← Search

དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།

ཀརྨ་བཀྲ་ཤིས་འོད་ཟེར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། ཀརྨ་རབ་འབྱོར་དཔལ་བཟང་། ཀརྨ་རང་བྱུང་ཀུན་ཁྱབ། པདྨ་ཕྲིན་ལས། ཛྙཱ་ན་བཛྲ། ཨོ་རྒྱན་གཞན་ཕན་མཐའ་ཡས། མཉམ་མེད་དྭགས་པོ་རིན་པོ་ཆེ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། བློ་གྲོས་མཐའ་ཡས། ཆགས་སྤྲུལ་ལྔ་པ་གསང་སྔགས་བསྟན་འཛིན།

བླ་མ་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་པ་མན་ངག་གསེར་ཞུན་སྙིང་པོ། ཀརྨ་བཀྲ་ཤིས་འོད་ཟེར།

p. 0

༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{བླ་མའི་རྣལ་འབྱོར་སྐོར་སྟོད་ཆ་}བཞུགས་སོ། །

p. 1

༄༅། །བླ་མ་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་པ་མན་ངག་གསེར་ཞུན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

p. 2

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ་སྔོན་དུ་འགྲོ་བས། ཨེ་མ་ཧོ། མདུན་གྱི་མཁའ་དབྱིངས་མི་འཇིགས་སེང་གེའི་ཁྲི། །སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་སྟེང་། །ངོ་བོ་རང་གི་རྩ་བའི་བླ་མ་དང་། །དབྱེར་མེད་བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ། །སྐུ་མདོག་གསེར་འདྲ་མཚན་དཔེའི་གཟི་འོད་འབར། །ཞི་འཛུམ་ཞལ་ཅན་སྨིན་མཚམས་མཛོད་སྤུ་འཁྱིལ། །དཀར་ནག་ཆ་ཤས་མ་འདྲེས་སྤྱན་གྱིས་གཟིགས། །དབང་

p. 3

སྔོན་མདོག་ཅན་གཙུག་ཏོར་རྩེ་མོ་ནི། །འོད་འབར་གསེར་གྱི་ཏོག་མཛེས་ལྷང་ངེར་གསལ། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་དང་། །དམར་སེར་ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་མཛད། །འོད་དང་འོད་ཟེར་འབར་བའི་ཀློང་དཀྱིལ་ན། །སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས་པར་གྱུར། །བླ་མ་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ། མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་

p. 4

ཉེས་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །བརྟན་པར་བཞུགས་གསོལ་དགེ་ཚོགས་བྱང་ཆེན་བསྔོ། །གསང་གསུམ་ཡོན་ཏན་དཔག་ཡས་ཁྱོད་ལ་བརྟེན། །ཐུགས་ཀའི་ཨ་དཀར་སྔགས་ལས་འོད་འཕྲོས་པས། །སྐྱབས་ཀུན་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །འགྲོ་ཀུན་སྡིག་སྒྲིབ་སྦྱངས་ནས་སངས་རྒྱས་ཏེ། །འོད་ཟེར་སླར་འདུས་ས་བོན་ལ་ཐིམ་གྱུར། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཅི་ནུས་བཟླས་ལ། མཇུག་ཏུ། གསེར་གྱི་འོད་འབར་འདྲེན་མཆོག་ཤཱཀྱ་ཐུབ། །ཁྱོད་ནི་བདག་གི་སྟོན་པ་གཅིག་པུ་ཡིན། །དེ་ཕྱིར་ཁྱོད་ལ་གུས་པས་གསོལ་བ་འདེབས། །སྔོན་གྱི་དམ་བཅའ་མ་གཡེལ་ཐུགས་རྗེས་གཟིགས། །ཞེས་གང་མང་དང་། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཐུབ་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །གང་གི་སྐུ་གཟུགས་གསེར་གྱི་རི་

p. 5

འདྲ་བ། །མཐོང་བ་ཀུན་གྲོལ་བསྒོམས་པའི་དགེ་བ་དང་། །རྟེན་མཆོད་རྣམས་ལ་ཕྱག་མཆོད་སྒྲུབ་བྱེད་ཅིང་། །ཡང་ཡང་མཇལ་ཞིང་ཕྱག་མཆོད་དད་གུས་བྱེད། །བདག་སོགས་སེར་སྐྱ་ཕོ་མོ་ཐམས་ཅད་ཀྱི། །དགེ་བ་ཕྱོགས་གཅིག་བསྡོམས་པའི་མཐུ་ལ་བརྟེན། །རྒྱལ་བསྟན་དར་རྒྱས་ཡུན་རིང་གནས་པར་ཤོག ། བདག་སོགས་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །སྡིག་སྒྲིབ་སྡུག་བསྔལ་ཉེས་ལྟུང་ཀུན་དག་ནས། །ཕྱི་མ་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །བླ་མ་ཐུབ་དབང་ངོ་བོ་དབྱེར་མེད་ལ། །གསོལ་བ་བཏབ་པས་བདག་ཅག་ཡོན་མཆོད་ཀུན། །ཤཱཀྱའི་རྒྱལ་པོའི་དྲུང་དུ་ངོ་ཤེས་བཞིན། །འཕྲད་དེ་ལྷན་གཅིག་ཆོས་ལ་སྤྱོད་པར་ཤོག ། ཤཱཀྱའི་རྒྱལ་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བས། །

p. 6

བདེན་པའི་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཅེས་བསྔོ་སྨོན་ཡང་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དམ་ཆོས་པདྨ་དཀར་པོ་ལས། གང་དག་བདག་ལ་སྟོན་པའི་འདུ་ཤེས་སམ་གུས་པའི་སེམས་བསྐྱེད་པར་གྱུར་པ་དེ་དག་ལས་བདག་གིས་སེམས་ཅན་འགའ་ཞིག་སྤངས་ཏེ་ཐེག་པ་གསུམ་པོ་གང་རུང་གི་ཕྱིར་མི་ལྡོག་པར་ལུང་སྟོན་པར་མ་བགྱིས་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུ་བར་འགྱུར་བ་ནས་བདག་འཚང་མི་རྒྱ་རི་བར་དུ་གྱུར་ཅིག་ཅེས་དབུ་བསྙུང་བཞེས་པ་ལྟ་བུར་མཛད། དེའི་དོན་ཡང་ཡང་སངས་རྒྱས་ལ་ཡིད་ཆེས་ཀྱི་དད་པས་སྟོན་པའི་འདུ་ཤེས་བསྐྱེད་ཅིང་གུས་པས་ཕྱག་མཆོད་སོགས་ཀྱིས་བསྙེན་པའི་གང་ཟག་སུ་ཡང་རུང་། དེ་ཐམས་ཅད་གཅིག་ཀྱང་མི་ལུས་པར་ཐེག་པ་གསུམ་པོ་གང་རུང་གིས་ཕྱིར་མི་ལྡོག་པར་མ་བཞག་ན་ཁོང་ཉིད་སངས་མི་རྒྱ་ཞེས། ཁོང་གིས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བསླུས་པ་ཡིན་ཞེས་དམ་བཅའ་ཞལ་བཞེས་ཆེན་པོ་མཛད་པ་ཡིན་འདུག་ན། བདག་ལེགས་སུ་འདོད་པའི་སྐལ་བཟང་བློ་ལྡན་དག་གིས་ཉམས་ལེན་གྱི་སྙིང་པོར་གྱིས། དེའང་མདོ་རྒྱུད་ཀྱི་ཁུངས་དང་འབྲེལ་ཞིང་རྒྱུ་མཚན་གནད་གལ་མཁྱེན་པའི་བཤེས་གཉེན་སེམས་དཔའ་ཆེན་པོས་དགེ་མཚན་གྱི་སྣང་བ་དམ་པ་གཟིགས་ནས་སྒྲུབ་ཐབས་འདི་གནང་བས་བྱིན་རླབས་ཀྱི་གཟི་བྱིན་འབར་བ་ལགས་པས་ཀུན་གྱི་ཐུགས་ལ་བཞུགས་པར་ཞུ། ཞེས་ལྷག་བསམ་གྱི་ཞུ་གལ་མཐེ་བོང་སྒྲེང་བ་པོ་ནི་ཤཱཀྱའི་རྗེས་འཇུག་གི་

p. 7

རྟགས་ཙམ་འཛིན་པ་ཀརྨ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོའོ།། །།

འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 8
p. 9

༄༅། །འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

p. 10

ན་མོ་གུ་རུ་ཡོ་གི་ཤྭ་ར་ཡེ། བླ་མེད་སྔགས་ཀྱི་ལམ་ལས་སྒྲ་ཇི་བཞིན། །སྐུ་ཚེ་གཅིག་གིས་མི་སློབ་ཟུང་འཇུག་བརྙེས། །གྲུབ་མཆོག་རྣལ་འབྱོར་ཕོ་མོའི་ཞབས་པད་ལ། །གུས་པས་འདུད་དོ་བདག་རྒྱུད་བྱིན་གྱིས་རློབས། །མཚན་ཙམ་གྱིས་ཀྱང་དོན་ཆེན་མཛད་གྱུར་ན། །མཆོད་ཅིང་གུས་གསོལ་བཏབ་ན་སྲིད་དང་ཞིའི། །འཆིང་སྒྲོལ་གྲུབ་གཉིས་འབད་མེད་སྩོལ་བ་ལ། །ཡིད་གཉིས་སྤངས་པས་དེ་དོན་གསལ་བར་བརྗོད། །སློབ་དཔོན་དཔའ་བོ་འོད་གསལ་ལུགས་ཀྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་གདབ་སྟེ་ཚོགས་གསོག་རྒྱས་པར་བྱ་བའི་ཚུལ་བླ་མ་མཆོད་པ་སྤྱི་མཐུན་གྱི་ས་བཅད་རྗེ་བཙུན་ཏཱ་ར་ནཱ་ཐས་གནང་བ་ལྟར་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་ཚོགས་གསོག་གི་རིམ་པ། རྗེས་བྱིན་རླབས་ཞུ་བསྟིམ་སོགས་སོ། །དང་པོ་ནི། དབེན་ཞིང་ཡིད་དུ་འོང་བའི་གནས་ཁང་བྱི་དོར་བྱས་ཤིང་བླ་བྲེ་རྒྱལ་མཚན་

p. 11

སོགས་རྒྱན་གྱི་ཡོ་བྱད་གང་འཛོམས་བསྟར། གོང་དུ་གྲུབ་བརྒྱའི་བྲིས་སྐུས་མཚོན་པའི་རྟེན་བཀྲམ། དེ་མདུན་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཉྫིའམ་མཎྜལ་འཇོག་པའི་སྟེགས་མཐོ་བར་བཀོད། མདུན་དུ་ཆུ་གཉིས་དང༌། འབྱོར་བས་ལྕོགས་ན་མེ་ཏོག །སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་རེ་རེ་བརྒྱ་རྩ་སོགས་བསྐོར་ཏེ་བཤམ། མ་འབྱོར་ན་ཚར་གསུམ་མམ་གཅིག་ཕྲེང་ཚར་དུ་བཀོད། གཟུགས་སྒྲ་དྲི་རོ་རེག་བྱ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། རིག་མ་བཅུ་དྲུག་ལ་སོགས་པ་མཆོད་པའི་རྫས་གང་འབྱོར་གཟུགས་སམ་རི་མོར་བྲིས་པ་འཛོམ་ན་བཤམ། མ་འཛོམ་ན་དམིགས་པས་འཐུས། ནང་མཆོད་ཐོད་པའི་བདུད་རྩི། ཚོགས་ཀྱི་ཡོ་བྱད་ཇི་ལྟར་འབྱོར་པ་རྣམས་འདུ་བྱ། རང་གི་མདུན་དུ་རིན་པོ་ཆེའི་མཎྜལ་ཆེ་ལེགས། ཚོམ་བུའི་རྒྱུ་འབྲུ་གཙང་དག །དུང་ཞལ་ཆུ་གཙང་བླུགས་པ་དང༌། བ་བྱུང་དྲི་བཟང་གི་ཆུ་སྦྱར་བ་གཉིས་རྣམས་དང༌། མཆོད་པའི་མཎྜལ།

p. 12

རྡོར་དྲིལ་དང་རོལ་མོའི་རིགས་ཀྱང་ཉེ་བར་བསྡོག་གོ །གཉིས་པ་ལ་ཐོག་མར་རང་ཉིད་ཐུན་མཚམས་ལྷའི་ང་རྒྱལ་དང་ལྡན་པས་གནས་དང་ཡོ་བྱད་བྱིན་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། ཞལ་ཟས། རོལ་མོ་ལ་སོགས་མཆོད་རྫས་བཟང་ཞིང་དགེ་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱདྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་

p. 13

ཨཱཿཧཱུྃ། ཞེས་རོལ་མོས་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་ཚིག་རྒྱས་བསྡུས་གང་རུང་སྤྱི་མཐུན་ནམ་བསྡུ་ན། སངས་རྒྱས་ཆོས་ཚོགས་ལན་གསུམ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། སྐད་ཅིག་གིས་བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་ཕོ་མོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཆུ་བྱིན་བརླབ་ནི། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་སྭཱ་ཧཱ། དུང་ཆོས་བླང་། ཨོཾ་ཧྲཱིཿསྭཱ་ཧཱ། ཁ་བཤལ་ལ། ཨོཾ་ཝཾ་སྭཱ་ཧཱ། མགོ་དང་གདོང་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གནས་གསུམ་དུ་རེག་ལ། ཨོཾ་ཨཱཿཧཱུྃ་གདན་ལ་མེ་ཏོག་བཞག་ཅིང༌། ཨོཾ་ཏིཥྛ་བཛྲ་ཨཱ་ས་ན་ཧཱུྃ། ཨོཾ་བཛྲ་བ་བ་ན་བ་ན་ཡ་སྭཱ་ཧཱ། མེ་ཏོག་རྣ་ལྟག་ཏུ་གཟེར་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་རཀྵ་མཱཾ། སརྦ་བིགྷྣན་བྷྱཿ དྲི་བཟང་ཆུས་བྱིན་བརླབ་ནི། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་སྭཱ་ཧཱ། མེ་ཏོག་བྱིན་བརླབ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ།

p. 14

ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུ་ཥྤེ་པུཥྤེ་སཾ་བྷ་ཝེ་པུཥྤ་ཏ་བྷ་ཝེ་པུཥྤ་གིརྣེ་སྭཱ་ཧཱ། ལན་གསུམ་མམ་བདུན་བརྗོད། བ་བྱུང་སོགས་བྱིན་བརླབ་ནི། ཨོཾ་གོ་མ་ཡེ་སྭཱ་ཧཱ། བགེགས་སྦྱང་བ་ནི། ཨོཾ་བཛྲ་ས་ཏྭ་བི་བྷྣ་ནུ་སཱ་ར་ཡ་ཧཱུྃ་ཕཊ། མཎྜལ་རེ་ཁ་བྲི། ཨོཾ་བཛྲ་རེ་ཁཱེ་སྭཱ་ཧཱ། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །གྲོགས་སྦུར་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱིས། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང༌། །ནང་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང༌། །ཟླ་བ་ལྟ་བུའི་གཟི་བརྗིད་ཅན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་

p. 15

དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །སླར་ཡང་རེ་ཁཱ་བྱས་ལ། ཨོཾ་བཛྲ་རེ་ཁེ་སརྦ་བུདྡྷ་ཨ་དྷིཥྛཱནྟུ་སྭཱ་ཧཱ། ཆུ་དེས་མཎྜལ་བཀྲུ། ཨོཾ་ཝཾ་སྭཱ་ཧཱ། མཎྜལ་ཕྱིས་ལ། ཨོཾ་ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། མེ་ཏོག་བཀྲམ་ལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། དེ་ནས་ཚོམ་བུ་ཉེར་གསུམ་པ་རིམ་བཞིན་བཀོད་པའི་དང་པོ་དབུས་སུ་ཚོམ་བུ་གཅིག་བཞག་ལ། ཨོཾ་ཧཾ་སུ་མེ་རུ་ན་མཿ ཤར་དུ། ཡཾ་བི་དེ་ཧ་དྭི་པ་ན་མཿ ལྷོར། རི་ཛམྦུ་དྭཱི་པ་ན་མཿ ནུབ་ཏུ། ལཾ་གོ་ད་ནཱི་དྭཱི་པ་ན་མཿ བྱང་དུ། ཝཾ་ཀུ་རུ་དྭཱི་པ་ན་མཿ ཤར་གྱི་གཡས་གཡོན་གཉིས་སུ། ཡཿཡཿཨུ་པ་དྭཱི་པ་ན་མཿ ལྷོའི་གཡས་གཡོན། རཿརཿཨུ་པ་དྭཱི་པ་ན་མཿ ནུབ་ཀྱི་གཡས་གཡོན། ལཿལཿཨུ་པ་དྭཱི་པ་ན་མཿ བྱང་གི་གཡས་གཡོན། ཝཿཝཿཨུ་པ་དྭཱི་པ་ན་མཿ ནུབ་བྱང་། ལཿཏུ་རངྒ་རཏྣ་ཡ་ན་མཿ ལྷོ་ནུབ། རཿཧསྟི་རཏྣ་ཡ་ན་མཿ ཤར་ལྷོར། ཡཿག་རཏྣཱ་ཡ་ན་མཿ བྱང་ཤར། ཝཿསྟི་རཏྣཱ་ཡ་ན་མཿ ཤར་དབུས། ཡཿཁཌྒ་རཏྣཱ་ཡ་ན་མཿ ལྷོ་དབུས།

p. 16

རཿམ་ཎི་རཏྣཱ་ཡ་ན་མཿ བྱང་དབུས། ཝཿནི་དྷི་རཏྣཱ་ཡ་ན་མཿ ནུབ་དབུས། ལཿཙཀྲ་རཏྣཱ་ཡ་ན་མ༔ ཤར། ཨོཾ་ཨཾ་ཙནྡྲ། ནུབ། ཨོཾ་ཨཾཿསཱུརྱ། ཨོཾ་ཨོཾ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་འབྱོར་པ་ཚད་མེད་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་ལྟ་བུ་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ངོ་བོ་ཉིད་ན་མཿ བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་ཚོགས། །རིན་ཆེན་ཀུན་བཟང་མཎྜལ་བཟང་པོའི་མཆོད་པ་འདི། །བློ་ཡིས་བླངས་ནས་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ལ་མཎྜལ་སྟེགས་བུའི་དབུས་སུ་འཇོག །རྟེན་བསྐྱེད་པ་ནི། མཎྜལ་འདི་ཉིད་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པ། ཕྱི་རོལ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་

p. 17

པས་ཡོངས་སུ་བསྐོར་བའི་སྙིང་པོར་ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱུ་དང་བཀོད་པའི་བྱེ་བྲག་ངོ་མཚར་རྨད་དུ་བྱུང་བ། དུར་ཁྲོད་རོལ་པའི་ཡོ་བྱད་དང་ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་སེང་གེའི་ཁྲི་ཆེན་པོ་པདྨ་ཉི་མ་ཟླ་བའི་གདན་དང་བཅས་པ། ཕྱི་རོལ་ཕྱོགས་མཚམས་ཀུན་ཏུ་སོ་སོར་འོས་པའི་གདན་གྱི་ཁྱད་པར་རྣམས་ཀྱང་གསལ་བར་གྱུར། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ། ཁྱབ་བདག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང༌། །བདེ་ཆེན་དགྱེས་པ་དཔལ་ལྡན་ཧེ་རུ་ཀ །གྲུབ་ཐོབ་ཕོ་མོ་རྣལ་འབྱོར་དབང་ཕྱུག་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་

p. 18

འདིར་གསལ་མཛོད། །སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང༌། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །ཨོཾ་གུ་རུ་བཛྲ་དྷཱ་ར་སརྦ་ཡོ་གེ་ཤྭ་ར་དེ་བ་ཌཱ་ཀི་ནཱི་ཨེ་ཧྱེ་བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་རྣམས་སྤྲིན་གཏིབས་པ་ལྟར་བྱོན་ཏེ་སོ་སོའི་གདན་ལ་བཞུགས་པར་བསམ། དབུས་ཀྱི་ཁྲི་སྟེང་དུ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། རང་ལ་དགྱེས་པའི་ཞལ་འཛུམ་བག་ལྡན་པ། འོད་

p. 19

དང་འོད་ཟེར་གྱི་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན། མཐའ་བསྐོར་ཕྱོགས་མཚམས་རྣམས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་ཡི་པས་ཐོག་དྲངས་པའི་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ། སྲིང་མོ་ཌཱ་ཀི་བཞི་དང་བཅས་པ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་འོད་ཕྱོགས་བརྒྱར་འབར་བས་བཟོད་པར་དཀའ་བའི་ཟིལ་ཅན་ཉི་མའི་སྙིང་པོ་ལྟ་བུ། སྲིད་པ་གསུམ་ཟིལ་གྱིས་གནོན་པའི་ལྟ་སྟངས་ཀྱིས་རབ་ཏུ་དཔའ་བའི་ཉམས་ཅན། གསུང་གསང་སྔགས་རྡོ་རྗེ་མི་ཤིགས་པའི་སྒྲ་དབྱངས་རྟག་ཏུ་སྒྲོགས་པ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་ལས་མི་གཡོ་བ། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱི་རྣམ་པར་རོལ་བ་ཟད་མི་ཤེས་པ་ཅན། དཔའ་བོ་དང་ཌཱ་ཀི་རྒྱ་མཚོ་ལྟ་བུས་

p. 20

མཆོད་ཅིང་བསྟོད་པ་དང༌། ས་གསུམ་གྱི་དབང་པོ་རྣམས་ཀྱིས་རི་མོར་བྱེད་བཞིན་པ་རྣམས་དགྱེས་པས་དགོངས་ཏེ་བཞུགས་པ། གཞན་ཡང་བརྒྱུད་པའི་བླ་མ་རྣམས་དང༌ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས་འཕགས་པ་ཉན་རང༌ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། མགོན་པོ་འགྲོ་བའི་དོན་ལ་བྱོན་པ་ལེགས། །བདག་གི་མཆོད་ཡོན་འདི་ཉིད་བཞེས་ནས་ཀྱང༌། །ཇི་སྲིད་མཆོད་པའི་བྱ་བ་མ་རྫོགས་པར། །ཡིད་འོང་གདན་ལ་བདེ་བར་བཞུགས་སུ་གསོལ། །ཨོཾ་པྲ་ཝ་ར་སཏྐ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕུལ་ལ། ཨོཾ་པདྨ་ཨཱ་ས་ན་སྟྭཾ། ཞེས་པས་གདན་ལ་བཞུགས་པར་བསམ། ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཡོན་ཏན་ཀུན་གྱི་གཏེར་གྱུར་པས། །

p. 21

གང་གི་མཚན་ཙམ་དྲན་པས་ཀྱང༌། །བདག་བློའི་རྒུད་པ་ཞི་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་ཡོན་ཏན་རབ་རྒྱས་པས། །འགྲོ་ཀུན་གཙུག་གི་རྒྱན་གྱུར་པའི། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བླང་དོར་རྟོགས་པའི་སྣང་བ་ཡིས། །འགྲོ་ཀུན་མི་ཤེས་མུན་སེལ་བ། །དྲི་མེད་ཉི་མའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་བསིལ་ཟེར་གྱིས། །ཕན་བདེའི་ཚལ་རབ་རྒྱས་མཛད་པ། །རྣམ་དག་ཟླ་བའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དམ་ཆོས་བདུད་རྩིའི་སྨན་མཆོག་གིས། །ཉོན་མོངས་སྡུག་བསྔལ་ནད་སེལ་བ། །ཐབས་མཁས་འགྲོ་བའི་སྨན་པ་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་གྲུ་ཆེན་གྱིས། །སྲིད་ཞིའི་རྒྱ་མཚོའི་

p. 22

མཐར་སྒྲོལ་བ། །སྟོབས་ལྡན་འགྲོ་བའི་དེད་དཔོན་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གནོད་པ་ཀུན་ལས་སྐྱོབ་བྱེད་པ། །ཕན་པ་དཔག་མེད་སྒྲུབ་མཛད་པའི། །བྱམས་མགོན་འགྲོ་བའི་གཉེན་གཅིག་པོ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པས། །སྲིད་ཞིའི་མཐའ་ལ་མི་གནས་པའི། །མྱ་ངན་འདས་པ་མཆོག་བརྙེས་པ། །སྐྱབས་མགོན་ཁྱེད་ལ་ཕྱག་འཚལ་འདུད། །ཕ་རོལ་ཕྱིན་པ་བཅུ་རྫོགས་ཤིང༌། །ཉེར་བཞི་རྩ་རླུང་དབང་འདུས་པས། །ཡན་ལག་བཅུ་གཉིས་རྣམ་འགགས་པས། །ས་བཅུའི་མཐར་སོན་ཁྱེད་ལ་འདུད། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀ་མིན་པའང་མ་ཡིན་པ། །རྣམ་དག་ཟག་མེད་ཆོས་ཀྱི་དབྱིངས། །སྤྲོས་བྲལ་ཆོས་སྐུ་ཁྱེད་ལ་འདུད། །མཚན་དང་དཔེ་བྱད་དཔལ་འབར་བས། །དག་པའི་ཞིང་གི་གདུལ་བྱ་ལ། །

p. 23

རྟག་པར་ཐེག་མཆོག་ཆོས་སྟོན་པ། །བདེ་ཆེན་ལོངས་སྐུ་ཁྱེད་ལ་འདུད། །སྣ་ཚོགས་གདུལ་བྱའི་བསམ་པ་ལྟར། །སངས་རྒྱས་རྣམ་འཕྲུལ་དཔག་མེད་ཀྱིས། །འགྲོ་ཀུན་ཕན་བདེས་ཚིམ་མཛད་པ། །ཐབས་མཁས་སྤྲུལ་སྐུ་ཁྱེད་ལ་འདུད། །གཟུགས་སྐུའི་རྣམ་འཕྲུལ་སྣ་ཚོགས་ཀྱང༌། །དེ་ཡི་རང་བཞིན་འགྱུར་མེད་པ། །ཨེ་མ་ཧོ་བརྗོད་བྲལ་ཟུང་འཇུག་དངོས། །ངོ་བོ་ཉིད་སྐུ་ཁྱེད་ལ་འདུད། །རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ཅིང༌། །ཉོན་མོངས་སྒྲིབ་པ་ཀུན་སྤངས་པས། །ཕུང་པོ་ལྔ་ལས་ཡོངས་གྲོལ་བའི། །ཡེ་ཤེས་ལྔ་བདག་ཁྱེད་ལ་འདུད། །སོ་སོ་རིགས་བཞིའི་ཐུགས་མངའ་བས། །སྟོབས་བཅུས་བདུད་ཀྱི་དཔུང་བཅོམ་ནས། །མི་འཇིགས་བཞི་ཡིས་ཆོས་སྟོན་པ། །ཡོན་ཏན་མངའ་བདག་ཁྱེད་ལ་འདུད། །སྤྱོད་པ་རྟོགས་པ་ཡེ་ཤེས་དང༌། །ཕྲིན་ལས་གཞན་དང་མ་འདྲེས་

p. 24

པའི། །སངས་རྒྱས་ཡོན་ཏན་བཅོ་བརྒྱད་ཅན། །མཚུངས་མེད་དམ་པ་ཁྱེད་ལ་འདུད། །རྡོ་རྗེ་འཆང་ཆེན་ལཱུ་ཡི་ལཱི་ལ་པ། །མཐུ་སྟོབས་དབང་ཕྱུག་ཌོམྦི་ཤ་བ་རི། །ས་ར་ཧ་པ་ཀངྐ་ལི་པ་དང༌། །མཱི་ན་གོ་རཀྵ་ལ་ཕྱག་འཚལ་ལོ། །ཙཽ་རིངྒ་དང་ཝཱི་ཎ་ཤཱནྟི་པ། །ཙནྟི་ཙ་མ་རི་དང་ཁཌྒ་པ། །ཀླུ་སྒྲུབ་སྤྱོད་འཆང་དབང་པོ་འཕགས་པ་ལྷ། །ཐ་ག་ནཱ་རོ་པ་ལ་ཕྱག་འཚལ་ལོ། །ཤྱ་ལི་ཏེ་ཙ་ཏྲ་བྷ་དྲ་པ། །དྷཱུ་ཁནྡྷི་དང་སྦྱོར་བྲལ་ག་ལ་པ། །དྷཱུ་ཏི་ཀངྐ་ན་དང་ཀམྦ་ལ། །ཌིངྒི་བནྡྷེ་པ་ལ་ཕྱག་འཚལ་ལོ། ། ཏནྟེ་ཀུ་ཀུ་རི་དང་ཀུ་ཛི་པ། །དྷ་མ་མ་ཧི་ལ་དང་ཨ་ཙིནྟ། །བ་བྷ་ནཱ་ལི་ན་བ་ཞི་བ་ལྷ། །ཨིནྡྲ་བོ་དྷི་རྣམས་ལ་ཕྱག་འཚལ་ལོ། །མེ་ཀོ་ཏོག་རྩེ་པ་དང་ཀམྦྷ་རི། །ཛ་ལནྡྷ་ར་རཱ་ཧུ་དྷརྨ་པ། །དྷོ་ཀ་མེ་དྷི་པ་ན་སངྐ་ཛ། །རྡོ་རྗེ་དྲིལ་བུ་པ་ལ་ཕྱག་འཚལ་ལོ། །ཛོ་ཀི་ཙ་ལི་ཀི་པ་ཀོ་རུ་ར། །ལུ་ཙི་ཛ་ཡ་ནནྟི་ན་གུ་ཎ། །བ་ཙ་རི་དང་ཙ་མཱ་

p. 25

ཀ་བྷི་ཀྵ། །དྷི་ལེ་ཀུམྦྷ་རི་ལ་ཕྱག་འཚལ་ལོ། །ཙརྤ་ཊི་པ་མ་ཎི་བྷ་དྲ་དང༌། །མི་ཁཱ་ལི་མ་ཀ་ན་ཁ་མ་ལ། །ཀ་ལ་ཀ་ལ་པ་དང་སྐནྡྷ་ལི། །དྷ་ཧུ་ཨུ་དྷི་ལི་ལ་ཕྱག་འཚལ་ལོ། །ཀ་པཱ་ལ་པ་ཀ་ར་བ་ལ་ཛར། །ས་ཀ་ར་པ་སརྦ་བྷཀྵ་པ། །ན་ག་བོ་དྷི་དཱ་རའི་ཀ་པ་ཆེ། །སུ་ཏ་ལི་པ་རྣམས་ལ་ཕྱག་འཚལ་ལོ། །པ་ཧ་ན་པ་ཀོ་ཀི་ལ་པ་དང༌། །ཨ་ནོདྒ་པ་ལཀྵི་མ་ཀ་ར། །ས་མུ་དྲ་པ་བྱཱ་ལི་པ་ད་བཅས། །གྲུབ་ཆེན་བརྒྱད་ཅུ་རྩ་བཞིར་ཕྱག་འཚལ་ལོ། །ལྷག་པའི་ལྷ་དང་གྲུབ་པས་རྗེས་སུ་བཟུང༌། །དམ་པའི་རིགས་སད་ཆོས་ཉིད་བདེན་པ་གཟིགས། །མི་སློབ་ལམ་ལ་ཟུང་འཇུག་སྐུ་མཆོག་བརྙེས། །རྣལ་འབྱོར་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ལ། །མ་ལུས་ཞིང་རྡུལ་གྲངས་སྙེད་རབ་སྤྲུལ་ནས། །སྒོ་གསུམ་གུས་

p. 26

པ་ཆེན་པོས་ཕྱག་འཚལ་ལོ། །དེ་ནས་མཆོད་པ་འབུལ་བ་ལ་ཐོག་མར་ཆུ་གཉིས་དང་ཉེར་སྤྱོད་ལྔ་ནི། དྲི་མེད་རྣམ་དག་ཡིད་འོང་ལྷ་ཡི་རྫས། །ཡན་ལག་བརྒྱད་ལྡན་རྡོ་རྗེའི་ཨརྒྷཾ་རྒྱུན། །མཆོག་ཏུ་དད་པའི་ཡིད་ཀྱིས་བདག་འབུལ་ན། །ཅི་བདེ་བར་ནི་དགྱེས་པར་བཞེས་སུ་གསོལ། །ཨོཾ་ཨཱཿཧྲི་པྲ་ཝ་ར་སཏྐ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དྲི་མེད་རྣམ་དག་ཡིད་འོང་ལྷ་ཡི་རྫས། །ཞབས་ཀྱི་པདྨོའི་རྙོགས་སེལ་སྤོས་ཀྱི་ཆུ། །མཆོག་ཏུ་དད་པའི་ཡིད་ཀྱིས་བདག་འབུལ་ན། །ཅི་བདེ་བར་ནི་དགྱེས་པར་བཞེས་སུ་གསོལ། །སྔགས་གོང་ལྟར་ལ། ཨརྒྷཾ་མལ་དུ། པཱདྱཾ་སྦྱར། མདོག་བཟང་དབྱིབས་ལེགས་ཚིམ་པའི་དྲི་བསུང་ཅན། །མནྡ་ར་དང་ཨུཏྤལ་ཀུ་མུཏ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །བླ་མ་གྲུབ་ཐོབ་དཀྱིལ་འཁོར་ཚོགས་ལ་འབུལ། །ཨོཾ་གུ་རུ་བཛྲ་དྷཱ་ར་སརྦ་ཡོ་གི་ཤྭ་ར་དེ་བ་ཌཱ་ཀི་ནཱི་ས་པཱ་རི་ཝ་ར་བཛྲ་པུཥྤེ་པྲ་

p. 27

ཏཱིཙྪ་སྭཱ་ཧཱ། རྒྱུ་བཟང་མནམ་ན་ཞིམ་པའི་དྲི་ངད་ཅན། །ཨ་ཀ་རུ་དང་ཙནྡན་སྦྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །བླ་མ་གྲུབ་ཐོབ༴ བཛྲ་དྷཱུ་པེ༴ མུན་སེལ་དངོས་གྲུབ་གསལ་བའི་གཟི་བརྗིད་ཅན། །སྒྲོན་མེ་ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སྣང་གསལ་ཀུན། །བླ་མ་གྲུབ་ཐོབ༴ བཛྲ་ཨཱ་ལོ་ཀེ༴ དྲི་ཞིམ་བྱུགས་ན་བདེ་བའི་རེག་མཆོག་ཀུན། །ག་བུར་གླ་རྩི་མནམ་པའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་དྲི་མཆོག་ཀུན། །བླ་མ་གྲུབ་ཐོབ༴ བཛྲ་གནྡྷེ༴ མདོག་བཟང་མྱོང་ན་བདེ་བའི་རོ་བཅུད་ལྡན། །འབྲས་ཆེན་ཀ་ར་རྒྱ་བསྟར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །བླ་མ་གྲུབ་ཐོབ༴ བཛྲ་ནཻ་ཝི་དྱ༴ དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་དང་ཕེག་རྡོབ་རྒྱུད་མང་

p. 28

སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །བླ་མ་གྲུབ་ཐོབ༴ བཛྲ་ཤབྟ་ཞེས་སྦྱར། དེ་ནས་མཆོད་པའི་མཎྜལ་ཕྱི་ཞིང་ལག་ལེན་ཚུལ་ལྡན་བྱས་ལ་ཚོམ་བུ་སོ་བདུན་མ་སོགས་རྒྱས་བསྡུས་ཚར་གྲངས་གང་ལྕོགས་དང༌། རི་མཆོག་གསེར་གྱི་རི་དང་རོལ་མཚོ་བརྒྱད་ལྡན་ཁོར་ཡུག་བཅས། །གླིང་རྣམས་ལྷ་དང་མི་ཡི་འབྱོར་པ་ཀུན་གྱིས་རྣམ་པར་བརྒྱན། །གཟུགས་མཛེས་ཡན་ལག་མཆོག་ལྡན་ཟག་མེད་བདེ་སྟེར་ལྷ་མོས་སྤྲས། །སངས་རྒྱས་ཀུན་གྱི་རྣམ་དག་ཞིང་དུ་ཡོངས་སུ་བསྔོ་བར་བགྱི། །རབ་ཡངས་འབྱུང་བཞིའི་དཀྱིལ་འཁོར་བརྟན་པ་ལ། །བཀོད་ལེགས་རི་གླིང་ཁོར་ཡུག་རྒྱ་མཚོས་སྤྲས། །བརྟན་གཡོའི་དཔལ་གྱིས་ཕྱུར་བུར་གཏམས་པ་ཡི། །ཕུན་ཚོགས་འཇིག་རྟེན་ཁམས་ཀྱིས་བླ་མ་མཆོད། །སྣོད་ཀྱི་འཇིག་རྟེན་ས་ཕྱོགས་ཡིད་འོང་ན། །བཅུད་ཀྱི་སེམས་ཅན་མཆོད་པ་གང་བར་གནས། །བདག་པོས་

p. 29

བཟུང་དང་མ་བཟུང་དེ་དག་ཀུན། །བློ་ཡིས་བླངས་ནས་བླ་མའི་དཀྱིལ་འཁོར་མཆོད། །སྔགས་སྔ་མ་ལྟར་ལ། རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། དྲི་མེད་བཻ་ཌཱུའི་ས་གཞི་ཡངས་པ་ལ། །གསེར་དངུལ་རྩིག་པ་བ་གམ་དྲྭ་བ་ཅན། །རིན་ཆེན་ཀ་བས་བཏེགས་ཤིང་ཁྱོན་ཡངས་པ། །ཡིད་འོང་ཕོ་བྲང་གཞལ་མེད་དམ་པས་མཆོད། །བླ་བྲེ་རྒྱལ་མཚན་གདུགས་སོགས་སྟེང་ནས་མཛེས། །དར་དཔྱངས་ལྷབ་ལྷུབ་ཡོལ་བས་ལོགས་ནས་བརྒྱན། །ཁྲི་དང་གདན་སོགས་འོག་ནས་བརྗིད་གྱུར་པའི། །ཕུན་ཚོགས་ཉེར་མཁོའི་གཟིམ་ཆུང་ཀུན་གྱིས་མཆོད། །ཐར་པའི་རྒྱལ་མཚན་ཆོས་གོས་ངུར་སྨྲིག་དང༌། །སྲབ་འཇམ་ཡང་བའི་པཉྩ་ལི་ཀ་དང༌། །རྒྱུ་བཟང་དྲི་ཞིམ་ཀཱ་ཤིའི་རས་ལ་སོགས། །ཕུན་ཚོགས་ན་བཟའ་ཀུན་གྱིས་བླ་མ་མཆོད། །རིགས་ལྔའི་དབུ་རྒྱན་དར་གྱི་ཅོད་པན་དང༌། །

p. 30

མུ་ཏིག་དོ་ཤལ་ནོར་བུའི་ག་ཤ་དང༌། །རིན་ཆེན་ཕྲ་བཀོད་གསེར་གྱི་གདུ་བུ་སོགས། །ཕུན་ཚོགས་རྒྱན་མཆོད་ཀུན་གྱིས༴ བསོད་ནམས་དུ་མའི་དཔལ་ལས་གྲུབ་པའི་རྫས། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་དམག་དཔོན་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་ཀུན་གྱིས༴ ཉེ་བར་མཁོ་བ་འདོད་རྒུ་འབྱུང་བའི་རྫས། །ནགས་ཚལ་རལ་གྲི་ཁང་བཟང་མལ་སྟན་དང༌། །ལྷ་ཡི་གོས་དང་སྦྲུལ་གྱི་པགས་པ་ལྷམ། །ཉེ་བའི་སྣ་བདུན་ཀུན་གྱིས༴ སྐྱེ་དགུ་བདེ་ཞིང་དགེ་བར་བྱེད་པའི་རྫས། །རྩ་མཆོག་ὰརྦ་བིལ་ཝ་གི་ཝཾ་ཞོ། །མེ་ལོང་ལི་ཁྲི་ཡུངས་ཀར་གཡས་འཁྱིལ་དུང༌། །བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས༴ བསོད་ནམས་བརྒྱ་ལྡན་མཚན་བཟང་ལས་གྲུབ་པའི། །དཔལ་བེའུ་འཁོར་ལོ་པདྨ་རྒྱལ་མཚན་དང༌། །གདུགས་དང་བུམ་བཟང་དུང་དཀར་གསེར་ཉ་སྟེ། །བཀྲ་

p. 31

ཤིས་རྟགས་བརྒྱད་ཀུན་གྱིས༴ འདོད་འཇོའི་བ་མོ་དཔག་བསམ་ལྗོན་པའི་ཤིང༌། །མ་རྨོས་ལོ་ཏོག་ཡིད་བཞིན་ནོར་བུ་དང༌། །འཆི་མེད་བདུད་རྩི་རོ་བརྒྱའི་ཟས་ལ་སོགས། །ལོངས་སྤྱོད་ཕུན་ཚོགས་ཀུན་གྱིས་བླ་མ་མཆོད། །དཀོན་མཆོག་མཆོད་དང་སེམས་ཅན་དོན་བསྒྲུབ་ཕྱིར། །བསོད་ནམས་ལོངས་སྤྱོད་བཅས་པ་བདག་གི་ལུས། །སྐྱེས་མཆོག་ཁྱེད་ཀྱི་བྲན་དུ་ལེགས་ཕུལ་ནས། །ཇི་ལྟར་བསྒོ་བའི་དོན་ཀུན་བསྒྲུབ་བགྱིའོ། །ནང་མཆོད་འདོད་ཡོན་ལྔ་ནི། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན། །ཁ་དོག་དབྱིབས་ཀྱི་གཟུགས་སོགས་མཆོད་འོས་ཀུན། །རབ་མཛེས་གཟུགས་ཀྱི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྤྱན་ལ་འབུལ། །སྔགས་གོང་ལྟར་ལ། རཱུ་པ་ཀཱ་མ་གུ་ཎ་པཱུ་ཛ་ཨཱཿཧཱུྃ། རབ་འབྱམས༴ ཟིན་དང་མ་ཟིན་སྒྲ་མཆོག་མཆོད་འོས་ཀུན། །རབ་

p. 32

མཛེས་སྒྲ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྙན་ལ་འབུལ། །ཤཔྡ་ཀཱ་མ༴ རབ་འབྱམས༴ ལྷན་སྐྱེས་སྦྱར་བའི་དྲི་མཆོག་ཇི་སྙེད་ཀུན། །རབ་མཛེས་དྲི་ཡི་ལྷ་མོར༴ མགོན་པོ་སྒྲིབ་མེད་རྡོ་རྗེའི་ཤངས་ལ་འབུལ། །གནྡྷེ༴ རབ་འབྱམས༴ བཟའ་བཅའ་བཏུང་བའི་རོ་མཆོག་མཆོད་འོས་ཀུན། །རབ་མཛེས་རོ་ཡི་ལྷ་མོར༴ མགོན་པོ་སྒྲིབ་མེད་རྡོ་རྗེའི་ལྗགས་ལ་འབུལ། །རཱ་ས་ཀཱ་མ༴ རབ་འབྱམས༴ སེམས་ཅན་སེམས་ཅན་མིན་པའི་རེག་མཆོག་ཀུན། །རབ་མཛེས་རེག་བྱའི་ལྷ་མོར༴ མགོན་པོ་སྒྲིབ་མེད་རྡོ་རྗེའི་སྐུ་ལ་འབུལ། །སྤརྴེ་ཀཱ་མ༴ ཨོཾ་ཨཱཿཧཱུྃ། བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང༌། །བཅོས་པའི་མྱོས་བྱེད་

p. 33

རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། །སྔགས་གོང་ལྟར་ལ། པཉྩ་ཨ་མྲྀ་ཏ༴ གསང་མཆོད་རིག་མ་བཅུ་དྲུག་ནི། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་བ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་བྲོ་གར་མཁན། །མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེའི་རིག་མ་གདའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱེད་རྡོ་རྗེའི་ཡིད་དགེས་མཛོད། །རྡོ་རྗེ་པདྨར་བྱིན་བརླབས་ནས། །སྙོམས་འཇུག་འཕོ་མེད་བདེ་ཆེན་ཐོབ། །རང་བཞིན་སྣང་བ་ཡོངས་དག་པ། །ཞུ་བདེས་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། །སྔགས་མཐར། ཨ་ནུ་རཀྟོ་མ་ཧཱ་སུ་ཁ༴ དེ་ཁོ་ཉིད་ཀྱི་མཆོད་པ་ནི། འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་ལྟ་བ་དང༌། །ཐོས་པ་བྲག་ཆ་དང་

p. 34

ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང༌། །འདི་ལྟར་བཟའ་དང་བཏུང་བ་དག་ནི་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའ་མེ་ཏོག་མཚུངས་པར་མནམ་པ་དང༌། །ཡིད་ནི་ཉི་མ་ཟླ་བ་ལྟ་བུར་ཁྱབ་པ་ཉིད། །ཡང་དག་གནས་པ་དེ་ཡང་རི་བོ་མཆོག་ཏུ་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་བ་བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་དག་གིས་མཆོད། །དེ་ནས་བསྟོད་པ་རྒྱ་བོད་བླ་མ་རྣམས་ཀྱིས་མཛད་པ་ཁུངས་ལྡན་ཅི་རིགས་པ་དང༌། སྤྱི་བསྟོད་ནི། རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་པ་མེད། །ཕུན་ཚོགས་གསུང་དབྱངས་ཤེས་བྱ་མ་ལུས་ཁྱབ། །ཟབ་དང་རྒྱ་ཆེའི་དེ་ཉིད་མཁྱེན་པའི་

p. 35

ཐུགས། །རྡོ་རྗེ་གསུམ་དངོས་བླ་མའི་ཚོགས་ལ་བསྟོད། །ཉེས་པའི་སྐྱོན་ཀུན་རབ་སྤངས་ཤིང༌། །ལེགས་པའི་ཡོན་ཏན་ཀུན་ལྡན་པས། །ཕན་བདེ་དཔལ་འབྱོར་ཀུན་འབྱུང་བའི། །དཔལ་ལྡན་བླ་མ་ཁྱེད་ལ་བསྟོད། །གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཉིད། །འདྲེན་པའི་ཚུལ་དུ་རྣམ་འཕྲུལ་པའི། །དཔལ་ལྡན་བླ་མ་ཁྱེད་ལ་བསྟོད། ཁྱེད་སྐུ་ཤ་དང་རུས་བྲལ་ཡང༌། །ཡེ་ཤེས་གཟུགས་སུ་སྣང་བའི་སྐུ། །དད་པའི་མིག་རྐྱེན་མཆོག་གྱུར་པ། །སྐུ་ཡི་དབང་ཕྱུག་ཁྱེད་ལ་བསྟོད། །བརྗོད་འདོད་རྩོལ་བ་མི་མངའ་ཡང༌། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །ཟབ་དང་རྒྱ་ཆེའི་དོན་སྟོན་པ། །གསུང་གི་དབང་ཕྱུག་ཁྱེད་ལ་བསྟོད། །ཤེས་དང་ཤེས་བྱའི་སྤྲོས་བྲལ་ཡང༌། །ཤེས་བྱའི་དཀྱིལ་འཁོར་གསལ་བའི་ཐུགས། །སྙིང་རྗེ་གཟུངས་སྤོབས་

p. 36

དུ་མའི་གཏེར། །ཐུགས་རྗེའི་དབང་ཕྱུག་ཁྱེད་ལ་བསྟོད༌། །ཡོན་ཏན་ཆ་ཙམ་འགྲོ་ཀུན་གྱིས། །བསྐལ་པར་བརྗོད་ཀྱང་མི་ཟད་པའི། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ཡོན་ཏན་དབང་ཕྱུག་ཁྱེད་ལ་བསྟོད། །མཐོང་ཐོས་དྲན་པས་དོན་ལྡན་ན། །བསྟེན་ན་ཕྲོག་པ་ཅི་སྨོས་པ། །ལྷུན་གྲུབ་རྒྱུན་ཆད་མི་མངའ་བའི། །ཕྲིན་ལས་དབང་ཕྱུག་ཁྱེད་ལ་བསྟོད། །བདེ་དང་སྟོང་པ་དབྱེར་མེད་པས། །ཐབས་ཤེས་ཟུང་དུ་འཇུག་པའི་དངོས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འགྲོ་བའི་དཔལ་མགོན་ཁྱེད་ལ་བསྟོད། །ཁྱེད་སྐུའི་ཕུང་པོ་རིགས་ལྔ་སྟེ། །འབྱུང་བ་ཡུམ་ལྔའི་ལྷ་མོ་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་ཁྱེད་ལ་བསྟོད། །དབང་པོ་རྣམས་ནི་སེམས་དཔའ་སྟེ། །ཡུལ་དྲུག་སེམས་མའི་ཚོགས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་

p. 37

མགོན༴ ཡན་ལག་རྣམས་ནི་ཁྲོ་རྒྱལ་ཏེ། །བྱ་བ་རྣམ་བཅུའི་ཁྲོ་མོ་དང༌། ཟུང་འཇུག༴ འགྲོ་བའི༴ ཁྱེད་སྐུའི་ཁམས་རྣམས་དཔའ་བོ་སྟེ། །རྩ་གནས་དཔའ་མོའི་ཚོགས་རྣམས་དང༌། །ཟུང་འཇུག༴ འགྲོ་བའི༴ རྩ་བའི་རླུང་རྣམས་ཡབ་ལྔ་སྟེ། །འབྱུང་བ་ལྔ་ཡི་ཡུམ་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་གསུང༌། །འགྲོ་བའི་དཔལ༴ ཁྱོད་ཐུགས་ཡེ་ཤེས་རང་བཞིན་ཏེ། །སྣང་ཡུལ་ཆོས་ཀྱི་དབྱིངས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་ཐུགས། །འགྲོ་བའི་དཔལ་མགོན་ཁྱེད་ལ་བསྟོད། །དཀྱུས་སུ་དེ་ཙམ་གྱིས་འཐུས། ཅུང་ཟད་སྤྲོ་ན། ཆོས་ཀུན་དབྱིངས་སུ་མངོན་བྱང་ཆུབ། །བདེ་སྟོང་ཟུང་འཇུག་སྲིད་ཞིའི་དཔལ། །རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །རྒྱལ་སྲིད་སྤངས་ནས་གངྒཱའི་འགྲམ། །ཉ་ཡི་རྒྱུ་ལྟོས་འཚོ་བ་མཛད༌། །དངོས་གྲུབ་

p. 38

མཆོག་བརྙེས་ལཱུ་ཡི་པ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་འདུད། །རྒྱལ་རིགས་འདོད་ཡོན་ལྔ་ཡིས་སྒེག །དྲན་པ་གཅིག་པའི་ཏིང་འཛིན་གྱིས། །དངོས་གྲུབ་མཆོག་བརྙེས་ལཱི་ལ་པ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་འདུད། །ཕག་མོ་བསྒྲུབས་པས་དངོས་བྱིན་བརླབས། །ངོ་མཚར་རྫུ་འཕྲུལ་དུ་མ་བསྟན། །དངོས་གྲུབ་མཆོག་བརྙེས་བི་རཱུ་པ། །རྣལ་འབྱོར༴ དགྱེས་པ་རྡོ་རྗེ་དངོས་སུ་གྲུབ། །སྟག་ལ་ཆིབས་ནས་སྤྱོད་པ་སྤྱད། །དངོས་གྲུབ་མཆོག་བརྙེས་ཌོམྦི་པ། །རྣལ་འབྱོར༴ སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང༌། །ཡེ་ཤེས་སྐུ་ཡིས་འགྲོ་དོན་མཛད། །དངོས་གྲུབ་མཆོག་བརྙེས་ཤ་བ་རི། །རྣལ་འབྱོར༴ བྲམ་ཟེའི་རིགས་ལས་གཉིས་རྟོག་ཆོད། །ཕྱག་རྒྱ་ཆེན་པོ་མཐར་ཐུག་རྟོགས། །དངོས་གྲུབ་མཆོག་བརྙེས་ས་ར་ཧ། །རྣལ་འབྱོར༴ ཐ་མལ་ཆུང་མའི་རྣམ་རྟོག་ཉིད། །བདེ་སྟོང་འོད་

p. 39

གསལ་དབྱིངས་སུ་སྟོར། །དངོས་གྲུབ་མཆོག་བརྙེས་ཀཾ་ཀ་རི། །རྣལ་འབྱོར༴ ཉ་ལྟོར་འཇིག་རྟེན་མཆོག་ཐོབ་ཅིང༌། །རིམ་པར་ས་ལམ་ཡོན་ཏན་རྫོགས། །དངོས་གྲུབ་མཆོག་བརྙེས་མཱི་ན་པ། །རྣལ་འབྱོར༴ བ་ལང་སྐྱོང་བཞིན་གདམས་པས་གྲོལ། །སེམས་ཅན་ས་ཡ་གཏན་བདེར་བཀོད། །དངོས་གྲུབ་མཆོག་བརྙེས་གོ་རཀྵ། །རྣལ་འབྱོར༴ བསམ་དུ་མེད་པའི་གདམས་ངག་གིས། །ཡན་ལག་བཅད་པ་རང་སོར་ཆུད། །དངོས་གྲུབ་མཆོག་བརྙེས་ཙཽ་རིངྒ། །རྣལ་འབྱོར༴ པི་ཝཾ་སྒྲ་ལས་ཏིང་འཛིན་གྲུབ། །གྷ་ཧུའི་གྲོང་ཁྱེར་ཆོས་ལ་བཀོད། །དངོས་གྲུབ་མཆོག་བརྙེས་ཝཱི་ཎ་པ། །རྣལ་འབྱོར༴ མཁས་ཤིང་གྲུབ་པས་ཐུབ་བསྟན་སྐྱོང༌། །སློབ་མའི་གདམས་པས་བདེན་པ་གཟིགས། །དངོས་གྲུབ་མཆོག་བརྙེས་ཤཱནྟི་པ། །རྣལ་འབྱོར༴ ཐག་མཁན་རྒན་པོ་གཞོན་ནུའི་ལུས། །སནྡོའི་

p. 40

གྲོང་ཁྱེར་མཁའ་སྤྱོད་བཀོད། །དངོས་གྲུབ་མཆོག་བརྙེས་ཏནྟེ་པ། །རྣལ་འབྱོར༴ ལྷམ་བཟོས་སེམས་སྦྱོང་ཕྲུག་གཅིག་གིས། །དྲི་མ་ཀུན་དག་གནས་ལུགས་རྟོགས། །དངོས་གྲུབ་མཆོག་བརྙེས་ཙ་མ་རི། །རྣལ་འབྱོར༴ ཐུན་མོང་རལ་གྲིའི་གྲུབ་པ་ཐོབ། །སྒོ་གསུམ་འཁྲུལ་པའི་དྲི་མ་སངས། །དངོས་གྲུབ་མཆོག་བརྙེས་ཁཌྒ་པ། །རྣལ་འབྱོར༴ སངས་རྒྱས་གཉིས་པའི་མཛད་པ་སྐྱོང༌། །ཤིང་རྟ་ཆེན་པོའི་ལམ་སྲོལ་གཏོད། །དངོས་གྲུབ་མཆོག་བརྙེས་འཕགས་པ་ཀླུ། །རྣལ་འབྱོར༴ སུམ་སྟོང་འཁོར་བཅས་བརྟུལ་ཞུགས་སྤྱོད། །བར་དོར་མངོན་པར་བྱང་ཆུབ་པའི། །དངོས་གྲུབ་མཆོག་བརྙེས་ཀཧྞ་པ། །རྣལ་འབྱོར༴ མངལ་གྱིས་མ་གོས་བརྫུས་ཏེ་འཁྲུངས། །ཉོན་མོངས་དགྲ་བཅོམ་ཆོས་ཉིད་མཐོང༌། །དངོས་གྲུབ་མཆོག་བརྙེས་འཕགས་པ་ལྷ། །རྣལ་འབྱོར༴ རྫུན་སྨྲའི་གཉེན་པོར་རྫུན་བསྒོམས་

p. 41

པས། །སྣང་སྲིད་རྫུན་གྱི་ཆོས་སུ་རྟོགས། །དངོས་གྲུབ་མཆོག་བརྙེས་ཐ་ག་པ། །རྣལ་འབྱོར༴ གནས་ལྔ་མཐར་ཕྱིན་པཎྜི་ཏ། །དཀའ་བ་ཆེན་པོ་བཅུ་གཉིས་སྤྱད། །དངོས་གྲུབ་མཆོག་བརྙེས་ནཱ་རོ་པ། །རྣལ་འབྱོར༴ སྒྲ་ཀུན་སྤྱང་ཀིའི་སྐད་དུ་ནུབ། །འཇིགས་མེད་རང་གྲོལ་ཉམས་རྟོགས་ཤར། །དངོས་གྲུབ་མཆོག་བརྙེས་ཤྱ་ལི་པ། །རྣལ་འབྱོར༴ བཀའ་བཞི་བརྒྱུད་པས་བྱིན་གྱིས་བརླབས། །རྡོ་རྗེ་འཆང་གིས་རྗེས་སུ་བཟུང༌། །དངོས་གྲུབ་མཆོག་བརྙེས་ཏིལླི་པ། །རྣལ་འབྱོར༴ སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་བསྒོམས། །ལྔ་བརྒྱའི་འཁོར་བཅས་མཁའ་སྤྱོད་གཤེགས། །དངོས་གྲུབ་མཆོག་བརྙེས་ཙ་ཏྲ་པ། །རྣལ་འབྱོར༴ ལྟ་སྒོམ་སྤྱོད་པའི་བརྡ་དོན་རྟོགས། །སྣང་སྲིད་འཁྲུལ་པའི་གཟུགས་བརྙན་མཐོང༌། །དངོས་གྲུབ་མཆོག་བརྙེས་བྷ་དྲ་པ། །རྣལ་འབྱོར༴ ཕྱགས་དར་

p. 42

ཁྲོད་ཀྱི་ཚེམ་དྲུབ་དང༌། །ལྷ་སྔགས་དབྱེར་མེད་ཆོས་སྐུར་རྟོགས། །དངོས་གྲུབ་མཆོག་བརྙེས་དྷཱུ་ཁནྡྷི། །རྣལ་འབྱོར༴ སྟེང་སྒོའི་སྣ་རྩེར་གསལ་སྣང་ཐོབ། །མཚན་འཛིན་ཆོས་ཉིད་ངང་དུ་སྟོར། །དངོས་གྲུབ་མཆོག་བརྙེས་ཨ་ཛོ་གི། །རྣལ་འབྱོར༴ གཟུགས་མཛེས་བསྐྱེད་རྫོགས་དོན་ལ་སྦྱངས། །ཤུགས་འབྱུང་ལྷུག་པའི་སྤྱོད་པ་སྤྱད། །དངོས་གྲུབ་མཆོག་བརྙེས་ཀ་ལ་བ། །རྣལ་འབྱོར༴ ཆུ་དང་ཏིང་འཛིན་ལྷན་ཅིག་པའི། །ཁྲུས་ཀྱིས་སྒྲིབ་གཉིས་རྩད་ནས་དག །དངོས་གྲུབ་མཆོག་བརྙེས་དྷུ་པི་པ། །རྣལ་འབྱོར༴ ཕྱག་གདུབ་སེམས་ཟིན་ལྔ་བརྒྱའི་ལོར། །བློན་འབངས་འཁོར་བཅས་མཁའ་སྤྱོད་གྲུབ། །དངོས་གྲུབ་མཆོག་བརྙེས་ཀངྐ་ན། །རྣལ་འབྱོར༴ ཡུམ་གྱི་གདམས་པས་རང་རྒྱུད་གྲོལ། །ཕྲ་མན་མང་བཏུལ་ལྭ་བ་གསོལ། །དངོས་གྲུབ་མཆོག་མཉེས་ཀམྦ་ལ། །རྣལ་འབྱོར༴ འབྲས་

p. 43

བརྡུངས་ལས་ཀྱི་རྟོག་པ་སྦྱངས། །བདུན་བརྒྱའི་འཁོར་བཅས་མཁའ་སྤྱོད་གྲུབ། །དངོས་གྲུབ་མཆོག་བརྙེས་ཌིངྒི་པ། །རྣལ་འབྱོར༴ ཚད་མེད་བཞི་ཡི་ལྟ་སྒོམ་སྤྱད། །བཞི་བརྒྱའི་འཁོར་བཅས་མཁའ་སྤྱོད་གཤེགས། །དངོས་གྲུབ་མཆོག་བརྙེས་བནྡྷེ་པ། །རྣལ་འབྱོར༴ ཆོ་ལོས་ནོར་རྫས་ཟད་པའི་དཔེས། །ཁམས་གསུམ་རྣམ་རྟོག་དབྱིངས་སུ་ཟད། །དངོས་གྲུབ་མཆོག་བརྙེས་ཏནྟེ་པ། །རྣལ་འབྱོར༴ མངོན་ཤེས་ལྡན་ཞིང་ལྷ་ཡིས་མཆོད། །ཌཱ་ཀི་ཁྱི་གུའི་གཟུགས་ཅན་བསྟེན། །དངོས་གྲུབ་མཆོག་བརྙེས་ཀུ་ཀུ་རི། །རྣལ་འབྱོར༴ ལྦ་བ་ཡོད་མེད་རྟོག་པ་ཡི། །མཐའ་གཉིས་སྤངས་པས་མཐའ་བྲལ་རྟོགས། །དངོས་གྲུབ་མཆོག་བརྙེས་མ་ཧི་པ། །རྣལ་འབྱོར༴ ཐོས་པ་འཛིན་ལ་རབ་བརྩོན་ནས། །དུ་མ་རོ་གཅིག་རྟོགས་པ་སྐྱེས། །དངོས་གྲུབ་མཆོག་བརྙེས་དྷ་མ་པ། །རྣལ་འབྱོར༴

p. 44

སྟོབས་པོ་ཆེ་ཡི་བརྒྱ་ལ་ཉིད། །དངོས་མེད་སྟོབས་ལྡན་གདམས་པས་བཅོམ། །དངོས་གྲུབ་མཆོག་བརྙེས་མ་ཧི་པ། །རྣལ་འབྱོར༴ ནོར་རྫས་འདོད་པའི་རྟོག་པ་ཀུན། །རྟོག་མེད་ནམ་མཁའི་ངང་དུ་ནུབ། །དངོས་གྲུབ་མཆོག་བརྙེས་ཨཱ་ཙིནྟ། །རྣལ་འབྱོར༴ རྩ་རླུང་ཐིག་ལེའི་རྣལ་འབྱོར་ལས། །འཕོ་མེད་བདེ་ཆེན་རོ་ཡིས་མྱོས། །དངོས་གྲུབ་མཆོག་བརྙེས་བ་བྷ་ཧི། །རྣལ་འབྱོར༴ པད་རྩལ་འཚོ་ཞིང་ཞུ་བདེའི་ལམ། །མཐར་ཕྱིན་འཁྲུལ་པའི་དྲི་མ་སངས། །དངོས་གྲུབ་མཆོག་བརྙེས་ནཱི་ལི་ནཱ། །རྣལ་འབྱོར༴ བྷུ་སུ་ཀུ་ཡི་བརྟུལ་ཞུགས་བསྐྱངས། །སྤྱོད་འཇུག་གསུངས་ཤིང་མཁའ་ལ་གཤེགས། །དངོས་གྲུབ་མཆོག་བརྙེས་ཞི་བ་ལྷ། །རྣལ་འབྱོར༴ བཙུན་མོ་ལྔ་བརྒྱའི་འཁོར་དང་བཅས། །འདོད་ཡོན་མ་སྤངས་ཆོས་ཉིད་རྒྱན། །གྲུབ་བརྙེས་ཨིནྡྲ་བོ་དྷི་ཆེ། །རྣལ་འབྱོར༴ གཉུག་མའི་དོན་རྟོགས་

p. 45

དུར་ཁྲོད་ཉུལ། །སྨྱོན་པའི་སྤྱོད་པས་འཇིགས་འཇིགས་ལྟ། །དངོས་གྲུབ་མཆོག་བརྙེས་མེ་ཀི་པ། །རྣལ་འབྱོར༴ སེམས་ཀྱི་རི་བོ་རང་རིག་པའི། །རྟོག་ཙེས་རྒྱུན་ཆད་མེད་པར་བརྐོས། །དངོས་གྲུབ་མཆོག་བརྙེས་ཀོ་ཊ་ལི། །རྣལ་འབྱོར༴ མགར་གྱི་བཟོ་ཡིས་རང་རྒྱུད་ཀྱི། །རྣམ་རྟོག་ཉོན་མོངས་མཐའ་དག་སྦྱངས། །དངོས་གྲུབ་མཆོག་བརྙེས་ཀམྦྷ་རི། །རྣལ་འབྱོར༴ ཡེ་ཤེས་མཁའ་འགྲོས་སྨིན་གྲོལ་རྩལ། །གྲུབ་མཆོག་ཀུན་གྱི་འདྲེན་པ་མཛད། །གྲུབ་བརྙེས་ཛ་ལནྡྷ་ར་པ། །རྣལ་འབྱོར༴ གཉིས་མེད་རྟོགས་པའི་སྒྲ་གཅན་གྱིས། །གཉིས་འཛིན་ཟླ་བ་དབྱིངས་སུ་ཟོས། །དངོས་གྲུབ་མཆོག་བརྙེས་རཱ་ཧུ་ལ། །རྣལ་འབྱོར༴ མཁས་པ་སྨྲ་བ་གཙོར་མཛད་ནས། །རྒས་ཚེ་བསྒོམས་པས་ཡེ་ཤེས་ཤར། །དངོས་གྲུབ་མཆོག་བརྙེས་དྷརྨ་པ། །རྣལ་འབྱོར༴ སྟོང་པ་ཉིད་ཀྱི་སྣོད་ཁུར་ནས། །

p. 46

བདེ་ཆེན་འབྲས་བུ་རྟག་ཏུ་སློང༌། །དངོས་གྲུབ་མཆོག་བརྙེས་དྷོ་ཀ་རི། །རྣལ་འབྱོར༴ ཞིང་པའི་ལས་ཀྱིས་རྣམ་རྟོག་སྦྱངས། །ནམ་མཁར་འཕགས་ཏེ་འགྲོ་མང་སྒྲོལ། །དངོས་གྲུབ་མཆོག་བརྙེས་མེ་དྷི་ནི། །རྣལ་འབྱོར༴ པད་སྐྱེས་འཕགས་པའི་གདམས་པ་མནོས། །ཞག་བདུན་བསྒོམས་པས་འཆིང་ལས་གྲོལ། །དངོས་གྲུབ་མཆོག་བརྙེས་སངྐ་ཛ། །རྣལ་འབྱོར༴ ཕོ་ཉའི་ལམ་གྱིས་བདེ་ཆེན་གྲུབ། །འཁོར་ལོ་སྡོམ་པའི་སྐུ་རུ་བཞེངས། །དངོས་གྲུབ་མཆོག་བརྙེས་དྲིལ་བུ་པ། །རྣལ་འབྱོར༴ གནས་ཆེན་ཉེར་བཞིར་སྒྲུབ་པ་མཛད། །བཅུ་གཉིས་ལོ་རུ་དྲི་མ་དག །དངོས་གྲུབ་མཆོག་བརྙེས་ཛོ་ཀི་པ། །རྣལ་འབྱོར༴ སྣང་སྲིད་ལུས་ངག་ཡིད་གསུམ་སྡུད། །ལཱ་ལ་རཱ་ས་དྷཱུ་ཏིར་ཆུད། །དངོས་གྲུབ་མཆོག་བརྙེས་ཙ་ལུ་ཀི །རྣལ་འབྱོར༴ སྒྲ་ཀུན་འདབ་ཆགས་སྒོར་སྦྱངས་པས། །གྲག་སྟོང་དབྱེར་མེད་ཆོས་

p. 47

ཉིད་རྟོགས། །དངོས་གྲུབ་མཆོག་བརྙེས་གོ་རུ་ར། །རྣལ་འབྱོར༴ འཁོར་བར་བློ་ལོག་རིམ་གཉིས་བསྒོམས། །སྲིད་ཞི་མཉམ་ཉིད་ཆེན་པོར་གཟིགས། །དངོས་གྲུབ་མཆོག་བརྙེས་ལུ་ཙི་ག །རྣལ་འབྱོར༴ ཉལ་བཞིན་སྣང་སྟོང་ཟུང་འཇུག་བསྒོམས། །འཁྲུལ་པའི་རྒྱ་གྲོལ་མཁའ་སྤྱོད་གཤེགས། །དངོས་གྲུབ་མཆོག་བརྙེས་ན་གུ་ཎ། །རྣལ་འབྱོར༴ གཏོར་མས་འདབ་ཆགས་ཀུན་ཚིམས་མཛད། །གསང་སྟེ་ནང་གི་རྣལ་འབྱོར་བརྩོན། །གྲུབ་བརྙེས་ཛ་ཡ་ནནྟི་པ། །རྣལ་འབྱོར༴ དབུལ་པོས་འཕགས་པའི་སྤྲུལ་པ་ལ། །ཁུར་བ་ཕུལ་བས་རྗེས་སུ་བཟུང༌། །དངོས་གྲུབ་མཆོག་བརྙེས་ཙ་པ་རི། །རྣལ་འབྱོར༴ མེ་ཏོག་རྟོག་པ་ལམ་ཁྱེར་གྱིས། །ཆོས་ཀུན་མཉམ་པ་ཉིད་དུ་གྲོལ། །དངོས་གྲུབ་མཆོག་བརྙེས་ཙམྤ་ཀ །རྣལ་འབྱོར༴ ཡེ་ཤེས་མཁའ་འགྲོར་ཚེམས་ཕུལ་བས། །སྣང་སྟོང་ཟུང་

p. 48

འཇུག་གདམས་པས་གྲོལ། །དངོས་གྲུབ་མཆོག་བརྙེས་བྷི་ཀྵ་ཎ། །རྣལ་འབྱོར༴ སྣུམ་ཚོང་འབྱོར་པའི་དཔལ་ལ་བརྟེན། །མཚན་མ་རང་གྲོལ་རྟོགས་པ་ཐོབ། །དངོས་གྲུབ་མཆོག་བརྙེས་མེ་དྷི་ལི། །རྣལ་འབྱོར༴ རྫ་མའི་ལས་ཀྱི་རྟོག་པ་དང༌། །མི་རྟོག་ཡེ་ཤེས་གཉིས་མེད་འདྲེས། །དངོས་གྲུབ་མཆོག་བརྙེས་ཀུམྦྷ་རི། །རྣལ་འབྱོར༴ བཅུད་ལེན་གྲུབ་པས་སྐྱེ་བོ་རྣམས། །དོན་ཆེན་པོ་ལ་ཡུད་ཀྱིས་འགོད། །དངོས་གྲུབ་མཆོག་བརྙེས་ཙརྦ་ཊི། །རྣལ་འབྱོར༴ གྲུབ་ཐོབ་གདམས་པས་རྒྱུད་སྨིན་ཅིང༌། །རྫ་མ་ཆག་པས་རང་བཞིན་གྲོལ། །གྲུབ་བརྙེས་མ་ཎི་བྷ་དྲ་ཞེས། །རྣལ་འབྱོར་དབང་མོའི་ཞབས་ལ་འདུད། །ཁྱིམ་བདག་བུ་མོས་གདམས་པས་གྲོལ། །དབུ་བཅད་སླར་ལ་འབྱོར་བར་མཛད། །དངོས་གྲུབ་མཆོག་བརྙེས་མེ་ཁ་ལི། །རྣལ་འབྱོར་དབང་མོའི༴ ནག་པོ་སྤྱོད་པས་རྗེས་སུ་བཟུང༌། །

p. 49

སྤྲོས་བཅད་བརྡའ་དོན་བླ་མར་ཕུལ། །གྲུབ་བརྙེས་ཀ་ན་ཁ་ལ་ཞེས། །རྣལ་འབྱོར་དབང་མོའི༴ སྒྲ་རྟོག་ནམ་མཁའི་དབྱིངས་སུ་སྟོར། །སྣང་གྲག་ཕྱག་རྒྱ་ཆེན་པོར་ཤར། །གྲུབ་བརྙེས་ཀ་ལ་ཀ་ལ་པ། །རྣལ་འབྱོར༴ ཚོམ་བུ་ཕྱི་དང་ནང་བསྲེས་པས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྟོགས། །དངོས་གྲུབ་མཆོག་བརྙེས་ཀནྟ་ལི། །རྣལ་འབྱོར༴ ཀུན་བརྟག་གཞན་དབང་རྩྭ་ཐག་ཉིད། །དངོས་གྲུབ་ངོ་བོ་གཉིས་མེད་རྟོགས། །དངོས་གྲུབ་མཆོག་བརྙེས་དྷ་ཧུ་ལི། །རྣལ་འབྱོར༴ གནས་ཆེན་ཉེར་བཞིར་སྨན་མཆོག་བཙལ། །མཁའ་ལ་འཕུར་བའི་རྫུ་འཕྲུལ་ཐོབ། །དངོས་གྲུབ་མཆོག་བརྙེས་ཨུ་དྷི་ལི། །རྣལ་འབྱོར༴ ཆུང་མའི་ཐོད་པས་ཕོར་སྣོད་དང༌། །བུ་ཚའི་རུས་པས་རྒྱན་དྲུག་བྱས། །དངོས་གྲུབ་མཆོག་བརྙེས་ཀ་པཱ་ལ། །རྣལ་འབྱོར༴ རྒྱལ་སྲིད་དཔུང་གི་བཀོད་པ་ལ། །བརྟེན་ནས་

p. 50

ལམ་གྱི་མངོན་རྟོགས་འབྱོངས། །གྲུབ་བརྙེས་ཀི་ར་བ་ལ་པ། །རྣལ་འབྱོར༴ འཕགས་པས་དབང་བསྩལ་གདམས་པས་གྲོལ། །འདོད་རྒུའི་ཆར་པས་རྒུད་པ་སྐྱབས། །དངོས་གྲུབ་མཆོག་བརྙེས་ས་ཀ་ར། །རྣལ་འབྱོར༴ སྣང་སྲིད་བཟའ་དང་བཏུང་བར་སྤྱད། །ཉི་ཟླ་གཉིས་ཀྱང་འཇིགས་ནས་བྲོས། །གྲུབ་བརྙེས་སརྦ་བྷཀྵ་པ། །རྣལ་འབྱོར༴ དཔལ་གྱི་རི་ལ་རྟག་ཏུ་བཞུགས། །འགྲོ་ལ་གྲུབ་ཆེན་བརྒྱད་པོ་སྩལ། །དངོས་གྲུབ་མཆོག་བརྙེས་ཀླུའི་བྱང་ཆུབ། །རྣལ་འབྱོར༴ བླ་མའི་རྗེས་བསྙགས་རྒྱལ་སྲིད་དོར། །གཟུགས་འཚོང་མ་ཡི་ཁོལ་པོ་མཛད། །དངོས་གྲུབ་མཆོག་བརྙེས་དཱ་རི་ཀ །རྣལ་འབྱོར༴ དགྱེས་རྡོར་བྲིས་སྐུས་ཏིང་འཛིན་ཐོབ། །ལྷ་དང་འབྱུང་པོ་བླ་འོག་བརྗེས། །དངོས་གྲུབ་མཆོག་བརྙེས་སུ་ཏ་ལི། །རྣལ་འབྱོར༴ མཆིལ་ལྷམ་སྒྲར་བཅས་རྒྱུག་པ་ལ། །མངོན་ཞེན་ལམ་ཁྱེར་

p. 51

གདམས་པས་གྲོལ། །དགོས་གྲུབ་མཆོག་བརྙེས་པ་ན་ཧ། །རྣལ་འབྱོར༴ སྐྱེད་ཚལ་ཁུ་བྱུག་སྒྲ་ལ་བརྟེན། །ཀུན་རྟོག་ཡེ་ཤེས་ཆེན་པོར་ཤར། །དངོས་གྲུབ་མཆོག་བརྙེས་ཀོ་ཀི་ལ། །རྣལ་འབྱོར༴ རང་གཟུགས་མཛེས་པའི་ང་རྒྱལ་ཅན། །ཚོགས་དྲུག་རང་གྲོལ་ལམ་དུ་ལོངས། །དངོས་གྲུབ་མཆོག་བརྙེས་ཨ་ནངྒ། །རྣལ་འབྱོར༴ རྒྱལ་ཆེན་རིགས་འཁྲུངས་ངེས་འབྱུང་བློས། །སྨྱོན་པའི་སྤྱོད་པས་ལམ་མཆོག་འབྱོངས། །གྲུབ་བརྙེས་ལཀྵི་མ་ཀ་ར། །རྣལ་འབྱོར་དབང་མོའི་ཞབས་ལ་འདུད། །ཕྱི་ནང་ཚད་མེད་དགའ་བ་བཞིས། །འཇིག་རྟེན་ཆོས་བརྒྱད་འཁྲུལ་པ་ཞིག །དངོས་གྲུབ་མཆོག་བརྙེས་ས་མུ་དྲ། །རྣལ་འབྱོར༴ དངུལ་ཆུའི་བཅུད་ལེན་ལ་བརྟེན་ནས། །འཁོར་བཅས་འཆི་མེད་ལུས་སུ་གྱུར། །དངོས་གྲུབ་མཆོག་བརྙེས་བྱཱ་ལི་པ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་འདུད། །

p. 52

གུས་པས་བསྟོད་པ་ཕུལ་བའི་མཐུས། །ལས་དང་བག་ཆགས་དྲི་མ་སངས། །རྣམ་གྲོལ་དུས་མཉམ་ཡེ་ཤེས་རྒྱས། །གྲུབ་མཆོག་ཁྱེད་དང་མཚུངས་པར་ཤོག ། ཅེས་པས་བསྟོད། དེ་ནས་གསོལ་བ་གདབ་པ་ནི། གྲུབ་ཆེན་རེ་རེའམ་སྤྱི་བསྡུས་ཀྱི་གསོལ་འདེབས་གཞན་ནས་འབྱུང་བ་ཇི་ལྟར་རིགས་པ་འདིར་སྦྱར། རྡོ་རྗེ་འཆང་ཆེན་ལཱུ་ཡི་ལཱི་པ་ལ། །སོགས་གོང་གི་ཕྱག་འཚལ་གྱི་ཆོག་མཐའ། མཱ་ན་གོ་རཀྵ་ལ་གསོལ་བ་འདེབས། །ཞེས་བསྒྱུར་བ་དང་། གཤམ་གྱི་ཤོ་ལོ་ཀ་གཅིག་པོ་བཞག་ནས། བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང༌། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །གྲུབ་མཆོག་རྣལ་འབྱོར་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཞེས་བརྗོད། བླ་མ་རྒྱང་འབོད་རྒྱས་བསྡུས་གང་བདེ་སྐབས་འདིར་སྦྱོར་ནའང་ཆོག །དེ་ནས་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །སྒོ་གསུམ་སྒོ་ནས་རང་

p. 53

བཞིན་བཅས་པའི་སྡིག །བགྱིས་དང་བགྱིད་སྩལ་ཡི་རངས་བགྱིས་པ་ཀུན། །གནོང་འགྱོད་སྡོམ་པའི་སེམས་ཀྱིས་མཐོལ་ཞིང་བཤགས། །ཁྱད་པར་རྡོ་རྗེ་ཐེག་པའི་ལྟ་སྤྱོད་ལ། །ཤེས་བརྩོན་དམན་པས་ཇི་བཞིན་སྒྲུབ་མ་ནུས། །ཐེ་ཚོམ་སེལ་ཞུགས་མ་ཚོར་དམ་ལས་ཉམས། །གསང་སྔགས་འཆོལ་བར་གྱུར་སོགས་སྙིང་ནས་བཤགས། །སྐྱེས་མཆོག་སྲས་དང་བཅས་པའི་རྣམ་ཐར་དང༌། །གཞན་ཡང་འགྲོ་ཀུན་སྒོ་གསུམ་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་ད་ལྟ་མཛད་རྣམས་ལ། །རབ་ཏུ་དགའ་བའི་ཡིད་ཀྱིས་ཡི་རང་ངོ༌། །སྔགས་དང་འབྲེལ་བའི་ལེགས་སྤྱད་ཕྲ་མོ་ཡང༌། །རླབས་ཆེན་དགེ་བས་བསོད་ནམས་ཆར་མི་ཉེ། །དེས་ན་གསང་བ་ཆེན་པོའི་ཕྱོགས་བསླབ་པའི། །རྨད་བྱུང་དགེ་ལ་ལྷག་པར་རྗེས་ཡི་རང༌། །འགྲོ་ཀུན་ཕན་ཅིང་དགེ་བར་བགྱིད་པའི་སླད། །ཆོས་ཀྱི་

