨིན་གྲོལ་དབྱེར་མེད་ལམ་འདི་ལྟོས། །ཞེས་གསུངས་པ་ལྟར་རོ། །དབང་བཞི་ཐོབ་པར་བྱེད་པའི་སྐལ་པ་དང་ལྡན་པར་བྱས་པ་ཡིན་ནོ། །དབང་བཞི་མཐའ་བརྟེན་དང་བཅས་པ་ཚར་རོ། །བརྡ་བཞི་མཐའ་བཞི་གོང་དུ་བསྟན་ཏོ། །གཏང་རག་མཎྜལ་ཕུལ། རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་མོས་གུས། །འདི་ནི་སངས་རྒྱས་ཀུན་དང་འདྲ། །ཞེས་བརྗོད་དེ། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །

p. 140

ཞེས་ལན་གསུམ་བརྗོད་དེ། བླ་མའི་ཞབས་ལ་ཕྱག་འཚལ་ཏེ། དེང་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་ནག་པོ་ཆེན་པོ་མཁའ་འགྲོའི་ཚོགས། །རྟག་ཏུ་དམ་ཚིག་ལ་གནས་ཤོག ། དེང་བདག་སྐྱེ་བ་འབྲས་བུར་བཅས། །རྡོ་རྗེའི་རིགས་སུ་ད་གྱུར་ཏོ། །ཞེས་བརྗོད་ཅིང་། དགའ་བའི་ཡིད་ཀྱིས་ས་གཞི་རྟ་གླང་གསེར་དངུལ་རྒྱན་བུ་བུ་མོ་ཆུང་མ་བྲན་ཕོ་མོ་རྣམས་ཕུལ་ཞིང་། བདག་ཉིད་ཀྱང་ཡོན་དང་བྲན་དུ་ཕུལ་ཏེ། བཀའ་དྲིན་ཆེའོ་ཞེས་གསོལ། སློབ་མ་རྣམས་ཀྱིས་འབྱོར་པ་ཅི་ཡོད་པས་བླ་མ་དཀྱིལ་འཁོར་ལ་མཆོད་ཅིང་ཐབས་ཤེས་རྫས་དང་ཁ་ཟས་སྣ་ཚོགས་ཀྱི་འཁོར་ལོས་ཚིམ་པར་བྱའོ། །དེ་རྣམས་གཅིག་ཏུ་དྲིལ་བས་དངོས་གཞིའི་སྐོར་ཚར་རོ། །དེ་ནས་གཏོར་མའི་རྗེས་གནང་གསུངས་ཏེ། མགོན་པོ་དངོས་གྲུབ་འབྱུང་བའི་ལེའུ་བརྒྱད་པའི་མཐར། དེ་རྗེས་བ་ལིཾ་གཏད་པ་ལ། །ནུས་པ་ཐོགས་མེད་སྦྱིན་བྱེད་ཅིང་། །སྐུ་གསུང་ཐུགས་ཀྱི་གསང་བ་མཆོག །ལྷ་དང་སྔགས་ཀྱི་ཟབ་པའི་ཆོས། །ཏིང་འཛིན་སྙིང་པོ་ཕྱག་རྒྱ་ཆེ། །འདི་ཉིད་དངོས་གྲུབ་ཀུན་གྱི་གཏེར། །ཟབ་ཅིང་རྒྱ་ཆེའི་དོན་སྒྲུབ་པ། །སྐལ་བ་ཅན་ལ་ངེས་པར་སྦྱིན། །ཞེས་གསུངས་པས། སྐབས་འདིར་རང་གཞན་དོན་དུ་གཏོར་མའི་རྗེས་སུ་གནང་བ་ལ་གཉིས་ལས། སྐབས་གཞན་དུ་བྱས་ན་ཁྲུས་བྱས། བགེགས་བསྐྲད་སྐྱབས་སེམས་དང་མགོན་པོ་དང་པོར་བསྐྱེད། འདི་ནི་དབང་ལྟར་ཡོངས་སུ་རྫོགས་པའི་

p. 141

མཐར། སློབ་མ་དང་གཏོར་མར་་མགོན་པོ་བསྐྱེད་བསྟིམ་མཆོད་དོ། །དེ་ནས་གཏོར་མ་དཔལ་འབར་དང་བཅས་པ་སློབ་མའི་མགོར་བཞག་ལ་གཏོར་མའི་རྗེས་གནང་བྱེད་པ་ལ། ཁྱེད་རྣམས་འདི་བཞིན་སྒོམས་ཤིག །དེ་ཡང་གཏོར་མ་ལ་ཤེས་པ་བཞི་རུ་ཡོད་པས་གཏོར་མ་འདི་ལྷ་རུ་ཤེས་པར་བྱ་བ་ཡིན་ཏེ། དེ་ཡང་གཏོར་སྣོད་ཨེ་ལས་བྷནྡྷ་གྲུ་གསུམ་པའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་བདུད་སྲིན་པོ་བསྣོལ་བའི་གདན་ལ་གྲི་གུག་ཧཱུྃ་དང་བཅས་པའི་འོད་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཁྲག་འཐུང་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་ཞབས་གཉིས་དཔའ་བོའི་འདུག་སྟངས་ཙན་དན་འཁྱིལ་བའི་སྟབས་ཀྱིས་བཞུགས་པ། སྐུ་མདོག་མཐིང་ནག་ཏུ་འབར་ཞིང་འཇིགས་དུས་ཀྱི་མེ་ལྟ་བུར་འབར་བ། ཞལ་གྱི་དཀྱིལ་འཁོར་རྣམ་པར་རྒྱས་ཤིང་དམར་ལ་ཟླུམ་

p. 142

པའི་སྤྱན་གསུམ་དང་ལྡན་པ། ཧ་ཧ་ཞེས་བཞད་པ། ལྗགས་འདྲིལ་ཞིང་མཆེ་བ་རབ་ཏུ་གཙིགས་པ། སྨིན་མ་དང་ཨག་ཚོམ་དམར་པོ་འབར་བ། ཕྱག་དང་པོ་གཉིས་གྲི་ཐོད་བསྣམས་ནས་ཡུམ་ལ་འཁྱུད་ཅིང་། འོག་མར་རལ་གྲི་དང་མདུང་རྩེ་གསུམ་ཐོགས་པ། སྟག་གི་པགས་པའི་སྨད་དཀྲིས་དང་། ཐོད་སྐམ་གྱིས་ཐོད་བཅིངས་བྱས་པ། ཐོད་རློན་ཁྲག་འཛག་པ་ལྔ་བཅུའི་འཕྱང་འཕྲུལ་དང་རུས་པའི་རྒྱན་ལྔ་དང་རིན་པོ་ཆེས་བརྒྱན་པ། དེ་དང་གཉིས་སུ་མེད་པའི་ཡུམ་གཏུམ་མོ་གཅེར་བུ་སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་ཅིང་གྲི་གུག་ཐོད་ཁྲག་བསྣམས་པས་ཡབ་ལ་འཁྱུད་པ། དེའི་སྟེང་དུ་བརྒྱུད་པའི་བླ་མ། བར་དུ་ཡི་དམ་ལྷ། གཡས་སུ་དཔའ་བོ། གཡོན་དུ་དཔའ་མོ། འཁོར་དུ་ལྷ་ཉེར་བརྒྱད། ཞིང་སྐྱོང་ཉེར་བཞི་དང་བཅས་པ་ཐམས་ཅད་སྤྲིན་ཕུང་དང་བཅས་བཞུགས་པར་བསྒོམས་

p. 143

ནས། བླ་མ་དང་གཙོ་བོའི་གནས་ལྔར། ཨོཾ་ཧཱུྃ་ཏྲཱཾཿཧྲཱིཿཨཱཿལས་འོད་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སྐུ་ལྔའི་མགོན་པོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་གར་ཁྱུག་ཁྱུག་མཛད་ཅིང་བྱོན་ནས་འོད་ཟེར་ལྔ་དང་ཡི་གེ་ལྔ་ཕྱག་མཚན་ལྔའི་རྣམ་པར་གྱུར་ནས་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་འབྱུང་བ་ལྔ་ལས་གྱུར་པའི་ནད་གདོན་བཀྲ་མི་ཤིས་པ་ཐམས་ཅད་བསྲེགས་ནས་སྐུ་ལྔ་ཡེ་ཤེས་ཅིག་ཅར་དུ་འགྲུབ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་དཔོན་སློབ་གཉིས་ཀས་དེ་ལྟར་བསམ་མོ། །ཧཱུྃ། ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ། །མཚན་དཔེའི་དཔལ་འབར་བཅོམ་ལྡན་སྐུ་ལྔའི་མགོན། །ཕྱོགས་བཅུའི་རྒྱལ་བ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན་གྱི་ཚོགས། །དབྱིངས་ནས་ཐུགས་རྗེའི་བྱིན་རླབས་དབང་མཆོག་སྩོལ། །སྐུ་གསུང་ཐུགས་ཀྱི་

p. 144

དངོས་གྲུབ་བསྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །བགེགས་དང་ལོག་འདྲེན་བར་ཆད་ཞི་བར་མཛོད། །ཅེས་ཡི་གེ་བདུན་པ་དང་ནི་སྔགས་རིམ་མཐར། ཨོཾ་ཧཱུྃ་ཏྲཱཾཿཧྲཱིཿཨཱཿ བྷྲཱུྃ་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཏིཥྛ་ཧཱུྃ། ཞེས་བསྐུར་ཞིང་སྐུའི་རྗེས་གནང་དང་། གོང་ལྟར་སྔགས་ལུང་སྦྱིན་པ་གསུང་གི་རྗེས་གནང་ངོ་། །སེམས་མཉམ་པར་བཞག་ཏུ་བཅུག་པའང་ཐུགས་ཀྱི་རྗེས་གནང་ངོ་། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་པས་ཕྲིན་ལས་ཀྱི་རྗེས་གནང་ངོ་། །མཎྜལ་ཕུལ་ཏེ། དེང་ནས་བཟུང་སྟེ་བདག་བྲན་དུ། །ཅེས་སོགས་ཀྱིས་ཁས་བླངས་ཏེ་བཀའ་དྲིན་ཆེའོ། །ཞེས་བརྗོད་པས་གཏོར་མའི་རྗེས་གནང་ངོ་། །དེ་ནས་རྗེས་སུ་གཏང་རག་བྱ་སྟེ། དངོས་གྲུབ་འབྱུང་བའི་

p. 145

རྒྱུད་ཀྱི་ལེའུ་དེ་ཉིད་ལས། དཔལ་ལྡན་ནག་པོ་ཆེན་པོ་དང་། །བླ་མ་ཐ་དད་མེད་པ་ལ། །ཚོགས་ཀྱི་འཁོར་ལོས་ལེགས་པར་མཆོད། །ཞབས་ལ་གཏུག་ལ་གསོལ་བ་བཏབ། །འདི་ནི་ཐོས་པ་ཙམ་གྱིས་ནི། །ཕྲིན་ལས་ཀུན་སྒྲུབ་བྱེད་པ་སྟེ། །ཞེས་གསུངས་ཏེ། ཚོགས་འཁོར་མཆོད་པ་རྒྱ་ཆེན་པོ་བྱའོ། །བཞི་པ་རྗེས་ཆོག་ནི། ལྷག་མ་དང་ལས་གཏོར་དང་། གཏོར་མ་བརྒྱད་པོ་བཤམས་ནས་བསྟོད་དོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད། གསོལ་བ་གདབ། ཡི་གེ་བརྒྱ་པས་ཉེས་པ་སྦྱངས། གང་ཡང་བདག་བློ་བག་མེད་པས། །མ་ཚང་མ་དག་བཟོད་པར་གསོལ། །འཁྲུལ་བར་གྱུར་པ་གང་བགྱིས་པ། །དེ་ནི་མགོན་པོ་ཁྱོད་ལ་བཟོད་པར་གསོལ། །ཅེས་གསུམ་གྱིས་ཉེས་པ་བཤགས། བཀྲ་ཤིས་དང་མེ་ཏོག་རྡོ་རྗེའི་གླུ་བླངས་མེ་ཏོག་དོར་ཏེ། ཨོཾ་ཨཱཿབཛྲ་མུཿ ཡེ་ཤེས་ཀྱི་འཁོར་ལོ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ། ཨོཾ་ཨ་ཀཱ་རོ་སོགས་བཟླས་ཤིང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་གྱུར་པར་བསམ། དྲིལ་བུ་དཀྲོལ་ཞིང་ཤར་སྒོ་ནས་བརྩམས་ཏེ།

p. 146

གཙོ་བོའི་གནས་གསུམ་གྱིས་བར་མཚམས་མ་རྣམས་བསྡུས་ཤིང་རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་བྱུག །དེ་ནས་པདྨ་ལ་སོགས་པའི་གདན་དང་སྒོ་མཚམས་རྣམས་དབྱེ་བར་བྱ། དེ་ནས་རྡུལ་ཚོན་རྣམས་བུམ་པར་བླུགས་ཏེ། དར་གྱིས་ཞལ་ཁེབས་བྱ། རོལ་མོ་དང་བཅས་པས་ཆུ་རླུང་གི་འགྲམ་དུ་སྦྱངས་ཏེ། དྲིས་བྱུག་པའི་མཎྜལ་དཀར་པོ་བྱ། དེར་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར། གཙོ་བོའི་པད་འདབ་ལ་ཀླུ་བརྒྱད་བཀུག་ལ་མཆོད་དེ། རྡུལ་ཚོན་གཉེར་གཏད་དེ། ཀླུ་རྣམས་ཀྱིས་བཀུར་བསྟི་ཆེན་པོས་ཁྱེར་བར་བསམ། བུམ་པ་ཆུས་བཀང་ནས་ཁྱེར་འོངས་ནས་ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་གཏོར་བར་བྱའོ། །རང་ཉིད་ཁམས་གསུམ་རྣམ་རྒྱལ་གྱི་ཁྲོ་བོ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པར་གྱུར། རྡོ་རྗེ་བཟུང་བའི་ལག་པས་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ལྕགས་ཀྱུ་བཞིན་བྱས་པས་ཕན་ཚུན་འཁྱུད་པའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨུད་ཀཱི་ལ་ཡ་སརྦ་ཀཱི་ལ། བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཧོཿ ཞེས་པས་ཕུར་བུ་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ།

p. 147

ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །ཕུར་བུ་རྣམས་བཀྲུས་ཤིང་བགེགས་རྣམས་ཀྱི་རྨ་དང་ཟུག་རྔུ་རྣམས་སོས། སྒྲིབ་པ་རྣམས་དག་སྟེ་སངས་རྒྱས་པར་གྱུར། ཕུར་བུའི་ཡེ་ཤེས་པ་རང་གི་ལག་པའི་རྡོ་རྗེ་ལ་ཐིམ་པར་བསམ་སྟེ། བཀྲ་ཤིས་པའི་དགའ་སྟོན་བྱའོ། །དེ་ལྟར་ས་བཅད་བཞི་པོ་དེ་གཅིག་ཏུ་དྲིལ་བས་སྨིན་བྱེད་དབང་གི་སྐབས་ཏེ་རྫོགས་སོ།། །།མགོན་པོ་ཁྱོད་ཀྱི་མཁྱེན་པའི་ལྷ་ལམ་ལས། །ལེགས་པར་འོང་བའི་བློ་ལྡན་གཉིས་སྐྱེས་ཚོགས། །དགྱེས་བྱེད་རྡོ་རྗེ་ཐེག་པ་འོད་བརྒྱ་པས། །ཚེ་གཅིག་རྡོ་རྗེ་ཐེག་པ་ཐོབ་བྱེད་ལམ། །མཁས་གྲུབ་བླ་མས་གསང་སྔགས་རྒྱ་མཚོའི་དོན། །མཁས་པར་བླངས་ཏེ་ཅུང་ཟད་སྦས་པ་རྣམས། །མཁའ་ལྡིང་རྗེས་སུ་བྱེའུས་རྩོལ་བ་ལྟར། །མཁས་རྨོངས་བདག་འདྲས་མཁའ་མཉམ་དོན་དུ་སྦྱར། །རབ་རྨོངས་སྦྱངས་པའི་བློ་དང་མི་ལྡན་ཏེ། །རབ་ཟབ་འདི་ལ་ལོག་གྱུར་ཉེས་པའི་ཚོགས། །རབ་གྱུར་རྒྱལ་བ་སྲས་དང་ཁྲག་འཐུང་དཔལ། །རབ་མཛེས་མཁས་གྲུབ་བཀའ་སྲུང་སྤྱན་སྔ་རུ། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །རྣམ་དག་རྒྱུད་སྡེའི་ཆུ་གཏེར་ལས་འོང་ཞིང་། །རྣམ་དཀར་སྨིན་ལམ་ཉལ་འགྲོ་ནོར་བུ་ཅན། །རྣམ་མང་འགྲོ་བའི་དབུལ་སེལ་རེ་སྐོང་འདི། །རྣམ་བཀྲ་བདག་གིས་ཅུང་ཟད་བརྒྱན་བྱས་པའི། །དགེ་བའི་དཔལ་ཡོན་ཕན་བདེའི་འོད་སྟོང་ཅན། །དགེ་དབེན་འགྲོ་བའི་སྙིང་གི་མུན་

p. 148

བསལ་ཏེ། །དགེ་ལེགས་དཔལ་འབྱོར་རྒྱས་ནས་ཐམས་ཅད་མཁྱེན། །ཧེ་རུ་ཀ་དཔལ་ཚེ་འདིར་མྱུར་ཐོབ་ཤོག །བདག་ཀྱང་ཚེ་རབས་ཀུན་ཏུ་ཁྲག་འཐུང་དཔལ། །ཁྱེད་དང་འབྲལ་མེད་རྡོ་རྗེ་ཐེག་པའི་དོན། །ཇི་བཞིན་རྟོགས་ནས་མཐོང་ཐོས་དྲན་རེག་རྣམས། །ཟག་མེད་དབྱིངས་སུ་འབད་མེད་སྒྲོལ་བར་ཤོག །དེ་ལྟར་གསང་སྒྲུབ་སྨིན་ལམ་ཡིད་བཞིན་ནོར་བུ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་འདི་ནི་མགོན་པོ་དངོས་གྲུབ་འབྱུང་བའི་ལུགས་ཆོ་ག་གཞན་གྱིས་མ་བསླད་པར་ཙཱ་མི་དང་རྒྭ་ལོའི་མན་ངག་བཞིན་དུ་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱིས་ཚལ་གུང་ཐང་སྒོམ་སྡེར་སྦྱར་བ་འདིའི་དབང་གི་འཁྲུགས་རྣམས་སློབ་དཔོན་རིན་པོ་ཆེས་བསྡེབས་པའི་དབང་ཆོག་ལ། རྒྱ་གཞུང་དང་མན་ངག་ཅུང་ཟད་སྦས་པ་རྣམས་ཀྱིས་ཉེ་བར་བརྒྱན་ཅིང་། སླར་རྒྱུད་ཀྱི་རྒྱལ་པོ་མགོན་པོ་དངོས་གྲུབ་འབྱུང་བ་ཉིད་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་རྗེ་ལ་བཀའ་ཞུས་ཤིང་ཆོས་སྐྱོང་ལ་གསོལ་བ་བཏབ་ནས་རང་གི་དྲན་པ་གསོ་བ་དང་། གཞན་ལ་ཕན་སྲིད་ཀྱི་བསམ་པས་ས་ག་ཟླ་བའི་ཡར་ཚེས་བཅུ་ལ་ཐམས་ཅད་མཁྱེན་པ་ཨོ་རྒྱན་རིན་པོ་ཆེ་དང་། རྗེ་བཙུན་ནམ་མཁའི་མཚན་ཅན་ལ་སོགས་རྒྱལ་བ་རྣམས་ཀྱི་མཆོད་པ་ལ་བརྟེན་ནས། རང་བཟོ་སྤངས་ཏེ་ཤཱཀྱ་བཛྲ་ཞེས་པས་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་དང་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །རྒྱལ་བ་ཐམས་ཅད་ཀྱི་

p. 149

དམ་པའི་ཆོས་མདོ་སྔགས་མ་ལུས་པ་ཐམས་ཅད་བདག་གིས་ཡུན་རིང་དུ་འཛིན་པར་གྱུར་ཅིག ། ༈ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། ཀེ་པ་ར་ཎ་དྷི། དྲིལ་བུ་པ། ཛ་ལནྡྷ་ར། སྤྱོད་པའི་རྡོ་རྗེ། ནག་པོ་པ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཨ་ཝ་དྷཱུ་ཏི་པ། མཁན་ཆེན་བྱང་ཆུབ་བཟང་པོ། དགའ་བའི་རྡོ་རྗེ། རྡོ་རྗེ་གདན་པ། ཀུ་སུ་ལུ་ཆེན་པོ། རྡོ་རྗེ་གདན་པ་ཆུང་བ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ་ཙཱ། བདེ་གཤེགས་ཕག་མོ་གྲུ་པ། དེ་གཉིས་ཀ་ལས། རྒྱ་ཀུན་མཁྱེན་པ། རྩ་བྲག་པ། རིན་ཆེན་གཞོན་ནུ། རིན་ཆེན་གྲགས། རིན་ཆེན་སྨོན་ལམ། སྨོན་ལམ་ཤེས་རབ། སྒྲ་པ་དཔལ་ལྡན་བྱང་ཆུབ། མཁན་ཆེན་ལོ་ཙཱ་བ་ནོར་བུ་དཔལ། བྱང་སེམས་ཟླ་བ་རྒྱལ་མཚན་པ། སློབ་དཔོན་རཏྣའི་མཚན་ཅན། སངས་རྒྱས་ཡེ་ཤེས་པ། དེས་རྗེ་བཙུན་ག་གཱ་བོ་དྷི། དེ་ལས་རྗེ་བཙུན་རཏྣ་བཛྲ་ལའོ། །ཡང་ན་སངས་རྒྱས་ཡེ་ཤེས་པ། དགེ་འདུན་རྒྱལ་མཚན་པ། དེ་ལས་རྗེ་བཙུན་རིན་པོ་ཆེ་རིན་ཆེན་རྡོ་རྗེ་ལ། དེ་ཉིད་ཀྱིས་བདག་ཤཱཀྱ་བཛྲ་ལའོ། །དེ་ནས་སློབ་དཔོན་བསྟན་པ་རྒྱལ་མཚན། རྒྱ་སྟོན་ནམ་མཁའ་རྡོ་རྗེ། ཀུན་དགའ་རྒྱལ་མཚན། ཤོར་ཕུ་བཀྲ་ཤིས་རྒྱལ་མཚན། ཀརྨ་སྙན་གྲགས་དཔལ་བཟང་། ཀརྨ་རབ་གསལ། ཀརྨ་དཔལ་འབྱོར། དེས་ཚངས་གསར་རིན་ཆེན་ལྷུན་གྲུབ་ལའོ།། །།

དཔལ་ནག་པོ་ཆེན་པོའི་དབང་བསྐུར་གྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ། རྡོ་རྗེ་དྲིལ་བུ་པ།

p. 150
p. 151

༄༅། །དཔལ་ནག་པོ་ཆེན་པོའི་དབང་བསྐུར་གྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

p. 152

དཔལ་ཁྲག་འཐུང་ནག་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོའི་དབང་བསྐུར་བསྡུས་པ་ཉམས་སུ་ལེན་པར་འདོད་པས། དང་པོ་གནས་ཁང་ལེགས་པར་ཕྱགས་དར་བྱ། མཆོད་པ་རྣམ་པ་ལྔ་བཤམས། དེ་ནས་གཏོར་མ་གསུམ་བྱ་བ་ནི། དང་པོ་གཏོར་མ་དབལ་ཅན་གཅིག་ཡི་དམ་དང་ནག་པོ་ཆེན་པོ་ཡེ་ཤེས་པ་ལ་བསྔོ། གཉིས་པ་དབལ་ཅན་གཅིག་བྱ་རོག་གདོང་ཅན་ལ་སོགས་པའི་ཆོས་སྐྱོང་རྣམས་ལ་བསྔོ། དབལ་མེད་པའི་དཀར་གཏོར་གཅིག་རིགས་དྲུག་དང་གཉུག་མར་གནས་པ་རྣམས་ལ་བསྔོ། ཀ་པཱ་ལ་མཚན་དང་ལྡན་པ་གཅིག་ཏུ་ཆང་དང་བདུད་རྩི་སྦྱར་ལ་མདུན་དུ་བཞག་པའི་རྫས་བཤམས། དེ་ནས་རང་ལྷན་སྐྱེས་སུ་མོས་པའི་ཐུགས་ཀའི་ས་

p. 153

བོན་ལས་འོད་འཕྲོས་པས། སྐད་ཅིག་གིས་མདུན་དུ་དཔལ་ནག་པོ་ཆེན་པོ་ཡབ་ཡུམ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས་ཏེ། དེ་ཡང་ཤར་དུ་བྱ་རྒོད་གདོང་ཅན་མ། བྱང་དུ་ཁྱུང་གི་གདོང་ཅན་མ། ནུབ་ཏུ་ཁྭ་ཏའི་གདོང་ཅན་མ། ལྷོར་འུག་པའི་གདོང་ཅན་མ་རྣམས་ནི་ཕྱོགས་བཞིར་རོ། །མཚམས་བཞིར་ནི། ཤར་ལྷོར་ཕག་གདོང་མ། ལྷོ་ནུབ་ཏུ་ཁྱི་གདོང་མ། ནུབ་བྱང་དུ་སྤྱང་གདོང་མ། བྱང་ཤར་དུ་སྟག་གདོང་མ་རྣམས་སོ། །ལྷ་མོ་དེ་རྣམས་ཐམས་ཅད་ཀྱང་སྐུ་མདོག་དམར་མོ་གདན་

p. 154

པད་ཉིའི་སྟེང་ན་ཞབས་བརྐྱང་བསྐུམ་གྱིས་བཞུགས་པར་བསྒོམ་སྟེ། ཞལ་གཅིག་ཕྱག་གཉིས་མ་གཡས་རལ་གྲིའམ་གྲི་གུག་བསྣམས་པ། ཕྱག་གཡོན་ན་བདུད་རྩིས་བཀང་བའི་བུམ་པ་བསྣམས་པའོ། །དེ་ལྟ་བུའི་དཔལ་ཆེན་ཡབ་ཡུམ་ལ་ལྷ་མོ་བརྒྱད་ཀྱིས་བསྐོར་བར་བསམ་སྟེ། དེ་དག་གི་མདུན་དུ་ཕྱི་ནང་གསང་གསུམ་གྱིས་མཆོད་པས་མཆོད་ལ། སློབ་མ་འདི་རྣམས་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ། དེ་ནས་རིགས་དྲུག་དང་གཉུག་མར་གནས་པའི་གཏོར་མ་དེ་འབྱུང་གཏོར་ལྟར་བྱིན་བརླབས་ལ་བཏང་། དེ་ནས་ནག་པོ་བྱ་རོག་གདོང་ཅན་ལ་སོགས་པའི་འཁོར་རྣམས་ལ་ནི། རང་ལུགས་ཀྱིས་བྱིན་རླབས་རྒྱས་བསྡུས་གང་རུང་བྱས་ལ་ཕྲིན་ལས་བཅོལ་ཞིང་བྱ་གཟན་ཟ་སར་གཏོང༌། ཡི་དམ་དང་ཡེ་ཤེས་པའི་གཏོར་མ་དེ་གཏོར་དབང་གི་རྟེན་དུ་བཞག་གོ། །དེ་ནས་ཡི་གེ་བརྒྱ་པ་གྲུབ་ཚད་གཅིག་བསྙེན་པའི་རྗེས་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་བཛྲ་ཌཱ་ཀི་ཤྭ་རི་ཧཱུྃ་ཛཿ ཞེས་སུམ་སྦྲེལ་དུ་

p. 155

བྱས་པ་སྟོང་ཕྲག་གཅིག་བྱ། དེ་ནས་བླ་མ་ལ་སློབ་མས་ཕྱག་དང་མཎྜལ་དང༌། ཡོན་ཅི་འབྱོར་པ་ཕུལ་ཏེ་གསོལ་བ་གདབ་པ་ནི། རྗེ་བཙུན་རྡོ་རྗེ་འཛིན་པའི་གཙོ། །བདག་གི་ལུས་ངག་ཡིད་གསུམ་གྱི། །དྲི་མ་ཐམས་ཅད་དག་བྱའི་ཕྱིར། །མ་སྨིན་སྨིན་པའི་དབང་རྣམས་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་སྐྱབས་འགྲོ་འབོགས་པ་ནི། སློབ་དཔོན་གྱིས་རྗེས་ཟློས་བྱེད་དུ་བཅུག་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱིས་མཆོག་རྣམས་ལ་ཞེས་པ་ལན་གསུམ་བརྗོད་ལ། དེ་ནས་སློབ་དཔོན་དང་སློབ་མ་གཉིས་ཀས་མདུན་གྱི་ནམ་མཁའ་ལ་ནག་པོ་ཆེན་པོ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་གོང་ལྟར་བསྒོམས་ལ། དེ་རྣམས་ཀྱི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པའི་ཆུས་སློབ་མ་ལ་དབང་བསྐུར་བས་སྨིན་མཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་པར་མོས་པ་བྱ། མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག་པར་མོས་པ་བྱ། སྙིང་

p. 156

ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱིས་དབང་ཐོབ། སེམས་ཀྱི་དྲི་མ་དག་པར་མོས་པ་བྱ། ལྟེ་བ་ནས་གསང་གནས་ཡན་ཆད་གང་བས་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་མོས་པ་བྱ་ཞིང༌། དངོས་སུ་སློབ་དཔོན་གྱིས་སྔར་གྱིས་ཐོད་པའི་བདུད་རྩི་སློབ་མའི་མགོ་ནས་མར་བླུགས་ཏེ་ཡང་ཁྲུས་བྱ་བ་དང། འཐུང་དུ་བཅུག་པས་ལུས་ཐམས་ཅད་བྱང་སེམས་ཀྱི་ཆུས་གང་བར་བསམ་ཞིང༌། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་ཅིང་མཐར་བདེ་མཆོག་གི་བཀྲ་ཤིས་བརྗོད་པ་ཙམ་གྱིས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེ་ནས་ནག་པོ་ཡབ་ཡུམ་ལྷ་མོ་བརྒྱད་དང་བཅས་པའི་ཀ་པཱ་ལ་ཤ་ཁྲག་གི་གཏོར་མས་བཀང་བ་དེ་བཟུང་ནས། སློབ་མའི་མགོ་ལ་བཞག་སྟེ། རྐང་པ་བརྒྱད་དང་གཏོར་སྔགས་ཀྱི་སྒྲ་ཏི་རི་རི་བརྗོད་ཅིང་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག་ཟེར་བར་སློབ་དཔོན་དང་སློབ་མ་གཉིས་ཀས་བསམ་ཞིང༌། དངོས་སུ་སློབ་དཔོན་གྱིས་ཡི་དམ་དང་དཔལ་ནག་པོ་ཆེན་པོའི་གཏོར་མ་གཅིག་བྱས་པ་དེ་སློབ་མའི་མགོར་བཞག་ལ་རྐང་པ་བརྒྱད་པ་དང་

p. 157

གཏོར་སྔགས་ལན་གསུམ་བརྗོད་པ་ཙམ་གྱིས་སྣང་སྲིད་ཀྱི་ལྷ་མ་སྲིན་ཐམས་ཅད་བྲན་དུ་ཁོལ། སྲིད་གསུམ་ཟིལ་གྱིས་གནོན་པའི་ནག་པོ་ཆེན་པོ་གཟི་བརྗིད་གཞན་གྱིས་མི་ཐུབ་པའི་དབུ་གཙུག་ན་ལྷན་སྐྱེས་བཞུགས་པ་གཅིག་དཔོན་སློབ་གཉིས་ཀས་བསྒོམ་པ་ནི་གཏོར་མ་ལ་བརྟེན་པའི་ཕྲིན་ལས་ཀྱི་དབང་ངོ༌། །དེ་ནས་གཏོར་མ་བྱ་གཟན་ཟ་བའི་སར་བཏང༌། ཧེ་རུ་ཀའི་ཡི་གེ་བརྒྱ་པས་ཁ་བསྐང་། དབང་བསྐུར་གྱི་ལྷ་རྣམས་རང་བཞིན་གྱི་གནས་སུ་གཤེགས་པའམ་མི་དམིགས་པར་བསྒོམ། དེ་ནས་བླ་མ་ལ་བསྐོར་བ་ལན་གསུམ་བྱེད་དུ་གཞུག །ཕྱག་དང་མཎྜལ་ཕུལ་ལ་ཅི་བདེར་གནས་པར་བྱའོ། །དེ་ལྟར་དབང་བཞི་ཕྲིན་ལས་དང་བཅས་པའི་གཏོར་མའི་དབང་ནག་པོ་ཆེན་པོའི་དབང་བསྡུས་པའམ། དབང་བསྐུར་གྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་དབང་བར་ཆད་ཀུན་སེལ། མ་ཏི་རཏྣ།

p. 158
p. 159

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་དབང་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །

p. 160

བླ་མ་དང་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གང་ཞིག་དཔལ་ནག་པོ་ཆེན་པོ་ཕྱག་བཞི་པའི་གཏོར་དབང་བྱེད་པར་འདོད་པས་ཡིད་དང་མཐུན་པའི་གནས་སུ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས། ཁྱད་པར་དཔལ་གཏོར་ཟུར་གསུམ་པ་རྒྱན་དང་ལྡན་པ་མདའ་དར་གཟུགས་པ་སྟེགས་ཀྱི་ཁར་བཞག་ནས་ཆོ་ག་མཆོད་འགྲིགས་གཞུང་བཞིན་བྱས་ཏེ། སློབ་མ་རྣམས་ཁྲུས་བྱས་ནས་མཎྜལ་ཕུལ་ནས་སློབ་དཔོན་གྱིས་འདི་ལྟར་བརྗོད་པར་བྱའོ། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱ་སྙམ་པའི་སེམས་

p. 161

བསྐྱེད་དང་ལྡན་པས་གསན་འཚལ། དེ་ལ་གསན་པར་བྱ་བའི་ཆོས་ནི། སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་ཀྱི་ཐེག་པ་གཉིས་སུ་འདུས། དེ་གཉིས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཉེ་ལམ་སྔགས་ཀྱི་ཐེག་པ་ལ་རྒྱུད་སྡེ་བཞིར་གསུངས་ཏེ། ཇི་སྐད་དུ། བདེ་བར་གཤེགས་པའི་དགོངས་པ་ནི། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས་པས། རྒྱུད་སྡེ་དེ་དག་གི་དོན་ལམ་ཉམས་སུ་ལེན་པ་ལ། ཐོག་མར་བྱིན་གྱིས་

p. 162

རླབས་པའི་བླ་མ། དངོས་གྲུབ་སྟེར་བའི་ཡི་དམ། བར་ཆད་སེལ་བའི་ཆོས་སྐྱོང་གསུམ་ལེགས་པར་དགོས་པ་ཡིན། དེ་ལ་སྐབས་སུ་བབ་པའི་དབང་འདི་ཇི་ལྟ་བུ་ཡིན་ནམ་སྙམ་ན། རྒྱུད་སྡེ་བཞི་ཡི་ནང་ནས་ཆེས་གསང་བ་མ་རྒྱུད་བླ་ན་མེད་པ་དཔལ་འཁོར་ལོ་སྡོམ་པའི་ཐུགས་ཀྱི་སྤྲུལ་པ་བསྟན་པའི་སྲུང་མ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་བྱ་བ་ཡིན་ཞིང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་བ། ཕྱི་རོལ་གྱི་བགེགས་དང་ལོག་འདྲེན་ཐམས་ཅད་འཇོམས་པར་བྱེད་པའི་མཐུ་སྟོབས་དང་ལྡན་པ་ཡིན་ཏེ། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཐུགས་རྗེ་ལས་བྱུང་བ། །སེམས་ཅན་ཀུན་གྱི་མགོན་ཡིན་ཕྱིར། །དཔལ་ལྡན་མགོན་པོ་ཞེས་བྱའོ། །ཞེས་དང༌། ཡེ་ཤེས་མཆོག་གི་སྤྲུལ་པ་ལས། །ངོ་བོ་ཁྲག་འཐུང་བདེ་མཆོག་ཡིན། །ཡེ་

p. 163

ཤེས་སྐུ་སྟེ་རྡོ་རྗེ་འཆང༌། །དེ་ལས་སྤྲུལ་པ་དཔལ་འབར་བ། །ཁྲག་འཐུང་ལེགས་ལྡན་ནག་པོའི་སྐུ། །སྐུ་བཞི་མཐར་ཕྱིན་ཕྱག་བཞི་པ། །ཞེས་རྡོ་རྗེའི་ལུང་ལས་གསལ་བར་བསྟན་པའི་ཆོས་སྐྱོང་ཆེན་པོ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་མན་ངག་གི་སྐོར་རྣམས་འཕགས་པའི་ཡུལ་དུ་ཀླུ་སྒྲུབ་ཡབ་སྲས་ནས་རིམ་པར་བརྒྱུད་དེ་དར་ཞིང་རྒྱས་པར་མཛད་པ་ལས། ལུགས་འདིའི་སྲོལ་འབྱེད་ཆེན་པོ་དཔལ་ཆེན་རྒྭ་ལོ་ཙཱ་བ་ཉིད་ཀྱིས་རྒྱ་གར་དུ་བརྟོལ་ཏེ། པཎྜི་ཏ་རྡོ་རྗེ་གདན་པ་དང༌། ཙ་མི་སངས་རྒྱས་གྲགས་པའི་ཞབས་ལ་བཏུད། བདེ་མགོན་གྱི་ཆོས་སྐོར་ཐུགས་སུ་ཆུད་དེ་མཁས་པ་དང་གྲུབ་པའི་གོ་འཕང་མངོན་དུ་གྱུར་ནས་དང་པོར་བོད་ཀྱི་ལྗོངས་འདིར་སྤྱན་དྲངས་པ་སྒྲུབ་བརྒྱུད་ཆེ་རྒུ་ཀུན་གྱི་བསྟན་སྲུང་གི་གཙོ་བོར་གྱུར་ཅིང༌། ཁྱད་པར་དུ་གྱུར་པ་འདི་ནི་ལོ་ཙཱ་བ་ཉིད་ཀྱིས་

p. 164

སློབ་དཔོན་དབང་ཕྱུག་གཞོན་ནུ་ལ་གནང༌། དེས་འཕན་ཡུལ་གྱི་ཀ་བ་ཡུལ་སྣའི་ས་ཆར་གནས་བརྟན་དར་མ་དབང་ཕྱུག་ལ་ཆོས་སྐྱོང་ཆེན་པོ་འདིའི་བྱིན་རླབས་གཏོར་མའི་བཀའ་གཏད་མཛད་པའི་སྐབས། ཆོས་སྐྱོང་ཆེན་པོ་ཁྱོད་ཀྱིས་བདག་ལ་སྡོང་གྲོགས་མཛད་པ་དེ་བས་ཀྱང་ལྷག་པའི་སྡོང་གྲོགས་བཙུན་ཆུང་འདི་ལ་མཛོད་ཅིག །སྐུ་མ་གཡེལ། གསུང་མ་གཡེལ། ཐུགས་མ་གཡེལ། ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་པར་མཛོད་ཅིག་ཅེས་བཀའ་བསྒོས་ཤིང་གཉེར་གཏད་མཛད་དེ། ཕྱིན་ཆད་ཆོས་སྐྱོང་ཁྱེད་ཀྱི་རྗེས་སུ་འབྲང་གསུངས་པའི་ཞལ་བཞེས་གནང༌། དེ་ནས་བཟུང་སྒྲུབ་བརྒྱུད་འབའ་རོམ་པའི་སྲུང་མའི་གཙོ་བོར་གྱུར་ཅིང༌། གདན་རབས་རིམ་བྱོན་དང༌། རི་དགོན་བཅོ་བརྒྱད་སོགས་ལས་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལས། འདི་ནི་དོན་བརྒྱུད་ཤོར་ཕུ་པའི་བཀའ་

p. 165

སྲོལ་ལས་བྱོན་པའི་རྒྱུན་ཁྱད་པར་འཕགས་པ་སྟེ། དེ་ལྟ་བུའི་བླ་མ་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། མགོན་པོ་ཀླུ་སྒྲུབ། ཨརྱ་དེ་ཝ། ཀླུ་ཡི་བྱང་ཆུབ། ནག་པོ་སྤྱོད་པ། དུས་འཁོར་བ་ཆེ་ཆུང༌། རྡོ་རྗེ་གདན་པ་ཆེ་ཆུང༌། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ་ཙཱ། སློབ་དཔོན་དབང་ཕྱུག་གཞོན་ནུ། འབའ་རོམ་དར་མ་དབང་ཕྱུག །དབོན་རིན་པོ་ཆེ་རྒྱལ་བ་གྲགས་པ། འདི་ཕྱིན་འབའ་རོམ་དབོན་བརྒྱུད་གདན་རབས། མཆན། དབང་ཕྱུག་རྒྱལ་མཚན། གཞོན་ནུ་ཤེས་རབ། ཆོས་ཀྱི་དབང་ཕྱུག །སེང་གེ་དཔལ། རིན་ཆེན་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་རྒྱལ་པོ། ཨ་ནནྟ་སེངྷ། ཤཱཀྱ་རྒྱལ་མཚན། ཀུན་དགའ་རྒྱལ་མཚན། བཀྲ་ཤིས་རྒྱལ་མཚན། ཀརྨ་སྙན་གྲགས་དཔལ་བཟང་ལའོ། །ཞེས་འབའ་རོམ་གདན་རབས་བརྒྱུད་པ་དང༌། ཡང་ན་

p. 166

འབའ་རོམ་དར་མ་དབང་ཕྱུག །འགྲོ་མགོན་ཏི་ཤྲི་རས་པ། གསང་བ་རས་པ་དཀར་པོ། སྤྱན་སྔ་ལུས་མེད་རྡོ་རྗེ། རྒྱལ་སྲས་ཚུལ་ཁྲིམས་སེང་གེ །ཕུག་པ་ཚུལ་ཁྲིམས་ཡེ་ཤེས། རོ་ལོ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ཚུལ་གྲགས་པ། དེང་ཐོག་སངས་རྒྱས་གྲགས་པ། ཀུན་དགའ་སེངྒེ། ཤཱཀྱ་རྒྱལ་མཚན། ཀུན་དགའ་རྒྱལ་མཚན། ཤོར་ཕུ་བཀྲ་ཤིས་རྒྱལ་མཚན། ས་སྟེང་གཙུག་རྒྱན་ཀརྨ་སྙན་གྲགས་དཔལ་བཟང༌། དབོན་ཀརྨ་རབ་གསལ། ཀརྨ་དཔལ་འབྱོར་ནས་ཤོར་ཕུའི་བླ་བརྒྱུད་ལྟར་རམ། ཡང་ན་ཀརྨ་དཔལ་འབྱོར་ནས་ཚང་གསར་རིན་ཆེན་ལྷུན་གྲུབ། བསོད་ནམས་ཡེ་ཤེས། ཀརྨ་མཁྱེན་རབ་དབང་ཕྱུག །ཀརྨ་བསྟན་འཛིན། ཡེ་ཤེས་རོལ་པ་རྩལ། ཡེ་ཤེས་སྙིང་པོ། པུཎྱེ་དྷྭ་ཛ། དེས་བདག་ལ་གནང་བ་ཡིན་པས། གང་ལྟར་ཡང་བརྒྱུད་པ་བཟང་ཞིང་བྱིན་རླབས་ཀྱི་ཚན་ཁ་མ་གུད་པ་

p. 167

ཡིན་ལ། བརྒྱུད་པ་དེ་དག་ལས་བྱུང་བ་ཕྲིན་ལས་གཏོར་མའི་རྗེས་གནང་བྱིན་རླབས་ཀྱི་རིམ་པ་བགྱི་བ་ལ་གསུམ་ལས། ཐོག་མར་སྦྱོར་བའི་ཆོས་ལ་སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ། ལུས་ཡི་དམ་གྱི་ལྷར་བསྒོམ་པ། སྲུང་བའི་འཁོར་ལོ་བསྒོམ་པ་དང་བཞི་ལས། དང་པོ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། སངས་རྒྱས་ཆོས་དང་དགེ་འདུན་ལ། །སོགས་ལན་གསུམ། གཉིས་པ་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སོགས་ལན་གསུམ། གསུམ་པ་གཞི་ལུས་ཡི་དམ་གྱི་ལྷར་བསྒོམ་པ་ནི། ཁྱེད་རང་སོ་སོའི་ལུས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡི་སྐུར་བསྒོམ་མཛོད། དེ་ཡང་ཅི་འདྲ་ན་སྐུ་མདོག་དམར་མོ་གཞོན་ཞིང་ལང་ཚོ་དང་ལྡན་པ། ཞལ་གཅིག་ལ་ཕྱག་རྣམ་པ་གཉིས་

p. 168

སུ་བཞུགས་པ། ཕྱག་གཡས་པས་ཟངས་ཀྱི་གྲི་གུག་དམར་ལྷག་གེ་བ་ནམ་མཁའ་ལ་ཕྱར་བ། ཕྱག་གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་གཅིག་རྒྱང་ངེ་ཡོད་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་མཆེ་བ་བཞི་ཅུང་ཟད་གཙིགས་པ། དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་བས་སྐེད་པ་མན་ཆད་ཁེབས་པ། རྣ་ལྟག་གཡས་པ་ན་ཕག་པའི་ཞལ་གཅིག་རྒྱང་ངེ་དོད་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་མཛད་པ། རུས་པའི་རྒྱན་ཆ་ལྔས་དཀར་ཆག་གེར་བརྒྱན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དཔའ་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཅན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་བསྒོམ་མཛོད་ཅིག །གནས་གསུམ་དུ་

p. 169

རྡོ་རྗེས་རེག་ལ། ཨོཾ་ཨཱཿཧཱུྃ། ཞེས་དང༌། དྲི་ཡི་ཐིག་ལེ་བྱས་ལ། ཧཱུྃ་ཨཱཿཨོཾ། ཞེས་ཡས་མར་རེག་ལ། ཧཱུྃ་ལས་ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཨཱཿལས་མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཨོཾ་ལས་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པར་སྒོམས་ཤིག །ཅེས་བྱིན་བརླབ། དེ་ནས་གནས་རྣམས་སུ་རྡོ་རྗེ་རྩེ་གཅིག་པའི་རྒྱས་བཏབ་ལ། ལྟེ་བར་ཨོཾ་བྃ། ཐུགས་ཀར་ཧྃ་ཡོཾ། ཁ་ལ་ཧྲིཾ་མོཾ། མགོ་བོར་ཧྲེཾ་ཧྲིཾ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ། ཡང་ཐུགས་ཀར་ཨོཾ་ཧ། དཔྲལ་བར་ན་མཿཧི། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ། ཕྲག་པ་གཉིས་ལ་བོོ་ཥཊ་ཧེ། མིག་གཉིས་ལ་ཧཱུྃ་ཧཱུྃ་ཧོཿ ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་གྱིས་མཚན་པར་གྱུར། ཅེས་དང་། དེ་ནས་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་མ་བྲལ་བའི་ངང་ནས་ཅུང་ཟད་མཉམ་པར་ཞོག་མཛོད། ཅེས་ངང་བསྐྱང༌།

p. 170

གཉིས་པ་དངོས་གཞི་ལ་གསོལ་བ་གདབ་པ་དང༌། བྱིན་རླབས་ཀྱི་གཞི་འགོད་པ། ཏིང་ངེ་འཛིན་གྱི་དམིགས་པ་ལ་བརྟེན་ནས་ཆོས་དབང་སེམས་ལ་བསྐུར་བ། དམ་རྫས་གཏོར་མ་ལ་བརྟེན་ནས་ལྷ་དབང་ལུས་ལ་བསྐུར་བ་བཅས་བཞི་ལས། ཐོག་མར་མཎྜལ་ཕུལ། ཞེས་དང༌། གསོལ་བ་གདབ་པ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བའི་རྒྱུད་ལ། མ་སྨིན་པ་སྨིན་པར་བྱེད་པའི་དབང་རྣམས་མྱུར་དུ་བསྩལ་དུ་གསོལ། ཁྱད་པར་དུ་ཡང་གཏོར་མ་ལ་བརྟེན་ནས་དྲག་པོ་མངོན་སྤྱོད་ཀྱི་དབང་རྣམས་མྱུར་དུ་བསྩལ་དུ་གསོལ། ལན་གསུམ། གཉིས་པ་བྱིན་རླབས་ཀྱི་གཞི་འགོད་པ་ནི། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས། སློབ་དཔོན་ཧེ་རུ་ཀ་དང༌། སློབ་མ་རྣལ་འབྱོར་མར་གསལ་བ་དེ་ཉིད་སྐད་ཅིག་ལ་གནས་གྱུར་ཏེ། དཔལ་ཡེ་ཤེས་ཀྱི་

p. 171

མགོན་པོ་སྐུ་མདོག་མཐིང་ནག་ཅུང་ཟད་སྔོ་བའི་མདོག་ཏུ་འདུག་པ། ཞལ་གཅིག་ལ་ཕྱག་རྣམ་པ་བཞིར་འདུག་པ། གཡས་ཀྱི་དང་པོ་ན་གྲི་གུག ། གཡོན་གྱི་དང་པོ་ན་ཐོད་ཁྲག་ཐུགས་ཀར་བསྣམས་པ། གཡས་ཀྱི་འོག་མ་ན་རལ་གྲི་ཕྱར་སྟབས་སུ་བསྣམས་པ། གཡོན་གྱི་འོག་མ་ན་ཁ་ཊྭཱཾ་ག་གདེང་བའི་ཚུལ་གྱིས་བསྣམས་པ། ཞབས་གཡས་ཅུང་ཟད་བརྐྱང་བ། གཡོན་ཅུང་ཞིག་བསྐུམ་ནས་སྐྱིལ་ཀྲུང་ཕྱེད་པ་དཔའ་བོའི་སྟབས་ཀྱིས་བཞུགས་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བས་བོལ་གོང་ཡན་ཆད་ཁེབས་པ། སྤྱན་གསུམ་མཆེ་བ་བཞི་ཅུང་ཟད་གཙིགས་པ། ལྗགས་ཨ་ལ་ལ་ཧོ་ཞེས་གཙོ་མོ་ཡ་རྐན་ལ་རེག་པ། སྨིན་མ་ཨག་ཚོམ་བསྐལ་པའི་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫིས་པ་ལ་སྦྲུལ་དཀར་པོ་གཉིས་ཀྱིས་དབུ་སྐྲ་བརྒྱན་པ། དམར་ཁྲ་གཉིས་ཀྱིས་

p. 172

སྙན་རྒྱན་མཛད་པ། སེར་ཁྲ་གཉིས་ཀྱིས་ཕྱག་གདུབ་མཛད་པ། ནག་པོ་གཉིས་ཀྱིས་ཞབས་གདུབ་མཛད་པ། སྔོ་ལྗང་བ་སེ་རལ་ཁར་འཁྲིལ་ནས་དཔུང་མགོ་གཡོན་པའི་ཐད་ནས་རང་གི་ཞལ་དུ་ཅེར་རེ་གཟིགས་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ལྔ་ཅུ་རྩ་གཅིག་གིས་དོ་ཤལ་མཛད་པ། སྐུ་གསུས་ཤིན་ཏུ་ཆེ་བ། རིན་པོ་ཆེའི་རྩེ་བྲན་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་རི་དང་མེ་དཔུང་དམར་ཝང་ཝང་འབར་བའི་དབུས་ན་བཞུགས་པ། ཁམས་གསུམ་ཐམས་ཅད་དབང་དུ་སྡུད་ཅིང་སྲིད་གསུམ་ཐམས་ཅད་རུ་ལ་གཡེང་བའི་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུར་བསྒོམ་མཛོད་ཅིག ། ཅེས་གསལ་གདབ། གསུམ་པ་ཏིང་ངེ་འཛིན་གྱི་དམིགས་པ་ལ་བརྟེན་ནས་ཆོས་དབང་སེམས་ལ་བསྐུར་བ་ལ་དམིགས་འདུན་འདི་ལྟར་མཛད་འཚལ། རང་ཉིད་

p. 173

མགོན་པོར་གསལ་བའི་ཐུགས་ཀ་ནས་ཞི་རྒྱས་དབང་དྲག་དང་མཐུན་པའི་སྔགས་ཀྱི་ཕྲེང་བ་ཁ་དོག་སྣ་ཚོགས་པའི་ཚུལ་འཇའ་ལྟ་བུའམ། དཔེར་ན་མགར་བའི་ལྕགས་སྲེག་གི་ཚྭ་ཚྭ་འཕྲོ་བ་བཞིན། ཁྱེད་རང་ཡེ་ཤེས་མགོན་པོ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་མཚོ་ལ་ཁ་བ་བབ་པ་བཞིན་དུ་སིབ་སིབ་ཐིམ་པར་སྒོམས་ཤིག །ཅེས་དམིགས་པ་དང་བཅས་རོལ་མོའི་སྒྲ་དང་སྤོས་རིང་བསྲེག་ཅིང་བདེ་མཆོག་དང་མགོན་པོའི་སྙིང་པོ་ཡི་གེ་བདུན་པ་བརྗོད་པར་བྱའོ། །དེ་ནས་རང་ཉིད་མགོན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་གཅིག་འཕྲོས། ཁྱེད་རང་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀར་ཐིམ། ལུས་ཐམས་ཅད་འོད་ཟེར་དཀར་པོའི་ངང་མེར་མེར་གང་ནས། ནད་དང་གདོན་དང་སྡིག་པ་སྒྲིབ་པ་བར་དུ་གཅོད་པ་ཐམས་ཅད་དག་ནས་ཞི་བའི་ལས་གྲུབ་པར་སྒོམས་ཤིག །ཅེས་རོལ་མོ་དང་སྔགས་སོགས་གོང་ལྟར་དང༌། དེ་ཡང་རང་

p. 174

ཉིད་མགོན་པོའི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས། ཁྱེད་རང་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀར་ཐིམ་པས། ལུས་ཐམས་ཅད་འོད་ཟེར་གྱིས་སེར་མེར་མེར་གང་ནས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པའི་ལས་གྲུབ་པར་སྒོམས་ཤིག །ཅེས་རོལ་མོ་སོགས་གོང་བཞིན་དང༌། ཡང་རང་ཉིད་མགོན་པོར་གསལ་བའི་ཐུགས་ཀ་ནས་དབང་གི་ལས་དང་མཐུན་པའི་འོད་ཟེར་དམར་པོ་གཅིག་འཕྲོས། ཁྱེད་རང་ཡེ་ཤེས་མགོན་པོའི་ཐུགས་ཀར་ཐིམ། ལུས་ཐམས་ཅད་འོད་ཟེར་དམར་པོའི་དམར་མེར་མེར་གང་ནས་སྲིད་གསུམ་ཐམས་ཅད་དབང་དུ་འདུས་པའི་ལས་གྲུབ་པར་སྒོམས་ཤིག །ཅེས་རོལ་མོ་སོགས་གོང་ལྟར་དང༌། སློབ་དཔོན་མགོན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་མཐིང་ཀ་གཅིག་འཕྲོས། ཁྱེད་རང་ཡེ་ཤེས་ཀྱི་མགོན་པོར་གསལ་བའི་ཐུགས་ཀར་ཐིམ། སྐུ་ལུས་ཐམས་ཅད་འོད་ཟེར་

p. 175

མཐིང་ཀ་དེས་སྔོ་མེར་མེར་གང་ནས་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པའི་ལས་གྲུབ་པར་སྒོམས་ཤིག །སྔགས་དང་རོལ་མོ་སྔར་ལྟར་དང༌། གཞན་ཡང་ཕྱིའི་གནས་ཨོ་རྒྱན་དང་། འོག་མིན་གྱི་གནས་ནས་ཀྱང༌ཡེ་ཤེས་མགོན་པོ་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་སོ་སོའི་ལུས་ལ་མཚོ་ལ་ཁ་བ་བབ་པ་བཞིན་སིབ་སིབ་ཐིམ་པར་སྒོམས་ཤིག །སྔགས་ཤཱ་ས་ན་དང་སྤོས་རོལ་གོང་ལྟར་དང༌། ཡང་ཁྱད་པར་གྱི་གནས་བསིལ་བའི་ཚལ་དང༌། ནཱ་ལེནྡྲ་ནས་ཡེ་ཤེས་མགོན་པོའི་སྐུ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ནས་རོལ་མོ་དང་སྔགས་བཟླས་ནས་བྱིན་ཆེར་དབབ་བོ། །དེ་ལྟར་བྱིན་བརླབས་པ་དེ་ཉིད་བརྟན་པར་བྱས་པར་མོས་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མེ་ཏོག་འཐོར་ལ་རྡོ་རྗེས་རྒྱས་གདབ། བཞི་པ་གཏོར་མ་ལ་བརྟེན་ནས་ལྷ་དབང་ལུས་ལ་

p. 176

བསྐུར་བའི་དོན་དུ་དམིགས་འདུན་འདི་བཞིན་མཛད་འཚལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཏོར་སྣོད་འཇིགས་རུང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་བྷྲཱུྃ་ལས་ཐོད་པ་སྐམ་རློན་མཁར་དུ་བརྩེགས་པའི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་མི་རོ་འབུམ། རྟ་རོ་འབུམ། གྲུ་གསུམ་མཐིང་ནག་སོགས་གཞུང་ལྟར་ནས་མེ་འབར་བའི་དབུས་ན་བཞུགས་པའོ། །གྲུ་གསུམ་གྱི་ཟུར་གསུམ་དུ་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་གསུམ། དེ་རྒྱབ་ཏུ་ཟླ་གམ་གསུམ་དུ་སྦྱོར་སྒྲོལ་གསང་བའི་ཡུམ་གསུམ། དེ་རྒྱབ་འདབ་མ་བརྒྱད་ལ་གར་བྱེད་འཇིགས་པའི་ལྷ་མོ་བརྒྱད་ཀྱིས་བསྐོར་ཞིང༌། ཕྱི་རོལ་དུ་ཞིང་སྐྱོང་ཤ་ཟ་མགོ་བརྙན་བཀའ་སྡོད་རྣོ་མྱུར་ཕོ་ཉའི་ཚོགས་ཀྱིས་གང་བ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་

p. 177

ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར་པར་མོས་མཛོད། དེ་ལྟར་གཏོར་མ་འདི་ཉིད་བསྒོམས་པ་དང་འདྲ་བའི་དཔལ་ཡེ་ཤེས་ཀྱི་མགོན་པོར་གསལ་བ་དེ། ཁྱེད་རང་རྣམས་དཔལ་ཡེ་ཤེས་མགོན་པོར་གསལ་བའི་དབུ་ཐོག་ཏུ་བྱོན་ནས་གཉིས་མེད་དུ་ཁྲུགས་ཀྱིས་འདྲེས་ནས་ཐ་མི་དད་པར་གྱུར་པའི་སྤྱན་ནས་ཡེ་ཤེས་ཀྱི་མེ་འབར་བས། ཁྱེད་རང་རྣམས་ཀྱི་ནད་དང་གནོད་པ་བགེགས་ཐམས་ཅད་བསྲེགས། ཤངས་ནས་བསྐལ་པའི་རླུང་ཆེན་པོ་བྱུང་ནས་ནད་དང་གདོན་བགེགས་ཐམས་ཅད་གཏོར། ཞལ་ནས་བསྐལ་པའི་ཆུ་ཆེན་པོ་འབྲུབ་པས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསྒོམ་མཛོད་ཅིག །གཏོར་མ་བཏེགས་ལ་དབྱངས་དང་བཅས་པས། ཨོཾ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །སྐུ་ཡི་སྤྲུལ་པ་

p. 178

ཉིད་དུ་བྱོན་ནས་ནི། །སྐུ་ཡི་སྤྲུལ་པ་ཉིད་དུ་དབང་བསྐུར་བས། །དབང་བསྐུར་དམ་པ་དེང་འདིར་བསྩལ་དུ་གསོལ། །ཞེས་པས་གཏོར་མ་སློབ་མའི་མགོར་བཞག་ནས། བདེ་མཆོག་དང་མགོན་པོའི་ཡིག་བདུན་གྱི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་དཔྲལ་བར་བཞག །ཁྲག་འཐུང་ཡེ་ཤེས་ཀྱི་མགོན་པོའི་སྐུ་ཡི་སྒོ་ནས་རྡོ་རྗེ་སློབ་མའི་ནད་གདོན་བགེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་མཛད་དུ་གསོལ། མེ་ཏོག་འཐོར། དེས་སྐུ་ཡི་རྗེས་གནང་ངོ༌། །ཞེས་བརྗོད། ཡང་གཏོར་མ་འདི་བསྒོམས་པ་དང་འདྲ་བའི་དཔལ་ཡེ་ཤེས་ཀྱི་མགོན་པོར་གསལ་བ་དེ། ཁྱེད་རང་རྣམས་དཔལ་ཡེ་ཤེས་མགོན་པོར་གསལ་བའི་མགྲིན་པར་བྱོན་ནས་གཉིས་མེད་དུ་ཁྲུགས་ཀྱིས་འདྲེས་ནས་ཐ་མི་དད་པར་གྱུར་པའི་སྤྱན་ནས་ཡེ་ཤེས་ཀྱི་མེ་འབར་བས། ཁྱེད་རང་རྣམས་ཀྱི་ནད་དང་གནོད་པ་བགེགས་ཐམས་ཅད་བསྲེགས། ཤངས་ནས་བསྐལ་པའི་རླུང་

p. 179

ཆེན་པོ་བྱུང་ནས་ནད་དང་གདོན་བགེགས་ཐམས་ཅད་གཏོར། ཞལ་ནས་བསྐལ་པའི་ཆུ་ཆེན་པོ་འབྲུབ་པས་ཁྱེད་རང་རྣམས་ཀྱི་ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསྒོམ་མཛོད་ཅིག །གཏོར་མ་བཏེགས་ལ། ཨཱཿ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །གསུང་གི་སྤྲུལ་པ་ཉིད་དུ་བྱོན་ནས་ནི། །གསུང་གི་སྤྲུལ་པ་ཉིད་དུ་དབང་བསྐུར་བས། །དབང་བསྐུར་དམ་པ་དེང་འདིར་བསྩལ་དུ་གསོལ། །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག །ཁྲག་འཐུང་ཡེ་ཤེས་ཀྱི་མགོན་པོའི་གསུང་གི་སྒོ་ནས་རྡོ་རྗེ་སློབ་མའི་ནད་གདོན་བགེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་མཛད་དུ་གསོལ། མེ་ཏོག་འཐོར། དེས་གསུང་གི་རྗེས་གནང་ངོ༌། །ཞེས་བརྗོད། ཡང་གཏོར་མ་འདི་བསྒོམས་པ་དང་འདྲ་བའི་དཔལ་ཡེ་ཤེས་

p. 180

ཀྱི་མགོན་པོར་གསལ་བ་དེ། ཁྱེད་རང་རྣམས་དཔལ་ཡེ་ཤེས་མགོན་པོར་གསལ་བའི་སྙིང་གར་བྱོན་ནས་གཉིས་མེད་དུ་ཁྲུགས་ཀྱིས་འདྲེས་ནས་ཐ་མི་དད་པར་གྱུར་པའི་སྤྱན་ནས་ཡེ་ཤེས་ཀྱི་མེ་འབར་བས། ཁྱེད་རང་རྣམས་ཀྱི་ནད་དང་གནོད་པ་བགེགས་ཐམས་ཅད་བསྲེགས། ཤངས་ནས་བསྐལ་པའི་རླུང་ཆེན་པོ་བྱུང་ནས་ནད་དང་གདོན་བགེགས་ཐམས་ཅད་གཏོར། ཞལ་ནས་བསྐལ་པའི་ཆུ་ཆེན་པོ་འབྲུབ་པས་ཁྱེད་རང་རྣམས་ཀྱི་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསྒོམ་མཛོད་ཅིག །གཏོར་མ་བཏེགས་ལ། ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །ཐུགས་ཀྱི་སྤྲུལ་པ་ཉིད་དུ་བྱོན་ནས་ནི། །ཐུགས་ཀྱི་སྤྲུལ་པ་ཉིད་དུ་དབང་བསྐུར་བས། །དབང་བསྐུར་དམ་པ་དེང་འདིར་བསྩལ་དུ་གསོལ། །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་

p. 181

ཧཱུྃ། ཞེས་ཐུགས་ཀར་བཞག །ཁྲག་འཐུང་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀྱི་སྒོ་ནས་རྡོ་རྗེ་སློབ་མའི་ནད་གདོན་བགེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་མཛད་དུ་གསོལ། མེ་ཏོག་འཐོར། དེས་ཐུགས་ཀྱི་རྗེས་གནང་ངོ༌། །ཞེས་བརྗོད། གསུམ་པ་མཐའ་བརྟེན་ལ་གཏོར་མའི་བཀའ་བསྒོ་བ། ལས་རབ་འབྱམས་སྒྲུབ་པར་གདམས་པ། ཆོས་སྐྱོང་དང་དམ་བསྲེ་བ། བཀྲ་ཤིས་ཀྱིས་མངའ་གསོལ་བ་བཞི་ལས། དང་པོ་གཏོར་མའི་བཀའ་བསྒོ་བ་ལ་དམིགས་འདུན་འདི་བཞིན་མཛོད། གཏོར་མ་སྔར་མོས་བཞིན་པའི་དཔལ་མགོན་པོའི་ལྷ་ཚོགས་སུ་གསལ་བའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ། འོད་སྤུང་ངེ་བྱིན་ཐིབས་སེ་བཞུགས་པ་རྣམས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་

p. 182

བརླབས། ཇི་ལྟར་གསོལ་ཞིང་བཅོལ་བའི་ལས་མི་བསྙེལ་བར་རྡོ་རྗེའི་སློབ་མའི་མཐུ་དཔུང་རྒྱབ་རྟེན་སྡོང་གྲོགས་མཛད་པར་མོས་ཤིག །གཏོར་མ་མགོར་བཞག་ལ། ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། བསྟན་པའི་བཀའ་སྲུང༌། ཡེ་ཤེས་ཀྱི་སྤྱན་ཅན། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲོག་ཤིང༌། རྣལ་འབྱོར་གྱི་དགྲ་བླ། བདུད་འདུལ་གྱི་དབང་ཕྱུག །དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དཔལ་མ་ཧཱ་ཀཱ་ལ་ཆོས་སྐྱོང་འཁོར་དང་བཅས་པས། བཅོམ་ལྡན་འདས་རྡོ་རྗེ་འཆང༌། སྒྲོལ་བྱེད་ཆེན་པོ་ཕྱག་ན་རྡོ་རྗེ། དཔལ་མགོན་ཀླུ་སྒྲུབ་ཡབ་སྲས། བླ་མ་དཔལ་ཆེན་རྒྭ་ལོ། སློབ་དཔོན་དབང་ཕྱུག་གཞོན་ནུ། འབའ་རོམ་དར་མ་དབང་ཕྱུག་ནས་བདག་ཅག་གི་དཔལ་མགོན་བླ་མ་དམ་པའི་བར་དུ་བྱོན་པའི་རྡོ་རྗེའི་རིག་པ་འཛིན་པ་ཆེན་པོ་རྣམས་ཀྱི་

p. 183

བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུང༌། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་རྡོ་རྗེའི་རིག་པ་འཛིན་པ་འདི་རྣམས་ཀྱི་ལྷག་པའི་ལྷ་མཛོད་ཅིག །ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །འཁོར་བ་དང་ངན་སོང་གི་འཇིགས་པ་ཆེན་པོ་ལས་སྐྱོབས་ཤིག །མདོར་ན་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་ཆོས་དང་མཐུན་པའི་སྡོང་གྲོགས་ཡིད་བཞིན་དུ་སྒྲུབས་ཤིག །ཅེས་དང༌། ཐུན་མོང་མ་ཡིན་པའི་བརྒྱུད་འཛིན་གྱི་སློབ་མར། ཁྱད་པར་དུ་ཆོས་སྐྱོང་ཆེན་པོ་ཁྱོད་ཀྱིས་བདག་ལ་སྡོང་གྲོགས་མཛད་པ་དེ་བས་ཀྱང་ལྷག་པའི་སྡོང་གྲོགས་བཙུན་ཆུང་འདི་ལ་མཛོད་ཅིག །སྐུ་མ་གཡེལ། གསུང་མ་གཡེལ། ཐུགས་མ་གཡེལ། ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་པར་

p. 184

མཛོད་ཅིག །གང་ལྟར་མགོན་པོའི་རྩ་སྔགས་དང༌། ཤཱ་ས་ན། རྐང་པ་བརྒྱད་པ་རྣམས་བརྗོད། གཉིས་པ་ལས་རབ་འབྱམས་བསྒྲུབ་པར་གདམས་པའི་ལུང་སྦྱིན་པ་ནི། ཞི་དང་རྒྱས་དང་དབང་དང་འགུགས། །སྡང་བར་བྱེད་དང་གསོད་སོགས་ཀྱི། །ལས་དེ་རྣམས་ནི་གྲུབ་པར་མཛོད། །ཁྱེད་རྣམས་འདིའི་སྒོ་ནས་ལས་སྣ་ཚོགས་གྲུབ་པར་མཛོད་ཅིག །ཅེས་བརྗོད། གསུམ་པ་དམ་བསྲེ་བ་ནི། དེ་ཡང་གཏོར་མ་མགོན་པོར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པས་ཆོས་སྐྱོང་གི་ང་རྒྱལ་དང་ལྡན་པས་ཤ་ལྔ་བདུད་རྩི་ལྔ་ལ་རྟག་ཏུ་རོལ་མཛོད་ཅིག །འདི་ཉིད་རིག་པའི་རྣལ་འབྱོར་པས། །མི་བཟའ་བ་ནི་གང་ཡང་མེད། །གཟུགས་སྒྲ་དྲི་རོ་རེག་བྱ་དང༌། །ཤ་ལྔ་བདུད་རྩིར་རྟག་རོལ་མཛོད། །མ་ཧཱ་ག་ཎ་ཙཀྲ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་དཔལ་གཏོར་ནས་ཐེབ་ཀྱུ་དང་ཤ་དུམ་སོགས་སློབ་མ་ལ་སྦྱིན་ནོ། །བཞི་པ་དབང་དོན་གྱི་

p. 185

ཡེ་ཤེས་རྒྱུད་ལ་བརྟན་ཕྱིར་བཀྲ་ཤིས་ཀྱིས་མངའ་གསོལ་བ་དང་ཕུན་སུམ་ཚོགས་པར་མོས་མཛོད། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལ་ལེགས་གནས་ཤིང༌། །སོགས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བྱ། དེ་ལྟར་དཔལ་ལྡན་འབའ་རོམ་པའི་བཀའ་སྲོལ་ལས་བྱོན་པའི་མགོན་པོ་ཕྱག་བཞི་པའི་གཏོར་དབང་བར་ཆད་ཀུན་སེལ་ཞེས་གྲུབ་པའི་ཕྱག་བཞེས་ལྟར་རྗེས་སུ་གནང་བ་ཟབ་མོ་ཐོབ་པ་ཡིན་པས་དེ་དག་གི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་མཎྜལ་ཡོན་འབུལ་དགེ་བསྔོ་རྣམས་སྤྱི་ལྟར་རོ། །དེ་ནས་མདུན་བསྐྱེད་ལ་མཆོད་པ་དང་། བདེ་གཤེགས་ཐུགས་སྤྲུལ་སོགས་ཀྱིས་བསྟོད་པ། བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་ལྟར་བྱས་ནས་རྗེས་མི་མངོན་པར་བྱའོ། །དཔལ་མགོན་པོ་ཕྱག་བཞི་པའི་གཏོར་དབང་རྫོགས་སོ།། །།ཞེས་ཤོར་ཕུ་པའི་ཕྱག་དཔེ་ལས་འབྱུང་བ་ལ་ཕྱག་ལེན་ཅུང་ཟད་ཀྱིས་

p. 186

སྤྲོས་ཏེ་བཀོད་པ་པོ་མ་ཏི་རཏྣའོ།།

མགོན་ཕྲིན་བདུད་འཇོམས་མཚོན་ཆའི་བྱིན་རླབས་གཏོར་མའི་དབང་བསྐུར་སྨིན་བྱེད་བཅུད་འདུས། འཇམ་དབྱངས་བློ་གྲོས་རིན་ཆེན།

p. 187

༄༅། །མགོན་ཕྲིན་བདུད་འཇོམས་མཚོན་ཆའི་བྱིན་རླབས་གཏོར་མའི་དབང་བསྐུར་སྨིན་བྱེད་བཅུད་འདུས་ཞེས་བྱ་བ་བཞུགས་སོ། །

p. 188

ན་མཿཤྲཱི་ནཱ་ཐ་ཡེ། ཆོས་ཀྱི་སྲུང་མ་དཔལ་ལྡན་པའི། །མགོན་དེའི་སྨིན་བྱེད་བཅུད་འདུས་པ། །བྱིན་རླབས་རྒྱ་མཚོའི་ཆུ་གཏེར་ཆེ། །བློ་གྲོས་པད་ཚལ་རྒྱས་ཕྱིར་སྤྲོ། །འདིར་དཔལ་མགོན་པོའི་ཕྲིན་ལས་བདུད་འཇོམས་མཚོན་ཆའི་བྱིན་རླབས་གཏོར་མའི་དབང་བསྐུར་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དཀོན་མཆོག་གི་རྟེན་བཀྲམ་པའི་གཞི་སྟེགས་ཀྱི་ཁར་མཎྜལ་དྲིས་བྱུགས་པར་འབྲུ་ནག་གི་ཚོམ་བུ་ལྔ་བཀོད་པའི་སྟེང་ཟངས་ལྕགས་ཀྱི་སྣོད་དུ་དཔལ་བཤོས་རྟེན་གཏོར་དབྱིབས་རྒྱན་སྤྲོས་སྐུ་ཙཀ་དར་གདུགས་ནག་པོ་ཕུབ་པ་བཤམས། མདུན་གཡས་གཡོན་སྨན་རཀ་གསོལ་གཏོར། ཉེར་སྤྱོད། ཚོགས། སྔོན་གཏོར། ལས་གཏོར་དང༌ལས་བུམ་བཅུད་ལྡན་རྣམས་འདུ་བྱ། བརྒྱུད་འདེབས་སྔོན་གཏོར་ནས་བརྩམས་བདག་བསྐྱེད་བཟླས་པ་དང༌། མདུན་བསྐྱེད་གཏོར་མ་མ་མགོན་དབྱེར་མེད་དུ་བསྒྲུབས་ནས་བཟླས་པ་སྟོང་

p. 189

རྩ་དང་གསོལ་སྐོང་ཚོགས་བཅས་སོང་རྗེས། ལས་བུམ་སྒྲུབ་པ་ནི། ལས་ཀྱི་བུམ་པར་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་རབ་ཁྲོས་སྣ་ཚོགས་རྡོ་རྗེ་དང༌། །བདུད་རྩིའི་བུམ་འཛིན་སྟག་སྦྲུལ་དར་གྱི་ཆས། །ཐོད་སྐམ་དབུ་རྒྱན་པད་ཉིའི་གདན་ལ་འགྱིངས། །ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར། བདུད་རྩིའི་རྒྱུན་བབ་དག་བྱེད་བདུད་རྩིར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཉེར་གཅིག་བརྗོད། ཁྲོ་བོ་ཆེན་པོས་ལས་ཀུན་འགྲུབ་མཛད་གསོལ། །ཞེས་བརྗོད། གཉིས་པ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། ནང་

p. 190

དུ་གྲལ་ལ་འཁོད་ནས་འབྱུང་གཏོར་བཏང་ལ་བགེགས་བསྐྲད་མཚམས་སྲུང་བྱ། མཎྜལ་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱ། དེ་ལ་བྱང་ཆུབ་ལམ་གྱི་བར་ཆད་བསྲུང་ཕྱིར་མ་མགོན་ལྕམ་དྲལ་གྱི་དཀྱིལ་འཁོར་དུ་ཟབ་མོའི་རྗེས་སུ་གནང་བ་ཞུ་ཞིང་ཚུལ་བཞིན་བསྒྲུབ་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་འཚལ། དེའང་དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་འདི་ཉིད་གདོད་མའི་དབྱིངས་སུ་ཆོས་སྐུ་རྡོ་རྗེ་འཆང་དང་རྣམ་དབྱེར་མ་མཆིས་ཀྱང༌། གཞན་དོན་ཐུགས་རྗེས་ཉེ་བར་དྲངས་པའི་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སྐུར་བཞེངས་པ། གསང་སྔགས་ཀྱི་བསྟན་སྲུང་མཐར་ཐུག་པ་འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས། འདི་ནི་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དཔལ་ལྡན་ནག་པོ་

p. 191

ཆེན་པོ་ནི། །འདིས་ནི་ལྷ་མིན་འདུལ་བ་ཡི། །གཡུལ་ལས་རབ་ཏུ་རྒྱལ་བར་བྱེད། །དཔལ་ལྡན་ལྷ་མོ་ཆེན་མོ་དང༌། །ནག་མོ་རེ་མ་ཏིར་གྱུར་པས། །ལྕམ་དྲལ་གྱུར་པས་བསྟན་པ་སྲུང༌། །ཞེས་དང༌། རྒྱུད་ཆེན་པོ་བྱང་ཆུབ་སྒྲུབ་པ་ལས། འཁོར་འདས་གཉིས་ལ་དབང་བསྒྱུར་ཕྱིར། །ནག་པོ་ཆེན་པོའི་སྐུ་རུ་སྤྲུལ། །དགོས་འདོད་ཐམས་ཅད་འབྱུང་བའི་ཕྱིར། །ལྷ་ཆེན་ཚོགས་ཀྱི་བདག་པོར་སྤྲུལ། །ཐབས་དང་ཤེས་རབ་འབྲེལ་བའི་ཕྱིར། །ཡུམ་ཆེན་སྔོན་མོ་སྐུ་ལ་འཁྲིལ། །ལྷ་དམག་བྱེ་བ་འགྱེད་པའི་ཕྱིར། །ཐུགས་ལས་བཀའ་སྡོད་ཆེན་པོར་སྤྲུལ། །མོན་ཕོ་མོན་མོ་བྲན་དུ་བཀོལ། །ཕྱོགས་བཅུའི་མགོན་པོ་ཕོ་ཉར་འགྱེད། །དུར་ཁྲོད་མ་བདུན་བཀའ་ཉན་མཛད། །ཕྱོགས་སྐྱོང་བཅུ་ཡང་ལས་ལ་བཀོལ། །ལྷ་དམག་བྱེ་བ་འཁོར་དང་བཅས། །སྲིད་པའི་མ་མོ་གཡོག་དང་བཅས། །དེས་ནི་

p. 192

སངས་རྒྱས་བསྟན་པ་སྲུང༌། །ཞེས་དང༌། ཐུགས་རྗེ་འབྱུང་བའི་རྒྱུད་ལས། ཡེ་ཤེས་དབྱིངས་ནས་སྤྲུལ་པའི་མགོན་པོ་ལ། །འཇིག་རྟེན་ལས་ལས་སྐྱེས་པའི་འབྱུང་པོས་བསྐོར། །དེས་ནི་སངས་རྒྱས་བསྟན་པ་སྲུང་བའོ། །ཞེས་གསུངས་པ་ལྟར་མ་མགོན་ལྕམ་དྲལ་དྲིལ་སྒྲུབ་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བའི་དཀྱིལ་འཁོར་རྒྱས་པར་བསྟན་ཅིང༌། རྒྱུད་དེ་དག་ལ་བརྟེན་པའི་སྒྲུབ་ཐབས་མང་དུ་བྱུང་བ་ལས་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་གཙོ་ཆེར་ཐུགས་རྗེ་འབྱུང་བ་དང༌། གྲི་གུག་བརྩེགས་པའི་རྒྱུད་ལ་བརྟེན་ཏེ་བཀའ་སྒྲུབ་རྒྱས་བསྡུས་གསུམ་དུ་གཏན་ལ་ཕབ་པའི་ནང་ཚན། ཡབ་ཡུམ་ཞལ་སྦྱོར་དུ་ནང་ལྟར་བསྙེན་པའི་བཀའ་སྒྲུབ་འབྲིང་པོ་དཔལ་ཆེན་རྒྭ་ལོ་ལས་སྐྱེ་མེད་ཞང་ཚལ་པས་ཞུས་ཤིང༌། གུང་ཐང་གི་ལྷ་ཆེན་དཔལ་འབར་དུ་གྲགས་པའི་སྐུ་རྟེན་ཁྱད་འཕགས་བཞེངས་

p. 193

པ་སོགས་མཛད་ཁྱབ་ཆེ། དེ་ཉིད་ལས་རྗེ་འགྲོ་བའི་མགོན་པོ་ཏི་ཤྲི་རས་པས་གསན་ཏེ་མི་ཉག་(གྷ)འགའ་ཡི་རྒྱལ་པོ་སོགས་དྲེགས་ལྡན་ཆེ་དགུ་དབང་དུ་བསྡུ་བའི་བྱེད་པོར་གྱུར་ཅིང༌། དེ་ལས་རིམ་པར་བྱོན་པའི་འབའ་རོམ་བཀའ་བརྒྱུད་སྒོམ་སྡེ་རི་ཁག་བཅོ་བརྒྱད་སོགས་ཆོས་སྲིད་འགྲན་ཟླ་བྲལ་བ་ཡང་སྲུང་མ་འདི་ཉིད་ཀྱི་མཐུ་ལས་གྲུབ་པ་ཡིན་ལ། དེ་ལྟ་བུའི་དཔལ་མགོན་པོའི་ནང་སྒྲུབ་བདུད་འཇོམས་མཚོན་ཆ་ཞེས་ཆོ་གའི་ཡན་ལག་ཅུང་ཟད་བསྡུས་ཀྱང་དོན་གྱི་སྙིང་པོ་མན་ངག་གི་ངེས་པས་གཏན་ལ་ཕབ་པས་བྱིན་ཆེ་ཞིང་འགྲུབ་སླ་བ། མཐུ་མྱུར་ཞིང་མཐའ་བཙན་པ། འཁུ་ལྡོག་མེད་ཅིང་རྒྱུད་འཇམ་པ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འགྲུབ་པ་སྟེ། དེ་ལྟ་བུའི་ཡོན་ཏན་བརྒྱད་ལྡན་གྱི་སྒྲུབ་ཐབས་དང་འབྲེལ་བའི་བྱིན་རླབས་གཏོར་མའི་དབང་བསྐུར་བགྱི་

p. 194

བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་བྱ་བ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་ཧེ་རུ་ཀ ། རྒྱལ་བ་མགོན་པོ་སྲས་བཅས་ལ། །རྩེ་གཅིག་གུས་པས་གསོལ་བ་འདེབས། །དབང་བསྐུར་བ་ནི་བདག་ལ་སྩོལ། །ལན་གསུམ། དེ་ནས་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་མ་ལས་ཆུས་བྲན་ལ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སློབ་མའི་རྣམ་སྨིན་གྱི་ལུས་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ནག་ཉི་མ་རོའི་གདན་གྱི་སྟེང་དུ་སེམས་ཉིད་ཧཱུྃ་མཐིང་ནག་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རྣམས་དཔལ་ཁྲག་འཐུང་བྱ་རོག་

p. 195

མཚན་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་རབ་ཏུ་ཁྲོས་པ། ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་སྦྲུལ་ནག་གི་འཕྱང་འཕྲུལ་དང་ལྡན་ཞིང༌། ཞིང་ལྤགས་ཀྱི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན་ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེའི་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་ཙཎྚི་ཀ་དམར་མོ་གྲི་ཐོད་འཛིན་མ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱཾ་ག་འཕྱར་སྟབས་སུ་འཛིན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་ཞབས་གཉིས་ཙན་དན་འཁྱིལ་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་གསལ་བར་གྱུར། དེ་ནས་སློབ་དཔོན་ཧེ་རུ་ཀར་གནས་པའི་ཐུགས་འོད་ཀྱིས་མདུན་བསྐྱེད་བསྐུལ། བདག་མདུན་གྱི་ཐུགས་

p. 196

སྲོག་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། འོག་མིན་ཆོས་ཀྱི་དབྱིངས། ཕྱོགས་བཅུའི་ཞིང་། གནས་ཡུལ་དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་ལྕམ་དྲལ་འཁོར་དང་བཅས་པའི་སྐུ་ཆེ་བ་རི་རབ་དང༌། ཆུང་བ་ཏིལ་གྱི་འབྲུ་ཙམ་པ་འོད་ཟེར་མེ་དཔུང་འཕྲོ་ཞིང་སྔགས་ཀྱི་སྒྲ་སྒྲོགས་པ་ཆར་ཆེན་པོ་བབས་པ་བཞིན་བྱོན། སློབ་མའི་སྒོ་གསུམ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་སྙམ་པའི་མོས་པ་དང་བཅས་སེམས་རྣམ་པར་མི་རྟོག་པའི་ངང་ལ་ཞོག་ཅིག །ཅེས་བརྗོད་ལ། གུ་གུལ་དང༌། མགོན་པོའི་སྤོས་ཀྱི་དུད་པ་བཏང༌། བདེ་མཆོག་གི་རྩ་སྔགས་ཀྱིས་ཐོག་དྲངས་པའི་ཡི་གེ་དགུ་པ་དང༌། བཅུ་གསུམ་པ། ཤཱ་ས་ནའི་སྔགས་དྲག་ཏུ་བཟླ་ཞིང་རོལ་མོ་བྱས་ལ་ཡེ་ཤེས་པ་དབབ། ཡེ་ཤེས་པ་དེ་ཉིད་བརྟན་པར་མོས་མཛོད། ཏིཥྛ་བཛྲ། མེ་ཏོག་གིས་རྒྱས་གདབ། དེས་བྱིན་རླབས་ཀྱི་གཞི་འགོད་པ་གྲུབ་ནས་དངོས་ལ་བཞི་ལས། ཐོག་

p. 197

མར་གཏོར་མ་ལ་བརྟེན་པའི་སྐུའི་བྱིན་རླབས་ནི། མདུན་གྱི་གཏོར་མ་དཔལ་མགོན་པོ་ཡབ་ཡུམ་འཁོར་དང་བཅས་པའི་རྟེན་བརྟེན་པ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་གསལ་ཐོབ། ལྷ་ཚོགས་དེ་དག་གི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དང་མགོན་པོའི་སྐུ་དཔག་ཏུ་མེད་པ་འཕྲོས། སློབ་མའི་ལུས་ལ་ཐིམ་པས་སྐུའི་བྱིན་རླབས་ཞུགས་པར་མོས་མཛོད། གཏོར་མ་ཐོགས་ལ། ཧཱུྃ། ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ། །མཚན་དཔེའི་དཔལ་འབར་བཅོམ་ལྡན་སྐུ་ལྔའི་མགོན། །ཕྱོགས་བཅུའི་རྒྱལ་བ་དཔའ་བོ་མཁའ་འགྲོ་དང༌། །དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ། །ཆོས་སྐྱོང་སྲུང་

p. 198

མ་དམ་ཚིག་ཅན་གྱི་ཚོགས། །དབྱིངས་ནས་ཐུགས་རྗེས་བྱིན་རླབས་དབང་མཆོག་སྩོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །བགེགས་དང་ལོག་འདྲེན་བར་ཆད་ཞི་བར་མཛོད། །གཟི་བརྗིད་སྐུ་ཡི་དབང་མཆོག་ལུས་ལ་བསྐུར། །ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག་ནས་ཀྱང༌། །འགྱུར་མེད་སྐུ་ཡི་རྡོ་རྗེར་འགྲུབ་པར་མཛོད། །རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་གཏོར་མ་སྤྱི་བོར་བཞག །ཡང་ལྷ་ཚོགས་དེ་དག་གི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང་རྩ་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་འཕྲོས། སློབ་མའི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་ཞུགས་པར་མོས་མཛོད། གཏོར་མ་ཐོགས་ལ། ཧཱུྃ། ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ། །སོགས་ནས་བགེགས་དང་ལོག་

p. 199

འདྲེན་བར་ཆད་ཞི་བར་མཛོད། །ནུས་མཐུ་སྔགས་ཀྱི་དབང་མཆོག་ངག་ལ་བསྐུར། །ངག་སྒྲིབ་ངག་གི་ཉེས་སྐྱོན་དག་ནས་ཀྱང༌། །འགགས་མེད་གསུང་གི་རྡོ་རྗེར་གྲུབ་པར་མཛོད། །རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པར་བཞག །ཡང་ལྷ་ཚོགས་དེ་དག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ཀ་དང་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། སློབ་མའི་ཡིད་ལ་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཞུགས་པར་མོས་མཛོད། གཏོར་མ་ཐོགས་ལ། ཧཱུྃ། ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ། །སོགས་ནས་བགེགས་དང་ལོག་འདྲེན་བར་ཆད་ཞི་བར་མཛོད། །སྤྲོས་བྲལ་ཐུགས་ཀྱི་དབང་མཆོག་སེམས་ལ་བསྐུར། །འཁྲུལ་རྟོག་སེམས་ཀྱི་བག་ཆགས་དག་ནས་ཀྱང༌། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེར་གྲུབ་པར་མཛོད། །རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གར་བཞག །ཡང་ལྷ་ཚོགས་རྣམས་

p. 200

ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་སེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། སློབ་མའི་སྒོ་གསུམ་ལ་ཐིམ་པས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་མོས་མཛོད། གཏོར་མ་ཐོགས་ལ། ཧཱུྃ། ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ། །སོགས་ནས་བགེགས་དང་ལོག་འདྲེན་བར་ཆད་ཞི་བར་མཛོད། །སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྨིན། །དབྱེར་མེད་ཡེ་ཤེས་རྡོ་རྗེར་གྲུབ་པར་མཛོད། །རྩ་སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧོཿ གནས་གསུམ་དང་ལག་ཏུ་བཞག །མཐའ་རྟེན་གཏོར་མའི་བཀའ་གཏད་པ་ནི། གཏོར་མའི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་རིག་འཛིན་བརྒྱུད་པའི་བཀའ་དམ་བཞིན་རྡོ་རྗེའི་སློབ་མ་འདི་ཡི་དཔུང་གྲོགས་དང་རྒྱབ་རྟེན་དབྱེར་མེད་དུ་མཛད་པར་མོས་མཛོད། གཏོར་མ་སྤྱི་བོར་བཞག་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཡབ་ཡུམ་ལྕམ་དྲལ་སྤྲུལ་པ་ཡང་སྤྲུལ་བྲན་གཡོག་བཀའ་

p. 201

སྡོད་དང་བཅས་པ་ཁྱེད་རྣམས་ཀྱིས། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། སློབ་དཔོན་ཀླུ་སྒྲུབ། ཀླུ་ཡི་བྱང་ཆུབ། ནག་པོ་སྤྱོད་པ། ཨ་བ་དྷུ་ཏི་པ། ཁ་ཆེ་བྱང་ཆུབ་བཟང་པོ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཨ་བྷྱ་ཀ་ར། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ་ཙཱ། སྐྱེ་མེད་ཞང་ཚལ་པ། འགྲོ་མགོན་ཏི་ཤྲི་རས་པ་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་དམ་ཚིག་གི་རིམ་པ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། རིག་པ་འཛིན་པ་འདིས་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག །མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཞིག །མཐུན་རྐྱེན་ཐམས་ཅད་སྒྲུབས་ཤིག །སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། བྱེ་བྲག་ཏུ་རིག་པ་འཛིན་པ་འདིས་དགྲ་དང་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཐུལ་

p. 202

ལ་བསྲུང་བ་དང་བསྐྱབ་པར་གྱིས་ཤིག །རིག་པ་འཛིན་པ་འདིས་ཆོས་དང་མཐུན་པའི་བཀའ་ཇི་ལྟར་བསྒོ་བ་བཞིན་ཁྱེད་རྣམས་ཀྱིས་སྒྲུབས་ཤིག །ཤཱ་ས་ནའི་སྔགས་བརྗོད། ཤྲཱི་ནཱ་ལེནྡྲ་ཡི་གནས་དང་སྡེ། །སོགས་ཀྱིས་བཀྲ་ཤིས་བརྗོད། དེས་མ་མགོན་ལྕམ་དྲལ་གྱི་གཏོར་མའི་ཟབ་དབང་བྱིན་རླབས་ཅན་ལེགས་པར་གྲུབ་པས། འདི་ཉིད་ཚུལ་བཞིན་སྒྲུབ་ཅིང་བསྙེན་པ་དང༌། གསོལ་མཆོད་རྒྱུན་མི་བཅད་པ། རྟེན་རྫས་བཅངས་ཤིང་གསང་བའི་དམ་ཚིག་སྲོག་ལྟར་སྲུང་བ་བཅས་ཀྱིས་དམ་ཅན་ལུས་དང་གྲིབ་མའི་ཚུལ་དུ་འགོ་བ་ཡིན་པས་དེ་ལྟར་ངེས་པའི་སྒོ་ནས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག །ལུས་འབུལ། དགེ་བསྔོ་བཅས་སྤྱི་ལྟར་གྱིས་གྲོལ་ལོ། །གསུམ་པ་ནི། སློབ་དཔོན་ཚོགས་ལ་རོལ་ཞིང་ལྷག་ཆོག་གཏོར་བསྐུལ་སོགས་གཞུང་ལྟར་བགྱིས་པས་གྲུབ་བོ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ཡི། །དཔལ་གྱི་འབྱོར་པ་ཀུན་གཉེར་བདག །མགོན་པོ་རྣམ་མང་

p. 203

རྒྱ་མཚོ་ཆེས། །སྲིད་པའི་ཚ་གདུང་སེལ་གྱུར་ཅིག །ཅེས་པ་འདིའང་སྒྲུབ་བརྒྱུད་རིན་པོ་ཆེའི་ཞབས་འདེགས་སུ་དམིགས་ཏེ་འཇམ་དབྱངས་བློ་གྲོས་རིན་ཆེན་གྱིས་སྦྱར་བ་དགེ་ལེགས་འཕེལ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་ཆོག་རིན་ཆེན་ཕྲེང་བ། མ་ཏི་རཏྣ།

p. 204
p. 205

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་ཆོག་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

p. 206

བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཞིག་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་མའི་རྗེས་གནང་བྱེད་པར་འདོད་པས། དབེན་ཞིང་ཡིད་དུ་འོང་བའི་གནས་སུ་གད་དར་བྱས་ལ་རྟེན་བཀྲམ། གནས་ཁང་བརྒྱན། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། བུམ་པ་བཅུད་ཀྱིས་བཀང་བ་དང༌། ཀ་པཱ་ལ་ཆང་གིས་བཀང་བ་དང༌། རྡོ་རྗེ་དྲིལ་བུ་དང་རྔ་དུང་ལ་སོགས་པའི་རོལ་མོ་དང༌། ཁྱད་པར་དུ་ཆོས་སྐྱོང་གི་མཎྜལ་པདྨ་དང་རྡོ་ར་མེ་རིའི་ནང་དུ་གྲུ་གསུམ་མཐིང་ནག་རྩེ་མོ་རང་ལ་བསྟན་པ། ཁ་ཁྱེར་མི་མགོའི་ཕྲེང་བ། ཕྱིའི་ཟླ་གམ་གསུམ་དམར་པོ། དབུས་སུ་པདྨ་འདབ་བརྒྱད་མཛེས་ཚོན་དམར་པོ། ལྟེ་བ་ནག་པོ་ལ་རལ་གྲིས་མཚན་པ་གདབ། དེའི་སྟེང་དུ་གཏོར་མ་གཞུག་ཚུལ་མཆན་གྱི་དཔེ་ཆུང་བཞིན་བྱས་ལ་དཀྱིལ་འཁོར་དུ་གཏོར་མ་བཞག །གཞན་ཡང་གཏོར་མ་ལྔའམ་བདུན་ལ་སོགས་པ་གང་འབྱོར་བ་དང༌། འདིར་

p. 207

དགོས་པའི་རྫས་ཕྱག་མཚན་སྐོར་སོགས། མཆན། རྣམས་དང༌། ཚོགས་ཀྱི་ཡོ་བྱད་དང་བཅས་པ་སྟ་གོན་དུ་བྱས་ལ། རྣལ་འབྱོར་པ་མཉམ་པར་འཇོག་པའི་གྲོགས་དང་བཅས་པ་གྲལ་ལ་འཁོད་ནས། སློབ་མས་རྣལ་འབྱོར་དུ་གསོལ་བ་བཏབ་ནས། བདེ་མཆོག་གི་མངོན་པར་རྟོགས་པ་མ་ཚང་བ་མེད་པར་བསྒོམ། མཆོད་པ་དང་བསྟོད་པའི་བར་དུ་རྫོགས་པར་བྱས་ལ། མདུན་གྱི་མཎྜལ་སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་བྷྲཱུྃ་ལས་ཐོད་པ་སྐམ་རློན་མཁར་དུ་བརྩེགས་པའི་སོགས་སྒྲུབ་ཐབས་ལས་འབྱུང་བ་བཞིན་བསྐྱེད། ཡེ་ཤེས་པ་སྤྱན་

p. 208

དྲངས་ལ་ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། ཕྱི་ཡི་མཆོད་པ་བདུད་རྩི་ལྔས་མཆོད། དེ་ནས་གཏོར་མ་རྣམས་ཆོ་གའི་གོ་རིམ་སྤྱི་དང་མཐུན་པར་བསྔོ། མཎྜལ་གྱི་སྟེང་གི་དེ་ཡེ་ཤེས་པ་རང་ལ་འབུལ། སྤྲོས་པ་ལ་དགའ་ན་རྔ་བརྡུང་ཞིང་དབྱངས་དང་བཅས་པས་མཆོད་བསྟོད་རྒྱས་པར་བྱ། དེ་ནས་བཟླས་པ་དང་ཐུན་མཚམས་ཀྱི་བསྟོད་བསྐུལ་རྣམས་གྲུབ་ནས། བུམ་ཐོད་བསྒྲུབ་པ་ནི། ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་བྷྲཱུྃ་དང་ཨཱཿཡིག་ཡོངས་གྱུར་ལས། །རྡོ་རྗེའི་བུམ་ཐོད་མཚན་ཉིད་ཡོངས་རྫོགས་དབུས། །ཧཱུྃ་ལས་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །མཐིང་ནག་གྲི་ཐོད་རལ་གྲི་ཁ་ཊྭཱཾ་བཅས། །དུར་ཁྲོད་ཆས་རྫོགས་ཙཎྚི་ཀ་དམར་མོ། །གྲི་ཐོད་འཛིན་འཁྱུད་ཕྱག་རྒྱ་ལྔ་འཆང་ཞིང༌། །རོལ་པའི་སྟབས་ཀྱིས་པད་ཉི་རོ་སྟེང་བཞུགས། །ཡབ་ཡུམ་སྐུ་ལས་ཡེ་ཤེས་མེ་ཆེན་འབར། །འདབ་མ་བརྒྱད་ལ་གར་བྱེད་ལྷ་མོ་བརྒྱད། །བྱ་རྒོད་ཁྱུང་དང་ཁྭ་ཏ་འུག་པའི་གདོང༌། །ཕག་ཁྱི་ལྕེ་

p. 209

སྤྱང་སྟག་གི་གདོང་པ་ཅན། །ཀུན་ཀྱང་དམར་མོ་ཕྱག་རྒྱ་ལྔས་བརྒྱན་ཅིང༌། །གྲི་གུག་ཐོད་འཛིན་གཡོན་བསྐུམ་གཡས་བརྐྱང་གིས། །པདྨ་ཉི་རོའི་གདན་ལ་གར་གྱིས་རོལ། །ལྷ་ཚོགས་གནས་གསུམ་འབྲུ་གསུམ་མཚན་འོད་འཕྲོས། །ཕྱོགས་བཅུའི་རྒྱལ་རྣམས་མགོན་པོ་ཡབ་ཡུམ་སྐུར། །སྤྱན་དྲངས་དམ་ཚིག་ཡེ་ཤེས་དབྱེར་མེད་པར། །དབང་ལྷ་སྤྱན་དྲངས་དབང་བསྐུར་སྤྱི་གཙུག་ཏུ། །རིགས་བདག་བདེ་མཆོག་ཡབ་ཡུམ་དབུ་བརྒྱན་ཅིང༌། །མ་མོ་རྣམས་ལ་མགོན་པོས་དབུ་བརྒྱན་གྱུར། །ལྷ་ཚོགས་ཐུགས་དབུས་པད་ཉིར་ཧཱུྃ་བྷྱོའི་མཐར། །རྩ་སྔགས་ཕྲེང་བསྐོར་སྔགས་ཀྱི་སྒྲས་བསྐུལ་མཐུས། །བདེ་ཆེན་རབ་འབར་སྙོམས་ཞུགས་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་བབ་བུམ་ཐོད་གང་བར་གྱུར། །ཅེས་དམིགས་པ་ཕྱོགས་གཅིག་གིས་ཏིང་འཛིན་མི་གཡེལ་བའི་ངང་ནས། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ།

p. 210

ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་བཛྲ་ཌཱ་ཀི་ནཱི་ཤྭ་རི་ཧཱུྃ་ཛཿ ཞེས་སུམ་སྦྲེལ་དུ་བཟླས་པ་སྟོང་རྩའམ་བརྒྱ་རྩ་བརྒྱད་བྱ། མཆོད་བསྟོད་བཅས། བུམ་ཐོད་ལྷ་རྣམས་འོད་ཞུ་བདུད་རྩིར་གྱུར། །ཅེས་འོད་ཞུ་བྱ། ལས་བུམ་བྱིན་བརླབ་པ་ནི། ལས་ཀྱི་བུམ་པར་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་རབ་ཁྲོས་སྣ་ཚོགས་རྡོ་རྗེ་དང༌། །བདུད་རྩིའི་བུམ་འཛིན་སྟག་སྦྲུལ་དར་གྱི་ཆས། །ཐོད་སྐམ་དབུ་རྒྱན་པད་ཉིའི་གདན་ལ་འགྱིངས། །ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར། །བདུད་རྩིའི་རྒྱུན་བབ་དག་བྱེད་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཉེར་གཅིག་བརྗོད། ཁྲོ་བོ་ཆེན་པོས་ལས་ཀུན་འགྲུབ་མཛད་གསོལ། །ཞེས་ཕྲིན་བཅོལ་བྱ། དེ་ནས་ཚོགས་སྐོང་བཤགས་སྤྱི་འགྲོས་ལྟར་རྒྱས་པར་བྱས་ལ། དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་ནི། རྗེ་བཙུན་རྡོ་རྗེ་མགོན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྨིན་

p. 211

བྱེད་ཀྱི་དབང་རྣམས་རིམ་པར་བསྐུར་བ་དང༌། བྱིན་གྱིས་བརླབ་པ་དམ་པ་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་དུ་གདབ་པས་གནང་བ་ཞུའོ། །དེ་ནས་སློབ་མ་གཞུག་པ་ནི། སྔར་བདེ་མཆོག་གི་དབང་བསྐུར་ཐོབ་ན་རབ། མིན་ན་ཡི་དམ་གང་ཡང་རུང་བའི་དབང་ཐོབ་པ་ལ་ཁྲུས་བྱས། བགེགས་བསྐྲད། གྲལ་དུ་འཁོད་ལ། མེ་ཏོག་བཀྲམ་སྡུད་བྱས་ཏེ། སློབ་དཔོན་གྱིས། འོ་ན། ཁྱེད་ཅག་རྣམ་པས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་བཞེད་པར་གདའ་བས། དེ་ཡང་འདི་ལ་ཞལ་ཕྱག་གི་རྣམ་པ་ཙམ་མ་གཏོགས་པ་བདེ་མཆོག་འཁོར་ལོ་དང་གཉིས་སུ་མེད་ཅིང༌། གནས་ཁྱད་པར་ཅན་རྣམས་ཀྱི་བཀའ་སྲུང༌། སྔོན་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་པ་བཞིན་ཀླུ་སྒྲུབ་དང་གྲུབ་ཐོབ་གོང་མ་རྣམས་ཀྱིས་དམ་ལ་བཏགས་ནས་ཤིན་ཏུ་བྱིན་རླབས་ཆེ་ཞིང་བཀྲ་ཤིས་པའི་ཆོས་སྐྱོང་ཡིན་ཏེ། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།

p. 212

བསྐལ་པ་བཟང་པོ་འདི་ལ་ནི། །བྱུང་བའི་མགོན་པོ་མ་ལུས་པ། །ཀུན་གྱི་སྙིང་པོར་གྱུར་པ་ནི། །གསང་བ་ཞིང་སྐྱོང་མགོན་པོ་ཆེ། །སངས་རྒྱས་ཀུན་གྱི་མགོན་པོ་འདིས། །བསྟན་པ་བསྲུང་བར་མཛད་པ་ཡིན། །ཞེས་དང༌། དུས་ནི་སྔ་མ་དེ་ཉིད་ལས། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས། །དེ་ཉིད་བསྟན་པའི་སྙིགས་མ་ཡི། །ལྔ་བརྒྱ་དུས་ཀྱི་ཐ་མར་ནི། །ཤིན་ཏུ་གདུག་ཅིང་རྩུབ་པ་དང༌། །མི་བསྲུན་པ་ཡི་དུས་ཀྱི་ཚེ། །དེ་ཚེ་མགོན་པོའི་བསྟན་པ་འབྱུང༌། །ཞེས་གསུངས་པ་ལྟར། དེང་སང་བསྟན་པའི་སྙིགས་མ་ལྔ་བདོ་བའི་དུས་མགོན་པོ་འདི་ཉིད་ཐུགས་རྗེ་དང་ཕྲིན་ལས་ཆེས་ཆེ་བར་ལུང་གིས་གྲུབ་ཅིང༌། དེའང་སྔོན་འཕགས་པའི་ཡུལ་གྱི་གཙུག་ལག་ཁང་ཆེ་བ་ནཱ་ལེནྡྲའི་སྲུང་མར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མགོན་པོ་འདི་ཉིད་ཀྱི་སྐུ་རྟེན་རྡོ་སྐུ་བཅས་བཞེངས་ནས་གཉེར་དུ་བསྐོས་པ་ལ། དཀོར་