p. 54

རྒྱལ་པོ་སྲས་དང་བཅས་རྣམས་ཀྱིས། །གང་ལ་གང་འདུལ་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་དུ་གསོལ། །བཟོད་དཀའ་སྲིད་པའི་འཁྲུལ་འཁོར་རྒྱུན་རིང་བ། །མྱུར་དུ་གཅོད་ནས་མ་གྱུར་ལུས་ཅན་རྣམས། །གཏན་བདེར་འགོད་བྱེད་རྡོ་རྗེ་ནཱ་དའི་དབྱངས། །ཕྱོགས་དུས་རིས་སུ་མ་ཆད་སྒྲོགས་པར་མཛོད། །ཆོས་ཀྱི་སྐུ་ལ་འཇིག་པ་མི་མངའ་ཡང༌། །གཟུགས་སྐུ་ཞིང་གཞན་དོན་ལ་མི་གཤེགས་པར། །མགོན་མེད་སྙིགས་མའི་འགྲོ་ལ་རྗེས་བརྩེ་བས། །མྱ་ངན་མི་འདའ་ཡུན་རིང་བཞུགས་པར་འཚལ། །མཁའ་སྤྱོད་ཞིང་བཟང་བསྟེན་པའི་སྐལ་མེད་པ། །འཇིག་རྟེན་འདིར་གནས་ལུས་ཅན་ཡོངས་ཀྱི་མགོན། །རྡོ་རྗེ་ཐེག་པ་སྟོན་པའི་སློབ་དཔོན་དུ། །སྤྲུལ་ནས་ཐུབ་བསྟན་ཇི་སྲིད་རྟག་བཞུགས་གསོལ། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་དོན་དུ། །སྐྱབས་མཆོག་ཁྱེད་ལ་རྟག་

p. 55

པར་སྐྱབས་མཆི་ཞིང༌། །ཐུན་མོང་ཁྱད་པར་དམ་ཚིག་སྡོམ་པ་རྣམས། །དེང་ནས་བླངས་ཏེ་ཚུལ་བཞིན་བསྒྲུབ་པར་བགྱིའོ། །འདིས་མཚོན་ཟག་བཅས་ཟག་མེད་དགེ་བའི་མཐུས། །འགྲོ་ཀུན་སྲིད་པའི་འཆིང་བ་ཀུན་ལས་གྲོལ། །བླ་མ་གྲུབ་ཐོབ་ཚོགས་ཀྱིས་རྗེས་བཟུང་ནས། །ཚེ་གཅིག་མི་སློབ་ལམ་མཆོག་མཐར་ཕྱིན་ཤོག །བདག་གིས་དུས་གསུམ་དགེ་བ་ཅི་སྤྱོད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་བཟང་རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག །དེ་ནས་ཚོགས་མཆོད་འབུལ་བ་ནི། དམ་ཚིག་གི་རྫས་སུ་འོས་པའི་བཟའ་བཅའ་བཏུང་བའི་རིགས་ཅི་འབྱོར་པ་བཤམ། ནང་མཆོད་བདུད་རྩིས་བྲན། ཨོཾ་སུམྦྷ་ནིས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། ཚོགས་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡྃ་ལས་རླུང༌།

p. 56

རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། ན་མོ། ཐབས་དང་ཤེས་རབ་ནས་རྒྱས་བཏབ་པ་འདི་ཉིད་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སོགས། ན་མོ། ཐབས་དང་ཤེས་རབ་ནས་འདི་ཉིད་ཕྲིན་ལས་ཀྱི་རྩ་བ་མཁའ་

p. 57

འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་སོགས། ན་མོ། ཐབས་དང་ཤེས་རབ་ནས་འདི་ཉིད་དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེའི་སྤུན་གྲོགས་རྣམས་ཀྱི་ཞལ་དུ་སོགས། སླར་ཡང་བྱིན་འབེབས་ནི། དབྱིངས་བདེ་གསལ་མི་རྟོག་ཕོ་བྲང་ཆེར། །རྗེ་རྡོ་རྗེ་འཆང་ཆེན་འགྲོ་བའི་མགོན། །དེ་རང་ལ་སྣང་བ་སྐྱབས་ཀྱི་གཙོ། །ཕ་དྲིན་ཆེན་རྩ་བའི་བླ་མ་ཡང༌། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབས་ལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཆུགས། །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་ཤཱི་ཏི་སིདྡྷི་ལབྡྷ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ། ཡུལ་དབུས་འགྱུར་མ་ག་དྷ་ཡི་ཆར། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་

p. 58

དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་ཤར་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་ལྷོ་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་

p. 59

གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་ནུབ་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡུལ་རྒྱ་གར་བྱང་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་

p. 60

འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། རིགས་རྒྱལ་རིགས་བྲམ་ཟེ་རྗེའུ་རིགས། །འབངས་དམངས་རིགས་ཕལ་པར་སྐུ་འཁྲུངས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཡབ་རྣལ་འབྱོར་དབང་པོ་མཐའ་ཡས་ཀྱི། །མ་ལྷན་ཅིག་སྤྱོད་པ་གསང་བའི་ཡུམ། །སྲིང་དགའ་བཞིའི་ཉམས་སྟེར་ཐམས་ཅད་ཀྱང༌། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་

p. 61

མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ་དང༌། །མོ་རྟོགས་ཤིང་གྲོལ་བའི་སྲིང་མོ་བཞི། །རྗེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཙ་ཏུ་རཱ་སོགས། སྟུག་པོའི་ཞིང་ཁམས་འཇིགས་མེད་པར། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །རྡོ་རྗེ་གཏུམ་པོ་མི་གཡོ་མགོན། །བཅོམ་ལྡན་ཧེ་རུ་ཀ་དཔལ་ཡང༌། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་ཨ་ཨཱ། མི་གཡོ་འོག་མིན་ཉམས་

p. 62

དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་གནས། །རྒྱལ་བ་དགྱེས་པའི་བདེ་སྐྱེད་ཡུམ། །རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་ཨ་ཨཱ། བདུད་ཚོགས་ཀུན་འདུལ་ཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ན། བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །དཔལ་ལྡན་མགོན་པོ་ལྕམ་དྲལ་ཡང༌། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས། །འདིར་གཤེགས་ཚོགས་ཀྱི༴ གནས་ཁང་འདི་ལ༴ ཚོགས་གཏོར་འདི་ལ༴ འདིར་འདུས་རྣལ་འབྱོར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་བེ་ཤ་ཡ་ཨ་ཨཱ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །

p. 63

རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་སི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བརྗོད་ལ་བར་མཚམས་རྣམས་སུ་ཌཱ་དྲིལ་སོགས་རོལ་མོས་བསྐུལ། དེ་ནས་ལས་ཀྱི་རྡོ་རྗེས་ལག་གཡོན་ཐོད་པ་བདུད་རྩིས་གང་བ་བཟུང༌། གཡས་རྩེ་གསུམ་ཕྱག་རྒྱས་སྟེང་འོག་ཁ་སྦྱོར་དུ་བཟུང་སྟེ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་

p. 64

མེད། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁ། ཚོགས་ཀྱི་གཙོ་བོ་ནས་བརྩམས་ཏེ་བསྐོར། དེ་དག་གིས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁ། ཞེས་བླངས་ལ། ཚོགས་ཕུད་འབུལ་བ་ནི། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་བླ་མའི་ལྷ་ཚོགས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་གིས། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཙ་ཏུ་རཱ་ཤཱི་ཏི་སིདྡྷི་ལབྡྷ་བུདྡྷ་བོདྡྷི་ས་ཏྭ་ཝཱི་ར་ཌཱ་ཀི་ནི་ས་པཱ་རི་ཝ་རེ་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལིངྟ་སྭཱཧཱ། ཞེས་པའམ། ཨོཾ་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་བླ་མ་གྲུབ་ཐོབ་འཁོར་བཅས་ལ་འབུལ།

p. 65

ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཡོ་གི་ནི་ས་པཱ་རི་ཝ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཡི་དམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་སོགས་ནས་མཱ་ར་ཡ་ཧཱུྃ་ཕཊ་ཀྱིས་མགོན་པོ་ཆོས་སྐྱོང་ཚོགས་ལ་འབུལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཁ་ཁ་སོགས་མཁའ་འགྲོ་སྤྱི་གཏོར་ལྟར་གྱིས་མགྲོན་གཞན་རྣམས་ལ་འབུལ། ནང་མཆོད་ཐོགས་ལ། ཨོཾ་མཆོད་དོ། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་པ་རྣམས་ཀྱིས་འབུལ། ནང་གི་བསྲེག་བླུགས་ཀྱི་ཚུལ་གྱིས་ཚོགས་ལ་ལོངས་སྤྱད། ལྷག་མ་བསྡུས་ལ་ལམ་སྒྲོན་བཙུག །བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་

p. 66

ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཨ་ཀཱ་རོ་ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་བལྟ་བ་ལ་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཨོཾ་ཨུཙྪིཥྚ་བ་ལིང་ཏ་བྷཀྵ་སི་སྭཱཧཱ། ཞེས་པས་ཕྱི་རོལ་དུ་བཏང་ལ་དྲག་སྔགས་སོགས་ཀྱིས་མཚམས་བཅད། དེ་ནས་རྡོ་རྗེའི་གླུ་བླང་བ་ནི། ཀོལླ་ཨི་རེཊྛ་ཨ་བོལླ། །མ་མྨུ་ཎི་རི་ཀཀྐོ་ལ། །གྷ་ཎ་ཀྲི་པ་ཏ་ཧོ་བཛྫ་ཨི། །ཀ་རུ་ཎི་ཀི་ཨ་ཨ་ཎི་རོ་ལཱ། །ཏཱ་ཧིཾ་བ་ལ་ཁཱཛྫ་ཨཱི། །གཱ་ཌཱིཾ་མ་ཨ་ཎཱ་བིཛྫ་ཨ་ཨི། ཧ་ལེ་ཀ་ལིཉྩ་ར་པ་ནི་ཨ་ཨི། དུ་དྷུ་ར་བཛྫི་ཨ་ཨི། ཙ་ཨུ་པ་མ་ཀཙྪུ་རི་སིཧླ། །ཀ་པུ་ར་ལས་ཨི་ཨ་ཨི། །མ་ལ་ཨིནྡྷ་ན་སཱ་ལི་ཛ། །ཏ་ཧིཾ་བྷ་ཏུ་ཁ་ཨི་ཨ་ཨི། །ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། །

p. 67

ཤུདྡྷ་ཨ་ཤུདྡྷ་ཎྞ་མ་ན་ཨ་ཨི། །ནི་རཾ་སུ་ཨཾ་ག་ཙ་ཌ་པི། །ཏ་ཧིཾ་ཛ་པ་ར་བ་ས་ཎི་ཨ་ཨི། །མ་ལ་ཨ་ཙ་ཀུནྟུ་རུ་བ་ཌ་ཨི། །ཌི་ཎ་ཌི་མ་ཏ་ཧི་ན་བཛྫ་ཨ་ཨི། །ཞེས་སྦྱར་བའམ། ཡང་ན་དཀྱུས་ལྟར་ཐམས་ཅད་རྫོགས་པའི་མཐར་སྦྱར་བས་ཀྱང་རུང༌། གཞན་ཡང་རྡོ་རྗེའི་གླུ་ཅི་རིགས་བླང༌། དངོས་སམ་ཡིད་ཀྱི་ཕྱག་རྒྱར་སྦྱོར་བའི་བདེ་སྟོང་ལ་མཉམ་པར་བཞག་གོ །དེ་ནས་འདོད་དོན་གསོལ་བ་ནི། སྲས་བཅས་རྒྱལ་བ་ཀུན་འདུས་གྲུབ་པའི་དབང༌། །མགོན་པོ་ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་དམ་པའི་ཆོས། །ཐོས་བསམ་སྒྲུབ་པས་རྒྱས་པར་མཛད་དུ་གསོལ། །ཐར་པའི་དེད་དཔོན་བསྟན་འཛིན་བཤེས་གཉེན་རྣམས། །སྐུ་ལ་སྙུན་མེད་ཕྲིན་ལས་རབ་རྒྱས་པས། །རྟག་ཏུ་སྡུག་བསྔལ་གྱུར་པའི་འགྲོ་བ་རྣམས། །ཐར་པའི་བདེ་ལ་འགོད་པར་མཛད་དུ་གསོལ། །དམ་ཆོས་སྒྲུབ་ལ་བརྩོན་པ་ཐམས་ཅད་ཀྱིས། །ཟབ་ལམ་བླ་མའི་

p. 68

མོས་གུས་མཐར་ཕྱིན་ནས། །སྤངས་རྟོགས་མཐར་སོན་བླ་མའི་ས་ཐོབ་སྟེ། །གཞན་ཕན་ཚད་མེད་འགྲུབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུའང༌། །བླ་མ་མཆོག་གིས་རྟག་ཏུ་རྗེས་འཛིན་ཅིང༌། །ལུས་དང་ལོངས་སྤྱོད་དགེ་བས་མཉེས་བྱས་ཏེ། །བརྩེ་བས་བྱིན་རླབས་འཇུག་པར་མཛད་དུ་གསོལ། །གྲུབ་མཆོག་རྣམས་ཀྱི་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །རྣལ་འབྱོར་དབང་ཕྱུག་ཅི་གསུང་བསྒྲུབ་པ་དང༌། །གསུང་ངག་དབྱེར་མེད་གསུང་གི་རྡོ་རྗེར་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དང༌། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །བླ་མ་དགྱེས་པའི་བྱ་བ་ཀུན་བསྒྲུབས་ནས། །མཛད་པ་ཕྲིན་ལས་མཚུངས་པར་བྱིན་གྱིས་རློབས། །དེ་ནས་ལམ་དབང་ཞུ་བའི་ཐོག་མར་ཕུར་ཚུགས་གསོལ་འདེབས་གང་ཤེས་བྱས་པས་ཆོག་

p. 69

མོད། རྒྱ་གར་བའི་གསུང་རྒྱུན་ནི། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །བདག་གི་སྐྱིད་སྡུག་ཁྱེད་ཀྱིས་མཁྱེན། །ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །ཞེས་ཚར་གང་འགྲུབ་བརྗོད་ཅིང་མོས་གུས་དྲག་ཏུ་བསྐྱེད། དེ་ལྟར་གསོལ་བ་བཏབ་པས་བླ་མ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་དཔྲལ་བ་ནས་སྐུའི་བྱིན་རླབས་ཀྱི་རང་བཞིན་གཡོན་རྐྱང་མ་དང་རྗེས་སུ་འབྲེལ་བའི་ཀུནྡ་བྱང་སེམས་དཀར་པོའི་རྒྱུན་བྱུང༌། རང་གི་དཔྲལ་བར་ཐིམ། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། སྐུ་རྡོ་རྗེའི་བྱིན་རླབས་ཞུགས། མགྲིན་པ་ནས་གསུང་གི་བྱིན་རླབས་ཀྱི་ངོ་བོ་གཡས་རོ་མ་དང་རྗེས་སུ་འབྲེལ་བའི་རཀྟ་བྱང་སེམས་དམར་པོའི་རྒྱུན་བྱུང༌། རང་གི་མགྲིན་པར་ཐིམ། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། གསུང་རྡོ་རྗེའི་བྱིན་རླབས་ཞུགས། སྨིན་མཚམས་

p. 70

ནས་ཐུགས་ཀྱི་བྱིན་རླབས་དབུ་མ་དང་རྗེས་སུ་འབྲེལ་བའི་ཁུ་ཁྲག་འདྲེས་པའི་བྱང་སེམས་བྱོན། རང་གི་སྨིན་མཚམས་སུ་ཐིམ། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས་པར་གྱུར། དེ་ནས་གྲུབ་ཆེན་ཕོ་མོ་རྣམས་ཀྱིས་མགྲིན་གཅིག་ཏུ་ངོ་སྤྲོད་ཀྱི་གདམས་པ་སྩལ་བར་གྱུར། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡངས་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །དེ་ལྟར་རྡོ་རྗེའི་ཚིག་ཏུ་སྩལ་ཐོབ་ནས། །བསམ་མེད་ངང་དུ་ཅུང་ཟད་གློད་དེ་བཞག །མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ལྷུན་གྲུབ་འབད་རྩོལ་མེད་པའི་ངང་དུ་

p. 71

བཏང༌། །ཞེས་པས་གསལ་བཏབ་ལ་ཅུང་ཟད་མཉམ་པར་བཞག །དེས་སྒོ་གསུམ་འཕོ་བའི་དྲི་མ་དག །དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། ནོངས་བཤགས་ནི། བདག་ནི་མི་ཤེས་བག་མེད་དབང་གྱུར་པས། །མ་རིག་ཉེས་པའི་ཚོགས་རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་བཞིན་ཅན་གྱིས་བཟོད་པར་གསོལ། །ཡིག་བརྒྱ་ལན་གསུམ་བརྗོད། སླར་ཡང་མོས་གུས་དྲག་ཏུ་བསྐྱེད་ལ། སྐྱབས་མཆོག་ཁྱེད་ནི་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང༌། །གཟུགས་སྐུ་བདག་གི་ལུས་ལ་རབ་བསྐྱོད་ནས། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བཏབ་པས་འཁོར་གྱི་ལྷ་ཚོགས་ཐམས་ཅད་བླ་མའི་དཀྱིལ་འཁོར་ལ་ཐིམ། གྲུབ་ཐོབ་ཕོ་མོ་ཐམས་ཅད་གཙོ་བོ་རྡོ་རྗེ་འཆང་ལ་ཐིམ། དེ་ཉིད་འོད་

p. 72

ཕུང་གི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་ལ་སིབ་ཀྱིས་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་སྤར་བཏབ་བ་བཞིན་དུ་རྒྱུད་ལ་འཕོས་པར་གྱུར། ཅེས་མོས་ལ་ཆོས་ཉིད་ཀྱི་རང་ངོ་བསྐྱང༌། སྨོན་ལམ་གདབ་པ་ནི། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་བརྟན། །རྡོ་རྗེ་ཐེག་པའི་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་དང་རྒྱ་ཆེའི་ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟག་བཟའ་ཞིང༌། །མཐར་ཐུག་བདེ་ཆེན་འགྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་ཡུལ་མཁའ་འགྲོ་ཡིས། །དམ་བཅས་སྲུང་ཞིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་བཞིན་རྟག་སྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ཅེས་དང༌། དཔའ་བོ་གཉིས་མེད་མཆོད་

p. 73

པས་སྐྱེ་བ་འདི་ལ་ནི། །སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་འགྱུར་བར་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བ་ཉིད་གྱུར་ཅིག །ཞིང་དང་ཉེ་བའི་ཞིང་སོགས་བཅུ་གཉིས་སུ། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་པ་ཡིས། །བུ་བཞིན་དགོངས་ནས་བདག་སྒྲིབ་དག་གྱུར་ཏེ། །བདེ་བ་མཆོག་གི་ས་ལ་འགོད་པར་ཤོག །བླ་མའི་ཞབས་ལ་རྟག་ཏུ་འདུད་བྱེད་ཅིང༌། །རྡོ་རྗེ་དབང་མོའི་ཞབས་བྲན་གྱུར་ནས་ཀྱང༌། །བཙུན་མོའི་ཤཱུ་ཀྲའི་ཚོགས་ལ་རྟག་སྤྱོད་ཅིང༌། །གསང་བའི་པདྨོར་རོལ་ཞིང་མཆོད་བྱེད་ཤོག །དཔལ་ལྡན་དཔའ་བོ་དཔའ་མོ་ཉི་ཤུ་བཞིའི། །ཞལ་མཐོང་དེ་ཡི་ངོ་བོར་བདག་གྱུར་ཏེ། །འགྲོ་བ་བདེ་བ་དམ་པས་ཕོངས་རྣམས་ཀྱི། །ཉེར་འཚོ་རིན་ཆེན་ལྟ་བུར་བདག་གྱུར་ཅིག །རྣམ་པ་མང་པོའི་བསོད་ནམས་

p. 74

འདི་དག་ཀྱང༌། །བདག་གཞན་དགེ་བ་མཆོག་ནི་བསྐྱེད་པའི་གཞི། །དེ་ཉིད་གསལ་བྱེད་རྨོངས་པ་རབ་འཇོམས་པ། །འགྲོ་ལ་མི་འཇིགས་སྟེར་བའི་མངའ་བདག་ཤོག །རྣམ་པར་རྟོག་པ་ཀུན་ལས་འདས་པ་ཡི། །བདེ་ཆེན་འཁོར་ལོ་ཟག་པ་མེད་པའི་དབྱིངས། །ཨཱ་ལི་ཀཱ་ལི་རྟོག་མེད་སྙོམས་འཇུག་མར། །བསགས་པའི་དགེ་རྣམས་ཡོངས་སུ་བསྔོ་བར་བགྱི། །བདག་གི་བསོད་ནམས་འདི་ཡིས་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང༌། །ཡུན་རིང་འགྲོ་བའི་དོན་བསྒྲུབ་དོན་ལ་འཇིགས་པ་མེད་པར་དགའ་བ་དང༌། །གཙོ་བོ་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་འགྲོ་བས་དབང་བསྐུར་བ། །སྲིད་གསུམ་རྡོ་རྗེ་རོལ་པར་ལྷན་ཅིག་དེ་ཡི་གོ་འཕང་ཐོབ་པར་ཤོག །རྣམ་རྟོག་གཏི་མུག་གྲོང་ཁྱེར་མཐའ་དག་བསལ་ནས་ཧེ་རུ་ཀ་གཙོ་མཁའ་འགྲོ་མའི། །འཁོར་ལོས་ཡོངས་བསྐོར་རྒྱལ་བ་བླ་མེད་ཡེ་

p. 75

ཤེས་འབྱུང་གནས་ཐར་པ་དམ་པའི་གྲོང༌། །སྦྱིན་པ་ལ་སོགས་རྣམས་ཀྱིས་འགྲོ་བའི་ཡིད་ལ་རེ་བ་ཡང་དག་རྫོགས་པའི་མཆོག །འདི་ནི་ཤིན་ཏུ་བརྩེ་བ་ཆེ་ལྡན་འཕགས་པའི་དཔལ་འབྱོར་རྟག་པར་མྱོང་བར་ཤོག །ཅེས་ཐུན་མོང་མ་ཡིན་པའི་སྨོན་ལམ་རྒྱ་ཆེར་གདབ། དེ་ནས་བཀྲ་ཤིས་ནི། རྒྱལ་མཚན་རྩེ་མོ་སོགས་དང༌། ཕུན་སུམ་ཚོགས་པ་མངའ་བ་སོགས་རྒྱལ་བའི་བཀའ་ལས་འབྱུང་བ་ཞིག་གིས་ཐོག་དྲངས་ཏེ་འབྲེལ་ཆགས་པར་བརྗོད། མཐར། ཉིན་མོ་བདེ་ལེགས་སོགས་དང༌། དཔལ་ལྡན་བླ་མས་དེང་འདིར་སྩོལ། །སངས་རྒྱས་རྣམས་ཀྱིས་དེང་འདིར་སྩོལ། །དེ་བཞིན་དུ་འདོན་པ་སྤོས་ལ། དམ་ཆོས་ཚོགས་ཀྱིས༴ དགེ་འདུན་རྣམས་ཀྱིས༴ མེས་པོ་ཡིས་ཀྱང༴ དབང་པོ་ཡིས་ཀྱང་༴ འཇིག་རྟེན་སྐྱོང་བས༴ དཀར་ཕྱོགས་སྐྱོང་བས་དེང་འདིར་སྩོལ། །ཞེས་སོགས་བྱ་ཞིང་མེ་ཏོག་འཐོར། རོལ་མོའི་སྒྲ་འཇམ་ལ་སྙན་པར་བསྒྲག་གོ །གསང་སྔགས་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད། །

p. 76

མཆོད་ལ་བསོད་ནམས་ཕུང་པོ་ཚད་མེད་པ། །རྒྱུད་རྣམས་ཀུན་ལས་ཆེད་དུ་བསྔགས་པའི་དོན། །གསལ་བར་བརྗོད་འདིར་བློ་ལྡན་ཡི་རང་བྱོས། །སྙིང་ནས་གུས་པས་མཆོད་ཅིང་གསོལ་བཏབ་ན། །གདོན་མི་ཟ་བར་བྱིན་གྱིས་རློབ་འགྱུར་བས། །རྡོ་རྗེའི་ཐེག་ལ་ཞུགས་པའི་སྐལ་བཟང་རྣམས། །ཆོས་སྤྱོད་ཀུན་གྱི་མཆོག་འདིར་བརྩོན་པར་རིགས། །བསོད་ནམས་འདི་ཡིས་བདག་དང་འགྲོ་བ་ཀུན། །ཐོག་མེད་འཁྲུལ་པ་སྐད་ཅིག་ཉིད་ལ་སངས། །ལྷན་སྐྱེས་ཡེ་ཤེས་ཉི་མ་ཁོང་ནས་ཤར། །གྲུབ་མཆོག་རྣམས་དང་དབྱེར་མེད་ཉིད་གྱུར་ཅིག །ཅེས་པ་འདི་ཉིད་མཁྱེན་གཟིགས་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་སྩལ་ཕེབས་པ་དང༌། རང་ཉིད་ཀྱང་འབྲེལ་འཇོག་ཚོགས་གསོག་གི་ཆ་རྐྱེན་དུ་དམིགས་ཏེ་མཆོད་ཕྲེང་སོགས་ཀྱི་ཚིག་སྦྱོར་ཕལ་མོ་ཆེ་སྔོན་རབས་དམ་པ་རྣམས་ཀྱི་གསུང་བྱིན་རླབས་ཅན་དང་བསྡེབས་ཏེ། ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །།

སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་པཎ་གྲུབ་ཆེན་པོ་ཛྙཱ་ན་སིདྡྷིའི་བླ་སྒྲུབ་དངོས་གྲུབ་མཆོག་སྩོལ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 77

༄༅། །སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་པཎ་གྲུབ་ཆེན་པོ་ཛྙཱ་ན་སིདྡྷིའི་བླ་སྒྲུབ་དངོས་གྲུབ་མཆོག་སྩོལ་བཞུགས་སོ། །

p. 78

སྐྱབས་སེམས་ནི། སྐྱབས་དཀོན་མཆོག་རྩ་གསུམ་ཀུན་འདུས་རྗེ། །དཔལ་ཛྙཱ་ན་སིདྡྷིའི་ཞབས་ལ་འདུད། །མ་ཁམས་གསུམ་འཁོར་བ་དོང་སྤྲུགས་པའི། །མཆོག་སྐུ་གསུམ་མངོན་གྱུར་སེམས་བསྐྱེད་དོ། །ཚོགས་ཞིང་ནི། ཨོཾ། སྣང་སྲིད་རྣམ་དག་ལྷུན་གྲུབ་ཞིང་། །སེམས་གཉིས་འཛིན་བྲལ་བའི་ཀློང་ཡངས་ནས། །རྗེ་པཎ་གྲུབ་ཆེན་པོ་ནཱ་རོ་པ། །སྐུ་བརྟུལ་ཞུགས་སྤྱོད་པའི་ཆ་ལུགས་ཅན། །གསུང་འགགས་མེད་ན་དཱའི་སྒྲ་དབྱངས་སྒྲོགས། །ཐུགས་མཁྱེན་བརྩེ་ནུས་པས་འགྲོ་རྣམས་སྒྲོལ། །ཡིད་ཁྱེད་

p. 79

ཤེས་དད་པས་གདུང་དབྱངས་འདི། །ཕ་ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། །གནས་རང་སྣང་དག་པའི་ཀློང་ཡངས་འདིར། །སྐུ་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཚོགས་བསག་ནི། ཨ། གཉིས་མེད་མཉམ་པར་གུས་ཕྱག་འཚལ། །ཕྱི་ཚོགས་དྲུག་ཡུལ་སྣང་རྒྱན་དུ་རོལ། །ནང་གཉིས་འཛིན་འཁྲུལ་སྣང་དབྱིངས་སུ་བཤགས། །ཐུགས་ཁྱབ་གདལ་ཆེན་པོར་བཞུགས་ཡི་རང་། །ཆོས་ཟབ་དོན་གསང་སྔགས་སྒྲ་ཆེན་སྒྲོགས། །རྗེ་དུས་གསུམ་འབྲལ་མེད་རྟག་བཞུགས་གསོལ། །མ་འགྲོ་

p. 80

ཀུན་འདྲེན་པའི་དཔལ་ཐོབ་ནས། །དོན་ཆོས་སྐུ་གཅིག་འདྲེས་དབྱེར་མེད་ཤོག །མཚན་སྔགས་ནི། ཨོཾ་ཨཱཿགུ་རུ་ཛྙཱ་ན་སིདྡྷི་ཧཱུྃ། གང་འགྲུབ་བཟླས་པ་བྱའོ། །རྩེ་གཅིག་གསོལ་བ་འདེབས་པ་ནི། རྗེ་སྐྱབས་གསུམ་གྱི་ངོ་བོ་བླ་མ་རྗེ། །ཕ་རྟོགས་ལྡན་གྱི་རྒྱལ་པོ་དགོངས་སུ་གསོལ། །ཙཎྜི་བདེ་སྟོང་དུ་འབར་བར་བྱིན་གྱིས་རློབས། །སྒྱུ་ལུས་ལྷ་སྐུ་རུ་འཆར་བར་བྱིན་གྱིས་རློབས། །གཉིད་འོད་གསལ་དུ་ཐིམ་པར་བྱིན་གྱིས་རློབས། །རྨི་ལམ་སྒྱུ་ལུས་སུ་འཆར་བར་བྱིན་གྱིས་རློབས། །འདའ་ཀ་སྐུ་གསུམ་དུ་འཕོ་བར་བྱིན་གྱིས་རློབས། །བར་དོ་ཆོས་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །བར་གྲངས་བསག །མཐར་དབང་བཞི་ལེན་པ་ནི། ཧཱུྃ། སྐུ་གསུམ་བླ་མའི་གནས་གསུམ་ལས། །འོད་དཀར་དམར་མཐིང་གསུམ་རིམ་བཞིན་འཕྲོས། །བདག་གནས་གསུམ་ལ་ཐིམ་སྡིག་སྒྲིབ་སྦྱངས། །རྗེའི་སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ། །

p. 81

སླར་འོད་ཟེར་གཅིག་ཆར་འཕྲོས་པ་ཡིས། །སྒོ་གསུམ་ཆ་སྙོམ་གྱི་སྒྲིབ་པ་དག །དོན་དབང་བཞི་ཐོབ་ཅིང་སྐུ་བཞི་ཡི། །ས་བོན་གྱི་འབྲས་བུ་རྒྱུད་ལ་སྨིན། །རྗེ་བླ་མའི་བྱིན་རླབས་དངོས་སུ་ཐོབ། །བླ་མ་ཡང་འོད་ཞུ་རང་ལ་ཐིམ། །སེམས་མ་བཅོས་རིག་པ་རང་གསལ་འདི། །དོན་དམིགས་མེད་བརྗོད་བྲལ་ཕྱག་རྒྱ་ཆེ། །འབྲས་སྐུ་གསུམ་མངོན་གྱུར་ཨེ་མ་ཧོ། །འགྲུབ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་ནི། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་སོགས། །རྩ་གསུམ་ལྷ་ཡི་བཀྲ་ཤིས་ཤོག །ཅེས་པ་འདིའང་རབ་ལོ་བཅུ་བདུན་པའི་ཆུ་སྦྲུལ་ལོ་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་སྐར་མ་རྒྱལ་གྱི་ཉིན། ནམ་མཁའི་སྙིང་པོའི་བྱིན་རླབས་ཐོབ་པ་སྐྱོ་བྲག་རྟོགས་

p. 82

ལྡན་ནམ་སྙིང་ནས་དཔལ་རི་བསམ་གཏན་ཆོས་གླིང་གི་ཡང་ཐོག་སྙན་བརྒྱུད་ལྷ་ཁང་གི་ཕྱི་གསེར་ཡབ་ནང་སྐུ་རྟེན་དང་བཅས་པ་ཚོགས་བསགས་གྲུབ་པའི་དུས་དགེ་བར་བཀྲ་ཤིས་པའི་ལྷ་རྫས་དང་སླར་ཡང་མཎྜལ་བཅས་བསྐུལ་མ་གནང་བའི་བཞེད་སྐོང་ཆེད། ༧ རྗེ་ནཱ་རོ་པའི་སྐུ་བརྙན་གྱི་དྲུང་དུ་གུས་པ་ཆེན་པོས་ཡིད་ལ་གང་དྲན་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་དོན་བརྒྱུད་དགོངས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

མངའ་བདག་མར་པ་ལོ་ཙཱ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་སྒྲུབ་སྨིན་བྱེད་དང་བཅས་པ་ཟབ་གསང་སྒོ་འབྱེད། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 83

༄༅། །མངའ་བདག་མར་པ་ལོ་ཙཱ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་སྒྲུབ་སྨིན་བྱེད་དང་བཅས་པ་ཟབ་གསང་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

p. 84

ན་མོ་གུ་རུ་མ་ཧཱ་ལོ་ཙཱ་དྷརྨཱ་མ་ཏྱཱཻ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་དངོས་ཀུན་བདག །བདེ་ཆེན་དགྱེས་པ་རྡོ་རྗེའི་གསང་བ་གསུམ། །དངོས་སུ་སྣང་བ་ལོ་ཙཱ་ཆེན་པོ་དང༌། །དབྱེར་མེད་ཁྱབ་བདག་པདྨའི་མཚན་ལ་འདུད། །འདུས་པ་ལ་སོགས་དཔལ་ལྡན་ཧེ་རུ་ཀ །སྙིགས་དུས་འགྲོ་ངོར་གྲུབ་པ་མཆོག་གི་ཚུལ། །ཀ་ཆེན་རྣམ་བཞི་བརྒྱུད་པར་བཅས་རྣམས་ལ། །གུས་པས་བཏུད་ནས་དེ་ཡི་རྣལ་འབྱོར་བྲི། །སྔོན་ཆད་འདི་གཞུང་དམིགས་སུ་མ་བྱུང་ཞིང༌། །རང་བཟོ་ཕལ་ཆེར་ལོག་པའི་ལམ་མཁན་ཉིད། །འོན་ཀྱང་སྐལ་ལྡན་སློབ་མས་ནན་བསྐུལ་ཕྱིར། །མངའ་བདག་ཐུགས་བཅུད་གསང་བའི་སྙན་བརྒྱུད་དང༌། །ལམ་ཟབ་སོགས་ཀྱི་དགོངས་དོན་བསྒྲིལ་བ་ལ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས་པ་དང༌། །ཌཱ་ཀི་ཆོས་སྲུང་ཀོ་ལོང་མི་མཛད་ཅིང༌། །གནང་བའི་སྐབས་ཕྱེས་གྲུབ་གཉིས་མཆོག་སྩོལ་མཛོད། །འདིར་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་

p. 85

སྔགས་རིག་པ་འཛིན་པའི་སྡེ་སྣོད་འཆང་བ་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བའི་གཙོ་བོ་ནི་བླ་མ་དངོས་དང་བརྒྱུད་ནས་མཆོད་ཅིང་སྒྲུབ་པ་ཉིད་ཡིན་ལ། ཁྱད་པར་རྗེ་བཙུན་མར་མི་དྭགས་གསུམ་གྱི་སྒྲུབ་བརྒྱུད་རིན་པོ་ཆེ་འདི་ཉིད་མོས་གུས་ཀྱི་བཀའ་བབས་པ་ཡིན་པས་འདི་ལ་ཆེ་ཐང་དུ་བརྩོན་པར་རིགས་ཤིང༌། དེའང་བླ་མ་མཆོད་པའི་ཚུལ་ཐུན་མོང་བ་ནི་ཚིག་གི་སྤྲོས་པ་རྒྱས་བསྡུས་ཙམ་ལས་དོན་དུ་ཡན་ལག་བདུན་པའི་བསགས་སྦྱོང་དང་གསོལ་འདེབས་གུ་རུ་ལུགས་སུ་གདབ་པ་ཙམ་ཡིན་པས་གྲུབ་མཐའ་ཐམས་ཅད་ལ་གྲགས་ཆེ་སྟེ། དེ་ལྟར་ཡང་བླ་མའི་ཡོན་ཏན་ཡོངས་བཟུང་གི་རྒྱུད་ཀྱི་དགོངས་དོན་སོགས་དང་འབྲེལ་བར་མངོན་ལ་རྒྱ་གཞུང་ཕྲན་ཚེགས་ཀྱང་སྣང༌། བླ་མ་སྒྲུབ་པའི་ཚུལ་ནི་རྙིང་ལུགས་སུ་གུ་རུ་རིན་པོ་ཆེའི་བླ་སྒྲུབ་དར་རྒྱས་ལྷག་པར་ཆེ་ཞིང་དེའི་ཁུངས་ནི་གཏེར་ཆོས་རྣམས་ཡིན་ལ། གསར་མའི་ཕྱོགས་སུ་དེ་འདྲའི་རྒྱུན་སྲོལ་རྐང་ཚུགས་མ་བྱུང་ཡང་ས་

p. 86

པཎ་དང་རྗེ་རིན་པོ་ཆེ་སོགས་ཀྱི་བླ་སྒྲུབ་དག་སྣང་དུ་བྱུང་བ་ཅི་རིགས་མཆིས་ཤིང༌། ལྷག་པར་མི་ལའི་སྙན་བརྒྱུད་ཆེ་ཆུང་གི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་རྣམས་དང༌། ཀཾ་ཚང་མོས་གུས་ཆེན་མོ། འབྲུག་ལུགས་ལམ་ཟབ་སོགས་ནི་མཚན་གྱི་བཏགས་ཕྱོགས་ལས་དོན་དུ་བླ་སྒྲུབ་རྐང་ཚུགས་པ་ཡིན་ཅིང༌། མཉམ་མེད་དྭགས་པོ་རིན་པོ་ཆེའི་གསང་ལམ་བླ་སྒྲུབ་ནི་ཡོངས་སུ་གྲགས་པ་དང༌། དེ་དག་གི་སྨིན་གྲོལ་རྒྱུན་མ་ཉམས་པར་བཞུགས་པ་ཁོ་བོས་ཀྱང་སྐལ་པ་བཟང་པོའི་དཔྱིད་དུ་ནོས་ཤིང་ལམ་ཟབ་ལ་རྒྱ་གཞུང་གི་ཁུངས་ཀྱང་བཞུགས་པར་སྣང་བས་འདིར་ཡང་དེ་དག་གི་རྗེས་སུ་འབྲངས་ཏེ་མདོར་དྲིལ་བའི་རྣལ་འབྱོར་འཆད་པ་ལ་གསུམ། ཕྱི་བླ་མ་ཁྲོམ་ཚོགས་ལ་བརྟེན་ཏེ་མོས་གུས་གསོལ་འདེབས་ཀྱི་བསྙེན་པ་དང༌། ནང་ཡི་དམ་དཀྱིལ་འཁོར་ལ་བརྟེན་ཏེ་བསྒོམ་བཟླས་རླུང་སྦྱོར་གྱི་སྒྲུབ་པ་དང༌། གསང་བ་རྒྱལ་བ་རིགས་ལྔ་ལ་བརྟེན་ཏེ་དོན་གཉིས་ཀྱི་ཕྲིན་ལས་ལ་སྦྱར་བའོ། །དང་པོ་ནི། གནས་དབེན་པར་མཎྜལ་སོགས་མཆོད་པའི་བཀོད་པ་ཇི་ལྟར་འབྱོར་བའམ་ཡིད་སྤྲུལ་ཁོ་ནས་ཀྱང་ཆོག་སྟེ། སྲིད་པ་གསུམ་ལས་ངེས་པར་འབྱུང་བའི་བློས་བསྐུལ། འཁོར་བའི་རྒྱ་མཚོ་མཐའ་མེད་དུ་འཁྱམས་པའི་མ་རྒན་འགྲོ་བ་སྡུག་བསྔལ་ཤ་སྟག་གིས་གཟིར་བ་རྣམས་ལ་མི་བཟོད་པའི་སྙིང་རྗེས་དྲང༌། རྡོ་རྗེ་འཆང་བཤེས་གཉེན་གྱི་རྣམ་པར་ཤར་བ་ཐར་ལམ་སྟོན་པའི་བླ་མ་དམ་པ་ལ་མི་ཕྱེད་པའི་དད་གུས་ལ་ཐོག་མཐའ་ཀུན་ཏུ་གཞི་བཅས་ཏེ། དང་

p. 87

པོ་མདུན་གྱི་ནམ་མཁར་བླ་མ་འཁོར་བཅས་མངོན་སུམ་བཞིན་བཞུགས་པར་མོས་ལ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་དངོས། །བླ་མ་ཡི་དམ་མཁའ་འགྲོ་ཀུན་འདུས་པ། །རྗེ་བཙུན་མར་པ་ཆོས་ཀྱི་བློ་གྲོས་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ལམ་ཟབ་བླ་མའི་རྣལ་འབྱོར་འདིར་བརྟེན་ནས། །བདག་གིས་ཚེ་གཅིག་བྱང་ཆུབ་མཆོག་བསྒྲུབ་ཅིང༌། །ནམ་མཁའི་མཐའ་མཉམ་ཕ་མ་སེམས་ཅན་ཀུན། །དགྱེས་མཛད་རྡོ་རྗེའི་གོ་འཕང་ལ་འགོད་བྱ། །རྒྱུད་དག་པར་བྱེད་པ་ནི། རང་གི་སྤྱི་བོར་པདྨ་ཉི་མའི་སྟེང༌། །ཧཱུྃ་ལས་བླ་མ་རྡོར་སེམས་ཧེ་རུ་ཀ །སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། །ཁྲོ་མཛུམ་དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན། །རྡོ་རྗེ་ཕྱར་ཞིང་བནྡྷ་ཐུགས་ཀར་འཛིན། །རུས་རྒྱན་སྟག་ཤམ་གླང་ཀོའི་ཆོས་གོས་གསོལ། སྙེམས་མ་དམར་མོ་

p. 88

གྲི་ཐོད་འཛིན་པས་འཁྱུད། །གཡས་བསྐུམ་གཡོན་བརྐྱང་རང་འོད་མེ་ཀློང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་སྔགས་ཀྱིས་བསྐོར། །འོད་འཕྲོས་རྩ་བ་གསུམ་པོ་སྤྱན་དྲངས་ཐིམ། །ཡབ་ཡུམ་བདེ་རྒྱས་སྦྱོར་མཚམས་བྱང་སེམས་རྒྱུན། །ཚངས་བུག་ནས་ཞུགས་རང་ལུས་ལྟེམས་ཀྱིས་གང༌། །སྡིག་སྒྲིབ་ཀུན་དག་བདེ་སྟོང་སྐྱེས་པར་གྱུར། །ཨོཾ་ཤྲཱི་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ་ཧཱུྃ་ཕཊ། ཅེས་ཧེ་རུ་ཀའི་ཡིག་བརྒྱའམ། ཨོཾ་ཨཱཿགུ་རུ་བཛྲ་ས་ཏྭ་ཧཱུྃ། ཞེས་པ་གང་རུང་ཅི་ནུས་བཟླས་མཐར་སྤྲོ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་

p. 89

ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱཻ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། བླ་མ་རྡོར་སེམས་འོད་ཞུ་རང་ཐིམ་གྱུར། དེ་ནས་རྟེན་བསྐྱེད་པ་ནི། གཟུང་འཛིན་རྣམ་དག་རང་སྣང་ཆོས་ཀྱི་དབྱིངས། །ཚད་མེད་སངས་རྒྱས་ཞིང་གི་བཀོད་པ་རྫོགས། །ཀུན་བཟང་སྨོན་ལམ་རྒྱ་མཚོའི་སྤྲིན་ཕུང་ལས། །འདོད་རྒུ་ནམ་མཁའ་མཛོད་ཀྱི་ཆར་འབེབས་པའི། །མདུན་མཁར་ཐར་པ་ཆེན་པོའི་གཞལ་མེད་ཁང༌། །ཆོས་ཀྱི་འབྱུང་གནས་ཡེ་ཤེས་རང་འོད་ཅན། །རྡོ་རྗེའི་ཁང་བརྩེགས་དཔེ་མེད་རབ་

p. 90

འབྱམས་དབུས། །མི་འཇིགས་སེང་ཁྲི་མ་ཆགས་པདྨའི་གདན། །དཀར་དམར་རྣམ་དག་ཉི་ཟླའི་དཀྱིལ་འཁོར་དུ། །རྩ་བའི་བླ་མ་དགྱེས་མཛད་ཧེ་རུ་ཀ །རྣམ་པ་བཀའ་བརྒྱུད་སྤྱི་མེས་ལྷོ་བྲག་པ། །དམར་སྨུག་སྐུ་ཉམས་རབ་རྒྱས་ཧུར་བག་ཅན། །ཕྱག་གཉིས་ས་གནོན་ཕྱག་རྒྱས་བདུད་ཚོགས་འདུལ། །ལྕང་ལོ་གྱེན་བརྫེས་ཞབས་གཉིས་རོལ་པའི་སྟབས། །ཕྱོགས་བཞིར་པདྨ་ཟླ་བ་རྒྱས་པ་ལ། །ཤར་དུ་མཚུར་སྟོན་དབང་གི་རྡོ་རྗེའི་ཞབས། །ལྷོ་རུ་རྔོག་སྟོན་ཆེན་པོ་ཆོས་རྡོར་བ། །ནུབ་ཏུ་མེས་སྟོན་བསོད་ནམས་རྒྱལ་མཚན་རྣམས། །རྡོ་རྗེ་དྲིལ་འཛིན་སྐྱིལ་མོ་ཀྲུང་གིས་བཞུགས། །གཙོ་འཁོར་ཐམས་ཅད་སྔགས་གྲུབ་རྣལ་འབྱོར་ཆས། །འདུང་མ་དཀར་པོ་བེར་ཕྱམ་དམར་ཟླུམ་གསོལ། །འཛུམ་ཁྲོའི་ཉམས་ལྡན་ལྕང་ལོ་ཟར་བུ་འཕྱངས། །ཧེ་རུ་ཀ་དཔལ་མངོན་སུམ་བྱོན་འདྲ་བ། །རྡོ་རྗེའི་

p. 91

ཟིལ་ཆེན་བརྗིད་ལྡན་ལྷུན་ཆགས་བཞུགས། །གཡོན་དུ་གྲུབ་པའི་དབང་ཕྱུག་མི་ལ་རྗེ། །བཟང་པོའི་སྟབས་ཅན་རས་དཀར་བླ་གོས་འཆང༌། །མཐོང་ཐོས་དྲན་པས་གྲོལ་བའི་ངང་ཚུལ་ཅན། །རང་རང་ཐུགས་སྲས་བརྒྱུད་འཛིན་ཚོགས་ཀྱིས་བསྐོར། །དེ་རྒྱབ་མདུན་ཕྱོགས་མཉམ་མེད་འཛམ་གླིང་གྲགས། །ལས་ཅན་ས་ཐོབ་ལྔ་བརྒྱ་དང་བ་སྤྲོ། །གཡས་ཕྱོགས་མཆོག་གི་སྤྲུལ་སྐུ་དུས་གསུམ་མཁྱེན། །སངས་རྒྱས་ཕྲེང་བ་རིམ་བྱོན་ཚར་དུ་དངར། རྒྱབ་ཕྱོགས་འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ། །ཟུར་བཞི་ཡ་བརྒྱད་གྲུབ་པའི་ཁྱུ་ཆེན་འཁྲིགས། །གཡོན་ཕྱོགས་འབའ་རོམ་དར་མ་དབང་ཕྱུག་དང་། །སྒྲུབ་བརྒྱུད་སྐྱེས་མཆོག་དུ་མ་ཉམས་སུ་དགའ། །གཙོ་བོའི་དབུ་གཙུག་རྗེ་བཙུན་ནཱ་རོ་པ། །དེ་སྟེང་ཏཻ་ལོ་པ་དང་རྡོ་རྗེ་འཆང༌། །བཀའ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་བསྐོར། །བར་

p. 92

ཕྱོགས་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ། །འོག་ཕྱོགས་མ་ཧཱ་ཀཱ་ལ་ལྕམ་དྲལ་རྣམས། །རང་འཁོར་དང་བཅས་གཟི་བརྗིད་འོད་དུ་འབར། །བྱིན་རླབས་གཟི་མདངས་ཆོས་དབྱིངས་རྒྱས་པར་འགེངས། །རྡོ་རྗེའི་ཆོས་སྒྲ་འགྲོ་དྲུག་སྐད་དུ་སྣང༌། །ཐུགས་རྗེའི་དགོངས་པ་སྐལ་ལྡན་བུ་ལ་གཏད། །ཡེ་ཤེས་བྱིན་ཆེན་བརྟན་གཡོ་ཀུན་ལ་འབེབས། །མོས་པའི་སྣང་ངོར་མངོན་སུམ་བཞུགས་པར་གྱུར། །གཤེགས་བཞུགས་སྤྲོས་པ་མེད་པའི་ངེས་པ་བརྟན་པོའི་ངང་སྣང་ཚུལ་ཙམ་དུ་སྤྱན་འདྲེན་པ་ནི། ཨོཾ། ཁྱབ་བདག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང༌། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་

p. 93

གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །རང་སྣང་འོག་མིན་དག་པའི་ཞིང་རྣམས་དང༌། །མཁའ་སྤྱོད་ཐར་པ་མཆོག་གི་ཕོ་བྲང་ནས། །དགྱེས་མཛད་མར་པ་ཐུགས་སྲས་ཀ་ཆེན་བཞི། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་དམ་ཅན་འཁོར་ལོའི་ཚོགས། །ཁྱབ་བདག་བླ་མའི་ཡེ་ཤེས་རོལ་པའི་གར། །ངོ་བོ་གཅིག་ལ་རྣམ་པ་ཐ་དད་སྟོན། །པྲ་ཕབ་གཟུགས་བརྙན་དབང་པོའི་གུར་ཁྱིམ་བཞིན། །མོས་པའི་ཡིད་མཁར་མངོན་སུམ་སྣང་མཛད་གསོལ། །བཞུགས་པར་གསོལ་ནས་བསག་སྦྱང་བྱ་བ་ནི། ཡེ་ཤེས་སྐུ་ལ་འགྲོ་འོང་མ་མཆིས་ཀྱང༌། །བདག་ཅག་མོས་པའི་རེ་བ་མ་སྐོང་བར། །འགྲོ་བའི་བླ་མ་ཡེ་ཤེས་སྤྱན་ལྡན་རྣམས། །དགྱེས་པར་བཞུགས་ལ་དམིགས་མེད་ཐུགས་རྗེས་དགོངས། །རིགས་རྣམས་ཀུན་གྱི་ཁྱབ་བདག་ཧེ་

p. 94

རུ་ཀ །བཅོམ་ལྡན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སངས་རྒྱས་དངོས་ཀྱིས་རྗེས་བཟུང་མཆོག་བརྙེས་པ། །གྲུབ་ཆེན་ཏཻ་ལོ་པ་ལ་ཕྱག་འཚལ་ལོ། །བཅུ་གཉིས་དཀའ་སྤྱད་བར་དོར་མཁའ་སྤྱོད་གྲུབ། །པཎ་ཆེན་ནཱ་རོ་པ་ལ་ཕྱག་འཚལ་ལོ། །དགྱེས་མཛད་དངོས་བྱོན་བཀའ་བརྒྱུད་སྤྱི་མེས་ཆེ། །རྗེ་བཙུན་ལྷོ་བྲག་པ་ལ་ཕྱག་འཚལ་ལོ། །འོད་གསལ་བཀའ་བབས་རྡོ་རྗེ་གསུམ་གྱི་དངོས། །མཚུར་སྟོན་དབང་རྡོར་ཞབས་ལ་ཕྱག་འཚལ་ལོ། །བཤད་རྒྱུད་བཀའ་བབས་མཁའ་སྤྱོད་སྐུ་དངོས་གཤེགས། །རྔོག་སྟོན་ཆོས་རྡོར་ཞབས་ལ་ཕྱག་འཚལ་ལོ། །གསང་ལམ་བཀའ་བབས་སངས་རྒྱས་དགྱེས་པའི་དཔལ། །མེས་སྟོན་བསོད་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གཏུམ་མོའི་བཀའ་བབས་གངས་ཅན་འགྲན་ཟླ་བྲལ། །བཞད་པ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །དྭགས་པོ་དུས་མཁྱེན་ཕག་གྲུ་

p. 95

འབའ་རོམ་པ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །ཞིང་རྡུལ་གྲངས་སྙེད་སྒོ་གསུམ་གུས་པ་ཡིས། །ཕྱག་འཚལ་བསྟོད་ཅིང་གསོལ་བ་སྙིང་ནས་འདེབས། །ཕྱི་ལྟར་མཚན་དཔེའི་སྣང་བརྙན་དང་བས་རྟོགས། །ནང་ལྟར་རྡོ་རྗེའི་གསང་གསུམ་གསལ་གདབ་ཅིང༌། །གསང་བ་རང་སེམས་བླ་མ་ལྟ་བས་མཇལ། །རྟག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པའི། །རྣམ་ཐར་བསམ་ཞིང་དེ་ཡི་རྗེས་སུ་སློབ། །བླ་མ་སངས་རྒྱས་དངོས་སུ་འགྲུབ་ཀྱི་བར། །མི་ཕྱེད་རྩེ་གཅིག་གུས་པའི་གདུང་ཤུགས་ཀྱིས། །དཔལ་ལྡན་བླ་མའི་ཚོགས་ལ་སྐྱབས་སུ་མཆི། །རྗེ་བཙུན་ལྷོ་བྲག་པ་ཡིས་བྱིན་གྱིས་རློབས། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོས་ཐུགས་རྗེས་ཟུང༌། །འཁོར་བར་འཁྱམས་པ་རྣམས་ཀྱི་ལམ་སྣ་དྲོངས། །བདག་གིས་རེ་ཞིང་ལྟོས་པ་ཁྱེད་ལ་བཅའ། །སངས་རྒྱས་གཞན་ན་མེད་པའི་

p. 96

ཐག་ཆོད་ཀྱིས། །འདི་ཕྱིའི་སྐྱབས་གནས་གུད་དུ་མི་འཚོལ་བར། །བློ་སྙིང་བྲང་གསུམ་མར་པ་རྗེ་ལ་གཏད། །ལུས་སེམས་རྗེ་བཙུན་བླ་མའི་བྲན་དུ་འབུལ། །བདོག་པ་ཐམས་ཅད་བླ་མའི་ཕྱོགས་སུ་བཏང་། །ལེགས་པ་ཅི་མཆིས་རྗེ་ཡི་སྲི་ཞུར་བསྔོ། །བྱ་བ་ཅི་བྱེད་སྐུ་ཡི་རིམ་གྲོར་བགྱི། །བརྗོད་པའི་ཚིག་ཀུན་བཀའ་དྲིན་ཅན་ཁྱོད་བསྔགས། །ལུས་དང་སྲོག་ལའང་ཕངས་པ་མ་མཆིས་པར། །དཔལ་ལྡན་བླ་མའི་བཞེད་པ་སྐོང་བགྱི་བས། །ཚེ་འདིར་ཁྱེད་ཀྱི་གོ་འཕང་ལ་འཁོད་ནས། །འགྲོ་བའི་དོན་ཀུན་ཁྱེད་བཞིན་འགྲུབ་པར་མཛོད། །ཟག་མེད་སྐུ་ལ་སྲེད་ལེན་སྐྱོན་སྤངས་ཀྱང༌། །བདག་སོགས་འགྲོ་ཀུན་བསོད་ནམས་ཚོགས་རྫོགས་ཕྱིར། །ཕྱི་ནང་གསང་བ་དེ་ཉིད་བློས་སྦྱང་བའི། །ཡེ་ཤེས་ཚོམ་བུ་བདེ་བས་མཉེས་གྱུར་ཅིག །ཆུ་གཉིས་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་

p. 97

རྟགས་རྒྱལ་སྲིད་རིན་ཆེན་བདུན། །བུམ་བཟང་ནོར་བུ་དཔག་བསམ་འདོད་འཇོའི་བ། །སྨན་ལྗོངས་རིན་ཆེན་རི་བོ་མ་རྨོས་འབྲུ། །བདག་པོས་བཟུང་དང་མ་བཟུང་མཁའ་ཁྱབ་ཀྱི། །ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་དང༌། །བདག་གཞན་ལུས་དང་ལོངས་སྤྱོད་དུས་གསུམ་གྱི། །དགེ་རྩར་བཅས་ཀུན་ཞེན་མེད་དམིགས་མེད་བློས། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་ལ་འབུལ། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག །སྐབས་འདིར་མཎྜལ་རྒྱས་པ་ལྕོགས་ན་འབུལ་ཞིང་བསྡུས་པ་གྲངས་ཅི་ནུས་བྱ། དཀྱུས་སུ་བསྟན་པ་ནི། རིན་ཆེན་ས་གཞི་ཞིང་གི་བཀོད་པ་ཅན། །རབ་འབྱམས་རྒྱ་མཚོ་རི་གླིང་ཉི་ཟླས་བརྒྱན། །ལྷ་མིའི་དཔལ་འབྱོར་ཕྱུར་བུར་བཀོད་པ་འདི། །བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ལ་འབུལ། །རང་ལུས་སྲིད་གསུམ་བཀོད་པ་ལྷུན་གྱིས་གྲུབ། །རྩ་རླུང་ཐིག་ལེ་ཕྱི་ནང་སྣོད་

p. 98

བཅུད་རྫོགས། །ཕུང་ཁམས་སྐྱེ་མཆེད་འདོད་ཡོན་སྤྲིན་ཕུང་གཏིབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ། །ཀུན་གཞི་གདོད་ནས་དག་པ་ཆོས་ཀྱི་དབྱིངས། །ཚོགས་བརྒྱད་འཁོར་འདས་ཞིང་ཁམས་ཅི་ཡང་འཆར། །རྟོག་ཚོགས་མི་ཟད་རྒྱན་གྱི་འཁོར་ལོར་འཕྲོ། །བླ་མ་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་འབུལ། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང༌། །ནམ་མཁར་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་བརྗོད། བླ་མ་མཆོད་པ་རྐྱང་པའི་སྐབས་འདི་དག་ཏུ་ཕྱག་དང༌། མཆོད་པའི་ཚིག་ཇི་ལྟར་རིགས་པ་རྒྱས་པར་སྦྱར་ན་ལེགས་སོ། །ཡན་ལག་ལྷག་མ་རྣམས་ནི། བདག་སོགས་འགྲོ་རྣམས་འཁྲུལ་པའི་དབང་གྱུར་པས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བ། །ཐོག་མེད་དུས་ནས་

p. 99

ཇི་སྙེད་བསགས་པ་དང༌། །ཁྱད་པར་རྡོ་རྗེ་ཐེག་པའི་དམ་ལས་འགལ། །ཐར་པའི་སྲོག་རྩ་བླ་མ་བསྟེན་པ་ལ། །ཚུལ་བཞིན་མ་བགྱིས་ནོངས་པ་གང་མཆིས་པ། །གནོང་འགྱོད་དྲག་པོས་སྙིང་ནས་བཤགས་ཤིང་བསྡོམ། །འཁོར་འདས་ཀུན་གྱི་དགེ་བའི་རྩ་བ་དང༌། །མཆོག་ཏུ་དཔལ་ལྡན་བླ་མའི་རྣམ་ཐར་ལ། །དད་ཅིང་དགའ་བ་ཆེན་པོས་ཡི་རང་ངོ་། །དབང་པོར་འཚམས་པའི་ཆོས་སྒོ་སྣ་ཚོགས་དང༌། །ལྷག་པར་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་དུ་གསོལ། །ཇི་སྲིད་འཁོར་བ་དོང་ནས་མ་སྤྲུགས་བར། །དེ་སྲིད་ཞི་བའི་དབྱིངས་སུ་མི་གཞོལ་བར། །འགྱུར་མེད་རྡོ་རྗེའི་སྐུ་རུ་བཞུགས་སུ་གསོལ། །འདིས་མཚོན་དུས་གསུམ་དགེ་རྩ་ཅི་མཆིས་པ། །བྱང་ཆུབ་རྡོ་རྗེ་བཀའ་བརྒྱུད་ཡབ་སྲས་ཀྱི། །རྣམ་ཐར་ཕྲིན་ལས་མྱུར་དུ་འགྲུབ་ཕྱིར་བསྔོ། །དེ་ནས་

p. 100

སླར་ཡང་རྗེ་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང༌། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང༌། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་

p. 101

གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །ཞེས་ཡན་ལག་བདུན་པ་སྨོན་ལམ་བཅས་ཅི་ནུས་བྱའོ། །དེ་ནས་གསོལ་འདེབས་ཀྱི་བསྙེན་པ་བྱ་བ་ནི། ཡིད་གཞན་དུ་མ་ཡེངས་པར་མོས་གུས་ཀྱི་གདུང་ཤུགས་དྲག་པོས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་

p. 102

པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་མ་ནམ་བཞི་སྐོར་ཁོ་ན་ལ་གྲངས་བཟུང༌། གཞན་ཡང་གང་ཟག་མཆོག་རྣམས་ཀྱིས་མཛད་པའི་གསོལ་འདེབས་ཇི་ལྟར་རིགས་པ་དང༌། ཁོ་བོས་བྱས་པའི་རྗེ་མར་པའི་གསོལ་འདེབས་སོགས་ཀྱང་སྤྲོ་ན་བཀླག་པར་བྱའོ། །མཐར། བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ།

p. 103

རྒྱུད་འདི་རྣམ་པར་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའང་ལན་ཅི་རིགས་བརྗོད་ལ། ཚད་མེད་

p. 104

ཐུགས་རྗེའི་མངའ་བདག་རིན་པོ་ཆེ། །སྲས་དང་བཅས་ལ་ཞུ་ཞིང་གསོལ་བ་ནི། །བསྟན་པའི་ཡང་སྙིང་སྒྲུབ་བརྒྱུད་རིན་པོ་ཆེ། །དར་རྒྱས་ཡུན་རིང་གནས་པར་མཛད་དུ་གསོལ། །དེ་འཛིན་སྐྱེས་བུ་དམ་པ་མ་ལུས་པ། །སྐུ་ཚེ་བརྟན་ཅིང་མཛད་ཕྲིན་འཕེལ་བ་དང༌། །འཇིག་རྟེན་ཁམས་ཀུན་ནད་མུག་འཁྲུགས་རྩོད་ཞི། །སྙིང་པོའི་བསྟན་པས་འདུལ་བར་མཛད་དུ་གསོལ། །བདུད་རིས་འབྱུང་པོའི་ལོག་པའི་བསམ་སྦྱོར་ཞི། །མི་དང་མི་མིན་མཐུ་བོ་ཆེ་རྣམས་ཀྱང༌། །ཁྱོད་དང་ཁྱོད་ཀྱི་བསྟན་ལ་དད་ཅིང་འདུན། །འགྲོ་དྲུག་ཐར་པའི་ཁ་ལོ་བསྒྱུར་དུ་གསོལ། །བདག་ཅག་ཚེ་འདིར་བསམ་དོན་ཆོས་བཞིན་འགྲུབ། །ཐར་པ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཞི། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་རུ། །རྗེ་བཙུན་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །ཆོས་བརྒྱད་འཆིངས་གྲོལ་ཉོན་མོངས་ཟུག་

p. 105

རྔུ་ཞི། །ཚད་མེད་བྱང་ཆུབ་སེམས་ཀྱི་གཏེར་ཁ་བརྡོལ། །ཡེ་ཤེས་ཉི་མ་ཁོང་ནས་འཆར་བ་ཡི། །མངའ་བདག་ལོ་ཙཱ་ཆེན་པོས་དངོས་གྲུབ་སྩོལ། །རྡོ་རྗེའི་ལམ་མཆོག་དཀའ་བ་མེད་པར་བགྲོད། །བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་ཚེ་འདིར་མྱུར་ཐོབ་པར། །དགྱེས་མཛད་ཧེ་རུ་ཀ་ཡི་ཐུགས་རྗེས་ཟུང༌། །ཟབ་ལམ་བླ་མའི་མོས་གུས་མཐར་ཕྱིན་ནས། །རང་རིག་ཆོས་སྐུ་གཉུག་མ་མངོན་དུ་གྱུར། །སྟན་ཐོག་འདི་རུ་ཟུང་འཇུག་ཡེ་ཤེས་སྐུ། །རྡོ་རྗེ་འཆང་དངོས་འགྲུབ་པར་མཛད་དུ་གསོལ། །དེ་ནས་དབང་བཞི་ལེན་པ་ནི། དཔལ་ལྡན་བླ་མ་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་སྨིན་བྱེད་དབང་བཞི་བསྐུར་དུ་གསོལ། །རྒྱུད་བཞི་མྱུར་དུ་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའི་གསོལ་བ་བཏབ་པའི་མོད་ཉིད་ལ། །

p. 106

འཁོར་རྣམས་འོད་ཞུ་གཙོ་བོ་ཉིད་ལ་ཐིམ། །གཙོ་བོ་དཀོན་མཆོག་ཀུན་འདུས་བདག་ཉིད་ལ། །རྣམ་པ་བླ་མ་དངོས་སུ་གསལ་གྱུར་པའི། །མཛོད་སྤུའི་གནས་ནས་འོད་ཟེར་དཀར་པོ་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་བསྐྱེད་རིམ་བསྒོམ་ལ་དབང༌། །འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་གྱུར། །མགྲིན་པའི་གནས་ནས་འོད་ཟེར་དམར་པོ་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་རྩ་རླུང་བསྒོམ་ལ་དབང༌། །འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་གྱུར། །ཐུགས་ཀའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས། །རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ཅིང་སྙོམས་འཇུག་བསྒོམ་ལ་དབང༌། །འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་གྱུར། །གནས་གསུམ་འོད་ཟེར་དཀར་དམར་མཐིང་

p. 107

གསུམ་འཕྲོས། །གནས་གསུམ་ལ་ཐིམ་སྒོ་གསུམ་དྲི་མ་སྦྱངས། །བཞི་པའི་དབང་ཐོབ་ཕྱག་ཆེན་བསྒོམ་ལ་དབང༌། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །སྐྱེ་འཆི་མེད་པ་ནམ་མཁའི་ཀློང་ཡངས་སུ། །འཕོ་འགྱུར་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །སྐྱེ་མེད་རང་སྒྲས་གཉུག་མའི་ངོ་སྤྲོད་དུ། །བསྩལ་ནས་བླ་མ་འོད་ཞུ་རང་ལ་ཐིམ། །རང་གི་ལུས་ངག་ཡིད་གསུམ་བླ་མ་ཡི། །རྡོ་རྗེ་གསུམ་པོ་དབྱེར་མེད་རོ་གཅིག་ཅིང༌། །ཁྱེར་སོ་གསུམ་ལྡན་ལྷུན་གྲུབ་རང་གྲོལ་ལོ། །ཞེས་མོས་གུས་ཀྱི་ནུས་པས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཆོས་སྐུའི་རང་ངོ་དེ་ཉིད་བཟོ་མེད་དུ་བསྐྱངས་ལ། ཐུན་མཚམས་སུ་སྣང་གྲགས་རྟོག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པ་ལམ་དུ་ཁྱེར་བར་བྱའོ། །གཉིས་པ་ལ་གཉིས། ཡི་དམ་བླ་མའི་རྣལ་འབྱོར་དངོས་དང༌། སྐུ་གསུམ་ལམ་དུ་ཁྱེར་བའོ། །དང་

p. 108

པོ་ནི། སྟོང་པའི་ངང་ལས་པད་ཉི་བདུད་བཞིའི་སྟེང༌། །རང་ཉིད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག །ཞལ་བཞི་སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས། །དབུ་སྐྲ་གྱེན་བརྫེས་སྣ་ཚོགས་རྡོ་རྗེས་མཚན། །གཡས་བརྒྱད་གཡོན་བརྒྱད་བཅུ་དྲུག་ཕྱག་རྣམས་ཀྱིས། །ཐོད་པ་བཅུད་ལྡན་བསྣམས་ཤིང་དང་པོ་གཉིས། །བདག་མེད་ནག་མོ་གྲི་ཐོད་འཛིན་ལ་འཁྱུད། །དུར་ཁྲོད་ཆས་སོགས་གར་གྱི་ཉམས་དང་ལྡན། །ཞབས་བཞི་མདུན་མ་སྐྱིལ་ཀྲུང་ཕྱེད་པའི་གར། །རྒྱབ་མ་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས། །ཡེ་ཤེས་རང་འོད་མེ་ཕུང་འབར་བ་ཡི། །སྤྱི་བོར་སྣ་ཚོགས་པད་མ་འདབ་མ་བཞི། །ཟེའུ་འབྲུ་སྔོན་པོར་ཉི་མའི་དཀྱིལ་འཁོར་ལ། །ངོ་བོ་རྗེ་བཙུན་མར་པ་ལོ་ཙཱ་བ། །རྣམ་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང༌། །ནམ་མཁའི་མདངས་ཅན་ཐབས་ཤེས་ཕྱག་རྒྱ་བསྣོལ། །

p. 109

རྣལ་འབྱོར་དམར་མོར་བདེ་སྟོང་སྙོམས་པར་འཇུག །འདབ་བཞིར་ངོ་བོ་ཐུགས་སྲས་ཀ་ཆེན་བཞི། །རྣམ་པ་ཧེ་རུ་ཀ་དཔལ་སྐུ་རུ་བཞེངས། །ཤར་དུ་གསང་འདུས་ཨིནྡྲ་ནཱི་ལའི་མདངས། །སྔོ་སངས་རེག་བྱ་རྡོ་རྗེ་མ་དང་སྦྱོར། །ལྷོ་རུ་དགྱེས་པ་རྡོ་རྗེ་བུང་བའི་མདོག །བདག་མེད་ལྷ་མོ་རང་འདྲའི་མདངས་ཅན་འཁྱུད། །ནུབ་ཏུ་དུས་ཀྱི་འཁོར་ལོ་འོད་ལྔའི་མདངས། །གསེར་མདོག་སྣ་ཚོགས་ཡུམ་གྱིས་དགྱེས་པར་འཁྲིལ། །བྱང་དུ་དཔལ་ལྡན་མཁའ་འགྲོ་དྲྭ་བ་སྡོམ། །ལྷན་སྐྱེས་གསང་བ་ཡེ་ཤེས་དམར་མོར་རོལ། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཛིན། །གཙོ་འཁོར་ཀུན་ཀྱང་གཅེར་བུ་རུས་པ་དང༌། །རིན་པོ་ཆེས་བརྒྱན་ཞབས་གཉིས་བརྐྱང་བསྐུམ་ཚུལ། །ཡེ་ཤེས་རང་འོད་མཁའ་ཁྱབ་མཁའ་ལ་འབར། །བདེ་སྟོང་དྲྭ་བས་འཁོར་འདས་བརྟན་གཡོ་སྡོམ། །སྒྱུ་

p. 110

འཕྲུལ་ཆེན་པོ་མིག་འཕྲུལ་ཀུན་གྱི་བདག །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་ཚོགས། །སྤྲིན་ལྟར་གཏིབས་པའི་གནས་གསུམ་རྡོ་རྗེ་གསུམ། །འོད་འཕྲོས་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་པ། །འཁོར་བཅས་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། དངོས་པོ་ཀུན་ལས་རྣམ་གྲོལ་ཞིང༌། །སྐྱེ་འགགས་རྟག་ཆད་མཐའ་དབུས་དང༌། །འགྲོ་འོང་གནས་པ་མི་མངའ་བའི། །ཕྱག་འཚལ་ཆོས་སྐུ་རྡོ་རྗེ་ལའོ། །ཞི་དང་ཁྲོ་བོའི་སྐུར་སྟོན་ཅིང༌། །གར་གྱི་ཉམས་དགུ་ལ་སོགས་པས། །འཁོར་གྱི་སེམས་དཔའ་འདུལ་མཛད་པའི། །ཕྱག་འཚལ་ལོངས་སྐུ་རྡོ་རྗེ་ལའོ། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས། །ཇི་སྲིད་འཁོར་བ་དེ་སྲིད་དུ། །འགྲོ་དོན་མཉམ་དུ་མཛད་པ་པོ། །ཕྱག་འཚལ་སྤྲུལ་སྐུ་རྡོ་རྗེ་ལའོ། །ཆུ་ཀླུང་རྒྱ་མཚོར་འབབ་པ་ལྟར། །

p. 111

སངས་རྒྱས་སྐུ་གསུམ་བདག་ཉིད་ཀྱང༌། །ཆོས་ཉིད་རྒྱ་མཚོར་གཤེགས་གྱུར་པའི། །ཕྱག་འཚལ་ངོ་བོ་ཉིད་སྐུ་ལའོ། །མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང༌། །སྒྲིབ་པའི་ཚོགས་ཀུན་བསལ་གྱུར་ཏེ། །ཡོན་ཏན་རྒྱུད་ལ་སྐྱེད་མཛད་པ། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །སངས་རྒྱས་ཀུན་འདུས་བླ་མའི་དྲུང༌། །གླིང་བཞི་རི་རབ་བཅས་པ་དང༌། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང༌། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །འགྲོ་ཚོགས་སྒོ་གསུམ་ལོངས་སྤྱོད་དང༌། །དགེ་ཚོགས་འབུལ་གྱིས་བཞེས་སུ་གསོལ། །ཕྱི་ཡི་མཆོད་པ་སྣ་ཚོགས་དང༌། །སྟོང་ཆེན་རྟོགས་པར་བྱེད་པའི་རོ། །དྲི་ཆེན་དྲི་ཆུ་རཀྟ་དང༌། །ཁུ་ཀླད་བདེ་ཆེན་འབར་བའི་རོ། །མི་རྟ་ཁྱི་བ་གླང་པོའི་ཤ།།ཡེ་ཤེས་བདུད་རྩིར་དག་པ་ཅན། །དཔལ་ལྡན་བླ་མ་མཆོག་

p. 112

ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཆོད་ལྷ་བླ་མའི་ཡུམ་ལ་ཐིམ། །ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས། །གསང་བ་བདེ་སྟོང་མཆོད་པས་དགྱེས། །མཚར་སྡུག་འོད་དུ་འབར་བར་གྱུར། །ལྟ་བ་འཁོར་འདས་དབྱེར་མེད་ལ། །མ་རིག་དབང་གིས་རིས་སུ་བཟུང༌། །གཉིས་མེད་གཉིས་སུ་འཁྲུལ་པ་ཀུན། །སྤྲོས་བྲལ་ཆེན་པོའི་ཀློང་དུ་བཤགས། །སྒོམ་པ་སྣང་སྲིད་ཆོས་སྐུ་ལ། །ཉེ་རིང་བཅོས་མའི་བློ་ཡིས་བསྒྲིབས། །བསྒོམ་འདོད་རྩོལ་བས་བཅིངས་པ་ཀུན། །མ་བཅོས་གཉུག་མའི་ཀློང་དུ་བཤགས། །སྤྱོད་པ་བྱར་མེད་ལྷུན་གྲུབ་ལ། །སྤང་དང་བླང་བྱ་སོ་སོར་འཛིན། །ཨ་འཐས་ཞེན་པའི་རྒྱ་རུ་འཐུམ། །བྱ་བྲལ་བློ་འདས་ངང་དུ་བཤགས། །འབྲས་བུ་སེམས་ཉིད་རིན་ཆེན་གཏེར། །སྤངས་ནས་གཞན་དུ་རྩོལ་སྒྲུབ་བྱས། །ཡང་དག་དོན་ལས་གོལ་བ་རྣམས། །བླ་མ་སངས་

p. 113

རྒྱས་སྤྱན་སྔར་བཤགས། །བཤགས་བྱ་བཤགས་བྱེད་མ་མཆིས་ཀྱང༌། །ཀུན་རྫོབ་ཙམ་དུ་བཤགས་བགྱི་བས། །ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །འགྲོ་ཀུན་སྙིང་ལ་སད་པར་ཤོག །ཅེས་ཕྱག་མཆོད་བཤགས་པ་བཅས་བྱས་ནས། སླར་ཡང་། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་

p. 114

བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང༌། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །བར་གོང་ལྟར་ཡན་ལག་བདུན་པའང་བྱའོ། །དེ་ནས་གསོལ་བ་གདབ་པ་ནི། ལཱ་ལ་རཱ་ས་དྷཱུ་ཏིར་དག་པའི་མཐུས། །དབེན་གསུམ་བདུད་རྩིས་བརླན་པའི་པདྨ་ཅན། །མི་ཤིགས་སྙིང་པོའི་ཆར་ཡང་རྡོ་རྗེའི་སྲོག །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྒྱུ་འཕྲུལ་དྲྭ་བའི་ཆ་ཤས་བཅུ་དྲུག་རྫོགས། །ཉིན་བྱེད་ཉི་ཤུའི་འོད་ཟེར་རྣམ་པར་འཕྲོ། །ཆགས་སྡང་རྨོངས་པ་ཆེན་པོའི་ཕ་རོལ་སོན། །

p. 115

ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དངོས་ཀུན་བྱང་ཆུབ་ཉེ་བར་ཐོབ་པས་སྡུད། །སྐད་ཅིག་མཁའ་སྣང་རྡུལ་མུན་མཆོག་ཏུ་རྫོགས། །ཐིག་རླུང་འགྱུར་མེད་སྣ་ཚོགས་རོ་ཡིས་མྱོས། །ལོ་ཙཱ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དགྱེས་མཛད་སྡོམ་པ་དཔལ་ལྡན་འདུས་པ་སྟེ། །ཁྱབ་བདག་དུས་འཁོར་བཅོམ་ལྡན་རྡོ་རྗེ་སེམས། །རྡོ་རྗེ་སློབ་དཔོན་གཟུགས་ཀྱིས་མངོན་སྤྲུལ་པ། །ལོ་ཙཱ་ཆེནཔོའི་ཞབས་ལ་གསོལ་བ་འདེབས། །བདག་ཀྱང་ཤེས་རབ་བཅོམ་ལྡན་འདས་མ་དང༌། །ཧེ་རུ་ཀ་དཔལ་སྙོམས་པར་འཇུག་པ་ལ། །སྤྱི་བོ་རིགས་བདག་མཆོག་གིས་སྤ་བ་ཡི། །ལོ་ཙཱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ། །སོགས་རྗེ་བརྒྱད་པའི་གསུང་ཉིད་ཚར་གྲངས་ཇི་ལྟར་རིགས་པའི་མཐར། ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་

p. 116

པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབསསོ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །མ་རིག་མུན་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དུག་ལྔའི་ནད་སེལ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དགོས་འདོད་ཀུན་འབྱུང་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་ཁ་ཙམ་ཚིག་ཙམ་མ་ཡིན་པའི་མོས་གུས་དྲག་པོས་གསོལ་བ་ནན་ཏན་དུ་གདབ། གཞན་ཡང༌། ཕ་དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཁྱབ་བདག་མར་པ་ལོ་ཙཱ་ལ་གསོལ་བ་འདེབས་སོ། །མཚུར་སྟོན་གསང་བ་འདུས་པ་ལ་གསོལ་བ་འདེབས་སོ། །དགྱེས་མཛད་ཆོས་སྐུ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །མེས་སྟོན་དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས་སོ། །བདེ་མཆོག་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །མཉམ་མེད་དྭགས་པོ་བཀའ་བརྒྱུད་ལ་

p. 117

གསོལ་བ་འདེབས་སོ། །དུས་གསུམ་བདེ་བར་གཤེགས་པ་ལ་གསོལ་བ་འདེབས་སོ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ་གསོལ་བ་འདེབས་སོ། །གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས་སོ། །བསྟན་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཞེས་ལན་གསུམ་གྱི་མཐར། རྗེ་དུས་གསུམ་གྱི་སངས་རྒྱས་བླ་མ་རིན་པོ་ཆེ། མགོན་པོ་ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་འཆད་པ་མངའ་བ་ལགས་པས་བདག་སོགས་འགྲོ་ཀུན་བློ་ཆོས་དང་མཐུན་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་མིན་གྱི་རྣམ་རྟོག་སྐད་ཅིག་ཀྱང་མི་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཅི་བྱས་ཆོས་སུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་བས་གཞན་གཅེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ངན་གྲོགས་སུ་འཆར་བར་

p. 118

བྱིན་གྱིས་བརླབ་ཏུ་གསོལ། ཉོན་མོངས་ལམ་དུ་སློང་བར་བྱིན་གྱིས་བརླབ་ཏུ་གསོལ། སྣང་བ་ཆོས་སྐུར་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་བཞིའི་གོ་འཕང་ད་ལྟ་ཉིད་དུ་ཐོབ་སྟེ་ཕྲིན་ལས་ནམ་མཁའ་དང་མཉམ་པས་སེམས་ཅན་ཐམས་ཅད་སྐད་ཅིག་ལ་རྒྱལ་བ་སྐུ་བཞིའི་གོ་འཕང་ལ་འགོད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་ཅི་རིགས་བརྗོད། དེ་ནས་ཐུན་མོང་མ་ཡིན་པའི་ཟབ་དབང་ཞུ་བའི་ཕྱིར་དུ། ཨེ་མའོ་ཨེ་མའོ་ཆོས། །ཨེ་མའོ་ཆོས་ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་པ། །རྡོ་རྗེ་རྒྱལ་པོར་ཕྱག་འཚལ་འདུད། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །གསོལ་བ་བཏབ་པས་འཁོར་རྣམས་འོད་དུ་ཞུ། །གཙོ་བོ་བླ་མ་རྡོ་རྗེ་

p. 119

འཆང་ལ་ཐིམ། །ཁྱབ་བདག་ཡབ་ཡུམ་སྙོམས་འཇུག་བདེ་བའི་སྒྲས། །རྒྱལ་བ་ནམ་མཁའ་གང་བ་སྤྱན་དྲངས་ཏེ། །ཡབ་རྣམས་ཡབ་དང་ཡུམ་རྣམས་ཡུམ་ཞལ་ཞུགས། །དཀར་དམར་བྱང་ཆུབ་སེམས་ཞུ་ཡབ་ཡུམ་གྱི། །སྦྱོར་མཚམས་ནས་བྱོན་རང་གི་ཚངས་བུག་ནས། །ཞུགས་ཏེ་རྩ་ཀུན་ཁྱབ་པས་རྩ་ཁམས་དག །བུམ་པའི་དབང་ཐོབ་འབྲས་བུ་སྐུ་རྡོ་རྗེ། །མངོན་བྱས་ཆུ་ཞབས་སྤྱི་བོར་བརྟེན་པ་ལས། །བླ་མ་ཡབ་ཡུམ་མཚར་སྡུག་འོད་དུ་འབར། །སླར་ཡང་འདོད་ཆགས་སྒྱུ་རྩལ་ཆེན་པོ་ཡིས། །རྡོ་རྗེས་པདྨ་དཀྲུགས་པའི་བྱང་ཆུབ་སེམས། །ཆུ་བོའི་རྒྱུན་བཞིན་བྱོན་ཏེ་མགྲིན་པ་ནས། །ཞུགས་ཤིང་རླུང་ཀུན་ཁྱབ་པས་ལས་རླུང་དག །གསང་བའི་དབང་ཐོབ་འབྲས་བུ་གསུང་རྡོ་རྗེ། །མངོན་བྱས་ཆུ་ལྷག་སྤྱི་བོར་འཕྱུར་བས་དགྱེས། །བླ་མའི་ཡུམ་ལས་ཡུམ་འཕྲོས་རང་ཉིད་ཀྱི། །

p. 120

ཡུམ་ལ་ཐིམ་པ་དེ་དང་སྙོམ་ཞུགས་པས། །སྤྱི་བོའི་ཧཾ་ལས་བྱང་སེམས་འཁོར་ལོ་བཞིར། །རིམ་པར་བབས་པས་དགའ་བཞིའི་ཡེ་ཤེས་མྱོང༌། །ནོར་བུའི་རྩེར་བྱོན་སླར་ཡང་གྱེན་ལྡོག་པས། །མས་བརྟན་དགའ་བ་བཅུ་དྲུག་མངོན་དུ་བྱས། །གཞོམ་མེད་བདེ་བ་བ་སྤུའི་མཐར་ཐུག་པར། །ཁྱབ་པས་ཐིག་ལེའི་འགྱུར་སྒྲིབ་ཀུན་དག་ནས། །ཤེར་ཡེའི་དབང་ཐོབ་འབྲས་བུ་ཐུགས་རྡོ་རྗེ། །མངོན་བྱས་ཡབ་ཡུམ་དགོངས་པ་བདག་ལ་གཏད། །དཔེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་མཐོང༌། །རང་སེམས་གཉུག་མ་ཆོས་སྐུ་རྗེན་པ་རུ། །རྟོགས་པས་ཤེས་བྱའི་སྒྲིབ་པ་ཕྲ་བ་དག །བཞི་པའི་དབང་ཐོབ་ཡེ་ཤེས་རྡོ་རྗེ་ཉིད། །མངོན་བྱས་ཕྱག་མཚན་རྡོར་དྲིལ་གར་སྟབས་བསྒྱུར། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྤྱི་བོ་སྙིང༌། །དྲིལ་བུ་གསུང་གི་དམ་ཚིག་ལྟེ་མགྲིན་དང༌། །ཕྱག་རྒྱ་སྐུ་ཡི་དམ་ཚིག་དབུ་མ་རུ། །

p. 121

བརྟན་པར་མཛད་ནས་ཡབ་ཡུམ་འོད་དུ་ཞུ། །རང་ལ་ཐིམ་པས་རང་གི་སྤྱི་བོ་རུ། །རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མས་བསྐོར། །མགྲིན་པར་གསང་འདུས་སྙིང་གར་ཧེ་བཛྲ། །ལྟེ་བར་བདེ་མཆོག་གསང་གནས་དུས་འཁོར་ལོ། །བ་སྤུ་དུས་གསུམ་སངས་རྒྱས་ཡན་ལག་རྣམས། །དཔའ་བོ་དཔའ་མོ་ཉིང་ལག་ཆོས་སྐྱོང་བའི། །སྲུང་མའི་ཚོགས་རྣམས་གདོད་ནས་གསལ་བར་བཞུགས། །ཞེས་མོས་ལ་འབྲུ་གསུམ་པོ་ཡིད་བཟླས་སམ་རྡོ་རྗེའི་བཟླས་པ་ཇི་ལྟར་འོས་པ་ཅི་ནུས་སུ་བྱ་ཞིང༌། ནུས་ན་བུམ་ཅན་ལ་བརྟེན་པའི་རྡོར་བཟླས་གཙོར་བྱ། ཡང་བུམ་ཅན་དྲག་ཏུ་དགང༌། འབར་འཛག་ལ་སེམས་གཏད། འཁོར་ལོ་ལྔའི་ལྷ་རྣམས་བདེ་བས་ཚིམ་པར་མོས། མཐར་ལྷ་དང་བླ་མ་རང་གི་སྒོ་གསུམ་དབྱེར་མེད་དུ་འདྲེས། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་གསལ་སྟོང་འཛིན་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོའི་རང་མདངས་ཅི་ནུས་བསྐྱང་ངོ་། །གཉིས་པ་སྐུ་གསུམ་ལམ་ཁྱེར་ལ་གསུམ་ལས།

p. 122

དང་པོ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར་ནི། རང་ལུས་བཅོམ་ལྡན་དགྱེས་པ་རྡོ་རྗེའི་སྐུ། །སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་རུ། །སེང་ཁྲི་པད་ཉི་ཟླ་བའི་གདན་གྱི་སྟེང༌། །དཔལ་ལྡན་བླ་མ་སྤྲུལ་སྐུ་ཤཱཀྱ་ཐུབ། །གསེར་མདོག་ས་གནོན་མཉམ་གཞག་ཕྱག་རྒྱ་ཅན། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་འོད་འཕྲོས་བསྐལ་བཟང་གི །སངས་རྒྱས་སྟོང་སོགས་སྤྲུལ་སྐུ་སྤྱན་དྲངས་ཐིམ། །ཞེས་མོས་ལ། མ་ནམ་བཞི་སྐོར་གྱི་སྤྲུལ་སྐུའི་གསོལ་འདེབས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་ཅི་ནུས་བཟླས་ལ། མཐར། བཅོམ་ལྡན་ཤཱཀ་ཐུབ་འོད་ཞུ་རང་ལ་ཐིམ། དེ་ཡིས་ཚུལ་ཁྲིམས་གཙང་ཞིང་བསྟན་འགྲོའི་དོན་འབྱུང་བའི་རྟེན་འབྲེལ་འགྲིག་པ་ཡིན་ནོ། །གཉིས་པ་ལོངས་སྐུའི་བླ་མའི་རྣལ་འབྱོར་ནི། རང་ལུས་བཅོམ་ལྡན་དགྱེས་པ་རྡོ་རྗེའི་སྐུ། །

p. 123

སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་རུ། །སེང་ཁྲི་པད་མ་ཟླ་བའི་གདན་གྱི་སྟེང༌། །དཔལ་ལྡན་བླ་མ་ལོངས་སྐུ་རྣམ་སྣང་མཛད། །དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་འོད་འཕྲོས་རིགས་ལྔ་སོགས། །རྒྱལ་བ་ལོངས་སྐུ་ཐམས་ཅད་སྤྱན་དྲངས་ཐིམ། །མ་ནམ་བཞི་སྐོར་ལས་ལོངས་སྐུའི་གསོལ་འདེབས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་བཟླ། རྣམ་སྣང་འོད་ཞུ་རང་ལ་ཐིམ་པར་གྱུར། ཅེས་བསྒོམས་པས་ས་ནོན་ཞིང་སྡོད་ཚུགས། ཚེ་རིང་ཞིང་བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་རྟེན་འབྲེལ་འགྲིག་གོ། །གསུམ་པ་ཆོས་སྐུའི་བླ་མའི་རྣལ་འབྱོར་ནི། རང་ལུས་བཅོམ་ལྡན་དགྱེས་པ་རྡོ་རྗེའི་སྐུ། །སྣང་ལ་རང་བཞིན་མེད་པའི་ཐུགས་ཀ་རུ། །སེང་ཁྲི་པད་མ་ཟླ་བའི་གདན་གྱི་

p. 124

སྟེང༌། །དཔལ་ལྡན་བླ་མ་ཆོས་སྐུ་རྡོ་རྗེ་འཆང༌། །རྒྱན་ཆས་ཡོངས་རྫོགས་ནམ་མཁའ་དང་བའི་མདོག །རྡོར་དྲིལ་བསྣོལ་འཛིན་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཆོས་སྐུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཐིམ། །མ་ནམ་བཞི་སྐོར་ལས་ཆོས་སྐུའི་གསོལ་འདེབས་བྱ་སྟེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་གསོལ་འདེབས་དེ་རྣམས་རྒྱང་འབོད་ཚུལ་དུ་གྲུབ་ན་ལེགས། བླ་མ་འོད་ཞུ་རང་སེམས་དབྱེར་མེད་གྱུར། ཅེས་མོས་ལ་གང་ཤར་གྱི་རང་ངོར་བཅོས་བསླད་མེད་པ་ཀློད་ནས་བཞག་པས་རིགས་པ་དྭངས་སྙིགས་ཕྱེད་ཅིང་གསལ་སྟོང་རྗེན་པའི་ཉམས་རྟོགས་འཆར་བར་འགྱུར་རོ། །གསུམ་པ་ལ་བཞི། རང་དོན་དུ་སྒྲུབ་ཅིང་མཆོད་ལ་བདག་ཉིད་འཇུག་པ་དང༌། གཞན་དོན་སློབ་མ་རྗེས་སུ་བཟུང་བ་དང༌། རྗེས་ཀྱི་ཆོ་ག་བྱ་བ། འཕྲོས་དོན་ཅུང་ཟད་སྨོས་པའོ། །དང་པོ་ནི། སྦྱོར་བ་ནི་གནས་

p. 125

གཙང་ཞིང་བཀོད་པས་མཛེས་པར་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་འབྲུའི་ཚོམ་བུ་ལྔ་བཀོད་པའི་ཁར་སྤྲོས་བཅས་བྱེད་ན་བུམ་པ་མགུལ་ཆིངས་རྫས་ལྡན་བཀོད་པའི་ཁར་ཐོད་པའི་བདུད་རྩི་དང༌། དབུ་རྒྱན་རྡོར་དྲིལ་རིག་ཙཀ་སོགས་ཅི་བདེར་བཞག །འབུལ་གཏོར་ལྔ་ཚར། ཕྱི་མཆོད་ཆུ་གཉིས་དང༌ཉེར་སྤྱོད་འབྱོར་ན་ཆ་ལྔས་བསྐོར། མ་འབྱོར་ན་ཆ་གཅིག་ཕྲེང་ཚར་དུ་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད། མིག་དར་མེ་ཏོག་ཌཱ་དྲིལ་སོགས་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས་བདག་གི་རྣལ་འབྱོར་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་ལས་ཆོས་འབྱུང་འབྱུང་བ་རིམ་བརྩེགས་རི། །པདྨ་སྲུང་འཁོར་སྣ་ཚོགས་རྡོ་རྗེའི་གཞིར། །ཡེ་ཤེས་གཞལ་ཡས་མཚན་ཉིད་རྫོགས་པའི་ནང༌། །སྣ་ཚོགས་པདྨ་འདབ་ལྔའི་ལྟེ་བ་རུ། །སེང་ཁྲི་པདྨ་ཟླ་ཉིའི་གདན་གྱི་སྟེང༌། །སེམས་ཉིད་རྒྱུ་དུས་བླ་མ་ཀུན་ཏུ་བཟང༌། །ཐུགས་རྗེའི་དབང་གིས་སྲིད་གསུམ་དོན་མཛད་ཕྱིར། །ཧཱུྃ་

p. 126

ལས་འབྲས་བུའི་བླ་མ་རྡོ་རྗེ་འཆང༌། །མཐིང་སྔོན་ཞི་འཛུམ་རལ་པའི་ཐོར་ཚུགས་ལ། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་སྤྲས། །ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་དང་ཕྱག་རྒྱ་དྲུག་གིས་སྤྲས། །དར་གྱི་གོས་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མདུན་ནས་གཡས་བསྐོར་གྱད་དང་གླང་ཆེན་རྟ། །རྨ་བྱ་ཤང་ཤང་པད་ཉིའི་ཁྲི་གདན་སྟེང༌། །གཙོ་བོའི་དབྱིངས་ལས་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ འཕྲོས་པ་ཡོངས་གྱུར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་མཐའ་ཡས་དོན་གྲུབ་ཡབ་ཡུམ་རྣམས། །དཀར་སྔོ་སེར་དམར་ལྗང་གུའི་ཁ་དོག་ཅན། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཁྱུད། །འཁོར་ལོས་སྒྱུར་བའི་ཆས་ལྡན་སྐྱིལ་ཀྲུང་བཞུགས། །ཐམས་ཅད་ཡེ་ཤེས་རང་འོད་མུ་མེད་འཕྲོ། །སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿ་ཧཱུྃ་གིས་མཚན། །

p. 127

འོད་འཕྲོས་བླ་མ་ཡེ་ཤེས་འཁོར་ལོ་ལ། །དཔའ་བོ་རྣལ་འབྱོར་མས་བསྐོར་སྤྱན་དྲངས་གྱུར། །ཕེཾ། ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་གྱུར། །ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་སྔོན་པོ་གསལ། རིགས་ལྔ་ལ་སོ་སོའི་ས་བོན་དང་དེ་དག་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་མོས་ལ། ཨོཾ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་བཟླ། སྤྲོ་ན་ཕྲ་ཐིག་གི་རྣལ་འབྱོར་སྤྱི་ལྟར་བསྒོམ། དེ་ནས་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་ནི། རྡོ་རྗེ་བླངས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ། དྲིལ་བུ་བླངས་ལ། ཨོཾ་བཛྲ་གྷཎྜེ་ཨཱཿ ཐལ་མོ་མཉམ་པར་སྦྱར། སྔོན་གཏོར། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེས་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཡིན་རུང༌། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེ་བདག་པོའི་བཀའ་ཡིས་ནི། །ལུས་སྲུལ་ལ་སོགས་འགས་བྱ་སྟེ། །འདིར་ནི་བརླག་

p. 128

འགྱུར་གཞན་དུ་མིན། །ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་ལ་གཏོར་མ་དོར། བཛྲ་རཀྵ་རཀྵ། ཞེས་པས་སྲུང་འཁོར་བསྒོམ། མཆོད་རྫས་རྣམས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་ཡེ་ཤེས་ཀྱི། །རང་བཞིན་ཀུན་བཟང་རྣམ་འཕྲུལ་ལས་བྱུང་བ། །ཟག་མེད་བདེ་བསྐྱེད་ནམ་མཁའི་མཐའ་དང་མཉམ། །འཁོར་བ་མ་སྟོང་བར་དུ་འབྱུང་གྱུར་ཅིག ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་ནས་ཤབྡ་ཧཱུྃ་གི་བར་གྱིས་བྱིན་བརླབ། མདུན་རྟེན་དཀྱིལ་འཁོར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་ལས་ཆོས་འབྱུང་འབྱུང་བ་རིམ་བརྩེགས་རི། །པདྨ་སྲུང་འཁོར་སྣ་ཚོགས་རྡོ་རྗེའི་གཞིར། །ཡེ་ཤེས་གཞལ་ཡས་མཚན་ཉིད་རྫོགས་པའི་ནང༌། །སྣ་ཚོགས་པདྨ་འདབ་ལྔའི་ལྟེ་བ་རུ། །སེང་ཁྲི་པདྨ་ཟླ་ཉིའི་གདན་གྱི་སྟེང༌། །རྒྱུ་དུས་བླ་མ་ཁྱབ་བདག་ཀུན་ཏུ་བཟང༌། །ཐུགས་རྗེས་དབང་གིས་སྲིད་གསུམ་དོན་མཛད་ཕྱིར། །ཧཱུྃ་ལས་འབྲས་བུའི་བླ་མ་རྡོ་རྗེ་འཆང༌། །

p. 129

མཐིང་སྔོན་ཞི་འཛུམ་རལ་པའི་ཐོར་ཚུགས་ལ། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་སྤྲས། །ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་དང་ཕྱག་རྒྱ་དྲུག་གིས་སྤྲས། །དར་གྱི་གོས་གསོལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མདུན་ནས་གཡས་བསྐོར་གྱད་དང་གླང་ཆེན་རྟ། །རྨ་བྱ་ཤང་ཤང་པད་ཉིའི་ཁྲི་གདན་སྟེང༌། །གཙོ་བོའི་དབྱིངས་ལས་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ འཕྲོས་པ་ཡོངས་གྱུར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་མཐའ་ཡས་དོན་གྲུབ་ཡབ་ཡུམ་རྣམས། །དཀར་སྔོ་སེར་དམར་ལྗང་གུའི་ཁ་དོག་ཅན། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་ཐོད་འཁྱུད། །འཁོར་ལོས་སྒྱུར་བའི་ཆས་ལྡན་སྐྱིལ་ཀྲུང་བཞུགས། །ཐམས་ཅད་ཡེ་ཤེས་རང་འོད་མུ་མེད་འཕྲོ། །སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿ་ཧཱུྃ་གིས་མཚན། །འོད་འཕྲོས་བླ་མ་ཡེ་ཤེས་

p. 130

འཁོར་ལོ་ལ། །དཔའ་བོ་རྣལ་འབྱོར་མས་བསྐོར་སྤྱན་དྲངས་གྱུར། །ཕེཾ། ཞེས་པའི་བར་གོང་ལྟར་བརྗོད་ཅིང་བསྒོམ་ལ། ཧཱུྃ། འགྲོ་མགོན་ཐུགས་རྗེས་སྤྱན་ལྡན་རྣམས། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང༌། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །ཨོཾ་གུ་རུ་ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ཞེས་དམ་ཚིག་པ་ལ་བསྟིམ། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ། །སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་ཆུ་ལྷག་ཡར་ལུད་པས། །གཙོ་འཁོར་ཀུན་ལ་རྡོར་སེམས་དབུ་བརྒྱན་གྱུར། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་སཏྐ་ར་མ་ཧཱ་ཨརྠ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱདྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་དབང་བསྐུར་རྒྱས་གདབ་པ་དང་ཆུ་གཉིས་ཕུལ་ལ་

p. 131

བཞུགས་སུ་གསོལ། དེ་ནས་ཕྱག་བྱ་བ་ནི། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་འཐོབ་མཛད་པའི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དེ་ནས་མཆོད་པ་བཅུ་གཉིས་འབུལ་བ་ནི། ཧཱུྃ། ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆབ། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་གྱིས། །རྒྱལ་བའི་ཞལ་ལ་ཞལ་བསིལ་འདི་ཕུལ་བས། །འགྲོ་ཀུན་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྤོས་དང་ཙན་དན་ལ་སོགས་སྦྱར་བ་ཡི། །ལས་ཀུན་བྱེད་པའི་ཆུ་གཙང་དམ་པ་ཡིས། །རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས། །འགྲོ་ཀུན་གློ་བུར་དྲི་མ་དག་པར་ཤོག །ཆུ་སྐྱེས་ཐང་སྐྱེས་ཡིད་ལས་གྱུར་པ་ཡི། །བྱང་ཆུབ་ཡན་ལག་

p. 132

མཛེས་པའི་མེ་ཏོག་འདི། །སྦྱིན་པའི་རང་བཞིན་རྒྱལ་བའི་དབུ་ལ་འབུལ། །འགྲོ་ཀུན་འབྱོར་བ་ཕུན་སུམ་ཚོགས་པར་ཤོག །ལྷན་ཅིག་སྐྱེས་དང་ཡོངས་སུ་སྦྱར་བ་ཡི། །རབ་ཏུ་ཚིམ་བྱེད་བདུག་སྤོས་དམ་པ་འདི། །ཚུལ་ཁྲིམས་རང་བཞིན་རྒྱལ་བའི་ཤངས་ལ་འབུལ། །འགྲོ་ཀུན་དལ་འབྱོར་ཡོན་ཏན་རྫོགས་པར་ཤོག ། གསལ་ཞིང་མིག་ལ་མཛེས་པར་སྣང་བ་ཡི། །མ་རིག་མུན་སེལ་སྣང་བྱེད་སྒྲོན་མེ་འདི། །བཟོད་པའི་རང་བཞིན་རྒྱལ་བའི་སྤྱན་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་རྫོགས་པར་ཤོག །ཙནྡན་ག་པུར་གུར་གུམ་ལ་སོགས་པའི། །རྣམ་མང་དྲི་ཞིམ་བྱུགས་པ་དམ་པ་འདི། །བརྩོན་འགྲུས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་ཀུན་ཡོན་ཏན་གོང་དུ་འཕེལ་བར་ཤོག །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་མཆོག །ཕུན་ཚོགས་ཐམས་ཅད་འབྱུང་བ་བདུད་རྩིའི་

p. 133

རིགས། །བསམ་གཏན་རང་བཞིན་རྒྱལ་བའི་ལྗགས་ལ་འབུལ། །འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག །ཡན་ལག་ལྔ་ལྡན་རོལ་མོ་སིལ་སྙན་འདི། །ཤེས་རབ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། །བསོད་ནམས་འདི་ཡིས་ཟག་མེད་ཆོས་རྣམས་ཀུན། །འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་བར་ཤོག ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། དབང་པོ་ཚིམ་བྱེད་འདོད་པའི་ཡོན་ཏན་ལྔ། །ཕུན་སུམ་ཚོགས་པ་མཆོག་གི་ལོངས་སྤྱོད་རྣམས། །ཐབས་ཀྱི་རང་བཞིན་རྒྱལ་བ་རྣམས་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞིང་སྐྱེས་སྔགས་སྐྱེས་རང་བཞིན་ལྷན་

p. 134

ཅིག་སྐྱེས། །ཡིད་ལས་བྱུང་བ་སྤྲུལ་པའི་ལྷ་མོའི་ཚོགས། །སྟོབས་ཀྱི་རང་བཞིན་རྒྱལ་བའི་གཟུངས་མར་འབུལ། །འགྲོ་བ་ཀུན་གྱི་བདེ་བ་མཆོག་ཐོབ་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་སརྦ་མུ་དྲ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། རྒྱལ་བའི་ཡོན་ཏན་མ་ལུས་དགེ་བའི་ཚོགས། །དད་པའི་ཡིད་ཀྱིས་བསྐུལ་ཞིང་བརྗོད་པ་འདི། །སྨོན་ལམ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། །འགྲོ་ཀུན་སངས་རྒྱས་ཡོན་ཏན་ཐོབ་པར་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་སྟུ་ཏི་གཱི་ཏཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཡང་དག་པར་ནི་མཉམ་པར་བཞག་པའི་དོན། །ཡེ་ཤེས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་བ་ཀུན་གྱི་ཆོས་ཉིད་དོན་རྟོགས་ཤོག །དེ་ནས་བསྟོད་པ་བྱ་སྟེ། ཧཱུྃ། སྐྱེས་མཆོག་ཁྱེད་ཀྱིས་སྤངས་པ་དང༌། །ཡེ་ཤེས་

p. 135

ཆེ་བའི་བདག་ཉིད་ལ། །སངས་རྒྱས་ལྔ་རུ་གྲགས་པ་སྟེ། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ཆེ། །དབྱིངས་ཕྱུག་མ་དང་རྣམ་རོལ་ཞིང༌། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །ཞེ་སྡང་མེ་ལོང་ཡེ་ཤེས་ཆེ། །མ་མཱ་ཀི་དང་རྣམ་རོལ་ཞིང༌། །རྣམ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལའོ། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཆེ། །སངས་རྒྱས་སྤྱན་དང་རྣམ་རོལ་ཞིང་། །ཚོར་བའི་ཕོང་པོ་རྣམ་དག་པ། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །འདོད་ཆགས་ཀུན་རྟོག་ཡེ་ཤེས་ཆེ། །གོས་དཀར་མོ་དང་རྣམ་རོལ་ཞིང༌། །འདུ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ཆེ། །དམ་ཚིག་སྒྲོལ་དང་མཉམ་རོལ་ཞིང༌། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཕྱག་

p. 136

འཚལ་དོན་ཡོད་གྲུབ་པ་ལའོ། །རྣམ་དག་ཡེ་ཤེས་ལྔ་དང་ལྡན། །ཕུང་པོ་ལྔ་ལ་རྣམ་རོལ་ཞིང༌། །ཐབས་ཤེས་ཟུང་འཇུག་རྡོ་རྗེའི་སྐུ། །ཕྱག་འཚལ་ཀུན་འདུས་རྡོ་རྗེ་ལའོ། །དེ་ནས་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་སྤྲོ་ན་གཞན་ནས་འབྱུང་བ་ལྟར་ལ། བསྡུ་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་བཤགས་པར་བྱ། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་

p. 137

བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང༌། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །བར་བྱས། མདུན་བསྐྱེད་ལ་དམིགས་ཏེ། ཨོཾ་བཛྲ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་བསྙེན་པ་ཅི་འགྲུབ་བཟླ། དེ་ནས་བུམ་ཐོད། སྭ་བྷཱ་ཝས་སྦྱང༌། སྟོང་ལས་བུམ་ཐོད་མཚན་ཉིད་ཡོངས་རྫོགས་པའི། །འོག་གི་ཆ་ལ་བདུད་རྩིའི་རྒྱ་མཚོ་འཁྱིལ། །དེ་དབུས་རབ་རྒྱས་པདྨའི་སྡོང་པོའི་རྩེར། །ཡེ་ཤེས་གཞལ་ཡས་མཚན་ཉིད་རྫོགས་པའི་ནང༌། །སྣ་ཚོགས་པདྨ་འདབ་ལྔའི་ལྟེ་བ་

p. 138

རུ། །སེང་ཁྲི་པདྨ་ཟླ་ཉིའི་གདན་གྱི་སྟེང༌། །རྒྱུ་དུས་བླ་མ་ཁྱབ་བདག་ཀུན་ཏུ་བཟང༌། །ཐུགས་རྗེའི་དབང་གིས་སྲིད་གསུམ་དོན་མཛད་ཕྱིར། །ཧཱུྃ་ལས་འབྲས་བུའི་བླ་མ་རྡོ་རྗེ་འཆང༌། །མཐིང་སྔོན་ཞི་འཛུམ་རལ་པའི་ཐོར་ཚུགས་ལ། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་སྤྲས། །ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་དང་ཕྱག་རྒྱ་དྲུག་གིས་སྤྲས། །དར་གྱི་གོས་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྙེམས་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད། །མདུན་ནས་གཡས་བསྐོར་གྱད་དང་གླང་ཆེན་རྟ། །རྨ་བྱ་ཤང་ཤང་པད་ཉིའི་ཁྲི་གདན་སྟེང༌། །གཙོ་བོའི་དབྱིངས་ལས་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ འཕྲོས་པ་ཡོངས་གྱུར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་མཐའ་ཡས་དོན་གྲུབ་ཡབ་ཡུམ་རྣམས། །དཀར་སྔོ་སེར་དམར་ལྗང་གུའི་ཁ་དོག་ཅན། །ཡབ་རྣམས་རྡོར་དྲིལ་ཡུམ་རྣམས་གྲི་

p. 139

ཐོད་འཁྱུད། །འཁོར་ལོས་སྒྱུར་བའི་ཆས་ལྡན་སྐྱིལ་ཀྲུང་བཞུགས། །ཐམས་ཅད་ཡེ་ཤེས་རང་འོད་མུ་མེད་འཕྲོ། །སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿ་ཧཱུྃ་གིས་མཚན། །འོད་འཕྲོས་བླ་མ་ཡེ་ཤེས་འཁོར་ལོ་ལ། །དཔའ་བོ་རྣལ་འབྱོར་མས་བསྐོར་སྤྱན་དྲངས་གྱུར། །ཕེཾ། ཞེས་བརྗོད་ཅིང་བསྒོམ་ལ། ཧཱུྃ། འགྲོ་མགོན་ཐུགས་རྗེའི་སྤྱན་ལྡན་རྣམས། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང༌། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །ཨོཾ་གུ་རུ་ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ཞེས་དམ་ཚིག་པ་ལ་བསྟིམ། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ། །སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་ཆུ་ལྷག་ཡར་ལུད་པས། །གཙོ་འཁོར་ཀུན་ལ་རྡོར་སེམས་དབུ་བརྒྱན་གྱུར། །བར་མདུན་བསྐྱེད་སྐབས་ལྟར་བྱ། དེ་ནས།

p. 140

ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞེས་སྔགས་ཙམ་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། སྔགས་ཀྱི་འོད་ཟེར་གཟུངས་ཐག་འཁྲིལ་ནས་སོང༌། །ཐོད་པའི་ལྷར་ཕོག་འོད་ཞུ་བདུད་རྩིའི་རྒྱུན། །བུམ་ལྷར་ཐིམ་པས་བུམ་ལྷ་ཡེ་ཤེས་ཀྱི། །བདུད་རྩིར་ཞུ་བས་བུམ་པ་ཁེངས་པར་གྱུར། །ཅེས་མོས་ལ་སྔགས་བཟླ། ལས་བུམ་སུམྦྷ་ནིའི་སྔགས་ཀྱིས་བྱིན་བརླབ། དེ་ནས་བདག་ཉིད་འཇུག་པ་ནི། ཁྲུས་བྱས། མཎྜལ་ལམ་ཟབ་མོ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བཞི་ཡོངས་སུ་རྫོགས་པར་ཞུ་བའི་ཡོན་དུ་འབུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་བདག་

p. 141

སྐྱབས་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུད་སྦྱང༌། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་གིས་བརྟན་པར་བྱས། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ། ལག་གཉིས་ཀྱིས་མེ་ཏོག་བཟུང་ལ་དཀྱིལ་འཁོར་དུ་བཅུག །སློབ་མ་རྒྱུ་དུས་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་འཆང་དུ་གྱུར། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་འོད་ཟེར་སྣ་ཚོགས་པ་སློབ་མའི་ལུས་ལ་ཞུགས་པས་ཟུང་འཇུག་འབྲས་བུའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དང་དབྱེར་མི་ཕྱེད་པར་

p. 142

གྱུར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། གུ་གུལ་ཟླ་མཚན་འདྲེས་པ་བསྲེག །རོལ་མོའི་སྒྲ་དྲག་པོ་བཅས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། པྲ་ཏཱིཙྪ་བཛྲ་ཧོཿ ས་སློབ་དཔོན་གྱི་སྐུ་ལུས་ལ་མེ་ཏོག་དོར་བས་གནས་ལྔ་སོ་སོའི་རིགས་ངེས་པར་བྱ། པྲ་ཏི་གྲྀཧྣ་སྟྭཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་པས་ཕྲེང་བ་སྦྱིན། ཨོཾ་ཨཱཿཧཱུྃ་གིས་མིག་དར་དབྱེ། རིག་པའི་དབང་ལྔའི་དོན་དུ་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ། སློབ་མ་དང་དབང་རྫས་ལས་བུམ་གྱི་ཆུས་བསང༌། སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཧཱུྃ་ཡིག་སྔོན་པོ་སོ་སོར་ཡོངས་གྱུར་ལས། །མི་བསྐྱོད་རྡོ་རྗེ་འཆང་ཆེན་སྐུ་མདོག་སྔོ། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བཾ་ཧོཿདབང་རྫས་མི་བསྐྱོད་པ། །འོད་

p. 143

དུ་ཞུ་བ་བུམ་པའི་བདུད་རྩིར་གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང༌། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །བུམ་པས་དབང་བསྐུར་བུམ་ཆུ་སྦྱིན་ལ། རྡོ་རྗེ་ཆེན་པོའི་དབང་བསྐུར་བས། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཅོད་པན་བསང་སྦྱང་། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཏྲཱྃ་ཡིག་སེར་པོ་སོ་སོར་ཡོངས་གྱུར་ལས། །རིན་འབྱུང་རྡོ་རྗེ་འཆང་ཆེན་སྐུ་མདོག་སེར། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བཾ་ཧོཿདབང་རྫས་རིན་ཆེན་འབྱུང་། །འོད་དུ་ཞུ་བ་རིན་ཆེན་དབུ་རྒྱན་

p. 144

གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང༌། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་མི། མགོར་བསྐོན། རྡོ་རྗེ་བསང་སྦྱང༌། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཧྲཱིཿཡིག་དམར་པོ་སོ་སོར་ཡོངས་གྱུར་ལས། །མཐའ་ཡས་རྡོ་རྗེ་འཆང་ཆེན་སྐུ་མདོག་དམར། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བཾ་ཧོཿདབང་རྫས་སྣང་མཐའ་ཡས། །འོད་དུ་ཞུ་བ་རྡོ་རྗེ་རྩེ་ལྔར་གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་

p. 145

པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་ཞིང༌། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་པདྨ་ཨ་བྷི་ཥིཉྩ་མི། ལག་གཡས་པར་བཏད། དྲིལ་བུ་བསང་སྦྱང༌། སྟོང་ལས་པད་ཉིར་སློབ་མ་དབང་གི་རྫས། །ཨཱཿཡིག་ལྗང་གུ་སོ་སོར་ཡོངས་གྱུར་ལས། །དོན་གྲུབ་རྡོ་རྗེ་འཆང་ཆེན་སྐུ་མདོག་ལྗང༌། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བཾ་ཧོཿདབང་རྫས་དོན་ཡོད་གྲུབ། །འོད་དུ་ཞུ་བ་དྲིལ་བུ་སྒྲ་ལྡན་གྱུར། །དཀྱིལ་འཁོར་དེ་བཞིན་གཤེགས་རྣམས་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་དབང་

p. 146

བསྐུར་ཞིང༌། །དབང་ཡུལ་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། །ལས་དབང་ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་གྱུར། །སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནི་རབ་གྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་མི། ལག་གཡོན་དུ་གཏད། སློབ་མ་བསང་སྦྱང༌། སྟོང་ལས་པད་ཉིར་སློབ་མ་ཨོཾ་ཡིག་ལས། །རྣམ་སྣང་རྡོ་རྗེ་འཆང་ཆེན་སྐུ་མདོག་དཀར། །རྒྱན་རྫོགས་རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ས་བོན་འོད་ཀྱིས་ཡེ་ཤེས་པ། །ཛཿཧཱུྃ་བཾ་ཧོཿལྷ་རྣམས་དབང་བསྐུར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱཻ། དཔལ་གསང་མཚན་དྲན་པར་བྱས། དབང་བསྐུར་ཕུང་པོ་ཁམས་ལྔ་མ་རིག་པའི། །དྲི་སྦྱངས་ཡེ་ཤེས་ལྔ་པོ་རྒྱུད་ལ་སྐྱེས། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། དཔའ་བོ་ཆེན་

p. 147

པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །སློབ་མ་བསང་སྦྱང༌། དཀྱིལ་འཁོར་ཤར་ཁྱམས་སེང་གེས་བཏེགས་པའི་ཁྲིར། །སློབ་མ་རིགས་རྣམས་ཀུན་གྱི་བདག་པོར་གྱུར། །རྡོར་དྲིལ་འཁྱུད་རྒྱ་བཅས། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང༌། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཐུགས་གསུང་སྐུའི། །བརྟུལ་ཞུགས་གསུམ་དང་འབྲལ་མེད་དོན་གྱིས་ཤིག །དེ་ལྟར་ལུས་ཀྱི་སྒྲིབ་དག་བུམ་དབང་ཐོབ། །བསྐྱེད་རིམ་ལ་དབང་སྤྲུལ་སྐུའི་སྐལ་ལྡན་གྱུར། །དབང་གོང་མ་གསུམ་གྱི་དོན་དུ་མཎྜལ་ཕུལ། ཁྱབ་བདག་བདག་ལ་སྨན་པ་དང༌། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །

p. 148

ཅེས་གསོལ་བ་གདབ། བླ་མ་ཡབ་ཡུམ་སྙོམས་ཞུགས་རྡོ་རྗེ་བཞིའི། །ལྷ་ཚོགས་ཞུ་བའི་བྱང་སེམས་སྩལ་བར་གྱུར། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བདུད་རྩི་མྱོང༌། དེ་ལྟར་ངག་གི་སྒྲིབ་དག་གསང་དབང་ཐོབ། །བདག་བྱིན་རླབས་དང་ལོངས་སྐུའི་སྐལ་ལྡན་གྱུར། །སློབ་མ་རྡོ་རྗེ་འཆང་དུ་གསལ་བ་ལ། །རིག་མ་སྙེམས་མའི་རང་བཞིན་སྩལ་བར་གྱུར། །ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །དེ་དང་སྙོམས་ཞུགས་དགའ་དང་མཆོག་དགའི་མཐར། །ལྷན་སྐྱེས་དཔེ་ཡི་ཡེ་ཤེས་ཉམས་སུ་མྱོང༌། །དེ་ལྟར་ཡིད་ཀྱི་སྒྲིབ་དག་ཤེར་དབང་ཐོབ། །ཕོ་

p. 149

ཉའི་ལམ་དང་ཆོས་སྐུའི་སྐལ་ལྡན་གྱུར། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེ་ལྟར་ཆ་སྙོམས་སྒྲིབ་དག་ཚིག་དབང་ཐོབ། །ལམ་དུས་ཕྱག་རྒྱ་ཆེན་པོ་བསྒོམ་ལ་དབང༌། །ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །འདིར་སློབ་མར་དབང་བསྐུར་སོགས་ལ་ཅུང་ཟད་རྒྱས་པར་སྤྲོ་ན། དབང་གོང་མ་གསུམ་ལ་མཎྜལ་གསོལ་གདབ་སོ་སོ། ཐོག་མཐར་མིག་དར་བཅིང་གྲོལ་ཡང་བྱའོ། །དེ་ནས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་ཐུན་མོང་མ་ཡིན་པའི་དམ་ཚིག་འབོགས། རྗེས་དམ་ཚིག་ཁས་ལེན་པ། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །གཉིས་པ་གཞན་དོན་དབང་བསྐུར་བའི་ཚུལ་ནི། བདག་སྐྱེད་ཁོ་ན་ལ་བརྟེན་ནས་དབང་བསྐུར་བ་གཞུང་དོན་ཡིན་ཀྱང༌། ལས་དང་པོ་པའི་བླ་སློབ་འཚོགས་སྐབས་བདག་

p. 150

མདུན་སྒྲུབ་མཆོད་བདག་འཇུག་བྱས་ཀྱང་ཆོག་ལ། གང་ལྟར་རྩ་བ་བདག་འཇུག་ཉིད་ལ། མཚམས་སྦྱོར་རྒྱས་པ་དང་དོན་དང་མི་འགལ་བའི་ཚིག་ཕྲེང་ཇི་ལྟར་འོས་པ་བརྗོད་ཅིང་ཉན་བདེ་བར་སྦྱར་བས་འགྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ཚོགས་མཆོད་བྱ་བར་སྤྲོ་ན། སྐབས་འདིའམ་བདག་འཇུག་དབང་བསྐུར་རྣམས་ཀྱི་ཐོག་མཐའ་གང་དུའང་རུང་ལ་དེའི་ཚུལ་ནི་འོག་ནས་འབྱུང་བ་ལྟར་རོ། །ཚོགས་མཆོད་མ་གྲུབ་ན་གཏོར་འབུལ་ཁོ་ནས་ཀྱང་ཆོག་པས། དེ་ལྟར་ན། གཏོར་མ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། རང་གི་སྙིང་གའི་འོད་ཀྱིས་བརྟན་གཡོ་ཀུན། །ཐམས་ཅད་བླ་མ་རྡོ་རྗེ་གསུམ་སྣང་བའི། །ལྗགས་ཀྱི་འོད་ཟེར་རྡོ་རྗེ་སྦུ་གུ་ཡིས། །གཏོར་མའི་བཅུད་གསོལ་བདེ་བས་དགྱེས་པར་གྱུར། །བསྙེན་སྔགས་ལ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱི་མཐར། བདག་དང་སེམས་ཅན་ཀུན་གྱིས་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་སྟེ་ཚོགས་མཆོད་དང་གཏོར་འབུལ་གཉིས་ཀ་བྱེད་ན་འདི་ཉིད་ཚོགས་ཀྱི་གོང་

p. 151

དུ་སྦྱར་བ་ཡིན་ནོ། །༈ ཚོགས་མཆོད་ནི། སྟེགས་བུ་ཞིང་གི་ཁེབས་དང་ལྡན་པའི་དབུས་སུ་ཐོད་པ་མཚན་ལྡན་མྱོས་བྱེད་བདུད་རྩི་རིལ་བུ་སྦྱར་བས་བཀང་བའི་མཐའ་བསྐོར་དུ་མཱཾ་ས་དང་བ་ལ་གཙོ་བོར་གྱུར་པའི་དམ་རྫས་ཇི་ལྟར་འབྱོར་བས་བསྐོར། དུད་སོལ་མའི་མཆོད་གཏོར་སྤོས་མར་མེ་བཅུག་པའང་བཤམས་ཤིང་། བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་བསང་སྦྱང༌། སྟོང་པའི་ངང་ལས་ཡྃ་རྃ་རླུང་མེའི་སྟེང༌། །ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་དང༌། །བདུད་རྩི་ལྔ་པོ་ཕྱི་ཡི་རྣམ་པ་ཨོཾ། །སྲོད་ལ་ཨཱཿས་མཚན་དེ་སྟེང་ཟླ་ཕྱེད་དང༌། །རྡོ་རྗེ་ཧཱུྃ་མཚན་མགོ་བོ་མཐུར་དུ་བསྟན། །རླུང་གཡོས་མེ་སྦར་རྫས་ཞུ་ཨོཾ་དང་ཨཱཿའི། །འོད་ཀྱིས་ཧཱུྃ་ལས་ཡེ་ཤེས་བདུད་རྩི་བབས། །ཨོཾ་ཨཱཿཧཱུྃ། གསུམ། ཟླ་ཕྱེད་རྡོ་རྗེ་དང་བཅས་ལྟུང་སྟེ་ཞུ། །དམ་ཡེ་གཉིས་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་

p. 152

ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ། གནས་གསང་བ་མཆོག་གི་དགྱེས་པ་ནས། །དཔལ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་མཁའ་སྦྱོར་ལོངས་སྐུའི་ཞིང་ཁམས་ནས། །བཀའ་བཞི་བརྒྱུད་པའི་བླ་མ་གནས་འདིར་བྱོན། །གནས་རྡོ་རྗེ་བཙུན་མོའི་བྷ་ག་ནས། །དགྱེས་མཛད་མར་སྟོན་ཆེན་པོ་གནས་འདིར་བྱོན། །གནས་སྒྱུ་འཕྲུལ་དྲ་བའི་ཕོ་བྲང་ནས། །རྗེ་མཚུར་སྟོན་ཡབ་སྲས་གནས་འདིར་བྱོན། །གནས་མཁའ་སྤྱོད་བཙུན་མོའི་ཚོགས་དབུས་ནས། །རྗེ་རྔོག་སྟོན་ཡབ་སྲས་གནས་

p. 153

འདིར་བྱོན། །གནས་ཟག་མེད་འོད་གསལ་མཁའ་ཁྱབ་ནས། །རྗེ་མེས་སྟོན་ཡབ་སྲས་གནས་འདིར་བྱོན། །གནས་མངོན་པར་དགའ་བའི་ཞིང་ཁམས་ནས། །རྗེ་མི་ལ་ཡབ་སྲས་གནས་འདིར་བྱོན། །གནས་སྣང་སྲིད་ཕྱག་རྒྱ་ཆེན་པོ་ནས། །དགེ་སློང་འཚོ་བྱེད་ཡབ་སྲས་གནས་འདིར་བྱོན། །གནས་འཁོར་ལོ་གསུམ་གྱི་ཚོགས་ཁང་ནས། །རྗེ་དུས་གསུམ་མཁྱེན་པ་གནས་འདིར་བྱོན། །དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ནས། །འགྲོ་མགོན་ཕག་གྲུ་ཡབ་སྲས་གནས་འདིར་བྱོན། །གནས་འབའ་རོམ་རིན་ཆེན་སྤུངས་པ་ནས། །རྗེ་དར་མ་དབང་ཕྱུག་གནས་འདིར་བྱོན། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དྲིན་ཅན་རྩ་བའི་བླ་མ་གནས་འདིར་བྱོན། །ཨེ་ཝྃ་ཟུང་འཇུག་དཀྱིལ་འཁོར་ནས། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་གནས་འདིར་བྱོན། །གནས་ཡུལ་དུར་ཁྲོད་སོ་

p. 154

སོ་ནས། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་གནས་འདིར་བྱོན། །ཕ་བཀའ་བརྒྱུད་བླ་མ་དབྱིངས་ནས་གཤེགས། །བུ་གཟོད་མེད་གདུང་བའི་མོས་གུས་འབར། །མཆོག་ཡེ་ཤེས་བྱིན་ཆེན་སྤྲིན་ལྟར་འཐིབས། །སྲིད་ཞི་ཀུན་ཆོས་ཀྱི་དབྱིངས་སུ་ཐིམ། །སྣང་གྲགས་སྟོང་ཕྱག་རྒྱ་ཆེན་པོར་ཤར། །གཉུག་མ་འོད་གསལ་གྱི་གཟི་མདངས་ལས། །ཞུ་བདེ་ཡི་བདུད་རྩིས་བརྟན་གཡོ་ཁྱབ། །འཛིན་རྟོག་དག་པའི་མྱང་གྲོལ་ལ། །ལོངས་སྤྱད་པས་ཟུང་འཇུག་བདེ་བ་ཆེ། །ཅིར་སྣང་ཀུན་བླ་མ་ཆོས་ཀྱི་སྐུ། །གྲུབ་གཉིས་ཀློང་བརྡོལ་གྱི་བྱིན་ཆེན་ཕོབ། །ཅེས་བྱིན་རླབས་འབེབས་པ་སྔོན་དུ་འགྲོ་བས་ཚོགས་ཕུད་གཏོར་མ་ལ་སྟོབ་ཅིང་བདུད་རྩིས་བྲན་ལ། ཕེཾ། བཛྲ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ལན་གཅིག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི། ལན་གསུམ། ཧོཿ ཟག་མེད་

p. 155

ཆོས་སྐུའི་ཕོ་བྲང་ནས། །རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །བཀའ་བཞི་བརྒྱུད་པའི་བླ་མའི་ཚོགས། །དགྱེས་མཛད་དངོས་བྱོན་ལྷོ་བྲག་པ། །ཐུགས་སྲས་རྣམ་བཞི་བརྒྱུད་པར་བཅས། །ཕ་མ་གཉིས་མེད་རྒྱུད་སྡེའི་ལྷ། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྐུ་ཡི་སྤྲུལ་པས་ཞིང་ཀུན་ཁྱབ། །ཅིར་སྣང་ཡེ་ཤེས་ཚོགས་སུ་འབུལ། །གཞོམ་མེད་རྡོ་རྗེའི་ནཱ་དའི་དབྱངས། །སྒྲ་གྲགས་རང་བྱུང་སྔགས་སུ་བསྐང༌། །བདེ་སྟོང་དགོངས་པ་མཁའ་དང་མཉམ། །འཁྲུལ་རྟོག་རང་གྲོལ་གཉུག་མར་བཤགས། །དད་མོས་བསམ་ཡས་ཚོགས་ཁང་དུ། །དམ་ཚིག་རྣམ་དག་རྣལ་འབྱོར་པས། །སྣང་སྲིད་ཚོགས་ཀྱི་འཁོར་ལོར་བསྒྱུར། །བཟའ་བཏུང་བདུད་རྩི་ཆེན་པོར་བརླབས། །བླ་མེད་མཆོད་པའི་སྤྲིན་ཕུང་འདིས། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཐུགས་

p. 156

དམ་བསྐང༌། །ཉམས་ཆག་ཉེས་ལྟུང་མཐོལ་ཞིང་བཤགས། །བྱང་ཆུབ་སྒྲུབ་པའི་བར་ཆད་ཞི། །གཟུང་འཛིན་རྣམ་རྟོག་དབྱིངས་སུ་གྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །སྣང་སེམས་སྐྱེ་མེད་ཆོས་སྐུར་རྟོགས། །ཚེ་འདིར་ཟུང་འཇུག་མཆོག་ཐོབ་མཛོད། །དུད་སོལ་མའི་གཏོར་མ་ལ་ཚོགས་ཕུད་བསྟབ། བདུད་རྩིས་བྲན་ལ། ཨོཾ་བེ་ཏཱ་ལི་བེ་ཏཱ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་གྭ་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ཨོཾ་ཧཱུྃ་ཤྲཱི་ཡ་དཱེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་

p. 157

སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་གྱིས། །བདག་གིས་ལས་ནི་གང་བྱེད་ཀྱང༌། །དེ་ལ་ཁྱོད་ཀྱིས་གྲོགས་མཛོད་ཅིག །ཧཱུྃ་གྲྀ་ཧྞ་གྲྀ་ཧྞ་སརྦ་དུཥྚན་བྷཀྵ་བྷཀྵ་ཕྲ་ཕྲུཾ་ཕྲེཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་སེ་གོལ་གཏོགས། གཏོར་མ་འབུལ་ན་ཚོགས་རྫས་ནང་གི་སྲེག་བླུགས་སུ་ལོངས་སྤྱད་ལ་དོ་ཧ་རྡོ་རྗེའི་གླུ་ཇི་ལྟར་ནུས་པ་བླངས་ཏེ་ཉམས་རྟོགས་སྦར། གསང་བའི་བདེ་ཆེན་བསྐུལ་བ་ནི། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་དུ་ཅང་ཏེའུ་བརྡུང་བྱ་སྟེ། །སྙིང་རྗེས་ཀུ་ཅོ་བསྒྲག་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ཡང་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་གཞུག་པར་བྱ། །སྐལ་བ་མེད་པ་རྣམ་པར་སྤང༌། །བཞི་མཉམ་གླ་རྩི་སིཧླ་དང༌། །ག་པུར་རྣམས་ཀྱིས་བྱུགས་པར་བྱ། །རུས་པའི་རྒྱན་གྱིས་

p. 158

ལུས་ལ་བརྒྱན། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བར་བྱ། །དེར་ནི་རིག་མིན་སྤང་མི་བྱ། །སྨོན་ལམ་གདབ་པ་ནི། སྣང་སྲིད་བླ་མའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་ཚོགས་ཕུལ་བས། །རྩོལ་མེད་རྡོ་རྗེའི་ལམ་བགྲོད་དེ། །རང་སེམས་ཆོས་སྐུ་མངོན་གྱུར་ཤོག །ལྷག་མ་ཆུ་གཙང་གིས་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཧེ་རུ་ཀ་དཔལ་ཚོགས་ཁང་དུ། །གསང་བའི་འདུ་བར་མི་དབང་བ། །སྲིད་གསུམ་འབྱུང་པོ་མཐུ་ཆེན་རྣམས། །ལྷག་མའི་གཏོར་མས་ཚིམ་གྱིས་ལ། །བར་ཆད་ཀུན་སོལ་ཕྲིན་ལས་སྒྲུབས། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་ཙྪིནྡ་བྷིནྡ་པ་ནེ་ཧཱུྃ་སྭཱ་ཧཱ། ཞེས་ལྷག་གཏོར་ཕྱི་རོལ་དུ་དོར་ཞིང་སུམྦྷ་ནིའི་སྔགས་ཀྱིས་མཚམས་བཅད་པར་བྱའོ། །དེ་ནས་མཆོད་པ་ཁ་གསོས། བྱིན་བརླབས་ལ་སྔགས་ཙམ་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་སྤྱི་ལྟར་ཤླཽ་ཀ་གཅིག་གིས་བསྟོད། ཡིག་བརྒྱ་ལན་གསུམ་དང༌། བདག་བློ་གཏི་མུག་

p. 159

རྨོངས་པའི་དབང་གྱུར་ཏེ། །ལེགས་སྤྱད་འདི་ལ་ཉེས་པར་གྱུར་པ་རྣམས། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཟོད་པར་གསོལ། བདག་དང་འགྲོ་ལ་སོགས་ཀྱིས་མདུན་བསྐྱེད་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་པ་ཨོཾ་ཨཱཿཧཱུྃ་གིས་བདག་ལ་བསྡུ། བསྒོམས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས། །རིམ་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཉིད་དབྱིངས་ཐིམ་སླར་ཡང་རྡོ་རྗེ་སེམས། །སྣང་ལ་རང་བཞིན་མེད་པའི་སྐུ་རུ་གྱུར། །ཅེས་བདག་བསྐྱེད་བསྡུ་ལྡང་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སོགས་དགེ་བསྔོ་དང༌། ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །རྒྱལ་བའི་བསྟན་པ་ཀུན་

p. 160

ནས་གསལ་མཛད་པ། །བཀའ་བརྒྱུད་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པ་བརྗོད་དོ། །བཞི་པ་ནི། འདི་དག་ལ་ལས་ཚོགས་སྦྱར་བར་འདོད་ན་བླ་མའི་ལས་ཚོགས་སྤྱི་གཞུང་གང་ཡང་རུང་བ་སྦྱར་ཆོག །དེ་བཞིན་རྣལ་འབྱོར་གྱི་ཡན་ལག་རྣམས་ཀྱང་སྤྱི་ལྟར་ཤེས་པར་བྱ། འདི་དག་ལ་ཕྱི་ནང་གསང་སྒྲུབ་ཀྱི་ཐ་སྙད་སྦྱར་ཡང་སོ་སོ་གཞུང་རྐང་ཚུགས་པ་རེ་ཡིན་པས་ཉམས་ལེན་སོ་སོར་བྱས་ཀྱང་ཆོག་ལ། དེ་ལྟར་ན་ཐོག་མའི་སྐྱབས་སེམས་དང་རྡོར་སེམས་བསྒོམ་བཟླས། མཇུག་གི་བསྔོ་སྨོན་ཤིས་བརྗོད་ནི་སྤྱི་འགྲོ་ཡིན་ཞིང༌། ཡན་ལག་བདུན་པའི་ཚིག་ཕྲེང་དང་གསོལ་འདེབས་རྣམས་ཀྱང་རྩ་བའི་གཞུང་ངམ་རིགས་མཐུན་ནས་བླངས་ཏེ་རྒྱས་པར་སྤྲོས་པས་ཆོག་གོ །ཡང་དཀྱུས་གཅིག་ཏུ་ཉམས་སུ་ལེན་ཚེ་བསྡུ་བར་འདོད་ན་ཕྱི་སྒྲུབ་ལ་དཔེར་མཚོན་ན། སྐྱབས་སེམས། ངག་བྱིན། རྟེན་བསྐྱེད། སྤྱན་འདྲེན་ཐོག་མའི་ཤླཽ་ཀ་གཉིས་ཀྱི་འཕྲོས་སུ་ཡན་ལག་བདུན་པ་འོག་མིན་ཆོས་དབྱིངས་མ་ཁོ་ན། མ་ནམ་བཞི་སྐོར། འདོད་གསོལ་ཚིག་ལྷུག་མཐར་དབང་ལེན་དང༌། ནང་སྒྲུབ་རྟེན་བསྐྱེད་ལ་འཇུག་པས་ཆོག་ཅིང་དེ་ཡིས་གཞན་ལའང་མཚོན་པར་བྱའོ། །དེ་སྐད་དག་སྣང་མ་ཡིན་དགོངས་གཏེར་མིན། །གྲུབ་ཐོབ་བརྒྱུད་པའི་གདམས་ངག་གཅིག་ཏུ་བསྡེབས། །བརྡོལ་ཐབས་སྨྲས་མིན་སྨིན་གྲོལ་རྒྱུན་བཟང་མཆིས། །ཆོས་འདོད་རྣམས་ཀྱིས་གཡར་དམ་མཛད་ཀྱང་རུང༌། །མཁས་

p. 161

འདོད་དག་གིས་བཀག་ཀྱང་ཁོང་ཁྲོ་མེད། །འདི་བགྱིས་དགེ་བས་མངའ་བདག་མར་པའི་བསྟན། །ཡངས་པའི་ལྗོངས་སུ་དར་ཞིང་རྒྱས་པ་དང༌། །འབྲེལ་ཚད་མར་པ་རྗེ་དང་མཉམ་གྱུར་ཅིག །ཅེས་པ་འདིའང་བསླབ་པ་གསུམ་གྱི་ནོར་ལྡན་གཞུང་ལུགས་རབ་འབྱམས་སྨྲ་བ་སྒྲུབ་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ནས་ཆེད་དུ་བསྐུལ་ངོར། དགྱེས་མཛད་ལོ་ཙཱ་དངོས་སྣང་སི་ཏུ་པདྨའི་མཚན་ཅན་གྱི་གསང་བ་གསུམ་གྱི་བྱིན་རླབས་ཐོབ་ཅིང་བཀའ་བརྒྱུད་རིན་པོ་ཆེ་ལ་མི་འཕྲོགས་པའི་དད་པ་བརྟན་པ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས། མར་པ་རྗེ་ཡིས་ལུང་བསྟན་པའི་གནས་ཆེན་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

དགྱེས་མཛད་མར་པ་ལོ་ཙཱའི་བླ་མའི་རྣལ་འབྱོར། ཀརྨ་པ་མཁའ་ཁྱབ་རྡོ་རྗེ།

p. 162
p. 163

༄༅། །དགྱེས་མཛད་མར་པ་ལོ་ཙཱའི་བླ་མའི་རྣལ་འབྱོར་བཞུགས།

p. 164

དགྱེས་མཛད་རྡོ་རྗེ་བླ་མ་རྗེར། །བཏུད་ནས་རྒྱུན་གྱི་རྣལ་འབྱོར་བཤད། །དེ་ལ་སྦྱོར་བ་རྟེན་གྱི་དྲུང་དུ་མཆོད་གཏོར་དང་། ཀ་པཱ་ལ་མཚན་ལྡན་གྱི་ནང་དུ་བདུད་རྩིའི་རིལ་བུ་དང་སྦྱར་བའི་ཨ་མྲི་ཏས་བཀང་བ། ཐབས་ཤེས་ཀྱི་ཚོགས་རྫས་ཁ་ན་མ་ཐོ་བ་མེད་པ་རྣམས་བཤམས་ནས། དངོས་གཞི་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་སེམས་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་

p. 165

བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ཚོགས་བསགས། རང་ཡི་དམ་གྱི་ང་རྒྱལ་ལ་གནས་པས། བདུད་རྩི་རྃ་ཡྃ་ཁྃ་

p. 166

གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་བཟླས་པས་བྱིན་བརླབ། ཚོགས་རྟེན་བསྒྲུབ་པ་ནི། སྭ་བྷཱ་ཝས་སྦྱང་། གནས་ཁང་འོག་མིན་ཞིང་གི་དབུས། །སེང་ཁྲི་པདྨ་ཉི་ཟླའི་སྟེང་། །ཁྱབ་བདག་དགྱེས་མཛད་ལོ་ཙཱ་བ། །ཞལ་ཕྱག་རྣལ་འབྱོར་སྐུ་གསུམ་ཚུལ། །གང་འདུལ་དེར་སྟོན་རོལ་པར་འཆར། །རྩ་གསུམ་དཀོན་མཆོག་རྒྱ་མཚོར་བཅས། །བྱིན་རླབས་འོད་དུ་འབར་བཞིན་བཞུགས། །གནས་གསུམ་ཡི་གེའི་ཕོ་ཉ་ཡིས། །སྐུ་གསུམ་ཞིང་ནས་ཡེ་ཤེས་སྐུ། །ཕྱི་ནང་གསང་སྒྲུབ་གང་མོས་གཞུང་བཞིན་བསྒོམ། མཆན།སྤྱན་དྲངས་བསྐྱེད་པའི་ལྷ་ལ་ཐིམ། །ཨོཾ་གུ་རུ་ཧེ་བཛྲ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི། ས་མཱ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། པདྨ་ཀཱ་མ་ལ་ཡ་སྟྭཾ། བཛྲ་ཨཱཿས་ན་ཏིཥྛནྟུ། ཞེས་གདན་འབུལ་ཞིང་བཞུགས་སུ་གསོལ། ཨོཾ་བཛྲ་ཨརྒྷཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་པཉྩ་ཨ་མྲི་ཏ་མ་ཏངྒི་ཨཱཿཧཱུྃ། ཨོཾ་རཏྣ་མཎྜལ་པཱུ་ཛ་མེ་གྷ་པྲ་ཏཱིཙྪ་ཧོཿ ཞེས་མཆོད་པ་རྣམས་འབུལ། གང་གི་དྲིན་

p. 167

གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་བསྟོད། དཔལ་ལྡན་བླ་མ་མཁྱེན་ནོ། །ཐུགས་རྗེའི་ནུས་རྩལ་སྤྲུགས་ནས། །བདག་རྒྱུད་དག་རྫོགས་སྨིན་པར། །ད་ལྟ་ཉིད་དུ་མཛོད་ཅིག །ཅེས་གཙོ་བོར་གསོལ་འདེབས་དང་། སྤྲོ་ན་སྤྲོ་བསྡུའི་བཟླས་པ་བཅས། ཨོཾ་ཨཱཿགུ་རུ་ཧེ་བཛྲ་དྷཱ་ར་ཧཱུྃ། ཞེས་མཚན་ནས་འབོད་དབྱངས་ཅི་ནུས་སུ་བསྙེན། མཐར་ཚོགས་རྫས་ཡི་གེ་གསུམ་གྱིས་བསང་སྦྱང་། ༀ་ཨཱཿཧཱུྃ་དང་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབས་ནས། ཚོགས་ཆ་གསུམ་དུ་བཅད་པའི་ཕུད་ཕུལ་ལ། བཀའ་བརྒྱུད་བླ་མ་བྱིན་རླབས་ཅན། །རྩ་གསུམ་དམ་ཅན་ཚོགས་དང་བཅས། །འདིར་བྱོན་ཚོགས་ཀྱི་མཆོད་པ་བཞེས། །དམ་སྐོང་དབང་དང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨཱ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ཧོ། ཞེས་ཚོགས་ཕུད་ཕུལ། བར་པ་དམ་ཚིག་གི་རྫས་སུ་ཐ་མལ་པའི་རྟོག་པ་ཕྲལ་ནས་རང་གིས་ལོངས་སྤྱོད་པའི་རས་མ་ཆ་ཐ་མ་དང་བཅས་འབྲུ་གསུམ་

p. 168

གྱིས་བྱིན་བརླབ། ཕེཾ་གྱིས་མགྲོན་བཀུག །ཨོཾ་སརྦ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིས་ལྷག་མགྲོན་ལ་བསྔོ། སརྦ་བྷུ་ཏ་གཙྪཿ ས་རང་གནས་སུ་བཏང་། ཧེ་རུ་ཀ་དཔལ་མཆོད་པའི་མཐུས། །སྒྲིབ་བྱང་ཚོགས་རྫོགས་མཆོག་ཐོབ་ཤོག །ཅེས་སྨོན་ལམ་གདབ། རྗེས་རིམ་ནི། སླར་གོང་བཞིན་མཆོད་ཅིང་བསྟོད་ནས། ཀྱེ་ཀྱེ་རྗེ་བཙུན་མགོན་པོ་དགོངས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཕུར་ཚུགས་སུ་གསོལ་འདེབས་བྱས་མཐར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བཟླ་བཞིན་དབང་བླངས་མཐར། བླ་མ་འཁོར་བཅས་དགྱེས་མདངས་བཅས། །འོད་ཞུ་བདག་ཐིམ་དབྱེར་མེད་པའི། །དགོངས་ཀློང་ངང་དུ་མཉམ་པར་བཞག །ཅེས་ཉམས་བསྐྱང་། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སྨོན་ལམ་དང་དགེ་བསྔོ་བྱ། བཀྲ་ཤིས་སོགས་ཀྱིས་མཐའ་བརྒྱན་པས་གྲུབ་བོ། །ཞེས་པའང་དཔལ་ལྡན་འབྲི་གུང་པའི་བཀའ་བརྒྱུད་པ་བླ་མ་དཀོན་མཆོག་བསྟན་འཛིན་སྤྲོས་བྲལ་རབ་རྒྱས་

p. 169

ཀྱི་ངོར། ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་སྤེལ་བ་དགེ། །།

མངའ་བདག་མར་པ་ལོ་ཙཱའི་བླ་མའི་རྣལ་འབྱོར་ཟབ་གསང་སྒོ་འབྱེད་ཀྱི་ཟིན་ཐོ་བློ་རྨོངས་དགའ་བྱེད། ཀརྨ་རབ་འབྱོར་དཔལ་བཟང་།

p. 170
p. 171

༄༅། །མངའ་བདག་མར་པ་ལོ་ཙཱའི་བླ་མའི་རྣལ་འབྱོར་ཟབ་གསང་སྒོ་འབྱེད་ཀྱི་ཟིན་ཐོ་བློ་རྨོངས་དགའ་བྱེད་ཅེས་བྱ་བ་བཞུགས་སོ། །

p. 172

ན་མོ་མ་ཧཱ་གུ་རུ་དྷརྨཱ་མ་ཏྱཱཻ། རིགས་བརྒྱའི་ཁྱབ་བདག་མགོན་པོ་རྡོ་རྗེ་འཆང་། །གསང་གསུམ་གཅིག་བསྡུས་ཧེ་རུ་ཀ་ཡི་གཙོ། །ཆོས་ཀྱི་བློ་གྲོས་སྲས་འཁོར་བཅས་པ་ལ། །སྒོ་གསུམ་རབ་བཏུད་བཀའ་ཡིས་གནང་བ་སྩོལ། །དེ་ལ་འདིར་མངའ་བདག་ལོ་ཙཱ་བ་ཆེན་པོ་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱི་བླ་མའི་རྣལ་འབྱོར་འཇམ་མགོན་རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་བླ་མའི་རྣལ་འབྱོར་ཟབ་གསང་སྒོ་འབྱེད་འདི་ལ་དོན་གསུམ་སྟེ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་སྟེ་གསུམ་ལས། དང་པོ་ནི། ཕྱི་བླ་མ་ཁྲོམ་ཚོགས་ལ་བརྟེན་ཏེ་མོས་གུས་གསོལ་འདེབས་ཀྱི་བསྙེན་པ་ལ། དེ་ལ་གནས་ཁང་བྱི་དོར་རྟེན་བཀྲམ་པ་ལ་སོགས་གཞུང་ལྟར་བྱས་ལ། དང་པོ་ལམ་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་སུ་འགྲོ་བ་ལ།

p. 173

མདུན་གྱི་ནམ་མཁར་པད་མ་དང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་དངོས་ཀུན་གྱི་སྤྱི་མེས་ཆེན་པོ་མར་པ་ལོ་ཙཱ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་དམིགས་ཏེ་སྐྱབས་སུ་འགྲོ་བར་བྱ་བ་ལ། རང་གཞན་ཐམས་ཅད་ཀྱིས་སྒོ་གསུམ་འཇུག་པ་གཅིག་པས་ལུས་ཐལ་སྦྱར། ངག་སྐྱབས་འགྲོ། ཡིད་དད་མོས་རྩེ་གཅིག་པས་ཁྱེད་མཁྱེན། རེ་ས་ནི་ཁྱེད་མ་གཏོགས་མེད་བསམ་པའི་ངེས་ཤེས་དང་ལྡན་པས། སངས་རྒྱས་ཆོས་དང་དགེ་འདུན་སོགས་ལན་གསུམ་གྱིས་རྒྱུད་ལ་འདྲེས་ངེས་སྒྲ་དོན་དབྱེར་མེད་ཀྱིས་སྐྱབས་སུ་འགྲོའོ། །དེས་ནི་ཉན་རང་བྱང་སེམས་སོགས་ལམ་གོང་འོག་ཐམས་ཅད་ཀྱི་གཞི་རྟེན། ཕྱི་པ་ནང་པའི་ཁྱད་འབྱེད་བྱེད་ཅིང་། ཁྱད་པར་དུ་ཕྱི་ལྟར་ན་སངས་རྒྱས་ཆོས་དང་དགེ་

p. 174

འདུན་གསུམ། ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ། གསང་བ་ལྟར་ན་རྩ་ཐིག་རླུང་གསུམ། དོན་དུ་དེ་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་ཀུན་འདུས་རྗེ་བཙུན་མར་པ་ཆེན་པོ་ལ་སྐྱབས་སུ་འགྲོའོ། །དེ་ལའང་དང་པོ་གསུམ་ལ་བདག་གཞན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོའོ། །གཉིས་པ་ལ་རང་གཞན་གྱི་དོན་རླབས་པོ་ཆེས་འགྲོ་བ་སྒྲོལ་བས་སོ། །གསུམ་པ་བདག་གཞན་ཐམས་ཅད་ཚེ་ལུས་གཅིག་ལ་སངས་རྒྱས་མངའ་བརྙེས་པའི་ཕྱིར་རོ། །མཐར་ཐུག་དོན་དམ་པར་ན་སྐྱབས་ཡུལ་བླ་མ་གཅིག་པུ་པ་དེའང་དོན་མཆོག་ཀུན་འདུས་ཀྱི་བདག་ཉིད། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས། དེའང་སེམས་ཉིད་ཀྱི་སྣང་བ་ཙམ་ལས་མ་གྲུབ་པའི་ཕྱིར་རོ། །སྐྱབས་ཡུལ། སྐྱབས་མཁན། སྐྱབས་འགྲོ་གསུམ་པོ་ཐམས་ཅད་ཆོས་ཉིད་དམིགས་མེད་ཆོས་ཀྱི་སྐུ་ལ་དོན་དམ་སྐྱེ་བ་མེད་པས་སྐྱབས་སུ་འགྲོའོ། །ཆོས་ནི་ལམ་དང་འདྲ་བ། དགེ་འདུན་ནི་གྲོགས་དང་འདྲ། ཕ་རོལ་ཏུ་ཕྱིན་ན་གཉིས་པོ་ནི་གནས་སྐབས་ཙམ་ལས་གཏན་གྱི་སྐྱབས་མིན་ལ། སངས་རྒྱས་ནི་མ་རིག་པའི་མུན་པ་སངས། མཁྱེན་རབ་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་རྒྱས། འཁོར་བའི་ཕ་རོལ་ཏུ་ཕྱིན་པས་གཏན་གྱི་སྐྱབས་ཡིན་ནོ། །སེམས་

p. 175

བསྐྱེད་པ་ནི། སེམས་ཅན་ཐམས་ཅད་བདག་གི་ཕ་མ་ཡིན་པས་དེ་རྣམས་མ་རིག་ལས་དབང་གིས་འཁོར་བའི་གནས་རྣམས་སུ་སྡུག་བསྔལ་རྣམ་པ་དུ་མ་ལ་སྤྱོད་པ་རྣམས་སྙིང་རེ་རྗེ། འདི་དག་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཏེ་ཁྱབ་བདག་མར་པ་ལོ་ཙཱ་བ་ཆེན་པོའི་རྡོ་རྗེ་ཡེ་ཤེས་ཀྱི་ས་ལ་དགོད་པར་བྱ། དེའི་ཕྱིར་དུ་བདག་གིས་ད་རེས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འདི་ལྟ་བུ་ལ་བརྟེན་ནས་སྒོ་གསུམ་དགེ་ལ་བསྐུལ་ཞིང་ཚེ་ལུས་གཅིག་ལ་ཟུང་འཇུག་གདོད་མའི་མགོན་པོའི་གོ་འཕང་དུ་མཁའ་མཉམ་གྱི་ཕ་མ་རྣམས་གཞག་པའི་ཕྱིར་དུ་རྩེ་གཅིག་བརྩོན་པར་བྱའོ་སྙམ་པས། ལམ་ཟབ་བླ་མའི་སོགས་ལན་གསུམ་གྱིས་སེམས་བསྐྱེད་ལ་རྒྱུད་ལའང་བརྟགས་ཤིང་སྦྱར་ནས་ཉམས་སུ་བླང་ངོ་། །དེ་ལྟར་ཡང་། རྫོགས་པའི་སངས་རྒྱས་ཐོབ་པའི་ས་བོན་གྱི་རྒྱུ་བྱེད་ཅིང་ཁྱད་པར་དུ་ཐེག་པ་ཆེ་ཆུང་གིས་ཁྱད་འབྱེད་པ་ཡིན་ནོ། །དེ་ནས་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་ཉིད་ཀྱི་སྤྱི་བོར་པད་མ་དང་ཉི་མའི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས། བླ་མ་དང་ཐ་མི་དད་པ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཅུང་ཟད་ཁྲོ་ལ་འཛུམ་

p. 176

པའི་ཉམས་ཅན། དབུ་སྐྲ་གྱེན་དུ་བརྫིས་པ་ལ་ཐོད་སྐམ་ལྔའི་རྩེ་བྲན་གྱིས་རྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་ཕྱར་ཞིང་། གཡོན་བྷནྡྷ་ཁྲག་གིས་བཀང་བ་ཐུགས་ཀར་ཡུམ་ལ་འཁྱུད་པ། རུས་རྒྱན་དྲུག་དང་། སྟག་ཤམ་གྱིས་སྐུ་སྨད་བཀླུབས་པ། གླང་ཀོ་ཆོས་གོས་ཀྱི་ཚུལ་དུ་སྐུ་སྟོད་ལ་མནབས་པ། ཡུམ་རྡོ་རྗེ་སྙེམ་མ་དམར་མོ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པའི་ཚུལ་གྱི་ཞབས་གཡོན་ཡབ་ཀྱི་རྒྱབ་ཏུ་འཁྲིལ་ཞིང་། གཡས་བརྐྱང་གཡོན་བསྐུམ་གྱིས་ཡེ་ཤེས་ཀྱི་རང་འོད་མེ་དཔུང་གི་ཀློང་དུ་གསལ་བའི་གནས་གསུམ་འབྲུ་གསུམ་དང་། ཐུགས་ཀར་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་ཟླ་སྟེང་ཧཱུྃ་ཡིག་དཀར་པོ་ལ་ཧེ་རུ་ཀ་ཡི་ཡིག་བརྒྱས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་སྤྱན་དྲངས་ཏེ་བསྟིམས་པས་བླ་མ་ཡབ་ཡུམ་བདེ་བ་རྒྱས་པའི་སྦྱོར་མཚམས་སུ། སྐུ་ལས་བདུད་རྩིའི་རྒྱུན་བྱང་སེམས་ཆུ་བོའི་རྒྱུན་བཞིན་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱང་དུ་གསོལ་སྙམ་པའི་མོས་གུས་དུང་དུང་བྱས་པས་རང་གི་ཚངས་བུག་ནས་ཞུགས་པས་ལུས་ངག་ཡིད་གསུམ་དྲི་མ་མ་ལུས་པ་དག་ནས། ལུས་

p. 177

སྟོང་གསལ་དྲི་མེད་ཤེལ་འོད་དྭངས་པ་ལྟར་གྱུར། བདེ་སྟོང་གཉིས་སུ་མེད་པའི་ཉམས་སྐྱེས། སྡིག་པ་དང་སྒྲིབ་པ་སྟོང་ཉིད་ཀྱིས་དཔྱིས་འབྱིན་པར་སྦྱངས་ལ། མཐར་བཤགས་བྱ་བཤགས་བྱེད་བཤགས་པའི་ཡུལ་ཐམས་ཅད་མ་གྲུབ་པ་སྟོང་གསལ་འཛིན་མེད་བློ་འདས་འབད་རྩོལ་དང་བྲལ་བའི་ངང་ལ་མཉམ་པར་བཞག །ཡིག་བརྒྱ་ཇི་ལྟར་ནུས་པའམ། བརྒྱ་ལས་མི་ཉུང་བ་བཟླས། ས་ཏྭ་ཡང་མང་བར་བཟླས་མཐར། མགོན་པོ་བདག་ནི་སོགས་ཀྱིས་དམ་ཚིག་ཆག་ཉམས་འགལ་འཁྲུལ་ནོངས་པའི་དྲི་མ་མ་ལུས་པ་སྦྱངས་ནས། བླ་མ་མགོན་པོས་བདག་གི་སྐྱབས་དང་དཔུང་གཉེན་དམ་པར་མཛོད་ཅིག་གསོལ་བས། བླ་མ་དགྱེས་བཞིན་ཁྱོད་ཀྱི་སྡིག་སྒྲིབ་དག་གོ་ཞེས་པའི་གནང་བ་ཐོབ་ནས་འོད་དུ་ཞུ། རང་ལ་ཐིམ་པས་སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་འདྲེས། འོད་གསལ་སྐྱེ་བ་མེད་པའི་ངང་ལ་ཡུད་ཙམ་གཞག་གོ །སླར་རྡོ་རྗེ་སེམས་དཔའི་ང་རྒྱལ་དུ་འཕོས་ལ་ལྡང་ངོ་། །དེ་རྣམས་ཀྱིས་སྔོན་འགྲོའི་རིམ་པ་མེད་ཐབས་མེད་པའི་ལམ་སྦྱངས་པ་སྔོན་དུ་སོང་ནས། དེ་དག་གི་བསླབ་བྱ་ལ་ཡང་བསླབ་ནས་རྒྱུད་ལ་འདྲེས་ངེས་བྱའོ། །དེ་ནས་དངོས་གཞི་རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་བསྐྱེད་ཅིང་ཚོགས་

p. 178

བསག་པ་ནི། ཕྱི་གཟུང་བའི་ཡུལ། ནང་འཛིན་བྱེད་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར་པའི་ངང་ལས། སེམས་ཉིད་རྣམ་དག་རང་སྣང་གི་དབྱིངས་ཐམས་ཅད་ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་ཞིང་ཁམས་རྒྱ་ཁྱོན་བཀོད་པ་ཚད་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པ། ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་རྒྱ་མཚོའི་མཆོད་སྤྲིན་ལས་བྱུང་བའི་འདོད་རྒུ་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་གྱིས་བཏེགས་པའི་མདུན་གྱི་ནམ་མཁར་ཐར་པ་ཆེན་པོའི་གཞལ་མེད་ཁང་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཆོས་ཀྱི་འབྱུང་གནས་ཡེ་ཤེས་ཀྱི་རང་འོད་འཕྲོ་བ། རྒྱུ་རྡོ་རྗེ་ལས་གྲུབ་པའི་ཁང་བརྩེགས་ཡིད་དུ་འོང་བ། ཞིང་དཔེ་མེད་རབ་འབྱམས་སུ་ཀླས་པའི་དབུས་སུ། མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ལྷ་གོས་ཀྱིས་བཀབ་པའི་སྟེང་དུ། མ་ཆགས་སྐྱོན་གྱིས་མ་གོས་པའི་བརྡར་སྣ་ཚོགས་པད་མ་འདབ་མ་སྟོང་ལྡན་གྱི་སྟེང་དུ། མ་ལས་བྱུང་བའི་དམར་ཆ་རྣམ་པར་དག་ཕྱིར་ཤེས་རབ་ཉི་མའི་དཀྱིལ་འཁོར། དེ་སྟེང་ཕ་ལས་བྱུང་བའི་དཀར་ཆ་རྣམ་པར་དག་ཕྱིར་ཐབས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ངོ་བོ་ནི་རྩ་བའི་བླ་མ་དགྱེས་མཛད་ཧེ་རུ་ཀ་དཔལ་