p. 213

གཉེར་གྱིས་བསྐུར་ཞུས་བྱས་པའི་རྐྱེན་གྱིས་ཆུ་བོ་གངྒཱའི་འགྲམ་དུ་གཤེགས་པར་གྲགས། མུ་སྟེགས་མ་ཁོལ་གྱིས་ནང་པའི་བསྟན་པ་བཅོམ་པའི་སྐབས། པཎ་ཆེན་ལྔ་བརྒྱས་སྲུང་མར་གསོལ་བ་བཏབ་པས་ལས་མགོན་གྱིས་སྤྲུལ་པའི་བྱ་རོག་གཏོར་སྟེགས་ཁར་བབས་པ་ལ་ཕྲིན་ཡིག་བསྐུར་བ་དཔལ་གྱི་རིར་ཀླུ་སྒྲུབ་ལ་ཕུལ། དེ་འཕྲལ་སློབ་དཔོན་གྱིས་ཨརྱ་དེ་ཝ་འབྱོན་པར་བསྐུལ་ནས་རྩོད་པས་ཕམ་པར་མཛད། གངྒཱའི་རྡོ་སྐུའི་རྩར་གསང་འདུས་ཀྱི་བསྐུལ་པ་མཛད་ནས་མཐར་མ་ཁོལ་ནང་པ་ལ་བཙུད་པ་སློབ་དཔོན་མ་ཏི་ཙི་ཏྲར་གྲགས་པ་ཡང་ཆོས་སྐྱོང་འདིའི་མཐུ་ལས་གྲུབ། དེ་ཕྱིན་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་སོགས་གྲགས་ཆེ་བ་རྣམས་ཀྱི་སྲུང་མའི་གཙོ་བོ་འདི་རང་ལ་མཛད། ཕྱིས་སུ་ཡུལ་མདོ་སྨད་དུ་སྐུ་འཁྲུངས་པའི་རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ་ཞེས་གྲགས་པ་

p. 214

ཉིད་རྒྱ་གར་དུ་བརྩོན་པའི་སྟོབས་ཀྱིས་བྱོན། གོ་མ་ས་ཀྲ་ལར་པཎྜི་ཏ་རྡོ་རྗེ་གདན་པའི་ཞབས་ལ་བཏུད། གསང་སྔགས་ཀྱི་ཆོས་སྤྱི་དང༌། མཆོག་ཏུ་དཔལ་བདེ་མཆོག་གི་གདམས་པ་མགོན་པོ་བྱ་རོག་མའི་སྐོར་རྣམས་ཞུས། གནས་དེ་ཉིད་དུ་བསྙེན་སྒྲུབ་དཔྱིས་ཕྱིན་པར་མཛད། སླར་ཡང་མཁས་གྲུབ་ཀྱི་བླ་མ་མང་པོ་དང༌། ཁྱད་པར་མ་གྷ་དྷར་ཙ་མི་སངས་རྒྱས་གྲགས་པ་ལས་བདེ་མགོན་གྱི་སྐོར་མ་ལུས་པ་གསན་ནས་གདམས་པའི་ཞུན་ཐག་བཅད། སློབ་དཔོན་རྣམ་གཉིས་ཀྱི་བཀའ་བཞིན་དུར་ཁྲོད་བསིལ་བ་ཚལ་དུ་གཏོར་མ་འབུལ་བར་བྱོན་ནས་སྒྲུབ་པ་མཛད་པའི་སྐབས། ནུབ་གཅིག་གི་སྲོད་ལ་མཁའ་འགྲོ་བརྒྱད་དང་། གུང་ལ་ཤེལ་གིང་གི་ཉུལ་ལེ་བྱུང་བ་རྣམས་ཏིང་འཛིན་གྱི་ཟིལ་གྱིས་མནན། ཐོ་རངས་ལས་མགོན་བྱ་རོག་གདོང་རྔམ་ཞིང་འཇིགས་པར་བྱུང་བ་ཡི་དམ་གྱི་མཐུས་

p. 215

གཟིར་སྐབས་གཞི་སྙིང་ཆིག་དྲིལ་མདོངས་གསོལ་དུ་ཕུལ། དེ་ཚེ་སྣ་མའི་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་ནས་བསིལ་ཚལ་མའི་བསྟོད་པ་མཛད། དེ་ནས་ཤིང་ནྱ་གྲོ་དྷ་ཡི་དྲུང་དུ་བསམ་གཏན་ལ་བཞུགས་པའི་ཚེ་ཡེ་ཤེས་མགོན་པོ་ཞལ་གཟིགས་སྐབས་གསང་བའི་གསོལ་འདེབས་མཛད་པ་སོགས་མདོར་ན་ཆོས་སྐྱོང་ཆེན་པོ་ཉིད་དང་གཉིས་སུ་མེད་པར་གྲུབ་པར་མཛད། དེ་ནས་བོད་དུ་བྱོན་སྐབས་སློབ་ཚོགས་མཐའ་ཡས་ཀྱང་ཆོས་སྐྱོང་འདིའི་གདམས་པ་ལྷག་ཆད་མེད་པར་གནང་བའི་སློབ་མ་དྲུག་ཡོད་དེ། དེ་དག་ལས་མཆོག་ཏུ་གྱུར་པ་སློབ་དཔོན་ཨ་སེང་དབང་ཕྱུག །ཞང་ཚལ་པ། དཔལ་ཕག་མོ་གྲུ་པ་གསུམ་ཡིན། དེའང་རྗེ་མཐའ་རྩ་བ་ཉིད་ཀྱིས་རྒྭ་ལོ་དང་ཨ་སེང་གཉིས་ཀ་ནས་བདེ་མགོན་གྱི་གདམས་པ་མཐར་ཕྱིན་པར་མཛད་ཅིང་གྲུབ་པའི་ས་མཐོན་པོར་གཤེགས།

p. 216

སློབ་ཚོགས་བཀའ་བརྒྱུད་ཆུང་བརྒྱད་དུ་གྲགས་པའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་པ་ལས། འདི་ནི་ཕག་གྲུ་ཉིད་ཀྱི་གདན་ས་བ་རྗེ་སྤྱན་སྔ་བ་ལས་བརྒྱུད་པ་ཐེལ་ལུགས་རྩ་བའི་བརྒྱུད་པ་སྟེ། དེའང་བླ་མ་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། མགོན་པོ་ཀླུ་སྒྲུབ། ཀླུ་ཡི་བྱང་ཆུབ། དུས་འཁོར་བ། རྡོ་རྗེ་གདན་པ། ཙཱ་མི་ལོ་ཙཱ་བ། དཔལ་རྒྭ་ལོ། ཨ་སེང་དབང་ཕྱུག །ཕག་མོ་གྲུ་པ། རྗེ་སྤྱན་སྔ་བ། རྒྱལ་བ་བཅུ་གཉིས་པ། ཝོ་ལ་བ། དབང་བསོད་པ། བཅུ་གཉིས་གསར་མ་བ། འཇམ་དབྱངས་གོ་ཤྲི་བ། སྤྱན་སྔ་ཆོས་ཀྱི་གྲགས་པ། བཀའ་བཅུ་བ་བདེ་ལེགས་རྒྱ་མཚོ། ཚང་གསར་བསོད་ནམས་དོན་གྲུབ་བོ། །ཡང་ན། དབང་ཕྱུག་བསོད་ནམས། སློབ་དཔོན་སྤྱོད་རྒྱལ་པ། གཞོན་ནུ་ཤེས་རབ། ཆོས་ཀྱི་དབང་ཕྱུག །སེང་གེ་དཔལ། རིན་ཆེན་རྒྱལ་མཚན། ནམ་

p. 217

མཁའ་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་རྒྱལ་པོ། ཨནྟ་སེངྷ་སོགས་དོན་བརྒྱུད་ལྟར། སྐྱོ་བྲག་དང་ཤོར་ཕུའི་བརྒྱུད་པ་གང་ནས་དེད་ཀྱང་རུང་ལ། དུང་དཀར་ཤྲཱི་བྷ་དྲ། སྐུ་དགའ་ཕྲིན་ལས་ཀུན་ཁྱབ། བླ་མ་ཀརྨ་ཤེས་རབ། ཚང་གསར་ཚེ་དབང་ཀུན་ཁྱབ་ནས་བདག་ལ་ལེགས་པར་ནོད་པའི་ཐེལ་ལུགས་ལྷ་བཅུ་གསུམ་པའི་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱིས་སྔོན་དུ་བྱ་བའི་རིམ་པ་གྲུབ། ཁྱེད་རྣམས་ཀྱིས་སློབ་དཔོན་ཧེ་རུ་ཀར་གནས་པ་ལ་ད་ལྟའི་མཎྜལ་དེ་ཉིད་རི་རབ་གླིང་བཞི་ཉི་ཟླ་ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པ་དང་བཅས་པ་འབུལ་སྙམ་པས་ཞིང་ཁམས་ཕུལ། ཅེས་འབུལ་དུ་གཞུག །གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། དཔལ་ལྡན་རྡོ་རྗེ་འཛིན་པའི་གཙོ། །བདག་གི་ལུས་ངག་ཡིད་གསུམ་གྱི། །དྲི་མ་མ་ལུས་དག་བྱའི་ཕྱིར། །མ་སྨིན་སྨིན་པའི་དབང་བསྐུར་

p. 218

སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་འབོགས་པ་ནི། ཁྱེད་རྣམས་ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་གལ་ཆེ་བས་དོན་ཡིད་ལ་སོམ་ཞིང་རྗེས་ཟློས་ཀྱང་མཛོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ་བྱ། དེ་ནས་གནང་བ་སྦྱིན་པ་འདི་ལ་གསན་འཚལ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཡེ་ཤེས་གསང་བའི་དཀྱིལ་འཁོར་དུ། །བུ་ཁྱོད་འདི་རུ་གཞུག་པར་བྱ། །ཁྱོད་ཀྱིས་བསྟན་པ་བསྲུང་དོན་དུ། །བདག་གིས་ཁྱོད་ལ་དབང་བསྐུར་བྱ། །ཞེས་བརྗོད། དེ་ནས་སློབ་དཔོན་ཡེ་ཤེས་མགོན་པོར་གསལ་བའི་ཧཱུྃ་གི་སྒྲ་དང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས་རྣམ་སྨིན་གྱི་ཕུང་ཁམས་སྦྱངས། སྐད་ཅིག་གིས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། གཡས་ཀྱི་དང་པོ་ན་བེ་ཏའི་

p. 219

འབྲས་བུ། གཉིས་པ་ན་རལ་གྲི། གཡོན་གྱི་དང་པོ་ན་ཐོད་པ། གཉིས་པས་ཁ་ཊྭཱཾ་ག་འཛིན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྤྱན་གསུམ་དང་ལྡན་པ་ཞལ་མཆེ་བ་གཙིགས་པ། དབུ་སྐྲ་དང་ཨག་ཚོམ་དང་སྨིན་མ་སེར་པོ་གྱེན་དུ་བརྫེས་པ། མི་བསྐྱོད་པ་དབུ་ལ་བཞུགས་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། པདྨ་དང་ཉི་མ་རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་འདུག་སྟངས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམ་མཛོད། ཡེ་ཤེས་དབབ་པ་ནི། དེ་ནས་བདག་མདུན་གྱི་ཐུགས་ལས་འཕྲོས་པའི་ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་འོག་མིན་ཆོས་ཀྱི་དབྱིངས། ཕྱོགས་བཅུའི་ཞིང་། གནས་ཡུལ་དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས་དཔལ་མ་ཧཱ་ཀཱ་ལའི་ལྷ་ཚོགས་རྣམས་སྐུ་

p. 220

ཆེ་ཆུང་སྣ་ཚོགས་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་སྒོམས་ཤིག །སྦྱར་སྤོས་དང་རོལ་མོའི་སྒྲ་སྣ་ཚོགས་བཅས་ཡི་གེ་བཅུ་གཅིག་པ་བརྗོད་པས་བྱིན་དབབ། ཡེ་ཤེས་པ་དེ་ཉིད་བརྟན་པར་མོས་མཛོད། ཏིཥྛ་བཛྲ། མེ་ཏོག་གིས་རྒྱས་གདབ། དེས་བསྐྱེད་རིམ་བསྒོམ་པར་དབང་བ་སྐུའི་རྗེས་གནང་ངོ༌། །གསུང་བཟླས་པའི་ལུང་སྦྱིན་པ་ནི། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། སློབ་མའི་ཁར་ཞུགས། སྙིང་གར་ཉི་སྟེང་ཧཱུྃ་གི་མཐར་གཡས་སུ་འཁོར་བར་བསྒོམ་ལ་འདིའི་རྗེས་ཟློས། བསྙེན་པ་སུམ་སྦྲེལ་ལན་གསུམ་ལྔ་བདུན་སོགས་བརྗོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་རྗེས་སུ་དགོངས་པར་མཛོད། །ཅེས་བརྗོད་ལ་མེ་ཏོག་འཐོར། ཞེས་རིག་སྔགས་བཟླ་བར་དབང་བ་གསུང་གི་རྗེས་གནང་ངོ༌། །ཞེས་དང༌། དེ་ནས་མདུན་གྱི་ནམ་མཁའི་གནས་སུ་ཡེ་ཤེས་ཀྱི་

p. 221

མགོན་པོ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་བྱོན་ཏེ། ཞལ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་ཕྱག་ན་རིན་པོ་ཆེ་ཡི་བུམ་པ་བདུད་རྩིས་གང་བ་བསྣམས་པས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ནས་ལེགས་འབྱུང་བ། །སོགས་བརྗོད། མེ་ཏོག་འཐོར། བུམ་པ་བཏེགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་བཛྲ་ཌཱ་ཀི་ནཱི་ཤྭ་རི་ཧཱུྃ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་པ་གནས་བཞིར་བཞག་ལ་བདུད་རྩི་སྤྱི་བོར་བླུགས་ལ་སྦྱིན། ཞེས་གསུངས་ཤིང་བུམ་པའི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང༌། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང༌།

p. 222

ངག་གི་དྲི་མ་དག །གསང་བའི་དབང་ཐོབ། སྙིང་ཁ་ཡན་ཆད་གང༌། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྐང་མཐིལ་ཡན་ཆད་གང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །དབང་བཞི་པ་ཐོབ་སྙམ་པའི་མོས་པ་མཛོད་ལ་འོད་གསལ་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག་འཚལ། དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག །དེས་ཏིང་ངེ་འཛིན་བསྒོམ་པར་དབང་བ་ཐུགས་ཀྱི་རྗེས་གནང་ངོ༌། །ཞེས་དང༌། སླར་ཡང་མདུན་གྱི་ནམ་མཁའ་ལ་ནག་པོ་ཆེན་པོ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་བྱོན་ཏེ་ཞལ་ནས་རྐང་པ་བརྒྱད་པ་དང་ཤཱ་ས་ནའི་སྔགས་སྒྲ་ཏི་རི་རི་སྒྲོག་བཞིན་དབང་རྫས་རྣམས་ཀྱིས་རིམ་པར་དབང་བསྐུར་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་མཛོད། ཅེས་བརྡ་སྦྱར། དེ་ནས་མཎྜལ་སྟེང་གི་གཏོར་མ་དེ་མགོ་ཐོག་ཏུ་

p. 223

བཞག་ལ། དམ་རྫས་གཏོར་མའི་དབང་བསྐུར་བས། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །ལུས་ཀྱི་དྲི་མ་དག་གྱུར་ནས། །སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་དང་ཤཱ་ས་ནའི་སྔགས་བརྗོད། ཐོད་པའི་བདུད་རྩི་བླུད་ལ། དམ་རྫས་བདུད་རྩིས་དབང་བསྐུར་བས། །གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་གི་དྲི་མ་དག་གྱུར་ནས། །གསུང་མི་འགགས་མཐུ་ཡི་དབང་ཐོབ་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ སྙིང་ཁར་རྡོ་རྗེ་བཟུང་ནས། སྟོང་ཉིད་རྡོ་རྗེས་དབང་བསྐུར་བས། །ཐུགས་ཀྱི་བྱིན་རླབས་སྙིང་ལ་ཞུགས། །ཡིད་ཀྱི་དྲི་མ་དག་གྱུར་ནས། །ཐུགས་མི་འགྱུར་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ལག་པ་གཡས་སུ་ཤིང་ཐོག་གཏད་ལ། ངོ་མཚར་རྨད་དུ་བྱུང་བའི་དབང༌། །བེ་ཏའི་འབྲས་བུས་དབང་བསྐུར་བས། །རིན་ཆེན་གཏེར་གྱི་ཆར་འབེབས་

p. 224

པའི། །ལོངས་སྤྱོད་དངོས་གྲུབ་ཐོབ་པར་ཤོག །ཨོཾ་མ་ཧཱ་ཀཱ་ལ་བེ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཡང་རལ་གྲི་གཏད་ལ། ངོ་མཚར་རྨད་དུ་བྱུང་བའི་དབང༌། །ཤེས་རབ་རལ་གྲིས་དབང་བསྐུར་བས། །ཉོན་མོངས་དུག་གསུམ་རྩད་ནས་བཅད། །དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཁདྒ་ཨ་བྷི་ཥིཉྩ་ཧཱུྃ། ལག་པ་གཡོན་དུ་ཐོད་པ་གཏད་ལ། ངོ་མཚར་རྨད་དུ་བྱུང་བའི་དབང༌། །བྷནྡྷ་ཐོད་པའི་དབང་བསྐུར་བས། །ཐུགས་རྗེ་ཞི་བས་བདུད་བཞི་འཇོམས། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག ། ཨོཾ་མ་ཧཱ་ཀཱ་ལ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཡང་ཁ་ཊྭཱཾ་ག་གཏད་ལ། ངོ་མཚར་རྨད་དུ་བྱུང་བའི་དབང༌། །ཁ་ཊྭཱཾ་རྩེ་གསུམ་དབང་བསྐུར་བས། །སྐུ་གསུང་ཐུགས་དང་ལྡན་གྱུར་ནས། །སྐུ་གསུང་ཐུགས་ཡོན་དབང་ཐོབ་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཤུ་ལ་ཨ་བྷི་ཥིཉྩ་ཧཱུྃ། སྣ་ཚོགས་རྡོ་རྗེ་གཏད་ལ། ངོ་མཚར་རྨད་དུ་བྱུང་བའི་དབང༌། །སྣ་ཚོགས་རྡོ་

p. 225

རྗེའི་དབང་བསྐུར་བས། །ཞི་རྒྱས་དབང་དྲག་མཐུ་བརྙེས་ནས། །ཕྲིན་ལས་རྣམ་བཞིའི་དབང་ཐོབ་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བར་མཚམས་རྣམས་སུ་ཤཱ་ས་ནའི་སྔགས་བརྗོད། གྲོགས་རྣམས་ཀྱིས་ཤཱ་ས་ན་དང༌། རྐང་པ་བརྒྱད་པ་དང༌། བཀྲ་ཤིས་ཀྱི་ཚིག་འདོན་བཞིན་རོལ་མོའི་སྒྲ་མི་ཆད་ཙམ་དུ་བྱེད་དུ་བཅུག །གསུར་ཆེན་ནམ། གུ་གུལ་གྱི་དུད་པ་ཅུང་ཙམ་བྱེད། དེ་ནས་སློབ་མའི་མགོ་ལ་མེ་ཏོག་བཞག་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པས། སྔོན་གྱི་བླ་མ་དམ་པ་རྣམས་ཀྱི་དམ་ལས་མ་འདའ་བར། རྡོ་རྗེ་འཛིན་པ་མིང་འདི་ཞེས་བྱ་བའི་བཀའ་དང་རྣལ་འབྱོར་སྲུངས་ཤིག །ཚེ་དང་དབང་ཕྱུག་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བཅོལ་བའི་ཕྲིན་ལས་མཛོད་ཅིག །ཅེས་སློབ་མ་རེ་རེ་ལ་ཡོངས་སུ་རྫོགས་པ་རེ་རེ་བྱའོ། །དེ་ནས་བཀྲ་ཤིས་ཅི་རིགས་བརྗོད། འོ། དེས་ཆོས་སྐྱོང་གི་དབང་དང་རྗེས་གནང་

p. 226

གྲུབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་མཐུན་པར་བསྲུང༌། ཁྱད་པར་དུ་རང་ཡི་དམ་དུ་བསྒོམས་ནས་མདུན་དུ་བཀའ་སྡོད་ཀྱི་ཚུལ་དུ་བསྒྲུབ་པའམ། ཡང་ན་རང་གི་ཕྱོགས་བཞིར་བསྒོམས་ནས། མ་ཧཱ་ཀཱ་ལའི་ཡི་གེ་བདུན་པ་ཅི་ནུས་སུ་བཟླས་པ་བྱ་ཞིང༌། ཐུན་མཚམས་སུ་ཅི་འབྱོར་བའི་གཏོར་མའི་ཆོ་ག་རྒྱས་པར་འབུལ། དེ་མ་གྲུབ་པའམ་མི་ཤེས་ཤིང་ཤ་ཁྲག་མ་འབྱོར་ན། ཟན་ཐེབ་ཀྱུ་ལ་ཆུ་ཅུང་ཟད་བླུགས་ནས་འབྲུ་གསུམ་གྱིས་བྱིན་བརླབས་ལ། ཨོཾ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་ལ་སོགས་པ་ཕུལ་བས། ཆོས་སྐྱོང་འཁོར་དང་བཅས་པས་གསོལ་བར་བསམ་ཞིང༌། གང་འདོད་པའི་དོན་ལ་གསོལ་བ་གདབ། དེ་ཉིན་རེ་བཞིན་དུ་མ་གྲུབ་ཀྱང༌། ཚེས་བཅུ་རྣམ་གཉིས་སམ། ཉ་སྟོང་བརྒྱད་གསུམ་ལ་ཅི་འགྲུབ་བྱ་གསུངས་པར་གདའ་བས་དེ་ལྟར་

p. 227

ཉམས་སུ་ལེན་པར་ཞུ། སླར་ཡང་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་ནས་གཏང་རག་ཡོན་དང་མཎྜལ་འབུལ་བ་དང༌། ཚོགས་ཀྱི་འཁོར་ལོ་བསྔོ་བ་སྨོན་ལམ་དང་བཅས་པ་གཞན་དང་འདྲ་བ་མ་ཚང་བ་མེད་པར་བྱའོ། །དེས་ནི་གྲུབ་བོ། །གཏོར་དབང་རྐྱང་པ་བྱེད་ན། ཕྱག་མཚན་གྱི་རྗེས་གནང་རྣམས་བཞག་ལ། གཞན་མ་ལུས་པར་བྱའོ། །ཕྱག་ལེན་མཐོང་བ་བརྒྱུད་པ་ཡི་གེར་བཀོད་པ་ཡིན་ནོ། །ནག་པོ་ཆེན་པོའི་དབང་བསྡུས་པའམ། དབང་བཞི་ཕྲིན་ལས་གཏོར་མའི་དབང་དང་བཅས་པའི་ཆོ་ག་རིན་ཆེན་ཕྲེང་བའམ་དབང་ཆུ་ཆེན་མོ་ཞེས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་གཞུང་ཉིད་ཕྱག་ལེན་གྱིས་བརྒྱན་པ་བླ་མ་དཔལ་དང་དགེ་སྦྱོང་ཆེན་པོ་བདེ་བར་གཤེགས་པའི་ཕྱག་བཞེས་བཞིན་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་ཡི་གེར་བཀོད་པའོ། །སླར་འདིར་ཆོ་གའི་ཡན་ལག་ཅུང་མི་གསལ་བ་རྣམས་གཞུང་དོན་དང་མི་འགལ་བར་གསལ་བར་འདུ་བྱས་ཏེ་རང་ལུགས་ཁ་གཙང་དུ་མ་ཏི་རཏྣས་བགྱིས་པ་དགེ་ལེགས་འཕེལ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་ཆོག་རྡོ་རྗེ་ནོར་བུའི་ཕྲེང་བ། འཇམ་དབྱངས་བློ་གྲོས་རིན་ཆེན།

p. 228
p. 229

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་ཆོག་རྡོ་རྗེ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

p. 230

འཁོར་ལོའི་དབང་ཕྱུག་བཅོམ་ལྡན་ཧེ་རུ་ཀ །རབ་ཁྲོས་རྡོ་རྗེ་ནག་པོ་ཆེ་ཞབས་དང༌། །དབྱེར་མེད་དཔལ་ལྡན་རྩ་བའི་བླ་མ་ལ། །བཏུད་ནས་སྨིན་དབང་ཆོ་ག་འདིར་གསལ་བྱ། །འདིར་སྒྲུབ་བརྒྱུད་འབའ་རོམ་པའི་བཀའ་སྲོལ་ལས་བྱུང་བའི་རྒྭ་ལོ་ལུགས་ཐེལ་ཚལ་ཟུང་འབྲེལ་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་པའི་སྨིན་དབང་ཟབ་མོ་བསྒྲུབ་པའི་ཚུལ་ལ་བཞི། སྦྱོར་བ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གང་ཞིག་བརྒྱུད་ལྡན་གྱི་བླ་མ་དམ་པ་ལས་རྩ་བ་གསུམ་དང་ཁྱད་པར་ལུགས་འདིའི་ཟབ་དབང་ནོད་ཅིང་བསྙེན་སྒྲུབ་ལ་གནས་པ་དག་གིས། སྣོད་ལྡན་གྱི་སློབ་མ་ཁྱད་པར་བ་རྗེས་སུ་འཛིན་པར་བྱ་བ་སྟེ། དེའང་བཅས་བཤམས་གྱི་རིམ་པ་ལ། གནས་དབེན་པར་གཞི་སྟེགས་གཙང་མར་གོང་དུ་ཡི་དམ་གྱི་འདས་གཏོར་བཤམས་པའི་མདུན་བྲིས་དཀྱིལ་སྒོ་རྫོགས་ཅན་ནམ། གཏོར་

p. 231

དཀྱིལ་ཆོས་འབྱུང་མཐིང་ནག་གྲུ་གསུམ་ཟུར་མདུན་བསྟན། ལྟེ་བར་པདྨ་འདབ་བཞི། ཕྱི་རིམ་ཐོད་ར་དཀར། ཟླ་གམ་གསུམ་དམར། དེ་རྒྱབ་པདྨ་འདབ་བརྒྱད་མཐིང་ནག །དེ་རྒྱབ་རྡོ་ར་མེ་རིས་བསྐོར་བ་བཀྲམ། བསྡུ་ན་མཎྜལ་དྲིས་བྱུགས་པར་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་ཟངས་ལྕགས་ཀྱི་སྣོད་དུ་རྟེན་གཏོར་དཔལ་བཤོས་དམར་པོ་ཟུར་གསུམ་པ་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ་བཤམས། གཡས་སུ་རྣམ་བུམ་སོ་ལྔའི་བཅུད་ལྡན་མཐིང་ནག་གི་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་དང་བཅས་པ། གཡོན་དུ་ཀ་པཱ་ལ་ཆང་གིས་བཀང་བ་བདུད་རྩི་རིལ་བུ་སྦྱར་བ་རྣམས་དང༌། གཞན་ཡང་ལས་ཐམས་ཅད་པའི་བུམ་པ་བཅུད་ལྡན། གཙོ་བོ་དང༌། ཡེ་ཤེས་སེམས་དཔའ། འཁོར་གྱི་སྐུ་ཙཀ་ཕྱོགས་བསྡུས། སྔགས་བྱང་དང་རཀྴའི་ཕྲེང་བ། རྡོ་རྗེ་རྩེ་ལྔ་པ། ཙནྡན་བིང་ཆེན། དུར་ཁྲོད་ཆས་བརྒྱད། ཕྱག་མཚན་རྣམ་བཞི་རྣམས་བར་མཚམས་སུ་བཀོད། མདུན་

p. 232

ཕྱོགས་སུ་གསོལ་སྐོང་གཏོར་མ། སྨན་རཀ །ཞི་དྲག་གི་ཉེར་སྤྱོད་ཕྲེང་ཚར་བཤམས། ཚོགས་མཆོད་ལས་གཏོར་སོགས་འོག་ནས་འབྱུང་བ་རྣམས་འདུ་བྱའོ། །གཉིས་པ་ནི། ཐོག་མར་བདེ་མཆོག་བདག་བསྐྱེད་སྔོན་གཏོར་ནས་བརྩམ་བཟླས་པ་བཅས་གྲུབ་རྗེས། དེ་ནས་མགོན་པོའི་ལས་བྱང་ཕྲིན་ལས་མྱུར་འགྲུབ་ཀྱི་ཕྱི་མཆོད་བྱིན་རླབས་ནས་གསང་སྔགས་ནང་གཏོར་དང༌། མདུན་བསྐྱེད་གཏོར་མ་སོགས་མགོན་པོར་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་བཟླས་པ་གྲུབ་རྗེས་བུམ་ཐོད་བསྒྲུབ་པ་ནི། ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་བྷྲཱུྃ་དང་ཨཱཿཡིག་ཡོངས་གྱུར་ལས། །རྡོ་རྗེའི་བུམ་ཐོད་མཚན་ཉིད་ཡོངས་རྫོགས་དབུས། །ཧཱུྃ་ལས་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །མཐིང་ནག་གྲི་ཐོད་རལ་གྲི་ཁ་ཊྭཱཾ་བཅས། །དུར་ཁྲོད་ཆས་རྫོགས་ཙཎྚི་ཀ་དམར་མོ། །གྲི་ཐོད་འཛིན་འཁྱུད་ཕྱག་རྒྱ་ལྔ་འཆང་ཞིང༌། །རོལ་པའི་སྟབས་ཀྱིས་པད་ཉི་རོ་སྟེང་བཞུགས། །ཡབ་ཡུམ་སྐུ་ལས་ཡེ་ཤེས་མེ་ཆེན་འབར། །གནས་གསུམ་འབྲུ་གསུམ་མཚན་ལས་

p. 233

འོད་ཟེར་འཕྲོས། །ཕྱོགས་བཅུའི་རྒྱལ་རྣམས་མགོན་པོ་ཡབ་ཡུམ་སྐུར། །སྤྱན་དྲངས་དམ་ཚིག་ཡེ་ཤེས་དབྱེར་མེད་པར། །དབང་ལྷ་སྤྱན་དྲངས་དབང་བསྐུར་སྤྱི་གཙུག་ཏུ། །རིགས་བདག་བདེ་མཆོག་ཡབ་ཡུམ་དབུ་བརྒྱན་གྱུར། །མ་མགོན་ཐུགས་དབུས་པད་ཉིར་ཧཱུྃ་བྷྱོའི་མཐར། །རྩ་སྔགས་ཕྲེང་བསྐོར་སྔགས་ཀྱི་སྒྲས་བསྐུལ་མཐུས། །བདེ་ཆེན་རབ་འབར་སྙོམས་ཞུགས་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་བབ་བུམ་ཐོད་གང་བར་གྱུར། །ཅེས་དམིགས་པ་ཕྱོགས་གཅིག་གིས་ཏིང་འཛིན་མི་གཡེལ་བའི་ངང་ནས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཌཱ་ཀི་ནཱི་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་མཐར་མཆོད་བསྟོད་བྱ། བུམ་ཐོད་ལྷ་རྣམས་འོད་ཞུ་བདུད་རྩིར་གྱུར། །ཅེས་འོད་ཞུ་བྱ། ལས་བུམ་བྱིན་བརླབ་པ་ནི། ལས་ཀྱི་བུམ་པར་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་རབ་ཁྲོས་སྣ་ཚོགས་རྡོ་རྗེ་དང༌། །བདུད་རྩིའི་བུམ་འཛིན་སྟག་

p. 234

སྦྲུལ་དར་གྱི་ཆས། །ཐོད་སྐམ་དབུ་རྒྱན་པད་ཉིའི་གདན་ལ་འགྱིངས། །ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར། །བདུད་རྩིའི་རྒྱུན་བབ་དག་བྱེད་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཉེར་གཅིག་བརྗོད། ཁྲོ་བོ་ཆེན་པོས་ལས་ཀུན་འགྲུབ་མཛད་གསོལ། །ཞེས་ཕྲིན་ལས་གསོལ། དེ་ནས་ཚོགས་སྐོང་བཤགས་སྤྱི་འགྲོས་ལྟར་རྒྱས་པར་བྱས་ལ། དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་ནི། རྗེ་བཙུན་རྡོ་རྗེ་མགོན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྨིན་བྱེད་ཀྱི་དབང་རྣམས་རིམ་པར་བསྐུར་བ་དང༌། བྱིན་གྱིས་བརླབ་པ་དམ་པ་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་དུ་གདབ་པས་གནང་བ་ཞུའོ། །དེས་དབང་དོན་བསྒྲུབས་ཟིན་ཏོ། །གསུམ་པ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། སློབ་དཔོན་གྱིས་སྔོན་གཏོར་བཏང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། གྲལ་དུ་འཁོད་ལ་མཎྜལ་བཀྱེ་བསྡུ་བྱ། སེམས་བསྐྱེད་ཅི་རིགས་མཐར། དེའང་རྒྱལ་བའི་

p. 235

བསྟན་པ་རིན་པོ་ཆེ་འདི་ཉིད་ཨུ་དུཾ་ཝཱ་རའི་མེ་ཏོག་ལྟར་ཆེས་དཀོན་པ་སྟེ། ཡོན་ཏན་རིན་ཆེན་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། །ཞེས་གསུངས་པ་ལྟར། བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་དང་སྤེལ་བའི་ཐབས་ལ་འབད་པ་ཐུབ་པའི་རྗེས་འཇུག་རྣམས་ཀྱིས་བསྒྲུབ་བྱ་གལ་ཆེ་བ་ཡིན་ལ། དེ་ལ་འཇིག་རྟེན་པ་རྣམས་ལས་ཕྲན་ཚེགས་ཙམ་ལས་འཁོར་བ་ལས་སྐྱོབ་མི་ནུས་ལ། ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་རྣམས་འདི་དང་ཕྱི་མར་སྐྱོབ་པའི་བདག་ཉིད་ཅན་ཡིན་ཕྱིར་བསྟེན་བྱའི་མཆོག་ཏུ་རྒྱལ་བས་ཆེས་ཆེར་བསྔགས་པ་ཡིན། དེ་ལྟ་བུའི་དབང་བསྐུར་བསྒྲུབ་པ་ལ་ཐོག་མར་ལོ་རྒྱུས་ཅུང་ཟད་སྤྲོ་ན། སྔོན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་ཉིད་འདོད་ཁམས་ཀྱི་དྲག་པོ་ཆེན་པོ་

p. 236

རྣམས་སྒྲོལ་བའི་ཕྱིར་འབྲས་བུའི་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་སྐུར་བཞེངས་པ་འོག་མིན་དུ་ཉིད་ལས་མི་གཞན་པའི་དཀྱིལ་འཁོར་གྱི་འཁོར་ལོར་བཞུགས་ཤིང༌། རྩོད་དུས་ཀྱི་མི་སྲུན་པ་རྣམས་ཀྱི་གཉེན་པོར་ཆེར་ཁྲོས་པ་ཁྲག་འཐུང་བྱ་རོག་མཚན་ཅན་གྱི་སྐུར་བཞེངས་པར་མཛད་པ་སྟེ། ནག་པོ་ཆེན་པོའི་རྒྱུད་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ལས་སྤྲུལ་པ་རྡོ་རྗེ་འཆང༌། །ཡེ་ཤེས་སྐུ་ཅན་རྨད་བྱུང་བ། །ཁྲོ་བོ་ཁྲག་འཐུང་བདེ་མཆོག་ཡིན། །དེ་ལས་སྤྲུལ་པ་དཔལ་འབར་བ། །ཁྲག་འཐུང་ནག་པོ་བྱ་རོག་མཚན། །སྐུ་བཞི་མཐར་ཕྱིན་ཕྱག་བཞི་པ། །ཞེས་ཡེ་ཤེས་པའི་སྐྱེ་རྒྱུད་རྣམ་པར་བསྟན་ཅིང༌། འཇིག་རྟེན་པའི་སྤྲུལ་བརྒྱུད་ཇི་ལྟར་བྱུང་བའི་ཚུལ་ནི་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དྲག་པོ་རྣམ་པར་འཁྲུགས་པ་ཞེས་བྱ་བ་ལ།

p. 237

སངས་རྒྱས་ཞི་བའི་འོད་ཏོག་གི་རྒྱལ་པོ་ཞེས་པ་འཇིག་རྟེན་དུ་བྱུང་ནས་དེའི་བསྟན་པ་ལ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་དང་བཙུན་མོ་པདྨའི་ཕྲེང་བ་གཉིས་བྱུང༌། དེ་གཉིས་ཀྱི་སྤྲུལ་པ་ལ་འཇིགས་བྱེད་ནག་པོ་དང་དུས་མཚན་དམར་མོ་གཉིས་བྱུང༌། དེ་ལ་དབང་ཕྱུག་ཆེན་པོ་དང་ཨུ་མ་དེ་བ་གཉིས་བྱུང༌། དེ་དག་གིས་འཇིག་རྟེན་གྱི་ཁམས་ཟད་ཅིང་སྟོངས་པར་བྱས་པས། དཔལ་ཧེ་རུ་ཀས་བདུད་འདུལ་བའི་ཆོ་འཕྲུལ་གྱིས་ལྷ་མོ་ཨུ་མ་ལ་དགྱེས་པའི་གད་མོ་བཅུ་གཉིས་ཀྱིས་སྦྱོར་བ་བྱས་ནས། དེ་ལ་དཔལ་རྡོ་རྗེ་སྲིན་པོ་རབ་ཏུ་འཇིགས་པ་མ་ཧཱ་ཀཱ་ལ་སྐྱེས་སོ། །དེའི་ཚེ་འཇིག་རྟེན་ཁམས་ཀྱི་ས་ཆེན་པོ་དྲུག་གཡོས་ཤིང་ངོ་མཚར་བའི་ལྟས་བྱུང་བས། བདུད་དགའ་རབ་དབང་ཕྱུག་ཁྲོས་ནས་ལྷ་མ་ཡིན་གྱི་དམག་བསྡུས་ནས།

p. 238

ཐོག་དང་སེར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པ་ན། མ་ཧཱ་ཀཱ་ལ་ཐུགས་རབ་ཏུ་ཁྲོས་ནས་དྲག་པོའི་བདུད་བཞི་འདུལ་བ་ལ་གསང་བའི་ཡུམ་བཞི་སྤྲུལ། ཕྲིན་ལས་ཀྱི་ཕྱག་བཞི་ལས་གདོང་ཅན་བཞི་སྤྲུལ། དེ་བཞིན་དུ་སྐྱེ་མཆེད་དྲུག་ལས་མཁའ་འགྲོ་མ་དྲུག །རྣམ་ཤེས་བརྒྱད་ལས་བཀའ་སྡོད་བརྒྱད། རིག་པའི་ཡན་ལག་བཅུ་ལས་ཕྱོགས་སྐྱོང་བཅུ། དབང་གི་བཞིན་འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་དྲུག །སྐུ་ཡི་བཀོད་པ་བཅོ་བརྒྱད་ལས་གིང་ཆེན་བཅོ་བརྒྱད། ཁྲོས་པའི་ང་རོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉི་ཤུ་རྩ་གཅིག །ཆགས་པའི་གར་སྟབས་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་ཉི་ཤུ་རྩ་བརྒྱད། སྤྱན་གྱི་འགྱུར་ལྡོག་སུམ་ཅུ་ལས་དྲེགས་པ་སུམ་ཅུ། ཕྲིན་ལས་ཀྱི་འོད་ཕུང་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་གདང་བཞད་བརྒྱད་ལས་རོ་ལངས་བརྒྱད། སྤྱན་གྱི་འགྱུར་

p. 239

ལྡོག་སྟོང་ལས་ནག་པོ་སྟོང༌། ཞབས་ཀྱི་སྟངས་སྟབས་ཁྲི་ལས་གནོད་སྦྱིན་ཁྲི། དབང་གི་གར་བསྐྱོད་འབུམ་ལས་མ་མོ་འབུམ། བ་སྤུའི་འོད་ཟེར་བྱེ་བ་ལས་ཤ་ཟ་བྱེ་བ་སྤྲུལ་ནས་དྲག་པོ་འཇིགས་བྱེད་དུས་མཚན་དམར་མོ་གཉིས་ཀྱི་ལུས་ལ་དབང་བྱས་ནས་འཁོར་ལོ་སྡོམ་པ་ཧེ་རུ་ཀའི་གདན་དུ་ཕུལ། ལྷ་ཆེན་ཡབ་ཡུམ་འཁོར་དུ་བསྐོར། འཁོར་ཚོགས་གཞན་རྣམས་དབང་དུ་བསྡུས། བདུད་ཀྱི་དམག་ཚོགས་བརླགས་པར་བྱས་སོ། །ཕ་ནི་ཁྲག་འཐུང་ཧེ་རུ་ཀ་ཡིན་ལ། མ་ནི་ཨུ་མ་དེ་བ། བུ་ནི་རྡོ་རྗེ་སྲིན་པོ་ནག་པོ་ཆེན་པོའོ། །ཞེས་དང༌། གསང་བ་མན་ངག་སྦས་པའི་རྒྱུད་ཀྱི་གླེང་གཞི་ལས། ཨེ་མ་སྟོན་པ་གསང་བའི་བདག ། སངས་རྒྱས་བསྟན་པ་སྲུང་བ་དང༌། །འགལ་བྱེད་ཆམ་ལ་དབབ་པའི་ཕྱིར། །སྒྲོལ་གིང་མ་ཧཱ་ཀཱ་ལ་ཆེ། །ལས་ཀྱི་ལྷ་སྲིན་འཁོར་བཅས་རྣམས། །དམ་ཉམས་

p. 240

གསོད་པའི་གཉེན་པོར་བསྔགས། །ཞེས་སོགས་རྒྱས་པར་གསུངས་ཤིང༌། འོ་ན་རྒྱུད་རྣམས་ཇི་ལྟར་བྱུང་ཞེ་ན། སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ། བདུད་དགའ་རབ་དབང་ཕྱུག་གིས་འཇིག་རྟེན་གྱི་ཁམས་རྣམས་དབང་བསྒྱུར་ཏེ་དུག་གསུམ་རང་གར་སྤྱད་པས། ནམ་མཁའ་ལ་བདུད་གཡོས་པའི་སྒྲ་གྲགས་པ། གསང་བའི་བདག་པོས་གསན་ཅིང་གཟིགས་ནས། འོག་མིན་གྱི་གནས་སུ་བྱོན་ནས་སངས་རྒྱས་རྣམས་ལ་བསྐུལ་བ་དྲུག་གིས་བསྟོད་པས། དེ་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུར་བཞེངས་ནས་འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་དཔལ་ཧེ་རུ་ཀའི་དབུ་གཙུག་ནས་སྤུ་གྲི་ཀླད་གཟེར་ནག་པོའི་རྒྱུད་དང༌། སྨིན་མཚམས་ནས་ཐུགས་རྗེ་འབྱུང་བའི་རྒྱུད།

p. 241

ཞལ་ནས་ཁྲག་མཚོ་ཁོལ་མའི་རྒྱུད། ཐུགས་ནས་བྱ་རོག་བརྩེགས་པའི་རྒྱུད། ལྟེ་བ་ནས་ལས་ཀྱི་གསང་བའི་རྒྱུད། གསང་གནས་ནས་དུག་རླངས་ཁོལ་མའི་རྒྱུད། ཕྱག་གཡས་ནས་གྲི་གུག་བརྩེགས་པ་དང༌དྲག་པོ་མཚོན་ཆའི་རྒྱུད། ཕྱག་གཡོན་ནས་སྲིན་པོ་ཁྲག་འཐུང་དང་གནོད་སྦྱིན་འབུམ་པའི་རྒྱུད། སྤྱན་ནས་མ་མོ་འཇིག་རྟེན་གཙུག་ལག་གི་རྒྱུད། ཚེམས་ལས་ལས་སྣ་ཚོགས་ཕྲེང་བའི་རྒྱུད། ལྗགས་ལས་མཁའ་འགྲོ་བཅུད་འདུས་ཀྱི་རྒྱུད། ཤངས་ནས་གདོང་མོ་རོ་ཟན་གྱི་རྒྱུད། སྙན་ནས་འབྱུང་བ་འཁྲུགས་གསོད་ཀྱི་རྒྱུད། སྤྱན་གྱི་འོད་ལས་སྙིང་རྗེ་ཁྲོས་པའི་རྒྱུད། ཞབས་གཡས་པ་ལས་རོ་ལངས་ནག་པོའི་རྒྱུད། ཞབས་གཡོན་པ་ལས་སྒྲོལ་བྱེད་ནག་མོ་དང༌རོ་ཟན་ནག་མོའི་རྒྱུད། གདན་ལས་ཐོད་ནག་གི་རྒྱུད་དང༌གཞི་སྙིང་སྦས་པའི་རྒྱུད་རྣམས་བྱུང་ངོ༌། །དེ་ནས་

p. 242

རྒྱུད་རྣམས་དང་འོད་ཟེར་སྟོན་པ་ཧེ་རུ་ཀ་བཅས་དཔལ་ཕྱག་ན་རྡོ་རྗེ་ལ་ཐིམ་མོ། །དེ་ནས་ཕྱག་ན་རྡོ་རྗེས་ཡེ་ཤེས་མགོན་པོའི་རྒྱུད་རྣམས་ཆོས་བཟང་སྤྲིན་གྱི་ཡང་རྫོང་དུ་སྦས། ལས་ཀྱི་མགོན་པོའི་རྒྱུད་རྣམས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་བྲག་སེང་གེའི་གདོང་པ་ཅན་ན་སྦས། ཨོ་རྒྱན་གྱི་ཡུལ་མི་ཤིགས་རྡོ་རྗེའི་ཕུག་པ་དང༌། སངས་རྒྱས་འོད་སྲུང་གིས་བཞེངས་པའི་ཚངས་པ་ཀླུ་འདུལ་གྱི་གཙུག་ལག་ཁང་སོགས་སུ་སྦས། མི་མཇེད་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པའི་བསྟན་པ་ལ་བར་ཆད་བསལ་བའི་ཆོས་སྲུང་དུ་སྨོན་ལམ་བཏབ་བོ། །དེ་དག་ནི་རྒྱུད་ཇི་ལྟར་བྱུང་བའི་ཚུལ་ཡིན་ལ། དེ་ཡང་འཇིག་རྟེན་མི་ཡུལ་དུ་ཇི་ལྟར་བྱུང་ཞེ་ན། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སྟོན་པ་ཤཱཀྱ་ཐུབ་པ་སྐུ་གཤེགས་ནས་ལོ་བཞི་བརྒྱ་དང་དགུ་འགྲོ་བའི་དུས་སུ་སྐུ་འཁྲུངས་པའི་སློབ་དཔོན་ཀླུ་སྒྲུབ་

p. 243

ཞབས་དང༌། མཁའ་འགྲོ་མ་སྐལ་པ་བཟང་མོ་རྣམས་ཀྱིས་ཆོས་བཟང་སྤྲིན་གྱི་ཡང་རྫོང་དང༌། ཨོ་རྒྱན་གྱི་ཡུལ་རྡོ་རྗེ་མི་ཤིགས་པའི་ཕུག་ཏུ་སྦས་པ་རྣམས་སྤྱན་དྲངས། དུས་ཞབས་པ་ཆེན་པོ་དང༌། ཙ་མི་སངས་རྒྱས་གྲགས་པ་རྣམས་ཀྱིས་ཤམྦྷ་ལ་དང་ཚངས་པ་ཀླུ་འདུལ་གྱི་གཙུག་ལག་ཏུ་སྦས་པ་རྣམས་སྤྱན་དྲངས། ཁ་ཆེའི་སློབ་དཔོན་སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་དང༌། བླ་མ་དཔལ་ཆེན་རྒྭ་ལོས་དུར་ཁྲོད་བསིལ་བ་ཚལ་གྱི་བྲག་སེངྒེའི་གདོང་ཅན་དང་དུག་ཤིང་ནག་པོའི་རྩར་སྦས་པ་རྣམས་སྤྱན་དྲངས་སོ། །རྒྱུད་དེ་དག་ལ་བརྟེན་པའི་སྒྲུབ་ཐབས་མན་ངག་ལས་ཚོགས་རྣམས་ཇི་ལྟར་བརྒྱུད་པའི་རིམ་པ་ལའང༌། བཀའ་དག་པ་རྫོགས་པའི་སངས་རྒྱས་ནས་བརྒྱུད་པ་དང༌། བྱིན་རླབས་མཁའ་འགྲོ་མ་ནས་བརྒྱུད་པ་དང༌། རིགས་གསུམ་མགོན་པོ་ནས་བརྒྱུད་པ་དང༌། ཧེ་རུ་ཀ་

p. 244

དངོས་ཀྱི་ཞལ་ནས་བརྒྱུད་པ་དང༌། གཏེར་ནས་ཕྱུང་བ་གཏེར་མའི་བརྒྱུད་པ་དང། གང་ཟག་སོ་སོའི་ཞལ་ནས་རིམ་པར་བརྒྱུད་པ་སྟེ་བརྒྱུད་སྲོལ་དྲུག་དང་ལྡན་པའོ། །འཕགས་པའི་ཡུལ་ནས་བོད་འདིར་བྱོན་པའི་ཚུལ་ནི། ལུགས་འདིའི་ཤིང་རྟ་ཆེན་པོ་ཡུལ་མདོ་སྨད་དུ་སྐུ་འཁྲུངས་པའི་དཔལ་ཆེན་རྒྭ་ལོ་ཙཱ་དེ་ཉིད་བརྩོན་པའི་སྟོབས་ཀྱིས་འཕགས་ཡུལ་དུ་བྱོན་ནས་བླ་མ་རྡོ་རྗེ་གདན་པ་དང་ཙ་མི་གཉིས་ཀྱི་ཞབས་ལ་གཏུགས། དཔལ་བདེ་མཆོག་དང་ཆོས་སྐྱོང་བྱ་རོག་མའི་གདམས་སྐོར་ཡོངས་རྫོགས་ཞུས་ནས་བསིལ་བ་ཚལ་དུ་གྲུབ་པ་བརྙེས། བོད་དུ་བྱོན་ནས་བླ་མ་ཞང་ཚལ་པ་དང༌། ཨ་སེང་དབང་ཕྱུག །སློབ་དཔོན་དབང་ཕྱུག་གཞོན་ནུ། དཔལ་ཕག་མོ་གྲུ་པ་སོགས་ལ་གནང༌། དེ་དག་ལས་རྗེ་འབའ་རོམ་པ་དང༌། འགྲོ་མགོན་ཏི་ཤྲི་རས་པ་སོགས་ཀྱིས་གསན་ནས་སྒྲུབ་བརྒྱུད་

p. 245

རིམ་བྱོན་ལྟར་བརྒྱུད་པ་བར་མ་ཆད་པར་བྱོན་པ་དང༌། གཞན་ཡང་རྟིང་པ་ལོ་ཙཱ་བ། ཁེར་གད་འཁོར་ལོ་གྲགས། ཞང་ཞུང་ལོ་ཙཱ་བ། བླ་མ་སེ་ལོ་ཙཱ་བ་སོགས་ཀྱིས་དཔལ་མགོན་པོ་འདིའི་རྒྱུད་ལུང་མན་ངག་རྒྱ་མཚོ་ལྟ་བུ་སྤྱན་དྲངས་པ་རྣམས་ཀྱང་སྔ་ཕྱིར་འདིར་འདུ་ཞིང༌། དེ་དག་ལས་ནང་གསེས་ཀྱི་ཁྱད་པར་དུ་གྱུར་པ་རྒྭ་ལོ་ལུགས་ཐེལ་ཚལ་ཟུང་འབྲེལ་ཕྱི་སྒྲུབ་ལྷ་བཅུ་གསུམ་པའི་དབང་བསྐུར་རྗེས་གནང་གི་རིམ་པ་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་ཕུལ། ཅེས་མཎྜལ་འབུལ་དུ་གཞུག །དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་ཧེ་རུ་ཀ །རྒྱལ་བ་མགོན་པོ་སྲས་བཅས་ལ། །རྩེ་གཅིག་གུས་པས་གསོལ་བ་འདེབས། །དབང་བསྐུར་བ་ནི་བདག་ལ་སྩོལ། །ལན་གསུམ། རྒྱུད་ཡོངས་

p. 246

སུ་དག་པའི་ཕྱིར་བླ་མ་ཧེ་རུ་ཀ་མགོན་པོའི་ལྷ་ཚོགས་མདུན་མཁར་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོགས་བདུན་པོ་ཡོངས་སུ་བྱ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སྔགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་རྒྱུད་སྡོམ་པ་དང་ལྡན་དགོས་པས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་རྣམས་བསྲུང་བར་བགྱི་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས། །ཡང་དག་ཉིད་དུ་བཟུང་བར་བགྱི། །ལན་གསུམ། སྒོ་གསུམ་བྱིན་བརླབ་

p. 247

པ་ནི། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་མོས་མཛོད། གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་དམ་ཚིག་བསྒྲགས་པ་འདི་ལ་གསན་འཚལ། རྡོ་རྗེ་གདེང་ལ། ཧཱུྃ། མ་ཧཱ་ཀཱ་ལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །རྡོ་རྗེ་སྙིང་གར་བཞག །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ལས་ཆུ་ནང་མཆོད་སྦྱར་བ་སྦྱིན་ལ། དམ་ཚིག་རྡོ་རྗེའི་ཆུ་འདི་འཐུང་ལ་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། མ་ཧཱ་ཀཱ་ལ་ས་མ་ཡ་ཨ་མྲྀ་ཏ་རཀྵནྟུ། ཞེས་བརྗོད། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཧེ་རུ་ཀ་

p. 248

དཔལ་ང་ཡིན་པས། །ངས་འདི་བྱོས་ཞེས་བསྒོས་པ་རྣམས། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་ཤིང༌། །བརྙས་སོགས་ཉེས་པ་ཀུན་སྲུངས་ཤིག །ཅེས་བརྗོད། དེ་ནས་སློབ་མ་ལྷར་བསྐྱེད་པའི་དོན་དུ་དམིགས་པ་འདི་བཞིན་མཛད་འཚལ། སློབ་མ་ལས་ཆུས་བྲན་ལ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སློབ་མའི་རྣམ་སྨིན་གྱི་ལུས་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉི་འཇིགས་དུས་ཀྱི་སྟེང་དུ་སེམས་ཉིད་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས། ཁྱེད་རྣམས་དཔལ་ཧེ་རུ་ཀ་རོལ་པའི་ཁྲོ་བོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཟླ་ཕྱེད་སྣ་ཚོགས་རྡོ་རྗེ་ནོར་བུས་མཚན་པ། ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་རུས་པའི་རྒྱན་དྲུག་དང་ལྡན་ཞིང༌། ཕྱག་གཉིས་ཀྱིས་རྡོར་དྲིལ་དང་བཅས་པས་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་མ་ལ་འཁྱུད་པ།

p. 249

སྟག་གི་པགས་པའི་ཤམ་ཐབས་ཅན་གར་གྱི་ཉམས་དགུ་དང་ལྡན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞེངས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པ་གསལ་བར་མོས་ལ། ཁྱེད་རང་ཡི་དམ་དུ་གསལ་བའི་མདུན་དུ་མགོན་པོ་འཁོར་བཅས་འདི་ལྟར་གསལ་ཐོབ་ཅིག །སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་བྷྲཱུྃ་ལས་ཐོད་པ་སྐམ་རློན་མཁར་དུ་བརྩེགས་པའི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོར་མི་རོ་འབུམ། རྟ་རོ་འབུམ། གྲུ་གསུམ་མཐིང་ནག་སོགས་གཞུང་ལྟར་ལ། ཧཱུྃ་སྔོན་པོས་མཚན་པར་གྱུར། དེ་ནས་སློབ་དཔོན་ཧེ་རུ་ཀར་གནས་པའི་ཐུགས་འོད་ཀྱིས་མདུན་བསྐྱེད་བསྐུལ། བདག་མདུན་གྱི་ཐུགས་སྲོག་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་

p. 250

འཕྲོས། འོག་མིན་ཆོས་ཀྱི་དབྱིངས་སོགས་ནས་དཔལ་མ་ཧཱ་ཀཱ་ལའི་ལྷ་ཚོགས་ཐམས་ཅད་བྱ་རོག་ཁྱུར་ལྡིང་བ་ལྟར་ཡེ་ཤེས་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་སྒོམས་ཤིག །འབེབས་རྫས་དང་སྦྱར་སྤོས་བདུག །རོལ་མོ་སྣ་ཚོགས་པའི་སྒྲ་བཅས་གཟི་བྱིན་བསྐྱེད་ལ་བྱིན་དབབ། ཡེ་ཤེས་པ་དེ་ཉིད་བརྟན་པར་མོས་མཛོད། ཏིཥྛ་བཛྲ། མེ་ཏོག་གིས་རྒྱས་གདབ། དེས་བྱིན་རླབས་ཀྱི་གཞི་འགོད་པ་གྲུབ་ནས། དབང་བསྐུར་དངོས་གཞི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ་དང་། ཁྱད་པར་གཏོར་མའི་བཀའ་གཏད་པ་གཉིས་ལས་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྗེ་བཙུན་ཧེ་རུ་ཀ་དཔལ་དང༌། །ནག་པོ་ཆེན་པོའི་ལྷ་ཚོགས་ཀྱིས། །བདག་ལ་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་དབང་རྣམས་བསྩལ་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་

p. 251

བའི་རྐྱེན་གྱིས་བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིག་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས་ཏེ་བུམ་པའི་བདུད་རྩིས་དབང་བསྐུར་བར་གྱུར། ཧཱུྃ། ངོ་མཚར་རྨད་དུ་བྱུང་བ་ཡི། །བུམ་པའི་བདུད་རྩིས་དབང་བསྐུར་བས། །ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་། །སྐུ་མི་འགྱུར་ཚེ་ཡི་དབང་ཐོབ་ཤོག ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྤྱི་བོར་བཞག་ལ་བདུད་རྩི་བླུད་ཅིང་འཐོར། དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། མདུན་གྱི་གཙོ་བོའི་སྐུ་ལས་གཉིས་པ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེའི་སྐུ་དང་གཉིས་སུ་མེད་པར་གྱུར། གཙོ་བོའི་སྐུ་ཙཀ་ཐོགས་ལ། ཧཱུྃ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་ལྡན། །ཁྲོ་

p. 252

གཉེར་གསུམ་འཆང་མཆེ་བ་རྣམ་པར་གཙིགས། །སྨིན་མ་དབུ་སྐྲ་སེར་ཞིང་དམར་བའི་མདངས། །གཟི་བརྗིད་འབར་བའི་སྐུ་མཆོག་དབང་ཐོབ་ཤོག །ཤཱ་ས་ནའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སྤྱི་བོར་བཞག །དེས་སྐུ་ཡི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ཕྱག་རྒྱའི་རྣལ་འབྱོར་བསྒོམ་པར་དབང་བ་སྐུ་ཡི་རྗེས་གནང་ངོ་། །གཉིས་པ་གསུང་གི་རྗེས་གནང་ནི། དཔལ་མགོན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་བ་ལས་བྱང་ཆུབ་སེམས་སུ་ཞུ་བ་ཐམས་ཅད་པའི་བདུད་རྩིས་དབང་བསྐུར་བར་གྱུར། བདུད་རྩིའི་ཐོད་པ་ཐོགས་ལ། ཧཱུྃ། ངོ་མཚར་རྨད་དུ་བྱུང་བ་ཡི། །ཐོད་པའི་བདུད་རྩིས་དབང་བསྐུར་བས། །ངག་གི་སྒྲིབ་པ་དག་ནས་ཀྱང་། །གསུང་འགགས་མེད་ཚངས་པའི་དབང་ཐོབ་ཤོག །རྩ་སྔགས་གཉིས་མཐར། ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པར་བཞག་ཅིང་བདུད་རྩི་བླུད། དེ་ཉིད་བརྟན་པར་བྱ་བའི་ཕྱིར་

p. 253

སྔགས་ཀྱི་ཕྲེང་བས་དབང་བསྐུར་བ་ནི། མདུན་གྱི་མགོན་པོའི་མགྲིན་པ་ནས་རྩ་སྔགས་ཡིག་འབྲུ་བདུན་པ་དང༌། བཅུ་གསུམ་པ། ཤཱ་ས་ནའི་སྔགས་ཕྲེང་རྒྱུན་མ་ཆད་པ་བྱུང་། སློབ་མའི་མགྲིན་པར་ཐིམ་པས་རྡོ་རྗེའི་གསུང་དང་གཉིས་སུ་མེད་པར་གྱུར། སྔགས་བྱང་དང་ཕྲེང་བ་ཐོགས་ལ། ཧཱུྃ། ཁྲོས་པའི་ཆ་ལུགས་སྤྱན་གསུམ་བསྒྲད་པ་ཡིས། །འཇིག་རྟེན་ལྷ་ཆེན་མ་ལུས་ཟིལ་གྱིས་གནོན། །ཞལ་གདངས་ལྗགས་འདྲིལ་བགེགས་ཚོགས་སྐྲག་མཛད་པ། །འཇིགས་མཛད་ང་རོའི་གསུང་མཆོག་དབང་ཐོབ་ཤོག །ཤཱ་ས་ནའི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསང་བ་སྔགས་ཀྱི་བཟླས་པ་ལ་དབང་བ་གསུང་གི་རྗེས་གནང་ངོ་། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་

p. 254

ཧཱུྃ་གིས་མཚན་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་རྡོ་རྗེའི་ཐུགས་དང་གཉིས་སུ་མེད་པར་གྱུར། རྡོ་རྗེ་ཐོགས་ལ། ཧཱུྃ། ངོ་མཚར་རྨད་དུ་བྱུང་བ་ཡི། །རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས། །ཡིད་ཀྱི་སྒྲིབ་པ་དག་ནས་ཀྱང༌། །ཐུགས་འཁྲུལ་མེད་ཆོས་སྐུའི་དབང་ཐོབ་ཤོག །རྩ་སྔགས་གཉིས་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གར་བཞག །དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཡེ་ཤེས་སེམས་དཔའ་མཆོག་གིས་རྒྱས་གདབ་པ་ནི། མདུན་བསྐྱེད་མགོན་པོའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་ཧེ་རུ་ཀའི་སྐུ་ཆུང་ལ་མཚན་དཔེ་རྫོགས་པ་དཔག་ཏུ་མེད་པ་བར་མ་ཆད་པར་བྱོན། ཁྱེད་རང་སློབ་མའི་སྙིང་དབུས་སུ་བཞུགས་པར་མོས་མཛོད། བདེ་མཆོག་གི་སྐུ་ཐོགས་ལ། ཧཱུྃ། རྟོག་མེད་མཉམ་གྲོལ་མཉམ་པར་ཐུགས་གནས་ཀྱང༌། །ཚད་མེད་སྙིང་རྗེས་འགྲོ་དོན་མཛད་པའི་ཚུལ། །བགེགས་གཟིར་པད་ཉི་

p. 255

མཛེས་པའི་གདན་ལ་བཞུགས། །མི་གནས་བདེ་ཆེན་ཐུགས་མཆོག་དབང་ཐོབ་ཤོག །ཤཱ་ས་ནའི་མཐར་ཛྙཱ་ན་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྙིང་གར་བཞག ། རྗེས་འབྲེལ་དགོངས་པ་ངོ་སྤྲོད་པ་འདི་ལ་སྙན་གཏོད་ལ་མཉམ་པར་ཞོག་མཛོད། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་དམིགས་སུ་མེད་པའོ། །ཞེས་དཔོན་སློབ་ལྷན་ཅིག་མཉམ་པར་བཞག །དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །འོད་གསལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཐུགས་ཀྱི་རྗེས་གནང་ངོ༌། །བཞི་པ་ཡོན་ཏན་གྱི་རྗེས་གནང་ནི། དཔལ་མགོན་པོའི་སྐུ་རགས་ཀྱི་གསེབ་ནས་ཡོན་ཏན་གྱི་ཙན་དན་བེང་ཆེན་འབར་བ་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ་པས་ཡོན་ཏན་གྱི་དབང་ཐོབ་པར་མོས་མཛོད། ཧཱུྃ། ངོ་མཚར་རྨད་དུ་

p. 256

བྱུང་བ་ཡི། །ཙན་དན་བེང་ཆེན་དབང་བསྐུར་བས། །བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ནས། །དོན་རྩོལ་མེད་ཡོན་ཏན་དབང་ཐོབ་ཤོག །རྩ་སྔགས་གཉིས་མཐར་རཀྴ་དུ་བིང་ཛཿཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར་བཞག །དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཆེ་བའི་དཔའ་རྟགས་ཀྱིས་མངའ་གསོལ་བ་ནི། མདུན་གྱི་མགོན་པོའི་སྐུ་ཡི་ཆས་རྣམས་ལས་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་མགོན་པོ་དངོས་སུ་གྱུར་པ་ལ་དཔའ་བའི་ཆས་རྣམས་གསོལ་བར་མོས་མཛོད། དུར་ཁྲོད་དཔལ་ཆས་ཐོགས་ལ། ཧཱུྃ། སྐྱོན་ལས་ཡོངས་གྲོལ་འགྲོ་དོན་མཐར་ཕྱིན་རྟགས། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་གྱིས་བརྒྱན། །ཉོན་མོངས་ཀླུ་དང་ལོག་ལྟ་འཇོམས་མཛད་པ། སྦྲུལ་གྱི་རྣ་རྒྱན་སྟག་ལྤགས་ཤམ་ཐབས་གསོལ། །རྫུ་འཕྲུལ་མཐུ་སྟོབས་བྱིན་རླབས་ཤུགས་དང་ལྡན། །ཡོན་ཏན་མཆོག་ཏུ་རྫོགས་པའི་དབང་ཐོབ་ཤོག །ཤཱ་ས་ནའི་མཐར་གུ་ཎ་

p. 257

ཨ་བྷི་ཥིཉྩ་ཏྲྃ། དཔལ་ཆས་རྣམས་བགོ་བའི་ཚུལ་བྱ། དེས་ཡོན་ཏན་གྱི་དབང་ཐོབ། ལས་ཉོན་ཤེས་བྱའི་སྒྲིབ་པ་དག །བྲལ་སྨིན་ཡོན་ཏན་ལ་དབང་འབྱོར་བ་ཡོན་ཏན་གྱི་རྗེས་གནང་ངོ༌། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ནི། དཔལ་གྱི་གཏོར་མ་འདི་ཉིད་བསྙེན་དུས་མཆོད་པ། སྒྲུབ་དུས་ལྷ་ཡི་ཕོ་བྲང༌། ལས་སྦྱོར་དུས་ཐུན་མཚོན་ཏེ་ཤེས་པ་གསུམ་ལྡན་འདི་ཉིད་ཁྱེད་རྣམས་ཡེ་ཤེས་མགོན་པོར་གསལ་བ་ལ་གཏད་པས་ལས་རབ་འབྱམས་འགྲུབ་པའི་མཐུ་ཐོབ་པར་གྱུར། གཏོར་མ་ཐོགས་ལ། ཧཱུྃ། ངོ་མཚར་རྨད་དུ་བྱུང་བ་ཡི། །དམ་རྫས་གཏོར་མའི་དབང་བསྐུར་བས། །བར་ཆད་བདུད་བགེགས་ཚར་བཅད་ནས། །ལས་རབ་འབྱམས་འགྲུབ་པའི་དབང་ཐོབ་ཤོག །རྩ་སྔགས་གཉིས་མཐར་མ་ཧཱ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མ་ལག་ཏུ་གཏད། དེ་ནས་ཁྱེད་རྣམས་མགོན་པོ་རིགས་བཞིར་གསལ་བ་ལ་གཙོ་བོའི་ཕྱག་

p. 258

མཚན་ལས་གཉིས་པ་རེ་འཕྲོས་པ་ཕུལ་བས་ལས་བཞི་གང་བརྩམས་ཡིད་བཞིན་དུ་འགྲུབ་པར་མོས་མཛོད། ཕྱག་མཚན་རྣམ་བཞི་ཐོགས་ལ། ཧཱུྃ། རྟོག་པ་རབ་གཅོད་ཉམས་པའི་སྙིང་འབྱིན་པའི། །རལ་གྲི་གྲི་གུག་གཡས་པའི་ཕྱག་ན་བསྣམས། །ཆོས་རྣམས་བདེ་བར་རྟོགས་ཕྱིར་ཐོད་པ་གཡོན། །སྡིགས་པའི་མཛུབ་མོ་རབ་ཏུ་བསྒྲད་པ་ཡིས། །ལོག་འདྲེན་དགྲ་བགེགས་ཚར་གཅོད་བརྒྱལ་བར་བྱེད། །ཕྲིན་ལས་ཐོགས་མེད་མཆོག་གི་དབང་ཐོབ་ཤོག །ཤཱ་ས་ནའི་མཐར་ཀརྨ་ཨ་བྷི་ཥིཉྩ་ཧོཿ ཞེས་ལག་ཏུ་གཏད། ལས་མཐའ་རྒྱས་སུ་བྱ་ཕྱིར་ལས་མགོན་བཀའ་སྡོད་དང་བཅས་པའི་དབང་བཀའ་སྦྱིན་པ་ནི། ཁྱེད་རྣམས་ཡེ་ཤེས་མགོན་པོར་དངོས་སུ་གསལ་བ་ལ། ལས་མགོན་གཙོ་བོར་གྱུར་པའི་བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་བྲན་གྱི་ཚུལ་དུ་སྦྱིན་པ་ཡིན་པས་ཅི་བགྱིའི་བཀའ་ཉན་དུ་འདུན་པར་

p. 259

མོས་མཛོད། ལས་མགོན་གྱི་སྐུ་ཐོགས་ལ། ཧཱུྃ། འཇིགས་པའི་ཉམས་དང་སྡིགས་པའི་སྒྲ་སྐད་ཀྱིས། །ལས་ཀྱི་བཀའ་ལ་མ་མོ་མཁའ་འགྲོ་དང༌། །གིང་དང་གཤིན་རྗེ་ཤ་ཟ་མ་ལུས་ཀུན། །རང་དབང་མེད་པར་དབང་སྡུད་ཕོ་ཉར་འགྱེད། །འགལ་བྱེད་ཚོགས་རྣམས་མྱུར་དུ་བརླག་པར་བྱེད། །དྲག་པོ་སྒྲོལ་བྱེད་ཚོགས་ཀྱི་དབང་ཐོབ་ཤོག །ཤཱ་ས་ནཱ་དང་བཞི་སྙིང་བརྗོད་མཐར། ཀརྨ་མ་ཧཱ་ཀཱ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ལག་ཏུ་གཏད། དེས་ཕྲིན་ལས་ཀྱི་དབང་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ལ་དབང་སྒྱུར་བ་ཕྲིན་ལས་ཀྱི་རྗེས་གནང་ངོ༌། །རྩ་བའི་གཉིས་པ་ཁྱད་པར་གཏོར་མའི་བཀའ་གཏད་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་ཧེ་རུ་ཀ །རྒྱལ་བ་མགོན་པོ་སྲས་བཅས་ལ། །རྩེ་

p. 260

གཅིག་གུས་པས་གསོལ་བ་འདེབས། །གཏོར་མའི་དབང་བསྐུར་བདག་ལ་སྩོལ། །ལན་གསུམ། དེ་ནས་ཁྱེད་རྣམས་དམིགས་འདུན་འདི་བཞིན་མཛད་འཚལ། གཏོར་སྣོད་དུར་ཁྲོད་ཀྱི་གཞལ་ཡས་ཁང༌། གཏོར་མ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་ལྷ་ཚོགས་སྐུ་གཟི་བརྗིད་ཉི་མ་འབུམ་ལྟར་འབར་བ། གསུང་དྲག་པོ་སྔགས་ཀྱི་སྒྲ་དབྱངས་འབྲུག་སྟོང་ལྟར་སྒྲོགས་པ། ཐུགས་ཡེ་ཤེས་ཀྱི་དགོངས་པ་མཁའ་ལྟར་ཁྱབ་ཅིང་རྗེས་སུ་བརྩེ་བས་སྒྲུབ་པ་པོ་ལ་ཉེ་བར་གཟིགས་པ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་གྱི་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྲིན་འཁྲིགས་ལྟར་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། དེ་དག་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཚོགས་འཕྲོས། ཁྱེད་རང་གི་སྒོ་

p. 261

གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ། སྐུ་ལས་ཁྲོ་ཆུང་མེ་དཔུང་གི་ཚོགས་འཕྲོས་པས་ལུས་ངག་ཡིད་གསུམ་ལ་གནོད་པའི་གདོན་བགེགས་བར་ཆད་ཐམས་ཅད་ལྷག་མེད་དུ་བཅོམ། མདོར་ན་བྱང་ཆུབ་བར་དུ་སྲུང་སྐྱོབ་མེལ་ཚེ་གཡེལ་བ་མེད་པར་མཛད་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༌། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ ཞེས་དང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་དང་མིའི་དཔལ་མགོན་དམ་པ། བདུད་འདུལ་རྡོ་རྗེའི་དད་དཔོན། ཤྲཱི་མ་ཧཱ་ཀཱ་ལ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་ཕོ་ཉ་ལས་མཁན་གྲངས་ལས་འདས་པ་ཁྱེད་རྣམས་ཀྱིས། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། ཕྱག་ན་རྡོ་རྗེ། མགོན་པོ་ཀླུ་སྒྲུབ། ཨརྱ་

p. 262

དེ་བ། ཀླུ་ཡི་བྱང་ཆུབ། ནག་པོ་སྤྱོད་པ། དུས་འཁོར་བ་ཆེ་ཆུང༌། རྡོ་རྗེ་གདན་པ་ཆེ་ཆུང༌། ཙ་མི་སངས་རྒྱས་གྲགས་པ། དཔལ་རྒྭ་ལོ། སྐྱེ་མེད་ཞང་ཚལ་པ། འགྲོ་མགོན་ཏི་ཤྲི་རས་པ་རྣམས་དང༌། དཔལ་ཆེན་རྒྭ་ལོ་ཙཱ། བདེ་གཤེགས་ཕག་མོ་གྲུ་པ། ཆོས་རྗེ་སྤྱན་སྔ་བ། རྒྱལ་བ་བཅུ་གཉིས་པ། ཝོ་ལ་བ། དབང་བསོད་པ། སློབ་དཔོན་སྤྱོད་རྒྱལ་བ། སློབ་དཔོན་གཞོན་ནུ་ཤེས་རབ་ནས་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་རྡོ་རྗེའི་རིག་པ་འཛིན་པ་འདི་རྣམས་ཀྱི་ལྷག་པའི་ལྷ་མཛོད་ཅིག །ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །འཁོར་བ་དང་ངན་སོང་གི་འཇིགས་པ་

p. 263

ཆེན་པོ་ལས་སྐྱོབས་ཤིག །མདོར་ན་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་ཆོས་དང་མཐུན་པའི་སྡོང་གྲོགས་ཡིད་བཞིན་དུ་སྒྲུབས་ཤིག །རྩ་སྔགས་གཉིས་དང་ཤཱ་ས་ན་རྐང་པ་བརྒྱད་པ་སོགས་བརྗོད་བཞིན་རོལ་མོ་དང་བཅས་གཏོར་མ་སློབ་མའི་གནས་གསུམ་དང་ལག་ཏུ་གཏད། གཏོར་མ་དཔལ་མགོན་པོའི་སྐུ་དང་ཕྱག་གཡོན་ཁ་ཊྭཱཾ་གའི་བུམ་པ་ལས་བདུད་རྩིའི་རྒྱུན་བྱུང་བ་གཏོར་ཟན་ཐོད་པའི་བདུད་རྩི་དང་རོ་གཅིག་པ་དངོས་གྲུབ་ཏུ་རོལ་བས་མཆོག་ཐུན་ལས་བཞི་ལྷུན་གྱིས་གྲུབ་པར་མོས་མཛོད། གཏོར་ཟན་ཐོད་པའི་བདུད་རྩིར་སྦྱར་བ་ཐོགས་ལ། ཧཱུྃ། ཁ་ཊྭཱཾ་ག་ལས་བདུད་རྩིའི་རྒྱུན་བབས་གཡོན། །ཚར་གཅོད་རྗེས་འཛིན་སྐུ་གསུམ་དངོས་གྲུབ་སྟེར། །ཁྱད་པར་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །བརྟེན་ཅིང་སྒྲུབ་པའི་འབྲས་བུ་སྨིན་མཛད་ཅིང༌། །ཕྲིན་ལས་དངོས་གྲུབ་

p. 264

དབང་དང་ལོངས་སྤྱོད་ཚོགས། །རབ་སྟེར་དཔལ་འབར་མཆོག་གི་དབང་ཐོབ་ཤོག །ཡི་གེ་བཅུ་གསུམ་པའི་མཐར། མ་ཧཱ་བ་ལིངྟ་ཨ་མྲྀ་ཏ་སིདྡྷི་ཕ་ལ་ཧོ། ཞེས་བདུད་རྩི་མྱང་། དེ་དག་གི་རྗེས་འབྲེལ་དུ་སྔགས་ཀྱི་བཟླས་ལུང་ཞུ་བའི་དོན་དུ་སློབ་དཔོན་ལ་མེ་ཏོག་སྔོན་པོའི་ཕྲེང་བ་རེ་ཕུལ་བའི་མོས་པ་དང་བཅས་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་གྱིས་མེ་ཏོག་འཐོར། སློབ་དཔོན་དང་སློབ་མ་དཔལ་མགོན་པོར་གསལ་བའི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་ཧཱུྃ་ཡིག་གསལ་བཏབ་ཅིང༌། སློབ་དཔོན་གྱི་ཧཱུྃ་ཡིག་གི་མཐར་རྩ་སྔགས་དང༌ཤཱ་ས་ནཱ་འཁོར་བ་ལས་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་དཔོན་གྱི་ཞལ་ནས་ཐོན། སློབ་མའི་ཁར་ཞུགས་སྙིང་ཁར་ཧཱུྃ་གི་མཐར་འཁོར་བར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་

p. 265

རཀྴའི་ཕྲེང་བ་སྦྲེལ་ལ་ཡི་གེ་བདུན་པ་ནས་ཡི་གེ་བཅོ་ལྔ་པའི་བར་དང་ཤཱ་ས་ནའི་ཕྲེང་སྔགས་རྣམས་བརྗོད། སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ཏེ་སྤྱི་བོར་བཅིང་བར་མོས་མཛོད། སྔགས་ཕྲེང་མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་བརྗོད། དེས་དཔལ་མགོན་པོའི་བསྙེན་སྒྲུབ་ལས་སྦྱོར་གྱི་རིམ་པ་རྣམས་བསྒྲུབ་པར་དབང་བ་ཡིན་ནོ། །དེ་ནས་ཞལ་གསུངས་བཀྲ་ཤིས་གང་རིགས་མཐར། ཧཱུྃ། མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེས་སྐུར་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོ་སྟོབས་ལྡན་མཆོག་གི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་རྒྱས་པར་བྱ། དེས་དཔལ་མགོན་པོའི་ཕྱི་སྒྲུབ་ལྷ་བཅུ་

p. 266

གསུམ་པའི་དབང་བསྐུར་རྒྭ་ལོ་ལུགས་ཐེལ་ཚལ་ཟུང་འབྲེལ་སྒྲུབ་བརྒྱུད་འབའ་རོམ་པའི་བཀའ་སྲོལ་གྲུབ་པའི་ཕྱག་བཞེས་བཞིན་ལེགས་པར་གྲུབ་པ་ལགས་པས། འདི་ལ་ཆོས་སྐྱོང་སྤྱི་ཡི་དམ་ཚིག་དང་འདི་ཉིད་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་འཛིན་ནས་བསྙེན་སྒྲུབ་དང་རྒྱུན་གཏོར་མི་བཅད་པ། རྟེན་རྫས་རྣམས་བཅངས་ཤིང་མི་སྨོད་པ། གལ་ཆེན་མ་གཏོགས་དགྲ་ལ་ཁྱི་ལྟར་མི་རྦད་པ་དང༌། ཁྱད་པར་སྤུ་གྲི་ཀླད་གཟེར་ལས་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མི་ཉམས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་དམ་ཚིག་ཁས་བླངས་དང༌། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སོགས་སྤྱི་ལྟར་གྱིས་གྲོལ་ལོ། །བཞི་པ་ནི། སློབ་དཔོན་ཚོགས་རོལ་བཅས་ལས་གཏོར་བསྐུལ་པ་དང་ལྷག་ཆོག་བྱ། མཆོད་པ་གསོ་བྲན་གྱིས་རྗེས་ཆོག་མཆོད་བསྟོད། ནོངས་བཤགས། རྟེན་བཞུགས། དགེ་

p. 267

བསྔོ། བཀྲ་ཤིས་སོགས་ལྷ་གཞུང་ལྟར་བགྱིས་པས་གྲུབ་བོ། །རིག་འཛིན་གྲུབ་པ་གོང་མའི་ཕྱག་བཞེས་བཞིན། དབང་ཆོག་རྡོ་རྗེ་ནོར་བུའི་ཕྲེང་མཛེས་འདི། །སྒྲུབ་བརྒྱུད་བསྟན་འཛིན་མཆོག་རྣམས་མགུལ་རྒྱན་དུ། །གྱུར་ནས་འབའ་རོམ་རྒྱལ་བསྟན་རབ་གསལ་ཤོག །ཅེས་པ་འདིའང་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་ཆེད་དུ་སྨན་པའི་ལྷག་བློས་ཉེ་བར་དྲངས་ཏེ་རབ་རྒྱལ་ལྕགས་བྱ་ལོའི་གྲལ་ཚེས་དགེ་བར་འཇམ་དབྱངས་བློ་གྲོས་རིན་ཆེན་གྱིས་བསམ་འགྲུབ་མཐོང་སྨོན་གླིང་དུ་སྦྱར་བ་དགེ་ལེགས་ཆེར་འཕེལ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་དང་འབྲེལ་བའི་སྒོ་ནས་དབང་བཞི་ཡོངས་རྫོགས་ཕྲིན་ལས་བཞིའི་བཀའ་གཏད་དང་བཅས་པ་མཆོག་ཐུན་གྲུབ་པའི་རིན་ཆེན་དབང་རྒྱལ། ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།

p. 268
p. 269

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་དང་འབྲེལ་བའི་སྒོ་ནས་དབང་བཞི་ཡོངས་རྫོགས་ཕྲིན་ལས་བཞིའི་བཀའ་གཏད་དང་བཅས་པ་མཆོག་ཐུན་གྲུབ་པའི་རིན་ཆེན་དབང་རྒྱལ་ཞེས་བྱ་བ་བཞུགས་སོ། །

p. 270

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། འདིར་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་དང་འབྲེལ་བའི་སྒོ་ནས་དབང་བཞི་ཡོངས་རྫོགས་ཕྲིན་ལས་བཞིའི་བཀའ་གཏད་དང་བཅས་པ་བགྱིད་པར་བྱ་བ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། གང་དུ་བྱ་བའི་གནས་དགེ་ཞིང་ཤིས་པར་དཀྱིལ་འཁོར་གྱི་དབུས་སུ་ཚོམ་བུ་ལྔ་དང༌། མཉྫིའི་ཁར་གཏོར་མ་སོགས་འོག་ནས་འབྱུང་བའི་ཡོ་བྱད་དང༌། ཉེར་སྤྱོད་སོགས་མཛེས་ཤིང་བཀྲ་བར་བཤམས། དེ་ནས་བདེ་མཆོག་ཕག་མོ་གང་རུང་གི་བདག་བསྐྱེད་སྔོན་དུ་སོང་ནས། མདུན་བསྐྱེད་མགོན་པོའི་དཀྱིལ་འཁོར་ནུས་ལྡན་དུ་བསྒྲུབ་པར་བྱའོ། །གཉིས་པ་དངོས་གཞི་ལ་ཕྱི་འཇུག་དང་ནང་འཇུག་དབང་དངོས་དང་གསུམ། དང་པོ་ནི།

p. 271

སློབ་མ་རྣམས་ལ་ཁྲུས་བྱས། སྤྲོ་ན་བདེ་མཆོག་ལྟར་འབྱུང་གཏོར་བཏང་ཞིང་བསྡུ་ན། ཧཱུྃ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སོགས་ཀྱིས་བགེགས་བསྐྲད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་ཁྲོ་ཆུང་དང་མཚོན་ཆ་མེ་དཔུང་གི་ཚོགས་དཔག་ཏུ་མེད་པས་གནོད་བྱེད་གདོན་བགེགས་ལོག་འདྲེན་འབྱུང་པོ་རྣམས་སྟོང་གསུམ་སྲིད་པའི་ལྕགས་རིའི་ཕ་མཐར་བསྐྲད་དེ། སླར་ཚུར་འདུས་པ་ལས་བྱུང་བའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བས་ཀུན་ནས་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ། ཞེས་པས་སྲུང་འཁོར་བརྟན་པོར་

p. 272

བསྒོམ་མོ། །གཉིས་པ་ནི། ཁྱེད་རང་རྣམས་ཀྱིས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་རྗེས་གནང་བཞེད་པར་གདའ་བས། དེ་ལ་ཐོག་མར་ཀུན་སློང་རྣམ་པར་དག་པ་ཞིག་གི་སྒོ་ནས་གསན་དགོས་པ་ཡིན་ལ། དེས་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་བདེའི་འབྲས་བཟང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྨིན་བྱེད་ཟབ་མོའི་དབང་བསྐུར་གྱི་རིམ་པ་ཞུ་ཞིང་དོན་ཉམས་སུ་ལེན་པར་བྱའོ་སྙམ་པའི་འདུན་པ་དང་བཅས་ཏེ་ལེགས་པར་གསན་འཚལ། དེའང་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འདི་ཉིད་ཞལ་ཕྱག་གི་རྣམ་པ་ཙམ་མ་གཏོགས། དོན་དུ་ཁྱབ་བདག་རྡོ་རྗེ་འཆང་ཉིད་རྣམ་པ་འཁོར་ལོ་བདེ་མཆོག་གི་ཚུལ་དུ་བཞེངས་པ་དང་ངོ་བོ་དབྱེར་མེད་ཅིང༌། བསྐལ་བཟང་འདྲེན་པ་སྟོང་གི་

p. 273

བསྟན་པ་སྲུང་བའི་གཙོ་བོ་རུ་གྱུར་པ་སྟེ། དེ་ཡང་མགོན་པོ་འདི་ཉིད་སྔོན་གྱི་དུས་སུ་བདུད་ཀྱི་སྤྲུལ་པ་དྲག་པོ་འཇིགས་བྱེད་དང་ཨུ་མ་གཉིས་ཀྱིས་དབང་དུ་བྱས་ཏེ་འཇིག་རྟེན་གྱི་ཁམས་ཀུན་དུག་གསུམ་ལ་བསྒྱུར་ཏེ་མ་རུངས་པར་གྱུར་པའི་ཚེ། འོག་མིན་གྱི་བདེ་གཤེགས་རྡོ་རྗེ་འཆང་ཉིད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས། ཡེ་ཤེས་དང་འཇིག་རྟེན་སྦྱོར་བའི་ཚུལ་གྱིས་དཔལ་ནག་པོ་ཆེན་པོ་སྲས་ཀྱི་རྣམ་པར་སྤྲུལ་པས་བདུད་ཕོ་མོ་དེ་དག་བཏུལ་ཞིང་དུར་ཁྲོད་དང་གནས་ཡུལ་རྣམས་རྡོ་རྗེའི་ཞིང་དང་འབྲེལ་ཚད་དོན་ལྡན་དུ་བྱིན་གྱིས་བརླབས་པས་ན་ཡི་དམ་དང་མགོན་པོ་དབྱེར་མེད་དེ། དེའང་ནག་པོ་ཆེན་པོ་ཐོད་པ་སྲོག་གི་སྤུ་གྲིའི་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ལས། ཕྱི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ། །ནང་ལྟར་བཅོམ་ལྡན་འཁོར་ལོ་སྡོམ། །གསང་

p. 274

བ་ཡེ་ཤེས་བྱ་རོག་མཚན། །ངོ་བོ་དབྱེར་མེད་ཐ་དད་བྲལ། །དེས་ན་ཤཱཀྱ་སེང་གེ་ཡི། །བསྟན་པ་འདི་ཡི་ཆོས་སྐྱོང་ཡིན། །ཞེས་གསུངས་པ་ལྟར་མགོན་པོ་འདི་ཉིད་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་དུ་འཕགས་ཤིང༌། བདུད་སྡེ་དགྲ་བགེགས་སྒྲོལ་བ་དང༌། བསྟན་པ་ལ་ཐུགས་ཤིན་ཏུ་བརྩེ་ཕྱིར་ཆོས་སྐྱོང་གཞན་ལས་བྱིན་མཐུ་ཚན་ཆེ་ཞིང༌། སྒྲུབ་པའི་གང་ཟག་ལ་སྙིང་ཉེ་བ་སྟེ། དེ་ལྟ་བུའི་བསྟན་སྲུང་ཀུན་གྱི་མཐར་ཐུག་དཔལ་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་ལ། རིང་བརྒྱུད་སྟོན་པ་རྫོགས་པའི་སངས་རྒྱས་ནས་བརྒྱུད་ཚུལ། ཉེ་བརྒྱུད་མཁའ་འགྲོ་མ་སེང་གེའི་གདོང་ཅན་ནས་བརྒྱུད་ཚུལ། སློབ་དཔོན་ཀླུ་སྒྲུབ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ་ཙཱ་བཅས་པས་ལུང་བསྟན་གཏེར་ནས་བརྒྱུད་ཚུལ་དང་གསུམ་དུ་བཞུགས་པ་ཐམས་ཅད་ཀྱི་བརྒྱུད་པ་ཆུ་བོ་སུམ་འདྲེས། རྗེ་

p. 275

བདེ་བར་གཤེགས་པ་ཕག་མོ་གྲུ་པ་ལ་འདུས་ཤིང༌། དེ་ནས་རྗེ་ཕག་གྲུ་ནས་རིམ་པར་བརྒྱུད་པ་གསེར་རིའི་ཕྲེང་བ་ད་ལྟའི་བར་དུ་ཟམ་མ་ཆད་ཅིང༌། བྱིན་རླབས་ཀྱི་ཁ་མ་བྲི། དངོས་གྲུབ་ཀྱི་མཚོ་མ་སྐམ། དམ་སེལ་དང་འདྲེས་ཁྱེར་གྱི་བསླད་མ་ཞུགས་པའི་དབང་བསྐུར་ཟབ་མོ་བྱ་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ཟིན་ནས་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཕུལ། ཞེས་མཎྜལ་འབུལ་བཅུག །དེ་ནས་ཐོག་མར་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་བསྟན་པ་བསྲུང་བ་དང༌། །དཀོན་མཆོག་དབུ་འཕང་བསྟོད་པ་དང༌། །ལོག་འདྲེན་བགེགས་རྣམས་ཚར་གཅོད་ཕྱིར། །མགོན་པོའི་དབང་བསྐུར་བསྩལ་དུ་གསོལ། །ཞེས་ལན་གསུམ། དེ་ནས་དབང་བསྐུར་བར་བྱེད་པ་ལ་ཐོག་མར་ཡུལ་དམ་པ་

p. 276

རྣམས་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཀྱིས་རྒྱུད་སྦྱང་བར་བྱ་སྟེ། དེ་ལ་མདུན་གྱི་ནམ་མཁར་མཆོག་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟར་བཞུགས་པའི་དྲུང་དུ། དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །དཔའ་བོ་དང་ནི་རྣལ་འབྱོར་མར། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་དང༌། སྐྱབས་ཡུལ་དེ་དག་གི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དམ་བཅའ་བརྟན་པོ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བྱ། །ལན་གསུམ། དེ་ནས་ཚོགས་

p. 277

བསགས་པའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདི་དག་ཚིག་དོན་ཡིད་ལ་དྲན་བཞིན་པས་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་གསོལ་བ་འདེབས། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང༌། །དམ་ཚིག་ཐམས་ཅད་སྐྱོང་བ་དང༌། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བ་བདག་གིས་བསྒྲུབ་པར་བགྱི། །རྟེན་སོགས་དགེ་བ་འདི་དག་གིས། །རྣམ་པ་མཆོག་ཀུན་ལྡན་པ་ཡི། །སངས་རྒྱས་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་གྲོལ་བྱེད་ཤོག །ལན་གསུམ། དེ་ནས་དེ་བཞིན་དུ་གནང་བ་སྦྱིན་པ་ནི། འདི་དག་ལ་གསན་ཅིང་སྤྲོ་བ་བསྐྱེད་པར་འཚལ། ཡེ་ཤེས་གསང་བའི་དཀྱིལ་འཁོར་ནི། །འདི་རུ་བུ་

p. 278

ཁྱོད་གཞུག་པར་བྱ། །ཁྱོད་ཀྱི་བསྟན་པ་སྲུང་དོན་དུ། །བདག་གིས་ཁྱོད་ལ་བསྐུར་བར་བྱ། །ཞེས་བརྗོད། གསུམ་པ་དབང་དངོས་བསྐུར་བ་ལའང་དབང་གི་གཞི་འགོད་པ་དང༌། དབང་བཞི་དངོས་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ། ཨོཾ་ཨཱཿབིགྷྣན་ཏ་ཀྲི་ཏ་ཧཱུྃ་ཕཊ་ཀྱིས་བསང་ཞིང༌། སྭ་བྷཱ་ཝས་སྟོང་པར་སྦྱང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སློབ་དཔོན་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་འཕྲོས། ཁྱེད་རང་རྣམས་ཀྱི་གོ་སར་ཕོག་པས་དབྱེར་མེད་དུ་གྱུར་པའི་ངང་ལས་ས་ཕྱོགས་འདི་ཉིད་འོག་མིན་གྱི་དུར་ཁྲོད་ཆེན་པོར་བརྡལ་བའི་དབུས་སུ་པདྨ་ནག་པོ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཉི་མ་དང་བདུད་བཞི་བསྣོལ་མར་བརྩེགས་པའི་གདན་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་ཞལ་གཅིག་ཁྲོ་ལ་གཏུམ་པ། ཞལ་

p. 279

གདངས་ཤིང་མཆེ་བ་བཞི་གཙིགས་ཏེ་ལྗགས་བསྐལ་པའི་གློག་ལྟར་འཁྱུག་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་ཤིང༌དབུ་སྐྲ་དང་སྨར་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར་ཞིང་གྱེན་དུ་བརྫེས་པ། གཡས་ཀྱི་དང་པོ་ན་བེ་ཏའི་འབྲས་བུ། གཉིས་པ་ན་རལ་གྲི། གཡོན་གྱི་དང་པོ་ན་ཐོད་ཁྲག །གཉིས་པ་ན་ཁ་ཊྭཱཾ་ག་འཛིན་པ། ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན་ཅིང༌། སྦྲུལ་རིགས་ལྔ་དང་མགོ་རློན་གྱི་ཕྲེང་བས་སྐུ་དང་ཡན་ལག་སྤྲས་ཤིང༌། ཞིང་དང་སྟག་གི་པགས་པ་ཁྲག་འཛག་པའི་བླ་གོས་དང་སྨད་གཡོགས་གསོལ་བ། ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་ན་ཞབས་གཉིས་ཙན་དན་འཁྱིལ་བའི་འདུག་སྟངས་ཀྱིས་བཞུགས་པར་གསལ་བ་དང༌། མདུན་གྱི་གཏོར་སྣོད་འོག་མིན་གྱི་དུར་ཁྲོད་བསིལ་བའི་ཚལ་འཇིགས་སུ་རུང་བའི་དབུས་སུ་གཏོར་མ་

p. 280

རྩ་བའི་བླ་མ་དང་དབྱེར་མ་མཆིས་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བྱིན་ཅན་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། འཁོར་ལེགས་ལྡན་བྱ་སེང་ཡུམ་གསུམ་སོགས་ཡང་འཁོར་སྟོང་འབུམ་བྱེ་བའི་ཚོགས་དང་བཅས་པ་ཐམས་ཅད་མངོན་སུམ་བཞིན་གསལ་བའི་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རྩ་གསུམ་བླ་མ་ཡི་དམ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་པའི་གཏོར་མའི་ལྷ་ཚོགས་དང༌། སློབ་མ་ལྷར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསྒོམས་ལ་མོས་འདུན་རྩེ་གཅིག་པས་འབྲུ་གསུམ་ལན་བདུན་བརྗོད་ཅིང༌། ཨོཾ་ཨཱཿཧཱུྃ། ཞེས་ལན་བདུན་བརྗོད། དེ་ནས་

p. 281

སློབ་དཔོན་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་དམ་ཚིག་བསྐུལ་བའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས་ཏེ་མི་མཇེད་སྟོང་གསུམ་གྱི་བསིལ་བ་ཚལ་ནས་གདོད་ནས་གནས་པའི་ཡེ་ཤེས་ཀྱི་མགོན་པོ་བྱེ་སྙེད་གྲངས་མེད་པ་འཁོར་དང་བཅས་པ་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ནས་མདུན་གྱི་གཏོར་མའི་ལྷ་དང་སློབ་མའི་སྒོ་གསུམ་ལ་བྱིན་རླབས་ཀྱི་ཚུལ་དུ་ཆར་ཆེན་བབས་པ་ལྟར་སིབ་སིབ་ཐིམ་སྟེ་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད་ཅིག །གུ་གུལ་ཤ་ཆེན་ཙན་དན་སྦྱར་བའི་བདུག་སྤོས་འཐུལ་ཞིང་རོལ་མོ་བཅས། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་པ་མ་ཧཱ་ཀཱ་ལ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ཡུན་དུ་བྱིན་དབབ། དེ་ལྟར་བྱིན་ཕེབས་པ་དེ་ཉིད་བརྟན་པར་བྱ་བའི་སླད་དུ་ཨོཾ་ཛྙཱ་ན་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་

p. 282

ཅིང་རྡོ་རྗེ་མེ་ཏོག་དང་བཅས་པ་མགོ་བོར་བཞག །གཉིས་པ་དངོས་གཞི་དབང་བསྐུར་བ་དངོས་ལ་བཞི་ལས། དང་པོ་ལ་རྒྱུད་སྦྱང་བ་བུམ་པའི་དབང་དང༌། དེའི་རྗེས་འབྲེལ་གཏོར་དབང་གཉིས་ལས་དང་པོ་ནི། དེ་ནས་དངོས་གཞི་དབང་བསྐུར་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ། ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ལ་དབང་བསྐུར་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང༌། །བདག་ལ་རྡོ་རྗེའི་དབང་བསྐུར་སྩོལ། །ལན་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་གདན་གསུམ་ཚང་བའི་ལྷ་རྣམས་ཕྱུང་སྟེ་དྲི་མ་འཁྲུད་ཅིང་ཡོན་ཏན་ཡར་ལྡན་དུ་སྤེལ་བའི་ཐོག་མར་བུམ་དབང་གི་བྱ་བ་མཛད་པའི་མོས་པ་མཛོད་ཅིག །བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་ནས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་ཤྲཱི་ཡེ་ཧཱུྃ། ཧཱུྃ། མི་ཤིགས་རྡོ་རྗེའི་བདག་ཉིད་ཅན། །རྒྱལ་བ་ཀུན་གྱིས་ཕྱག་བྱས་

p. 283

པ། །སངས་རྒྱས་ཀུན་གྱི་གསང་གསུམ་ཆེ། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བུམ་པའི་ཡེ་ཤེས་ལྔ་ཡི་ཆུ་རྒྱུན་གྱིས་སྒོ་གསུམ་གྱི་དྲི་མ་མ་ལུས་པར་སྦྱངས་ཤིང༌། ཡེ་ཤེས་ཀྱི་བདུད་རྩིས་ལུས་ཁེངས་ཏེ། ཆུ་ཞབས་སྤྱི་བོ་རལ་པའི་གསེང་དུ་འཁྱིལ་བ་ལས་བླ་མ་མི་བསྐྱོད་ཧེ་རུ་ཀས་དབུ་བརྒྱན་པར་གྱུར། ཅེས་མོས། གཉིས་པ་ནི། དངོས་གཞི་དབང་བསྐུར་བ་ལ། གཏོར་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང༌། དེ་དང་འབྲེལ་བའི་དབང་བཞི་ཡོངས་རྫོགས་རྗེས་འབྲེལ་ཕྲིན་ལས་བཞི་དང་བརྟུལ་ཞུགས་སྦྱིན་པ་རྣམས་རིམ་པ་བཞིན་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མའི་ལྷ་ཚོགས་རྣམས་བསྐུལ་བས། དེ་དག་གི་སྐུ་ལས་འོད་ཟེར་དཀར་པོ་བྱུང་། ཁྱེད་རང་རྣམས་ཀྱི་

p. 284

དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཞུགས། སྐུ་རྡོ་རྗེའི་ནུས་པ་ཐོབ། ལམ་དུས་སུ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར་སྙམ་པའི་མོས་པ་མཛོད་ཅིག །ཨོཾ། ངོ་མཚར་རྨད་བྱུང་ཡིད་བཞིན་ནོར་འདྲའི་སྐུ། །དཔལ་ལྡན་མགོན་པོའི་གཟི་བརྗིད་སྐུ་ཡི་དབང༌། །ལུས་ལ་བསྐུར་བས་མཐུ་སྟོབས་དཔལ་དང་ལྡན། །སྲིད་གསུམ་གདུག་པ་མ་ལུས་འདུལ་བར་ཤོག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་བརྗོད་ལ་གཏོར་མ་སྤྱི་བོར་བཞག །སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མའི་ལྷ་ཚོགས་རྣམས་བསྐུལ་བས། དེ་དག་གི་གསུང་ལས་འོད་ཟེར་དམར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ཞུགས།

p. 285

གསུང་རྡོ་རྗེའི་ནུས་པ་ཐོབ། ལམ་དུས་སུ་ངག་བཟླས་བརྗོད་བྱེད་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར་སྙམ་པའི་མོས་པ་མཛོད་ཅིག །ཨོཾ། ངོ་མཚར་རྨད་བྱུང་ཡིད་བཞིན་ནོར་འདྲའི་སྐུ། །དཔལ་ལྡན་མགོན་པོའི་ནུས་མཐུ་གསུང་གི་དབང༌། །ངག་ལ་བསྐུར་བས་ཁམས་གསུམ་དབང་དུ་སྡུད། །སྲིད་གསུམ་གདུག་པ་མ་ལུས་འདུལ་བར་ཤོག །སྔགས་མཐར། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་གཏོར་མ་མགྲིན་པར་བཞག །དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཏོར་མའི་ལྷ་ཚོགས་རྣམས་བསྐུལ་བས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་མཐིང་ཀ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཐུགས་རྡོ་རྗེའི་ནུས་པ་ཐོབ། ལམ་དུས་སུ་ཏིང་ངེ་འཛིན་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་

p. 286

ཐོབ་པའི་སྐལ་ལྡན་དུ་གྱུར་སྙམ་པའི་མོས་པ་མཛོད་ཅིག །ཨོཾ། ངོ་མཚར་རྨད་བྱུང་ཡིད་བཞིན་ནོར་འདྲའི་སྐུ། །དཔལ་ལྡན་མགོན་པོའི་མཁྱེན་བརྩེ་ཐུགས་ཀྱི་དབང༌། །ཡིད་ལ་བསྐུར་བས་བསྟན་པའི་དགྲ་བགེགས་སྒྲོལ། །སྲིད་གསུམ་གདུག་པ་མ་ལུས་འདུལ་བར་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏོར་མ་སྙིང་གར་བཞག །དེས་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གྲུབ་ནས། གཉིས་པ་གསུང་གསང་བ་དང༌། ཐུགས་ཤེར་དབང་གཅིག་ཆར་དུ་བསྐུར་བ་ལ། བླ་མ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཀྱི་བདུད་རྩི་ཐོད་པའི་བདུད་རྩི་དང་འདྲེས་པ་ཁྱེད་རང་གི་ངག་ལ་བྱིན་པས་རྩ་ཁམས་ཐམས་ཅད་ལྟེམ་གྱིས་གང༌། རྩ་རླུང་ཁམས་ཀྱི་དྲི་མ་ཐམས་ཅད་དག་པར་བྱས། རླུང་སྔགས་དབྱེར་མེད་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། སླར་ཡང་བདུད་རྩི་མྱོང་བས་དགའ་བཞིའི་ཡེ་ཤེས་

p. 287

མངོན་དུ་བྱས། ཟག་མེད་ཀྱི་བདེ་བས་ལུས་གང༌། བདེ་སྟོང་དཔེའི་ཡེ་ཤེས་གཅིག་ཆར་དུ་རྟོགས། ཐུགས་ཐིག་ལེ་རྡོ་རྗེ་བདེ་བ་ཆེན་པོ་བསྒོམ་པ་ལ་དབང༌། དོན་བདེ་སྟོང་དབྱེར་མེད་བསྒོམས་པས་ཡེ་ཤེས་ཕྱག་རྒྱའི་སྙོམས་འཇུག་བསྒོམ་པ་ལ་མངའ་དབང་འབྱོར་ཞིང་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་སྐལ་པ་དང་ལྡན་པར་མོས་མཛོད། ཨ། གསང་བ་ཡེ་ཤེས་བདུད་རྩི་ཆེ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ། །རྩ་ཁམས་བདེ་སྟོང་རང་བཞིན་ལས། །ཐབས་ཤེས་བདེ་བའི་དབང་ཐོབ་ཤོག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧོཿ ཞེས་བརྗོད་ཅིང་བདུད་རྩི་བླུད། བཞི་པ་དོན་གྱི་ཡེ་ཤེས་ཚིག་གི་དབང་བསྐུར་བ་ལ། སྒོ་གསུམ་བདེ་བ་ཆེན་པོའི་ཉམས་ཀྱིས་ཡོངས་སུ་གང་ཞིང༌། ཟག་མེད་བདེ་བ་དེ་རྣམས་བཟོད་མེད་ཀྱི་བདེ་བ་དང་སྟོང་པ་དབྱེར་མེད་

p. 288

རིས་སུ་མ་ཆད་པས་ན་སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་གྱུར་པ་སྟེ་དབང་བཞི་པ་དོན་གྱི་ཡེ་ཤེས་ཚིག་གིས་ངོ་སྤྲད་པ་དེ་ལྟ་བུའི་དོན་ལ་བློ་བཞག་པ་ངེས་འཚལ། ཧཱུྃ། གཉིས་མེད་ཡེ་ཤེས་རྡོ་རྗེ་ཡིས། །སྐྱེ་མེད་སེམས་ཉིད་སྨིན་བྱས་ནས། །ཏིང་འཛིན་ཡེ་ཤེས་མངོན་གྱུར་ཏེ། །རྡོ་རྗེའི་ས་མཆོག་ཐོབ་པར་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྡོ་རྗེ་རྩེ་ལྔ་པ་སྙིང་གར་བཞག །དེ་ལྟར་དབང་བཞི་པ་ཚིག་གིས་ངོ་སྤྲད་པས་ལམ་ཕྱག་རྒྱ་ཆེན་པོ་མཐའ་བྲལ་དོན་དམ་གྱི་ཡེ་ཤེས་བསྒོམ་པ་ལ་དབང༌། ཟུང་འཇུག་ཡེ་ཤེས་རྡོ་རྗེ་མངོན་དུ་བྱས། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་གྱུར་པའོ། །དེ་ལྟར་དཔལ་མགོན་ནག་པོ་ཆེན་པོའི་དབང་བཞི་བསྐུར་བ་སྔོན་དུ་གྲུབ་ནས། སླར་ཡང་དཔལ་མགོན་པོ་ནག་པོ་ཆེན་པོའི་ཕྲིན་ལས་བཞིའི་བཀའ་གཏད་པ་དང༌། བརྟུལ་ཞུགས་ལས་བཞིའི་སྒོ་རྣམས་སྦྱིན་པ་

p. 289

ནི། ལག་གཡས་སུ་བེ་ཏའི་འབྲས་བུ་གཏད་ལ། ཧཱུྃ། ངོ་མཚར་པདྨ་རཱ་གའི་མདངས། །དབང་མཛད་བེ་ཏའི་འབྲས་བུ་ཡིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཁམས་གསུམ་དབང་དུ་འདུས་པར་ཤོག །ཨོཾ་མ་ཧཱ་ཀཱ་ལ་བྷར་ཀུ་རཱ་ག་ཨ་བྷི་ཥིཉྩ་ཧཱུྃ། གཡོན་དུ་ཐོད་པ་བདུད་རྩིས་གཏམས་པ་གཏད་ལ། ཧཱུྃ། ནད་གདོན་མ་ལུས་འཇོམས་པ་དང༌། །བར་ཆད་རྐྱེན་ངན་ཀུན་ཞི་ཕྱིར། །ཐོད་པའི་བདུད་རྩིས་དབང་བསྐུར་བས། །ཞི་བའི་ལས་ཀུན་འགྲུབ་པར་ཤོག །ཨོཾ་མ་ཧཱ་ཀཱ་ལ་ཀ་པཱ་ལ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་ལག་གཡོན་དུ་ཁ་ཊྭཱཾ་གཏད་ལ། ཧཱུྃ། ཡིད་སྲུབས་དཔུང་ལས་རྒྱལ་མཛད་པ། །རྡོ་རྗེ་ལས་བྱུང་ཁ་ཊྭཱཾ་ག །ཚེ་དང་ནོར་གྱི་རྒྱུན་འབབས་པ། །རྒྱས་མཛད་མཆོག་གི་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཁ་ཊྭཱཾ་ག་ཨ་བྷི་ཥིཉྩ་ཧཱུྃ། ལག་གཡས་སུ་རལ་གྲི་གཏད་ལ། ཧཱུྃ། མ་རུངས་བདུད་ཚོགས་འདུལ་བའི་ཕྱིར། །གཡུལ་

p. 290

ལས་རྣམ་རྒྱལ་བརྟུལ་ཞུགས་མཚོན། །རེག་གཅོད་རལ་གྲི་འདི་སྦྱིན་པས། །བསྟན་དགྲ་མ་ལུས་ཚར་ཆོད་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཁརྒ་ཎ་ཚིནྡྷ་ཨ་བྷི་ཥིཉྩ་ཧཱུྃ། གསུམ་པ་རྗེས་ནི། དེ་ལྟ་བུས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་དབང་བསྐུར་མཐའ་རྟེན་དང་བཅས་པ་ལེགས་པར་ཐོབ་པ་ཡིན་པས། དེ་དག་གི་སྤྱིའི་དམ་ཚིག་ཏུ་བྱ་ནག་གཡག་ནག་ལུག་ནག་རྟ་ནག་ཁྱི་ནག་སོགས་ལ་མི་འཚེ་ཞིང་མཆོད་པ་དང༌། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་དེ་འཛིན་པའི་གང་ཟག་ལ་ག་དར་དང་གཅེས་སྤྲས་བྱེད་ཅིང༌། ལྷག་པར་ལྷ་འདིའི་དབང་གང་ལས་ཞུས་པའི་བླ་མ་ལ་ལོག་ལྟ་སྐད་ཅིག་ཙམ་ཡང་མི་བྱ་ཞིང༌། བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལ་བརྩོན་ཏེ་དུས་ཀྱི་མཆོད་པ་མི་བཅག །བསྟན་དང་བླ་མའི་ཞབས་ཏོག་ལས་རང་འདོད་ཡིད་བྱེད་ཀྱི་ཞེན་པ་དང་བྲལ་བའི་སྒོ་ནས་ཚུལ་

p. 291

བཞིན་སྒྲུབ་པ་སོགས་སྲུང་སྡོམ་གྱི་རིམ་པ་དེ་དག་མི་ཉམས་པར་བསྲུང་ངོ་སྙམ་པའི་དམ་བཅའ་བརྟན་པོ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེར་མ་ཟད་ལུས་ལོངས་སྤྱོད་དང་བཅས་པ་བླ་མ་དང་དཀྱིལ་འཁོར་གྱི་ལྷར་ཕུལ་བས་ཆ་ཤས་ནས་ལོངས་སྤྱད་པར་མོས་པ་བཅས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་དང་གཞན་ཡང་བཀྲ་ཤིས་དང་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་སློབ་མ་སོ་སོར་གྱེས། བདག་མདུན་ཆོ་གའི་མཇུག་རྣམས་དཀྱུས་ལྟར་བཏང་ངོ༌། །ཞེས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་ཉུང་བསྡུས་འདི་ལྟར་དགོས་ཞེས་དཔལ་ཆོས་རྗེ་སྐྱོ་བྲག་པའི་བརྒྱུད་འཛིན་སྡེ་སྣོད་འཆང་བའི་བཤེས་གཉེན་དམ་པ་ཀརྨ་འདུལ་བ་ལྷ་དར་ནས་ནན་བསྐུལ་ངོར། སྔ་ནས་རླངས་{གླང་}རས་པའི་སློབ་མ་ཆོས་རྗེ་བསོད་ནམས་བཟང་པོ་དང༌། རྨ་སེ་བློ་གྲོས་རིན་ཆེན་གཉིས་བྱུང་སྟེ། སྙན་བརྒྱུད་ཀྱི་

p. 292

བརྒྱུད་པ་ཟུང་དུ་འབྲེལ་ཞིང༌། དེ་ནས་བཟུང་སྟེ་ཆོས་རྗེ་སྐྱོ་བྲག་པ་དང༌། དཔལ་ལྡན་ཟུར་མང་གི་བརྒྱུད་པ་བླ་སློབ་རེས་མོས་ཀྱིས་འབྲེལ་ཞིང་ཆུ་བོ་གཅིག་འདྲེས་སུ་གྱུར་བཞིན། ཚུལ་འདིའང་རྗེ་ལེགས་བཤད་སྒྲ་དབྱངས་ཀྱིས་སྩལ་བའི་ཡིག་ཆ་ལ་གཞིར་བཟུང༌། སྐྱོ་བྲག་ཀརྨ་ཡེ་ཤེས་ཀྱི་གསུང་གིས་ཟུར་བརྒྱན་ཏེ་རང་འདོད་ཀྱི་བསྲེ་བསླད་མ་ཞུགས་པར། རིག་འཛིན་འབར་བའི་རྡོ་རྗེ་སྟོབས་ལྡན་བདུད་འདུལ་གླིང་པ་རྩལ་ལམ། ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེས་སྤྱི་འབྱམས་ཕུན་ཚོགས་མདོ་སྔགས་བཤད་སྒྲུབ་དར་རྒྱས་ཆོས་གླིང་གི་སྒྲུབ་སྡེ་ནས་བྲིས་པ་འདིས་ཀྱང་རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག ། ༈ བརྒྱུད་པ་ནི། རྡོ་རྗེ་འཆང༌། མགོན་པོ་ཀླུ་སྒྲུབ། ཨརྱ་དཱེ་ཝ། རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་ཆུང་བ། ཙ་མི་སངས་རྒྱས་གྲགས། དཔལ་ཆེན་རྒྭ་ལོ་ཙཱ། བླ་མ་ཨ་སེང༌། འགྲོ་མགོན་ཕག་མོ་གྲུ་པ། སྟག་ལུང་ཐང་པ་ཆེན་པོ། སངས་རྒྱས་སྒོམ་པ། བླ་མ་མཁས་པ་བ། ཆོས་རྗེ་མངྒ་ལ་གུ་རུ། སངས་རྒྱས་དཔལ་བཟང༌། རཏྣ་གུ་རུ། རཏྣ་ཀ་ར། རིན་ཆེན་དཔལ་བཟང༌། འབལ་རིན་ཆེན་སེངྒེ། འབལ་སྨོན་ལམ་དཔལ་འབྱོར། ཆོས་རྗེ་ངག་དབང་གྲགས་པ། ངག་དབང་ཆོས་ཀྱི་རྒྱལ་པོ། ཀུན་དགའ་བཀྲ་ཤིས། བསྟན་འཛིན་བཟང་པོ་ནས་དོན་བརྒྱུད་ལྟར་རོ།། །།

དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་ཟབ་མོ་ཕྲིན་ལས་ལྷུན་གྲུབ་ཀྱི་ཆོ་ག་གསལ་བར་བྱས་པ། མ་ཏི་རཏྣ།

p. 293

༄༅། །དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་ཟབ་མོ་ཕྲིན་ལས་ལྷུན་གྲུབ་ཀྱི་ཆོ་ག་གསལ་བར་བྱས་པ་བཞུགས་སོ། །

p. 294

རྣམ་ཀུན་མཆོག་ལྡན་ཕ་རོལ་ཕྱིན། །རྣམ་བཅས་ལྷ་མོའི་སྐུར་སྣང་བ། །ཁྲག་འཐུང་དུད་སོལ་ལ་བཏུད་ནས། །རྗེས་གནང་བྲི་ལ་གནང་བ་སྩོལ། །འདིར་དཔལ་ལྡན་ནཱ་རོ་པ་དང་མར་རྔོག་ཡབ་སྲས་ཀྱི་བསྟན་སྲུང་གཙོ་མོ་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་ཟབ་མོ་སྒྲུབ་བརྒྱུད་འབའ་རོམ་པའི་བཀའ་སྲོལ་ལྟར་བགྱི་བར་འདོད་པས་འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་སྟེགས་དབུས། གཏོར་དཀྱིལ་མེ་རི་རྡོ་ར་ཐོད་ར་ཟླུམ་སྐོར་དབུས་གྲུ་གསུམ་མཐིང་ནག་གི་ལྟེ་བར་འབྲུ་ནག་གི་ཚོམ་བུ་བཀོད། དེའི་སྟེང་དུ་ལྷ་མོའི་རྟག་གཏོར་རམ། ལས་གཏོར་ཏྲི་

p. 295

ཤུ་ལའི་དབྱིབས་ཅན་འཁོར་དམར་གཏོར་གསུམ་བཅས་དཀར་དམར་རྒྱན་ཅན་སྐུ་ཙཀ་དར་གདུགས་ཅན་བཤམས། གཡས་གཡོན་ཕྱག་མཚན་རྣམ་བཞི་ལས་བུམ་སྔགས་ཕྲེང་སོགས་དང༌། མདུན་དུ་འབུལ་གཏོར་སྨན་རཀ་ཉེར་སྤྱོད་ཚོགས་ཀྱི་རྫས་ཡོ་བྱད་སོགས་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་ནི། སྤྱིར་དགྱེས་རྡོར་གདན་བཞིའི་བདག་བསྐྱེད་སྒོམ་གསུངས་ཀྱང་རང་ལུགས་བདེ་མཆོག་མཛད་སྲོལ་ཡོད་པས་དེའི་བདག་སྒོམ་བསྙེན་བཟླས་གསང་སྔགས་ནང་གཏོར་རྣམས་གྲུབ་ནས་ལྷ་མོའི་ཕྱི་སྒྲུབ་གཞུང་ཇི་བཞིན་མཆོད་བསྟོད་བཟླས་པ་ཐུན་གཏོར་དང་ཚོགས་བསྐང་བཤགས་བཅས་བྱས་ལ། ལས་བུམ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་མགོན་དབང་ལྟར་བསྒྲུབ། འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་དང་བཅས་པས་བདག་གི་སློབ་མ་རྣམས་ལ་རྗེས་སུ་གནང་བ་

p. 296

བསྩལ་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སློབ་མ་ལ་ཁྲུས་བྱ། སྔོན་གཏོར་བཏང་ལ་བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་གནས་སྐབས་སུ་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རྐྱེན་བསྲུང་ཞིང་ས་ལམ་གྱི་གྲོགས་མཛད་པ་དང༌། མཐར་ཐུག་རྡོ་རྗེ་བཙུན་མོ་ཤེས་རབ་ཕར་ཕྱིན་དང་གཉིས་སུ་མེད་པར་འཚང་རྒྱ་བའི་སླད་དུ་ལྷ་མོ་དུད་སོལ་མའི་རྗེས་གནང་ཞུ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འདི་ཉིད་དོན་དམ་པར་རྒྱལ་ཡུམ་ཤེས་རབ་ཕར་ཕྱིན། རྗེ་བཙུན་སྒྲོལ་མ། ལྷ་མོ་དབྱངས་ཅན་མ་སོགས་དང༌། རྡོ་རྗེ་ཕག་མོ། ཀུ་རུ་ཀུལླེ། དབྱིངས་ཡུམ་མུ་ཁ་ལེ་སོགས་ཞི་ཆགས་ཁྲོས་མའི་རྣམ་འགྱུར་སྣ་ཚོགས་པས་

p. 297

གང་འདུལ་འགྲོ་བའི་དོན་ནམ་མཁའ་ཇི་སྲིད་བར་མཛད་པའི་རོལ་མོ་ཅིར་ཡང་སྒྱུར་བ་སྟེ། ཇི་སྐད་དུ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་གསུམ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡིས། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ཅེས་འབྱུང་བ་དང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྡོ་རྗེ་གདན་བཞི་དང༌། རྒྱུད་སྡེ་གོང་འོག་གི་སྒྲོལ་མའི་རྒྱུད། གཞན་ཡང་གཟུངས་མདོ་ཅི་རིགས་པ་རྣམས་ནས་རྒྱ་ཆེར་བསྟན་ཅིང༌། བྱེ་བྲག་ལྷ་མོ་སྤྱི་རྒྱུད་མེ་ལྕེ་འབར་མ་དང་སྒོས་རྒྱུད་དངོས་གྲུབ་འབྱུང་བ་སོགས་ལ་བརྟེན་ནས་གྲུབ་པའི་སློབ་དཔོན་ཆེན་པོ་བིར་ཝ་པས་སྒྲུབ་ཐབས་མཛད། དེ་ནས་ནག་པོ་པ། ཏཻ་ལོ་པ། ནཱ་རོ་པ་རྣམས་ལས་རིམ་པར་བརྒྱུད་ཅིང་མཁས་གྲུབ་དེ་དག་གི་སྲུང་མའི་གཙོ་བོར་མཛད། དེ་ལས་རྗེ་མར་

p. 298

པ་ལྷོ་བྲག་པས་ཞུས་པ་སྟེ། དེའང་རྗེ་མར་པ་ལོ་ཙཱ་དེ་ཉིད་ཀྱིས་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་སྟེ་བདུན་གྱི་བར་དུ་བྱོན། དཔལ་ནཱ་རོ་པ་ཆེན་པོས་ཐོག་དྲངས་པའི་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་བཅུ་གཉིས། བརྒྱུད་པ་འཛིན་པའི་བླ་མ་བརྒྱ་དང་ལྔ་བཅུ་རྩ་གསུམ། གཞན་རིག་མངོན་ཤེས་མངའ་བའི་བླ་མ་བཅུ་གསུམ་ཙམ། ཁྱད་པར་གྲུབ་ཐོབ་ཞེ་ལྔ། རྗེ་འགྲན་གྱི་དོ་མེད་རྣམ་གཉིས་ཀྱི་དྲུང་དུ་ལོ་ཧྲིལ་པོ་བཅུ་དགུའི་བར་བཞུགས། ཁྱད་པར་དུ་ཡང་དཔལ་ནཱ་རོ་པ་ཆེན་པོ་ལོ་དྲུག་ཟླ་བ་བདུན་གྱི་བར་དུ་བླ་མའི་སྐུའི་གྲིབ་མ་དང་མ་བྲལ་བར་བསྟེན་ནས། ཡི་དམ་བདེ་དགྱེས་གསང་འདུས་ལ་སོགས་པ་མང་དུ་ཞུས་པའི་དུས་སུ་རྗེ་མར་པའི་ཐུགས་དགོངས་ལ་ངའི་བླ་མ་འདི་ལ་གཏོར་མ་དངོས་སུ་ལེན་པའི་ཆོས་སྐྱོང་གསུམ་འདུག་པས། འདི་གསུམ་ཞུ་དགོས་པར་འདུག་སྙམ་ནས།

p. 299

བླ་མ་ལ་ཆོས་སྐྱོང་གཏོར་མ་དངོས་སུ་ལེན་པ་ལ། འདོད་ཁམས་དབང་ཕྱུག་དུད་སོལ་ལྷ་མོ། གནོད་སྦྱིན་ཙ་མུནྚི། ཌཱ་ཀི་མ་སེང་གེའི་གདོང་པ་ཅན་དང་གསུམ་འདུག་པས། གསུམ་པོ་འདི་བདག་ལ་ཞུ་འཚལ་ཞུས་པས། རྗེ་ནཱ་རོ་པ་ཆེན་པོའི་ཞལ་ནས། གསུམ་ཀ་མི་འོང་གང་རུང་ཞིག་འདོམ་གསུངས། དེར་མར་པའི་ཐུགས་དགོངས་ལ། ཆོས་སྐྱོང་གསུམ་ཀ་མི་ཡོང་ན་དུད་སོལ་ལྷ་མོ་འདི་བླ་མའི་ཆོས་སྐྱོང་གི་གཙོ་བོ་མཛད་ཀྱིན་འདུག །ཁྱད་པར་རྒྱུད་ཀྱི་བཀའ་སྲུང་གི་གཙོ་བོར་ཡང་འདུག་པས་ཆོས་སྐྱོང་འདི་ཐུགས་ལ་འདོགས་པར་ཞུ་ཞུས་པས་བླ་མ་ནཱ་རོ་པའི་ཞལ་ནས། བུ་འདོམ་ཁ་མ་ལོག་འདོམ་ཁ་ལེགས། །ཁྱད་པར་ཆོས་སྐྱོང་རྣམ་གསུམ་ལས། །དུད་སོལ་ལྷ་མོ་རྒྱུད་སྲུང་མཆོག །བུ་ཚ་བོ་ཡང་ཚའི་དོན་དུ་ནི། །ལོ་ཙཱ་བ་ཡིས་སྤྱན་དྲོངས་ལ། །དུས་གསུམ་བ་ལིང་མ་ཆག་

p. 300

མཛོད། །མཆོག་དང་ཐུན་མོང་གི་དངོས་གྲུབ་འདི་ལས་འབྱུང༌། །ཆུ་བོ་གང་གཱ་ཕན་ཆད་ན། །དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །ལས་སླ་བར་མ་དགོངས་ཉམས་སུ་ལོངས། །གསུངས་ནས་ཕྱག་དང་གཏོར་མ་སྤྱི་བོར་བཞག་ནས། ལོ་ཙཱ་བ་ཁྱེད་ཚེ་འདིར་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་སྲིད་པ་བར་མ་དོར་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །མི་རྒྱུད་ནམ་མཁའི་འཇའ་ཚོན་ལྟར་ཡལ་ཡང༌། ཆོས་བརྒྱུད་ཆུ་བོའི་གཞུང་དང་འདྲ་བ་འབྱུང་བ་ཡིན་ནོ། །ཁྱེད་ནས་བརྒྱུད་པ་བདུན་ནམ་བཅུ་དྲུག་ཚུན་ཆད་ལ་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག །བྱིན་གྱིས་བརླབ་པ་ལ་ང་རང་སླེབ་ཡོང་གསུངས་ནས་ལུང་བསྟན་མཛད། ཆོས་སྐྱོང་གི་དབང་རྒྱུད་གདམས་པ་ལ་སོགས་པ་མ་ལུས་པ་རྫོགས་པར་གནང་ངོ༌། །རྗེ་མར་པའི་དྲུང་དུ། བླ་མ་རྔོག་གཞུང་པ་ཆེན་པོ་ཆོས་ཀྱི་རྡོ་རྗེས་ཕྱག་རྫས་ཀྱི་དངོས་པོ་

p. 301

ཅི་ཡོད་ཀྱི་འབུལ་མོ་ཆེ་ལན་གསུམ་མཛད་ནས། དགྱེས་རྡོར་གདན་བཞི་མཱ་ཡ་ལ་སོགས་པའི་ཆོས་མང་དུ་གསན། ཁོང་ལ་ཆོས་སྐྱོང་མི་འདྲ་བ་ལྔ་ཙམ་འདུག་པའི་ནང་ནས་ཆོས་སྐྱོང་དུད་སོལ་ལྷ་མོ་གཙོ་བོར་མཛད་ཀྱིན་འདུག །སང་ལྟ་བུ་ཕྱོགས་གཞན་དུ་འགྲོ་བ་ལ། སྲོད་ལ་དུད་སོལ་མའི་གཏོར་ཆོག་རྒྱས་པ་ཞིག་མཛད། གང་དུ་ཐེགས་པའི་ངོས་ལ་གཏོར་མ་ཞིག་ཕུལ་ནས་གཤེགས་ཤིང་འདུག་པས། དུད་སོལ་ལྷ་མོ་འདི་བླ་མའི་ཆོས་སྐྱོང་གི་གཙོ་བོར་མཛད། རྒྱུད་ཀྱི་བཀའ་སྲུང་ཡང་གཙོ་བོར་འདུག་པས་འདི་ཞུ་དགོས་པར་འདུག་སྙམ་ནས། བླ་མའི་དྲུང་དུ་ཕྱག་དང་མཎྜལ་ཕུལ་ནས། བདག་ལ་ཆོས་སྐྱོང་དུད་སོལ་ལྷ་མོ་འདི་ཞུ་འཚལ་ཞུས་པས། རྗེ་མར་པའི་ཞལ་ནས། དེ་ནན་ཏན་བྱེད་པ་ནི་རྟེན་འབྲེལ་ལེགས། ང་ལ་རྗེ་ནཱ་རོ་པ་ཆེན་པོའི་ཞལ་ནས་ཆོས་སྐྱོང་འདི་ཁྱོད་ཀྱི་

p. 302

སློབ་མ་རྒྱུད་སྡེ་འཛིན་པ་ཞིག་གི་རྗེས་སུ་འགྲོ་བར་འདུག་གསུངས་པའི་ལུང་བསྟན་པ་ཡང་མཛད་ནས་ཡོད་གསུངས། ཐོག་མར་འདིའི་རྗེས་གནང་མཛད། དེ་ནས་རྒྱུད་སྒྲུབ་ཐབས་མན་ངག་ལས་ཁ་ཚར་དང་བཅས་པ་བླ་མ་མདོ་སྡེ་དང་ཡབ་སྲས་གཉིས་ཀར་ལྷན་ཅིག་ཏུ་གནང༌། དེ་ནས་རྔོག་སྟོན་རྡོ་རྗེ་འཛིན་པ་རྣམས་ལས་བཀའ་ལུང་བྱིན་རླབས་ཕྲིན་ལས་ཀྱི་མཐུ་སྟོབས་ཟམ་མ་ཆད་པར་བྱོན་པ་དང༌། དེ་དག་ལས་བརྒྱུད་པའི་བཀའ་སྲོལ་ཡང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོ་སོའི་ལུགས་སུ་འཕེལ་བ་ལས། འདི་ནི་གྲུབ་པའི་ཁྱུ་མཆོག་ཆེན་པོ་གསང་བ་ལུས་མེད་རྡོ་རྗེ་དེ་ཉིད་ཀྱིས་རྔོག་གཞུང་གི་གདན་སར་རྗེ་གཟི་བརྗིད་གྲགས་པ་ལས་དབང་དང་གདམས་པ་ཡོངས་སུ་རྫོགས་པར་མཛད་ནས་ཕོ་བྲང་ནང་སོ་ཆེན་མོར་བསྒྲུབས་པས། གྲུབ་པའི་དགྱེས་ཞལ་དངོས་སུ་གཟིགས་

p. 303

ནས་མི་རབས་བཅུ་གསུམ་ཚུན་བསྟན་པ་བསྲུང་བའི་ཞལ་བཞེས་མཛད། དེ་ཕྱིན་སྒྲུབ་བརྒྱུད་འབའ་རོམ་པའི་སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་སྲུང་མ་དམ་པར་གྱུར་ཅིང༌། ཁྱད་པར་ནང་པ་ཚང་གསར་བའི་བསྟན་སྲུང་གི་ཕུལ་དུ་བྱོན་པ་ཉིད་དོ། །དེའང་གང་ལས་བྱུང་བ་བླ་མ་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། འཕགས་པ་ཀླུ་སྒྲུབ། མ་ཏངྒི། རྗེ་བཙུན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། མར་པ་ལོ་ཙཱ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྔོག་སེང་གེ་གྲགས་པ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས་པ། གསང་བ་ལུས་མེད་རྡོ་རྗེ། རིགས་དབོན་བྱང་ཆུབ་གཞོན་ནུ། གྲུབ་བརྙེས་བརྩོན་འགྲུས་རྒྱལ་མཚན་ནས་རྩ་བའི་དབོན་བརྒྱུད་རིམ་བྱོན་ལྟར་དང༌། ཡང་ན། ལུས་མེད་རྡོ་རྗེ། རྒྱལ་སྲས་ཚུལ་ཁྲིམས་སེངྒེ། ཚུལ་ཁྲིམས་ཡེ་ཤེས། ཚུལ་ཁྲིམས་རྒྱལ་མཚན།

p. 304

བླ་མ་ཚུལ་གྲགས་པ། བླ་མ་སངས་རྒྱས་གྲགས་པ། ཀུན་དགའ་སེངྒེ། ཤཱཀྱ་རྒྱལ་མཚན། ཀུན་དགའ་རྒྱལ་མཚན། བཀྲ་ཤིས་རྒྱལ་མཚན། སྙན་གྲགས་དཔལ་བཟང༌། ཀརྨ་རབ་གསལ། ཀརྨ་དཔལ་འབྱོར། རིན་ཆེན་ལྷུན་གྲུབ། བསོད་ནམས་ཡེ་ཤེས་ནས་བདག་ཅག་གི་དཔལ་མགོན་བླ་མའི་བར་དུ་བརྒྱུད་པ་ཡིན་ལ། བརྒྱུད་པ་དེ་ལྡན་གྱི་དཔལ་ལྷ་མོའི་ཕྱི་སྒྲུབ་ཀྱི་རྗེས་གནང་ཕྲིན་ལས་ལྷུན་གྲུབ་ལྟར་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་འོས་རྣམས་གྲུབ་ཟིན། ཁྱེད་རྣམས་ཀྱིས་ཐོག་མར་མཎྜལ་ཕུལ། ཞེས་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ལ་དཔལ་ལྡན་ལྷ་མོ་ཡི། །སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་

p. 305

ནམ་མཁར་བླ་མ་དང་དཔལ་ཧེ་རུ་ཀ་རྒྱལ་བ་སྲས་དང་བཀའ་སྡོད་བཅས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་བགྱིའོ་སྙམ་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་བྱ། དེ་ནས་རྗེས་གནང་དངོས་ལ། སྐུ་གསུང་ཐུགས་ཀྱི་རྗེས་གནང་གསུམ་དུ་ཡོད་པ་ལས་ཐོག་མར་སྐུའི་རྗེས་སུ་གནང་བ་འདི་ཉིད་ཕྱི་སྒྲུབ་ཀྱི་རྗེས་གནང་དངོས་གཞི་ཡིན་པས་དེའི་སླད་དུ་སྔར་བསྒྲུབས་ཟིན་པའི་མདུན་གྱི་གཏོར་མ་དེ་ཉིད་སླར་ཡང་འདི་བཞིན་དུ་གསལ་འདེབས་པར་ཞུ། མདུན་དུ་བཤམས་པའི་གཏོར་མ་ཉིད་དཔལ་ལྡན་ལྷ་མོ་སྐུ་མདོག་ནག་མོ་གནག་པའི་སྤྲིན་སོགས་ནས་དབང་དུ་སྡུད་ཅིང་ལས་ལ་འགྱེད་པ། ཞེས་དང༌། ཐུགས་ཀར་འོད་སྒོང་ངའི་དབྱིབས་སོགས་ནས་

p. 306

ཞེས་པས་བསྐོར་བར་གྱུར་བར་དང༌། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱིས་གྲུབ་པའི་གནས་ནས་དཔལ་ལྡན་ལྷ་མོ་ནག་མོ་འབུམ་སྡེ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ རོལ་མོ་དང་གུ་གུལ་གསུར་ཆེན་གྱི་དུད་པ་བཅས་སྤྱན་འདྲེན་དང་སྔགས་བརྗོད་ལ་གཉིས་སུ་མེད་པར་བསྟིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན། གཡས་མི་སྙིང་དང༌། གཡོན་བྷནྡྷ་སྐྲ་ཅན་ཐོགས་པ། ཐམས་ཅད་ཀྱི་ཐུགས་ཀར་བྷྱོ་ཡིག་གིས་མཚན་པའོ། །ཞེས་བརྗོད། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའམ། རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཆེན་པོ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་བཞུགས་པར་བསྒོམ། གཞལ་ཡས་ཁང་པའི་ཕྱི་རོལ་རྡོ་རྗེའི་ར་བའི་ནང་རོལ་དུར་ཁྲོད་བརྒྱད་ཀྱི་ཤར་ཕྱོགས་ན། ནག་པོ་དྲག་པོ་

p. 307

ཆེན་པོ་ལ་སོགས་པའི་ཞིང་སྐྱོང་བཞི་བཅུ་བཞུགས་ཡོད་པས་ཁྱེད་རང་ཡང་དེ་རྣམས་ཀྱི་ཁུལ་ན་འདུག་པར་སྒོམས་ཤིག །དེའི་དུས་སུ་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་འཆང་དང༌། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། རྔོག་སྟོན་ཡབ་སྲས་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཀྱཻ་རྡོར་གདན་བཞི་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་ཏུ་ཐིབ་ཐིབ་བྱོན་ནས་མགྲིན་གཅིག་ཏུ་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བའི་མོས་པ་མཛོད་ཅིག །མེ་ཏོག་འཐོར་ཞིང་དྲིལ་བུ་དཀྲོལ་ལ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་ཆོས་རྡོར་མདོ་སྡེ་ཐོགས་མེད་ཞབས། །རྒྱལ་ཚ་སྐུ་མཆེད་ཀུན་དགའ་གཟི་བརྗིད་གྲགས། །

p. 308

རིན་ཆེན་བཟང་པོ་ཆོས་རྒྱལ་དོན་གྲུབ་དཔལ། །དྲིན་ཆེན་བླ་མ་མཁས་གྲུབ་ཆོས་ཀྱི་རྗེ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སློབ་མ་ཤིས་པ་དོན་དམ་སྨྲ་བའི་སེངྒེ་ཞེས་བྱ་ཡིས། །ཉོན་མོངས་སྲིད་པའི་ཉེས་པ་སྐྱེད་པའི་ས་གཞོམ་ཕྱིར། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡེང་བ་གཅོད་པ་ཡི། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །ཅེས་བརྗོད། ཁྱད་པར་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབ་པ་ཡིན་སྙམ་དུ་མོས་ཤིག །ལས་བྱང་བསྟོད་པ་ལྟར། ཧཱུྃ་བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག ། ཅེས་པ་ནས་བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུས། །ཞེས་པའི་བར་བརྗོད་ལ་གཏོར་མ་མགོར་བཞག་ཅིང་རོལ་ཆེན་བྱ། གཏོར་མ་ལྷ་མོར་གསལ་བ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་

p. 309

འཕྲོས། ཁྱེད་རང་ལ་ཐིམ་པས་ཁྱེད་རང་ཡང་དཔལ་ལྡན་དུད་པའི་སོལ་བ་མའི་སྐུར་ལམ་གྱིས་སོང་བའི་མོས་པ་མཛོད། དེས་སྐུ་ཡི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །ཞེས་བརྗོད། གཉིས་པ་གསུང་གི་རྗེས་གནང་ལ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་ལྷ་མོར་གསལ་བའི་ཐུགས་ཀར་འོད་དམར་པོ་སྒོ་ངའི་དབྱིབས་ཅན་སོར་བཞི་པའི་དབུས་སུ་ཧཱུྃ་སྔོན་པོ་ཞིག་གསལ་ཐོབ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལྷ་མོའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་སྙིང་པོ་དང་རྩ་སྔགས་ཀྱི་ཕྲེང་བ་བྱུང་སྟེ་ཁྱེད་རང་གི་ཞལ་ནས་ཞུགས། སྙིང་གའི་ཧཱུྃ་ཡིག་གི་

p. 310

མཐར་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཞེས་སྙིང་པོ་དང༌། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སཱི་ཀ་མ་ལ་རཀྵ་སཱི་ཧཱུྃ་བྷྱོ་ཧཱུྃ། ཞེས་རྩ་སྔགས་ལན་གསུམ་བརྗོད་དུ་གཞུག །ཕྲེང་བ་སློབ་མའི་སྤྱི་བོར་བཞག་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། དེས་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །ཞེས་དང༌། གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་མཛོད། ངོ་བོ་ཡེ་ཤེས་ཆེན་པོའི་རང་བཞིན་ཅན། རྣམ་པ་ལྷ་མོའི་ཕྱག་མཚན་ལས་གཉིས་པ་འཕྲོས་ཏེ་ཁྱེད་རང་གི་ཕྱག་ཏུ་གཏད་པས་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་རྩལ་རྫོགས་སུ་སྐྱེས་པར་མོས་ཤིག །རལ་གྲི་ཐོད་པ་ཤཀྟི་མདུང་རྩེ་གསུམ་པ་རྣམས་གཏད་ལ། ཕྱག་གཡས་གཅོད་པའི་རལ་གྲི་ཕྱར་བ་ནི། །དམ་

p. 311

ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་རྟགས། །འོག་མ་ཐོད་རློན་དམར་བསྐྱིལ་འཛིན་པ་ནི། །སྲིད་གསུམ་ཤ་ཁྲག་ཞལ་དུ་གསོལ་བའི་རྟགས། །ཕྱག་གཡོན་ཤཀྟིའི་མཚོན་ཆ་འཛིན་པ་ནི། །ལྷ་མ་ཡིན་གྱི་དམག་དཔུང་སྒྲོལ་བའི་རྟགས། །འོག་མ་ཏྲི་ཤུ་དར་དཔྱངས་འཆང་བ་ནི། །བདུད་དཔུང་རྣམས་ཀྱི་རྒྱལ་མཚན་བསྙིལ་བའི་རྟགས། །ཞེས་བརྗོད་ལ་རོལ་མོ་བྱ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན་ནོ། །ཞེས་དང༌། དེ་དག་གི་རྗེས་འབྲེལ་དུ་ལས་ཀྱི་གཉེར་གཏད་པ་ནི། སློབ་དཔོན་དཔལ་ཧེ་རུ་ཀར་གསལ་བས་ལྷ་མོ་འཁོར་དང་བཅས་པ་ལ་བཀའ་བསྒོས་པས་ཁྱེད་རང་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་སྒྲུབ་པའི་སྡོང་གྲོགས་མཛད་པར་ཞལ་གྱིས་བཞེས་པར་མོས་ཤིག །གཏོར་མ་ཐོགས་ལ། བྷྱོ། དུར་ཁྲོད་བདག་

p. 312

མོ་དངོས་གྲུབ་ཞལ། །སོགས་ཚང་བར་བརྗོད། གཏོར་མ་སློབ་མའི་ལག་ཏུ་གཏད་ལ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཅན་འཁོར་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ལ་མཆོད་པ་དང༌། བསྟོད་པ་དང་། གཏོར་མ་ལ་སོགས་པ་ཕུལ་ནས་བདག་ཅག་གི་སློབ་མ་དམ་ཚིག་ཅན་འདི་ལ་གཏད་པ་ཡིན་པས། འདི་ཇི་སྲིད་གནས་ཀྱི་བར་དུ་འདིའི་ལུས་ངག་ཡིད་གསུམ་ལ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས་ལ་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས་ཤིག །དཀོན་མཆོག་གི་ཆེ་བ་ཕྱུངས་ཤིག །བླ་མ་དམ་པའི་ཕྲིན་ལས་སྒྲུབས་ཤིག །སེམས་ཅན་གྱི་བདེ་སྐྱིད་སྤེལ་ཅིག །ཁྱད་པར་དུ་རྡོ་རྗེའི་སློབ་མ་འདིའི་གྲོགས་མཛོད་ཅིག །བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པ་ཆེན་པོ་མཛད་དུ་གསོལ། ནད་གདོན་དང༌། རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་

p. 313

པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག །ཚེ་དང་དཔལ་དང་འབྱོར་བ་བཟང་པོ་ལ་སོགས་པ་ཡར་ངོའི་ཟླ་བ་བཞིན་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད་ལ་ལྷ་དང་དམ་ཚིག་བསྲེ་བའི་ཕྱིར་གཏོར་མའི་ཐེབ་ཀྱུ་གཅིག་དང༌། ནང་མཆོད་ཧུབ་གཅིག་སྦྱིན། ཁྱེད་རྣམས་ཀྱིས་ཀྱང་དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཆོས་སྐྱོང་བའི་སྲུང་མ་ཡིན་པས་མཆོད་བསྟོད་བསྒོམ་བཟླས་རྒྱུན་དུ་མ་ཆག་པར་མཛོད་ཅིག །ཅེས་བསྒོ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །དཔལ་ལྡན་ལྷ་མོ་ནག་མོའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་དང་ཤིས་བརྗོད་གང་འོས་བྱ། དེས་འདོད་ཁམས་དབང་ཕྱུག་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་ལེགས་པར་ཐོབ་པ་ཡིན་པས་སྤྱི་དང་བྱེ་བྲག་གིས་བསྡུས་པའི་

p. 314

དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། དེ་ནས་ཚོགས་ལ་རོལ། ལྷག་གཏོར་བསྟོད་བསྐུལ་རྗེས་རིམ་ལྟར་དང༌། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་བསྔོ་སྨོན་བཀྲ་ཤིས་བཅས་བྱའོ། །ཕྱི་སྒྲུབ་ཐུན་མོང་རྗེས་གནང་རིམ། །རྔོག་པ་མདོ་སྡེའི་གསུང་སྒྲོས་མཆོག །ལྷ་རིགས་བརྒྱུད་པའི་ཕྱག་བཞེས་ལྟར། །བཀོད་འདིས་སྒྲུབ་བརྒྱུད་ཆེར་རྒྱས་ཤོག །ཅེས་ནང་པ་ཚང་གསར་བའི་རྒྱུད་སྲུང་ལྷ་མོ་དུད་སོལ་མའི་དབང་བཀའ་ནུབ་པར་ཕངས་ནས་སྒྲུབ་བརྒྱུད་འབའ་རོམ་པའི་བསྟན་ལ་ཆེར་གུས་པ་མ་ཏི་རཏྣས་སྦྱར་བ་དགེ། །།

འདོད་ཁམས་དབང་ཕྱུག་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ །མདོ་སྡེ་ཞེ་སྡང་རྡོ་རྗེ།

p. 315

༄༅། །འདོད་ཁམས་དབང་ཕྱུག་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་བཞུགས་སོ། །

p. 316

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་སྒོ་ནས་གཏོར་མའི་རྗེས་གནང་བྱེད་པར་འདོད་པས། གནས་ཁང་ཡིད་དང་མཐུན་པར། མཎྜལ་དང་མཆོད་གཏོར། ཚོགས་ཀྱི་ཡོ་བྱད་ཚོགས་པར་བཤམས་ལ། རང་ཉིད་སྟན་བདེ་བ་ལ་འདུག་ནས། དགྱེས་རྡོར་རམ་གདན་བཞི་གང་རུང་གི་མངོན་རྟོགས་བསྒོམ་ལ། ཡི་དམ་གྱི་གཏོར་མ་བཏང་བའི་རྗེས་ལ། ལྷ་མོའི་གཏོར་ཆོག་རྒྱས་པར་བཏང་ལ། ཚོགས་ཀྱིས་མཆོད་ནས། སློབ་མས་མཎྜལ་ཕུལ། ལག་པ་མེ་ཏོག་དང་བཅས་པ་ལ། སློབ་དཔོན་གྱིས་སློབ་མ་ལ། མདུན་འདི་ན་ཀྱཻ་རྡོ་རྗེའམ། རྡོ་རྗེ་གདན་བཞི་པའི་དལ་རྟེན་གཞལ་ཡས་ཁང༌། བརྟེན་པ་ལྷ་དང་བཅས་པ་

p. 317

བཞུགས་པ་ཡིན་པས། གཞལ་ཡས་ཁང་གི་ཕྱི་རོལ། རྡོ་རྗེའི་ར་བའི་ནང་རོལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཤར་ཕྱོགས་ནག་པོ་དྲག་པོའི་ཁུལ་ན་ཁྱེད་རང་འདུག་པར་བསྒོམ། མདུན་གྱི་ནམ་མཁའ་འདི་ལ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་སྤྲིན་ཕུང་གཏིབས་པ་བཞིན་དུ་ཐིབས་སེ་བཞུགས་པར་བསམས་ལ་མོས་པ་དང་གུས་པ་གྱིས་ཤིག །

p. 318

བྱས་ལ་ལྷ་མོའི་གཏོར་མ་དེ་སློབ་མའི་མགོ་ཐོག་ཏུ་བཞག་ལ། ཁྱད་པར་དུད་པའི་སོལ་བ་མ་འཁོར་འབུམ་སྡེའི་ཚོགས་དང་བཅས་པས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་གསུམ་གྱིས་བྱིན་གྱིས་རློབས་སྙམ་དུ་བསམས་ལ། མོས་པ་དང་གུས་པའི་སྒོ་ནས་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཤིས་པ་འདི་ཁྱེད་རང་རྣམས་ལ་བརྗོད་པར་སོམས་ཤིག་བྱས་ལ། སློབ་མ་ཤིས་པ་དོན་དམ་སྨྲ་བའི་སེངྒེ་ཡིས། །ཉོན་མོངས་སྲེད་པའི་ཉེས་པ་སྐྱེད་པའི་ས་གཞོམ་ཕྱིར། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡོས་པ་གཅོད་ཕྱིར་དུ། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །ཅེས་བརྗོད་པའི་རྗེས་ལ་དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །སོགས་བསྟོད་པ་ཚར་གཅིག་བརྗོད། གཏོར་མ་སློབ་མའི་ལག་ཏུ་གཏད་ནས། དུར་ཁྲོད་བདག་མོ་ཚར་གཅིག་

p. 319

བརྗོད་ལ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན་འཁོར་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ལ་མཆོད་པ་དང༌། བསྟོད་པ་དང༌། གཏོར་མ་ལ་སོགས་པ་ཕུལ་ནས་བདག་ཅག་གི་སློབ་མ་མིང་རུས་འདི་ཞེས་བྱ་བ་གཏད་ཀྱིས་ཇི་སྲིད་གནས་ཀྱི་བར་དུ། འདིའི་ལུས་ངག་ཡིད་གསུམ་ལ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས་ལ། སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས། དཀོན་མཆོག་གི་ཆེ་བ་ཕྱུངས་ཤིག །བླ་མ་དམ་པའི་ཕྲིན་ལས་སྒྲུབས་ཤིག །སེམས་ཅན་གྱི་བདེ་སྐྱིད་སྤེལ་ཅིག །ཁྱད་པར་དུ་སློབ་མ་འདི་ཞེས་བྱ་བ་ལ་གྲོགས་དང་། དོན་དང༌། བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པ་ཆེན་པོ་མཛད་དུ་གསོལ། ནད་དང་། གདོན་དང༌། རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག །ཚེ་དང་

p. 320

དཔལ་དང་འབྱོར་བ་བཟང་པོ་ལ་སོགས་པ་ཡར་ངོའི་ཟླ་བ་བཞིན་རྒྱས་པར་མཛད་དུ་གསོལ། ཁྱེད་རྣམས་ཀྱིས་ཀྱང་དུས་འདི་ནས་བཟུང་སྟེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་ཆོས་སྐྱོང་བའི་སྲུང་མ་ཡིན་པས་མཆོད་བསྟོད་སྒོམ་བཟླས་རྒྱུན་མ་ཆད་པར་མཛོད་ཅིག །ཅེས་བརྗོད། ལྷ་དང་དམ་ཚིག་བསྲེ་བའི་ཕྱིར་མཐེབ་ཀྱུ་གཅིག་དང༌། མ་ད་ན་ཧུབ་གཅིག་དང༌། བཀའ་བསྒོ་བ་བཞིན། སློབ་མའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་སྡོང་གྲོགས་མཛད་པར་བསམ་མོ། །གཏོར་མ་གཙང་སར་བཏང༌། སྨོན་ལམ་དང་བསྔོ་བས་རྒྱས་གདབ། དཀོན་མཆོག་གསུམ་དང་ཡི་དམ་གྱི་བཀྲ་ཤིས་བརྗོད། སློབ་དཔོན་ཆེན་པོ་མདོ་སྡེ་ཞེ་སྡང་རྡོ་རྗེས་མཛད་པ་རྫོགས་སོ།། །།

དཔལ་ལྡན་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་རྒྱས་པ། རྔོག་གཞུང་པ་བསོད་ནམས་དོན་གྲུབ།

p. 321

༄༅། །དཔལ་ལྡན་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་རྒྱས་པ་བཞུགས་སོ། །

p. 322

བླ་མ་ཡི་དམ་མཁའ་འགྲོ་དང༌ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་དཔལ་ནཱ་རོ་པ་ཆེན་པོའི་ཆོས་སྐྱོང་གི་གཙོ་བོ་དུད་སོལ་ལྷ་མོའི་རྗེས་སུ་གནང་བ་བྱེད་པར་འདོད་པས། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་སྔོན་འགྲོའི་སྐབས་ཆོས་སྐྱོང་གི་རྟེན་བཀྲམ། ཡི་དམ་གྱི་གཏོར་མ། ལྷ་མོའི་གཏོར་མ། གཞི་བདག་གཏོར་མ་ལ་སོགས་པ་དམར་གཏོར་དམར་རྒྱན་དང་དཀར་རྒྱན་སོགས་ཀྱིས་བརྒྱན། ཆང་ཕུད་ནང་མཆོད་ཀྱིས་བྲན། གཞན་ཡང་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། དེ་ནས་རང་ཉིད་སྟན་བདེ་བ་ལ་འདུག །ཁ་ལེགས་པར་བཤལ་ནས་སྔོན་འགྲོའི་གཏོར་མ་བཏང་སྟེ། ཀྱཻ་རྡོར་དང་གདན་བཞི་གང་རུང་གི་བསྐྱེད་རིམ་རྒྱས་བསྡུས་གང་རུང་ཞིག་བསྒོམས་ལ། ཨིནྡྲའི་གཏོར་མའམ་ཞིང་སྐྱོང་བཞི་བཅུའི་གཏོར་མ་གང་རུང་བཤམས་ལ། ཆོས་སྐྱོང་དུད་སོལ་མའི་

p. 323

གཏོར་ཆོག་བཞིན་དུ་ཕུལ། སྒོས་ཀྱི་གཞི་བདག་གཏོར་མ་ཡང་སྤྱི་མཐུན་ཕུལ། དེའི་རྗེས་སུ་སློབ་མ་ལ་ཁྲུས་བྱས། བླ་མ་ལ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ལ་དཔལ་ལྡན་ལྷ་མོ་ཡི། །སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ལ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་པ་ནས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་གྱིས་ཐེག་པ་ཐུན་མོང་བའི་སྡོམ་པ་

p. 324

བཟུང༌། དེ་ནས་སློབ་དཔོན་གྱིས་ཡིད་ཆེས་པའི་ཡན་ལག་ཏུ་བརྒྱུད་པ་དང་བྱུང་ཁུངས་ཀྱི་ལོ་རྒྱུས་བཤད། འདིའི་དངོས་གཞི་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། རྗེས་སུ་ལས་ཀྱི་གཉེར་གཏད་ནས་ཚོགས་ལ་རོལ་བ་དང་གསུམ་ཡོད་པ་ལས། དང་པོ་ནི། རྗེ་མར་པ་ལྷོ་བྲག་པ་ཆེན་པོ་འདི་ཉིད་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་སྟེ། རྒྱ་གར་དང་བལ་པོར་ལན་བདུན་གྱི་བར་དུ་བྱོན་ཏེ། དཔལ་ནཱ་རོ་པ་ཆེན་པོས་ཐོག་དྲངས་པའི་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་བཅུ་གཉིས། བརྒྱུད་པ་འཛིན་པའི་བླ་མ་བརྒྱ་དང་ལྔ་བཅུ་རྩ་གསུམ། གཞན་རིག་མངོན་ཤེས་མངའ་བའི་བླ་མ་བཅུ་གསུམ་ཙམ། ཁྱད་པར་གྲུབ་ཐོབ་ཞེ་ལྔ། རྗེ་འགྲན་གྱི་དོ་མེད་རྣམ་གཉིས་ཀྱི་དྲུང་དུ་ལོ་ཧྲིལ་པོ་བཅུ་དགུའི་བར་དུ་བཞུགས། ཁྱད་པར་དུ་ཡང་དཔལ་ནཱ་རོ་པ་ཆེན་པོ་ལོ་དྲུག་ཟླ་བ་བདུན་གྱི་བར་དུ་བླ་མའི་སྐུའི་གྲིབ་མ་དང་མ་བྲལ་བར་བསྟེན་ནས། ཡི་དམ་བདེ་དགྱེས་

p. 325

གསང་འདུས་ལ་སོགས་པ་མང་དུ་ཞུས་པའི་དུས་སུ། རྗེ་མར་པའི་ཐུགས་དགོངས་ལ་ངའི་བླ་མ་འདི་ལ་གཏོར་མ་དངོས་སུ་ལེན་པའི་ཆོས་སྐྱོང་གསུམ་འདུག་པས། འདི་གསུམ་ཞུ་དགོས་པར་འདུག་སྙམ་ནས། བླ་མ་ལ་ཆོས་སྐྱོང་གཏོར་མ་དངོས་སུ་ལེན་པ་ལ། འདོད་ཁམས་དབང་ཕྱུག་དུད་སོལ་ལྷ་མོ། ཡེ་ཤེས་ཀྱི་མཁའ་འགྲོ་ཀཾ་ཀ་རྩལ། ཌཱ་ཀི་མ་སེང་གེའི་གདོང་པ་ཅན་དང་གསུམ་འདུག་པས། གསུམ་པོ་འདི་བདག་ལ་ཞུ་འཚལ་ཞུས་པས། རྗེ་ནཱ་རོ་པ་ཆེན་པོའི་ཞལ་ནས། གསུམ་ཀ་མི་འོང་གང་རུང་ཞིག་འདོམ་གསུངས། དེར་མར་པའི་ཐུགས་དགོངས་ལ། ཆོས་སྐྱོང་གསུམ་ཀ་མི་ཡོང་ན་དུད་སོལ་ལྷ་མོ་འདི་བླ་མའི་ཆོས་སྐྱོང་གི་གཙོ་བོ་མཛད་ཀྱིན་འདུག །ཁྱད་པར་རྒྱུད་ཀྱི་བཀའ་སྲུང་གི་གཙོ་བོར་ཡང་འདུག་པས་ཆོས་སྐྱོང་འདི་ཐུགས་ལ་འདོགས་པར་ཞུ་ཞུས་པས།

p. 326

བླ་མ་ནཱ་རོ་པའི་ཞལ་ནས། བུ་འདོམ་ཁ་མ་ལོག་འདོམ་ཁ་ལེགས། །ཁྱད་པར་ཆོས་སྐྱོང་རྣམ་གསུམ་ལས། །དུད་སོལ་ལྷ་མོ་རྒྱུད་སྲུང་མཆོག །བུ་ཚ་བོ་ཡང་ཚའི་དོན་དུ་ནི། །ལོ་ཙཱ་བ་ཡིས་སྤྱན་དྲོངས་ལ། །དུས་གསུམ་བ་ལིང་མ་ཆག་མཛོད། །མཆོག་དང་ཐུན་མོང་གི་དངོས་གྲུབ་འདི་ལས་འབྱུང༌། །ཆུ་བོ་གང་གཱ་ཕན་ཆད་ན། །དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །ལས་སླ་བར་མ་དགོངས་ཉམས་སུ་ལོངས། །གསུངས་ནས་ཕྱག་དང་གཏོར་མ་སྤྱི་བོར་བཞག་ནས། ལོ་ཙཱ་བ་ཁྱེད་ཚེ་འདིར་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་སྲིད་པ་བར་མ་དོར་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །མི་རྒྱུད་ནམ་མཁའི་འཇའ་ཚོན་ལྟར་ཡལ་ཡང༌། ཆོས་བརྒྱུད་ཆུ་བོའི་གཞུང་དང་འདྲ་བ་འབྱུང་བ་ཡིན་ནོ། །ཁྱེད་ནས་བརྒྱུད་པ་བདུན་ནམ་བཅུ་དྲུག་ཚུན་ཆད་ལ་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག །བྱིན་གྱིས་བརླབ་

p. 327

པ་ལ་ང་རང་སླེབ་ཡོང་གསུངས་ནས་ལུང་བསྟན་མཛད། ཆོས་སྐྱོང་གི་དབང་རྒྱུད་གདམས་པ་ལ་སོགས་པ་མ་ལུས་པ་རྫོགས་པར་གནང་ངོ༌། །རྗེ་མར་པའི་དྲུང་དུ། འོ་སྐོལ་གྱི་བླ་མ་རྔོག་གཞུང་པ་ཆེན་པོ་ཆོས་ཀྱི་རྡོ་རྗེས་ཕྱག་རྫས་ཀྱི་དངོས་པོ་ཅི་ཡོད་ཀྱི་འབུལ་མོ་ཆེ་ལན་གསུམ་མཛད་ནས། དགྱེས་རྡོར་གདན་བཞི་མཱ་ཡ་ལ་སོགས་པའི་ཆོས་མང་དུ་གསན། ཁོང་ལ་ཆོས་སྐྱོང་མི་འདྲ་བ་ལྔ་ཙམ་འདུག་པའི་ནང་ནས་ཆོས་སྐྱོང་དུད་སོལ་ལྷ་མོ་གཙོ་བོར་མཛད་ཀྱིན་འདུག །སང་ལྟ་བུ་ཕྱོགས་གཞན་ལ་འགྲོ་བ་ལ། སྲོད་ལ་དུད་སོལ་མའི་གཏོར་ཆོག་རྒྱས་པ་ཞིག་མཛད། གང་དུ་ཐེགས་པའི་ངོས་ལ་གཏོར་མ་ཞིག་ཕུལ་ནས་གཤེགས་ཤིང་འདུག་པས། དུད་སོལ་ལྷ་མོ་འདི་བླ་མའི་ཆོས་སྐྱོང་གི་གཙོ་བོར་མཛད། རྒྱུད་ཀྱི་བཀའ་སྲུང་ཡང་གཙོ་བོར་འདུག་པས་འདི་ཞུ་དགོས་པར་འདུག་

p. 328

སྙམ་ནས། བླ་མའི་དྲུང་དུ་ཕྱག་དང་མཎྜལ་ཕུལ་ནས། བདག་ལ་ཆོས་སྐྱོང་དུད་སོལ་ལྷ་མོ་འདི་ཞུ་འཚལ་ཞུས་པས། རྗེ་མར་པའི་ཞལ་ནས། དེ་ནན་ཏན་བྱེད་པ་ནི་རྟེན་འབྲེལ་ལེགས། ང་ལ་རྗེ་ནཱ་རོ་པ་ཆེན་པོའི་ཞལ་ནས་ཆོས་སྐྱོང་འདི་ཁྱོད་ཀྱི་སློབ་མ་རྒྱུད་སྡེ་འཛིན་པ་ཞིག་གི་རྗེས་སུ་འགྲོ་བར་འདུག་གསུངས་པའི་ལུང་བསྟན་པ་ཡང་མཛད་ནས་ཡོད་གསུངས། དེའི་དབང་བྱིན་རླབས་རྒྱུད་སྒྲུབ་ཐབས་རྣམས་ཡོངས་སུ་རྫོགས་པར་གནང༌། གཞན་བུ་སློབ་སུ་ལ་ཡང་མ་གནང་གསུངས། དེ་ནས་རྔོག་པ་ལ་ཆོས་སྐྱོང་དུད་སོལ་ལྷ་མོའི་བཀའ་བབས་པ་ཡང་དེ་ཡིན། དངོས་གཞི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས་དང་པོ་སྐུའི་སྒོ་ནས་བྱིན་གྱིས་བརླབ་པ་ནི། ཆོས་སྐྱོང་གི་གཏོར་མ་དེ་ཆོས་སྐྱོང་དུ་བསྐྱེད་ནས། སློབ་མའི་སྤྱི་བོར་བཞག་ལ། སློབ་མ་ལ། ཁྱེད་རང་དམིགས་པ་འདི་བཞིན་དུ་ཟུང་མཛོད་ཅིག །ཁྱེད་རང་

p. 329

གི་མདུན་གྱི་ནམ་མཁའ་འདི་ན་རྡོ་རྗེ་གདན་བཞི་པའི་དཀྱིལ་འཁོར་ཆེན་པོ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་བཞུགས་པར་བསྒོམས་ལ། གཞལ་ཡས་ཁང་པའི་ཕྱི་རོལ་རྡོ་རྗེའི་ར་བའི་ནང་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཤར་ཕྱོགས་ན། ནག་པོ་དྲག་པོ་ཆེན་པོ་ལ་སོགས་པའི་ཞིང་སྐྱོང་བཞི་བཅུ་བཞུགས་ཡོད་པས། ཁྱེད་རང་ཡང་དེ་རྣམས་ཀྱི་ཁུལ་ན་འདུག་པར་སྒོམས་ཤིག །དེའི་དུས་སུ་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཀྱཻ་རྡོར་གདན་བཞི་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་ཐིབ་ཐིབ་བྱོན་ནས་མགྲིན་གཅིག་ཏུ་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་ཀྱིན་འདུག་པའི་

p. 330

མོས་པ་མཛོད་ཅིག །སློབ་དཔོན་གྱིས་དུད་སོལ་མའི་སྤྱན་འདྲེན་མངོན་རྟོགས་བཞིན་མཛད་ནས། ཕྱོགས་ཐམས་ཅད་ནས་རོལ་མོའི་སྒྲ་དྲག་ཏུ་བསྒྲག་ཅིང་གུ་གུལ་དང་ཤ་ཆེན་ལ་སོགས་པའི་དུད་པ་བཏང་ལ་ཚིག་འདི་སྐད་ཅེས་ཤིས་པ་བརྗོད། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་ཆོས་རྡོར་མདོ་སྡེ་ཐོགས་མེད་ཞབས། །རྒྱལ་ཚ་སྐུ་མཆེད་ཀུན་དགའ་གཟི་བརྗིད་གྲགས། །རིན་ཆེན་བཟང་པོ་ཆོས་རྒྱལ་དོན་གྲུབ་དཔལ། །དྲིན་ཆེན་བླ་མ་མཁས་གྲུབ་ཆོས་ཀྱི་རྗེ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སློབ་མ་ཤེས་པ་དོན་དམ་སྨྲ་བའི་སེང་གེ་ཞེས་བྱ་ཡིས། །ཉོན་མོངས་སྲིད་པའི་ཉེས་པ་སྐྱེད་པའི་ས་གཞོམ་ཕྱིར། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡོས་པ་གཅོད་པ་ཡི། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཅེས་པ་ནས་བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུས། །ཞེས་པའི་བར་གྱི་ཚིགས་བཅད་

p. 331

བརྗོད་ཅིང་མེ་ཏོག་འཐོར། རོལ་ཆེན་བྱའོ། །དེ་ནས་སྤྱི་བོའི་ཆོས་སྐྱོང་དེ་སྤྱི་བོ་ནས་མར་ཐིམ་ནས་སློབ་མ་ཁྱོད་རང་དུད་སོལ་ལྷ་མོར་ལམ་གྱིས་སོང་བར་མོས་པ་མཛོད། ཅེས་བརྗོད། ཡང་གཏོར་མ་དེ་སློབ་མའི་ལག་པ་གཉིས་སུ་བཞག་ལ་ནང་མཆོད་ཀྱིས་སྦྱངས་ལ། ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ་སློབ་མ་ཆོས་སྐྱོང་དུ་གྱུར་པ་ལ་ཕུལ་བར་བསམས་ལ། སློབ་དཔོན་གྱིས་ཕྱག་གཉིས་ཁུ་ཚུར་བཅིངས་པའི་མཛུབ་མོ་བསྒྲེངས་ཏེ། ཁ་འགྲམ་གཡས་གཡོན་དུ་བཞག་ལ་མཆེ་བ་ལྟར་བྱས་ཏེ། བྷྱོ། བཏྟ་ལི་བཏྟ་ལི་ཚེ་ཞེས་བརྗོད་དོ། །རོལ་མོ་དང་དྲིལ་བུ་བརྡུང་ལ། ངག་ཏུ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །ཞེས་པ་ནས་བདག་གིས་ཁྱོད་ལ་བསྟོད་པར་བགྱི། །ཞེས་པའི་བར་བརྗོད། ཀུ་རུ་ཧཱུྃ། གྲིཧྞ་གྲིཧྞ་སརྦ་དུཥྚཾ་བྷཀྵ་ཕྲེཾ་ཕྲུཾ་ཕྲེཾ་ཕྲུཾ་ཞེས་བརྗོད་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །ཞེས་པ་ནས་རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ཅེས་པའི་བར་དང༌། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །

p. 332

ཞེས་པ་ནས་ཡུན་རིང་ཞབས་བརྟན་མཛོད། །ཅེས་པའི་བར་དང༌། འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་བརྗོད་པ་ནི་སྐུ་རྗེས་ཡི་གནང་ངོ༌། ཆོས་སྐྱོང་གི་གཏོར་མ་ནས་ཤ་དང་མཐེབ་ཀྱུ་དང་ནང་མཆོད་ཀྱི་ཧུབ་རེ་བྱིན་ལ་དམ་ཚིག་བསྲེའོ། །གསུང་གི་རྗེས་གནང་ནི། སློབ་མ་ལྷ་མོར་བསྒོམ་དུ་བཅུག་ལ། དེའི་ཐུགས་ཀར་འོད་སྒོ་ངའི་དབྱིབས་ལྟ་བུ་སོར་བཞི་ཙམ་པ་དམར་པོ་སྒོམ་པའི་དབུས་སུ་ཧཱུྃ་སྔོན་པོ་ཞིག་བསམ། ཧཱུྃ་དེའི་མཐའ་མར་ལྷ་མོའི་སྙིང་པོ་དང༌། རྩ་སྔགས་ཀྱིས་བསྐོར་བར་བསམས་ལ། སློབ་དཔོན་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། སློབ་དཔོན་རྡོ་རྗེ་འཆང་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་སློབ་མའི་ཧཱུྃ་དང་སྔགས་ཕྲེང་ལ་ཐིམ་པར་བསམ་ནས།

p. 333

ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཞེས་པའི་སྙིང་པོ་དང༌། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སཱི་ཀ་མ་ལ་རཀྵ་སཱི་ཧཱུྃ་བྷྱོ་ཧཱུྃ། ཞེས་པའི་རྩ་སྔགས་ཕྲེང་བ་དཔོན་སློབ་གཉིས་ཀས་བཟུང་ནས། སྔགས་དེ་སློབ་དཔོན་གྱིས་བརྗོད་ལ་སློབ་མས་རྗེས་ཟློས་བྱའོ། །དེ་ནས་ཕྲེང་བ་སློབ་མའི་སྤྱི་བོར་བཞག་ནས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་པ་ནི་གསུང་གི་རྗེས་གནང་ངོ༌། །ཐུགས་ཕྱག་མཚན་གྱི་རྗེས་གནང་ནི། རལ་གྲི་དང༌། ཐོད་པ་དང༌། ཤཀྟི་དང༌། མདུང་རྩེ་གསུམ་པ་རྣམས་སློབ་མའི་ལག་ཏུ་གཏད་ལ། རྟགས་བསྟོད་ན་ཡོད་པ་ལྟར། ཕྱག་གཡས་གཅོད་པའི་རལ་གྲི་ཕྱར་བ་ནི། །ཞེས་པ་ནས་བདུད་དཔུང་རྣམས་ཀྱི་རྒྱལ་མཚན་སྙོལ་བའི་རྟགས། །ཞེས་པའི་བར་དུ་བརྗོད་པ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །རྗེས་ལས་ཀྱི་གཉེར་གཏད་པ་ནི། སློབ་མའི་སྤྱི་བོར་སློབ་དཔོན་གྱིས་ཕྱག་དང་མེ་ཏོག་བཞག་ལ། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་

p. 334

སངྒ་ཡ། ན་མོ་གུ་རུ་བྷྱཿ ཀྱེ་ཀྱེ་ན་མོ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པར་མཛད་དུ་གསོལ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང༌། དཔལ་མགོན་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བདག་གི་རྡོ་རྗེའི་སློབ་མ་འདི་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཁྱད་པར་དུ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། འཁོར་མ་མོ་ཉི་ཤུ་ལས་མཁན་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཕྲིན་ལས་ལ་ཕྱི་བཤོལ་མི་

p. 335

མངའ་བ་ཁྱེད་རྣམས་ཀྱིས་བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པར་མཛད་དུ་གསོལ། ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་རུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །གནས་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །བདག་གི་རྡོ་རྗེའི་སློབ་མ་འདིའི་སྐོར་དཔུང་དང་བཅས་པ་དུས་ད་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཁྱོད་ལ་གཉེར་གཏད་པ་ཡིན་པས། འདི་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། སྟེང་གདོན་བར་གདོན་དང༌། གཞན་དག་གིས་བྱས་པའི་གཏོར་ཁ་དང༌། གཏད་དང་མནན་པ། བྱད་ཁ་ཕུར་ཁ་དང༌། རྦད་འདྲེ་ལ་སོགས་པ་ཐམས་ཅད་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པར་མཛད་དུ་

p. 336

གསོལ། མདོར་ན་བདག་གི་སློབ་མ་འདི་རྣམས་ལ་འགོ་བར་མཛད་དུ་གསོལ། འགལ་རྐྱེན་བར་ཆད་ཐམས་ཅད་བསྲུང་བར་མཛོད་ཅིག །སློབ་མ་ཁྱེད་རྣམས་ཀྱིས་ཀྱང༌དཔལ་ལྡན་ལྷ་མོ་གཙོ་འཁོར་འདི་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མགོན་སྐྱབས་བྱེད་པའི་སྲུང་མ་ཡིན་པས། དུས་རྒྱུན་དུ་གཏོར་མ་འབུལ་བ་དང༌། ཕྱག་དང་མཆོད་པ་ལ་སོགས་པའི་ལས་གྱིས་ཤིག །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །དཔལ་ལྡན་ལྷ་མོ་ནག་མོའི་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། སློབ་མ་ལ་མེ་ཏོག་གཏོར་ནས་བཀྲ་ཤིས་བརྗོད། དེ་ནས་ཚོགས་བྱིན་གྱིས་བརླབས་ནས་ཚོགས་ཕུད་བཅད་ལ། ཡི་དམ་ཆོས་

p. 337

སྐྱོང་གི་གཏོར་མ་ལ་འབུལ་ལོ། །གཏོར་མ་ས་གཙང་སར་བཏང་ངོ་། །སྨོན་ལམ་དང་བསྔོ་བས་རྒྱས་གདབ། དཀོན་མཆོག་གསུམ་དང༌། ཡི་དམ་ཆོས་སྐྱོང་གི་བཀྲ་ཤིས་བརྗོད། དཔལ་ལྡན་ཆོས་སྐྱོང་དུད་སོལ་ལྷ་མོའི་རྗེས་གནང༌ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བླ་མ་གོང་མའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ། ཆོས་འདི་དོན་དུ་གཉེར་བའི་མཁས་གྲུབ་དུ་མས་བསྐུལ་བའི་ངོར། རྔོག་གཞུང་པ་བསོད་ནམས་དོན་གྲུབ་ཀྱིས་ས་མོ་གླང་གི་ལོ་ས་ག་ཟླ་བའི་ཡར་ཚེས་གསུམ་ལ། གཞུང་རི་བོ་ཁྱུང་ལྡིང་གི་ཆོས་གྲྭ་ཆེན་པོར་སྦྱར་བའི་དགེ་བས་འགྲོ་ཀུན་འདོད་དོན་ཆོས་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

འདོད་ཁམས་དབང་ཕྱུག་མའི་གསང་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ། ཞེ་སྡང་རྡོ་རྗེ།

p. 338
p. 339

འདོད་ཁམས་དབང་ཕྱུག་མའི་གསང་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་བཞུགས་སོ། །ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །དང་པོ་རྟེན་རྫས་ཐམས་ཅད་ཚོགས་པར་བྱས་ལ། ཚོགས་ཀྱི་མཆོད་པ་དང༌། གཏོར་མ་དང༌། གཞན་ཡང་མཆོད་པ་རྣམ་པ་ལྔ་དང༌། དེ་རྣམས་དལ་དུ་བཞག་ནས། སློབ་དཔོན་གྱིས་དཔལ་དགྱེས་པ་རྡོ་རྗེའི་མཆོད་གཏོར་ལ་སོགས་པ་བྱས་ལ། དཔལ་ལྡན་ལྷ་མོ་ལ་ཡང་མཆོད་བསྟོད་ལ་སོགས་པ་བྱས་ལ། སློབ་དཔོན་རང་ལྷ་མོར་བསྒྱུར་ལ། ཡེ་ཤེས་པ་གཞུག །སློབ་མ་ཡང་ལྷ་མོ་རྒྱན་མེད་པར་བསྐྱེད་ལ། ཞིང་ཆུང་དང༌། ལྕང་ལོ་དང༌། བནྡྷའི་ཚལ། གྲི་ལྕགས་ཀྱི་གསལ་ཤིང་དང༌། དར་ནག་དང༌། དེ་ལ་སོགས་པ་ལྷ་མོའི་རྟེན་རྫས་རྣམས་ལྷ་མོ་རང་དུ་བསམ། སློབ་མ་ལ་རེ་རེ་གཏད་པས་ཡེ་ཤེས་ཀྱི་ལྷ་མོ་རེ་བསྟིམ་པར་བསམ། དེ་ནས་ཕྲེང་བ་ལུ་གུ་རྒྱུད་དུ་བགྲང་ཞིང༌། སྔགས་བརྒྱ་རྩ་བརྒྱད་བཟླས་པས་ལྷ་མོ་བརྒྱ་རྩ་བརྒྱད་སློབ་དཔོན་གྱི་

p. 340

ཐུགས་ཀ་ནས་སློབ་མ་ལ་བསྟིམ། བཀའ་བསྒོ། གསོལ་བ་གདབ། དམ་ཚིག་གི་ཆུ་བླུད། མཆོད་པ་དང་བསྟོད་པ་ཡང་བྱ། ཐལ་ཆེན་དང་ཁྲག་ཞག་གི་ཐིག་ལེ་ཡང་བྱ། དེ་ནས་ཚོགས་ལ་རོལ། ལྷག་མ་རྣམས་བསྡུས་ལ། གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །ཞེས་པས་མཆོད། དལ་བསྡུ། དེ་ལྟར་ནན་ཆགས་མ་བྱས་པར་བཤད་པར་མི་བྱ། བཤད་པ་མ་བྱས་པར་སྒྲུབ་པ་མི་བྱ། སྒྲུབ་པ་མ་བྱས་པར་དངོས་གྲུབ་མི་འབྱུང༌། དེ་ལྟར་བྱས་པས་དངོས་གྲུབ་གང་འདོད་འབྱུང༌། དཔལ་ལྡན་ལྷ་མོའི་གསང་སྒྲུབ་ཀྱི་རྗེས་གནང༌དཔལ་ལྡན་ཞེ་སྡང་རྔོག་མདོ་སྡེ་མཆན། རྡོ་རྗེས་མཛད་པ་འདི་རྫོགས་སོ།། །།

དཔལ་ལྡན་ལྷ་མོ་དུད་སོལ་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་ཡི་གེ་རྒྱས་པ་རྔོག་བསོད་ནམས་བསྟན་འཛིན་གྱིས་མཛད་པ།

p. 341

༄༅། །དཔལ་ལྡན་ལྷ་མོ་དུད་སོལ་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་ཡི་གེ་རྒྱས་པ་རྔོག་བསོད་ནམས་བསྟན་འཛིན་གྱིས་མཛད་པ་བཞུགས་སོ། །

p. 342

ན་མོ་ཤྲཱི་མ་ཧཱ་ཀཱ་ལི་ཡེ། གདོད་ནས་རང་བཞིན་སྤྲོས་པ་ཀུན་བྲལ་ཡང༌། །ཐུགས་རྗེས་དབང་གིས་གདུག་པའི་ཚུལ་འཛིན་ཅིང༌། །བསྟན་པ་མཐའ་དག་སྲུང་བའི་མཐུ་ལྡན་པ། །ཕ་མེས་རྒྱུད་ཀྱི་སྲུང་མ་དེ་ལ་འདུད། །འདིར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པའི་སློབ་མ་ལ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་བྱ་བར་འདོད་པས། གནས་ཡིད་དང་མཐུན་པར་རྟེན་རྫས་ཐམས་ཅད་འཚོགས་པར་བྱས་ལ། མཎྜལ་དང་། མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་དང༌། ཁྱད་པར་ལྷ་མོའི་གཏོར་མ་ཤ་ཁྲག་གིས་བརྒྱན་ལ་དར་ནག་བཙུགས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་བཤམས་ལ། སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། ཀྱཻ་རྡོ་རྗེའམ་རྡོ་རྗེ་གདན་བཞི་གང་རུང་གི་

p. 343

བདག་བསྐྱེད་བཟླས་པ་དང་བཅས་པའི་བར་གྲུབ་པར་བྱས་ལ། ཨིནྡྲའམ་ཞིང་སྐྱོང་གི་གཏོར་མ་གཏང༌། ཆོས་སྐྱོང་གི་གཏོར་མ་རྒྱས་པར་ཕུལ། རྗེས་སུ་གནང་བ་བསྒྲུབ་པ་ལ། ཁྲུས་དང་མཎྜལ་གསོལ་གདབ་དབང་བསྐུར་བྱ། །སློབ་བསྒྱུར་སློབ་བསྐྱེད་རྟེན་རྫས་སྔགས་བཟླས་བསྟིམ། །བཀའ་བསྒོ་དམ་ཆུ་ཁྲག་ཞག་ཐལ་ཆེན་གསུམ། །མཆོད་བསྟོད་ཚོགས་རོལ་དུར་ཁྲོད་ཅེས་སོགས་བསྟོད། །ཅེས་བླ་མ་གོང་མའི་སྡོམ་ཚིག་གི་རྗེས་སུ་འབྲངས་ཏེ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་རིམ་པར་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་འགྲེམ་བསྡུ་བྱ། སློབ་དཔོན་གྱིས། མདུན་འདི་ན་མཎྜལ་ཆེན་པོ་གཅིག་བཤམས་པ་འདི་ཉིད་གླིང་བཞི་གླིང་ཕྲན་བརྒྱད། དབུས་ཀྱི་རི་བོ་མཆོག་རབ། ཉི་མ། ཟླ་བ། ཕྱིའི་ལྕགས་རི་ནག་པོ་ཚུན་ཆད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པས་ཕྱུར་བུར་

p. 344

མེར་གྱིས་བཀང་ནས། དཔལ་ལྡན་ལྷ་མོའི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ལ་ཕུལ་མཛོད། ཅེས་བརྡ་སྦྱར། དེ་ལྟར་མཎྜལ་ཕུལ་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དེ་རིང་བདག་ལ་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་མཆོག་རབ་སྟེ། །དམ་ཚིག་རྣམ་ཤེས་རྒྱལ་པོར་བསྐྱེད། །འདིར་ནི་སློབ་མའི་དོན་དེ་ཉིད། །རྒྱལ་པོ་ཉིད་ཀྱི་དབང་བསྐུར་སྩོལ། །ཞེས་ལན་གསུམ་བརྗོད་ལ། སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་རྗེས་གནང་ཟབ་མོ་ཞུ་སྙམ་པའི་བསམ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་ཡིད་ཆེས་པར་བྱ་བའི་ཕྱིར་བརྒྱུད་པའི་ལོ་རྒྱུས་ཅུང་ཟད་སྙན་དུ་གསོལ་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་

p. 345

སྐལ་པ་བཟང་མོ་ལ། དེས་སློབ་དཔོན་བིར་ཝ་པ། དེས་ནག་པོ་སྤྱོད་པ། དེས་ཏཻ་ལོ་ཤེས་རབ་བཟང་པོ། དེས་ནཱ་རོ་པ། དེས་རྗེ་བཙུན་མར་པ་ལོ་ཙཱ། དེའང་རྗེ་བཙུན་མར་པ་ལོ་ཙཱ་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་སྟེ་བདུན་གྱི་བར་དུ་བྱོན། མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་དུ་དཔལ་ནཱ་རོ་པ་ཆེན་པོ་ལོ་དྲུག་ཟླ་བ་བདུན་གྱི་བར་དུ་མི་འབྲལ་བར་བསྟེན་ནས་གསང་སྔགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གསན་པའི་ཚེ། རྗེ་བཙུན་གྱི་ཐུགས་ལ་ངའི་བླ་མ་འདི་ལ་དངོས་སུ་གཏོར་མ་ལེན་པའི་ཆོས་སྐྱོང་གསུམ་འདུག་པས། འདི་གསུམ་ཞུ་དགོས་པར་འདུག་སྙམ་ནས། བླ་མ་ལ་ཕྱག་དང་བསྐོར་བ་བྱས། ཕྱག་ཏུ་མེ་ཏོག་ཕུལ་ནས། མཁའ་འགྲོ་མ་སེང་གེ་གདོང་པ་ཅན། ལྷ་མོ་དུད་པའི་སོལ་བ་མ། གནོད་སྦྱིན་ཙ་མུནྚི་དང་གསུམ་པོ་འདི་

p. 346

བདག་ལ་གནང་འཚལ། ཞུས་པས། གསུམ་ཀ་མི་འོང་གང་རུང་ཞིག་འདོམ་གསུངས། དེར་རྗེ་བཙུན་གྱིས་དུད་སོལ་ལྷ་མོ་འདི་ཀྱཻ་རྡོ་རྗེའི་རྒྱུད་དང་རྡོ་རྗེ་གདན་བཞིའི་བཀའ་སྲུང་དུ་འདུག་པ་དང༌། ཁྱད་པར་བླ་མའི་ཆོས་སྐྱོང་གི་གཙོ་བོ་མཛད་ཅིང་འདུག་པས་འདི་ཞུ་ཞུས་པས། འདོམ་ཁ་མ་ལོག་གསུངས། གཏོར་མ་དང་ཕྱག་སྤྱི་བོར་བཞག་ནས། ཁྱད་པར་ཆོས་སྐྱོང་རྣམ་གསུམ་ལས། དུད་སོལ་ལྷ་མོ་རྒྱུད་སྲུང་མཆོག །བུ་ཚ་བོ་ཡང་ཚའི་དོན་དུ་ནི། །ལོ་ཙཱ་བ་ཡིས་སྤྱན་དྲོངས་ལ། །དུས་གསུམ་བ་ལིང་མ་ཆག་མཛོད། །མཆོག་དང་ཐུན་མོང་གི་དངོས་གྲུབ་འདི་ལས་འབྱུང༌། །ཆུ་བོ་གང་གཱ་ཕན་ཆད་ན། །དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །ལས་སླ་བར་མ་དགོངས་ཉམས་སུ་ལོངས། །གསུངས་ནས་འདི་ཉིད་ཀྱི་རྒྱུད་མན་ངག་དང་བཅས་པ་མ་ལུས་པར་གནང་སྟེ། ལོ་ཙཱ་བ་ཁྱོད་ཚེ་འདིར་མཆོག་གི་

p. 347

དངོས་གྲུབ་མ་ཐོབ་ཀྱང་སྲིད་པ་བར་མ་དོར་མཆོག་གི་དངོས་གྲུབ་ཐོབ། མི་རྒྱུད་ནམ་མཁའི་འཇའ་ལྟར་ཡལ་ཡང༌། ཆོས་བརྒྱུད་ཆུ་བོའི་གཞུང་དང་འདྲ་བ་འབྱུང་བ་ཡིན། ཆོས་སྐྱོང་འདིའང་ཁྱོད་ཁོ་ནའི་རྗེས་སུ་འགྲོ་བར་འདུག་ཅིང༌། ཁྱོད་ལ་སློབ་མ་བུ་ཆེན་བཞིའི་ནང་ནས་ཁྱད་པར་བཤད་རྒྱུད་འཛིན་པ་གཅིག་འོང་བས། དེའི་བརྒྱུད་པ་དང་བཅས་པའི་སྲུང་མ་བྱེད་པར་འདུག །ཁྱོད་ནས་བརྒྱུད་པ་བདུན་ནམ་བཅུ་གསུམ་ཚུན་ཆད་ལ་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག །བྱིན་གྱིས་བརླབ་པ་ལ་ང་རང་སླེབ་ཡོང་གསུངས་ནས་གནང༌། ཡང་རྗེ་བཙུན་གྱིས། བལ་པོ་སྤྱི་ཐེར་བ་ལའང་ཞུས་པ་ཡིན་ཏེ། ལོ་གསུམ་བལ་པོའི་མཐིལ་དུ་བསྡད། །རྗེ་བྱིན་རླབས་ཅན་གྱི་བལ་པོ་ལ། །རྒྱུད་གཉན་པོར་གྲགས་པའི་གདན་བཞི་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཞུས། །ཞེས་དང༌། དུད་སོལ་

p. 348

ལྷ་མོ་མ་གཏོགས་པའི། །བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཤེས། །ཞེས་མགུར་ལས་གསུངས་སོ། །དེ་ལ་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་སྤོང་དག་ལན་གསུམ་བྱས་ནས། གསང་སྔགས་ཀྱི་རྒྱུད་གདམས་ངག་དང་བཅས་པ་གསན་པའི་རྗེས་སུ་བླ་མ་ལ་ཆོས་སྐྱོང་ལྷ་མོ་དུད་སོལ་མ། ཀཾ་ཀ་རྩལ་དང༌། ཐོད་ཕྲེང་ཅན་དང་གསུམ་གདའ་བས། འདི་གསུམ་ཡང་གནང་བ་ཞུ་བྱས་པས། གསུམ་ཆར་མི་འོང་གང་རུང་ཞིག་འདོམ་གསུངས། དེར་རྔོག་གི་ཐུགས་ལ་ཀཾ་ཀ་རྩལ་དང༌། ཐོད་ཕྲེང་ཅན་གཉིས་འདིའི་བཀའ་སྲུང་ཡིན་བྱ་བར་ཡང་མ་ངེས། ལྷ་མོ་དུད་སོལ་མ་འདི་རྒྱུད་ཀྱི་བཀའ་སྲུང་དུ་འདུག་པ་དང༌། དཔལ་ནཱ་རོ་པའི་ཆོས་སྐྱོང་དང༌། བླ་མའི་ཡང་ཆོས་སྐྱོང་རྣམས་ཀྱི་གཙོ་བོར་འདུག་པ་དང༌། གར་བཞུད་ཀྱང་དོ་ནུབ་ལྟ་བུར་དུད་སོལ་མའི་གཏོར་མ་རེ་མཛད་ནས་སང་བཞུད་པའི་ཕྱོགས་སུ་

p. 349

བསྐྱལ་གྱིན་འདུག་པ་དང༌། རྟག་ཏུ་འདིའི་བསྒོམ་བཟླས་མཛད་ཀྱིན་འདུག་པས། དུད་སོལ་མ་འདི་ཐུགས་ལ་བཏགས་དགོས་ཞུས་པས། ཁྱོད་ཀྱི་འདོམ་ཁ་མ་ལོག་པ་རྟེན་འབྲེལ་ཤིན་ཏུ་ལེགས། ངའི་བླ་མ་ནཱ་རོ་པའི་གསུང་ནས་ཀྱང་ཁྱོད་ལ་སློབ་མ་བུ་ཆེན་བཞི་འོང་བའི་ནང་ནས་ཁྱད་པར་བཤད་རྒྱུད་འཛིན་པ་ཞིག་གི་སྲུང་མ་བྱེད་པར་འདུག་གསུངས་པས་འདི་ཁྱོད་ལ་སྦྱིན་དགོས་གསུངས་ནས། ཐོག་མར་འདི་ཡི་རྗེས་གནང་མཛད། དེ་ནས་རྒྱུད་སྒྲུབ་ཐབས་མན་ངག་ལས་ཁ་ཚར་དང་བཅས་པ་བླ་མ་མདོ་སྡེ་དང་ཡབ་སྲས་གཉིས་ལ་ལྷན་དུ་གནང༌། བླ་མ་མདོ་སྡེ་དཔོན་སློབ་གསུམ་གྱིས་བླ་མ་ཀུན་དགའ་རྡོ་རྗེ་ལ། དེས་གཟི་བརྗིད་གྲགས་པ། རིན་ཆེན་བཟང་པོ། ཆོས་ཀྱི་རྒྱལ་མཚན། རིན་ཆེན་དོན་གྲུབ་དཔལ། རྗེ་བྱང་ཆུབ་དཔལ། རྗེ་རང་བྱུང་དཔལ། རྗེ་བསོད་ནམས་

p. 350

དོན་གྲུབ། རྗེ་བསོད་ནམས་ལྷུན་པོ། དེས་བདག་ལའོ། །ཡང་བླ་མ་མདོ་སྡེས་རྒྱལ་ཚ་ར་མོ། སློབ་དཔོན་ལྕམ་མེ། སློབ་དཔོན་ཀུན་དགའ་དབང་ཕྱུག །སློབ་དཔོན་རིན་ཆེན་རྒྱལ་པོ། རིན་ཆེན་དཔལ། གྲགས་པ་རྒྱལ་མཚན། ཀུན་དགའ་བློ་གྲོས། ཀུན་དགའ་བཟང་པོ། བསོད་ནམས་དོན་གྲུབ། བསོད་ནམས་ལྷུན་པོ། དེས་བདག་ལའོ། །ཡང་ན་ཆོས་ཀྱི་རྒྱལ་མཚན། སེངྒེ་སྒྲ། རཏྣ་དྷྭ་ཛ། ཤྲཱི་བཛྲ། བཟང་པོ་དཔལ། རྔོག་རིན་ཆེན་དཔལ་བཟང༌། ཆོས་རྗེ་བྷ་དྲ་པཱ་ལ། དེས་བདག་ལའོ། །ཡང་ན་མར་པ། མཚུར་དབང༌། འཁོན་གད་པ་ཀིརྟི། རྒྱ་ཕོ་བ་ལུང་པ། བླ་མ་ཙན་ཕྲེང་པ། སློབ་དཔོན་སྟོན་སེང༌། ཁམས་པ་ཡེ་བརྩོན། ཆོས་སྡིངས་པ་རྡོ་རྗེ་བཀྲ་ཤིས། སློབ་དཔོན་བཟང་པོ་དཔལ། རྔོག་རིན་ཆེན་བཟང༌། ཆོས་རྗེ་བྷ་དྲ་པཱ་ལ། དེས་བདག་ལའོ། །དེ་ལྟ་བུའི་བརྒྱུད་པ་ལས་འོངས་པའི་

p. 351

རྗེས་སུ་གནང་བ་བསྒྲུབ་པ་ལ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་གི་མདུན་གྱི་ནམ་མཁའ་འདི་ན། ཀྱཻ་རྡོ་རྗེའམ་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཆེན་པོ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པའི་གཞལ་ཡས་ཁང་གི་ཕྱི་རོལ། རྡོ་རྗེ་ར་བའི་ནང་རོལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཤར་ཕྱོགས། ནག་པོ་དྲག་པོ་ཆེན་པོ་ལ་སོགས་པའི་ཞིང་སྐྱོང་བཞི་བཅུ་ཡོད་པ་དེའི་ས་ཁུལ་ན་ཁྱེད་རང་རྣམས་བཞུགས་པའི་མོས་པ་མཛོད། མགོ་ཐོག་ཏུ་བཞག་པའི་གཏོར་མ་འདི་ལ་དམ་ཚིག་གི་ལྷ་མོ་བསྐྱེད། ཡེ་ཤེས་ཀྱི་ལྷ་མོ་བསྟིམ། མཆོད་པ་དང་བསྟོད་པ་སྒོམ་བཟླས་ཀྱིས་མཉེས་པར་བྱ་བ་ཡིན་པའི་མོས་པ་མཛོད། དེའི་དུས་སུ་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་འཆང་དང༌། ཏཻ་ལོ། ནཱ་རོ་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཀྱཻ་རྡོར་གདན་བཞི་ལ་སོགས་པའི་ཡི་དམ་ལྷ་

p. 352

ཚོགས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་ཐིབ་ཐིབ་བྱོན་ནས་ཤིས་པར་བརྗོད་ཅིང་མེ་ཏོག་འཐོར་བའི་མོས་པ་མཛོད། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་ཆོས་རྡོར་མདོ་སྡེ་ཐོགས་མེད་ཞབས། །རྒྱལ་ཚ་སྐུ་མཆེད་ཀུན་དགའ་གཟི་བརྗིད་གྲགས། །རིན་ཆེན་བཟང་པོ་ཆོས་རྒྱལ་དོན་འགྲུབ་དཔལ། །བོ་དྷི་ཤྲཱི་རོལ་པའི་རྡོ་རྗེ་དང༌། །རིན་ཆེན་བླ་མ་མཁས་གྲུབ་ཆོས་ཀྱི་རྗེ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སློབ་མ་ཤེས་པ་དོན་དམ་སྨྲ་བའི་སེང་གེ་ཞེས་བྱ་ཡིས། ཉོན་མོངས་སྲིད་པའི་ཉེས་པ་སྐྱེད་པའི་ས་གཞོམ་ཕྱིར། རྣལ་འབྱོར་ཆོ་གས་ཉོན་མོངས་གཡོས་པ་གཅོད་པ་ཡི། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །རྗེ་བཙུན་ནཱ་རོ་ལ་སོགས་བརྒྱུད་པའི་བླ་མ་ཡིས། །སྒྲུབ་པ་མཛད་

p. 353

ཅིང་དམ་ལ་བཏགས་ནས་ནི། །བསྟན་པ་སྲུང་ཞིང་ཕྲིན་ལས་སྒྲུབ་མཛད་པའི། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་མོའི་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞི་ཕྲིན་ལས་རྣམ་བཞི་སྒྲུབ། །རྫུ་འཕྲུལ་མཐུ་ལྡན་དགྲ་བགེགས་ཚར་གཅོད་པའི། །དཔལ་ལྡན་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཅེས་པ་ནས་བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུ། །ཞེས་པའི་བར་གྱིས་བསྟོད། མེ་ཏོག་འཐོར། རོལ་ཆེན་བྱའོ། །དེ་ནས་གཏོར་མ་ལག་པ་གཡས་སུ་གཏད་ལ། སློབ་མ་ཤིས་པ་སོགས་ལན་གསུམ་བརྗོད་ལ། འགུགས་བྱེད་གསོད་བྱེད་དྲུག་དང་མཁའ་འགྲོ་བཞི། །གདོང་ཅན་བརྒྱད་དང་སྒོ་མ་བཞི་ལ་སོགས། །ལས་བྱེད་ཕོ་ཉ་རྣམས་ཀྱི་བཀྲ་ཤིས་ཤོག །ནག་མོ་འབུམ་སྡེ་དཀར་སོགས་འབུམ་སྡེ་ལྔ། །ཡང་སྤྲུལ་བྱེ་བ་མཁའ་འགྲོ་མ་མོའི་ཚོགས། །བར་ཆད་

p. 354

སེལ་ཞིང་རྣལ་འབྱོར་ལས་རྣམས་སྒྲུབ། །སྲུང་མ་མོ་རྒྱུད་རྣམས་ཀྱི་བཀྲ་ཤིས་ཤོག །དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །ཞེས་པ་ནས། དེ་ལ་ཀུན་གྱིས་གྲོགས་མཛོད་ཅིག །ཅེས་པའི་བར་བརྗོད་ལ། ཀུ་རུ་ཧཱུྃ་ཧཱུྃ་གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚན་བྷཀྵ་ཕྲེཾ་ཕྲུཾ་ཕྲེཾ་ཕྲུཾ། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །ཞེས་པ་ནས་རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ཅེས་པའི་བར་དང༌། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་རྒྱས་ཡུན་རིང་ཞབས་བརྟན་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་བརྗོད་ལ། སློབ་དཔོན་རང་ཉིད་སྐད་ཅིག་གིས་དུད་སོལ་མ་སྐུ་མདོག་ནག་མོ་ཞེས་སོགས་ཡེ་ཤེས་ཀྱི་ལྷ་མོར་བསྐྱེད། སློབ་མ་རྣམས་སྐད་ཅིག་གིས་

p. 355

དཔལ་ལྡན་ལྷ་མོ་དུད་སོལ་མ་ཞེས་སོགས་དམ་ཚིག་གི་ལྷ་མོར་བསྐྱེད། རལ་གྲི། བྷནྡྷ། རྨ་བྱའི་སྒྲོ། དར་ནག་སོགས་རྟེན་རྫས་རྣམས་སྐད་ཅིག་གིས་ལྷ་མོར་བསྐྱེད་ལ། རེ་རེ་བཞིན་སྙིང་པོ་དང༌། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱས་ནས་སློབ་མ་ལ་གཏད། སློབ་དཔོན་དང་སློབ་མ་རྣམས་ཀྱིས་ཕྲེང་བ་ལུ་གུ་རྒྱུད་དུ་སྦྲེལ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང༌། ཡེ་ཤེས་ཀྱི་ལྷ་མོ་བརྒྱ་རྩ་བརྒྱད་སློབ་མ་ལ་ཐིམ་པར་བསམས་ལ། ཤྲཱི་མ་ཧཱ་ཀཱ་ལི། འདོད་པ་ཁམས་ཀྱི་དབང་ཕྱུག་མ། ཁྲག་འཐུང་གི་རྒྱལ་མོ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། འཁོར་མ་མོ་ཉི་ཤུ། ལས་མཁན་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་སྔོན་ཡུམ་ཨེ་ཀ་ཛཱ་ཊི་དང༌། དཔལ་རྟ་མགྲིན། ཕྱག་ན་རྡོ་རྗེ་ལ་སོགས་པའི་སྤྱན་སྔར་ཁས་བླངས་པའི་དོན་དྲན་པར་མཛོད་ཅིག །ཁྱད་པར་དུ་རྡོ་རྗེ་འཆང༌། ཏཻ་ལོ། ནཱ་རོ། མར་པ། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ་ཁུ་དབོན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་བཀའ་དང་

p. 356

དམ་ལ་བཞག་པ་དྲན་པར་མཛོད་ལ་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས། དཀོན་མཆོག་གི་ཆེ་བ་ཕྱུངས། བླ་མ་དམ་པའི་ཕྲིན་ལས་སྒྲུབས། སེམས་ཅན་གྱི་བདེ་སྐྱེད་སྤེལ། ཁྱད་པར་དུ་བདག་གི་རྡོ་རྗེའི་སློབ་མ་སྐོར་དཔུང་དང་བཅས་པ་དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་གྱི་བར་དུ་ཁྱོད་ལ་གཉེར་གཏད་པ་ཡིན་པས་འདི་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། གཞན་དག་གིས་བྱས་པའི་གཏོར་ཁ་དང༌། གཏད་དང་མནན་པ་དང༌། ཟོར་ཁ་དང༌། རྦད་འདྲེ་དང༌། ཕུར་ཁ་ལ་སོགས་པ་རྣམས་ལས་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པར་མཛད་དུ་གསོལ། མདོར་ན་འདི་རྣམས་ལ་འགོ་བར་མཛོད་ལ་འགལ་རྐྱེན་བར་ཆད་ཐམས་ཅད་བསྲུང་བར་མཛོད། །ཅེས་བརྗོད་ལ། ཐོད་པ་ནས་ནང་མཆོད་བླུད་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་

p. 357

འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཧ་ན་ཧ་ན་ཨ་ཏི་ཀྲ་མ་ན་ཡ་ཧཱུྃ་ཕཊ། དེ་ནས་ཁྲག་གི་ཐིག་ལེ་ནི་མི་ཁྲག །ཞག་གི་ཟོ་རིས་ནི་མི་ཚིལ། ཐལ་ཆེན་གྱི་ཚོམ་བུ་ནི་རོ་བསྲེགས་པའི་ཐལ་བ་རྣམས། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སཱི་ཀ་མ་ལ་རཀྵ་སཱི་ཧཱུྃ་བྷྱོ། ཞེས་བརྗོད་ཅིང་སློབ་མའི་ལུས་ལ་བྱུག །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞེས་སོགས་མཆོད་པ་ལྔ་ཕུལ། སྔོན་ཚེ་དཔག་བསམ་སོགས་ཀྱིས་བསྟོད། དེ་ནས་ཚོགས་ལ་རོལ། ལྷག་མ་རྣམས་བསྡུས་ལ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །སོགས་ཀྱིས་མཆོད་ཅིང་བསྟོད་ལ། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྡུས་ཏེ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སོགས་གསུམ་བརྗོད་ལ། གཏང་རག་གི་མཎྜལ་འབུལ་དུ་གཞུག །ལུས་ལོངས་

p. 358

སྤྱོད་ཀྱི་དྲུག་ཆ་ཞིག་བླ་མ་དང་ཡི་དམ་གྱི་མཆོད་རྫས་སུ་འབུལ་ན་ཆ་ཤས་སུ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ་བརྗོད། བསྔོ་བ་བྱས་ཏེ་རང་གནས་སུ་བཏང་ལ། རྗེས་ཀྱི་ཆོ་ག་རྣམས་བདག་བསྐྱེད་གང་བྱེད་ཀྱི་སྒྲུབ་ཐབས་ལས་འབྱུང་བ་བཞིན་བྱའོ། །དེ་ལྟར་ནན་ཆགས་མ་བྱས་པར་བཤད་པ་མི་བྱ། བཤད་པ་མ་བྱས་པར་སྒྲུབ་པ་མི་བྱ། སྒྲུབ་པ་མ་བྱས་པར་ཚེ་འདིར་དངོས་གྲུབ་མི་འབྱུང༌། དེ་ལྟར་བྱས་ན་དངོས་གྲུབ་གང་འདོད་འབྱུང༌། ཞེས་རྗེ་བཙུན་ཞེ་སྡང་རྡོ་རྗེས་གསུངས་སོ། །རྒྱལ་བ་ཉིད་ཀྱིས་རྒྱུད་སྡེ་མཐའ་དག་གི། །སྲུང་མར་དབང་བསྐུར་ཁྱད་པར་གདན་བཞིའི་རྒྱུད། །སྲུང་བར་ཁས་བླངས་བཀའ་བསྒོས་དམ་བཅས་ཤིང༌། །ནཱ་རོ་མར་རྔོག་རྣམས་ཀྱི་བཀའ་སྲུང་མཆོག །གང་གི་ཐུན་མོང་མིན་པའི་རྗེས་གནང་ཚུལ། །མཁས་པའི་དབང་པོ་བློ་གསལ་རྒྱ་མཚོ་ཡིས། །རིང་ནས་བསྐུལ་བའི་བཞེད་པ་བསྐང་བའི་སླད། །རྔོག་གི་བཙུན་པ་བསོད་ནམས་བསྟན་འཛིན་གྱིས། །སྟོད་ལུང་མཚུར་ཕུའི་གཙུག་ལག་ཁང་ཆེན་པོར། །ཡི་གེར་བྲིས་ལ་ནོངས་པ་ཅི་མཆིས་པ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བཟོད་པར་བཞེས། །དགེ་བས་རྔོག་དཀར་བསྟན་པ་སྲིད་མཐའི་བར། །མི་ནུབ་ཡོངས་སུ་རྒྱས་ཏེ་ཁམས་གསུམ་གྱི། །སེམས་ཅན་མཐའ་དག་སྨིན་ཅིང་གྲོལ་གྱུར་ཅིག །སརྦ་མངྒ་ལཾ།། །།

བསྟན་སྲུང་གཙོ་མོ་དུད་སོལ་མའི་ཕྱི་སྒྲུབ་དང༌གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆགས་མར་གྲགས་པ་བཀླག་ཆོག་ཏུ་བཀོད་པ་ཌཱ་ཀིའི་ཐུགས་ཀྱི་ཟེའུ་འབྲུ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 359