p. 179

ལ། རྣམ་པ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་ཆེན་པོ་ལྷོ་བྲག་པ། ཕྱོགས་བཞིའི་འདབ་བཞིར་ཐུགས་སྲས་བཀའ་བབས་ཀྱི་བུ་ཆེན་བཞི། དེ་རྒྱབ་འདབ་བཞིར་མདུན་དུ་འཛམ་གླིང་གྲགས་པ། གཡས་ཕྱོགས་སུ་དུས་གསུམ་མཁྱེན་པ། རྒྱབ་ཏུ་ཕག་གྲུ་རྡོ་རྗེ་རྒྱལ་པོ། གཡོན་ཕྱོགས་སུ་བྱམས་མགོན་བསྟན་པའི་ཉིན་བྱེད་ཀྱི་གོ་སར། སྐབས་འབྲེལ་རང་ལུགས་ལ་འབའ་རོམ་དར་མ་དབང་ཕྱུག་བསྒོམ་པར་བཞེད། གཞན་དུ་ན་གསང་བདག་རས་ཆུང་པས་མཐུས། དོན་དུ་ན་གསུམ་ཀ་བསྒོམས་ཀྱང་འགལ་བ་མེད་པར་སེམས་སོ། །གཙོ་བོའི་དབུ་གཙུག་ཏུ་ནཱ་རོ། ཏཻ་ལོ། རྡོ་རྗེ་འཆང་དབང་རྣམས་སྐུ་མདོག་ཆ་ལུགས་ཕྱག་མཚན་གཞུང་ཚིག་ལྟར་གསལ་གདབ་ལ། སྟེང་ཕྱོགས་སུ་རྩ་བརྒྱུད་བླ་མ། བར་ཕྱོགས་སུ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། འོག་ཕྱོགས་མ་ཧཱ་ཀཱ་ལ་ལྕམ་དྲལ། གཙོ་བོའི་གདན་མཚམས་སུ་དཔའ་བོ་དཔའ་མོ་ཐམས་ཅད་ཉི་ཟེར་གྱི་རྡུལ་ལྟར་འཚུབས་པ། འཛམ་གླིང་གྲགས་པ་གཙོ་འཁོར་ཐམས་ཅད་ལ་རང་རང་གི་ཐུགས་སྲས་བརྒྱུད་འཛིན་རྣམས་ཀྱིས་བསྐོར་བ། དཔེར་ན་ཟླ་བ་ལ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུར་བསྐྱེད། དེའང་ཟུང་བཞི་ཡ་བརྒྱད་ཅེས་པ། འབྲི་གུང་པ། སྟག་ལུང་པ། ཁྲོ་ཕུ་པ།

p. 180

གླིང་རས། སྨར་པ། ཡེལ་པ། གཡའ་བཟང་པ། ཤུག་གསེབ་པ་སྟེ་བརྒྱད་དོ། །གཙོ་འཁོར་ཐམས་ཅད་སྐུ་མཚན་དཔེའི་གཟི་བྱིན་ལམ་མེ་བས་བྱིན་རླབས་ཀྱི་ཟིལ་ཆེན་ཆོས་དབྱིངས་རྒྱས་པར་འགེངས་པ། གསུང་ཚངས་དབྱངས་ཀྱིས་འགྲོ་དྲུག་རང་རང་གི་སྐད་དུ་བརྡ་ཆོས་སྣ་ཚོགས་སྟོན་པ། ཐུགས་སྟོང་ཉིད་སྙིང་རྗེ་ཆེན་པོས་སྐལ་ལྡན་ཡོངས་ལ་ཡེ་ཤེས་ཀྱི་ཟིལ་ཆེན་བརྟན་གཡོ་ལ་འབེབས་པ། མོས་པའི་སྣང་ངོར་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། རྒྱལ་བ་རྣམས་ཆོས་སྐུ་སྤྲོས་བྲལ་གྱི་དབྱིངས་ལས་གཤེགས་བཞུགས་ཀྱི་མཚན་མ་མི་མངའ་ཡང་། བདག་ཅག་དད་མོས་གདུང་བ་དྲག་པོས་གསལ་བཏབ་ཅིང་སྤྱན་འདྲེན་པ་ནི། ཨོཾ། ཁྱབ་བདག་དངོས་པོ་སོགས་གྱེར་རོ། །དཔེར་ན་ཆུ་སྣོད་དུ་ཟླ་གཟུགས་སྣང་བ་ལྟར། མོས་པའི་མགོན་དུ་ཆོས་སྐུ་སྤྲོས་བྲལ་གྱི་དབྱིངས་ལས་གཟུགས་སྐུ་བླ་མ་ཧེ་རུ་ཀ་དཔལ་གཙོ་འཁོར་སྐད་ཅིག་གིས་བྱོན་ནས་དམ་ཡེ་དབྱེར་མེད་ཀྱི་ཚུལ་དུ་བཞུགས་པར་གསོལ་ལ། ཡེ་ཤེས་སྐུ་ལ་འགྲོ་འོང་སོགས་ཀྱིས་བརྟན་བཞུགས་གསོལ། ཚོགས་བསགས་ཡན་ལག་བདུན་པ་ལས། དང་པོ་ཕྱག་འཚལ་བ་ནི། རང་ཉིད་ཀྱི་ལུས་ཞིང་གི་རྡུལ་སྙེད་སྤྲུལ་ནས་གཙོ་འཁོར་རྣམས་ལ་གུས་པས་ཕྱག་འཚལ་ཞིང་།

p. 181

གསོལ་བ་སྙིང་གི་དཀྱིལ་ནས་འདེབས་དགོས། དེ་ལྟར་ཡང་། ཕྱི་མཚན་དཔེའི་སྐུ་བརྙན་དད་པས་རྟོགས་པས་ན། ནང་རྡོ་རྗེའི་གསང་གསུམ་དབྱེར་མེད་དུ་གྱུར་ནས། གསང་བ་རང་སེམས་ཀྱི་བླ་མ་ལྟ་བས་མཇལ་བའི་ཕྱིར་རོ། །རྟག་ཏུ་དཔལ་ལྡན་བླ་མའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་མཛད་ཕྲིན་བསམ་བཞིན་དུ་དེའི་རྗེས་སུ་སློབ་ཅིང་། དེ་ལྟ་བུར་མ་གྱུར་གྱི་བར་དུ་མི་ཕྱེད་གདུང་ཤུགས་དྲག་པོས་སྐྱབས་སུ་བཟུང་ནས་གསོལ་བ་རྩེ་གཅིག་ཏུ་གདབ་བོ། །མདོར་ན་དཔལ་ལྡན་བླ་མ་དམ་པའི་ཐུགས་དང་འགལ་བའི་བྱ་བ་ཏིལ་འབྲུ་ཙམ་ཡང་མི་བྱེད་པའི་དམ་བཅའ་བླང་། བླངས་པ་བཞིན་དུ་མི་འགལ་བར་སྤྱོད་དོ། །སྤྱོད་ལམ་ཀུན་ཏུ་བྱ་བ་ཅི་བྱས་སྐུ་ཡི་རིམ་གྲོ་ལ་འབད། སྨྲ་བརྗོད་ཀུན་དཔལ་ལྡན་བླ་མའི་བཀའ་དྲིན་གྱི་ཡོན་ཏན་ཡང་ཡང་བསྔགས། མདོར་ན་ལུས་སྲོག་ལ་ཕངས་པ་མེད་པར་རྗེ་བཙུན་བླ་མ་མཉེས་པའི་གཡོག་ཏུ་བཀོལ། །ཚེ་འདིར་ཁྱེད་ཀྱི་གོ་འཕང་དམ་པ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལེ་ལོའི་དབང་དུ་མི་གཏོང་བར་བསྒྲུབ་དགོས་སོ། །གྲུབ་ནས་ཀྱང་ཁྱེད་ལྟ་བུར་འགྲོ་བ་སྒྲོལ་བའི་དེད་དཔོན་དུ་འགྱུར་བར་སྨོན་ནོ། །གཉིས་པ་མཆོད་པ་འབུལ་བ་ནི། རྒྱལ་བ་རྣམས་ཟས་གོས་ལ་

p. 182

ཆགས་པ་དང་སྲེད་ལེན་སོགས་སྤངས་ཀྱང་། བདག་སོགས་འགྲོ་ཀུན་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར་དུ། ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱི་མཆོད་པ་ཐམས་ཅད་བློས་སྦྱར་ནས་མཆོད་པ་ནི། ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད། འདོད་ཡོན་ལྔ། རྫས་བརྒྱད། རྟགས་བརྒྱད། སྣ་བདུན་སོགས་སྲིད་ཞིའི་དཔལ་འབྱོར། ནང་མཆོད་བདག་ལུས་ལོངས་སྤྱོད། འཁོར་འདས་དུས་གསུམ་གྱི་དགེ་རྩ། གསང་མཆོད་མཆོད་པའི་ལྷ་མོ་བཅུ་དྲུག་སོགས་སྤྲུལ་ནས་ཞེན་མེད་དམིགས་མེད་ཀྱིས་རྒྱས་བཏབ་སྟེ་ཕུལ་བས། བདག་གཞན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་མོས་ལ། ཁྱད་པར་དུ་མཎྜལ་འབུལ་བ་ནི། ཕྱི་སྣོད་རི་གླིང་བཀོད་པ་ཡུལ་གྲུ་སྟོང་གསུམ་གྱི་ཁམས་ཐམས་ཅད་འབུལ་བ་ནི་ཕྱི་ཡི་མཎྜལ། རང་ལུས་སྲིད་གསུམ་གྱི་བཀོད་པ་ལྷུན་གྲུབ་ལ། རྩ་ཐིག་རླུང་སོགས་ཕྱི་ནང་སྣོད་བཅུད་ཐམས་ཅད་ཕུང་ཁམས་སྐྱེ་མཆེད་འདོད་ཡོན་གྱི་སྤྲིན་ཕུང་གཏིབ་སྟེ་འབུལ་བ་ནང་གི་མཎྜལ། སེམས་ཉིད་ཀུན་གཞི་གདོད་མ་ནས་དག་པ་ཆོས་དབྱིངས་ཀྱི་ཞིང་ཁམས་སུ། ཚོགས་བརྒྱད་འཁོར་འདས་ཀྱི་ཞིང་ཁམས་ཅི་ཡང་འཆར་བ་ལ་རྟོག་ཚོགས་མི་ཟད་པ་རྒྱན་གྱིས་བརྒྱན་ཏེ་འབུལ་བར་གསང་བའི་མཎྜལ་ལོ། །དེ་

p. 183

ལྟར་ཡང་། དང་པོ་ཚོགས་བསགས་ཀྱི་སྙིང་པོ་ཕལ་པོ་ཆེ་ལས་བྱུང་བའི་སངས་རྒྱས་ཀྱི་གསུང་ཡན་ལག་བདུན་པ། ཇི་སྙེད་སུ་དག་འདོན། དེ་མཚམས་མཎྜལ་རྒྱས་པ་སོ་བདུན་མ་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བྱས་པ་དེ་བཞིན་བྱ། དངོས་སུ་ལག་ལེན་གཙང་སྦྲ་ལྡན་པས་འབུལ་དགོས། ས་གཞི་སྤོས་བྱུག་ཇི་ལྟར་རིགས་པ་བསགས། དཀྱུས་བསྟན། རིན་ཆེན་ས་གཞི་སོགས་བྱའོ། །གཞན་ཡང་སྐབས་འདི་དག་ཏུ་ཕག་མོ་ནས་འབྱུང་བ་ལྟར། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །སོགས་ནས་རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །བར་དང་སྤྱོད་འཇུག་ལས་བྱུང་བའི་རིན་ཆེན་སེམས་བཟུང་མ་འདོན། དེ་རྗེས་ཡན་ལག་ལྷག་མ། གསུམ་པ་བཤགས་པ་ནི། བདག་གཞན་ཐམས་ཅད་ཐོག་མེད་ནས་ད་བར་དུ་འཁྲུལ་བའི་དབང་གིས་བཅས་པ་དང་ཁ་ན་མ་ཐོ་བ་སོགས་མཚམས་མེད་ལྔ་ཉེ་བ་ལྔ། མི་དགེ་བཅུ། ལྕི་བཞི་ལོག་བརྒྱད་སོགས་ཉེས་པའི་ཚོགས་ཀུན་གདུང་བ་དྲག་པོས་སྙིང་ནས་འགྱོད་པས་མཐོལ་ལོ་བཤགས། ཁྱད་པར་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་ཐར་པའི་སྲོག་རྩར་གྱུར་པའི་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ལ་ཚུལ་བཞིན་མ་བགྱིས་པའི་དངོས་པོ་ཐམས་ཅད། དཔེར་ན་ཁོག་ཏུ་དུག་ཟོས་པ་

p. 184

ལྟར་འགྱོད་པས་བཤགས། ཕྱིན་ཆད་མི་བྱེད་པའི་ལས་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་དམ་བཅའ་བཟུང་། མདོར་ན་བཤགས་པ་ཐམས་ཅད་ལ་སྟོབས་བཞི་ཚང་དགོས་སོ། །བཞི་པ་རྗེས་སུ་ཡི་རང་བ་ལ། འཁོར་འདས་དུས་གསུམ་དུ་བསགས་པའི་དགེ་བ་དང་། སོ་སྐྱེ་ཉན་རང་། བྱང་སེམས་སྤྱི་དང་ཁྱད་པར་དུ་དཔལ་ལྡན་བླ་མའི་མཛད་ཕྲིན་ཡོན་ཏན་ཐམས་ཅད་ལ་དགའ་བ་ཆེན་པོས་བདག་རྗེས་སུ་ཡི་རང་ངོ་། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། རང་ལུས་གྲངས་མེད་དུ་སྤྲུལ་ནས། ཁྱད་པར་དུ་ལྷ་ཚངས་བྱིན་གཉིས་ལྟ་བུའི་ལག་ན་གསེར་འཁོར་ཐོགས་པ་དཔག་མེད་ཀྱིས་སངས་རྒྱས་རེ་རེའི་མདུན་ནམ། རྒྱལ་བ་སྲས་བཅས་མདུན་དུ་བཞུགས་པ་རྣམས་ལ། སེམས་ཅན་གྱི་དབང་པོ་དང་འཚམས་པའི་ཆོས་འཁོར་བསྐོར་བར་གསོལ་བ་དང་། ལྷག་པར་སྨིན་གྲོལ་རྡོ་རྗེ་ཐེག་པའི་ཆོས་འཁོར་རྒྱུན་ཆད་མེད་པར་དུས་གསུམ་རྟག་པར་བསྐོར་བའི་སྨོན་ལམ་གདབ་བོ། །དྲུག་པ་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་ལ། དེ་ལྟར་ཆོས་འཁོར་བསྐོར་ནས་ཇི་སྲིད་འཁོར་བ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དུ། དེ་ཡི་ཡུན་དུ་སྐུ་ཞི་བའི་དབྱིངས་སུ་མི་གཞོལ་བར་འགྱུར་མེད་སྲ་

p. 185

བརྟན་རྡོ་རྗེའི་སྐུ་རུ་བཞུགས་པར་གསོལ་ལོ། །བདུན་པ་དགེ་རྩ་བསྔོ་བའི་ཡན་ལག་ནི། དེ་ལྟའི་ཕྱག་དང་མཆོད་པ་སོགས་ཀྱིས་མཚོན་པའི་དགེ་རྩ་དེ་རྣམས་དང་། དུས་གསུམ་བསགས་དང་བསག་འགྱུར་གྱི་དགེ་ཚོགས་ཐམས་ཅད། བྱང་ཆུབ་རྡོ་རྗེའི་གོ་འཕང་བརྙེས་པ་ཁྱེད་རྣམས་ཀྱིས་རྣམ་ཐར་ཕྲིན་ལས་བཞི་འགྲུབ་ཕྱིར་བསྔོའོ། །དེ་ལྟར་གྱི་ཚོགས་བསགས་ཡན་ལག་བདུན་པ་དེ་ཉིད་ལམ་སྦྱོང་བྱེད་ཐམས་ཅད་ལ་མེད་དུ་མི་རུང་བའི་ཆོས་སོ། །དེ་ཡང་ང་རྒྱལ་གྱི་གཉེན་པོར་ཕྱག་འཚལ་བ་ཡིན་ལ། ལག་རྗེས་ནི་དབུ་གཙུག་ཏོར་དང་ཆོས་གསུང་དྲི་མེད་དཔལ་བེའུ་སོགས་འགྲུབ་བོ། །མཆོད་པ་ནི་སེར་སྣའི་གཉེན་པོ་ཡིན་ལ། ལག་རྗེས་ནི་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱི་རྒྱལ་སྲིད་ཐོབ་བོ། །བཤགས་པ་ནི་སྡིག་སྒྲིབ་ཀྱི་གཉེན་པོ་ཡིན་ལ། ལག་རྗེས་ནི་སྒྲིབ་གཉིས་ཀྱི་རྟོག་པ་ཟད་ནས་སྐུ་གཉིས་འགྲུབ་པའི་རྒྱུ་བྱེད་དོ། །རྗེས་སུ་ཡི་རངས་ནི་ཕྲག་དོག་གི་གཉེན་པོ་ཡིན་ལ། ལག་རྗེས་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་འགྲུབ་པའི་རྒྱུ་བྱེད་དེ། དེའང་དུས་གསུམ་གྱི་དགེ་རྩ་རྣམས་ངོམ་པས་འཛད་པ་དང་། རང་བཞིན་འཛད་པ་མེད་ཅིང་ཡི་རངས་བས་སྐྱེ་ནས་སྐྱེ་བར་ཚོགས་རྒྱ་ཆེན་པོ་འགྲུབ་བོ། །ཆོས་

p. 186

འཁོར་བསྐོར་བར་བསྐུལ་བས་ཆོས་སྤང་གི་ལས་སྒྲིབ་སྦྱོང་བའི་གཉེན་པོ་ཡིན་ལ། ལག་རྗེས་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་མངའ་དབང་འབྱོར་བའི་དགོས་པ་ཡོད་དོ། །མྱ་ངན་ལས་མི་འདའ་བར་གསོལ་བ་ནི། ལོག་ལྟའི་གཉེན་པོ་ཡིན་ལ། ལག་རྗེས་ནི་སྐྱེ་འཆི་མེད་པ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུ་བྱེད་དོ། །བསྔོ་བ་ནི་ཁོང་ཁྲོའི་གཉེན་པོ་ཡིན་ལ། ལག་རྗེས་ནི། དགེ་རྩ་ཟད་མེད་དུ་འཕེལ་ཞིང་། སངས་རྒྱས་ཀྱི་མཛད་ཕྲིན་བསམ་གྱིས་མི་ཁྱབ་པས་དོན་གཉིས་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །དེ་ལྟའི་ཡན་ལག་བདུན་པ་འདི་ཉིད་ལས་དང་སྡིག་སྒྲིབ་སྦྱོང་བའི་ཕྱགས་ཤིང་དུ་བསྔགས་སོ། །ཐེག་པ་གོང་འོག་ཐམས་ཅད་ཀྱི་བསགས་སྦྱང་གི་སྙིང་པོ་མ་ལུས་པ་ཡན་ལག་བདུན་པ་འདིར་འདུས་པ་ཡིན་ནོ། །སླར་ཡང་ཡན་ལག་བདུན་པ་རྗེ་དུས་གསུམ་མཁྱེན་པས་དྭགས་པོ་རིན་པོ་ཆེ་ཐོག་མར་མཇལ་བའི་སྐབས་སུ་ཐོལ་བྱུང་དུ་གསུངས་པ་འོག་མིན་ཆོས་ཀྱི་སོགས་བྱིན་རླབས་ཤིན་ཏུ་ཆེ་བ་དེ་ཉིད་གྲངས་དུ་མར་བསག་གོ ། དེ་ནས་གསོལ་འདེབས་ཀྱི་བསྙེན་པ་བྱ་བ་ལ། ཡིད་གཞན་དུ་མ་ཡེངས་པར་ཁ་ཞེ་མེད་པར་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་གདབ་པར་བྱ་སྟེ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་

p. 187

པས། སེམས་དུས་གསུམ་གྱི་འདུ་འཕྲོ་སྤངས་ལ། འཁོར་བར་ཞེན་ལོག་ངེས་འབྱུང་གིས་ཡིད་སྐྱོ་ཕྱོད་དེ། ཕ་བླ་མ་མ་གཏོགས་རེ་ས་སྐྱབས་གནས་གཞན་དུ་མེད་སྙམ་པས་སེམས་སྐྱོ་དུང་ངེ་། ཅི་མཛད་ཁྱེད་མཁྱེན། ཅི་གསུང་དང་དུ་ལེན། ཐུགས་ཡིད་གཅིག་ཏུ་མ་འདྲེས་ཀྱི་བར་དུ་གསོལ་བ་སྙིང་ནས་གདབ་དགོས་ཏེ། དེ་ཡང་དཔེར་ན། ནེ་ཙོའི་ཡིག་དྲུག་གམ་ཟོ་རླུང་ངམ་བྲག་ཆ་སོགས་ལ་སྙིང་པོ་ཅི་ཡང་མེད་པར་ཤེས་པ་བཞིན་དུ། གཞན་དུ་ཡེངས་པར་གྱུར་ན་བསྐལ་པ་དུ་མར་ཕྱག་འཚལ་མདོག །ཁ་ཏོན་བཟླས་བརྗོད་འདོན་མདོག །གསོལ་བ་འདེབས་མདོག་བྱས་ཀྱང་ཕན་པ་སྤུ་རྩེ་ཙམ་མེད་པས། དེས་ནི་མི་ཆོས་རྒྱབ་ཏུ་བསྐྱུར། ལྷ་ཆོས་དང་དུ་བླང་། དུས་དེ་རིང་ནས་བཟུང་སྟེ་བྱང་ཆུབ་ཀྱི་གོ་འཕང་དམ་པ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་བླ་མ་བཟང་བས། མོས་འདུན་དྲག་པོས་རྩེ་གཅིག་ཏུ་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་དྲི་མ་མེད་པ་མ་ནམ་བཞི་སྐོར་དབྱངས་སུ་གྱེར་ནས་གསོལ་བ་གདབ་བོ། །སེམས་དད་མོས་དང་མ་བྲལ་བ། ལུས་བ་སྤུ་ཟིང་བཞིན་བཟོད་བླགས་མེད་པའི་མོས་གུས་མ་སྐྱེས་ཀྱི་བར་དུ་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་གཉུག་མ་གཤིས་ཀྱི་གནས་ལུགས་ཀྱི་ངང་ལ་

p. 188

བཞག་སྟེ་གསོལ་འདེབས་བྱ། འདིར་གོང་མས་གསུངས་པའི་མར་པའི་གསོལ་འདེབས་ཇི་ལྟར་རིགས་པ་ཤེས་ན་བྱའོ། །འཇམ་མགོན་རྡོ་རྗེ་འཆང་ཀོང་སྤྲུལ་རིན་པོ་ཆེའི་གསུང་གསོལ་འདེབས་མཐར་ཐུན་གྲོལ་བའི་ཚེ་མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་བྱིན་རླབས་ཅན། བདག་དང་སེམས་ཅན་ཐམས་ཅད་སོགས་བརྗོད་དོ། །དེ་ནས་འདོད་དོན་གཞུང་ལྟར་གསོལ་ལ། དབང་བཞི་ལེན་པ་ནི་ཕྱག་ཆེན་སྔོན་འགྲོ་དང་འདྲའོ། །འདི་སྐབས་གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་སོགས་བསྙན་བརྒྱུད་རྡོ་རྗེའི་ཚིག་རྐང་བྱིན་རླབས་ཤིན་ཏུ་ཆེ་ཕྱིར་བཞག་པ་ཡིན། རྡོ་རྗེ་གསུམ་ཞེས་པ་ནི། སྐུ་སྣང་སྟོང་རྡོ་རྗེ། གསུང་གྲགས་སྟོང་རྡོ་རྗེ། ཐུགས་རིག་སྟོང་རྡོ་རྗེ་སྟེ་གསུམ་ལ། དེའང་དང་པོ་གཟུགས་སུ་སྣང་བའི་དངོས་པོ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཕྱིར་རོ། །གཉིས་པ་ནི་སྒྲ་རུ་གྲགས་པའི་ཚོར་བ་ཐམས་ཅད་བྲག་ཅ་བཞིན་དུ་རང་བཞིན་གཟུགས་སུ་འཛིན་པའི་སྙེམས་པ་མི་མངའ་བས་སོ། །གསུམ་པ་ཡིད་ཀྱི་དྲན་པའི་རྟོག་ཚོགས་ཐམས་ཅད་བཟང་ངན་མེད་པ་སྣང་ཞིང་སྟོང་བཞིན་གསལ་བའི་ངང་ཚུལ་ཅན་དེས་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བལྟ་བར་བྱའོ། །རྡོ་རྗེ་ནི་འཕོ་འགྱུར་མེད་པའི་

p. 189

ཕྱིར་རོ། །ཁྱེར་སོ་གསུམ་ནི། སྣང་བ་སྐུ་ཡི་ཁྱེར་སོ་ལ་སྣང་བ་ཐམས་ཅད་བླ་མའི་སྐུའི་རོལ་པ་དད་མོས་ཀྱི་རྟེན་བཟང་པོ། གྲགས་པ་གསུང་གི་ཁྱེར་སོ་ལ་གྲགས་པ་ཐམས་ཅད་བླ་མའི་གསུང་གི་རོལ་པ་བཟླས་བརྗོད་མཆོད་བསྟོད་ཀྱི་རྟེན་བཟང་པོ། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ལ་ཡིད་ཀྱི་དྲན་རྟོག་ཐམས་ཅད་དཔལ་ལྡན་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་པ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ལ། རིག་པ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རྒྱས་གདབ་པའི་རྟེན་བཟང་པོའོ། །དེ་ལྟ་བུའི་ཐུགས་ཡིད་བསྲེས་ལ་མི་རྟོག་པའི་ངང་དུ་བཞག །རྗེས་ཐོབ་ཏུ་གོང་གི་དེ་དག་ཡ་བྲལ་དུ་མ་སོང་བར་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ལངས་ནས་སྤྱོད་ལམ་སྤྱད་དོ། །དེས་ཕྱི་སྒྲུབ་ཞག་བདུན་དུ་བྱས་པས་འགྲུབ་ལ། ཐུན་འགོར་བརྒྱུད་པའི་བླ་མའི་གསོལ་འདེབས་དང་། མཇུག་ཏུ་བསྔོ་བས་རྒྱས་གདབ་སྟེ་ཉམས་སུ་བླང་ངོ་། །གཉིས་པ་ནང་སྒྲུབ་ལ་ཡི་དམ་དཀྱིལ་འཁོར་ལ་བརྟེན་ཏེ་བསྒོམ་བཟླས་རླུང་སྦྱོར་གྱིས་སྒྲུབ་པ་ལ་གཉིས་ཏེ། ཡི་དམ་བླ་མའི་རྣལ་འབྱོར་དང་། སྐུ་གསུམ་ལམ་དུ་ཁྱེར་བའོ། །དང་པོ་ནི་ཕྱི་སྒྲུབ་ཐོན་ནས་ནང་སྒྲུབ་ཀྱི་ཐོག་མར་སྐྱབས་སེམས་ནས་བཟུང་སྟེ་གསོལ་འདེབས་

p. 190

རྣམས་བདུན་རེ་ཙམ་བྱས་ཏེ་དབང་ལེན་རྗེས་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་སྟོང་པའི་ངང་ལས། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པདྨ་སྔོན་པོ་འདབ་མ་སྣ་ཚོགས་དང་གེ་སར་གྱི་སྟེང་དུ་ཉི་མའི་དཀྱིལ་དུ། རང་ཉིད་སྐད་ཅིག་གིས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད། སྤྱན་གསུམ་གསུམ། ཕྱག་གཡས་བརྒྱད། གཡོན་བརྒྱད། ཞལ་བཞི་ཡོད་པ་དེའང་རྩ་ཞལ་ནག་པོ་གཡས་དཀར་བ། གཡོན་དམར། རྒྱབ་ཞལ་ནག་པོ། སྟེང་ཞལ་དུད་ཁ། ཕྱག་གཡས་བརྒྱད་ནང་། ཐོད་པའི་ནང་དུ་གླང་ཆེན་དཀར་པོ། རྟ་སྔོན་པོ། བོང་བུ་གྭ་པ། གླང་དམར་པོ། རྔ་མོང་ཐལ་དཀར། མི་དམར་པོ། ཤ་ར་བྷ་སྔོན་པོ། བྱི་ལ་གྭ་པ་སྟེ་བརྒྱད་དོ། །གཡོན་གྱི་ཐོད་པ་བརྒྱད་ནང་། ས་ཡི་ལྷ་སེར་པོ། ཆུ་ཡི་ལྷ་དཀར་པོ། རླུང་གི་ལྷ་ལྗང་གུ། མེ་ཡི་ལྷ་དམར་པོ། ཟླ་བའི་ལྷ་དཀར་པོ། ཉི་མའི་ལྷ་དམར་པོ། གཤིན་རྗེ་སྔོན་པོ། ནོར་སྦྱིན་སེར་པོ་རྣམས་སོ། །ཞབས་བཞི་རྒྱབ་མ་གཉིས་གཡས་བརྐྱང་གཡོན་བསྐུམ། མདུན་མ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོལ་པ་བདུད་བཞི་མནན་པ། དེའང་ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་སྔོན་པོ། དྲག་པོ་ནག་པོ་སྟེ་བདུད་བཞིའི་ཚུལ་དུ་གནས་པའང་། ལྷ་བུའི་

p. 191

བདུད། ཕུང་པོའི་བདུད། འཆི་བདག་བདུད། ཉོན་མོངས་པའི་བདུད་དེ་བཞི་པོ་བསྣོལ་ཐབས་སུ་མནན་པ། སྐུ་ལ་རུས་པའི་རྒྱན་དྲུག་དང་། སྤྱི་བོར་སྣ་ཚོགས་རྡོ་རྗེ། སྟག་གི་པགས་པའི་ཤམ་ཐབས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་གསོལ་བ། གར་གྱི་ཉམས་དགུ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫིས་པ། ཐོད་རློན་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། ཡེ་ཤེས་ཀྱི་མེ་དཔུང་འཁྱིལ་བའི་ཀློང་དུ་བཞུགས་པ། ཡུམ་བདག་མེད་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་ཡབ་ལ་འཁྲིལ་བ། ཞབས་གཉིས་རྒྱབ་ཏུ་འཁྱུད་པའོ། །ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀར་ཐོད་སྐམ་ལྔའི་དབུ་རྒྱན་གྱིས་བརྒྱན་པའི་སྤྱི་བོར་སྣ་ཚོགས་པདྨ་འདབ་བཞི། ཟེའུ་འབྲུ་སྔོན་པོར་ཉི་མའི་སྟེང་དུ། ངོ་བོ་རྗེ་བཙུན་བླ་མ་མར་པ་ལོ་ཙཱ་ལ། རྣམ་པ་རིགས་ཀུན་གྱི་ཁྱབ་བདག་གདོད་མའི་མགོན་པོ་རྡོ་རྗེ་འཆང་། སྐུ་མདོག་སྔོན་པོ་ནམ་མཁའི་མདངས་ཅན་ཐབས་ཤེས་ཀྱི་ཕྱག་རྒྱ་སྟེ་རྡོར་དྲིལ་བསྣོལ་ཐབས་སུ་འཛིན་པར། ཡུལ་རྡོ་རྗེ་རྣལ་འབྱོར་མས་འཁྱུད་པ། འདབ་བཞིར་ངོ་བོར་ཐུགས་སྲས་བཀའ་ཆེན་བཞི་ཡིན་པ་ལ་རྣམ་པ་ཧེ་རུ་ཀ་དཔལ་གྱི་སྐུ་རུ་གསལ་བ་དེའང་། ཤར་དུ་གསང་འདུས་སྔོན་པོ་རང་འདྲའི་ཡུམ་

p. 192

རེག་བྱ་རྡོ་རྗེ་རྣལ་འབྱོར་མ་དང་སྦྱོར་བ། ལྷོ་རུ་དགྱེས་པ་རྡོ་རྗེ་བུང་བའི་མདོག་ཅན་ལ་ཡུམ་བདག་མེད་མ་འཁྱུད་པ། ནུབ་ཏུ་དུས་འཁོར་གསེར་མདོག་སྣ་ཚོགས་ཡུམ་གྱིས་འཁྱུད་པ། བྱང་དུ་འཁོར་ལོ་སྡོམ་པ་སྔོན་པོ་ཡུམ་ལྷན་སྐྱེས་མ་དམར་མོ། འདི་རྣམས་བསྡུས་པ་དཔའ་བོ་གཅིག་པའི་སྐུ་རུ་བསྒོམ་པའི་ལུགས་ཡིན། ཡབ་རྣམས་རྡོར་དྲིལ་བསྣོལ་ཐབས་ཀྱིས་ཡུམ་ལ་འཁྱུད་པ། ཡུམ་རྣམས་གྲི་ཐོད་འཛིན་པས་འཁྲིལ་བ། གཙོ་འཁོར་ཀུན་ཀྱང་གཅེར་བུ་རུས་རྒྱན་དང་རིན་པོ་ཆེ་སོགས་ཀྱིས་སྤྲས་པ། ཞབས་གཉིས་བརྐྱང་བསྐུམ་གྱིས་བཞེངས་པ། ཡེ་ཤེས་ཀྱི་རང་འོད་འཁྲུགས་པའི་ཀློང་དུ་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས་སྤྱན་དྲངས། རང་གི་ཐུགས་ལས་སྤྲུལ་པའི་མཆོད་ལྷས་མཆོད། དམ་ཡེ་བསྲེ། མཆོད་ལྷ་དང་ལྷན་ཅིག་པའི་སྐུ་བཞིའི་བསྟོད་པ་དང་། ཁྱད་པར་ཀུན་འདུས་བླ་མར་བསྟོད། དེ་ནས་ཕྱི་མཆོད། རི་གླིང་སྲིད་གསུམ་དང་འགྲོ་བའི་སྒོ་གསུམ་ལོངས་སྤྱོད་ཐམས་ཅད་ཞེན་མེད་མཎྜལ་གྱི་ཚུལ་དུ་ཕུལ། ལྷག་པར་དུ་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། རྫས་རྟགས་རིན་ཆེན་སྣ་བདུན་ལྷ་མིའི་དཔལ་འབྱོར་དང་། ནང་གི་མཆོད་པ། སྟོང་ཆེན་ཤེས་རབ་སྟོང་པ་

p. 193

ཉིད་དེའི་དོན་རྟོགས་པར་བྱེད་པའི་ཐབས་ཤ་ལྔ་བདུད་རྩི་ལྔས་མཆོད། གསང་མཆོད་མཆོད་ལྷ་བཅུ་དྲུག་པོ་བླ་མ་ཡབ་ཡུམ་ལ་ཐིམ་པས་བདེ་སྟོང་གཉིད་མེད་ཀྱི་མཆོད་པས་མཉེས་པར་བྱས་ལ། ལྟ་སྒོམ་སྤྱོད་འབྲས་བཞི་ཇི་བཞིན་པ་མ་རྟོགས་པས་དེ་ཉིད་ཀུན་རྫོབ་ཀྱི་ཚུལ་དུ་བཤགས་ཤིང་བསྡམ། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་རང་གཞན་གྱི་རྒྱུད་ལ་སད་པའི་སྨོན་ལམ་དུ་གདབ་བོ། །དེ་ལྟར་ཚོགས་བསགས་ཀྱི་སྙིང་པོ་ཕྱག་མཆོད་བཤགས་པ་གྲུབ་ནས་སླར་ཡང་ཡན་ལག་བདུན་པ། འོག་མིན་ཆོས་དབྱིངས་མ་བྱ། དེ་ནས་གསོལ་བ་གདབ་པ་ནི། རྗེ་ཐམས་ཅད་མཁྱེན་པ་བརྒྱད་པའི་གསུང་བྱིན་རླབས་ཅན། ལ་ལཱ་ར་ས་སོགས་བྱའོ། །དེའི་ཚིག་དོན་མཁན་རཏྣས་མཛད་པ་བལྟ་བར་བྱའོ། །དེ་ཉིད་གྲངས་དུ་མར་བསགས་ལ། ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། བླ་མ་ཆོས་ཀྱི་སྐུ་ལ་སོགས་ཀྱིས་ཐུན་གྱི་དངོས་གཞི་བྱས་ན། རྩེ་གཅིག་ཏུ་ཡིད་གཞན་དུ་མི་ཡེངས་པར་གྲངས་བསག །གཞན་ཡང་། ཕ་དྲིན་ཅན་སོགས་ཀྱི་གྲངས་ཇི་ལྟར་རིགས་པ་དང་། ཐུན་མཐར། རྗེ་དུས་གསུམ་གྱི་སོགས། ཅི་བྱེད་ཆོས་སུ་འགྲོ་བའི་སྨོན་ལམ་ཁ་ཞེ་མེད་པར་གདབ་བོ། །དེ་ནས་ཐུན་མོང་མ་ཡིན་པའི་ཟབ་དབང་ཞུ་བ་ནི།

p. 194

ཨེ་མ་ཧོ། སོགས་ནི་ངོ་མཚར་བའི་ཆོས། ངོ་མཚར་བའི་ཆོས་ཀྱི་དོན་འབྱུང་བ། བདག་ཏུ་མེད་པའི་དོན་རྟོགས་པ། རྡོ་རྗེ་འཛིན་པ་ཆེན་པོ་དེ་ལ་ཕྱག་འཚལ་ནས་སྟོང་པ་ཉིད་ཀྱི་དོན་རྟོགས་པ། ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་བདག་ལ་བསྩལ་ཏུ་གསོལ་སྙམ་པས་གསོལ་བ་དྲག་ཏུ་གདབ་པས། བླ་མ་ཡབ་ཡུམ་དགྱེས་པའི་ཚུལ་གྱིས་སྙོམས་འཇུག་གི་སྒྲ་ཨེ་ཨ་རལླི་ཧྲིཾ་ཕེཾ་སོགས་ཀྱིས་བསྐུལ་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ནས་བླ་མའི་ཐུགས་ཀར་ཐིམ། བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་ནས་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སྤྲོས་ཏེ་ཡུམ་གྱི་སྐུ་ཡི་ལྷ་ཚོགས་རྣམས་མཆོད། ཡུམ་གྱི་དམར་ཆ་ཚུར་དྲངས་ཏེ་དཀར་དམར་འདྲེས་པ་འོད་ཀྱི་རྣམ་པ་ཅན་དེ། རང་གི་ཚངས་བུག་ནས་སོང་རྩ་དབུ་མའི་ནང་དུ་ཞུགས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཐམས་ཅད་ཁྱབ་པར་གང་། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དང་རྩའི་སྒྲིབ་པ་དག །བུམ་པའི་དབང་ཐོབ། སྐུ་རྡོ་རྗེ་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས་སོ། །བདུད་རྩི་ཆུ་ཞབས་ཡར་འཁྱིལ་བས་བླ་མ་ཡབ་ཡུམ་མཚར་སྡུག་འོད་དུ་ཆགས་པར་གྱུར། སླར་ཡང་དབང་གཉིས་པའི་དོན་དུ་གསོལ་བ་དྲག་ཏུ་བཏབ་པས།

p. 195

སྦྱོར་མཚམས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་རང་གི་ལྕེ་རྡོ་རྗེ་རྩེ་གསུམ་པ་ནས་བརྒྱུད་དེ། མགྲིན་པའི་རྩ་འཁོར་ནས་སོང་ལུས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་གང་བར་སྤྲོས་པས་ངག་གི་དྲི་མ་མཐའ་དག་དང་ལས་རླུང་གི་དྲི་མ་དག །གསུང་གསང་བའི་དབང་ཐོབ། རྡོ་རྗེའི་བཟླས་བརྗོད་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་བོ། །ཡང་དབང་གསུམ་པའི་དོན་དུ་གསོལ་བ་བཏབ་པས། བླ་མའི་ཡུམ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤྲོས་ནས། བདག་ཉིད་ཀྱི་ཡུམ་བདག་མེད་མ་ལ་ཐིམ། ཡབ་ཀྱི་གསང་བ་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་གསང་བ་པདྨ་འདབ་མ་གསུམ་དུ་བྱིན་གྱིས་བརླབས་ནས་བསྒོམས་པས། དབུ་མའི་ཡར་སྣ་སྤྱི་གཙུག་གི་ནང་དུ་དངུལ་ཆུའི་མདོག་མཚུངས་ཐིག་ལེ་སྲན་མ་ཙམ་ཧཾ་ཡིག་གི་མགོ་བོ་གྱེན་བསྟན་དེ་ལས་ཧཾ་ཡིག་ཐུར་བསྟན་དེ་ལས་བདུད་རྩི་རྒྱུན་བབས་པས། སྤྱི་བོ་ནས་མགྲིན་པའི་བར་བབས་པས་དགའ་བ། དེ་བཞིན་དུ་བདེ་བ་སྤྱོད་པས་རིམ་བཞིན་བབས་པས་སྙིང་ཁར་མཆོག་དགའ། ལྟེ་བར་ཁྱད་དགའ། ནོར་བུའི་རྩེ་མོར་བབས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཕོ་འགྱུར་མེད་པའི་དགའ་བ། རྡོ་རྗེའི་རྩེ་མོ་ནས་ཐིག་ལེ་འོད་ཟེར་གྱི་རྣམ་པར་ཡུམ་གྱི་སྐུའི་དབྱིབས་

p. 196

བརྒྱུད་པས་མཆོད་ཡུམ་ཤིན་ཏུ་མཉེས་ནས། དེ་ནས་ཡུམ་གྱི་དམར་ཆ་ཚུར་དྲངས་ཏེ། དཀར་པོ་བདེ་བའི་ངོ་བོ་དང་། དམར་པོ་དྲོད་ཀྱི་རང་བཞིན་ཅན་དེ་གཉིས་འདྲེས་པས་དཀར་ལ་དམར་བའི་མདངས་ལྡན་དེ་ཡར་དྲངས་པས་རྡོ་རྗེ་ནས་ལྟེ་བའི་བར་དགའ་བ། སྙིང་ཁར་མཆོག་དགའ། མགྲིན་པ་ཁྱད་དགའ། སྤྱི་བོ་ནས་ལྷན་སྐྱེས་ཏེ་མས་བརྟན་གྱི་དགའ་བ་བཞི་མངོན་དུ་བྱས། ཧཾ་ལ་ཐིམ་ཞིང་ལྷག་མ་ལུས་ཀུན་ཁྱབ། བདེ་སྟོང་གཉིས་སུ་མེད་པའི་ཉམས་སྐྱེས། ཡིད་ཀྱི་དྲི་མ་མ་ལུས་པ་དང་ཐིག་ལེའི་འགྱུར་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཏིང་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་རྡོ་རྗེ་ཐོབ། དེ་ནས་བཞི་པའི་དོན་དུ་གསོལ་བ་དྲག་ཏུ་བཏབ་པས། བླ་མ་ཡབ་ཡུམ་གྱི་དགོངས་པ་བདག་ལ་མངོན་སུམ་དུ་གཏད་པས། དཔེ་ཡི་ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་དོན་གྱི་རང་རིག་ཕྱག་རྒྱ་ཆེན་པོ་མཐོང་ཞིང་རྟོགས་པས་ཤེས་སྒྲིབ་ཕྲ་ཞིང་ཕྲ་བ་དག །དབང་བཞི་ཐོབ་ཅིང་སྨྲ་བསམ་བརྗོད་དུ་མེད་པའི་བདེ་སྟོང་ཡེ་ཤེས་ཀྱི་ཚིག་དབང་རིན་པོ་ཆེ་ཐོབ་བོ། །འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱས་ནས། ཕྱག་མཚན་རྡོར་དྲིལ་གར་གྱི་རོལ་པས། རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྤྱི་བོ་དང་སྙིང་ག །དྲིལ་བུ་གསུང་གི་དམ་ཚིག་ལྟེ་བ་དང་

p. 197

མགྲིན་པ། ཕྱག་རྒྱ་སྐུ་ཡི་དམ་ཚིག་དབུ་མ་རྣམ་དག་ཏུ་བརྟན་པར་མཛད་ནས། ཡབ་ཡུམ་འཁོར་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་སྤྱི་བོར་རྡོ་རྗེ་འཆང་ལ་བཀའ་བརྒྱུད་ཀྱི་བླ་མས་ཁྲོམ་ཚོགས་སུ་བསྐོར་བ། མགྲིན་པར་པད་ཉི་བདུད་བཞིའི་སྟེང་དུ་གསང་འདུས་མི་བསྐྱོད་རྡོ་རྗེ། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། གཡས་གསུམ་རྡོ་རྗེ་འཁོར་ལོ་པད་མ། གཡོན་གསུམ་དྲིལ་བུ་རིན་ཆེན། རལ་གྲི་རང་འདྲའི་ཡུམ་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པའོ། །སྙིང་ཁར་ཧེ་བཛྲ་སྟེ་དགྱེས་པ་རྡོ་རྗེ་གོང་ལྟར་རམ། ཡང་ན། ཐུགས་ཀྱི་ཀྱཻ་རྡོ་རྗེ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་དང་པོ་གཉིས་ཡུམ་ལ་འཁྱུད་པ། བར་པ་གཉིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་གྲི་གུག་དང་རྩེ་གསུམ་འཛིན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་པད་ཉི་བདུད་བཞིའི་སྟེང་དུ་བཞུགས་པའོ། །ལྟེ་བར་པད་ཉི་འཇིགས་དུས་ཀྱི་སྟེང་དུ་བདེ་མཆོག་ནག་པོ་ཞལ་བཞི་རྩ་ཞལ་ནག་པོ། གཡས་སེར། གཡོན་ལྗང་། རྒྱབ་ཞལ་དམར་པོ་ཐམས་ཅད་ལ་སྤྱན་གསུམ་དང་ལྡན་པ། ཕྱག་བཅུ་གཉིས་པ་དང་པོ་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་ཅན་ལ་འཁྱུད་པ་དང་། གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་

p. 198

པགས་པ་འཛིན་པ། གཡས་པ་རྣམས་རིམ་བཞིན། ཌཱ་མ་རུ་དང་། སྟ་རེ། གྲི་གུག །རྩེ་གསུམ་འཛིན་པ། གཡོན་པ་རྣམས་རིམ་བཞིན། ཁ་ཊྭཱཾ་ག་དང་། ཐོད་པ། ཞགས་པ། ཚངས་པའི་མགོ་སེར་པོ། མགོ་ཕྲེང་བསྣམས་པ། སྟག་ཤམ་རུས་རྒྱན་ཚངས་སྐུད། ཐོད་སྐམ་གྱི་དབུ་རྒྱན། ཚངས་སྨེར་སྣ་ཚོགས་རྡོ་རྗེ་གཡོན་ངོས་སུ་ཟླ་བ་ཕྱེད་པས་སྤྲས་པ། རལ་པའི་ཐོར་ཚུགས་གར་ཉམས་དགུ་ལྡན་ནོ། །གསང་གནས་སུ་པད་ཉི་ཟླ་བ་སྒྲ་གཅན་གྱི་སྟེང་དུ། ལུས་བདེ་བ་དང་མཁའ་འགྲོ་གན་རྐྱལ་དུ་གནས་པའི་སྟེང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞལ་བཞི་སྤྱན་གསུམ་གསུམ་དང་ལྡན་པའི་རྩ་ཞལ་ནག་པོ། གཡས་དམར། རྒྱབ་སེར། གཡོན་དཀར་བ། ཕྱག་ཉི་ཤུ་རྩ་བཞི་ནི། དང་པོ་བརྒྱད་ནག །བར་པ་བརྒྱད་དམར། ཐ་མ་བརྒྱད་དཀར་པོ། དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། གཡས་ཀྱིས་རིམ་བཞིན། རལ་གྲི། རྩེ་གསུམ། གྲི་གུག །མེ་མདའ། ལྕགས་ཀྱུ། ཌཱ་མ་རུ། སྟྭ་རེ། འཁོར་ལོ། མདུང་ཐུང་། དབྱུག་པ། ཐོ་བ་འཛིན་པ། གཡོན་གྱིས་རིམ་བཞིན། ཕུབ། ཏྲི་ཤུ་ལ། ཐོད་པ། གཞུ། ཞགས་པ། པདྨ། ནོར་བུ། དུང་། མེ་ལོང་། ལྕགས་སྒྲོག །ཚངས་མགོ་འཛིན་པ། ཞབས་གཡས་དམར་པོ་

p. 199

བརྐྱངས་བས་ལུས་བདེ་དང་། གཡོན་དཀར་པོ་བསྐུམས་པས་དྲག་པོ་མནན་པ། དགའ་མ་དང་ཨུ་མ་གཉིས་ཀྱིས་ཞབས་མཐིལ་ནས་བཏེགས་པ། སྦྱོར་ཡུམ་སྣ་ཚོགས་ཡུམ་སེར་མོ། ཞབས་བཞི་ཕྱག་བརྒྱད་ལ། གཡས་གྲི་གུག །ལྕགས་ཀྱུ། བགྲང་ཕྲེང་། གཡོན་ཤཀྟི། ཞགས་པ། པད་དཀར། རིན་པོ་ཆེ་རྣམས་འཛིན་པའོ། །ཀུན་ཀྱང་རུས་རྒྱན་དྲུག་དང་། ཧེ་རུ་ཀའི་ཆས་ཐམས་ཅད་ཀྱིས་བརྒྱན་པར་ཡེ་ཤེས་ཀྱི་རང་འོད་འཁྲིགས་པའི་ཀློང་དུ་གསལ་བ། བ་སྤུ་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐེམ་འགག་ནེམ་འགག་གིས་གཏམས་པ། ཡན་ལག་གི་ཆ་རྣམས་དཔའ་བོ་དང་དཔའ་མོ། ཉིང་ལག་རྣམས་ཆོས་སྐྱོང་བའི་སྲུང་མའི་ཚོགས་རྣམས་གསལ་བར་མོས་ལ། དེ་ནས་འབྲུ་གསུམ་ཡིད་བཟླས་བྱ་སྟེ། དེ་ཡང་གསང་འདུས་རིམ་ལྔ་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་བཞིར་གསུངས་ཏེ། དང་པོ་བརྗོད་པ་རྡོར་བཟླས་ནི། རླུང་འཇུག་གནས་ལྡང་གསུམ་པོ་ཡི་གེ་གསུམ་གྱི་སྒྲ་གདངས་སུ་དྲན་པ། གཉིས་པ་དམིགས་པ་རྡོར་བཟླས་ནི། རླུང་འཇུག་གནས་ལྡང་གསུམ་ཡི་གེ་གསུམ་དཀར་དམར་སྔོ་བའམ། སྐུ་གསུམ་ཐུགས་ཀྱི་ལྷ་དཀར་དམར་སྔོ་གསུམ་

p. 200

དང་། གནས་གསུམ་འབྲུ་གསུམ་གྱི་ཡིག་འབྲུ་དཀར་དམར་སྔོ་གསུམ་ལ་དམིགས་པའོ། །གསུམ་པ་བརྡ་ཡི་བཟླས་པ་ནི། རླུང་གསུམ་འབྲུ་གསུམ་ཡིན་པའི་བརྡ་དེ་རླུང་གསུམ་འབྲུ་གསུམ་དབྱེར་མེད་དུ་ཤེས་པའོ། །བཞི་པ་དོན་དམ་རྡོར་བཟླས་ནི། རླུང་གསུམ་དེ་བཞིན་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་སྟེ། ཇི་སྐད་དུ། འབྲུ་གསུམ་རྡོ་རྗེའི་བཟླས་པ་ལུ་གུ་རྒྱུད། མ་ཡེངས་རང་བབས་ངང་དུ་འགྱུར་གྱུར་ཅིག །ཅེས་དང་། གཞན་ཡང་། སྣ་སྒོའི་དབུགས་དང་སེམས་གཉིས་མ་བརྗེད་ན། །རླུང་སེམས་དབྱེར་མེད་ཨ་ཏི་རྫོགས་པ་ཆེ། །ཞེས་པ་ལྟར་དེའི་ངང་ལ་གཞན་དུ་མ་ཡེངས་པར་མཉམ་པར་བཞག་གོ །འདིར་བུམ་ཅན་ལ་བརྟེན་པའི་རྡོར་བཟླས་ནི། གསང་འདུས་ལས། ངག་རླུང་འབྲུ་གསུམ་འཁོར་ལོ་ནི། །རྔུབ་བསྐྱིལ་འཕངས་དང་བསྐོར་བ་སྟེ། །བདེ་གཤེགས་ཡོངས་ཀྱི་ཡང་སྙིང་མཆོག །རྔུབ་རླུང་ཨོཾ་ལ་བསྐྱིལ་རླུང་ཨ། །འཕང་བ་རྔུབ་ཡིག་རླུང་གསུམ་གྱིས། །གནས་པ་ཨཱཿལ་སེམས་ནན་བསྐྱེད། །ཞེས་གསུངས་པ་ལྟར། རླུང་དང་སྦྱར་ནས་ཉམས་སུ་བླང་ངོ་། །སྤྲོ་ན་གསང་གནས་སུ་གཏུམ་མོ་ཨ་ཐུང་གི་རྣམ་པ་ལས་མེ་ཇེ་ཆེར་འབར། སྤྱི་བོའི་ཧཾ་ཡིག་ལས་དཔེར་ན་མེ་ཡིས་འཁྱག་རོམ་བཞུས་པ་སྟེ་ཐིག་པ་རིམ་བཞིན་

p. 201

འཛགས་པས་འཁོར་ལོ་ལྔ་ཡི་ལྷ་རྣམས་བདེ་བས་ཤིན་ཏུ་མཉེས་པར་བྱས་ལ། ལུས་སེམས་ཐམས་ཅད་ཐིག་ལེ་དང་དྲོད་ཀྱིས་ཁྱབ་པར་སྤྲོས་ཏེ་བདེ་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག་པ་སྟེ། ལུས་སེམས་ཚིམས་པ་བསྐྱེད་པས་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་མངོན་སུམ་དུ་སྐྱེས་ནས་མི་བཟོད་པའི་བདེ་བ་སྐྱེས་པ་ཙམ་དུ་བསམ་མོ། །མཐར་ཐིག་ལེས་ལུས་ཀུན་ཁྱབ། དྭངས་མ་སྤྱི་བོའི་ཧཾ་ལ་ཐིམ་པར་དམིགས་སོ། །ཐུན་མཐར་ལྷ་དང་བླ་མ་རང་གི་སྒོ་གསུམ་དབྱེར་མེད་དུ་འདྲེས། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་གསལ་སྟོང་འཛིན་མེད་སྤྲོས་པའི་མཐའ་བྲལ་ལ་མ་བཅོས་གཉུག་མའི་ཤེས་པ་ཅི་གནས་སུ་བསྐྱང་། མཐར་སྐུ་གསུམ་ལམ་ཁྱེར་ཝལ་ཙམ་གྱིས་བསྙེན་པ་ཅུང་ཟད་རེ་བཟླས་ཏེ་སྒྱུ་མའི་སྐུར་ལྡང་ངོ་། །བླ་སྒྲུབ་མཇུག་ལ་བསྔོ་སྨོན་དང་ཤིས་བརྗོད་བྱའོ། །དེ་ཡན་ཆད་ཞག་བདུན་དུ་བསྙེན་པས་ནང་སྒྲུབ་ཡི་དམ་བསྒོམ་བཟླས་སོ། །གཉིས་པ་ཞར་བྱུང་ལམ་ཁྱེར་ལ་གསུམ་སྟེ། དང་པོ་སྤྲུལ་སྐུའི་བླ་མའི་རྣལ་འབྱོར་ནི། རང་ཉིད་སྐད་ཅིག་གིས་དགྱེས་པ་རྡོ་རྗེར་གསལ་བའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་གསལ་བའི་ཐུགས་ཀར་སེང་ཁྲི་བརྒྱད་ཀྱིས་བཏེགས་པའི་

p. 202

པདྨ་དཀར་པོ་དང་ཟླ་བའི་སྟེང་དུ། ངོ་བོ་རྩ་བའི་བླ་མ་རྣམ་པ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་གཞུང་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཙོ་བོར་གྱུར་པའི་དུས་གསུམ་གྱི་སངས་རྒྱས་རྒྱུན་ཆད་མེད་པར་མཚོ་ལ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པར་མོས་ལ། ཡིད་གཞན་དུ་མ་ཡེངས་པར་དད་མོས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་ཚིག་རྐང་གཅིག་པོ་བོར་ཞིག་བྱའོ། །མཐར་བླ་མ་འོད་ཞུ་དབྱེར་མེད་དུ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་གོ །དེ་ནི་ཚུལ་ཁྲིམས་གཙང་ཞིང་བསྟན་འགྲོའི་དོན་ཆེན་པོ་འབྱུང་བའི་རྟེན་འབྲེལ་འགྲིགས་པའོ། །དེ་ལྟ་བུའི་སྔོན་དངོས་རྗེས་ཀྱི་རིམ་པ་ནང་སྒྲུབ་ལྟར་ཞག་གསུམ་དུ་བྱས་གྲུབ་བོ། །གཉིས་པ་ལོངས་སྐུའི་བླ་མའི་རྣལ་འབྱོར་ནི། གོང་ལྟར་ལ་ལོངས་སྐུ་རྣམ་པར་སྣང་མཛད་གསལ་ལ། ལོངས་སྐུའི་ལྷ་ཚོགས་སྤྱི་དང་ཁྱད་པར་རིགས་ལྔའི་ཞིང་ཁམས་ན་རྒྱལ་བ་རིགས་ལྔ་ཞུ་བསྟིམ་གསོལ་བ་གོང་བཞིན་གདབ་པར་བྱའོ། །དེས་གཅིག་པུར་ས་ནོན་ཅིང་སྡོད་ཚུགས་པ་དང་། ཚེ་རིང་ཞིང་བདེ་སྟོང་ཕྱག་རྒྱ་ཆེན་པོའི་སྒོམ་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །དེ་ལྟ་བུ་ཡང་གོང་བཞིན་ཞག་གསུམ་དུ་འགྲུབ་པར་བྱས་ལ། གསུམ་པ་

p. 203

ཆོས་སྐུའི་བླ་མའི་རྣལ་འབྱོར་ནི་གོང་བཞིན་ལ། ཆོས་སྐུ་རྡོ་རྗེ་འཆང་གསལ་གདབ། ཆོས་སྐུའི་སངས་རྒྱས་སྤྱན་དྲངས་བསྟིམས་པ་སོགས་ནན་ཏན་དུ་བྱའོ། །དེས་གང་ཤར་ཡེ་ཤེས་ཀྱི་རོལ་པར་ཉམས་སུ་བླང་བའི་རིག་པ་དྭངས་སྙིགས་འབྱེད་ཅིང་། གེགས་དང་གོལ་ས་ལས་གྲོལ་བའི་གདམས་ངག་ཟབ་མོའི་བསྙེན་ཚུལ་གོང་བཞིན་ནོ། །རྒྱུད་ལུང་མན་ངག་ཀུན་གྱི་སྙིང་པོའི་བཅུད། །འཇམ་མགོན་བླ་མས་ཕྱོགས་གཅིག་འདོམས་པ་ཡིན། །རྨོངས་པ་བདག་གིས་བསམ་བཞིན་སྙིང་གི་ཕུགས། །དེ་ཕྱིར་སྐལ་ལྡན་ཡོངས་ཀྱིས་འདི་འདོམས་མཛོད། །ཅེས་ནང་སྒྲུབ་ཡི་དམ་གྱི་བསྐྱེད་བཟླས་དང་སྐུ་གསུམ་ལམ་ཁྱེར་གྲུབ་བོ། །༈ གསུམ་པ་གསང་སྒྲུབ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ལ་བརྟེན་ཏེ་སྒྲུབ་མཆོད་དུ་བྱ་བ་ལ་གསུམ་ལས། །རང་དོན་དུ་སྒྲུབ་ཅིང་མཆོད་ལ་བདག་ཉིད་འཇུག་པ་དང་། གཞན་དོན་དུ་སློབ་མ་རྗེས་སུ་བཟུང་བ་དང་། རྗེས་ཀྱི་ཆོ་ག་དང་གསུམ་མོ། །དང་པོ་ལའང་བདག་བསྐྱེད་སྒྲུབ་པ་དང་། མདུན་བསྐྱེད་སྒྲུབ་པ། བུམ་པ་སྒྲུབ་པའོ། །དང་པོ་བདག་བསྐྱེད་ནི། སྦྱོར་བ་གནས་གཙང་མར་བཀོད་པ་དུ་མས་མཛེས་པར་སྤྲས་ཤིང་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་སོགས་གཞུང་ལྟར་རོ། །གཏོར་མ་ལྔ་

p. 204

ཚར་ལ་རང་ལུགས་ལ་བདེ་མཆོག་གི་གཏོར་མ་བཅའོ། །སྔོན་གཏོར་ལ་དཀར་གཏོར་པད་འདབ་ཅན་ནོ། །ཐུན་དང་པོར། སྐྱབས་སེམས་ནས་བཟུང་ཕྱི་སྒྲུབ། ནང་སྒྲུབ་རིབ་ཙམ་བྱས་ལ་ཐུན་རྗེས་མ་རྣམས་ལ་ཕྱི་སྒྲུབ་དབུ་ཡི་སྐྱབས་སེམས་སོང་མཚམས་འདིར་འཇུག་པ་གཞུང་གིས་དངོས་བསྟན་ཡིན་ནོ། །དེ་མཚམས་དངོས་གཞི་གསང་སྒྲུབ་ལ། ཐོག་མར་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝས་གཟུང་འཛིན་གྱི་དྲི་མ་རྣམས་སྦྱངས། སྟོང་པའི་ངང་ལས་ཆོས་ཀྱི་འབྱུང་གནས་ཨེ་ཡི་ཀློང་དུ། ཡཾ་ལས་རླུང་དཀྱིལ་གཞི་ཡི་དབྱིབས་ཅན་ལྗང་གུ། རཾ་ལས་མེ་དཀྱིལ་གྲུ་གསུམ་དམར་པོ། བཾ་ལས་ཆུ་དཀྱིལ་ཟླུམ་པོ་དཀར་པོ། ལཾ་ལས་ས་ཡི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རི་རབ་ལྷུན་པོ་གྲུ་བཞི་ལྕོགས་བརྒྱད་ཕྱོགས་མདོག་དམར་པོ་མཛེས་པའི་སྟེང་དུ། པདྨ་སོགས་བསྐྱེད་དགོས་ཏེ། བསྡུས་པར་ན་ས་བོན་མི་བསྐྱེད་པར་ཝལ་གྱིས་བསྐྱེད་པས་ཆོག་གོ །གང་ལྟར་ན་རིམ་བརྩེགས་ཀྱི་སྟེང་དུ་སྣ་ཚོགས་པད་མ་འདབ་མ་འབུམ་ལྡན་གྱི་སྟེང་དུ་སྲུང་བའི་འཁོར་ལོའི་གུར་རིམ་བཞིན། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། མཚོན་ཆ། མེ་དཔུང་སོགས་ཀྱི་གུར་ཟླུམ་པོ་གསལ་ན་བྱའོ། །མིན་ཡང་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ།

p. 205

སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཡེ་ཤེས་ཀྱི་གཞལ་ཡས་ཁང་། གྲུ་བཞི་སྒོ་བཞི་རྟ་བབས་བཞི་བཞི་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སྣ་ཚོགས་པདྨ་འདབ་ལྔའི་ལྟེ་བར། སེང་ཁྲི་བརྒྱད་ཀྱིས་བཏེགས་པའི་པདྨ་ཟླ་ཉིའི་སྟེང་དུ། སེམས་ཉིད་རྒྱུ་ཡི་དུས་ན་བདེ་གཤེགས་སྙིང་པོའམ། ཀུན་ཏུ་བཟང་པོ་སྐྱེ་བ་མེད་ཀྱང་ཐུགས་རྗེའི་དབང་གིས་སླར་ཡང་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཐུགས་རྗེས་དྲང་བའི་ཕྱིར་གཟུགས་སྐུའི་རྣམ་པར་རོལ་ཕྱིར། ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས། འབྲས་བུ་རྡོ་རྗེ་འཆང་ཆེན་པོ་མཐིང་སྔོན་སོགས་སྤྱི་ལྟར་ལ་ཡུམ་རྣལ་འབྱོར་མས་འཁྱུད་པ། མདུན་ནས་གཡས་བསྐོར་དུ་གདན་ལྔའི་སྟེང་དུ། གཙོ་བོའི་དབྱིངས་ལས་ཡིག་དྲུག་ལྔ་སྤྲོས་ནས་གདན་སོ་སོའི་སྟེང་དུ་རིགས་ལྔ་བསྐྱེད། གནས་གསུམ་རྡོ་རྗེ་གསུམ་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་འདྲེན་གྱི་དམིགས་པ་དང་། རོལ་མོ་བསྒྲགས། སྤོས་བཏུལ། སླར་དམ་ཡེ་བསྲེས་ལ་བདག་གི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་སྔོན་དང་རིགས་ལྔའི་ཐུགས་ཀར་འབྲུ་ལྔར་གསལ་ལ་དེ་དག་གིས་སྤྲོ་བསྡུས་དོན་གཉིས་ཀྱི་དམིགས་པ་སྦྱོར་མཐར། སྤྲོ་ན་ཕྲ་ཐིག་གི་རྣལ་འབྱོར་སྤྱི་ལྟར་བསྒོམ་ཞེས་པ་ནི། ཕྲ་བ་ཐིག་ལེའི་

p. 206

རྣལ་འབྱོར་ཞེས་དང་། རང་གི་སྤྱི་བོར་དབུ་མའི་ཡར་སྣེ་སྨིན་མཚམས་སུ་གུག་པའི་ནང་གི་རུས་པར་དབུ་མའི་སྣ་རྩེར་ཐིག་ལེ་ཡུངས་དཀར་འབྲུ་ཙམ་ལ་སེམས་བཟུང་ནས་བདེ་སྟོང་གི་ཏིང་འཛིན་སྐྱེ་བའི་ཕྱིར་རོ། །རྡོ་རྗེ་གུར་ལས། མཁའ་འགྲོ་སྣ་ཡི་མཐར་གནས་པ། །ཉུངས་ཀར་ཙམ་དུ་རྣམ་པར་བསྒོམ། །ཉུངས་ཀར་ལ་ནི་འགྲོ་བ་ཀུན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །དེ་ལྟར་བསྒོམ་པར་བྱེད་པ་ཡིན། །རང་གི་བྱིན་རླབས་རབ་ཏུ་འགྲུབ། །ཅེས་གསུངས་པའི་དོན་ནག་པོ་པའི་དམ་ཚིག་རྡོ་རྗེའི་ཕྲ་ཐིག་རྫོགས་རིམ་དེ་ཡིན། དེ་ཡང་རྣམ་རྟོག་ཤས་ཆེ་ཚེ། སྟེང་གི་སྣ་རྩེའམ་སྙིང་གི་ཐིག་ལེ་ལ་སེམས་འཛིན། ཉོན་མོངས་པ་ཤས་ཆེ་ན་འོག་གསང་བའི་སྣ་རྩེར་ཐིག་ལེ་ལ་སེམས་འཛིན། ཆོས་དྲུག་གི་ཐིག་ལེ་བསྒོམ་པ་དང་གཏུམ་མོ་བསྒོམ་པའང་ཕྲ་ཐིག་གནད་གཅིག་པར་མཁན་རཏྣས་གསུངས་སོ། །དེ་ལྟར་བསྒོམས་ནས་ཐུན་འཇོག་པའི་ཚེ་མདུན་བསྐྱེད་ལ་འཇུག་པར་བྱ་སྟེ། དེ་ལ་ཡང་། དང་པོར་རྡོར་དྲིལ་བྱིན་བརླབ་ཅིང་བཟུང་ལ། སྔོན་གཏོར་འབྲུ་གསུམ་གྱིས་བརླབས། ཨ་ཀཱ་རོས་བསྔོས་ལ། དེ་ནས་རྒྱུད་ལས་འབྱུང་བའི། ཧཱུྃ། ང་ནི་དཔལ་ལྡན་སོགས་བཀའ་བསྒོས་བགེགས་བསྐྲད། གུ་གུལ་དང་རོལ་མོ་སོགས་བསྒྲགས་

p. 207

ལ་གཟི་བྱིན་བསྐྱེད་ལ། བཛྲ་རཀྵས་སྲུང་བའི་འཁོར་ལོ་འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ་རུ་བསམས་ལ། མཆོད་པ་བྱིན་བརླབ། གཉིས་པ་མདུན་བསྐྱེད་དངོས་ནི། སྲུང་འཁོར་གྱི་ནང་དུ་བདག་བསྐྱེད་སྐབས་ལྟར་བསྐྱེད་ཅིང་སྤྱན་དྲངས་ཤིང་དམ་ཡེ་བསྲེ། དབང་བསྐུར་རྒྱས་གདབ་པ་དང་ཆུ་གཉིས་ཕུལ་ལ་བཞུགས་སུ་གསོལ། དེ་ནས་ཕྱག་འཚལ་བ་དང་མཆོད་པ་རྣམས་གཞུང་བཞིན་ལ་སྤྲོས་ཚེ་སྔགས་སོགས་དང་བསྒྲགས་ཏེ་མཆོད་པར་བྱའོ། །དེ་ནས་བསྟོད་པ་བྱ་ཞིང་། དེ་སྐུའི་ཕྱག་མཆོད་སོགས་ནས་ཡན་ལག་སྡིག་བཤགས་ཕྱིན་གཞན་དུ་ཤེས་པའམ། བསྡུ་ན། དངོས་བསྟན་འོག་མིན་ཆོས་དབྱིངས་སོགས་བྱ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ་སྔགས་དམིགས་སྤྲོ་བསྡུ་རྣམས་བྱས་མཐར། གསུམ་པ་བུམ་བསྐྱེད་ལ། སུམྦྷ་ནིའི་སྔགས་ཀྱིས་བུམ་ཐོད་གཉིས་ཀ་བསང་། སྭ་བྷཱ་ཝས་སྦྱངས། གཉིས་ཀའི་བུམ་གཉིས་གང་བའི་དབུས་སུ་བདུད་རྩིའི་ནང་དུ། པད་སྡོང་གི་ཁར་གཞལ་ཡས་ཁང་དང་ལྷ་བསྐྱེད་པ་སོགས་སྔོན་ལྟར་རོ། །དེ་ནས་བཟླས་པ་ནི། རང་གི་ཐུགས་ཀའི་འོད་ཀྱིས་གཟུངས་ཐག་རྒྱུད་དེ་བུམ་ཐོད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། འོད་ཟེར་སྤྲོ་བསྡུས་བྱིན་རླབས་བསྡུས་ཏེ།

p. 208

ཐོད་པའི་ལྷ་རྣམས་མཐར་བདུད་རྩིའི་རྣམ་པར་ཞུ་བ་བུམ་ལྷར་ཐིམ། བུམ་ལྷ་ཡང་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་བུམ་ཐོད་གང་བར་མོས་ལ་སྔགས་བཟླ། ལས་བུམ་སུཾ་བྷ་ནིས་བྱིན་བརླབ་བོ། །དེ་ནས་འོག་གི་གཏོར་འབུལ་དང་ཚོགས་རྗེས་ཆོག་གཞུང་ལྟར་བྱས་ལ་ཐུན་བཞི་ཀར་ཚང་བར་ཉམས་སུ་བླང་བ་ནི་གསང་སྒྲུབ་ཞག་བདུན་དུ་བྱས་པས་འགྲུབ་བོ། །དེ་རྗེས་ཉིན་གཅིག་ལ་ཆོ་ག་སྤྱི་ལྟར་ལ་བདག་འཇུག་ཉིན་གཅིག་ལ་བྱས་པས་འགྲུབ་བོ། །དེ་ནས་དོན་གཉིས་པ་རང་དོན་དུ་བདག་ཉིད་འཇུག་ཅིང་དབང་ལེན་པ་ནི། དེ་ལའང་སྔོན་འགྲོའི་འཇུག་ཆོག །དངོས་གཞི་དབང་བཞི་ལེན་པ། རྗེས་ཀྱི་བྱ་བའོ། །དང་པོ་ལ། ཁྲུས་ཀྱིས་རྒྱུད་མ་དག་པའི་དྲི་མ་བཀྲུས་ལ། ཇི་ལྟར་བལྟམས་པ་སོགས། ཟབ་མོ་བླ་མའི་རྣལ་འབྱོར་དུ་འཇུག་པའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ་ལ། གསོལ་བ་ལན་གསུམ་གདབ། སྔོན་ཆད་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་མཚོན་བྱ་དོན་གྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་འབྲུ་གསུམ་གྱིས་བཅིངས་ལ། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སོགས་ཡན་ལག་བརྒྱད་ཀྱིས་རྒྱུད་ལས་སུ་རུང་བར་སྦྱངས་ལ། རང་གི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་

p. 209

འཁོར་ཟླ་བ་ཉ་གང་བའི་སྟེང་དུ། དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བསྒོམས་པ་རྟེན་གཞིར་བྱས་ལ། སྔགས་དང་བཅས་པ་ཐམས་ཅད་རྡོ་རྗེའི་རང་བཞིན་རྣལ་འབྱོར་དུ་སེམས་བསྐྱེད་པར་མོས་ལ་ལན་གསུམ་དུ་བྱའོ། །སུ་ར་ཏས་བྱང་ཆུབ་ཏུ་དོན་དམ་དང་ཀུན་རྫོབ་ཀྱི་སེམས་བསྐྱེད་པ་དེ་བརྟན་པར་བྱས་པར་མོས་ལ། ལག་མེ་ཏོག་དང་བཅས་དཀྱིལ་འཁོར་དུ་མེ་ཏོག་ཕུལ་ལ། དེ་ནས་དངོས་གཞིའི་ཡེ་ཤེས་དབབ་པའི་སླད་དུ། རང་ཉིད་རྒྱུ་བདེ་གཤེགས་སྙིང་པོའི་རྡོ་རྗེ་འཆང་དུ་གསལ་བ་ལ། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བྱིན་རླབས་འོད་ཟེར་གྱི་རྣམ་པ་མང་པོ་རང་གི་རྒྱུད་ལ་ཞུགས་ནས། འབྲས་བུའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དང་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་བྱིན་དབབ་པའི་རྫས་དང་། དེའང་གུ་གུལ་ལ་ཟླ་མཚན་བསྲེས་པ་བརྟུལ། ཟླ་མཚན་ཞེས་པ་རིགས་བཟང་གི་པདྨའི་རཀྟ་ཡིན། དེའང་སྐྱོན་གྱིས་མ་གོས་པ་དགོས་སོ། །སྔགས་རོལ་མོ་བཅས་བྱིན་མ་ཕེབས་བར་དུ་བསྐྱར་བར་བྱའོ། །དེ་ནས་བྱིན་ཕབས་པ་དེ་བརྟན་པར་མོས་ལ་ཏིཥྛ་བཛྲ་བརྗོད། པྲ་ཏིཙྪ་ཡིས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་

p. 210

བོར་མེ་ཏོག་དོར་ལ་གནས་ལྔ་གང་ཕོག་རིགས་ངེས་པར་བྱའོ། །རིགས་གང་ཡིན་དེ་ཡིན་པར་མོས་ལ་གཙོ་བོས་མེ་ཏོག་གི་ཕྲེང་བར་སླར་རང་གི་སྤྱི་བོར་བྱིན་པར་མོས་ལ་སྔགས་བརྗོད། མ་རིག་པའི་ལིང་ཐོག་ཅེས་སྒྲིབ་གཡོགས་ཐམས་ཅད་བསལ་བར་མོས་ལ། མིག་གཉིས་སུ་ཨོཾ་ཡིག་རེ་རེ་གསལ་ལ་གསེར་ཐུར་དང་མིག་འབྱེད་པའི་རྒྱ་དང་བཅས་པས་དྲི་རྟོག་བསལ་བར་མོས་ལ་འབྲུ་གསུམ་བརྗོད་ལ་མིག་དར་དབྱེ་བཅས་འཇུག་ཆོས་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ཟབ་དབང་ལེན་པ་ནི། དེ་ལ་རྒྱུད་སྡེ་གོང་མ་རྣམས་ཀྱི་ཟབ་བཅུད་དུ་དྲིལ་བ་དབང་བཞི་པར་གྲགས་པ་ནི། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་སྟེ་བཞིའོ། །དེ་ལའང་དང་པོ་བུམ་པའི་དབང་ལ་ཆུའི་དབང་བསྐུར་བ་བུམ་དབང་། ཅོད་པན་གྱི་དབང་བསྐུར་བ། རྡོ་རྗེའི་དབང་བསྐུར་བ། དྲིལ་བུའི་དབང་བསྐུར་བ། མིང་གི་དབང་བསྐུར་བ་སྟེ་རིག་པའི་དབང་ལྔར་གྲགས་ཏེ་ཉོན་མོངས་པ་ལྔ་ཡེ་ཤེས་སུ་བསྒྱུར། ངོ་བོ་ལུས་ཀྱི་དྲི་མ་མཐའ་དག་སྦྱངས་ནས་རྣམ་པ་རྒྱལ་བ་རིགས་ལྔའི་རྫས་བྱིན་ལ་འབྲས་བུ་རིགས་ལྔའི་ཡེ་ཤེས་ལྔ་མངོན་དུ་བྱེད་པའོ། །དེའི་རང་ཉིད་ཀྱི་དཀྱིལ་འཁོར་གྱི་བྱ་བ། མཆོད་པ་དང་སྒྲུབ་པ་དང་ལས་ལ་དབང་བའི་

p. 211

རྟེན་འབྲེལ་བསྒྲིགས་ཤིང་། རྗེས་འབྲེལ་དུ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ན་གཞན་ལ་དབང་བསྐུར་བ་དང་རྗེས་སུ་འཛིན་པ་དང་། བརྟུལ་ཞུགས་གསུམ་བྱིན་པ་ལས་རབ་འབྱམས་སྒྲུབ་ནུས་པའི་རྟེན་འབྲེལ་བསྒྲིགས་པ་བཅས་ཡིན་ནོ། །དེས་སྐུ་བུམ་པའི་དབང་ཐོབ། ལུས་རྩ་ཡི་སྒྲིབ་པ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །དེ་དག་གི་ཚིག་དོན་སོ་སོར་བཀྲལ་ན་ཡིག་ཚོགས་མང་བས་མ་སྤྲོས་ལ། གཞུང་ཚིག་གོ་བདེ་བས་དབང་དོན་ལ་རྩེ་གཅིག་ཏུ་བསྐྱེད་བསྒོམ་བྱས་པས་འགྲུབ་བོ། །གཉིས་པ་གསང་དབང་ནི། མཎྜལ་ཕུལ་ལ། གཉིས་པའི་དོན་ལ་གསོལ་བ་གདབ། འབྲུ་གསུམ་གྱིས་མིག་དར་བཅིངས། དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་བསྐུལ་བས་སྙོམས་པར་ཞུགས་པའི་རྡོ་རྗེ་བཞིའི་ལྷ་ཚོགས་ཞུ་བས་བྱང་ཆུབ་ཀྱི་སེམས་དཀར་དམར་སྤྱན་དྲངས་ཏེ་ཐོད་པ་ཆང་དང་བདུད་རྩིའི་རྫས་ཀྱིས་བཀང་བའི་ནང་དུ་ཞུགས་པར་མོས་ལ། ལྕེ་ཐོག་ཏུ་བླངས་ལ་མྱང་བས་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་རྩ་འཁོར་ལོ་བཞི་ལ་བརྒྱུད་ལུས་ཀྱི་རྩ་གནས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་མོས་ལ་བདེ་སྟོང་གཉིས་སུ་མེད་པའི་དོན་ལ་མཉམ་

p. 212

པར་བཞག་ལ། དོན་རྒྱུད་ཐོག་ཏུ་ཁེལ་བར་མོས་ལ། དེས་གསུང་གསང་བའི་དབང་ཐོབ། ངག་རླུང་གི་དྲི་མ་མཐའ་དག་སྦྱངས། ལམ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས་སོ། །འབྲུ་གསུམ་གྱིས་མིག་དར་བཀྲོལ། གསུམ་པ་ཤེར་དབང་ནི་མཎྜལ་དང་། གསོལ་གདབ་སྔོན་དུ་སོང་ནས། འབྲུ་གསུམ་གྱིས་མིག་དར་བཅིངས། ཡང་གསོལ་བ་དྲག་ཏུ་གདབ་པས། བླ་མའི་ཡུམ་ལས་ཡུམ་རྡོ་རྗེ་ཕག་མོའི་རྣམ་པ་མཛེས་སྡུག་ལང་ཚོ་ཕུལ་དུ་བྱུང་བ་རང་ཉིད་ཀྱི་ལག་ཏུ་གནང་བར་མོས་ལ། རང་ཉིད་ཀྱང་རྡོ་རྗེ་འཆང་དུ་གསལ་བའི་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་གསང་ཨཿལས་པདྨ་དམར་པོ་ཨཿས་མཚན་པར་མོས་ལ་སྙོམས་པར་ཞུགས་པའི་རྐྱེན་གྱིས་སྤྱི་བོའི་ཧཾ་ལས་བྱང་སེམས་དཀར་པོའི་རྒྱུན་འཛགས་པ་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་ག་ནས་ལྟེ་བར་བབས་པས་ཁྱད་པར་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བར་མོས། མི་བཟོད་པའི་བདེ་བ་ཁྱད་པར་ཅན་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྐྱར་ཞིང་བདེ་བ་ཐབས་ཀྱི་རང་

p. 213

བཞིན། སྟོང་པ་ཤེས་རབ་ཀྱི་རང་བཞིན་དེ་གཉིས་དབྱེར་མེད་དམ་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་སད་པར་བྱས་ལ། སླར་གྱེན་དུ་ལྡོག་ལ་གསང་བ་ནས་ལྟེ་བར་དགའ་བ་སོགས་མས་རིམ་གྱིས་དགའ་བཞི་མྱོང་བར་མོས་ལ་དྭངས་མ་སྤྱི་བོའི་ཧཾ་དང་ལྷག་མ་ལུས་ཀུན་ཁྱབ་པར་དམིགས་ལ་མཉམ་པར་བཞག །དེ་ལའང་ཞིབ་པར་དགའ་བ་ལ་དཔེར་ན་དགའ་བཞི་རེ་རེ་བཞིན་བཞི་རེ་སོགས་དབྱེ་བས་བཅུ་དྲུག་ཏུ་འགྱུར་རོ། །དེང་སང་སྙིགས་དུས་ཀྱི་དབང་གིས་ཆོ་ག་འདི་ལྟ་བུའི་སྐབས་སུ་བབ་པ་ན་སྒོམ་པ་ལྟ་ཅི། ཁ་འདོན་དེའང་ཚིག་ཁྲལ་འཇལ་བ་ལྟ་བུའི་འདོན་པ་ནི། ཕན་ཡོན་ལས་གསང་སྔགས་བོན་དུ་གྱེར་བས་ཉེས་དམིགས་ལྷག་པར་ཆེ་བས། དེས་ན་འདི་ལྟ་བུའི་ཆོ་ག་དང་དབང་བཞི་ལེན་པའི་སྐབས་སུ་དམིགས་པ་རྣམས་རེ་རེ་བཞིན་དུ་བསྒོམས་པ་དང་བསྐྱེད་པ་དང་། དད་འདུན་མོས་གསུམ་ལ་བརྩོན་པ་གལ་ཆེའོ། །ཞེས་པའང་འཕྲོས་པའོ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེ་སྔོན་གྱི་སྒྲིབ་པ་སྦྱངས། ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས་སོ། །འབྲུ་གསུམ་གྱིས་མིག་དར་བཀྲོལ་ལོ། །བཞི་པ་ཚིག་དབང་རིན་པོ་ཆེ་ནི། མཎྜལ་དང་། གསོལ་

p. 214

འདེབས་སྔོན་དུ་སོང་ནས་གོང་གི་དཔེ་ཡི་ཡེ་ཤེས་དེ་ཉིད་དོན་གྱི་ཡེ་ཤེས་ལ་མངོན་དུ་བཞག་པ་ནི་ཚིག་དབང་ངོ་། །དེའང་སེམས་ཉིད་ཡེ་ནས་གདོད་མའི་མགོན་པོ་དང་དབྱེར་མི་ཕྱེད་པ་རང་ཆས་སུ་སེམས་ཅན་ཀུན་ལ་བཞུགས་ཀྱང་། མ་རིག་འཁྲུལ་པས་བསྒྲིབས་ནས་ལོག་པར་འཁྱམས་པ་ཡིན་ལ། དེ་ལ་ལམ་སྦྱོང་བྱེད་ཐབས་དཔག་ཏུ་མེད་པ་སྟོན་པ་ཐབས་ལ་མཁས་པ་ཐུགས་རྗེ་མངའ་བ་དེས་གསུངས་པ་ལ། དེ་ལའང་ཕར་ཕྱིན་ཐེག་པའི་སྐབས་སུ་བསྐལ་ཆེན་གྲངས་མེད་དུ་མར་ཚོགས་བསགས་དགོས་ཀྱང་། དུས་གསུམ་འབྱོན་པར་དཀའ་བའི་གསང་ཆེན་རྡོ་རྗེ་ཐེག་པ་འདིའི་སྐབས་སུ་ཚེགས་ཆུང་ལ་ལམ་ཟབ་མོ་སྐད་ཅིག་དང་ཞག་དང་ཟླ་བ་དང་ལོ་སོགས་དབང་པོའི་རིམ་པར་མ་ལྟོས་བརྩོན་འགྲུས་དད་བརྩོན་ཆེན་པོས། ད་ལྟར་དབང་བཞི་ལན་གཅིག་གིས་གྲོལ་བ་སོགས་ལམ་ཟབ་ལ་ཐབས་མང་བ་དཀའ་ཚེགས་མེད་པར་འཚང་རྒྱ་བ་ཡིན་ནོ། །འབྲིང་ལུས་རྟེན་འདི་དང་། ཐ་མའང་འཆི་ཁར་འཚང་རྒྱ་བའི་ལམ་ཟབ་མོ་བཅུད་དུ་དྲིལ་བ་དབང་བཞིའི་ཡེ་ཤེས་ལ་བརྟན་པ་ཐོབ་པར་བྱ་དགོས་ལ། དེའང་ལུས་ལྷ། ཐབས་བསྐྱེད་རྫོགས། ལམ་ཕོ་ཉ་ལ་བརྟེན་ནས་དཔེ་ཡི་ཡེ་ཤེས་ལྷན་ཅིག་སྐྱེས་དགའི་དོན་དེ་ཉིད་སྒོམ་པའི་གཞི་

p. 215

བྱས་ལ། དོན་དམ་པ་རྟོག་བྲལ་སྐྱེ་འགགས་མེད་པ་བརྗོད་བྲལ་མཉམ་མེད་ཡེ་ཤེས་ཀྱི་དོན་ལ་བཞག་པར་བྱའོ། །དེས་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་མཐའ་དག་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་དམ་ཡེ་ཤེས་རྡོ་རྗེའམ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས་སོ། །གསུམ་པ་རྗེས་རིམ་ནི། ཐུན་མོང་སྤྱི་ཡི་དམ་ཚིག་དང་རྩ་ལྟུང་བཅུ་བཞི་དང་། ཐུན་མིན་དམ་ཚིག་རྒྱུད་སྡེ་གོང་མའི་དགོངས་དོན་སྲོག་གཅོད་པ་སོགས། རང་འཁྲིས་ཀྱི་དྲི་མ་གཏན་ནས་མེད་ཅིང་ལྟ་སྒོམ་གྱི་གདིང་དང་ལྡན་པས་བསྟན་འགྲོའི་དོན་དུ་གནང་བ་ཡིན་གྱི་རང་འདོད་ཅན་ལ་ནམ་ཡང་གནང་བའི་སྐབས་མེད་པས་ཤེས་པར་གྱིས་ལ་སྤྱི་དང་ལྷག་པའི་དམ་ཚིག་བཟུང་ལ། ཁྱོད་ཀྱིས་སྲོག་ཆགས་སོགས་བརྗོད་ནས་དམ་ཚིག་ཁས་ལེན་པ། གཙོ་བོས་ཇི་ལྟར་དང་། གཏང་རག་མཎྜལ། ས་གཞི་སྤོས་བྱུག་དང་། སླར་ཡང་ལུས་ལོངས་སྤྱོད་སོགས་འབུལ་བ། དེང་ནས་བརྩམས་ཏེ་སོགས་ཀྱིས་འགྲུབ་བོ། །གཉིས་པ་གཞན་དོན་དུ་དབང་བསྐུར་བའི་ལག་ལེན་ས་བཅད་སོགས་འཇམ་མགོན་རིན་པོ་ཆེས་ལྗགས་བསྒྲིགས་སུ་བལྟ་བར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། དེ་ལའང་།

p. 216

གཏོར་འབུལ་དང་། ཚོགས་དང་། རྗེས་ཆོག་དངོས་སོ། །དང་པོ་གཏོར་འབུལ་ནི་གོང་དུ་བཤད་པའི་གཏོར་མ་ལྔ་ཚར་ལ་དམིགས་ཏེ་འབྲུ་གསུམ་སོགས་ཀྱིས་འབགས་བཙོག་གི་དྲི་མ་སྦྱངས་ཤིང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བསྟིམས་པས་དམ་ཡེ་དབྱེར་མེད་ཀྱི་ཟག་མེད་བདེ་བ་བསྐྱེད་པའི་དམ་རྫས་སུ་མོས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་གནས་པའི་འཁོར་འདས་གཉིས་ཀའི་འགྲོ་བ་ཐམས་ཅད་བླ་མའི་རྣམ་ཐར་གསུམ་གྱི་རང་བཞིན་དུ་གྱུར་པས། ལྗགས་འོད་ཟེར་རྡོ་རྗེའི་སྦུ་གུའི་དབྱིབས་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་བདེ་ཆེན་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ། སྔགས་ལན་གསུམ་དང་འདོད་གསོལ། བདག་དང་སོགས་བརྗོད། དེའང་འཇིག་རྟེན་འདས་པའི་མགྲོན་རྣམས་ལ་ཕུལ་བས་དམ་ཚིག་བསྐང་། མཆོག་ཐུན་དངོས་གྲུབ་བསྩལ། འཇིག་རྟེན་པའི་མགྲོན་རྣམས་ལ་ཕུལ་བས་ཟག་མེད་བདེ་བས་ཐུགས་ཚིམས་ནས་ཐམས་ཅད་ཡེ་ཤེས་རྡོ་རྗེའི་མཆོག་ཐོབ་པར་བསམ་མོ། །གཉིས་པ་ཚོགས་ཀྱི་མཆོད་པ་ནི། དང་པོ་བྱིན་བརླབ་པ་ནི། དེའང་ཀ་པཱ་ལ་བདུད་རྩི་རིལ་བུ་དང་། ཆང་གིས་བཀང་བ་དམིགས་

p. 217

ཏེ་བྱིན་བརླབ། ཚོགས་འདིའི་བྱིན་རླབས། ཨོཾ་བཛྲ་ཨ་མྲྀ་སོགས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སོགས་བདུད་རྩི་རྒྱ་མཚོར་གྱུར། བར་གྱིས་བདུད་རྩི་བྱིན་རླབས་བྱས་ལ། དེ་ནས་ཚོགས་དངོས་བྱིན་བརླབ་ནི། ཨོཾ་བཛྲ་ཨ་མྲྀ་ཏས། ཚོགས་རྫས་ཀྱི་འབག་བཙོག་གི་དྲི་མ་སོགས་བསང་། སྭ་བྷཱ་ཝས་དངོས་འཛིན་གྱི་དྲི་མ་དེར་འཛིན་ཤེས་པ་སོགས་སྦྱངས་ནས། ཚོགས་རྫས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས་ཡཾ་ལས་རླུང་དཀྱིལ་གཞུ་དབྱིབས། རཾ་ལས་མེ་དཀྱིལ་གྲུ་གསུམ་འབར་བའི་དབྱིབས་ཅན། དེའི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ། བདུད་རྩི་ལྔ་པོ་ཕྱི་ཡི་རྣམ་པར་ཨོཾ། སྲོག་ལ་ཨཱཿས་མཚན་པ། དེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་གིས་མཚན་པ་མགོ་བོ་ཐུར་དུ་བསྟན་པ། རང་གི་སྣ་གཡོན་རླུང་འཕྲོས། འོག་གི་རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ཨོཾ་དང་ཨཱཿའི་འོད་ཀྱིས་ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ནས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་འདྲེས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ་བརྟན་པར་བྱས། སླར་ཡང་ཟླ་ཕྱེད་རྡོ་རྗེ་དང་བཅས་འོད་དུ་ཞུ་ནས་ཐིམ་པས་དམ་ཡེ་གཉིས་སུ་མེད་པའི་བདུད་རྩི་རྒྱ་མཚོར་གྱུར་པར་མོས་ལ། ན་མོ་ཐབས་དང་ཤེས་རབ་སོགས་

p. 218

ཀྱིས་ཚོགས་མཆོད་མཁའ་ཁྱབ་ཏུ་སྤེལ་ལ། དེའང་བྱིན་རླབས་སོགས་ཀྱི་དགོས་དོན་ནི། ཉུང་ངུ་ལས་མང་བ། མང་བ་ལས་རྒྱ་ཆེ་བ། རྒྱ་ཆེ་བ་ལས་གྲངས་མང་བ། གྲངས་མང་བ་ལས་ཡུན་རིང་བ། ཡུན་རིང་བ་ལས་དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་འཆད་པ་སྤེལ་བ། དེའང་མཆོད་པའི་ངོ་བོ་ནི་སྟོང་ཉིད། རྣམ་པ་ནི་བཟང་ཞིང་རྒྱ་ཆེ་ལ་གྲངས་མང་བ་གྱ་ནོམ་པ། བྱེད་ལས་ནི་གང་ལ་གང་དགྱེས། ཅི་ལ་ཅི་མཁོ། དེའང་མགྲོན་གོང་མ་དགྱེས་རྒུའི་མཆོད་རྫས། མགྲོན་དམན་པ་རྣམས་ལ་སྤྱོད་ཡུལ་དང་མཐུན་པར་ཟད་པ་མེད་པ། དགོས་དོན་ནི་གོང་མ་རྣམས་ལ་རང་གི་ཉེས་ལྟུང་གི་དྲི་མ་སྦྱངས་ཤིང་བསོད་ནམས་ཀྱི་ཚོགས་སྤེལ་བའི་དགོས་པ་ཡོད་ལ། དམན་པ་རྣམས་ལ་རང་རང་གི་སྡུག་བསྔལ་དང་བྲལ་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པར་བྱེད་ཅིང་ཐམས་ཅད་ཐར་པའི་གོ་འཕང་ཐོབ་པའི་རྒྱུ་བྱེད་པས་སོ། །དེ་ནས་མཁའ་ཁྱབ་དཀྱིལ་འཁོར་སླར་ཡང་མོས་པའི་རྟེན་དུ་སྤྱན་འདྲེན་པའི་དམིགས་པ་དང་དད་མོས་ཤུགས་དྲགས་པོས། གནས་གསང་བ་སོགས་དྲིལ་གསིལ་དབྱངས་དང་བཅས་པས་གྱེར་ལ་སྤྱན་དྲངས་སྤོས་དང་རོལ་མོ་ཕུལ་ལ། ཡང་བྱིན་འབེབ་ཀྱི་དམིགས་པ་དང་བཅས་པས། ཕ་བཀའ་བརྒྱུད་སོགས་

p. 219

ཀྱིས་བརྟན་གཡོ་འཁོར་འདས་དག་པའི་རང་བཞིན་དུ་བྱས་ལ། དེའང་རྣལ་འབྱོར་པ་རྣམས་ལ་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ། སྣང་གྲགས་ཐམས་ཅད་བླ་མའི་ཕྱག་རྒྱའི་རོལ་པ། གཉུག་མ་འོད་གསལ་ཡེ་ཤེས་ཆེན་པོའི་རང་མདངས་ལས་དགའ་བཞིའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་བརྟན་གཡོ་འཁོར་འདས་ཀུན་ཁྱབ་ལ་འཛིན་རྟོག་རྨོངས་པའི་དྲི་མ་དག་ནས་མྱོང་གྲོལ་ཡེ་ཤེས་ཀྱི་དམ་རྫས་སུ་བརླབས་ལ། མགྲོན་ཀུན་མཉེས་པའི་བདེ་བ་ཆེན་པོའི་རྫས་ཀྱི་རང་བཞིན་དུ་བརླབས་ལ་འབུལ་ལོ། །ཚོགས་ཕུད་གཏོར་མར་བསྟབས་ནས་བདུད་རྩིས་བྲན་ལ། ཕེཾ་ཞེས་པས་འཁོར་འདས་གཉིས་ཀའི་མགྲོན་རིགས་མཁའ་ཁྱབ་ཏུ་སད་པར་གསོལ། གུ་རུ་དྷེ་ཝས་རྩ་གསུམ་ལ་འབུལ་ལོ། །དེ་ནས་འབུལ་ཚིག་བསྐང་བཤགས་སོགས་ཆབས་ཅིག་པར། ཧོཿ ཟག་མེད་ཆོས་སྐུའི་ཕོ་བྲང་ནས། །སོགས་དྲིལ་གསིལ་བཅས་མཐར་རོལ་མོ་དང་། བར་པ་དུད་སོལ་མའི་གཏོར་མར་བསྟབ་ལ། རང་གི་སྙིང་གི་འོད་ཀྱིས་ལྷ་མོ་འཁོར་བཅས་བྱོན་པ་ཚོགས་གཏོར་དམ་རྫས་སུ་གྱུར་པ་ལྗགས་ཁ་ཊྭཱཾ་གའི་དབྱིབས་ཀྱིས་གསོལ་ནས་བདག་ལ་ཅི་འདོད་པའི་དངོས་གྲུབ་བསྩལ་བར་དམིགས་ལ་སྔགས་

p. 220

དང་། བྷྱོ། དུར་ཁྲོད་བདག་མོ་སོགས་ཀྱིས་འདོད་དོན་གསོལ། ཁྱད་པར་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་བསྟན་པ་བསྟན་འཛིན་ཐམས་ཅད་འཕེལ་བ་དང་། བཤད་སྒྲུབ་རྒྱས་པའི་འདོད་དོན་ཡང་ཡང་ཞུའོ། །རོལ་མོ་བཅས་གཏོར་མ་འབུལ། དེ་ནས་ནང་གི་ཚོགས་ཕུལ་ལ། དེ་ལ་དང་པོ་ཚོགས་ཞུས་ལེན་བདེ་མཆོག་ལྟར་བྱས་པས་ཆོག་གོ །ཁ་ནི་ཐབ་ཁུང་ལག་གཉིས་གཟར་བླུགས་ལྟེ་བར་གཏུམ་མོའི་མེས་བསྲེགས་པར་མོས་ལ་ཚོགས་རོལ། ཐབ་ཁུང་དགང་བླུགས་སོགས་གདོད་ནས་གྲུབ་པར་ཤེས་དགོས་ཀྱི། དངོས་སུ་སྒོམ་དགོས་པ་ནི་མིན་ནོ། །དེ་ནས་ཞབས་བརྟན་སོགས་འདོན། ཁྱད་པར་དོ་ཧ་མང་དུ་བླངས་ལ་ཉམས་རྟོགས་སྦར་བར་གསུངས་པས་ཤིན་ཏུ་གལ་ཆེའོ། །དེའང་རང་བཞིན་རྩེ་འཆོལ་སོགས་བྱས་ན་ཕན་ལས་གནོད་པ་ཆེ་བས་ཤེས་པར་གྱིས་ཤིག །དེ་ནས་རང་རྡོ་རྗེ་འཆང་དུ་གསལ་བའི་རིག་མ་རྣལ་འབྱོར་མ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་ནས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་མ་སྐྱེས་བར་དུ་བསྐྱར་བར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཡུན་རིང་དུ་མཉམ་པར་བཞག་ལ། མཐར་གསང་བའི་བདེ་ཆེན་བསྐུལ་བའི་གླུ་རྒྱ་སྐད་མངའ་བདག་མར་པས་བོད་སྐད་དུ་བསྒྱུར་བ། པདྨ་ལ་ནི་རྡོ་རྗེ་གནས་

p. 221

སོགས་ཀྱིས་ཉམས་བསྐྱངས་ཤིང་གླུ་བླངས། མཐར་སྨོན་ལམ་གདབ་པ་ནི། སྣང་སྲིད་བླ་མའི་སོགས་ཀྱིས་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བ་དང་ཁྱད་པར་རྩོལ་མེད་ཟབ་ལམ་བླ་མའི་གོ་འཕང་སྟན་ཐོག་འདི་རུ་འཐོབ་པའི་སྨོན་ལམ་བྱའོ། །ལྷག་མ་ཆུ་གཙང་གིས་བྲན་ལ་འབྲུ་གསུམ་གྱིས་བརླབས་པ་བདུད་རྩི་རྒྱ་མཚོ་ཆེན་པོར་མོས་ལ། སྲིད་གསུམ་གྱི་འབྱུང་པོ་སྤྱི་དང་ཁྱད་པར་ལྷག་ལ་དབང་བར་འབུལ་ཞིང་འདོད་དོན་གསོལ་ནས་རོལ་མོ་སོགས་བྱ། སུཾ་བྷ་ནིས་ཕྱི་མཚམས་བཅད་པར་མོས་ཤིང་སྲུང་འཁོར་གསལ། གསུམ་པ་རྗེས་ཆོག་དངོས་ནི། བྱིན་རླབས་མདུན་བསྐྱེད་ལྟར་བྱས་ལ། རྒྱུན་དུ་སྔགས་ཙམ་གྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། སྒྲུབ་མཆོད་ལྟ་བུའི་ཉིན་ཐ་མར་མདུན་བསྐྱེད་ལྟར་མཆོད་བསྟོད་རྒྱས་པར་བྱ། ནོངས་པ་ཐམས་ཅད་བཤགས་པའི་དམིགས་པ་དང་བཅས་ཡིག་བརྒྱ་ལན་གསུམ་དྲིལ་གསིལ་བྱ་ཞིང་བརྟན་པར་བྱ། བདག་བློ་སོགས་ཀྱིས་ནོངས་པའི་དྲི་མ་མཐའ་དག་བཟོད་གསོལ་ཕུལ། བདག་དང་སོགས་ཡེ་ཤེས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྟིམས་ཤིང་འབྲུ་གསུམ་བརྗོད། བདག་ཉིད་བསྡུ་ལྡང་བྱ། དེའང་རྟག་

p. 222

མཐའ་གཞིག་ཕྱིར་བསྡུ་བ། ཆད་མཐའ་གཞིག་ཕྱིར་ལྡང་བ་ཡིན་ནོ། །བཀྲ་ཤིས་རྒྱས་པར་བྱས་པས་སྔོན་དངོས་རྗེས་སོགས་ཕྱི་ནང་གི་རིམ་པ་རྣམས་གྲུབ་བོ། །ཟབ་གསང་སྒོ་འབྱེད་བླ་མ་སྒྲུབ་པའི་ཐབས། །རྒྱལ་བས་མདོ་སྔགས་ཀུན་ཏུ་ཡང་ཡང་བསྔགས། །ཁྱད་འཕགས་བླ་མེད་ཚེ་གཅིག་ཟུང་འཇུག་སྐུ། །གཅིག་ཏུ་འདོམས་འདི་ངོ་མཚར་རྨད་དུ་བྱུང་། །ཟབ་ཆོས་ཐང་མར་བརྡལ་ན་ཡང་། །མི་ཤེས་ལེ་ལོས་མི་ཚེ་ཟད། །དལ་འབྱོར་ནོར་བུ་ཆུ་ལ་དོར། །སྙིང་མེད་མི་རྣམས་ངོ་ཚའི་ཡུལ། །འདི་འདྲའི་ཟབ་ཆོས་དམ་པ་འདིར། །བཟང་འབྲེལ་གཅིག་གིས་སངས་རྒྱས་ཀྱི། །སྐྱེ་བ་བདུན་ན་གོ་འཕང་ཐོབ། །ཉམས་སུ་བླངས་ན་སྨོས་ཅི་འཚལ། །འདི་བྱུང་རྣམ་དཀར་རྒྱ་ཆེ་ཡིས། །སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་དར། །བཤད་སྒྲུབ་སྲིད་པའི་ཁོངས་སུ་བསྒྲེང་། །འབྲེལ་ཚད་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པའང་ལྷོ་ཚ་བ་སྒང་གི་མཆོག་སྤྲུལ་ཀརྨ་ངེས་དོན་བསྟན་གསལ་མཆོག་གིས་འདི་ལྟར་དགོས་ཞེས་བཀའ་ཡི་ཅོད་པན་སྤྱི་བོར་ཕེབས་པ་ཐེག་མཆོག་ཆོས་ཀྱི་དགའ་བ་བསླབ་གསུམ་བདག་ཉིད་བླ་མ་ཨ་དགའ་དང་། རང་སློབ་སྒྲུབ་པའི་མཆེད་ལྕམ་བཅུ་ཕྲག་ནས་ལྷན་ཅིག་བཀྲ་ཤིས་པའི་ལྷ་རྫས་རིན་གཉིས་འཁོར་ལོའི་ཞུ་རྫས་དང་དད་མོས་ཀྱི་འདུན་པ་དྲག་པོས་གསུང་བསྐུལ་ནན་ཏན་དུ་གནང་བའི་གསུང་བསྐུལ་ལྡོག་མ་ཕོད་དེ། དྭགས་བརྒྱུད་སྙིང་པོའི་རྗེས་སུ་སྨོན་པ། ༧ ཟླ་བཟང་སྤྲུལ་སྐུའི་འབངས་ཐ་རྨོངས་བརྟུལ་སྙོམ་

p. 223

ལས་མཁན་ཀརྨ་རབ་འབྱོར་དཔལ་བཟང་པོས་རང་འདྲའི་བློ་དམན་རྣམས་ལ་ཕན་པའི་བསམ་པ་རྒྱ་ཆེན་པོས་ཡག་རིའི་སྒྲུབ་ཁང་འཆི་མེད་རྡོ་རྗེའི་དགའ་ཚལ་ནས་བྲིས་པ་ནོངས་པའི་ཚོགས་ཀུན་མཆོག་གསུམ་ལ་བཟོད་པར་གསོལ་ཞིང་ས་དང་ལམ་ལ་སྒྲིབ་པར་མི་འགྱུར་བའི་དངོས་གྲུབ་དམ་པ་སྩོལ་བ་དང་། དགེ་བས་དོན་བརྒྱུད་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པས་ཆོས་འདི་མཐོང་ཐོས་དྲན་རེག་ཐམས་ཅད་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་མཆོག་དམ་པ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། ཤུ་བྷཾ།། །།

དགྱེས་མཛད་ལོ་ཙཱ་ཆེན་པོ་བསྙེན་ཅིང་སྒྲུབ་ཚུལ་བདུད་རྩིའི་ཆུ་རྒྱུན། ཀརྨ་རང་བྱུང་ཀུན་ཁྱབ།

p. 224
p. 225

༄༅། །དགྱེས་མཛད་ལོ་ཙཱ་ཆེན་པོ་བསྙེན་ཅིང་སྒྲུབ་ཚུལ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

p. 226

རྒྱལ་བའི་ཡབ་གྱུར་རྒྱལ་སྲས་གཞོན་ནུའི་ཚུལ། །གངས་ལྗོངས་རྣམ་འདྲེན་སྒྲུབ་བརྒྱུད་ཤིང་རྟ་ཆེ། །སྐད་གཉིས་སྨྲ་བའི་དབང་ཕྱུག་རྣལ་འབྱོར་རྗེ། །མར་སྟོན་ཆོས་ཀྱི་བློ་གྲོས་སྤྱི་བོས་བཏུད། །དེ་ཡང་མངའ་བདག་ལོ་ཙཱ་ཆེན་པོ་བསྙེན་ཅིང་སྒྲུབ་པའི་ཚུལ། རང་འདྲའི་བློ་དམན་ལ་འཇུག་བདེ་བར་བཀོད་པ་ནི། སྤྱིར་རང་རེ་དྭགས་པོ་བཀའ་བརྒྱུད་མོས་གུས་ཀྱི་བཀའ་བབས་ཡིན་པས་བླ་མ་བསྙེན་ཅིང་སྒྲུབ་པ་གཙོ་ཆེ་ཞིང་། ཆོས་སྐུ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ནི་ཚིག་གི་བརྒྱུད་པ་ཙམ་གྱིས་མ་ཚད་བླ་མས་

p. 227

ཀྱང་བརྩེ་བ་ཆེན་པོས་ཐུགས་རྒྱུད་ཀྱི་དགོངས་པ་སློབ་མའི་རྒྱུད་དུ་འཕོས། སློབ་མས་ཀྱང་མོས་གུས་ཆེན་པོའི་ལམ་ནས་སློབ་དཔོན་གྱི་ཐུགས་རྒྱུད་ཡེ་ཤེས་ཆེན་པོ་དང་དབྱེར་མེད་ཀྱི་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་ཅིང་དོན་བརྒྱུད་ཀྱི་དབང་ཐོབ་པ་ཤ་སྟག་ཡིན་པས་དགོངས་པ་རོ་གཅིག་ཏུ་གྱུར་པ་མ་ཚད། མཆོག་གསུམ་རྩ་གསུམ་མ་ལུས་རྩ་བའི་བླ་མ་ཉིད་ཀྱི་གང་འདུལ་སྒྱུ་འཕྲུལ་གྱི་བཀོད་པ་ཁོ་ན་ཡིན་རྒྱུའི་ངེས་ཤེས་བརྟན་པོ་རྩ་བར་འཛིན་དགོས་པ་ནི་རྡོ་རྗེ་ཐེག་པའི་གནད་ཀྱི་གསང་བ་ཟབ་མོའོ། །གནད་དེ་ལ་བརྟེན་ནས་གསར་རྙིང་གི་བླ་སྒྲུབ་རྒྱ་མཚོ་ལྟ་བུ་འབྱུང་བ་ལས། ད་ལམ་བྱིན་རླབས་ཀྱི་བབས་དང་ལྡན་ཞིང་དངོས་གྲུབ་ཀྱི་ཚན་ཁ་ཆེ་བ་སྒྲུབ་བརྒྱུད་རིན་པོ་ཆེའི་ཕྱག་བཞེས་ལས་བྱུང་

p. 228

བའི་དགྱེས་མཛད་ལོ་ཙཱ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བསྙེན་ཅིང་སྒྲུབ་པ་ལ། ཐོག་མར་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ་གཞུང་ནས་དངོས་བསྟན་ལྟར། སྐྱབས་སེམས། རྡོར་སེམས་སྒོམ་བཟླས་བཅས་གྲུབ་ནས། ཆོས་ཐམས་ཅད་གདོད་ནས་མ་གྲུབ་པའི་སྟོང་པ་ཉིད་ཀྱི་ངང་ལས། གཟུང་འཛིན་གཉིས་སྣང་རྣམ་པར་དག་པའི་རྒྱན་དང་བཀོད་པ་ཚད་མེད་པའི་ཞིང་ཁམས་མཆོད་སྤྲིན་རྒྱ་མཚོ་ལྟ་བུའི་དབུས་ཀྱི་རང་མདུན་ནམ་མཁར། གཞལ་ཡས་ཁང་ཚད་དང་མཚན་ཉིད་རྫོགས་པ། དེའི་དབུས་སུ་གདན་བཞི་བརྩེགས་པའི་ཁྲི་ལ་ངོ་བོ་རྩ་བའི་བླ་མ་དགྱེས་མཛད་ཧེ་རུ་ཀ་དེ་ཉིད། རྣམ་པ་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་སྤྱི་མེས་མར་པ་ལྷོ་བྲག་པ་བསྐྱེད་པ་སོགས་ནས་གཞུང་ལྟར་ཡན་ལག་བདུན་པ་སྨོན་ལམ་བཅས་བྱ། དེ་ནས་མ་ནམ་བཞི་སྐོར་ཁོ་ན་གྲངས་བསགས། གསོལ་བ་འདེབས་མཁན་ནི་རང་དང་སེམས་ཅན་ཐམས་ཅད། གདབ་ཡུལ་ནི་མ་རིག་པའི་གཉིད་ལས་སངས་པས་སྒྲིབ་པ་བཞི་སོགས་སྤང་བྱ་མཐའ་དག་སྤངས། རིག་པ་ཡེ་ཤེས་རྒྱས་པས་ཟག་མེད་སྡེ་ཚན་ཉེར་གཅིག་སོགས་རྟོགས་བྱ་མཐའ་དག་མངོན་དུ་གྱུར་ཅིང་རྟོགས་པའི་ངོ་བོ་ཉིད་ཀྱི་སྐུ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་

p. 229

སོ་ཞེས་པ་དང་། དེས་འགྲེས་ཏེ་བླ་མའི་ཐུགས་རྣམ་པ་ཀུན་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་སྐུ་དེ་བཞིན་ཉིད་ལ་གསོལ་བ་འདེབས་སོ་ཞེས་པ་དང་། སྟོང་ཉིད་དེའི་རང་མདངས་འགགས་མེད་དུ་གསལ་བ་མི་འགྱུར་བའི་བདེ་བ་ཆེན་པོ་དཔལ་དང་རྒྱན་དང་བཀོད་པའི་ཡོན་ཏན་ཡོངས་སུ་རྫོགས་པ་ལ་ལོངས་སུ་སྤྱོད་ཅིང་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ངོར་ཕྱེད་སྣང་ལོངས་སྐུ་ཞེས་རིགས་འགྲེ། ཞིང་གི་གཙོ་བོར་བཞུགས་པ་སོགས་ཡོན་ཏན་མཐའ་ཡས་པ་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ་ཞེས་དང་། སྟོང་གསལ་འགགས་མེད་དེའི་རང་རྩལ་དུ་གང་ལ་གང་འདུལ་གྱི་ཐུགས་རྗེ་ཆེན་པོའི་བཀོད་པ་རང་ཤར་བ་དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་སོགས་ཀྱིས་སྐུའི་རྣམ་པར་བརྒྱན་པ། གསུང་དབྱངས་ཡན་ལག་དྲུག་ཅུ་སོགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་སོགས་ཐུགས་ཀྱི་ཡོན་ཏན་ཏེ། བྲལ་སྨིན་ཡོན་ཏན་བྱེ་བའི་བདག་ཉིད་ཅན་གྱི་མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་དང་སྐྱེ་བ་སོགས་

p. 230

གང་འདུལ་གྱི་གདུལ་བྱ་རྣམ་པར་འདྲེན་པར་མཛད་པའི་བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ་ཞེས་པ་དང་། བླ་མ་ཞེས་པ་ནི། ཡོན་ཏན་གྱི་ངོས་ནས་དེའི་གོང་ན་མེད་པས་བླ་བྲེ་ལྟ་བུ་དང་། ཐུགས་རྗེའི་ངོས་ནས་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་དང་། སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བ་ཆེན་པོའི་བདག་ཉིད་དུ་ངེས་པས་ན་བླ་མ་ཞེས་དང་། བླ་མ་ལ་སྐུ་བཞིའི་རྫོགས་ཚུལ་ནི་ཡོན་ཏན་ནི་གོང་དུ་བརྗོད་པ་ལྟར་རོ། །ཐུན་གྱི་མཇུག་ཏུ་འདོད་དོན་གསོལ་བ་བཏབ་པ་རྣམས་ཀྱང་གཞུང་ལྟར་ནན་ཏན་བྱས་མཐར་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །དེ་ནས་ཡང་སྣང་གྲག་རྟོག་གསུམ་བླ་མའི་རོལ་པར་བལྟ་ཞིང་ལམ་དུ་ཁྱེར། དགེ་བསྔོ་དང་ཤིས་བརྗོད་སོགས་ཀྱིས་ཐུན་གྲུབ་བོ། །ནང་སྒྲུབ་ནི་ཕྱི་སྒྲུབ་བསྙེན་ཚད་གྲུབ་ནས། སྔོན་ལྟར་སྐྱབས་འགྲོ་ནས་རྡོར་སེམས་སྒོམ་བཟླས་བར་གྲུབ་ནས་ནང་སྒྲུབ་བསྒོམ་བཟླས་ལ་འཇུག་ཅིང་། རང་དགྱེས་མཛད་དུ་གསལ་བའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གཙོ་འཁོར་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་རྣམས་ཚར་གྲངས་བློས་གང་ལྕོགས་མཐར་དབང་བཞི་ལེན་ཅིང་རང་ལ་ཐིམ་པ་དང་། རང་ལུས་དགྱེས་རྡོར་དུ་གསལ་བའི་སྤྱི་བོ་

p. 231

བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་ལྔ་རུ། གསང་བ་འདུས་པ། ཀྱེེ་རྡོ་རྗེ། འཁོར་ལོ་བདེ་མཆོག །དུས་ཀྱི་འཁོར་ལོ། མཁའ་འགྲོ་དྲ་བ་སྡོམ་པ་བཅས་གསལ་གདབ་ཅིང་། བ་སྤུའི་ཁུང་བུར་དུས་གསུམ་སངས་རྒྱས། ཡན་ལག་དང་ཉིང་ལག་རྣམས་སུ་དཔའ་བོ་དང་དཔའ་མོ། ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལྷག་མོས་ཀྱིས་གསལ། ལྷ་ཡི་རྣམ་པར་གསལ་བ་དེ་དག་ཀྱང་རང་སེམས་རིག་པའི་རང་མདངས་ལས་ལོགས་སུ་མེད་པར་ཐག་ཆོད་ཀྱིས་གསལ་སྟོང་རྗེན་པའི་ངང་དུ་ངག་གིས་བརྗོད་པ་མ་ཡིན་པ། ཡིད་ཁོ་ནས་འབྲུ་གསུམ་གྱི་བཟླས་པ་གཙོ་བོར་བྱ། སྐབས་སུ་རླུང་ནང་དུ་འཇུག་པ་ཨོཾ་གྱི་སྒྲ་གདངས། ནང་དུ་གནས་པ་ཨཱཿཡི་སྒྲ་གདངས། ཕྱིར་དབྱུང་བ་ཧཱུྃ་གི་སྒྲ་གདངས་སུ་མོས་པའི་རླུང་སྔགས་དབྱེར་མེད་ཀྱི་རྡོ་རྗེའི་བཟླས་པ་གང་ནུས་བསྒྲངས་པས། རྒྱལ་བ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་དང་། སྙིང་པོ་སྔགས་ཀྱི་མགོ་བར་མཇུག་འབྲུ་གསུམ་དུ་མ་འདུས་པ་མེད་པས། དཀྱིལ་འཁོར་ཀུན་གྱི་ལྷ་བསྙེན་དུས་གཅིག་ལ་ཐེམས་པ་དང་། ཞི་གནས་ཀྱི་ཏིང་ངེ་འཛིན་མྱུར་དུ་བརྟན་ཅིང་བླ་མའི་བྱིན་

p. 232

རླབས་དང་ཡི་དམ་གྱི་དངོས་གྲུབ། ཏིང་ངེ་འཛིན་རྩེ་གཅིག་པ་སོགས་ཀྱིས་ཕྱག་རྒྱ་ཆེན་པོ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཕྲལ་དུ་སྐྱེ་བས་ཤིན་ཏུ་ཟབ་བོ། །ཡང་ནུས་ན་དམིགས་པ་རྡོ་རྗེའི་བཟླས་པ་བཞིན་གྱི་རླུང་བུམ་ཅན་གྱི་སྦྱོར་བ་བྱ། ཡང་རྒྱུད་སྡེ་སྤྱི་དང་འབྲེལ་བ་རྩ་གསུམ་འཁོར་ལོ་ལྔ་བཅས་གསལ་བའི་གསང་གནས་སུ་མེ་ཡི་ངོ་བོ་ཨ་ཤད་རླུང་གིས་བསྐུལ་བར་མེ་ལྕེ་ཕྲ་ཞིང་ཚ་བ་དབུ་མ་ནས་བརྒྱུད་དེ་སྤྱི་བོའི་ཧཾ་ཡིག་མགོ་ཐུར་བསྟན་ལ་ཕོག་པས་དྲོད་ཀྱིས་བསྐུལ་བའི་བདེ་བ་ཆེན་པོའི་ཐིག་ལེའི་རྒྱུན་ནར་གྱིས་བྱུང་སྟེ་གསང་གནས་ཀྱི་ཨ་ཤད་ལ་ཐིམ་ཞིང་བདེ་དྲོད་ཀྱིས་ལུས་ཀུན་ཁྱབ་པར་མོས་ཏེ། འབར་འཛག་ཁོ་ན་ལ་སེམས་གཏད་པའི་བུམ་ཅན་དྲག་ཏུ་འཛིན། འཁོར་ལོ་ལྔ་ཡི་ལྷ་ཚོགས་གཙོ་བོ་གྱུར་པའི་ལུས་ཀྱི་ལྷ་རྣམས་བདེ་བས་མཉེས་ཤིང་ཚིམས་ཏེ་པདྨ་ཆུས་བྲན་པ་བཞིན་གསལ་སྟོང་བདེ་བ་ཆེན་པོའི་རང་བཞིན་དུ་མོས། སྐབས་སུ་ལྷ་དང་བླ་མ་རང་གི་སྒོ་གསུམ་དབྱེར་མེད་དུ་འདྲེས་ཏེ། སེམས་དུས་གསུམ་གྱི་སྤྲོས་པ་བཅད་དེ་གསལ་སྟོང་འཛིན་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོ་རིག་སྟོང་རྗེན་པའི་ངང་སྐྱོང་། ཐུན་མཇུག་ཏུ་ཆོས་ལོངས་སྤྲུལ་གསུམ་གྱི་བླ་

p. 233

མའི་རྣལ་འབྱོར་རེས་མོས་རེ་སྦྱར་བའམ། གསུམ་ག་མཐར་ཆགས་སུ་སྦྱར་ཡང་རུང་། ནང་སྒྲུབ་དངོས་གཞིའི་བསྙེན་སྒྲུབ་གྲུབ་པའི་རྗེས་སུ་འདི་རྣམས་ཉིན་ཤས་རེ་ཉམས་ལེན་གཙོ་བོར་བྱས་ཀྱང་མི་རུང་བ་མེད་དོ། །གང་ལྟར་ཐུན་མཐར་མཇུག་གི་བསྒོམ་པའི་དཀྱིལ་འཁོར་སོགས་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱིས་གྲུབ་བོ། །དེ་ནས་གསང་སྒྲུབ་ལ་འཇུག་སྟེ། སྐྱབས་འགྲོ་ནས་རྡོར་སེམས་བསྒོམ་བཟླས་བར། དེ་ནས་དངོས་གཞིའི་བསྐྱེད་ཆོག་གཞུང་ལྟར་རྡོ་རྗེ་དང་རིགས་ལྔ་ཡབ་ཡུམ་གསལ་ཞིང་དམ་ཡེ་བསྲེ། གཙོ་འཁོར་ཀུན་གྱི་ཐུགས་ཀར་ཉི་གདན་ལ་ས་བོན་རྣམས་རང་མདོག་ལྟར་གསལ། དེ་དག་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་མཉེས་པར་བསམ། སྤྲོས་པ་ལ་དགའ་ན་འོད་ཟེར་དེ་དག་ལས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་ཇི་སྲིད་བར་འབུལ་བས་ཐམས་ཅད་ཀྱི་ཐུགས་རྒྱུད་ཟག་པ་མེད་པའི་བདེ་བས་མཉེས་པར་བསམ། གང་ལྟར་དེ་དག་གི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་ཏེ་རང་ལ་ཐིམ་པས་བྱིན་རླབས་མ་

p. 234

ལུས་ཞུགས་པར་བསམ། དེ་ཡང་སྤྲོས་པ་ལ་དགའ་ན། བླ་མ་ཡི་དམ་སངས་རྒྱས་སོགས་ཀྱི་སྐུ་དང་། ཨཱ་ལི་ཀཱ་ལི་སོགས་སྔགས་ཡིག་འབྲུའི་གཟུགས་ཀྱི་གསུང་དང་། ཐིག་ལེ་ཐིག་ཕྲན་རྡོ་རྗེ་དྲིལ་བུ་སོགས་ཕྱག་མཚན་ཐུགས་ཀྱི་རྣམ་པ་བཅས་ཆར་བབས་པ་བཞིན་བྱོན་ཏེ་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་པར་མོས། སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་རྒྱུ་དང་འབྲས་བུའི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་སྦྱངས། ཕྱི་སྣོད་ཐམས་ཅད་རིགས་ལྔའི་ཞིང་ཁམས། ནང་བཅུད་ཐམས་ཅད་རིགས་ལྔའི་ལྷ་ཚོགས་སུ་གསལ། འོད་ཟེར་དེ་དག་ཚུར་འདུས་ཏེ་ཐིམ་ཞིང་། སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་འཁོར་ལོ། གྲག་པ་ཐམས་ཅད་གྲག་སྟོང་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་རིག་སྟོང་ཆོས་སྐུའི་དགོངས་པ་ལས་མི་འདའ་བའི་ངང་ནས་བཟླས་པ་བྱའོ། །སྤྲོ་ཞིང་མོས་ན་རྒྱུད་སྡེ་སྤྱི་ཡི་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པར་གསུངས་ཀྱང་། ད་ལྟའི་ཕྱག་སྲོལ་དང་བདེ་ཕག་སོགས་ཀྱི་བསྐྱེད་རིམ་ལྷ་བསྙེན། མཚན་བཅས་མཚན་མེད་ཀྱི་རྫོགས་རིམ་རྣམས་རིམ་པས་འཕྲོས་སུ་འོང་རྒྱུ་འདི་ཙམ་གྱིས་དོན་འགྲུབ་པར་མཛད་དོ། །གང་ལྟར་ཐུན་མཐར་

p. 235

དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བརྗོད། སྒྲུབ་ཐབས་མཇུག་གི་བསྒོམ་པའི་དཀྱིལ་འཁོར་སོགས་བསྡུ་ལྡང་། དགེ་བསྔོ་བཀྲ་ཤིས་སོགས་ཀྱིས་མཐར་དབྱུང་། དེས་གསང་སྒྲུབ་གྲུབ་ཅིང་། དེ་ལྟར་བསྙེན་སྒྲུབ་ཀྱི་གྲངས་ཚད་ནི། ཕྱི་སྒྲུབ་ཉིན་བཅུ་ཙམ་བྱས་ན་ནང་སྒྲུབ་ཉིན་ཉི་ཤུ་ཙམ་གསང་སྒྲུབ་ཟླ་བ་གཅིག་ཙམ་ཡིན་ཀྱང་དེང་སྐབས་གསུམ་ཆར་ཆ་མཉམ་བྱ་བ་ཕྱག་ལེན་ནོ། །གང་ཟག་བསྐྱེད་རྫོགས་ཀྱི་ཉམས་ལེན་ཡོང་དཀའ་བ་དག་གིས་ཕྱི་སྒྲུབ་རང་གཙོ་བོར་བྱ་ཞིང་། བླ་མའི་གསོལ་འདེབས་ཁོ་ན་ནན་ཏན་བྱས་ན་གལ་ཆེའོ་སྙམ། དེ་ལྟར་ཕྱི་ནང་གསང་བའི་བསྙེན་པ་གྲུབ་ནས། མདུན་བསྐྱེད་བསྒྲུབ་ཅིང་བསྙེན་པ་ནི། ཕྱི་སྒྲུབ་དབུ་ནས་བཟུང་གསོལ་འདེབས་རྒྱས་བསྡུས་སྐབས་བསྟུན་གྱིས་གསང་སྒྲུབ་མཇུག་བར་མཐར་ཆགས་སུ་བཏང་ཞིང་། མདུན་བསྐྱེད་བསྒྲུབ་ཅིང་མཆོད་པ་གཙོ་བོ་དང་བུམ་པ་བསྒྲུབ་པ་སོགས་བྱ་ཞིང་བདག་འཇུག་བཅས་པ་བླངས། ཡང་ཕྱི་དྲོ་མཆོད་པ་བྱིན་རླབས་ནས་མདུན་བུམ་བདག་འཇུག་བཅས་པ་ཟིན་ནས་གཏོར་འབུལ་དང་ཚོགས་ཀྱི་མཆོད་པ་སོགས་མཐར་དབྱུང་། དེ་ཡང་སྒྲུབ་མཆོད་བདག་འཇུག་ཚོགས་འཁོར་བཅས་ཉིན་བདུན། ལྔ། གསུམ་སོགས་སྐབས་དང་བསྟུན་ནོ། །

p. 236

དེ་ཡིས་མངའ་བདག་ལོ་ཙཱ་ཆེན་པོའི་བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་བསྙེན་ཅིང་སྒྲུབ་པ་ཕྲིན་ལས་བཅས་ལེགས་པར་ཟིན་པའོ། །དེ་ལྟར་བླ་མ་མདུན་མཁར་བསྐྱེད་ཅིང་གསོལ་བ་ཕུར་ཚུགས་སུ་འདེབས་པ་ཕྱི་སྒྲུབ། དེ་ལས་ཉེ་བ་བླ་མ་སྤྱི་གཙུག་ཏུ་བསྒོམ་ཞིང་གསོལ་འདེབས་མཆོད་འབུལ་དབང་བཞིའི་རྗེས་འབྲེལ་ཤིན་ཏུ་ཉེ་བ་རང་གི་གནས་ལྔར་བླ་མ་འཁོར་བཅས་བསྒོམས་ནས་རང་དང་བསྲེ་ཞིང་བསྙེན་པ་ནང་སྒྲུབ་དང་། བླ་མ་རང་སེམས་དབྱེར་མེད་ཀྱིས་ཕུང་ཁམས་ཉོན་མོངས་ལྔ་ཆོས་གནས་སུ་དག་པས་ལྷ་སྐུར་གསལ་ཞིང་བསྙེན་པ་གསང་བའི་སྒྲུབ་པའོ། །གསང་སྔགས་རྡོ་རྗེ་ཐེག་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བས་གཉིས་འཛིན་གྱི་རྟོག་པ་བསྐྱེད་རིམ་དང་། གཉིས་མེད་ཀྱི་ཡེ་ཤེས་རྫོགས་རིམ་གྱིས་ཕྱི་ནང་གསང་བའི་བླ་མ་སྒྲུབ་པ་ཟེར་བ་ལགས་ན། མཐར་ཐུག་བབས་རྟིང་ནི། བྱིན་རླབས་དང་མོས་གུས་ཀྱི་ལམ་ནས་རིམ་པར་རང་རིག་བླ་མའི་རང་ཞལ་མཇལ་ཏེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་གྱུར་དུ་རྟོགས་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་པ་ལགས་པས་དེ་ལྟར་གྱི་གནད་དང་ལྡན་པར་ཉམས་སུ་ལེན། ས་ལམ་གྱི་རིམ་པ་བགྲོད་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་

p. 237

པར་འགྱུར་རོ། །དགྱེས་མཛད་དངོས་བྱོན་ལོ་ཙཱ་ཆེན་པོ་ཡི། །གསང་བ་གསུམ་གྱི་བྱིན་རླབས་འཇུག་པའི་ཐབས། །མ་བཅོས་མ་བསླད་བདུད་རྩིའི་ཆུ་རྒྱུན་འདི། །སྒྲུབ་བརྒྱུད་གསེར་གྱི་ཕྲེང་བ་ལས་བྱོན་ཅིང་། །འཇམ་མགོན་བླ་མའི་ཐུགས་མཚོར་འཁྱིལ་བ་ཡི། །ཕྱི་ནང་གསང་བའི་སྒྲུབ་ཐབས་རྩལ་འདོན་ཉིད། །བསྙེན་སྒྲུབ་ཉམས་ལེན་རྒྱས་བསྡུས་གང་འཚམས་ཀྱི། །ཕྱག་ལེན་རྒྱུན་བཞིན་གསལ་བར་བཀོད་འདི་ཡིས། །དགེ་བས་འགྲོ་ཀུན་ཐར་པའི་གསོས་ཐེབ་ཅིང་། །གནས་སྐབས་བཞི་ཡི་འཁྲུལ་པ་སངས་གྱུར་ཏེ། །སྒྲུབ་བརྒྱུད་གོང་མའི་རྣམ་ཐར་ཇི་བཞིན་དུ། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་གྱུར་ཏེ། །ཚེ་འདིར་རྡོ་རྗེ་འཆང་གི་ས་ཐོབ་ཅིང་། །མ་ལུས་འགྲོ་བ་འདྲེན་པའི་དཔལ་གྱུར་ཅིག །ཅེས་པའང་འཕགས་ཡུལ་མན་པ་དཱེའི་སྒྲུབ་ཁང་བདེ་ཆེན་ཆོས་གླིང་དུ་༧མཁྱེན་བརྩེ་རིན་པོ་ཆེའི་དབུས་བླ་གྲྭ་རྣམས་ལོ་གསུམ་ཕྱོགས་གསུམ་བསྙེན་མཚམས་ལ་བཞུགས་སྐབས་དམིགས་ཁྲིད་ཕྱག་ལེན་ཁ་གསལ་དགོས་ཞེས་བཀའ་ཕེབས་མ་ལྡོག་ཙམ་དུ་དཔལ་སྤུངས་སྒྲུབ་ཁང་ཆེན་པོའི་ཞལ་རྒྱུན་ཕྱག་ལེན་ལྟར་མ་འཁྲུལ་བར་བཀོད་པ་འདི་ཡང་། བཀའ་བརྒྱུད་རིན་པོ་ཆེའི་གྲལ་མཐར་འཁོད་པ་ཀརྨ་རང་བྱུང་ཀུན་ཁྱབ་ནས་བྲིས་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དགེའོ།། །།

རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 238
p. 239

༄༅། །རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར་ཞེས་བྱ་བ་བཞུགས་སོ། །

p. 240

རྡོ་རྗེ་འཆང་གི་གོ་འཕང་ནི། །སྐུ་ཚེ་གཅིག་གིས་མངོན་མཛད་པ། །གངས་ཅན་གྲུབ་པའི་དབང་ཕྱུག་ལ། །བཏུད་ནས་དེ་ཡི་རྣལ་འབྱོར་འཆད། །བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་རྒྱུད་བསྐུལ། མོས་གུས་དུས་མཐའི་མེའི་ཤུགས་བཞིན་དུ་སྦར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་མངོན་དུ་བཞག་སྟེ། འབྱོར་ན་སྟེགས་གཙང་མར་མཎྜལ་ཚོམ་བུས་སྤྲས་པ་དང་ཉེར་སྤྱོད་མཆོད་པའི་བཀོད་པ་ཇི་ལྟར་ཚོགས་པ་བཤམ། མ་འབྱོར་ན་ཏིང་ངེ་འཛིན་ཁོ་ནས་ཀྱང་འགྲུབ་ལ། ཚོགས་མཆོད་དང་འབྲེལ་ན་དེའི་ཡོ་བྱད་ཐབས་ཤེས་ཀྱི་རྫས་སོགས་ཉེ་བར་བསྡོགས། དེའི་ཚེ་ཐོག་མར་

p. 241

སྔོན་གཏོར་བཤམས་ལ། རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །དམར་མོ་གྲི་ཐོད་ཕྱག་རྒྱས་སྤྲས་པར་གྱུར། །བདུད་རྩི་རིལ་བུ་དང་ལྡན་པའི་མྱོས་བྱེད་ཀྱིས་གང་བའི་ཀ་པཱ་ལ་མདུན་དུ་བཞག་པ་ལ་དམིགས་ཏེ། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༌། །མཚན་ལྡན་བྷཉྫར་གོ་ཀུ་ད་ཧ་ན། །བི་མུ་མ་ར་ཤུ་ལས་ཤ་ལྔ་དང༌། །བདུད་རྩི་ལྔར་གྱུར་རླུང་མེས་ཞུ་ཞིང་བསྐོལ། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩི་བཀུག །དམ་ཡེ་

p. 242

གཉིས་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། གཏོར་མའང་དེ་ལྟར་བརླབས་ལ། འབར་བའི་རྒྱས། ཕེཾ། ཞེས་མགྲོན་དགུག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙ་ཨུནྨ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷཱུཉྫ་ཐ། ཛི་གྷྲ་ཐ། པི་པ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡ་སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀཾ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་ལན་གསུམ་གྱིས་བསྔོས་ལ་གཏོར་མ་དོར། གང་དག་ནག་པོའི་ཕྱོགས་གྱུར་པའི། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་བལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །ཨོཾ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་སྲུང་

p. 243

བའི་འཁོར་ལོ་གསལ་གདབ། རྒྱུན་གྱི་རྣལ་འབྱོར་ལྟ་བུར་དེ་ཡན་ཆད་མི་དགོས་སོ། །སྐྱབས་སེམས་ནི། བདག་གཞན་མཁའ་མཉམ་འགྲོ་བ་ཀུན། །དཀོན་མཆོག་རྩ་བ་གསུམ་གྱི་དངོས། །དབང་ཕྱུག་བཞད་པ་རྡོ་རྗེ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། མར་གྱུར་སེམས་ཅན་མཐའ་དག་རྣམས། །རྗེ་བཙུན་རས་པ་ཆེན་པོ་ཡི། །གོ་འཕང་བླ་མེད་འཐོབ་བྱའི་ཕྱིར། །སྒོ་གསུམ་དགེ་ལ་བཀོལ་བར་བྱ། །ལན་གསུམ། རང་སེམས་བླ་མར་རྟོགས་པས་གུས་ཕྱག་འཚལ། །ཚོགས་དྲུག་ཞེན་པ་བྲལ་བའི་མཆོད་པ་འབུལ། །གཉིས་འཛིན་ཨ་འཐས་རང་རིག་ཀློང་དུ་བཤགས། །ཐུགས་རྗེ་རྒྱུན་ཆད་མེད་ལ་ཡི་རང་ངོ་། །ཁྱབ་གདལ་ཡེ་ཤེས་ཆོས་འཁོར་བསྐོར་དུ་གསོལ། །མཆོག་ཏུ་མི་འགྱུར་ཆོས་སྐུར་བཞུགས་གསོལ་འདེབས། །མཁའ་ཁྱབ་འགྲོ་ཀུན་སྐུ་གསུམ་ཐོབ་ཕྱིར་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་

p. 244

དོན་འགྲུབ་པར་ཤོག །ཅེས་ཡན་ལག་བདུན་པ་བྱ། རང་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ། རང་སྣང་རྣམ་དག་མཁའ་སྤྱོད་ཨོ་རྒྱན་ཞིང༌། །ཆོས་འབྱུང་པད་ཉི་རོ་སྟེང་སྐད་ཅིག་གིས། །རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལི་ཁྲིའི་མདངས། །གྲི་གུག་ཐོད་ཁྲག་ཕྱག་རྒྱ་ལྔ་ཡིས་སྤྲས། །ཁ་ཊྭཱཾ་གཡོན་བརྟེན་ཞབས་གཉིས་བརྐྱང་བསྐུམ་ཚུལ། །མེ་དཔུང་དབུས་བཞུགས་ལྟེ་བར་ཨེ་དབུས་སུ། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ཞེས་ལྟེ་བར་ཆོས་འབྱུང་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿ འདབ་བཞིར་ཧ་རི་ནི་ས། ཧྲཱིཿམཐར་སྔགས་ཕྲེང་གི་འོད་ཀྱིས་དོན་གཉིས་སྒྲུབ་པར་མོས་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རླུང་དང་སྦྱར་བའི་འགོག་བཟླས་བྱ། དེ་ནས། རང་གི་ཐུགས་ལས་ཡེ་ཤེས་འོད་ཟེར་འཕྲོས། །དངོས་འཛིན་མཚན་བཅས་འོད་གསལ་དབྱིངས་སུ་སྦྱངས། །ཕྱི་སྣོད་ཆོས་དབྱིངས་འོག་མིན་སྟུག་པོ་བཀོད། །གནས་ཁང་ཐར་པ་ཆེན་པོའི་

p. 245

གཞལ་མེད་ཁང༌། །མཆོད་པའི་ཡོ་བྱད་ཀུན་བཟང་སྨོན་ལམ་འཕྲུལ། །ཕྱི་ནང་གསང་བ་དེ་ཉིད་བཀོད་པའི་སྤྲིན། །ཟག་མེད་བདེ་བསྐྱེད་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱ། རྟེན་བསྐྱེད་པ་ནི། གདོད་ནས་རྣམ་དག་སངས་རྒྱས་ཞིང༌། །རླུང་ལྔ་དག་པ་སེང་གེའི་ཁྲི། །རྩ་ལྔ་དག་པ་པདྨའི་གདན། །ཁམས་ལྔ་དག་པ་ཉི་ཟླའི་སྟེང༌། །སེམས་ཉིད་སྟོང་པ་བླ་མའི་སྐུ། །ཡེ་ཤེས་ལུས་ཅན་རྡོ་རྗེ་འཆང༌། །མངོན་ཤེས་དྲུག་ལྡན་ཏཻ་ལོ་པ། །སྒྱུ་འཕྲུལ་དྲྭ་བ་ནཱ་རོ་པ། །དགྱེས་མཛད་རྡོ་རྗེ་ལྷོ་བྲག་པ། །འགྲོ་བའི་མགོན་པོ་འཛམ་གླིང་གྲགས། །བཀའ་བརྒྱུད་ནོར་བུའི་ཕྲེང་བ་རྣམས། །གཅིག་འདུས་འཁོར་ལོའི་མགོན་པོ་དངོས། །རྗེ་བཙུན་བཞད་པ་རྡོ་རྗེའི་ཞབས། །སྔོ་སངས་རས་དཀར་བླ་གོས་ཅན། །དབུ་སྐྲ་ཕྱིང་བུ་སྐུ་རྒྱབ་གྲོལ། །ཕྱག་

p. 246

གཡས་སྙན་གྱི་ཐད་ཀར་བརྟེན། །གཡོན་པས་མཉམ་གཞག་ཐོད་ཞལ་བསྣམས། །ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་མཛད། །སྟོང་ཉིད་ཤེས་རབ་རྣལ་འབྱོར་མ། །སྒོམ་ཐག་ཚུལ་གྱིས་སྐུ་ལ་འཁྱུད། །ཡེ་ཤེས་འོད་ལྔའི་གཟི་བྱིན་འབར། །གཞོམ་མེད་རྡོ་རྗེའི་མགུར་དབྱངས་སྒྲོགས། །ཐུགས་རྗེས་མོས་པའི་བུ་ལ་དགོངས། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་འཁོར། །སྤྲིན་ལྟར་འཁྲིགས་པའི་དབུས་ན་བཞུགས། །རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས། །མངོན་དགའ་ལ་སོགས་ཞིང་རྣམས་ནས། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཅང་ཏེའུ་དྲིལ་བུའི་སྒྲས་བསྐུལ། དད་མོས་གདུང་བའི་ཤུགས་བསྐྱེད་ལ། ཧཱུྃ། ཆོས་སྐུ་མཁའ་ཁྱབ་གཤེགས་བཞུད་མི་དམིགས་ཀྱང༌། །ཐུགས་རྗེའི་སྒྱུ་འཕྲུལ་གང་འདུལ་གཟུགས་ཀྱི་སྐུ། །མོས་པའི་བློ་དང་འཚམས་པར་རྣམ་རོལ་བ། །དད་ལྡན་

p. 247

བསོད་ནམས་ཞིང་དུ་གཤེགས་སུ་གསོལ། །མངོན་དགའ་ལ་སོགས་དག་པའི་ཞིང་ཁམས་ནས། །དབང་ཕྱུག་བཞད་པ་རྡོ་རྗེ་མཁའ་འགྲོའི་གཙོ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་གཤེགས་སུ་གསོལ། །ཨེ་ཨཱ་རལླི་ཕེཾ། བཛྲ་ས་མཱ་ཛཿ རྗེ་བཙུན་རས་པ་རྒྱལ་བ་སྲས་དང་བཅས། །གདུལ་བྱའི་ཡུལ་ལ་སྙིང་རྗེས་བརྩེར་དགོངས་ཏེ། །མཆོད་པའི་ཡུལ་དུ་བརྟན་པར་བཞུགས་ནས་ཀྱང༌། །ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་ཆེན་ཕོབ། །ཏིཥྛ་བཛྲ་ཧཱུྃ། ས་མ་ཡ་སྟྭཾ་ཧོཿ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་ཡོན་ཏན་དང༌། །ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་བདག །སྐྱབས་གནས་ཀུན་འདུས་རྡོ་རྗེ་རྒྱལ་མཚན་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ན་མོ་ན་མཿཧཱུྃ། ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ཀུན། །ལྷ་རྫས་ཡིད་

p. 248

འོང་ཕྱི་ཡི་མཆོད་པའི་སྤྲིན། །ཀུན་བཟང་རྣམ་པར་རོལ་པས་བཀང་སྟེ་འབུལ། །ཚོགས་གཉིས་ཡོངས་རྫོགས་ཆོས་ཀྱི་རྒྱལ་པོར་ཤོག །ཕུང་ཁམས་སྐྱེ་མཆེད་འདོད་པའི་ཡོན་ཏན་ལྔ། །རང་བཞིན་རྣམ་དག་རྡོ་རྗེའི་ཕོ་ཉ་མོ། །ནམ་མཁའ་གང་བས་བླ་མའི་འཁོར་ལོར་མཆོད། །དུག་ལྔ་རང་གྲོལ་སྐུ་ལྔ་ཐོབ་པར་ཤོག ། ཐབས་ཤེས་ཟུང་འཇུག་འགྱུར་མེད་ལྷན་ཅིག་སྐྱེས། །བདེ་སྟོང་ཡེ་ཤེས་ཆེན་པོའི་དགའ་སྟོན་ལ། །ཟག་མེད་ཏིང་འཛིན་རོལ་པས་དབང་བསྒྱུར་ནས། །སྲིད་པའི་སྡུག་བསྔལ་འཆིང་ལས་གྲོལ་བར་མཛོད། །གང་ལ་ཐོག་མཐའ་དབུས་མེད་འཁོར་འདས་མེད། །ཆོས་ཀུན་རང་བཞིན་གཉུག་མ་ཕྱག་རྒྱ་ཆེ། །ཡིད་བྱེད་ལས་འདས་འཁོར་གསུམ་རྣམ་པར་དག །རང་བཞིན་ལྷུན་གྲུབ་མཆོད་པ་ཆེན་པོའོ། །ཨོཾ་བཛྲ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཕྱི་ནང་གསང་བའི་

p. 249

མཎྜལ་ནི། ཨོཾ་ཨཱཿཧཱུྃ། གླིང་བཞིའི་འཇིག་རྟེན་རབ་འབྱམས་རྒྱུད་མཚམས་སྦྱོར། །རབ་འབྱམས་རྒྱ་མཚོའི་ཞིང་གི་འབྱོར་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ་ལགས་ན། །དེ་སྙེད་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བདག་ལུས་ལོངས་སྤྱོད་བདོག་པ་ཅི་མཆིས་དང༌། །ཕུང་ཁམས་སྐྱེ་མཆེད་འཕྲལ་ཡུན་འདུན་མར་བཅས། །བདག་ཏུ་བཟུང་བའི་དངོས་པོར་གྱུར་ཚད་ཀུན། །འབུལ་གྱིས་བདག་འཛིན་ཞི་བར་བྱིན་གྱིས་རློབས། །དངོས་དང་དངོས་མིན་མཐའ་ལས་ཡོངས་གྲོལ་ཞིང༌། །སྐྱེ་འགག་གནས་གསུམ་འགྲོ་འོང་རྟག་ཆད་ཀྱི། །མིང་མཚན་ལས་འདས་གནས་ལུགས་མཎྜལ་མཆོག །ཕུལ་བས་རྗེ་བཙུན་ཁྱེད་དང་དབྱེར་མེད་ཤོག །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། བསྟོད་པ་ནི། གུ་རུ་ན་མོ་ཧཱུྃ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། །

p. 250

དམིགས་པ་ཆེན་པོ་བློ་ཆེན་པོ། །གོ་ཆ་ཆེན་པོ་མཚོན་ཆེན་པོ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དད་པ་ཆེན་པོ་གུས་ཆེན་པོ། །དམ་ཚིག་ཆེན་པོ་བརྟུལ་ཞུགས་ཆེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །བདེ་བ་ཆེན་པོ་གསལ་བ་ཆེ། །སྟོང་པ་ཆེན་པོ་རྒྱ་ཆེན་པོ། །ཐུབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐེག་པ་ཆེན་པོ་ས་ཆེན་པོ། །ལམ་ཆེན་ཡེ་ཤེས་ཆེན་པོ་སྟེ། །ཡོན་ཏན་ཆེན་པོ་སྙན་གྲགས་ཆེ། །བདག་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཆེན་པོ་སྣང་བ་ཆེ། །རྫུ་འཕྲུལ་ཆེན་པོ་གདུལ་བྱ་ཆེ། །བྱིན་རླབས་ཆེན་པོ་དོན་ཆེན་པོ། །སྐྱབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ཆེན་གཟི་བརྗིད་ཆེན་པོ་པ། །གསུང་དབྱངས་ཆེན་པོ་འོད་པོ་ཆེ། །མཁྱེན་པ་ཆེན་པོ་མཐུ་སྟོབས་ཆེ། །དཔལ་ཆེན་ཁྱེད་ལ་ཕྱག་

p. 251

འཚལ་བསྟོད། །བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བ། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་བསྟོད། །སླར་ཡན་ལག་བདུན་གྱིས་ཚོགས་བསག་པ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་སོ་སོར་བཤགས། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །བྱམས་དང་སྙིང་རྗེ་ཕྱོགས་མེད་

p. 252

འབྱོངས་པ་དང༌། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །སྒྱུ་ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐུ་གསུམ་དབྱེར་མེད་འཆར་བར་བྱིན་གྱིས་རློབས། །དེ་ནས་བླ་མའི་དཀྱིལ་འཁོར་དང་རང་གི་སེམས། གཉུག་མ་གཤིས་ཀྱི་གནས་ལུགས་གསུམ་པོ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ལྟ་བ་རང་བྱུང་རང་བབ་བཅོས་མེད་དུ་བསྐྱང་ལ། ཨོཾ་ཨཱཿགུ་རུ་ཧཱ་ས་བཛྲ་ཧཱུྃ། ཞེས་ཅི་ནུས་བཟླ། གཞན་ཡང་གསོལ་འདེབས་ཀྱི་བཟླས་པ་བཀའ་བརྒྱུད་རིན་པོ་ཆེའི་གསུང་བྱིན་རླབས་དང་ལྡན་པ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་

p. 253

ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་མ་ནམ་བཞི་སྐོར་ཅི་ནུས་བསགས་ལ་མོས་གུས་ཀྱི་རྩལ་བསྐྱེད། བདག་དང་སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་

p. 254

པར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་

p. 255

ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གོང་དང་སྦྲེལ་ལ་ཚར་གྲངས་གང་ནུས་ཀྱིས་གསོལ་བ་གདབ། རྒྱས་པར་སྤྲོ་ན་འདིར་རྗེ་བཙུན་མི་ལའི་གསོལ་འདེབས་དམིགས་བསལ་རྒྱས་བསྡུས་གང་ཤེས་བྱ། སྙིང་པོ་ལྟ་བུ་རྗེ་བརྒྱད་པའི་གསུང་ནི། བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང༌། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་གསོལ་བ་འདེབས། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེག་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ་མཆོག་ལ་གསོལ་བ་འདེབས། །རགས་སྣང་ཕྲ་ཐིག་ཟབ་མོར་བསྟེན། །ཕྲ་མྱོང་བདག་བྱིན་བརླབ་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ་མཆོག་ལ་གསོལ་བ་འདེབས། །འཛག་མེད་གཙོ་མོར་ས་བོན་བཀྲོལ། །སྲིད་བདག་ལམ་དུ་

p. 256

སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ་གསོལ་བ་འདེབས། །བདག་ཀྱང་འཁོར་བ་མི་སྤོང་ཞིང༌། །མྱང་འདས་ཞི་བར་མི་འཇུག་པར། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་དང༌། རྗེ་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །ཞེས་གདུང་ཤུགས་དྲག་པོས་ཕུར་ཚུགས་སུ་གསོལ་བ་ཅི་ནུས་གདབ་མཐར། རྗེ་སྐུ་ཚེ་གཅིག་ལ་སངས་རྒྱས་ནས། །མཚན་ཐོས་ཚད་འཁོར་བ་དོང་སྤྲུགས་པ། །རྣལ་འབྱོར་གྱི་དབང་ཕྱུག་རིན་པོ་ཆེ། །དཔལ་བཞད་པ་རྡོ་རྗེ་སྤྲུལ་པའི་སྐུ། །ཕ་རྗེ་བཙུན་རས་པ་ཆེན་པོ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །ཡིད་ཐེ་ཚོམ་མེད་པའི་བློ་གཏད་ཞུ། །དུས་འདི་ཕྱི་ཀུན་ཏུ་ཐུགས་རྗེས་ཟུངས། །ཚེ་ལོང་མེད་མི་རྟག་སྐྱོ་ཤས་སྐྱེས། །བློ་དམ་པའི་ཆོས་སུ་འགྲོ་བ་དང༌། །ལམ་དམན་དང་ལོག་པར་མི་གོལ་བར། །

p. 257

ཆོས་བྱས་ཚད་ལམ་དུ་འགྲོ་བ་དང༌། །ལས་རྒྱུ་འབྲས་བླང་དོར་མི་འཆོལ་ཞིང༌། །རྒྱུད་སྡོམ་པ་དམ་ཚིག་རྣམ་པར་དག །ཚོགས་ཟག་བཅས་ཟག་མེད་ཡོངས་སུ་རྫོགས། །ཕྱི་ཆོས་བརྒྱད་ཉོན་མོངས་འཆིང་ལས་གྲོལ། །ནང་ཞུ་བདེའི་ལམ་གསང་མཐའ་རུ་ཕྱིན། །དོན་རང་རིག་གཉུག་མ་ཕྱག་རྒྱ་ཆེ། །གཤིས་སྐུ་གསུམ་རྩལ་སྣང་ཆོས་ཉིད་རྒྱན། །རྗེ་རས་པ་ཆེན་པོའི་གསང་གསུམ་དང༌། །དབྱེར་མི་ཕྱེད་རང་རིག་སྙིང་དབུས་སད། །དུས་སྐད་ཅིག་མངོན་པར་སངས་རྒྱས་ཏེ། །མ་མཁའ་ཁྱབ་འགྲོ་བ་འདྲེན་ནུས་པའི། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ། །སྟན་འདི་རུ་ཐོབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། སྐབས་འདིར་སྤྲོ་ན་ཚོགས་ཀྱི་ཡོ་བྱད་གང་འབྱོར་བཤམས། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། མ་

p. 258

དག་དྲི་སྦྱངས་ཡེ་ཤེས་བྷནྡྷའི་ནང༌། །ཚོགས་རྫས་དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །འདོད་ཡོན་རྣམ་པ་དཔག་མེད་འཆར་བ་ཡིས། །བླ་མེད་བླ་མའི་དཀྱིལ་འཁོར་མཉེས་བྱེད་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། བྱིན་རླབས་འབེབས་པ་ནི། གནས་རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །ཡུལ་དངོས་འཛིན་བྲལ་བའི་ཞིང་ཁམས་ནས། །དོན་ཆོས་སྐུ་སྤྲོས་དང་བྲལ་བའི་གདངས། །རྗེ་ཡེ་ཤེས་སྒྱུ་འཕྲུལ་རས་པ་ཆེ། །ཕ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མ་གནས་གསུམ་ཌཱ་ཀི་ཆོས་སྐྱོང་བཅས། །གནས་དམ་ཚིག་གཙང་མའི་ཚོགས་ཁང་འདིར། །བུ་མོས་གུས་གདུང་བས་སྤྱན་འདྲེན་ན། །སྐུ་གསལ་སྟོང་འཇའ་འོད་ལམས་སེ་ལམ། །གསུང་རྡོ་རྗེའི་མགུར་དབྱངས་ཀྱུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཡ་ལ་ལ། །མཆོག་ཐུན་མོང་དངོས་གྲུབ་ཤ་ར་ར། །མཆོག་ཡེ་ཤེས་བྱིན་ཆེན་ཐིབས་སེ་

p. 259

ཐིབ། །ཚོགས་འཁོར་ལོའི་འདུ་བར་གཤེགས་སུ་གསོལ། །ཕྱི་གནས་ཁང་འོག་མིན་མཁའ་སྤྱོད་ཞིང༌། །ནང་མཆེད་ལྕམ་དཔའ་བོ་རྣལ་འབྱོར་མ། །བཅུད་ཟག་མེད་ཡེ་ཤེས་བདུད་རྩི་ཆེ། །དོན་ལྷན་སྐྱེས་ཆོས་སྐུ་རྗེན་པ་རུ། །དུས་སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཚོགས་རྫས་རྣམས་ཆ་གསུམ་དུ་བགོས་པའི་ཕུད་བླ་མའི་མཎྜལ་གྱི་དྲུང་དུ་ཕུལ་ལ། ཧོ། ཚོགས་མཆོད་ཟག་མེད་བདུད་རྩིའི་མཚོ། །ཡེ་ཤེས་རོལ་པའི་མཆོད་སྤྲིན་འདི། །སྐྱབས་གནས་ཀུན་འདུས་འགྲོ་བའི་མགོན། །མཁའ་འགྲོའི་དབང་ཕྱུག་རས་པ་ཆེ། །རྗེ་བཙུན་བཞད་པ་རྡོ་རྗེ་དང༌། །ཡི་དམ་དཔའ་བོ་རྣལ་འབྱོར་མ། །ཆོས་སྲུང་བཀའ་སྡོད་བཅས་ལ་འབུལ། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་བསྐང༌། །ཚེ་གཅིག་མངོན་འཚང་རྒྱ་བར་མཛོད། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བསྐང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གནས་གསུམ་

p. 260

དཔའ་བོ་མཁའ་འགྲོ་བསྐང༌། །ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས། །ཆོས་སྐྱོང་བཀའ་སྡོད་འཁོར་བཅས་བསྐང༌། །བསྟན་ལ་གནོད་པའི་དགྲ་བགེགས་སྒྲོལ། །དམ་ཚིག་ཆགས་ཉམས་སོར་ཆུད་ནས། །སྐྱེ་མེད་ཆོས་སྐུ་མངོན་གྱུར་ཤོག །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་དམ་ཚིག་གི་རྫས་སུ་རོལ་ལ། ཧོ། རང་ལུས་གདན་གསུམ་ཚང་བའི་ལྷར། །ནང་གི་སྲེག་བླུགས་ཕུལ་བ་ཡིས། །མྱུར་དུ་རྡོ་རྗེའི་ལམ་བགྲོད་ནས། །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །ལྷག་མ་རྣམས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། ཚོགས་ལྷག་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདི། །གནས་ཡུལ་དུར་ཁྲོད་འཇིག་རྟེན་ཁམས་ཉུལ་བའི། །བསྟན་སྲུང་རྣལ་འབྱོར་སྐྱོང་བའི་ཚོགས་ལ་འབུལ། །ཐ་ཚིག་མ་བསྙེལ་རྣལ་འབྱོར་གྲོགས་མཛོད་ཅིག །ཅེས་བསྔོའོ། །རྗེས་ཀྱི་བྱ་བ་ནི། རྗེ་བཙུན་རས་པ་རྩ་གསུམ་ལྷ་ཚོགས་ཀྱིས། །བདག་རྒྱུད་སྨིན་ཅིང་གྲོལ་

p. 261

བར་བྱིན་གྱིས་རློབས། །གསོལ་བ་བཏབ་པས་འཁོར་རྣམས་འོད་དུ་ཞུ། །གཙོ་བོའི་སྐུར་ཐིམ་དེ་ཡི་གནས་གསུམ་ནས། །བྱིན་རླབས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །བདག་གི་གནས་གསུམ་ལ་ཐིམ་སྒོ་གསུམ་གྱི། །སྒྲིབ་དག་བུམ་གསང་ཤེར་ཡེའི་དབང་མཆོག་ཐོབ། །སྐུ་གསུམ་མངོན་དུ་བྱེད་པའི་སྐལ་ཅན་བྱས། །མོས་གུས་ཤུགས་ཀྱིས་རྗེ་བཙུན་འོད་དུ་ཞུ། །སྤྱི་བོ་ནས་ཞུགས་རང་དང་དབྱེར་མེད་འདྲེས། །ལྷན་སྐྱེས་སྒྲིབ་དག་དོན་གྱི་དབང་བཞི་ཐོབ། །ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག །གསང་གསུམ་སྒོ་གསུམ་དབྱེར་མེད་རོ་གཅིག་གྱུར། །དོན་དམ་ཆོས་སྐུ་བློ་བྲལ་བདེ་བ་ཆེ། །ཡིད་ལ་མི་བྱེད་གཉུག་མ་ལྷན་ཅིག་སྐྱེས། །སྣང་སྲིད་ཕྱག་རྒྱ་ཆེན་པོ་ཨེ་མ་ཧོ། །ཞེས་མ་བཅོས་ཐ་མལ་གཉུག་མའི་ཤེས་པ་ཅི་གནས་སུ་བསྐྱང་ཞིང༌། རྗེས་ཐོབ་ཏུ་སྣང་སྲིད་བླ་མ་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། ཆོས་

p. 262

བརྒྱད་ལ་ཐོག་བརྫིས་བཏང༌། འདིར་སྣང་གི་འཁྲི་བ་བཅད། དག་སྣང་དང་མོས་གུས་རྒྱུན་ཆད་མེད་པས་བསྒོམ་མེད་ཡེངས་མེད་ཀྱི་དྲན་ཤེས་ཆུ་བོའི་རྒྱུན་བཞིན་དུ་བརྟེན་ནས། གནས་ལུགས་ཕྱག་རྒྱ་ཆེན་པོའི་གཏན་སྲིད་ཚེ་གཅིག་ལ་ཟིན་པར་བྱའོ། །བསྔོ་སྨོན་ནི། དགེ་བ་འདི་དང་དུས་གསུམ་བསགས་པ་ཡི། །དགེ་ཀུན་སྲས་བཅས་རྒྱལ་བས་བསྔོས་པ་ལྟར། །མི་གནས་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཟུང་འཇུག་གོ་འཕང་ཚེ་འདིར་ཐོབ་པར་ཤོག །སྒྲུབ་ལ་བརྩོན་པ་མཐར་ཕྱིན་ཞིང༌། །འཁྲུལ་པའི་ས་བོན་རྒྱུན་ཆད་ནས། །རྗེ་བཙུན་རས་པ་ཆེན་པོ་དང༌། །རྣམ་ཐར་ཕྲིན་ལས་མཉམ་གྱུར་ཅིག །ཤིས་པ་བརྗོད་པ་ནི། བཀའ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཆེན་འཁྲིགས། །ཡི་དམ་ལྷ་ཚོགས་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་འབྲས་བུ་སྨིན། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་ཀུན་གཙོ་བླ་མ་སྒྲུབ་པ་ནི། །རྒྱལ་བས་རྒྱུད་

p. 263

སྡེ་ཀུན་ནས་ཡང་ཡང་བསྔགས། །བླ་མ་གྲུབ་པའི་དབང་ཕྱུག་མི་ལ་རྗེ། །མཚན་ཙམ་ཐོས་ཀྱང་སྐྱེ་བ་བདུན་བརྒྱུད་དུ། །ངན་སོང་སྐྱེ་སྒོ་གཅོད་པར་ཞལ་གྱིས་བཞེས། །ད་ལྟ་ཟུང་འཇུག་ཆེན་པོའི་རྒྱལ་སར་བཞུགས། །འཁོར་འདས་བརྟན་གཡོ་མ་ལུས་བྱིན་གྱིས་བརླབས། །གསོལ་བ་བཏབ་ན་ཐུགས་རྗེས་ངེས་པར་གཟིགས། །བྱིན་རླབས་ཟིལ་ཆེན་དད་ལྡན་ཡོངས་ལ་འབེབས། །དེ་ཕྱིར་སྒྲུབ་བརྩོན་རྣལ་འབྱོར་དབང་ཕྱུག་མཆོག །སྣང་རྩེ་རི་ཁྲོད་ཞབས་ཀྱིས་རིང་མོ་ནས། །བསྐུལ་ངོར་རྗེ་བཙུན་རས་པའི་བཀའ་བརྒྱུད་པ། །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཡིས། །དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊིའི་ཚལ། །ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ། །སྦྱར་འདིར་འབྲེལ་ཚད་འགྲོ་བ་མ་ལུས་པ། །རྗེ་བཙུན་རས་པ་ཆེན་པོས་རྗེས་འཛིན་ཤོག །དགེ་ལེགས་འཕེལ།། །།

རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་བྱེད། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 264
p. 265

༄༅། །རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་བྱེད་བཞུགས་སོ། །

p. 266

རྗེ་བཙུན་རས་པའི་བྱིན་རླབས་འོད་བཀྱེས་ཏེ། །འཁོར་བ་རྨོངས་པའི་སྙིང་གི་མུན་བསལ་ནས། །དྲི་མེད་ཡེ་ཤེས་རྒྱས་པར་གསོལ་བཏབ་ནས། །དོན་ཆུང་ན་ཡང་དམ་པའི་གསུང་བཞིན་བྲི། །བླ་མའི་རྣལ་འབྱོར་ཚོགས་མཆོད་དང་འབྲེལ་བ་འདི་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ཡོད། དང་པོ་ལ་བདུད་རྩི་བྱིན་རླབས། འབྱུང་གཏོར་བཏང་ཞིང་སྲུང་འཁོར་བསྒོམ་པ། སྐྱབས་སེམས། ཚོགས་བསགས་བཅས་བཞིར་ཡོད་པའི་དང་པོ་ནི། བླ་མེད་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པས་དུས་རྟག་ཏུ་ཐ་མལ་གྱི་འདུ་ཤེས་དང་འགྲོགས་པར་བྱ་

p. 267

བ་མ་ཡིན་ལ། ཁྱད་པར་ཐ་མལ་དུ་འདུ་ཤེས་པས་སྔགས་ཀྱི་བྱ་བ་ལ་འཇུག་མི་རུང་ཞིང་ཐ་མལ་པས་བདུད་རྩི་བརླབ་པ་དང་བགེགས་བསྐྲད་པ་སོགས་བྱ་ནུས་པ་མ་ཡིན་པས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཁྲོ་འཛུམ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། སྐུ་མདོག་དམར་པོ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་གྲུ་མོ་གཡོན་ན་རྡོ་རྗེའི་ཁ་ཊྭཱཾ་ག་བསྣམས་པ། ཞབས་བརྐྱང་བསྐུམ་གྱིས་པད་ཉི་བམ་རོ་ལ་བཞེངས་ཤིང་ཡེ་ཤེས་ཀྱི་རང་འོད་དང་བཅས་པ་གསལ་བཏབ་ལ་ང་རྒྱལ་བཟུང༌། མདུན་གྱི་ནང་མཆོད་ཀྱི་བགེགས་བསང་ཞིང་སྣོད་བཅུད་མི་དམིགས་པ་སྟོང་པར་སྦྱང༌། སྟོང་པའི་ངང་ལས་མདུན་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་ཟླ་

p. 268

གམ། རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེ་སྟེང་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ན་ལས་མི། ཤར་ལྷོར་གོ་ལས་བ་ལང༌། ལྷོ་ནུབ་ཏུ་ཀུ་ལས་ཁྱི། ནུབ་བྱང་དུ་ད་ལས་གླང་པོ་ཆེ། བྱང་ཤར་དུ་ཧ་ལས་རྟ་རྣམས་ཀྱི་ཤ །ཡང་དབུས་སུ་མཱུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་ཁུ་བ། བྱང་དུ་མ་ལས་ཀླད་པ་རྣམས་ཡིག་འབྲུ་དེ་རྣམས་ཀྱིས་མཚན་པ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་རླུང་དཀྱིལ་གཡོས། དེས་མེ་དཀྱིལ་སྦར། ཐོད་པ་དྲོས་ཤིང་བཅུད་རྣམས་ཞུ་སྟེ་ཁོལ་བས་ཉེས་པའི་སྐྱོན་རྣམས་ལྦུ་བའི་ཚུལ་དུ་ཕྱིར་ལུད། སྟེང་དུ་རླངས་པ་ལས་གྲུབ་པའི་ཧཱུྃ་ཨཱཿ ཨོཾ་གསུམ་ཡས་རིམ་གྱིས་བརྩེགས་མར་གནས་པ་ལས་འོད་ཟེར་འཕྲོས་པས་རྩ་བ་གསུམ་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། བདུད་རྩིའི་རྒྱ་མཚོ་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་དམིགས་ལ་གཡོན་པའི་མཐེབ་སྲིན་གྱིས་མྱང་བས་ངག་གི་དྲི་མ་དག །རྩ་རླུང་ཐིག་ལེ་བྱིན་གྱིས་རློབ་པར་གྱུར། དེ་ལྟར་བསྒྲུབས་པའི་བདུད་རྩི་དེས་གནས་ཁང་མཆོད་རྫས་སོགས་ལ་འཐོར་བས་བགེགས་དང་བར་གཅོད་སྐྲོད་ཅིང་

p. 269

སྲུང་ལ་དེ་དག་བྱིན་གྱིས་རློབ་པ་སོགས་ཀྱི་དགོས་པ་ཡོད་དོ། །གཉིས་པ་ནི། དམིགས་པ་དེ་ལྟ་བུས་སྔོན་གཏོར་བྱིན་བརླབ། གཏོར་མ་ནི་ཀར་ལུགས་པ་རྣམས་ཀྱིས་ཕག་མོའི་སྔོན་འགྲོར་གྲུ་གསུམ་དམར་པོ་འདིར་བ་ཞིག་བཅའ་སྲོལ་ཡོད་ཀྱང་རང་རང་ལུགས་ཀྱིས་འཐུས། སྔགས་རྒྱ་དང་རང་རྗེ་བཙུན་མའི་ཐུགས་ཀའི་འོད་ཟེར་གྱིས་ཞིང་སྐྱོང་སུམ་ཅུ་རྩ་གཉིས་སོགས་སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་སྐད་ཅིག་གིས་མདུན་དུ་བཀུག་པ་འོད་གསལ་དུ་ཞུ། ཐམས་ཅད་ཀྱང་རྗེ་བཙུན་མའི་སྐུར་གྱུར་པས་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་མཉེས། རྣམ་པ་བཞིའི་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་ནས་རང་གནས་སུ་གཤེགས། ནག་པོའི་ཕྱོགས་སུ་གྱུར་པའི་གསང་སྔགས་ཟབ་མོ་ལྟ་ཉན་ལ་མི་དབང་བ་དང༌། བར་གཅོད་རྩོམ་པའི་གདུག་སེམས་ཅན་ཐམས་ཅད་རང་གི་སྐུ་ལས་ཁྲོ་ཆུང་དང་རྡོ་རྗེའི་ཁ་ཊྭཱཾ་སོགས་མཚོན་ཆའི་ཆར་ཆེན་པོ་སྤྲོས་ནས་ནམ་མཁའི་མཐར་བསྐྲད། སྤྲོས་པ་དེ་དག་ཚུར་འདུས་པས་འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ་སྲ་ཞིང་བརྟན་པའི་ཕྱི་རོལ་དུ་ཁྲོ་བོ་ཕྲ་མེན་མཚོན་ཆ་སྣ་ཚོགས་མེ་ཕུང་གི་གུར་དུ་གྱུར་ནས་བར་དུ་

p. 270

གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་མོས། འདི་ནི་གསང་སྔགས་མྱུར་ལམ་ཟབ་མོ་དངོས་གྲུབ་ཆེ་ཡང་བར་གཅོད་ཀྱང་མང་བ་ཡིན་པས་དེ་ཉིད་མི་འབྱུང་ཞིང་སྲུང་བའི་ཐབས་སོ། །གསུམ་པ་ནི། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་བཞད་པ་རྡོ་རྗེ་གསལ་བཏབ། དེ་ཉིད་སྐྱབས་གནས་ཀུན་འདུས་གཅིག་ཆོག་ཏུ་མོས་པ་འདི་ནི་སྐྱབས་ཡུལ་སྒོམ་ཚུལ་མང་དུ་ཡོད་པ་ལས་ཀུན་འདུས་ནོར་བུ་ལུགས་ཞེས་ཟབ་ཅིང་བྱིན་རླབས་ཆེ་ལ་དམིགས་པ་ཟིན་སླ་བ་ཡིན་ནོ། །དེ་ལ་བདག་གཞན་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཁོང་རུས་པའི་གདིང་ནས་སྐྱབས་སུ་མཆི་ན་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་པ་དང༌། སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པ་དྲིན་ཆེན་ཤ་སྟག་ཡིན་ཀྱང་མ་རིག་པའི་དབང་གིས་འཁོར་བའི་རྒྱ་མཚོར་ཐོག་མཐའ་མེད་པར་འཁྱམས་ཤིང་ཐར་པའི་དུས་མེད་པ་འདི་རྣམས་ཤིན་ཏུ་སྙིང་རེ་རྗེ། འདི་ཐམས་ཅད་ཟུང་འཇུག་ཡེ་ཤེས་སྐུ་ཅན་རྗེ་བཙུན་རས་པ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་སྒོ་གསུམ་དགེ་བའི་ལས་ལ་བཀོལ་ཞིང་ཁྱད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་

p. 271

ལ་རྩེ་གཅིག་ཏུ་འབད་པར་བགྱིའོ་སྙམ་པ་སྟེ། སྐྱབས་འགྲོ་ནི་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་གཞི་རྟེན། ཕྱི་པ་ནང་པའི་ཁྱད་འབྱེད་ཡིན་ཅིང༌། སེམས་བསྐྱེད་པ་ནི། རྫོགས་པའི་སངས་རྒྱས་ཐོབ་པའི་ས་བོན། ཐེག་པ་ཆེ་ཆུང་གི་ཁྱད་འབྱེད་ཡིན་ནོ། །བཞི་པ་ནི། འདིར་དངོས་བསྟན་ནང་དོན་དང་སྦྱར་བ་ཡིན་ཀྱང་གནས་ལུགས་མ་རྟོགས་པ་རྣམས་ཀྱིས་སྤྱི་མཐུན་མཚན་བཅས་ཀྱི་དམིགས་པ། སངས་རྒྱས་ཀུན་འདུས་བླ་མ་རྗེ་བཙུན་རས་པ་ཆེན་པོ་དེ་ལ། བདག་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤྲུལ་ནས་འབུལ་བ། ཐོག་མ་མེད་པ་ནས་སྒོ་གསུམ་གྱིས་བསགས་པའི་སྡིག་པ་མི་དགེ་བ་རྒྱུ་དང་བཅས་པ་ལ་གནོང་འགྱོད་དྲག་པོས་བཤགས་པ། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཟག་བཅས་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ངོ་བོ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྐུ་གཅིག་པུ་རྗེ་བཙུན་རས་པ་སྲས་དང་བཅས་

p. 272

པ་མྱ་ངན་ལས་མི་འདའ་བར་མཁའ་དང་འགྲོ་ཁམས་ཇི་སྲིད་པར་བཞུགས་པར་གསོལ་བ། དེ་ལས་བྱུང་བའི་དགེ་བ་སོགས་དགེ་རྩ་ཐམས་ཅད་བྱང་ཆུབ་རྡོ་རྗེ་རས་པ་ཆེན་པོའི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་རྣམས་བྱ་ཆོག་ཅིང༌། ཡན་ལག་བདུན་པ་འདི་ནི་མདོ་སྔགས་བསགས་སྦྱོང་ཐམས་ཅད་ཀྱི་གནད་དང་སྙིང་པོ་བསྡུས་པ་ཡིན་ལ། སྤྱིར་སྒྲིབ་པ་མ་བྱང་ཞིང༌། ཚོགས་མ་རྫོགས་པ་ལ་ལམ་གྱི་མངོན་རྟོགས་མི་སྐྱེ་ཞིང་བླ་མ་ལྷའི་བྱིན་རླབས་འཇུག་པར་དཀའ་བས་ལམ་ཉམས་སུ་ལེན་པའི་སྔོན་འགྲོར་མེད་ཐབས་མེད་པ་ཡིན་ནོ། །ཁྱད་པར་ཐུན་མོང་མ་ཡིན་པའི་བསགས་སྦྱོང་གི་དོན་ནི། ཆོས་ཐམས་ཅད་རང་སེམས་ཁོ་ནའི་ཆོ་འཕྲུལ་ཡིན་པས་བླ་མའང་རང་གི་སེམས་ཉིད་ཀྱི་ངོ་བོ་ལས་གཞན་དུ་མེད་པར་རྟོགས་ནས་རང་རིག་གཉུག་མའི་རང་ཞལ་ལ་ལྟ་བ་གནས་ལུགས་ལྟ་བ་མཇལ་བའི་ཕྱག །མིག་གི་ཡུལ་དུ་གཟུགས་སོགས་ཚོགས་དྲུག་གི་ཡུལ་དུ་ཅི་སྣང་ཅི་ཤར་ཐམས་ཅད་ལ་མ་ཞེན་མ་སྤངས་དགག་སྒྲུབ་ཀྱི་བློ་དང་བྲལ་བ་ནི་གཏོང་བ་ཆེན་པོ་དོན་གྱི་མཆོད་པ། དགེ་སྡིག་གི་རང་བཞིན་གདོད་ནས་མ་གྲུབ་པ་ལ་མཚན་མར་ཞེན་པའི་བདག་འཛིན་ཨ་འཐས་འཛིན་མེད་རང་རིག་པའི་ཀློང་དུ་ཞི་བས་འཁོར་གསུམ་རྣམ་པར་མི་

p. 273

རྟོག་པ་བརྗོད་མེད་དོན་གྱི་བཤགས་པ། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ་ལས་འགགས་མེད་ཐུགས་རྗེ་རྒྱུན་ཆད་མེད་པར་སྣང་བའང་རིག་པའི་རང་རྩལ་དུ་ཤེས་ནས་ཡི་རང་བ། གདོད་ནས་འཁོར་འདས་ཀུན་ལ་ཁྱབ་ཅིང་ཕྱམ་བདལ་བའི་ཡེ་ཤེས་ཀྱི་རང་བཞིན་བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་པ་མི་ཤིགས་ནཱ་དའི་ཆོས་སྒྲ་བསྐུལ་བ། བརྟན་གཡོ་ཀུན་གྱི་སྲོག་ཏུ་ཞུགས་ཤིང་མཆོག་ཏུ་མི་འགྱུར་བ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཆོས་སྐུ་རྒྱུན་གྱི་རྟག་པར་བཞུགས་སུ་གསོལ་བ། རང་བཞིན་མ་གྲུབ་པའི་དགེ་རྩ་འཁོར་གསུམ་དམིགས་པ་མེད་པའི་ངང་ནས་འགྲོ་ཀུན་རང་གནས་ཀྱི་སྐུ་གསུམ་རང་ཞལ་མཇལ་ཕྱིར་བསྔོ་བ་སོགས་སོ། །གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས་དང་པོ་བདག་བྱིན་གྱིས་བརླབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་འབྲུ་གསུམ་བརྗོད་པའི་རྐྱེན་གྱིས་སྣོད་རྣམ་པར་དག་པ་མཁའ་སྤྱོད་ཆེན་པོ་ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ། བཅུད་རྣམ་པར་དག་པ་ཆོས་འབྱུང་གྲུ་གསུམ་པ་གདན་ཐབས་ཀྱི་སྟེང་དུ། ཁང་ཐབས་ཀྱི་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་གདན་ལ་ཟུག་ཅིང་ཁ་

p. 274

གདེངས་གཡེར་བ་གྱེན་དུ་བསྟན་པ། གཉིས་ཀའི་ཟུར་དྲུག་ལ་དགའ་བ་འཁྱིལ་བས་མཚན་པའི་དབུས་པདྨའི་ལྟེ་བར་བམ་རོ་མགོ་གཡས་སུ་བསྟན་པའི་སྙིང་གར་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་སྐད་ཅིག་གིས་བདག་ཉིད་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལི་ཁྲི་སྟེ་སིན་དྷུ་རའི་མདངས་ཅན་ཁྲོ་ཞིང་འཛུམ་ལ་སྤྱན་གསུམ་དང་ལྡན་པ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལ་ཐོད་སྐམ་ལྔས་བརྒྱན་ཅིང༌། ཐོད་རློན་ལྔ་བཅུའི་དོ་ཤལ་དང་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པ། ཕྱག་གཡས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་དུ་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་བརྟེན་པ། སྤྱི་བོར་འཁོར་ལོ། རྣ་ཆ། མགུལ་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་ཏེ་རྣམ་གྲངས་ལྔ་ཀ་མི་རུས་ལས་བྱས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ཅིང་གཡོན་བརྐྱང་ནས་བཞེངས་པ། མེ་ཕུང་འབར་བའི་དབུས་ན་རང་ལུས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཉུག་མའི་ལུས་སེམས་ལྷ་དང་ཆོས་ཉིད་ཀྱི་རང་བཞིན་གདོད་ནས་རྫོགས་པའི་གསལ་སྣང་དང་ང་རྒྱལ་རྣམ་པར་དག་པ་ཚང་བའི་སྐུའི་ལྟེ་བར་ཆོས་འབྱུང་དམར་པོ་ཁང་ཐབས་ཀྱི་ནང་དུ་པདྨ་འདབ་

p. 275

བཞི་ཕྱོགས་མདོག་ཅན་གྱི་ལྟེ་བར་ཧྲཱིཿདམར་པོ། འདབ་བཞིའི་ཤར་དུ་ཧ་སྔོན་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་གུ་བཞི་པོ་ངོ་ནང་དུ་ལྟ་བ་ཧྲཱིཿའི་མཐར་མདུན་ནས་བརྩམས་པའི་ངོ་ནང་བསྟན་དུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་བཟླས་པས་སྔགས་ཕྲེང་གཡོན་བསྐོར་དྲག་ཏུ་འཁོར་བའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་སྲས་བཅས་མཆོད། བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཐིམ། སེམས་ཅན་གྱི་སྡིག་སྒྲིབ་སྦྱང༌། ཕྱི་སྣོད་ནང་བཅུད་ཐམས་ཅད་དག་པ་ལྷའི་འཁོར་ལོར་གྱུར་པར་བསམ་ལ་ཤུབ་བུར་བཟླ་བ་ངག་བཟླས་ཐུན་མོང་བ་དང༌། རླུང་བུམ་པ་ཅན་ནམ་བར་རླུང་ཅི་རིགས་པ་བཟུང་ནས་སྔགས་ཕྲེང་ལ་སེམས་གཏད་དེ་ཡིད་ཀྱིས་བཟླ་བ་འགོག་བཟླས་དང༌། རླུང་ནང་དུ་འཇུག་པའི་ཚེ་ཨོཾ་བཛྲ། གནས་པའི་ཚེ་བཻ་རོ་སོགས། དབྱུང་བའི་ཚེ་ཧཱུྃ་ཧཱུྃ་སོགས་ལ་དམིགས་ཏེ་བཟླ་བ་རྡོར་བཟླས་ཏེ་གསུམ་ཀའམ་ཅི་རིགས་བྱ། ལྷན་སྐྱེས་མ་ལ་ཐུན་མོང་མ་ཡིན་པ་ནཱ་རོའི་སྙན་བརྒྱུད་རླུང་སེམས་དབྱེར་མེད་ཀྱི་མན་ངག་རྣམས་ནི་འདིར་སྦྱོར་མི་དགོས་པས་སྤྱི་མཐུན་འདི་ཙམ་གྱིས་སྐབས་དོན་འགྲུབ་པ་ཡིན་ནོ། །འདིས་ནི་བདག་གི་མ་

p. 276

དག་པའི་སྒོ་གསུམ་རྡོ་རྗེ་བཙུན་མོའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པས་ཐུགས་རྗེ་ཡུལ་དུ་འཇུག་པའི་སྣོད་དུ་རུང་བའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པ་ཡིན་ནོ། །གཉིས་པ་དངོས་གཞིའི་བསྟན་དོན་གཙོ་བོ་མདུན་བསྐྱེད་ལ་བརྟེན་ནས་ཚོགས་བསགས་བྱིན་རླབས་བསྐུལ་བ་ལ་བདུན། གནས་ཡོ་བྱིན་རླབས། རྟེན་བསྐྱེད་ཅིང་ཡེ་ཤེས་པ་གཞུག་པ། ཕྱག་སོགས་ཀྱིས་མཆོད་པ། བསྟོད་པ་བྱ་བ། ཁྱད་པར་གྱི་ཚོགས་བསགས་པ། གསོལ་འདེབས་དང་བཟླས་པས་ཐུགས་རྒྱུད་བསྐུལ་བ། འདོད་དོན་ཞུ་བའོ། །དང་པོ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་མཚན་འཛིན་གདོས་བཅས་ཀྱི་དངོས་པོ་ཐམས་ཅད་སྦྱངས་ཏེ་སྟོང་ཉིད་སྤྲོས་བྲལ་དུ་གྱུར་པའི་འོད་གསལ་གྱི་རང་མདངས། ཕྱི་སྣོད་ཐམས་ཅད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྒྱ་ཚད་དབྱིབས་དང་རྒྱན་བཀོད་དཔག་ཏུ་མེད་པའི་དབུས་སུ། གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་ལ་མཚན་ཉིད་བཀོད་པ་ཡོངས་སུ་རྫོགས་པ། ཕྱི་ནང་ཀུན་ཏུ་མཆོད་པའི་སྤྲིན་རབ་འབྱམས་རྒྱ་མཚོ་ཀུན་ཏུ་བཟང་པོའི་སྨོན་ལམ་དང་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ལས་བྱུང་བ་ལྟ་བུས་ཡོངས་སུ་གང་བ། དེ་ཡང་ཕྱི་མཆོད་ཉེར་སྤྱོད་ལྔ། བཀྲ་ཤིས་

p. 277

རྫས་རྟགས། རྒྱལ་སྲིད་སྣ་བདུན། ནང་མཆོད་འདོད་པའི་ཡོན་ཏན་ལྔ། གསང་མཆོད་རྡོ་རྗེའི་རིག་མ་བཅུ་དྲུག་ལ་སོགས་པ་སྲིད་ཞིའི་ཁམས་ན་བདེ་བའི་ཡོ་བྱད་ཀྱི་འབྱོར་པ་གང་ཡོད་པ་ཐམས་ཅད་མ་ཚང་བ་མེད་པར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་སྔགས་དང་རོལ་མོའི་སྒྲས་བྱིན་བརླབ་བོ། །གཉིས་པ་ནི་སྣོད་བཅུད་གདོད་ནས་རྣམ་པར་དག་པ་སངས་རྒྱས་པདྨ་དམ་པ་དང་མི་འཁྲུགས་པ་ལ་སོགས་པའི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་མདུན་གྱི་ནམ་མཁར་འཇའ་སྤྲིན་དང་མཆོད་པའི་ལྷ་མོ་དུ་མས་བརྒྱན་པའི་དབུས་སུ་སྲོག་འཛིན་སོགས་རྩ་བའི་རླུང་ལྔ་རྣམ་སྐབས་འདིའི་ཚིག་ཁ་ཤས་རྗེ་བཙུན་ཉིད་ཀྱི་གསུང་ཡིན་པས་འདིར་བཀོད་པའོ། །མཆན། པར་དག་པ་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ལྷ་རྫས་ཀྱི་གོས་ཀྱིས་བཀབ་པའི་སྟེང་དུ། །འཁོར་ལོ་ལྔའི་རྩ་ཡན་ལག་དང་བཅས་པ་རྣམ་པར་དག་པ་པདྨ་འདབ་སྟོང་གི་ལྟེ་བར། རླུང་སེམས་ཁམས་ཀྱི་དྭངས་མ་འཁོར་ལོ་ལྔའི་མི་ཤིགས་པའི་ཐིག་ལེ་རྣམ་པར་དག་པ་ཉི་ཟླའི་གདན་ལ། རང་གི་སེམས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་ཀྱིས་སྟོང་ཞིང་འོད་གསལ་བ་དཔལ་ལྡན་བླ་མའི་སྐུར་སྣང་བ་ནི། བཀའ་བརྒྱུད་བླ་མ་དངོས་སུ་སྨོས་པ་

p. 278

རྣམས་ཀྱིས་མཚོན་ནས་ཕྱོགས་བཅུ་དུས་གསུམ་གྱི་རྩ་གསུམ་རྒྱལ་བ་སྲས་བཅས་གཅིག་ཏུ་འདུས་པའི་ངོ་བོ་རྗེ་བཙུན་རས་པ་ཆེན་པོ་སྐུ་ཡེ་ཤེས་འོད་ལྔའི་གཟི་བརྗིད་མཁའ་ཁྱབ་ཏུ་འཕྲོ་ཞིང་གསུང་རྡོ་རྗེ་ནཱ་དའི་མགུར་དབྱངས་ལྷང་ལྷང་སྒྲོགས་པ། ཐུགས་མཁྱེན་བརྩེ་ཡེ་ཤེས་ཆེན་པོས་དད་མོས་གསོལ་བ་འདེབས་པ་ལ་རྩེ་གཅིག་ཏུ་དགོངས་པའི་མཐའ་བསྐོར་གྱི་སྟེང་དུ་བཀའ་བརྒྱུད་བླ་མ། བར་དུ་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས། འོག་ཏུ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ནམ་མཁའི་དབྱིངས་སུ་སྤྲིན་ཆེན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པའི་གཙོ་བོའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་པོ་གསུམ་དུ་གསལ་བའི་འོད་ཟེར་དང་རང་ཉིད་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ་ཅང་ཏེའུ་དྲིལ་བུ་སོགས་རོལ་མོའི་སྒྲ་བསྒྲག །དྲི་བཟང་གི་སྤོས་བཏུལ། དད་མོས་ཀྱི་གདུང་ཤུགས་དྲག་པོས་བསྐུལ་ཏེ་སྤྱན་འདྲེན་གྱི་ཚིག་བརྗོད་པས། རང་སྣང་རྣམ་དག་ཆོས་ཀྱི་དབྱིངས་ཤར་ཕྱོགས་མངོན་པར་དགའ་བ། མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཚོགས་ཁང་སོགས་དག་པའི་ཞིང་ཁམས་རྣམས་ནས་ཐུགས་རྗེས་མ་

p. 279

བཟོད་པའི་ཚུལ་གྱིས་སྐད་ཅིག་ལ་མདུན་གྱི་ནམ་མཁར་བྱོན་པ་འདི་ཉིད་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའང་འཁོར་དུ་འདུས་ཏེ་དགྱེས་པས་བཞུགས་པར་མོས། ཨེ་ཨཱ་རལླི་ཕེཾ་ཞེས་པའི་སྔགས་ཀྱིས་བསྐུལ་བའི་ཚེ་ཙོག་པུའི་འདུག་སྟངས་བྱས་ལ་རྐང་པ་གཡས་ཀྱི་མཐེ་བོས་གཡོན་མཐེབ་མནན། ལག་གཉིས་ཀྱི་འཐེབ་མཛུབ་བཞི་མདུད་ཅིང་ལྷག་མ་གཟེང་པ་འབར་བའི་རྒྱ་དཔྲལ་བར་བསྐོར་ཞིང་མིག་གྱེན་ཏུ་བལྟ། བཛྲ་ས་མཱ་ཛཿ ཞེས་པ་ལ་རྡོ་རྗེ་བསྡུ་རྒྱ་བྱའོ། །གསུམ་པ་ཕྱག་དང་མཆོད་པ་མཎྜལ་གསུམ་ལས། དང་པོ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཐལ་མོ་གནས་གསུམ་དུ་སྦྱར་ཞིང་གནས་ལྔ་ས་ལ་ཕབ། ངག་གིས་བསྟོད་དབྱངས་ཡན་ལག་འབུམ་ལྡན་བརྗོད། ཡིད་ཀྱིས་སྐྱབས་གནས་གཞན་དུ་མི་འཚོལ་བའི་མོས་གུས་དྲག་པོས་ཕྱག་བྱ་བར་མོས། གཉིས་པ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གཞོན་མཛེས་ཡིད་འོང་དཔག་ཏུ་མེད་པ་སྙན་པའི་གླུ་དང་ལྡན་པ་རྣམས་སྤྲོས་ནས་སྔར་བྱིན་གྱིས་བརླབས་པའི་མཆོད་པ་དེ་དག་ཕུལ་བས། ཕྱི་མཆོད་རྣམས་གདུགས་དང་བླ་བྲེ་དང་ཁང་བརྩེགས་དང་ཉེ་བར་སྤྱོད་པའི་བྱེ་བྲག་ཏུ་གྱུར། ནང་གཟུགས་

p. 280

རྡོ་རྗེ་མ་སྤྱན་ལ་ཐིམ་པས་རྡོ་རྗེའི་སྤྱན་རྣམ་པ་ཐམས་ཅད་པ་ཟག་པ་མེད་པའི་བདེ་བའི་ལོངས་སྤྱོད་ཀྱིས་ཚིམས་པར་མོས་པས་རིགས་འགྲེས་ཏེ་མདོར་ན་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དུ་རྣམ་པར་དག་པས་མཆོད། གསང་བ་རྡོ་རྗེའི་རིག་མ་རྣམས་རེ་རེ་བཞིན་སྐུ་ལ་འཁྱུད་པ་དང་འཁྲིལ་བ་སོགས་སྒྱུ་རྩལ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་ལྷན་སྐྱེས་འགྱུར་མེད་ཀྱི་བདེ་བ་ཆེན་པོས་ཐུགས་མཉེས། མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་གསུམ་ཀའང་རང་བཞིན་མ་གྲུབ་པར་ཤེས་པས་གཉུག་མ་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་དོན་གྱི་བླ་མའི་རང་ཞལ་ལ་བལྟས་ཏེ་མཉམ་པར་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །ཕྱིའི་མཎྜལ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་འཇིག་རྟེན། དེ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་རབ་འབྱམས། དེ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་རྒྱུད། དེ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་མཚམས་སྦྱོར། དེ་བྱེ་བ་ཕྲག་བརྒྱ་རབ་འབྱམས་རྒྱ་མཚོའི་འཇིག་རྟེན་ཞེས་བྱ་བ་སྟེ་དེ་ཐམས་ཅད་སྲིད་དང་ཞི་བའི་འབྱོར་པའི་ཁྱད་པར་ཇི་སྙེད་པས་བཀང་སྟེ་འབུལ་བར་མོས་པ་དང༌། ནང་གི་མཎྜལ་ཕྱིའི་བཀོད་པ་དེ་དག་ནང་གི་རྡོ་རྗེའི་ལུས་ལ་རང་བཞིན་གྱིས་ཚང་བར་ཤེས་པ་ཙམ་མམ། མགོ་རྣམ་རྒྱལ་ཁང་

p. 281

བཟང༌། མིག་ཉི་ཟླ། སྒལ་ཚིགས་རི་རབ། སྙིང་ཡིད་བཞིན་ནོར་བུ་སོགས་རེ་རེ་བཞིན་གསལ་བཏབ་ལ། རང་གི་ལུས་ལོངས་སྤྱོད་ཕུང་ཁམས་སྐྱེ་མཆེད་བདག་ཏུ་བཟུང་བའི་དངོས་པོ་ཅི་ཡོད། དུས་གསུམ་གྱི་དགེ་རྩ་དང་བཅས་པ་བློས་ལིང་གིས་བླངས་ནས་ལྟོས་པ་མེད་པར་འབུལ་བ་དང༌། གསང་བ་དོན་གྱི་མཎྜལ་སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་ཆོས་དབྱིངས་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་དུ། རང་རིག་འོད་གསལ་ལོངས་སྤྱོད་རྫོགས་པར་ལྷུན་གྱིས་གྲུབ་པ་ཉིད་བྱ་བྱེད་ལས་གསུམ་གྱི་མིང་དང་མཚན་མ་ལས་འདས་པར་ཤེས་ནས་གནས་ལུགས་ཀྱི་ངང་དུ་ལ་ཟློ་བའོ། །མཆོད་པའི་སྐབས་སུ་རྒྱས་པར་སྤྲོ་ན་གཞན་ནས་འབྱུང་བའི་མཆོད་ཕྲེང་གི་ཚིག་ཚོགས་ཇི་ལྟར་རིགས་པ་སྦྱར་བ་དང༌། མཎྜལ་གྱི་ཐོག་མར་ཚོམ་བུ་སོ་བདུན་མ་སྤྱི་ལྟར་བཀོད་ཅིང་འབུལ་བ། མཎྜལ་ཚིགས་བཅད་གཞན་ཡང་ཅི་རིགས་པ་ལན་གྲངས་འབུལ་བ་ནི་ཤིན་ཏུ་གལ་ཆེའོ། །བཞི་པ་བསྟོད་པ་ནི་ལམ་ཟབ་ནས་འབྱུང་བའི་རྒྱ་གཞུང་ལ་གྲུབ་པའི་གསུང་གིས་བརྒྱན་པ་སྟེ། ཐོག་མར་གུ་རུ་ན་མོ་ནི་བླ་མ་ལ་ཕྱག་འཚལ་ལོ་ཞེས་པ་དང༌། ཧཱུྃ་ནི་དངོས་གྲུབ་ཀྱི་དོན་དུ་ཐུགས་རྒྱུད་བསྐུལ་བའོ། །དམིགས་པ་ནི་སྔར་སྤྲོས་པའི་ལྷ་མོ་

p. 282

རྣམས་དང་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚངས་དབྱངས་འབུམ་ལྡན་གྱིས་བསྟོད་པའི་ཚིག་བརྗོད་ཅིང་གུས་པ་ཆེན་པོས་ཡོན་ཏན་རྗེས་སུ་དྲན་བཞིན་པས་བསྟོད་པར་མོས། བསྟོད་པའི་དོན་ལ་བདུན། རྒྱུ་ཐུགས་སྐྱེད་ཁྱད་འཕགས། རྐྱེན་སྦྱོར་བརྩོན་ཁྱད་འཕགས། གྲོགས་ཐབས་ཤེས་ཁྱད་འཕགས། ས་ལམ་གྱི་བགྲོད་པ་ཁྱད་འཕགས། གྲུབ་པའི་འབྲས་བུ་ཁྱད་འཕགས། མཐར་ཐུག་སྐུ་གསུམ་རང་བཞིན། སྟོད་བྱེད་ཀྱི་ཚིག་ཁྱད་པར་འཕགས་པས་བསྔགས་པ་རྣམས་སོ། །དེ་ལ་དང་པོ་ནི། ཐོག་མ་ཉིད་ནས་ཐེག་པ་ཆེན་པོའི་རིགས་སད་པས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཕ་མ་ཡིན་པའི་ངེས་པས་དྲངས་ཏེ་དེ་ཐམས་ཅད་འཁོར་བའི་རྒྱ་མཚོར་རྟག་ཏུ་གཡེང་བ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོས་བསྐུལ་ནས། ཕན་པ་མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་རང་ཉིད་ཁོ་ནས་འགོད་པར་འདོད་པའི་སེམས་བསྐྱེད་རྒྱ་ཆེན་པོ་མངའ་བ་སྟེ། དེ་དག་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ། མོས་པས་སྤྱོད་པ་དང་སྨོན་པའི་སེམས་བསྐྱེད་ཕུལ་དུ་བྱུང་བ་བསྟན་པའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་ཡིན་པ་ལ་གཉིས་སྣང་རྨི་ལམ་གྱི་འཁྲུལ་བ་ལྟ་བུར་ཤེས་ནས་ཐུགས་བསྐྱེད་ལ་ཉེ་རིང་མི་

p. 283

མངའ་བ་དམིགས་པ་ཆེན་པོ་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་མ་བསྒྲལ་བ་སྒྲོལ་བའི་ཐབས་ཟབ་མོ་ཐུན་མོང་མ་ཡིན་པའི་བསགས་སྦྱང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་བློ་གྲོས་ཆེན་པོ་སྟེ། དེ་ནི་ཆོས་ལ་དམིགས་པའི་སྙིང་རྗེ། ལྷག་བསམ་དག་པ་དང་འཇུག་པ་སེམས་བསྐྱེད་ཕུན་སུམ་ཚོགས་པ་བསྟན་པའོ། །གདོད་མ་ཉིད་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པའི་སྟོབས་ཀྱིས་ནམ་ཡང་མི་ལྡོག་པའི་གོ་ཆ་ཆེན་པོ་བགོས་པ་དང༌། ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་དུ་གཟིགས་པས་བདག་དང་སེམས་ཅན་བྱང་ཆུབ་གང་དུའང་དམིགས་པ་མེད་པའི་ཤུགས་འབྱུང་སྙིང་རྗེའི་མཚོན་ཆེན་པོས་སྲིད་ཞིར་འཛིན་པའི་དྲྭ་བ་བཅད་པས་བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཅན་དུ་གྱུར་པ་སྟེ། དེ་ནི་དམིགས་པ་མེད་པའི་སྙིང་རྗེ། རྣམ་པར་སྨིན་པ་དང་དོན་དམ་པའི་སེམས་བསྐྱེད་མཐར་ཕྱིན་པ་བསྟན་པའོ། །དེ་དག་གི་གྲུབ་འབྲས་ཤེས་པས་སྲིད་དང་སྙིང་རྗེས་ཞི་བའི་མཐའ་ལ་མི་གནས་པར་དཔའ་བོ་ཆེན་པོའི་བློ་གྲོས་ཀྱིས་སྲིད་པ་ཇི་སྲིད་པ་གཞན་དོན་ཁོ་ནར་སྤྱོད་པ་ནི་སྒྲིབ་པ་ཀུན་སྤངས་པའི་སེམས་བསྐྱེད་དེ་དེ་ལྟ་བུ་དང་ལྡན་པ་ལ་ཕྱག་འཚལ་བའོ། །གཉིས་པ་ནི། རྡོ་རྗེ་འཆང་ནས་མཆོག་གི་དངོས་གྲུབ་

p. 284

བརྙེས་པའི་བཀའ་བརྒྱུད་གསེར་གྱི་ཕྲེང་བ་བཞི་པར་བྱོན་པའི་མངའ་བདག་མར་པ་ལོ་ཙཱ་བ་གཅིག་ཆོག་གི་བླ་མར་བཟུང་ནས། དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པ་དུས་མཐའི་མེ་ཆེན་པོ་བཞིན་ཐང་ལྷོད་མེད་པར་འབར་བས། བླ་མས་དྲང་ངེས་ཀྱི་བཀའ་ཇི་ལྟར་སྩལ་བ་ཐམས་ཅད་ཟུར་ཙམ་ཡང་མི་བཅག་པའི་གུས་པ་ཆེན་པོས་དཀའ་བ་ཆེན་པོ་བརྒྱད་སོགས་ཀྱི་མཐར་དཔེར་བྱ་བ་འོས་པས་མཉེས་པ་བསྒྲུབས་པས་རྒྱུད་གདམས་ངག་དང་བཅས་པ་བུམ་པ་གང་བྱོར་ཐོབ། བླ་མ་བརྒྱུད་པའི་བྱིན་རླབས་ཞུགས། བཀའ་བརྒྱུད་ཀྱི་རྒྱལ་རབས་ཟིན་པ་དང༌། སྡོམ་པ་འོག་མའི་བསྲུང་མཚམས་ཐམས་ཅད་རྡོ་རྗེ་ཐེག་པར་ཡར་ལྡན་དུ་རྫོགས་པའི་དམ་ཚིག་སྲོག་གི་ཕྱིར་ཡང་མི་བཏང་བའི་སྲུང་བ་ཆེན་པོ་དང་ལྡན་ཞིང༌། འཁོར་བར་ཕྱི་ཕྱག་འཚལ། ཆོས་བརྒྱད་རྒྱང་དུ་བོར། འཁྲུལ་སྣང་ཐོག་བརྫིས་བཏང་ནས་གངས་དཀར་གྱི་ཁྲོད་དུ་འཇིགས་མེད་སེང་གེའི་བརྟུལ་ཞུགས་ཆེན་པོས་རྟག་ཏུ་གནས་པ་དང༌། ལུས་སྲོག་ཐེད་ལ་བོར་བའི་དཀའ་སྤྱད་སྙིང་རུས་ཀྱིས་རིམ་པ་གཉིས་ཀྱི་སྒྲུབ་པའི་རྒྱལ་མཚན་བཙུགས་པ་ལ་ཉིན་མཚན་གཡེལ་བ་མེད་པའི་བརྩོན་འགྲུས་ཆེན་པོས་སྐུ་ཚེ་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་སར་རྩོད་

p. 285

མེད་དུ་གཤེགས་པའི་མཐུ་སྟོབས་ཆེན་པོ་དང་ལྡན་པ། འཇིག་རྟེན་གྱི་ཁམས་ན་འགྲན་ཟླས་དབེན་པའི་སྐྱེས་མཆོག་མིའི་སེང་གེ་ཁྱོད་ལ་ཕྱག་འཚལ་བའོ། །གསུམ་པ་ནི། དབེན་པ་གསུམ་གྱི་ལམ་ལས་རྣམ་རྟོག་ཞི་བར་གནས་པའི་རྩེ་གཅིག་གསུམ་པོ་མཐར་ཕྱིན་ནས་མོས་གུས་ཟབ་མོའི་སྟོབས་ཀྱིས་རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཕེབ་པས་སྤྲོས་བྲལ་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པའི་ལྷག་མཐོང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཆེན་པོའི་སྟོབས་ཀྱིས་མཐོང་སྒོམ་གྱི་སྤང་བྱ་རྣམ་པར་དག །བདག་མེད་པ་གཉིས་ཁོང་དུ་ཆུད། འཁོར་འདས་རོ་གཅིག་ཏུ་ཐིམ། སྒོམ་དུ་མེད་པའི་རྣལ་འབྱོར་མངོན་དུ་གྱུར་པ་དང༌། བླ་མེད་སྤྱིའི་རྫོགས་རིམ་མཐར་ཐུག་ཟབ་ལམ་ནཱ་རོ་ཆོས་དྲུག་ལ་སྦྱང་བརྩོན་རྟོགས་གོམས་ཀྱི་གདིང་ཐོབ་ནས་རླུང་སེམས་དབུ་མར་དག་པའི་ཐབས་ཆེན་པོ་དང་ལྡན་པས། ཐུན་མོང་གི་ཉམས་གསུམ་ལས་འདས་པ་ཞུ་བདེ་ལས་སྐྱེས་པ་འཛག་མེད་ཀྱི་བདེ་བ་ཆེན་པོ་དང༌། ཉིན་མཚན་འོད་གསལ་དུ་འབྱམས་པའི་གསལ་བ་ཆེན་པོ་དང༌། སྣང་གསུམ་ལུགས་ཟློག་ཏུ་ཐིམ་པའི་སྟོང་པ་ཆེན་པོའི་རྣལ་འབྱོར་གྲུབ་པས། རྟགས་བཅུ་ཡོན་ཏན་བརྒྱད་ཟད་པར་ཟིལ་གནོན་སོགས་ཐུན་

p. 286

མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱ་ཆེན་པོ་མཐུན་སྣང་དུ་བརྙེས་པ། སུས་ཀྱང་ཐུབ་པར་དཀའ་བའི་བདུད་བཞི་བཅོམ་པར་མཛད་པའི་ཐུབ་པ་ཆེན་པོ་དེ་ལ་ཕྱག་འཚལ་བའོ། །བཞི་པ་ནི། ཟབ་མོའི་ལམ་ལ་གང་གིས་བགྲོད་པའི་ཐབས་ཐུན་མོང་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་མ་རྒྱུད་ཀྱི་ཡང་སྙིང་དཔལ་འཁོར་ལོ་སྡོམ་པ་སོགས་མཆོག་སྒྲུབ་པའི་ཐབས་དང་བྱིན་རླབས་ཆེན་པོ་དང་ལྡན་པ་ཉམས་སུ་བཞེས་པས། དབུ་མའི་མར་སྣ་རྒྱལ་མཚན་རྩ་བཞི་ནས་བརྩམས་ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་རིམ་གྱིས་འགགས། རྩའི་མདུད་པ་རྣམས་གྲོལ་བས་རྡོ་རྗེའི་ས་ཆེན་པོ་བཅུ་གསུམ་བགྲོད། ཁུ་རྡུལ་མི་གཡོ་བར་བརྟན་པས་མྱུར་བ་དང་བདེ་བའི་ནང་གི་ལམ་ཆེན་པོ་ལྔའི་མཐར་བགྲོད་ནས་མི་སློབ་པའི་ཟུང་འཇུག་གི་སྐུ་དང་ཡེ་ཤེས་ཆེན་པོ་ལྔ་མངོན་དུ་གྱུར། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཆེན་པོ་རྣམས་གདུལ་བྱ་ལས་དག་པ་ལ་སྣང་དུ་རུང་ཞིང་ཐོས་གྲོལ་དུས་མཉམ་དུ་བྱེད་པའི་དོ་ཧ་མི་ཤིགས་པའི་གླུ་དབྱངས་འཇིག་རྟེན་གསུམ་དུ་ཁྱབ་པའི་སྙན་གྲགས་ཆེན་པོ་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་ཁྱབ་པར་མཛད་པའི་བདག་ཉིད་ཆེན་པོ་དེ་ལ་ཕྱག་འཚལ་བའོ། །ལྔ་པ་ནི།

p. 287

འབྲས་བུ་གཞན་ལ་མི་བཙལ་བར་སངས་རྒྱས་ཀྱི་དགོངས་པ་རང་ལ་རྙེད་པས་སྲིད་ཞི་མཉམ་ཉིད་སྣང་སྲིད་དག་པ་རབ་འབྱམས་སུ་གྱུར་ཏེ་གང་དུ་བཞུགས་པའི་ཞིང་ཁམས་ཆོས་དབྱིངས་སྟུག་པོ་བཀོད་པ་ཆེན་པོར་ལྷུན་གྱིས་གྲུབ་པ་དང༌། རང་སྣང་རྣམ་པར་དག་པ་ལ་གཞན་རྟོག་གིས་མཚན་མས་གཡོ་བ་མེད་པར་ངེས་པ་ལྔ་ལྡན་ཆེན་པོར་གྲུབ་པ་དང༌། གང་ལ་གང་འདུལ་གྱི་ཐབས་ལ་མཁས་པའི་རྫུ་འཕྲུལ་ཆེན་པོ་སྐྲའི་རྩེ་མོར་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་སྟོན་པ་ལ་སོགས་པ་ལ་མངའ་བརྙེས་པ་དང༌། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཆེན་པོ་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་མཚན་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་སྒྲུབ་ནུས་པ་དང༌། རྣམ་ཐར་དང་ཕྲིན་ལས་མཐའ་དག་གྲོལ་བ་བཞི་དང་ལྡན་པས་འབྲེལ་ཚད་རྣམ་གྲོལ་དུ་དབུགས་དབྱུང་བའི་དོན་ཆེན་པོ་འབའ་ཞིག་ཏུ་གྱུར་པ། དེ་ལྟ་བུའི་སྐྱེ་དགུ་མ་ལུས་པའི་མཐར་ཐུག་གི་སྐྱབས་གནས་ཆེན་པོ་དེ་ལ་ཕྱག་འཚལ་བའོ། །དྲུག་པ་ནི། རྩ་རྣམ་པར་དག་པ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཆེན་པོ་མཚན་དཔེའི་གཟི་བརྗིད་དང་ལྡན་ལ་འདུལ་བཞིའི་ཆོ་འཕྲུལ་ཆེན་པོ་སྟོན་པ། རླུང་རྣམ་པར་དག་པ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་མེད་སྒྲ་

p. 288

དབྱངས་ཆེན་པོ་རྒྱུན་མི་འཆད་ཅིང་སྐུ་དང་ཞིང་ཁམས་རྒྱ་མཚོ་སྣང་བའི་འོད་པོ་ཆེ་དང་ལྡན་པ། ཐིག་ལེ་རྣམ་པར་དག་པ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་གནས་ལུགས་སྒྲིབ་མེད་མངོན་དུ་གྱུར་པའི་མཁྱེན་པ་ཆེན་པོའི་རྩལ་ལས་རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱི་མཐུ་སྟོབས་ཆེན་པོས་འཁོར་བ་ཇི་སྲིད་དེ་སྲིད་དུ་འགྲོ་དོན་རྒྱུན་མི་འཆད་པ། སྲིད་ཞི་ཀུན་གྱི་སྤྱི་དཔལ་ཆེན་པོ་དེ་ལ་གུས་པས་ཕྱག་འཚལ་ཞིང་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་བསྔགས་འབུལ་བའོ། །བདུན་པ་ནི། ཚིག་དོན་གོ་སླ། མར་པ་རྒྱ་གར་དུ་ལན་རྗེས་མ་བྱོན་པའི་སྐབས་སུ་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་ཡུན་རིང་སོང༌། གསོལ་བ་བཏབ་པས་བྱང་པུཥྤ་ཧ་རིའི་དགོན་པར་མངོན་སུམ་མཇལ་ཏེ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་གནང་བའི་སྐབས་སུ་ལུས་མེད་མཁའ་འགྲོའི་ཆོས་སྐོར་གནང་བར་གསོལ་བ་བཏབ་པས། དེ་སུ་ལའང་ཆ་རྒྱུས་མེད་པ་ལ་ཁྱོད་ལ་སུས་ཟེར་གསུངས་པས། བོད་ན་ངའི་སློབ་མ་མི་ལ་ཐོས་པ་དགའ་བྱ་བ་ཡོད་པ་དེ་ལ་མཁའ་འགྲོས་ལུང་བསྟན་བྱུང་ཚུལ་ཞུས་པས། བསྟོད་པ་འདི་གསུངས་ནས་ཕྱག་ཐལ་མོ་སྦྱར་ཏེ་བོད་ཀྱི་ཕྱོགས་སུ་འདུད་པར་མཛད་པས་དེའི་རི་དང་རྩི་ཤིང་ཐམས་ཅད་ཀྱང་བོད་ལ་འདུད་པའི་རྣམ་པ་བྱུང་བར་གྲགས་

p. 289

པའི་བྱིན་རླབས་ཅན་ཡིན་ནོ། །ལྔ་པ་ཡན་ལག་བདུན་པའི་སྒོ་ནས་བསག་སྦྱོང་བྱ་བ་ནི། དམིགས་པ་གོང་དུ་སྨོས་པའི་ཐུན་མོང་བ་ལྟར་ལ། ཚིགས་བཅད་འདི་རྣམས་དཔལ་ལྡན་དུས་གསུམ་མཁྱེན་པས་མཉམ་མེད་དྭགས་པོ་ཐོག་མར་མཇལ་བའི་ཚེ་ཐོལ་བྱུང་དུ་གསུངས་པར་གྲགས་པའི་བྱིན་རླབས་ཅན་ཡིན་ལ། འདི་ཉིད་ཚར་མང་དུ་བྱ་བ་དང༌། སྐབས་འདིར་ཡན་ལག་བདུན་པ་སྤྱི་འགྲོ་ཅི་རིགས་པ་གྲུབ་ནའང་ལེགས་སོ། །དྲུག་པ་གསོལ་འདེབས་ཀྱི་བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི། ཐོག་མར་རྗེ་རས་པ་ཆེན་པོའི་རྣམ་ཐར་དང་ཡོན་ཏན་དྲན་པས་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས། ལུས་ངག་ཡིད་གསུམ་རང་དབང་མི་འདུ་བ་ཙམ་གྱི་མོས་གུས་སྙིང་ཁོང་རུས་པའི་གཏིང་ནས་ཁ་ཙམ་མིན་པར་བསྐྱེད། བཟོད་མེད་ཀྱི་མོས་གུས་བཅོས་མིན་དུ་སྐྱེ་བ་ན་དེའི་རང་ངོ་ལ་བཟོ་མེད་དུ་བཞག་པས་བླ་མ་དང་རང་སེམས་གཉུག་མའི་གནས་ལུགས་དབྱེར་མེད་དུ་འདྲེས་པ་ལ་མཉམ་པར་བཞག་སྟེ། དེ་ཉིད་གསུམ་སྤེལ་གྱི་མཚན་སྔགས་ཇི་ལྟར་འོས་པ་བཟླ། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་རང་དང་ལྷན་གཅིག་ཏུ་གུས་པ་ཆེན་པོས་གསོལ་བ་འདེབས་པར་མོས་པ་དང༌། དེར་མ་ཟད་ས་ཆུ་མེ་རླུང་

p. 290

གི་རྡུལ་ཕྲན་རེ་རེ་ལས་ཀྱང་གསོལ་འདེབས་ཀྱི་སྒྲ་དི་རི་རི་སྒྲོགས་པར་མོས་ལ་མ་ནམ་བཞི་སྐོར་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཇུག་ཏུ་བློ་ཆོས་སུ་འགྲོ་བ་སོགས་ཀྱི་བྱིན་རླབས་བསྐུལ་བའང་བྱ་སྟེ་འདིའང་མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་བྱིན་རླབས་དང་ལྡན་པའོ། །དེ་ནས་རྗེ་བཙུན་མི་ལའི་གསོལ་འདེབས་བྱ་བ་ལ། སྤྱིར་གར་དབང་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྣམ་ཐར་གསོལ་འདེབས་སོགས་རྒྱས་བསྡུས་མང་དུ་མཆིས་པ་ལས། སྐབས་འདིར་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པ་ཉིད་ཚིག་ཉུང་ལ་དོན་ཟབ་པས་བཀོད་པ་སྟེ། འདི་ནི་རྡོ་རྗེའི་ཚིག་རྐང་ཡིན་པས་རྒྱས་པར་སྤྲོ་ན་ཚུལ་བཞིའི་སྒོ་ནས་བཤད་དུ་ཡོད་པས་མཐའ་ཡས་ཀྱང༌། བརྗོད་བྱའི་གཙོ་བོ་སྦས་དོན་དང་མཐར་ཐུག་ཡིན་པས་དེ་ཉིད་གཙོར་བཏོན་ཏེ་གོ་སླའི་ངག་གིས་ཅུང་ཟད་བཤད་ན་འདི་ལ་དོན་བཞིས་བསྡུས་པ་སྟེ། རྒྱུ་ཕུན་སུམ་ཚོགས་པ། ཐབས་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ་སྟེ་རྣམ་ཐར་ལ་བསྔགས་པ་གསུམ། རྣམ་ཐར་དེ་ཉིད་འགྲུབ་པར་སྨོན་པ་རྣམས་སོ། །དང་པོ་ནི། བྱང་ཕྱོགས་རྒྱུད་དུ་སོགས་ཤླཽ་ཀ་གཅིག་སྟེ། དོན་དམ་པར་མངོན་བྱང་ལྔས་གསང་

p. 291

འདུས་སྤྲུལ་པའི་དཀྱིལ་འཁོར་དུ་མངོན་པར་བྱང་ཆུབ་སྟེ་འཕགས་པའི་ཡུལ་དུ་གྲུབ་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་སྤྲུལ་པའི་རྣམ་རོལ་དཔག་ཏུ་མེད་པས་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་དོན་མཛད་པ་ལས། སྨོན་ལམ་དང་ཐུགས་བསྐྱེད་ཟབ་མོས་བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་པར་བསྟན་ཏེ་འཁོར་ལོ་བཞི་ལྡན་གྱི་རྟེན་དེས་རྡོ་རྗེ་ཐེག་པ་སྟོན་པའི་འཁྲུལ་མེད་ཀྱི་ཡོངས་འཛིན་གྲུབ་པའི་དབང་ཕྱུག་མཉེས་པ་དགུ་ཕྲུགས་ཀྱིས་མཉེས་པར་མཛད་ཅིང་གདམས་ངག་བུམ་པ་གང་བྱོར་བཞེས། ཚེ་འདིའི་སྣང་ཤས་གཞན་ལྟ་ཅི་སྨོས། ལུས་སྲོག་ལའང་ལྟོས་པ་མེད་པར་བྱ་བ་སྙིང་ནས་བཏང་བའི་བརྟུལ་ཞུགས་མཐར་ཕྱིན་པས་འཇིག་རྟེན་གྱི་སྐྱོན་དང་ཉེས་པས་རྡུལ་ཙམ་ཡང་མ་གོས་པར། ཆོས་ཕྱིར་དཀའ་ཐུབ་དང་བརྩོན་འགྲུས་དྲག་པོ་བར་མ་ཆད་པར་སྤྱད་ནས་ཟབ་མོའི་མྱུར་ལམ་རྩེ་གཅིག་ཏུ་བསྒྲུབས་པས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཚུད་པ་ལ་བསྔགས་པའོ། །གཉིས་པ་ལ་གཉིས། རྣལ་འབྱོར་མ་རྒྱུད་ཀྱི་ལམ་མཐར་ཕྱིན་པ་དང༌། ཕ་རྒྱུད་ཀྱི་ལམ་མཐར་ཕྱིན་པ་ལ་བསྔགས་པའོ། །དང་པོ་ནི། བདེ་ཆེན་བརྗོད་མེད་སོགས་ཤླཽ་ཀ་གཅིག་སྟེ། ཕར་ཕྱིན་དུ་བདེ་བར་གཤེགས་པ་དང་བདེ་བ་

p. 292

དམ་པ་སོགས་མཚན་ཙམ་བསྟན་པ་དེ་ཉིད་སྔགས་སུ་བདེ་བ་ཆེན་པོ་ཞེས་གསུངས་པ་སྟེ། འདིར་ཀུན་རྫོབ་ཏུ་བྱམས་པ་དང་སྙིང་རྗེའི་མཐར་སོན་པ་དང༌། ངེས་དོན་དུ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བརྙེས་པ་སྟེ་ཐབས་སྣང་བའི་ཕྱོགས་དང༌། སྨྲ་བསམ་བརྗོད་དུ་མེད་པའི་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་མངོན་དུ་གྱུར་པ་ཤེས་རབ་སྟོང་པའི་ཕྱོགས། དེ་གཉིས་ཟུང་འཇུག་ཆེན་པོར་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པ་བདེ་བའི་ཡེ་ཤེས་ཀྱི་རོས་མྱོས་ཤིང༌། དེའང་ཕྱི་སྲིད་པ་གསུམ། ནང་ལུས་ངག་ཡིད་གསུམ་རྟེན་རྩ་རླུང་ཐིག་ལེ་དང་བཅས་པ་འཆིང་བྱེད་ཀྱི་ཐབས་ལས་རྒྱ་ཡེ་རྒྱ་ཕྱག་ཆེན་གསུམ་ཡོད་པ་ལས་འཕོ་འགྱུར་གྱི་སྤྲོས་པས་རྣམ་པར་དག་པའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་གཞན་མཆོག་རྡོ་རྗེ་གསུམ་གྱི་རང་བཞིན་སྒྲིབ་བྲལ་དུ་བཅིངས་པ་ལས་བྱུང་བ་དང༌། དེ་ཉིད་མྱུར་དུ་རྒྱུད་ལ་སྐྱེད་པའི་ཐབས་ཟབ་མོ་ཙཎྜ་ལཱིའི་དམ་ཚིག་གི་ཕྱག་རྒྱ་སྦར་བས་ཕུང་ཁམས་ཀྱི་སྙིགས་མ་བསྲེག་ཅིང་དྭངས་མ་བྱང་ཆུབ་ཀྱི་སེམས་བཞུ་བའི་བདེ་བ་འཕོ་མེད་དུ་བརྟན་པ་ལས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་གཉུག་མའི་ལུས་སེམས་རྒྱས་པ་ལ་བསྔགས་པའོ། །དེའི་དོན་བསྡུ་ན། ཐིག་རླུང་སེམས་གསུམ་གྱི་འཕོ་བ་གཏུམ་མོ་

p. 293

འབར་འཛག་གི་རྣལ་འབྱོར་གྱིས་བཅིངས་པས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐུགས་ལ་འཁྲུངས་ཤིང་བདེ་སྟོང་འགྱུར་མེད་ཀྱི་རོས་མྱོས་པར་གྱུར་ཏོ། །ཞེས་པའོ། །གཉིས་པ་ནི། རགས་སྣང་ཕྲ་ཐིག་སོགས་ཤླཽ་ཀ་གཅིག་སྟེ། མ་དག་པ་རགས་པའི་འཁྲུལ་སྣང་ཐམས་ཅད་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་སྟེང་འོག་གི་སྣ་རྩེ་ལ་བརྟེན་པ་རྣམས་དང༌། ཟབ་གསལ་གཉིས་སུ་མེད་པའི་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་དག་པའི་འཁོར་ལོར་སྦྱངས་པ་སྟེ། སྣང་མཆེད་ཐོབ་གསུམ་ཉེར་ཐོབ་དང་བཅས་པ་འོད་གསལ་དུ་དག་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་རྡོ་རྗེའི་རང་བཞིན་གྱི་སྐུར་ཤར་བ་ཕྲ་མོའི་ཉམས་སམ་མྱོང་བ་དེ་ཡིས་བདག་དང་མཚན་མར་འཛིན་པའི་འཁོར་བའི་ཆོས་ཐམས་ཅད་ལ་བྱིན་གྱིས་བརླབས་པར་མཛད་པས། དེ་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་སྟོང་ཉིད་ཀྱི་རྩལ་རྟེན་འབྱུང་མ་འགག་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་གསང་བའི་དཀྱིལ་འཁོར་རབ་འབྱམས་སུ་ཤར། དེ་ཐམས་ཅད་ཀྱང་སྤྲོ་བ་དང་བསྡུ་བ་ལ་དབང་འབྱོར་བས་ཀུན་གྱི་ཁྱབ་བདག་དྲུག་པའི་ངོ་བོར་གྲུབ་པ་ལ་བསྔགས་པའོ། །དེའི་དོན་བསྡུ་ན་ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་མཐར་

p. 294

ཕྱིན་པའི་འོད་གསལ་ཡེ་ཤེས་ཆེན་པོས་སྣང་གྲགས་ཐམས་ཅད་ཆོས་ཉིད་སྒྱུ་མར་རོལ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་ཏོ། །ཞེས་པའོ། །གསུམ་པ་ནི། འཛག་མེད་གཙོ་མོར་སོགས་ཤླཽ་ཀ་གཅིག་སྟེ། ཟག་བཅས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་མཆོག་ཡིན་པས་འཛག་མེད་གཙོ་མོ་སྟོང་ཉིད་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་རྟག་ཏུ་སྙོམས་པར་ཞུགས་པའི་ངང་ལས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཕྲིན་ལས་ཐམས་ཅད་འཆར་བའི་ས་བོན་དམིགས་པ་མེད་པའི་སྙིང་རྗེ་བསྡམས་པ་ཀློད་ནས་བཀྲོལ་བ་ལྟར་ཕྱོགས་མེད་དུ་ཤར་བ་སྟེ། དེ་ལྟ་ན་སྒྲིབ་པ་གསུམ་གྱི་རྩ་བ་རྩད་ནས་བཅད་ནས་སྲིད་པ་དག་པས་འཁོར་བར་འཆིང་བའི་མཐའ་སྤངས་ལ། དེ་ཉིད་རང་བཞིན་མི་དམིགས་པར་གཟིགས་ནས་སྲིད་པའི་ལམ་དུ་སྙིང་རྗེ་ཆེན་པོས་འཇུག་པ་དང་དུ་ལེན་པས་ཞི་བདེར་ཆགས་པའི་མཐའ་སྤངས་ཤིང༌། གདུལ་བྱའི་སྣང་ངོར་སྤྲུལ་པའི་ཆོ་འཕྲུལ་བསྟན་པ་དེའང་སངས་རྒྱས་གཞན་ལས་ཐབས་མཁས་ཤིང་ཐུགས་རྗེའི་ནུས་སྟོབས་ཕུལ་དུ་གྱུར་པ་སྟེ། ཇི་ལྟར་ཞི་བའི་ངང་ལས་དྲག་པོའི་སྐུར་བཞེངས་པ་རྣམས་ཀྱིས་གདུལ་དཀའ་འདུལ་བའི་ཆོ་འཕྲུལ་

p. 295

རྨད་དུ་བྱུང་བ་དེ་བཞིན་དུ་ཞིང་ཁམས་སྙིགས་མ་ཅན་གྱི་གདུལ་དཀའ་འདུལ་བ་ལ་ལྷག་པའི་སྒོ་ནས་བསྔགས་པའོ། །མདོར་ན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་མཐར་ཕྱིན་ནས་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པའི་ཐུགས་རྗེའི་སྟོབས་ཁྱད་པར་དུ་འཕགས་པས་སངས་རྒྱས་ཀྱི་ཕྲིན་ལས་མཛད་དོ། །ཞེས་པའོ། །བཞི་པ་ནི། བདག་ཀྱང་འཁོར་བ་སོགས་ཤོ་ལོ་ཀ་གཅིག་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཆེན་པོས་འཁོར་བ་རང་བཞིན་མ་གྲུབ་པར་ཤེས་ནས་མི་སྤང་ཞིང༌། སྙིང་རྗེ་ཆེན་པོས་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ལ་བདག་གཅིག་པུར་མི་འཇུག་པར་མཐའ་གཉིས་ལས་རྣམ་པར་གྲོལ་བའི་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་ཅིང་རྟག་པས་འཁོར་བ་མ་སྟོང་གི་བར་འགྲོ་བའི་དོན་བྱེད་པ། ཡེ་ཤེས་ཆེན་པོའི་ནམ་མཁའ་མཐའ་དང་དབུས་མེད་པ་ལ་སྤྱོད་པའི་རྒྱལ་བ་རྣམས་ཀྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མཆོག་གི་དངོས་གྲུབ་དེ་ཉིད་མྱུར་དུ་འགྲུབ་པར་གྱུར་ཅིག །ཅེས་པའོ། །དེ་ནས་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི་གསང་བའི་མཚན་ནས་འབོད་ཅིང་བསྐུལ་བ་སྟེ་གསར་རྙིང་ཀུན་གྱིས་རྒྱང་འབོད་ཅེས་བྱ་བ་དེ་ཡིན་ལ། དེ་

p. 296

ནི་རྗེ་མར་པས་འཁོར་ལོ་སྡོམ་པའི་དབང་བསྐུར་བའི་སྐབས་སུ་ཡི་དམ་དང་མཁའ་འགྲོས་མགྲིན་གཅིག་ཏུ་གསོལ་བའི་མཚན་ཡིན་པས་བྱིན་རླབས་དང་ལྡན་པ་སྟེ། གདུང་ཤུགས་དྲག་པོ་བསྐྱེད་ལ་དབྱངས་རྟ་རིང་ཐུང་གང་ཤེས་དང་བཅས་ཏེ་ལན་གྲངས་སུ་གསོལ་བ་གདབ་བོ། །བདུན་པ་འདོད་དོན་གསོལ་བ་གདབ་པ་ནི། དོན་གོ་སླ་ལ་སེམས་མ་ཡེངས་པར་དོན་དེ་དག་རྩེ་གཅིག་ཡིད་ལ་བྱེད་ཅིང་གསོལ་བ་འདེབས་དགོས་པ་ཡིན་ནོ། །དེ་དག་གི་རྗེས་འབྲེལ་དུ་ཚོགས་ཀྱི་མཆོད་པ་འབུལ་ན། ཤ་ཆང་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་ཚོགས་པར་བྱས་ལ། རང་རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཚོགས་རྫས་དངོས་འཛིན་གྱི་དྲི་མ་སྦྱངས། སྟོང་པའི་ངང་ལས། ཡེ་ཤེས་ཀྱི་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་ཞུ་ཞིང་འདྲེས། གདོད་ནས་རྣམ་པར་དག་པ་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཉི་མ་འཆར་ཀའི་མདངས་ཅན་དྲི་ཞིམ་ཞིང་རོ་བརྒྱ་ནུས་པ་སྟོང་ལྡན་དུ་གྱུར་པའི་རླངས་པ་ལས་འདོད་ཡོན་རྣམ་པ་ལྔའི་མཆོད་སྤྲིན་ནམ་མཁའ་གང་བ་འཕྲོ་བས་བླ་མ་སངས་རྒྱས་དཀྱིལ་འཁོར་ལྷ་ཚོགས་མཉེས་པར་བྱེད་པའི་རང་བཞིན་དུ་མོས་ལ་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ།

p. 297

བྱིན་རླབས་འབེབས་པའི་ཚེ་གནས་ཁང་དག་པ་མཁའ་སྤྱོད་འོག་མིན་གྱི་ཞིང་ཁམས། བདག་གཞན་མཆེད་ལྕམ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མ། ཚོགས་ཀྱི་རྫས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི། ཐམས་ཅད་ཀྱང་བདེ་སྟོང་གཉིས་མེད་ལྷན་སྐྱེས་ཆོས་སྐུའི་རང་བཞིན་དུ་མོས། བླ་མ་རྒྱལ་བ་སྲས་བཅས་ནམ་མཁའ་གང་བ་བྱིན་རླབས་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱོན་པ་ཐམས་ཅད་སྔར་གསལ་བཏབ་པའི་ཚོགས་ཞིང་རྣམས་དང་དབྱེར་མེད་དུ་བཞུགས་པར་མོས་ལ་ཚོགས་ཕུད་ཕུལ་བས་དགྱེས་པར་བཞེས་ཏེ་ཐུགས་དམ་བསྐངས་ཤིང་རང་གི་དམ་ཚིག་ཉམས་ཆགས་སོར་ཆུད་པར་མོས་པ་ནི་ཕྱིའི་ཚོགས་མཆོད་ཡིན་ལ། རང་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་གདན་གསུམ་ཚང་བའི་ལྷར་ཤེས་པས་ཚོགས་བར་པ་བདུད་རྩིའི་རང་བཞིན་ནང་གི་སྦྱིན་སྲེག་ཏུ་རོལ་པས་ལྷ་རྣམས་ཚིམས། ཁྱད་པར་བདུད་རྩིའི་དྭངས་མས་གཏུམ་མོ་སྦར་བའི་འོད་ཀྱིས་སྤྱི་བོའི་བྱང་སེམས་ཞུ། འབར་འཛག་གི་བདེ་བས་ལུས་ཀྱི་ལྷ་ཚོགས་ཚིམས་པར་མོས་པས་ནང་དང་གསང་བའི་ཚོགས་སུ་འགྱུར་རོ། །ཚོགས་འཁོར་གྱི་སྐབས་སུ་རང་གཞན་ཚོགས་རྫས་ཐམས་ཅད་ལ་ཐ་མལ་གྱི་འདུ་ཤེས་སྤང་། ཚོགས་

p. 298

རྫས་ལ་ཧ་ཅང་སྲེད་པ་དང༌། གཙང་དམེའི་རྟོག་པས་དང་དུ་མི་ལེན་པ་དང༌། ཚོགས་རྫས་རྩིས་མེད་དུ་བོར་བ་སོགས་ཚུལ་མིན་སྤྱོད་པ་སྤངས་ལ། ཟོས་ལྷག་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ནས་ལྷག་མ་ལ་དབང་བ་རྣམས་ལ་འབུལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ། དབང་བཞི་ལེན་པ། བསྔོ་སྨོན། ཤིས་བརྗོད་རྣམས་སུ་ཡོད་པ་ལས་དང་པོ་ནི། སླར་ཡང་མོས་གུས་ཀྱི་ཤུགས་བསྐྱེད་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་གསོལ་བ་བཏབ་པས་ཐུགས་རྒྱུད་བསྐུལ་ཏེ་གཙོ་བོ་ལས་འོད་ཟེར་འཕྲོས། ནམ་མཁའ་གང་བའི་ལྷ་ཚོགས་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ་པས་དེ་ཉིད་སྐུའི་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པར་གྱུར་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་པའི་འབྲུ་གསུམ་པོའང་གཟི་བརྗིད་འོད་དུ་འབར་བར་གྱུར། དེ་ནས་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། རང་རྣལ་འབྱོར་མར་གསལ་བའི་དཔྲལ་བར་ཞུགས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་ཏུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། རང་གི་མགྲིན་པར་

p. 299

ཞུགས། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཤུན་གྱི་མདངས་ལྟ་བུ་འཕྲོས། རང་གི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་མོས་གུས་དྲག་པོས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་བྱས་པས་བླ་མ་རྗེ་བཙུན་ཆེན་པོ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབང་བཞི་པ་ཐོབ། ལྷན་སྐྱེས་འཕོ་བའི་དྲི་མ་དག །ལམ་ཕྱག་ཆེན་བསམ་གྱིས་མི་ཁྱབ་པ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། རྗེ་བཙུན་གྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པར་མོས་ལ་སེམས་ཉིད་གཉུག་མའི་རང་ངོ་བཟོ་མེད་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡངས་པའི་ཚེ་སྣང་ཚད་ཐམས་ཅད་བླ་མ་རས་པ་ཆེན་པོའི་སྐུའི་རྣམ་རོལ། གྲགས་པ་ཐམས་ཅད་གསུང་རྡོ་རྗེའི་རང་སྒྲ། རྟོག་ཚོགས་ཐམས་ཅད་ཐུགས་འོད་གསལ་ལྷན་ཅིག་སྐྱེས་པའི་རང་བཞིན། སྤྱོད་ལམ་ཅི་བྱེད་བླ་མའི་ཞབས་ཏོག །

p. 300

འགྲོ་འདུག་བསྐོར་བ། བཟའ་བཏུང་ཚོགས་མཆོད། སྨྲ་བརྗོད་གསོལ་འདེབས་སུ་ཤེས་པ་སོགས་མདོར་ན་དྲན་ཤེས་ཡེངས་མེད་དུ་བསྟེན་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་སྤྱད་དོ། །གཉིས་པ་ནི། འདི་ལྟར་བསྒྲུབས་པའི་དགེ་བས་མཚོན་རང་གཞན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་གཅིག་ཏུ་བསྡུས་ནས། སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་ཡོངས་སུ་བསྔོ་བ་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་མོས་པ་དང༌། དེའི་མཐུ་ལས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པ་རྗེ་བཙུན་རས་པ་ཆེན་པོའི་རྣམ་ཐར་ཕྲིན་ལས་ཇི་ལྟ་བ་དེ་བཞིན་དུ་འགྲུབ་པར་སྨོན་པ་སྟེ། འདི་ནི་དགེ་བའི་ལས་བྱས་པ་བར་མ་དོར་ཆུད་མི་ཟ་ཞིང་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་ལ། བསྔོ་བའང་འཁོར་གསུམ་རྣམ་དག་གི་བསྔོ་བ་དགོས་ཀྱང་ཆོས་ཉིད་ཀྱི་བདེན་པ་མ་མཐོང་བར་དུ་ཇི་བཞིན་མི་འབྱུང་བས། རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་བསྔོ་བ་དེས་རྗེས་མཐུན་གྱི་བསྔོ་བ་རྣམ་དག་ཏུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་མདུན་གྱི་ནམ་མཁར་ཤིས་པའི་

p. 301

ཚིགས་བཅད་དབྱངས་སུ་ལྡིར་ཞིང་མེ་ཏོག་ཆར་དུ་བསྙིལ་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མི་མཐུན་པའི་ཉེས་པ་ཐམས་ཅད་ཞི། མཐུན་རྐྱེན་བཀྲ་ཤིས་དགེ་ལེགས་ཀྱི་སྣང་བ་རབ་ཏུ་རྒྱས། དེའང་རྟག་ཏུ་ཉམས་པ་མེད་པར་བྱིན་གྱིས་བརླབས་པར་བསམས་ལ་ཤིས་བརྗོད་ཀྱི་ཚིགས་བཅད་དབྱངས་སུ་གྱེར་ཅིང་འབྲུ་སིལ་མ་འཐོར་བ་དང་རོལ་མོའི་སྒྲ་ཆེར་བསྒྲག་པ་སོགས་བྱའོ། །དེ་ལྟར་གངས་ཅན་གྱི་ལྗོངས་སུ་རྩོད་པ་མེད་པར་ཡོངས་སུ་གྲགས་པའི་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་འདི་ཉིད་མཚན་ཐོས་པ་ཙམ་གྱིས་སྐྱེ་བ་བདུན་དུ་ངན་སོང་དུ་མི་འགྲོ་ཞིང་སྐྱེ་བ་དྲན་ཏེ་རིམ་གྱིས་བྱང་ཆུབ་ཐོབ་པར་ཞལ་གྱིས་བཞེས་པ་ཡིན་པ་དང༌། སངས་རྒྱས་ལ་ཉེ་རིང་མེད་ཀྱང་དད་མོས་ཅན་ལ་ཐུགས་རྗེའི་འཇུག་པ་མྱུར་བ་ཡིན་པས་འབྲེལ་ཚད་དོན་ལྡན་གྱི་ཟབ་ལམ་འདི་ལ་སྐལ་ལྡན་རྣམས་ཀྱིས་འབྲེལ་བ་འཇོག་པའང་གལ་ཆེ་བར་གདམས་པ་ལགས་སོ། །འདི་ལྟའི་ཡིག་ཆུང་བགྱིས་པས་ཀྱང༌། །གཞན་ལ་ཅུང་ཟད་ཕན་སྲིད་ན། །དེ་ཡིས་བདག་གཞན་འགྲོ་བ་ཀུན། །རྗེ་བཙུན་ཉིད་འགྲུབ་རྒྱུར་གྱུར་ཅིག །འདི་ལྟར་མཁས་གྲུབ་ཀྱི་གཞུང་བཟང་ཆེན་པོ་རྣམས་ལ་འགྲེལ་ཟིན་གྱི་ཞབས་ཏོག་མེད་པར་རང་བྲི་རང་ཀློག་གི་ཡིག་

p. 302

ཆུང་ཁྱབ་ཆུང་གི་བྱ་བ་ཁོ་ནར་ཟད་ཀྱང༌། སྐྱེས་ཆེན་བླ་མ་དམ་པ་ཀུན་དགའ་ཆོས་ཀྱི་དབང་པོས་རིང་ནས་བསྐུལ་མ་གནང་བ་དང༌། ཉེ་ཆར་སྒྲུབ་བརྩོན་འཇམ་དབྱངས་རྒྱལ་མཚན་སོགས་ཀྱིས་དོན་གཉེར་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊིའི་དབེན་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྗེ་བཙུན་མི་ལའི་བླ་སྒྲུབ་ལས་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་། པདྨ་ཕྲིན་ལས།

p. 303

༄༅། །རྗེ་བཙུན་མི་ལའི་བླ་སྒྲུབ་ལས་བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །

p. 304

ཨེ་མ་ཧོཿ གསལ་སྟོང་ཟུང་འཇུག་རྡོ་རྗེ་འཆང་ཆེན་ལ། །གདོད་མའི་གནས་ལུགས་ངང་ནས་གསོལ་བ་འདེབས། །རང་རིག་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །སྣང་སྟོང་དབྱེར་མེད་གྲུབ་ཆེན་ཏཻ་ལོ་པར། །མ་བཅོས་རང་གྲོལ་ངང་ནས་གསོལ་བ་འདེབས། །ཀ་དག་རང་སངས་རྒྱས་པར་བྱིན་གྱིས་རློབས། །རིག་སྟོང་ངོ་བོ་ནཱ་རོ་པཎ་ཆེན་ལ། །སྣ་ཚོགས་རང་གྲོལ་ངང་ནས་གསོལ་བ་འདེབས། །འཁྲུལ་སྣང་རང་སར་གྲོལ་བར་བྱིན་གྱིས་རློབས། །རྩ་རླུང་རང་གྲོལ་མཁས་གྲུབ་མར་པ་

p. 305

ལ། །རོ་སྙོམས་དག་པ་ཆེན་པོས་གསོལ་བ་འདེབས། །དགའ་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། །སྣང་སྲིད་རང་གྲོལ་མི་ལ་རས་པ་ལ། །སྐྱེ་འགག་གཉིས་མེད་ངང་ནས་གསོལ་བ་འདེབས། །འཇའ་ལུས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས། །སྟོང་ཉིད་དོན་རྟོགས་གཞན་ཕན་མཐའ་ཡས་ལ། །མོས་གུས་འགག་མེད་ངང་ནས་གསོལ་བ་འདེབས། །སྟོང་ཉིད་ས་ལམ་རྫོགས་པར་བྱིན་གྱིས་རློབས། །བདེ་སྟོང་ངོ་བོ་ཚོགས་གཉིས་སྒྲོལ་མ་ལ། །ཤེས་རབ་རང་མདངས་ངང་ནས་གསོལ་

p. 306

བ་འདེབས། །གཞན་ཕན་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །དག་སྣང་ཕྱོགས་བྲལ་ཐེག་དགུའི་བླ་མ་ལ། །སྣང་བ་འགག་མེད་ངང་ནས་གསོལ་བ་འདེབས། །མོས་གུས་འགྲིབ་མེད་འཕེལ་བར་བྱིན་གྱིས་རློབས། །ཡི་དམ་མཁའ་འགྲོ་ཆོས་སྲུང་ཐམས་ཅད་ལ། །རང་ཤར་རང་གྲོལ་ངང་ནས་གསོལ་བ་འདེབས། །དམ་ཆོས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཆོས་མཛད་མཆེད་ལྕམ་དཔའ་བོ་དཔའ་མོ་ལ། །བརྩེ་གདུང་རང་གྲོལ་ངང་ནས་གསོལ་བ་འདེབས། །ངེས་དོན་རྟོགས་པ་འཆར་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་འདིར་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ། །རིག་སྟོང་དབྱེར་མེད་སྣང་བཞི་མཐའ་རུ་ཕྱིན། །རྡོ་རྗེ་འཆང་ཆེན་ཁྱེད་དང་དབྱེར་མེད་ཤོག །ཅེས་པའང་ཆོས་དབྱིངས་རྡོ་རྗེ་ནས་བསྐུལ་ངོར། སྤྲང་པོ་པདྨ་ཕྲིན་ལས་ཀྱིས་གང་

p. 307

ཤར་གསོལ་བ་བཏབ་པ་དགེ་ལེགས་འཕེལ། བཀྲ་ཤིས། དགེའོ།། །།

རིགས་འདུས་བླ་མ་མི་ལ་སྒྲུབ་པའི་གཏོར་མའི་ཟིན་བྲིས་སྦྲང་རྩིའི་ཟིལ་མངར། ཛྙཱ་ན་བཛྲ།

p. 308
p. 309

སྭ་སྟིཿ འདིར་རིགས་འདུས་བླ་མ་མི་ལ་སྒྲུབ་པའི་གཏོར་མའི་ཟིན་བྲིས་སྦྲང་རྩིའི་ཟིལ་མངར་བཞུགས་སོ། །དེ་ལ་རང་ལུགས་བླ་མའི་ཞལ་ཁྲིད་འཁྲུལ་མེད་ལ། ཐོག་མར་རྩ་གསུམ་ཀུན་འདུས་བླ་གཏོར་ནི། ཟན་གྲུ་བཞིའི་གདན་རྐྱང་སྟེང་བླ་མའི་གཏོར་མ་ཟླུམ་པོ་པད་འདབ་བཞི་པ། མདུན་གཡས་གཡོན་ལ་གཏོར་ཆུང་པད་འདབ་ཅན་རེ་རེ། རྒྱབ་གཡོན་ཟུར་ན་དམར་གཏོར་ཟུར་གསུམ་ཆུང་བ་གཅིག་ཡོད་པ་ལ། མར་རྒྱན་ཉི་ཟླ་ནོར་བུའོ། །ཆོས་སྐྱོང་སྤྱི་གཏོར་ལ་དཔལ་གཏོར་ཟུར་གསུམ་པ་ཐེབས་ཀྱུ་བརྒྱད་ཀྱིས་མཚན་པ། དེའི་གཡས་སུ་སྨན་མོ་སྤྱི་གཏོར་ལ་དཀར་ཟླུམ་པད་འདབ་བཞི་པ་རིལ་བུ་ལྔ་ཡིས་མཚན་པ། གཡོན་དུ་གཞི་བདག་སྤྱི་གཏོར་ལ་དཀར་ཟླུམ་པད་འདབ་བཞི་པ་རིལ་བུ་བརྒྱད་ཀྱིས་མཚན་པའོ། །བསྟན་མ་དཀར་ཟླུམ་ཐེབས་ཀྱུ་བཅུ་གཅིག་ཅན། ཆད་ཐོ་དམར་གཏོར་ཐེབས་ཀྱུ་བརྒྱད་པའོ། །དཀར་གཏོར་རྩེ་རྡུམ་ཐེབས་ཀྱུ་གང་མང་དང་། མར་རྒྱན་

p. 310

མེ་ཏོག་ནོར་ཕྲེང་ངོ་། །སྔོན་གཏོར་དཀར་ཟླུམ་འདབ་བཞི། དམར་གཏོར་ཆུང་ངུ་དང་བཅས་སོ། །བགེགས་གཏོར་ཤ་གཟུགས་མའོ། །ཞལ་ཟས་དྲིལ་ཁ་མ་ཡིན། དེ་རྣམས་བླ་སྒྲུབ་རྐྱང་པའོ། །སྨན་སྒྲུབ་དང་ཞི་ཁྲོ་སོགས་ལ་བླ་གཏོར་བང་རིམ་བཞི་པ་རྩིབས་བཞི་ཉི་ཟླ་ཅན་ཡིན། བང་རིམ་གོང་མར་ཐེབས་ཀྱུ་དྲུག་ཅུ་རྩ་བཞི་དང་འོག་མར་རིལ་བུ་བཞི་བཅུ་རྩ་གཉིས་ཅན་དགོས། སྨན་རཀ་ཡང་སྤྲོས་པ་རྒྱས་བསྡུས་བསྟུན་པའི་མང་ཉུང་བྱ་བའོ། །དེ་སོགས་གཏོར་མའི་བཅའ་ཐབས་བླ་མའི་ཞལ་ཁྲིད་ལྟར་ཁུངས་བཙུན་པའི་ལག་ལེན་ལ་འབད་པར་འཚལ། དེ་མིན་སོ་སོར་རང་བཟོས་བསྲེ་ལྷད་མང་པོ་བྱས་ཤིང་། ལག་ལེན་རྣམས་དང་ཆ་ཙམ་ཡང་མི་མཐུན་པ་འདྲ་མིན་སྣ་ཚོགས་བྱས་ན་མཐར་བཅའ་བཤམས་ཀྱི་ཁུངས་གང་དུ་འཛིན་བསམས་ནས་ཁོ་བོ་སྤྲང་པོ་ཛྙཱ་ན་བཛྲས་ཁྱབ་བདག་རིན་པོ་ཆེ་ལ་ཡང་ཡང་ཞུས་ལན་དུ་གྲུབ་དབང་ཨོ་རྒྱན་གཞན་ཕན་མཐའ་ཡས་རིན་པོ་ཆེ་ཉིད་ཀྱིས་ཞལ་ཁྲིད་ཚུལ་དུ་ཟིན་བྲིས་འདི་གསུངས་པའོ།། ༈ སྔོན་འགྲོའི་དཀར་གཏོར་ནི། ཨཱཿ རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་འདོད་ཡོན་ལྔ་དང་ལྡན། །སོ་སོར་གང་འདོད་འབྱུང་བ་འདི། །དཀར་པོ་ལྷ་ཡི་ཚོགས་རྣམས་དང་། །སེར་པོ་གཉན་གྱི་ཚོགས་རྣམས་དང་། །དམར་པོ་བཙན་གྱི་ཚོགས་རྣམས་དང་། །ལྗང་ཁུ་ས་བདག་སྔོན་པོ་ཀླུ། །ནག་པོ་

p. 311

བདུད་དང་ཁྲ་བོ་གཟའ། །མཐིང་ནག་མ་མོ་སྨུག་པོ་དམུ། །སྡེ་བརྒྱད་ཕྱོགས་སྐྱོང་མ་ལུས་དང་། །ཡུལ་ལྷ་གཞི་བདག་གཉུག་མར་གནས། །བློ་བུར་ལྷགས་པའི་ཚོགས་རྣམས་ཀུན། །མཆོད་གཏོར་རྒྱན་ལྡན་འདི་བཞེས་ལ། །དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །ཕྱི་ནང་བར་ཆད་ཀུན་སོལ་ལ། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །སརྦ་བྷུ་མི་པཱ་ཏི་ས་པཱ་རི་ཝ་ར་ཨི་དམ་བྷ་ལིངྟ་ཁཱ་ཧི། ཞེས་མཆོད་གཏོར་འབུལ། གཏོར་མགྲོན་གཤེགས་བཛྲ་མུ། ཞེས་པའང་ཛྙཱ་ན་བཛྲས་སོ།། ༈ བགེགས་ལ་བཀའ་བསྒོ་བ་ནི། ཨཱཿ མ་རིག་གློ་བུར་འཁྲུལ་རྟོག་བགེགས་ཀྱི་ཚོགས། །ཡེ་གྲོལ་བཤོས་ཀྱི་གཏོར་མ་འདི་ལོངས་ལ། །ཆོས་ཉིད་བདེན་པ་ཆེན་པོའི་བཀའ་ལ་ཉོན། །མི་གནས་རོལ་པ་ཆོས་ཉིད་ཀློང་དུ་དེངས། །ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། ༀ་གྷྲྀཧྞ་གྷྲྀཧྞ་ཧཱུྃ། ༀ་གྷྲྀཧྞ་པ་ཡ་གྷྲྀཧྞ་པ་ཡ་ཧཱུྃ། ༀ་ཨ་ན་ཡ་ཧོ་བྷ་ཝན་བིདྱཱ་རཱ་ཛ་ཧཱུྃ་ཕཊཿ ཐུན་

p. 312

གྱིས་བྲབས་ཤིང་ཕྱི་རོལ་ཏུ་བསྐྲད་དོ། །སྲུང་འཁོར་བསྒོམ་པ་ནི། ཨཱཿ འཁོར་འདས་ཆོས་རྣམས་ཡེ་ནས་དག །བགེགས་དང་བར་ཆད་གང་ཡང་མེད། །བློ་བུར་རྣམ་རྟོག་འཁྲུལ་པའི་གདོན། །སྐྱེ་མེད་ཀློང་དུ་མཚམས་བཅད་དོ། །བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ། ཞེས་མཚམས་བཅད་དོ། །དགེའོ།། །།