༄༅། །བསྟན་སྲུང་གཙོ་མོ་དུད་སོལ་མའི་ཕྱི་སྒྲུབ་དང༌གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆགས་མར་གྲགས་པ་བཀླག་ཆོག་ཏུ་བཀོད་པ་ཌཱ་ཀིའི་ཐུགས་ཀྱི་ཟེའུ་འབྲུ་ཞེས་བྱ་བ་བཞུགས་སོ། །

p. 360

ན་མོ་གུ་རུ་ཀཱ་མ་དྷཱ་ཏཱི་ཤྭ་ར་ཡ། རྣམ་ཐར་གསུམ་ལྡན་ཤེས་རབ་ཕ་རོལ་ཕྱིན། །སྤྲུལ་པའི་སྐུར་བཞེངས་རྒྱལ་བའི་བསྟན་སྲུང་མ། །དངོས་གྲུབ་དབང་ཕྱུག་དེ་ལ་གུས་པས་འདུད། །གནང་བ་སྩོལ་ལ་བྱིན་རླབས་མཐུ་བསྐྱེད་མཛོད། །མར་རྔོག་བརྒྱུད་པའི་གསུང་སྒྲོས་དང༌། །ཕྱག་བཞེས་གཙང་མ་བྱིན་གཟི་ཅན། །ཉམས་མེད་གྱུར་ན་ཡིད་དགའ་བས། །རང་མཉམ་དོན་དུ་ཚུལ་འདི་བཀོད། །དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་ཕྱི་སྒྲུབ་རྗེས་གནང་ཐུན་མོང་བསྒྲུབ་པར་འདོད་པས། གོང་དུ་ཡི་དམ་གྱི་འབུལ་གཏོར་དང༌། འཛོམ་ན་བྲིས་སྐུ་བཀྲམ་པའི་མདུན་དུ་དཀྱིལ་འཁོར་སྟེགས་བུ་གྲུ་བཞིའི་སྟེང་དུ་གྲུ་གསུམ་མཐིང་ནག་གི་དབུས་སུ་ཐོད་ར་ཟླུམ་བསྐོར། ནང་ཟུར་གསུམ་དུ་རྡོ་རྗེ་ཕྱེད་པ་གསུམ་གྱིས་མཚན་པའི་ལྟེ་བར་ནས་ནག་གི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་རྟེན་གཏོར་ཐོད་མཁར་མའམ། མ་གྲུབ་ན་མཆོད་གཏོར་བྲ་གཟུགས་མ་འཁོར་ཟུར་གསུམ་བཅུ་

p. 361

དགུའམ་མཐེབ་ཀྱུ་དེ་ཙམ་གྱིས་བསྐོར་བ་ལ་འཛོམ་ན་སྐུ་ཙཀ་ཀྱང་བཙུགས། དར་གདུགས་མཐིང་ནག་དབུབ། ཤ་ཁྲག་གིས་བརྒྱན་པ་བཀོད། ཕྱག་མཚན་བཞི་དངོས་སམ་ཙཀ་ལི་བཞག །མདུན་དུ་འབུལ་གཏོར། སྨན་རཀ །ཕྱི་མཆོད་སོགས་བཀོད་ཅིང་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱ། སློབ་དཔོན་གྱིས་དགྱེས་རྡོར་དང་གདན་བཞི་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་གཏོར་འབུལ་བཅས་རྒྱས་པར་བྱ། ཅིས་ཀྱང་མ་གྲུབ་ན་དྲན་པ་གཅིག་པའི་བཟླས་བསྒོམ་གཏོར་འབུལ་བཅས་བྱས་ལ། དུད་སོལ་མའི་གཏོར་ཆོག་འབྲིང་པོའམ་ཆུང་བ་གང་ཡང་རུང་བ་བཏང་ནས་མདུན་བསྐྱེད་བསྒྲུབ་ཅིང་བཟླས་པ་གཏོར་འབུལ་ཡན་དང༌། སྤྲོ་ན་སྐོང་བཤགས་ཀྱང་བྱ། ལས་བུམ་འཁྱིལ་བའི་སྔགས་ཀྱིས་བྱིན་གྱིས་བརླབ། འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་དང་བཅས་

p. 362

པས་བདག་གི་སློབ་མ་རྣམས་ལ་རྗེས་སུ་གནང་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་སློབ་མ་ལ་ཁྲུས་བྱ། སྔོན་གཏོར་བཏང་ལ་བགེགས་བསྐྲད། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གནས་སྐབས་ཆོས་སྒྲུབ་པའི་འགལ་རྐྱེན་ས་དང་ལམ་གྱི་བར་ཆད་ཞི་ཞིང༌། མཐར་ཐུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་འཐོབ་པར་བྱ་བའི་སླད་དུ་བསྟན་སྲུང་དབང་མོའི་རྗེས་སུ་གནང་བ་ཞུ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་དཀྱིལ་འཁོར་ཀུན་གྱི་དབང་མོ་རྡོ་རྗེ་བདག་མེད་མ་དང་ཡེ་ཤེས་དབང་ཕྱུག་མ་གདུལ་བྱ་མི་སྲུན་པ་གདུག་ཅན་འདུལ་བའི་གཉེན་པོར་འཇིགས་བྱེད་དྲག་མོ་ཆེན་མོའི་ཚུལ་དུ་བསྟན་པ་དཔལ་ལྡན་འདོད་ཁམས་ཀྱི་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་མ་འདི་ནི། ལྷ་མོ་སྤྱི་རྒྱུད་མེ་

p. 363

ལྕེ་འབར་མ་ལས། དཔལ་དང་ལྡན་པའི་རྡོ་རྗེ་མཁའ་འགྲོ་མ། །གདོད་ནས་མ་སྐྱེས་གཟུང་འཛིན་ཡུལ་དང་བྲལ། །ང་དང་བདག་འཛིན་མཚན་མའི་རྟོག་པ་བཅོམ། །དོན་དམ་ཀུན་རྫོབ་སྐྱེ་བ་མེད་པ་ཡི། །གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི། །སྟོང་ཉིད་ཆོས་སྐུ་ནམ་མཁའི་ཡེ་ཤེས་ལྔ། །སྤྲུལ་པའི་མཚན་མ་ལྷ་མོའི་ཕྱག་རྒྱར་སྣང༌། །མཁའ་ལ་འཇའ་འདྲ་རང་བཞིན་ག་ལ་ཡོད། །སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པ་སྟེ། །མདོར་ན་སངས་རྒྱས་སྤྲུལ་པ་ཡིན་པས་ན། །ཁོལ་མོ་བྱང་ཆུབ་སེམས་མའི་རྫུ་འཕྲུལ་ལོ། །མཚན་མའི་བདུད་མོ་སྲིན་མོར་བལྟ་མི་བྱ། །ཞེས་གསུངས་པ་ལྟར་རྡོ་རྗེ་གདན་བཞིའི་རྒྱུད་ལས་ཀྱང་ལྷ་མོ་རོ་ལངས་མ་དང་གཏུམ་མོ་སོགས་ཀྱི་མཚན་གྱིས་བསྟན་ཅིང༌། བཤད་རྒྱུད་མཇུག་གི་ཆ་ནས་ལས་བྱེ་བྲག་ཏུ་སྒྲུབ་པའི་ཚུལ་གྱིས་ཀྱང་གསལ་

p. 364

བར་བསྟན་པ་དང༌། ལྷ་མོ་སྤྱི་རྒྱུད་མེ་ལྕེ་འབར་མ་དང་སྒོས་རྒྱུད་དངོས་གྲུབ་འབྱུང་བ་སོགས་ལ་བརྟེན་ནས། གྲུབ་པའི་སློབ་དཔོན་ཆེན་པོ་བིར་ཝ་པས་སྒྲུབ་ཐབས་མཛད། དེ་ནས་ནག་པོ་པ། ཏཻ་ལོ་པ། ནཱ་རོ་པ་རྣམས་ལས་རིམ་པར་བརྒྱུད་ཅིང་མཁས་གྲུབ་དེ་དག་གི་སྲུང་མའི་གཙོ་བོར་མཛད། དེ་ལས་རྗེ་མར་པ་ལྷོ་བྲག་པས་ཞུས་པ་སྟེ། དེའང་རྗེ་མར་པ་ལོ་ཙཱ་དེ་ཉིད་རྒྱ་གར་དུ་ལན་གསུམ། བལ་པོར་ལན་བཞི་སྟེ་བདུན་གྱི་བར་དུ་བྱོན། མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་དུ་དཔལ་ནཱ་རོ་པ་ཆེན་པོ་ལོ་བཅུ་དྲུག་ཟླ་བ་བདུན་གྱི་བར་དུ་མི་འབྲལ་བར་བསྟེན་ནས་གསང་སྔགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གསན་པའི་ཚེ། རྗེ་བཙུན་གྱི་ཐུགས་ལ་ངའི་བླ་མ་འདི་ལ་དངོས་སུ་གཏོར་མ་ལེན་པའི་ཆོས་སྐྱོང་གསུམ་འདུག་པས། འདི་གསུམ་ཞུ་དགོས་པར་འདུག་སྙམ་

p. 365

ནས། བླ་མ་ལ་ཕྱག་དང་བསྐོར་བ་བྱས་ཕྱག་ཏུ་མེ་ཏོག་ཕུལ་ནས། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ལྷ་མོ་དུད་པའི་སོལ་བ་མ། གནོད་སྦྱིན་ཙ་མུནྚི་དང་གསུམ་པོ་འདི་བདག་ལ་གནང་འཚལ་ཞུས་པས། གསུམ་ཀ་མི་འོང་གང་རུང་ཞིག་འདོམ་གསུངས། དེར་རྗེ་བཙུན་གྱིས་དུད་སོལ་ལྷ་མོ་འདི་ཀྱཻ་རྡོ་རྗེའི་རྒྱུད་དང་རྡོ་རྗེ་གདན་བཞིའི་བཀའ་སྲུང་དུ་འདུག་པ་དང༌། ཁྱད་པར་བླ་མའི་ཆོས་སྐྱོང་གི་གཙོ་བོ་མཛད་ཅིང་འདུག་པས་འདི་ཞུ་ཞུས་པས། འདོམ་ཁ་མ་ལོག་གསུངས། གཏོར་མ་དང་ཕྱག་སྤྱི་བོར་བཞག་ནས། ཁྱད་པར་ཆོས་སྐྱོང་རྣམ་གསུམ་ལས། །དུད་སོལ་ལྷ་མོ་རྒྱུད་སྲུང་མཆོག །བུ་ཚ་བོ་ཡང་ཚའི་དོན་དུ་ནི། །ལོ་ཙཱ་བ་ཡིས་སྤྱན་དྲོངས་ལ། །དུས་གསུམ་བ་ལིང་མ་ཆག་མཛོད། །མཆོག་དང་ཐུན་མོང་གི་དངོས་གྲུབ་འདི་ལས་འབྱུང༌། །ཆུ་བོ་གང་གཱ་ཕན་ཆད་ན། །

p. 366

དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །སླ་བར་མ་བསམ་ཉམས་སུ་ལོངས། །ཞེས་གདམས་པར་མཛད། འདི་ཉིད་ཀྱི་རྒྱུད་མན་ངག་དང་བཅས་པ་མ་ལུས་པར་གནང་སྟེ། ལོ་ཙཱ་བ་ཁྱེད་ཀྱིས་ཚེ་འདིར་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་སྲིད་པ་བར་མ་དོར་མཆོག་གི་དངོས་གྲུབ་ཐོབ། མི་རྒྱུད་ནམ་མཁའི་འཇའ་ཚོན་ལྟར་ཡལ་ཀྱང༌། ཆོས་བརྒྱུད་ཆུ་བོའི་གཞུང་དང་འདྲ་བ་འབྱུང་བ་ཡིན། ཆོས་སྐྱོང་འདིའང་ཁྱོད་ཁོ་ནའི་རྗེས་སུ་འགྲོ་བར་འདུག་ཅིང༌། ཁྱོད་ལ་སློབ་མ་བུ་ཆེན་བཞིའི་ནང་ནས་ཁྱད་པར་བཤད་རྒྱུད་འཛིན་པ་གཅིག་འོང་བས། དེའི་བརྒྱུད་པ་དང་བཅས་པའི་སྲུང་མ་བྱེད་པར་འདུག །ཁྱོད་ནས་བརྒྱུད་པ་བདུན་ནམ་བཅུ་གསུམ་ཚུན་ཆད་ལ་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག །བྱིན་གྱིས་བརླབ་པ་ལ་ང་རང་སླེབ་ཡོང་གསུངས་ནས་གནང༌། ཡང་རྗེ་བཙུན་གྱིས། བལ་པོ་སྤྱི་ཐེར་བ་ལའང་ཞུས་

p. 367

པ་ཡིན་ཏེ། ལོ་གསུམ་བལ་པོའི་མཐིལ་དུ་བསྡད། །རྗེ་བྱིན་རླབས་ཅན་གྱི་བལ་པོ་ལ། །རྒྱུད་གཉན་པོར་གྲགས་པའི་གདན་བཞི་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཞུས། །ཞེས་དང༌། དུད་སོལ་ལྷ་མོ་མ་གཏོགས་པའི། །བསྟན་སྲུང་བརྒྱ་དང་རྩ་བརྒྱད་ཤེས། །ཞེས་མགུར་ལས་འབྱུང་སྟེ་ལྷ་མོ་འདི་ཉིད་ཐུགས་གཙིགས་ཆེ་བས་བསྟན་སྲུང་ཐུན་མོང་བ་གཞན་གྱི་གྲལ་དུ་མི་གཏོགས་པའི་ཁྱད་པར་འཕགས་པར་གསུངས། དེ་ལ་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་སྤོང་དག་ལན་གསུམ་བྱས་ནས། གསང་སྔགས་ཀྱི་རྒྱུད་གདམས་ངག་དང་བཅས་པ་གསན་པའི་རྗེས་སུ་བླ་མ་ལ་ཆོས་སྐྱོང་ལྷ་མོ་དུད་སོལ་མ། ཀཾ་ཀ་རྩལ་དང༌། ཐོད་ཕྲེང་ཅན་དང་གསུམ་གདའ་བས་འདི་གསུམ་ཡང་གནང་བར་ཞུ་བྱས་པས། གསུམ་ཆར་མི་འོང་གང་རུང་ཞིག་འདོམ་གསུངས། དེར་རྔོག་གི་ཐུགས་ལ་ཀཾ་

p. 368

ཀ་རྩལ་དང༌། ཐོད་ཕྲེང་ཅན་གཉིས་འདིའི་བཀའ་སྲུང་ཡིན་བྱ་བར་ཡང་མ་ངེས། ལྷ་མོ་དུད་སོལ་མ་འདི་རྒྱུད་ཀྱི་བཀའ་སྲུང་དུ་འདུག་པ་དང༌། དཔལ་ནཱ་རོ་པའི་ཆོས་སྐྱོང་རྣམས་ཀྱི་གཙོ་བོར་འདུག་པ་དང༌། གར་བཞུད་ཀྱང་དོ་ནུབ་ལྟ་བུར་དུད་སོལ་གྱི་གཏོར་མ་རེ་མཛད་ནས་སང་བཞུད་པའི་ཕྱོགས་སུ་སྐྱེལ་གྱིན་འདུག་པ་དང༌། རྟག་ཏུ་འདིའི་བསྒོམ་བཟླས་མཛད་ཀྱིན་འདུག་པས་འདི་ཀ་ལེགས་དགོངས་ནས། དུད་སོལ་མ་འདི་ཐུགས་ལ་བཏགས་དགོས་ཞུས་པས། ཁྱོད་ཀྱི་འདོམ་ཁ་མ་ལོག་པ་རྟེན་འབྲེལ་ཤིན་ཏུ་ལེགས། ངའི་བླ་མ་ནཱ་རོ་པའི་གསུང་ནས་ཀྱང་ཁྱོད་ལ་སློབ་མ་བུ་ཆེན་བཞི་འོང་བའི་ནང་ནས་ཁྱད་པར་བཤད་བརྒྱུད་འཛིན་པ་ཞིག་གི་སྲུང་མ་བྱེད་པར་འདུག་གསུངས་པས་འདི་ཁྱོད་ལ་སྦྱིན་དགོས་གསུངས་ནས། ཐོག་མར་འདིའི་རྗེས་གནང་མཛད། དེ་ནས་རྒྱུད་སྒྲུབ་

p. 369

ཐབས་མན་ངག་ལས་ཁ་ཚར་དང་བཅས་པ། བླ་མ་མདོ་སྡེ་དང་ཡབ་སྲས་གཉིས་ཀར་ལྷན་ཅིག་ཏུ་གནང༌། དེ་ནས་རྔོག་སྟོན་རྡོ་རྗེ་འཛིན་པ་རྣམས་ལས་བཀའ་ལུང་བྱིན་རླབས་ཕྲིན་ལས་ཀྱི་མཐུ་སྟོབས་ཟམ་མ་ཆད་པར་བྱོན་པ་དང༌། ཡང་རྗེ་མར་པ་ལ་མཚུར་སྟོན་དབང་གི་རྡོ་རྗེས་ཞུས། དེས་འཁོན་སྟོན་གད་པ་ཀཱིརྟི་ལ་གནང་ནས་རིམ་པར་བརྒྱུད་དེ་ཕྱིས་བརྒྱུད་སྲོལ་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར། དེ་དག་ལས་བརྒྱུད་པའི་བཀའ་སྲོལ་ཡང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོ་སོའི་ལུགས་སུ་འཕེལ་བ་དང༌། ཚར་ཆེན་བློ་གསལ་རྒྱ་མཚོས་རྔོག་སྟོན་བསོད་ནམས་བསྟན་འཛིན་ལས་བཀའ་ལུང་གསན་ཏེ་དཔལ་ལྡན་ས་ངོར་ཚར་གསུམ་དུ་འཕེལ་བ་སོགས་ཕྱག་ལེན་གྱི་ཁྱད་པར་ཡང་རྒྱས་བསྡུས་འདྲ་མིན་མང་དུ་བྱུང་བ་ལས་སྐབས་འདིར་རྩ་བའི་འབྱུང་ཁུངས་

p. 370

རྔོག་ཞེ་སྡང་རྡོ་རྗེ་རྗེས་འབྲངས་དང་བཅས་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བའི་ཕྱི་སྒྲུབ་ཐུན་མོང་བའི་རྗེས་གནང་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །བདག་ལ་དཔལ་ལྡན་ལྷ་མོ་ཡི། །སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཔལ་ཧེ་རུ་ཀ་རྒྱལ་བ་སྲས་དང་བཀའ་སྡོད་བཅས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་མར་འགྱུར་ལྟར་ལན་གསུམ་བྱ། དེ་ནས་རྗེས་གནང་དངོས་ལ་སྐུ་

p. 371

གསུང་ཐུགས་ཀྱི་རྗེས་གནང་གསུམ་དུ་ཡོད་པ་ལས། ཐོག་མར་སྐུའི་རྗེས་སུ་གནང་བ་འདི་ཉིད་ཕྱི་སྒྲུབ་ཀྱི་རྗེས་གནང་དངོས་གཞི་ཡིན་པས་དེའི་སླད་དུ་སྔར་བསྒྲུབས་ཟིན་པའི་མདུན་གྱི་གཏོར་མ་དེ་ཉིད་སླར་ཡང་འདི་བཞིན་དུ་གསལ་འདེབས་པར་ཞུ། མདུན་དུ་བཤམས་པའི་གཏོར་མ་ཉིད་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་སྐུ་མདོག་ནག་མོ་སོགས་གཏོར་ཆོག་ཆུང་བ་ལྟར་ལ། ཞེས་པས་བསྐོར་བའོ། །རང་གི་སྙིང་ག་ནས་འོད་ཟེར་སོགས་ནས་རོལ་མོ་དང་གུ་གུལ་གསུར་གྱི་དུད་པ་བཅས་སྤྱན་འདྲེན་སྔགས་བཅས་བརྗོད། བྷྱོ་ཡིག་གིས་མཚན་པའོ། །ཞེས་པའི་བར་བཏང༌། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའམ། རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཆེན་པོ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་བཞུགས་པར་བསྒོམ།

p. 372

གཞལ་ཡས་ཁང་པའི་ཕྱི་རོལ་རྡོ་རྗེའི་ར་བའི་ནང་རོལ་དུར་ཁྲོད་བརྒྱད་ཀྱི་ཤར་ཕྱོགས་ན་ནག་པོ་དྲག་པོ་ཆེན་པོ་ལ་སོགས་པའི་ཞིང་སྐྱོང་བཞི་བཅུ་བཞུགས་ཡོད་པས། ཁྱེད་རང་ཡང་དེ་རྣམས་ཀྱི་ཁུལ་ན་འདུག་པར་སྒོམས་ཤིག །དེའི་དུས་སུ་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་འཆང་དང༌། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། རྔོག་སྟོན་ཡབ་སྲས་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཀྱཻ་རྡོར་གདན་བཞི་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་ཐིབ་ཐིབ་བྱོན་ནས་མགྲིན་གཅིག་ཏུ་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བའི་མོས་པ་མཛོད་ཅིག །མེ་ཏོག་འཐོར་ཞིང་དྲིལ་བུ་དཀྲོལ་ལ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་

p. 373

པ་ཆོས་རྡོར་མདོ་སྡེ་ཐོགས་མེད་ཞབས། །རྒྱལ་ཚ་སྐུ་མཆེད་ཀུན་དགའ་གཟི་བརྗིད་གྲགས། །རིན་ཆེན་བཟང་པོ་ཆོས་རྒྱལ་དོན་གྲུབ་དཔལ། །དྲིན་ཆེན་བླ་མ་མཁས་གྲུབ་ཆོས་ཀྱི་རྗེ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སློབ་མ་ཤིས་པ་དོན་དམ་སྨྲ་བའི་སེངྒེ་ཞེས་བྱ་ཡིས། །ཉོན་མོངས་སྲིད་པའི་ཉེས་པ་སྐྱེད་པའི་ས་གཞོམ་ཕྱིར། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡེང་བ་གཅོད་པ་ཡི། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །ཅེས་བརྗོད། ཁྱད་པར་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབ་པ་ཡིན་སྙམ་དུ་མོས་ཤིག །ལས་བྱང་བསྟོད་པ་ལྟར། ཧཱུྃ་བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཅེས་པ་ནས་བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུས། །

p. 374

ཞེས་པའི་བར་བརྗོད་ལ་གཏོར་མ་མགོར་བཞག་ཅིང་རོལ་ཆེན་བྱ། གཏོར་མ་ལྷ་མོར་གསལ་བ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་ལ་ཐིམ་པས་ཁྱེད་རང་ཡང་དཔལ་ལྡན་དུད་པའི་སོལ་བ་མའི་སྐུར་ལམ་གྱིས་སོང་བའི་མོས་པ་མཛོད། གཉིས་པ་གསུང་གི་རྗེས་གནང་ལ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་ལྷ་མོར་གསལ་བའི་ཐུགས་ཀར་འོད་དམར་པོ་སྒོ་ངའི་དབྱིབས་ཅན་སོར་བཞི་པའི་དབུས་སུ་ཧཱུྃ་སྔོན་པོ་ཞིག་གསལ་ཐོབ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལྷ་མོའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་སྙིང་པོ་དང་རྩ་སྔགས་ཀྱི་ཕྲེང་བ་བྱུང་སྟེ་ཁྱེད་རང་གི་ཞལ་

p. 375

ནས་ཞུགས། སྙིང་གའི་ཧཱུྃ་ཡིག་གི་མཐར་འཁོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཞེས་སྙིང་པོ་དང༌། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སཱི་ཀ་མ་ལ་རཀྵ་སཱི་ཧཱུྃ་བྷྱོ་ཧཱུྃ། ཞེས་རྩ་སྔགས་ཏེ་ལན་གསུམ་བརྗོད་དུ་གཞུག །ཕྲེང་བ་སློབ་མའི་སྤྱི་བོར་བཞག་ནས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་མཛོད། ངོ་བོ་ཡེ་ཤེས་ཆེན་པོའི་རང་བཞིན་ཅན། རྣམ་པ་ལྷ་མོའི་ཕྱག་མཚན་ལས་གཉིས་པ་འཕྲོས་ཏེ་ཁྱེད་རང་གི་ཕྱག་ཏུ་གཏད་པས་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ཏིང་ངེ་འཛིན་རྩལ་རྫོགས་སུ་སྐྱེས་པར་མོས་ཤིག །རལ་གྲི་ཐོད་པ་ཤཀྟི་མདུང་རྩེ་གསུམ་པ་རྣམས་གཏད་ལ། ཕྱག་གཡས་གཅོད་པའི་རལ་གྲི་ཕྱར་བ་ནི། །དམ་

p. 376

ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་རྟགས། །འོག་མ་ཐོད་རློན་དམར་བསྐྱིལ་འཛིན་པ་ནི། །སྲིད་གསུམ་ཤ་ཁྲག་ཞལ་དུ་གསོལ་བའི་རྟགས། །ཕྱག་གཡོན་ཤཀྟིའི་མཚོན་ཆ་འཛིན་པ་ནི། །ལྷ་མ་ཡིན་གྱི་དམག་དཔུང་སྒྲོལ་བའི་རྟགས། །འོག་མ་ཏྲི་ཤུ་དར་དཔྱངས་འཆང་བ་ནི། །བདུད་དཔུང་རྣམས་ཀྱི་རྒྱལ་མཚན་སྙིལ་བའི་རྟགས། །ཞེས་བརྗོད་ལ་རོལ་མོ་བྱ། རྗེས་ལས་ཀྱི་གཉེར་གཏད་པ་ནི། སློབ་དཔོན་དཔལ་ཧེ་རུ་ཀར་གསལ་བས་ལྷ་མོ་འཁོར་དང་བཅས་པ་ལ་བཀའ་བསྒོས་པས་ཁྱེད་རང་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་སྒྲུབ་པའི་སྡོང་གྲོགས་མཛད་པར་ཞལ་གྱིས་བཞེས་པར་མོས་ཤིག །བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །སོགས་ཚང་བར་བརྗོད། གཏོར་མ་སློབ་མའི་ལག་ཏུ་གཏད་ལ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཅན་འཁོར་འབུམ་

p. 377

སྡེ་དང་བཅས་པ་ཁྱེད་རྣམས་ལ་མཆོད་པ་དང༌། བསྟོད་པ་དང་གཏོར་མ་ལ་སོགས་པ་ཕུལ་ནས་བདག་ཅག་གི་སློབ་མ་དམ་ཚིག་ཅན་འདི་ལ་གཏད་པ་ཡིན་པས། འདི་ཇི་སྲིད་གནས་ཀྱི་བར་དུ་འདིའི་ལུས་ངག་ཡིད་གསུམ་ལ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས་ཤིག །དཀོན་མཆོག་གི་ཆེ་བ་ཕྱུངས་ཤིག །བླ་མ་དམ་པའི་ཕྲིན་ལས་སྒྲུབས་ཤིག །སེམས་ཅན་གྱི་བདེ་སྐྱིད་སྤེལ་ཅིག །ཁྱད་པར་དུ་རྡོ་རྗེའི་སློབ་མ་འདིའི་གྲོགས་མཛོད་ཅིག །བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པ་ཆེན་པོ་མཛད་དུ་གསོལ། ནད་གདོན་དང༌། རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག །ཚེ་དང་དཔལ་དང་འབྱོར་བ་བཟང་པོ་ལ་སོགས་པ་ཡར་ངོའི་ཟླ་

p. 378

བ་བཞིན་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད་ལ་ལྷ་དང་དམ་ཚིག་བསྲེ་བའི་ཕྱིར་གཏོར་མའི་མཐེབ་ཀྱུ་གཅིག་དང༌། ནང་མཆོད་ཧུབ་གཅིག་སྦྱིན། ཁྱེད་རྣམས་ཀྱིས་ཀྱང་དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཆོས་སྐྱོང་བའི་སྲུང་མ་ཡིན་པས་མཆོད་བསྟོད་བསྒོམ་བཟླས་རྒྱུན་དུ་མ་ཆག་པར་མཛོད་ཅིག །ཅེས་བསྒོ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༌། །དཔལ་ལྡན་ལྷ་མོ་ནག་མོའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་དང་ཤིས་བརྗོད་གང་འོས་བྱ། དེས་འདོད་ཁམས་དབང་ཕྱུག་དུད་སོལ་མའི་ཕྱི་སྒྲུབ་ཀྱི་རྗེས་གནང་ལེགས་པར་ཐོབ་པ་ཡིན་པས་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་

p. 379

མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། དེ་ནས་སླར་ཡང་སྐོང་བཤགས་བཏང༌། ཕྲིན་ལས་བཅོལ། མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་རྟེན་རྫས་ཡོད་ན་དེར་དམིགས་ནས་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་བྱས་ནས་གཏོར་མ་གཙང་སར་གཤེགས། བསྔོ་སྨོན་བཀྲ་ཤིས་བྱས་པས་གྲུབ་བོ། །འདི་ལ་རྩ་བའི་ཡི་གེ་རྔོག་མདོ་སྡེའི་གསུང་ལྟར་བྱེད་ན། སྔོན་འགྲོ་རྒྱུན་བཤགས་ཡན་སྔར་ལྟར་བྱ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་གསལ་བ་ནས་ཤིས་བརྗོད་བསྟོད་པ་ཡན་སྔར་བཞིན། དེ་ནས་དུར་ཁྲོད་བདག་མོ་མན་ཆད་ཀྱིས་བཀའ་བསྒོ་ཞིང་དམ་ཚིག་བསྲེ་བ་ཙམ་ལས་གཞན་སྤྲོས་པ་གང་ཡང་མི་དགོས་ཤིང༌། དེ་ཉིད་གྲུབ་ཐོབ་ཀྱི་ཕྱག་བཞེས་གཙང་མ་ཡིན་པར་འདུག །རྔོག་གཞུང་པ་བསོད་ནམས་དོན་གྲུབ་ཀྱི་ཡིག་ཆ་འདིར་རྗེས་གནང་སྤྱི་འགྲོའི་ལུགས་ཀྱི་སྤྲོས་པ་རྒྱས་སུ་བཏང་བ་དང༌། ཁྱད་པར་གསང་སྒྲུབ་ཀྱི་རྗེས་གནང་དང་ཟབ་ཁྱད་ཆེར་མེད་པར་སློབ་མ་ལྷ་མོར་བསྐྱེད་པ་སོགས་མདོ་སྡེའི་གསུང་དང་མི་མཐུན་པའང་མང་པོར་སྣང་ལ་ཕྱི་སྒྲུབ་ཐུན་མོང་གི་རྗེས་གནང་དང༌། ཕྱི་མ་ཐུན་མོང་མིན་པའི་རྗེས་གནང་གི་ཐ་སྙད་བཏགས་ནས་ཡིག་ཆ་དེའི་སྟེང་ནས་མཛད་པའི་རྒྱུན་སྣང་བས་འདི་ཡང་ལུགས་སྲོལ་དེ་ཉིད་གཙོ་བོར་བཀོད། རྩ་བའི་གཞུང་དང་ཡང་བསྟུན་ནས་ཅུང་ཟད་ཟོར་ཡངས་སུ་བགྱིས་པའོ།། །།

ཁྲག་འཐུང་དབང་མོ་དུད་པའི་སོལ་བ་མའི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 380
p. 381

ན་མོ་གུ་རུ་ཤྲཱི་དེ་བྱེེ། ཁྲག་འཐུང་དབང་མོ་དུད་པའི་སོལ་བ་མའི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆགས་མར་གྲགས་པ་བགྱི་བ་ལ། བཅའ་གཞི་མཎྜལ་གཏོར་མཆོད་ཡི་དམ་འབུལ་གཏོར་སོགས་གོང་ལྟར་ལ། ཁྱད་པར་དམ་ཚིག་གི་བྲིས་སྐུ་བཀྲམ། གནམ་ལྕགས་ཀྱི་རལ་གྲི། ཞིང་ཆུང་གི་རྒྱལ་མཚན། བནྡྷ་ལྕང་ལོ་ཅན། གྲི་ལྕགས་ཀྱི་གསལ་ཤིང༌། དར་ནག་བ་དན། རྨ་བྱའི་སྒྲོ་ཆུན། ཁ་ཊྭཱྃ་དང་ཤཀྟི་སོགས་རྟེན་རྫས་ཇི་ལྟར་ཚོགས་པར་བཤམ། ཁྲག་ཆེན། ཚིལ་ཆེན། ཐལ་ཆེན་གསུམ་སྣོད་སོ་སོར་བཀོད། ཚོགས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལས་བུམ་སོགས་ཉེར་མཁོ་རྣམས་འདུ་བྱས་ལ། སློབ་དཔོན་གྱིས་དགྱེས་རྡོར་དང་གདན་བཞི་གང་ཡང་རུང་བའི་བདག་བསྐྱེད་རྒྱས་བསྡུས་གང་འགྲུབ་བཟླས་པ་བསྡུ་ལྡང་གཏོར་འབུལ་བཅས་བྱ། དེ་ནས་ལྷ་མོའི་ཕྲིན་ལས་རྒྱས་བསྡུས་གང་རུང་

p. 382

ཞིག་བཏང་ལ་སློབ་དཔོན་དང་མདུན་བསྐྱེད་གཉིས་ཀ་དཔལ་ལྷ་མོར་གསལ་ཞིང་བཟླས་པ་གཏོར་འབུལ་སྐོང་བཤགས་ཀྱི་བར་གྲུབ་ནས། ལས་བུམ་འཁྱིལ་བའི་སྔགས་ཀྱིས་བྱིན་བརླབ། འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་དང་བཅས་པས་བདག་གི་སློབ་མ་རྣམས་ལ་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །དེ་ནས་ཆོས་བརྒྱུད་འཛིན་ཅིང་དམ་ཚིག་ཐུབ་ངེས་པ། འདིའི་བསྙེན་སྒྲུབ་གསོལ་མཆོད་ལ་བརྩོན་པའི་སློབ་མ་གཅིག་གམ་གསུམ་ལས་མི་མང་བ་འདུས་ནས། ལས་བུམ་གྱི་ཆུས་ཁྲུས་བྱ། གཏོར་མ་བཏང་ལ་བགེགས་བསྐྲད། མཎྜལ་བཀྱེ་བསྡུ་བྱས་ལ་སེམས་བསྐྱེད་གསལ་འདེབས་དང་ཆོས་བཤད་ལོ་རྒྱུས་གོང་ལྟར་གྱི་ཚིག་གཤམ། ཕྱི་སྒྲུབ་ཐུན་མོང་སོགས་ཀྱི་མལ་དུ། གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ཞེས་བསྒྱུར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་ནས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་རིང་

p. 383

བདག་ལ་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་མཆོག་རབ་སྟེ། །དམ་ཚིག་རྣམ་ཤེས་རྒྱལ་པོར་བསྐྱེད། །འདིར་ནི་སློབ་མའི་དོན་དེ་ཉིད། །རྒྱལ་པོ་ཉིད་ཀྱི་དབང་བསྐུར་སྩོལ། །ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བདུན་པ་ཚུལ་བཞིན་བྱ་བའི་མོས་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་མར་འགྱུར་ལྟར་བརྗོད། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་དཔལ་དགྱེས་པ་རྡོ་རྗེའམ། རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་ཆེན་པོ་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བར་བཞུགས་པའི་གཞལ་ཡས་ཁང་གི་ཕྱི་རོལ། རྡོ་རྗེའི་ར་བའི་ནང་རོལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཤར་ཕྱོགས། ནག་པོ་དྲག་པོ་ཆེན་པོ་ལ་སོགས་པའི་ཞིང་སྐྱོང་བཞི་བཅུ་

p. 384

བཞུགས་ཡོད་པས་དེའི་ས་ཁུལ་ན་ཁྱེད་རང་རྣམས་བཞུགས་པའི་མོས་པ་མཛོད། རྟེན་གཏོར་བཏེགས་ལ། གཏོར་མ་འདི་ལ་དམ་ཚིག་ལྷ་མོར་བསྐྱེད། ཡེ་ཤེས་ཀྱི་ལྷ་མོ་བསྟིམ། མཆོད་པ་དང་སྒོམ་བཟླས་ཀྱིས་མཉེས་པར་བྱས་པ་ཡིན་པས་ལྷ་མོ་དངོས་སུ་གསལ་བ་དེ་ཁྱེད་རང་གི་སྤྱི་བོར་བྱོན། དེའི་དུས་སུ་མདུན་གྱི་ནམ་མཁའ་ལ་རྡོ་རྗེ་འཆང་དང༌། ཏཻ་ལོ་ནཱ་རོ་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཀྱཻ་རྡོར་གདན་བཞི་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་དུ་ཐིབ་ཐིབ་བྱོན་ནས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བའི་མོས་པ་མཛོད་ཅིག །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་ཆོས་རྡོར་མདོ་སྡེ་ཐོགས་མེད་ཞབས། །རྒྱལ་ཚ་སྐུ་མཆེད་ཀུན་དགའ་གཟི་བརྗིད་

p. 385

གྲགས། །རིན་ཆེན་བཟང་པོ་ཆོས་རྒྱལ་དོན་གྲུབ་དཔལ། །བོ་དྷི་ཤྲཱི་རོལ་པའི་རྡོ་རྗེ་དང༌། །དྲིན་ཆེན་བླ་མ་མཁས་གྲུབ་ཆོས་ཀྱི་རྗེ། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སློབ་མ་ཤིས་པ་དོན་དམ་སྨྲ་བའི་སེངྒེ་ཞེས་བྱ་ཡིས། །ཉོན་མོངས་སྲིད་པའི་ཉེས་པ་སྐྱེད་པའི་ས་གཞོམ་ཕྱིར། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡེང་བ་གཅོད་པ་ཡི། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །རྗེ་བཙུན་ནཱ་རོ་ལ་སོགས་བརྒྱུད་པའི་བླ་མ་ཡིས། །སྒྲུབ་པ་མཛད་ཅིང་དམ་ལ་བཏགས་ནས་ནི། །བསྟན་པ་སྲུང་ཞིང་ཕྲིན་ལས་སྒྲུབ་མཛད་པའི། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་མོའི་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞི་ཕྲིན་ལས་རྣམ་བཞི་སྒྲུབ། །རྫུ་འཕྲུལ་མཐུ་ལྡན་དམ་ཉམས་རྩད་གཅོད་པའི། །དཔལ་ལྡན་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །

p. 386

ཅེས་བརྗོད་ཅིང་དྲིལ་བསིལ་དང་མེ་ཏོག་འཐོར། ལས་བྱང་བསྟོད་པ་ལྟར། ཧཱུྃ་བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཅེས་པ་ནས་བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུས། །ཞེས་པའི་བར་བརྗོད་ལ་གཏོར་མ་མགོ་ཐོག་ཏུ་བཞག་ཅིང་རོལ་ཆེན་བྱ། དེ་ནས་སློབ་མའི་ལག་གཡས་སུ་གཏད་ལ། སློབ་མ་ཤིས་པ་དོན་དམ་སོགས་གོང་བཞིན་ཚིགས་སུ་བཅད་པ་ལན་གསུམ། འགུགས་བྱེད་གསོད་བྱེད་དྲུག་དང་མཁའ་འགྲོ་བཞི། །གདོང་ཅན་བརྒྱད་དང་སྒོ་བ་བཞི་ལ་སོགས། །ལས་བྱེད་ཕོ་ཉ་རྣམས་ཀྱི་བཀྲ་ཤིས་ཤོག །ནག་མོ་འབུམ་སྡེ་དཀར་སོགས་འབུམ་སྡེ་ལྔ། །ཡང་སྤྲུལ་བྱེ་བ་མཁའ་འགྲོ་མ་མོའི་ཚོགས། །བར་ཆད་སེལ་ཞིང་རྣལ་འབྱོར་ལས་རྣམས་སྒྲུབ། །སྲུང་མ་མོ་རྒྱུད་རྣམས་ཀྱི་བཀྲ་ཤིས་ཤོག ། ཅེས་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ནས་སློབ་དཔོན་སྐད་ཅིག་གིས་དུད་པའི་སོལ་བ་མ་ནག་མོ་སྤྲིན་དང་བུང་བ་ལྟར་གནག་པ་སོགས་ཀྱིས་ཡེ་ཤེས་ཀྱི་ལྷ་མོར་བསྐྱེད། དེས་སློབ་

p. 387

དཔོན་ཉིད་ཡེ་ཤེས་ལྷ་མོར་གསལ་བཏབ་ནས། ཁྱེད་རང་སློབ་མ་དམ་ཚིག་གི་ལྷ་མོའི་སྐུར་གསལ་འདེབས་འདི་བཞིན་མཛད་པར་ཞུ། ཁྱེད་རང་དམ་ཚིག་ལྷ་མོ་དུད་པའི་སོལ་བ་མ་ནག་མོ་སོགས་བརྗོད་ལ་གཙོ་མོའི་སྐུར་བསྐྱེད་དོ། །རྟེན་རྫས་གནམ་ལྕགས་ཀྱི་རལ་གྲི་སྐད་ཅིག་གིས་དུད་སོལ་མའི་སྐུར་གསལ་བ་ཡེ་ཤེས་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། ཅེས་རལ་གྲི་གཏད་ཅིང་སྙིང་པོའི་མཐར། ཏྲི་ཤྱ་ཞེས་བཏགས་པ་བརྗོད། དེས་འགྲེས་ཏེ། རྟེན་རྫས་དུ་ཡོད་ལ་ཁ་བསྒྱུར་ཏེ་གཏད། སྙིང་པོ་རེ་རེ་བཟླ་བའི་ཚེ་སློབ་དཔོན་དང་མདུན་བསྐྱེད་ལས་ཡེ་ཤེས་ཀྱི་ལྷ་མོ་རེ་རེ་འཕྲོས་ཏེ་ཡེ་ཤེས་ལྷ་མོ་བརྒྱ་རྩ་བརྒྱད་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ལ་སྔགས་ལྷན་ཅིག་ཏུ་བཟླ་བར་ཞུ། ཕྲེང་བ་སྦྲེལ་ལ་སྙིང་པོ་བརྒྱ་རྩ་བརྒྱད་དལ་བུས་བཟླ། མཐར་ཕྲེང་བ་སྤྱི་བོར་བཞག་ལ། ཤྲཱི་མ་ཧཱ་ཀཱ་ལི། འདོད་པ་ཁམས་ཀྱི་དབང་ཕྱུག་མ། ཁྲག་

p. 388

འཐུང་གི་རྒྱལ་མོ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་མ་མོ་ཉི་ཤུ། ལས་མཁན་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་སྔོན་ཡུམ་ཨེ་ཀ་ཛཱ་ཊི་དང༌། དཔལ་རྟ་མགྲིན། ཕྱག་ན་རྡོ་རྗེ་ལ་སོགས་པའི་སྤྱན་སྔར་ཁས་བླངས་པའི་དོན་དྲན་པར་མཛོད་ཅིག །ཁྱད་པར་དུ་རྡོ་རྗེ་འཆང༌། ཏཻ་ལོ་ནཱ་རོ་མར་པ་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ་ཁུ་དབོན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་བཀའ་དང་དམ་ལ་བཞག་པ་དྲན་པར་མཛོད་ལ་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས། །དཀོན་མཆོག་གི་ཆེ་བ་ཕྱུངས། བླ་མ་དམ་པའི་ཕྲིན་ལས་སྒྲུབས། སེམས་ཅན་གྱི་བདེ་སྐྱིད་སྤེལ། ཁྱད་པར་དུ་བདག་གི་རྡོ་རྗེ་སློབ་དཔོན་སྐོར་དཔུང་དང་བཅས་པ་དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱོད་ལ་གཉེར་གཏད་པ་ཡིན་པས། འདི་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་

p. 389

བགེགས། གཞན་དག་གིས་བྱས་པའི་གཏོར་ཁ་དང༌། གཏད་དང༌། མནན་པ་དང༌། ཟོར་ཁ་དང༌། རྦད་འདྲེ་དང༌། ཕུར་ཁ་ལ་སོགས་པ་རྣམས་ལས་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པ་ཆེན་པོ་མཛད་དུ་གསོལ། མདོར་ན་འདི་རྣམས་ལ་འགོ་བར་མཛོད། འགལ་རྐྱེན་བར་ཆད་ཐམས་ཅད་བསྲུང་བར་མཛོད་ཅིག །ཅེས་བརྗོད། དེ་ལྟར་དམ་ཡེ་བསྲེས་ལ་དམ་ཚིག་བསྒྲག་པ་ནི། ཐོད་པ་ནས་ནང་མཆོད་བླུད་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཧ་ན་ཧ་ན་ཨ་ཏི་ཀྲ་མ་ནན་ཧཱུྃ་ཕཊ། ཁྲག་ཆེན་ཐིག་ལེ་སོགས་འདོན་ཆ་དང་མཚུངས་པར་སོ་སོར་བཀོད་ལ། དེ་ལྟར་ཁྱོད་རང་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པ་འཇིགས་བྱེད་གཏུམ་མོ་དུད་པའི་སོལ་བ་མའི་སྐུར་དངོས་སུ་གྱུར་པའི་མཁུར་ཚོས་

p. 390

གཉིས་སུ་ཁྲག་ཆེན་གྱི་ཐིག་ལེས་མངའ་གསོལ་བར་མོས་ཤིག །ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སཱི་ཀ་མ་ལ་རཀྵ་སཱི་ཧཱུྃ་བྷྱོ་ཧཱུྃ། ལྐོག་མར་ཞག་གི་ཟོ་རིས་ཀྱིས་མངའ་གསོལ་བར་མོས་ཤིག །ཨོཾ་རུ་རུ་རོ་རུ་སོགས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུས་མངའ་གསོལ་བར་མོས་ཤིག །ཨོཾ་རུ་རུ་རོ་རུ་སོགས་བརྗོད། དེ་ལྟར་མངའ་གསོལ་བས་ཁམས་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར་པ་ལ་གཏོར་མ་འབུལ་ཞིང་མཆོད་བསྟོད་ཀྱིས་གཟི་བྱིན་བསྐྱེད་པར་མོས་ཤིག །བྱས་ལ། མཆོད་གཏོར་མདུན་དུ་བཤམས་པ་ལ་ནང་མཆོད་བྲན། ཧ་ཧོ་ཧྲཱིཿ ལན་གསུམ། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། མཆེ་བའི་རྒྱ་བྱས་ལ། བྷྱོ་བཏྟ་ལི་བཏྟ་ལི་ཚེ། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །སོགས་ནས་དེ་ལ་ཀུན་གྱིས་གྲོགས་མཛོད་ཅིག །ཅེས་པའི་བར་དང༌། ཀུ་རུ་ཧཱུྃ་ཧཱུྃ་གྲྀཧྞ་གྲྀཧྞ་སརྦ་དུཥྚན་བྷཀྵ་ཕྲེཾ་ཕྲུཾ་ཕྲེཾ་ཕྲུཾ། ཞེས་དང༌།

p. 391

ཕྲིན་ལས་བསྐུལ་བ། བྷྱོ། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །ཞེས་པ་ནས་རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ཅེས་པའི་བར་དང༌། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་རྒྱས་ཡུན་རིང་ཞབས་བརྟན་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་སོགས་བརྗོད། དེ་ནས་མཆོད་པ་ལྔ་རེ་རེ་བཞིན་བཏེགས། སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞེས་སོགས་འགྲེས་བྱང་བསྐྱར་ཏེ་ཤབྡའི་བར་གྱིས་ཕུལ། སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང༌། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་དམ་བཅས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་ཚོགས་བྱིན་རླབས་ནས་བརྩམ། བླ་མ་ཡི་དམ་ཆོས་སྐྱོང་ལ་གཏོར་མ་

p. 392

སྔགས་ཀྱིས་འབུལ་བ་བཅས་སྤྱི་གཞུང་ལྟར་བྱས། དཔོན་སློབ་ལྷར་གསལ་བས་ཚོགས་ལ་རོལ་ཞིང༌། དུར་ཁྲོད་བདག་མོ་སོགས་ཀྱིས་ཕུད་ལྷག་དང༌། སྔགས་ཙམ་གྱིས་དམན་ལྷག་ཀྱང་བཏང༌། དེ་ལྟ་བུའི་ཆོ་གའི་རིམ་པས་ཆོས་སྐྱོང་དུད་སོལ་མའི་གསང་སྒྲུབ་ཐུན་མོང་མ་ཡིན་པའི་རྗེས་གནང་ནན་ཆགས་མར་གྲགས་པ་ལེགས་པར་གྲུབ་པ་ཡིན་ཏེ། རྔོག་མདོ་སྡེའི་གསུང་ལས། ནན་ཆགས་མ་བྱས་པར་བཤད་པ་མི་བྱ། བཤད་པ་མ་བྱས་པར་སྒྲུབ་པ་མི་བྱ། སྒྲུབ་པ་མ་བྱས་པར་ཚེ་འདིར་དངོས་གྲུབ་མི་འབྱུང༌། དེ་ལྟར་བྱས་ན་དངོས་གྲུབ་གང་འདོད་འབྱུང༌། །ཞེས་གསུངས་པ་ལྟར་ཤིན་ཏུ་ཟབ་ཅིང་དགོས་པ་ཁྱད་པར་ཅན་དང་ལྡན་པས་དེའི་ཚུལ་ཐུགས་ལ་གཅགས་ནས་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བ་དང༌། ཁྱད་པར་དཔལ་ལྷ་མོ་འདི་ཉིད་ཆོས་སྐྱོང་གི་གཙོ་བོར་བརྟེན་ནས་བསྙེན་སྒྲུབ་མཆོད་

p. 393

བསྟོད་སོགས་རྟག་ཏུ་མི་འབྲལ་བར་བརྩོན་པར་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར་ནས་དམ་ཚིག་ཁས་བླངས། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། རྗེས་ཀྱི་རིམ་པ་སླར་ཡང་སྐོང་བཤགས་གྲུབ་ན་ལེགས་ཤིང༌། གཏོར་སྐྱོང་ཕྲིན་བཅོལ་སོགས་མཇུག་ཆོག་གི་རིམ་པ་ཕྲིན་ལས་ལྟར་བྱས་པས་གྲུབ་བོ། །དུད་སོལ་མའི་བཀའ་སྲོལ་བོད་དུ་བྱུང་ཚད་བརྒྱུད་སྲོལ་མར་རྔོག་ལ་འདྲེན་པ་ནི་མཐུན་ཀྱང༌། རྗེས་གནང་དང་ཕྲིན་ལས་ཀྱི་ཕྱག་སྲོལ་ལ་གང་ཟག་སོ་སོའི་འདོད་ཞེན་གྱིས་བཅོས་པའི་འདྲ་མིན་རྒྱས་བསྡུས་དུ་མར་འཕེལ་བ་ལས། རྔོག་ལུགས་རྩ་བའི་ཡིག་ཆ་ཉིད་ཁུངས་བཙུན་པར་མཐོང་ནས་དབང་ལུང་གི་རྒྱུན་འབད་པས་བཙལ་ཏེ་འདི་དག་ཀྱང་གཞན་ལ་ཕན་པར་རེ་ནས་བཀོད་པའོ། །གསང་བ་ཀུན་གྱི་མངའ་བདག་ལྷོ་བྲག་པའི། །བསྟན་སྲུང་བརྒྱ་རྩ་བརྒྱད་ལས་ཆེས་བསྔགས་པ། །དུད་སོལ་ལྷ་མོའི་རྗེས་གནང་ཁྱད་པར་ཅན། །བཀླག་ཆོག་བཀོད་འདིར་ནོངས་ན་བཟོད་པར་གསོལ། །གང་འདིའི་ཕྲིན་ལས་ས་ཆེན་ཀུན་ཏུ་ཁྱབ། །དེ་ལས་བསྟན་པའི་དབུ་འཕང་དགུང་དུ་བསྙེགས། །དེས་ཀྱང་འགྲོ་ལ་འཕྲལ་ཡུན་དགེ་ལེགས་ཀྱི། །དཔལ་འབྱོར་དབྱར་གྱི་མཚོ་ལྟར་རབ་རྒྱས་ཤོག །ཅེས་པ་འདིའང་བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་ཆ་ལག་ཏུ་དགོས་པའི་གནད་གལ་ཆེན་པོ་དང་ལྡན་པར་མཐོང་ནས། རྗེས་གནང་རྩ་བ་མཚམས་སྦྱོར་བཅས་བཀླག་ཆོག་གི་ཚུལ་

p. 394

དུ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་འམ་བློ་གྲོས་མཐའ་ཡས་པའི་སྡེས་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་བགྱིས་པ་དགེ་ལེགས་འཕེལ།། །།

ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་དབང་ཆོག་མཚམས་སྦྱོར་གྱིས་བརྒྱན་པ། ཀརྨ་པ་རི་ཀིརྟི།

p. 395

༄༅། །ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་དབང་ཆོག་མཚམས་སྦྱོར་གྱིས་བརྒྱན་པ་བཞུགས་སོ། །

p. 396

དེ་ནས་གཞན་ལ་དབང་བསྐུར་ཏེ་སྦྱོང་བ་ནི། ཁྲུས་དང་མཎྜལ་ཕུལ་ནས་ཐོག་མར་སེམས་བསྐྱེད་གསལ་གདབ་བྱས་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ས་བཅད་མ་སྟོང་ཙམ་ཞིག་ཞུ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས་འདི་ཐེག་ཆེན་ཡིན། དེ་ལ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཡོད་པ་ལས་འདི་འབྲས་བུའི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་བཞི་ཡོད་པ་ལས་འདི་རྣལ་འབྱོར་རྒྱུད་ཡིན། དེ་ལ་རྩ་བ་དང་། བཤད་

p. 397

པ་དང་། ཆ་མཐུན་དང་། འཕྲོས་པའི་རྒྱུད་བཞི་ལས་འདི་འཕྲོས་པའི་རྒྱུད་ཡིན། ལྷ་འདི་ཡི་ངོ་བོ་ནི་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་འཐུག་པོ་བཀོད་དུ་བཞུགས་པའི་རྣམ་པར་སྣང་མཛད་གངས་ཅན་མཚོ་དེ་ཡིན། རྒྱུད་གསུངས་ཚུལ་ནི། སྔོན་འདས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་གསུངས་ལ། ད་རེས་བསྟན་པ་འདི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་ལྷའི་གནས་ན་བཞུགས་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་ནས། ལྷའི་

p. 398

བུ་ནོར་བུ་དྲི་མ་མེད་པ་ཚེ་ལས་འདས་ནས་མནར་མེད་དུ་སྐྱེས་པ་དེ་ཐར་དོན་དུ་གསུངས་པས། དེ་མ་ཐག་ཐར་ནས་དགའ་ལྡན་གྱི་ལྷར་སྐྱེས་སོ། །རྒྱུད་འདི་ལ་དཀྱིལ་འཁོར་བཅུ་གཉིས་ཡོད་པ་ལས་འདི་ཀུན་རིག་རྩ་བའི་དཀྱིལ་འཁོར་ཡིན་ཞིང་། རྒྱུད་འདི་ལྷ་ཡུལ་དུ་བཞུགས་པ་སྟོན་པ་འདས་རྗེས་རྒྱལ་པོ་ཛཱའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པ་ནས་བྱུང་། དབང་ལུང་རྣམས་ཕྱག་ན་རྡོ་རྗེས་གནང་། རྒྱལ་པོ་འཁོར་བཅས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། པཎྜི་ཏ་ཡོ་ག་ལ་མཁས་པ་མི་གསུམ་སོགས་ཀྱིས་གཏན་ལ་ཕབ་པས་རྒྱ་གར་དུ་ཉི་ཟླ་ལྟར་གྲགས། བོད་དུ་རྒྱལ་པོ་ཁྲི་སྲོང་གི་དུས་སུ་བསྒྱུར། ཕྱི་དར་ནི་འཇམ་དབྱངས་སྤྲུལ་པ་ལོ་ཆེན་རིན་བཟང་གི་སྐུ་ཚེའི་སྟོད་ལ་པཎ་ཆེན་དྷརྨ་པ་ལར་ཞུས་ནས་ཡོ་ག་སྟོད་ལུགས་དར། སྐུ་ཚེའི་སྨད་ལ་ཚིག་དོན་གཉིས་ཀ་ལ་མཁས་པ་

p. 399

པཎྜི་ཏ་ཀུན་དགའ་སྙིང་པོའི་ལུགས་མཛད་པས་འདི་དེའི་ལུགས་ཏེ་སྨད་ལུགས་ཞེས་གྲགས། ལོ་ཆེན་སྐུ་ལུས་མ་བཞག་པར་མཁའ་སྤྱོད་དུ་བྱོན། དེ་ནས་རིམ་པར་རྗེ་རང་བྱུང་བ་དང་། དོན་ལྡན་ཞབས་དང་། ཆོས་གྲགས་རྒྱ་མཚོ་སོགས་ཀྱིས་རྒྱས་བསྡུས་མང་དུ་མཛད་པ་ལས། འདི་ནི་རྗེ་མི་བསྐྱོད་རྡོ་རྗེ་དང་དཀོན་མཆོག་ཡན་ལག་གཉིས་དགོངས་པ་གཅིག་གཏད་དུ་མཛད་ཅིང་། ཚིག་རྣམས་རྒྱ་གཞུང་ཁོ་ནའོ། །དེ་ཡང་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པས་སྡིག་པ་བྱེད་པ། སྡིག་པ་ཆེན་པོ་བྱེད་པ། དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་སླ་བ་དང་གྲོལ་བར་འགྱུར་བས་ཉོན་ཅིག །དེ་བཞིན་དཀྱིལ་འཁོར་བྲིས་ནས་ནི། །དེ་ལྟ་ཡང་ནི་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་

p. 400

བཟླས་ནས་ནི། །དབང་བསྐུར་བ་ནི་རབ་ཏུ་བསྔགས། །དེ་ནས་སྡིག་པ་ཀུན་སྦྱོང་སྟེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནས་མྱུར་དུ་རྣམ་པར་ཐར། །སྡིག་ལས་བདག་ཉིད་རྣམ་གྲོལ་ཏེ། །དག་པར་འགྱུར་བའི་ལྷ་རྣམས་ཀྱིས། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནས་རྟག་ཏུ་སངས་རྒྱས་དང་། །ཆོས་སྒྲོལ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་སློབ་དཔོན་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་དུ་འཇུག་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་

p. 401

འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་པས་བདག་བསྐྱེད་ཀྱི་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་སློབ་དཔོན་གཙོ་བོའི་སྐུ་རྐྱང་པ་ཐོན་ནས། མདུན་བསྐྱེད་དཀྱིལ་འཁོར་གྱི་ཤར་སྒོའི་གཡོན་དུ་སེང་གེའི་ཁྲི་ལ་བཞུགས་པ་དང་། དཀྱིལ་འཁོར་ལྷ་ཚོགས་ཀྱི་དྲུང་དུ་སྡོམ་པ་དམ་ཚིག་རྣམས་ཞུ་ནས་བསྲུང་སྙམ་པས་རྗེས་ཟློས་མཛོད། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་བསྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །

p. 402

རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲེད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་

p. 403

བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ལན་གསུམ། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་

p. 404

མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་

p. 405

གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དེ་ནས་སྔགས་ཀྱི་སེམས་བསྐྱེད་འདི་ལྟར་བསྒོམ། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། རྡོ་རྗེ་སྙིང་གར་རེག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་

p. 406

གནས་གསུམ་དུ་འཁོར་ལོ་པདྨ་རྡོ་རྗེ་དཀར་དམར་མཐིང་གསུམ་འབྲུ་གསུམ་གྱིས་མཚན་པར་སྒོམས་ཤིག །རིགས་གསུམ་སྤྱིའི་སྔགས་རྒྱས། ཨོཾ་བྲྀ་ཏ་སོགས། ༀ་ཏྲཊ་ཏྲཊ་སོགས། ༀ་ཚིནྡྷ་སོགས་བརྗོད་ལ་གནས་གསུམ་དང་། གནས་རྣམས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་རེ་སྒོམས་ཤིག །རྡོ་རྗེའི་སྔགས་རྒྱས། ཨོཾ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ། སོགས་གནས་ཉེར་གཉིས་བྱིན་གྱིས་བརླབས། ད་བསྔོ་བ་འདི་ཡི་རྗེས་ཟློས་མཛོད། བདག་གི་དགེ་བའི་རྩ་བ་འདིའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །དེང་ཁྱེད་རྣམས་དབང་ཟབ་མོ་ཐོབ་པས་ངན་སོང་དུ་མི་ལྟུང་ཞིང་རིམ་གྱིས་སངས་རྒྱས་ཐོབ་པར་གསུངས་པའི་རྒྱུད་ཚིག་འདི་ཉོན་ལ་ཡིད་ལ་སྤྲོ་བ་བསྐྱེད་ཅིག །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་

p. 407

འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་

p. 408

ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ད་ལྟར་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ད་ཁྱེད་རང་ལ་རྡོ་རྗེའི་གོ་ཁྲབ་བསྐོན་ནས་ལུས་ངག་ཡིད་གསུམ་བར་ཆད་ཀྱིས་མི་ཚུགས་པར་སྒོམས་ཤིག །ཧཱུྃ་མཛད་ཀྱི་རྒྱས། ཨོཾ་བཛྲ་ས་ཏྭ་ཀྲོ་དྷ་སོགས་ལན་གསུམ་བརྗོད་པས་བསྲུང་། གསང་སྒྲོགས་ཀྱི་ཉེས་པ་སྤང་ཕྱིར་གདོང་གཡོགས་ཆིངས་ཤིག །ཨོཾ་བཛྲ་ཡཀྵ་ཧཱུྃ། བཟླས་པས་གདོང་གཡོགས་བྱིན། དཀྱིལ་འཁོར་འདི་ལ་ཕྱག་རྟེན་མེ་ཏོག་གི་ཕྲེང་བ་རེ་གཏད་པར་སྒོམས་ཤིག །ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། ཁྱེད་རང་ལ་སྣ་ལེན་གྱི་ཚུལ་དུ་མཆོད་པ་ལྔས་མཆོད་པར་སྒོམས་ཤིག །ཨོཾ་བཛྲ་པུཥྤེ་ནས་ནཻ་ཝི་དྱ་

p. 409

ཨཱཿཧཱུྃ་བར་ཉེར་སྤྱོད་ལྔས་མཆོད། རྡོ་རྗེ་འདི་ལ་འཇུས་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་སྒོམས་ཤིག །རྡོ་རྗེ་འཛིན་མའི་རྒྱས་མེ་ཏོག་བཟུང་ལ། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཞེས་དཀྱིལ་འཁོར་དུ་གཞུག །ད་ཡེ་ཤེས་པ་འབེབས་པ་ལ། དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡི་གེ་ཧཱུྃ་གི་རྣམ་པས་ལུས་ལ་ཞུགས་པར་གྱུར། ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཧཱུྃ། ལན་གསུམ་སོགས་བརྗོད་བཞིན་རོལ་མོ་བྱ། ཡེ་ཤེས་པ་དེ་བརྟན་པར་སྒོམས་ཤིག །ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡེ་ཧཱུྃ། རྡོ་རྗེ་སྤྱི་བོར་བཞག །ད་ཚེ་རབས་ཀྱི་ལས་ལྷ་བརྟག་ཕྱིར་མེ་ཏོག་གི་ཕྲེང་བ་དེ་ལྷ་ཚོགས་ལ་ཕུལ་བར་བསྒོམས་ལ་རྗེས་ཟློས་མཛོད། སངས་རྒྱས་དངོས་གྲུབ་འཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨིན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ།

p. 410

དཀྱིལ་འཁོར་དུ་མེ་ཏོག་དོར། ད་རེས་གཙོ་བོའི་དབུ་ཐོག་ཏུ་སོང་ནས་མེ་ཏོག་གི་གདུགས་སུ་གྱུར་པ་དེ་ཁྱེད་རང་གི་སྤྱི་བོར་གནང་བར་སྒོམས་ཤིག །མེ་ཏོག་རིན་ཆེན་གང་དུ་ནི། །བབ་པར་གྱུར་པའི་རིགས་ཀྱི་ལྷ། །གཙོ་བོར་རིགས་དེ་བསྒྲུབ་ན་ནི། །དངོས་གྲུབ་མྱུར་སྟེར་ཐེ་ཚོམ་མེད། །ཨོཾ་པྲ་ཏི་གྲྀ་ཧྞ་ཧཱུྃ། ཞེས་མེ་ཏོག་མགོར་བཅིང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བའི་རྡོ་རྗེ་སེམས་དཔའ་བྱོན་ནས་མ་རིག་པའི་ལིང་ཏོག་བསལ་བར་སྒོམས་ཤིག །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཧཱ་སྱེ་ཨུངྒྷ་ཊ་ཡ་ཧཱུྃ། ཞེས་མིག་དར་བསལ། མིག་དར་བསལ་བས་ལྷ་ཚོགས་ཀྱི་ཞལ་མངོན་སུམ་དུ་མཐོང་བར་སྒོམས་ཤིག །ཨོཾ་བཛྲ་པཱ་ཤྱ་ཧོཿ བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་

p. 411

པ་མངོན་སུམ་དུ་མཐོང་བར་གྱུར། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧྲྀ་ད་ཡ་མེ་པྲ་ཝེ་ཤ་ཡ་དྲྀ་ཌྷོ་ཏིཥྛ་ཧཱུྃ། ད་ནི་སྲོག་ལ་བབས་ཀྱང་དམ་ཚིག་བསྲུང་སྙམ་པ་གྱིས་ལ་དམ་ཆུ་འདི་འཐུང་ཞིག །དུང་ཆོས་ཀྱི་ཆུ་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་བརྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་ལོག་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་

p. 412

བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཐེ་ཚོམ་ཡིད་གཉིས་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །དེས་དཀྱིལ་འཁོར་དུ་འཇུག་པ་སོང་ནས། དངོས་གཞི་དབང་བཅུ་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་

p. 413

དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གསེར་གྱི་ཁ་དོག་ལྟ་བུ་འཕྲོས། ལུས་ཐམས་ཅད་ཡིག་འབྲུས་གང་བར་སྒོམས་ཤིག ། སྤྱི་བོར་རྡོ་རྗེ་བཞག་ནས་རྩ་རིག་དང་རིགས་བཞི་ཡུམ་བཞིའི་སྔགས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ཞིང་དབང་ཚིག་གསུངས་པས་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ལས་ཡུམ་བཞི་འཕྲོས་ནས་དབང་རྫས་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒེག་སོགས་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་བརྒྱད་ཀྱིས་བགེགས་བསྲེགས་ཤིང་དབང་བསྐུར་བར་སྒོམས་ཤིག །རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །རྣམ་རྒྱལ་བུམ་པ་མགོ་བོའི་གནས་

p. 414

ལྔར་བཞག །ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། དེ་བཞིན་དུ་ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲྃ། ༀ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ བར་བརྗོད་ཅིང་བུམ་ཆུ་འཐུང་དུ་གཞུག །དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ནས་བཛྲ་ཧཱུྃ་སོགས་བརྗོད་ཅིང་དབུ་རྒྱན་བསྐོན། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན༴ བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ་ཏྲཱྃ། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན༴ ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་

p. 415

ཐོབ་པར་ཤོག །ཨོཾ་བཛྲ་པཊྚ་ཨ་བ་ལམྦྷ་ན་ཨ་བྷི་ཥིཉྩ་ཏྲཱྃ། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན༴ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ཨོཾ་བུདྡྷ་མུ་དྲཱ་ཨ་བྷི་ཥིཉྩ་ཨོཾ། དེ་བཞིན་དུ་བཛྲ་ཧཱུྃ་སོགས། ཀུན་རྫོབ་མཚན་ཉིད་མཚོན་པ་མིང་གི་དབང་། །སྐལ་ལྡན༴ མ་འོངས་སངས་རྒྱས་འཇིག་རྟེན་ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །རྡོར་དྲིལ་སྤྱི་བོར་བཞག་ལ། ཨོཾ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ཨོཾ། དེ་བཞིན་དུ་བཛྲ་ཧཱུྃ་སོགས། ཀྱཻ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །རིགས་དང་མཐུན་པའི་མིང་དབང་བསྐུར། དེས་སྨིན་པར་བྱ་བ་སློབ་མའི་དབང་དངོས་སོང་ནས། ད་སྨིན་ཅིང་གྲོལ་ནས་གཞན་དོན་བྱེད་པ་སློབ་དཔོན་གྱི་དབང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། དེ་ནས་དབང་སྟེགས་པདྨ་དཀར་པོའི་ལྟེ་བར་

p. 416

འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་སློབ་མ་བཞག །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། རྡོ་རྗེ་སེམས་དཔའི་སྐུའམ་དམ་རྒྱ་སྤྱི་བོར་བཞག །ཨོཾ་བཛྲ་ས་ཏྭ་ཧཱུྃ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བྱ། །རྒྱ་གྲམ་ལག་ཏུ་ཐོགས་ལ། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ནས་ནི། །སྐལ་ལྡན༴ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ འཁོར་ལོ་རྐང་པའི་བར་དུ་བཞག་ལ། ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན༴

p. 417

རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ་བྷྲཱུྃ། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། །སྐལ་ལྡན༴ རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །ཨོཾ་བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ། དེ་བཞིན་དུ། བཛྲ་སོགས། ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན༴ གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ཨོཾ་བུདྡྷ་དྷཱ་ར་ཎི་ཨ་བྷི་ཥིཉྩ་ཨོཾ། བཛྲ་སོགས། རིགས་ལྔའི་ཕྱག་རྒྱ་སྤྱི་བོའི་ཕྱོགས་ལྔར་བཞག །རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན༴ ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། བཛྲ་སོགས། དེས་

p. 418

སློབ་དཔོན་གྱི་དབང་དངོས་སོང་ནས་དཀྱིལ་འཁོར་གྱི་དེ་ཉིད་དང་རྡོར་དྲིལ་གྱི་དམ་ཚིག་བྱིན་པར་སྒོམས་ཤིག །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །རྡོར་དྲིལ་བྱིན་ལ། ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཨཱཿ སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །དྷརྨཱ་ཨཿ དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་ཇི་

p. 419

ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ཨོཾ་པྲཛྙོ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨཿ དེས་དབང་རྫོགས་པར་ཐོབ་ནས་རྒྱལ་བུ་རྒྱལ་སར་འདོན་པ་ལྟར་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རིམ་པར་གནང་བར་སྒོམས་ཤིག །དབང་གི་མཐའ་རྟེན་ནི། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་སར་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །འཁོར་ལོ་རྐང་བར་བཞག །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ནོར་བུ་དཔྲལ་བར་བསྐོར། མ་ཎི་རཏྣ༴ གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་མཛེས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་

p. 420

འདོད་རྒུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས༴ དཔུང་མགོ་གཡོན་ལ་བཞག །སྟྲཱི་རཏྣ༴ གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་དོན་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས༴ དཔུང་མགོ་གཡས་ལ་བཞག །པུ་རུ་ཥ༴ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ༴ པུས་མོ་གཡོན་དུ་བཞག །ཧསྟི༴ ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག༴ པུས་མོ་གཡས་སུ་བཞག །ཏུ་རངྒ་ཨ་ཤྭ༴ འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །མ་ལུས་བདུད་དཔུང་འཇིགས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན༴ སྤྱི་

p. 421

བོར་བསྐོར། ཁདྒ༴ དེ་ལྟར་དབང་ཐོབ་ནས་དམ་ཚིག་བསྲུང་དགོས་པས་དམ་ཚིག་འདི་རྣམས་ཉོན་ཅིག །ཕན་ཡོན་འདི་རྣམས་ལ་སྤྲོ་བ་བསྐྱེད་ཅིག །ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་མཁོན་གྱི་གཙུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་དམོད་བརྩོན་མ་རུངས་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །

p. 422

སེམས་ཅན་ཀུན་ལ་སྙིང་བརྩེས་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །འོ་དམ་ཚིག་དེ་རྣམས་ད་ལྟ་ཅི་ནུས་སུ་སྲུང་ཞིང་རྟོགས་པ་ཇེ་མཐོ་རུ་སོང་བའི་ཚེ་རིམ་གྱིས་མཐར་ཇི་ལྟ་བ་བཞིན་དུ་བསྲུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ལན་གསུམ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བྱས་ལ་སློབ་མ་རྣམས་གྲོལ། རྗེས་ཆོག་དཀྱུས་ལྟར་མཐར་དབྱུང་ངོ་། །དེ་ལྟར་ཀུན་རིག་ཆོག་གཞུང་གི་བདག་འཇུག་དང་། མཁས་གྲུབ་ཆགས་མེད་རིན་པོ་ཆེས་མཚམས་སྦྱོར་ཟུར་བཀོད་གནང་བ་ཟུང་ཕྱོགས་གཅིག་ཏུ་བསྡེབས་པ་པོ་ཀརྨ་པ་རི་ཀིརྟི་སྟེ་ཉེས་འགལ་འཆགས་ཤིང་དགེ་བས་དོན་གཉིས་ཕུན་སུམ་ཚོགས་པར་གྱུར་ཅིག །དགེའོ།། །།

མགོན་པོ་མི་འཁྲུགས་པའི་དཀྱིལ་ཆོག་མངོན་དགའི་ཞིང་གི་དཔལ་སྟེར་གྱི་དབང་ཆིངས་སྨིན་བྱེད་རབ་གསལ། མ་ཏི་རཏྣ།

p. 423

༄༅། །མགོན་པོ་མི་འཁྲུགས་པའི་དཀྱིལ་ཆོག་མངོན་དགའི་ཞིང་གི་དཔལ་སྟེར་གྱི་དབང་ཆིངས་སྨིན་བྱེད་རབ་གསལ་ཞེས་བྱ་བ་བཞུགས་སོ། །

p. 424

ཨོཾ་སྭ་སྟི། འདིར་མགོན་པོ་མི་འཁྲུགས་པའི་དཀྱིལ་འཁོར་གྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དཀྱིལ་ཆོག་ལྟར་སྦྱོར་བ་བཅས་བཤམས་དང༌། དངོས་གཞི་བསང་ཆུ་བྱིན་རླབས་ནས་བརྩམས། བདག་མདུན་བུམ་པ་སྒྲུབ་པ་དང༌། འདས་མ་འདས་ཀྱི་གཏོར་འབུལ། བདག་འཇུག་གི་རིམ་པ་རྣམས་སྔོན་དུ་ལེགས་པར་གྲུབ་པར་བྱ། གཉིས་པ་ལ་གཉིས། འཇུག་ཆོས་དང༌། ཞུགས་ནས་དབང་བསྐུར་བ་དངོས་སོ། །དང་པོ་ནི། དཀྱིལ་འཁོར་ཡོལ་བས་བཅད་ལ། སློབ་མ་རྣམས་ཕྱི་རོལ་དུ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ནང་དུ་འཁོད་ལ་མཎྜལ་བཀྱེ་བསྡུ་བྱ་ཞིང༌། སྦྱོང་གསུམ་སྡིག་སྦྱོང་གིས་བྱུར་བསལ།

p. 425

མཚམས་སྦྱོར་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ནས་ལམ་གྱི་རིམ་པ་རྣམས་ཉམས་སུ་བླང་བར་བྱ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་རང་རེ་རྣམས་ཀྱི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་

p. 426

བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཕྱོགས་རིས་སུ་བསྡུས་ན་ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་སུ་འདུ། ཐེག་པ་ཆེན་པོ་ལ་ཡང༌། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་གཉིས་ལས། འདིར་རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལ་བྱ་བ་སྤྱིའི་རྒྱུད་དང༌། སོ་སོའི་རྒྱུད་གཉིས་ལས་སོ་སོའི་རྒྱུད་ཡིན། སོ་སོའི་རྒྱུད་ལ་དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས། ལྔས་རྩེན་གྱི་རིགས། ནོར་བུའི་རིགས། འཇིག་རྟེན་རིགས་ཏེ་དྲུག་ཏུ་ཡོད་པ་ལས། རྡོ་རྗེའི་རིགས་ཡིན། དེ་ལ་རིགས་ཀྱི་བདག་པོ། རིགས་ཀྱི་ཡུམ། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རིགས་ཀྱི་ཕོ་ཉའམ་ཕྱག་བརྙན་ཕོ་མོའི་རྒྱུད་སྡེ་ལྔ་ཡོད་པའི་དང་པོ། རིགས་ཀྱི་གཙོ་བོའི་རྒྱུད་འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་

p. 427

བའི་གཟུངས་ཀྱི་རྗེས་སུ་འབྲངས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་སྒྲུབ་ཐབས་ཇོ་བོ་རྗེ་ནས་རིམ་པར་དགེ་བཤེས་བྱ་ཡུལ་བ་ལས་རྗེ་འབའ་རོམ་པས་གསན་པ་དང༌། སངས་རྒྱས་སྒོམ་པ་ནས་ཏི་ཤྲི་རས་པ་ལ་བརྒྱུད་པ་ཟུང་འབྲེལ། ཆོས་རྗེ་རས་དཀར་བ་ནས་སྒྲུབ་བརྒྱུད་རིམ་བྱོན་དུ་བརྒྱུད་པའི་མངོན་དཀྱིལ་གྱི་སྒོ་ནས་དབང་བསྐུར་བགྱི་བ་ལ་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་འབུལ་དུ་གཞུག །གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ལན་གསུམ། དེ་ནས་གནང་བ་སྦྱིན་ཅིང་སྤྲོ་བ་བསྐྱེད་པ་འདི་ལ་གསན་འཚལ། བུ་ཚུར་ཐེག་པ་ཆེན་པོ་པ། །སོགས་བརྗོད། དེ་ནས་མདུན་གྱི་

p. 428

ནམ་མཁར་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བ་དང་སྡིག་པ་བཤགས་པ་སོགས་བདུན་རྣམ་དག་བྱ་བའི་བློས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཆས་གཞུག་ནི། དེ་སྔོན་དཀྱིལ་འཁོར་དུ་མ་ཞུགས་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་གཡོགས་མཛོད། ཨོཾ་ཙཀྵུ་བྷནྡྷ་སོགས་བརྗོད་པས་མིག་དར་འཆིང་། ལྷ་མཇལ་བའི་ཕྱག་རྟེན་དུ་ཨུ་དུཾ་ཝ་རའི་མེ་ཏོག་རེ་ཐོགས་པར་མོས་མཛོད། ཨ་ཁཾ་ཝི་ར་ཧཱུྃ། གིས་མེ་ཏོག་སྦྱིན། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་དམིགས་འདུན་འདི་བཞིན་མཛད་འཚལ། སྙིང་གར་ཀུན་རྫོབ་སོགས་ནས་ཡ་ཐ་སུ་ཁཾ། རྡོ་རྗེ་སྙིང་གར་བཞག །དྲི་

p. 429

ཡི་ཐིག་ལེ་བཀོད་པ་སོགས་གཞུང་ལྟར་ལ། མཚན་པར་གྱུར། ཅེས་དང༌། ཁྱེད་རྣམས་སྒོ་གསུམ་རིགས་གསུམ་གྱི་ལྷར་བྱས་པ་ལ་ཉེར་སྤྱོད་ལྔས་མཆོད་པར་མོས་ཤིག །ཨོཾ་བཛྲ་པུཥྤེ་སོགས་ཉེར་སྤྱོད་བཏེགས་ལ་མཆོད། དེ་ནས་ཡེ་ཤེས་ཀྱི་བྱིན་གཞུག་པ་ལ་དམིགས་འདུན་འདི་ལྟར་དང་སེམས་མ་ཡེངས་པར་ཞོག་ཅིག །ཅེས་བརྗོད། དེ་བཞིན་གཤེགས་པ་ཐམས་ཅད་སོགས་ནས་ཤ་ཡ་ཨཱཿ ལན་མང་དུ་བརྗོད། བྱིན་བརླབས་པ་དེ་ཉིད་བརྟན་པར་བྱས་པར་མོས་མཛོད། རྡོ་རྗེ་མེ་ཏོག་མགོར་བཞག་ལ། བཛྲ་ས་མ་ཡེ་ཧཱུྃ། ས་མ་ཡ་སྟྭཾ། ཞེས་བརྗོད། རིགས་བརྟག་ཕྱིར་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བ་དང་ལྷན་ཅིག་འདིའི་རྗེས་ཟློས། པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་འདོར། རིགས་ངེས་པ་དེ་ཉིད་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་མཛོད། མེ་ཏོག་མགོར་བཞག་ལ། པྲ་ཏི་གྷྲིཧྣ་ཨི་མཾ། ཞེས་བརྗོད། མ་རིག་པའི་སྒྲིབ་གཡོགས་

p. 430

མིག་དར་དང་ལྷན་ཅིག་བསལ་བར་མོས་མཛོད། ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། མིག་དར་བསལ། ཡོལ་བ་ཕྱེ། དཀྱིལ་འཁོར་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ཅེས་བརྗོད། དེ་ནས་དམ་ཚིག་བསྒྲགས་པ་ལ་རྡོ་རྗེ་བདུད་རྩིའི་ཆུ་འཐུང་བ་དང་འདིའི་རྗེས་ཟློས། ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཋ། དམ་ཆུ་སྦྱིན། རྡོ་རྗེ་མགོར་བཞག་ལ། དེང་ཕྱིན་རྡོ་རྗེ་འཛིན་པ་ང་ཡིན་པས། །བསྒོས་པའི་དོན་རྣམས་འདའ་བ་མེད་པར་བསྒྲུབ། །ཞེས་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པའོ། །དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ། ཞུགས་ནས་མངོན་པར་དབང་བསྐུར་བ་ལ། དེའང་ཇི་སྐད་དུ། ཆུ་དང་ཅོད་པན་དག་གི་དབང༌། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པ་བཞིན། དབང་གི་དངོས་གཞི་ཞུ་བའི་དོན་དུ་མཎྜལ་ཕུལ། ཞེས་དང༌། གསོལ་བ་གདབ་པ་འདིའི་རྗེས་

p. 431

ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་སོགས་གསུམ། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་པར་གྱུར། ཅེས་བརྗོད། དཀྱིལ་འཁོར་གྱི་གཙོ་བོ་སོགས་ཀྱིས་བུམ་དབང་ལྔ་དང༌། དབུ་རྒྱན་ཅོད་པན། དམ་རྒྱ་བཅིངས་པའི་དབང་བཅས་གཞུང་ལྟར་བསྐུར། དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་ནས་མཐའ་རྟེན་དུ། བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་མངའ་གསོལ་བས་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་ཏེ་བཀྲ་ཤིས་ཀྱི་སྣང་བས་ཁྱབ་པར་མོས་མཛོད། ཅེས་དང༌། ལྷ་དབང་གཡུལ་ལས་རྒྱལ་སོགས་བཀྲ་ཤིས་རྫས་རྟགས་ནོར་བདུན་གྱིས་དབང་བསྐུར་རྣམས་བྱ། དེ་ལྟར་དབང་བསྐུར་མཐའ་རྟེན་བཅས་གྲུབ་པ་ལགས་པས། འདི་དག་གི་སྒོ་ནས་རྗེས་འབྲེལ་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། དེང་ནས་རྟག་ཏུ་བུ་ཁྱོད་

p. 432

ཀྱིས་སོགས་བརྗོད། ཞེས་བསྒོས་པ་བཞིན་དམ་ཚིག་དང་སྡོམ་པའི་གནས་ཀུན་མི་ཉམས་པར་སྲུང་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་མཎྜལ་ཡོན་འབུལ་སོགས་སྤྱི་ལྟར་བྱས་ལ་གྲོལ། གསུམ་པ་ནི། དེའང་ཆོ་གའི་རྗེས་རིམ་ལྟར་བགྱིས་པས་གྲུབ་པ་ལགས་སོ། །འཕྲོས་དོན་ལ། འདི་ལྟར་ཚེ་ལྡན་དབང་གི་ཆོ་གས་རྗེས་སུ་འཛིན་པའི་སྐབས། ནད་པ་གདོན་ཆེན་ལྟ་བུ་ལ་ཕྱིར་ཟློག་གི་ཕྱག་ལེན་སྦྱར་བའི་སྲོལ་ཡོད་པས་ཕན་ཆེ་བར་སྣང་བས། གོང་གི་སྦྱོང་གསུམ་སྡིག་སྦྱོང་བཅས་གྲུབ་རྗེས། ལྷ་ཁྲུས་གསོལ་ཞིང་བུམ་ཆུ་ལས་བུམ་དུ་བསྩལ་ནས། ཕྱིན་དྲུག་ཁྲུས་ནས་བརྩམས། ཁྲུས་ཀྱི་བཀྲ་ཤིས་བར་གནས་ལུང་ལྟར་སྦྱར། སྐབས་ཐོབ་ཀྱི་ཁ་སྒྱུར་སྦྱིན་བདག་གི་ཞེས་འབྱིན་འཇུག་བྱ། དེ་ནས་དབང་བཤད་ཕྱིན་དཀྱུས་ལྟར་བགྱིས་པས་དབང་ཕྱིར་ལྡོག་གི་ཕྱག་ལེན་གྲུབ་བོ། །ཞེས་པའང་མི་འཁྲུགས་ལྷ་དགུའི་དཀྱིལ་ཆོག་མངོན་དགའི་ཞིང་གི་དཔལ་སྟེར་དང་འབྲེལ་བའི་དབང་ཆིངས་མདོར་བསྡུས་སྨིན་གྲོལ་གྱི་རྒྱུན་བཀའ་མི་ནུབ་པའི་ཆེད་དུ་མ་ཏི་རཏྣས་སྦྱར་བ་དགེ། །

མི་འཁྲུགས་པའི་དབང་གི་མཚམས་སྦྱོར་རྒྱུད་སྡེ་རྒྱ་མཚོར་འཇུག་པའི་ལམ་སྟེགས། ཤྲཱི་དྷརྨ་སི་དྷ་པ།

p. 433

༄༅། །མི་འཁྲུགས་པའི་དབང་གི་མཚམས་སྦྱོར་རྒྱུད་སྡེ་རྒྱ་མཚོར་འཇུག་པའི་ལམ་སྟེགས་ཞེས་བྱ་བ་བཞུགས་སོ། །

p. 434

ན་མོ་ཨཀྵོ་བྷྱ་བཛྲ་ཡ། བཅོམ་ལྡན་འདས་མི་འཁྲུགས་པའི་སྒོ་ནས་སློམ་མ་རྗེས་སུ་འཛིན་པའི་རིམ་པ་ལ། བདག་མདུན་བུམ་པ་སྒྲུབ་ཅིང་བདག་ཉིད་འཇུག་པ་བཅས་གྲུབ་ནས། སློབ་མར་ཁྲུས་བྱས་གྲལ་དུ་འཁོད་ལ། དེ་ཡང་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱིད་པ་སྐབས་སུ་བབ་པ་ཡིན་ཅིང་། དེ་ལྟར་ཡང་མགོན་པོ་མི་འཁྲུགས་པ་འདི་ཉིད་ནི། གདོད་ནས་དེ་བཞིན་ཉིད་

p. 435

ཀྱི་བྱང་ཆུབ་ཆེན་པོར་སངས་རྒྱས་སུ་གྲུབ་ཀྱང་། སྣང་ཚུལ་སྤྲུལ་པའི་རོལ་གར་དུ་ཇི་ལྟར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚུལ་ཡང་། སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ཀྱི་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་འདས་པ་ན་མངོན་པར་དགའ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་སྔོན་འདས་པའི་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དམ་པའི་ཆོས་སྟོན་པ་དེའི་འཁོར་ན་དགེ་སློང་ཞིག་མཆིས་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

p. 436

གསོལ་ཏོ། །བཅོམ་ལྔན་འདས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པ་དེས་ཆོས་གང་ལ་བསླབ་པར་བགྱི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་པའི་བསླབ་པ་ལ་སློབ་པར་འདོད་པ་དེས་སེམས་ཅན་ཐམས་ཅད་ལ་སེམས་མི་འཁྲུགས་པར་གནོད་སེམས་སྤང་བ་ལ་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེས་དེ་མ་ཐག་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་སྟེ། དེང་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཁྲོ་བ་དང་། གནོད་པ་དང་། འཁྲུགས་པའི་སེམས་མི་བསྐྱེད་པར་གོམ་རེ་བཞིན་ཡང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་སོགས་ཀྱི་དམ་བཅའ་ཆེན་པོ་བཅོ་བརྒྱད་ཕྱོགས་བཅུའི་སངས་རྒྱས་དཔང་དུ་བཙུགས་ཏེ་ཁས་བླངས། དེའི་ཚེ་

p. 437

བཅོམ་ལྡན་འདས་དེས་ལེགས་སོ་ཞེས་བཀའ་སྩལ་ཏེ་དགེ་སློང་ཁྱོད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་ཚེ་རབས་ཐམས་ཅད་དུ་མི་འཁྲུགས་པ་ཞེས་པའི་མིང་ཁོ་ན་དང་ལྡན་པར་འགྱུར་རོ། །ཞེས་བཀའ་བསྩལ་ཅིང་དགེ་སློང་དེ་དང་འཁོར་དེ་དག་ཀྱང་དགའ་མགུ་ཡི་རང་ཞིང་། སླར་ཡང་དམ་བཅའ་ཇི་བཞིན་བྱེད་པ་དང་། གོམ་རེར་ཡང་སངས་རྒྱས་ཡིད་ལ་བྱེད་པ་དང་། ཚེ་རབས་ཀུན་ཏུ་ཁྱིམ་ནས་འབྱུང་བ་ལ་སོགས་པ་སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་སྨྲས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་འོག་ཏུ་སླར་ཡང་དེང་ནས་བཟུང་སྟེ་དགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་གང་སུ་དག་ལ་ལྟུང་བ་བྱུང་བ་མཐོང་ཡང་ནོངས་པའི་ཉེས་ལྟུང་མི་གླེང་བ་དང་། རང་ཉིད་འཚང་རྒྱ་བའི་ཞིང་དེར་ལྟུང་བའི་སྒྲ་ཙམ་ཡང་མི་གྲགས་པ་དང་། ཞིང་གི་ཡོན་ཏན་རྫོགས་

p. 438

པར་ཚང་བ་དང་། རྨི་ལམ་དུའང་ཁུ་བ་མི་འབྱིན་པ་སོགས་ནན་ཏན་གྱི་སྨོན་ལམ་ཆེན་པོ་བདུན་བཏབ་ཅིང་། ཇི་ལྟར་དམ་བཅས་པས་ཕྱིར་མི་ལྡོག་པའི་རྟགས་མཚན་གསལ་བར་སྟོན་པའི་ཕྱིར། ཞབས་ཀྱི་མཐེ་བོང་ས་ལ་བསྣུན་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་བཅོམ་ལྡན་འདས་སྤྱན་ཆེན་པོ་དེས་དགེ་སློང་དེ་ལ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་པར་མཛད་ཅིང་། ལུང་བསྟན་ནས་ཀྱང་བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་རྣམས་ལ་བཀའ་སྩལ་པ། དགེ་སློང་འདི་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་མ་བྱས་ཀྱི་བར་དུ་ཡིད་ལ་དམ་བཅས་པ་བཅོ་བརྒྱད་གནས་ཤིང་། དཔེར་ན་དགེ་སློང་

p. 439

གཞན་དག་འགྱུར་བ་སྲིད་ཀྱི། དགེ་སློང་འདིའི་དམ་བཅའ་ནི་གཞན་དུ་འགྱུར་བའི་གནས་མེད་དོ་ཞེས་བྱ་བ་ལ་སོགས་གསུངས་ཏེ། དེ་ལྟར་དགེ་སློང་མི་འཁྲུགས་པ་དེས་ཀྱང་བྱང་ཆུབ་ཆེན་པོའི་སྤྱོད་ཚུལ་རྣམ་པར་དག་པ་ལ་ཅུང་ཟད་ཀྱང་ཉམས་པ་མེད་པར་ཡོངས་སུ་སྤྱད་དེ། དེའི་འོག་ཏུ་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་རྣམ་པར་དག་པ་ཉེས་པའི་སྐྱོན་དང་བྲལ་ཞིང་བླ་ན་མེད་པའི་དཔལ་ཡོན་ཕུན་སུམ་ཚོགས་པས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་བྱང་ཆུབ་ཀྱི་ཤིང་དྲུང་མཆོག་ལ་ཡོངས་སུ་བརྟེན་ཏེ་བླ་ན་མེད་པའི་བདུད་རྩི་བརྙེས་པར་གྱུར་པ་དེའི་ཚེ་ནའང་། དཔེ་དང་ཤིན་ཏུ་བྲལ་བའི་དགེ་ལེགས་ཀྱི་མཚན་མས་ཡོངས་སུ་ཁྱབ་ཀྱང་། ད་ལྟ་འཚོ་ཞིང་བཞེས་ལ་བཞུགས་ཏེ། ཆོས་ཀྱང་སྟོན་པའི་ཚུལ་ལ་སོགས་པ་བཀོད་པའི་ཡོན་ཏན་ཕུན་སུམ་

p. 440

ཚོགས་པའི་བདག་ཉིད་ཅན་དེ་དམ་པའི་ཆོས་མདོ་སྡེ་དཀོན་མཆོག་བརྩེགས་པ་སོགས་ལས་རྒྱ་ཆེར་བཀའ་བསྩལ་པ་ལས་ཤེས་པར་བྱ་ཞིང་། དོན་དམ་པར་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་སྟེ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག་ཏུ་བཞུགས་པ་ཡིན་ནོ། །མི་བསྐྱོད་པའི་རྟགས་ཅན་མཐོན་མཐིང་གི་ཅོད་པན་འཆང་བ་རྒྱལ་བ་ཀརྨ་པ་ཡང་འདི་ཉིད་ཀྱི་རོལ་གར་ཏེ། དེ་ལྟ་བས་ན་མཆོག་གི་དཔལ་ལྡན་བླ་མ་དམ་པ་དང་གཉིས་སུ་མེད་པ་སྟེ། འདི་ཉིད་བསྙེན་ཅིང་བསྒྲུབ་པར་བྱ་བའི་ཚུལ་ལའང་གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་གི་རིམ་པ་དང་མཚུངས་པར་རྒྱུད་སྡེ་མཆོག་དམན་གྱི་རིམ་པས་རྣམ་གྲངས་དུ་མར་འགྱུར་ཡང་། ད་ལམ་གྱི་སྐབས་འདིར་ཐེག་པ་རིམ་འཇུག་གི་དབང་དུ་བགྱིས་ཏེ་བྱ་སྤྱོད་ཀྱི་ཚུལ་དང་མཐུན་པར་སྟོན་པ་ལ་འཕགས་པ་ལས་ཀྱི་

p. 441

སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་ལ་བརྟེན་པ་ཡིན་ཅིང་། གཟུངས་ཀྱི་ཕན་ཡོན་ཡང་དེ་ཉིད་ལས་རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་དག་པར་འགྱུར་རོ། །ཞེས་དང་། དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ལན་གཅིག་བཟླས་ན་ལྟས་ངན་པ་དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་དང་། གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་། བྱ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་ཚེ་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཞེས་དང་། མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤངས་པའམ། འཕགས་པ་ལ་སྐུར་པ་བཏབ་པའང་རུང་སྟེ། འཆི་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་

p. 442

ཡང་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ། རིགས་ཀྱི་བུ་ཚུར་ངའི་གནས་སུ་ཤོག །ཅེས་གསུང་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་ལས་ཚོགས་དང་བཅས་པའི་ཕན་ཡོན་རྒྱ་ཆེར་གསུངས་ཤིང་། དེའི་གཟུངས་ལ་བརྟེན་ནས་ཇོ་བོ་དཱི་པཾ་ཀཱ་རས་སྒྲུབ་ཐབས་དཀྱིལ་ཆོག་དང་བཅས་མཛད་པ་ལས་རིམ་པར་བརྒྱུད་དེ་བླ་མ་རྣམས་ཀྱི་ཕྱག་བཞེས་ཅི་རིགས་སུ་བསྟན་པ་ལས། སྐབས་འདིར་གར་དབང་ཆོས་ཀྱི་དབང་ཕྱུག་གིས་བསྩལ་བའི་མངོན་པར་དགའ་བའི་ཞིང་གི་རྒྱན་ཞེས་བྱ་བའི་དཀྱིལ་ཆོག་ལ་བརྟེན་ནས་དབང་བསྐུར་བར་བགྱིད་པ་ལ་ཁྱད་པར་ཅན་གྱི་ཕན་ཡོན་མཆོག་དང་ལྡན་པ་ཡིད་ལ་བཞག་སྟེ། ཆོས་ཉན་པའི་སྐྱོན་གྱི་དྲི་མས་མ་སྦགས་

p. 443

པར། དད་པ་དང་གུས་པ་ཕུན་སུམ་ཚོགས་པའི་སྒོ་ནས། ཁྱད་པར་ཅན་གྱི་ཆོས་ཞུ་བའི་དོན་དུ་སློབ་དཔོན་གྱི་བགྱི་བར་འོས་པའི་བདག་མདུན་བུམ་པ་སྒྲུབ་པ་སོགས་སྔོན་དུ་སོང་ནས། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཕུལ། ཞེས་མཎྜལ་ཕུལ་བཅུག །དེ་ལྟར་མཎྜལ་ཕུལ་བ་སྔོན་དུ་སོང་ནས་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད༴ སློབ་དཔོན་ཁྱོད་ནི༴ བྱང་ཆུབ༴ མགོན་པོ༴ དམ་ཚིག་དེ་ཉིད༴ བྱང་ཆུབ་སེམས༴ སངས་རྒྱས་ཆོས༴ སྐྱབས་གསུམ༴ ཐར་པ༴ མགོན་པོས་བདག་ནི༴ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ་སློབ་དཔོན་གྱིས། དེ་ལྟར་གསོལ་བ་གདབ་པ་སྔོན་དུ་སོང་ནས། སྤྲོ་བ་བསྐྱེད་པར་བྱ་བ་ནི། དེ་ཡང་རིགས་ཀྱི་བུ་ཁྱོད་ཚུར་ཉོན་ཅིག་ཅེས་བསྐུལ་ཏེ། ལྷག་པའི་བསམ་པ་དང་ལྡན་པ་ཁྱོད་ནི་ཐེག་པ་

p. 444

ཆེན་པོའི་སྣོད་དུ་གྱུར་པ་དེ་བས་ན་ཟབ་མོ་གསང་སྔགས་ཀྱི་སྤྱོད་ཚུལ་སྤྱད་པར་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་གསང་སྔགས་ཀྱི་ཆོ་ག་ཟབ་མོ་འདི་ལ་བརྟེན་ནས་བྱང་ཆུབ་ཀྱི་ལྗོན་ཤིང་དམ་པར་ཐམས་ཅད་མཁྱེན་པ་བརྙེས་ཤིང་བདུད་ཀྱི་སྡེ་དཔུང་དང་བཅས་པ་ཕམ་པར་མཛད་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་ན་རིགས་ཀྱི་བུ་ཁྱེད་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་བྱ་བའི་ཕྱིར་གསང་སྔགས་ཀྱི་ཆོ་ག་ཟབ་མོ་ལ་སྤྱོད་པར་བྱ་བའི་བློ་གྲོས་མཆོག་ཏུ་གྱུར་པ་སྐྱེད་ཅིག །ཅེས་བསྐུལ་བར་བྱ་བའི་ཚིག་ཡིན་པས་དེ་ལྟ་བུའི་གོ་དོན་རྒྱུད་ལ་བཞག་ནས་ཉན་པར་མཛོད། བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་

p. 445

བྱོན་པ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །སྐྱོབ་པ་སངས་རྒྱས་དཔའ་ཆེན་པོས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་གནང་བ་བྱིན་ནས། དཀྱིལ་འཁོར་གྱི་དབུས་འདི་ན་བཅོམ་ལྡན་འདས་མི་འཁྲུགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཏེ་བཞུགས་པའི་དྲུང་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་ཤིང་ཕྱིར་སྡོམ་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་བསྔོ་བ་རྣམས་བྱ་སྙམ་པས་འདིའི་རྗེས་ཟློས་གྱིས། བྱས་ལ། དཀོན་མཆོག་གསུམ་ལ་

p. 446

བདག་སྐྱབས་མཆི། །སྡིག་པ་ཐམས་ཅད༴ འགྲོ་བའི་དགེ་ལ༴ སངས་རྒྱས་བྱང་ཆུབ༴ སངས་རྒྱས་ཆོས་དང༴ བྱང་ཆུབ་བར་དུ༴ རང་གཞན༴ བྱང་ཆུབ་སེམས༴ བྱང་ཆུབ་མཆོག༴ སེམས་ཅན་ཐམས་ཅད༴ བྱང་ཆུབ་སྤྱོད༴ འགྲོ་ལ་ཕན་ཕྱིར༴ ལན་གསུམ་བརྗོད། དེ་ལྟར་ཐེག་པ་ཆེན་པོའི་སྣོད་དུ་གྱུར་པ་ལ་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་འཁྲུགས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས་རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་གང་བར་མོས་ཤིག །བྱས་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི༴ སྦྱིན་པ༴ ཁྲུས་ལེགས༴ དེ་བཞིན་དུ། ཚུལ་ཁྲིམས༴ ཚུལ་འཆལ༴ ཚུལ་ཁྲིམས༴ ཁྲུས་ལེགས༴ བཟོད་པའི༴ ཁོང་ཁྲོའི༴ བཟོད་པའི༴ ཁྲུས་ལེགས༴ བརྩོན་འགྲུས༴ ལེ་ལོའི༴

p. 447

བརྩོན་འགྲུས༴ ཁྲུས་ལེགས༴ བསམ་གཏན༴ རྣམ་གཡེང༴ བསམ་གཏན༴ ཁྲུས་ལེགས༴ ཤེས་རབ༴ ཤེས་འཆལ༴ ཤེས་རབ༴ ཁྲུས་ལེགས༴ སོགས་ནས་སྤྲོ་ན་གཟུངས་སྔགས་བརྗོད་བཞིན་བུམ་པ་ལན་དྲུག་ཏུ་འགྲིམ་ནས་བུམ་ཆུ་བཏུང་དུ་བཅུག །དེ་ལྟར་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་དབང་བསྐུར་བ་ལེགས་པར་གྲུབ་ནས། དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་ནས་ཅོད་པན་གྱི་དབང་བསྐུར་བ་ནི། བཅོམ་ལྡན་འདས་ལས་འོད་འཕྲོས་པས། འགྲོ་བ་སེམས་ཅན་གྱི་ཁམས་རྣམས་སྦྱངས་ནས་མི་འཁྲུགས་པར་བྱས་པ་དང་། འཕགས་པ་ཀུན་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་ཚུལ་དུ་སྤྱན་དྲངས་ཏེ། །བྱིན་རླབས་དངོས་གྲུབ་མཆོག་ཐོབ་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། སྔར་བཤད་པའི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་ལ་ཅོད་པན་གྱི་དབང་བསྐུར་རོ། །དེ་ལྟར་ཆུ་ཡི་དབང་བསྐུར་ཅོད་པན་དག །བྱ་བའི་

p. 448

རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་གྱི་དབང་གི་དངོས་གཞི་ལེགས་པར་གྲུབ་ནས། མཐའ་རྟེན་གྱི་ཕྱིར་དུ་བཀྲ་ཤིས་པའི་རྟགས་བརྒྱད་ཐོགས་པའི་ལྷ་མོའི་དབང་བསྐུར་བར་བགྱིད་པ་ལ། དེ་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་འདབ་མར་ལྷ་མོ་པདྨ་ཅན་དཀར་མོ་དཔལ་བེའུ་འཛིན་པ་ལས་རང་འདྲའི་ལྷ་མོ་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་ཐུགས་ཀར་དཔལ་གྱི་བེའུའི་བཀྲ་ཤིས་པའི་དབང་དང་ལྡན་པའི་མོས་པ་མཛོད། དེ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུངས་བརྗོད་ཅིང་། འབུར་དུ་གཏོད་པའི་རི་མོ་བྲིས་པ་གནས་སོ་སོའམ་ལག་ཏུ་རིམ་པར་གཏད་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེའུ་རབ་འབར་བ། །བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། །ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཐོབ་པར་ཤོག །ཨོཾ་མངྒ་ལཾ་ཤྲཱི་ཝསྟྲ་ཨ་བྷི་ཥིཉྩ་ཧཱུྃ། དཀྱིལ་འཁོར་གྱི་ཤར་ལྷོ་ནས་འཇིགས་བྱེད་མ་དཀར་མོ་འཁོར་ལོ་འཛིན་པ་ལས་རང་འདྲའི་ལྷ་མོ་

p. 449

སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་ཞབས་ལ་འཁོར་ལོའི་བཀྲ་ཤིས་པའི་དབང་དང་ལྡན་པའི་མོས་པ་མཛོད། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་འཁོར་ལོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་ཞབས༴ ཞབས་ལ་འཁོར་ལོའི༴ ཨོཾ་མངྒ་ལཾ་ཙཀྲ༴ དཀྱིལ་འཁོར་གྱི་ལྷོ་ནས་འོད་ཅན་མ་སྔོན་མོ་པདྨ་འཛིན་པ་ལས་རང་འདྲའི་ལྷ་མོ་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་ལྗགས་ལ་པདྨའི་བཀྲ་ཤིས་པའི་དབང༴ བཀྲ་ཤིས་གང་ཞིག༴ ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས༴ ལྗགས་ལ་པདྨའི༴ ཨོཾ་མངྒ་ལཾ་པདྨ༴ དཀྱིལ་འཁོར་གྱི་ལྷོ་ནུབ་ནས་རྣམ་རྒྱལ་མ་སྔོན་མོ་རྒྱལ་མཚན་འཛིན་པ་ལས་རང་འདྲའི་ལྷ་མོ་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་སྐུ་ལ་རྒྱལ་མཚན་གྱི་བཀྲ་ཤིས་པའི་དབང༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་རྒྱལ་མཚན་རབ་

p. 450

མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ༴ སྐུ་ལ་རྒྱལ་མཚན༴ ཨོཾ་མངྒ་ལཾ་དྷྭ་ཛ༴ དཀྱིལ་འཁོར་གྱི་ནུབ་ནས་མདངས་ཅན་མ་དམར་མོ་གདུགས་འཛིན་པ་ལས་རང་འདྲའི་ལྷ་མོ་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་དབུ་ལ་གདུགས་ཀྱི༴ བཀྲ་ཤིས་གང་ཞིག༴ ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ༴ དབུ་ལ་གདུགས་ཀྱི༴ ཨོཾ་མངྒ་ལཾ་ཚྭ་ཏྲཾ༴ དཀྱིལ་འཁོར་གྱི་ནུབ་བྱང་ནས་དཀར་ཤམ་མ་དམར་མོ་བུམ་པ་འཛིན་པ་ལས་རང་འདྲའི༴ ཁྱེད་རང་རྣམས་ཀྱི་མགུལ་དུ་བུམ་པའི་དབང་དང་ལྡན༴ བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་མགུལ༴ མགུལ་ལ་བུམ་པའི༴ ཨོཾ་མངྒ་ལམ་ཀུམྦྷ༴ དཀྱིལ་འཁོར་གྱི་བྱང་ནས་དྲི་མེད་མ་ལྗང་གུ་དུང་འཛིན་པ་ལས་རང༴ ཁྱེད་རང་རྣམས་ཀྱི་གསུང་ལ་དུང་གི་བཀྲ་ཤིས་པའི་

p. 451

དབང་དང་ལྡན་པའི༴ བཀྲ་ཤིས་གང་ཞིག༴ ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོགས་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ༴ གསུང་ལ་དུང་གི་བཀྲ་ཤིས་ཐོབ་པར་ཤོག །ཨོཾམངྒ་ལཾ་ཤྑཾ༴ དཀྱིལ་འཁོར་གྱི་བྱང་ཤར་ནས་ཡིད་གཞུངས་མ་ལྗང་གུ་གསེར་ཉ་འཛིན་པ་ལས་རང་འདྲའི་ལྷ་མོ་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་སྤྱན་ལ་ཉའི་བཀྲ་ཤིས་པའི་དབང་དང་ལྡན་པའི་མོས་པ་མཛོད། བཀྲ་ཤིས་གང་ཞིག༴ ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་སྤྱན་ལ༴ སྤྱན་ལ་ཉའི་བཀྲ་ཤིས༴ ཨོཾ་མངྒ་ལཾ་མཙྪ༴ དེ་ལྟར་བཀྲ་ཤིས་པའི་རྟགས་མཆོག་ཏུ་གྱུར་པ་བརྒྱད་ཀྱིས་བཀྲ་ཤིས་དཔལ་དང་ལྡན་པའི་དབང་བསྐུར་ལེགས་པར་ཐོབ་པ་དེ་ཉིད་ལས་མི་ཉམས་པར་བྱ་བའི་ཕྱིར་དུ་སྤྱི་བོར་རྡོ་རྗེ་བཞག་པ་ལ་བརྟེན་ནས་ལུས་ལ་རྡོ་རྗེའི་གོ་ཁྲབ་དང་ལྡན་པའི་སྒོ་ནས་བར་

p. 452

ཆད་ཀྱི་གཡུལ་ལས་རྒྱལ་ཞིང་སྲུང་བའི་འཁོར་ལོ་མཆོག་ཏུ་གྱུར་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་བཞག་ལ་གཟུངས་ཀྱི་མཐར་རཀྵ་རཀྵ༔ ཞེས་པས་བསྲུང་བར་བྱའོ། །དེ་ལྟར་དབང་བསྐུར་ཐོབ་ནས་དམ་ཚིག་བསྲུང་དགོས་པས། དེ་ཡང་ཉན་ཐོས་དང་ཐུན་མོང་བ་བསླབ་པའི་གཞི་ལྔ་ལ་སོགས་པ་སོ་སོར་ཐར་པས་བསྡུས་པ་དང་། བྱང་སེམས་དང་ཐུན་མོང་བ་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་སྤོང་བ་སོགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དང་། སྔགས་ཀྱི་ཐུན་མོང་མ་ཡིན་པ་སྙིང་པོ་སྔགས་དང་ཕྱག་རྒྱ་ལྷ་དང་བླ་མ་སྤོང་བ་སོགས་རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་རྩ་ལྟུང་ཡན་ལག་དང་བཅས་པ་རྣམས་ཀྱང་ཇི་ལྟ་བར་ཁས་བླངས་པ་བཞིན་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར༴ སོགས་ལན་གསུམ། དབང་བསྐུར་བ་ལེགས་པར་ཐོབ་

p. 453

པའི་གཏང་རག་ཏུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་དུ་གཞུག །ལུས་ལོངས་སྤྱོད་ཀྱི་དྲུག་ཆ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་གསུམ། དེ་ལྟར་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་པས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་སོགས་བརྗོད། རྗེས་ཆོག་གཞུང་བཞིན་བྱའོ། །དེ་ལྟར་མགོན་པོ་མི་འཁྲུགས་པའི་དབང་གི་མཚམས་སྦྱོར་འདི་བཞིན་དགོས་ཞེས་ཁྲོ་རུ་སྐུ་སྐྱེ་ཀར་བསྟན་ཆོས་རབ་ཀྱིས་བསྐུལ་བར་བཞིན་ཤྲཱི་དྷརྨ་སི་དྷ་པས་ཟིན་བྲིས་སུ་བགྱིས་པས་འགྲོ་བ་ཀུན་གྱི་ལས་ཀྱི་སྒྲིབ་པ་དག་པར་གྱུར་ཅིག །སརྦ་མངྒལཾ།། །།