རྗེ་བཙུན་མི་ལའི་བླ་སྒྲུབ་བྱིན་རླབས་མྱུར་འཇུག །ཨོ་རྒྱན་གཞན་ཕན་མཐའ་ཡས།

p. 313

༄༅། །རྗེ་བཙུན་མི་ལའི་བླ་སྒྲུབ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །

p. 314

ན་མོ་གུ་རུ། འདིར་རྗེ་བཙུན་མི་ལའི་བླ་སྒྲུབ་ཉམས་སུ་ལེན་པ་ལ། ཐོག་མར་བླ་མ་ལ་དད་པ་ཆེ་བ་དང་། གཉིས་པ་མཆེད་གྲོགས་ལ་དག་སྣང་བཟང་བ་དང་། གསུམ་པ་མི་རྟག་འཆི་བ་རྒྱུད་ལ་སྐྱེ་བ་དང་། བཞི་པ་སེམས་ཅན་ཐམས་ཅད་ལ་བསམ་སྟེ་སྙིང་རྗེ་རྒྱུད་ལ་སྐྱེ་བ་དང་། དད་བརྩོན་ཤེས་རབ་སྙིང་རྗེའི་བདག་ཉིད་དགོས། དེ་ལ་སྔོན་འགྲོ་དངོས་གཞི་རྗེས། སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི། ཨཱཿ སྐྱེ་མེད་རང་བྱུང་མཚན་མ་བྲལ། །ཁྱབ་གདལ་རང་སྣང་ཀུན་ལ་གསལ། །སྣ་ཚོགས་རང་གྲོལ་ཡེ་ཤེས་ངང་། །རང་ངོ་ཤེས་པས་སྐྱབས་སུ་མཆི། །ལན་གསུམ། གཉིས་པ་སེམས་བསྐྱེད་ནི། ཨཱཿ སྣ་ཚོགས་སྣང་བ་རྫུན་

p. 315

རིས་ཤེས། །རང་སྣང་སྟོང་པའི་སྣང་བ་སྟོང་། །གཉིས་མེད་འཁོར་འདས་ལུ་གུ་རྒྱུད། །བག་ཆགས་རང་སངས་སེམས་བསྐྱེད་དོ། །ལན་གསུམ། གསུམ་པ་ཡན་ལག་བདུན་པ་ནི། ཨཱཿ རང་གསལ་དད་པས་སྤྱན་འདྲེན་ནོ། །རྩོལ་མེད་ཁྱབ་གདལ་བཞུགས་སུ་གསོལ། །རང་རིག་གསལ་སྟོང་རང་ཕྱག་འཚལ། །སྣང་བ་འགག་མེད་ཤར་གྲོལ་མཆོད། །རྣམ་རྟོག་ཆོས་སྐུའི་ཀློང་དུ་བཤགས། །གསལ་སྒྲིབ་མེད་པའི་ཆོས་འཁོར་བསྐོར། །ཟབ་མོའི་དོན་ལ་རྗེས་ཡི་རང་། །དམིགས་བྱ་དམིགས་བྱེད་

p. 316

རང་སྣང་སྟོང་། །བཞི་པ་མཆོད་པ་བྱིན་རླབས་ནི། ཨཱཿ འབྱུང་བ་ལྔ་ཡི་རྩི་བཅུད་འདི། །འདོད་ཡོན་ལྔ་ཡི་རྫས་སུ་གྱུར། །ཟག་མེད་ཡེ་ཤེས་ཏིང་འཛིན་ནི། །སྣ་ཚོགས་རང་གྲོལ་བྱིན་གྱིས་རློབས། །ལྔ་པ་བྱིན་འབེབས་པ་ནི། ཨཱཿ ཤེས་བྱའི་དོན་ལ་མ་རྨོངས་པའི། །བླ་མ་རྣམས་ཀྱིས་བྱིན་ཕོབ་ཅིག །སྨྲ་བསམ་བརྗོད་མེད་ངོ་བོ་ལ། །སྤྲོས་དང་བྲལ་བའི་བྱིན་ཕོབ་ཅིག །གཉིས་པ་དངོས་གཞི་ལ་རྣམ་གྲངས་བརྒྱད་ལས། དང་པོ་ལྷ་བསྐྱེད་པ་ནི། ཨཱཿ རང་སྣང་མངོན་དགའི་ཞིང་ཁམས་ལ། །གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །གསལ་སྟོང་མེ་ལོང་གཟུགས་བརྙན་གསལ། །མེ་ཏོག་རུས་རྒྱན་དར་དཔྱང་གསོལ། །བྷ་ག་རྒྱས་ཤིང་ནུ་མ་འབུར། །ལང་ཚོ་རྒྱས་ཤིང་ཡིད་འཕྲོག་མ། །དཀར་དམར་མདངས་ལྡན་མཛེས་འཛུམ་ཞལ། །བདེ་སྟོང་ཌཱ་ཀི་ཡུམ་མཆོག་མ། །ཐབས་ཤེས་དབྱེར་མེད་སྤྱི་གཙུག་ཏུ། །ཁམས་ལྔ་དག་པ་སེང་གེའི་ཁྲི། །རྩ་ལྔ་དག་

p. 317

པ་པདྨའི་གདན། །རླུང་ལྔ་དག་པ་ཉི་ཟླའི་སྟེང་། །སེམས་ཉིད་སྟོང་པ་བླ་མའི་སྐུ། །གསལ་སྟོང་ཟུང་འཇུག་རྡོ་རྗེ་འཆང་། །མངོན་ཤེས་དྲུག་ལྡན་ཏཻ་ལོ་པ། །སྒྱུ་འཕྲུལ་དྲ་བ་ནཱ་རོ་པ། །པཎ་གྲུབ་ཆེན་པོ་ལོ་ཙཱ་བ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །གཉིས་མེད་ཡེ་ཤེས་མི་ལ་རྗེ། །སྐུ་མདོག་སྔོན་པོ་ལང་ཚོ་རྒྱས། །ཕྱག་གཡས་སྙན་ལྕོག་གཡས་པར་བརྟེན། །ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང་། །ཞབས་གཉིས་རྡོ་རྗེ་ཕྱེད་སྐྱིལ་བཞུགས། །སྐུ་ལ་རས་གཟན་དཀར་པོ་གསོལ། །སྒོམ་ཐག་ཨང་རག་པུས་འཁྱུད་མཛེས། །དབུ་སྐྲ་ཕྱིང་བུ་སྐུ་རྒྱབ་འཁྱིལ། །གྲུབ་ཐོབ་རྒྱ་མཚོའི་དབུས་ན་བཞུགས། །མཁའ་འགྲོ་དམ་ཅན་སྤྲིན་ཕུང་ལྟར། །འཇའ་འོད་ཐིག་ལེའི་ཀློང་དུ་གསལ། །སྣང་ལ་རང་བཞིན་མ་གྲུབ་པ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །དབྱེར་མེད་ངོ་བོ་གཅིག་ཏུ་

p. 318

གྱུར། །གཉིས་པ་སྤྱན་འདྲེན་པ་ནི། ཨཱཿ མངོན་དགའ་ལ་སོགས་ཞིང་ཁམས་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །འོག་མིན་མཁའ་སྤྱོད་ཞིང་ཁམས་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །རི་བོ་ཏ་ལའི་ཕོ་བྲང་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །རིགས་ལྔ་རྒྱལ་བའི་ཞིང་མཆོག་ནས། །ཡེ་ཤེས་རིགས་ལྔ་ཡབ་ཡུམ་གཤེགས། །མི་མངོན་དབྱིངས་ཀྱི་ཆོས་ཉིད་ལ། །གཉིས་སུ་མེད་པར་ཛཿཧཱུྃ་བཾ་ཧོཿ གསུམ་པ་བཞུགས་སུ་གསོལ་བ་ནི། ཨཱཿ གཞི་མ་བཅོས་ཁྱབ་གདལ་ཆེན་པོ་བཞུགས། །ལམ་མ་བཅོས་ཕྱག་རྒྱ་ཆེན་པོ་བཞུགས། །དོན་མ་བཅོས་དབུ་མ་ཆེན་པོ་བཞུགས། །ཨཱཿ འབྲས་བུ་མ་བཅོས་ཟང་ཐལ་བཞུགས། །སེམས་སྣ་ཚོགས་རང་གྲོལ་ངང་ལ་བཞུགས། །བཞི་པ་ཕྱག་འཚལ་བ་ནི། ཨཱཿ ལྷ་ཡང་རང་ལ་རང་ཡང་ལྷ། །གཉིས་སུ་མེད་པའི་ཕྱག་འཚལ་ལོ། །

p. 319

ཕྱག་ནི་གང་དང་གང་གིས་ཕྱག །སྨྲ་བསམ་བརྗོད་མེད་ཕྱག་འཚལ་ལོ། །ལྔ་པ་མཆོད་པ་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱིའི་མཆོད་པ་ནི། ཨཱཿ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོའི་མཆོད་པའི་སྤྲིན། །བླ་མ་མི་ལའི་ཚོགས་ལ་འབུལ། །ༀ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྟ་པྲ་ཏཱིཙྪ་ཧོཿ གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་སྨན་མཆོད་ནི། ཨཱཿ རང་བྱུང་རྣམ་དག་བདུད་རྩི་ཆེ། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །གདོད་ནས་མ་བཅོས་ཨ་མྲྀ་ཏ། །བླ་མ་མི་ལའི་ཚོགས་ལ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྤྲོ་ན་སྨན་མཆོད་འབུལ་བ་ནི། ཨེ་མ་ཧོཿ ངོ་མཚར་རྨད་བྱུང་བདུད་རྩིའི་སྨན་མཆོད་འདི། ཆོས་སྐུ་རྡོ་རྗེ་འཆང་ཆེན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གྲུབ་ཆེན་ཏཻ་ལོ་པ་ཡི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཁས་གྲུབ་ནཱ་རོ་པཎ་ཆེན་ཞལ་དུ་

p. 320

སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྐྱེས་མཆོག་སྒྲ་སྒྱུར་མར་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དབང་ཕྱུག་བཞད་པ་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གྲུབ་དབང་གཞན་ཕན་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། རྩ་བརྒྱུད་དཔལ་ལྡན་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཡི་དམ་རྡོ་རྗེ་ཕག་མོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བཀའ་སྲུང་ཆོས་སྐྱོང་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གནོད་སྦྱིན་ནོར་ལྷ་གཏེར་བདག་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དཀར་ཕྱོགས་ལ་དགའ་བའི་ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གཞན་ཡང་མཆོད་འོས་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། གཉིས་པ་རཀྟ་ནི། ཨཱཿ སྲིད་གསུམ་དག་པའི་རཀྟའི་མཚོ། །འཁོར་བ་དབྱིངས་བསྒྲལ་དམར་ཆེན་པོ། །

p. 321

ཆགས་མེད་ཆགས་པ་ཆེན་པོ་འདི། །བླ་མ་མི་ལའི་ཚོགས་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། གཏོར་མ་ནི། ཨཱཿ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་ལ། །ནང་བཅུད་ཕུང་པོའི་གཏོར་མ་འབུལ། །སེམས་ཉིད་སྟོང་པའི་གཏོར་གཞོང་ལ། །འབྱུང་བ་ལྔ་ཡི་མཆོད་པ་འབུལ། །མ་ཧཱ་བ་ལིངྟ་ཁཱ་ཧི། གསུམ་པ་གསང་མཆོད་ནི། ཨཱཿ ཐབས་ཤེས་དབྱེར་མེད་དགའ་བ་བཞི། །ལྷན་སྐྱེས་ཡེ་ཤེས་ཨེ་མ་ཧོཿ མཆོད་བྱ་མཆོད་བྱེད་ཡེ་ནས་དག །རང་བྱུང་ལྷུན་གྲུབ་ཨེ་མ་ཧོཿ དྷརྨ་དྷཱ་ཏུ་ཨཏྨ་ཀོ྅་ཧཾཿ དྲུག་པ་བསྟོད་པ་ནི། ཨཱཿ མི་ཤིགས་རྡོ་རྗེའི་ཆོས་སྐུ་ལ། །སྨྲ་བསམ་བརྗོད་མེད་དེ་ལ་བསྟོད། །འཕོ་འགྱུར་མེད་པ་སྤྲོས་དང་བྲལ། །སྐྱོན་ཡོན་མ་གོས་དེ་ལ་བསྟོད། །བདུན་པ་གསོལ་བ་འདེབས་པ་ནི། ཨེ་མ་ཧོཿ ཆོས་དབྱིངས་དག་པ་རབ་འབྱམས་འཇའ་ཟེར་དབུས། །ལྷུན་གྲུབ་རིག་པའི་རང་གདངས་སངས་རྒྱས་དངོས། །

p. 322

སྐྱེ་བ་གཅིག་ལ་འོད་གསལ་རྡོ་རྗེའི་སྐུ། །རྗེ་བཙུན་མི་ལ་དེ་ལ་གསོལ་བ་འདེབས། །སྒྲ་ཚིག་ལས་འདས་སྐྱེ་མེད་རྡོ་རྗེའི་དབྱངས། །བརྒྱད་ཁྲི་བཞི་སྟོང་ཟབ་དང་རྒྱ་ཆེ་བའི། །ལུང་རྟོགས་དམ་ཆོས་མ་ལུས་འདུས་པའི་གསུངས། །རྗེ་བཙུན་མི་ལ་དེ་ལ་གསོལ་བ་འདེབས། །རང་བྱུང་ཡེ་ཤེས་རིག་པའི་སྙིང་རྗེ་ཅན། །གདོད་མའི་ཀློང་གྲོལ་མཁའ་ཁྱབ་ཕྲིན་ལས་ཀྱིས། །འཁོར་བ་དོང་ནས་སྤྲུགས་པའི་དེད་དཔོན་མཆོག །རྗེ་བཙུན་མི་ལ་དེ་ལ་གསོལ་བ་འདེབས། །ཞི་དང་ཁྲོ་བོའི་རྣམ་འགྱུར་མཐའ་ཡས་པ། །མ་འགགས་སྒྱུ་འཕྲུལ་དྲ་བ་ཆེན་པོའི་གར། །སྒྲུབ་པའི་སྡེ་སོགས་ཡི་དམ་ལྷ་ཚོགས་དངོས། །རྗེ་བཙུན་མི་ལ་དེ་ལ་གསོལ་བ་འདེབས། །བདེ་སྟོང་ཟག་མེད་ལྷན་སྐྱེས་བརྗོད་བྲལ་བ། །ཡིད་དཔྱོད་ལས་འདས་འོད་གསལ་མི་འགྱུར་བའི། །འཆད་སྤེལ་མཛད་གནས་ཡུལ་ཞིང་གསང་

p. 323

སྔགས་ཀྱི། །མཁའ་འགྲོའི་ཚོགས་དཔོན་རྗེ་ལ་གསོལ་བ་འདེབས། །མདོར་ན་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་བྱིན་རླབས་གཅིག་བསྡུས་པའི། །རྗེ་བཙུན་དབང་ཕྱུག་རས་པ་ཆེན་པོ་ལ། །གདུང་ཤུགས་དྲག་པོས་གསོལ་བ་སྙིང་ནས་འདེབས། །ད་ལྟ་དུས་ངན་སྙིགས་མ་ལྔ་བདོ་བའི། །ནད་མཚོན་མུ་གེ་མཐའ་ཡི་དམག་དཔུང་སོགས། །མི་བཟོད་སྡུག་བསྔལ་དྲག་པོ་དུ་མ་ཡིས། །བདག་སོགས་ཕ་མ་སེམས་ཅན་མནར་བའི་ཚེ། །སྔོན་གྱི་ཐུགས་རྗེའི་བྱམས་སྐྱོང་མ་གཡེལ་བར། །ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་མི་ལ་རྗེ། །བྱིན་གྱིས་རློབས་ཤིག་སྐྱབས་མཆོག་རྗེ་བཙུན་མཁྱེན། །བར་ཆད་སོལ་ཅིག་རྗེ་བཙུན་མི་ལ་མཁྱེན། །དངོས་གྲུབ་སྩོལ་ཅིག་རྗེ་བཙུན་ཡིད་བཞིན་ནོར། །སྨིན་གྲོལ་དབང་བཞིའི་བྱིན་རླབས་བསྩལ་དུ་གསོལ། །ལམ་བཞིའི་ཡེ་

p. 324

ཤེས་སྐྱེས་བརྟན་གོང་དུ་སྤོར། །རྗེ་བཙུན་རྣམ་བཞིའི་ས་མཆོག་མངོན་གྱུར་ཏེ། །རྣམ་དག་འོག་མིན་མངོན་དགའི་ཞིང་མཆོག་ནི། །ངོ་མཚར་སྤྲུལ་པའི་ཞིང་མཆོག་ཁྱད་པར་ལ། །རྗེ་བཙུན་མཁའ་འགྲོའི་ཚོགས་ཁང་ཉམས་དགའ་བར། །རྡོ་རྗེ་འཆང་ཆེན་རྗེ་བཙུན་འབྲལ་མེད་ཤོག །རྗེ་བཙུན་མི་ལ་རས་པ་མཁྱེན། །ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ། །སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ། །ལུས་དང་ལོངས་སྤྱོད་བློ་སྙིང་བྲང་། །ལྟོས་པ་མེད་པར་ཁྱེད་ལ་འབུལ། །འདི་ནས་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན། །རྗེ་བཙུན་མི་ལ་རས་པ་མཁྱེན། །བདག་ལ་རེ་ས་ཁྱེད་ལས་མེད། །དུས་ངན་སྙིགས་མའི་སེམས་ཅན་རྣམས། །འཁོར་བའི་སྡུག་བསྔལ་འདམ་ནས་དྲོངས། །རྗེ་བཙུན་མི་ལ་རས་པ་མཁྱེན། །

p. 325

དབང་བཞི་སྐུར་ཅིག་རྗེ་བཙུན་མཁྱེན། །རྟོགས་པ་སྤོར་ཅིག་རྗེ་བཙུན་མཁྱེན། །སྒྲིབ་གཉིས་སྦྱོངས་ཤིག་རྗེ་བཙུན་མཁྱེན། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །རང་སྣང་མངོན་དགའི་ཞིང་ཁམས་སུ། །ཟུང་འཇུག་སྤྲུལ་པའི་འཇའ་ལུས་སུ། །རྗེ་བཙུན་ཁྱེད་དང་འབྲལ་མེད་ཤོག །སླར་ཡང་སེམས་ཅན་ཀུན་གྱི་དོན། །སྤྲུལ་པ་གྲངས་མེད་འབྱོན་པར་ཤོག །གཞན་དོན་དཔག་མེད་འགྲུབ་པར་ཤོག །རྗེ་བཙུན་བླ་མས་བྱིན་གྱིས་རློབས། །འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས། །བརྗེད་མེད་སྙིང་ནས་ཕ་ལ་འབོད། །ཕ་ཡིས་བུ་ལ་ཐུགས་རྗེས་གཟིགས། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །བརྒྱད་པ་བསྙེན་དམིགས་ནི། ཨཱཿ ཕྱི་ལྟར་གཟུང་བའི་ཡུལ་སྣང་དག །ནང་ལྟར་འཛིན་པའི་སེམས་ཉིད་གྲོལ། །བར་དུ་འོད་གསལ་རང་ངོ་ཤེས། །གསལ་སྟོང་ཟུང་འཇུག་ངང་དུ་བཟླ། །ༀ་ཨཱཿཧཱུྃ་

p. 326

གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། རྗེས་ལ་ཚོགས་ཀྱི་རིམ་པ་བྱ་བ་ལ། ཚོགས་རྫས་ཌཱཀྐིའི་ཤ་ཆང་དང་ཟྭ་རུག་སྒོག་པ་ཟས་སྣའི་རིགས་གང་འཛོམས་བཤམས་ཤིང་། དང་པོ་ཚོགས་ལ་བྱིན་རླབས་དང་སྤྱན་འདྲེན་པ་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཨཱཿ རང་སྣང་རྣམ་དག་ཞིང་ཁམས་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །ཡི་དམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གཉིས་མེད་ཆོས་སྐུའི་ཀློང་ཡངས་ནས། །ཏཻ་ལོ་ཤེས་རབ་བཟང་པོ་ལ། །མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །མི་མངོན་དབྱིངས་ཀྱི་ཕོ་བྲང་ནས། །གཉིས་མེད་ནཱ་རོ་པཎ་ཆེན་ལ། །དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་ཆོས་ཀྱི་ཕོ་བྲང་ནས། །ལྷོ་བྲག་མར་པ་ལོ་ཙཱ་ལ། །གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་

p. 327

གཤེགས་སུ་གསོལ། །ཨ་ཝ་དྷུ་ཏིའི་ཕོ་བྲང་ནས། །རྗེ་བཙུན་མི་ལ་རས་པ་ལ། །བཀའ་བརྒྱུད་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ། །བཀའ་སྲུང་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གཉིས་པ་ཚོགས་མཆོད་འབུལ་བ་ནི། ཨཱཿ གཉིས་མེད་དག་པའི་ཀློང་ཡངས་ནས། །སྣང་བ་སྣ་ཚོགས་མཆོད་སྤྲིན་དང་། །ཀུན་ཏུ་བཟང་པོའི་མཆོད་ཡོན་ལྟར། །ཟག་མེད་རང་བྱུང་ཏིང་འཛིན་རྫས། །འཕགས་པའི་ནོར་བདུན་ཚོགས་མཆོད་འདི། །སྣ་ཚོགས་རང་གྲོལ་འགག་མེད་འབུལ། །ཤ་ཆང་ཞལ་ཟས་སྨན་རཀ་འབུལ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་དང་། །ཡི་དམ་རྒྱ་མཚོའི་ཐུགས་དམ་བསྐང་། །ཏཻ་ལོ་ཤེས་རབ་བཟང་པོ་དང་། །མཁའ་འགྲོ་རྒྱ་མཚོའི་

p. 328

ཐུགས་དམ་བསྐང་། །གཉིས་མེད་ནཱ་རོ་པཎ་ཆེན་དང་། །དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་། །ལྷོ་བྲག་མར་པ་ལོ་ཙཱ་དང་། །གྲུབ་ཐོབ་རྒྱ་མཚོའི་ཐུགས་དམ་བསྐང་། །རྗེ་བཙུན་མི་ལ་རས་པ་དང་། །བཀའ་བརྒྱུད་རྒྱ་མཚོའི་ཐུགས་དམ་བསྐང་། །རྒྱལ་ཡུམ་རྡོ་རྗེ་ཕག་མོ་དང་། །བཀའ་སྲུང་རྒྱ་མཚོའི་ཐུགས་དམ་བསྐང་། །བསྐང་གྱུར་མཆོག་ཐུན་དངོས་གྲུབ་སྩོལ། །གསུམ་པ་བར་པ་ནི། ཨཱཿ ཡུལ་ལྷ་གཞི་བདག་དཀར་པོའི་ཕྱོགས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་། །རིགས་དྲུག་ཕ་མ་སྙིང་རྗེའི་མགྲོན། །བགེགས་རིགས་ལན་ཆགས་བུ་ལོན་མགྲོན། །འདོད་ཡོན་ཚོགས་ཀྱིས་ཚིམས་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །བཞི་པ་བསྒྲལ་བ་ནི། ཨཱཿ ཞིང་བཅུ་ཚང་བའི་དགྲ་བོ་དང་། །གསང་སྔགས་

p. 329

སྒྲུབ་པའི་བར་ཆད་རིགས། །མ་རིག་ལས་ཉོན་གཟུང་འཛིན་དེ། །ལུས་ངག་ཐལ་བའི་རྡུལ་དུ་རློག །སེམས་ཉིད་གདོད་མའི་དབྱིངས་སུ་དྲོངས། །ཤ་ཁྲག་མཁའ་འགྲོའི་ཞལ་དུ་བསྟབ། །ཚེ་རབས་ཤ་འཁོན་དག་གྱུར་ཅིག །མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །ལྔ་པ་ཚོགས་ལྷག་ནི། ཨཱཿ ཞེ་སྡང་གདོན་བགེགས་ལྷག་མ་འདི། །མེ་ལོང་ཡེ་ཤེས་ཞལ་དུ་བཞེས། །ང་རྒྱལ་རང་ཕུང་ལྷག་མ་འདི། །མཉམ་ཉིད་ཡེ་ཤེས་ཞལ་དུ་བཞེས། །འདོད་ཆགས་དམ་སྲིའི་ལྷག་མ་འདི། །སོར་རྟོག་ཡེ་ཤེས་ཞལ་དུ་བཞེས། །ཕྲག་དོག་གཉིས་འཛིན་ལྷག་མ་འདི། །བྱ་གྲུབ་ཡེ་ཤེས་ཞལ་དུ་བཞེས། །མ་རིག་གཏི་མུག་ལྷག་མ་འདི། །ཆོས་དབྱིངས་ཡེ་ཤེས་ཞལ་དུ་བཞེས། །ལུས་ངག་ཡིད་ཀྱི་ལྷག་མ་འདི། །འཇའ་ལུས་ཟང་ཐལ་ཞལ་དུ་བཞེས། །བདག་འཛིན་བག་ཆགས་ལྷག་མ་འདི། །སྟོང་ཉིད་

p. 330

མཐའ་ཡས་ཞལ་དུ་བཞེས། །ལྷག་ལ་དབང་བའི་དྲེགས་པའི་ཚོགས། །ཧབ་ཤ་རྒྱུག་ཅིང་ལྷག་གཏོར་ཁྱེར། །བར་ཆད་དམ་སྲིའི་ལྷག་མ་བཞེས། །དྲུག་པ་ཆད་ཐོ་འབུལ་བ་ནི། ཨཱཿ ཁྲོ་བཅུ་ཁྲོ་མོའི་ལྷ་ཚོགས་ལ། །དམ་སྲི་གདོན་བགེགས་ཤ་ཁྲག་འབུལ། །སངས་རྒྱས་སྤྱི་ཡི་བསྟན་པ་སྲུངས། །དམ་ཆོས་སྒྲུབ་པའི་བར་ཆད་སོལ། །བདུན་པ་བསྟན་མ་སྐྱོང་བ་ནི། ཨཱཿ ཚེ་རིང་མཆེད་ལྔས་གཙོ་བྱས་པའི། །མ་སྲིང་བསྟན་མ་བཅུ་གཉིས་རྣམས། །སྣང་བ་རྫུན་རིས་གཏོར་མ་འབུལ། །བློ་ལས་འདས་པའི་བཤལ་ཆུ་བཞེས། །བརྒྱད་པ་མནན་པ་ནི། ཨཱཿ མ་རིག་གཏི་མུག་གཏོར་སྣོད་སྦུབ། །དམ་སྲི་འབྱུང་པོ་མུན་པ་རུབ། །གནོད་བྱེད་བྱད་ཁ་སྣང་བ་རུབ། །བསྐལ་པའི་མཐའ་ལ་མ་ཐུག་བར། །ནམ་ཡང་ཐར་བའི་དུས་ནི་མེད། །དགུ་པ་དངོས་གྲུབ་ཞུ་བ་ནི། ཨཱཿ བླ་མའི་དཔྲལ་བའི་ༀ་ཡིག་ལས། །ཐིག་ལེ་ངོ་བོ་དཀར་པོ་ལ། །

p. 331

ཆུ་ཤེལ་ལྟ་བུའི་འོད་ཟེར་འཕྲོས། །འོད་ཟེར་རང་གི་དཔྲལ་བར་ཐིམ། །བུམ་སྐུའི་དབང་ཐོབ་ལུས་སྒྲིབ་དག །སྣང་སྟོང་བསྐྱེད་རིམ་སྒོམ་པར་གྱུར། །རྩ་རླུང་ཐིག་ལེ་ལས་སུ་རུང་། །བདེ་སྟོང་རང་གྲོལ་སྤྲུལ་སྐུའི་དབང་། །ཕུང་པོ་ལྷག་མེད་འཇའ་ལུས་སོང་། །བླ་མའི་མགྲིན་པའི་ཨཱཿཡིག་ནས། །ཐིག་ལེ་ངོ་བོ་དམར་པོ་ལ། །འོད་ཟེར་འཕྲོ་བ་མེ་སྟག་ཙམ། །རང་གི་མགྲིན་པའི་ཨཱཿལ་ཐིམ། །ངག་གི་དིག་ལྐུགས་སྒྲིབ་པ་དག །མགྲིན་པའི་རྩ་མདུད་རང་གྲོལ་གྱུར། །ལོངས་སྐུའི་དབང་ཐོབ་བཟླས་བརྗོད་དབང་། །རྩ་རླུང་ཐིག་ལེ་རང་དབང་ཐོབ། །སྔགས་ནི་གྲགས་སྟོང་སྐྱེ་འགག་མེད། །བླ་མའི་ཐུགས་ཀར་ཧཱུྃ་ཡིག་སྔོ། །འོད་ཟེར་འཕྲོ་བ་ལུ་གུ་རྒྱུད། །རྒྱུ་རྐྱེན་གང་ཡང་མ་གྲུབ་པར། །སྨྲ་བསམ་བརྗོད་མེད་རང་བཞིན་སྟོང་། །ཧཱུྃ་ཡིག་འོད་ཟེར་འཕྲོ་བ་གཅིག །རང་གི་སྙིང་གའི་ཧཱུྃ་

p. 332

ལ་ཐིམ། །ཤེས་རབ་ཆོས་སྐུའི་རང་དབང་ཐོབ། །འབྲས་བུ་བདེ་སྟོང་ཙཎྜ་ལི། །ཀ་དག་ཁྲེགས་ཆོད་རྫོགས་པ་ཆེ། །རང་སེམས་སངས་རྒྱས་རང་ངོ་ཤེས། །རྣམ་རྟོག་ཆོས་སྐུ་རང་ཐག་ཆོད། །མ་བཅོས་གཉུག་མའི་འོད་གསལ་ངང་། །གནས་ལུགས་ཡེ་ནས་སངས་རྒྱས་ལ། །སྣང་བ་སེམས་རྫོགས་རྫོགས་ཆེན་དོན། །མ་བཅོས་ཁྱབ་གདལ་ཕྱག་ཆེན་ངང་། །རང་བྱུང་ལྷུན་གྲུབ་དབུ་མའི་གཞུང་། །སྟོང་ཉིད་དོན་རྟོགས་ས་ལམ་རྫོགས། །སྒོམ་མེད་ངང་ལ་ཡེངས་མེད་གསལ། །སྐུ་བཞི་ལྷུན་གྲུབ་ཀློང་དུ་ཨཱཿ བཅུ་པ་བསྡུ་རིམ་ནི། ཨཱཿ ཚོགས་ཞིང་འོད་ཞུ་འོད་དུ་ཡལ། །བལྟ་མེད་ཡེངས་མེད་འཛིན་མེད་ལ། །ཆོས་ཉིད་འོད་གསལ་མ་བུ་འདྲེས། །ཀ་དག་ཁྲེགས་ཆོད་གདོད་མའི་ངང་། །བཅུ་གཅིག་པ་བཤགས་པ་ནི། ཨཱཿ ལེ་ལོས་ཆོ་ག་ལྷག་ཆད་སོང་། །བྱིང་རྨུགས་ཏིང་འཛིན་མ་གསལ་བས། །ཡེངས་འཁྲུལ་ལྟ་

p. 333

གདེང་མ་ཐོབ་པ། །བླ་མ་རྣམས་ལ་མཐོལ་ལོ་བཤགས། །བཅུ་གཉིས་པ་བསྔོ་བ་ནི། ཨཱཿ དགྲ་འདྲེ་འབྱུང་པོ་རིགས་དྲུག་རྣམས། །ཕ་མའི་གཙོ་བྱས་སྙིང་རྗེའི་ཡུལ། །བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །གདོད་མའི་ས་ལ་འགོད་པར་ཤོག །ལན་གསུམ། བཅུ་གསུམ་པ་བཀྲ་ཤིས་བརྗོད་པ་ནི། ཨཱཿ བོད་ཡུལ་དབུས་སུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །རས་གཤོག་ཅན་གྱི་བཀྲ་ཤིས་ཤོག །གདོད་མའི་ལྷུན་གྲུབ་བཀྲ་ཤིས་ཤོག །ཕུང་པོ་ལྷག་མེད་བཀྲ་ཤིས་ཤོག །འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག །སྐྱེ་མེད་ཨཱཿ འགགས་མེད་ཨཱཿ གསལ་སྟོང་ཨཱཿ བདེ་སྟོང་ཨཱཿ སྣང་སྟོང་ཨཱཿ ལྕགས་བྱ་ཟླ་བ་གཉིས་པའི་ཚེས་གཅིག་ལ་ཌཱ་ཀི་སྐལ་བཟང་སྒྲོལ་མས་རྣལ་འབྱོར་དབང་ཕྱུག་སྦྲ་ནག་མཁའ་སྤྱོད་དང་། ཨོ་རྒྱན་གཞན་ཕན་མཐའ་ཡས་ལྷན་ཅིག་གདན་དྲངས། དེའི་སྐབས་ཁ་བ་བབས་པས་རི་ལུང་དཀར་པོར་

p. 334

སོང་བ་དེ་དམ་ཚིག་གཙང་བའི་རྟེན་འབྲེལ་དུ་གོ །མཁའ་སྤྱོད་ཚང་ནས་ཀྱང་རིམ་གཉིས་འཁོར་ལོ་ལྷ་རེག་དྲི་བྲལ་ཕུལ་ནས་དབང་བཞི་ལེན་ལུགས་ཀྱི་ཉམས་མགུར་གསུང་ཞུས་པ་དང་། ཌཱ་ཀི་ཉིད་ཀྱིས་རྗེ་བཙུན་མི་ལའི་སྐུ་ཕུལ་བས། དེས་རྐྱེན་བྱས་བླ་སྒྲུབ་དགོས་པའི་རྒྱུ་མཚན་དུ་གོ །དེ་ནས་བདག་ཉིད་གནས་ཁང་ལ་སླེབས་ནས་ཡི་གེ་འདི་ཉིད་དབུ་རྩོམ་པའི་དེ་ནུབ་རྨི་ལམ་དུ་མི་མང་པོས་དཔེ་འབྲི་ཞིང་འདུག་པ་རྨིས། ཡང་དེའི་ཕྱི་ནུབ་ཏུ་བདག་གིས་དབྱར་ཁའི་སྤང་ལྗོངས་ལ་ལུག་བརྒྱ་ཕྲག་མང་པོ་འཚོས་ལུ་གུ་མང་པོ་སྐྱེས་པ་དང་ལུག་དང་ལུ་གུ་སོགས་ལྡན་པ་སྦྱར་ཞིང་ཡོད་སྐབས་བུ་མོ་གཉིས་ཀྱིས་སྐད་འབོད་བྱས་ཤིང་སླེབས་བྱུང་བ་དང་། བདག་ལ་མེ་ཏོག་མང་པོ་ཕུལ། ཁྱད་པར་དུ་མེ་ཏོག་པདྨ་འདབ་མ་སྟོང་དང་ལྡན་པ་འདི་ནི་འཇིག་རྟེན་ཁམས་ན་ཤིན་ཏུ་དཀོན་པའི་ལྷའི་མེ་ཏོག་ཨུ་དུམ་ཝ་ར་ཡིན་ཟེར། བུ་མོ་གཉིས་དང་མཉམ་དུ་ལུག་རྣམས་རི་མགོ་ཞིག་ལ་འཚོས་ཡོད་སྐབས་རྨི་ལམ་རང་ངོ་འཕྲོད། བུ་མོ་གཉིས་པོ་མཁའ་འགྲོ་ཡིན་པར་གོ །ལུག་ནི་སློབ་བུ་རྣམས་སུ་གོ །ཡང་དེའི་ཕྱི་ནུབ་ཏུ་ནམ་མཁའ་དང་ས་གཞི་ཐམས་ཅད་སངས་རྒྱས་ཀྱིས་གང་ཞིང་བདག་ཀྱང་དེ་རྣམས་དང་ལྷན་ཅིག་འགྲོ་འདུག་བྱས་པ་དང་། བདག་ཉིད་ལ་ནུ་འབུར་ཆེན་པོ་བྱུང་ནས། དེ་མི་མང་པོས་ནུས་པ་ལ། ཅུང་ཟད་མྱངས་པ་ལ་ནི་མ་ཚིམ་བཅུད་ལུས། ལ་ལས་རྩོལ་རྒྱུན་འབད་པས་འོ་མས་ཚིམས་ནས་མི་མང་པོ་ངོམས་ཤིང་སླར་ལྷག་པ་རྨིས། ལུག་དེ་

p. 335

རྣམས་སློབ་མ། བུ་མོ་གཉིས་མཁའ་འགྲོ། འོ་མ་ནི་བྱང་ཆུབ་ཀྱི་རྒྱུན། ལན་གཅིག་ནུས་ནས་བཅུད་མ་འབྱིན་ལུས་པ་ནི། གདམས་པ་ཞུས་ལོ་ཙམ་ལས་མཐར་མ་བསྐྱངས་པ་རྣམས་སོ། །ངོམས་པ་རྣམས་ནི། མན་ངག་གི་མཐའ་རྟོགས་ནས་གཞན་དོན་འགྱུར་ངེས་བསམས་ནས་ཨོ་རྒྱན་གཞན་ཕན་མཐའ་ཡས་ཀྱིས་སྨྲས་པའོ། །སརྦ་མངྒ་ལཾ། །དགེའོ།། །།

རྗེ་བཙུན་བཞད་པ་རྡོ་རྗེའི་བླ་མའི་རྣལ་འབྱོར། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

p. 336
p. 337

༄༅། །རྗེ་བཙུན་བཞད་པ་རྡོ་རྗེའི་བླ་མའི་རྣལ་འབྱོར་བཞུགས་སོ། །

p. 338

ན་མོ་གུ་རུ་ཧཱ་ས་བཛྲ་ཡེ། མཚན་ཙམ་ཐོས་པས་ངན་འགྲོ་ཡི། །སྡུག་བསྔལ་མཐའ་དག་སེལ་མཛད་པ། །མི་ལ་རྗེ་ཡི་ཞབས་བཏུད་ནས། །བླ་མའི་རྣལ་འབྱོར་ཉུང་ངུར་དབྱེ། །དེ་ལ་དང་པོ་སྐྱབས་སེམས་ནི། མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །བླ་མ་མཆོག་ལ་སྐྱབས་སུ་མཆི། །སྲིད་པའི་མཚོ་ལས་སྒྲོལ་བ་ཡི། །སྨོན་འཇུག་བྱང་ཆུབ་མཆོག་སེམས་བསྐྱེད། །དངོས་གཞི་རྟེན་བསྐྱེད་ནི། ཨཱཿ རང་སྣང་དག་པའི་ཞིང་ཁམས་ཆེ། །མཆོད་སྤྲིན་རྒྱ་མཚོས་བཏེགས་པའི་དབུས། །པད་དཀར་ཟླ་བ་རྒྱས་པའི་སྟེང་། །རྣལ་འབྱོར་དབང་ཕྱུག་མི་ལ་རྗེ། །དཀར་སྔོ་

p. 339

མཛེས་འཛུམ་ལྕང་ལོ་འཕྱང་། །ཕྱག་གཡས་སྙན་གྱི་ཐད་ཀར་གཏད། །གཡོན་པས་ས་གནོན་པུས་སྟེང་བཀབ། །གཅེར་བུ་ཨང་རག་རས་གཟན་གསོལ། །ཞབས་གཉིས་ཕྱེད་སྐྱིལ་སྟབས་ཀྱིས་བཞུགས། །གནས་གསུམ་འབྲུ་གསུམ་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །བླ་མ་མཆོག་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་

p. 340

བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སོགས་རྒྱུན་བཤགས་བྱ། སྤྲོ་ན་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པུ་ཛ་ཧོཿ རྗེ་དྲན་པ་ཙམ་གྱིས་གདུང་བ་སེལ། །སྲིད་ཞིའི་རྒུད་པ་སྐྱོབ་མཛད་པ། །བཞད་པ་རྡོ་རྗེར་གསོལ་བ་འདེབས། །རྟག་ཏུ་བདག་ལ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་དང་། ཨོཾ་ཨཱཿགུ་རུ་ཧཱ་ས་བཛྲ་སརྦ་སིདྡྷི་ཧཱུྃཿ ཅི་ནུས་བཟླ། དཔལ་

p. 341

ལྡན་རྣལ་འབྱོར་དབང་ཕྱུག །དྲན་མཆོག་བཞད་པ་རྡོ་རྗེ། །རྗེ་བཙུན་ཐོས་པ་དགའ་བར། །རྩེ་གཅིག་གསོལ་བ་འདེབས་ན། །བྱིན་རླབས་དབང་བསྐུར་སྩོལ་ཅིག །བླ་མའི་གསང་གསུམ་འོད་ཟེར་ལས། །ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱ་འཕྲོས། །རང་གི་གནས་བཞིར་ཐིམ་པ་ཡིས། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །སྐུ་བཞིའི་ས་བོན་རྒྱུད་ལ་བཞག །བླ་མ་རང་ཐིམ་དབྱེར་མེད་ངང་། །མ་བཅོས་རང་བབ་ཕྱག་རྒྱ་ཆེ། །དུས་གསུམ་དུས་མེད་རྟག་པར་བསྐྱངས། །སྣང་སྲིད་ཕྱག་རྒྱ་ཆེན་པོར་བལྟ། །ཞེས་མཉམ་པར་བཞག །ཐུན་ལས་ལྡང་བ་ན་དགེ་བསྔོ་སོགས་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རྗེས་ཐོབ་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཞེས་པའང་ལྭ་དཀར་སྲས་ཆུང་སྤྲུལ་སྐུ་བསོད་ནམས་རྒྱལ་མཚན་ནས་རྩེད་མོའི་ཞོར་ལ་བྲིས་ཤིག་ཅེས་ཆེད་དུ་བསྐུལ་བས་མཚམས་

p. 342

སྦྱར་ཏེ། ཆོས་ཀྱི་བློ་གྲོས་པས་མཚུར་མདོ་སྟོད་ལུང་གི་དགོན་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དགྱེས་པ་རོལ་པའི་གཟིམ་སྐྱིལ་ལྷ་ཁང་རྣམ་ཐར་སྒོ་གསུམ་དུ་བྲིས་པ་འདིས་ཀྱང་རྗེ་བཙུན་ཆེན་པོའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག་སརྦ་མངྒ་ལཾ།། །།

རྗེ་སྒམ་པོ་པའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག །མཉམ་མེད་དྭགས་པོ་རིན་པོ་ཆེ།

p. 343

༄༅། །རྗེ་སྒམ་པོ་པའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག་བཞུགས་སོ། །

p. 344

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྙིགས་དུས་སེམས་ཅན་བསོད་ནམས་ཞན་པ་དང༌། །སངས་རྒྱས་བསྟན་པ་མར་འགྲིབ་དུས་ཀྱི་ཚེ། །དམ་ཆོས་སྒྲུབ་པའི་ལོང་མེད་གློ་བུར་འཆི། །འཕྲལ་རྐྱེན་བར་ཆད་ལས་ཉོན་དབང་བཙན་པས། །མཐོང་གྲོལ་རང་བྱུང་ཌཱ་ཀིའི་སྐུ་བརྙན་ཡོད། །ཤེས་རིག་བག་ལ་ཉལ་དང་བྱོལ་ཉོག་ལ། མྱོང་གྲོལ་ཁྱད་འཕགས་དམ་རྫས་ཕབ་རྒྱུན་ཡོད། །ལས་ཅན་གསང་ལམ་བཙན་ཐབས་སངས་རྒྱས་ཕྱིར། །ཐོབ་གྲོལ་མཁའ་འགྲོའི་ཨུ་པ་དེ་ཤ་ཡོད། །གསང་བའི་ཡང་གསང་མཐར་ཐུག་གནད་འགག་ནི། །དྲན་གྲོལ་བླ་མའི་སྒྲུབ་ཐབས་ཨི་ཐི་ཡོད། །བདག་དང་རྒྱུད་གཅིག་རྣམས་ལ་ལུང་བསྟན་ནི། །ཐོས་གྲོལ་ཡིག་ཆུང་ས་ལ་སྦས་པ་ཡོད། །འཛམ་གླིང་གྲགས་པའི་ཐེམ་རྒྱ་སྨོན་ལམ་འདི། །གནས་པོ་ཁྱོད་ལ་གཏད་དོ་ཐུབ་བར་སྲུངས། །ནམ་ཞིག་ལས་ཅན་གཅིག་དང་འཕྲད་པར་ཤོག །དང་པོ་སྐྱབས་འགྲོ་སེམས་བསྐྱེད་དེ། །

p. 345

མཎྜལ་ཕུལ་ཞིང་གསོལ་བ་གདབ། །དེ་རྗེས་བླ་མ་རང་ལ་བསྟིམ། །གནས་འགྱུ་གཏན་ལ་དབབ་པར་བྱ། །མ་སྒོམ་མ་ཡེངས་རང་བབ་སྐྱོངས། །དེ་ནས་རིག་པ་རྗེན་ལ་ཕུད། །ཉོན་མོངས་བག་ཆགས་ཤེས་སྒྲིབ་གཏོར། །བདེ་ཆེན་སྣང་སེམས་ལྷན་ཅིག་སྐྱེས། །ཕྱི་ནང་དབྱེར་མེད་ངོ་སྤྲོད་བྱ། །སྒོམ་མེད་བྱ་རྩོལ་མཐའ་བྲལ་སྟོན། །ཟུང་འཇུག་རྨད་བྱུང་གསང་ལམ་འདི། །རབ་འབྱམས་དུས་གསུམ་རྒྱལ་བ་རྣམས། །མ་ལུས་ཀུན་འགྲུབ་འདི་ཁོ་ན། །ལྷ་དང་བླ་མ་དབྱེར་མེད་སྒྲུབས། །སྙིང་པོའི་ཡང་སྙིང་ཡིད་ཟླས་བྱོས། །སྤྱོད་ལམ་སྤང་བསྒྱུར་ཤེས་གསུམ་ཡིན། །བར་མ་དོ་ཡི་གདམས་པ་དྲུག །ཚེ་གཅིག་ཡེངས་མེད་ཉམས་ལེན་འཚལ། །རྟགས་དང་ཡོན་ཏན་ཤུགས་ཀྱིས་འཆར། །སྙི་སྒོམ་གསང་བའི་ལམ་མཆོག་འདིས། །འགྲོ་རྣམས་རང་བཞིན་གྲོལ་བར་ཤོག ། ༈ དང་པོ་སྐྱབས་འགྲོ་སེམས་བསྐྱེད་བསྒོམ་པ་ལ། །དལ་འབྱོར་མི་ལུས་ཡང་ཡང་མི་ཐོབ་སྟེ། །ད་རེས་ནམ་བཞག་

p. 346

གཏན་གྱི་དོན་སྒྲུབ་དགོས། །དེ་ཡང་སེམས་ཅན་ཐམས་ཅད་སྐྱེ་བའི་ཐ་མ་འཆི་བ་ལས་མ་འདས། ནམ་འཆི་ཆ་མེད་ཡིན་པ་དང༌། འཆི་ཚེ་དམ་པའི་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་མེད། ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས། འཆི་ཁའི་གནད་གཅོད་དང༌། བར་དོའི་འཁྲུལ་སྣང་གི་འཇིགས་སྐྲག་མྱོང་ཞིང༌། དགའ་བའི་ཟླ་གྲོགས་དང་བྲལ། རང་གཅིག་པུ་བྱ་སྤུ་རླུང་གིས་དེད་པ་ལྟ་བུ་ཡོང་བ་དང༌། སྡུག་བསྔལ་བསྲན་མི་བཟོད་པ་གཅིག་ནི་ལོས་ཡོང༌། དེ་ལྟར་ན་ད་ལྟ་རང་དབང་ཡོད་ཚེ་དམ་པའི་ཆོས་ལ་འབད་ཅིང་འཆི་བ་མི་རྟག་པ་བསྒོམ་ནུས་དགོས། འདི་ལ་ཡིད་ཆེས་ན་ཚེ་འདི་ལ་ཞེན་ཆགས་མི་ཡོང་སྟེ། ཆོས་ཁོ་ན་ལ་འབད་པ་ཞིག་ཡོང༌། འཁོར་བའི་ཉེས་དམིགས་ལ་ཡིད་ཆེས་པས་སྲིད་པར་མི་འཆིང༌། ལས་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་པས་ཐར་པ་སྒྲུབ་པ་ལ་བརྩོན་པར་ཡོང༌། བྱམས་སྙིང་བརྩེ་ལ་ཡིད་ཆེས་པས་ལམ་ལོག་དང་བཏང་སྙོམས་སུ་མི་འགྲོ། དེ་ལྟར་མི་ཤེས་ན་གནས་པ་རབ་རིབ་གཅིག་སྐྱེས་ཀྱང༌། ཡུལ་དང་ཉེ་དུ་ལོངས་སྤྱོད་ལྟ་བུ་ཞིག་གིས་འཆིང་ན་གནས་པ་དེས་མི་ཕན། དེས་ནི་ཚེ་འདི་ལ་མི་ཆགས་ཤིང་སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་དེངས་སུ་བཅུག །བློ་བླ་མ་དཀོན་མཆོག་ལ་བཀལ་ཏེ། ལུས་རྣམ་སྣང་གི་ཆོས་བདུན་བྱ། རང་ཉིད་སྐད་ཅིག་གིས་ལྷའི་གསལ་སྣང་ཝལ་ཙམ་གྱི་སྤྱི་བོར་བླ་མ་བརྒྱུད་པ་ཐོ་བརྩེགས་སུ་བཞུགས་

p. 347

པ། ཕྱོགས་མཚམས་དང་མཐོང་ཡུལ་བར་སྣང་ཐམས་ཅད་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འཇའ་སྤྲིན་འཐིབས་པའམ། དཔེར་ན་དཔག་བསམ་གྱི་ཤིང་ལོ་འབྲས་འཕྱོ་བ་ལྟར་བཞུགས་ཤིང༌བརྩེ་བའི་སྤྱན་གྱིས་གཟིགས་པ་དང༌། འོག་ནས་རིགས་དྲུག་སྲིད་པ་གསུམ་གྱིས་བསྡུས་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱང༌བང་རིམ་གྱི་ཚུལ་དུ་གནས་ནས་སྐྱབས་འགྲོ་འུ་རུ་རུ་འདྲེན་པར་བསམ། ངག་ཏུ་སངས་རྒྱས་ཆོས་ཚོགས་དང༌། ཇི་སྙེད་སུ་དག་གི་རྗེས་སུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་

p. 348

ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་ལུས་ངག་ཡིད་གསུམ་དཀར་པོ་དགེ་བའི་ལས་ལ་ཅི་ནུས་ཀྱིས་འབད་པར་བྱའོ། །སེམས་བསྐྱེད་འདི་ཡི་མཐུ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་

p. 349

བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ། ༈ ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང༌། །རིན་ཆེན་བདུན་ལས་གྲུབ་པ་ཡི། །ཚད་མེད་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་བདག་འབུལ་ན། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་

p. 350

མེད་པས། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །སྐྱབས་གནས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ པདྨ་ཀཱ་མ་ལ་ཡ་སྟྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མཎྜལ་རྒྱས་བསྡུས་ཅི་རིགས་པ་འབུལ། ཕྱིའི་མཆོད་པ། མེ་ཏོག སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། ནང་གི་མཆོད་པ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ།

p. 351

གསང་བའི་མཆོད་པ། ཆོས་སྐུ་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་སྤྲོས་ལ་འབུལ་ལོ། །༈ གཞན་ཡང་མཎྜལ་རྒྱས་བསྡུས་སོ་སོའི་སྐབས་དང་བསྟུན་ལ་འབུལ་ཞིང༌། རང་ཉིད་དུས་གསུམ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བའི་ཐུགས་ཀར་བརྟན་གཡོ་འཁོར་འདས་ཡོངས་ཀྱི་བདག་ཉིད་ཡིད་བཞིན་ནོར་བུ་བླ་མ་རིན་པོ་ཆེ་བཞུགས་པའི་མོས་གུས་བྱས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བདག་དང་

p. 352

སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་སློང་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་དག་པར་བྱིན་གྱིས་

p. 353

བརླབ་ཏུ་གསོལ། བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་མང་དུ་གདབ་བོ། །དེ་ནས་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཐམས་ཅད་བརྒྱུད་པའི་བླ་མ་རྣམས་ལ་བསྟིམ། དེ་དག་ཀྱང་རིམ་བཞིན་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རང་སེམས་དང་དབྱེར་མེད་བསྲེ། མཐར་བསྔོ་བ་དང་

p. 354

སྨོན་ལམ་བྱའོ། །༈ དེ་ནས་གནས་འགྱུ་གཏན་ལ་དབབ་པ་ལ། སེམས་དུས་གསུམ་གྱི་སྤྲོས་པ་བཅད་དེ། ཞི་གནས་ཀྱི་ཉམས་སྐྱོང༌། དེ་ལ་མི་གནས་པའི་ཚེ་ན། མིག་བཙུམ་ལ་བསྒོམ། ཡང་ན་མིག་སྣ་རྩེའི་ནམ་མཁའ་ལ་ལྟ་ཡིན་བསྒོམ། ཤེས་པ་གྲིམ་ལྷོད་སྙོམ་པར་བྱ། དེ་ལ་གནས་ན་བསྒོམ་རུང༌། འཕྲོ་ན་མི་རུང༌། གནས་ཉམས་ཤིན་ཏུའང་བརྟན་པར་བྱའོ། །༈ དེ་ནས་རིག་པ་རྗེན་ལ་ཕུད་པ་ནི། འགྱུ་བ་གནས་པ་གཉིས་སོ་སོར་འདུག་ན་རྩད་གཅོད་བཏང་ལ། གནས་འགྱུ་གཉིས་པོ་གཅིག་ཏུ་ངོ་སྤྲད། དེ་ལྟར་གནས་དུས་སུ་འགྱུ་བ་མེད། འགྱུ་དུས་སུ་གནས་པ་མེད་པས་ན་སེམས་གཉིས་སུ་མ་གྲུབ་པས་གཅིག་ཏུ་སོང༌། གཅིག་པོ་ཡང་ངོས་བཟུང་དང་བྲལ་བ་གཞོན་ནུས་བདེ་བ་སྙིང་ལ་མཚོན་པའམ་ལྐུག་པས་བུ་རམ་མྱོང་བ་ལྟར་བརྗོད་པ་དང་བྲལ་བ་ཞིག་ལ་ངོ་སྤྲོད་མཁས་པར་བྱའོ། །དངོས་པོ་མ་ཡིན་ཞིང་མཐའ་དང་བྲལ་བ། བཟུང་བས་མི་ཟིན། བལྟས་པས་མི་མཐོང༌། དངོས་མེད་མ་ཡིན་ཞིང་གྱ་གྱུ་ཅན། ཝལ་ཝལ། རིག་རིག །ཏུར་ཏུར། དཔེ་རང་གི་མིག་ལ་རང་གིས་བལྟས་པ་ལྟ་བུ་ལ་ངོ་སྤྲོད། ཡང་ན་དབྱིབས་ཁ་དོག་ཕྱོགས་རིས་སོགས་བལྟས་པས་ཀྱང་དངོས་པོ་དང་བྲལ། དྲན་མེད་དུ་བཅོས་ཀྱང་མེད་པར་བྱེད་མི་ཐུབ་པས་དངོས་མེད་དང་བྲལ། ཡང་རྣམ་རྟོག་མ་བཀག་ཤར་དུ་བཅུག །གཅིག་ཤར་གཉིས་ཤར་དྲན་རིག་ཏུ་ཆམ་གྱིས་འགྲོ་བ། མཚོ་ལ་ཁ་བ་བབ་པ་ལྟ་བུར་འགྲོ་ཞིང་འདུག་ན། དུག་ལྔའི་རྟོག་པ་གང་ཤར་སྤང་བླང་

p. 355

མེད་པར་ཤར་གྲོལ་དུས་མཉམ་དང༌། སྒོ་ལྔའི་ཤེས་པ་ཐམས་ཅད་མ་བསྒྲིམས་ཀློད་ལ་སྣང་སྲིད་ཀུན་རང་སེམས་གཅིག་པུའི་ཆོ་འཕྲུལ་ཡིན་པར་ངོ་སྤྲད་དོ། །དང་པོ་རྣམ་རྟོག་བཀག །བར་དུ་རྣམ་རྟོག་བསྲེ། ཐ་མ་རྣམ་རྟོག་ཆོས་སྐུར་ཤར་བའོ། །རྣམ་རྟོག་འཁྲུལ་པ་རང་སེམས་སུ་ངོ་སྤྲད་པ་ནི། སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། ཤེས་བྱ་ཐམས་ཅད་ཀྱི་རབ། མཐའ་དང་བྲལ་བའི་དབུ་མ། འཁོར་འདས་ཀུན་གྱི་གཞི། བདེ་གཤེགས་སྙིང་པོ། ཕྱག་རྒྱ་ཆེན་པོ། དེ་ལ་སོགས་པའི་མིང་མང་ཡང་རང་སེམས་མ་བཅོས་ལྷུག་པ། ཐ་མལ་གྱི་ཤེས་པ་འདི་ཡི་རང་རྩལ་ལས་བྱུང་བའོ། །༈ ཉོན་མོངས་བག་ཆགས་ཤེས་སྒྲིབ་གཏོར་བ་ལ། བདེ་གསལ་མི་རྟོག་པའི་ཉམས་ལ་མཆོག་འཛིན་དང་ཞེན་པ་མེད་པ་ཞིག་དགོས། དྲན་པ་ཁོ་རང་ཡང་སྟོང་ཉམས་ཀྱིས་མ་བསླད་པ། ཡིད་ཆེས་ཀྱིས་མ་བཅིངས་པ། ངེས་ཤེས་ཕྲ་མོས་མ་སྒྲིབ་པ། བློ་འདས་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་ན་སྒོམ་མེད་ཡེངས་མེད་ཀྱི་གནད་གོ་བ་ཡིན་ནོ། །ཕྱི་ནང་དབྱེར་མེད་ངོ་སྤྲོད་ནི། གཉིས་འཛིན་ཐམས་ཅད་འཁྲུལ་པ་ཡིན་པས། གཤིས་མེད་དུ་ཤེས་དགོས། སྣང་སེམས་དབྱེར་མེད། ཕྱི་ནང་དབྱེར་མེད། བདག་གཞན་དབྱེར་མེད། བདེ་སྡུག་དབྱེར་མེད། དུག་གསུམ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཤེས་པ་ནི་གལ་ཆེའོ། །སྒོམ་མེད་བྱ་རྩོལ་མཐའ་བྲལ་སྟོན་པ་ནི། སྤྲོས་པའི་མཐའ་དང་བྲལ་བ་ལ་བསྒོམ་དུ་མེད་ཅིང་ཡེངས་སུ་མེད་པ་ལ་སྤྱོད་ལམ་ཅི་བྱེད་དང་

p. 356

འདྲེས་པ་ནི། མཐའ་བྲལ་གྱི་ལྟ་བ་བཅོས་མ་མ་ཡིན་པ་སངས་རྒྱས་ཀྱི་དགོངས་པ་གཏན་ལ་ཕེབས་པའོ། །སྔོན་ཆད་རང་དང་ལྷན་ཅིག་ཏུ་གནས་ཀྱང་ངོ་མ་ཤེས་པས་སེམས་ཉིད་བདག་མེད་པ་ལ་བདག་ཏུ་བཟུང༌། སྣང་བ་གཞན་མེད་པ་ལ་གཞན་དུ་བཟུང༌། གཉིས་འཛིན་གྱི་མདུད་པ་ལས་སྔར་བསགས་ཀྱིས་འདིར་འཕངས། འདིར་བསགས་ཀྱིས་ཕྱིར་འཕངས་ནས། མེ་འོབས་དང་བཙོན་དོང་ལྟ་བུར་ཚུད་པའོ། །ད་ནི་སྣང་སེམས་དབྱེར་མེད་དུ་རྟོགས་པས་ན། སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་བྱོན་ཏེ་ཁྱོད་ཀྱི་སེམས་འདི་དངོས་པོ་ཡིན་ནོ་བྱས་ཀྱང་དངོས་པོར་མི་འགྲོ། དངོས་མེད་ཡིན་ནོ་བྱས་ཀྱང་དངོས་མེད་དུ་མི་འགྲོ། དོན་ལ་བཅོམ་ལྡན་འདས་ཁོ་རང་སེམས་ལས་བྱུང་བ་ཡིད་མོད། དེ་ལྟར་མ་རྟོགས་པའི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་འདུག་པ་ལ། ཨ་ཙ་མ་མི་ཚེ་སྟོང་ཟད། སྦྱངས་པ་དོན་མེད། སྙིང་རུས་གོ་ལོག །ཉིན་མཚན་འཁྲུལ་འབྱམས་ལ་འགྲོ་ཞིང༌། ཐུན་མོང་གི་དགེ་བ་ཙམ་ཡང་སྒྲུབ་མི་ཤེས་པ་ཚོ་ལ་ཡང་ཡང་བསམས་ཏེ། ཕྱོགས་མེད་ཀྱི་དགེ་བ་ལ་འབད་པར་འཚལ། བསྔོ་བ་དང་སྨོན་ལམ་གྱི་རྒྱས་འདེབས་དགོས་སོ། །༈ ཟུང་འཇུག་རྨད་བྱུང་གསང་ལམ་ནི་རྡོ་རྗེ་ཐེག་པའི་ལམ་བསྐྱེད་རྫོགས་ཡིན་པས། བསྐྱེད་རིམ་བསྒོམ་པ་དང༌། སྟོང་ཉིད་བསྒོམ་པས་མི་འགལ་སྣང་སྟོང་དབྱེར་མེད་དུ་གསུངས་པ་ཡིན་ནོ། །དེ་ནས་རང་ལུས་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་རྃ་

p. 357

ཡྃ་ཁྃ་བརྗོད་པས་དངོས་འཛིན་ཨ་འཐས་ཀྱི་ཉེས་སྐྱོན་ཐམས་ཅད་དག །རང་སེམས་སྐྱེ་མེད་བསམ་བརྗོད་བྲལ་བ་ལ། རང་མདངས་འགགས་མེད་ཅིར་ཡང་འཆར་བ། སྣང་སེམས་དབྱེར་མེད་ཀྱི་ངོ་བོ། དུས་གསུམ་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དམར་གསལ་མེའི་མདོག་ཅན། རྩ་ཞལ་ཁྲོ་འཛུམ་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། དབུ་སྐྲ་ཁམ་ནག་གྱེན་དུ་ལངས་པའི་དབུས་སུ་ཕག་ཞལ་རྔམ་ལ་བརྗིད་པ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང༌། ཐོད་སྐམ་གྱི་དབུ་རྒྱན་དང༌ཐོད་རློན་གྱི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔ་དང་དར་དཔྱངས་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ལང་ཚོ་རྒྱས་པས་གཅེར་མོ་བྷ་ག་དང་ནུ་མ་འབུར་ཞིང༌སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་ཞིང༌ཞབས་གཡས་བསྐུམ་གཡོན་བརྐྱང་བས་

p. 358

བམ་རོའི་སྙིང་གར་མནན་ཏེ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བྃ། དེ་ལས་འོད་ཟེར་འཕྲོས་པས་བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་སྤྱན་དྲངས། ཌཱ་རུ་འཁྲོལ་ཞིང༌། རྐང་གླིང་འབུད། དམར་གསུར་དུད་དོ། །ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནི། ཨ་ཀཌྜྷ་ཡ། ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲྀ་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་པ་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་

p. 359

དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཛཿཧཱུྃ་བཾ་ཧོཿ རང་དང་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར། ཇི་ལྟར་བལྟམས་པ་སོགས་བྱ། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་སྐྱོན་བྲལ་བ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །དེ་ནས་སྣང་སྲིད་ཐམས་ཅད་ལྷ་སྔགས་སུ་གསལ་བར་བསྒོམ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྣ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་

p. 360

ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཅི་ནུས་བཟླས་པར་བྱའོ། །བདུད་རྩི་བྱིན་རླབས་ནི། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡྃ་དང༌། མཆོག་མ་གཉིས་ལ་གཡོ་བའི་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རྃ་གྱིས་མཚན་པ། དེའི་སྟེང་དུ་ཀྃ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་མཚལ་ལྟ་བུ། བྱང་དུ་མ་ལས་ཀླད་པ་དངུལ་

p. 361

ཆུ་ལྟ་བུ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ ། བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། ཧཱུྃ་ཧཱུྃ་བྱས་པས་རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ལྦུ་བའི་ཚུལ་དུ་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། མདུན་གྱི་ནམ་

p. 362

མཁར་བསྒོམས་པ་དང་འདྲ་བ་སྤྱན་དྲངས། ཕེཾ་ཕེཾ་ཕེཾ་སོགས་བྱའོ། །པི་ཝཾ་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མ་གླུ་གར་མ། །མེ་ཏོག་མ་དང་སྤོས་ཆག་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ནི། །བཅོམ་ལྡན་འདས་མར་འབུལ་བར་བགྱི། །ཨརྒྷཾ་སོགས་བྱ། བསྟོད་པ་ནི། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང༌། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང༌། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་གྲགས་སྙེམས་མ། །རྨོངས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང༌། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །

p. 363

རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ལག་མཆོད་བྱས། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ནི་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཀ་ནི་གང་དུའང་མི་གནས་ཤིང༌། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་འདས་ཡིད་དང་བྲལ། །སྐུ་གསུམ་མི་འགྱུར་ཀ་པཱ་ལར། །ཟག་མེད་བདེ་བའི་ཆང་ཕུད་གཏམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུགས། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །ཨོཾ་གྱིས་སྐྱེ་མེད་སྤྲུལ་སྐུར་སྦྱངས། །ཨཱཿཡིས་འགགས་མེད་ལོངས་སྐུར་སྒྱུར། །ཧཱུྃ་གིས་བློ་འདས་ཆོས་སྐུར་སྤེལ། །ལན་གསུམ་དཀྲུགས་པའི་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །ཌཱ་མ་རུ་འཁྲོལ་ཞིང༌། ཕྱག་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ནས་ཕྱོགས་

p. 364

མཚམས་སུ་འཐོར་ཞིང་རྩ་སྔགས་བརྗོད། ཕྱི་རོལ་གྱི་བགེགས་དང་མ་དག་པ་ཐམས་ཅད་ཚར་བཅད་ནས་མཁའ་འགྲོ་མའི་ར་གུར་སྲུང་བའི་འཁོར་ལོའི་རང་བཞིན་དུ་གྱུར། རང་ཉིད་ལ་འཐོར་བས། བ་སྤུའི་བུ་ག་ཐམས་ཅད་ཀྱང་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་གྱུར། མཆོད་རྫས་ལ་འཐོར་བས། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། རྩ་སྔགས་ཀྱི་ཤམ་བུར་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་ཆོས་སྐྱོང་གི་མཚན་བརྗོད་ལ། མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་འབུལ། རང་གི་ལྕེ་ཐོག་ཏུ་བཞག་ལ་བདུད་རྩི་མྱོང་ཞིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །རྒྱལ་ཡུམ་གྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། བུམ་གསང་ཤེས་རབ་བཞི་པའི་དབང་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ཐོབ་པའི་སྐལ་བ་ཅན་དུ་གྱུར། ཀཱ་

p. 365

ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། མདུན་གྱི་ལྷ་རང་ལ་བསྟིམ་མོ། །༈ ལྷ་དང་བླ་མ་དབྱེར་མེད་བསྒོམ་པ་ལ། རང་ཉིད་རྒྱལ་ཡུམ་དུ་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རང་བྱུང་གི་ཆ་ལུགས་དབུ་ལ་སྒོམ་ཞྭ་ཕྱག་མཉམ་བཞག །ཞབས་སྐྱིལ་ཀྲུང༌། སྐུ་ལྷུན་ཆགས་ཤིང་དང་བ་འདྲེན་པ། བལྟ་བས་མི་ངོམ་པ་དྲི་མ་མེད་པའི་འོད་སྐུ་ཚོན་གང་ཙམ། དྲན་པ་ཙམ་གྱིས་ཚེ་འདིའི་སྣང་བ་ཧྲུལ་པོར་འགྲོ་བ། སྒོམ་པ་ཙམ་གྱིས་བྱིན་རླབས་རང་བཞིན་དུ་འཇུག་པ། ཏིང་ངེ་འཛིན་གྱི་ཡོན་ཏན་རང་ཤུགས་ཀྱིས་སྐྱེ་བ། ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། དེ་ལ་གོང་བཞིན་གསོལ་བ་དྲག་པོ་ཁ་ཞེ་མེད་པར་གདབ་བོ། །ཉམས་མ་འུར་གྱི་བར་དུ་གསོལ་འདེབས་ཚར་ཅི་མང་བྱའོ། །༈ སྙིང་པོའི་ཡང་སྙིང་ཡིད་བཟླས་བྱ་བ་ལ། ཨོཾ་ཨཱཿཧཱུྃ། རང་གི་ལྕེ་མི་བསྐྱོད་པར་ཡིད་ཀྱིས་བཟླ། འབུམ་ཚོ་གསུམ་བསྙེན་པ་བྱ། ཐུན་བཞིའམ་དྲུག་སོགས་སུ་གསོལ་བ་