དེ་བཞིན་གཤེགས་པ་སྨན་བླ་མཆེད་བདུན་གྱི་བྱིན་རླབས་དབང་གི་རིམ་པ་འཁྱེར་བདེ་བ། མཁས་གྲུབ་ཀརྨ་ཆགས་མེད།

p. 454
p. 455

༄༅། །དེ་བཞིན་གཤེགས་པ་སྨན་བླ་མཆེད་བདུན་གྱི་བྱིན་རླབས་དབང་གི་རིམ་པ་འཁྱེར་བདེ་བ་བཞུགས་སོ། །

p. 456

ན་མོ་གུ་རུ་བྷཻ་ཥ་ཛྱཻ་ཡེ། བླ་མ་སྨན་གྱི་ལྷ་ལ་ཕྱག་འཚལ་ནས། སྨན་བླ་མཆེད་བདུན་བྱིན་རླབས་རིམ་པ་བྲི། མཎྜལ་ལ་འབྲུའི་ཚོམ་བུ་བདུན་བཀོད། ཟླུམ་གཏོར་མེ་ཏོག་གི་རྒྱན་ཅན་ལ་ཡོད་ན་སྨན་བླའི་ཙཀླི་བཙུགས། བཀའ་སྲུང་གནོད་སྦྱིན་སྡེ་དཔོན་རྣམས་ལ་དཀར་གཏོར་བཤམས། གཞི་བདག་དང་འབྱུང་པོ་ལ་སྔོན་གཏོར་བཤམས། དཀྱིལ་འཁོར་མཐར་མཆོད་པ་བཤམས། བདག་བསྐྱེད་ནི། རང་ཉིད་སྐད་ཅིག་གིས་སྨན་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་མི་བསྐྱོད་པའི་རྣམ་པ་དབུའི་ཆ་ལ་བཞུགས་པའི་བཅོམ་ལྡན་འདས་སྨན་བླ་མཆེད་བདུན་ལ་བྱང་ཆུབ་

p. 457

སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། བཛྲ་ས་མཱ་ཛཿ གུ་རུ་བྷཻ་ཥ་ཛྱཻ་ན་མཿ ཞེས་ཕྱག་འཚལ་ནས། ཨརྒྷཾ་སོགས་ཀྱིས་མཆོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ནས་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམས་ནས། བཛྲ་མུཿ ཚོགས་ཞིང་རང་བཞིན་གནས་སུ་གཤེགས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་སོགས། སྟོང་པའི་ངང་ལས་པཾ་

p. 458

ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། རང་སེམས་སྒྲའི་རྣམ་པ་ཨོཾ་དཀར་པོ་ལས་འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ་ལས་ཨཱཿདམར་པོར་གྱུར། དེ་ལས་འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ་ལས་ཧཱུྃ་སྔོན་པོར་གྱུར། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་སྨན་གྱི་བླ་སྐུ་མདོག་མཐིང་ཀ་བཻ་ཌཱུརྱ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། དར་དམར་པོའི་ཤམ་ཐབས་དང་ཆོས་གོས་གསོལ་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་སྨན་མཆོག་ཨ་རུ་ར་རྣམ་པར་རྒྱལ་བ་འཛིན་ཅིང་། གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིའི་ལྷུང་བཟེད་འཛིན་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་འོད་དང་འོད་ཟེར་འཕྲོ་བ། དབུ་གཙུག་ན་

p. 459

བླ་མ་མི་བསྐྱོད་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ངོ་བོར་བཞུགས་པའོ། །དེའི་གཡས་སུ་ཟླ་བ་ལ་མཾ་ལས་རྒྱལ་སྲས་ཉི་ལྟར་སྣང་མཛད་དམར་སེར། ཕྱག་གཡོན་པདྨའི་ཡུ་བ་ཐུགས་ཀར་འཛིན་པའི་པདྨའི་སྟེང་དུ་ཉི་མ་ལ་གནས་པ། གཡོན་དུ་པད་ཟླ་ལ་ཨ་ལས་རྒྱལ་སྲས་ཟླ་ལྟར་སྣང་མཛད་དཀར་པོ་ཕྱག་གཡོན་ཟླ་བས་མཚན་པའི་པདྨའི་ཡུ་བ་ཐུགས་ཀར་འཛིན་པ་གཉིས་ཀའང་ཕྱག་གཡས་མཆོད་སྦྱིན་མཛད་ཅིང་། ལོངས་སྤྱོད་རྫོགས་པའི་རྒྱན་ཅན་བཞེངས་པའི་སྟབས་ཀྱིས་གཙོ་བོ་ལ་གཟིགས་པའོ། །གཙོ་འཁོར་གསུམ་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་དབྱེར་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་

p. 460

སྤྱན་དྲངས། ཨརྒྷཾ་སོགས། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་རིགས་ལྔས་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་ཆུ་ལྷག་ཡར་ལུད་པ་ལས་རིགས་བདག་མི་བསྐྱོད་པ་རིགས་བཞིས་བསྐོར་བས་དབུ་བརྒྱན་པར་གྱུར། དེ་ནས་རང་གི་དཔྲལ་བའི་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ལ་འཁོར་རྒྱལ་བ་རིགས་བཞིས་བསྐོར་བ། མགྲིན་པའི་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ལ་གཞན་རིགས་བཞིས་བསྐོར་བ། ཐུགས་ཀར་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ལ་གཞན་རིགས་བཞིས་བསྐོར་བ། དེ་ལྟར་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གྱི་ཐུགས་ཀར་སྨན་བླ་ཡེ་ཤེས་སེམས་དཔའ་རེ་རེའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་མཐིང་ནག་གི་མཐར་ཉེ་སྙིང་

p. 461

དང་གཟུངས་རིང་གཉིས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་བྱང་ཆུབ་ཀྱི་ས་ལ་བཀོད། སངས་རྒྱས་ཐམས་ཅད་མཉེས་པར་བྱས། འོད་ཟེར་ཚུར་འདུས་པ་ལས་བདེ་གཤེགས་བདུན་གྱི་བྱིན་རླབས་ཞུགས་པར་གྱུར། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ། ཞེས་མཚན་སྔགས་གཟུངས་རིང་དང་། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱ་བྷྱ་དྷིཥྛི་ཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ། ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་ཨ་མྲྀ་ཏྱུ་ནི་ཝ་ར་ཎི། བུདྡྷེ་སུ་བུདྡྷེ་བུདྡྷ་ཨདྷིཥྠཱ་ན། རཀྵནྟུ་མེ། སརྦ་དེ་ཝཱ། ས་མེ་ཨ་ས་མེ་ས་མ་ནྭ་ཧ་རནྟུ་མེ། སརྦ་བུདྡྷ། བོ་དྷི་ས་ཏྭ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་

p. 462

ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡཿ པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ་བཻ་ཌཱུརྱ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཅི་ནུས་བཟླས་ལ། ཨརྒྷཾ་སོགས། ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོས་སྔོན་སྨོན་ལམ་ཆེན་པོ་བཅུ་གཉིས་བཏབ་པའི་བཀའ་དྲིན་དང་། མཚན་ཐོས་པའི་མདོ་ལས་ཇི་སྐད་བཤད་པ་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། མདུན་བསྐྱེད་ཀྱི་ཚོམ་བུ་བསང་སྦྱང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊཿ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མཎྜལ་རིན་པོ་ཆེའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་འདབ་མ་དྲུག་གི་

p. 463

དབུས་སུ་བཅོམ་ལྡན་འདས་སྨན་གྱི་བླ་མཐིང་ག་མཆོད་སྦྱིན་དང་མཉམ་བཞག་གི་ཕྱག་གིས་ཨ་རུ་ར་དང་ལྷུང་བཟེད་འཛིན་པ། འདབ་མ་དྲུག་ལ་རིམ་པ་ལྟར་དུ་མཚན་ལེགས་སེར་པོ་སྐྱབས་སྦྱིན་མཉམ་བཞག །རིན་ཆེན་ཟླ་བ་དམར་སེར་མཆོག་སྦྱིན་མཉམ་བཞག །གསེར་བཟང་དྲི་མེད་སེར་པོ་ཆོས་འཆད་མཉམ་བཞག །མྱ་ངན་མེད་པའི་མཆོག་དམར་སྐྱ་མཉམ་བཞག །ཆོས་བསྒྲགས་རྒྱ་མཚོའི་དབྱངས་དཀར་དམར་ཆོས་འཆད་མཉམ་བཞག །ཆོས་བློ་མངོན་མཁྱེན་དམར་སྨུག་མཆོག་སྦྱིན་མཉམ་བཞག་མཛད་པ། དེ་ཐམས་ཅད་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ཆོས་གོས་གསུམ་གྱིས་བཀླུབས་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལསོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། ཚངས་པ་དང་བརྒྱ་བྱིན་

p. 464

དང་ཕྱོགས་སྐྱོང་བ་བཅུ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་འཁོར་བདུན་འབུམ་བདུན་འབུམ་དང་བཅས་པ་དང་། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་གསལ་བར་གྱུར། ལྷ་རྣམས་ཀྱི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པར་གྱུར། སླར་ཡང་དབང་ལྷ་སྤྱན་དྲངས་དབང་བསྐུར་དབང་རྟགས་སུ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། སྨན་བླ་མཆེད་བདུན་གྱི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་ཡིག་གི་

p. 465

མཐར་གཟུངས་ཀྱིས་བསྐོར་བའི་འོད་ཀྱིས་བདག་དང་སློབ་མས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་པར་གྱུར། ཏདྱ་ཐཱ། གྷུ་མེ་སོགས་ཅི་ནུས་བཟླས་ལ། ཨོཾ་བཛྲ་སྥ་ར་ན་ཁཾ་ཞེས་བྱིན་གྱིས་བརླབས་ནས། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་སོགས་དང་། སྲབ་འཇམ་ཡང་བ་ལྷ་ཡི་གོས། །སོགས་ནས་ཨོཾ་བཛྲ་ཝསྟྲ་ཨཿཧཱུྃ། གཏོར་མ་བྲན་ལ། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ཀྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི། ལན་གསུམ། གཏོར་མ་གཉིས་པ། ཨོཾ་ཀཱ་རོས་བྱིན་གྱིས་བརླབས་

p. 466

ལ། ཨོཾ་ཡཀྵ་ལོ་ཀ་པ་ལ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་ནི། སྨན་བླ་མཆེད་བདུན་འཁོར་དང་བཅས་པ་དང་ཚངས་པ་དང་བརྒྱ་བྱིན་ཕྱོགས་སྐྱོང་བ་བཅུ་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་

p. 467

འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། འགྲོ་བའི་ནད་གསོ་མཛད་པ་སྨན་གྱི་མཆོག །བཻ་ཌཱུརྱ་ལྟར་དྭངས་པའི་སྐུ་མངའ་ཞིང་། །སྐུ་ཡི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་པ། །སྨན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་བསྟོད། །མཚན་ལེགས་སྒྲ་དབྱངས་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་མཛད། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་བསྟོད། །བདེར་གཤེགས་བསྟན་པ་སྲུང་བའི་དགེ་བསྙེན་མཆོག །འཇིགས་པའི་གཟུགས་དང་རྔམས་པའི་ཆ་ལུགས་

p. 468

ཅན། །བདུན་འབུམ་འཁོར་གྱིས་བསྐོར་བའི་བཅུ་གཉིས་པོ། །གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། དེ་ནས་སློབ་མ་རྣམས་འདུས་ལ་ཁྲུས་བྱས་མེ་ཏོག་བཀྱེ། སྔོན་འགྲོ་གཏོར་མ་བྲན་ལ། བགེགས་དང་འབྱུང་པོ་གནས་བདག་ལ་བསྔོས་ནས་བགེགས་བསྐྲད། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བསྒྲུབ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་གདོན་མི་ཟ། །སུམ་བྷ་ནི་བརྗོད་པས་བསྲུང་ངོ་། །༈ འོ་ན་ད་ལམ་ཁྱེད་རྣམས་ལ་བདེ་གཤེགས་སྨན་བླ་མཆེད་བདུན་གྱི་དབང་བསྐུར་བྱིན་རླབས་

p. 469

དང་བཅས་པ་བྱེད་པ་ལ། ཐོག་མར་ལོ་རྒྱུས་ནི། སྔོན་སྟོན་པ་ཤཱཀྱ་ཐུབ་པ་དེ་ཉིད་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་ཡངས་པ་ཅན་གྱི་རོལ་མོའི་སྒྲ་ཅན་གྱི་ཤིང་དྲུང་ན་བཞུགས་པའི་ཚེ་འཇམ་དཔལ་གྱིས་མ་འོངས་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཕྱིར། གང་ཐོས་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་སྨོན་ལམ་རྒྱས་པར་ཞུས་པའི་ངོར། བཅོམ་ལྡན་འདས་སྨན་གྱི་བླ་མའི་མདོ་དང་། སྨན་བླ་མཆེད་བདུན་གྱི་མདོ་གཉིས་སུ་གསུངས་ཏེ། དེ་ཡང་འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན་སངས་རྒྱས་མཚན་ལེགས་དང་། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་

p. 470

པ་ན་སངས་རྒྱས་རིན་ཆེན་ཟླ་བ་དང་། འཇིག་རྟེན་གྱི་ཁམས་སྤོས་ཀྱིས་ཡོངས་སུ་གང་བ་རིན་པོ་ཆེ་བརྩེགས་པ་ན་སངས་རྒྱས་གསེར་བཟང་དྲི་མ་མེད་དང་། འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན་སངས་རྒྱས་མྱ་ངན་མེད་མཆོག་དང་། འཇིག་རྟེན་གྱི་ཁམས་ཆོས་ཀྱི་རྒྱལ་མཚན་ན་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་སྒྲ་དབྱངས་དང་། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རྒྱ་མཚོར་ལེགས་པར་གནས་པ་ན་སངས་རྒྱས་ཆོས་བློ་མངོན་མཁྱེན་དང་། འཇིག་རྟེན་གྱི་ཁམས་བཻ་ཌཱུརྱ་སྣང་བ་ན་སངས་རྒྱས་སྨན་གྱི་བླ་རྣམས་བཞུགས་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ནི་ཡོན་ཏན་ཕུན་སུམ་ཚོགས་པ་བདེ་བ་ཅན་ལྟ་བུ་བཀོད་པ་དང་། སངས་རྒྱས་དེ་དག་གིས་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང་། སངས་རྒྱས་དེ་དག་གི་མཚན་ཐོས་ཤིང་བཟུང་བའི་ཕན་ཡོན་དཔག་ཏུ་མེད་པ་རྣམས་རྒྱ་ཆེར་གསུངས་སོ། །

p. 471

དེའི་ཚེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་རེ་རེ་ལ་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པས། ཚིག་གཅིག་ཏུ་མ་འོངས་པ་ན་སངས་རྒྱས་སྨན་གྱི་བླ་ཡི་མཚན་འཆང་བ་དང་། མཆོད་པར་བྱེད་པ་དེ་རྣམས་སྲུང་ཞིང་སྐྱོང་བ་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཁས་བླངས་དམ་བཅས་སོ། །དེའི་ཚེ་ལྷའི་བུ་ཤེས་རབ་ཆུང་བ་ཁ་ཅིག་གིས་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་འདས་པའི་ཕ་རོལ་ན་བཞུགས་པའི་སངས་རྒྱས་དེ་རྣམས་ཀྱི་མཚན་ཐོས་པ་དང་བཟུང་བའི་ཕན་ཡོན་དེ་ཙམ་ཇི་ལྟར་ཐོབ་བམ་ཞེས་ཐེ་ཚོམ་དུ་གྱུར་པ་དེའང་། སྟོན་པ་ཤཱཀྱ་ཐུབ་པས་མཁྱེན་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས། ཙནྡན་གྱི་ཕྱེ་མ་དང་མེ་ཏོག་གི་ཆར་བབས། སྨན་བླ་མཆེད་བདུན་པོ་ཡང་སྐད་ཅིག་གིས་

p. 472

དེར་བྱོན་ནས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཞིང་། ཤཱཀྱ་ཐུབ་པ་དང་ཐབས་གཅིག་ཏུ་སེང་གེའི་ཁྲི་སོ་སོ་ལ་བཞུགས་པར་སྣང་བས། ལྷའི་བུ་དེ་དག་རབ་ཏུ་དད་ནས་ལེགས་སོ་ལེགས་སོ་བརྗོད་ཅིང་མཆོད་པ་དུ་མས་མཆོད་ཅིང་ཕྱག་དང་བསྐོར་བ་བྱས་ནས་རང་རང་གི་སྨོན་ལམ་ཡང་བཏབ་བོ། །དེ་ནས་འཇམ་དཔལ་གྱིས་མ་འོངས་པ་ན་སེམས་ཅན་བསོད་ནམས་ཆུང་བ་དང་གཟའ་སྐར་དང་དགྲའི་གནོད་པ་དང་འཇིགས་པ་ཐམས་ཅད་ལས་སྐྱོབ་པ་དང་། སངས་རྒྱས་རྣམས་མཇལ་ཞིང་བསམ་པ་ཐམས་ཅད་འགྲུབ་པའི་གཟུངས་སྔགས་གསུང་བར་ཞུས་པས་བསམ་པ་ཐམས་ཅད་འགྲུབ་ཅིང་ལས་སྒྲིབ་ཐམས་ཅད་དག་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱེད་པ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་སྟོབས་བསྐྱེད་པའི་བཻ་ཌཱུརྱའི་འོད་ཅེས་བྱ་བའི་གཟུངས། ཏདྱ་ཐཱ།

p. 473

གྷུ་མེ་གྷུ་མེ་ཞེས་སོགས་གསུངས་པས་ས་ཆེན་པོ་རབ་ཏུ་གཡོས་ཤིང་འོད་ཀྱི་སྣང་བ་ཆེན་པོ་བྱུང་ངོ་། །དེ་ནས་ཕྱག་ན་རྡོ་རྗེ་དང་ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་མ་འོངས་པ་ན་སངས་རྒྱས་ཀྱི་མཚན་འདི་དག་འཆང་བ་དང་མཆོད་པ་རྣམས་བསྲུང་ཞིང་བསྐྱང་བ་དང་། གནོད་པ་ཐམས་ཅད་བཟློག་པ་དང་མཐུན་རྐྱེན་ཐམས་ཅད་བསྒྲུབ་པར་ཁས་བླངས་དམ་བཅས་ནས་བྲོ་བོར་རོ། །དེ་ནས་སངས་རྒྱས་མྱ་ངན་ལས་འདས་རྗེས་ཀུན་དགའ་བོས་མདོ་སྡེ་འདི་ཡང་བཀའི་བསྡུ་བ་མཛད་དེ། མདོ་འདིའི་དབང་ལུང་མན་ངག་ཐམས་ཅད་འཇམ་དཔལ་དབྱངས་ཉིད་ཀྱིས་མཁན་པོ་བོ་དྷི་ས་ཏྭ་ལ་གནང་། བོ་དྷི་ས་ཏྭས་རྒྱ་གར་དུ་ཉིད་ཀྱི་དབོན་པོ་བོ་དྷི་ས་ཏྭ་ཆུང་བ་ལ་གནང་། མཁན་པོ་ཉིད་བོད་དུ་བྱོན་ནས་སྨན་བླའི་ཆོ་ག་རྒྱས་བསྡུས་གསུམ་མཛད་ཅིང་། རྒྱལ་པོ་ཁྲི་

p. 474

སྲོང་ལྡེའུ་བཙན་གྱི་སྐུ་རིམ་དང་སྒྲིབ་སྦྱང་ཆེད། བོད་ཀྱི་རབ་བྱུང་རྣམས་ལ་ཆོ་ག་བཙུགས། དེ་ནས་རྒྱལ་པོ་སད་ན་ལེགས། ལྷ་ལུང་དཔལ་གྱི་རྡོ་རྗེ། བཙན་པོ་འོད་སྲུང་། དཔལ་འཁོར་ཅན། ཉི་མ་མགོན། བཀྲ་ཤིས་ས་སྡེ། སྟོང་སྡེ། ལྷའི་སྡེ། འོད་སྡེ། མངའ་བདག་རྩེ་ལྡེ། བླ་མ་མངའ་རིས་པ། ཞུ་ལྡན། དར་མ་རྒྱལ་མཚན། བྲོ་མོ་ཆེ་བ། ནམ་མཁའ་གྲགས་སོགས་ལས་རིམ་པར་བརྒྱུད་པ་སྔ་འགྱུར་རྙིང་མའི་ལུགས་དང་། ཡང་གསར་མའི་ལུགས་ནི། བོ་དྷི་ས་ཏྭ་ཆུང་བས་རྒྱལ་པོ་དགའ་བའི་དཔལ་ལ་གནང་། དེས་དབང་པོ་དགེ་བའི་དཔལ་ལ་གནང་། དེས་ཇོ་བོ་ལྷ་གཅིག་ལ་གནང་སྟེ། ཇོ་བོས་མངའ་རིས་བྱང་ཆུབ་འོད་ལ་གནང་ཞིང་། ཁྱད་པར་ཇོ་བོ་ཡབ་སྲས་ཡེར་པ་ན་བྱམས་པའི་སྐུ་དྲུང་ན་བཞུགས་དུས་དགེ་བཤེས་རྔོག་ཆོས་ཞུ་ལ་བྱོན་ནས། དགེ་སློང་ཆོས་གོས་རྡོ་ཚོས་མ་

p. 475

གསོལ་བ་ཞིག་ཇོ་བོ་ཡབ་སྲས་ཀྱི་དབུས་ན་བཞུགས་ནས་ཆོས་གསུང་བ་མཐོང་། བྱམས་པའི་སྐུ་འདྲའི་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་བའི་སྣ་ནས་དགེ་སློང་མི་སྣང་། དགེ་སློང་དེ་སུ་ལགས་ཞུས་པས་བྱམས་པ་ཡིན་གསུངས། དེ་མ་ཐག་ཇོ་བོ་མི་སྣང་བར་དགའ་ལྡན་དུ་གཤེགས། དེ་ནས་ཕུག་པའི་ཕྱི་དེ་ན་སྒྲ་སྙན་པ་དང་དྲི་ཞིམ་པོས་ཤར་ཕྱོགས་ནས་འཇའ་སྔོན་པོ་གཅིག་ཕུག་པའི་སྒོར་ཟུག་བྱུང་བའི་སྣ་ལ་ཁྱེའུ་སྔོན་པོ་ཟུར་ཕུད་ཅན་མང་པོ་མེ་ཏོག་དང་སྤོས་ཐོགས་ནས་གླུ་དབྱངས་སྒྲོག་ཅིང་སྣང་བ། ཕུག་པའི་ནང་དུ་སོང་ཙ་ན་ཇོ་བོ་བྱོན་ནས་སྨན་བླའི་ཕོ་བྲང་བཞེངས་པ་དེར་བདེར་གཤེགས་མཆེད་བརྒྱད་སོ་སོའི་སྐྱེ་བོ་ལྟར་འཁོར་དང་བཅས་པ་འོད་ཀྱི་རྣམ་པར་བཞུགས་གདའ། འབྲོམ་གྱི་ཐུགས་ཀ་ནས་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་རྫས་

p. 476

དུ་མ་ཐོགས་ནས་བྱོན། ཇོ་བོའི་ཐུགས་ཀ་ནས་མཁན་ཆེན་ཞི་བ་འཚོ་བྱོན་ནས། ཇོ་བོ་བྱམས་པ་བཞུགས་པའི་བྲག་ཁུང་དེར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་པད་འདབ་སེར་པོ་ལྟེ་བ་སྔོན་པོ་ལ་ཇོ་བོ་ཉིད་བསྟན་པའི་བདག་པོ་དང་ཡུམ་ཆེན་མོ་དང་སྒྲོལ་མ་ལ་སོགས་གདུལ་བྱའི་བསམ་པ་དང་མཐུན་པར་སྣང་། འདབ་མ་བརྒྱད་ལ་བདེ་གཤེགས་བརྒྱད། དེ་ལ་པད་འདབ་བཅུ་དྲུག་གྱེས་པ་ལ་སེམས་དཔའ་བཅུ་དྲུག ། དེ་ལ་ཉེར་ལྔ་བྱས་ཏེ་ཕྱོགས་སྐྱོང་བཅུ་དང་གནོད་སྦྱིན་བཅུ་གཉིས་རེ་རེའི་འཁོར་བདུན་འབུམ་ཕྱོགས་སྐྱོང་རང་རང་གི་འཁོར་དང་བཅས་པ་འདབ་མ་རེ་རེའི་སྟེང་ན་མི་དོག་པར་འདུག །གཞན་ཡང་ཁྱེའུ་དང་བུ་མོ་དཔག་ཏུ་མེད་པས་མཆོད་པ་ཕུལ་བ་དང་། ཕྱོགས་བཞིར་པདྨ་རེ་རེ་གྱེས་ཏེ་རྒྱལ་བ་བཞི་འཁོར་དང་

p. 477

བཅས་པ། ཕོ་བྲང་གི་ཕྱོགས་བཞིར་པད་སྡོང་བཞི་རེ་སྣང་། དེ་ནས་ཞི་བ་འཚོ་སྨར་གཡོ་གཙང་གསུམ་བླ་ཆེན་སོགས་བོད་ཀྱི་ཁྲིམས་ལྡན་ཐམས་ཅད་སྣང་བས་ཕྱག་འཚལ་ཡན་ལག་བདུན་པ་བྱེད་དོ། །དེ་ནས་འབྲོམ་སྟོན་གྱིས་རྒྱལ་བ་རྒྱ་མཚོ་བཞེངས་ཏེ་འདོད་གསོལ་བཀྲ་ཤིས་སྨོན་ལམ་སོགས་མཛད། དེ་ནས་བདེ་གཤེགས་རྣམས་དང་མཁན་སློབ་ཨ་ཏི་ཤ་ལ། རྒྱལ་བློན་ཐམས་ཅད་འབྲོམ་ལ་ཐིམ། རྒྱལ་པོ་བཞི་དང་དགེ་བསྙེན་རྣམས་འོད་ཀྱི་རྣམ་པར་གཤེགས་སོ། །དེ་ལྟར་ཡང་ཡ་མཚན་ཆོ་འཕྲུལ་བསྟན་ཅིང་བཀའ་བབས་པས། རྒྱལ་སྲས་སྐུ་མཆེད་གསུམ་སོགས་བཀའ་གདམས་ཀྱི་དགེ་བཤེས་ཐམས་ཅད་ཀྱིས་སྨན་བླའི་ཆོ་ག་འདི་ཐུགས་དམ་མཛད་ཅིང་ལྷ་བླ་མ་བྱང་ཆུབ་འོད་ནས་ཏི་སེ་པ་ཆེན་པོ་བྱང་སེམས་ཟླ་བ་རྒྱལ་མཚན། རྗེ་འོད་ལུང་གྲགས་པ། སྤྱིའུ་ལྷས་

p. 478

པ་བྱང་ཆུབ་འོད། རྨ་ཤཱཀྱ་སེང་གེ །མཆིམས་ནམ་མཁའ་གྲགས་སོགས་ལ་བརྒྱུད་པ་ནི་གསར་མ་ཡིན་ལ། ཁྱད་པར་འབྲོམ་གྱི་ལུང་བསྟན་ལས། གཞན་ཡང་གྲགས་པའི་མཚན་རལ་ཅན། །མང་པོས་འགྲོ་བའི་བདེ་སྐྱིད་བསྐྲུན། །ཞེས་དང་། སྙིགས་མའི་དུས་སུ་འབྲོམ་གྱི་སྤྲུལ་པ་གྲགས་པའི་མིང་ཅན་བདུན་བརྒྱུད་འབྱུང་བར་ལུང་བསྟན་པ་ལྟར་རྒྱལ་ཚབ་ན་རིམ་རྣམས་ཀྱིས་བཀའ་གདམས་ཀྱི་ཆོས་ལུགས་གཙོ་བོར་མཛད་ཅིང་། སྨན་བླའི་ཆོ་ག་འདི་ཐུགས་དམ་དུ་མཛད་པའི་ནང་ནས། སྨན་ཆོག་བསྡུས་པ་འདི་ཡི་ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ཟུར་དུ་འབྲི་བར་མཛད། ཐུབ་བསྟན་ཉིན་བྱེད་གླིང་གི་ཚོགས་ལ་འཛུགས་པར་མཛད་ཅིང་། རྗེ་ཉིད་ཀྱིས་སྨན་བླའི་ཞལ་ཡང་གཟིགས་པས་བྱིན་རླབས་ཀྱི་བཀའ་བབས་ཆེན་པོ་དང་ལྡན་ཞིང་།

p. 479

འདིའི་དབང་ལུང་གཉིས་ཀ་རྗེ་ཉིད་ཀྱི་དྲུང་ནས་ཐོབ་པས་ཁུངས་ཤིན་ཏུ་བཙུན་པ་ཡིན་ནོ། །དེ་ལྟ་བུའི་ཁུངས་བཙུན་པའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས་། བླ་མ་བཅོམ་ལྡན་འདས་སྨན་གྱི་བླ་མར་གསལ་བ་དང་། མདུན་གྱི་མཎྜལ་བདེ་བར་གཤེགས་པ་བརྒྱད་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་བཞུགས་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བདེ་བར་གཤེགས་པ་སྨན་བླ་མཆེད་བདུན་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཡི་དམ་

p. 480

དུ་སློབ་དཔོན་གྱིས་བསྩལ་དུ་གསོལ། ལན་གསུམ། ད་བདེ་བར་གཤེགས་པ་བདུན་འཁོར་དང་བཅས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྡོམ་པ་ལེན་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ད་ཁྱེད་རང་རྣམས་ཐ་མལ་པར་གནས་པའི་སྤྱི་བོར་

p. 481

གཏོར་མ་འདི་དང་ཐ་དད་མེད་པར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་བཅོམ་ལྡན་འདས་སྨན་གྱི་བླ་སྐུ་མདོག་མཐིང་ཁ་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ནད་ཐམས་ཅད་སེལ་བའི་སྨན་མཆོག་ཨ་རུ་ར་རྣམ་པར་རྒྱལ་བ་འཛིན་ཅིང་། ཕྱག་གཡོན་མཉམ་བཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། དར་དམར་པོའི་ཤམ་ཐབས་དང་ཆོས་གོས་གསོལ་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དབུ་གཙུག་ཏུ་ཆོས་བློ་མངོན་མཁྱེན་དམར་སྨུག་མཆོག་སྦྱིན་མཉམ་བཞག་མཛད་པ། དེའི་དབུ་གཙུག་ཏུ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དཀར་དམར་ཆོས་འཆད་མཉམ་བཞག་མཛད་པ། དེའི་སྟེང་གི་ནམ་མཁར་རིན་ཆེན་ཟླ་བ་དམར་སེར་མཆོག་སྦྱིན་མཉམ་བཞག་མཛད་པ། དེའི་དབུ་གཙུག་ཏུ་མཚན་ལེགས་སེར་པོ་སྐྱབས་སྦྱིན་

p. 482

མཉམ་བཞག་མཛད་པ། དེ་ཐམས་ཅད་ཀྱང་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ཆོས་གོས་གསུམ་གྱིས་བཀླུབས་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་སྒོམས། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཤར་ཕྱོགས་སུ་འཕྲོས་པས་རང་རང་གི་སངས་རྒྱས་ཀྱི་ཞིང་ནས་སྨན་བླ་མཆེད་བདུན་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ་ནས་མངོན་སུམ་དུ་བཞུགས་པ་ལ་ཚོགས་བསག་པའི་ཕྱིར་ཡན་ལག་བདུན་པ་འབུལ་བ་འདིའི་རྗེས་ཟློས་མཛོད། ཅེས་བརྗོད་ནས། དེ་ཡང་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་འདིས་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ། སྨོན་ལམ་ཆེན་པོ་བརྒྱད་རྒྱུན་མ་ཆད་པར་བཏབ་སྟེ། བདག་སངས་རྒྱས་པའི་ཚེ་བདག་གི་མིང་ཡིད་ལ་

p. 483

བྱས་ཤིང་ཡིད་ཀྱིས་བརྗོད་པའི་ཚེ། ནད་དང་གདོན་དང་རིམས་ཐམས་ཅད་ཞི་བ་དང་། ནད་ཀྱིས་ལོང་བ་དང་། འོན་པ་དང་། སྨྱོ་བ་དང་། དབང་པོ་མ་ཚང་བ་ཐམས་ཅད་ཚང་བ་དང་། དུག་གསུམ་དང་མཚམས་མེད་པ་ལྔ་དང་། ཆོས་སྤངས་པས་དམྱལ་བར་སྐྱེས་པའི་སྒྲིབ་པ་ཐམས་ཅད་བྱང་ནས་ནམ་དུའང་དམྱལ་བ་དང་། ངན་སོང་དུ་མི་ལྟུང་བར་བདེ་འགྲོར་སྐྱེ་བ་དང་། དབུལ་པོ་རྣམས་ཟས་གོས་འབྲུ་ནོར་ཕུན་སུམ་ཚོགས་པ་དང་། བཙོན་དུ་བཅུག་ཅིང་བཅིང་བ་དང་། བརྡེག་པ་ལས་ཐར་བ་དང་། གཅན་གཟན་དང་དུག་སྦྲུལ་གྱི་གནོད་པ་ཞི་བ་དང་། འཁྲུག་པ་དང་འཐབ་རྩོད་ཀྱི་གནོད་པ་ཞི་བ་དང་། ཆུ་ཡི་འཇིགས་པས་སྲོག་འདོར་བའི་འཇིགས་པ་ཞི་བའི་སྨོན་ལམ་ཆེན་པོ་བརྒྱད་བཏབ་བོ། །དེ་ལྟར་སངས་རྒྱས་དེའི་སྨོན་ལམ་དེ་རྣམས་ཀྱི་བཀའ་དྲིན་ཁྱོད་རང་

p. 484

གིས་ཐོབ་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོས་སྔོན་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ལ་སྐད་ཅིག་གིས་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། རྒྱས་པར་ལན་གསུམ་བསྡུ་ན་གཅིག །དེ་ལྟར་གསོལ་བཏབ་པས་བཅོམ་ལྡན་འདས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད།

p. 485

གཏོར་མ་སྤྱི་བོར་བཞག་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོས་སྔོན་སྨོན་ལམ་ཆེན་པོ་བརྒྱད་ཇི་ལྟར་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཏདྱ་ཐཱ་གྷུ་མེ་སོགས། དེ་ནས་མེ་ཏོག་འཐོར་ཞིང་། མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པ། །མཚན་གྱི་རྒྱལ་པོ་དེ་ཡི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་འགྲེས་སོ། །དེ་ནས་མཚན་ལེགས་རྒྱལ་པོ་ཐུགས་རྗེའི་དབང་གིས་འོད་དུ་ཞུ་ནས་རིན་ཆེན་ཟླ་བའི་དབུ་གཙུག་ཏུ་ཐིམ་པར་སྒོམས་ཤིག །དེ་ཡང་སངས་རྒྱས་རིན་ཆེན་ཟླ་བ་འདི་ཉིད་སྔོན་བྱང་ཆུབ་

p. 486

སེམས་དཔར་གྱུར་པའི་ཚེ་སྨོན་ལམ་ཆེན་པོ་བརྒྱད་བཏབ་སྟེ། མ་འོངས་པ་ན་བདག་འཚང་རྒྱ་བའི་ཚེ་བདག་གི་མིང་རྣ་ལམ་དུ་གྲག་ཅིང་དྲན་པ་དང་བརྗོད་པས། དབུལ་ཏེ་ཞིང་ལ་སོ་ནམ་དང་ཚོང་ལ་དགའ་བའི་ཉེས་པ་བྱང་ཞིང་དག་ནས་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་ངན་སོང་དུ་མི་ལྟུང་བ་དང་། སྐྱེ་གནས་གསུམ་དང་ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་བ་དང་། ནམ་དུའང་སྐྱེ་གནས་གསུམ་གྱི་སྡུག་བསྔལ་མི་མྱོང་བ་དང་། བུད་མེད་རྣམས་ཀྱིས་བཙས་པའི་སྡུག་བསྔལ་ཞི་བ་དང་། འཆི་བ་དང་དགྲའི་གནོད་པ་མྱ་ངན་ཐམས་ཅད་ཞི་བ་དང་། མུན་ནག་གི་ནང་དུ་འཇིགས་པ་དང་སྡུག་བསྔལ་སྣ་ཚོགས་མྱོང་བའི་སྡུག་བསྔལ་ལས་ཐར་བ་དང་། བློ་དམན་ཞིང་ཤེས་རབ་ཆུང་བ་རྣམས་བློ་དང་ལྡན་ཞིང་ཤེས་རབ་ཐོབ་པ། ཐེག་པ་དམན་ལ་ཞུགས་

p. 487

པ་རྣམས་ཐེག་པ་ཆེན་པོར་འཇུག་ནས་ཕྱིར་མི་ལྡོག་པར་འགྱུར་བ་དང་། བསྐལ་པ་འཇིག་པའི་དུས་བསྐལ་པའི་མེས་སྲེག་པའི་ལས་སྒྲིབ་བྱང་ནས་བརྫུས་ཏེ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། དེ་ལྟར་སྨོན་ལམ་ཆེན་པོ་དེ་བརྒྱད་བཏབ་པ་ཡིན་པས་སངས་རྒྱས་ཀྱི་བཀའ་དྲིན་དེ་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོས་སྔོན་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ལ་

p. 488

སྐད་ཅིག་གིས་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། འོ། དེ་ལྟར་གསོལ་བ་བཏབ་པས་བཅོམ་ལྡན་འདས་རིན་ཆེན་ཟླ་བའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །གཏོར་མ་བཟུང་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོས་སྔོན་སྨོན་ལམ་ཆེན་པོ་བརྒྱད་ཇི་ལྟར་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ལ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཏདྱ་ཐཱ། གྷུ་མེ་སོགས་བྱ། དེ་ནས་བཀྲ་ཤིས་ནི། རིན་ཆེན་ཟླ་བ་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་པའི་མཁྱེན་པ་

p. 489

འཕགས། །རྒྱ་མཚོ་ལྟ་བུར་ཟབ་པའི་སྐུ་མངའ་བ། །སྒྲ་དབྱངས་རྒྱལ་པོ་དེ་ཡི་བཀྲ་ཤིས་ཤོག །མེ་ཏོག་འཐོར། དེ་ནས་རིན་ཆེན་ཟླ་བ་ཐུགས་རྗེའི་དབང་གིས་འོད་དུ་ཞུ་ནས་གསེར་བཟང་དྲི་མེད་ཀྱི་དབུ་གཙུག་ཏུ་ཐིམ་པར་སྒོམས་ཤིག །དེ་ཡང་གསེར་བཟང་དྲི་མེད་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་སྨོན་ལམ་ཆེན་པོ་བཞི་བཏབ་སྟེ་མ་འོངས་པ་ན་བདག་འཚང་རྒྱ་བའི་ཚེ། བདག་གི་མིང་ཐོས་པ་བཟུང་བས་སེམས་ཅན་སྣ་ཚོགས་ཀྱི་སྲོག་བཅད་པས་ཚེ་ཐུང་ཞིང་ནད་མང་བ་དང་། ཆུ་དང་། དུག་དང་། མཚོན་གྱིས་དུས་མ་ཡིན་པར་འཆི་བར་འགྱུར་བའི་ལས་སྒྲིབ་ཐམས་ཅད་བྱང་ནས་ཚེ་རིང་བ་དང་ནད་མེད་པར་འགྱུར་བ་དང་། གཞན་ནོར་རྫས་རྐུ་འཕྲོག་བྱས་པའི་རྣམ་སྨིན་གྱིས་དབུལ་པོར་སྐྱེས་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བའི་ལས་སྒྲིབ་ཐམས་ཅད་དག་

p. 490

ནས་ཚེ་རབས་ཐམས་ཅད་དུ་བཟའ་བཏུང་ཕུན་སུམ་ཚོགས་པར་འགྱུར་བ་དང་། ཕན་ཚུན་གཅིག་གིས་གཅིག་ལ་གནོད་སེམས་དང་། འཐབ་རྩོད་བྱེད་པ་ཐམས་ཅད་ཞི་ནས་བྱམས་པའི་སེམས་སུ་གནས་པ་དང་། དུག་གསུམ་གྱི་དབང་གིས་ཚུལ་ཁྲིམས་འཆལ་ཏེ་སྡིག་པ་བྱེད་པས་ངན་སོང་དུ་ལྟུང་བའི་ལས་སྒྲིབ་བྱང་ནས་ཚེ་རབས་ཐམས་ཅད་དུ་ཉོན་མོངས་པ་དང་བྲལ་ནས་ཚུལ་ཁྲིམས་དང་ལྡན་པར་གྱུར་ཏེ། ཞེས་སྨོན་ལམ་ཆེན་པོ་དེ་བཞི་བཏབ་པ་ཡིན་པས་སངས་རྒྱས་དེའི་སྨོན་ལམ་དེ་བཞིའི་བྱིན་རླབས་དང་བཀའ་དྲིན་ཁྱེད་རང་གིས་ཐོབ་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་

p. 491

དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ལ་སྐད་ཅིག་གིས་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་གསོལ་བ་བཏབ་པས་བཅོམ་ལྡན་འདས་གསེར་བཟང་དྲི་མེད་ཀྱི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གཏོར་མ་བཟུང་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་སྨོན་ལམ་ཆེན་པོ་བཞི་ཇི་ལྟར་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་ད་ལྟ་ཉིད་དུ་ཐོབ་

p. 492

པར་བྱིན་གྱིས་བརླབ་ཏུ་གསོལ། ཏདྱ་ཐཱ་གྷུ་མེ་སོགས་བརྗོད། འཛམ་བུའི་ཆུ་བོ་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་ཅན། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་བའི་བཀྲ་ཤིས་ཤོག །མེ་ཏོག་འཐོར་རོ། །དེ་ནས་གསེར་བཟང་དྲི་མེད་ཐུགས་རྗེའི་དབང་གིས་འོད་དུ་ཞུ་ནས་མྱ་ངན་མེད་མཆོག་གི་དབུ་གཙུག་ཏུ་ཐིམ་པར་སྒོམས་ཤིག །དེ་ཡང་སངས་རྒྱས་མྱ་ངན་མེད་མཆོག་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་སྨོན་ལམ་ཆེན་པོ་བཞི་བཏབ་སྟེ། མ་འོངས་པ་ན་བདག་འཚང་རྒྱ་བའི་ཚེ། བདག་གི་མིང་ཐོས་པ་དང་ཡིད་ལ་བྱེད་ན་ཚེ་རིང་ཞིང་མྱ་ངན་དང་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཞི་བ་དང་། སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ནས་དམྱལ་བར་སྐྱེས་ན་ཡང་། སངས་རྒྱས་དེའི་སྐུའི་འོད་ཟེར་གྱིས་དམྱལ་བ་ནས་འདྲེན་པ་དང་།

p. 493

སྡིག་པ་མི་དགེ་བ་སྣ་ཚོགས་དང་རྐུ་འཕྲོག་བྱས་ནས་དབུལ་པོར་སྐྱེས་ནས་ཟས་གོས་ནོར་མེད་ཅིང་བཀྲེས་སྐོམ་འཁྱག་པ་དང་། ངལ་དུབ་ཀྱི་སྡུག་བསྔལ་འབྱུང་བ་ཐམས་ཅད་བྱང་ཞིང་དག་ནས། སྐྱེ་བ་ཐམས་ཅད་དུ་ཟས་གོས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། གདོན་སྣ་ཚོགས་ཀྱི་གནོད་པས་ནད་ཀྱི་སྡུག་བསྔལ་མྱོང་བ་ཐམས་ཅད་ཞི་ཞིང་ཚེ་རབས་ཐམས་ཅད་དུ་ནད་གདོན་ལས་ཐར་བ་དང་། སྨོན་ལམ་ཆེན་པོ་དེ་བཞིའི་བྱིན་རླབས་དང་བཀའ་དྲིན་ཁྱེད་རང་གིས་ཐོབ་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་མྱ་ངན་མེད་མཆོག་དཔལ་གྱིས་སྔོན་སྨོན་ལམ་ཇི་ལྟར་

p. 494

བཏབ་པ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ལ་སྐད་ཅིག་གིས་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། འོ། དེ་ལྟར་གསོལ་བ་བཏབ་པས་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །གཏོར་མ་ཐོགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱིས་སྔོན་སྨོན་ལམ་ཆེན་པོ་ཇི་ལྟར་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཏདྱ་ཐཱ་གྷུ་མེ་སོགས་བརྗོད་ལ་མེ་ཏོག་འཐོར་ཞིང་། བཀྲ་ཤིས་ནི། མྱ་ངན་འདས་ཞི་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་ཅིང་། །

p. 495

འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་གྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་དོར། དེ་ནས་མྱ་ངན་མེད་མཆོག་ཐུགས་རྗེའི་དབང་གིས་འོད་དུ་ཞུ་ནས་ཆོས་བསྒྲགས་རྒྱ་མཚོའི་དབུ་གཙུག་ཏུ་ཐིམ་པར་གྱུར། ཆོས་བསྒྲགས་རྒྱ་མཚོའི་དབྱངས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་སྨོན་ལམ་ཆེན་པོ་བཞི་བཏབ་སྟེ། བདག་མ་འོངས་པ་ན་འཚང་རྒྱ་བའི་ཚེ་བདག་གི་མིང་ཐོས་པས་དཀོན་མཆོག་གསུམ་དང་ཆོས་ལ་ལོག་པར་ལྟ་བ་ཅན་དུ་གྱུར་པའི་སྒྲིབ་པ་བྱང་ནས་དཀོན་མཆོག་གསུམ་ལ་དད་པ་དང་། བྱང་ཆུབ་ཀྱི་སེམས་རྒྱུད་ལ་ལྡན་པར་འགྱུར་བ་དང་། དཀོན་མཆོག་གསུམ་དང་ཆོས་ཀྱི་སྒྲ་མི་གྲགས་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ནས་སྡིག་པ་སྣ་ཚོགས་བྱས་ཏེ་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་དག་ནས། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་

p. 496

སེམས་དང་མི་འབྲལ་བར་འགྱུར་བ་དང་། ནོར་དང་ལོངས་སྤྱོད་མེད་པས་སྡིག་པ་སྣ་ཚོགས་བྱས་པའི་སྡིག་སྒྲིབ་བྱང་ནས་སྐྱེ་བ་ཐམས་ཅད་དུ་ནོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། སྔོན་ལས་ཀྱིས་དགྲ་དང་འཐབ་རྩོད་མང་སྟེ་གཅིག་གིས་གཅིག་ལ་གནོད་པ་དང་འཐབ་རྩོད་དང་མཚོན་གྱིས་འདེབས་པ་དང་གསོད་པར་འགྱུར་བ་ཐམས་ཅད་ཞི་ནས་སྐྱེ་བ་ཐམས་ཅད་དུ་དགྲ་མེད་ཅིང་བྱམས་པར་འགྱུར་བ་དང་། སྨོན་ལམ་ཆེན་པོ་དེ་བཞི་བཏབ་པས། སངས་རྒྱས་དེའི་སྨོན་ལམ་དེ་བཞིའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་རང་གིས་ཐོབ་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །

p. 497

བཅོམ་ལྡན་འདས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱིས་སྔོན་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ལ་སྐད་ཅིག་གིས་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། འོ། དེ་ལྟར་གསོལ་བ་བཏབ་པས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །གཡོར་མ་བཟུང་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱིས་སྔོན་སྨོན་ལམ་ཆེན་པོ་བཞི་ཇི་ལྟར་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཏདྱ་ཐཱ་གྷུ་མེ་སོགས་བརྗོད་

p. 498

ལ། ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་སྐུ་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་བཀྲ་ཤིས་ཤོག །མེ་ཏོག་འཐོར་རོ། །དེ་ནས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཐུགས་རྗེའི་དབང་གིས་འོད་དུ་ཞུ་ནས་ཆོས་བློ་མངོན་པར་མཁྱེན་པའི་དབུ་གཙུག་ཏུ་ཐིམ་པར་སྒོམས་ཤིག །དེ་ཡང་སངས་རྒྱས་ཆོས་བློ་མངོན་མཁྱེན་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། སྨོན་ལམ་ཆེན་པོ་བཞི་བཏབ་སྟེ་མ་འོངས་པ་ན་བདག་འཚང་རྒྱ་བའི་ཚེ་བདག་གི་མིང་ཐོས་པས་ཞིང་གི་སོ་ནམ་དང་ཚོང་ཁེ་དང་འཐབ་རྩོད་ཀྱི་ལས་སྒྲིབ་བྱང་ནས་ལོངས་སྤྱོད་དང་ལྡན་ཞིང་དགེ་བ་བྱེད་པར་འགྱུར་བ་དང་། མི་དགེ་བ་བཅུ་བྱས་པས་དམྱལ་བར་འགྲོ་བའི་ལས་སྒྲིབ་བྱང་ནས་དགེ་བ་བཅུ་ལ་སྤྱོད་པར་འགྱུར་བ་དང་། གཞན་གྱིས་ཆད་

p. 499

པ་བཅད་པ་བཙོན་དུ་བཟུང་བ་བརྡེག་ཅིང་གསོད་པར་ཤོམ་པ་ལས་ཐར་ནས་སྐྱེ་བ་ཐམས་ཅད་དུ་དེ་ལྟར་མི་འགྱུར་བ་དང་། ཚེ་ཐུང་བ་རྣམས་ཀྱིས་འཆི་ཁ་རྣ་ལམ་དུ་ཐོས་པས་སྡིག་པ་ཐམས་ཅད་དག་ནས་མཐོ་རིས་སུ་སྐྱེས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་འགྱུར་བ་དང་། སྨོན་ལམ་ཆེན་པོ་དེ་བཞི་བཏབ་པ་ཡིན་པས་སངས་རྒྱས་དེའི་སྨོན་ལམ་དེ་བཞིའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་ཁྱེད་རང་གིས་ཐོབ་པར་བྱ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་

p. 500

པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པས་སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པ་དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ལ་སྐད་ཅིག་གིས་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། འོ་དེ་ལྟར་གསོལ་བ་བཏབ་པས་ཆོས་བློ་མངོན་པར་མཁྱེན་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །གཏོར་མ་ཐོགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློ་གྲོས་རྣམ་པར་རོལ་པ་མངོན་པར་མཁྱེན་པས་སྔོན་གྱི་སྨོན་ལམ་ཇི་ལྟར་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱིས་ད་ལྟ་ཉིད་དུ་ཐོབ་པར་

p. 501

བྱིན་གྱིས་བརླབ་ཏུ་གསོལ། ཏདྱ་ཐཱ་གྷུ་མེ་སོགས་བརྗོད། ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །ཆོས་བློ་མངོན་པར་མཁྱེན་པའི་བཀྲ་ཤིས་ཤོག །མེ་ཏོག་འཐོར། དེ་ནས་ཆོས་བློ་མངོན་མཁྱེན་ཐུགས་རྗེའི་དབང་གིས་འོད་དུ་ཞུ་ནས་སངས་རྒྱས་སྨན་གྱི་བླའི་དབུ་གཙུག་ཏུ་ཐིམ་པར་སྒོམས་ཤིག །དེ་ཡང་སངས་རྒྱས་སྨན་གྱི་བླ་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་སྨོན་ལམ་ཆེན་པོ་བཅུ་གཉིས་བཏབ་སྟེ། བདག་མ་འོངས་པ་ན་འཚང་རྒྱ་བའི་ཚེ་བདག་གི་མིང་ཐོས་པའི་ཚེ་སྡོམ་པ་གསུམ་གྱིས་བསྡམས་པས་ཚུལ་ཁྲིམས་ཉམས་པ་མེད་པར་འགྱུར་བ་དང་། དབང་པོ་མ་ཚང་ཞིང་ཡན་ལག་ཉམས་པ་དང་། འོན་པ་དང་། ལོང་བ་དང་། ནད་སྣ་ཚོགས་ཀྱིས་བཏབ་པ་རྣམས་

p. 502

ཀྱང་སྒྲིབ་པ་དག་ནས་ནད་ཞི་ཞིང་དབང་པོ་ཡན་ལག་ཚང་བར་འགྱུར་བ་དང་། ཉམ་ཐག་པ་ནད་སྣ་ཚོགས་ཀྱིས་སྡུག་བསྔལ་བ་མགོན་སྐྱབས་མེད་པ་དབུལ་ཕོངས་དམན་པ་དང་། སྨན་མི་འབྱོར་བ་རྣམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་ཞིང་སྐྱེ་བ་ཐམས་ཅད་དུ་ནད་མེད་པར་འགྱུར་བ་དང་། དེ་ལྟར་མཚན་ཐོས་པའི་ཕན་ཡོན་གྱི་སྨོན་ལམ་གསུམ་དང་། གཞན་ཡང་གསོལ་བ་རྩེ་གཅིག་ཏུ་བཏབ་ན་བུད་མེད་གང་དག་བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་ན་བུད་མེད་ཀྱི་སྐྱེ་སྒོ་ཆོད་ཅིང་སྐྱེ་བ་ཐམས་ཅད་དུ་སྐྱེས་པའི་ལུས་ཐོབ་ནས། ལྟ་བ་ངན་པ་སྣ་ཚོགས་སུ་གྱུར་པ་རྣམས་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་བ་དང་། རྒྱལ་པོའི་འཇིགས་པས་བཅིངས་ཤིང་བརྡེག་ལ་གསོད་པར་འོས་པ་ལས་ཐར་བ་དང་། བཀྲེས་ཤིང་སྐོམ་པས་ཟས་ཀྱི་ཕྱིར་སྡིག་པ་བྱེད་པ་རྣམས་ཀྱང་ཟས་ཕུན་སུམ་

p. 503

ཚོགས་པ་རྙེད་ནས་ཕྱིན་ཆད་ཆོས་ལ་གནས་པར་འགྱུར་བ་དང་། གོས་མེད་པར་ཚ་གྲང་གི་སྡུག་བསྔལ་མྱོང་བ་རྣམས་གོས་བཟང་པོ་སྣ་ཚོགས་རྙེད་ཅིང་བསམ་འགྲུབ་པ་དང་། སྐྱེ་བ་ཐམས་ཅད་དུ་ལོངས་སྤྱོད་མི་ཟད་པ་དང་ལྡན་ཞིང་ཕོངས་པ་མེད་པ་དང་། ལམ་ངན་པར་ཞུགས་པ་རྣམས་བྱང་ཆུབ་ཀྱི་ལམ་དུ་འཇུག་པ་དང་། དེ་ལྟར་འགྲོ་དོན་འགྲུབ་པའི་སྨོན་ལམ་བདུན་དང་། སྐུ་ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གསལ་ཞིང་། ཞིང་དེའི་སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་པ་དང་། སྐུ་ལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་མང་པོའི་མུན་པ་བསལ་བ་དང་། ཞིང་དེའི་སེམས་ཅན་ཐམས་ཅད་ལུས་ནོར་བུ་བཻ་ཌཱུརྱ་ལྟར་དག་ཅིང་གཙང་བ་དང་གཟི་བརྗིད་འབར་ཞིང་ཉི་མ་དང་ཟླ་བ་དང་ལྷའི་འོད་ཀྱི་དྲ་བས་བརྒྱན་པར་འགྱུར་བ་

p. 504

སྟེ། ཞིང་ཁམས་ཡོངས་སུ་དག་པའི་སྨོན་ལམ་གཉིས་དང་སྨོན་ལམ་ཆེན་པོ་བཅུ་གཉིས་བཏབ་པ་ཡིན་པས། སངས་རྒྱས་དེའི་སྨོན་ལམ་བཅུ་གཉིས་ཀྱི་བྱིན་རླབས་དང་བཀའ་དྲིན་ཁྱེད་རང་གིས་ཐོབ་པར་བྱ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོས་སྔོན་སྨོན་ལམ་ཆེན་པོ་ཇི་ལྟར་བཏབ་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ལ་སྐད་ཅིག་གིས་འབྱོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་གསོལ་བ་བཏབ་པས་སྨན་བླའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་

p. 505

ཞུགས་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གཏོར་མ་མགོར་བཞག་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོས་སྔོན་སྨོན་ལམ་ཆེན་པོ་བཅུ་གཉིས་ཇི་ལྟར་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཏདྱ་ཐཱ་གྷུ་མེ་སོགས་སྔགས་རིང་ཐུང་གཉིས་དང་། ལྷ་མིའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ན་སྐྱབས་མཛད་པ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ཀྱི་བཀྲ་ཤིས་ཤོག །མེ་ཏོག་འཐོར། འོ། དེ་ནས་སྤྱི་བོའི་སངས་རྒྱས་སྨན་གྱི་བླ་ལ་འདུན་པ་རྩེ་གཅིག་ཏུ་བྱས་པས་བཅོམ་ལྡན་འདས་སྨན་གྱི་བླ་དེ་ཐུགས་རྗེའི་ཤུགས་ཀྱིས་འོད་དུ་ལྟེམ་གྱིས་ཞུ་སྟེ། ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་

p. 506

འོད་དེ་མར་ཐིམ་པས་འོད་དེས་ཁྱེད་རང་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་དེད་ནས་འོག་སྒོ་དང་རྐང་མཐིལ་གཉིས་ནས་ནག་ནུ་རུ་རུ་སོང་བས་རང་གི་ལུས་ཕྲུ་མ་ཕུས་བཏབ་པ་ལྟར་སོང་སྟེ་ཤེལ་སྒོང་གཡའ་དག་པ་ལྟར་དྲི་མ་དང་བྲལ་བའི་མོས་པ་མཛོད། འོ་དེས་ན་ཁྱེད་རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་ཐ་མལ་གྱི་ལུས་མ་ཡིན་པར་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོ་ཨ་རུ་ར་རྣམ་པར་རྒྱལ་བ་ལོ་མ་དང་བཅས་པ་འཛིན་ཅིང་། ཕྱག་གཡོན་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་བདུད་རྩིས་བཀང་བའི་ལྷུང་བཟེད་འཛིན་པ། སྐུ་ལ་དར་ལིང་དམར་པོའི་ཆོས་གོས་

p. 507

དང་ཤམ་ཐབས་གསོལ་ཞིང་། རྡོ་རྗེའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་འོད་དང་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཡིད་ལ་དྲན་པ་ཙམ་གྱིས་ཀྱང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་ནུས་པ་གཅིག་ཏུ་གྱུར་པར་བསྒོམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་ཁྱེད་རང་གི་སྤྱི་བོ་ནས་མར་སིབ་སིབ་ཐིམ་པར་སྒོམས་ཤིག །ཏདྱ་ཐཱ་གྷུ་མེ་ཞེས་པའི་སྔགས་རིང་མཇུག་ཏུ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་

p. 508

བརྗོད་ནས་སྤོས་དང་རོལ་མོ་བྱ། ནས་བྲབ་སྲོལ་ཡང་ཡོད། དེ་ལྟར་བྱིན་རླབས་དབབ་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར། ཨོཾ་ཏིཥྛ་བཛྲ། ཞེས་རྡོ་རྗེ་རྒྱ་གྲམ་མེ་ཏོག་དང་བཅས་པས་ཚངས་བུག་བཀག །དེ་ནས་མདུན་གྱི་མཎྜལ་འདི་ཉིད་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ། སེང་གེའི་ཁྲི་དང་པདྨ་དང་ཟླ་བའི་གདན་རྣམས་ལ་དེ་བཞིན་གཤེགས་པ་བདུན། ཤར་གྱི་སྣམ་བུ་ལ་འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་ལ་སོགས་བྱང་ཆུབ་སེམས་དཔའ་བཅུ་དྲུག །གཡས་གྲལ་དུ་ཚངས་པ་དང་བརྒྱ་བྱིན། གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིིས། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་མངོན་སུམ་དུ་བཞུགས་པའི་མོས་པ་མཛོད་ལ། དེ་ནས་ཁྱེད་རང་རྣམས་སྨན་བླར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་མདུན་བསྐྱེད་

p. 509

ལ་ཕོག་པས། མདུན་བསྐྱེད་ལས་བདེ་བར་གཤེགས་པ་བདུན་གྱི་ལྷ་ཚོགས་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་ཀར་གྱི་འབྲུ་ཙམ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །གཏོར་མ་བཟུང་ནས་མགོར་བཞག །བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ། མཚན་ལེགས་རིན་ཆེན་ཟླ་བ། གསེར་བཟང་དྲི་མེད། མྱ་ངན་མེད་མཆོག །ཆོས་བསྒྲགས་རྒྱ་མཚོ། ཆོས་བློ་མངོན་མཁྱེན། སྟོན་པ་ཤཱཀྱ་ཐུབ་པ། བྱང་ཆུབ་སེམས་དཔའ་སྐྱབས་གྲོལ། ཕྱག་ན་རྡོ་རྗེ་ལ་སོགས་པ་སེམས་དཔའ་བཅུ་དྲུག་དང་། མགོན་པོ་འཇམ་པའི་དབྱངས། མཁན་པོ་བོ་དྷི་ས་ཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་སད་ན་ལེགས། ལྷ་ལུང་དཔལ་གྱི་རྡོ་རྗེ། བཙད་པོ་འོད་སྲུང་ལ་སོགས་པ་སྔ་འགྱུར་བརྒྱུད་པའི་བླ་མ་རྣམས་དང་། བོ་དྷི་ས་ཏྭ་ཆུང་བ།

p. 510

རྒྱལ་པོ་དགའ་བའི་དཔལ། དབང་པོ་དགེ་བའི་དཔལ། ཇོ་བོ་ཨ་ཏི་ཤ །ལྷ་བླ་མ་བྱང་ཆུབ་འོད་ལ་སོགས་པ་གསར་མ་བརྒྱུད་པའི་བླ་མ་རྣམས་དང་། རྒྱལ་ཚབ་གྲགས་པ་དོན་གྲུབ། དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་ལ་སོགས་བཀའ་བབས་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་ཐར་བ་དང་། ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་ཐར་བ་དང་། ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་ཞི་ཞིང་བྱང་བ་དང་། གདོན་ཐམས་ཅད་དང་བྱད་སྟེམས་དང་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཉེ་བར་ཞི་བ་དང་། བཀྲ་མི་ཤིས་པ་དང་། ལྟས་ངན་པ་དང་། འཐབ་རྩོད་དང་དབུལ་ཕོངས་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་བཀྲ་ཤིས་

p. 511

བདེ་ལེགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། དགེ་བ་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ལོངས་སྤྱོད་ཅིང་། ཕྱི་མ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེས་ནས་མྱུར་དུ་འཚང་རྒྱ་བར་བྱིན་གྱིས་རློབས་ཤིག །ཏདྱ་ཐཱ་གྷུ་མེ་སོགས་མཚན་སྔགས་རིང་ཐུང་གཉིས་ཀྱང་སྤྲོ་ན་འདོན་ནོ། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག །བཻ་ཌཱུརྱ་ལྟར་དྭངས་པའི་སྐུ་མངའ་ཞིང་། །སྐུ་ཡི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་པ། །སྨན་པའི་རྒྱལ་པོ་དེ་ཡི་བཀྲ་ཤིས་ཤོག །མེ་ཏོག་འཐོར། འོ་དེ་ཡན་ཆད་སྨན་བླ་མཆེད་བདུན་གྱི་བྱིན་གྱིས་བརླབས་པའི་རྗེས་གནང་ཞེས་བྱ་བ་དེ་ལེགས་པར་གྲུབ་སོང་བ་ཡིན། ད་གཉིས་པ་སྔགས་ཀྱི་རྗེས་གནང་གི་དོན་དུ་དམིགས་པ་འདི་ལྟར་དུ་མཛོད། མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ལྷ་སོ་སོའི་ཁ་དོག་ཅན་འཕྲོས་ནས་ཁྱེད་རང་གི་ཐུགས་

p. 512

ཀར་ཧཱུྃ་མཐིང་གི་མཐར་འཁོད་ཅིང་། འགའ་ཞིག་ཧཱུྃ་ཡིག་ལ་ཐིམ་པའི་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མེ་ཏོག་དོར་ཞིང་། སྨོན་ལམ་རྒྱ་ཆེན་ཡོངས་སུ་དག་གྱུར་པས། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ཀྱི་བཀྲ་ཤིས་ཤོག །འོ་དེས་སྔགས་ཀྱི་རྗེས་གནང་ཞེས་བྱ་བ་དེ་ལེགས་པར་སོང་བ་ཡིན། ད་གསུམ་པ་དམ་བཅའ་ཁས་ལེན་པ་ཞེས་བྱ་བའི་དོན་དུ་ཕན་ཡོན་ཅུང་ཟད་ཞུ་ན། སྤྱིར་བདེ་གཤེགས་བདུན་པོ་འདིའི་མཚན་བཟུང་ནས་ཡི་དམ་དུ་བྱས་ན་སོ་སོ་ནས་ཕན་ཡོན་དཔག་ཏུ་མེད་པ་ཡོད་ལ། ཁྱད་པར་དུ་བཅོམ་ལྡན་འདས་སྨན་གྱི་བླ་མ་འདི་ཉིད་ཀྱི་མཚན་ཐོས་པ་ཙམ་ཁོ་ན་ཡང་ཕན་ཡོན་མཐའ་ཡས་ཏེ། དེ་ཡང་མི་གང་དག་སེར་སྣ་ཆེན་པོས་བཅིངས་ཏེ། སྦྱིན་པ་ཅུང་ཟད་

p. 513

ཀྱང་མི་བྱེད་པར་གྱུར་པ་རྣམས་ཀྱིས་ཡི་དྭགས་དང་དུད་འགྲོར་སྐྱེ་བར་འགྱུར་ཏེ། དེས་ཀྱང་ད་ལྟ་སྨན་གྱི་བླའི་མཚན་ཐོས་ན་ཡི་དྭགས་དང་དུད་འགྲོར་སྐྱེས་ཀྱང་སངས་རྒྱས་དེའི་བྱིན་རླབས་ཀྱིས་སྨན་བླའི་མཚན་ཡིད་ལ་དྲན་ནས་མྱུར་དུ་ཐར་ཏེ་མིར་སྐྱེ། དེར་ཡང་སྦྱིན་པ་ལ་དགའ་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚོགས་རྫོགས་པར་འགྱུར་བར་གསུངས་སོ། །ཡང་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ལོག་པར་ཞུགས་པ་དང་། ལྟ་བ་ལོག་པར་ཞུགས་པ་དང་། ཚུལ་ཁྲིམས་སྲུང་ཡང་མང་དུ་ཐོས་པ་སྤང་བར་བྱེད་པས་རྒྱལ་བའི་གསུང་རབ་ཀྱི་དོན་མི་ཤེས་པ་དང་། མང་དུ་ཐོས་པའི་ང་རྒྱལ་གྱིས་གཞན་ལ་ཁྱད་དུ་གསོད་པས་ཆོས་སྤང་གི་ལས་བསགས་པ་རྣམས་ནི་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏེ། དེས་ཀྱང་སྨན་བླའི་མཚན་ཐོས་པའི་བྱིན་རླབས་ཀྱི་མཐུས་དམྱལ་བ་ན་ཡང་

p. 514

མཚན་དེ་དྲན་ནས་མྱུར་དུ་ཐར་ནས། དེ་མིར་སྐྱེས་ནས་དད་པ་དང་བརྩོན་འགྲུས་དགེ་བའི་བསམ་པ་ཅན་དུ་འགྱུར་བ་དང་། རབ་ཏུ་བྱུང་སྟེ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་འགྱུར་བར་གསུངས་སོ། །གང་དག་ཕྲག་དོག་གི་དབང་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨད་པར་བྱེད་པ་རྣམས་ནི་ངན་སོང་དུ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་མྱོང་ཞིང་། རྟ་དང་རྔ་མོང་བོང་བུ་རྣམས་སུ་སྐྱེས་ནས་ཁལ་ཆེན་པོ་འགལ་ཞིང་རྡུང་རྩོག་གི་སྡུག་བསྔལ་མྱོང་ལ། དེ་ནས་མིར་སྐྱེས་ཀྱང་བྲན་དུ་སྐྱེ་བར་འགྱུར་ལ། དེ་ཡང་སྨན་བླའི་མཚན་ཐོས་ན་དེའི་བྱིན་རླབས་ཀྱིས་ངན་སོང་ལས་ཐར་ནས་དུད་འགྲོར་མི་སྐྱེ་ཞིང་། མིར་སྐྱེས་ནས་དབང་པོ་གསལ་བ་དང་ཤེས་རབ་ཆེ་བ་དང་ཆོས་ལ་མོས་པར་འགྱུར་ཏེ། དགེ་བའི་བཤེས་གཉེན་ལ་བསྟེན་ཏེ་རིམ་གྱིས་འབྲས་བུ་ཐོབ་པར་གསུངས་སོ། །གཞན་ཡང་གཞན་གྱི་

p. 515

ཕྲ་མ་དང་འཐབ་རྩོད་དང་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་དང་འབྱུང་པོ་དང་རོ་ལངས་རྣམས་ཀྱི་ངན་སྔགས་ཀྱིས་བྱད་དུ་བཅུག་ཀྱང་། སྨན་གྱི་བླའི་མཚན་ཐོས་པ་དེ་ལ་བར་ཆད་བྱ་བར་མི་ནུས་པར་གསུངས་ཤིང་འདིའི་མཚན་ཐོས་ན་ངན་སོང་དུ་འགྲོ་བའི་གོ་སྐབས་མེད་པར་གསུངས་ལ། གཞན་ཡང་ཕན་ཡོན་མཐའ་ཡས་པ་གསུངས་པས། སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་ཞག་རེར་རབ་བརྒྱ་རེ། འབྲིང་ཉེར་གཅིག །ཐ་མ་བདུན་རེ་མི་ཆགས་པར་ཡི་དམ་བྱེད་པའི་དམ་བཅའ་ཁས་ལེན་པ་དབང་འདིའི་དམ་ཚིག་ཡིན་པས་ཤིན་ཏུ་གལ་ཆེ། ཁས་ལེན་སོ་སོར་བྱེད་བཅུག །ཡང་བྱེ་བ་འབུམ་ཕྲག་ཁྲི་སོགས་ཁས་ལེན་ཡང་བྱེད། འོ། ད་ནས་བཟུང་སྟེ་སངས་རྒྱས་སྨན་གྱི་བླ་ཡི་དམ་དུ་བཟུང་ལ་མཚན་དེ་མ་བརྗེད་པར་འདོན་པ་དང་། ཤེས་ན་སྨན་བླའི་ཆོ་ག་

p. 516

མཆོད་བསྟོད་བཟླས་བརྗོད་ལ་བརྩོན་པ་དང་། མི་ཤེས་ན་ཡང་སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་བ་དང་ཟས་ཀྱི་ཕུད་མཆོད་པ་རྣམས་མཛད་པའི་ཕྱིར་དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་ལན་གསུམ། ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །སོགས་ནས་བཀྲ་ཤིས་ཤོག །བར་དང་། མེ་ཏོག་གཏོར། འོ། དེས་དམ་བཅའ་ཁས་ལེན་པ་དེ་སོང་ནས། སྨན་བླ་མཆེད་བདུན་གྱི་དབང་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་པས་གཏང་རག་གི་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་སོགས། དེ་ནས་སློབ་མ་གྲོལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད་ནས། དེ་བཞིན་གཤེགས་པ་བདུན་གྱིས་སྔོན་སྨོན་ལམ་ཇི་ལྟར་བཏབ་པའི་བཀའ་དྲིན་ཐམས་ཅད། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ད་ལྟ་ཉིད་དུ་

p. 517

ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། མ་འབྱོར་པ་དང་ཉམས་པ་དང་། །སོགས། ཨོཾ་བཛྲ་ས་ཏྭ་ས་མ་ཡ་ཞེས་སོགས་ཡིག་བརྒྱས་ཆད་ལྷག་ཁ་བསྐང་། རྟེན་ཡོད་ན་བརྟན་བཞུགས། ཡེ་ཤེས་པ་རྣམས་རྟེན་འདི་ལ་བརྟན་པར་བཞུགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས། བཛྲ་མུ༔ འཇིག་རྟེན་པ་རྣམས་རང་གནས་སུ་བཛྲ་མུ༔ དམ་ཚིག་པ་རང་ལ་ཐིམ་ནས་མི་དམིགས་པར་གྱུར། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །སོགས་བཀྲ་ཤིས་བརྗོད། མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །ཅེས་སོགས་བསྔོ་སྨོན་བྱའོ། །དེ་ཡང་མཚན་བརྗོད་པའི་ཕན་ཡོན་གོང་དུ་སོང་བ་ལྟ་བུ་དང་། གཟུངས་འདི་བརྗོད་པས་བསམ་པ་ཐམས་ཅད་འགྲུབ་ཅིང་སངས་རྒྱས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབ་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དག་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །མཆོད་བསྟོད་བྱས་པས་ལྟས་ངན་དང་བཀྲ་མི་ཤིས་པ་ཐམས་ཅད་དང་། མེ་ཆུ་དུག་

p. 518

མཚོན་དང་གཡང་ས། གཅན་གཟན་དང་། དམག་དང་ཆོམ་རྐུན་གྱི་འཇིགས་པ་ཞི་བ་དང་། ཚུལ་ཁྲིམས་འཆལ་བའི་སྒྲིབ་པ་དག་ནས་ངན་སོང་དུ་མི་ལྟུང་བ་དང་། བུད་མེད་སྦྲུམ་མ་ཡང་བདེ་བར་བཙའ་ཞིང་། བྱིས་པ་ནད་ཉུང་ཞིང་ཤེས་རབ་ཅན་དུ་འགྱུར་བ་སོགས་ཕན་ཡོན་མང་པོ་གསུངས་ཏེ། དབང་སྒྲུབ་དུས་བདག་མདུན་མཆོད་བསྟོད་བཟླས་པ་དང་བཅས་པ་ཡོད་པས་ཕན་ཡོན་དེ་དག་འབྱུང་བ་དང་། དབང་ཚར་གཅིག་གིས་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པ་ཡིན་ནོ། །འདི་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པ་ལ་གཞི་བྱས། རྗེ་ཞྭ་དམར་དྲུག་པས་གཏོར་དབང་བསྐུར་བར་མཛད་པའི་སྤྱན་ལྟོས་ཅུང་ཟད་མཐོང་ཡང་གྲྭ་ཚང་དུ་འདིའི་དཔེ་དཀོན་ལ། གྲྭ་པ་འགའ་ཞིག་གིས་ཞུས་ནས་བླ་མ་ཝ་རྒན་པས་འདིའི་དབང་ཆོག་ཞིག་བརྩམས་ཤིང་འདུག་པ་ཡང་བདག་གི་རྟོག་པ་བཅུག་པ་ཡིན་ལ། འདིའི་རྗེས་གནང་སྤྱི་མཚམས་དང་ཁྱད་པར་དུ་མ་ལ་ཡུན་རིང་དུ་གོམས་པར་བྱས་ཤིང་མདོ་སྡེ་གཉིས་དང་། བོ་དྷི་ས་ཏྭའི་ཆོ་ག་རྒྱས་བསྡུས་དང་། ཆོ་གའི་རྣམ་བཤད་རྒྱས་པ་དང་། སྨན་བླ་སྤྲུལ་སྐུ་ལྟར་སྒྲུབ་པ་དང་། བདེ་གཤེགས་བདུན་གྱི་བྱིན་རླབས་སོགས་དོན་བསྡུས་ནས་ཁྱེར་བདེ་བར་བྱས་པའོ། །འདི་ལ་འགལ་འཁྲུལ་གང་མཆིས་བདེ་གཤེགས་བདུན་ལ་བཤགས། །དགེ་བས་བདག་དང་བདག་གི་རྗེས་འབྲངས་དང་། །དབང་ཆོག་འདི་ལ་འབྲེལ་ཐོག་འགྲོ་བ་ཀུན། །ལུས་འདི་བོར་ནས་ལུས་གཞན་མི་ལེན་པར། །བདེ་བ་ཅན་གྱི་ཞིང་

p. 519

དེར་སྐྱེ་བར་ཤོག །དེ་རུ་སྐྱེས་ནས་རྫུ་འཕྲུལ་སྟོབས་ཀྱིས་ནི། །སྨན་བླ་མཆེད་བདུན་མཆོད་པས་མཉེས་བྱེད་ཤོག །དེ་སྐད་བརྗོད་པ་རཱ་གའི་མིང་ཅན་ནོ། །བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པར་ཤོག ། མངྒ་ལཾ། དགེའོ།། །།

འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་སུ་གནང་བ་དང་གསོ་སྦྱོང་ཡན་ལག་བརྒྱད་པའི་སྡོམ་པ་འབོག་པའི་ཆོ་ག་གཞན་ཕན་རབ་འབྱམས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 520
p. 521

༄༅། །འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་རྗེས་སུ་གནང་བ་དང་གསོ་སྦྱོང་ཡན་ལག་བརྒྱད་པའི་སྡོམ་པ་འབོག་པའི་ཆོ་ག་གཞན་ཕན་རབ་འབྱམས་ཞེས་བྱ་བ་བཞུགས་སོ། །

p. 522

གཟི་བརྗིད་མཐའ་ཡས་འོད་དཔག་མེད། །གངས་ཅན་མགོན་པོའི་རྣམ་འཕྲུལ་པ། །དེ་ཡི་ཞབས་ལ་ཕྱག་བྱས་ཏེ། །རྗེས་གནང་བཀླགས་པས་གྲུབ་པ་བཀོད། །སྟེགས་བུ་གཙང་མར་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ཕྱོགས་མདོག་དབུས་དང་ཕྱོགས་བཞིར་ཟླ་གདན་རེ་རེའི་སྟེང་དུ་དབུས་སུ་ཚོམ་བུ་དམར་པོ། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་ཁུ། མཚམས་ཀྱི་འདབ་མ་བཞིར་སེར་པོ་རེ་རེ་བཀོད། མ་འབྱོར་ན་ཚོམ་བུ་ལྷ་གྲངས་བཀོད་ཀྱང་རུང་། དེ་སྟེང་ཁྲིའུར་བུམ་པ་དྲི་བཟང་གི་ཆུ་དང་ཉེར་ལྔའི་རྫས་ལྡན། མགུལ་ཆིངས་དཀར་པོ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་བཞག །གཡོན་དུ་ལས་བུམ་མགུལ་ཆིངས་དམར་པོ་ཅན། མདུན་དུ་ཟླུམ་གཏོར་རྒྱན་ལྡན། ཕྱི་མཆོད་ཕྲེང་ཚར་བཤམ། ཀླུ་གཏོར་ཆ་གསུམ་སོགས་གྲུབ་ན་དེ་དག་ཅི་བདེར་བཤམ། མེ་ཏོག་སོགས་མཁོ་བའི་ཡོ་བྱད་འདུ་བྱའོ། །དེ་ནས་

p. 523

དང་པོ་བདག་བསྐྱེད་ནི། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སེམས་བྱ། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་དང་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། འཕགས་པ་སྤྱན་རས་གཟིགས་དབང་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །

p. 524

དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་པའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པས། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་

p. 525

གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་ལ་ཚོགས་ཞིང་མི་དམིགས་པར་བཞག །ཨོཾ་སྭ་བྷཱ་ཝ་སོགས། གཟུང་དང་འཛིན་པས་བསྡུས་པ་ཡི། །ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་པདྨ་དང་། །ཟླ་བའི་དཀྱིལ་འཁོར་ཉ་གང་བའི། །སྟེང་དུ་རང་སེམས་ཧྲཱིཿདཀར་ལས། །འོད་འཕྲོས་སེམས་ཅན་དོན་བྱས་ནས། །ཚུར་འདུས་ཧྲཱིཿཡིག་པདྨ་ནི། །གསེར་མདོག་འབར་བ་ཧྲཱིཿས་མཚན་གྱུར། །སླར་ཡང་དེ་ལས་ལྕགས་ཀྱུ་དང་། །ཞགས་པ་ལྟ་བུའི་འོད་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སྤྱན་དྲངས་དེ་ལ་ཐིམ་པ་ཡིས། །སྐད་ཅིག་ཉིད་ལ་པདྨ་ནི། །ཧྲཱིཿདང་བཅས་པ་ཡོངས་གྱུར་ལས། །བདག་ཉིད་འཕགས་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ལང་ཚོ་ཅན། །བཅུ་གཅིག་ཞལ་གྱི་རྩ་ཞལ་དཀར། །གཡས་ལྗང་གཡོན་དམར་དེ་ཡི་སྟེང་། །

p. 526

དབུས་ལྗང་གཡས་དམར་གཡོན་དཀར་བ། །དེ་སྟེང་དབུས་དམར་གཡས་དཀར་ཞིང་། །གཡོན་ལྗང་བ་རྣམས་ཞི་ཉམས་ཅན། །དེ་སྟེང་ཁྲོ་ཞལ་ནག་པོ་ནི། །སྤྱན་གསུམ་མཆེ་གཙིགས་ཁྲོ་གཉེར་ཅན། །དེ་ཡི་སྟེང་ན་ཞི་ཞལ་ནི། །དམར་པོ་གཙུག་ཏོར་ལྡན་པ་ཉིད། །རྒྱན་སྤངས་མགུལ་བཅས་རྣམ་པར་གསལ། །རྩ་བའི་ཕྱག་བརྒྱད་དང་པོ་གཉིས། །ཐུགས་ཀར་ཐལ་སྦྱར་གཡས་གཉིས་པས། །བགྲང་ཕྲེང་གསུམ་པས་མཆོག་སྦྱིན་མཛད། །བཞི་པས་འཁོར་ལོ་འཛིན་པ་སྟེ། །གཡོན་གྱི་གཉིས་པས་པདྨ་དང་། །གསུམ་པས་སྤྱི་བླུགས་བཞི་པ་ཡིས། །མདའ་གཞུ་ཡོངས་སུ་འཛིན་པའོ། །དེ་ལྷག་ཕྱག་ནི་དགུ་བརྒྱ་དང་། །དགུ་བཅུ་རྩ་གཉིས་མཆོག་སྦྱིན་མཛད། །དེ་ལྟར་སྟོང་ཕྲག་ཕྱག་རྣམས་ཀྱི། །མཐིལ་དུ་སྤྱན་རེ་ལྡན་པའོ། །ནོར་བུ་རིན་ཆེན་རྒྱན་འཆང་ཞིང་། །སྐུ་སྟོད་ནུ་མ་གཡོན་པ་ནི། །རི་དྭགས་

p. 527

ལྤགས་པས་ཡོངས་བཀབ་པ། །ཀཱ་ཤིའི་རས་ཀྱི་ཤམ་ཐབས་ཅན། །ཡིད་འོང་དར་གྱི་ཅོད་པན་འཛིན། །འོད་ཟེར་དཀར་པོ་འཕྲོ་བར་གྱུར། །དེ་ཡི་ཐུགས་ཀར་ཟླ་བའི་སྟེང་། །ཧྲཱིཿཡིག་དཀར་པོའི་འོད་ཟེར་གྱིས། །པོ་ཏ་ལ་ནས་སྤྱན་རས་གཟིགས། །འཁོར་དང་བཅས་པ་སྤྱན་དྲངས་གྱུར། །ཨརྒྷཾ་སོགས་དང་། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཛཿཧཱུྃ་བྃ་ཧོཿགཉིས་མེད་གྱུར། །དེ་ནས་རང་གི་གནས་གསུམ་དུ། །ཡི་གེ་གསུམ་གྱིས་མཚན་པར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། སླར་ཡང་ཧྲཱིཿལས་འོད་འཕྲོས་པས། །དེ་བཞིན་གཤེགས་པ་ལྔ་བྱོན་ཏེ། །དེ་དག་རྣམས་ཀྱི་ཐུགས་ཀ་ནས། །ཡེ་ཤེས་བདུད་རྩི་འཛིན་པ་ཡི། །ཡུམ་བཞི་འཕྲོས་ནས་བདག་ཉིད་ལ། །མངོན་པར་དབང་བསྐུར་ཆུ་ཡི་ལྷག །སྟེང་དུ་ལུད་པས་སྤྱི་གཙུག་ཏུ། །བླ་མའི་ངོ་བོ་འོད་དཔག་མེད། །དཔྲལ་བར་མི་བསྐྱོད་རྣ་གཡས་སུ། །

p. 528

རིན་འབྱུང་རྣ་གཡོན་དོན་གྲུབ་ཉིད། །ལྟག་པར་རྣམ་པར་སྣང་མཛད་དེ། །རིགས་བདག་རྣམས་ཀྱིས་དབུ་བརྒྱན་གྱུར། །བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་པད་ཟླའི་སྟེང་། །ཡེ་ཤེས་སེམས་དཔའི་ངོ་བོ་ཉིད། །ཐུགས་རྗེ་ཆེན་པོ་ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་ངེ་འཛིན། །སེམས་དཔའ་ཧྲཱིཿཡིག་དཀར་པོ་ལས། །འོད་འཕྲོས་འགྲོ་བའི་སྒྲིབ་སྦྱངས་ནས། །ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ། །ཚུར་འདུས་ཧྲཱིཿལ་ཐིམ་པར་གྱུར། །ཅེས་བསྒོམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྻཱུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚི་ཝིཊྚི། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་

p. 529

རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ནཱ་ཡ་སྭཱ་ཧཱ། ཞེས་གཟུངས་རིང་དང་ཡིག་དྲུག་ཅི་ནུས་བཟླས། མཎྜལ་བསང་སྦྱང་། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་རང་ཉིད་ཀྱི། །ཐུགས་ཀའི་ཧྲཱིཿལས་བྷྲཱུྃ་ཡིག་ནི། །མདུན་དུ་འཕྲོས་ནས་ཞུ་བ་ལས། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ལྡན་པའི་དབུས། །རིན་ཆེན་ཁྲི་དང་ཆུ་སྐྱེས་མཆོག །ཟླ་བའི་དཀྱིལ་འཁོར་ཉ་གང་བའི། །ལྟེ་བར་ཧྲཱིཿལས་འོད་འཕྲོས་པས། །འགྲོ་ཀུན་དོན་བྱས་འོད་དུ་ཞུ། །ཚུར་འདུས་ཧྲཱིཿཡིག་པདྨ་ནི། །གསེར་མདོག་འབར་བ་ཧྲཱིཿས་མཚན་གྱུར། །ནས་འོད་ཟེར་དཀར་པོ་འཕྲོ་བར་གྱུར། །བར་བདག་བསྐྱེད་ལྟར་ལ། དེ་ནས། དབུ་གཙུག་ཧྲཱིཿལས་འོད་དཔག་མེད། །དམར་པོ་ཏིང་འཛིན་ཕྱག་རྒྱ་ཅན། །ཤར་དུ་ཧཱུྃ་ལས་མི་བསྐྱོད་པ། །སྔོན་པོ་ས་གནོན་ཕྱག་རྒྱ་ཅན། །ལྷོ་རུ་ཏྲཱྃ་ལས་རིན་འབྱུང་ནི། །སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །ནུབ་ཏུ་ཨོཾ་

p. 530

ལས་རྣམ་སྣང་མཛད། །དཀར་པོ་བྱང་ཆུབ་མཆོག་གི་ཚུལ། །བྱང་དུ་ཨཱཿལས་དོན་གྲུབ་ནི། །ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །གནས་གསུམ་འབྲུ་གསུམ་ས་བོན་དང་། །གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་། །ཧྲཱིཿཡིག་དཀར་པོའི་འོད་ཟེར་གྱིས། །སོགས་ཡེ་ཤེས་སྤྱན་འདྲེན་ནས་གཉིས་མེད་གྱུར། །ཅེས་པའི་བར་ཡང་གོང་བཞིན། སླར་ཡང་ཧྲཱིཿལས་འོད་འཕྲོས་པས། །དེ་བཞིན་གཤེགས་པ་ལྔ་བྱོན་ཏེ། །དེ་དག་རྣམས་ཀྱི་ཐུགས་ཀ་ནས། །ཡེ་ཤེས་བདུད་རྩི་འཛིན་པ་ཡི། །ཡུམ་བཞི་འཕྲོས་ནས་ལྷ་རྣམས་ལ། །མངོན་པར་དབང་བསྐུར་གཙོ་བོ་ལ། །འོད་དཔག་མེད་དང་རིགས་བཞི་པོར། །སོ་སོའི་རིགས་ཀྱིས་དབུར་བརྒྱན་གྱུར། །མཆོད་བསྟོད་ནི། མཆོད་པ་བྱིན་རླབས་སྤྱི་ལྟར་བྱས་ལ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་གང་བར་

p. 531

སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། དེས་འགྲེས་ཏེ། པཱདྱཾ་ནས་ཤབྡའི་བར་དུ་སྦྱར། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་

p. 532

ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་སོགས་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བསྟོད། འདས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། སྤྲོ་ན་ཆོས་སྐྱོང་དང་ཆ་གསུམ་སོགས་རང་རང་གི་ཆོ་གས་བཏང་། བསྡུ་ན། ཀླུ་གཏོར་སོགས་བསང་སྦྱང་། ཨ་ཀཱ་རོའི་སྔགས་ཀྱིས་བྱིན་བརླབ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ནཱ་ག་རཱ་ཛ་ཝ་རུ་ཎ་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་

p. 533

དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨརྒྷཾ་སོགས་དང་། བསྟོད་པར་འོས་པ་སོགས། མཆོད་སྦྱིན་གཏོར་མ་སོགས་བརྗོད་ལ་གཏོར་མ་རྣམས་ཕྱི་རོལ་དུ་འབུལ། བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་རྒྱལ་བ་རིགས་བཞི་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། ཅེས་མོས་ལ་གཟུངས་རིང་ཅི་ནུས་བཟླ། ལས་བུམ་དུ་རྟ་མགྲིན་དམར་པོ་དབྱུག་ཏོ་དང་ཞགས་པ་བསྣམས་པ་སྐད་ཅིག་གིས་གསལ་བར་གྱུར། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཅི་ནུས་བཟླས་མཐར། ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བུམ་པའི་ལྷ་འོད་དུ་ཞུ་ནས་བདུད་རྩིའི་ཆུར་གྱུར། ཅེས་མོས། དེ་ནས་རྗེས་གནང་གི་བྱ་བ་ནི། སློབ་མ་རྣམས་འདུས་ལ་ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་

p. 534

གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་རྗེས་སུ་གནང་བ་ཟབ་མོ་གསན་ནས་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་འཚལ། དེའང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་ཉིད་ནི་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་སྤྱི་གཟུགས་ཉིད་ཡིན་པས་ན། ཐུགས་རྗེ་ཆེ་ཞེས་གང་གྲགས་པ། །སྙིང་རྗེ་ཆེན་པོ་དེ་ལ་བྱ། །ཞེས་གསུངས་པ་ལྟར། སྤྱིར་འགྲོ་དྲུག་གི་སེམས་ཅན་ཡོངས་ལ་བརྩེ་བའི་སྤྱན་རས་ཀྱིས་བཙའ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་སྒྲུབ་ཐག་ཉེ་བ་མ་ཟད། ལྷག་པར་བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་འདི་ཉིད་ཐུགས་རྗེ་ཆེན་པོའི་གདུལ་བྱའི་ཞིང་ཡིན་པས་འཕགས་པ་ཉིད་ཆོས་ཀྱི་རྒྱལ་པོ་སྲོང་བཙན་དུ་སྤྲུལ་པའི་སྒྱུ་མ་བཟུང་བ་ནས་བརྩམས་ཏེ་བོད་

p. 535

ཡུལ་གྱི་སྐྱེས་པ་བུད་མེད། ཐ་ན་བྱིས་པ་སྨྲ་ཤེས་ཚུན་ཆད་ཀྱི་ཁ་ནས་མ་ཎིའི་རང་སྒྲ་རྩོལ་མེད་དུ་འབྱིན་པ་འདི་ལྟ་བུ་ནི་འཕགས་པས་བྱིན་གྱིས་བརླབས་པའི་རྟགས་ཡིན་པའི་ཕྱིར་གངས་ཅན་མགོན་པོ་ཞེས་ཡོངས་སུ་གྲགས་པ་སྟེ། དེ་བས་ན་རང་གིས་འདོད་པའི་ལྷ་བསྙེན་ཅིང་གསོལ་བ་བཏབ་ན་བར་ཆད་མེད་ཅིང་དངོས་གྲུབ་མྱུར་བ་ཡིན། འཕགས་མཆོག་དེ་ཉིད་ཀྱི་སྒྲུབ་ཐབས་རྒྱུད་སྡེ་བཞི་དང་འབྲེལ་བའི་གསར་རྙིང་བཀའ་གཏེར་གྱི་རིང་ལུགས་མཐའ་ཡས་པ་ཞིག་བཞུགས་པ་ལས། འདིར་བྱ་རྒྱུད་པདྨའི་རིགས་ཀྱི་ནང་ཚན། ཕྱག་སྟོང་སྤྱན་སྟོང་གི་གཟུངས་མདོ་རྟོགས་པ་རྣམས་ལ་བརྟེན་པའི་སྒྲུབ་ཐབས་དང་འབྲེལ་བ་ཡིན། དེ་ལའང་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་བཀའ་སྲོལ་དང་བོད་ཆོས་ཐོག་མ་རྒྱལ་པོ་ལུགས་སོགས་མང་དུ་བཞུགས་པ་ལས་སྐབས་སུ་

p. 536

བབས་པ་འཕགས་པ་དངོས་ཀྱིས་རྗེས་སུ་བཟུང་ཞིང་གྲུབ་པ་བརྙེས་པ་དགེ་སློང་མ་དཔལ་མོའི་ལུགས་ཀྱི་རྗེས་སུ་གནང་བ་བསྒྲུབ་པར་བྱ་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་རྗེས་གནང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་པ་བགྱིད་སྙམ་པའི་བསམ་པས་

p. 537

འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་དང་། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྗེས་སུ་གནང་བ་བསྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅུ་གཅིག་ཞལ་གྱི་རྗེས་གནང་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་དག་གིས་སྦྱོར་བའི་ཆོས་རྣམས་གྲུབ། དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གསུམ་ཡོད་པ་ལས། ཐོག་མར་སྐུ་བསྐྱེད་བསྟིམ་གྱི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། ཁྱེད་རང་གང་དུ་གནས་པའི་གོ་སར་པྃ་ལས་པདྨ་

p. 538

འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་སྟེང་དུ། ཁྱེད་རང་གི་སེམས་ཉིད་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས་གསེར་གྱི་པདྨའི་ལྟེ་བར་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཐིམ་པ་ཡོངས་སུ་གྱུར་པ་ལས་ཁྱེད་རང་འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་བ། གཡས་ལྗང་བ། གཡོན་དམར་བ། དེའི་སྟེང་གི་ཞལ་གསུམ་ལྗང་དམར་དཀར་བ། དེའི་སྟེང་གི་ཞལ་གསུམ་དམར་དཀར་ལྗང་བ། དེ་རྣམས་ཞི་བའི་ཞལ་སྒེག་པའི་རྣམ་པ་ཅན། དེའི་སྟེང་དུ་ཁྲོ་བོའི་ཞལ་ནག་པོ་སྐྲ་སེར་གྱེན་དུ་བརྫེས་པ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ། རྩ་བའི་ཕྱག་དང་པོ་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་ཕྲེང་བ།

p. 539

གསུམ་པ་མཆོག་སྦྱིན་གྱི་མཐིལ་ནས་བདུད་རྩིའི་རྒྱུན་འབབ་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ། གཡོན་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་བསྣམས་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱ་རྣམ་པར་བརྐྱང་བ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་དང་བཅས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་རས་གསར་པའི་ཤམ་ཐབས་དང་། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་པ། མཚན་དཔེ་ཡོངས་སུ་རྫོགས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་སྐུ་ཅན། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་པའི་མོས་པ་མཛོད། དེ་ནས་སློབ་དཔོན་ཡང་རང་གིས་

p. 540

བསྒོམས་པ་དང་འདྲ་བའི་འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་མཛོད། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པར་གྱུར། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཕགས་པ་སྤྱན་རས་གཟིགས་དང་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་

p. 541

མཛོད། ཁྱེད་ནི་མགོན་པོ་ཐུགས་རྗེ་ཅན། །ཀུན་ནས་ཁྱབ་པའི་ཡེ་ཤེས་ཀྱིས། །ཐམས་ཅད་མ་ལུས་སྒྲོལ་མཛད་པ། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ། ལས་བུམ་གྱི་ཆུ་འཐོར་ཞིང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཞེས་བརྗོད་ལ་བགེགས་བསྐྲད། རྣམ་བུམ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ལ་བུམ་པ་མགོར་བཞག་བུམ་ཆུ་འཐོར་འཐུང་བྱ། དེ་ལྟར་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོའི་གཙུག་ཏུ་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་རྣམ་སྣང་། རྣ་ལྟག་གཡོན་དུ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། གཉིས་པ་གསུང་གི་རྗེས་གནང་ལ་ལུང་གསུམ་

p. 542

ལས། དང་པོ་རྗེས་སུ་བཟླས་པའི་ལུང་བླང་བའི་ཕྱིར། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང་། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧྲཱིཿལ་ཐིམ་པའི་མོས་པ་མཛོད་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །གཟུངས་རིང་ཐུང་རྗེས་ཟློས་ལན་གསུམ་བྱར་གཞུག །དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཉིས་པ་བྱིན་གྱིས་བརླབ་པའི་ལུང་ནི། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད་

p. 543

ཅིག །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུགསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །གསུམ་པ་དམ་བཅའ་བའི་ལུང་གི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་བར་གྱི་ཡི་དམ་དུ་གཟུང་ངོ་། །བདག་ཐུགས་ཀྱིས་མ་བཏང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་

p. 544

ཤིག །སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་དམ་གྱི་ལྷར་བཟུང་ནས་འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་འདོན་པར་དམ་བཅའ་བ་ལགས་སོ། །ཞེས་ལན་གསུམ་བརྗོད། རྗེས་གནང་གསུམ་པ་ཐུགས་ཕྱག་མཚན་གྱི་རྗེས་སུ་གནང་བའི་སླད་དུ་མོས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་བ་དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའི་རྣམ་པ་ཕྱག་མཚན་ཕྲེང་བ་དང་པདྨ་དཀར་པོ་ལ་སོགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་

p. 545

བརླབ་པའི་མོས་པ་མཛོད་ཅིག །ཁྲོམ་དབང་འགྲིམ་དགོས་པ་སོགས་ལ་སྤྲོ་ན། སྐུ་བསྐྱེད་བསྟིམ་སྐབས་སྐུ་བརྙན་ནམ་ཙཀླི་མགོར་བཞག་པ་དང་། གསུང་བཟླས་ལུང་ལ་ཕྲེང་བ་སྦྲེལ་བ་དང་། ཐུགས་ལ་ཕྱག་མཚན་སྙིང་གར་འཇོག་པ་རྣམས་བྱར་རུང་ངོ་། །དེ་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྲུབ་པའི་དབང་ཕྱུག་དཔལ་མོའི་ཞལ་སྔ་ནས་བརྒྱུད་པའི་ལུགས་ཀྱི་རྗེས་གནང་ལེགས་པར་གྲུབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྷར་བཟུང་ཞིང་དམ་ཚིག་གི་རིམ་པ་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་མཆོད་པ་ཁ་གསོ། བྱིན་རླབས་མཆོད་བསྟོད་བཅས་མདུན་བསྐྱེད་སྐབས་ལྟར་བྱ། མ་འབྱོར་པ་དང་སོགས། ཡིག་བརྒྱ་བརྗོད། དཀྱིལ་འཁོར་རས་བྲིས་སམ་རྟེན་ཡོད་ན་བརྟན་བཞུགས་བྱ། རྡུལ་ཚོན་ནམ་ཚོམ་བུ་ཡིན་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་

p. 546

ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཀྱི་ཞལ་ཕྱག་རྣམས་རྩ་བའི་ཞལ་ཕྱག་ལ་ཐིམ་ནས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། ཅེས་མོས་ལ་དགེ་བསྔོ་བཀྲ་ཤིས་བྱས་པས་གྲུབ་བོ།། །།

ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་ལུང་གཞན་ལ་འབོག་པའི་ལག་ལེན། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 547

༄༅། །ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་ལུང་གཞན་ལ་འབོག་པའི་ལག་ལེན།

p. 548

ཁ་ཅིག་ནས་དགེ་བསྙེན་ཡན་ཆད་སོ་ཐར་གྱི་སྡོམ་པ་སྤྱི་ཐོབ་པ་ཞིག་གིས་རྟེན་གྱི་དྲུང་ནས་རང་གིས་བླང་བ་དང་གཞན་ལ་སྡོམ་པ་འབོག་རུང་བར་བྱེད་ཀྱང་། འདི་ཉིད་ཐེག་དམན་སྡོམ་པ་ལས་ཁྱད་དུ་འཕགས་པའི་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སངས་རྒྱས་ཀྱི་གསུང་དང་རྒྱ་གཞུང་གི་ཁུངས། སྡོམ་རྒྱུན་བཅས་ཟུར་དུ་འབྱུང་བ་ཡིན་པས་ཐོག་མར་འདི་ཉིད་ཀྱི་སྡོམ་རྒྱུད་བར་མ་ཆད་པའི་དགེ་བའི་བཤེས་གཉེན་ཞིག་ལས་ནོད་དགོས་ཤིང་། དེའང་དུས་ནམ་དུའང་རུང་མོད། འགྱུར་ཁྱད་ཆེ་བ་ཆོ་འཕྲུལ་དང་ས་ག་ཟླ་བའི་ཚེས་བརྒྱད་དང་བཅོ་ལྔ་ལྟ་བུའི་ནངས་མོ་ལག་རིས་མཐོང་བ་ཙམ་དུ་སློབ་དཔོན་གྱིས་རྟེན་གྱི་དྲུང་ནས་སྡོམ་པ་བླངས་གྲུབ་པར་བྱ་དགོས་པས་དེའི་ཚུལ་ནི་སྨྱུང་གནས་ཆོ་གའི་སྐབས་ཡིན་ན་གཙང་ཁྲུས། མཎྜལ། སྡིག་བཤགས། སྡོམ་པ་བླང་བ་ཡན་ཆད་གྲུབ་པར་བྱས་ཏེ་གཞན་ལ་སྡོམ་པ་འབོག །སྨྱུང་ཆོག་དང་མ་འབྲེལ་བའི་སྐབས་སུ་སྡོམ་པ་རང་གིས་ལེན་པའི་ཆོ་ག་

p. 549

དེང་སང་ཡོངས་གྲགས་ཕྱག་བཞེས་སུ་འབྱུང་བ་ལྟར་ན། ཁྲུས་བྱས། གོས་གཙང་མ་གྱོན། རྟེན་གྱི་དྲུང་དུ་ཕྱག་ལན་གསུམ་དང་མཎྜལ་ཕུལ། ཙོག་པུར་འཁོད་ལ་ལག་པ་གཉིས་པདྨ་ཁ་བྱེ་བའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཨོཾ་པདྨ་ཨུདྦྷ་བཱ་ཡ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བནྡྷ་ནཾ་ཀ་རོ་མི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་

p. 550

རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་བསྩལ་དུ་གསོལ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། དེ་ནས་སློབ་དཔོན་དགོངས་གསོལ་བོར་ནས་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་གསོ་སྦྱོང་རྒྱུད་ཚིག་ལན་གསུམ་བརྗོད་ལ། ཁྲིམས་ཀྱི་ཚུལ་ཁྲིམས་སོགས་སྨོན་ལམ་བྱའོ། །དེ་ནས་སྡོམ་ལུང་ཞུ་བ་པོ་རྣམས་ཡན་ལག་ལྔ་ཁྲུས་སོགས་གཙང་སྦྲ་བྱས་ཏེ་སློབ་དཔོན་གྱི་མདུན་དུ་འཁོད་པ་ལ། སྤྲོ་ཞིང་ནུས་ན་ངེས་འབྱུང་དང་སེམས་བསྐྱེད་ཀྱི་བསྔགས་པ་སོགས་ཆོས་བཤད་ཇི་ལྟར་འོས་པ་བྱ། བསྡུ་ན། འོ་སྐོལ་རྣམས་སྐུ་ཚེ་སྔོན་མ་ལ་བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་

p. 551

པའི་དགེ་བ་རྒྱ་ཆེན་པོ་བསགས་པ་ལ་བརྟེན་ནས་ཚེ་འདིར་ཡང་དལ་འབྱོར་གྱི་མི་ལུས་རྣམ་པར་དག་པ་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དུས་འདིར་སྤྱིར་གྱི་ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་སྤང་ཞིང་། སྒོ་གསུམ་གྱི་དགེ་བ་ལ་འབད་པར་བྱ་དགོས། དེའང་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་འབད་པར་བྱའོ། །ཤི་ནས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་མྱོང་འགྱུར་ལ་བསམ། དེའང་རང་ཉིད་གཅིག་པུར་མ་ཟད་ཀྱི་མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་བཟོད་གླགས་མེད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཐར་པའི་དུས་མེད་པར་བྱིང་བ་རྣམས་ཀྱི་དོན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཕྱིར་དུ་ཐར་པའི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་

p. 552

པ་ལེན་པར་བགྱིའོ་སྙམ་པ་ཀུན་སློང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པས་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་གསོ་སྦྱོང་གི་སྡོམ་ལུང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་ཁྱེད་རང་རྣམས་ཀྱིས་ལུས་ངག་ཡིད་གསུམ་གུས་པ་ཆེན་པོ་དང་ལྡན་པས་ཕྱག་གསུམ་རེ་འཚལ་བར་ཞུ། ཕྱག་གསུམ་རེ་བྱས། དེ་ནས་ཙོག་པུར་ཐལ་མོ་སྦྱར་ནས་བཞུགས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ཡང་དག་པར་བླངས་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། འཕགས་པ་སྤྱན་རས་

p. 553

གཟིགས་དབང་ཕྱུག་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར། གསོ་

p. 554

སྦྱོང་ངེས་པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་བླང་བར་བགྱིའོ། །དེས་བརྗོད་པ་དང་པོ་སོང་། གཉིས་པ་ལ་ཡིད་རྩེ་གཅིག་པས་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སོགས་གོང་བཞིན་ལན་གཅིག །དེས་བརྗོད་པ་གཉིས་པ་སོང་། གསུམ་པ་རྫོགས་པ་དང་དུས་མཉམ་དུ་ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སྐྱེ། ངེད་ཀྱང་སློབ་དཔོན་དུ་སོང་བ་ཡིན་པས་དེ་ལྟར་དུས་ཤེས་པར་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་སོགས་ཚར་གཅིག་གྲུབ་ནས་སློབ་དཔོན་གྱིས། ཐབས་ཡིན་ནོ། །སློབ་མས། ལེགས་སོ། །བརྗོད་ལ་ཕྱག་གསུམ་བྱ། སླར་རང་གྲལ་དུ་འཁོད་ལ། དེ་ལྟར་ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཐེག་ཆེན་ཡན་ལག་བརྒྱད་པའི་སྡོམ་པ་སྐྱེས་ངེས་སྙམ་པའི་ངེས་ཤེས་བརྟན་པོ་དང་དགའ་སྤྲོ་དཔག་མེད་བསྐྱེད་

p. 555

ལ་སྡོམ་པ་ཁས་བླངས་ཤིང་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བ་འདིའི་རྗེས་ཟློས་མཛོད། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་ལྟར་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་རྗེས་ཟློས་ལན་གཅིག་བྱར་གཞུག །དེ་ལྟར་ཁྱེད་རང་རྣམས་ལ་ཕོག་པའི་སྡོམ་པ་འདི་ཉིད་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཕྱིར་ས་བོན་ནི་སངས་རྒྱས་མ་ཐོབ་ཀྱི་

p. 556

བར་དུ་བཏང་བར་མི་འགྱུར་ཡང་། བསྲུང་བྱའི་ཁས་བླངས་ཉིན་ཞག་གི་མཐའ་ཅན་ཡིན་པས་ད་ནངས་ཉི་མ་ཤར་ནས་སང་ཉི་མ་མ་ཤར་གྱི་བར་དུ། མི་དང་དུད་འགྲོ་ནས་སྲོག་ཆགས་གྲོག་སྦུར་ཡན་ཆད་ཀྱི་སྲོག་བཅད་པ། བུད་མེད་ལ་མི་ཚངས་པར་སྤྱོད་པ་ཆ་དང་བཅས་པ། གཞན་གྱི་ནོར་རྫས་ཆེ་ཕྲ་གང་ཡང་རུང་བ་མ་བྱིན་པར་དངོས་སམ་ལྐོག་ཏུ་ལེན་པ། ཤེས་བཞིན་དུ་རྫུན་སྨྲ་བ་བཅས་རྩ་བའི་ཕམ་པ་བཞི་སྲོག་གི་ཕྱིར་ཡང་མི་བྱ། བག་ཡོད་པའི་ཡན་ལག་ཏུ་ཉེས་པ་ཀུན་གྱི་རྩ་བ་མྱོས་བྱེད་ཀྱི་ཆང་ཐིགས་པ་ཙམ་ཡང་མི་བཏུང་། བརྟུལ་ཞུགས་ཀྱི་ཡན་ལག་ཏུ་ཆོས་འཆད་པ་པོ་མ་གཏོགས་མཐོ་གང་ཡན་ཆད་དུ་ལོངས་པའི་ཁྲི་མཐོན་པོ་དང་། དར་ཟབ་པགས་རིགས་སོགས་སྟན་ཆེན་པོ་ལ་མི་འདུག །གུང་ཚིགས་ཡོལ་ཕན་ཆད་དུ་ཟས་ཟོས་ན་དུས་མ་ཡིན་པའི་ཟས་ཡིན་པས་ཇ་སོགས་ཀྱི་བཏུང་བ་མ་གཏོགས་

p. 557

བཟའ་བཅའི་རིགས་མི་བཟའ། མཛེས་འདོད་འཕྱོར་འདོད་རྩེད་མོ་སོགས་ཀྱི་བསམ་པས་ལུས་ལ་དྲི་བཟང་པོ་དང་སྨུག་རྩི་བྱུགས་པ། རྒྱན་ཕྲེང་གསར་པས་བརྒྱན་པ། གླུ་གར་བྲོ་བརྡུང་པི་ཝཾ་དང་གླིང་བུས་མཚོན་རོལ་མོ་སྒྲོག་པ་རྣམས་མི་བྱ། དེ་ལྟར་རྩ་བ་བཞི་ཆང་དང་ལྔ། ཁྲི་སྟན་ཆེ་མཐོ། གར་སོགས་དང་ཕྲེང་བ་སོགས་ཏེ་ཡན་ལག་བརྒྱད་པོའི་ཚུལ་ཁྲིམས་རྣམ་པར་དག་པ་ཉིན་ཞག་གཅིག་ཏུ་བསྲུང་ནའང་ངན་འགྲོའི་སྐྱེ་སྒོ་ཆོད། གནས་སྐབས་མཐོ་རིས་ལྷ་དང་མིའི་ལུས་རྟེན་ཡོན་ཏན་བདུན་ལྡན་གྱི་དཔལ་འབྱོར་ཉམས་སུ་མྱོང་ཞིང་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་། གཞན་ཡང་གང་དུ་སྨོན་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་སྐྱེ་བ་སོགས་རང་རང་གི་ཡིད་ལ་ཇི་ལྟར་འདོད་པའི་དོན་རྣམས་བདེ་བླག་ཏུ་འགྲུབ་པ་སོགས་ཕན་

p. 558

ཡོན་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་ལགས་པས་སྤྲོ་བ་ཆེན་པོས་བསླབ་པ་ལ་བརྩོན་པ་གལ་ཆེའོ། །ཞེས་པ་ཙམ་མམ། བཤད་ནུས་ན་སྤྲོས་ཏེ་རྒྱས་པར་བཤད་པས་བསླབ་བྱ་གོ་ངེས་པར་བྱ། དེ་ནས་དཔོན་སློབ་ཐུན་མོང་དུ་ཚུལ་ཁྲིམས་རྣམ་དག་གི་གཟུངས་བཟླ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་བརྗོད་ལ་སྨོན་ལམ་གདབ་པ་ནི། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་

p. 559

བྱང་ཞིང་དག་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་པ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པས་མི་རྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས་ཤླཽ་ཀ་གཅིག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །སོགས་ཤླཽ་ཀ་གཅིག །སྤྲོ་ན། བྱང་ཆུབ་སེམས་ནི་རིན་པོ་ཆེ། །སོགས་ཤླཽ་ཀ་བཞི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་དང་ཤིས་བརྗོད་ཀྱང་བྱའོ། །འདིའི་སྡོམ་ལུང་གི་བརྒྱུད་པ་ཇོ་ནང་རིན་འབྱུང་ནས་འབྱུང་བའི་དཔལ་མོ་ལུགས་ཀྱི་རྗེས་གནང་ལྟར་ལ། ཏཱ་ར་ནཱ་ཐ་ཕྱིན་ཆད་ནི་གུ་ཆོས་དྲུག་གི་བརྒྱུད་པ་དང་འདྲ་ཞིང་། རྗེ་བཙུན་བླ་མ་གྲུབ་པའི་དབང་པོ་ཀརྨ་གཞན་ཕན་འོད་ཟེར་གྱི་ཞལ་སྔ་ནས་ཁོ་བོས་མནོས། ཡང་ན། རྒྱལ་སྲས་ཐོགས་མེད་ཡན་སྨྱུང་གནས་དཔལ་མོ་ལུགས་ཀྱི་བརྒྱུད་པ་ལྟར་ལ། རྒྱལ་སྲས་རིན་པོ་ཆེ་ནས། ཀུན་མཁྱེན་ཤེས་རབ་དཔལ། ཚུལ་ཁྲིམས་རྒྱལ་མཚན། ཡོན་ཏན་རིན་ཆེན། སངས་རྒྱས་རྒྱ་མཚོ། སྐྱབས་མཆོག་དཔལ་མངའ།

p. 560

གྲུབ་ཆེན་དབེན་ས་པ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། གྲུབ་ཆེན་བློ་བཟང་ཕྲིན་ལས། གྲུབ་མཆོག་བློ་བཟང་རྣམ་རྒྱལ། ཡེ་ཤེས་རྒྱལ་མཚན། དེ་སྲས་དམ་པ་མཁན་ཆེན་རྡོ་རྗེ་འཆང་ཡེ་ཤེས་བསྟན་འཛིན། རྗེ་བཙུན་བཤེས་གཉེན་དཔལ་འབྱོར། འདུལ་འཛིན་བྱང་ཆུབ་སེམས་དཔའ་བཤེས་གཉེན་ཡེ་ཤེས་བཟང་པོའི་ཞལ་སྔ་ནས་ལྷ་ལྡན་སྨྱུང་གནས་ལྷ་ཁང་ཐུགས་རྗེ་དགེ་འཕེལ་དུ་བདག་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱིས་མནོས་པའོ། །རྣལ་འབྱོར་མ་དཔལ་བཞེད་གཞུང་བཞིན། །རྩ་བའི་ལག་ལེན་གསལ་བཀོད་དགེས། །འབྲེལ་ཚད་སྤྱན་རས་གཟིགས་མགོན་གྱི། །བྱིན་རླབས་རྒྱུད་ལ་འཇུག་པར་ཤོག །ཅེས་སྨྱུང་གནས་ཀྱི་ཆོ་ག་ལག་ཏུ་བསྟར་ཡང་རྗེས་གནང་དང་སྡོམ་ལུང་ཚུལ་བཞིན་མི་བྱེད་པ་མང་བ་ལ་ཕན་པའི་སླད་དུ། བསླབ་གསུམ་བདག་ཉིད་མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་ཆེད་དུ་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་ལྟར་བཀླག་ཆོག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།

གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་འགྲིགས་ཆགས་སུ་བཀོད་པ། མཁས་གྲུབ་ཀརྨ་ཆགས་མེད།

p. 561

༁ྃ༔ གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ༔

p. 562

༁ྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བདེ་ཆེན་ཞིང་གི་དབང་སྒྲུབ་ནི༔ མཎྜལ་པདྨ་འདབ་བརྒྱད་དམ༔ ཡང་ན་འབྲུ་ཡི་འདབ་བརྒྱད་སྟེང་༔ སྐུ་གཟུགས་བུམ་པ་ཚེ་གཏོར་དང་༔ ལྷུང་བཟེད་རྡོ་རྗེ་བཤམས་པའི་མདུན༔ མཆོད་པ་རྣམ་ལྔ་མདའ་དར་བཤམ༔ སྐུ་གཟུགས་རྡོ་རྗེ་ལྷུང་བཟེད་རྣམས༔ ཙཀ་ལི་ཡིན་ན་གཞི་སྟེང་བཤམ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ༠ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་

p. 563

མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ ༠ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་རང་ཉིད་སེམས་དཔའ་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ བུམ་ཆུའི་སྟེང་དང་ལྷུང་བཟེད་ནང་༔ རྡོ་རྗེའི་ལྟེ་དབུས་གཏོར་མའི་རྩེ༔ སྐུ་གཟུགས་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་

p. 564

བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་གྱུར༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་མཱཾ༔ ༠ ཨརྒྷཾ་སོགས། ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་

p. 565

བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་གཞག་མཛད་ལ་ཕྱག་འཚལ་བསྟོད༔ ༠ ལྷ་ཚོགས་སྐུ་ལས་འོད་ཟེར་ནུབ་ཕྱོགས་འཕྲོས༔ བདེ་ཆེན་ཞིང་ནས་འོད་དཔག་མེད་པ་ཡི༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་དཔག་མེད་པ༔ ཆར་བཞིན་བབས་ནས་བདག་དང་དབང་ལྷ་ལ༔ ཐིམ་པས་བུམ་པ་བདུད་རྩིས་གང་བར་གྱུར༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ ཞེས་དང་། ཨོཾ་བྷྲཱུྃ་སྭཱ་ཧཱ༔ གཉིས་བརྒྱ་ལས་མི་ཉུང་བར་ཅི་འགྲུབ་བཟླས་པ་བྱས་ནས། སློབ་མ་མདུན་ཚོགས་ཁྲུས་དང་མཎྜལ་ཕུལ། འོ་ན། ད་ལམ་ཁྱེད་རྣམས་ལ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། མཚོ་རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད༔ ལབ་ཀྱི་སྒྲོན་མ་ཟངས་རི་ཞེས་བྱར་འབྱུང་༔ ཞེས་ལུང་བསྟན་པ་དང་། ཐུབ་པས་འཇམ་དཔལ་རྩ་རྒྱུད་རྒྱས་པ་ལས། ཡུམ་ཆེན་མོའི་སྤྲུལ་པ་ཡིན་པར་

p. 566

ལུང་བསྟན་པ་ལྟར། བྲམ་ཟེ་ཨཱརྱ་དེ་ཝ། ཕ་དམ་པ་སངས་རྒྱས། གཏེར་སྟོན་གྲྭ་པ་མངོན་ཤེས་ཅན་ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་ཡུམ་ཆེན་མོ་དངོས་ཡིན་པར་ཐག་བཅད་པའི་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས་སྲས་རྒྱལ་བ་དོན་གྲུབ་ལ་མཁའ་འགྲོའི་གསང་ཚིག་ཏུ་གདམས་པ་དམ་ཚིག་ཉི་ཤུ་རྩ་གཅིག་པ་ཞེས་བྱ་བ་ལས། སངས་རྒྱས་མྱུར་དུ་ཐོབ་པར་འདོད་པ་ལ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ཅིག་ཏུ་སྨོན་ལམ་གདབ་དགོས། ཞིང་ཁམས་མི་འདྲ་བ་བགྲང་གིས་མི་ལང་ཞིང་བརྗོད་པས་མཐའ་ཆོད་པར་དཀའ་བ་རྣམས་ཡོད་ཚུལ་གསུངས་ནས། དེ་ལས་བདེ་བ་ཅན་མ་གཏོགས་པའི་གཞན་ཞིང་ཁམས་རབ་རྣམས་སུ་སྐྱེ་བ་ལ། སྒྲིབ་གཉིས་མ་ལུས་པ་ཆོད་ནས་ས་བརྒྱད་པ་ཡན་ཆད་ཐོབ་དགོས། ཞིང་ཁམས་འབྲིང་དུ་སྐྱེ་བ་ལ་ཡང་། ཉོན་མོངས་པའི་སྒྲིབ་

p. 567

པ་ཕྲ་བའི་ཕྲ་བ་ཡང་མ་ལུས་པ་ཆོད་ནས། སྒོམ་ལམ་དང་པོ་ཡན་ཆད་ཐོབ་དགོས། ཞིང་ཁམས་ཐ་མ་ན་ཡང་བདག་འཛིན་རྩ་བ་ནས་ཆོད་ཅིང་། བདག་མེད་ཆོས་ཉིད་ཀྱི་བདེན་པ་མཐོང་ལམ་ཐོབ་དགོས། མཐོང་ལམ་མ་ཐོབ་ཀྱི་བར་དུ་སྨོན་ལམ་བཏབ་ཀྱང་མི་འགྲུབ། མཐོང་ལམ་མ་ཐོབ་ཀྱང་དམ་ཚིག་བསླབ་བྱའི་ཚུལ་ཁྲིམས་རྣམས་ལ་སྐྱོན་ཕྲ་བའི་ཕྲ་བ་ཙམ་ཡང་མ་ཞུགས་ཤིང་། སྡིག་པའི་དག་ཤན་དང་། དགེ་བའི་ཕྱོགས་རྣམས་སྒྲུབ་པ་དང་། སྨོན་ལམ་ལ་འབད་ན་དགའ་ལྡན་ལ་སོགས་པའི་ཞིང་ཁམས་ཆུང་ངུ་འགའ་ཞིག་ཏུ་སྐྱེ་རུང་བ་ཙམ་ཡང་ཡོད་པར་འདུག་སྟེ་དེ་ཡང་དཀའ་བར་གདའ་འོ། །ཞིང་ཁམས་དེ་རྣམས་སུ་ཉོན་མོངས་པའི་ཁྲོད་ན་གནས་པའི་སོ་སོ་སྐྱེ་བོ་ཐ་མལ་པའི་སྐྱེ་གནས་ནི་མ་ཡིན་པས་ད་རུང་སྨོན་ལམ་རིང་དུ་གདབ་པར་བྱའོ། །དེ་བས་ན་ཐ་མལ་

p. 568

པའི་གང་ཟག་ཉོན་མོངས་པ་ཅན་རྣམས་ནི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་མི་སྲིད་པ་ཡིན་ཏེ། འོན་ཀྱང་སངས་རྒྱས་འོད་དཔག་མེད་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་དེ་རུ་སྐྱེ་བ་ནི་མགོན་པོ་འོད་དཔག་མེད་པ་ཉིད་ཀྱིས་ཞལ་གྱིས་བཞེས་པ་ཡིན་པས་ན། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་སྒོ་ཐམས་ཅད་ནས་འབད་དགོས་སོ། །དེ་ཡང་ཐེ་ཚོམ་དང་། སོམ་ཉི་དང་། ལེ་ལོ་དང་། སྤང་བླང་མེད་པར་ངེས་ཤེས་དང་བརྩོན་འགྲུས་དྲག་པོའི་སྒོ་ནས། བདེ་བ་ཅན་གྱི་ཞིང་བཀོད་དང་ཡོན་ཏན་རྣམས་དྲན་པར་བྱས་ལ་སྨོན་ལམ་གདབ་པར་བྱའོ། །བདེ་བ་ཅན་གྱི་ཞིང་ཁམས་ནི་སངས་རྒྱས་གཞན་གྱི་ཞིང་ཁམས་ལས་ཁྱད་པར་དུ་མས་ལྷག་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཅན་དུ་ཐ་མལ་པ་ཉོན་མོངས་པ་དང་བཅས་པའི་སོ་སྐྱེའི་གང་ཟག་རྣམས་ཀྱང་སྐྱེ་རུང་བས་ལྷག་པ་

p. 569

ཡིན་པ་དང་། དེར་སྐྱེས་ནས་ཀྱང་ཅི་བསམ་པའི་འདོད་པ་ཐམས་ཅད་ཀྱང་བསམ་མ་ཐག་ནས་འགྲུབ་པ་ཡིན་ཞིང་། ཉོན་མོངས་པའི་སྒྲིབ་པ་ཕྲ་བ་ཙམ་གྱིས་ཀྱང་མི་གོས་པ་དང་། གཞན་སངས་རྒྱས་ཀྱི་ཞིང་ཁམས་གང་འདོད་དུ་འགྲོ་བར་ཆོག་པས་ལྷག་པ་དང་། གཞན་གྱི་ཞིང་ཁམས་ལས་སངས་རྒྱ་བ་ཡང་མྱུར་བས་ལྷག་པ་དང་། དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་བདེ་བ་ཅན་ལས་ཟིན་ཐག་ཉེ་བའི་ཞིང་ཁམས་ནི་གཞན་དུ་མེད་པས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་འབད་པ་ནི་གལ་ཤིན་ཏུ་ཆེ། ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་འོད་དཔག་ཏུ་མེད་པའི་ཞིང་བཀོད་པའི་མདོ་ལས། འོད་དཔག་མེད་ཀྱི་མཚན་ཐོས་ཤིང་དགེ་བའི་རྩ་བ་རྣམས་ཞིང་དེར་སྐྱེ་བའི་ཕྱིར་དུ་བསྔོས་ན། མཚམས་མེད་པ་ལྔ་དང་ཆོས་སྤངས་པ་མ་གཏོགས།

p. 570

སྒྲིབ་པ་གཞན་གང་ཡོད་ཀྱང་མི་སྒྲིབ་པར་ཞིང་ཁམས་དེར་སྐྱེ་བ་འོད་དཔག་མེད་ཀྱི་སྨོན་ལམ་ཡིན་པར་གསུངས་པས་ཤིན་ཏུ་སྐྱེ་སླ་ཞིང་། དེར་སྐྱེས་ནས་འཁོར་བར་ཕྱིར་མི་ལྡོག་པར་སྡུག་བསྔལ་གྱི་སྒྲ་ཡང་མི་གྲགས་ཤིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་ནས་སངས་རྒྱ་བར་གསུངས་པའི་ཕྱིར། རྫོགས་པའི་སངས་རྒྱས་འཐོབ་པ་ལ་བར་ཆད་མེད་ཅིང་ལམ་ཐག་ཉེ་བ་ཡིན། ཆོས་པ་བཟང་པོ་ཡིན་ཡང་སྨོན་ལམ་མ་བཏབ་ན། ཞིང་ཁམས་དེ་འདྲར་སྐྱེ་བའི་ངེས་པའང་མེད་དེ། རྗེ་དཀོན་མཆོག་ཡན་ལག་གིས་དགེ་སློང་ཆོས་རིན་ལ་གདམས་པ་ལས། ཆོས་རྣམས་འདུན་པའི་རྩ་ལ་བརྟེན་གསུངས་པས། །བསམ་པ་ཐག་པས་སྨོན་ལམ་གང་བཏབ་པ། །བསམ་པ་བཞིན་དུ་ཐམས་ཅད་འགྲུབ་འགྱུར་བས། །སྐྱེ་བ་འདི་འོག་བདེ་བ་ཅན་ཉིད་དམ། །དགའ་ལྡན་འོག་མིན་ལ་སོགས་དག་པའི་ཞིང་། །

p. 571

དཔལ་ལྡན་བླ་མའི་ཞབས་དྲུང་སྐྱེ་བ་སོགས། །གང་དུ་སྐྱེ་འདོད་གནས་དེར་སྨོན་ལམ་ཐོབ། །བླ་མ་དཀོན་མཆོག་རྣམས་ལ་གསོལ་བ་ཐོབ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྲིན་ལས་བསྐུལ། །མ་རྒན་འགྲོ་དྲུག་རྣམས་ལ་དགེ་བ་སྐུལ། །དགེ་བ་ཐམས་ཅད་དེ་ཡི་དོན་དུ་སྔོས། །འགྲུབ་པའི་མཐུན་འགྱུར་ངེད་ཀྱིས་བྱེད་པ་ཡིན། །ཞེས་གདམས་སོ། །བདེ་བ་ཅན་གྱི་སྨོན་ལམ་དང་། འོད་དཔག་མེད་གཙོ་རྐྱང་གི་སྒྲུབ་ཐབས་ནི། གསར་རྙིང་ཀུན་ལ་མང་དུ་དར་ནའང་ཞིང་ཁམས་ཡོངས་རྫོགས་ཀྱི་དབང་དང་སྒྲུབ་ཐབས་ནི་སྔོན་ཆད་མེད་པ་ལས། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་གྱི་ཉིན་འོད་དཔག་མེད་གཙོ་འཁོར་གསུམ་སྐུ་རི་བོ་ཙམ་གཟི་བརྗིད་དཔག་ཏུ་མེད་པ་དངོས་སུ་ཞལ་གཟིགས་ཏེ་དབང་དང་སྒྲུབ་ཐབས་

p. 572

དངོས་སུ་གནང་། སླར་ཡང་དེའི་དགོང་མོ་འོད་དཔག་མེད་འཁོར་དང་བཅས་པ་དངོས་སུ་ཞལ་གཟིགས་ཏེ། ཞལ་གདམས་རྨི་ལམ་བཟུང་བའི་གསོལ་འདེབས་གཉིས་གནང་ངོ་། །དེ་ཡང་པདྨ་བཀའ་ཐང་གཏེར་སྟོན་བརྟག་པའི་སྐབས་སུ། ཆང་དང་ཆུ་གཉིས་རྣོ་ཁྱད་འདྲེ་བས་གསལ༔ ཆོས་ལ་རྣོ་བའི་ནུས་པ་འདུག་ལ་བྱེད༔ ཅེས་གསུངས་པ་ལྟར། འདིའི་འཕོ་ལུང་ནི་འཕོ་བ་གང་བས་ཀྱང་རྣོ་སྟེ། ཇ་ཡུན་ཙམ་ལས་མི་འགོར་བར་རྟགས་ཐོན་ཅིང་། དམིགས་པ་གསལ་ན་སྤྱི་བོ་སྐྲངས་པ་ཁྲག་རྡོལ་བ་སོགས་འབྱུང་བས་ཡིད་ཆེས། རས་ཆུང་རྡོ་རྗེེ་གྲགས་པའི་མགུར་ལས། རིགས་སྔགས་ཀྱི་གཤོག་པ་བརྒྱང་ཤེས་ན། །དག་པའི་ཞིང་དུ་འགྲོ་བ་ཡིན། །ཞེས་གསུངས་པ་ལྟར། འདི་ཡི་བསྙེན་སྒྲུབ་ལ་འབད་ན། ལུས་འདི་བོར་མ་ཐག་ཏུ་བྱ་རྒྱལ་རྒོད་པོས་གནམ་འཕང་གཅོད་པ་ལྟར། བདེ་

p. 573

བ་ཅན་གྱི་ཞིང་ཁམས་སུ་ཏ་ལེ་འགྲོ་ཆོག་པ་ཡིན། བཅོམ་ལྡན་འདས་ཀྱི་ཞལ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས། སངས་རྒྱས་འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་ཁམས་ལ་དད་པ་སྐད་ཅིག་ཙམ་སྐྱེས་ཏེ་ཐལ་མོ་སྦྱར་ན་བསོད་ནམས་ཆེ་བར་གསུངས། འོད་དཔག་མེད་པའི་མཚན་ཐོས་ནས། བསམ་པ་ཐག་པ་ནས་དད་པ་སྐད་ཅིག་ཙམ་སྐྱེས་ན། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་པའི་ཕྱིར། འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་ཁམས་ལ། དད་པ་རྩེ་གཅིག་གི་ངང་ནས་རྗེས་ཟློས་མཛོད། ཀྱེ༔ བླ་མ་འོད་དཔག་མེད་མགོན་དང་༔ སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ སངས་རྒྱས་བྱང་སེམས་དཔག་མེད་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ཅེས་ལན་

p. 574

གསུམ་བརྗོད། ད་ས་ཕྱོགས་འདི་བདེ་བ་ཅན་གྱི་ཞིང་ཁམས། བླ་མ་ནི་སྤྱན་རས་གཟིགས་འགྲོ་འདུལ། དབང་རྫས་འོད་དཔག་མེད་གཙོ་འཁོར་རྣམས་མངོན་སུམ་བཞུགས་པའི་དྲུང་དུ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་ཞུ་སྙམ་པས་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གསུམ་མམ་ཚིག་

p. 575

རྗེས་མ་གསུམ། ད་དབང་གི་གཞི་འགོད་པའི་དོན་དུ། སློབ་མ་ཁྱེད་རང་རྣམས་འོད་དཔག་མེད་གཙོ་འཁོར་གསུམ་གྱི་སྐུ་འདི་ལྟར་དུ་སྒོམས་ཤིག །༠ ཁྱེད་རང་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་

p. 576

གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འོད་དཔག་མེད་པའི་ལྷ་ཚོགས་རྣམས༔ ཁ་བ་བུ་ཡུག་འཚུབས་བཞིན་བྱོན༔ སློབ་མ་རྣམས་ལ་ཐིམ་པར་གྱུར༔ ཧཱུྃ༔ འོད་དཔག་མེད་པའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བདུན་བརྗོད་སྤོས་དང་རོལ་མོ་བྱ། དེ་ནས་རྡོ་རྗེ་མགོར་བཞག་ལ། བརྟན་པར་གྱུར་ཅིག་ཏིཥྛ་བཛྲ༔ དེ་ནས་མདའ་དར་ལག་ཏུ་ཐོགས་ལ། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྐུ་ལས་སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔ་སྤྲོས་ཏེ། འཇའ་འོད་འཁྲིགས་པའི་ཀློང་ནས་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་མཛད་ཅིང་གཡོན་ཚེ་ཡི་བུམ་པས་དབང་བསྐུར། གཡས་མདའ་

p. 577

དར་གཡབ་པ་ཙམ་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན། སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཅུད་དང་ཡོན་ཏན་ཚེའི་དངོས་གྲུབ་ཐམས་ཅད་བསྡུས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ༔ བཅོམ་ལྡན་འོད་དཔག་མེད་མགོན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔས༔ ཚེ་བུམ་འཛིན་ཅིང་མདའ་དར་གཡབ༔ འབྱུང་བའི་བཅུད་བསྡུས་སློབ་མར་ཐིམ༔ ཚེ་བསོད་ཉམས་པ་སོར་ཆུད་གྱུར༔ ཧཱུྃ༔ མདའ་དར་ཤར་དུ་གཡུག་པའི་ཚེ༔ རླུང་གི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་ལྗང་གུ་འོད་དུ་འབར༔ དེ་དབུས་རླུང་གི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་ལྗང་༔ བུམ་

p. 578

པ་འཛིན་ཏེ་གར་ཁྱུག་ཁྱུག༔ ལྗང་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ལྷོ་རུ་གཡུག་པའི་ཚེ༔ མེ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དམར་པོ་འོད་དུ་འབར༔ དེ་དབུས་མེ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དམར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དམར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ནུབ་ཏུ་གཡུག་པའི་ཚེ༔ ལྕགས་ཀྱི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དཀར་པོ་འོད་དུ་འབར༔ དེ་དབུས་ལྕགས་ཀྱི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དཀར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དཀར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་བྱང་དུ་གཡུག་པའི་ཚེ༔ ཆུ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སྔོན་པོ་འོད་དུ་འབར༔ དེ་དབུས་ཆུ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སྔོ༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔

p. 579

སྔོ་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་སྟེང་དུ་གཡུག་པའི་ཚེ༔ ས་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སེར་པོ་འོད་དུ་འབར༔ དེ་དབུས་ས་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སེར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སེར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཀྲག་བསྡུས་ལ༔ སློབ་མའི་བཀྲག་མདངས་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་ཚེ་བསྡུས་ལ༔ སློབ་མའི་ཚེ་ནི་བརྟན་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཅུད་བསྡུས་ལ༔ སློབ་མའི་ཚེ་བཅུད་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་འོད་བསྡུས་ལ༔ སློབ་མའི་འོད་ནི་རྒྱས་པར་མཛོད༔ ཏདྱ་ཐཱ༔ ཌཱ་ཀི་ནཱི་ཧ་རི་ནི་ས༔ མ་མ་ཨཱཿཡུ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔

p. 580

ཞེས་བརྗོད་མདའ་དར་གཡབ་ཅིང་མགོ་ལ་བཞག །དེ་ནས་བུམ་པ་ལག་ཏུ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་བཙའ་བ་དང་ནག་པོ་མེད་པ་ལྟོ་བ་ཡངས་པ་མགྲིན་པ་རིང་བ་མཆུ་འཕྱང་བ་ལྷ་རྫས་ཀྱི་གོས་ཀྱིས་མགྲིན་པ་དཀྲིས་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ནང་དུ་ལྔ་ཕྲག་ལྔ་ཡི་རྫས་དང་ཡན་ལག་བརྒྱད་ལྡན་ཆུ་ཡིས་སུམ་གཉིས་གང་བའི་སྟེང་དུ་བདེ་བ་ཅན་གྱི་ཞིང་ཁམས་ཡོངས་སུ་རྫོགས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བའི་འོད་དཔག་མེད་གཙོ་འཁོར་གྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བའི་མཆུ་ནས་ངང་ན་ར་ར་བབ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ། སྤྱི་གཙུག་མན་

p. 581

ཆད། རྐང་མཐིལ་ཡན་ཆད་ཡེ་ཤེས་ཀྱི་བདུད་རྩིས་ལྟེམས་ཀྱིས་གང་། སྒྲིབ་པ་བཞི་དག །དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པའི་སྐལ་བ་དང་ལྡན་པར་སྒོམས་ཤིག །ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ བདེ་བ་ཅན་གྱི་ཞིང་ཁམས་ཡིན༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ སྣང་བ་མཐའ་ཡས་ཞལ་མཐོང་ཤོག༔ ཨོཾ་ཨཱཿཧྲཱིཿསྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པ་མགོར་བཞག་བུམ་ཆུ་བླུད། །དེ་ནས་སྐུ་གཟུགས་ལག་ཏུ་ཐོགས། །འདི་སྐད་དུ་ནི་བརྗོད་པའོ། །ད་སྐུ་གཟུགས་འདི་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དངོས་སུ་གསལ་བའི་དཔྲལ་བ། མགྲིན་པ། ཐུགས་ཀ །ལྟེ་བ། གསང་བ་ལྔ་ནས་འོད་དཔག་མེད་ཀྱི་སྐུ་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་སྐུ་ཆུང་ངུ་ལ་ཡན་ལག་དོད་པ་འཕྲོས། ཁྱོད་རང་གི་གནས་ལྔར་ཐིམ་པས་སྐུ་ལྔ་ཡེ་ཤེས་ལྔའི་དབང་ཐོབ་

p. 582

པར་སྒོམས་ཤིག །ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ སྣང་བ་མཐའ་ཡས་ཞལ་མཐོང་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཔཉྩ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ལག་ཏུ་ཐོགས་ལ། གཏོར་མ་འདི་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པས་བསྐོར་བ་སྤྲིན་གྱི་ཕུང་པོ་ལྟ་བུ་ཁྱེད་རང་གི་སྤྱི་བོར་བྱོན། འོད་དུ་ལྟེམས་ཀྱིས་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ༔ ཚེ་དང་བསོད་ནམས་དང་ཡེ་ཤེས་འཕེལ་ཞིང་རྒྱས་པར་སྒོམས་ཤིག །ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་པའི་ཞལ་

p. 583

མཐོང་ཤོག༔ ཉུང་ན་གཏོར་མ་མགོར་བཞག །མང་ན་དང་པོ་གཅིག་བརྗོད་ནས་དཔོན་སློབ་རྣམས་ཀྱིས་ཧྲཱིཿརིང་གི་དབྱངས་བྱ་ཞིང་འགྲིམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་ཚེ་དཔག་ཏུ་མེད་པ་འོད་ཀྱི་སྣང་བ་མཐའ་ཡས་པ་ཚེ་དང་བསོད་ནམས་དང་གཟི་བརྗིད་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །ཡབ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་གིས་བྱིན་གྱིས་རློབས་ཤིག ། ཡུམ་གཟི་བརྗིད་ཅན་གྱིས་བྱིན་གྱིས་རློབས་ཤིག །བཙུན་མོ་རྒྱལ་རིགས་བཟང་སྐྱོང་མས་བྱིན་གྱིས་རློབས་ཤིག །སྲས་ཟླ་བའི་འོད་ཀྱིས་བྱིན་གྱིས་རློབས་ཤིག །

p. 584

རིམ་གྲོ་བ་སྙན་པ་དྲི་མ་མེད་པས་བྱིན་གྱིས་རློབས་ཤིག །ཤེས་རབ་ཅན་གྱི་མཆོག་བཟང་པོའི་ཏོག་གིས་བྱིན་གྱིས་རློབས་ཤིག །རྫུ་འཕྲུལ་དང་བརྩོན་འགྲུས་ཅན་གྱི་མཆོག་བཀོད་པ་ཆེན་པོས་བྱིན་གྱིས་རློབས་ཤིག །འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །ཉན་ཐོས་དྲུག་ཁྲི་ལ་སོགས་པ་དགེ་འདུན་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །པདྨའི་འོད་ཟེར་ལས་སྤྲུལ་པའི་སངས་རྒྱས་བྱེ་བ་དུང་ཕྱུར་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །ཉིན་རེ་བཞིན་ཕྱོགས་བཅུ་ནས་བྱོན་པའི་སངས་རྒྱས་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །མ་འོངས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག །དེ་བཞིན་གཤེགས་པ་

p. 585

རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོས་བྱིན་གྱིས་རློབས་ཤིག །ཚེ་འཕེལ་བར་བྱིན་གྱིས་རློབས་ཤིག །བསོད་ནམས་རྒྱས་པར་བྱིན་གྱིས་རློབས་ཤིག །ནད་ཞི་བར་བྱིན་གྱིས་རློབས་ཤིག །གདོན་ལས་གྲོལ་བར་བྱིན་གྱིས་རློབས་ཤིག །སྡིག་སྒྲིབ་ཞི་བར་བྱིན་གྱིས་རློབས་ཤིག །འཆི་བའི་དུས་སྤྲུལ་པའི་སངས་རྒྱས་འོད་དཔག་མེད་མཐོང་བར་བྱིན་གྱིས་རློབས་ཤིག །ཚེ་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་བྱེ་ནས་སངས་རྒྱས་འོད་དཔག་མེད་མངོན་སུམ་དུ་མཇལ་བར་བྱིན་གྱིས་རློབས་ཤིག །སངས་རྒྱས་མཆོད་ཅིང་ཆོས་ཉན་པ་དང་མི་འབྲལ་བར་བྱིན་གྱིས་རློབས་ཤིག །ས་ལམ་གྱི་ཡོན་ཏན་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་རློབས་ཤིག །ཨོཾ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་

p. 586

ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ལག་ཏུ་ཐོགས། ད་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་འདི། ཡར་གྱི་རྭ་ལྔ་རྒྱལ་བ་རིགས་ལྔ། འདབ་མ་བརྒྱད་སེམས་དཔའ་བརྒྱད། མར་གྱི་རྭ་ལྔ་ཡུམ་ལྔ། འདབ་མ་བརྒྱད་སེམས་མ་བརྒྱད་མཚོན་པ་ཡིན་ལ། ལྟེ་བ་ཀུན་ཟླུམ་ཐིག་ལེའི་ཀློང་དུ་སངས་རྒྱས་འོད་དཔག་མེད་གཙོ་འཁོར་གསལ་བ་ཁྱེད་རང་ལ་ཐིམ་པས་ཐུགས་རིག་པ་རྩལ་གྱི་དབང་ཐོབ་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་སྒོམས་ཤིག །ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ལ༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ འོད་དཔག་མེད་མགོན་དབང་ཐོབ་ནས༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཨོཾ་ཧྲཱིཿསྭཱ་ཧཱ༔ བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ལྷུང་བཟེད་ལག་ཏུ་ཐོགས་ལ། ད་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཕྱག་མཚན་བཻ་ཌཱུརྱའི་ལྷུང་

p. 587

བཟེད་འདི་ཡི་ནང་ན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཚེ་ནས་དང་ཚེ་ཟན་ཚེ་རིལ་གྱིས་བཀང་བའི་སྟེང་ན་འོད་དཔག་མེད་གཙོ་འཁོར་རྣམས་བཞུགས་པ་ཁྱེད་རང་ལ་ཐིམ་པས་བདེ་བ་ཅན་དུ་སྐྱེས་ནས་ཞིང་ཁམས་ཀྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པར་སྒོམས་ཤིག །ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ཏེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་པའི་ཞལ་མཐོང་ཤོག༔ ཨོཾ་བྷྲཱུྃ་སྭཱ་ཧཱ༔ པུཎྱེ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ བསྡུ་ན་ལྷུང་བཟེད་འགྲིམ་རྗེས་སམ། ཁྲོམ་ལ་འགྲིམ་ཚར་བའི་སྐབས་སམ། སྤྲོ་ན་བར་མཚམས་ཐམས་ཅད་དུ་ནས་གཏོར་བཀྲ་ཤིས་བརྗོད། ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་བཞག་མཛད་པའི་བཀྲ་ཤིས་

p. 588

ཤོག༔ ཅེས་སྦྱར་རོ། །དེ་ནས་རྒྱས་པར་འདོད་ན། ཚེ་དབང་རྒྱས་པ་ནས་བྱུང་བའི་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་གཉིས་ཀའམ་གང་རུང་སྦྱར་ལ། དེ་ནས་ཚེ་ཆང་ངམ་བུམ་ཆུ་སྦྱིན་ཞིང་། ཧཱུྃ༔ སྐྱེས་བུ་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཆང་བདུད་རྩི་འདི་བྱིན་པས༔ རྟག་ཏུ་ཚེ་ནི་རིང་ནུས་པའི༔ དབང་དང་ལྡན་ནས་ཚེ་འཕེལ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ དེ་ནས་ཚེ་རིལ་བྱིན་ལ། ཧཱུྃ༔ སྐྱེས་བུ་རིགས་ཀྱི་བུ་ཁྱོད་ལ༔ ཚེ་རིལ་འདི་ཉིད་བྱིན་པ་ཡིས༔ ཁྱོད་ཉིད་རྡོ་རྗེའི་སྐུ་འགྲུབ་པའི༔ དབང་དང་ལྡན་ནས་ཚེ་འཕེལ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ གོང་གི་ཚེ་འགུགས་མདའ་དར་དང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་དང་། །ཚེ་རིལ་ཚེ་ཆང་དེ་རྣམས་ནི། །སོས་རེ་མེད་པའི་ནད་པ་ལ། །ལོག་ལྟ་སྐྱེ་ཕྱིར་མི་རུང་ངོ་། །ད་ཁྱེད་རང་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་དང་། ད་རེས་དབང་ཞུས་པའི་དགེ་བའི་རྩ་བ་དེས་ཕྱི་མ་བདེ་བ་ཅན་དུ་

p. 589

སྐྱེ་བར་གྱུར་ཅིག་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ འོ། དེ་ལྟར་དབང་ཐོབ་ནས་རྔ་སྒྲའི་རྒྱལ་པོའི་གཟུངས་ལས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་

p. 590

བ་ཅན་གྱི་ཞིང་ཁམས་ཡོད། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །འཆི་བའི་དུས་སུ་སྟོན་པ་ནི། །དགེ་སློང་དགེ་འདུན་བཅས་ཏེ་མཐོང་། །ཞེས་གསུངས་པའི་ཕྱིར། རབ་འདིའི་སྒྲུབ་པ་རྟགས་ཐོན་དང་ཆོ་ག་རྒྱུན་ཁྱེར། འབྲིང་མངོན་རྟོགས་ཉུང་ངུ་དང་བསྙེན་པ་རྒྱུན་ཁྱེར། དེ་ཡང་མི་ཤེས་ན་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཞེས་པ་ཕྲེང་སྐོར་རེའི་མཇུག་ཏུ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པ་དེ་མ་ཆག་པར་རྒྱུན་དུ་བྱས་ན་བར་དོར་འོད་དཔག་མེད་ཞལ་མཇལ་ཞིང་བདེ་བ་ཅན་དུ་སྐྱེ་བ་ནི། སངས་རྒྱས་འོད་དཔག་མེད་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཡིན་པར་སྟོན་པ་ཤཱཀྱ་ཐུབ་པས་མདོ་སྡེ་མང་པོ་ནས་གསུངས་

p. 591

པའི་ཕྱིར་དེ་ལྟར་དུ་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ནི། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ས་གཞི་སྤོས་ཆུས་སོགས། དེ་ནི་ཕྱག་ལེན་རྒྱས་པ་ཡིན་ལ། གལ་ཏེ་ནད་པ་འཆི་ལ་ཁད་ལ་དབང་བརྒྱ་བྱེད་ན། ཚེ་འགུགས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད། ཚེ་ཆང་ཚེ་རིལ་བསྐྱུར་བའི་དབང་རྒྱས་པ་གཅིག་བསྐུར། དེ་ནས་གསོལ་འདེབས་ཤློ་ཀ་གཅིག །དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ཚིག་བཞི་རྗེས་ཟློས་བྱ། དེ་ནས་ཚིག་ལྷུག་དམིགས་པ་རྣམས་ཡིད་ཀྱིས་བསྒོམ། ངག་ཏུ་བརྗོད་མི་དགོས་པར། བུམ་པ། སྐུ་གཟུགས། གཏོར་མ། རྡོ་རྗེ། ལྷུང་བཟེད་རྣམས་ཚིགས་བཅད་དང་སྔགས་ཁོ་ནས་བསྐུར་ཏེ། དབང་རྫས་དེ་ལྔ་རྫོགས་པ་དབང་གཅིག་ཏུ་བརྩི་བའི་གྲངས་བཟུང་། བསྐུར་ཐེངས་རེ་ལ་བཅུ་བཅོ་ལྔ་དུ་ཐོན་གྱི་མགོ་ན་ས་གཞི་སྤོས་བྱུགས་རེ་དང་། མཇུག་

p. 592

ཏུ་གཙོ་བོས་ཇི་ལྟར་སྦྱར། བར་སྐབས་སུ་དབང་སྒྲུབ་རེ་བྱས་ལ་བསྙེན་པ་ཅི་འགྲུབ་བཟླ། ནད་པ་འཆི་ངེས་ལ་དེ་ལས་ལྷག་པའི་ཕན་ཐོགས་བྱ་རྒྱུ་མེད་དོ། །གལ་ཏེ་ཁྲོམ་ཆེན་ལ་བསྐུར་ན། མདའ་དར་ཁྲི་ཁ་ནས་གཡུག་པས་ཆོག །བུམ་པ་བུམ་ཆུ་འགྲིམ། བཀྲ་ཤིས་བརྗོད། ནས་གཏོར། སྐུའི་ཙཀ་ལི་གཏོར་མ་ལ་བཙུགས་ལ་འགྲིམ། ཡང་རྡོ་རྗེ་དང་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམས་ཁྲོམ་ལ་བསྟན་ནས་འགྲིམ་ཚུལ་བྱེད་ཅིང་ལྷུང་བཟེད་དུ་བཅུག་ལ་དུས་གཅིག་ལ་འགྲིམ། དེ་དང་མཉམ་དུ་མཆོད་གཡོག་པ་གཉིས་ཀྱིས་ཚེ་ཆང་དང་ཚེ་རིལ་བཀྱེ། ཚེ་ཆང་ཚེ་རིལ་མེད་ཀྱང་རུང་། དེ་དག་གི་ཚེ་ཧྲཱིཿདབྱངས་དང་། ཨོཾ་བྷྲཱུྃ་སྭཱ་ཧཱཿདང་། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རྣམས་གོ་རིམ་མེད་པར་གང་ཟིན་ཁྲོམ་ལ་འུར་འདོན་བཅུག་གོ། །དེ་ལྟར་དབང་སྒྲུབ་དབང་བསྐུར་དམིགས་རིམ་རྣམས། །གཏེར་གཞུང་མི་གསལ་ངག་ནས་ཤེས་དགོས་ཤིང་། །ཚེ་འགུགས་མཐའ་རྟེན་ལ་སོགས་གསབ་འོས་དང་། །ཕན་ཡོན་དགོས་ཁྱད་ཚད་ལྡན་ལུང་དང་བཅས། །འབྲེལ་ཚད་འགྲོ་བ་འདྲེན་འདོད་སེམས་

p. 593

བསྐྱེད་ནས། །བྱ་ལོ་འབུམ་འགྱུར་ཟླ་བའི་ཡར་ཚེས་ལ། །གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ཡི། །ཡི་གེ་དཔེ་རུ་དགེ་སློང་སྦྱིན་པས་བྲིས། །སོ་སྐྱེའི་དབང་གིས་ཉེས་འགལ་མཆིས་སྲིད་ན། །ལྷ་དང་ཆོས་བདག་སྲུང་མའི་དྲུང་དུ་བཤགས། །དགེ་བས་དབང་འདིར་འབྲེལ་བ་ཐོག་ཚད་ཀུན། །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། །བདེ་བ་ཅན་དུ་ངེས་པར་སྐྱེ་གྱུར་ཅིག །མངྒ་ལཾ།། །།

བཀྲ་ཤིས་རྟགས་བརྒྱད་དང་རིན་ཆེན་སྣ་བདུན་གྱི་དབང་ལྷན་ཐབས་ཚེ་དབང་རྒྱས་པ་ནས་ཁོལ་དུ་ཕྱུང་བ། མཁས་གྲུབ་ཀརྨ་ཆགས་མེད།

p. 594
p. 595

བཀྲ་ཤིས་རྟགས་བརྒྱད་དང་རིན་ཆེན་སྣ་བདུན་གྱི་དབང་ལྷན་ཐབས་ཚེ་དབང་རྒྱས་པ་ནས་ཁོལ་དུ་ཕྱུང་བ་ནི། ཧཱུྃ། བཀྲ་ཤིས་གདུགས་ཀྱིས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཆོས་ཀྱི་གདུགས་བསྐོར་ནུས་པ་ཡི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀྲ་ཤིས་གསེར་ཉས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འོད་ཀྱིས་སྟོང་གསུམ་ཁྱབ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀྲ་ཤིས་དུང་གིས་དབང་བསྐུར་བས། །

p. 596

སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །སྙན་གྲགས་སྟོང་གསུམ་ཁྱབ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀྲ་ཤིས་པདྨས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འགྲོ་བ་སྲིད་ལས་བསྒྲལ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀྲ་ཤིས་བུམ་པས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཆོས་ཀུན་ཁོང་དུ་ཆུད་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀྲ་ཤིས་དཔལ་བེའུས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འགྲོ་བའི་སྡུག་བསྔལ་སྐྱོབ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀྲ་ཤིས་འཁོར་ལོས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཆོས་ཀྱི་འཁོར་ལོ་

p. 597

བསྐོར་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བཀྲ་ཤིས་རྒྱལ་མཚན་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཚེ་ནི་ནུབ་པར་མི་འགྱུར་བའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ༈ ཧཱུྃ། ནོར་བུ་འཁོར་ལོ་འདི་ཉིད་ནི། ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཏེ། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནོར་བུ་རིན་ཆེན་འདི་ཉིད་ནི། ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །བསམ་པའི་དོན་ཀུན་འགྲུབ་འགྱུར་ཏེ། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནོར་བུ་བློན་པོ་འདི་ཉིད་ནི། ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །སྣང་སྲིད་དབང་དུ་འདུས་གྱུར་ཏེ། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནོར་བུ་

p. 598

བཙུན་མོ་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །དགའ་བཞི་རྒྱུད་ལ་སྐྱེས་གྱུར་ཏེ། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནོར་བུ་གླང་པོ་འདི་ཉིད་ནི། ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །བརྟུལ་ཞུགས་ཆེ་བར་གྱུར་ནས་ཀྱང་། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནོར་བུ་རྟ་མཆོག་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །བརྩོན་འགྲུས་ཆེར་རྒྱས་གྱུར་ནས་ཀྱང་། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ནོར་བུ་དམག་དཔོན་འདི་ཉིད་ནི། ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །དགྲ་བགེགས་ཚར་གཅོད་གྱུར་ནས་ཀྱང་། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ།

གསང་ཐིག་སྐོར་གསུམ་ལས་རྡོར་སེམས་ཕྱག་རྒྱ་གཅིག་པའི་བུམ་དབང་གི་ཆོ་ག་ཞི་བའི་ཐིག་ལེ། པདྨ་གར་གྱི་དབང་ཕྱུག་རྩལ།

p. 599

༄༅། །གསང་ཐིག་སྐོར་གསུམ་ལས་རྡོར་སེམས་ཕྱག་རྒྱ་གཅིག་པའི་བུམ་དབང་གི་ཆོ་ག་ཞི་བའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །

p. 600

དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི། །རིགས་ཀུན་ཁྱབ་བདག་དེར་བཏུད་ནས། །ཉོན་མོངས་ཡེ་ཤེས་གཏོར་བླུགས་ཀྱི། །སྙིང་པོའི་ཆོ་ག་སྙིང་གི་དཔྱིད། །སྟེགས་བུ་ཁེབས་ལྡན་སྟེང་བུམ་གདན་མཎྜལ་པད་འདབ་བརྒྱད་པའི་ཁར་བུམ་པ་ཁ་རྒྱན་མགུལ་ཆིངས་དཀར་པོ་ཅན། ནང་དུ་ལྔ་ཚན་ལྔ་དང་བདུད་རྩི་ལྔ། ཡུངས་ཀར་ཕ་ལམ་ཤེལ་གསེར་མེ་ཏོག་དཀར་པོའི་བཅུད་དང་ལྡན་པའི་དྲིའི་ཆུས་བཀང་བ་བཞག་ལ་གཟུངས་ཐག་བཏགས། པདྨ་གཙུག་ཏོར་དྲི་མེད་ལས་བྱུང་བའི་སྐྱབས་སེམས་ཡན་ལག་བདུན་པར། བླ་མ་ཐུགས་རྗེ་ཆེན་པོ་ཞེས་པ། བླ་མ་རྡོ་རྗེ་སེམས་དཔའ་ཞེས་སོགས་ལྷ་མཚན་ཅུང་ཟད་ཁ་བསྒྱུར་བ་སྔོན་དུ་འགྲོ་བས། བདག་བསྐྱེད། བུམ་བསྐྱེད། བཟླས་པ། བདག་དབང་བཅས་ཁ་འགེངས་གང་ཡང་མེད་པའི་གཏེར་གཞུང་དངོས་བསྟན་མཐར་ཆགས་སུ་བཏང་། བུམ་ལྷ་རང་ལ་མ་བསྟིམས་པའི་གོང་དེར་ལས་བུམ་མམ་བསང་ཆུ་ལ་

p. 601

དམིགས་ཏེ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་མ་སཱུརྱ་མཎྜ་ལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ན་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ༔ ཞེས་བརྒྱའམ་ཉེར་གཅིག་ཙམ་གྱིས་བྱིན་བརླབས་ནས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་

p. 602

གྱུར། དེ་ནས་སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་གུ་གུལ། ཡུངས་ཐུན། རོལ་མོའི་སྦྱོར་བས་བགེགས་བསྐྲད། རྡོ་རྗེའི་རང་བཞིན་གྱི་སྲུང་བའི་འཁོར་ལོ་མཚོན་ཆ་ཁྲོ་ཆུང་མེ་ཕུང་གི་དཀྱིལ་འཁོར་རྔམ་དྲག་བརྟན་པས་མཚམས་བཅིངས་པར་གྱུར། བཛྲ་པཉྫ་ར་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་སྔགས་དང་། རྒྱུད་དང་། དཀྱིལ་འཁོར་མ་ལུས་པའི་འབྱུང་གནས། རིགས་ཐམས་ཅད་ཀྱི་ཁྱབ་

p. 603

བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་མཚན་ཐོས་པ་ཙམ་གྱིས་ཀྱང་རྒྱུ་ཉམས་ཆག་སྡིག་ལྟུང་། འབྲས་བུ་འཁོར་བ་དང་ངན་སོང་ཐམས་ཅད་དོང་ནས་སྤྲུགས་པར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། འདི་ན་མཚམས་མེད་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། ཉེས་པ་ཐམས་ཅད་བྱས་པ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་མཆོག་ནི་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་དྲན་གྱུར་པས། ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དམ། དངོས་གྲུབ་དམ་པའམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་འཐོབ་བོ། །ཞེས་འབྱུང་ངོ་། །དེའི་སྒྲུབ་ཐབས་ཀྱང་དམ་པ་རིགས་བརྒྱ། དེ་ཉིད་

p. 604

རིགས་ལྔ། དཔའ་བོ་གཅིག་པ་སོགས་དཀྱིལ་འཁོར་དང་ཚོམ་བུ་གཙོ་རྐྱང་རྒྱས་བསྡུས་ཀྱི་བྱེ་བྲག་མཐའ་ཡས་ཀྱང་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་གསང་ཆེན་རིགས་གཅིག་ཡིན་ལ། འདི་ཉིད་བསྒོམས་པས་རྒྱལ་བའི་དཀྱིལ་འཁོར་མཐའ་དག་བསྒོམ་པར་འགྱུར་ཞིང་སྨིན་བྱེད་ཀྱི་དབང་ཡང་དེ་དང་མཚུངས་པ་སྟེ། གསང་བའི་སྙིང་པོ་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་གསུངས་ལ། དེའི་སྒྲུབ་ཐབས་བཀའ་གཏེར་དག་སྣང་གི་སྲོལ་ཀ་མང་དུ་མཆིས་པའི་ནང་ཚན་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། རྩོད་བྲལ་དུས་བབ་ཀྱི་ཟབ་ཆོས་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་

p. 605

མཆོག་གྱུར་བདེ་ཆེན་གླིང་པས་ལུག་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་གནས་ཆེན་དེ་བཱི་ཀོ་ཊིའི་སྙིང་པོ་ཤར་ཕྱོགས་ཀྱི་ཆ། ཙཱ་འདྲ་རིན་ཆེན་བྲག་རི་དཔལ་ཆེན་པོའི་སྐུའི་རྣམ་པར་ཆགས་པའི་ཕྲག་གཡས་གུ་རུའི་གསང་ཕུག་ནས་སྤྱན་དྲངས་པར་མཛད་པ་གསང་ཐིག་སྐོར་གསུམ་ལས། རྡོར་སེམས་ཕྱག་རྒྱ་གཅིག་པ་བུམ་པ་ལ་བརྟེན་པའི་བྱིན་རླབས་དབང་བཞིའི་རིམ་པ་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་འཚལ། བླ་མ་རྡོ་རྗེ་སེམས་དཔའ་ཀྱེ༔ ན་རཀ་སྡུག་བསྔལ་བསྐྱབ་ཏུ་གསོལ༔ སྡིག་པའི་ཚོགས་ལ་བདག་གནོང་ཞིང་༔ འགྱོད་པས་མགོན་པོའི་དྲུང་དུ་

p. 606

བཤགས༔ ཕྱིས་ནས་མི་བགྱིད་དམ་བཅའ་བས༔ མགོན་པོས་ཚངས་པར་བསྩལ་དུ་གསོལ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ རྡོ་རྗེ་སེམས་དཔའ་བདག་གིས་བསྒྲུབ༔ སྐུ་གསུང་ཐུགས་སུ་བདག་སྦྱོར་ཏེ༔ བླ་མེད་ས་ལ་དྲང་དུ་གསོལ༔ ལན་གསུམ། བླ་མ་དང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་དྲུང་དུ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔

p. 607

ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་རིགས་དྲུག་ཐམས་ཅད་བཅོམ་ལྡན་འདས་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཞུ་བ་དང་། ལམ་ཉམས་སུ་ལེན་པ་ལ་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་པ་དང་། གནས་ལུགས་མ་རྟོགས་པས་འཁོར་བར་འཁྲུལ་པའི་ཕ་མ་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལ་བློ་བཞག་སྟེ་འདིའི་རྗེས་ཟློས་མཛོད། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང་༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔

p. 608

གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་པོ་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་རྩལ་ལས་རང་ཤར་བའི་ཚུལ་དུ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར། ཕྱག་འཚལ་བ་ལ་སོགས་པ་བསགས་སྦྱང་གི་སྙིང་པོ་བསྡུས་པ་ཡན་ལག་བདུན་པའི་དོན་རེ་རེ་ནས་རྗེས་སུ་དྲན་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ་༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་

p. 609

གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་ཅིང་བསྟིམ་པའི་སླད་དུ་ཁྱེད་རང་ལྷའི་སྐུ་འདི་ལྟར་དུ་གསལ་ཐོབ་མཛོད། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད༔ བདེ་ཆེན་འོད་གསལ་སྙིང་རྗེའི་རྩལ༔ ཟུང་འཇུག་ཧཱུྃ་ཡིག་དཀར་པོ་ལས༔ འོད་འཕྲོས་རྡོ་རྗེ་མེ་ཡི་གུར༔ ནང་དུ་འབྱུང་བ་རི་རབ་སྟེང་༔ པདྨ་འདབ་མ་སྟོང་ལྡན་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་༔ དལ་དབུས་སེང་ཁྲི་པདྨ་དང་༔ ཉི་ཟླའི་སྟེང་དུ་ཧཱུྃ་ཡིག་ནི༔ རྡོ་རྗེ་ཧཱུྃ་གིས་མཚན་པར་གསལ༔ འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་མ་ལུས་སྦྱངས༔ རྡོ་རྗེ་སེམས་དཔའི་ས་ལ་བཀོད༔ ཚུར་འདུས་

p. 610

ཡོངས་གྱུར་སྐད་ཅིག་ལ༔ ཁྱེད་རང་བླ་མ་རྡོ་རྗེ་སེམས༔ དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཚན་བཟང་དཔེ་བྱད་ཐམས་ཅད་རྫོགས༔ ཟི་ལྡིར་དར་དཔྱང་ཅོད་པན་དང་༔ སྟོད་གཡོགས་སྨད་གཡོགས་མཛེས་པར་དཀྲིས༔ དབུ་རྒྱན་སྙན་ཆ་མགུལ་རྒྱན་དང་༔ སེ་མོ་དོ་དང་དོ་ཤལ་དང་༔ གདུ་བུ་རྣམས་ཀྱིས་ལེགས་པར་བརྒྱན༔ པང་དུ་རྡོ་རྗེ་སྙེམས་མ་དཀར༔ བཅུ་དྲུག་ལང་ཚོ་གྲི་ཐོད་ཅན༔ ཕྱག་རྒྱ་ལྔ་འཆང་ཡབ་དང་འཁྲིལ༔ འོད་འབར་ཀློང་དུ་ལྷམ་མེར་བསྐྱེད༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པ་དེ་དག་དང་།

p. 611

སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར་པའི་མོས་པ་མཛོད། ཡི་གེ་བརྒྱ་པའི་གཤམ་དུ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་བཏགས་པ་དྲག་ཏུ་བརྗོད་ཅིང་སྤོས་རོལ་གྱི་སྦྱོར་བས་བྱིན་དབབ། ཡེ་ཤེས་པ་རྒྱུད་ལ་དབབ་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རབ་ཏུ་གནས་པར་བྱས་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་རྡོ་རྗེ་མགོར་བཞག །བུམ་པ་ཆོས་དབྱིངས་འོད་གསལ་ཀ་དག་ཁྱབ་བརྡལ་ཆེན་པོའི་གཞལ་ཡས་ཁང་དུ་

p. 612

ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་བདེ་ཆེན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཡོངས་ལ་ཁྱབ་ཅིང་འདོད་རྒུར་བསྒྱུར་བའི་བཞིན་ལག་མཚན་དཔེའི་རྣམ་པ་ཅན་དུ་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་རང་བཞིན། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ཟླ་བ་ལྟར་དཀར་བའི་བདུད་རྩིའི་རྒྱུན་ལན་གསུམ་བྱོན། རྒྱུན་དང་པོས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མགྲིན་པ་ཡན་ཆད་གང་། ལུས་རྣམ་སྨིན་གྱི་དྲི་མ་སྦྱངས། སྐུའི་བྱིན་རླབས་རྒྱུད་ལ་ཞུགས། གཞན་སྣང་དུ་མི་འགྱུར་བའི་མཚན་དཔེ་དང་། རང་སྣང་དུ་སྣང་སྟོང་རྡོ་རྗེའི་སྐུ་བརྙེས་པའི་སྐལ་བ་ཅན་དུ་བྱས། རྒྱུན་གཉིས་པས་མགྲིན་པ་ནས་སྙིང་ག་ཡན་ཆད་གང་། ངག་འཕོ་བཅས་ཀྱི་དྲི་མ་སྦྱངས། གསུང་གི་བྱིན་རླབས་རྒྱུད་ལ་ཞུགས། གཞན་སྣང་དུ་ལེགས་བཤད་ཆོས་ཆེན་གྱི་སྒྲ་དབྱངས་དང་། རང་སྣང་དུ་གྲགས་སྟོང་ནཱ་དའི་གསུང་འགྲུབ་པའི་སྐལ་བ་

p. 613

ཅན་དུ་བྱས། རྒྱུན་གསུམ་པས་སྙིང་ག་ཕྱིན་ཆད་ལུས་ཀྱི་ནང་ཐམས་ཅད་གང་། ཡིད་འཁྲུལ་རྟོག་གི་དྲི་མ་སྦྱངས། ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། གཞན་སྣང་དུ་བདེ་ཆེན་ཁ་སྦྱོར་གྱི་མདངས་དང་། རང་སྣང་དུ་ཤར་གྲོལ་ཀ་དག་གི་ཐུགས་དགོངས་རྟོགས་པའི་སྐལ་བ་ཅན་དུ་བྱས་པར་མོས་མཛོད། ཧཱུྃ༔ ཆོས་དབྱིངས་བུམ་པ་རྒྱལ་བའི་ཕོ་བྲང་དབྱིངས་ཀྱི་ཀློང་ཡངས་ནས༔ བདེ་བ་ཆེན་པོའི་ཡེ་ཤེས་ལྔ་ལྡན་རྡོ་རྗེ་སེམས་དཔའི་སྐུ༔ ཉོན་མོངས་གདུང་སེལ་དྲི་མེད་སྟོན་ཀའི་ཟླ་བའི་མདངས་ལྟར་རབ་འབར་བ༔ ཉོན་མོངས་འཁྲུལ་པའི་དྲི་མ་འཇོམས་པའི་བདུད་རྩིའི་ཁྲུས་མཆོག་ལེགས་པར་སྩོལ༔ དབྱིངས་རིག་ཟུང་འཇུག་སྣོད་བཅུད་ཡོངས་རྫོགས་བུམ་པ་དབང་གི་རྒྱལ༔ རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྨད་པོ་ཆེ༔ ཐུགས་རྗེའི་སྟོབས་དང་རྫུ་འཕྲུལ་

p. 614

དཔག་མེད་གཟུངས་དང་མངོན་ཤེས་ཀྱིས༔ ལུས་ངག་ཡིད་ཀྱི་འཁྲུལ་པའི་དྲི་མ་མ་ལུས་སྦྱང་དུ་གསོལ༔ མི་འགྱུར་མཚན་དཔེ་ལེགས་བཤད་སྒྲ་དབྱངས་བདེ་ཆེན་ཐུགས་མཆོག་དུས་འདིར་སྩོལ༔ སྣང་སྟོང་སྐུ་དང་གྲགས་སྟོང་གསུང་དབྱངས་ཤར་གྲོལ་ཐུགས་མཆོག་རྟོགས་པར་མཛོད༔ ཡིག་བརྒྱའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་སྤྱི་མགྲིན་སྙིང་གར་བཞག་ལ་བུམ་ཆུ་སྤྱི་བོར་འཐོར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། ཡེ་ཤེས་ལྔ་མངོན་དུ་གྱུར་པར་མོས་མཛོད། གལ་ཏེ་དབང་བརྒྱ་སོགས་གྲངས་གསོག་པར་སྤྲོ་ན་སྐབས་འདིར། སླར་ཡང་དབང་བསྐུར་ཟབ་མོ་ཞུ་བའི་སླད་དུ་མཎྜལ་ཕུལ། ཞེས་པ་ཙམ་གྱིས་མཚམས་སྦྱར་ལ། མཎྜལ། གསོལ་གདབ། སློབ་མ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གསལ་བ་ལ་ཡེ་ཤེས་པ་ཆར་བབ་པ་ལྟར་བྱོན་ནས་ཐིམ་པར་གྱུར།

p. 615

ཞེས་དང་། སྔགས་ཚན་གཉིས་བརྗོད་ལ་དབབ་ཅིང་བརྟན། ཧཱུྃ༔ ཆོས་དབྱིངས་བུམ་པ་སོགས་སྔགས་བཅས་དང་། ཆུ་ཡིས་ལུས་གང་སྒྲིབ་དག་དབང་ཐོབ་གྱུར༔ ཅེས་པའི་བར་ཇི་ཙམ་འོས་པ་བསྐྱར་ལ། གང་ལྟར་མཐར། བུམ་ལྷ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག །ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། གཞན་སྣང་དུ་གཟུགས་ཀྱི་སྐུ་གཉིས་དང་། རང་སྣང་དུ་ཆོས་ཀྱི་སྐུ་སྟེ་སྐུ་གསུམ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པའོ། །ཤིས་བརྗོད་ཤོ་ལོ་ཀ་གསུམ་ཙམ་བྱ། དེ་ལྟར་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པ་ལ་བརྟེན་ནས་བུམ་པ་དང་འབྲེལ་བའི་བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་བསྐུར་ལེགས་

p. 616

པར་གྲུབ་པ་ཡིན་པས། གསང་བ་གསུམ་གྱི་དམ་ཚིག་ཡན་ལག་དང་བཅས་པ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དགེ་བསྔོ་སྤྱི་ལྟར་བྱས་པས་དབང་བསྐུར་གྲུབ། རྗེས་ཆོག་གཞན་མེད་པས། སྣང་སྲིད་འོད་ཞུ་སོགས་ཀྱིས་བདག་བསྐྱེད་བསྡུ་ལྡང་བྱ། སྨོན་ལམ་དང་བཀྲ་ཤིས་སྤྱི་འཚམ་གྱིས་འཐུས་མོད། སེང་བྲག་ཐུགས་ཀྱི་སྙིང་པོ་ལྟར་སྤྲོ་ན། ཧོ༔ བླ་མེད་ཡེ་ཤེས་ལས་བྱུང་བའི༔ བསོད་ནམས་མཐའ་ཡས་དམ་པ་དེས༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ རྡོ་རྗེ་སེམས་དཔའ་ཐོབ་པར་ཤོག༔ འགྱུར་བ་མེད་པ་རང་གི་གཤིས༔ རྟག་ཅིང་བརྟན་པ་རྡོ་རྗེའི་གནས༔ རང་རིག་ཡེ་ཤེས་དབྱེར་མེད་པར༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཅེས་

p. 617

བྱའོ། །ཉེས་ལྟུང་སྤྲིན་ཚོགས་སྦྱོང་བ་ན། །ཡོན་ཏན་ཉི་གཞོན་རབ་ཏུ་གསལ། །དེ་ཡི་ཐབས་མཆོག་རྒྱ་མཚོའི་བཅུད། །འདིས་ཀྱང་འཁོར་བ་དོང་སྤྲུགས་ཤོག །ཅེས་པ་འདིའང་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་སྤྲས་པ་རྡོར་སློབ་ཀརྨ་རཏྣས་ཆེད་དུ་བསྐུལ་བའི་ངོར། ཟབ་ཆོས་འདི་ཉིད་རང་སྐལ་དུ་ཐོབ་པའི་ལས་འཕྲོ་དགེ་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་གནས་ཉིད་དང་འདབས་འབྱོར་བའི་བསམ་གཏན་གྱི་ཁང་བུར་བྲིས་པ་དགེ་ལེགས་འཕེལ།། །།

ནམ་སྙིང་ཚེ་སྒྲུབ་དབང་གི་མཚམས་སྦྱོར། སི་ཏུ་པདྨ་ཉིན་བྱེད།

p. 618
p. 619

༄༅། །ནམ་སྙིང་ཚེ་སྒྲུབ་དབང་གི་མཚམས་སྦྱོར་བཞུགས་སོ། །

p. 620

ན་མོ་བཛྲ་ཨ་མི་ཏཱ་ཨཱཿཡུ་ཥེ། འཆི་མེད་རིག་འཛིན་ཐུགས་ཀྱི་བཅུད། །ཡང་ཟབ་ཚེ་སྒྲུབ་ཨ་ཏིའི་ལུགས། །བྱིན་རླབས་བཅུད་དྲིལ་སྨིན་དབང་གི །མཚམས་སྦྱོར་བདུད་རྩིའི་གྲུ་ཆར་སྤྲོ། །དེ་ཡང་དང་པོ་རྩ་གསུམ་གྱི་ཞལ་ཐང་བཤམས་ཤིང་མདུན་དུ་སྟེགས་ཀྱི་ཁར་མཎྜལ་ལ་རྡུལ་ཚོན་གཞུང་མཐུན་ནམ་ཚོམ་བུ་གང་རུང་གི་སྟེང་དུ་མཉྫིའི་ཁར་དཔལ་གཏོར་རྒྱན་ལྡན་གྱི་རྩེར་སྐུ་རྟེན་ཙཀླི་ཡོད་ན་བཙུགས། མདུན་དུ་སྨན་རཀ་གཏོར་གསུམ། མཆོད་པ་ཕྲེང་ཚར། ལས་བུམ་གང་བདེར། ཚེ་རིལ་ཚེ་ཆང་ཡང་བཀོད། སྔོན་འགྲོ་དཀར་བགེགས། སྤོས་ཐུན་ཌཱ་དྲིལ་སོགས་འདུ་བྱས་ལ། ལས་བྱང་བསྙེན་པ་ཡན་གྲངས་གསོག་དགོས་མིན་དབང་བསྐུར་གྱི་གྲངས་སམ། ལོང་སྐབས་དང་བསྟུན། བདག་འཇུག་དབང་ལེན། ཧྲཱིཿ རང་གི་རང་རིག་སོགས་ཀྱིས་གཏོར་མ་སྤྱི་བོར་བཞག །ཚེ་རིལ་ཚེ་ཆང་དངོས་གྲུབ་ཏུ་རོལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་

p. 621

ཀྱང་བྱ། དེ་ནས་སློབ་མ་རྣམས་འཚོགས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་སྔོན་གཏོར་བྲན། དཀར་བགེགས་པདྨ་བཛྲ་ལྟར་བཏང་། གུ་གུལ་བདུག །ཡུངས་ཀར་བྲབ། སྲུང་འཁོར་ཧྲཱིཿ སྣང་སྲིད་ལྷ་ཡི་སོགས་དང་། མཎྜལ་བཀྱེ་བསྡུ་བྱ། འོ་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་བྱང་ཆུབ་ཀྱི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ཡང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ལས་གྲུབ་པའི་མི་

p. 622

ལུས་རིན་པོ་ཆེ་ཁམས་དྲུག་དང་ལྡན་པ་འདིའང་། སྲོག་གཅོད་པའི་དབང་གིས་ཚེ་ཐུང་བ་དང་། བརྡེག་བརྡུང་རྔན་ཆེན་བྱས་པས་ནད་མང་ཞིང་། ཁྱད་པར་སུམ་ཅུ་ཁ་རལ་གྱི་དུས་སུ་གློ་བུར་གྱི་འཆི་རྐྱེན་བསམ་གྱིས་མི་ཁྱབ་པ་དེ་དག་ཀྱང་ལས་སྔོན་སོང་གི་འབྲས་བུ་བསླུ་མེད་སྨིན་པར་ངེས་པས། མོ་བོན་རྩིས་སོགས་ཀུན་རྫོབ་ཀྱི་སྲུང་སྐྱོབ་སྤྱི་དང་། ཁྱད་པར་སྲོག་གཅོད་ཀྱི་མཆོད་སྦྱིན་སོགས་སྡིག་དང་འདྲེས་པའི་དགེ་བས་འཕྲལ་ཕུག་གཉིས་ཀར་རྣམ་སྨིན་ལོག་པར་འགྱུར་བས། རྒྱུ་སྲོག་གཅོད་སྤང་ཞིང་མི་འཇིགས་པ་སྲོག་གི་སྦྱིན་པ་སོགས་ཆོས་དང་ཟང་ཟིང་གི་གཏོང་བ་ལ་གོམས་པས་ཚེ་སྲིང་བ་མདོ་སྔགས་ཐུན་མོང་གི་ལུགས་དང་། རྐྱེན་རྩ་གསུམ་ལྷའི་བྱིན་རླབས་ལ་བརྟེན་ཏེ་ཚེ་སྲིང་བ་ནི་སྔགས་ལུགས་ཁྱད་པར་བ་དང་། ཐབས་ཟབ་ཅིང་རྒྱ་ཆེ་ལ་འཕྲལ་ཕུགས་གཉིས་ཀར་

p. 623

རྟག་བརྟན་བདེ་བའི་དཔལ་ཡོན་གོང་འཕེལ་དུ་འགྱུར་བས། དེ་ལྟ་བུའི་རྒྱུད་དང་མན་ངག་སྒྲུབ་ཐབས་ཀྱི་རིམ་པ་གསར་རྙིང་བཀའ་གཏེར་གདམས་ངག་མཐའ་ཡས་པ་ཞིག་བཞུགས་པ་ལས་། ད་ལམ་གྱི་སྐབས་འདིར་གསང་སྔགས་སྙིང་མ་གཏེར་གྱི་ཕྱོགས་སུ་གཏོགས་པ། མགོན་པོ་ཚེ་དཔག་མེད་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་རོལ་པས་ནམ་མཁའ་ཇི་སྲིད་སྐྱེ་འཆི་འདས་གྲོང་མི་མངའ་བར་འཇའ་ལུས་འཕོ་བ་ཆེན་པོས་འཁོར་བ་དོང་སྤྲུགས་མཛད་པ་དུས་གསུམ་ཀུན་མཁྱེན་པདྨ་སམྦྷ་ཝ་དེ་ཉིད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བཞེད་བསྐང་ཕྱིར་བོད་ཡུལ་དུ་བསྟན་པའི་སྒྲོན་མེ་སྦར་བར་མཛད་པའི་སྐབས། ཚེ་གཅིག་གིས་གྲུབ་པ་རྣམ་གཉིས་མངོན་དུ་བརྙེས་པའི་ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་ཀྱི་ནང་ནས། ལས་ཅན་དག་པའི་འཁོར་དགུའི་ཡ་གྱལ། ཡང་དག་ཐུགས་

p. 624

ཀྱི་རིག་འཛིན་གནུབས་བན་ནམ་མཁའི་སྙིང་པོས་ཕྱི་རབས་ཀྱི་དོན་དུ་གཡུའི་མཎྜལ་ཕུལ་ནས་གསོལ་བ་བཏབ་པས་ཨོ་རྒྱན་རིན་པོ་ཆེ་ར་ས་འཕྲུལ་སྣང་དུ་རབ་གནས་ལ་ཕེབས་པའི་ཤུལ་དུ། ཡེ་ཤེས་སེམས་དཔའ་སྐུ་ཚབ་གཟུགས་བརྙན་གྱི་རྣམ་པར་བྱིན་གྱིས་བརླབས་པ་དེའི་ཞལ་ནས་ཇི་ལྟར་གསུངས་པའི་ཚེ་སྒྲུབ་རྡོ་རྗེའི་ཚིག་རྐང་རྣམས་གནུབས་བན་ཆེན་པོས་ཐུགས་ཉམས་སུ་བསྟར་བས་དགུང་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་ཤིང་། ཕྱིས་སྡིག་སྤྱོད་རྒྱལ་པོ་གླང་དར་གྱིས་བསྟན་ལ་འཚེ་བ་རྩོམ་པའི་སྐབས་སུ། དྲི་ཆུ་བྷནྡྷ་གང་ལ་བརྟེན་ཏེ་བསྐྱེད་བཟླས་མཛད་པ་ཙམ་གྱིས་ཚེ་ལྷའི་དཀྱིལ་འཁོར་མདུན་དུ་ལྷགས། འོད་ཟེར་དྲི་ཆུ་ལ་ཕོག་པས་ཁྲོ་ཆུ་ཁོལ་མ་དང་ཐོག་ཟེར་དུ་གྱུར་ནས་རྒྱལ་པོ་འཇིགས་ཤིང་སྤ་བསྐང་། སྡིག་བློན་རྣམས་ཀྱང་བརྒྱལ། ཧཱུྃ་སྒྲ་བསྒྲགས་པས་ཕ་རོལ་

p. 625

གཞན་སེམས་ཕམ་པ་སོགས་དངོས་གྲུབ་ནུས་མཐུ་གཅིག་ཅར་ཐོབ་པའི་ཟབ་ཆོས་དེ་ལྟ་བུ་མ་འོངས་ད་ལྟའི་སྐལ་ལྡན་ལས་ཅན་རྣམས་ཀྱི་དོན་དུ་ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་སྐྱིད་འབྱམས་སྒྲུབ་གནས་སེང་གེ་གནམ་མཆོང་གི་ཉེ་ཆར་ཉི་ཟླ་ཕུག་གི་མདུན་ཟུར་འགྱུར་མེད་རྡོ་རྗེའི་བྲག་ལ་རྒྱས་བཏབ་པ། ཆོས་རྒྱལ་མུ་ཁྲི་བཙན་པོའི་སྐྱེ་མཐའ་སྤྲུལ་པའི་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ལས་ཅན་དུ་མ་ཚོགས་པའི་དབུས་སུ། ཟླ་བ་བདུན་དུ་འབད་རྩོལ་ཆེན་པོས་རྡོ་རྗེའི་རྒྱ་བཀྲོལ་བའི་ཚུལ་མཛད་པས། ཡིད་ཆེས་ངོ་མཚར་རྨད་དུ་བྱུང་ཞིང་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་བ་རྡོ་རྗེ་གསུང་ལས། ཆོས་རྣམས་ཀུན་གྱི་དོན་བསྡུས༔ སློབ་དཔོན་པདྨའི་ཐུགས་བཅུད༔ མ་མོ་མཁའ་འགྲོའི་སྙིང་ཁྲག༔ ནམ་མཁའི་སྙིང་པོའི་ཆོས་སྐལ༔ ཚེ་སྒྲུབ་

p. 626

འཆི་མེད་བཙན་རྫོང་༔ གསང་སྒྲུབ་རྡོ་རྗེ་ཕ་ལམ་ཞེས་བྱ་བའི་དབང་བསྐུར་གྱི་རིམ་པ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་ཁྱེད་རང་རྣམས་རྒྱུད་དག་པར་བྱ་བའི་ཕྱིར། བླ་མ་དང་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དབྱེར་མེད་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གཏན་བདེའི་གོ་འཕང་ལ་འགོད་པའི་ཕྱིར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ དུས་གསུམ་རྒྱལ་བའི་སོགས་ལན་གསུམ། དེས་དབང་དོན་གྱི་ཡེ་ཤེས་སྐྱེ་བའི་སྣོད་རུང་དུ་བསྒྲུབས་ནས། ད་བྱིན་འབེབས་ཏིང་འཛིན་བསྒོམ་པ་ནི། ཧྲཱིཿ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་སོགས། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཡུལ་སྣང་སེམས་

p. 627

གསུམ་གདོད་ནས་གདན་གསུམ་ཚང་བའི་ལྷ་ཡི་འཁོར་ལོར་རྫོགས་པ་དེ་ཉིད་བརྡ་སྤྲོད་པའི་ཚིག་བརྗོད་པ་ན་ཡིན་པ་ལ་ཡིན་པར་གསལ་ཐོབ་མཛོད། ལས་བུམ་གྱི་ཆུས་བྲན་ལ། ཧྲཱིཿ ཧེ་རུ་ཀ་ཡི་ཆོ་འཕྲུལ་ལས༔ སོགས་ནས་སྔགས་དང་བཅས་ཌཱ་དྲིལ་སྤོས་རོལ་བྱ། དེ་ནས་ཚེ་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། ཧྲཱིཿ བདེ་བ་ཅན་དང་སོགས་ཀྱི་མཐར། ཧཱུྃ་ངར་དང་ལྡན་པའི་སྒྲས་འབོད་ཅིང་སྤོས་རོལ་བྱ། དེ་ལྟར་ཕབ་པའི་ཡེ་ཤེས་སེམས་དཔའ་བརྟན་པར་གྱུར་པར་མོས་མཛོད། ཧྲཱིཿ འདིར་བྱོན་ཚེ་ཡི་ལྷ་ཚོགས་སོགས། དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ་ཕུལ། གཏེར་ཆེན་རིན་པོ་ཆེ་མཆོག་གི་ཕྱག་ལེན་ཞལ་རྒྱུན་ལྟར། ཐོག་མར་ལུས་ཀྱི་སྒྲིབ་པ་སྦྱང་ཕྱིར་སྐུ་བུམ་པའི་དབང་བསྐུར་བ་ལ་ཐུགས་དམིགས་འདི་ལྟར་གནང་བར་ཞུ། སློབ་དཔོན་གདོད་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་གསལ་བཞིན་པ་དང་། ཡང་གསང་

p. 628

ཚེ་དཔག་མེད་དམ་ཡེ་དབྱེར་མེད་ཐབས་ཤེས་ཁ་སྦྱོར་གྱི་ཚོམ་བུ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་དཀྱིལ་འཁོར་པ་རྣམས་ཀྱི་སྐུའི་ཆ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་བུམ་ནང་ནས་ཁོལ་ཞིང་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་བདེ་བ་ཆེན་པོས་ཁྱབ་པར་སྒོམས་ཤིག །ཧྲཱིཿ རང་གི་རང་རིག་སོགས། དེས་ཁྱེད་རང་རྣམས་ཀྱི་ལུས་ལ་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས་སྐུ་རྡོ་རྗེ་མངོན་དུ་གྱུར་པའི་མོས་པ་མཛོད། དེ་ནས་ཡང་གསང་ཚེ་དཔག་མེད་ཐབས་ཤེས་ཁ་སྦྱོར་གསུང་གི་ཡི་གེའི་འཕྲུལ་ཤར་བའི་དམ་པའི་ཆོས་ཀྱི་རང་སྒྲ་སྒྲོགས་པའི་གླེགས་བམ་གྱིས་དབང་བསྐུར་བས། ཁྱེད་རང་རྣམས་ཀྱི་ངག་ལ་གསུང་དབྱངས་དྲུག་ཅུའི་ནུས་པ་མཐར་ཕྱིན་ནས་འགྲོ་དོན་རླབས་པོ་ཆེ་མྱུར་བ་ཉིད་དུ་སྤྱོད་པར་ནུས་པའི་དབང་ཐོབ་པའི་མོས་པ་མཛོད། ཧྲཱིཿ རང་གི་རང་

p. 629

རིག་སོགས། དེས་གསུང་དབང་ངག་ལ་བསྐུར་བས་ངག་གི་སྒྲིབ་པ་དག་ནས་གསུང་རྡོ་རྗེ་མངོན་དུ་བྱས་པའི་མོས་པ་མཛོད། ད་བདེ་གཤེགས་ཚེའི་ཕོ་བྲང་གཏོར་མ་རིན་ཆེན་འབར་བ་སྐུ་རྟེན་དང་བཅས་པ་འདི་ཉིད་ཐར་པ་ཆེན་པོའི་གཞལ་མེད་ཁང་། འཇའ་ཟེར་ཐིག་ལེ་ལུ་གུ་རྒྱུད་མུ་མཐའ་བྲལ་བའི་ཀློང་ན། ཀ་དག་རང་རིག་རང་གསལ་གྱི་རང་མདངས་འོད་མི་འགྱུར་བ་ཚེ་དཔག་མེད་དམ་ཡེ་དབྱེར་མེད་ཐབས་ཤེས་ཁ་སྦྱོར་གྱི་ཚོམ་བུ། མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་འོད་ཟེར་དཔག་ཏུ་མེད་པ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། ཕུང་ཁམས་སྐྱེ་མཆེད་དུག་ལྔ་བདག་འཛིན་དང་བཅས་པ་རང་སར་དག །གཞི་རྗོགས་ཀློང་ཡངས་ཆེན་པོར་འཆི་མེད་རྡོ་རྗེ་དྭངས་མའི་སྲོག་ཏུ་སྨིན་ཅིང་གྲོལ། གནས་སྐབས་སུ་ཚེ་བསོད་ཡེ་

p. 630

ཤེས་འབྱོར་པ་དབང་ཐང་ཀླུང་རྟ་ཉམས་ཤིང་གུད་པ་སོར་ཆུད། བརྟན་དང་གཡོ་བའི་དྭངས་བཅུད་མ་ལུས་པ་བླ་སྲོག་གི་གཏེར་དུ་བསྡུས། འཆི་མེད་མགོན་པོའི་རྡོ་རྗེ་བཞི་དང་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཚེའི་དཔལ་གཏོར་གྱིས་དབང་བསྐུར་ཏེ། ཧྲཱིཿ རང་གི་རང་རིག་གསལ་བ་སོགས་སྔགས་དང་བཅས་བརྗོད། ཚེ་རིལ་ཚེ་ཆང་སྦྱིན་པ་ནི། བཀྲ་ཤིས་ཚེ་ཡི་རང་བཞིན་ཅན། །རྩི་བཅུད་སྙིང་པོའི་རིལ་བུ་འདི། །ཚེ་དཔལ་འགྱུར་བ་མེད་པའི་རྫས། །དངོས་གྲུབ་དམ་པ་འདི་རོལ་ཅིག ། ༧བཀྲ་ཤིས་ཚེ་མཆོག་རྒྱ་མཚོ་ཆེ། །འཆི་མེད་ལྷ་ཡི་བདུད་རྩི་དངོས། །ཚེ་རིང་དཔལ་གྱི་གཏེར་ཆེན་པོའི། །དངོས་གྲུབ་དམ་པ་རྟག་རོལ་ཅིག །ཅེས་བརྗོད་ལ་བར་སྐབས་སུ་ཚེ་གཟུངས་རྣམས་བཟླའོ། །གྲངས་གསོག་སྐབས། ཡང་གཏོར་མ་འཆི་མེད་རྡོ་རྗེ་ཚེའི་ལྷ་ཚོགས་སུ་གསལ་བའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་འོད་ཟེར་ཁ་དོག་སྣ་

p. 631

ཚོགས་ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཧྲཱིཿ རང་གི་རང་རིག་གསལ་བ་སོགས་སྔར་ལྟར་གྱི་གྲངས་འཛིན་ནས། མཐར། དེ་ལྟར་ཡང་ཟབ་ཨ་ཏི་ཡོ་གའི་ལུགས་ཀྱི་ཚེ་དབང་ཟབ་མོ་ལེགས་པར་གྲུབ་པས་གནས་སྐབས་སུ་འཇིགས་པ་བརྒྱད་དངབཅུ་དྲུག །ཁྱད་པར་དུ་དུས་མ་ཡིན་པའི་འཆི་བ་ཟློག་ཅིང་། མཐར་ཐུག་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་དབྱིངས་དང་ཡེ་ཤེས་སུ་དབྱེར་མེད་འགྱུར་ལ། སྐབས་སུ་བབ་པའི་དམ་ཚིག་སྲོག་གཅོད་པ་དང་། འདོད་པས་ལོག་སྤྱོད། གདུག་ཅན་ཨར་ལ་གཏད་པ་སོགས་སྤང་བྱ། སྲོག་བསླུ་ཉེ་འདོན་སཱཙྪ་བཏབ་པ་སོགས་བླང་བྱ། ཁྱད་པར་རང་གི་སྒོ་གསུམ་ཡེ་ནས་ཚེ་ལྷའི་རང་བཞིན་དེའི་ཏིང་འཛིན་དང་མ་བྲལ་བར་སློབ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་

p. 632

སོགས། གཏང་རག་གི་དོན་དུ་མཎྜལ་ཕུལ། ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། དེ་ལྟར་ཚེ་སྒྲུབ་ཡོངས་ཀྱི་ཟབ་པའི་མཐར་ཐུག་གུ་རུ་རིན་པོ་ཆེའི་ཐུགས་བཅུད་འཆི་མེད་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སོགས་བརྗོད་མཐར་འཁོར་གསུམ་སྤྲོས་བྲལ་ཀ་དག་རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་བཞག་ཅིང་། བཀྲ་ཤིས་དང་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་བར་བྱའོ། །དེ་ལྟར་རིག་འཛིན་མི་འགྱུར་རྡོ་རྗེའི་སྐྱེས་རབས་ཀྱི་ཕྲེང་བ་བཞི་པ་མཆོག་སྤྲུལ་གང་དེའི་འགྲོ་དོན་ཆེད་དུ་དབོན་ཀརྨ་བདེ་གསལ་གྱིས་བཞེད་ངོར་སི་ཏུ་པདྨའི་མིང་ཅན་གྱིས་བཀོད་པ་བསྟན་འགྲོ་ཡོངས་ལ་ཕན་དང་བདེ་བའི་རྒྱུར་གྱུར་ཅིག །ཤུ་བྷྃ། མངྒ་ལཾ།། །།འདི་གའི་གཏོར་དབང་གོང་དུ་སྐུ་གསུང་ཐུགས་ཀྱི་དབང་བཀོད་པ་ཉིད་མཁན་རཏྣས་ཟུར་མཆན་གནང་བཞིན་དཀྱུས་སུ་བྲིས་པ་ལགས།

དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་གུ་རུའི་དགོངས་གསལ། རིག་འཛིན་ཚེ་དབང་ནོར་བུ།

p. 633

༄༅། །དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་གུ་རུའི་དགོངས་གསལ་ཞེས་བྱ་བ་བཞུགས་སོ། །

p. 634

ན་མོ་གུ་རུ་པདྨ་ཀ་ར་ཡེ། གདོད་མའི་སངས་རྒྱས་ཚེ་བདག་འོད་དཔག་མེད། །འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་གཏེར། །ཀུན་འདུས་བླ་མ་ནོར་བུ་པདྨ་འབྱུང་། །དེ་ལ་བཏུད་དེ་དབང་ཆོག་འདིར་བཤད་བྱ། འདིར་བླ་མའི་སྒྲུབ་ཐབས་ཐམས་ཅད་ཀྱི་ཉིང་ཁུ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བསྐུར་བའི་ཚུལ་ལ། ཡང་ཟབ་རྩ་བའི་རྒྱུད་ལེའུ་བརྒྱད་པ་ལས། །དབང་བཞི་གདན་ཐོག་གཅིག་ཏུ་བསྐུརཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿ རྫས་བཤམས་བདག་གཞན་དབང་བླངས་ནཿ བྱིན་རླབས་མྱུར་འབེབས་སྨིན་གྲོལ་འགྱུརཿ དབང་གི་ལེའུ་གསུམ་པའོཿ ཞེས་གསུངས་པ་ལྟར། སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང་། དངོས་གཞི་བསྒྲུབ་ཅིང་དབང་བསྐུར་བའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཡིད་དང་མཐུན་པའི་གནས་སུ་མཎྜལ་པདྨ་འདབ་བརྒྱད་ལ་འོད་ལྔའི་མུ་ཁྱུད་དང་རྡོ་རྗེའི་ཕྲེང་བ་མེ་རིས་བསྐོར་ཞིང་ལྟེ་བར་ཉི་ཟླ་རྡོ་རྗེ་ཐོད་པའམ་ཧྲཱིཿཡིག་ཐིག་

p. 635

ལེ་གང་བདེ་བཀོད་ལ། དེ་ཙམ་མ་ལྕོགས་ན་འབྲུ་དཀར་གྱི་ཚོམ་བུ་བཀོད་པའི་དབུས་ཀྱི་སྟེགས་བུར་ལྔ་ཚན་བདུན་གྱིས་བཀང་བའི་བུམ་པ་རྒྱན་ལྡན་བཤམས་པའི་མཐའ་བསྐོར་དུ་དབང་རྫས་ཐོད་པའི་བདུད་རྩི། ཁ་ཊྭཱཾ་ག །ཤེལ་རྡོ། སྒྲུབ་སྐོར་གླེགས་བམ། གཏེར་སྲུང་གི་གཏོར་མ་རྣམས་དང་། གཞན་ཡང་མཆོད་གཏོར། སྨན་རཀ །ཉེར་སྤྱོད་ཕྱི་ནང་གི་མཆོད་པ། ཚོགས་ཀྱི་འཁོར་ལོ་བཅས་བཤམས་ཤིང་། སློབ་དཔོན་གྱི་མདུན་དུ་ལས་བུམ་རྡོར་དྲིལ་ཌཱ་རུ་འཐོར་ནས་རྣམས་ཀྱང་འདུ་བྱའོ། །གཉིས་པ་སྒྲུབ་ཅིང་དབང་བསྐུར་བ་ནི། དེ་ཡང་གཏེར་གཞུང་ལས། རང་ལ་དབང་ལེན་པ་དང་གཞན་ལ་སྦྱིན་པ་སོགས་ཐམས་ཅད་ལ་མཚམས་གཅོད་སྲུང་འཁོར་སྐྱབས་འགྲོ་ནས་ལས་གཞུང་ཚོགས་དང་བཅས་པ་སྒྲུབ་བསྐུལ་བརྩོན་པར་བྱའོ༔ ཞེས་གསུངས་པ་ལྟར། ཐོག་མར་སྐྱབས་སེམས་ནས་བརྩམས་ཏེ་བཟླས་པའི་བར་རྩ་བའི་ལས་བྱང་བཞིན་བདག་མདུན་ཕྱམ་གཅིག་

p. 636

ཏུ་བསྒྲུབས་ནས་བཟླས་པ་ཅི་ནུས། མཐར་གུ་རུ་དྲག་པོ་དང་སེང་གདོང་མའི་གཏོར་འབུལ་དང་བཟླས་པ་ཅི་རིགས་བྱས་ལ། ལས་བུམ་ཡང་རྡོར་སེམས་སམ་རྟ་མགྲིན་ལྟ་བུ་བསྐྱེད་ལ་སྔགས་ཀྱིས་བྱིན་གྱིས་བརླབ། ཚོགས་ཕུད་འབུལ། སྐོང་བ་གྲུབ་ནས་འོག་ཏུ་སློབ་མ་ལ་བྱ་བ་བཞིན་ཏིང་འཛིན་གསལ་པོས་བདག་འཇུག་ལེགས་པར་བླང་ངོ་། །དེ་ལྟར་བདག་འཇུག་བླང་བ་ནི་སྤྱིར་སྔགས་སྡོམ་གསོ་བའི་ཡན་ལག་ཏུ་ངེས་པར་དགོས་གལ་ཆེ་བས་སློབ་མར་དབང་བསྐུར་སྐབས་ཁོ་ན་ཙམ་མ་ཡིན་པར་ཚེས་བཅུ་སོགས་དུས་བཟང་ཁྱད་པར་ཅན་རྣམས་སུ་ངེས་པར་ཅི་ནུས་བླང་བ་ཡིན་ལ། འདིར་གཏེར་གཞུང་རྩ་བར། བདག་གཞན་དབང་བླང་ན༔ ཞེས་དང་། རང་ལ་དབང་ལེན་པ་དང་གཞན་ལ་བྱིན་པ་ཞེས་གསུངས་པས་དོན་འདི་གསལ་བར་བསྟན་པའང་ཡིན་ནོ། །དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་ལ་གཏོར་མ་བྱིན་བཀའ་བསྒོས། མཚམས་གཅོད་སྲུང་བའི་འཁོར་ལོ་བསྒོམ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་རྣམས་བྱས་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ། དེའི་ཆེད་དུ་ཡང་ཟབ་བླ་མའི་སྒྲུབ་ཐབས་དཀོན་མཆོག་སྤྱི་འདུས་ཀྱི་བྱིན་རླབས་དབང་བསྐུར་ཞུ་སྙམ་པའི་

p. 637

རྟོག་པ་བསྡུས་ཏེ་ཡིད་རྩེ་གཅིག་མོས་པ་བརྟན་པོས་གསན་པར་ཞུ། དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱའི་བློ་དང་འཚམས་པར་ཐར་པའི་འཇུག་སྒོ་དམ་པའི་ཆོས་ཚུལ་ཇི་སྙེད་གསུངས་པ་ལས་མཆོག་ཏུ་གྱུར་པ་འབྲས་བུ་གསང་སྔགས་རྣལ་འབྱོར་བླ་ན་མེད་པ་སྟེ། དེའི་ཡང་སྤྱིར་བྱིན་རླབས་ཀྱི་འཇུག་སྒོ་རྨད་དུ་བྱུང་ཞིང་ཁྱད་པར་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་མཆོག་བདེ་བར་གཤེགས་པ་ཡོངས་སུ་འདུས་པའི་ངོ་བོ་ཆིག་དྲིལ་ལམ་ཟབ་མོ་བླ་མའི་སྒྲུབ་པ་ཁོ་ན་ཡིན་ལ། དེ་ཡང་བདུད་རྩི་འབྱུང་བའི་རྒྱུད་ལས། ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་གཅིག་པུ་སྒོམ་པ་མཆོག །ཅེས་དང་། རྒྱུད་ཆེན་དྲྭ་བ་ལས། བླ་མ་སངས་རྒྱས་ཀུན་གྱི་རྗེ། །རྒྱལ་བའི་མན་ངག་གསང་ཆེན་རྣམས། །

p. 638

སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གཙོ་རུ་བླ་མ་རྡོར་འཛིན་བསྒོམ། །ཞེས་དང་། སངས་རྒྱས་འདུས་པ་ལས། གང་གིས་གདུལ་བྱའི་ཡིད་གཞན་དུ། །བླ་མ་སྒྲུབ་པའི་ཐབས་བརྩམས་ཏེ། །དེ་ཉིད་དོན་དུ་སུས་གཉེར་བ། །ཐེག་ཆེན་བླ་མའི་ས་ཡིས་ནོན། །ཀུན་གྱི་བདག་ཉིད་ཆེན་པོར་འགྱུར། །ཞེས་གསུངས། ནམ་མཁའ་ཆེའི་རྒྱུད་ལས། ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི། །དོན་རྟོགས་འདོད་ན་བླ་མ་བསྒྲུབ། །ཅེས་སོགས་ལུང་འབྱམས་ཀླས་པར་འབྱུང་བ་བཞིན་བླ་མའི་སྒྲུབ་ཐབས་ནི་མཆོག་དང་གཙོ་བོར་གྱུར་པ་སྟེ། དེ་ཡི་སྒྲུབ་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ལས་འདིར་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་རང་གཟུགས་གདོད་མ་ཉིད་ནས་ཆོས་སྐུ་ཀུན་ཏུ་བཟང་པོར་མངོན་པར་བྱང་ཆུབ་པ་ཉིད་པདྨ་རྣམ་པར་བཀོད་པའི་ཞིང་དུ་འོད་སྣང་

p. 639

དཔག་མེད་གངས་ཆེན་མཚོ་སོགས་ལོངས་སྤྱོད་རྫོགས་པའི་སྐུ་དང་ཐུགས་རྗེའི་གདུལ་ཞིང་འབྱམས་ཀླས་པར་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལས། མི་མཇེད་འཇིག་རྟེན་འདིར་ཡང་བསྐལ་པ་བཟང་པོའིསངས་རྒྱས་སྟོང་ལ་དབང་བསྐུར་ནས་ལུང་སྟོན་པར་བྱེད་པ་པོ་སངས་རྒྱས་ནུས་ལྡན་རྡོ་རྗེར་གྱུར་ཅིང་། བསྐལ་བཟང་སངས་རྒྱས་རེ་རེ་བཞིན་དེ་ཡི་ཕྲིན་ལས་མཐའ་དག་གི་བྱེད་པོ་རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུར་རྟག་ཏུ་སྤྲུལ་བཞིན། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་ལ་ཡང་སྲིད་པ་གསུམ་དང་འཛམ་གླིང་འགྲོ་བ་རྣམས་ལ་རྒྱལ་བ་ཉིད་དང་དབྱེར་མེད་པའི་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་ཏེ། རྒྱལ་བ་དེ་ཉིད་ལ་གངས་ཅན་གྱི་རྗེ་

p. 640

འབངས་སྐལ་ལྡན་ལས་ཅན་རྣམས་ཀྱིས་གསོལ་བ་བཏབ་པར་བརྟེན་ཟབ་རྒྱས་ཆོས་ཚུལ་ཇི་སྙེད་གསུངས་ཤིང་སྙིགས་མའི་དོན་དུ་ཟབ་མོའི་གཏེར་དུ་སྦས་པར་མཛད་པ་ལས། འདི་ནི་གཏེར་སྟོན་ཆེན་པོ་འཇའ་ཚོན་སྙིང་པོའམ་ལས་འཕྲོ་གླིང་པས་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྐོར་ཏེ། དེ་ཡང་གཏེར་སྟོན་ཉིད་ནས་རིག་འཛིན་རྩལ་འཆང་མཆོག་གི་བརྒྱུད་པ་བར་མ་ཆད་པ་དྲིན་ཅན་བླ་མ་དམ་པའི་བར་རིམ་པར་བརྒྱུད་པ་དང་། དེ་བཞིན་རིག་འཛིན་ཆེན་པོ་བདུད་འདུལ་ནུས་ལྡན་རྡོ་རྗེས་སྒྲོ་བྲག་བན་རི་པདྨ་འོད་ནས་བཏོན་པའི་བླ་སྒྲུབ་པདྨ་འོད་འབར་གྱི་བྱིན་རླབས་ཀྱང་རྗེ་བླ་མས་གསན་པ་འདི་དང་ཚིག་དོན་ཕལ་ཆེར་མཚུངས་པའི་ཕྱིར་ཆུ་བོ་གཅིག་འདྲེས་སུ་ཡང་འགྱུར་ཞིང་། བླ་མ་དམ་པ་དེ་ཐམས་ཅད་ཀྱིས་

p. 641

ཐུགས་ཉམས་སུ་བསྟར་ཞིང་བྱིན་རླབས་ཀྱི་ཆུ་རྒྱུན་ཆེན་པོ་མ་ནུབ་པར་གནས་པ་ལགས། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དེ་ཉིད་ཀྱི་དབང་དུ་བྱས་ན། གཏེར་གཞུང་ལས། ཨེ་མ་ཧོཿ དཀོན་མཆོག་སྤྱི་འདུས་དམ་ཆོས་ཡང་སྙིང་འདི༔ དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་འདུས༔ ཐེག་པའི་ཡང་རྩེ་རྩོད་མེད་ཨ་ཏི་ཆེ༔ རྒྱུད་དྲུག་འཁོར་བའི་སེམས་ཅན་སྒྲོལ་བའི་ཆོས༔ ཞེས་དང་། ཉང་བན་གྱི་ཞུས་ལན་ལས་ཀྱང་། རྩོད་ལྡན་སྙིགས་དུས་ཀྱི་ངང་ཚུལ་མང་དུ་གསུངས་པའི་མཐར་སྡུག་བསྔལ་དེ་རྣམས་ལས་སྐྱོབ་པའི་ཐབས་ནི་ཁོ་བོ་པདྨའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་དེ་ཡི་ཚེ་ཤུགས་ཆེ་བས་ས་སྟེང་ཆོས་ཀྱིས་བཀང་ཡོད་པ་ཡང་དེ་རྣམས་ལ་དགོངས་པ་ཡིན༔ ཁྱད་པར་ཐུགས་སྒྲུབ་ཀུན་གྱི་ཡང་གསང་དཀོན་མཆོག་སྤྱི་འདུས་འདི་ཡང་ཉང་བན་ཏིང་འཛིན་བཟང་

p. 642

པོའི་སྤྲུལ་པ་ཞིག་གིས་རྙེད་ནས་དུས་ངན་གྱི་སེམས་ཅན་འགའ་ཞིག་ལ་ཕན་པར་ཡོང་༔ ཆོས་འདི་ཞལ་ཕྱེས་པ་ཙམ་གྱིས་མཐའ་དམག་ཕྱིར་བསྲིང་ནུས༔ ས་ཕྱོགས་དེར་ཡང་ལོ་ཕྱུགས་ལེགས་པ་དང་༔ རླུང་འཚུབས་ཆུང་༔ དད་དང་འདུན་པ་བྱེད་པའི་དུད་འགྲོ་ཡན་ཆད་བདེ་ཆེན་དག་པའི་ཞིང་དུ་འགྲོའོ༔ གཞན་ཡང་ཟབ་གཏེར་འདི་ཉིད་བྱིན་རླབས་ཀྱི་སོ་མ་ཉམས་པར་དད་ལྡན་རྣམས་ལ་དབང་ལུང་སྟོན་པ་ན་དུས་མཐའི་སྐྱེ་འགྲོ་རྣམས་ཡིད་བཞིན་ནོར་བུ་རྙེད་པ་ལས་ཀྱང་འཚེངས་ཆེའོ༔ དེར་མ་ཟད་འདི་ཉིད་འཆང་བ་དང་མཆོད་བསྟོད་བསྔགས་པ་བརྗོད་ཅིང་སྙན་པ་ཐོས་པ་ཙམ་ཡང་བདེ་བར་གཤེགས་པའི་སྲས་དམ་པར་འགྱུར་རོ༔ ལས་སྒྲིབ་ཐམས་ཅད་དུང་དཀར་ཕྱིས་པ་ལྟར་འགྱུར་རོ༔ ཚོགས་གཉིས་ཀྱི་བྱ་བ་སྐར་ཚོགས་རྒྱས་པ་ལྟར་འགྱུར་རོ༔ རྒྱལ་པོའི་ཆད་པ་ལ་སོགས་

p. 643

འཇིགས་པ་བརྒྱད་ལས་གྲོལ་བར་འགྱུར་རོ༔ མཛེ་ལ་སོགས་པའི་རྣམ་སྨིན་གྱི་ནད་ཐམས་ཅད་སྲབ་ཅིང་བྱང་བ་དང་༔ གཅོང་ནད་ཞ་གྲུམ་དང་མིག་ནད་ལ་སོགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ཚེ་དང་བསོད་ནམས་ལ་སོགས་པའི་འབྱོར་པ་དྲུག་ལྡན་དུ་འགྱུར་ཞིང་༔ བུ་འདོད་པ་ཡང་རིགས་རྒྱུད་འཕྲལ་དུ་འཕེལ་བར་འགྱུར་རོ༔ མོས་ཚུལ་བཞིའི་དབང་དང་ལྡན་ཞིང་ལྷ་སྲིད་སྡེ་བརྒྱད་དཔུང་དང་བཅས་པའང་ཕྱི་བཞིན་དུ་འབྲང་བ་དང་བཀའ་ཉན་པར་འགྱུར་རོ༔ ཚེ་ཟད་པ་དང་ཉམས་པ་ཡང་གསོ་ནུས་ཤིང་བློ་གྲོས་མི་ཟད་པ་དང་ཤེས་རབ་ཕྱོགས་མེད་དུ་འབར་བར་འགྱུར་རོ༔ དྲག་པོའི་ལས་ཐམས་ཅད་ཀྱང་འཕྲལ་དུ་འགྲུབ་ཅིང་༔ དུས་ཀྱིས་འཆི་བ་ཡང་བར་དོར་རང་ངོ་ཤེས་ཤིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཆོས་འདི་ལ་ཐེ་ཚོམ་དང་༔ ཡོན་ཏན་འབྱུང་

p. 644

བར་མི་རིགས་པར་ལྟ་བ་ཀུན་ཀྱང་ཐུགས་རྗེས་ཟིན་ཏེ་ལས་ངན་མྱོང་རྗེས་སུ་ལམ་སྣ་ཐར་པ་ལ་སྦྱོར་བར་འགྱུར་རོ༔ དེས་ན་སྒྲུབ་མཆོད་སྒོམ་པ་ལྟ་ཅི་སྨོས༔ ཞེས་གསུངས་པ་ལྟར་ཡིན་ལ༔ ཐུགས་སྒྲུབ་གཞན་ལས་ཀྱང་། ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་པའི་དོན་བཞིན་བླ་སྒྲུབ་ཐམས་ཅད་ཀྱི་རྩ་བ་ཀུན་འདུས་ཡིད་བཞིན་ནོར་བུའི་དབང་བསྐུར་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྗོད། སློབ་མས་ཀྱང་མཎྜལ་འབུལ། གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་རེ་རྣམས་ཀྱི་གནས་འདི་ཐ་མལ་མ་ཡིན་པ་དག་པའི་ཞིང་ཁམས་འོག་མིན་པདྨ་

p. 645

འོད་ཀྱི་གཞལ་ཡས་ཁང་ཆེན་པོ་དང་། སློབ་དཔོན་སངས་རྒྱས་ཀུན་འདུས་ཀྱི་སྤྱི་དཔལ་མ་ཧཱ་གུ་རུ་པདྨ་འོད་འབར་དངོས་སུ་གསལ་བ་ལ། མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོཿ དཀོན་མཆོག་སྤྱི་འདུས་བླ་མ་ནི༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ དཔའ་བོ་ཆེན་པོས་རྗེས་སུ་ཟུངས༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བརྗོད་དེ། གནང་བ་བྱིན་ཅིང་དམ་ལ་བཞག་པ་ནི༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང་༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ ཅེས་རྡོ་རྗེ་སྤྱི་བོར་བཞག་ཅིང་སྙིང་གར་རེག་ལ། བཛྲ་རཀྴ་སཱི་ཧཱུྃ་ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་རྗེས་ཟློས་ཀྱིས་སློབ་མས་བྲོ་བོར་རོ༔ དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི༔

p. 646

ཁྱེད་རང་རྣམས་ཀྱི་མདུན་གྱི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་པདྨ་འོད་འབར་དབྱེར་མེད་པ་ལ་འཁོར་བརྒྱུད་པའི་བླ་མ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པ་ལ་སྐྱབས་སུ་འགྲོ་ཞིང་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ༔ དེའི་ཆེད་དུ་ཡང་ཟབ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་བསྒྲུབ་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཡན་ལག་བདུན་པ་ནི། སྐྱབས་ཡུལ་དེ་

p. 647

རྣམས་ཀྱི་སྤྱན་སྔར་ཐབས་ཁྱད་པར་ཅན་ཡན་ལག་བདུན་ལྡན་གྱི་སྒོ་ནས་ཚོགས་བསག་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ་༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་ལན་གསུམ། ཡེ་ཤེས་དབབ་པ་ནི་སློབ་མ་ལ་ལས་བུམ་གྱི་བསང་ཆུ་གཏོར་ལ། ཨོཾ་སྭ་བྷཱ་ཝ་སོགས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བདག་གཞན་དངོས་འཛིན་གྱི་རྟོག་

p. 648

པ་མཐའ་དག་སྟོང་པ་དེ་ལས་སྐད་ཅིག་གིས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་ཀྱི་རང་སེམས་རིག་པའི་ངོ་བོ་ལྷུག་པར་གནས་པ་དེ་ཉིད་མ་ཧཱ་གུ་རུ་པདྨ་འོད་འབར་དུ་སྣང་བ་ཚིག་འདིས་གསལ་བཏབ་བཞིན་དུ་སྒོམས་ཤིག །ཧྲཱིཿ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ན་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་

p. 649

འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ༔ མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ༔ སློབ་དཔོན་དང་དཀོན་མཆོག་སྤྱི་འདུས་པདྨ་འབྱུང་གནས་དབྱེར་མ་མཆིས་པའི་ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་ཁམས་ཁེང་༔ དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མ་ལུས་ཤིང་ལུས་པ་མེད་པ་སྤྱན་དྲངས༔ དེ་ཐམས་ཅད་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་རྣམ་པ་འོད་ཟེར་དང་བཅས་ཤིང་། དེ་ཡང་སྐུའི་བྱིན་རླབས་ཐམས་ཅད་པདྨ་འབྱུང་གནས་ཀྱི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ་

p. 650

ཆུང་བ་ཉུངས་འབྲུ་ཙམ་དང་ཏིལ་འབྲུ་ཙམ། གསུང་གི་བྱིན་རླབས་ཐམས་ཅད་ཡིག་འབྲུ་ཨཱ་ལི་ཀཱ་ལི་རྒྱ་ཡིག་བོད་ཡིག་ལ་སོགས་ཁ་དོག་སྣ་ཚོགས་དང་། ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་དྲིལ་བུ་དང་པདྨ་རིན་ཆེན་ཁ་ཊྭཱཾ་དབྱུག་ཏོ་ལ་སོགས་པ་སྟེང་འོག་བར་གསུམ་ཐེམ་མེར་ནེམ་མེར་ཏིལ་གྱི་གོང་བུ་ལྟར་གང་ཞིང་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་འདུན་དྲག་པོ་མཛོད་ཅིག །ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་བཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་

p. 651

དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ཡེ་ཤེས་ཕེབས་པའི་རྟགས་མ་བྱུང་བར་བསྐྱར་ནས་འབེབས། སྤྲོ་ན་གར་འཁྲབ་དབྱངས་དང་བཅས་ཏེ་བྱའོ། །མཐར་ཏིཥྛ་བཛྲ་གྱིས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ནས་བརྟན་པར་བྱའོ། །དེ་ལྟར་ཡེ་ཤེས་དབབ་པ་ནི་ཤིན་ཏུ་གལ་ཆེ་བ་དབང་གི་རྩ་བ་ལ། རྫས་དབང་ཕལ་ཆེར་དེ་བརྟན་བྱེད་དུ་སྒྲུབ་པ་ཡིན། དེ་ནས་དབང་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་ཕྱིར་དུ་མཎྜལ་འབུལ་དུ་གཞུག་ལ། དབང་བཞི་རིམ་པས་བསྐུར་བ་ཡི་དང་པོ་བུམ་པའི་དབང་ལ། དེ་ཡང་སྐུར་མཁན་གྱི་བླ་མ་ནི་པདྨ་འབྱུང་གནས་སྤྲུལ་པའི་སྐུ་ཡི་བདག་ཉིད། བསྐུར་བའི་གནས་ནི་ཁྱེད་རང་རྣམས་ཀྱི་སྤྱི་བོར། ཇི་ལྟར་བསྐུར་བའི་ཚུལ་ནི། བླ་མའི་སྨིན་མཚམས་

p. 652

ཀྱི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་འཕྲོས་ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་སྣང་སྟོང་པདྨ་འབྱུང་གནས་གྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། དེ་མཚོན་བྱེད་དུ་རྫས་ཀྱི་རྣམ་པ་བུམ་པ་འདི་ཡང་ཕྱི་བུམ་པ་མཚན་ཉིད་ཀུན་ཚང་། ནང་དཀོན་མཆོག་རྩ་གསུམ་ཀུན་འདུས་གུ་རུ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིིན་དུ་གྱུར་པས་ཁྱེད་རང་རྣམས་ཀྱི་དྲི་མ་འཁྲུད་ཅིང་དབང་བསྐུར་ཐོབ་པའི་འདུན་པ་མཛོད། ཅེས་བརྡ་སྤྲད་ལ་བུམ་པ་ཐོགས་ཏེ། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃཿ སྐུ་ཡི་སྨིན་མཚམས་ཨོཾ་དཀར་ལས༔ འོད་ཟེར་སྐར་མདའ་ཆད་པ་ལྟར༔ སྐལ་ལྡན་

p. 653

བུ་ལ་གཉིས་མེད་ཐིམ༔ བུམ་དབང་ཐོབ་ནས་སྣང་སྟོང་བསྒོམ༔ པདྨ་འབྱུང་གནས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པས་དབང་བསྐུར་བུམ་ཆུ་སྦྱིན། དེ་ཡི་གཏེར་གཞུང་རྩ་བར་རྫས་དབང་བུམ་པ་དང་། ཡང་འགྲེལ་དུ་གུ་རུའི་སྐུ་འབག་གསུངས་པ་ཡང་གདམ་ཀ་ཅན་དུ་ཤེས་སོ། །དེ་ལྟར་བུམ་པའི་དབང་ཐོབ་པས་ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་བསྐྱེད་རིམ་མ་ཧཱ་ཡོ་གའི་རྣལ་འབྱོར་བསྒོམ་པ་ལ་དབང་བའོ། །ཞེས་དོན་ངོ་སྤྲད། གཉིས་པ་གསང་དབང་ནི། བསྐུར་བ་པོ་བླ་མ་ནི་པདྨ་འབྱུང་གནས་ལོངས་སྤྱོད་རྫོགས་སྐུར་ཤེས་པས། ཇི་ལྟར་བསྐུར་བའི་ཚུལ་ནི། གུ་རུའི་ལྗགས་སྟེང་གི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་མར་མེའི་རྩེ་མོ་ལྟ་བུ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་

p. 654

གྲགས་སྟོང་གུ་རུ་པདྨའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། མཚོན་བྱེད་དུ་རྫས་ཀྱི་རྣམ་པ་ཐོད་པའི་བདུད་རྩི་འདི་ཡང་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འབྱུང་གནས་ཀྱི་ཁ་ཊྭཱཾ་ག་ཡུམ་ཡེ་ཤེས་མཁའ་འགྲོ་མར་གྱུར་པ་དང་སྙོམ་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཞལ་དུ་ཞུགས་སྐུའི་རྩ་གནས་བརྒྱུད། རྗེས་སུ་ཆགས་པའི་མེས་ཞུ་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་དེ་ལྕེ་སྟེང་དུ་མྱོང་བས་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག །བྱས་ལ་ཐོད་པའི་བདུད་རྩི་ཐོགས་ཏེ། ཧྲཱིཿ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་

p. 655

རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ གསུང་གི་ལྗགས་སྟེང་ཨཱཿདམར་ལས། འོད་ཟེར་མར་མེའི་རྩེ་མོ་ལྟར༔ སྐལ་ལྡན་ལྕེ་ལ་གཉིས་མེད་ཐིམ༔ གསང་དབང་ཐོབ་ནས་ངག་རླུང་བསྒོམ༔ པདྨ་འབྱུང་གནས་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བྱིན་པ་མྱང་། དེ་ལྟར་གསང་བའི་དབང་ཐོབ་ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་རྫོགས་རིམ་ཨ་ནུ་ཡོ་ག་སྟེ་རང་བྱིན་གྱིས་རླབས་པ་བསྒོམ་པ་ལ་དབང་བའོ། །ཞེས་དོན་ངོ་སྤྲད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། དབང་བསྐུར་བ་པོ་བླ་མ་ནི་པདྨ་འབྱུང་གནས་ཆོས་སྐུ་སྤྲོས་བྲལ་གྱི་བདག་ཉིད་ཅན་དུ་ངེས་ལ། བསྐུར་བའི་གནས་ཁྱེད་རང་གི་སྙིང་ག །ཇི་ལྟར་བསྐུར་བའི་

p. 656

ཚུལ་ནི། གུ་རུའི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་སྔོན་པོ་སྤོས་རེངས་ཀྱི་དུ་བ་ལྟ་བུ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་གསལ་སྟོང་པདྨ་འབྱུང་གནས་ཀྱི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས་པ་རྩ་བ་དང་། མཚོན་བྱེད་ཁ་ཊྭཱཾ་ག་འདི་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མར་ཤེས་ནས་འདོད་ཆགས་ཆེན་པོ་བཞི་ཡོངས་སུ་བསྐྱེད་དེ་ཡས་བབ་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བར་བྱེད་པའི་དབང་བསྐུར་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྤྲད་ནས་ཁ་ཊྭཱཾ་ག་ཐོགས་ལ། ཧྲཱི༔ དཀོན་མཆོག་སྤྱི་འདུས་རིགས་ཀྱི་བདག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་རིན་པོ་ཆེ༔ བྱིན་རླབས་ཀློང་ཡངས་རང་བཞིན་འབར༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀྱི་ཧཱུྃ་སྔོན་འོད་འབར་ལས༔ འོད་ཟེར་སྤོས་རེངས་དུ་བ་ལྟར༔ སྐལ་ལྡན་སེམས་ལ་གཉིས་མེད་ཐིམ༔ ཤེར་

p. 657

ཡེའི་དབང་ཐོབ་གསལ་སྟོང་བསྒོམ༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཁ་ཊྭཱཾ་ག་སྙིང་དཀར་ནག་མཚམས་སུ་གཏད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ཨ་ཏི་ཡོ་ག་སྟེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་བའོ། །ཞེས་དབང་དོན་ངོ་སྤྲད། བཞི་པ་ནི། དེ་ཡང་དབང་བསྐུར་བ་པོ་བླ་མ་ནི་པདྨ་འབྱུང་གནས་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་བདག་ཉིད་ཅན། བསྐུར་བའི་གནས་ནི་ཁྱེད་རང་རྣམས་ཀྱི་ལྟེ་བ་སོགས་གནས་ལྔ། ཇི་ལྟར་བསྐུར་བའི་ཚུལ་ནི་གུ་རུའི་ལྟེ་བ་ལ་སོགས་གནས་ལྔ་ནས་འོད་ཟེར་ཆུ་ལ་འཇའ་ཚོན་ཤར་བ་ལྟ་བུ་བྱུང་། ཁྱེད་རང་གི་གནས་དེ་དག་ཏུ་ཐིམ་པས་སྐུ་

p. 658

གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་པ་རྩ་བ་དང་། མཚོན་བྱེད་རྫས་ཀྱི་རྣམ་པ་ཤེལ་རྡོ་འདིའི་བརྡ་ལ་བརྟེན་ནས་ངོ་སྤྲད་པས་བརྡ་དོན་ཐབས་ཤེས་ཟུང་འཇུག་གཉིས་མེད་ཡེ་ཤེས་སྒྲ་ཚིག་ལས་འདས་པའི་ཆོས་སྐུ་རུ་ངོ་ཤེས་པར་བྱེད་པ་དབང་བཞི་རྩལ་རྫོགས་སུ་ཐོབ་པར་བྱས་བྱུང་སྙམ་པའི་མོས་འདུན་མཛོད་ཅིག །ཅེས་བརྡའ་སྤྲད་ལ་ཤེལ་རྡོ་ཐོགས་ལ། ཧྲཱིཿ དཀོན་མཆོག་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་འདུས་པའི་འོད་ཟེར་ནི༔ ནམ་མཁའ་ཆུ་ལ་འཇའ་ཤར་བཞིན༔ སྐལ་ལྡན་གནས་ལྔར་གཉིས་མེད་ཐིམ༔ དབང་བཞིའི་ཡེ་ཤེས་རྫོགས་ཆེན་བསྒོམ༔ པདྨ་འབྱུང་གནས་རང་བཞིན་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧོཿ འདིའི་མཚོན་བྱེད་རྫས་ཀྱང་ཡང་འགྲེལ་ལས་ཤེལ་དང་རྡོ་རྗེ་ཐོད་པ་གསུམ་ལ་བརྟེན་ནས་ངོ་སྤྲད་པར་གསུངས། དེ་ལྟར་དབང་བསྐུར་

p. 659

བས་སྒོ་གསུམ་གྱི་སྒྲིབ་པ་དག །འཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བའོ། །ཞེས་ངོ་སྤྲད། དབང་བཞི་པ་དང་འབྲེལ་བའི་རྒྱབ་རྟེན་དུ་སྲོག་ཕུར་གྱི་ལེའུ་འདོན་གསུངས་པ་ནི་འདི་ལྟ་སྟེ། དེ་ནས་པདྨའི་སྲོག་ཕུར་བསྟན༔ སེམས་ཉིད་པདྨ་འབྱུང་གནས་ཏེ༔ ལོགས་ནས་བསྒོམ་དང་བསྒྲུབ་ཏུ་མེད༔ རང་སེམས་གསལ་ལ་མ་འགག་པ༔ རང་བྱུང་རང་ཤར་ཅིར་ཡང་སྣང་༔ ཞི་བ་ཚེ་དཔག་མེད་དུ་སྣང་༔ འཕགས་པ་སྤྱན་རས་གཟིགས་སུ་སྣང་༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་སྣང་༔ ཞལ་དང་ཕྱག་ནི་ཅིར་ཡང་སྣང་༔ དེ་དག་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་བྱུང་རང་ཤར་རང་སར་གྲོལ༔ ངོ་བོ་སྟོང་

p. 660

པ་ཆོས་ཀྱི་སྐུ༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས༔ རིག་རྩལ་འགགས་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་རང་ཆས་མ་སྒྲུབ་འགྲུབ༔ རང་ཉིད་ཡེ་ནས་པད་འབྱུང་ཡིན༔ སྲོག་ཕུར་ལེའུ་ལྔ་པའོ༔ ཞེས་པ་ནི། དབང་བསྐུར་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྟེ། དེ་ཡང་པདྨའི་སྲོག་ཕུར་ཞེས་པའི་མཚན་དོན་ནི། རྣམ་ཤེས་ཚོགས་བརྒྱད་པདྨའི་འདབ་མ་ལྟར་སྣང་བ་དེ་ཡི་སྙིང་པོ་བཞིན་རིག་པ་རང་བཞིན་གྱིས་འོད་གསལ་འདུས་མ་བྱས་པའི་རྟག་བརྟན་གཡུང་དྲུང་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ་དེ་རང་ངོ་ཚུལ་བཞིན་ཤེས་པས་གློ་བུར་བག་ཆགས་ཀྱི་དྲི་མ་སངས་ནས་ཚོགས་བརྒྱད་གནས་འགྱུར་ཏེ་བྲལ་འབྲས་ཆོས་སྐུ་མངོན་དུ་བྱེད་པ་སྟེ། དེ་ཡི་ལམ་བཞི་ཆ་གསུམ་བྲལ་ཆོས་ཀྱི་སྐུ་ངང་དྭངས་དགོངས་པ་ཤར་གྲོལ་ཆེན་པོ་ཟབ་གསལ་བདེ་བ་དབྱེར་མེད་གནད་

p. 661

དུ་ཕིགས་པ་དོན་གྱི་མཐར་ཐུག་འདི་ཁོ་ནའོ། །ཞེས་པ་ཡིན་པ་ཡང་ཤེས་པར་བྱའོ། །དེ་ནས་ལྔ་པ་མཐའ་རྟེན་རྡོ་རྗེ་སློབ་དཔོན་བདག་པོའིདབང་ངམ། འཆད་དབང་ནི་པོ་ཏི་ལུང་སྦྱིན་དུ་གྲགས་པའི་སྒོ་ནས་བསྒྲུབ་པ་སྟེ། གླེགས་བམ་མི་དམིགས་པ་སྟོང་པའི་ངང་ལས་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨཱ་ལི་བཅུ་དྲུག་གིས་མཚན་པ། དེའི་འོག་ཏུ་ཉི་མའི་དཀྱིལ་འཁོར་ཀཱ་ལི་སོ་བཞིས་མཚན་པ་སྟེ་ཉི་ཟླ་གའུ་ཁ་སྦྱོར། དེའི་དབུས་སུ་ཧཱུྃ་དཀར་པོ་ལ་ཡང་སྙིང་བཛྲ་གུ་རུས་བསྐོར་བ་དེ་དག་ལས་འོད་ཟེར་འཕྲོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཐམས་ཅད་བཛྲ་གུ་རུ་དང་ཨཱ་ལི་ཀཱ་ལིའི་རྣམ་པར་སྤྱན་དྲངས་ཐིམ་པར་གྱུར། བཛྲ་གུ་རུ་དབྱངས་གསལ་དང་བརྟན་བྱེད་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་དེ། མེ་ཏོག་གཏོར་བས། ཉི་ཟླ་ཨཀྵཿབཛྲ་གུ་རུ་རྣམས་འོད་དུ་ཞུ་གླེགས་

p. 662

བམ་དུ་གྱུར། དེ་ནས་གླེགས་བམ་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་ངོ་བོ་པདྨ་འབྱུང་༔ ཟབ་གཏེར་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་འདི༔ ལས་ཅན་རྣམས་ལ་སྒྲུབ་བཤད་བསྟན་ནས་ཀྱང་༔ མ་འོངས་དོན་ལྡན་འགྲོ་ཀུན་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང་། ཨཱ་ལི་ཀཱ་ལི་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་། གནས་གསུམ་དུ་དབང་བསྐུར་ནས་ལག་པར་གཏད། དབུགས་དབྱུང་བ་གཟེངས་བསྟོད་པ་དང་། དུང་འབུད་པ་དར་འཕྱར་བ་སོགས་དངོས་སམ་ཡིད་ཀྱི་སྒོ་ནས་སློབ་མའི་ངོ་སྐལ་དང་འཚམས་པར་བསྒྲུབ་བོ། །དེ་ནས་དྲུག་པ་གཏེར་སྲུང་མཁའ་འགྲོའི་སྲོག་གཏད་ནི། མཁའ་འགྲོའི་གཏོར་མར་སེང་གདོང་མ་བསྐྱེད་བསྟིམས་མཆོད་བསྟོད་བྱས་ནས། དུས་གསུམ་རྒྱལ་བའི་ཡུམ་གཅིག་སེང་གདོང་མ༔ ནམ་མཁའི་མདོག་ཅན་འོད་ཟེར་སྤྲུལ་པ་འགྱེད༔ མཐོང་དང་དྲན་པ་ཙམ་གྱིས་ཡེ་ཤེས་སྟེར༔ སྐལ་ལྡན་བུ་ལ་ལུས་དང་གྲིབ་མའི་ཚུལ༔ མི་འབྲལ་བྱིན་རླབས་ཕྲིན་ལས་དབང་

p. 663

ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་སེངྷ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་ཕྱི་ནང་གི་གཏེར་སྲུང་རྣམས་ཀྱིས་སྐལ་ལྡན་འདི་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་མཛད་དུ་གསོལ། ཞེས་གཏོར་མ་གནས་གསུམ་དང་ལག་པར་གཏད་པ་ཅི་རིགས་པ་བྱའོ། །དེ་ནས་བདུན་པ་ལྟ་བའི་རྩལ་དབང་ནི། དབང་གཞུང་ལས། གུད་དུ་སྦས་པ་སླར་ཚིག་དབང་རིན་པོ་ཆེ་འདོད་དོན་གྱི་ངོ་བོ་བསྟན་ཞེས་གསུངས་ཏེ། དེས་ན་འདི་བསྐུར་ཡུལ་སློབ་དཔོན་སྔོན་འགྲོ་ཐུན་མོང་ཐུན་མིན་གྱིས་རྒྱུད་སྦྱངས་ཤིང་སེམས་རྣལ་དབབ་སོར་གཞུག་གི་རྗེས་མཐུན་སྐྱེས་པ་ལ་འདི་སྟོན་པར་དགོངས་ནས་སླར་ཞེས་པའི་ཚིག་ནུས་ངེས་སྟོན་པ་ཡིན་གྱི། དབང་བསྐུར་ཚུལ་རྒྱས་པ་ཕྱག་བཞེས་ཀྱིས་རྟོགས་དགོས་ལ། འདིར་རྩ་བ་གཏེར་གཞུང་ལྟར་བཀོད་པ་སྟེ། སློབ་མས་གསེར་གྱི་མཎྜལ་ཕུལ་ནས་ཡེ་ཤེས་དབབ་པ་སྟེ། བུ་ཡི་སྙིང་གར་ཡི་གེ་ཨ་དཀར་པོ་སྲན་མ་ཙམ་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བའི་སྟོབས་ཀྱིས་ལུས་ནམ་མཁར་ཡོད་པར་བསྒོམ། བླ་མས་ཐོད་རྔ་སྒྲོག་ཅིང་། ཨ་ནི་སྐྱེ་བ་མེད་པ་ལ༔ ལུས་

p. 664

ནི་ཡེ་ཤེས་ལྔ་ཡི་ལུས༔ ནམ་མཁའི་ཀློང་ལས་རང་གསལ་འབར༔ ལུས་མེད་ཉམས་ཀྱི་ངོ་བོར་ལྟོས༔ ཞེས་བརྗོད་པས་ཉམས་སྐྱེའོ༔ དེ་ནས་སློབ་བུ་རྣམ་སྣང་ཆོས་བདུན་བྱེད་དུ་བཅུག་སྟེ༔ ལྟ་སྟངས་དང་རིག་པ་ནམ་མཁར་གཏོད་ཅིག་བྱས་ལ༔ བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ བལྟས་པས་མི་མཐོང་ངང་དུ་ཞོག༔ ཁྱོད་ཀྱི་རིག་པ་ཕྱོགས་བཞིར་ཐོངས༔ བཏང་ཚེ་ཕྱི་ནང་འགྲོ་འོང་མེད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ སེམས་ནི་ངོས་བཟུང་འཛིན་པ་བྲལ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ བུ་ཁྱོད་འདི་ཡི་རང་ཞལ་ལྟོས༔ འདི་ཞེས་མཚན་མར་མ་གྲུབ་ཀྱང་༔ དེ་དོན་རྟོགས་ན་རྩལ་དབང་སྟེ༔ ཚེ་གཅིག་ཐར་ལམ་བགྲོད་པར་འགྱུར༔ རྒྱས་པར་འདོད་ན་སྲོག་ཕུར་ལེའུ་བཤད་ལ་བྱའོ། །འདི་ནི་གུད་དུ་སྦས་པས་སྒྲུབ་པ་ངེས་པར་བྱེད་པ་མ་གཏོགས་གཞན་ལ་མི་བསྐུར་བའི་དམ་པར་བྱ། ཞེས་གསུངས་པའི་དོན་རྣམས་ཚིག་ཙམ་མ་ཡིན་པར་བླ་མ་མྱོང་ལྡན་གྱིས་སློབ་མའི་རྒྱུད་ལ་ངོ་འཕྲོད་པར་གདམས་པ་ཡིན་གྱི།

p. 665

དོན་དེས་གོང་གི་ཚིག་དབང་སྐབས་སྲོག་ཕུར་ལེའུ་འདོན་ཞེས་པ་དང་འདིར་བཤད་ཅེས་པ་ཚིག་ནུས་ཆེ་ཆུང་ནི་འདིར་ཇི་བཞིན་པ་གོ་བ་ཙམ་དུ་མ་ཟད་མྱོང་ཐོག་ཏུ་གཏན་ལ་ཕབ་ཅིང་ཡེ་ཤེས་སྐྱེད་པར་བྱེད་པའི་ཆེད་དུ་ཞིབ་མོར་བཤད་ཅེས་པའི་དོན་ཡིན་ནོ། །དེ་ལྟར་འཆད་དབང་དང་། སྲུང་མའི་གཏོར་དབང་། རིག་པའི་རྩལ་དབང་རྣམས་གོ་རིམ་བཞིན་ནུས་པ་དང་། བསྲུང་བ་དང་། སྤེལ་བའི་དབང་སྟེ་སྐལ་བ་དང་ངེས་པར་ལྡན་པ་ལ་སྦྱིན་པར་བྱའོ། །དེ་ནས་རྗེས་དབང་གི་དམ་ཚིག་བསྒྲགས་པ་ནི༔ དེ་ལྟར་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ། དེ་ཡང་ཆོས་ཐམས་ཅད་ཀྱི་རྩེ་མོ་གསང་སྔགས། དེ་ཡི་མཐར་ཐུག་རྡོ་རྗེ་ཐེག་པ་ཡིན་ལ། དེ་ཡང་གསང་སྔགས་ཀྱི་རྩ་བ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག །དམ་ཚིག་དེ་ཡང་རྩ་བ་ཡན་ལག་དང་བཅས་པ་གསང་སྔགས་ནང་པ་སྤྱི་ལྟར་ལ། བྱེ་བྲག་སྙིང་པོར་གྱུར་པ་བླ་མའི་མོས་གུས་གནད་དུ་བསྣུན་པ་དང་། དེའི་

p. 666

མཚོན་བྱེད་དུ་གུ་རུའི་སྐུ་འབག་སྒྲུབ་ཐབས་ཀྱི་གླེགས་བམ་རྣམས་མི་འབྲལ་བར་འཆང་བ། ཚེས་བཅུའི་མཆོད་པ་ལ་བརྩོན་པ་ལ་སོགས་བླ་མའི་སྒྲུབ་པ་ལ་འབད་འཚལ། དེ་ལྟར་དམ་ཚིག་ཕྲ་རགས་ཐམས་ཅད་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དང་གཏང་རག་མཎྜལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལུས་འབུལ། བསོད་ནམས་འདི་ཡིས་སོགས་དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་ཚོགས་ལ་རོལ་ཞིང་། ལྷག་ཆོག་སོགས་རྗེས་ཀྱི་བྱ་བ་ལས་བྱང་བཞིན་བྱའོ། །འདིར་སྨྲས་པ། ཟབ་མོའི་ཆོས་འདི་གངས་ཅན་རི་བོའི་ཁོངས། །རིས་མེད་མཐའ་གྲུར་རླུང་བཞིན་གྲགས་གྱུར་ཅིང་། །མཆོག་དམན་དུ་མས་ཆོག་ཁྲིགས་མང་མཛད་ན། །བདག་ལྟས་ངལ་བ་བསྐྱེད་པས་ཅི་ཞིག་བྱ། །འོན་

p. 667

ཀྱང་དབང་བསྐུར་རབ་དབྱེའི་བརྡའ་དོན་གནད། །མ་ཤེས་རྫས་ཙམ་ཁོ་ན་ཡུལ་ཡུལ་བསོ། །བྱང་ཆུབ་ཉེ་ལམ་རྩ་བ་སྨིན་བྱེད་དབང་། །འགྲུབ་པར་ནུས་མིན་དེ་བས་ཐར་འདོད་ཀུན། །ནན་ཏན་ཆེན་པོས་དབང་ལ་བརྩོན་པར་རིགས། དེས་ན་ཡོངས་འཛིན་མགོན་གྱི་དགོངས་བསྐང་སླད། །དབང་མཆོག་མ་ནོར་ཇི་བཞིན་ལེགས་བཤད་འདིར། །མགོན་པོ་ཉིད་ཀྱི་མཐུ་ལས་བདག་གིས་སྨྲས། །དགེ་དེས་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །སངས་རྒྱས་པད་འབྱུང་བསྟན་ལ་ཉེར་ཞུགས་ཤིང་། །དམ་ཚིག་རྣམ་དག་སྨིན་གྲོལ་བདུད་རྩིར་སྤྱོད། །འཆི་མེད་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་དཀོན་མཆོག་སྤྱི་འདུས་དབང་ཆོག་བཀླགས་པས་གྲུབ་པ་གུ་རུའི་དགོངས་གསལ་ཞེས་པ་འདི་ཡང་དཔལ་ལྡན་སྟོད་འབྲུག་བཀའ་བརྒྱུད་ཀྱི་སྡོང་པོ་སྐྱེས་མཆོག་འབའ་ར་བའི་ཁྲིད་བཞུགས་ཤིང་རང་གི་སློབ་མ་དམ་པ་མང་ཡུལ་སྐྱིད་རོང་འཛམ་གླིང་བླ་མ་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོས་ཁོ་བོའི་ངག་སྒྲོས་ཟིན་བྲིས་བྱས་འདུག་པ་དེ་ལ་ཞུ་དག་གིས་ལེགས་པར་གཏན་ལ་ཕབ་པར་བྱས་པ་འདི་ནི་རིག་པ་འཛིན་པ་ཚེ་དབང་ནོར་བུ་འགྲོ་འདུལ་རྡོ་རྗེ་སེམས་དཔའ་རྩལ་གྱིས་ཆོས་འདི་ཉམས་སུ་ལེན་པར་འདོད་པ་རྣམས་ལ་ཤིན་ཏུ་མཁོ་ཤིང་ཕན་ཆེ་བར་མཐོང་ནས་རང་བྱུང་བཅུ་གཉིས་པའི་ནང་ཁོངས་དྲག་པོ་ལྕགས་སྤྲེལ་གསར་དུ་ཤར་ཉེ་བ་རྒྱལ་ཟླའི་ཉེར་གསུམ་གྱི་ཐུན་མཚམས་སུ་གྲུབ་པར་སྦས་ཡུལ་པདྨ་བཀོད་པའི་འདབས་

p. 668

ཀློ་ལམ་དཀར་ནག་གི་དབུས་རྟག་བརྟན་རིན་ཆེན་དེའུ་ཡི་རྩེར་བཀོད་པ་སྟེ་ཡི་གེའི་རིས་བྱེད་དགེ་ཚུལ་ཤེས་རབ་བསྟན་འཛིན་ནོ། །འདིས་ཀྱང་ཆོས་འདིར་ཞུགས་རྣམས་གྲོལ་འབྲས་མངོན་དུ་བྱེད་པའི་སྨིན་བྱེད་གསོས་སུ་གྱུར་ནས་དོན་གཉིས་ལྷུན་གྲུབ་ཤོག་ཅིག །དགེའོ།། །།

༁ྃ༔ རྡོ་རྗེ་ཕུར་བུ་མཚོ་རྒྱལ་གོང་ཁུག་མ་ལས་དོན་དབང་བདུད་རྩིའི་དྭངས་བཅུད། བདེ་ཆེན་འབར་བའི་རྡོ་རྗེ།

p. 669

༁ྃ༔ རྡོ་རྗེ་ཕུར་བུ་མཚོ་རྒྱལ་གོང་ཁུག་མ་ལས་དོན་དབང་བདུད་རྩིའི་དྭངས་བཅུད་བཞུགས་སོ༔

p. 670

རྡོ་རྗེ་སེམས་དཔའི་ཐུགས་ཀྱི་བཅུད༔ ཡང་གསང་བཛྲ་ཀཱི་ལ་ཡའི༔ སྨིན་བྱེད་རྡོ་རྗེ་བདུད་རྩིའི་རྒྱུན༔ ཟབ་མོ་དབང་གི་སྐབས་དབྱེ་བ༔ དཀྱིལ་འཁོར་དབང་རྫས་ཚུལ་བཞིན་བཀྲམ༔ བདག་མདུན་བུམ་པ་སྤྱི་ལྟར་བསྒྲུབ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ བུམ་པ་རིན་ཆེན་དུར་ཁྲོད་ཀྱི༔ གཞལ་ཡས་ཁང་དུ་གྱུར་པའི་ནང་༔ བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས༔ དཔལ་ཆེན་དཀྱིལ་འཁོར་ལྷ་ཡི་ཚོགས༔ གཙོ་འཁོར་ཡོངས་སུ་རྫོགས་པ་རྣམས༔ མ་འདྲེས་མཁའ་ལ་གཟའ་སྐར་ལྟར༔ གསལ་བའི་གནས་སུ་ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་གསུམ་གྱིས་རྒྱས་གདབ་

p. 671

ཅིང་༔ སྤྱི་བོའི་གནས་ལྔར་ཡིག་འབྲུ་ལྔས༔ དབང་བསྐུར་རིགས་མཆོག་དབུ་བརྒྱན་ནས༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་ཡོངས་གང་གྱུར༔ རྩ་སྔགས་སྤྱི་དྲིལ་གང་འོས་བཟླ༔ ཨོཾ་ཨཱཿཧཱུྃ༔ འོད་ཞུ་བདུད་རྩིར་རོ་གཅིག་གྱུར༔ བདུད་རྩི་ཕུལ་ནས་ལས་བུམ་བསྒྲུབ༔ ལས་ཀྱི་བུམ་ནང་བཅུད་ཀྱི་དབུས༔ ལས་ལྷ་ཁྲོ་བོའི་ཆ་ལུགས་དང་༔ ཕྱག་མཚན་རྒྱན་རྣམས་ཡོངས་རྫོགས་པའི༔ ཐུགས་ཀར་ཉི་སྟེང་ཧཱུྃ་ལ་བསྔགས༔ གཡས་སུ་བསྐོར་ལས་བདུད་རྩི་བབས༔ བུམ་པ་ཡོངས་སུ་

p. 672

ཁེང་བར་བསམ༔ ལས་སྔགས་གང་རུང་བཟླས་པའི་མཐར༔ ཁྲོ་བོ་འོད་ཞུ་བདུད་རྩིའི་ཆུ༔ ལས་ཀུན་བྱེད་པའི་ནུས་ལྡན་གྱུར༔ ཏིང་ངེ་འཛིན་གྱི་དབང་ཡང་བླང་༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་སྟྭཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བྃ་ཧོ༔ མདུན་དུ་བཞུགས་པའི་ཡེ་ཤེས་པ༔ རང་དང་དབྱེར་མེད་བརྟན་ཅིང་མཉེས་༔ གསལ་སྣང་རྫོགས་པའི་ཏིང་འཛིན་ལ༔ མཉམ་པར་བཞག་པས་ལམ་དུ་ཁྱེར༔ སློབ་བུར་ཁྲུས་བྱས་བགེགས་ཕྲལ་ནས༔ མཎྜལ་འབུལ་ཞིང་གསོལ་གདབ་འཇུག༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་

p. 673

ཐུག་གི་ཉེས་ཚོགས་བར་ཆད་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་བསལ་ཞིང་ཚེ་གཅིག་ཉིད་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་ཀུན་སློང་དང་། གཞན་ཡང་ཆོས་ཉན་པའི་ཀུན་སྤྱོད་རྣམ་པར་དག་པ་དང་ལྡན་པས་གསན་འཚལ། དེ་ལ་བསྐལ་པ་བཟང་པོ་འདིར་བདག་ཅག་གི་སྟོན་པ་རྣམ་འདྲེན་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱའི་ཁམས་དང་དབང་པོར་འཚམས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་སྡེ་ཚན་དུ་དབྱེ་ན་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ། དེ་ཡང་ཐེག་པ་གསུམ་དུ་དབྱེ། མདོར་བསྡུ་ན་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་ཏེ། གསང་སྔགས་ལའང་ངོ་བོ་ངེས་ཚིག་རྣམ་པ་སོགས་གྲངས་མང་ཡང་འདི་ནི་ནང་རྒྱུད་མ་ཧཱ་ཡོ་གའི་སྒྲུབ་སྡེ་བརྒྱད་ཀྱི་ཡ་གྱལ་ཕྲིན་ལས་ཕུར་པའི་དབང་གུད་དུ་

p. 674

སྦས་པ་སྟེ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་ཏུ་བྱོན་ཁར་ཐུགས་ཀྱིས་བརྩེ་བའི་གཟུངས་མ་ཇོ་མོ་རྣམས་ཀྱིས་རང་རང་གི་མགུལ་གཡུ་སོགས་ཕུལ་ནས༔ ཚེ་འདིར་བར་ཆད་ཐམས་ཅད་སེལ་ཞིང་མཐར་ཐུག་སངས་རྒྱས་པའི་གདམས་ཟབ་རེ་ཞུས་པའི་ཕྱིར། གུ་རུ་རིན་པོ་ཆེས་སྐད་ཅིག་གིས་ནམ་མཁར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་འཇའ་ཤར་བ་ལྟར་མངོན་སུམ་དུ་སྤྲུལ་ནས་དབང་ལྷ་དང་བླ་མ་གང་ལ་ཞུ་གསུངས་པས། སྣ་ནམ་བཟའ་དཔལ་གྱི་མཆོད་གནས་མ་དང་ལྕོག་རོ་བུ་མོ་ལྷའུ་སྨན་གཉིས་ཀྱིས་བླ་མ་ཡི་དམ་དབྱེར་མེད་དུ་མ་ཤེས་ཤིང་། བླ་མ་མི་རུ་བཟུང་ཞིང་ལྷ་ལ་ངོ་མཚར་སྐྱེས་ནས་ད་རེས་དབང་ལྷ་ལས་སོ་ཞུས་པས་ལྷ་རྣམས་བླ་མར་འདུས། བླ་མའི་སྐུ་ཡང་མི་སྣང་བར་གྱུར་ནས་ཁོང་གཉིས་ཀྱིས་ཟབ་པའི་དབང་འདི་མ་ཐོབ་ཅིང་། ཡེ་ཤེས་མཚོ་རྒྱལ་ཤེལ་བཟའ་ཟུར་

p. 675

བཟའ་སོགས་གཞན་རྣམས་ཀྱིས། བླ་མ་ནི་སངས་རྒྱས་དངོས་དང་དེའི་ཡོན་ཏན་དང་ཕྲིན་ལས་ཀྱི་རོལ་པ་ལྷ་དང་བླ་མ་དབྱེར་མེད་དུ་རྟོགས་པས་དབང་དང་མན་ངག་རྫོགས་པར་གནང་ཞིང་ཐོབ་པ་ཟབ་ཅིང་གཉན་པས་གོང་བའི་ཁུག་ཏུ་སྦས་པས་གོང་ཁུག་མ་ཞེས་དང་། མཚོ་རྒྱལ་ལས་བརྒྱུད་པ་རྣམས་ལ་ཨ་མ་ལུགས་དང་ཡུམ་ལུགས་སུ་གྲགས་པ་སྟེ། སྲས་གཉེན་ཆེན་དཔལ་དང་ཐ་མའི་མགོན་བསམ་སོགས་འདིའི་སྒོ་ནས་གྲུབ་པ་ཐོབ་པ་མང་དུ་བྱོན་ཅིང་། མཐར་མ་འོངས་རྩོད་ལྡན་ལྔ་བདོའི་དོན་དུ་དགོངས་ཏེ་གཟི་རྒྱལ་མ་ཡོ་གངས་ཀྱི་ར་བར་རྒྱ་རིམ་པ་གསུམ་གྱིས་བཏབ་སྟེ་གཏེར་དུ་སྦས། གཞན་ཁོང་གཉིས་ལ་རྒྱལ་ཐབས་མན་ངག་ཕྱི་ལྟར་སྤྱི་མཚམས་སུ་གནང་བ་རྣམས་ལ་ལྕམ་ལུགས་སུ་གྲགས་པ་ལས། སྐབས་སུ་བབས་པ་འདི་ནི་དུས་བབས་ཀྱི་སྟོན་པ་

p. 676

རྩོད་བྲལ་སྤྲུལ་པའི་གཏེར་ཆེན་སྟོབས་ལྡན་བདུད་འདུལ་གླིང་པས་མ་ཡོ་གངས་རིའི་ལྷོ་ནུབ་དཔལ་ཆེན་རྟ་མགྲིན་གྱི་རང་བྱུང་ཡོད་པའི་སྲ་མཁྲེགས་ཀྱི་བྲག་ལས་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་སྤྱན་དྲངས་པའི་ཆོས་སྡེ་ཟབ་མོ་སྟེ། འདི་ཉིད་ཡི་དམ་དུ་འཛིན་ཞིང་སྒྲུབ་པའི་ཡོན་ཏན་ཡང་སྔོན་བྱོན་གྱི་རིག་འཛིན་ཐམས་ཅད་དང་། རྗེ་འབངས་ཉེར་ལྔ་སོགས་བཀའ་གཏེར་གྲུབ་པའི་སློབ་དཔོན་ཐམས་ཅད་ཀྱིས་འབྱུང་པོ་དྲེགས་པ་འདུལ་བ་དང་། ས་རྡོ་རི་བྲག་ཆུ་ཤིང་ཐམས་ཅད་དུ་འདིའི་སྒོ་ནས་རྫུ་འཕྲུལ་བསྟན་ཚུལ་བརྗོད་ཀྱིས་མི་ལོང་བར་མ་ཟད་ཡོན་ཏན་བརྒྱད་ལྡན་དུ་གསུངས་ན། ཕུར་པ་མཁན་ནི་ཚེ་རིང་། ནོར་འཕེལ། དཔལ་ཆེ། སྙན་གྲགས་རྒྱས། བར་ཆད་ཞི། དགྲ་ཐུལ། འཁོར་མང་། མཐུ་སྟོབས་ཆེ། མཐའ་བཙན་པ་སོགས་བསམ་གྱིས་མི་ཁྱབ་ཅིང་། ཡོན་ཏན་

p. 677

དཔག་མེད་དང་ལྡན་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་མཚོ་རྒྱལ་གོང་ཁུག་མར་གྲགས་པའི་སྨིན་བྱེད་དང་། གྲོལ་བྱེད་གཉིས་ལས། ད་ལམ་འདིར་འཇུག་པའི་སྒོའམ། ལམ་འབྲས་ཀྱི་ས་བོན་རྒྱུད་ལ་འཇོག་པ་དབང་བསྐུར་བའི་སྐབས་ཏེ། དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་གྲུབ་ཟིན་ནས། སློབ་མའི་ངོ་སྐལ་དུ་གྱུར་པའི་མཎྜལ་གནང་འཚལ། བླ་མ་དང་དཔལ་ཆེན་པོ་ཐ་མི་དད་པའི་དྲུང་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཧོཿ དཀྱིལ་འཁོར་ཀུན་གྱི་གཙོ་དང་དབྱེར་མེད་པའི༔ རྡོ་རྗེ་སེམས་དཔའ་སློབ་དཔོན་དགོངས་སུ་གསོལ༔ དམ་པའི་ལམ་ཞུགས་རིགས་ཅན་སློབ་བུ་བདག༔ ཟབ་མོ་དབང་གིས་རྗེས་འཛིན་བསྩལ་དུ་གསོལ༔ རྗེས་བཟུང་གནང་བ་སྩལ་བ་ནི༔ རྗེས་སུ་གནང་བ་འདི་ལ་གསན་པས་ཁྱབ་སྟེ༔ དེ་ལྟར་ཡིན་ན་བཛྲ་

p. 678

ཀཱི་ལ་ཡའི༔ དམ་ཚིག་མཆོག་གིས་རྗེས་སུ་བཟུང་འཚལ་གྱི༔ མ་དག་རྒྱུད་རྣམས་ཡོངས་སུ་སྦྱང་བ་དང་༔ རིམ་འཇུག་ཐེག་པའི་སྡོམ་པ་འབོག་པར་བགྱི༔ དེ་ནས་ཐུགས་དམིགས་འདི་བཞིན་དུ་མཛོད༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀུན༔ རྡོ་རྗེ་སེམས་དཔའི་རྣམ་པ་རུ༔ མདུན་གྱི་ནམ་མཁར་སད་ནས་ཀྱང་༔ སྒོ་གསུམ་ལས་ངན་བག་ཆགས་ཀྱི༔ སྒྲིབ་ཀུན་སྟོབས་བཞིས་སྦྱོང་བར་བྱ༔ འགྱོད་ཚངས་བཤགས་སྡོམ་ཅི་ནུས་བྱ༔ ཨོཾ་བཛྲ་ས་ཏྭ་ས་མ་སོགས་ནས་ས་ཏྭ་ཨཱཿ ཅི་ནུས་མཐར༔ དོན་དམ་སྤྲོས་མེད་བརྗོད་ལས་འདས་པ་ལ༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ནི༔ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ༔ སྐྱབས་སེམས་འབོགས་ཤིང་ཚོགས་བསག་བསླབ༔

p. 679

བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བའི་མོས་བློས་འདི་ཡི་རྗེས་ཟློས་མཛོད༔ ན་མོཿ འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བདག་གཞན་འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས༔ ཐར་འདོད་བླ་མ་དཀོན་མཆོག་རྩ་གསུམ་ལྷ༔ དད་མོས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆི༔ ལན་གསུམ༔ སྨོན་འཇུག་གི་སེམས་བསྐྱེད་དང་བཅས་པ་འདིའི་རྗེས་ཟློས་མཛོད༔ དེང་ནས་མཁའ་ཁྱབ་འགྲོ་བའི་དོན་གྱི་ཕྱིར༔ བདག་གིས་ཡི་དམ་དཔལ་ཆེན་གོ་འཕང་བསྒྲུབ༔ བར་དུ་མ་དང་བུ་ཡི་འདུ་ཤེས་ཀྱིས༔ འགྲོ་ཀུན་བདེ་བ་མཆོག་ལ་འགོད་པར་བྱ༔ ལན་གསུམ༔ ཚོགས་བསགས་ཡན་ལག་བདུན་མའི་དོན་ཡིད་ལ་དྲན་བཞིན་པས་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་མཆོད་པ་འབུལ༔ མི་དགེའི་སྡིག་བཤགས་དགེ་

p. 680

ལ་རྗེས་ཡི་རང་༔ བཞུགས་པར་གསོལ་འདེབས་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ཀུན་དམིགས་མེད་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ༔ དེས་འཇུག་པ་སྣོད་རུང་གི་བྱ་བ་ལེགས་པར་གྲུབ་པ་ཡིན་ནོ༔ སློབ་བུ་དམ་ཚིག་ལྷར་བསྐྱེད་ཅིང་༔ ཡེ་ཤེས་བྱིན་ཕབ་བརྟན་པར་བྱ༔ དེ་ནས་དབང་དངོས་བསྐུར་བ་ལ་ཐོག་མར་བྱིན་རླབས་ཀྱི་གཞི་འགོད་པ་དང་ཡེ་ཤེས་པ་འབེབས་པའི་སླད་དུ་ཐུགས་དམིགས་འདི་བཞིན་དུ་མཛོད༔ ལས་ཆུ་འཐོར་ཞིང་༔ ཨོཾ་བཛྲ་ཨྲྀ་ཏས་བསང་༔ ༀ་སྭ་བྷཱ་ཝས་སྦྱང་༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཕྱི་སྣོད་འོག་མིན་ཆོས་དབྱིངས་དྲག་པོའི་ཞིང་ཁམས་ཀྱི་དབུས་སུ་རྡོ་རྗེའི་བྲག་ཆེན་དང་པད་ཉི་བདུད་བཞི་ལྷ་ཆེན་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་ཁྱེད་རང་སློབ་མ་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ཆེན་རྡོ་

p. 681

རྗེ་གཞོན་ནུ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་ལ་ནག་པ། ཞལ་གསུམ་གྱི་གཡས་དཀར་གཡོན་དམར་དབུས་མཐིང་། སྤྱན་དགུའི་སྡང་མིག་ཕྱོགས་བཅུར་གཡོ་བ། ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་མེ་དཔུང་ཁ་ཊྭཱཾ། མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ། རང་སྣང་གི་ཡུམ་འཁོར་ལོ་རྒྱས་འདེབས་སྐུ་མདོག་མཐིང་སྐྱ་ཨུཏྤལ་དང་དུང་ཁྲག་འཛིན་ཅིང་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། དེ་ནས་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དཀྱིལ་འཁོར་པའི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་

p. 682

འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཆར་བབས་པ་ལྟར་སྤྱན་དྲངས། དཀྱིལ་འཁོར་དང་སློབ་མ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཌཱ་དྲིལ་དབྱངས་དང་བཅས། ཧཱུྃ༔ ཆོས་དབྱིངས་རོལ་པ་འོག་མིན་ཞིང་ཁམས་ནས༔ སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་དཔལ་ཆེན་ལྷ༔ མ་གཡེལ་ཐུགས་དམ་གཉན་པོ་རྗེས་དགོངས་ལ༔ སྲིད་པ་ཕུར་བུ་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མཱ་ཛ༔ ཡེ་ཤེས་པ་ཕེབས་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་གྱུར་པའི་མོས་པ་མཛོད༔ ཛྙཱ་ན་བཛྲ་ཏིཥྛ༔ སྐུ་ཡི་བུམ་དབང་ཆིག་རྫོགས་བསྐུར༔ དེ་ནས་དངོས་གཞིའི་དབང་བསྐུར་བ་ལ༔ སློབ་དཔོན་དང་དཀྱིལ་འཁོར་གྱི་འཁོར་ལོའི་འོད་ཀྱིས་དབྱིངས་ནས་གདན་གསུམ་ཚང་བའི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པས་ཐུན་མོང་རིག་པའི་

p. 683

དབང་ལྔ་ཚིག་རྫོགས་སུ་སྩལ་བའི་མོས་པ་མཛོད༔ ཧཱུྃ༔ དཔལ་གྱི་བུམ་བཅུད་ཡེ་ཤེས་ཁྲོ་བོའི་ཆུས༔ དྲི་མ་སྦྱངས་ནས་མཐོན་མཐིང་ཨུཏྤལ་གྱི༔ དབུ་རྒྱན་མི་ཤིགས་ཐབས་ཀྱི་རྡོ་རྗེ་དང་༔ ཤེས་རབ་དབྱངས་སྙན་དྲིལ་བསིལ་ཟུང་འཇུག་འཆང་༔ དཔལ་གྱི་མིང་བསྒྲགས་ཡེ་ཤེས་ལྔ་དབང་རྫོགས༔ ཧེ་རུ་ཀ་ཡི་བུམ་དབང་ཐོབ་པར་ཤོག༔ རྩ་སྔགས་ཐ་མར་སྤྱི་དྲིལ་བསྐུལ༔ བཛྲ་ཀཱ་ལ་ཤ་རཏྣ་མུ་ཀུ་ཊ་པདྨ་བཛྲ་གྷཎྜེ་བུདྡྷ་ན་མ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ། དབུ་རྒྱན། དྲིལ་བུ། མིང་དབང་དང་བཅས་པ་སྦྱིན༔ དེ་དང་རྗེས་འབྲེལ་ལྷ་དབང་ལུས་ལ་བསྐུར་བར་འདི་བཞིན་ཐུགས་དམིགས་མཛོད༔ ཡི་དམ་ལྷ་དབང་དཀྱིལ་འཁོར་གཙོ་བོ་ལས༔ གར་དགུའི་རོལ་པའི་སྐུ་མཆོག་གཉིས་པ་ཞིག༔ འཕྲོས་ནས་ཁྱེད་ཀྱི་ལུས་ལ་ཐིམ་པ་ཡིས༔ མཐུ་རྩལ་གཟི་བརྗིད་དངོས་དང་མཉམ་པར་གྱུར༔ ཧཱུྃ༔ དབྱིངས་ནས་ཡེ་ཤེས་ཆེན་

p. 684

པོའི་སྐུར་བཞེངས་པའི༔ ཁྲོ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྐུ༔ ལུས་ལ་བྱིན་རླབས་འཇུག་ཕྱིར་དབྱེར་མེད་བསྟིམ༔ འགྲན་མེད་དཔལ་ཆེན་དངོས་ཀྱི་ངོ་བོར་གྱུར༔ ཨོཾ་ཤྲཱི་བཛྲ་ཀུ་མ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཙོ་ཙཀ་སྤྱི་བོར་བཞག༔ མདུན་བསྐྱེད་ཁྲོ་བཅུའི་སྐུ་ལས་གཉིས་པ་འཕྲོས༔ སློབ་བུ་ལྷར་གསལ་སྤྱི་བོ་དཔྲལ་བ་དང་༔ དཔུང་གཡས་མགྲིན་པ་སྲིད་ལྟེ་དཔུང་པ་གཡོན༔ ལྟེ་བ་བརླ་དཔྱི་གཡས་གཡོན་གསང་གནས་སུ༔ འབྲལ་མེད་བྱིན་རླབས་ཐིམ་པའི་མོས་པ་མཛོད༔ ཧཱུྃ་མཛད་རྣམ་རྒྱལ་གཤིན་རྗེ་རྟ་མཆོག་དཔལ༔ བདུད་རྩི་འཁྱིལ་པ་དབྱུག་སྔོན་མི་གཡོ་མགོན༔ འདོད་རྒྱལ་ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ༔ ཕྱོགས་བཅུའི་གདོན་འདུལ་དཔལ་ཆེན་ཁྲོ་རྒྱལ་བཅུ༔ མི་དགེ་བཅུ་འཇོམས་དགེ་བཅུའི་ཁྲོ་མོར་བཅས༔ གོ་ཆ་ཁྲོ་བོ་རོལ་པའི་དབང་བསྐུར་རོ༔ གཞི་སྙིང་གཅིག་ཏུ་དྲིལ་བའི་མཐར༔

p. 685

ད་ཤ་ཀྲོ་དྷ་ཀྲོ་དྷི་ཨ་བྷི་ཥིཉྩ་ཨོཾ༔ ཁྲོ་བཅུའི་ཙཀ་གནས་སོ་སོར་བཞག༔ དེས་སྐུ་བུམ་དབང་རྗེས་འབྲེལ་དང་བཅས་པ་ཐོབ༔ ཕུང་པོ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར༔ འབྲས་བུ་སྐུ་རྡོ་རྗེ་མངོན་དུ་བྱས་པའི་མོས་པ་འདི་བཞིན་དུ་མཛོད༔ སྣང་ཆ་ལྷར་དག་སྣང་སྟོང་གོ་ཆ་བསྒོམ༔ ལུས་སྒྲིབ་དག་སྣང་སྤྲུལ་སྐུའི་ས་བོན་བཞག༔ དེ་ནས་གསུང་དབང་ངག་ལ་བསྐུར་བ་ནི༔ མདུན་བསྐྱེད་ཐུགས་ལས་ཡི་གེའི་ཕྲེང་བ་སྤྲོས༔ ཞལ་ནས་ཞལ་ཞུགས་སྲོག་ལ་བསྐོར་བར་བསྒོམ༔ འོད་ཀྱི་སྤྲོ་བསྡུས་ལས་ཆེན་རྣམ་བཞི་དང་༔ སྲུང་ཟློག་བསད་པའི་ཕྲིན་ལས་ཀུན་འགྲུབ་འགྱུར༔ བགྲང་ཕྲེང་གཏད་ཅིང་རྩ་སྔགས་དང་༔ སྔགས་རྣམས་ཀུན་གྱི་རྗེས་ཟློས་བཟླས༔ གཞི་སྙིང་ཆིག་དྲིལ་གྱི་རྗེས་ཟློས་བྱར་གཞུག༔ ཨཱཿ ཧེ་རུ་ཀ་ཡི་གསང་སྔགས་རྒྱལ་པོ་ནི༔ རླུང་སྔགས་རང་བཞིན་གྲགས་སྟོང་ཡི་གེའི་སྒྲ༔ ལས་ཀུན་འགྲུབ་བྱེད་ཁྲོ་བོའི་གདངས་སྐད་

p. 686

བཞད༔ བརྗོད་མེད་རང་བྱུང་དབྱངས་ཀྱི་དབང་བསྐུར་རོ༔ བཛྲ་མནྟྲ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ སྔགས་བྱང་མགྲིན་པར་རེག༔ སྒྲ་གྲགས་སྔགས་སུ་དག་ནས་ལས་རྣམས་འགྲུབ༔ ངག་སྒྲིབ་དག་ནས་ལོངས་སྐུའི་ས་བོན་འགྲུབ༔ དེ་ནས་ཐུགས་སྲས་མཆོག་གི་དབང་སེམས་ལ་བསྐུར་བ་ནི༔ མདུན་བསྐྱེད་ཐུགས་ལས་སྲས་མཆོག་གི་སྲོག་ཕུར༔ བཛྲ་ཀཱི་ལ་ཡ་ནི་སྙིང་དབུས་ཐིམ༔ ལས་བཞིའི་སྲས་མཆོག་གནས་བཞིར་ཞུགས་ཤིང་ཐིམ༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོ་ཐོབ་པར་བསམ༔ ཧཱུྃ༔ སྟོང་གསུམ་ཟིལ་གནོན་ཁམས་གསུམ་གནས་སུ་སྒྲོལ༔ སྲིད་པའི་ཕུར་བུའི་ཐུགས་དམ་དུས་ལ་བབས༔ སྐུ་ལྔའི་སྲས་མཆོག་ཛྙཱ་ན་ཀཱི་ལ་ཡ༔ སྒྲོལ་མཛད་སྲོག་གི་ཕུར་བུའི་དབང་བསྐུར་རོ༔ ཨོཾ་བུདྡྷ་རཏྣ་པདྨ་ཀརྨ་བཛྲ་ཙིཏྟ་ཀཱི་ལི་ཀཱི་ལ་ཡ་ཧི་ད་ན་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྲས་མཆོག་གི་སྐུ་ཙཀ་གནས་ལྔར་བཞག༔ དེས་སྐུ་དང་གསུང་གི་དབང་རྣམས་

p. 687

ལེགས་པར་གྲུབ་པ་ཡིན་ནོ༔ མཆོག་དབང་རྣམས་ཀྱང་རྗེས་སུ་སྦྱིན༔ དེ་ནས་ཐུན་མིན་མཆོག་དབང་གོང་མ་གསུམ་པོ་རིམ་པར་བསྐུར་བ་ལ་ཐོག་མར་གསུང་གསང་བའི་དབང་གི་སླད་དུ་ཐུགས་དམིགས་འདི་བཞིན་མཛོད༔ ཧཱུྃ༔ ཧེ་རུ་ཀ་ཡི་རྡོ་རྗེ་བདུད་རྩིའི་བཅུད༔ ཡུམ་གྱི་པདྨར་བསྐྱིལ་བའི་ཟག་མེད་རྒྱུན༔ མྱོང་བས་རྩ་དུལ་རླུང་འབྱོངས་ཐིག་ལེ་འཕེལ༔ སྟེང་སྒོ་བདག་བྱིན་རློབ་པའི་དབང་ཐོབ་ཤོག༔ མ་ཧཱ་ཨྲྀ་ཏ་ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ བདུད་རྩི་སྦྱིན༔ དེས་གསུང་གི་དབང་ཐོབ༔ ངག་གི་སྒྲིབ་པ་དག༔ ལམ་དུས་སུ་རྩ་རླུང་བསྒོམ་པ་ལ་དབང་༔ འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱས་པ་ཡིན་ནོ༔ དེ་ནས་བླ་མ་ཧེ་རུ་ཀའི་ཡུམ་ལས་ཡུམ་གཉིས་པ་འཕྲོས་ཏེ་དེ་དང་སྙོམས་པར་ཞུགས་བདེ་བའི་ཕུར་བུ་ཡུམ་གྱི་མཁའ་ལ་བཏབ་པའི་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་

p. 688

མཛོད༔ ཡུམ་ལས་འཕྲོས་པ་བདེ་བའི་ལང་ཚོ་ཅན༔ མཚན་ལྡན་བཅུ་དྲུག་གཞོན་ནུའི་གར་བསྒྱུར་བར༔ འདུ་ཤེས་གསུམ་ལྡན་དགའ་བཞིའི་བདེ་ཆེན་སྤེལ༔ དོན་འདི་མཚོན་བྱེད་དཔེ་ཡི་དབང་བསྐུར་རོ༔ མ་ཧཱ་མུ་དྲ་བྷཉྫ་ཧོ༔ རིག་ཙཀ་གཏད༔ དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་ཡིད་ཀྱི་སྒྲིབ་པ་དག༔ ལམ་དུས་སུ་གཞན་ལུས་བདེ་ཆེན་བསྒོམ་པ་ལ་དབང་༔ འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱས་པ་ཡིན་ནོ༔ དེ་ནས་མཚོན་བྱ་དོན་གྱི་རང་རིག་ཀ་དག་དབྱིངས་ཀྱི་ཕུར་བུ་དེ་ཉིད་མཚོན་བྱེད་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བརྟེན་ནས་ངོ་སྤྲད་པ་ནི༔ ཨཱཿ སྟོང་པའི་དབྱིངས་ལས་རྩལ་སྣང་རིག་པའི་མདངས༔ ཡུལ་དང་ཡུལ་ཅན་དབྱེར་མེད་ངོས་བཟུང་བྲལ༔ རྡོ་རྗེ་སེམས་དཔའི་མེ་ལོང་འདིས་མཚོན་ནས༔ དོན་འདི་དབང་པོའི་སྤྱོད་ཡུལ་དངོས་སུ་བྱས༔ བཛྲ་ཛྙཱ་ན་དྷརྨ་དྷཱ་ཏུ་ཨ་ཨ་

p. 689

ཨཱཿ ཤེལ་རྡོ་བསྟན༔ དེས་དབྱིངས་ཀྱི་ཕུར་བུ་ངོ་སྤྲོད་པའི་དབང་ཐོབ་པས་ཆ་སྙོམས་ཀྱི་སྒྲིབ་པ་དག༔ ལམ་དུས་སུ་དབྱིངས་རིག་རྣམ་པར་མི་རྟོག་པ་བསྒོམ་པ་ལ་དབང་༔ འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པ་ཡིན་ནོ༔ ཡོངས་རྫོགས་གཏོར་ཆེན་དབང་བསྐུར་རོ༔ དེ་ནས་ཡོངས་རྫོགས་གཏོར་མའི་དབང་སྐུར་བ་ལ་ཐུགས་དམིགས་འདི་བཞིན་དུ་མཛོད༔ གཏོར་སྣོད་འོག་མིན་གཏོར་མ་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་དང་༔ སྲས་མཆོག་སྒོ་བཞི་ཕུར་སྲུང་དམ་ཅན་བསྐོར༔ རྩ་གསུམ་རྒྱ་མཚོ་བཅས་པས་བྱིན་བརླབས་བསྒོམ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་༔ ཕྱོགས་བཅུའི་ཁྲག་འཐུང་ཡབ་ཡུམ་ཕྲ་ཕྱག་ཚོགས༔ སྲས་མཆོག་ཉེར་གཅིག་སྒོ་བཞི་དམ་ཅན་བཅས༔ སྔོན་གྱི་ཐུགས་དམ་དབང་གིས་སྐུ་བཞེངས་ལ༔ སྐལ་ལྡན་སློབ་མ་འདི་ལ་དབང་སྐུར་ཅིག༔

p. 690

བརྒྱུད་གསུམ་རིག་འཛིན་བླ་མས་བྱིན་ཆེན་ཕོབ༔ ཞི་ཁྲོ་ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ༔ དཔའ་བོ་མ་སྲིང་མཁའ་འགྲོས་བར་ཆད་སོལ༔ ཆོས་སྐྱོང་སྲུང་མས་ལས་བཞིའི་ཕྲིན་ལས་སྒྲུབས༔ སྲིད་པའི་རྡོ་རྗེ་ཕུར་བུའི་ལྷ་ཚོགས་ཀྱིས༔ སྒོ་གསུམ་བྱིན་རློབས་སྨིན་ཅིང་གྲོལ་བར་མཛོད༔ རྩ་སྔགས་དང་ནི་གཞི་སྙིང་བརྗོད༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ན་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཏོར་མ་སྤྱི་བོར་བཞག༔ མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་ཐིམ་པ་ཁྱེད་རང་རྣམས་ཀྱི་ངག་ཏུ་བྱིན་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པའི་མོས་པ་མཛོད༔ གཏོར་མའི་ཟེག་མ་བདུད་རྩིར་བསྲེས་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བརྗོད་བཞིན་པས་ངག་ཏུ་སྦྱིན༔ དེས་སྟོད་ལས་བྱང་ཆུབ་ཆེན་པོའི་དབང་རྣམས་ལེགས་པར་གྲུབ་པ་ཡིན་ནོ༔ དེ་ནས་མཚན་མ་རྫས་ཀྱི་ཕུར་བུ་བསྒྲལ་བྱའི་ཞིང་བཅུ་ལ་གདབ་པའི་ཚུལ་སྨད་ལས་

p. 691

དགྲ་བགེགས་བསྒྲལ་བའི་དབང་བསྐུར་བ་ལ༔ ཐོག་མར་རྫོང་འཕྲང་སྲོག་གསུམ་གྱི་ངོ་སྤྲོད་ཅིང་དྲག་པོ་མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་སྦྱིན་པ་ནི༔ ཨཱཿ གཟུང་འཛིན་བདག་གཞན་གཉིས་མེད་ལྟ་བའི་རྫོང་༔ བློ་འདས་གསལ་སྟོང་མཐའ་བྲལ་སྒོམ་པའི་འཕྲང་༔ མི་རྟོག་སྙིང་རྗེས་རྗེས་བཟུང་སྤྱོད་པའི་སྲོག༔ ཡོངས་རྫོགས་ཧེ་རུ་ཀ་ཡི་བརྟུལ་ཞུགས་སྦྱིན༔ མ་ཧཱ་ཙ་ཏུརྠ་ཀརྨ་ཨཱཿ འབྲུ་གསུམ་བྲིས་པ་གཏད༔ ལས་བཞིའི་རྟགས་རྣམས་སྦྱིན་པར་བྱ༔ དེ་ནས་རང་ལས་སྤྲུལ་པའི་ཕོ་ཉས་དགྲ་བགེགས་འགུགས་འཆིང་སྡོམ་མྱོས་ཀྱི་ལས་མཛད་པར་གསལ༔ ཧཱུྃ༔ གཟུང་འཛིན་དུག་ལྔའི་རང་གཟུགས་འདུལ་བ་ལས༔ ཚད་མེད་ཕྱག་རྒྱས་འགུགས་འཆིང་སྡོམ་མྱོས་བྱས༔ བདག་ཉིད་ལྷར་གསལ་བསྒྲལ་བྱ་དགྲ་བགེགས་དངོས༔ རྡོ་རྗེ་ཕུར་པས་བསྒྲལ་སྟོབ་དབང་བསྐུར་རོ༔ སརྦ་ཤ་ཏྲུན་ཛཿཧཱུྃ་བཾ་

p. 692

ཧོཿ ཕྱག་རྒྱ་བཞི་གཏད༔ དེ་ནས་གསལ་བ་གསུམ་གྱི་ངང་ནས་ཚེ་ཁྲུས་བསད་མནན་བསྲེག་པ་དང་བཅས་པའི་ཐུགས་དམིགས་འདི་བཞིན་མཛོད༔ ཧཱུྃ༔ ཐབས་ཀྱིས་ལས་སྒྲིབ་སྦྱངས་ནས་ཚེ་དཔལ་བསྲུང་༔ རྣམ་ཤེས་དབྱིངས་སུ་ཡལ་ནས་ལྔ་ཕུང་བསྒྲལ༔ ཐུན་གཟུར་གཞིག་མཐར་བསྲེག་ཅིང་འབྱུང་བས་མནན༔ ཁམས་གསུམ་ཡོངས་གྲོལ་མངོན་སྤྱོད་མཐུ་ཐོབ་ཤོག༔ ཨ་མུ་ཀ་མཱ་ར་ཡ་ཕཊ༔ ཨ་ཧཱུྃ་རྃ་སྟྭཾ་བྷ་ཡ་ཀརྨ་ཨཱཿ ཕུར་པ། ཉ་བོ། མནན་ཆས་བཅས་གཏད༔ དེ་ནས་བསྲུང་བཟློག་འཕང་བའི་ལས་ཀྱི་རྗེས་སུ་གནང་བ་ནི༔ ཧཱུྃ༔ ཕྱིར་བཟློག་འཕང་བས་རྦོད་གཏོང་ཁ་ལོ་སྒྱུར༔ རྡོ་རྗེ་སྲུང་བའི་བཙན་རྫོང་གུར་དུ་ཕུབ༔ མི་འདའ་དམ་ཚིག་སྙིང་ཕུར་སྲོག་ཏུ་བཟུང་༔ ཧེ་རུ་ཀ་ཡི་སྲོག་དབང་ཡོངས་རྫོགས་ཤོག༔ སརྦ་ཀརྨ་ཨ་རཀྵནྟུ་ཧོཿ སོ་སོའི་རྫས་རྣམས་སྐབས་སུ་གཏད༔ དེ་ནས་གསོ་བ་གསུམ་གྱི་དགོངས་པ་གཏད་

p. 693

པ་ནི༔ ཧཱུྃ༔ སྣང་སྲིད་ལྷ་ཡི་བྱིན་མཐུ་རང་ལ་བསྡུ༔ སྟོང་གསུམ་ཕུར་པའི་ནུས་སྟོབས་ཕུར་པར་བསྟིམ༔ བསྒྲལ་བའི་སྡིག་སྒྲིབ་ཡེ་ཤེས་འོད་ཀྱིས་སྦྱངས༔ འཚིང་བ་གསུམ་ལྡན་དོན་གཉིས་ལྷུན་འགྲུབ་ཤོག༔ རྩ་སྔགས་དང་ནི་ཡིག་བརྒྱ་བགྲང་༔ དེས་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པའི་ཟབ་དབང་ཡོངས་རྫོགས་ཕུལ་གྲུབ་པ་ཡིན་པས་རྩ་བའི་དམ་ཚིག་གི་གཡར་དམ་དེ་ལས་ནམ་ཡང་མི་འདའ་བའི་བློས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། དེ་ལྟ་བུའི་དབང་བསྐུར་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ༔ དེར་མ་ཟད་ལུས་ལོངས་སྤྱོད་དང་བཅས་པ་འབུལ་བའི་བློས་འདིའི་རྗེས་ཟློས་མཛོད༔ དེང་ནས་བརྩམས༴ དགེ་བའི་རྩ་བ་འདིས་མཚོན་ཏེ་འཁོར་འདས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་བསྔོ་བས་རྒྱས་གདབ་པ་འདི་

p. 694

ཉིད་ལྷན་ཅིག་གསུང་བར་ཞུ༔ བསོད་ནམས་འདི་ཡིས་ནས་འགྲོ་བ་སྒྲོལ་བར་ཤོག༔ རྗེས་ཀྱི་བྱ་བ་སྤྱི་བཞིན་བྱ༔ ས་མ་ཡ༔ དེ་ལྟར་རྡོ་རྗེ་གཞོན་ནུ་ཡི༔ མན་ངག་གསང་བ་ཐུགས་ཀྱི་བཅུད༔ ཟབ་མོ་བླ་མའི་ཐུགས་ཏིག་འདི༔ མཐོང་ཐོས་ཉམས་སུ་སུས་བླངས་པ༔ འདི་ཕྱིར་བར་ཆད་ངང་གིས་ཞི༔ དབང་ཐོབ་དཔལ་གྱིས་རྗེས་སུ་འཛིན༔ ཁོ་མོའི་སྙིང་གི་ཟུངས་ཁྲག་ཡིན༔ མ་འོངས་དོན་དུ་གཏེར་རྒྱ་བྱས༔ དུས་བབས་ས་སྟེང་སྣང་ནས་ཀྱང་༔ བསྟན་འགྲོ་ཡོངས་ལ་སྨིན་པར་ཤོག༔ ས་མ་ཡ༔ གཏད་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་དཔལ་རྡོ་རྗེ་ཕུར་པའི་རིག་འཛིན་པདྨ་དྲི་མེད་བློ་ལྡན་གྱི་ཐུགས་བཞེད་ལྟར༔ ཁོ་བོ་བདེ་ཆེན་འབར་བའི་རྡོ་རྗེས་གཟེ་རྒྱལ་མ་མོ་གངས་ཀྱི་ར་བ་ནས་སྤྱན་དྲངས་པའི་གཏེར་གཞུང་ལ་མཚམས་སྦྱོར་ཅུང་ཟད་ངག་བཀོད་བགྱིས་པ་བཞིན་རང་སློབ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་ཡི་གེར་སྤེལ་བ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ་དགེའོ།། །།

གསང་ཐིག་སྐོར་གསུམ་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ། པདྨ་གར་གྱི་དབང་ཕྱུག

p. 695

༄༅། །གསང་ཐིག་སྐོར་གསུམ་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །

p. 696

སངས་རྒྱས་ཕྲིན་ལས་འདུས་པའི་ལྷ། །ས་ལམ་བར་ཆད་སེལ་མཛད་དེར། །གུས་པས་བཏུད་ནས་བྱིན་རླབས་ཀྱི། །སྙིང་པོ་ནོར་བུའི་སྒྲོན་མེ་སྦར། །རང་མདུན་སྟེགས་བུའི་ཁར་རིན་པོ་ཆེ་དང་བྷཉྫ་ལ་སོགས་པའི་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་གྱིས་སྤྲས་པ། གཡས་གཡོན་ཏུ་སྨན་རཀ །མདུན་དུ་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྨན་རཀ་ཉེར་སྤྱོད་མ་འབྱོར་ན་ཡིད་ཀྱིས་དམིགས་པས་ཀྱང་ཆོག །སྐྱབས་ཡུལ་མདུན་གྱི་ནམ་མཁར་གསལ་གདབ་ལ། སྐྱབས་སེམས་ལན་གསུམ། བདག་བསྐྱེད་དང་བཟླས་པ་ཅི་འགྲུབ་བྱ། དེ་ནས་གཏོར་མ་ལ་དམིགས་ཏེ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །སོགས་ནས་བཟླས་པའི་

p. 697

བར་བསྐྱར་མར་བཏང་ལ་བཟླས་པ་དང་དབང་ལེན་བཅས་གཏེར་གཞུང་དངོས་བསྟན་མཐར་ཆགས་སུ་བཏང་། བསང་ཆུའམ་ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛུབ་མཛད་ཅིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གསལ་ལ། བཛྲ་ཨ་མྲྀ་ཏའི་སྔགས་ཀྱིས་བྱིན་བརླབ། ཁྲོ་བོ་འོད་དུ་ཞུ་ནས་ཆུའི་རྡུལ་རེ་རེ་ཞིང་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་མོས། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་

p. 698

ཧ་ལ་ཧཱུྃ༔ དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་གུ་གུལ་ཡུངས་ཐུན་རོལ་མོའི་སྦྱོར་བས་བགེགས་བསྐྲད། རྡོ་རྗེའི་རང་བཞིན་གྱི་སྲུང་བའི་འཁོར་ལོ་མཚོན་ཆ་ཁྲོ་ཆུང་མེ་ཕུང་གི་དཀྱིལ་འཁོར་རྣམས་དྲག་ཏུ་བརྟན་པས་མཚམས་བཅིངས་པར་གྱུར། བཛྲ་པཉྩ་རཀྵ་རཀྵ་ཧཱུྃ་བྷྲཱུྃཿ མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་བཅོམ་ལྡན་འདས་ཁྲག་འཐུང་བཛྲ་ཀཱི་ལ་ཡ་འདི་ཉིད་ཞི་བའི་དུས་ན་དཔལ་རྡོ་རྗེ་སེམས་དཔའ། སྔགས་ཕྱི་པའི་སྐབས་སུ་རྡོ་རྗེ་རྣམ་པར་འཇོམས་པ། བྱང་ཆུབ་སེམས་དཔའི་གྲལ་དུ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་པར་སྣང་ཞིང་། མདོར་ན་བདེ་བར་

p. 699

གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྤྲུལ་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ། རྣམ་པ་ཕྲིན་ལས་ཀྱི་གསང་བ་གཅིག་ཏུ་བསྡུས་པ་ཀརྨ་ཧེ་རུ་ཀའི་ཚུལ་དུ་སྣང་བ་སྟེ། རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་དང་། གསང་རྒྱུད་ལས། ཀུན་གྱི་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ། །ཞེས་སོགས་གསུངས་ཏེ། ལྷག་པའི་ལྷ་མཆོག་འདི་ཉིད་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་བརྙེས་པའི་གྲུབ་ཐོབ་འཕགས་བོད་གཉིས་སུ་གནམ་གྱི་སྐར་མ་ཙམ་བྱོན་པ་དང་། ལྷག་པར་སངས་རྒྱས་ཀྱི་བསྟན་པའི་གཞུག་བདུད་དང་དམ་སྲི་ཁ་འཕྱུར་བའི་སྐབས་འདིར་དེ་དག་འདུལ་བའི་གཉེན་པོར་ལྷ་མཆོག་འདི་ཉིད་ཆེད་དུ་བསྔགས་པ་སྟེ། ཨོ་རྒྱན་ཆེན་པོའི་ཞལ་ནས། ཡིད་གཉིས་ཐེ་

p. 700

ཚོམ་མེད་པར་མོས་བྱེད་ཅིང་། །སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་། །ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན། །ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས། །ཞེས་རྡོ་རྗེའི་གསུང་ལ་བསླུ་བ་མ་མཆིས་པས། རྩོད་དུས་ཀྱི་ཐ་མ་འདིར་ལྷ་སྔགས་གཞན་གྱི་ནུས་པ་རྡུགས་པ་ལྟར་སྣང་ནའང་རྡོ་རྗེ་ཕུར་བུའི་རྟགས་མཚན་མངོན་དུ་གྱུར་པས་བར་ཆད་ཀྱི་བདུད་ཐུལ་ཞིང་། སྐལ་བ་དང་འཚམས་པའི་དངོས་གྲུབ་ཐོབ་པ་ཟམ་མ་ཆད་པའི་ཕྱིར་ན། གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་དམ་ལྷ་གཅིག་མར་ཡོངས་སུ་གྲགས་པ་འདི་ལ་སྒྲུབ་ཐབས་རྒྱས་བསྡུས་བཀའ་གཏེར་དག་སྣང་གི་སྲོལ་ཀ་མང་དུ་མཆིས་པའི་ནང་ཚན་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། རྩོད་བྲལ་དུས་བབ་ཀྱི་ཟབ་ཆོས། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་

p. 701

ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ལུག་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་གནས་ཆེན་དེ་བའི་ཀོ་ཊིའི་སྙིང་པོ་ཤར་ཕྱོགས་ཀྱི་ཆ་ཙཱ་འདྲ་རིན་ཆེན་བྲག་རི་དཔལ་ཆེན་པོའི་སྐུའི་རྣམ་པར་ཆགས་པའི་ཕྲག་གཡས། གུ་རུའི་གསང་ཕུག་ནས་སྤྱན་འདྲེན་པར་མཛད་པ། གསང་ཐིག་སྐོར་གསུམ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བྱིན་རླབས་གཏོར་མའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་འཚལ། བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང་༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔

p. 702

ཞེས་གསོལ་བ་ལན་གསུམ་གདབ། བླ་མ་དང་ཁྲག་འཐུང་རྡོ་རྗེ་གཞོན་ནུ་གཉིས་སུ་མེད་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་དྲུང་དུ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། བླ་མ་དཀོན་མཆོག་གསུམ་རྣམས་དང་༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ལ་གནས་སྐབས་ས་དང་ལམ་ལ་བར་དུ་གཅོད་པའི་བདུད་སྡེ་དཔུང་དང་བཅས་པ་འདུལ་ཞིང་མཐར་ཐུག་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པར་བྱ་བའི་སླད་དུ་བྱིན་རླབས་དབང་བསྐུར་ཟབ་

p. 703

མོས་རྒྱུད་སྨིན་པར་བྱས་ལ་རྣལ་འབྱོར་ཉམས་སུ་ལེན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་འཐོབ་པར་བྱ༔ ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་པོ་དཔལ་ལྡན་བླ་མ་ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་རྩལ་ལས་རང་ཤར་བའི་ཚུལ་དུ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར་ཕྱག་འཚལ་བ་ལ་སོགས་པ་བསགས་སྦྱོང་གི་སྙིང་པོ་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་

p. 704

འཚལ་ལོ། །མཆོག་གསུམ་བསྟན་པའི་གཞིར་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བསྒྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ལན་གསུམ། དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་ཅིང་བསྟིམ་པའི་སླད་དུ་ཁྱེད་རང་ལྷའི་སྐུ་དམ་ཚིག་སེམས་དཔའ་འདི་ལྟར་དུ་གསལ་ཐོབ་མཛོད། རྡོ་རྗེ་ཁྲོས་

p. 705

པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཧཱུྃ་གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང་༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་

p. 706

དང་༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་ཕུང་དང་༔ བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པས་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང་༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང་༔ རིན་པོ་ཆེ་ཡི་རྩེ་བྲན་དང་༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང་༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ ཕྱག་གཡས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡོན་

p. 707

བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ བ་སྤུ་རྡོ་རྗེ་ཕྱེད་པ་དང་༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་གྱུར། གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབ་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་གྱི་ཚོགས་དང་བཅས་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དང་ཁྲོ་ཆུང་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་

p. 708

ཐིམ། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་ཐོབ། སྐུའི་བྱིན་རླབས་ལུས་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉན་པོའི་སྒོ་ཕྱེས་ལ༔ གཟི་བརྗིད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ གཞན་ཡང་བྱད་ཁ་རྦོད་གཏོང་བཟློག་པ་དང་༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་

p. 709

གསོལ༔ སྔགས་མཐར། ཀཱ་ཡ་སརྦ་སིངྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་མ་སྤྱི་བོར་བཞག །གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབ་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་གྱི་ཚོགས་དང་བཅས་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་མགྲིན་པའི་ཨཱཿལས་འོད་ཟེར་དང་ཁྲོ་ཆུང་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། དྲག་སྔགས་ནུས་པའི་དངོས་གྲུབ་ཐོབ། གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་

p. 710

བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉན་པོའི་སྒོ་ཕྱེས་ལ༔ ཚངས་དབྱངས་གསུང་གི་དབང་མཆོག་ངག་ལ་སྩོལ༔ ངག་སྒྲིབ་ངག་མནན་དིག་ལྐུགས་བསལ་བ་དང་༔ དྲག་སྔགས་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར། ཝཱ་ཀ་སརྦ་སིངྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་མ་མགྲིན་པར་བཞག །གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབ་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་གྱི་ཚོགས་དང་བཅས་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཆར་

p. 711

སྤྲིན་འཁྲིགས་པ་ལྟར་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དང་ཁྲོ་ཆུང་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉན་པོའི་སྒོ་ཕྱེས་ལ༔ སྤྲོས་བྲལ་ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ ཡིད་སྒྲིབ་སྨྱོ་འབོགས་བརྒྱལ་ནད་ཞི་བ་དང་༔ བདེ་

p. 712

ཆེན་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་བཟློག་པ་དང་༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ༔ སྔགས་མཐར། ཙིཏྟ་སརྦ་སིངྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་མ་སྙིང་གར་བཞག །དེ་ནས་སྤྱི་ལུགས་ལྟར་གཏོར་མའི་བཀའ་བསྒོ་བྱ་བར་འདོད་ན། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་བཅས་པར་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་བ་དང་ཁྲོ་བོ། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་ལས་འབྲུ་གསུམ་དང་བྱིན་རླབས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟན་ཐོག་

p. 713

འདི་ཉིད་དུ་ཐོབ་པའི་མོས་པ་མཛོད་ཅིག །ཁྱབ་བདག་རྡོ་རྗེ་སེམས་དཔའ། དཔལ་ཆེན་ཁྲག་འཐུང་རིགས་ལྔ། སློབ་དཔོན་པྲ་བྷ་ཧསྟི། གུ་རུ་རྡོ་རྗེ་ཐོད་ཕྲེང་། ཡུམ་མཆོག་བདུད་འདུལ་རྒྱལ་མོ། བཀའ་བབ་རྗེ་འབངས་ཉེར་ལྔ། མཆོག་གྱུར་བདེ་ཆེན་གླིང་པ་ལ་སོགས་པ་རྩ་བརྒྱུད་བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་དང་། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། ཡེ་ཤེས་ཀྱི་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཁྲ་ཐབས། སྒོ་སྐྱོང་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། འཇིགས་པ་བཅུ་དྲུག་ནད་གདོན་རྐྱེན་ངན་གཟུང་འཛིན་

p. 714

འཁྲུལ་རྟོག་བག་ཉལ་དང་བཅས་པ་ཕྱི་ནང་གསང་བའི་འགལ་རྐྱེན་སྡིག་སྒྲིབ་མ་ལུས་པ་ཞི་བ་དང་། བྱད་ཕུང་རྦོད་གཏོང་ལོ་ཟླ་ཞག་ཀག་བདུད་དང་དམ་སྲིའི་གནོད་པ་ལ་སོགས་པ་ལས་དང་རྐྱེན་ལས་གྱུར་པའི་འཕྲལ་ཡུན་གྱི་བར་ཆད་ཐམས་ཅད་བཟློག་པ་དང་། ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། རིག་འཛིན་རྣམ་པ་བཞིའི་གོ་འཕང་མཐར་ཕྱིན་ནས་ཁྱབ་བདག་འབྲས་བུའི་ཧེ་རུ་ཀ་ཆེན་པོ་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་སྟེ། མདོར་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིངྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་གཏོར་མ་གནས་གསུམ་དུ་བཞག་གོ། །གལ་ཏེ་གཏོར་དབང་ཚར་གྲངས་བསགས་དགོས་པ་བྱུང་ན། སླར་ཡང་བྱིན་རླབས་གཏོར་མའི་དབང་བསྐུར་ཟབ་མོ་ཞུ་བའི་སླད་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ། མཎྜལ།

p. 715

གསོལ་གདབ། སློབ་མ་རྡོ་རྗེ་གཞོན་ནུར་གསལ༔ གཏོར་མ་ལྷ་ཡི་གནས་གསུམ་ནས༔ སོགས་ནས་སྔགས་བརྗོད་པའི་བར་གཏེར་གཞུང་བཅོས་མེད་ཉིད་བསྐྱར་རོ། །མཐར་ཡང་སྤྲོ་ན་གཏོར་མའི་བཀའ་བསྒོ་གོང་ལྟར་བྱ་ཞིང་ཤིས་པ་བརྗོད། དེ་ལྟར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བྱིན་རླབས་གཏོར་མའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་གསང་བ་གསུམ་གྱིས་བསྡུས་པའི་དམ་ཚིག་རྩ་བ་དང་ཡན་ལག་ཐམས་ཅད་ལེགས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ནས་བགྱི། །གཏང་རག་མཎྜལ། དེང་ནས་བརྩམས་ཏེ་སོགས་ནས་གསོལ། །དགེ་བསྔོ་བཅས་ཀྱིས་གྲུབ་བོ། །དེ་ནས་གཏོར་མ་བདུད་རྩིས་བྲན་ལ། རྃ་ཡྃ་ཁྃ་གིས་གཏོར་མ་བསྲེགས་གཏོར་བཀྲུས༔ ཞེས་སོགས་གཏོར་འབུལ་ཕྲིན་བཅོལ་ཡན་གཏེར་གཞུང་ལྟར་བྱ། ཨོཾ་ཨཱཿཧཱུྃ་གིས་གཏོར་མའི་ལྷ་ཡེ་ཤེས་པ་རྣམས་འོད་དུ་ཞུ་ནས་

p. 716

རང་ལ་ཐིམ། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། གཏོར་མགྲོན་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། བདག་བསྐྱེད་ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ཟུང་འཇུག་གི་སྐུར་ལྡངས་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་། དགེ་བསྔོ་བཀྲ་ཤིས་སྤྱི་ལྟར་རམ་ཡང་དག་ཕྱག་རྒྱ་གཅིག་པ་ལྟར་བྱའོ། །ཡོན་མཆོད་གཉིས་ཀར་བྱ་སླ་ཞིང་། །ཟབ་དྲིལ་འདི་ཉིད་ནན་ཏན་དུ། །སྤེལ་ནས་ཕྲིན་ལས་རྒྱ་མཚོ་ཡིས། །བདུད་སྡེའི་དཔུང་བཅས་ཕམ་བྱེད་ཤོག །ཅེས་པ་འདིའང་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་སྤུད་པ་རྡོར་སློབ་ཀརྨ་རཏྣས་ཆེད་དུ་བསྐུལ་བའི་ངོར། ཟབ་ཆོས་འདི་ཉིད་རང་སྐལ་དུ་ཐོབ་པའི་ལས་འཕྲོ་དགེ་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་གནས་ཉིད་དང་འདབས་འབྱོར་བའི་བསམ་གཏན་ཁང་བུར་བྲིས་པ་དགེ་ལེགས་འཕེལ།། །།

༁ྃ༔ ཚེ་གཡང་ཉི་ཟླ་ཁ་སྦྱོར་གྱི་ཚེ་དབང་གཡང་གི་བཀའ་གཏད་བྱ་ཐབས་དཔལ་ཡོན་བདུད་རྩི་འཁྱིལ་པ། བདེ་ཆེན་འབར་བའི་རྡོ་རྗེ།

p. 717

༁ྃ༔ ཚེ་གཡང་ཉི་ཟླ་ཁ་སྦྱོར་གྱི་ཚེ་དབང་གཡང་གི་བཀའ་གཏད་བྱ་ཐབས་དཔལ་ཡོན་བདུད་རྩི་འཁྱིལ་པ་ཞེས་བྱ་བ་བཞུགས་སོ༔

p. 718

གུ་རུ་བཛྲ་ཀྲོ་དྷཱ་ན་མ་ཡེ། འདིར་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ཐུགས་གཏེར་ཛམ་དཀར་སྒྲུབ་ཐབས་ཚེ་གཡང་ཉི་ཟླ་ཁ་སྦྱོར་གྱི་དབང་དང་བཀའ་གཏད་བྱ་ཚུལ་ནི། གཞུང་གི་བཅའ་བཤམས་སྤྱི་དང་ལྷ་བུམ་རྫས་ལྡན་སྐུ་ཙཀ་དང་བཅས་པ། སྔགས་ཀྱི་ཕྲེང་བ། ཐུགས་རྟགས་ཕྱག་མཚན་དང་ཐིག་ལེ། ལྷ་སྐུ་ཕྱག་རྒྱ་གཏོར་མ་དང་བཅས་པ་ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲུབ། གཞན་ཡང་ཚེ་རིལ་ཚེ་ཆང་དང་གཡང་གི་བཟའ་བཏུང་རྣམས་ཀྱང་བཤམས། ཁྲུས་བུམ། མདའ་དར། བགེགས་གཏོར་བཅས་ཉེར་མཁོ་ཚོགས་པར་བྱས་ནས་སྒྲུབ་པའི་གཞུང་བསྲང་། ཁྲུས་ཀྱི་བུམ་པ་རྟ་མགྲིན་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་སློབ་མ་རྣམས་མདུན་དུ་འཚོགས་ནས་ཁྲུས་བྱ། དེ་ནས་བགེགས་གཏོར། རྃ་ཡྃ་ཁྃ༔ གིས་བསང་། བྷྲཱུྃ་ལས་བྱུང་བའི་སྣོད་ཡངས་པར༔ གཏོར་མ་འདོད་ཡོན་ལྔ་ལྡན་གྱུར༔ ༀ་ཨཱཿཧཱུྃ༔ གིས་བྱིན་

p. 719

བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ས་བགེགས་བཀུག །ནམ་མཁའ་མཛོད་ཀྱི་རྒྱས། ༀ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་ནི། ཧཱུྃ༔ མ་རིག་ཉོན་མོངས་ལས་བྱུང་བའི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་བགེགས༔ བྱང་ཆུབ་སྒྲུབ་ལ་ཉེར་འཚེ་བའི༔ ལན་ཆགས་ཤ་འཁོན་འབྱུང་པོ་རྣམས༔ གླུད་གཏོར་འདིས་ཚིམ་ཕྱིར་དེངས་ཤིག༔ བྷཱུ་ཏ་སརྦ་གཙྪ༔ ཡུངས་ཐུན་བྲབ་ཅིང་གུ་གུལ་བདུག །སྲུང་བའི་འཁོར་ལོ་སྒོམ་པ་ནི༔ ཧཱུྃ༔ རང་ཉིད་དབང་ཆེན་ཁྲོས་པ་ཡི༔ སྐུ་ལས་མེ་དཔུང་ཚྭ་ཚྭ་འཕྲོས༔

p. 720

བགེགས་ཚོགས་དམིགས་མེད་ཉིད་དུ་གྱུར༔ ཚུར་འདུས་སྟེང་འོག་ཕྱོགས་མཚམས་གཏམས༔ བདག་དང་བསྲུང་བྱ་མི་ནོར་ཡུལ༔ བར་ཆད་བགེགས་ཀྱིས་མི་ཚུགས་པར༔ རང་བཞིན་སྲུང་འཁོར་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རྃ༔ ཞེས་སྲུང་བའི་འཁོར་ལོ་བསྒོམ། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འདོད་འབྱུང་ལྷུན་གྲུབ་ཆེན་པོར་མངའ་དབང་འབྱོར་ཞིང་བླ་མ་རིག་འཛིན་ཚེ་དཔག་མེད་ཀྱི་གོ་འཕང་ལ་མྱུར་དུ་འཁོད་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཚོ་སྐྱེས་མ་ཧཱ་གུ་རུ་པདྨ་སམྦྷ་ཝའི་ཐུགས་ཀྱི་གསང་བ་ལས་བྱུང་བའི་བླ་མ་ཚེ་དཔག་མེད་དང་། བླ་མ་ནོར་ལྷ་ཟུང་འཇུག་ཏུ་སྒྲུབ་པའི་མན་ངག་ཟབ་མོ། དུས་བབ་ཀྱི་རིག་འཛིན་ཆེན་པོ་ཨོ་རྒྱན་ཆོས་རྒྱལ་རྡོ་རྗེའི་བཀའ་

p. 721

གཏེར་དག་སྣང་གསུམ་ལྡན་གྱི་ཟབ་ཆོས་འདི་ཉིད་ཀྱི་སྔོན་སྨོན་བྱུང་ཚུལ་ལོ་རྒྱུས་གཏེར་གཞུང་རྩ་བ་དངོས་ཀྱི་ཚིག་རྐང་འདི་ལ་གསན་པས་ཁྱབ་ཏེ། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་ལས། དེ་ལྟར་ཨོ་རྒྱན་མཁའ་ནོར་ལྷའི་སྒྲུབ་ཐབས་འདི༔ ད་ལྟ་མ་སྤེལ་མདོ་ཁམས་བོད་ཀྱི་ཡུལ༔ བྲག་རི་ཁྱུང་ཆེན་ལྡིང་འདྲའི་མདུན་ངོས་སུ༔ སྒྲུབ་གནས་དུང་དཀར་དབྱིབས་འདྲའི་གཞལ་ཡས་ནས༔ ཆོས་རྒྱལ་རྡོ་རྗེའི་ཐུགས་ལས་རྡོལ་ཏེ་དགོངས་པའི་གཏེར་ལས་འབྱུང་༔ དུས་ནི་གསོལ་འདེབས་བསམ་པ་ལྷུན་འགྲུབ་ལས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ བཀྲེས་སྐོམ་དབུལ་ཕོངས་སེལ་བར་ཐེ་ཚོམ་མེད༔ ཅེས་གསུངས་པ་

p. 722

བཞིན༔ ས་དགྲ་ལངས་ནས་ས་གཡོ་ཞིང་གཙུག་ལག་ཁང་རྣམས་འཇིག༔ ཆུ་དགྲ་ལངས་ནས་གྲུ་འཇིག་ཅིང་མི་རྐྱལ་གྲིར་འཆི༔ ར་ས་འཕྲུལ་སྣང་སོགས་ལ་ཆུས་གནོད་༔ མེ་དགྲ་ལངས་ནས་བསམ་ཡས་བསྲེག་ཅིང་འཇིག༔ ནམ་མཁའ་ཆར་མེད་ཐན་པ་རྩི་ཤིང་ལོ་འབྲས་སྐམ༔ ནད་འཁྲུགས་མུ་གེའི་འཇིགས་པ་འབྱུང་༔ རླུང་དགྲ་ལངས་ནས་དགུན་གྲང་ལྷག་གིས་སེམས་ཅན་གསོད༔ བྱམས་སྤྲིན་ལྷ་ཁང་མེ་རླུང་གིས་འཇིགས༔ དེ་འདྲའི་དུས་ལ་བབ་ཚེ་འདི་ཉིད་གསལ༔ རིག་འཛིན་རང་རེ་ཐེ་ཚོམ་སྐྱེས་ཙ་ན༔ གཏེར་ཤོག་མ་ཕྱི་མཁའ་འགྲོས་དངོས་སུ་སྟོན༔ ཤོག་སེར་མཐིང་གར་བོད་ཡིག་ཚེག་མེད་བྲིས༔ དཀྱུས་སུ་འདོམ་གང་དཔང་དུ་སོར་བཞི་ཙམ༔ ཉམས་སྣང་མ་ཡིན་ལག་ཏུ་དངོས་སུ་ཐོན༔ མ་ཕྱི་སླར་ཡང་མཁའ་འགྲོའི་རང་མལ་རྒྱ༔ འགྲོ་དོན་རིག་འཛིན་ཉིད་ཡོལ་

p. 723

རྒྱབ་ནས་ཡོང་༔ ཧ་ཅང་སྨད་ན་དར་ཆ་ཆུང་ན་ཡང་༔ ལས་ཅན་འགའ་ལ་ཨོ་རྒྱན་ངས་ལུང་བསྟན༔ ཚེ་སྔོན་བསོད་ནམས་བསགས་པས་འཕྲད་ན་ཡང་༔ ངོམ་པ་མ་ཆེ་བར་ཆད་འོང་ཉེན་ཡོད༔ ཆ་ལག་རྩོམ་ཆོས་མ་བྱེད་བྱིན་རླབས་ཡལ༔ གཏེར་ཤོག་དངོས་སུ་མཐོང་བས་ས་གཏེར་ཡིན༔ རིག་འཛིན་དགོངས་བརྒྱུད་ཐུགས་ཀྱི་ཀློང་ནས་བརྡོལ༔ དེ་ཕྱིར་དགོངས་གཏེར་ཞེས་ནི་བྱ་བ་ཡིན༔ དེས་ན་བརྒྱུད་པ་སུམ་ལྡན་བྱིན་རླབས་ཆེ༔ རྟོགས་པ་ལྡན་ཞིང་དམ་དམ་ཚིག་གཙང་བ་ན༔ ཚར་གྲངས་མང་ཉུང་མེད་དོ་ཐེ་ཚོམ་སྤོངས༔ གཏེར་ཤོག་མཐིང་ཡིག་མཚོ་རྒྱལ་ཕྱག་བྲིས་ཡིན༔ དམ་རྫས་མང་ཉུང་སྤེལ་མཁས་རན་ཚོད་ཟུངས་༔ མགུ་སླ་ཕྱི་ཐག་ཐུང་ལ་མ་སྤེལ་ཅིག༔ སྦས་གསང་ཆེ་ཞིང་དམ་ལྡན་རེ་རེ་ཙམ༔ དམ་ཉམས་ལོག་ལྟ་ཅན་ལ་ཤོར་ར་རེ༔ རྡོ་རྗེ་རིག་བྱེད་རྩལ་

p. 724

གྱིས་བཀའ་འདི་ཐུབ་པར་སྲུངས་ཤིག་རཀྵ༔ མཚོ་སྨན་རྒྱལ་མོ་དང་ཀླུ་བདུད་ནཱ་ག་རཱ་ཙ་དུག་གི་ཁ་རླངས་ཅན་གྱིས་བཀའ་འདིའ ི་བྱ་ར་གྱིས༔ ཞེས་གསུངས་པའི་བཀའ་བབ་གསུམ་ལྡན་ཟབ་མོའི་ཆོས་སྡེ་འདི་ཉིད་ཀྱི་སྨིན་གྲོལ་གཉིས་ལས། ད་ལམ་སྨིན་བྱེད་དབང་བསྐུར་བའི་སྐབས་སུ་བབ་པ་སྟེ། དེ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཕུལ། ཞེས་མཎྜལ་ཕུལ། དེ་ལྟར་མཎྜལ་འབུལ་བ་སྔོན་དུ་སོང་ནས། བླ་མ་དང་ལྷག་པའི་ལྷའི་དཀྱིལ་འཁོར་གྱི་གཙོ་བོ་ལ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཧོཿ སྐུ་གསུམ་བླ་མ་ཚེ་ཡི་ལྷ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས༔ བདག་དང་སྐལ་ལྡན་སློབ་མ་ལ༔ དབང་བཞི་བསྐུར་བར་མཛད་དུ་གསོལ༔ ཞེས་ལན་གསུམ། དེ་ནས་སློབ་མ་ཁྱེད་རང་རྣམས་རྒྱུད་སྦྱང་

p. 725

བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་རྩ་གསུམ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་སྙམ་པས་འདིའི་རྗེས་ཟློས་མཛོད། ༀ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་ཚོགས་བསགས་པའི་སླད་དུ་རྒྱུན་བཤགས་རྣམ་དག་སྔོན་དུ་འགྲོ་བའི་སེམས་བསྐྱེད་འདི་ཡང་རྟག་ཏུ་བཟུང་བའི་ཕྱིར་ཚིག་གི་དོན་ཡིད་ལ་དགོངས་བཞིན་པས་འདི་ཡི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ལྟར་རྒྱུད་སྦྱང་གི་རིམ་པ་སྔོན་དུ་སོང་ཟིན་ནས། དབང་གི་གཞི་འགོད་པའི་སླད་དུ། སློབ་མ་

p. 726

ཁྱེད་རང་རྣམས་ལྷའི་བསྐྱེད་རིམ་འདི་བཞིན་དུ་མཛད་པར་ཞུ། ལས་ཆུས་བྲན་ཞིང་། ༀ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྣང་སྲིད་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ བདག་ཉིད་པདྨ་འབྱུང་གནས་སྐུ༔ དཀར་དམར་ཞི་མ་ཁྲོས་པའི་ཉམས༔ རྡོ་རྗེ་ཐོད་པ་ཚེ་བུམ་བསྣམས༔ ཁ་ཊྭཱཾ་ག་ནི་ཕྲག་གཡོན་བཀལ༔ པད་ཞྭ་ཟ་བེར་ཆོས་གོས་གསོལ༔ ཞབས་གཉིས་རྒྱལ་པོ་རོལ་པས་བཞུགས༔ གཡས་སུ་ལྷ་ལྕམ་མནྡྷ་ར༔ གཡོན་དུ་མཁར་ཆེན་མཚོ་རྒྱལ་མ༔ མདུན་དུ་བདེ་ཆེན་རྒྱལ་མོ་དང་༔ རྒྱབ་ཏུ་བཙུན་མོ་འོད་འཆང་མ༔ ཐམས་ཅད་ཕྱག་གཡས་མདའ་དར་དང་༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ དཀར་གསལ་ཞི་འཛུམ་ཡིད་དུ་འོང་༔ འཁོར་དུ་རིག་འཛིན་མཁའ་འགྲོས་བསྐོར༔ སྤྱི་བོར་རིགས་བདག་ཚེ་དཔག་མེད༔ དམར་གསལ་པདྨ་

p. 727

རཱ་གའི་མདོག༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ལྡན༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཚན་དང་དཔེ་བྱད་རྒྱན་རྣམས་རྫོགས༔ སྣང་སྟོང་གཟི་བྱིན་འབར་བར་བསྐྱེད༔ དེ་ལྟར་གསལ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་གསལ་ཐོབ་མཛོད། དེ་ནས་སློབ་དཔོན་ལ་མོས་འདུན་དྲག་པོ་མཛད་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། བདེ་བ་ཅན་དང་། པོ་ཊ་ལ། ལྷོ་ནུབ་དཔལ་རི་པདྨ་འོད་སོགས་རྒྱལ་བའི་ཞིང་ཁམས་ཀུན་ནས་རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་གཏེར་བདག་དང་བཅས་པ་ན་བུན་རླུང་གིས་བསྐུལ་བ་ལྟར་སྤྱན་དྲངས་ཏེ་མདུན་གྱི་དབང་རྫས་དང་ཁྱེད་རང་སློབ་མ་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་

p. 728

བརླབས་པའི་མོས་པ་མཛོད། སྤོས་དབྱངས་རོལ་དང་བཅས་པས། ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ འཆི་མེད་མགོན་པོ་སྣང་མཐའ་ཡས༔ ཚེ་དཔག་མེད་མགོན་གཤེགས་སུ་གསོལ༔ རི་བོ་པོ་ཊའི་ཞིང་ཁམས་ནས༔ སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ སྐྱེ་འཆི་གཉིས་སྤངས་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ནས༔ དུག་ལྔ་རྣམ་དག་རྒྱལ་བ་ལྔ༔ རིགས་ལྔ་ཡབ་ཡུམ་གཤེགས་སུ་གསོལ༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི༔ བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ༔ རང་སྣང་དག་པའི་ཞིང་ཁམས་ནས༔ མཆོག་ཐུན་དངོས་གྲུབ་ཆར་འབེབས་པའི༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ གནས་

p. 729

མཆོག་ཉེར་བཞིའི་ཞིང་ཁམས་ནས༔ རྩ་རླུང་ཁམས་ལ་དབང་བསྒྱུར་བའི༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ མ་འགགས་སྤྲུལ་སྐུའི་ཞིང་ཁམས་ནས༔ བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ འཇིག་རྟེན་དབང་ཕྱུག་སྤྲུལ་པའི་གར༔ དབུལ་ཕོངས་སྡུག་བསྔལ་སེལ་མཛད་ཅིང་༔ ནོར་དང་གཡང་གི་བདག་པོ་ཆེ༔ སྐུ་ཡི་ཛཾ་ལྷ་གཤེགས་སུ་གསོལ༔ ཕྱོགས་བཞི་དག་པའི་ཞིང་ཁམས་ནས༔ ལས་བཞིའི་ཚེ་གཡང་མྱུར་འགུགས་མ༔ རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ༔ མཆོག་དང་ཐུན་མོང་ཞིང་ཁམས་ནས༔ ཡིད་བཞིན་ནོར་བུ་འདོད་དགུ་དང་༔ ལོངས་སྤྱོད་དངོས་གྲུབ་ཆར་འབེབས་པའི༔ ནོར་ལྷ་གཏེར་བདག་གཤེགས་སུ་གསོལ༔ ཨོ་རྒྱན་ནོར་ལྷའི་ཚོགས་བཅས་རྣམས༔ ཚེ་

p. 730

བསོད་སྤེལ་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཚེ་གཡང་འགུགས་ཕྱིར་གཤེགས་སུ་གསོལ༔ ཚེ་དཔལ་བརྟན་ཕྱིར་གཤེགས་སུ་གསོལ༔ ཟས་ནོར་སྤེལ་ཕྱིར་གཤེགས་སུ་གསོལ༔ རྡོ་རྗེའི་ཚེ་དང་འགྱུར་མེད་གཡང་༔ དེང་འདིར་བདག་ལ་མྱུར་དུ་སྩོལ༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཡང་རྟེན་འདི་ལ་དབྱེར་མེད་བཞུགས༔ གནས་ཁང་འདི་ལ་བརྟན་པར་བཞུགས༔ མི་ནོར་ཚེ་བསོད་སྤེལ་བར་མཛོད༔ བཛྲ་ས་མ་ཡ་ཛ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ་པས་ཡེ་ཤེས་དེ་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲཿ ཞེས་མེ་ཏོག་དང་བཅས་བརྟན་པར་བྱ། དེ་ནས་ཚེ་དང་གཡང་གི་དངོས་གྲུབ་བསྐུལ་

p. 731

བའི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དང་ཕོ་ཉ་མགྱོགས་མ་མཁའ་འགྲོའི་ཚོགས་འཁོར་འདས་ཁྱབ་པར་སྤྲོས་པ་རྣམས་ཀྱིས་སྲིད་ཞིའི་ཚེ་གཡང་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་སྐུ་གསུང་ཐུགས་རྟགས་ཐིག་ལེ་འོད་ཟེར་གྱི་རྣམ་པར་བསྡུས་ནས་རྟེན་དང་སློབ་མ་ཚེ་རྫས་ལ་བསྟིམ་པས་བྱིན་རླབས་འོད་དུ་འབར་བའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱིཿ བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ སྐྱེ་མེད་ཆོས་སྐུའི་དངོས་གྲུབ་སྩོལ༔ རི་བོ་པོ་ཊའི་ཞིང་ཁམས་ནས༔ སྤྱན་རས་གཟིགས་དབང་བྱིན་ཕོབ་ཅིག༔ འགགས་མེད་ལོངས་སྐུའི་དངོས་གྲུབ་སྩོལ༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ མཚོ་སྐྱེས་རྡོ་རྗེས་བྱིན་ཕོབ་ཅིག༔ འགྲོ་འདུལ་

p. 732

སྤྲུལ་སྐུའི་དངོས་གྲུབ་སྩོལ༔ ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ནས༔ ཚེ་ལྷ་རིགས་ལྔས་བྱིན་ཕོབ་ཅིག༔ ཡེ་ཤེས་ལྔ་ཡི་ཚེ་གཡང་སྩོལ༔ སྣང་སྲིད་དག་པ་རབ་འབྱམས་ཞིང་༔ སྐུ་གསུམ་བླ་མས་བྱིན་ཕོབ་ཅིག༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ མ་ཚོགས་མཁའ་འགྲོས་བྱིན་ཕོབ་ཅིག༔ གསང་སྔགས་ཆོས་ཀྱི་དངོས་གྲུབ་སྩོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ནོར་བདག་ཛཾ་ལྷས་བྱིན་ཕོབ་ཅིག༔ ནོར་དང་གཡང་གི་དངོས་གྲུབ་སྩོལ༔ རང་བཞིན་དག་པའི་ཞིང་ཁམས་ནས༔ ཛཾ་དཀར་ཡབ་ཡུམ་བྱིན་ཕོབ་ཅིག༔ ཟས་ནོར་གཡང་གི་དངོས་གྲུབ་སྩོལ༔ སྦྲ་ཁང་གཡང་རྟེན་འདི་རྣམས་ལ༔ བཀྲག་དང་གཟི་མདངས་བྱིན་ཕོབ་ཅིག༔ བདག་དང་ཡོན་བདག་མི་ནོར་ལ༔ ཚེ་གཡང་འགྱུར་མེད་བྱིན་ཕོབ་ཅིག༔ ཚེ་རྟེན་གཡང་རྫས་འདི་རྣམས་ལ༔ མི་

p. 733

ཟད་གཏེར་གྱི་བྱིན་ཕོབ་ཅིག༔ མཆོད་རྫས་ཡོ་བྱད་འདི་རྣམས་ལ༔ ཀུན་བཟང་མཆོད་སྤྲིན་བྱིན་ཕོབ་ཅིག༔ མཆོད་རྫས་འདི་ལ་མདངས་ཤིག་སྟོན༔ གཡང་རྫས་འདི་ལ་བཅུད་ཅིག་ཕོབ༔ ཚེ་དང་གཡང་གི་དངོས་གྲུབ་སྩོལ༔ བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ༔ འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ཅིག༔ རྟགས་དང་མཚན་བཟང་བསྟན་པར་མཛོད༔ ཅེས་པའི་བྱིན་འབེབས་བྱས་ནས། དངོས་གཞི་དབང་བསྐུར་བའི་སླད་དུ་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་བླ་མ་ཚེ་དཔག་མེད་དང་ཨོ་རྒྱན་ནོར་ལྷའི་ཚོགས་རྣམས་འོད་དུ་ཞུ་བའི་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྒོ་གསུམ་ཚེ་དཔལ་ལ་གནོད་པའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་སྦྱངས། བདུད་རྩིས་ཡོངས་སུ་

p. 734

ཁེངས་ཤིང་ཆུ་ལྷག་གྱེན་དུ་འཁྱིལ་བས་བླ་མ་ཨོ་རྒྱན་ཚེ་དཔག་མེད་པས་དབུ་བརྒྱན་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ༔ བླ་མ་ཚེ་བདག་ནོར་ལྷའི་ཚོགས༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ སྐུ་ཡི་དབང་མཆོག་ལུས་ལ་བསྐུར༔ གཞོམ་མེད་རྡོ་རྗེའི་ལུས་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་བྷྲཱུྃ་སྭཱ་ཧཱ༔ ཧ་རི་ནི་ས་ཛྙཱ་ན་ཌཱ་ཀི་ནཱི་ཨཱཿཡུར་པུཎྱེ་བ་སུ་སིདྡྷི་ཧཱུྃ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ ཞེས་བུམ་པས་དབང་བསྐུར། སྔགས་ཕྲེང་དང་བདུད་རྩི་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་ཚེ་བདག་ནོར་ལྷའི་ཚོགས༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ གསུང་གི་དབང་མཆོག་ངག་ལ་བསྐུར༔ ཚངས་དབྱངས་དྲུག་ཅུའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧ་རི་ནི་ས་ཛྙཱ་ན་ཌཱ་ཀི་ནཱི་ཨཱཿཡུར་པུཎྱེ་བ་སུ་སིདྡྷི་ཧཱུྃ་བྷྱོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨ༔ ཕྲེང་བ་མགྲིན་པར་བཞག །ཕྱག་མཚན་དང་ཐིག་ལེ་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ བླ་མ་ཚེ་བདག་ནོར་ལྷའི་ཚོགས༔

p. 735

སྐལ་ལྡན་སློབ་མ་འདི་ཉིད་ལ༔ ཐུགས་ཀྱི་དབང་མཆོག་ཡིད་ལ་སྩོལ༔ སྐྱེ་མེད་སྤྲོས་བྲལ་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བྷྲཱུྃ་སྭཱ་ཧཱ༔ ཧ་རི་ནི་ས་ཛྙཱ་ན་ཌཱ་ཀི་ནཱི་ཨཱཿཡུར་པུཎྱེ་བ་སུ་སིདྡྷི་ཧཱུྃ་བྷྱོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་ཁར་བཏེགས༔ དེ་ནས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་འདི་ཉིད་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ཏེ་སྐུ་ལས་སྐུ་ཕྱག་རྒྱ། གསུང་ལས་གསུང་ཡིག་འབྲུ། ཐུགས་རྟགས་ཐིག་ལེ་དང་ཕྱག་མཚན། འོད་དང་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བྱུང་ཏེ་ཁྱེད་རང་གི་གནས་ལྔར་ཐིམ་པས་གནས་སྐབས་མི་མཐུན་པའི་འགལ་རྐྱེན་བར་ཆད་བསལ་ཏེ་ཚེ་ནོར་ལོངས་སྤྱོད་འཁོར་འདས་ཀྱི་དཔལ་ཡོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་སྙམ་

p. 736

དུ་མོས་མཛོད། ཨོཾ་ཨཱཿཧཱུྃ༔ བླ་མ་ཚེ་བདག་ནོར་ལྷའི་ཚོགས༔ སྐལ་ལྡན་སློབ་མ་འདི་ཉིད་ལ༔ སྐུ་གསུམ་ལྷུན་གྲུབ་དོན་གྱི་དབང་༔ ངོ་བོ་ཉིད་སྐུའི་དབང་ཐོབ་ཤོག༔ དུག་གསུམ་སྐུ་གསུམ་མངོན་གྱུར་པའི༔ བླ་མ་སྐུ་གསུམ་དབང་ཐོབ་ཤོག༔ དུག་ལྔ་ཡེ་ཤེས་ལྔར་ཤར་བའི༔ ཚེ་ལྷ་རིགས་ལྔའི་དབང་ཐོབ་ཤོག༔ འཆི་མེད་ཡེ་ཤེས་སྐུ་ཐོབ་པའི༔ ཨོ་རྒྱན་མཁའ་འགྲོའི་དབང་ཐོབ་ཤོག༔ མཆོག་ཐུན་འབད་མེད་ལྷུན་གྲུབ་པའི༔ ཛམ་དཀར་ཡབ་ཡུམ་དབང་ཐོབ་ཤོག༔ ཟས་ནོར་དཔལ་འབྱོར་ཕུན་ཚོགས་པའི༔ ནོར་ལྷ་གཏེར་བདག་དབང་ཐོབ་ཤོག༔ འཁོར་བའི་སྡུག་བསྔལ་ལས་གྲོལ་བའི༔ ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ མ་རིག་འཁྲུལ་སྣང་ཡེ་དག་པའི༔ རང་རིག་ཆོས་སྐུའི་དབང་ཐོབ་ཤོག༔ འཁོར་འདས་ཆོས་ཀུན་ཡེ་དག་པའི༔ རྫོགས་པ་ཆེན་པོའི་དབང་ཐོབ་ཤོག༔ རྟག་ཆད་མཐའ་

p. 737

བཞི་རང་གྲོལ་བའི༔ དབུ་མ་ཆེན་པོའི་དབང་ཐོབ་ཤོག༔ སྨྲ་བསམ་བརྗོད་ལས་འདས་པ་ཡི༔ ཤེས་རབ་ཕར་ཕྱིན་དབང་ཐོབ་ཤོག༔ གཉིས་འཛིན་བག་ཆགས་རང་གྲོལ་བའི༔ འཛིན་མེད་ཁྱབ་གདལ་དབང་ཐོབ་ཤོག༔ དབྱིངས་རིག་འཕོ་འགྱུར་མེད་པ་ཡི༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ བསོད་ནམས་ཟད་མཐའ་མེད་པ་ཡི༔ ཚེ་གཅིག་སངས་རྒྱས་དབང་ཐོབ་ཤོག༔ ཨོཾ་ཨ་མི་ཏ་བྷ་ཨཱཿཡུ་སིདྡྷི་ཧྲཱིཿ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨཱཿཡུ་པུཎྱེ་སིདྡྷི་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱཿཡུ་པུཎྱེ་ཛྙཱ་ན་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་ཨཱརྱ་ཛཾ་བྷ་ལ་དྷ་ནཾ་མི་དྷི་སརྦ་བ་སུ་སིདྡྷི་ཧཱུྃ༔ ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ༔ ཧ་རི་ནི་ས་ཨཱཿཡུ་པུཎྱེ་དྷཱ་ནཾ་མེ་དྷི་བ་སུ་སརྦ་སིདྡྷི་ཧཱུྃ༔ ཞེས་གཏོར་མ་གནས་ལྔར་རེག །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་༔ རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་༔ སྲིད་དང་ཞི་བའི་དཔལ་འབྱོར་

p. 738

གང་ལགས་པ༔ དེ་དག་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཚེ་གཟུངས་བརྗོད་ཅིང་ཚེ་རིལ་ཚེ་ཆང་སྦྱིན། དེ་ནས་དབང་གི་བཀའ་གཏད་པའི་དོན་དུ་འཁོར་འདས་སྤྱིའི་དཔལ་ཡོན་འགུགས་པ་ནི། མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱི༔ མཆོག་གི་དངོས་གྲུབ་ཞུ་བ་ནི༔ མདོ་རྒྱུད་གསང་སྔགས་ཆོས་ཀྱི་གཡང་༔ བདེ་གསལ་མི་རྟོག་ལྟ་བའི་གཡང་༔ རྩ་ཐིག་རླུང་གསུམ་སྒོམ་པའི་གཡང་༔ བརྟུལ་ཞུགས་རྫུ་འཕྲུལ་སྤྱོད་པའི་གཡང་༔ ཕྱག་རྒྱ་ཆེན་པོ་འབྲས་བུའི་གཡང་༔ ད་ལྟ་རྣལ་འབྱོར་བདག་ལ་སྩོལ༔ གདོད་ནས་མ་བཅོས་གཞི་ཡི་གཡང་༔ མ་འགགས་ཤར་གྲོལ་ལམ་གྱི་གཡང་༔ ཀ་དག་སྤྲོས་བྲལ་འབྲས་བུའི་གཡང་༔ བདེ་ཆེན་ལྷུན་གྲུབ་དོན་གྱི་གཡང་༔ ད་ལྟ་རྣལ་འབྱོར་བདག་ལ་སྩོལ༔ སྣང་སྟོང་མཐའ་བྲལ་ངོ་བོའི་གཡང་༔ བརྗོད་མེད་གཉུག་མ་རང་བཞིན་གཡང་༔ འཁོར་འདས་དབྱེར་མེད་ཐུགས་

p. 739

རྗེའི་གཡང་༔ སྣང་བཞི་མཐར་ཕྱིན་ཁྱབ་གདལ་ཆེ༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་གཡང་༔ དེང་འདིར་རྣལ་འབྱོར་བདག་ལ་སྩོལ༔ སྐུ་གསུམ་འགྱུར་མེད་ཚེ་གཡང་སྩོལ༔ འགྲོ་དོན་ཕྱོགས་མེད་མཐའ་ཡས་ཀྱི༔ རང་གཞན་དོན་གཉིས་མྱུར་འགྲུབ་པའི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་རྗེའི་ཐུགས་དམ་ས་མ་ཡ༔ དེ་ནས་གཡང་རྫས་རྣམས་ཀྱིས་དབང་བསྐུར་བའམ་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མ་ཚེ་ཡི་བདག༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས༔ སློབ་མའི་ལུས་ངག་ཡིད་གསུམ་དང་༔ ཚེ་རྟེན་སྒྲུབ་རྫས་འདི་རྣམས་ལ༔ མཁའ་ལ་སྤྲིན་ལྟར་ཐིམ་པར་གྱུར༔ ཆུ་ལ་ཆུ་བཞག་ལྟ་བུར་གྱུར༔ དམིགས་མེད་ཁྱབ་གདལ་ཀློང་དུ་ཨཱ༔ སརྦ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གཡང་གི་བཟའ་བཏུང་རྣམས་ཀྱང་སྦྱིན་ལ་མདའ་དར་མགོར་བཞག་ཅིང་། མ་ཡེངས་ངང་ལ་ལྷོད་ལ་ཞོག༔ སྐྱེ་མེད་དབྱིངས་སུ་ཕྱལ་གྱིས་ཐོངས་༔ སྤྲོས་

p. 740

བྲལ་ངང་དུ་ས་ལེར་བཞག༔ གཞོམ་གཞིག་བྲལ་བའི་རྒྱས་གདབ་བོ༔ དེ་ནས་ཚེ་གཡང་དེ་དག་གི་བྱིན་རླབས་ཐམས་ཅད་བརྟན་པར་བྱ་བའི་སླད་དུ་རྩ་གསུམ་ཚེ་དང་གཡང་ལྷ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ཏེ་བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བས་ཚེ་དང་དཔལ་ཡོན་གྱི་དངོས་གྲུབ་རྣམས་རབ་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ༔ སྐྱེ་འགག་གནས་གསུམ་བྲལ་བ་ཡི༔ བླ་མ་སྐུ་གསུམ་བཀྲ་ཤིས་ཤོག༔ སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་པའི༔ ཚེ་ལྷ་རིགས་ལྔའི་བཀྲ་ཤིས་ཤོག༔ འཆི་མེད་འཇའ་ལུས་དབང་ཐོབ་པའི༔ ཨོ་རྒྱན་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལོངས་སྤྱོད་དངོས་གྲུབ་ཆར་འབེབས་པའི༔ ནོར་ལྷ་གཏེར་བདག་བཀྲ་ཤིས་ཤོག༔ ལས་བཞིའི་ཕྲིན་ལས་མྱུར་འགྲུབ་པའི༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ དུས་གསུམ་མཉམ་པ་ཉིད་ལ་གནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔

p. 741

ཅེས་མེ་ཏོག་གི་ཆར་བསྙིལ། འོ། དེ་ལྟར་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ཐུགས་ཏིག་ཚེ་གཡང་ཉི་ཟླ་ཁ་སྦྱོར་གྱི་སྒོ་ནས་རྗེས་འཛིན་བཀའ་གཏད་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་འཛིན་ཅིང་རང་གཞན་གྱི་ཚེ་བསྲིང་བ་དང་། སྲོག་བླུ་སྲོག་སྐྱོབ་མཆོད་སྦྱིན་སོགས་བསོད་ནམས་ཀྱི་ལས་ལ་འབད་པ་སོགས་དམ་ཚིག་གི་རིམ་པ་རྣམས་ལས་མི་འདའ་བར་རྒྱུན་དུ་བརྩོན་པར་བྱའོ་སྙམ་པས་འདི་ཡི་རྗེས་ཟློས་གནང་བར་ཞུ། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ལྟར་ཐོབ་པའི་གཏང་རག་ཏུ་མཎྜལ་གནང་འཚལ། མཎྜལ་ཕུལ། བཀའ་དྲིན་ཟབ་མོ་ལ་དགོངས་ཏེ་ལུས་འབུལ་ཀྱང་གནང་འཚལ། དེང་ནས་བརྩམས་ཏེ་བདག་སོགས། དེ་ལྟ་བུའི་དགེ་ཚོགས་རྣམ་མཁྱེན་བྱང་ཆུབ་མཆོག་ཏུ་བསྔོ་བ་རྣམ་པར་དག་པས་རྒྱས་

p. 742

འདེབས་པར་མཛད་འཚལ། བསོད་ནམས་འདི་ཡིས་ཐམས་ཅད་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟ་བུའི་དབང་མཚམས་སྦྱོར་དང་བཅས་པ་འདིའང་སྔོན་དུ་འོག་མིན་ཀརྨའི་གདན་སར་རིག་འཛིན་དངོས་ཀྱི་སྤྱན་སྔར་བདག་གིས་སྨིན་གྲོལ་ཐོབ་པའི་སྐབས་བཀྲ་ཤིས་པའི་ལྷ་རེག་སྲིད་དུ་རིང་བ་གནང་ནས་ཁྱེད་ཀྱིས་འདི་ལ་དབང་སྒྲིག་ཆོག་བྱེད་དགོས་ཞེས་རིག་འཛིན་ཆེན་པོ་ཉིད་ཀྱིས་བཀའ་གནང་བ་ཅུང་ཟད་འགྱངས་ལུས་སུ་སོང་བ། སླར་སྒྲུབ་བླ་མ་དྲི་མེད་བློ་ལྡན་གྱིས་གསུང་བསྐུལ་ལྟར་བདེ་ཆེན་འབར་བའི་རྡོ་རྗེ་བདུད་འདུལ་གླིང་པ་རྩལ་གྱིས་ངག་ནས་སྨྲས་རིམ་བཞིན་ཀརྨ་བློ་གྲོས་རབ་བརྟན་གྱིས་དེ་འཕྲལ་ཉིད་དུ་ཡི་གེར་བཏབ་པའི་དགེ་བས་ཆོས་འདིར་འབྲེལ་ཚད་ཟུང་འཇུག་པདྨའི་མགོན་པོའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་ཤུ་བྷཾ་ཛ་ག་ཏཾ།། །།

རྣམ་སྲས་སེར་ཆེན་སྤྲིན་གསེབ་མར་གྲགས་པའི་ཆོས་སྐོར་ལས་རྗེས་གནང་གི་དབང་ཆོག་བཀའ་གཏེར་གཉིས་ལྡན་བྱིན་རླབས་འདོད་དགུའི་མཆོག་སྩོལ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 743

༄༅། །རྣམ་སྲས་སེར་ཆེན་སྤྲིན་གསེབ་མར་གྲགས་པའི་ཆོས་སྐོར་ལས་རྗེས་གནང་གི་དབང་ཆོག་བཀའ་གཏེར་གཉིས་ལྡན་བྱིན་རླབས་འདོད་དགུའི་མཆོག་སྩོལ་བཞུགས་སོ། །

p. 744

བླ་མ་དང་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་གནང་བྱེད་པར་འདོད་པས། ཡི་དམ་དང་ཆོས་སྐྱོང་གི་བསྙེན་སྒྲུབ་སྔོན་དུ་སོང་བའི་སློབ་དཔོན་གྱིས། གནས་ཁང་གཙང་ཞིང་ཉམས་དགའ་བར་མཆོད་སྟེགས་ཀྱི་སྟེང་དུ་དཀྱིལ་འཁོར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཚོམ་བུ་བཀོད། འཕྲུལ་སྟེགས་སུ་བུམ་པ་ཉེར་ལྔའི་རྫས་དང་མགུལ་ཆིངས་སྔོན་པོ་དུང་ཆོས་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཤམས། འབྲུ་གང་འཛོམས་རྗེན་འཐག་བྱས་པའི་ཕྱེ་ལ་རིན་པོ་ཆེ་བརྡར། གཏོར་མ་རི་རབ་མ་བྱས་པ་ཕྱག་ལེན་ལྟར་མདུན་དུ་བཤམས་པའི་མཐར་གསེར་དངུལ་གོས་དར་སྤྱན་གཟིགས་སྣ་ཚོགས་དང་། ཕྱག་མཚན་གཉིས་ཀྱི་ཙཀ་ལི་འབུལ་གཏོར་སོགས་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་བ་བཤམས། དེ་ནས་སློབ་དཔོན་གྱིས་ཁྲུས་བྱས་གོས་གསར་པ་གྱོན་ནས་སྟན་བཟང་པོ་ལ་འདུག་སྟེ། ཐོག་མར་སྐྱབས་སེམས་

p. 745

ནི། བླ་མ་གསང་བདག་རྡོ་རྗེ་འཛིན། །དཀོན་མཆོག་རྩ་གསུམ་དགོངས་སུ་གསོལ། །བདག་སོགས་དུས་འདི་ནས་བཟུང་སྟེ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་རྣམས་བསྒྲལ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། གཉིས་པ་ཚོགས་བསག་ཅིང་ཚད་མེད་བཞི་བསྒོམ་པ་ནི། མདུན་གྱི་ནམ་མཁར་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་སྐད་གཅིག་གིས་གསལ་བར་གྱུར། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་

p. 746

ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ཤོག །གསུམ་པ་བདག་བསྐྱེད་ནི། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །སླར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་གསང་བདག་རྡོ་རྗེ་འཛིན། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་མཆེ་གཙིགས་ལྗགས་འདྲིལ་ཞིང་། །འཇིགས་སུ་རུང་བའི་སྒྲ་སྒྲོགས་པ། །ཀླུ་བརྒྱད་སྦྲུལ་དང་རིན་ཆེན་བརྒྱན། །དར་སྔོན་སྟོད་གཡོགས་སྟག་ཤམ་ཅན། །ཞབས་གཉིས་བརྐྱང་བསྐུམ་སྟངས་སྟབས་འགྱིང་། །གནས་གསུམ་ཡི་གེ་གསུམ་གྱིས་མཚན། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །ཡེ་ཤེས་སེམས་དཔའ་སྤྱན་

p. 747

དྲངས་ནས། །དམ་ཚིག་ཡེ་ཤེས་གཉིས་མེད་གྱུར། །སླར་ཡང་འོད་འཕྲོས་དབང་གི་ལྷ། །སྤྱན་དྲངས་མཆོད་ཅིང་གསོལ་བཏབ་པས། །བདུད་རྩིས་དབང་བསྐུར་དྲི་མ་དག །རིགས་ཀྱི་བདག་པོས་དབུར་བརྒྱན་གྱུར། །ཐུགས་ཀའི་ཧཱུྃ་སྔོན་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ལ། ཏདྱ་ཐཱ། ཨོཾ་ནི་ལཾ་བྷ་ར་རྡ་ར་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པ་གང་འགྲུབ་བྱའོ། །བཞི་པ་བུམ་ལྷ་ཕྱག་ན་རྡོ་རྗེར་བསྐྱེད་པ་ནི། གོང་ལྟར་བདག་ཉིད་ཅེས་པའི་མལ་དུ་བུམ་པ་ཞེས་ཁ་བསྒྱུར་རིགས་བདག་དབུར་བརྒྱན་གྱུར་བར་དང་། བསྙེན་དམིགས་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་། བུམ་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། ཅེས་མོས་ལ་བཟླས་པ་གོང་ལྟར་བྱ་ཞིང་བུམ་ལྷ་བདུད་རྩིར་ཞུ་བར་བསམ་མོ། །ལྔ་པ་མཆོད་པ་བྱིན་རླབས་ནི།

p. 748

ཨོཾ་ཨ་མྲི་ཏེ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ལྷ་དང་མིའི་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་རྣམས་དང་ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོང་རྫས་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨ་ཀཱ་རོ་དང་། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱའོ།། ༈ དྲུག་པ་མདུན་བསྐྱེད་གོང་ལྟར་བསང་སྦྱང་། དོན་དམ་སྟོང་ཉིད་ངང་ལས་ནི། །རི་རབ་གཞལ་ཡས་ཁང་གི་ནང་། །དཀྱིལ་འཁོར་པདྨ་འདབ་བརྒྱད་སྟེང་། །ཉི་ཟླའི་གདན་སྟེང་ཧཱུྃ་མཐིང་ནག །འོད་ཟེར་སྤྲོ་བསྡུས་རྡོ་རྗེར་གྱུར། །དེ་ལས་མདུན་བསྐྱེད་ཕྱག་རྡོར་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །

p. 749

དྲེགས་པ་དབང་དུ་སྡུད་པར་བྱེད། །དེ་ཡི་མདུན་དུ་སེང་ཁྲིའི་སྟེང་། །བཻ་ཡིག་འོད་ཟེར་འཕྲོ་འདུ་ལས། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །རིན་ཆེན་ཅོད་པན་རྣ་རྒྱན་དང་། །མགུལ་རྒྱན་དང་ནི་དོ་ཤལ་དང་། །དཔུང་རྒྱན་ལག་གདུབ་ཕྲེང་བ་ཅན། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཉི་མ་ཟླ་བ་གཡས་གཡོན་མཛེས། །གསུས་ཁྱིམ་ཆེ་ལ་སྐྱིལ་ཀྲུང་བཞུགས། །ཕྱོགས་མཚམས་གནོད་སྦྱིན་རྟ་བདག་བརྒྱད། །རིན་ཆེན་རྒྱན་ལྡན་རྟ་ལ་ཆིབས། །འཁོར་ནི་གནོད་སྦྱིན་བྱེ་བས་བསྐོར། །བཀའ་ཉན་དངོས་གྲུབ་སྟེར་བར་བསྐྱེད། །དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས། །འཁོར་ནི་གནོད་

p. 750

སྦྱིན་ཚོགས་དང་བཅས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པཱ་རི་ཝ་ར་ས་མ་ཡ་ཧྲིང་ཧྲིང་ཧྲིང་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། བཞུགས་སུ་གསོལ་བ་ནི། ཧཱུྃ། རི་རབ་ཆེན་པོའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས། །བསྟན་པ་སྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། གསང་བདག་གནོད་སྦྱིན་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལྷ་ཚོགས་ལ། །གཉིས་མེད་དད་པའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ མཆོད་པ་འབུལ་བ་ནི། ཧཱུྃ། གསང་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང་། །སིལ་སྙན་རྔ་དང་བྱུགས་པ་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པས་མཆོད། །ཨརྒྷཾ་ཨཱཉྩ་མ་ནཾ་པཱདྱཾ་

p. 751

པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། བསྟོད་པ་ནི། བཻ། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །ཉི་མ་སྤྲིན་བྲལ་འོད་མདངས་ཅན། །དར་དང་ཟ་འོག་ན་བཟའ་གསོལ། །དབུ་ལ་རིན་ཆེན་པྲོག་ཞུ་མཛེས། །ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན། །གཡོན་པས་གཏེར་གྱི་ནེའུ་ལེ་འཛིན། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །ལྷ་ཡི་སེང་གེའི་གདན་ལ་བཞུགས། །རིན་ཆེན་ཕྲེང་བས་རབ་བརྒྱན་ཅིང་། །ནམ་མཁའ་མཛོད་ལ་མངའ་བརྙེས་ཏེ། །ཡིད་བཞིན་རེ་སྐོང་རྣམ་ཐོས་བུ། །གཞན་གྱིས་མི་ཐུབ་དགྲ་རྣམས་འཇོམས། །ལྷ་མིན་གཡུལ་རྣམས་ཕམ་པར་མཛད། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་རིགས་ལྔའི་དབང་བསྐུར་ཅོད་པན་ན་བཟའ་གསོལ་སྐུ་གསུང་ཐུགས་ཀྱི་

p. 752

བྱིན་གྱིས་བརླབ་བོ། །གཏོར་འབུལ་ནི། ཨོཾ་ཨ་ཀཱ་རོ་ནས། ཨོཾ་ཨཱཿཧཱུྃ། ཞེས་ལན་བདུན་བཟླས་པས་བདུད་རྩིར་བསྒྱུར། ཨོཾ་བཻ་སྭཱ་ཧཱ་མ་ཧཱ་བ་ལིང་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་གྱིས་འབུལ། ཕྲིན་ལས་བཅོལ་བ་ནི། བཻ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་དགྲ་ཚོགས་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །བདག་གི་བསམ་དོན་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །དེ་ནས་བཟླས་པ་བྱ་བ་ནི། ཨོཾ་བཻ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཞེས་བརྒྱ་སྟོང་གང་འགྲུབ་མཐར། སྔགས་

p. 753

མཆོད་ཨརྒྷཾ་སོགས་དང་། བསྟོད་པ་ནི། མགོན་པོ་འཁོར་བཅས་ཐམས་ཅད་ཀྱིས། །ཁམས་གསུམ་ཐམས་ཅད་དབང་དུ་བྱེད། །ཁྱོད་ནི་ནོར་བདག་ཆེན་པོ་སྟེ། །ཡིད་བཞིན་གཏེར་བདག་ཁྱོད་ལ་བསྟོད། །བདུན་པ་དབང་བསྐུར་ནི། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱས་ལ་བུམ་ལྷ་འོད་ཞུ་བྱའོ། །དེ་ནས་དམ་ཚིག་ཚུལ་བཞིན་སྲུང་བའི་སློབ་མ་རྣམས་ལ་ཁྲུས་དང་མེ་ཏོག་བཀྱེ། སྔོན་འགྲོ་གཏོར་མ་གཏང་། སྲུང་འཁོར་སོགས་སྤྱི་འགྲོས་ལྟར་བྱས་ལ། སེམས་བསྐྱེད་གསལ་འདེབས་པ་ནི། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་སེལ་བར་བྱ། དེ་ཡི་ཆེད་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་གནང་སྒྲུབ་ཐབས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་རྣམ་ཐོས་སྲས་སྤྲིན་གསེབ་མའི་ལོ་རྒྱུས་ཟུར་ཙམ་ཞུ་ན། འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་བོད་

p. 754

རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་མཁན་པོ་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བཻ་རོ་ཙ་ན་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་བསྒྱུར། གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་དེ་བསམ་ཡས་བར་ཁང་ཆེན་མོར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དུས་རྒྱལ་པོ་གཙོར་མཛད་པའི་དེར་ཚོགས་པ་ཐམས་ཅད་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གསོལ་བ་བཏབ་ནས་ཞུས་པ། སློབ་དཔོན་ཆེན་པོ་ལགས། བོད་ཡུལ་འདིར་ཕྱི་རོལ་གྱི་དགྲ་རྣམས་ཐུལ་ཞིང་བདག་དང་དམག་སྡེ་ཐམས་ཅད་ཀྱི་ཚེ་སྲོག་ལ་བར་ཆད་མི་འབྱུང་བ་དང་། ཕྱོགས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཆེན་པོ་འབྱུང་བའི་རྟེན་འབྲེལ་རྒྱ་ཆེན་པོ་

p. 755

མཛད་དུ་གསོལ་ཞེས་ཞུས་སོ། །དེ་ནས་གུ་རུའི་ཞལ་ནས། རྒྱལ་པོའི་ཐུགས་དགོངས་རྫོགས་པར་བྱ་བའི་དོན་དུ་འདི་ལྟར་བྱའོ་གསུངས་ནས། མདུན་གྱི་ནམ་མཁའ་ལ་སངས་རྒྱས་ཀྱི་བསྟན་པ་སྐྱོང་བར་བྱེད་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་། འཁོར་གནོད་སྦྱིན་རྟ་བདག་བརྒྱད་དང་། ལས་སྒྲུབ་པར་བྱེད་པའི་མགོ་བརྙན་སྣ་ཚོགས་ཡོད་པའི་གནོད་སྦྱིན་གྱི་ཚོགས་ནམ་མཁའ་གང་བ་དང་བཅས་པ་སྤྲིན་གྱི་གསེབ་ཏུ་སྤྱན་དྲངས། རྒྱལ་པོ་ཡབ་སྲས་འཁོར་དང་བཅས་པ་ལ་ཞལ་མངོན་སུམ་དུ་བསྟན། བོད་ཀྱི་རྒྱལ་པོ་འདི་ཡི་ལུས་དང་གྲིབ་མ་བཞིན་དུ་འབྲངས་ལ་བདག་གིས་ཇི་ལྟར་བསྒོས་པ་བཞིན་དུ་ཕྲིན་ལས་མཛོད་ཅིག་ཅེས་གསུངས་ནས་བཀའ་བསྒོས་པས་དེ་ལྟར་སྒྲུབ་པར་ཞལ་གྱིས་བཞེས་པ་ཡིན། དེ་ནས་དགྲ་བོའི་རིགས་ཐམས་ཅད་ཐུལ་ཞིང་མངའ་ཐང་དང་

p. 756

ལོངས་སྤྱོད་རྒྱས་ཤིང་རྒྱལ་པོ་ཡབ་སྲས་ཀྱི་ཐུགས་དགོངས་མཐར་ཕྱིན་ནས་རྒྱལ་ཁམས་བདེ་བ་ལ་བཀོད་དོ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་རིམ་པར་བརྒྱུད་པའི་རྣམ་སྲས་སེར་ཆེན་སྤྲིན་གསེབ་མར་གྲགས་པའི་ཆོས་སྐོར་འདི་ལ་རྗེས་གནང་གི་དབང་ཆོག་ནི་ལྡན་མ་རྩེ་མང་གིས་མཛད་པ་ཡིན་ལ། སྒྲུབ་ཐབས་སོ་སོ་ནི་གཏེར་གྱི་རྒྱུད་ལས་འབྱུང་བ་ལ། ནད་དང་བར་ཆད་ཐམས་ཅད་སེལ་བའི་ཆོ་ག །མཚོན་སྲུང་བ། དངོས་གྲུབ་སྟེར་བ། ནོར་སྒྲུབ་པ། ཟས་ནོར་ལོངས་སྤྱོད་འདུ་བ། དགྲ་བཟློག་པ། མནན་པ་བྱ་བ། དེ་དག་གི་དམ་ཚིག་བསྟན་པ་སོགས་མང་དུ་བཞུགས་པ་ལས། སྐབས་འདིར་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་བྱིན་རླབས་རྗེས་གནང་གི་དབང་བསྐུར་ཞུ་བའི་ཕྱིར་མཎྜལ་ཕུལ། སློབ་དཔོན་དཔལ་གསང་བའི་བདག་པོ་དངོས་སུ་གསལ་བ་ལ་དད་མོས་དྲག་པོས་མེ་ཏོག་དང་

p. 757

བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །གསང་བདག་གཙོ་འཁོར་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ་ཅིང་། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་གསང་བའི་བདག་པོར་གསལ་བའི་སྟེང་འོག་ཕྱོགས་མཚམས་རྣམས་སུ་དཀོན་མཆོག་རྩ་གསུམ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདི་ཡི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་དབང་གི་དངོས་གཞིའི་སླད་དུ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། དངོས་འཛིན་གྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་གདན་པདྨ་དང་ཉི་ཟླའི་སྟེང་དུ་

p. 758

སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོང་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཞིང་ཁྲོས་པའི་ཉམས་ཅན། ཞབས་གཉིས་པད་ཉིའི་གདན་ལ་བརྐྱང་བསྐུམ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་ཞིང་སྣང་སྲིད་ཟིལ་གྱིས་གནོན་པའི་སྐུར་གསལ་ཐོབ་ཅིག །དེ་ཡི་མདུན་དུ་བཻ་ཡིག་སེར་པོ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ། འོད་ཟེར་ཚུར་འདུས་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་ལྟར་སེར་བ་ཞལ་གཅིག་ཕྱག་གཉིས་གཡས་ན་རིན་པོ་ཆེའི་རྒྱལ་མཚན་འཛིན་པ། གཡོན་ན་ནེའུ་ལེ་

p. 759

རིན་པོ་ཆེའི་ནོར་བུ་འཛད་མེད་དུ་སྐྱུགས་པ། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ། ཞབས་སེམས་སྐྱིལ་གྱིས་སེང་གེའི་ཁྲི་ལ་བཞུགས་པར་གསལ་ཐོབ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་གསང་བདག་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ། ཁྱེད་རང་རྣམས་དམ་ཚིག་སེམས་དཔར་གསལ་བ་ལ་གཉིས་སུ་མེད་པར་ཐིམ་པར་མོས་ཤིག །བརྟན་པར་གྱུར་ཅིག་ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཇོག་ཚུལ་བྱའོ། །དངོས་བཞི་དབང་བསྐུར་བ་ནི། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་ངོ་བོ་བུམ་པའི་བདུད་རྩིའི་རྣམ་པས་དབང་བསྐུར་བས་ལུས་ངག་ཡིད་

p. 760

གསུམ་གྱི་སྒྲིབ་པ་ཐམས་ཅད་དག་ནས་ཁྱེད་རང་རྣམས་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པར་མོས་ཤིག །ཧཱུྃ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །བདག་གིས་མངོན་པར་དབང་བསྐུར་རོ། །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཏུ་མཱཾ། བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་ལྷ་ཡི་ངོ་བོ་སློབ་མའི་ལུས་ལ་བསྟིམ་མོ། །ཁྱེད་རང་ལྷར་གསལ་བའི་དབུ་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔ་མངོན་དུ་གྱུར་པར་མོས་ལ། སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །དབུ་རྒྱན་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ། དབུ་རྒྱན་བསྐོན། བླ་མ་གསང་བའི་བདག་པོའི་ཐུགས་སྲོག་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། སྙིང་ཁའི་ཧཱུྃ་གི་མཐར་འཁོར་བར་དམིགས་ལ་རྗེས་ཟློས་མཛོད།

p. 761

སྔགས་བདག་འདི་ལ་བསྩལ་ལགས་ཀྱིས། །སྔགས་བདག་འདི་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་དོར། དེ་ཡིས་བཟླས་པ་སྔགས་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གཏོར་མའི་དབང་བསྐུར་ཞུ་བའི་ཕྱིར་མཎྜལ་ཕུལ། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ལན་གསུམ་བརྗོད། གཏོར་མ་འདི་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དམ་ཡེ་གཉིས་སུ་མེད་པར་བཞུགས་པ་དེ་ཉིད་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པས་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་རྒྱལ་པོ་ཆེན་པོའི་སྐུ་གསུང་ཐུགས་

p. 762

ཡོངས་སུ་རྫོགས་པའི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར་པའི་མོས་པ་མཛོད། ཧཱུྃ། གཏོར་མ་ཡིད་བཞིན་རིན་ཆེན་གཏེར། །རྣམ་སྲས་སྐུ་དང་གཉིས་སུ་མེད། །ཡིད་བཞིན་གཏེར་གྱི་དབང་བསྐུར་བས། །ནམ་མཁའ་མཛོད་ལ་མངའ་བརྙེས་ཤོག །ཨོཾ་བཛྲ་བཻ་ཤྲ་མ་ཎ་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏོར་མ་གནས་གསུམ་དུ་བཞག་ལ་བྱིན་བརླབ། འོ། རིགས་ཀྱི་བུ་ཁྱོད་ལ་གཏོར་མའི་དབང་འདི་བསྐུར་བས་རྒྱལ་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་ཐོབ་ནས་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང་། ཁམས་གསུམ་ལ་དབང་བསྒྱུར་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྒྱལ་པོ་ཆེན་པོའི་ཐབས་ཤེས་ཀྱི་ཕྱག་མཚན་གཉིས་ལག་ཏུ་གཏད་པས་ཁམས་གསུམ་སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་ཕྲིན་ལས་རྣམ་

p. 763

བཞི་ཐོགས་མེད་དུ་འགྲུབ་པར་མོས་ཤིག །ཧཱུྃ། རིན་ཆེན་རྒྱལ་མཚན་ནོར་བུའི་ཏོག་གིས་སྤྲས། །བདུད་ཀྱི་དགྲ་ལས་རྒྱལ་བའི་རྒྱལ་མཚན་འདི། །བསྟན་པ་རྒྱས་པར་སྲུང་ཕྱིར་གཏད་པར་བྱ། །མི་མཐུན་ཕྱོགས་ལས་རྒྱལ་ཕྱིར་བཟུང་བར་གྱིས། །ཧཱུྃ། རིན་ཆེན་དུ་མའི་གཏེར་གྱི་ནེའུ་ལེ་འདི། །བསམ་འཕེལ་ཡིད་བཞིན་ནོར་བུ་དུ་མའི་གཏེར། །འགྲོ་ཀུན་ཕོངས་པའི་སྡུག་བསྔལ་བསལ་བྱའི་ཕྱིར། །སྐལ་ལྡན་ཁྱོད་ཀྱིས་ཟུངས་ལ་སྤྱད་པར་གྱིས། །ཨོཾ་རཏྣ་སརྦ་སིདྡྷི་ཧཱུྃ། དེ་ནི་ཕྱག་མཚན་གྱི་རྗེས་གནང་ངོ་། །དེང་ནས་བཟུང་སྟེ་ཁྱེད་རྣམས་ཀྱིས་བསང་བདག་ཕྱག་ན་རྡོ་རྗེ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་རྣམས་བསྒོམ་བཟླས་བྱ་བ་དང་ཡི་དམ་ཆོས་སྐྱོང་གི་གཙོ་བོར་ཟུངས་ཤིག །དུས་ཐམས་ཅད་དུ་མཆོད་གཏོར་ལ་བརྩོན་པ་དང་། གཞན་ཡང་བསྲུང་བྱའི་དམ་

p. 764

ཚིག་ལ། འཇིག་རྟེན་འདི་ན་ང་རང་ཤེས་རབ་ཆེན་པོ་དང་། བསོད་ནམས་ཆེན་པོ་དང་། སྙན་གྲགས་ཆེན་པོ་དང་། དཔལ་འབྱོར་ཆེན་པོ་དང་། མཐུ་སྟོབས་ཆེན་པོ་ཡིན་སྙམ་པ་དང་། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་ཕན་འདོགས་པ་དང་། བསྟན་པའི་སྦྱིན་བདག་ཆེན་པོ་བྱེད་སྙམ་པའི་སེམས་སྟོབས་ཆེན་པོ་དང་མ་བྲལ་བར་བྱ་དགོས། དེ་ལྟ་བུའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །གཏང་རག་མཎྜལ་དང་ལུས་འབུལ་སོགས་དཀྱུས་ལྟར་བྱ། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་སོགས་ཤིས་སྨོན་གྱིས་མཐར་དབྱུང་བར་བྱའོ། །ཞེས་པའང་གནས་དུས་སྦྱིན་སློབ་ཀྱི་རྟེན་འབྱུང་དགེ་བའི་ཆར། དཔལ་འབའ་རོམ་པ་ཡབ་སྲས་བརྒྱུད་པར་བཅས་པའི་བསྟན་སྲུང་

p. 765

ཆེན་པོ་འདི་ཉིད་ཀྱི་དབང་བསྐུར་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། ༧ སྐྱོ་བྲག་གསལ་སྤྲུལ་དགུ་པའི་མཚན་འཛིན་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་མངྒ་ལཾ་དགེའོ།། །།

༁ྃ༔ དགོངས་གཏེར་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་དབང་ཆོག་བྱིན་རླབས་མཆོག་སྩོལ། ཨ་བྷ་ཡ།

p. 766
p. 767

༁ྃ༔ དགོངས་གཏེར་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་དབང་ཆོག་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ༔

p. 768

འཇིགས་བྱེད་དུས་དགྲའི་དབང་པོ་མིའི་ཟོལ་གྱིས། །ནག་ཕྱོགས་བདུད་རིས་གཞོམས་ལ་མི་བསྙེངས་པ། །འཛམ་གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཞེས། །དེ་དང་དབྱེར་མེད་དཔལ་ལྡན་བླ་མར་འདུད། །གང་དེའི་སྨིན་བྱེད་བདུད་རྩིའི་རྒྱུན། །གང་གི་དྲིན་ལས་ལེགས་མནོས་པ་། །གང་ཞིག་མོས་ལྡན་བཞེད་ངོར་དུ། །གང་ཉིད་སྤེལ་ལ་གནང་བ་སྩོལ། །འདིར་དགོངས་གཏེར་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་རྗེས་གནང་སྲོག་གཏད་ཀྱི་རིམ་པ་ཟབ་མོ་བགྱི་བའི་ཚུལ་ལ་བཞི། སྦྱོར་བ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། །གནས་ཡིད་མཐུན་དུ་གཞི་སྟེགས་གཙང་མའི་ཁར་དཀོན་མཆོག་གི་རྟེན་གང་འཛོམས་དང་། ཁྱད་པར་གཞུང་ལས། ཡི་དམ་རྟ་མགྲིན་ཆེད་དུ་གསུངས་པ་ཉིད་དམ། གུ་རུ་ཞི་བ་དཀོན་སྤྱི་ལྟ་བུས་ཤིན་ཏུ་འཐུས་པར་མཐོང་བས་དེ་དག་གི་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱས་ལ། གེ་སར་དངོས་ཀྱི་གཏའ་གཏོར་ནི། སྡེར་གཙང་མར་གདན་གྲུ་

p. 769

བཞིའི་ཁར་གཏོར་མ་མཁར་ཐབ་རྩེ་མོར་ནོར་བུ་འབར་བས་མཚན་པ། འཁོར་གཤོས་བུ་བཞིས་བསྐོར་བ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ་དང་། གཡས་གཡོན་མདུན་རྒྱབ་རྣམས་སུ་དབང་རྫས། སྐུ་ཙཀ །སྔགས་བྱང་། མན་ཤེལ་ཟུར་དྲུག །སྦ་ལྕག །མེ་ལོང་། གཡང་རྟེན་གའུ། པདྨའི་ལྕགས་ཀྱུ། རལ་གྲི། མདའ་གཞུ། ཁྲུས་བུམ་རྣམས་བཀོད། གཞན་ཡང་གསོལ་ཁའི་གཏོར་མ། བསྐུལ་གཏོར། ཕུད་གཏོར། སྨན་རཀ་གཏོར་གསུམ། ཉེར་སྤྱོད་སྤྱི་མཐུན་དང་སྔོན་གཏོར་སོགས་དགོས་པའི་པའི་ཡོ་བྱད་ཉེར་བསྡོགས་བྱའོ། །གཉིས་པ་ནི། དང་པོ་དཀོན་སྤྱིའི་བརྒྱུད་འདེབས་སྔོན་གཏོར་ནས་བརྩམས་བཟླས་པ་གཏོར་འབུལ་བཅས་གྲུབ་རྗེས། རྒྱས་པར་ན་གེ་སར་བླ་མའི་རྣལ་འབྱོར་དང་། གསོལ་འདེབས་ཅི་རིགས་མཐར། མཆོད་གཏོར་རྣམས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་

p. 770

རིན་ཆེན་སྣོད་ནང་དུ༔ ༀ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ༀ་བཛྲ་ཨརྒྷཾ་ནས་ཤབྟ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ༀ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབ། དེ་ནས་བསྐང་གཏོར་འདོད་དགུ་མྱུར་འགྲུབ་ལྟར་མངོན་རྟོགས་ནས་བཟླས་པའི་བར་བཏང་ལ། བཟླས་པ་སྟོང་རྩ་སོགས་ཀྱིས་དབང་རྫས་ནུས་ལྡན་དུ་བསྒྲུབ། ཁ་སྐོང་སྟོང་ཚིག་གྲུབ་རྗེས་གསོལ་ཁའི་གཏོར་མ་བྱིན་རླབས་སྤྱི་མཐུན་བཅས་གཞུང་གི་མངའ་གསོལ་དང་། ཁྱད་པར་གསོལ་ལོ་ཆེན་མོ་ཕུད་སྐྱེམས་བཅས་བསྐང་ཐོན་དུ་འབུལ། དེ་འཕྲལ་དཀོན་སྤྱིའི་ཚོགས་བསྐང་གནམ་ཕུད་བཅས། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་འདོད་གསོལ་རྣམས་བྱའོ། །གསུམ་པ་སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་སྤྱི་ལྟར་བཏང་ལ་དྲག་སྔགས་ཡུངས་ཐུན་གྱིས་བྱུར་བསལ། སྲུང་འཁོར་བསྒོམ་པ་གྲུབ་ནས་གྲལ་དུ་འཁོད་ལ་མེ་ཏོག་བཀྱེ་བསྡུ་བྱ།

p. 771

སེམས་བསྐྱེད་ཅི་རིགས་མཐར། དེ་ལ་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བ་དང་མཐུན་པར་མཛད་པའི་སྒྱུ་འཕྲུལ་གྱི་རོལ་མོ་འགྲོ་བ་གང་ལ་གང་འདུལ་དུ་སྣ་ཚོགས་མ་ངེས་ཅིར་ཡང་སྟོན་ཅིང་ཅིར་ཡང་སྒྱུར་བ། དཔག་པར་བཀའ་བའི་བདག་ཉིད་ཅན་ཇི་སྙེད་པ་ཞིག་མཆིས་པ་ལས་སྐབས་སུ་བབ་པ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་དང་། ཨོ་རྒྱན་གླིང་པའི་ལྷ་འདྲེ་བཀའ་ཡི་ཐང་ཡིག་ལས་ཀྱང་། ལོ་མཐིང་མེ་ཏོག་ཀུནྡྷའི་བུ་མོ་ལ༔ བྱང་མི་འདུལ་སྐྱོང་གནམ་

p. 772

སའི་བདག་པོ་འབྱུང་༔ ཞེས་སོགས་རྡོ་རྗེའི་ལུང་རྣམས་ལས་གསལ་བར་བསྔགས་པའི་གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཞེས་དཔའ་བོ་ཆེན་པོ་གང་གི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་བའི་ཚུལ་ནི་ཕྱོགས་ཀུན་ཏུ་ཡོངས་སུ་གྲགས་ཤིང་གྲུབ་པ་སྟེ། ཁྱད་པར་གཞུང་རྩ་བ་ལས། ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཉིད༔ རྣམ་པ་སྣང་སྲིད་དགྲ་བླའི་རྒྱལ་པོའི་ཚུལ༔ སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཏེ༔ ད་ལྟ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ༔ མ་འོངས་རིགས་ལྡན་དྲག་པོ་འཁོར་ལོ་ཅན༔ ཞེས་དུས་གསུམ་ཀུན་འདུས་སངས་རྒྱས་ཀྱི་གར་མཁན་ཆེན་པོར་གྱུར་ཅིང་། སྤྱི་ཙམ་དུ་ཐུན་མོང་གདུལ་བྱའི་སྣང་ངོར་རིགས་གསུམ་མགོན་པོ་དང་པདྨ་འབྱུང་གནས་གཅིག་ཏུ་འདུས་པའི་སྒྱུ་འཕྲུལ་མདོ་སྨད་གླིང་ཡུལ་མཐོང་བ་ཀུན་སྨོན་དུ་མ་སང་དགྲ་བླའི་རྒྱལ་པོའི་ཚུལ་དུ་སྐུ་བལྟམས་པ་ནས་

p. 773

བཟུང་། ངོ་མཚར་བའི་རྫུ་འཕྲུལ་གྱི་བཀོད་པ་དང་། མཐུ་སྟོབས་ཀྱི་ནུས་རྩལ་གཞན་དྲིང་མི་འཇོག་པ་དག་གིས་ལོག་སྨོན་དམ་སྲི་འགོང་པོ་བདུད་སྡེའི་ཚོགས་ཀུན་མིང་མཐར་བྱས་ཏེ་བསྟན་འགྲོའི་དོན་རླབས་པོ་ཆེ་འགྲུབ་པར་མཛད། སྐུ་དངོས་ཀྱིས་བོད་ཀྱི་གདུལ་བྱ་རྫོགས་མཐར་འཇའ་ལུས་དྭངས་མའི་སྐུ་འོག་མིན་པདྨ་དྲྭ་བར་ལྷུན་གྱིས་གྲུབ་པའི་རིག་འཛིན་པདྨ་འབྱུང་གནས་དང་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་ཅིང་། སླར་ཡང་སངས་རྒྱས་བསྟན་པའི་ཞབས་ཀླ་ཀློ་ངན་པས་སྡུད་པའི་སྐབས་སུ་ཡང་། བྱང་ཕྱོགས་ཤམྦྷ་ལར་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་གྱི་རྣམ་པར་བཞེངས་ཚུལ་སོགས་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་བརྗོད་པར་དཀའ་བའི་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ཆེན་པོ་ཉིད་ལ། ཕྱིས་བྱོན་གཏེར་སྟོན་གྲུབ་རིག་

p. 774

འཛིན་པ་རྣམས་ཀྱི་དགོངས་གཏེར་དག་སྣང་གི་ཆོས་སྡེ་སྒྲུབ་ཐབས་གསོལ་མཆོད་ཅི་རིགས་འབྱུང་མོད། འདི་ནི་བོད་ཆོས་རྒྱལ་གྱི་གདུང་རིགས་དམ་པ་སྡེ་པ་ལྷ་རྒྱལ་གྱི་རིགས་སུ་སྐུ་འཁྲུངས་པའི་ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དགོངས་གཏེར་ལས་བྱོན་པའི་སྒྲུབ་སྐོར་ཟབ་ཅིང་གཉན་པ་ཉིད་རིམ་པར་བརྒྱུད་དེ་མདོ་ཁམས་ཀྱི་མ་ཧཱ་པཎྜི་ཏ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྡོ་རྗེ་ལ་བཀའ་བབ། དེ་ཉིད་ཀྱིས་སྒྲུབ་ཐབས་གཞུང་ལས་ཚོགས་དང་བཅས་པ་མན་ངག་གི་ངེས་པ་ཟབ་རྒྱས་སུ་གཏན་ལ་ཕབ་པའི་གེ་སར་རྡོ་རྗེ་ཚེ་རྒྱལ་ཞེས་བྱིན་རླབས་དངོས་གྲུབ་ཀྱི་ཚན་ཁ་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པ། སྙིགས་དུས་ཀྱི་ཀླ་ཀློ་མུ་སྟེགས་ཀྱི་གཉེན་པོར་ཆེ་ཐང་དུ་བསྔགས་པ་འདི་ཉིད་ཀྱི་སྒོ་ནས་རྗེས་གནང་སྲོག་གཏད་ཀྱི་རིམ་པ་ཟབ་གཉན་བཀའ་རྒྱ་ཅན་བགྱི་བ་ལ་སོགས་མཚམས་སྦྱར་ཏེ་

p. 775

མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །དབྱེར་མེད་དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སྐྱེས་མཆོག་རྡོ་རྗེ་ཚེ་རྒྱལ་གྱི། །དབང་བསྐུར་རྗེས་སུ་གནང་བ་སྩོལ་བར་མཛོད། །ལན་གསུམ། དེ་ལྟར་གསོལ་བ་གདབ་པ་ལ་གནང་བ་སྦྱིན་པ་འདི་ལ་གསན་འཚལ། ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས། །སྲིད་པའི་དགྲ་སྡེ་འཇོམས་པའི་དཔའ་བོ་ཆེ། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ་ཡི། །དབང་བསྐུར་དམ་པ་ཁྱོད་ལ་སྦྱིན་བྱ་ཡི། །དམ་ཚིག་ལྡན་པའི་སྙིང་གི་དྭངས་མར་བཟུང་། །ཚུལ་བཞིན་བསྒྲུབས་པས་དོན་གཉིས་འགྲུབ་པར་མཛོད། །ཅེས་བརྗོད། དེ་ནས་སྔོན་དུ་འགྲོ་བ་རྒྱུད་སྦྱང་བ་ལ་དམིགས་འདུན་འདི་བཞིན་མཛོད། མདུན་གྱི་ནམ་མཁར་མཁའ་ཁྱབ་

p. 776

རྒྱལ་བ་སྲས་བཅས་ཐམས་ཅད་རྩ་གསུམ་གྱི་འཁོར་ལོར་སད་པར་གྱུར་པ་དེ་དག་གི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚིག་དོན་འབྲེལ་བའི་སྒོ་ནས་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བརྟན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་བཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ཏེ་བྱང་

p. 777

ཆུབ་ཆེན་པོར་བསྔོ། །གསུམ་བྱ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་དམིགས་པ་འདི་ལྟར་མཛད་འཚལ། །སློབ་མ་རྣམས་ལས་ཆུས་བྲན། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཁྱེད་རང་རྣམས་གདོས་བཅས་མ་དག་པའི་ཕུང་ཁམས་མི་དམིགས་ཏེ་སྟོང་པར་སྦྱངས། །སྟོང་པའི་ངང་ལས་པདྨ་ཉི་ཟླའི་གདན་ལ་བདུད་དང་དམ་སྲིའི་གཡང་ཤུན་བརྗིད་པར་བཀྲམ་པའི་དབུས་སུ། རིག་པའི་ངོ་བོ་དེ་ཉིད་དགྲ་བླའི་རྒྱལ་པོ་གེ་སར་ཟླ་བ་ཉ་གང་བ་ལྟ་བུ་བལྟ་བས་མི་ངོམ་པའི་མཛེས་སྡུག་ལང་ཚོའི་གཟི་བྱིན་འབར་བ་ཟ་འོག་སྔོ་སྐྱའི་ན་བཟའ་དང་གཡང་ཕྱམ་དམར་པོ་གསོལ་བ། གཅན་གཟན་གྱི་པགས་པ་སྔོ་སྐྱས་སྨད་དཀྲིས་པ། དབུ་སྐྲ་སིལ་བུར་གྲོལ་བ་ལ་འཇའ་དང་འོད་ཟེར་འཁྱུགས་པ། དབུ་ལ་ཕྱིངས་ཞྭ་ཟླུམ་པོ་ཟླ་བའི་མདངས་ཅན་མཛེས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོན་དང་། མེ་

p. 778

ལོང་ནོར་བུ་དར་སྣས་མཛེས་པ་ཞལ་རས་བརྗིད་ལ་མཛེས་འཛུམ་འཕྲོ་བ། སྙན་ཆ་རིན་པོ་ཆེའི་ཀོང་སད་དང་། མགུལ་པ་ལ་གསེར་གྭ་དང་མེ་ལོང་གིས་བརྒྱན་པ། ནོར་བུའི་ཕྲེང་བ་དཀར་དམར་དང་མེ་ཏོག་སྣ་ཚོགས་པའི་དོ་ཤལ་ཅན། ཕྱག་གཡས་པས་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་བསྣམས་པ། ཕྱག་གཡོན་ན་ལྕགས་གཞུ་དང་ལྕགས་མདའ་འཛིན་པ། ཞབས་གཉིས་གོ་ལྷམ་སྣ་རིང་གསོལ་ཞིང་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་གནས་གསུམ་གྱིས་མཚན་པའི་འོད་ཟེར་དང་། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་ཕྱོགས་ལྷའི་གནས། ཨོ་རྒྱན་རིག་པ་འཛིན་པའི་ཞིང་། རྒྱ་དཀར་ནག་དང་བོད་ཀྱི་ཡུལ་ཁྱད་པར་མདོ་ཁམས་གླིང་གི་ཡུལ་མཁའ་སྤྱོད་མཐོང་བ་ཀུན་སྨོན་ལ་སོགས་པ། རང་བཞིན་གར་བཞུགས་ཀྱི་གནས་ནས་གེ་སར་

p. 779

སྐྱེས་བུ་ཆེན་པོའི་སྐུ་ཕྱག་རྒྱ། གསུང་སྔགས་ཕྲེང་། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་བ་བུ་ཡུག་འཚུབ་པ་བཞིན་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་མཛོད། སྤོས་འགྲེམས་དབྱངས་རོལ་བཅས། ཧཱུྃ་ཧྲཱིཿ དབྱིངས་ལས་རང་བྱུང་རིག་པ་ཡེ་ཤེས་སྐུ༔ སྣང་སྲིད་ཀུན་གསལ་ཝེར་མའི་གསས་མཁར་ནས༔ སྐུ་རྗེ་དོན་གྲུབ་ནོར་བུའི་རྒྱལ་པོ་ནི༔ ཨ་དཀར་འོད་ཀྱི་ཝེར་མ་འཁོར་དང་བཅས༔ བུ་ཆུང་མ་ལ་གདུང་བ་ཇི་བཞིན་དུ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་མྱུར་གཤེགས་ནས༔ ངོ་མཚར་རྟགས་དང་མཚན་མ་དངོས་སུ་སྟོན༔ སྐལ་ལྡན་སློབ་མ་རྣམས་ལ་བྱིན་ཆེན་ཕོབ༔ རྩ་རླུང་རིག་པའི་ཁམས་ལ་བདེ་དྲོད་སྤོར༔ རྟེན་འབྲེལ་མི་བསླུ་གནད་ཀྱི་འཆར་སྒོ་སྟོན༔ སྣང་སྲིད་ཀུན་གསལ་འཕྲུལ་གྱི་སྒོ་མོ་ཕྱེས༔ སྐྱེས་མཆོག་རྡོ་རྗེ་ཚེ་རྒྱལ་དགྲ་བླའི་བྱིན༔ མོས་

p. 780

ལྡན་སློབ་མའི་སྒོ་གསུམ་ལ་ཞུགས་ནས༔ དོན་གཉིས་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ འབོད་སྔགས་མཐར། ས་མ་ཡ་ཨཱ་བེ་ཤ་ཡ་ཨ༔ ཞེས་གྲངས་མང་བརྗོད་པས་བྱིན་དབབ། ཡེ་ཤེས་པའི་རྒྱུན་དེ་ཉིད་གཉུག་མའི་སྒོ་གསུམ་ལ་ཡུན་དུ་བརྟན་པར་མོས་མཛོད། ཏིཥྛ་བཛྲ། རྡོ་རྗེ་མེ་ཏོག་བཅས་རྒྱས་གཏབ། དེ་ནས་དབང་གི་དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། གཏོར་སྣོད་དག་པ་ལྷ་ཡི་གཞལ་ཡས་ཁང་རྣམ་པར་རྒྱལ་བའི་ཕོ་བྲང་གི་དབུས་སུ། གཏོར་མ་རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་ནོར་བུ་དགྲ་འདུལ་ལ་འཁོར་དགྱེས་སྡེ་དྭངས་སྨན་མཁའ་འགྲོ་རྣམ་བཞི་དཔའ་བརྟུལ་དགྲ་བླ་ཝེར་མའི་དཔུང་ཚོགས། ལྷ་ཀླུ་གཉན་གྱི་དམག་དཔུང་། སྟེང་ན་བཀའ་བརྒྱུད་བླ་མ། གཡས་ན་ཡི་དམ་ལྷ་ཚོགས། གཡོན་ན་དཔའ་བོ་མཁའ་འགྲོ། རྒྱབ་ན་

p. 781

ཆོས་སྐྱོང་སྲུང་མ། མདུན་ན་བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཡུལ་ལྷ་ཟོ་དོར་དང་བཅས་པ། འོད་སྤུང་ངེ་། བྱིན་ཐིབས་སེ། གཟི་འོད་ལྷག་གེར་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབ། ལྷ་ཚོགས་དེ་རྣམས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུ་ཡི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཆོས་ཀུན་རང་བྱུང་ཡེ་ཤེས་ཆེན་པོའི་ངང་༔ སྣོད་བཅུད་རྣམ་དག་འོད་ལྔ་འཁྱིལ་བའི་ཀློང་༔ ཀུན་གསལ་བདེ་ཆེན་འབར་བའི་གཞལ་ཡས་ན༔ འཇམ་དཔལ་དཔའ་བོའི་ཡེ་ཤེས་སྒྱུ་མའི་གར༔ དཔའ་བོ་ཆེན་པོ་བདུད་དཔུང་དགྲ་འདུལ་བ༔ ཤེས་རབ་རལ་གྲི་མདའ་གཞུའི་ཕྱག་རྒྱ་ཡིས༔ ཉོན་མོངས་མི་ཤེས་གཡུལ་ངོ་སེལ་མཛད་པ༔ སྐྱེས་

p. 782

མཆོག་དོན་གྲུབ་རྡོ་རྗེ་ཚེ་ཡི་ལྷ༔ སྟེང་ན་རྩ་གསུམ་རྒྱ་མཚོའི་སྤྲིན་དང་བཅས༔ བར་ན་སྣང་སྲིད་དགྲ་ལྷ་ཝེར་མ་འབུམ༔ འཁོར་དུ་དཔའ་བརྟུལ་ལྷ་ཀླུ་གཉན་དམག་བཅས༔ རྡོ་རྗེའི་གྲོ་གར་བརྡ་གླུ་སྣ་ཚོགས་བསྒྱུར༔ དྲན་པས་འདོད་དོན་ཡིད་བཞིན་མཆོག་སྩོལ་བ༔ མ་ལུས་འཁོར་དང་བཅས་པའི་རྒྱུད་བསྐུལ་ཚེ༔ བྱིན་རླབས་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ནས༔ བདེ་སྟོང་ཟང་ཐལ་ཐུགས་ཀྱིས་དགོངས་མཛོད་དེ༔ དགྱེས་པའི་སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ བཞད་པའི་གསུང་གི་བརྡ་གླུ་ཀྱུ་རུ་རུ༔ འཇའ་སྤྲིན་མེ་ཏོག་ཆར་པ་ཐོ་ལོ་ལོ༔ བདེ་དྲོད་རིག་པའི་རྩལ་སྣང་ཤིགས་སེ་ཤིག༔ སྐལ་ལྡན་སློབ་མ་འདི་ལ་བྱིན་གྱིས་རློབས༔ ལུས་ལ་རྡོ་རྗེའི་སྐུ་ཡིས་དབང་མཆོག་བསྐུར༔ ནད་གདོན་རྐྱེན་དང་བར་ཆད་ཞི་ནས་ཀྱང་༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ནས༔ མཚན་དང་དཔེ་

p. 783

བྱད་ལྡན་པའི་སྐུ་འགྲུབ་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་སརྦ་ཀརྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་སརྦ་ཨརྠ་སིདྡྷི་ཧཱུྃ་ཨཱ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དཔྲལ་བར་བཞག །དེ་ཉིད་བརྟན་པའི་ཕྱིར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། གཙོ་བོའི་སྐུ་ལས་གཉིས་པ་ཞིག་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་རྡོ་རྗེའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་མཛོད། སྐུ་ཐོགས་ལ། ཐུགས་རྗེ་ལས་སྨོན་དག་པའི་རྟེན་འབྲེལ་གྱིས། །འཛམ་གླིང་བོད་ཀྱི་རྒྱལ་པོའི་སྐུར་བསྟན་པ། །དྲན་པས་ཚེ་གཡང་འདོད་དགུ་མཆོག་སྩོལ་བའི། །རྡོ་རྗེ་ཚེ་རྒྱལ་སྐུ་ཡི་དབང་བསྐུར་རོ། །སྒྲུབ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། སྤྱི་བོར་བཞག །གེ་སར་སྟོབས་དང་རྫུ་འཕྲུལ་འགྲན་ཟླ་མེད། །ཞལ་ལུ་དཔལ་རྩལ་སྙིང་སྟོབས་འགྲན་ཟླ་མེད། །ཁྲོ་ཐུང་འཕྲུལ་དང་སྤྲ་ལག་འགྲན་ཟླ་མེད། །འགྲན་མེད་མི་

p. 784

ཕོ་གསུམ་གྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། དེས་སྐུ་ཡི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །རྡོ་རྗེའི་སྐུར་བསྒོམ་པར་དབང་བ་སྐུ་ཡི་རྗེས་གནང་ངོ་། །ཡང་གཏོར་མའི་ལྷ་ཚོགས་རྣམས་ཀྱི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཆོས་སྐུ་རང་བྱུང་ཡེ་ཤེས་སོགས་གོང་ལྟར་ལ། བྱིན་གྱིས་རློབས༔ ངག་ལ་རྡོ་རྗེའི་གསུང་གི་དབང་མཆོག་བསྐུར༔ ངག་སྒྲིབ་ངག་གི་ཉེས་སྐྱོན་ཞི་ནས་ཀྱང་༔ རིགས་སྔགས་ཟབ་མོའི་ནུས་མཐུའི་དབང་ཐོབ་ནས༔ ཚངས་དབྱངས་ལན་ལག་དྲུག་ཅུའི་གསུང་འགྲུབ་མཛོད༔ རྩ་སྔགས་མཐར། ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག །དེ་ཉིད་བརྟན་པའི་སླད་དུ་སྔགས་ཀྱི་བཟླས་ལུང་སྦྱིན་པ་ནི། གཙོ་

p. 785

བོའི་ཐུགས་སྲོག་གི་སྔགས་འཁོར་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཁར་ཞུགས། སྙིང་གར་ཉི་མའི་སྟེང་དུ་ཨ་དཀར་པོའི་མཐར་གཡས་སུ་འཁོར་བར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། རྩ་སྔགས། སྒྲུབ་སྔགས། ལས་སྔགས་ཤམ་བུ་རྣམས་གསུམ་གསུམ་བརྗོད། སྔགས་བྱང་ཐོགས་ལ། སྐལ་བཟང་གང་ཞིག་ཁྱོད་ལ་དད་པའི་མོད། །སྟོབས་དཔལ་མཐུ་ནུས་བསྐལ་པའི་མེ་བཞིན་སྤོར། །དགྲ་གདོན་འབྱུང་པོའི་བླ་སྲོག་ཕྱེ་མར་བྱེད། །རྡོ་རྗེ་ཚེ་རྒྱལ་གསུང་གི་དབང་གི་བསྐུར་རོ། །སྒྲུབ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པར་བཞག །རྒྱ་བཟས་རྒྱ་ཡི་རྟེན་མཆོག་ཐབས་ཀྱིས་དྲངས། །བལ་བཟས་བལ་པོའི་མཆོད་སྡོང་རྫོངས་སུ་ཐོབ། །འབྲུག་མོའི་འབྲུག་ལྟར་གྲགས་པའི་གཏམ་རྒྱུད་བཞག །ཡ་མཚན་བུད་མེད་གསུམ་གྱི་བཀྲ་ཤིས་ཤོག །མེ་ཏོག་འཐོར། དེས་གསུང་གི་དབང་ཐོབ།

p. 786

ངག་གི་སྒྲིབ་པ་དག །རིག་སྔགས་བཟླ་བར་དབང་བ་གསུང་གི་རྗེས་གནང་ངོ་། །ཡང་གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་མཐིང་ག་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཆོས་ཀུན་རང་བྱུང་ཡེ་ཤེས༴ སོགས་ནས་བྱིན་གྱིས་རློབས། ཡིད་ལ་རྡོ་རྗེའི་ཐུགས་ཀྱི་དབང་མཆོག་བསྐུར༔ ལས་ཉོན་ཤེས་བྱའི་སྒྲིབ་པ་དག་ནས་ཀྱང་༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དབང་ཐོབ་ཤོག༔ འོད་གསལ་རྣམ་པར་མི་རྟོག་ཐུགས་འགྲུབ་མཛོད༔ རྩ་སྔགས་མཐར། ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །དེ་ཉིད་བརྟན་པའི་ཕྱིར་ཐུགས་ཕྱག་མཚན་གྱིས་དབང་བསྐུར་བ་ནི། སྐྱེས་བུ་ཆེན་པོའི་ཐུགས་ཀྱི་ཡེ་ཤེས་མཚོན་པའི་མན་ཤེལ་ཟུར་དྲུག་པ་དང་། ཕྱག་མཚན་སྦ་

p. 787

ལྕག་དར་སྣའི་ཕོན་ཚར་ཅན་གྱིས་དབང་བསྐུར་བས་ཐུགས་ཀྱི་དགོངས་བརྒྱུད་འཕོས་ནས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དབང་འབྱོར་བར་མོས་མཛོད། མན་ཤེལ་དང་སྦ་ལྕག་ཐོགས་ལ། ས་གསུམ་ཆེ་དགུ་ཀུན་གྱི་ཅོད་པན་ལ། །གང་བསམ་རྒྱལ་ཁ་ཐོབ་པར་དབང་སྒྱུར་ཞིང་། །སྙན་པའི་བ་དན་ཕྱོགས་བཅུར་རྒྱས་མཛད་པ། །རྡོ་རྗེ་ཚེ་རྒྱལ་ཐུགས་ཀྱི་དབང་བསྐུར་རོ། །སྒྲུབ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག །ལྷ་དབང་ལྷ་ཡི་གཟི་བརྗིད་དཔལ་གྱིས་མཛེས། །མི་དབང་མི་ཡི་སྟོབས་ཀྱིས་མངོན་པར་མཐོ། །ཀླུ་དབང་ཀླུ་ཡི་ནོར་བུའི་འབྱོར་བས་ཕྱུགས། །འཇིག་རྟེན་ཆེན་མོ་གསུམ་གྱི་བཀྲ་ཤིས་ཤོག །འདི་ཡན་བཀྲ་ཤིས་གསུམ་པོ་འཇམ་དབྱངས་མཁྱེན་བརྩེའི་མནལ་ལམ་ལས་བྱུང་བ་བྱིན་རླབས་ཅན་ནོ། །མཆན། མེ་ཏོག་འཐོར། དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །རྣམ་པར་མི་རྟོག་པའི་ཡེ་ཤེས་

p. 788

བསྒོམ་པར་དབང་བ་ཐུགས་ཀྱི་རྗེས་གནང་ངོ་། །ཞེས་བརྗོད། དེ་དག་གིས་གཏོར་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་དབང་རྗེས་འབྲེལ་བཅས་གྲུབ་ནས། ཁྱད་པར་གྱི་བྱིན་རླབས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་སྔར་སྨོས་མ་ཐག་པའི་རང་བཞིན་ཅན་གྱི་སྐུ་རྗེ་ནོར་བུ་དགྲ་འདུལ་དགྲ་བླའི་དཔུང་ཚོགས་དང་བཅས་པ་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས། ངེད་ཀྱིས་སྒོམ་པ་བཞིན་དུ་འདོད་དོན་ཡིད་བཞིན་དུ་སྒྲུབ་པའི་གྲོགས་མཛད། དུས་དང་རྣམ་པ་ཀུན་ཏུ་མི་འབྲལ་བར་རྒྱབ་བརྟེན་དཔུང་གྲོགས་གཡེལ་བ་མེད་པར་མཛད་པར་མོས་མཛོད། གཏོར་མ་ཐོགས་ལ། བསྭོ་བསྭོ། སྣང་སྲིད་དགྲ་བླ་ཝེར་མའི་སྤྲིན་འཁྲིགས་པའི། །དགྱེས་པའི་གད་རྒྱང་འབྲུག་སྒྲ་དགོད་པའི་དབུས། །ཉི་མ་བཅུ་གཉིས་དག་པའི་གཟི་བརྗིད་ཅན། །གེ་སར་ནོར་བུ་དགྲ་འདུལ་ཡེ་ཤེས་

p. 789

སྐུ། །བསྐལ་པའི་རླུང་ཆེན་བདུན་གྱི་ཤུགས་ལྡན་པའི། །རྫུ་འཕྲུལ་རྡོ་རྗེའི་རྐྱང་རྒོད་འཕེར་པོ་ཆིབས། །སྣ་ཚོགས་དགྲ་བླའི་སྐུ་ཆས་འདོད་དགུ་འབར། །མི་ཤིགས་རྡོ་རྗེའི་སྐུ་ཡི་དཔའ་རྫོངས་ལ། །དགྲ་བླ་ཝེར་མའི་དམག་དཔུང་འཕྲོ་ཞིང་འདུ། །དྲན་པ་ཙམ་གྱིས་དགེ་མཚན་རང་ཤུགས་སྤེལ། །དད་དམ་འགྱུར་བ་མེད་པའི་ཡིད་ཀྱིས་ནི། །རྩེ་གཅིག་གདུང་བ་དྲག་པོས་གསོལ་འདེབས་ན། །སྣང་སྟོང་རྡོ་རྗེ་ཐུགས་ཀྱི་ངང་ཉིད་ལས། །འདུ་འབྲལ་མེད་པར་མོས་ལྡན་འདི་ལ་གཟིགས། །རིགས་གསུམ་པདྨའི་སྒྱུ་འཕྲུལ་དྲེགས་པའི་རྗེ། །སེང་ཆེན་དགྲ་བླ་དཔའ་བོ་འཁོར་བཅས་ཀྱིས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །བྱིན་རླབས་མཐུ་སྟོབས་ནུས་པ་མེ་ལྟར་འབར། །སྙན་པའི་དར་ཆེན་སྲིད་པ་གསུམ་ན་མཐོ། །གྲགས་པའི་འབྲུག་ཆེན་འཇིག་རྟེན་གསུམ་ན་ཁྱབ། །

p. 790

ཕ་རོལ་མི་མཐུན་ཕྱོགས་ཀུན་ཟིལ་གྱིས་གནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །གཏོར་མ་མགོར་བཞག་ལ། རྩ་གསུམ་ཀུན་འདུས་སེང་ཆེན་ནོར་བུ་དགྲ་འདུལ། བདུད་འདུལ་ལས་ཀྱི་དབང་ཕྱུག །རྣལ་འབྱོར་ཡོངས་ཀྱི་ཕོ་ཉ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། སྐྱེས་བུ་ཡོངས་ཀྱི་དགྲ་ལྷ་ཆེན་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ། ཕུ་བོ་འབུམ་པ་ཞལ་དཀར་སོགས་ཕུ་ནུ་སུམ་ཅུ། དཔལ་ལྡན་ཌཱཀྐིའིགཙོ་མོ་དྭངས་སྨན་བཅོ་བརྒྱད། ལྷ་ཀླུ་གཉན་གྱི་དམག་ཚོགས། དགྲ་ལྷ་ཝེར་མའི་དཔུང་རོགས། བཀའ་སྡོད་སྣང་སྲིད་དྲེགས་པ་དང་བཅས་པ་ཁྱེད་རྣམས་ཀྱིས་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་རྡོ་རྗེ་སློབ་མ་འདི་ཡི་ཕོ་ལྷ་དང་དགྲ་ལྷ་མཛོད་ཅིག །མགོན་སྐྱབས་དང་དཔུང་གྲོགས་མཛོད་ཅིག །ནད་གདོན་མི་མཐུན་པའི་ཕྱོགས་ཀུན་ལས་བསྲུང་བ་དང་། ཚེ་བསོད་དཔལ་

p. 791

འབྱོར་མངའ་ཐང་སྙན་གྲགས་གཟི་བརྗིད་སྤོབས་པ་རིགས་རྒྱུད་ལ་སོགས་པ་འདོད་པའི་དོན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ལྷ་འདྲེ་མི་གསུམ་ལ་སོགས་པ་གང་བསམ་དབང་དུ་འདུ་བ་དང་། གནོད་བྱེད་བསམ་སྦྱོར་ངན་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་ས་དང་ལམ་གྱི་ཡོན་ཏན་མྱུར་དུ་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། དགྲ་བླ་ཝེར་མའི་རྒྱལ་པོའི་སྐུ་ཤུགས་རྒྱུད་ལ་ཞུགས་ནས་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་མ་ལུས་པ་སྩལ་བར་མཛོད་ཅིག །ཅེས་བརྗོད། མཐའ་བརྟེན་ཐུན་མིན་ལས་བཞིའི་རྗེས་གནང་སྦྱིན་པ་ནི། པྲ་རྟེན་མེ་ལོང་ཐོགས་ལ། བསྭོ། སྣང་གསལ་ཨ་དཀར་འོད་ཀྱི་ཝེར་མ་ཡིས༔ སྙིང་དབུས་མི་ཤིགས་འོད་ལྔ་ཏི་ལ་ཀར༔ ཀུན་གསལ་བདེ་ཆེན་ཐུགས་ཀྱིས་ཡེ་ཤེས་འོད༔ དབྱེར་མེད་

p. 792

མངོན་པར་ཤེས་པའི་དབང་མཆོག་བསྐུར༔ སྣང་སྲིད་ཀུན་གསལ་འཕྲུལ་གྱི་སྒོ་མོ་ཕྱེས༔ དུས་གསུམ་སྒྲིབ་མེད་མཁྱེན་པའི་སྤྱན་བཟང་སྩོལ༔ རྟེན་འབྲེལ་བསླུ་མེད་རིག་པའི་འཆར་སྒོ་སྟོན༔ རྣོ་མཐོང་སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ༔ སྒྲུབ་སྔགས་མཐར། བསྭོ། ཨ་ཀར་ཝེར་མ་ཁོད་དེ་འདུ༔ གསལ་ས་ལེ་པྲ་ཕོབ་སྭཱ་ཧཱ༔ སྙིང་གར་བཞག །གཡང་རྟེན་གའུ་ཐོགས་ལ། བྷྲཱུྃ། བཀྲ་ཤིས་དགེ་མཚན་བྱེ་བའི་གཟི་བྱིན་གཡང་། །རྟག་ཏུ་སྣང་སྲིད་ཐིག་ལེར་འཁྱིལ་མཛད་པའི། །མི་ཤིགས་ཀུན་འབྱུང་བུམ་པ་བཟང་པོ་ནས། །མཆོག་ཏུ་ཚིམ་བྱེད་གྲུབ་པའི་རྒྱལ་ཐབས་སྩོལ། །མཐའ་ཡས་འགྲོ་བ་ཀུན་ལ་དུས་རྟག་ཏུ། །ཕན་བདེ་མི་ཟད་མཆོག་གི་གཞིར་གྱུར་པ། །ཡེ་ཤེས་ནོར་བུ་འབར་བའི་གཟི་བྱིན་འོད། །ཆོས་ཀྱི་དབྱིངས་དང་མཉམ་པར་རྒྱས་པར་མཛོད། །སྔགས་མཐར། རཏྣ་ཕ་ལ་སིདྡྷི་བྷྲཱུྃ༔ སྤྱི་བོར་བཞག །དབང་སྡུད་

p. 793

པདྨའི་ལྕགས་ཀྱུ་ཐོགས་ལ། ཧྲཱི༔ བདེ་ཆེན་འོད་དམར་འཁྱིལ་བའི་ཀློང་དཀྱིལ་ནས༔ དབང་མཛད་དགྲ་ལྷ་ཝེར་མའི་དཔུང་ཚོགས་ཀྱིས༔ རྡོ་རྗེའི་སྐྱ་བྲོ་དམིགས་བྱའི་སྙིང་ལ་རྡུངས༔ རང་དབང་མེད་པར་དབང་བསྡུས་བྲན་དུ་བཀོལ༔ སྙིང་ནང་བདུད་རྩིས་གང་བའི་དཔྱིད་བཞིན་དུ༔ ཉམས་འགྱུར་ཟག་མེད་བདེ་བའི་རོ་ཙ་འཕེལ༔ འདའ་མེད་དབང་གི་གཟི་དྲོད་འབར་བ་ཡིས༔ འདོད་དགུའི་དཔལ་མོ་མགྲོན་དུ་ཁུག་པར་མཛོད༔ སྔགས་མཐར། ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་མ་མ་སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧོ༔ མགྲིན་པར་བཞག །སྒྲོལ་བྱེད་རལ་གྲི་དང་མདའ་གཞུ་ཐོགས་ལ། ཧཱུྃ༔ དཔའ་བོ་ཆེན་པོ་བདུད་དཔུང་དགྲ་འདུལ་བ། །ཤེས་རབ་རལ་གྲི་མདའ་གཞུ་རྣམ་པར་འཛིན། །ངོ་མཚར་དགྲ་ལྷ་ཝེར་མའི་སྟོབས་ཤུགས་ཀུན། །ད་ལྟ་ཉིད་དུ་འདི་ལ་འཇུག་པར་མཛོད། །ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟར། །མི་

p. 794

འཇིགས་སྤོབ་པའི་བདུད་རྩི་ཟླ་མེད་པ། །མྱུར་དུ་སྙིང་ལ་སྩོལ་བའི་ཕྲིན་ལས་ཀྱི། །རྣོ་མྱུར་ཐོགས་པ་མེད་པར་གཡོ་བར་མཛོད། །སྔགས་མཐར། ཧཱུྃ་མཱ་ར་ཡ་ཕཊ། ཅེས་ལག་ཏུ་གཏད། དེ་དག་གིས་སྐྱེས་བུ་ཆེན་པོའི་སྒོ་ནས་ལས་རབ་འབྱམས་བསྒྲུབ་པར་དབང་བ་ཡིན་ནོ། །ཞེས་བརྗོད། སྤྱི་ཙམ་དུ་དེ་ལྟར་ལ། ཁྱད་པར་བརྒྱུད་འཛིན་གྱི་སློབ་མ་ལ་སྲོག་གཏད་བྱ་བ་ནི། དེ་ནས་བརྒྱུད་འཛིན་གྱི་སློབ་མ་ལ་ཐུན་མིན་གྱི་སྲོག་གཏད་དགྲ་བླའི་སྙིང་གི་བཀའ་སྦྱིན་པ་ལ་ཐོག་མར་མཎྜལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ལྷུན་གྲུབ་པདྨ་ལས་སྐྱེས་མཚན་དཔེའི་སྐུ། །དགྲ་བླའི་ཆས་ཀྱིས་བརྗིད་ཅིང་དཔའ་བའི་ཐུགས། །བསྒྲུབ་ཕྱིར་བདག་ཡིད་དྭངས་མའི་ཐིག་ལེ་རུ། །རོ་གཅིག་བཞུགས་པའི་དངོས་གྲུབ་གཉིས་ཐོབ་མཛོད། །ལན་གསུམ། དེ་ནས་སྒྲུབ་གཏོར་གསོ་བྲན་བྱ། སྤོས་རོལ་དབྱངས་བཅས་གསོལ་མཆོད། འཇིགས་རུང་སྲིན་པོའི་གྲོང་ཁྱེར་སོགས་

p. 795

བརྗོད། དེ་རྗེས་གཞུང་གི་དམ་བསྒྲགས་བརྗོད་བཞིན་གཏོར་མར་བདུད་རྩིའི་ཞམ་ཆུང་བབ་པ་སློབ་མར་སྦྱིན་ལ་དམ་བསྲེ། གཏོར་མ་དགྲ་བླའི་རྒྱལ་པོ་རྡོ་རྗེ་ཚེ་རྒྱལ་དངོས་སུ་གསལ་བ་དགྱེས་པ་ཆེན་པོས་ཁྱེད་རང་གི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས། མཐར་ཡེ་ཤེས་པ་དེ་ཉིད་སྐུ་ཆུང་ལ་དཔའ་ཟིལ་ལྡན་པ་ཞིག་ཏུ་གྱུར་ཏེ་ཚངས་བུག་ནས་ཞུགས། དབུ་མའི་ལམ་ནས་མར་བྱོན། སྙིང་དབུས་པདྨ་དམར་པོ་འདབ་བརྒྱད་ཟེའུ་འབྲུ་ཉི་དཀྱིལ་གྱི་དབུས་སུ་བཞུགས་ཤིང་། སླར་པདྨ་ཉིད་ཁ་ཟུམ་པ་བུམ་སྐུའི་རྣམ་པར་བྱང་ཆུབ་བར་དུ་འབྲལ་མེད་དུ་གྱུར་པས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེན་པོར་མོས་མཛོད། གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ རྩ་གསུམ་ཀུན་འདུས་གེ་སར་ཡིད་བཞིན་ནོར། །ཡེ་ཤེས་སྐུ་མཆོག་མཐོང་ན་དགའ་བའི་གཏེར། །སྐལ་ལྡན་སྙིང་གི་པདྨོར་དགྱེས་རོལ་ནས། །ལུས་ལ་དགྲ་བླ་

p. 796

ཝེར་མའི་དཔའ་རྫོངས་ཆོས། །མྱོང་བ་ཙམ་གྱིས་ཡིད་སྣང་དབང་མེད་དུ། །འཕྲོག་པའི་དགེ་མཚན་ས་གསུམ་འགྲན་མེད་དཔྱིད། །ངོ་མཚར་མིག་གི་བདུད་རྩིའི་སྣང་བ་འབུམ། །ཅི་ཡང་འཆར་བའི་རོལ་རྩེད་ངོམ་པར་མཛོད། །བདེ་སྟོང་རྡོ་རྗེའི་གཟི་བྱིན་ཆེན་པོ་ཡིས། །རྨད་བྱུང་དགའ་བདེའི་དཔལ་ཡོན་བསྐྱེད་པ་དང་། །རྡོ་རྗེ་སེམས་དཔའ་ཚེ་དང་ལང་ཚོའི་དཔལ། །མྱུར་འགྲུབ་བསྟན་འགྲོའི་ཕན་བདེ་སྤེལ་བར་མཛོད། །སྲིད་དང་ཞི་བའི་དྭངས་བཅུད་དབང་མེད་འགུགས། །ངོ་མཚར་སྙན་པས་འཇིག་རྟེན་ཀུན་ཏུ་ཁྱབ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །སྒྲུབ་སྔགས་མཐར། ཛྙཱ་ན་ས་ཏྭ་གུ་ཧྱ་ཙིཏྟ་ས་མ་ཡ་སྟྭཾ། ཞེས་བརྗོད། དེས་ཐུན་མོང་མ་ཡིན་པ་དགྲ་བླ་ལུས་གཞུག་གི་སྲོག་གཏད་གྲུབ་པ་ལགས། བཀྲ་ཤིས་ནི། སངས་རྒྱས་མི་གཟུགས་བྱོན་པའི་

p. 797

རྫུ་འཕྲུལ་ཅན། །མཐུ་རྩལ་རྨད་བྱུང་ཧོར་བདུད་ཆམ་ལ་ཕབ། །འདྲེ་སྲིན་དམ་བཏགས་བོད་ཁམས་བདེ་ལ་བཀོད། །སྐྱེས་མཆོག་གེ་སར་རྒྱལ་པོའི་བཀྲ་ཤིས་ཤོག །མེ་ཏོག་འཐོར། རོལ་མོ་བྱ། རྗེས་དམ་ཚིག་ཁས་བླང་ནི། དེ་ལྟར་ལྷ་རིགས་བདེ་ཆེན་རོལ་པ་རྩལ་གྱི་དགོངས་གཏེར་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་རྗེས་གནང་སྲོག་གཏད་ཀྱི་རིམ་པ་ཟབ་མོ་ཕུལ་གྲུབ་པ་ལགས་པས། གསང་བ་སྤྱི་ཡི་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་དང་། ཁྱད་པར་འདི་ཉིད་ཐུན་མིན་ཡི་དམ་དུ་འཛིན་ནས་བསྙེན་སྒྲུབ་གསོལ་མཆོད་རྒྱུན་མི་འཆད་པར་བརྩོན་པར་བགྱི་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང། གཏང་རག །ལུས་འབུལ། དགེ་བསྔོ་བཅས་སྤྱི་ལྟར་གྱིས་གྲོལ་ལོ། །བཞི་པ་ནི། སློབ་དཔོན་ཚོགས་ལ་རོལ་ཞིང་ལྷག་མ་བཏང་། གཏོར་འབུལ་གང་རུང་གི་མངའ་གསོལ་གཏོར་མ་ཡང་ཐོག་ཏུ་འབུལ། ཐུགས་དམ་བསྐུལ་པ་བཅས་བསྐུལ་གཏོར་ཟོར་དུ་འཕངས།

p. 798

གཏང་རག །མཆོད་བསྟོད། ནོངས་བཤགས་བྱ། བྲིས་སྐུར་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ཆད་བརྟན་ནི་ཡི་དམ་གྱི་གཞུང་ལྟར་མཐའ་རྒྱས་བྱའོ། །གསང་སྔགས་ཐབས་ཀྱིས་ཁྱད་འཕགས་ཕྱིར། །རྡོ་རྗེའི་གསུང་གསང་ལ་བརྟེན་ནས། །སྨིན་བྱེད་དབང་གི་ཆོ་ག་ཉིད། །རྟེན་འབྲེལ་འགོགས་མེད་རྩལ་ལས་ཤར། །འདི་ནི་རྩ་གསུམ་ཀུན་འདུས་གེ་སར་གྱི། །རྡོ་རྗེའི་གསང་གསུམ་མཐུ་བྱིན་སྐད་ཅིག་ལ། །སྐལ་ལྡན་སློབ་མའི་རྒྱུད་ལ་ཞུགས་པའི་མོད། །གྲུབ་གཉིས་དཔལ་ཐོབ་སྐུ་གཉིས་མངོན་བྱེད་ཤོག །ཅེས་པ་འདི་ནི་ཆོས་ཚུལ་འདི་ཉིད་ལ་མི་འཕྲོགས་པའི་དད་པའི་པདྨོ་རབ་ཏུ་རྒྱས་པ་སྙན་པར་གྲགས་པའི་མཚན་གྱིས་ཆེད་དུ་བསྐུལ་བའི་གཡར་དམ་དུ། སྙིགས་དུས་ཀྱི་སྔགས་མིང་འཆང་བ་ཨ་བྷ་ཡས། བླ་མ་ལྷག་པའི་ལྷ་ལ་གསོལ་བ་ནན་གྱིས་བཏབ་ནས་གནང་བ་ཞུས་པར། རྟེན་འབྲེལ་བཟང་པོའི་སྒོ་ཅུང་ཟད་མཐོང་བར་བརྟེན། བསྐུལ་ཚིག་རྣམས་རྡོ་རྗེའི་གསུང་ལས་བཏུས་ཤིང་གོང་འོག་མཚམས་སྦྱར་ཅུང་ཟད་ཀྱིས་བརྒྱན་ཏེ་ཆུ་ཕག་སྟོན་ཟླའི་གྲལ་ཚེས་དགེ་བས་སྦྱར་བ་དགེ་ལེགས་འཕེལ།། །།

འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།

p. 799

༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

p. 800

འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག

Pecha page