p. 366

ཅི་མྱུར་དུ་གདབ་བོ། །ད་ལྟའི་ལྷ་རྗེ་སྙི་སྒོམ་ཞེས་བཙུན་པ་རྒན་པོ་འདི། མ་འོངས་པ་ན་སྙན་གྲགས་ཆེས་ཆེར་འབྱུང་ཞིང་བྱིན་རླབས་ཀྱི་བབ་ཆེན་པོ་གཞན་ལས་ཁྱད་ཐོན་པས། བརྒྱུད་འཛིན་གྱི་གྲུབ་ཐོབ་ཆུ་བོའི་རྒྱུན་ལྟ་བུར་ཡོང་ལས་ཆེ། མོས་གུས་ཀྱི་གསོལ་འདེབས་ནུས་པས་ཆོག ད་ལྟ་དང་མི་འདྲ་བས་བྱིན་རླབས་མྱུར་བ་ཞིག་དེའི་ཚེ་ཡོང༌། ཁོ་བོས་སེམས་ཅན་གྱི་དོན་དུ་དགེ་བའི་ལས་ཚན་པོ་ཆེ་བསགས་ཡོད་པ་ཡིན། སྨོན་ལམ་དང་སེམས་བསྐྱེད་ཀྱི་ས་བོན་རྒྱ་ཆེན་པོ་བཏབ་ནས་ཡོད། དེ་ལྟར་ན་ཕྱི་ནང་གི་བར་ཆད་ཅི་བྱུང་ཡང་ཁོ་བོ་ཡིད་ལ་དྲན་པ་ཙམ་གྱིས་ཆོག །ལུས་ཀྱི་གང་དུ་ན་བ་ལའང་དེ་ཀར་བླ་མའི་སྐུ་ཆུང་ལ་མཛེས་པ། མར་མེ་ལྟར་གསལ་ལ་དྭངས་པ་ཞིག་དམིགས། འདོད་དོན་གྱི་གསོལ་བ་ཕུར་ཚུགས་སུ་གདབ། ལྟོ་རྒྱབ་ཞན་པ་དང་རྐྱེན་ངན་ཅི་བྱུང་ཡང་བླ་མ་སྙིང་ཁར་བསྒོམས་ལ་འདོད་དོན་གསོལ། ཞི་དྲག་གི་ལས་གང་འདོད་ཁོ་བོ་དྲན་ཙམ་ཉིད་ནས་ཐུགས་རྗེའི་སྤྲུལ་པ་ཡོང་། བདེ་སྐྱིད་འདོད་ན་ཡང་ཁོ་བོ་དྲན་པ་ཙམ་གྱིས་ཆོག །ཅི་བསམ་ཐམས་ཅད་ངེས་པར་འགྲུབ། སྡུག་བསྔལ་བྱུང་ཡང་ཁོ་བོ་དྲན་ཞིང་གསོལ་བ་ཐོབ། སྡུག་བསྔལ་ལས་མྱུར་དུ་གྲོལ། འབྱུང་བའི་དགྲ་དང་ཕ་རོལ་གྱི་གནོད་པ་བྱུང་ཡང༌། ཁོ་རང་གི་ཐོག་ཏུ་བླ་མ་བསྐྱེད་ལ་དམིགས་པ་ཁ་བསྒྱུར་བྱེད། གསོལ་བ་གདབ་པ་ཙམ་གྱིས་ཆོག མདོར་ན་སྔོན་ལས་འཕྲལ་རྐྱེན་གང་ལའང་ཁོ་བོ་དྲན་ཞིང་སྐྱབས་སུ་སོང་ན་ངེས་པར་སྐྱོབ་ནུས་པ་ཡིན་ནོ། །དེ་ཅིའི་ཕྱིར་

p. 367

ན་ཁོ་བོ་ནི་སངས་རྒྱས་རྡོ་རྗེ་འཆང་ཡིན་བྱས་ཀྱང་ཆོག །འདས་པའི་སངས་རྒྱས་མང་པོས་ལུང་བསྟན་པ་དང༌། ད་ལྟ་ཡང་ཡེ་ཤེས་མཁའ་འགྲོ་རྒྱུན་ལྡན་དུ་ཞལ་མཇལ་བ་དང་ལུང་བསྟན་ཐོབ། མ་འོངས་པ་ན་ནུབ་ཕྱོགས་སུ་དེ་བཞིན་གཤེགས་པ་འོད་དྲི་མ་མེད་དུ་གྱུར་པའི་ཚེ་ནའང་། ས་ཕྱོགས་འདི་རྣམས་སུ་སྤྲུལ་པ་མང་དུ་འབྱུང་ངོ༌། །༈ བདག་དང་རྒྱུད་གཅིག་རྣམས་ལ་ལུང་བསྟན་ནི། ཐོས་གྲོལ་ཡིག་ཆུང་ས་ལ་སྦས་པ་ཡོད། །ཅེས་པ་ནི། སྒམ་པོའི་རི་འདི་ལའང་དག་པ་དང་མ་དག་པའི་འཁོར་འདྲེས་མར་ཡོང་ཞིང༌། གནས་རི་འདི་ལ་ཡང་ཁོ་བོས་ཆོས་གཏེར་ལྔ་ཙམ་སྦས་པ་ཡོད། ཤར་དུ་ལམ་རིམ་རྟེན་འབྲེལ་ཟབ་མོའི་ཆོས། ལྷོར་གསང་ལམ་བླ་མའི་སྒྲུབ་ཐབས། ནུབ་ཏུ་ལུང་བསྟན་ས་བཅོས་ལེགས་བཤད། བྱང་དུ་སེམས་ཁྲིད་ཡིད་བཞིན་ནོར་བུའི་སྐོར། དབུས་སུ་གཅེས་པའི་སྒྲོམ་དགུ་རྣམས་ཡོད། གནས་ཆེན་འདི་ཉིད་ཀྱི་བསྟན་པ་དར་རྒྱས་སུ་འདོད་ན། བྱང་ཕྱོགས་འོད་ཀྱི་ཕུག་པ་ན། ཨོཾ་ཨཱཿཧཱུྃ་གསུམ་འབུར་དོད་རྐོས། ཤར་དུ་རྟ་མགོ་ལྗང་གུ་དང་འདྲ་བའི་བྲག་ལ་རྟ་མཆོག་གཟུགས་བཅོས། ལྷོར་ཐུ་བ་ཤོར་འདྲའི་ས་ལ་མཆོད་རྟེན་བཞེངས། ཡང་ན་སྤྱན་རས་གཟིགས་བཅུ་གཅིག་ཞལ་བཞུགས། ནུབ་རྔ་འདྲ་བའི་བྲག་ལ་ཉི་ཟླ་མང་དུ་བཀོད། རྩེ་མོའི་པྲོག་ཞུའི་ངོས་ལ་ཁོ་བོ་འཛམ་གླིང་གྲགས་པའི་སྐུ་འབག་དགུ་ཙམ་བཀོད་ན་བོད་སྤྱི་མཐུན་ལ་ཡང་བདེ་སྐྱིད་འབྱུང་ཞིང༌། སྒམ་པོ་འདི་ལ་ཡང་སླར་བསྟན་པ་དར་རྒྱས་སུ་

p. 368

འགྲོ་བའི་རྟེན་འབྲེལ་ཡོད། ནམ་ཞིག་སེང་གེའམ་རཏྣའི་མཚན་ཅན་གྱིས་ཆོས་འདི་རྙེད་པར་འགྱུར་རོ། །དེ་དང་རྟེན་འབྲེལ་མ་འགྲིག་ན་མི་རབ་འགའ་ནས། ཉི་ཟླ་དང་གྲགས་པའི་མིང་ཅན་དབུ་ལ་ཤ་སྨེ་འབུར་དོད་དང་བཅས་པ་ཞིག་གིས་འདོན་ཡོང༌། དེས་ཀྱང་མ་ལོན་ན་ཁོ་བོ་དང་ཐུགས་རྒྱུད་གཅིག་པའི་ཅོད་པན་དང་ནོར་བུའམ་རིན་ཆེན་གྱི་མཚན་འཛིན་ཞིང༌། སར་གནས་ཀྱི་སེམས་དཔའ་གཅིག་དང་དུས་མཚུངས་སུ་སྐྱེ་སྒོམ་གྱི་སྤྲུལ་པ་ཞིག་གིས་ཐོན། དེས་ཀྱང་མ་ཐོན་ན་མི་རབས་གཅིག་ནས་ཁོ་བོ་དང་རྒྱུད་གཅིག་པའི་སྐྱེས་མཐའ་བཟང་པོ་དང་རྡོ་རྗེའི་མིང་འཆང་ཞིང་བསྟན་པ་ལ་ལྷག་པར་བྱ་བ་བྱེད་པ། རྒྱུད་ཞི་དུལ་ཅན་གྱིས་ངེས་པར་འདོན་ནོ། །༈ རྡོ་སྐུ་ཡིད་བཞིན་ནོར་བུའི་སྐུ་རྗེན་མི་ལ་སྟོན་མི་རུང༌། ཅིའི་ཕྱིར་ན་གནད་གཅིག་ཡོད། མེ་ལོང་ངམ་གསེར་བུམ་ལྟ་བུ་འོད་གོང་གི་ཁྱིམ་དུ་བཞུགས་ཤིང་། ཀུན་གྱིས་མཐོང་ལམ་དུ་འགོད། དེ་མཐོང་གི་སེམས་ཅན་ཀུན་ལ་ངན་སོང་མེད་དོ། །འདི་ནི་བླ་མ་མི་ལས་བདག་ལ་ཀུ་རེ་དོན་དམ་གྱི་ཚུལ་དུ་གནང་བ་ལ། ཕྱིས་ནས་མཁའ་འགྲོའི་སྐུ་གསལ་དུ་སོང་བ་བྱིན་རླབས་ནན་ལྟར་ཆེ་བ་ཞིག་ཡིན་ནོ། །ལག་བརྒྱུད་མི་བཏང༌། རབ་གནས་ཉམས་པས་མི་དགུ་ལ་སོགས་པས་མི་རེག །སྐབས་སུ་སྤོས་ཆུས་ཁྲུས་གསོལ་བྱས་ནས་འགྲོ་བ་ཉམ་ཐག་དང་གཞི་བདག་གཉུག་མར་གནས་པ་ལ་འཐོར། འཕྲལ་དུ་ནད་ཟུག་གམ། གདོན་བགེགས་ཀྱི་གནོད་པ་མྱུར་དུ་ཞི་ནུས། ཆར་ཆུ་འབེབས་པ་དང༌། ལོ་ལེགས།

p. 369

ཡམས་ནད་མི་གཙང་བ་རྒྱུན་འཆད་དོ། ། ༈ དམ་རྫས་ཁྱད་འཕགས་ནི། ཏཻ་ལོ་པས་མཁའ་འགྲོའི་གསང་མཛོད་ནས་གདན་དྲངས་པ། ནཱ་རོ་དང་ཇོ་བོ་རྗེ་ནས་བརྒྱུད་པའི་མྱོང་གྲོལ་བླ་ན་མེད་པའི་ཕབ་རྒྱུན་ཡང་ཅི་མང་སྤེལ་ཞིང༌། བླ་མ་ལྷའི་སྒྲུབ་པ་དང་རབ་གནས་བྱའོ། །འདི་ཡང་ཁོང་དུ་སོང་བའི་འགྲོ་བ་ཐམས་ཅད་ཕྱིར་མི་ལྡོག་པ་ཐོབ། དཔེར་ན་དུག་ཆུང་ངུས་མི་ཆེན་པོ་གསོད་པ་དང༌། སྨན་ཆུང་ངུས་ནད་ཆེན་པོ་འཇོམས་པ་དང༌། མེ་སྟག་གིས་རི་བསྲེགས་པ། ཕབས་ཀྱིས་ཆང་ལང་བ་ལྟ་བུ་ནི་རྫས་ཀྱི་ནུས་པའོ། །དེ་ལྟ་བུའི་བླ་མའི་སྒྲུབ་ཐབས་གསང་ལམ་ཟབ་མོ་འདི་ཡང༌། དད་མེད་ལོག་ལྟ་ཅན་ལ་གསང་བར་གཅེས་སོ། །གནད་གཅིག་ཡོད། ༈ སྤྱོད་ལམ་སྤང་བསྒྱུར་ཤེས་གསུམ་ནི། དང་པོ་ཉོན་མོངས་སྤང་བར་འདོད་ཅིང༌། གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི་ཕ་རོལ་ཕྱིན་པ་དང་མཐུན་ནོ། །གཉིས་པ་བསྒྱུར་བ་ནི། གསང་སྔགས་ཡིན་ཏེ་ཇི་ལྟར་བསྒྱུར་ན། ཕྱི་གཞལ་ཡས་ཁང་དང་། ནང་ལྷ་དང་ལྷ་མོར་བསྒྱུར། ཟས་བདུད་རྩིར། རང་ལུས་དཀྱིལ་འཁོར། ཉོན་མོངས་ཡེ་ཤེས་སུ་བསྒྱུར། གསུམ་པ་ཤེས་པ་ནི། ཆོས་ཐམས་ཅད་ལ་སྤང་དུ་མེད། བླང་དུ་མེད། བསྒྱུར་དུ་མེད་པར་ཐམས་ཅད་སེམས་སུ་འདུས། སེམས་ཀྱི་རྣམ་འཕྲུལ་ཡིན། སྐྱེ་མེད་འོད་གསལ་དུ་ཤེས་པ་ནི་གཞི་ཤེས་པའོ། །ངོ་བོ་བསྒོམ་ཤེས་ན་ལྷ་འདྲེ་མི་གསུམ་གྱིས་མི་འགོང་པ་ཡིན། སྟོང་པ་དང་དམིགས་པ་ནི་ལྷ་འདྲེས་ཀྱང་ཤེས་སྤྲུལ་པ་སྣ་

p. 370

ཚོགས་ཀྱང་ཤེས་ཏེ། ལྷ་འདྲེས་ངོ་བོ་རྟོགས་མ་མྱོང༌། ངོ་བོ་བསྒོམ་མི་ཤེས། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པ་ཡིན་ནོ། །ངོ་བོ་བསྒོམ་པས་རླུང་ཡང་རང་བཞིན་གྱིས་དབུ་མར་ཚུད་པ་དང༌། ངོ་བོ་མཐོང་ཚུན་ནས་བསྐུལ་བ་ཙམ་མ་གཏོགས་གཞན་ཉམས་སུ་བླང་མི་དགོས། འཇམ་རླུང་ཅུང་ཟད་རེ་དང༌། ཡིད་བཟླས་ཟབ་མོ་ལ་མི་ཚེ་དྲིལ། སྤྱིར་སངས་རྒྱས་བྱང་སེམས་ཐམས་ཅད་དང༌། ཁྱད་པར་རྡོ་རྗེ་འཆང༌། ཏཻ་ལོ། ནཱ་རོ་སོགས་དང༌། བླ་མ་ཡི་དམ་མཁའ་འགྲོ་རྣམས་དང༌། གཞན་ཡང་ཡུལ་ཁྱད་པར་ཅན། གནས་ཁྱད་པར་ཅན། རྟེན་གསུམ་ཁྱད་པར་ཅན། བྱིན་རླབས་ངེས་ཅན། རང་དད་པའི་ཡུལ་གང་ཡིན་པ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས། མ་ལུས་སེམས་ཅན་སོགས་བྱས་ཏེ་ཐུགས་ཀའི་བླ་མ་ལ་བསྟིམ། ཐུན་རྗེས་སུ་གསོལ་བ་ཕུར་ཚུགས་སུ་གདབ། དེས་ནི་མི་བསླུ་ཐག་ཆོད་ང་རང་ཤེས་སོ། །༈ བར་མ་དོ་ཡི་གདམས་པ་དྲུག་ནི། རྒྱལ་བ་རྡོ་རྗེ་འཆང་གི་རྒྱུད་ཀྱི་དགོངས་པ་ནས། ཇི་ལྟར་སྒྱུ་མའམ་རྨི་ལམ་དང༌། །ཇི་ལྟར་བར་མའི་སྲིད་བཞིན་དུ། །ཞེས་པ་ལ་བརྟེན་ནས་ཇོ་བོ་ནཱ་རོ་པས་བར་དོ་གསུམ་དུ་མཛད་པ། སྐྱེ་འཆི། རྨི་ལམ། སྲིད་པ་བར་དོ་གསུམ་དུ་གསུངས། དེ་ལ་བླ་མ་མི་ལས་ཇོ་མོ་ཚེ་རིང་མ་ལ་བར་དོ་དྲུག་ཏུ་གསུངས། དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་ཡིན་པ་ནི། ད་རེས་འཁོར་འདས་གཉིས་ཀྱི་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབས་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །

p. 371

རིག་པ་སེམས་ཀྱི་རྩལ་སྦྱངས་ཤིང༌། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །ཏིང་འཛིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་བཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་སློང་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །འཆི་ཁ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་བྱས་ནས་ཀྱང༌། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པའི་མཚམས་སྦྱོར་འཚལ། །དེ་ལྟར་དྲུག་པོ་དེ་ལ། ཁྱད་ཆོས་ཀྱི་ཉམས་ལེན་གནད་ཀྱི་འཕྲང་སྒྲོལ་ཞེས་བཀྲ་ཤིས་ཚེ་རིང་མ་ལ་གསུངས་པ་ཡིན་ནོ། །དེ་ཡང་རང་བཞིན་གནས་པའི་བར་དོ་ལ་འཁོར་འདས་སོ་མཚམས་དབྱེ་བ་ཀུན་གཞི་གནད་ཀྱི་གདམས་པ་ཕྱག་རྒྱ་ཆེན་པོ་ངོ་སྤྲད། སྐྱེ་ཤིའི་བར་དོ་ལ། འཆིང་གྲོལ་བསྐྱེད་རྫོགས་ཀྱི་གདམས་པ་སྟོན། བསམ་གཏན་བར་དོ་ལ་གཉུག་མ་རང་བབས་སུ་བཞག་ཐབས་བྱ། རྨི་ལམ་བར་དོ་ལ་ཉིན་མཚན་གྱི་སྣང་བ་བསྲེ། འཛིན་སྤྲུལ་བསྒྱུར་སོགས་སྦྱང༌། འཆི་ཁའི་བར་དོ་ལ་ཆགས་ཞེན་གྱི་འཁྲི་བ་བཅད། ཐིམ་རིམ་ངོས་བཟུང་ཞིང་འོད་གསལ་མ་བུ་སྤྲོད། དེ་ལ་མི་གནས་པའི་ཚེ་ན་སྒྲ་འོད་ཟེར་ལ་སོགས་པ་ཐམས་ཅད་རང་བཞིན་གྱི་ལྷ་དང་ཞིང་ཁམས་སུ་ཤེས་པར་བྱའོ། །སྲིད་པའི་བར་དོ་ལ་མངལ་སྒོ་དགག་ཅིང་མཚམས་སྦྱོར་གྱི་རྟེན་འབྲེལ་བསྒྲིག་པ་གལ་ཆེའོ། །བླ་མ་མི་ལས་

p. 372

བཀྲ་ཤིས་ཚེ་རིང་མ་ལ་འདི་གསུངས། ཁྱེད་ཀྱི་སྙིང་ལམ་ན། འབྲས་བུ་སྐུ་བཞི་ཞེས་བྱ་བ། རྒྱུད་ལས་ཐ་དད་པ་གཅིག་ལོགས་ན་བཙལ་རྒྱུ་ཡོད་སྙམ་ན་ཡང་རང་ལས་གཞན་བཙལ་དུ་མེད་དོ། །འོ་སྐོལ་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ལ། འཆི་བ་ལ་འོད་གསལ་ཆོས་སྐུ། བར་དོ་དག་པ་ལོངས་སྐུ། སྐྱེ་བ་སྣ་ཚོགས་སྤྲུལ་སྐུ། དེ་གསུམ་རོ་གཅིག་པ་ངོ་བོ་ཉིད་སྐུ། དེ་དག་གཞི་ལ་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པ་ལ། བླ་མ་དམ་པས་ངོ་སྤྲོད་དགོས་པ་ཡིན་གསུངས། ཞིང་ཁམས་གསུམ་དུ་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱིས་ཐང་ཆད་ཅིང༌། ལམ་སྲིད་པ་གསུམ་ན་ཡུན་རིང་བཤར་བས་ངལ་དུབ་ཏུ་གྱུར་པའི་ཤུལ་རིང་གི་མགྲོན་པོ་གསུམ་ཡོད་དེ། གདམས་ངག་ཀྱང་ཡོད་ལ་ཉམས་སུ་བླངས་པའི་གང་ཟག་དང་། གདམས་ངག་ཀྱང་མེད་ལ་ཉམས་སུ་མ་བླངས་པའི་གང་ཟག་གོ །སྔ་མ་དེ་ཉིད་སྲིད་ལ་མ་འཇིགས་པའི་འཕྲང་བདུད་ཀྱི་བསྐུང་ས་ལས་གྲོལ་ཏེ་གང་ལ་ཡང་ཡ་ང་བ་མེད་དེ། བསྒོམས་པའི་གནད་ཀྱིས་གྲོལ་བའི་ཕྱིར་རོ། །ཕྱི་མ་ཐ་མ་དེ་ནི་སྐྱེ་བོ་ཐ་མལ་པ་དང་མཚུངས་ཏེ། ཡ་ང་བའི་ལམ་ལ་ཞུགས་ནས་རང་བཞིན་གྱི་བདུད་ཀྱིས་ཁྲིད་དེ་ཁམས་གསུམ་གྱི་འཁོར་བར་སྐྱེ་ཤི་ཟོ་ཆུའི་ཁྱུད་མོ་ལྟར་སྤྱོད་དོ། །བར་མ་དེ་ལ་ལམ་དང་འཕྲང་གི་དོགས་པ་སེལ་ཞིང༌། བར་ཆད་དངོས་གྲུབ་ཀྱི་ཕྱག་བརྙན་བརྟག་པ་དང༌། བར་དོ་དག་པ་བདེ་ཆེན་གྱི་ཞིང་དུ་བསྒྲལ་ནས་བར་དོ་དྲུག་ལ་འཕྲང་སྒྲོལ་དྲུག་གི་གདམས་ངག་གསུངས་སོ། །སྐུ་གསུམ་མངོན་གྱུར་གྱི་

p. 373

མཚམས་ལག་ལེན་ངོ་སྤྲོད་དུ་བསྟན་ན། ལམ་དང་འཆི་བའི་སྲིད་པ་དང༌། འགྱུ་བ་གནད་གཅོད་ཀྱི་འཕྲང་འབྱུང་བཞི་དབང་པོ་ཕྲ་རགས་ཐིམ་པའི་རྗེས་ལ། རྣམ་རྟོག་ཐམས་ཅད་དང་བྲལ་བ་ནི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། ངོ་བོ་སྟོང་པའི་གནས་ལུགས་མ་བཅོས་པ་ཇི་ལྟ་བ་ཞིག་དུས་དེར་འཆར་བས། དེ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ལ་ད་ལྟ་བླ་མས་ངོ་སྤྲད་པ། ལྟ་བའི་དོན་གོ་བ། མཚོན་བྱེད་ལམ་གྱི་འོད་གསལ་དང་གཉིད་ཀྱི་འོད་གསལ་ཟིན་པར་སྦྱང་འཚལ་ལོ། །ཡང་ལམ་སྲིད་པའི་བར་དོ་ལ་ལས་ཀྱི་གཤེད་པོས་འཚེ་བའི་འཕྲང༌། དབང་པོ་ཀུན་ཚང་ཐོགས་མེད་དུ་འགྲོ་བ་རྫུ་འཕྲུལ་འོད་དང་ལྡན་པའི་ལུས་ཤིག་འོང༌། དེ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་པས་ཟུང་འཇུག་ལྷའི་སྐུར་བཞེངས་ལ་སྔ་མའི་བག་ཆགས་ལྷག་ལུས་སྦྱང་དགོས། དེ་ངོ་ཤེས་པ་ལ་ད་ལྟ་བསྐྱེད་རིམ་ལ་བསྟེན་པ་དང་མཚོན་བྱེད་སྒྱུ་ལུས་དང་རྨི་ལམ་ལེགས་པར་སྦྱང་འཚལ་ལོ། །ཡང་ཐ་མ་སྐྱེ་བའི་སྲིད་པ་ལ་ལས་ཀྱི་རླུང་གིས་རང་དབང་མེད་པར་སྐྱེ་གནས་སུ་འཇུག་པའི་འཕྲང༌། དྲི་ཟ་མངལ་སྒོ་འཚོལ་ཞིང་ཕོ་མོ་སྦྱོར་བ་ལ་ཆགས་སྡང་སྐྱེས་ཚེ་གདམས་ངག་དྲན་པའི་གནད་ཀྱི་བདེ་སྟོང་གི་ཉམས་དང༌། གཉེན་པོ་རྩལ་གྱི་སྒོ་འགེགས། ཕྱིན་ཆད་ཤེས་བཞིན་སྐྱེ་བ་ལེན་པ་དེ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ། དེ་ངོ་ཤེས་ཤིང་སྐྱེ་བ་ལ་དབང་ཐོབ་པར་བྱེད་པ་ལ།

p. 374

གཏུམ་མོ་དྲོད་ཀྱི་ཡེ་ཤེས་དང༌། ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས། གསུམ་པའི་དོན་ཉམས་སུ་མྱོང་བས་ཕྲག་དོག་གི་མིག་སེར་སྦྱང་འཚལ། སྐུ་གསུམ་མངོན་གྱུར་གྱི་ངོ་སྤྲོད་དུས་དང་ས་མཚམས་ཤེས་པར་བགྱིད་འཚལ། རྟགས་དང་ཡོན་ཏན་འཆར་ཚུལ་ནི། ངེས་པ་མེད་དེ་གང་ཟག་གི་རྩ་བཟང་ངན་ལ་རག་ལས་པས་ཡུལ་དང་བསྟུན་ནོ། །གནས་སྐབས་སུ་ཡང་དམ་པའི་ཆོས་འདུལ་བ་དང་གང་མཐུན་བྱེད་དགོས། རི་མཚམས་དང་སྨྲ་བཅད་འདག་སྦྱར་ལ་མི་ཚེ་དྲིལ། དམན་ས་བཟུང༌། གོས་ཧྲུལ་པོ་གྱོན། བཟོད་བསྲན་ཆེ་བར་བྱ། ཆོས་འདི་གྲོང་ཡུལ་དུ་ཁྲོམ་བཤད་མི་བྱ། ཕན་ཐོགས་ཀྱི་འགྲོ་དོན་ཆེན་པོ་ཡོང་རྒྱུ་འགྲིབ་པའི་ཉེན་ཡོད། རི་སུལ་དང་དབེན་གནས་སུ་སྟོན། རྒྱབ་ཆོས་སུ་བླ་མ་མི་ལ་ལ་སོགས་གོང་མའི་མགུར་འབུམ་དང༌། བསྟན་བཅོས་ཐར་པ་རིན་པོ་ཆེ་དང༌། ལམ་མཆོག་རིན་ཆེན་ཕྲེང་བ་དང༌། གྲོས་འདེབས་གབ་པ་མངོན་ཕྱུང་ལ་སོགས་གསུངས། ཆོས་འདི་ལ་ཕྱག་རྟེན་དང་འབུལ་བ་མ་ལེན། གང་ཐོད་ཐོད་ལ་མ་བཤད། དམ་ཚིག་ཐོབ་ངེས་ལ་སྦྱིན་ཀྱང༌། དཀོན་མཆོག་ལ་མཆོད་པ་ཅི་འབྱོར་དང་ཌཱ་ཀི་ལ་ཚོགས་གཏོར་བདུད་རྩི་འབུལ། གནས་པོ་དྭགས་ལྷ་སྒམ་པོ་ལ་འབྲས་ཀྱི་གཤོས་གཙང་དང༌། ལུག་ཤ་སོགས་ཀྱིས་མཆོད། ཕྲིན་ལས་བཅོལ། དེ་ལྟར་བླ་མའི་གསང་ལམ་ཟབ་མོ་འདི་ནི། བརྒྱུད་པ་བདུན་གྱི་བར་དུ་ཐོབ་གྲོལ་ཁྱད་ཅན་དུ་ཡོད། ལུང་ཐོབ་པ་ཙམ་གྱིས་ཆོག་གོ། །ཨྀ་ཐི། ༈ དེ་ལྟ་བུའི་ཟབ་ཆོས་འདི་ནི། སྐྱེས་བུ་ཡེ་

p. 375

ཤེས་རྡོ་རྗེའི་སྤྲུལ་པར་ལུང་བསྟན་པ། དུས་མཐའི་གཏེར་སྟོན་རིག་འཛིན་འཇའ་ཚོན་སྙིང་པོ་ལ། དངོས་ཉམས་རྨི་ལམ་དུ་མར་མཁའ་འགྲོའི་ལུང་བསྟན་བྱུང་བ་དང༌། ཁོ་བོའི་ཉམས་རྨིས་རྣམས་སུ་ཡང་ལུང་བསྟན་ཐོབ་པར་བརྟེན། གཏེར་སྟོན་དེ་ཉིད་སྒམ་པོར་སྤྱན་དྲངས། ཆུ་ཕག་མགོ་ཟླ་བའི་ཚེས་བཅོ་ལྔ་ལ། བྲག་སྒོམ་ཞྭའི་མགུལ་ནས་ལ་དྲིལ་རྗེ་སྒམ་པོ་པའི་ཕྱག་རྗེས་མ་ཉམས་པ་གཏེར་ནས་ཐོན་ཏེ། གཏེར་སྟོན་རང་གི་བཞུགས་གནས་སུ་སྤྱན་དྲངས། ཕྱག་གསོལ་འདེབས་བསྐོར་བ་རྣམས་འབུམ་ཐེར་དང༌། ཚོགས་གཏོར་བརྒྱ་རྩ་བརྒྱད་ཕུལ་ནས་ཤིང་བྱི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་ཞལ་ཕྱེས་པས། རྡོ་སྐུ་ཡིད་བཞིན་ནོར་བུ། དམ་རྫས་མྱོང་གྲོལ་རིལ་བུ། གསང་ལམ་བླ་མའི་སྒྲུབ་ཐབས་རྣམས་ཐོན། བྲག་ལུང་ལུང་པ་འཇའ་འོད་ཀྱིས་ཁེངས་པ་དང༌། ལོ་ཕྱུགས་ལེགས་པ་སོགས་ངོ་མཚར་གྱི་ལྟས་མང་དུ་བྱུང༌། ཟླ་བ་གསུམ་གྱི་བར་དུ་གཏེར་སྒྲུབ་རྟགས་ཐོན་མཛད་ཅིང་དམ་རྫས་ཀྱང་སྤེལ། དེ་ནས་རིན་པོ་ཆེ་མི་ཕམ་བློ་གྲོས་པ་དང༌། བདག་སོགས་དད་འདུས་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ་པས་བཀའ་དྲིན་ཆེའོ། །༈ ན་མོ་གུ་རུ་བཛྲ་དྷཱ་ར་ཛམྦུ་དྭཱི་པ་ཀིརྟི་ཡེ། རྒྱལ་བའི་ཐུགས་རྗེ་མ་ལུས་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་ཞི། །དྲན་ཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་

p. 376

མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་པ་ལ། །གང་ནས་བསམས་ཀྱང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་ཟུངས་ཤིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྒྱལ། །མགོན་ཁྱོད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་རིག་འཛིན་དེས་གཏེར་ཞལ་ཕྱེ་བའི་ཚེ་མོས་གུས་དྲག་པོས་འོ་དོད་ཀྱིས་གསོལ་བ་བཏབ་པའོ།། །།

རྗེ་བཙུན་སྒམ་པོ་པའི་གསང་ལམ་བླ་སྒྲུབ་སྐབས་སུ་ཚོགས་མཆོད།

p. 377

རྗེ་བཙུན་སྒམ་པོ་པའི་གསང་ལམ་བླ་སྒྲུབ་སྐབས་སུ་ཚོགས་མཆོད་བྱ་བར་སྤྲོ་ན། ཚེ་གལ། ཟླ་རྒྱས། ཟླ་ཕྲོམ། མཱཾ་ས་སོགས་བཟའ་བཅའི་རིགས་གྱ་ནོམ་པ་བཤམས་ལ་བདུད་རྩིས་བྲན། བིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། ཚོགས་རྫས་མ་དག་དྲི་མ་སྦྱངས། །ཐབས་ཤེས་ཟག་མེད་བདུད་རྩིའི་སྤྲིན། །ཡེ་ཤེས་ལྔ་ལྡན་མཆོད་སྤྲིན་འཕྲོ། །ཟག་མེད་བདེ་སྐྱེད་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་སྤེལ་ལ། གནས་དག་པ་མཁའ་སྤྱོད་རྡོ་རྗེའི་ཞིང༌། །སྐྱབས་རིགས་དྲུག་ཁྱབ་བདག་འཁོར་ལོའི་མགོན། །རྗེ་མཁའ་འགྲོའི་ཚོགས་རྗེ་

p. 378

འཛམ་གླིང་གྲགས། །ཁྱེད་སྟེང་དེར་བཀའ་བརྒྱུད་ཀྱི་སྤྲིན་ཕུང་གཏིབས། །བར་ཡི་དམ་ལྷ་ཚོགས་བྱིན་ཆར་འབེབས། །འོག་མ་མགོན་དམ་ཅན་གློག་ལྟར་མྱུར། །མ་མཁའ་འགྲོའི་བྲོ་གར་གླུ་དབྱངས་ལྡིར། །བདག་རྣལ་འབྱོར་མཆེད་ལྕམ་མོས་གདུང་གིས། །དེང་ཚོགས་ཁང་འདི་རུ་སྤྱན་འདྲེན་ན། །སྐུ་གཟི་བརྗིད་འོད་ཕུང་ཡ་ལ་ལ། །གསུང་འགགས་མེད་ཆོས་དབྱངས་ཀྱུ་རུ་རུ། །ཐུགས་ཡེ་ཤེས་བྱིན་ཆེན་ཐིབས་སེ་ཐེབ། །བུ་མོས་གུས་ཀྱི་གནས་འདིར་གཤེགས་སུ་གསོལ། །ཕྱི་གནས་ཁང་ཨོ་རྒྱན་ཞིང་དུ་བསྒྱུར། །ནང་མཆེད་ལྕམ་དཔའ་བོ་མཁའ་འགྲོར་རློབས། །དམ་ཚིག་གི་ཚོགས་རྫས་བདུད་རྩིར་བསྒྱུར། །ཉམས་རྟོགས་པའི་རྩལ་ཁ་དེ་རིང་བསྐྱེད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཚོགས་རྫས་རྣམས་ཆ་གསུམ་དུ་སྤེལ་བའི་ཕུད་མཎྜལ་གྱི་དྲུང་དུ་བཞག །ཧོ། ཕྱི་འཇིག་རྟེན་སྣོད་ཀྱི་གཏོར་

p. 379

གཞོང་དུ། །ནང་སེམས་ཅན་བཅུད་ཀྱི་ཚོགས་གཏོར་བཤམས། །ཕ་བླ་མ་རྩ་གསུམ་རྒྱལ་བ་མཆོད། །སྒོ་གསུམ་གྱི་སྒྲིབ་བྱང་ཚོགས་རྫོགས་ཤོག ། སྣོད་རང་ལུས་པགས་པའི་གཏོར་གཞོང་དུ། །བཅུད་ཤ་ཁྲག་དྭངས་མ་བདུད་རྩི་བསྐྱིལ། །ནང་རྒྱལ་བ་སྐུ་ལྔའི་ཚོགས་ལ་འབུལ། །མཆོག་རྡོ་རྗེ་གསུམ་གྱི་དབང་མཆོག་སྩོལ། །སེམས་རིག་སྟོང་སྐྱེ་མེད་གཏོར་གཞོང་དུ། །ནང་རྣམ་ཤེས་ཚོགས་དྲུག་བདུད་རྩིར་སྦྱར༌། །དབྱིངས་རིག་པ་ཀ་དག་གི་བླ་མར་འབུལ། །དོན་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །དཔལ་དེ་རིང་བཀྲ་ཤིས་ཚོགས་ཁང་འདིར། །མགོན་རྩ་གསུམ་དགྱེས་པའི་མོས་གུས་བསྐྱེད། །མ་མཁའ་འགྲོ་མཉེས་པའི་ཚོགས་གཏོར་བཤམས། །གྲོགས་དམ་ཚིག་དག་པའི་ཉམས་རྩལ་སྦར། །ཟག་མེད་ཀྱི་ཚོགས་ཀྱི་འཁོར་ལོ་འདིས། །ཕ་བླ་མའི་ཐུགས་དམ་བསྐང་

p. 380

གྱུར་ཅིག །དོན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྩོལ། །རྒྱུད་སྡེ་བཞིའི་ཡི་དམ་ལྷ་ཚོགས་བསྐང༌། །གྲུབ་གཉིས་ཀྱི་ཕ་ཕོགས་དུས་འདིར་སྩོལ། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསྐང༌། །ལམ་རྩ་རླུང་ཐིག་ལེའི་བར་ཆད་སོལ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བསྐང༌། །ཕྲིན་ལས་བཞིས་བསྟན་པའི་དགྲ་བགེགས་སྒྲོལ། །བདག་མཆེད་ལྕམ་ཚོམ་བུར་འདུས་པ་རྣམས། །ཕྱི་སོ་སོར་ཐར་པའི་བསླབ་བྱ་ལ། །ཉོན་མོངས་ཀྱི་སྒོ་བཞི་མ་བསྡམས་པས། །ཕམ་ལྟུང་གི་ཉེས་དྲིས་ནོངས་པ་བཤགས། །ནང་ཐེག་ཆེན་བྱང་ཆུབ་སྤྱོད་པ་ལ། །མ་སེམས་ཅན་ཕ་མར་མ་ཤེས་པས། །དགྲ་གཉེན་ལ་ཕྱོགས་འཛིན་ལྟ་དབང་གིས། །དཀར་ནག་གི་བླང་དོར་ལོག་པ་བཤགས། །ཐབས་ཁྱད་འཕགས་རྡོ་རྗེའི་ཐེག་པ་ལས། །དབང་བཞི་ཡི་ཆུ་བོས་རྒྱུན་སྦྱངས་ནས། །སྣང་སེམས་ཀུན་ལྷ་རུ་མ་རྟོགས་ཤིང༌། །

p. 381

དམ་ཚིག་གི་བསྲུང་མཚམས་མ་ཤེས་བཤགས། །ཉམས་ཆག་ཀུན་དག་ཚངས་སུ་དབུགས་དབྱུང་ནས། །སྐྱེ་མེད་ཀྱི་ཆོས་སྐུ་མངོན་གྱུར་ཤོག །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་དམ་ཚིག་གི་རྫས་སུ་འབུལ་ལེན་བཅས་བཟའ་བཏུང་གི་རྣལ་འབྱོར་ནང་གི་སྦྱིན་སྲེག་ཏུ་རོལ་ལ་ཚུལ་བཞིན་སྤྱད། ཧོ། ཕུང་ཁམས་སྐྱེ་མཆེད་ལྷ་ཡི་དཀྱིལ་འཁོར་དུ། །འདོད་ཡོན་ལྔ་ལྡན་ཚོགས་ལ་རོལ་པ་ཡིས། །ནང་གི་ཚོགས་རྫས་ཐེག་ཆེན་འབྲས་བུར་སྤྱོད། །འགྲོ་ཀུན་རྡོ་རྗེའི་ཧེ་རུ་ཀ་འགྲུབ་ཤོག །ལྷག་མ་རྣམས་མས་རིམ་གྱིས་བསྡུས་པ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨ་ཧོ། དཔལ་གྱི་བཀའ་སྡོད་རྣལ་འབྱོར་སྐྱོང་བ་ཡི། །ཞལ་བཞེས་གནས་གསུམ་ཞིང་སྔགས་ལྷན་སྐྱེས་ཀྱི། །དཔའ་བོ་མཁའ་འགྲོ་རྡོ་རྗེའི་དམ་ཅན་ཚོགས། །ལྷག་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སརྦ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ལྷག་གཏོར་ཕྱི་རོལ་དུ་དོར། བླ་མ་

p. 382

དགྱེས་པ་ཆེན་པོའི་གཟི་བྱིན་འབར་བའི་སྐུའི་གནས་ནས་དབང་ལེན་གྱི་དམིགས་པ་དང་བཅས། བླ་མ་རྡོ་རྗེ་འཛིན་པ་ཡི། །དཔྲལ་མགྲིན་སྙིང་ལྟེ་གསང་བ་ནས། །འོད་འཕྲོས་རང་གི་གནས་ལྔར་ཐིམ། །སྒྲིབ་དག་དབང་བཞི་ཐོབ་པ་ལས། །སྐུ་ལྔ་ཡེ་ཤེས་འགྲུབ་པར་གྱུར། །ཅེས་སྤྱི་ཙམ་དང༌། ཁྱད་པར། མཐར་ནི་མདུན་གྱི་ལྷ་ཚོགས་ཀུན། །འོད་ཞུ་རང་ལ་ཐིམ་པ་ལས། །ལུས་ལྷ་ངག་སྔགས་སེམས་ཏིང་འཛིན། །རྡོ་རྗེ་གསུམ་གྱི་རང་བཞིན་གྱུར། །ཅེས་ཆོས་ཉིད་གཉུག་མའི་གཤིས་ལུགས་ཀྱི་ངོ་བོར་བཞག་སྟེ་བླ་མ་རང་སེམས་དབྱེར་མེད་དུ་བལྟ་ཞིང་ཚོགས་དྲུག་གི་འཆར་སྒོ་བཟང་ངན་གྱི་འཛིན་རྟོག་གང་ལའང་སྙེམས་བྱེད་དང་བྲལ་བའི་རོ་སྙོམས་ཀྱི་སྤྱོད་པ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་ལ་བསླབ་པར་བྱའོ། །དགེ་བསྔོ་ནི། དེ་ལྟར་བླ་མ་བསྒྲུབས་པའི་དགེས། །འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཏེ། །ཐམས་ཅད་བྱང་ཆུབ་མཆོག་གི་སར། །རྡོ་རྗེ་འཆང་གི་སྐུ་ཐོབ་ཤོག །ཤིས་བརྗོད་ནི། ཀུན་མཁྱེན་མདོ་

p. 383

སྔགས་གླིང་པས་བཀའ་བརྒྱུད་བསྟན་པའི་བཙས་སུ་བསྔགས་པའི་ཤིས་བརྗོད་བྱིན་རླབས་དང་རྟེན་འབྲེལ་གྱི་ཆེད་དུ་བཀོད་པ་ནི། སྙིང་སྟོབས་ཆེན་པོས་འཕགས་ཡུལ་ལན་མང་བགྲོད། །བློ་གྲོས་ཆེན་པོས་ཆོས་ཀུན་དེ་ཉིད་གཟིགས། །གྲུབ་པ་ཆེན་པོས་ཆོ་འཕྲུལ་ཅིར་ཡང་བསྟོན། །ལོ་ཙཱ་ཆེན་པོའི་ཞབས་ཀྱི་བཀྲ་ཤིས་ཤོག །ནུས་མཐུ་ཆེན་པོས་སྐུ་དགྲ་རྩད་ནས་བཅད། །དཀའ་སྤྱད་ཆེན་པོས་བླ་མ་མཉེས་པར་མཛད། །བརྩོན་འགྲུས་ཆེན་པོས་སྒྲུབ་པའི་རྒྱལ་མཚན་བརྟན། །རས་པ་ཆེན་པོའི་ཞབས་ཀྱི་བཀྲ་ཤིས་ཤོག །ཐེག་པ་ཆེན་པོས་རིགས་མཆོག་ཡོངས་སུ་སད། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། །ཕྲིན་ལས་ཆེན་པོ་མཁའ་དང་མཉམ་པར་བརྡལ། །སྙིང་སྒོམ་ཆེན་པོའི་ཞབས་ཀྱི་བཀྲ་ཤིས་ཤོག །དམ་པ་རྣམས་ལ་གུས་པས་གསོལ་བཏབ་མཐུས། །སྒྲུབ་བརྒྱུད་བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང༌། །

p. 384

བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པར་ཤོག །ཅེས་དང༌། གཞན་ཡང་བཀྲ་ཤིས་པ་བརྗོད་པའི་ཚིག་ཕྲེང་ཇི་ལྟར་རིགས་པས་དགེ་ལེགས་ཀྱི་སྣང་བ་རྒྱས་པར་བྱའོ། །སྒྲུབ་བརྒྱུད་སྤྱི་མེས་སྙི་སྒོམ་ཆེ། །མཆོད་མཆོག་བླ་མའི་རྣལ་འབྱོར་ཚུལ། །མདོར་བསྡུས་མོས་གུས་སྒོ་འབྱེད་འདི། །སྙིང་པོའི་བསྟན་པའི་གསོས་སུ་ཤོག །དགེ་ལེགས་འཕེལ།། །།

དྭགས་པོའི་གསང་ལམ་བླ་སྒྲུབ་ཀྱི་ཟིན་བྲིས་ཉུང་གསལ་གོ་བདེར་བཀོད་པ་ཡེ་ཤེས་རང་གསལ། བློ་གྲོས་མཐའ་ཡས།

p. 385

༄༅། །དྭགས་པོའི་གསང་ལམ་བླ་སྒྲུབ་ཀྱི་ཟིན་བྲིས་ཉུང་གསལ་གོ་བདེར་བཀོད་པ་ཡེ་ཤེས་རང་གསལ་ཞེས་བྱ་བ་བཞུགས་སོ། །

p. 386

ན་མོ་གུ་རུ་པུཎྱེ་རཏྣ་ཡེ། རྒྱལ་བས་ལུང་གིས་བསྔགས་པའི་ཉིན་མོར་བྱེད། །བསྟན་འཛིན་རྒྱུ་སྐར་ཕྲེང་བ་ཟིལ་གྱིས་གནོན། །སྙིང་པོའི་བསྟན་བདག་སྲིད་ཞི་ཡོངས་ཀྱི་མགོན། །དགེ་སློང་འཚོ་བྱེད་ཞབས་ལ་གུས་ཕྱག་འཚལ། །གང་གི་ཟབ་རྒྱས་ཆོས་འཁོར་ལས། །གྲོལ་བ་བཞི་ལྡན་གསེང་ལམ་མཆོག །ལོ་ཟླས་ཆོས་སྐུ་དྲི་མེད་ཞལ། །མཐོང་བར་འདོད་ན་འདིར་འབད་འཚལ། །དེ་ལ་ཆོས་རྒྱལ་ཟླ་འོད་གཞོན་ནུས་མ་འོངས་སྙིང་པོའི་ལམ་བཟང་དོན་དུ་གཉེར་བ་རྣམས་ལ་བརྩེ་བས་དགོངས་ཏེ་གསང་ལམ་བླ་མ་སྒྲུབ་པའི་མན་ངག་ཐོས་གྲོལ་ཁྱད་པར་འཕགས་པ་འདི་ཉིད་སྒམ་པོ་གདར་རིའི་བྲག་སྒོམ་ཞྭའི་མགུལ་ན་གཏེར་དུ་སྦས་པ། རྗེ་ཉིད་ཀྱི་ཞལ་སློབ་སྐྱེས་སྒོམ་ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་རིག་འཛིན་འཇའ་ཚོན་སྙིང་པོས་

p. 387

སྤྱན་དྲངས་ཏེ་སྐལ་ལྡན་མང་པོ་ལ་མཆོག་གི་དངོས་གྲུབ་སྩལ་བར་མཛད་པའི་ཟབ་ཆོས་ཉམས་སུ་ལེན་པའི་ཚུལ་ལ་གཉིས། གཞུང་དོན་རྒྱས་པའི་ལུགས། མན་ངག་མདོར་བསྡུས་པའི་ཚུལ་ལོ། །དང་པོ་ནི། ཐུན་མོང་བློ་ལྡོག་རྣམ་བཞི་རྒྱུད་ལ་འབྱོངས་ནས། ཐུན་མིན་སྔོན་འགྲོ་བསག་སྦྱོང་རྣམས་འབུམ་ཐེར་རམ་རྟགས་ཐོན་བར་དུ་འབད། དེ་ནས་གནས་འགྱུ་གཏན་ལ་དབབ་པ་སོགས་ཀྱི་དགོངས་དོན་ལྟར་ཞི་གནས་ཀྱིས་གཞི་གཏིང་། ལྷག་མཐོང་རང་ངོ་འཕྲོད་པར་བྱས་ཏེ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ལེན་གཅིག་རྐྱ་ཕེར་བ་བྱ། བོགས་འདོན་དུ་རྡོ་རྗེ་རྣལ་འབྱོར་མའི་སྒོམ་བཟླས་ལ་འབད་པས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་འགྱུར་བ་དང༌། བར་དོ་དྲུག་གི་ཁྲིད་རིམ་སོ་སོར་བརྟན་པ་ཐོབ་པ་ལ་

p. 388

སྦྱར། རྒྱུན་གྱི་ཉམས་ལེན་དང་མཐར་ཐུག་གི་སྐྱེལ་སོ་བླ་མ་གསང་སྒྲུབ་ལ་མི་ཚེ་དྲིལ་ཏེ་སྒོམ་མེད་ཆེན་པོ་མི་སློབ་པའི་ཟུང་འཇུག་ཚེ་འདིར་མངོན་དུ་འགྲུབ་པར་བྱ་བ་ཡིན་འདུག་ཀྱང༌། དེང་སང་དུས་སྐལ་བརྩོན་འགྲུས་ཀུན་གྱི་དབང་ལས་སྐལ་བཟང་རེ་རེ་ཙམ་གྱི་སྤྱོད་ཡུལ་དུ་ཟད་དོ། །གཉིས་པ་ལའང༌། རབ་ལོ་སྒྲུབ་སྦྲེལ་མ། འབྲིང་ཟླ་གསུམ་མ། ཐ་མ་བདུན་ཕྲག་གསུམ་དུ་ཉམས་སུ་ལེན་པ་སྟེ། དེའང་ཆོས་རྒྱལ་དྭགས་པོ་ལྷ་རྗེས་འཇའ་ཚོན་སྙིང་པོ་ལ་དག་པའི་སྣང་བར་ཞལ་གདམས་སྩལ་བ་ལས། འདིར་ཕྱི་ནང་གསང་གསུམ་ཕྱེས་ལ། ཕྱི་སྒྲུབ་ཀྱི་དུས་སུ་བླ་མ་དཀོན་མཆོག་སྤྱི་གཙུག་གམ་མདུན་དུ་དམིགས་ཏེ་མཎྜལ་དང་གསོལ་འདེབས་བྱ། ནང་སྒྲུབ་ལ་ཕག་མོའི་བསྙེན་པ་བྱེད། གསང་སྒྲུབ་ལ་བླ་མ་ཐུགས་ཀར་བསྒོམ་ཞིང་འབྲུ་གསུམ་ཡིད་བཟླས་བྱེད། ཡང་གསང་དེ་ཁོ་ན་ཉིད་ཤིན་ཏུ་སྤྲོས་མེད་ཀྱི་མཐར་ཐུག་བྱ་བྱེད་དང་བྲལ་བ་སྒོམ་ཆེན་ཞེས་ཐ་སྙད་ཙམ་ཚིག་ཙམ་དུ་ཟད་པའོ། །ཞེས་པའི་དོན་བཞིན་ལག་ཏུ་བླང་བ་ལའང༌། ཐོག་མར་དལ་འབྱོར་རྙེད་དཀའ། མི་རྟག་འཆི་བ། ལས་འབྲས་བསླུ་མེད། འཁོར་བའི་ཉིས་དམིགས་དྲན་པས་སྐྱོ་ཤས་ངེས་འབྱུང་གིས་བློ་ཆོས་སུ་འགྲོ་བ་གཞིར་བྱས་ཏེ། བསྙེན་སྒྲུབ་བདུན་

p. 389

གསུམ་མ་ལ་དཔེར་མཚོན་ན། བདུན་དང་པོར་ཕྱི་སྒྲུབ་ནི། གོང་མའི་སྒྲུབ་གནས་བྱིན་རླབས་ཆགས་པའམ། ཡིད་མཐུན་དབེན་པའི་གནས་བྱི་དོར་བྱས་ལ་བཀའ་བརྒྱུད་བླ་མའི་སྐུ་བརྙན་གཙོར་བྱས་རྟེན་བཀྲམ་པའི་མདུན་དུ། སྟེགས་གཙང་མ་ལ་མཎྜལ་གཉིས་འཛོམ་ན་ཆེ་ཞིང་ལེགས་པ་ལ་སྒྲུབ་པའི་རྟེན་ཏུ་བྱ་སྟེ། དྲི་བཟང་དང་བ་བྱུང་གིས་ཆག་ཆག་བཏབ། མེ་ཏོག་གམ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད། དེའི་མདུན་དུ་མཆོད་པའི་མཎྜལ་གྱི་ཆས་དང༌། ཆུ་གཉིས་ཉེར་སྤྱོད་ལྔ་སོགས་གང་རྒྱས་བཤམ། འབྲུག་ལུགས་སུ་དགོང་མོར་གཏོར་འབུལ་ཆགས་མེད་མཛད་སྲོལ་ཡོད་འདུག་པ་དེ་ལྟར་བྱེད་ན་ནང་སྒྲུབ་སྐབས་སུ་བཤད་པའི་གཏོར་འབུལ་དང༌། ནུབ་དང་པོར་འདིར་ཚོགས་ཆས་ཀྱང་བསྡོག ལྷའི་རྣལ་འབྱོར་དང་སྔོན་རྗེས་ཀྱི་འདོན་བྱ་དགོས་རིགས་ཕག་མོ་ཤེས་ན་ལེགས། དེ་མིན་རྣལ་འབྱོར་མའི་རིགས་གང་རུང་ཞིག་ལ་བརྟེན་དགོས་པས། ཐོག་མར་དེའི་ལུགས་ཀྱི་སྔོན་འགྲོ་གཏོར་མ་བཏང་ལ་བགེགས་བསྐྲད། མཚམས་ཐོ་བརྩེགས་ལ་སྲུང་འཁོར་བསྒོམ། དེ་ནས་མི་འགྲུལ་གཏོང་ལེན་སོགས་སྤངས་ལ་འགྲུབ་ན་སྨྲ་བའང་བཅད། དགོང་ཐུན་གྱི་ཆ་ཕྱི་དྲོར་བབས་པ་ན་སྟན་བདེ་བར་འདུག །

p. 390

དྲན་པ་མི་གཡེང་བའི་དམ་བཅའ་བྱས་ཏེ་སྐྱབས་ཡུལ་གསལ་འདེབས་པའི་ཚིག །རང་ཉིད་ལྷའི་གསལ་སྣང་ཝལ་ཙམ་གྱི་སྤྱི་བོར་སོགས་བརྗོད་པའི་སྐབས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ལྟ་བུའི་ལྷར་དྲན་ཙམ་བྱ། སྤྱི་བོར་དམིགས་པ་སྟབས་མི་བདེ་ན་མདུན་གྱི་བར་སྣང་ནས་ཞལ་ཚུལ་གཟིགས་སྒོམ་ཡང་རུང་བའི། པད་ཟླའི་གདན་ལ་རྩ་བའི་བླ་མ་ཉིད་འཛམ་གླིང་གྲགས་པའི་རྣམ་པ་ཅན། དེའི་དབུ་ཐོག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་ཐོ་བརྩེགས་དང༌། མཐའ་བསྐོར་དུ་བཀའ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཡི་དམ་འཁའ་འགྲོ་ཆོས་སྐྱོང་གི་ཚོགས་སྤྲིན་འཁྲིགས་པ་ལྟར་བཞུགས་པ་ལ་བདག་སོགས་རིགས་དྲུག་གིས་བསྡུས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གུས་པ་ཆེན་པོས་སྐྱབས་འགྲོ་འུར་དི་རི་བརྗོད་པར་མོས་ལ། སངས་རྒྱས་ཆོས་ཚོགས་ཉེར་གཅིག་ཙམ་དང༌། ཇི་སྙེད་སུ་དག་མ་ལན་གཅིག་བརྗོད། ཚིག་ལྷུག་པའི་སྐྱབས་འགྲོ་ཉིད་བསག་བྱ་དངོས་ཡིན་པས། བླ་མ་ལ་སྐྱབས་སུ་མཆིའོ་མན་ཆད་དྲུག་སྐོར་བརྒྱ་རྩ་ཙམ་བརྗོད། བདག་དང་སྣང་བ་ཐམས་ཅད་སོགས་བརྗོད་པས་སྨོན་འཇུག་གི་སེམས་བསྐྱེད་དང་ཚད་མེད་བཞི་གསལ་བཏབ་པ་ལན་

p. 391

གསུམ་བྱ། དེ་རྗེས་སྐྱབས་ཡུལ་ཁྲོམ་ཚོགས་ཐོ་བརྩེགས་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། ནང་གསང་དང་སྦྲེལ་བ་སོགས་བསྡུས་པའི་སྐབས་འདིར་སྐྱབས་ཡུལ་མི་བསྡུ་བར་དེ་ཀ་ལ་ཚོགས་མགྲོན་བསྣན་པས་ཀྱང་ཆོག །རིག་འཛིན་འཇའ་ཚོན་ཞལ་ཤེས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ནས་གསན་པ་ལྟར་ན། སྐྱབས་ཡུལ་རྒྱས་པ་བརྒྱུད་པ་ཡོངས་རྫོགས་ཐོ་བརྩེགས་སུ་བཞུགས་པའང་ཏཻ་ལོ་པའི་ཕྱོགས་བཞིར་བཀའ་བཞི་བརྒྱུད་པ་ཚང་བར་གསལ་གདབ། འབྲིང་པོར་བཀའ་བཞི་བརྒྱུད་པ་མི་དགོས། བསྡུས་པ་རྩ་བརྒྱུད་བླ་མ་ཀུན་འདུས་འཇའ་ཚོན་སྙིང་པོའི་སྤྱི་བོར་དྭགས་པོ་ལྷ་རྗེ་གསལ་བཏབ་ལ་དྭགས་པོའི་སྤྱི་བོར་རྡོ་རྗེ་འཆང་བསྒོམ་པས་ཆོག་པར་གསུངས་སོ། །དེ་ནས་ཚོགས་བསག་པ་ལ་ཚོགས་ཞིང་ནི། མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་བཀོད་པ་ལྟ་བུའི་ས་ཕྱོགས། ཕོ་བྲང༌། ཁྲི་གདན། མཆོད་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་མོས་ལ། ཐམས་ཅད་དུ་ནི་སོགས་བྱིན་རླབས་བཞི་སྐོར་དང༌། མ་ལུས་སེམས་མགོན་སོགས་ཕྱོགས་བཅུའི་ཞིང་ཁམས་ནས་ཚོགས་ཞིང་རྣམས་སྤྱན་དྲངས་ཏེ་སྔགས་བརྗོད་པས། དབུས་སུ་རྩ་

p. 392

བའི་བླ་མ་ཉིད་ཆོས་རྗེ་སྒམ་པོ་པའི་རྣམ་པ། དབུ་ཐོག་ནས་བརྒྱུད་པའི་བླ་མ་ཐོ་བརྩེགས། མཐའ་བསྐོར་རྩ་བརྒྱུད་བླ་མ་གཞན་དང་ཡི་དམ་རྒྱལ་བ་སྲས་དང་སློབ་མའི་ཚོགས། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་རིམ་པས་བསྐོར་ཏེ་བཞུགས་པ་ལ་ལྷ་མོའི་ཚོགས་ཀྱིས་སྐུ་ཁྲུས་གསོལ་བར་མོས་ལ་ཁྲུས་སྔགས་ཁོ་ནའམ། སྤྲོ་ན་ཇི་ལྟར་བལྟམས་པ་སོགས་ཤླཽ་ཀ་གཅིག་བརྗོད། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་ལ་གང་གི་དྲིན་གྱིས་སོགས་ཤླཽ་ཀ་གཉིས་པོ་བརྗོད་པ་དང་སྦྲག་ལ་དངོས་སུ་ཕྱག་བརྒྱ་རྩ་འཚལ། གཞན་ཡང་ཕྱག་འཚལ་བའི་ཚིག །ཇི་སྙེད་སུ་དག་སོགས་ཤླཽ་ཀ་བཞི་དང༌། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་གང་འོས་བརྗོད་ཀྱང་ཆོག །དེ་ནས་མཆོད་པའི་མཎྜལ་ལག་ལེན་སྤྱི་ལྟར་བྱ་བ་བཞིན་དུ་ཚིག་ལྷུག་པས་ཚོམ་བུ་སོ་བདུན་མ་བཀོད། ས་གཞི་སྤོས་བྱུགས་ཤླཽ་ཀས་ཚར་བརྒྱ་འབུལ། མཉེས་བྱེད་མཎྜལ་བཟང་པོ་སོགས་དང༌། མེ་ཏོག་དམ་པ་ནས་ཕྱག་འཚལ་མཆོད་པར་

p. 393

བགྱི། །ཞེས་པའི་བར་ཡང་བརྗོད། ཕྱི་ནང་གསང་མཆོད་རྒྱས་པར་སྤྲོ་ན། རབ་འབྱམས་རྒྱ་མཚོ་དང༌། ཁ་དོག་དབྱིབས་ལེགས་སོགས་ཚིགས་བཅད་སྤྱི་འགྲོ་སྦྱར་ཆོག་ལ། བསྡུ་ན་སྔགས་མཆོད་ཁོ་ན་བྱ། འབྲིང་དུ་བྱེད་ན་ཆོས་གླིང་གསུང༌། རྒྱལ་བ་དངོས་བྱོན་ཆོས་རྗེ་སྒམ་པོ་པ། །རབ་འབྱམས་ཚོགས་ཞིང་རྒྱ་མཚོར་བཅས་པ་ལ། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་སྤྲིན་དང༌། །སྣང་སྟོང་དབྱེར་མེད་ཟུང་འཇུག་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་འཁོར་ལོར་རྟག་རོལ་བའི། །མཁའ་ཁྱབ་བློ་ལས་འདས་པའི་ངང་དུ་འབུལ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་གནས་དག་སྟེ། །དཀོན་མཆོག་བླ་མའི་གོ་འཕང་ཐོབ་པར་ཤོག །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ནས་ཤབྡའི་བར། བཛྲ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། མ་ཧཱ་སུ་ཁ་རྣམས་སྦྱར་བས་མཆོད། འདོད་ཆགས་

p. 394

ཞེ་སྡང་སོགས་ཀྱིས་བཤགས་པ་མན་ཆད་ཡན་ལག་ལྷག་མ་རྣམས་ཀྱང་སྦྱར། དེ་ནས་གསོལ་བ་གདབ་པ་ནི། རང་ཉིད་དུས་གསུམ་རྒྱལ་ཡུམ་སོགས་བརྗོད་ལ། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ཁར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་དར་ཟབ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་ཉིད་འཛམ་གླིང་གྲགས་པའི་རྣམ་པར་བཞུགས་པ་དང༌། སྔར་གྱི་ཚོགས་ཞིང་རྣམས་ཀྱང་མོས་གུས་ཀྱི་རྟེན་དང་གསོལ་བ་འདེབས་པའི་ཡུལ་དུ་བྱས་ཏེ། མ་ནམ་བཞི་སྐོར་སྟོང་ཕྲག་ནས་བརྒྱ་རྩ་ཡན་ཅི་འགྲུབ་དང༌། བདག་དང་སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། སོགས་འདོད་དོན་གསོལ་བའང་སྐབས་སྐབས་སུ་བརྗོད་དེ་གསོལ་འདེབས་བརྒྱ་རྩ་ལ་འདོད་གསོལ་ཉེར་གཅིག་བརྗོད་པའམ། འགྲུབ་ན་གཉིས་ཀ་སྦྲེལ་ནས་བསགས་ཀྱང་ཤིན་ཏུ་ལེགས་སོ། །མཐར་མདུན་གྱི་ནམ་མཁར་བཞུགས་པའི་མཐའ་བསྐོར་ཐམས་ཅད་རིམ་པར་ནང་མ་ལ་ཐིམ་ནས་ཐམས་ཅད་གཙོ་བོ་ལ་འདུས། དེ་འོད་དུ་ཞུ་

p. 395

ནས་སྙིང་གའི་བླ་མ་ལ་ཐིམ། མོས་གུས་དྲག་ཏུ་བསྐྱེད། བླ་མ་འོད་དུ་ཞུ། སྐུའི་ཆ་འོད་ཟེར་དཀར་པོའི་རྣམ་པས་རང་གི་ལུས། གསུང་གི་ཆ་འོད་ཟེར་དམར་པོའི་རྣམ་པས་ངག །ཐུགས་འོད་ཟེར་སྔོན་པོའི་རྣམ་པས་རང་གི་སེམས་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་པར་མོས་ལ་ཐུགས་ཡིད་བསྲེས་ཏེ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན། སྐྱེ་ཞིང་སྐྱེ་བ་སོགས། དགེ་བ་འདི་ཡིས་སོགས་བརྗོད་ལ་དགེ་བ་བསྔོ་ཞིང་ཤིས་བརྗོད་སྤྱི་མཐུན་བྱས་ལ་ཐུན་གྲོལ། སླར་སྲོད་ཐུན་ལ་སྐྱབས་ཡུལ་གསལ་གདབ་ནས་བརྩམ། གསོལ་འདེབས་བསྡུ་ལྡང་ཡན་སོང་ནས་གཏོར་འབུལ་སྤྲོ་ན་ནང་སྒྲུབ་ལྟར་བྱ། ནུབ་དང་པོ་ལ་ཕག་མོ་ལྟ་བུའི་ཚོགས་མཆོད་ཀྱང་ཕུལ་ལ་བསྔོ་སྨོན་ཤིས་བརྗོད་སོགས་གསང་བ་སྤྱིའི་འགྲོས་ལྟར་རོ། །ཕྱིར་ནང་ནས་ཐུན་བཞིར་གཅོད་པའི་རེ་རེ་བཞིན་མཆོད་པ་གསར་དུ་བརྗེ་གྲུབ་ན་ཤིན་ཏུ་ལེགས། མ་འབྱོར་ནའང་ཁ་གསོ་སོགས་ཅི་འབྱོར་ཚོགས་རྫོགས་པའི་ཆེད་ཡིན་པས་གལ་ཆེ། དེ་དག་ནི་ཕྱི་སྒྲུབ་ཀྱི་རིམ་པ་སྟེ་འདི་ལ་སྐྱབས་སེམས། ཕྱག་མཆོད། མཎྜལ། གསོལ་འདེབས་རྣམས་གཙོ་བོར་བྱ་དགོས་པ་ཡིན་ནོ། །བདུན་གཉིས་པར་ནང་

p. 396

སྒྲུབ་ནི། སྟེགས་བུའི་སྟེང་སྒྲུབ་པའི་མཎྜལ་གྱི་མདུན་དུ་བླ་གཏོར་ཟླུམ་པོ་རྒྱན་ལྡན། གཡས་གཡོན་གང་བདེར་གཏེར་བདག་གཏོར་འབུལ་དཀར་བཤོས་ཟླུམ་པོ་ལ་མདུན་དང་གཡོན་དུ་ཟླུམ་པོ། གཡས་དང་རྒྱབ་ཏུ་ཟུར་གསུམ་སྟེ་འཁོར་བཞི་དང་ཐེབས་ཀྱུས་བསྐོར་བ་བཤམ། མཆོད་པ་སོགས་གསར་དུ་བརྗེ། རང་གི་མདུན་དུ་བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་ཀ་པཱ་ལ། ཐོད་པའི་ཌཱ་རུ་དང་རྐང་གླིང༌། དམར་གསུར་ཚིལ་བུ་རྣམས་བསྡོགས། ཚོགས་ཀྱི་ཡོ་བྱད། གསེར་སྐྱེམས་སོགས་ཀྱང་འདུ་བྱས་ལ། དགོང་ཐུན་སྐབས། ཉམས་ལེན་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཡོད་པ་ལས། དང་པོ་ནི། ཕྱི་སྒྲུབ་སྐྱབས་ཡུལ་གསལ་འདེབས་ནས། བླ་མ་རང་ལ་བསྡུ་བའི་བར་ཚང་བ་བཏང༌། གྲངས་བརྒྱ་ཕྲག་དགོས་པ་རྣམས་ཚར་བདུན་རེ་ཙམ་ལ་བསྡུ། དེ་ནས་གཉིས་པ་ལ་བསྐྱེད་བཟླས་གཉིས་ཀྱི་དང་པོ་བདག་བསྐྱེད་ནི། སྭ་བྷཱ་ཝ་སོགས་དང༌། རྃ་ཡྃ་ཁྃ་གིས་གཟུང་འཛིན་ཐམས་ཅད་སྟོང་པར་སྦྱང༌། དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་ལྡངས་པའི་ཚུལ་དུ་རང་ཉིད་རྡོ་རྗེ་ཕག་མོ་གནས་བཞིར་ཡི་གེ་བཅས་གསལ་གདབ། དེའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་སྤྲིན་འཁྲིགས་པ་ལྟར་བཞུགས་པར་

p. 397

བསམས་ལ། དམར་གསུར་བཏང༌། ཌཱ་མ་རུ་འཁྲོལ་ཞིང་སྔགས་བརྗོད་པའི་མཐར་རྐང་གླིང་འབུད། ས་བོན་གྱི་ཡིག་འབྲུ་ལས་འཕྲོས་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་ཅིང་བསྟོད་པར་དམིགས་ལ་མཆོད་བསྟོད་ཀྱི་ཚིག་བརྗོད་པའི་མཐར་དམ་ཡེ་བསྲེ། སླར་ཡང་དབང་ལྷ་རིགས་ལྔ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་ཞིང་རྣམ་སྣང་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་རྒྱས་གདབ། དམིགས་པ་གོང་དང་མཚུངས་པས་རང་ཉིད་ལ་མཆོད་ཅིང་བསྟོད་ལ་ལྷའི་ང་རྒྱལ་དྲག་ཏུ་བསྐྱེད། གསལ་སྣང་ཐོན་ངེས་སུ་སེམས་བཟུང༌། སྣང་སེམས་སྟོང་ཉིད་གསུམ་རོ་མཉམ་པའི་དག་སྦྱོར་ལ་བསླབ་བོ། །གཉིས་པ་བཟླས་པའི་སྐབས་འདིར། གཞུང་དང་རྒྱལ་ཚབ་གསུང་མཐུན་པར་སྣང་གྲགས་ལྷ་སྔགས་སུ་གསལ་བཏབ་པ་ཙམ་གསུངས། དྭགས་པོའི་ལུགས་སུ་སྙིང་ཁར་པད་ཉིའི་སྟེང་ས་བོན་སྔགས་ཕྲེང་དང༌། འབྲུག་ལུགས་སུ་ལྟེ་བར་ཉི་མའི་སྟེང་ས་བོན་སྔགས་ཕྲེང་བསྒོམ་པར་བཞེད། ལས་དང་པོ་པ་ལ་ཕྱི་མ་གཉིས་ལྟར་ལེགས་པར་སྣང་བས། ས་བོན་བྃ་ཡིག་གི་མཐར་ཨོཾ་གསུམ་མའི་སྔགས་ཕྲེང་གཡས་བསྐོར་ཡིག་ངོ་ནང་བསྟན་དུ་བཀོད་ནས་གཡོན་དུ་འཁོར། ཐམས་ཅད་ཀྱང་ཁ་དོག་དམར་སེར་མར་མེ་

p. 398

ལྟར་གསལ་ལ་འོད་འབར་བ་བསྒོམས་ཏེ་བཟླས་པའི་གཞི་གསལ་ཐེབས་ནས་སྔགས་ཕྲེང་ཉིད་ཀློག་པའི་ཚུལ་གྱིས་བཟླ། དེ་ལ་སེམས་བརྟན་ནས་སྔགས་ཕྲེང་གཡོན་བསྐོར་དྲག་ཏུ་འཁོར་བ་ལས་དམར་པོ་ཤས་ཆེ་བའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་བསྡུས། སྣོད་བཅུད་ཀྱི་དངོས་འཛིན་དང་ཉེས་སྐྱོན་སྦྱང་། སྣོད་ཀྱི་འཇིག་རྟེན་རང་བྱུང་ཆོས་འབྱུང་གི་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འབའ་ཞིག་པར་གྱུར་ནས་རྡོ་རྗེའི་སྔགས་སྒྲས་ཞིང་ཀུན་ཁྱབ། དེ་ཐམས་ཅད་ཀྱང་རང་སེམས་སྟོང་པ་ཉིད་ཀྱི་རང་བཞིན་ལས་མ་གཡོས་པར་ཤེས་པའི་དྲན་པ་དང་མ་བྲལ་བའི་ངང༌། བཟླས་པའི་སྐྱོན་རྣམས་སྤངས་ལ་སྙིང་པོ་ངག་བཟླས་ཐུན་རེ་ལ་སྟོང་ཕྲག་རེ་ལས་མི་ཉུང་བ་བྱའོ། །གསུམ་པ་རྗེས་ཐུན་མཚམས་ལ་བབས་པའི་ཚེ། ནང་མཆོད་བསང་སྦྱང༌། ཤ་ལྔ་བདུད་རྩི་ལྔ་སྦྱངས་རྟོགས་སྦར་གསུམ་གྱི་དགོངས་པས་དམ་ཚིག་གི་རྫས་སུ་བྱིན་གྱིས་བརླབ་པ་སོགས་འདོན་ཆ་རྣམས་གཞུང་གསལ་ལྟར་ལ། འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་གཡོན་བསྐོར་བྱས་ལ། ཕེཾ་སོགས་གོང་གི་སྤྱན་འདྲེན་གྱི་སྔགས་བརྗོད་པས། རང་དང་འདྲ་བའི་རྗེ་བཙུན་མ་ལ་བླ་མ་ཡི་དམ་

p. 399

སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཏེར་བདག་གི་ཚོགས་ཀྱིས་བསྐོར་བ་ནམ་མཁའ་གང་བ་ཙམ་བྱོན། ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སད་ནས་བར་སྣང་དུ་བཞུགས་པར་མོས་ལ་མཆོད་པ་དང་བསྟོད་པ་འབུལ། བདུད་རྩི་ཀཱ་པ་ལ་ལག་གཡས་སུ་ཐོགས་ལ། ཆང་སྣ་བཞི་ཡི་ཆང་ཕུད་སོགས་བརྗོད་པའི་མཐར་སྟེགས་སུ་བཞག །ལག་གཡས་པས་ཌཱ་མ་རུ་འཁྲོལ། གཡོན་པའི་མཐེབ་སྲིན་སྦྱར་བས་བདུད་རྩི་འཐོར་ཚུལ་གཞུང་གསལ་ལན་གསུམ་ལ། སྔགས་ཚར་རེ་བརྗོད་ཅིང་དམིགས་པ་དང་སྤྲད་དེ་ཕྱི་ནང་མཆོད་རྫས་བཅས་བྱིན་བརླབ་གསུམ་བྱ། བརྒྱུད་མཆོད་ཚིག་ལྷུག་པ་ལྟར་བྱས་ཀྱང་ལེགས་མོད། ཚིགས་བཅད་ཆོས་གླིང་གསུང་ལྟར། ཨོཾ་གསུམ་མ་ཚར་གཅིག་དང༌། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མར། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཚིག་རྐང་གཉིས་དང་

p. 400

འབྲུ་གསུམ་རིགས་འགྲེའོ། །གྲུབ་ཆེན་ཏཻ་ལོ་མཁས་མཆོག་ནཱ་རོ་པར། །མངའ་བདག་ལོ་ཙཱ་རྗེ་བཙུན་རས་ཆེན་ལ། །འཛམ་གླིང་གྲགས་པ་འཇའ་ཚོན་སྙིང་པོ་ལ། །མི་ཕམ་བློ་གྲོས་ཀུན་དགའ་ལྷུན་གྲུབ་ལ། །ཆོས་ཀྱི་དབང་ཕྱུག་ཐུགས་ཀྱི་རྡོ་རྗེ་ལ། །བདེ་ཆེན་རྡོ་རྗེ་འཇམ་དཔལ་དཔའ་བོ་ལ། །ཆོས་ཀྱི་སྣང་བ་པདྨ་ཉིན་བྱེད་ལ། །དྲིན་ཅན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་ཚོགས་ལ། །མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གཞི་བདག་ལ། །ཞེས་བརྗོད། རང་ཉིད་ཀྱང་བདུད་རྩི་ཅུང་ཟད་མྱངས་ལ་འབྲུ་གསུམ་བརྗོད་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་མོས། དགོང་ཐུན་སྐབས་གཏོར་འབུལ་སྤྲོ་ན་འདིར་སྦྱར་ཆོག །དེ་ནས་འཁོར་གྱི་རྣལ་འབྱོར་མ་ཐམས་ཅད་གཙོ་མོ་ལ་འདུས། དེའི་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་ལས་འོད་ཟེར་རང་གི་གནས་གསུམ་ལ་ཐིམ་པ་སོགས་དབང་བཞི་བླངས་པའི་མཐར་རང་

p. 401

གི་སྤྱི་བོར་བྱོན། འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར། རང་གི་ས་བོན་གྱི་འོད་ཀྱིས་ཕྱི་སྣོད་ནང་བཅུད་རྣམས་རིམ་པར་རང་ཉིད་ལ་བསྡུས། རང་ལྷར་གསལ་བ་ཡང་ཐུགས་ཀའི་ས་བོན་ལ་བསྡུས་ཏེ་ས་བོན་ཡང་ཟླ་ཕྱེད་ཐིག་ལེ་ནཱ་ད་ལ་རེག་པའི་བར་བསྡུས་ལ་དམིགས་མེད་ཀྱི་ངང་ལ་ཅི་གནས་བཞག །སླར་ཡང་སྔགས་ཀྱི་རང་སྒྲས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་དགེ་བསྔོ་ཤིས་བརྗོད་བྱ་ཞིང་སྤྱོད་ལམ་གྱི་ལམ་ཁྱེར་ལ་བསླབ་བོ། །སླར་ཡང་སྲོད་ཐུན་གྱི་འདོན་སྒོམ་སྔ་མ་ལྟར་ཚང་བར་བྱ། ཐུན་མཚམས་ནང་མཆོད་ཕུལ་ཟིན་པའི་རྗེས་སུ་ཚོགས་མཆོད་རེ་ངེས་པར་ཕུལ་ལ། དབང་ལེན་མཐར་རྫོགས་རིམ་དུ་བསྡུས་ཏེ་དམིགས་མེད་ཀྱི་ངང་ནས་མཚན་མོའི་སྤྱོད་ལམ་ལ་འཇུག །ཐོ་རེངས་དང་སྔ་ཐུན་གྱི་ཐུན་སོགས་ཀྱང་གོང་དང་འདྲ་ལ། ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ་དང༌། དགོང་ཐུན་མཐར་གཏོར་འབུལ། སྲོད་ཐུན་ལ་ཚོགས་འཁོར་རྒྱས་པ་བྱས་ན་འདོན་ཚུལ་སྟབས་བདེ་བར་འོང་ཞིང༌། ཐུན་ཕྱི་མ་རྣམས་ལ་སྔོན་འགྲོ་གྲངས་ཉུང་ཙམ་རེས་ཆོག །གཞུང་དུ་ཚོགས་འཁོར་གྱི་གསལ་ཁ་མི་འདུག་ཀྱང་གསང་སྔགས་ཀྱི་ཆོ་གའི་ཁ་སྐོང་ཡིན་སྟབས་ཞག་བདུན་མ་ལ་ནུབ་རེ་བཞིན་དང༌། ཡུན་

p. 402

རིང་སྐབས་མི་འཁྱོངས་ན་དབུ་མཐའ་བར་གསུམ་དུ་ངེས་པར་དགོས། བསྙེན་པའི་ཚད་ནི་སུམ་འབུམ་བཞི་ཁྲི་སྟེ་སྤྱི་ཁྱབ་ཡིན་ཀྱང༌། བདུན་ཕྲག་གཅིག་ལ་ནི་ཅི་འགྲུབ་བཟླ་བ་ཙམ་མོ། །དེ་ལ་མཁོ་བའི་གཏོར་འབུལ་ནི། གཏོར་མ་རྣམས་ལ་ཆུ་གཙང་དང་ནང་མཆོད་བྲན་ལ། བསང་སྦྱང་བྱིན་བརླབ་གཞུང་གསལ་བདུད་རྩི་མཆོད་པ་ལྟར་བྱ། རང་གི་སྙིང་གའི་འོད་ཟེར་གྱི་སྣང་བས་འཁོར་འདས་བརྟན་གཡོ་ཐམས་ཅད་བླ་མ་ཡི་དམ་དབྱེར་མེད་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སད་པར་གྱུར་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བླ་མ། ཨོཾ་གསུམ་མ་ལ་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་ཡི་དམ། ཨ་ཀཱ་རོ་ལན་གསུམ་གྱིས་དཀོན་མཆོག་སོགས་སྤྱི་ཁྱབ་ཏུ་འབུལ་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་

p. 403

རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་འབུལ་ལོ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཕྲིན་ལས་གསོལ། གཏེར་བདག་གཏོར་མ་དང་གསེར་སྐྱེམས་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བརླབ། ཨ་ཀཱ་རོ་སོགས་གསུམ་གྱིས་བསྔོས་ལ། འདོད་ཡོན་ལྔ་ལྡན་དམ་རྫས་གཏོར་མ་འདི། །ཟབ་གཏེར་སྲུང་མ་ལྷ་གཉེན་འཁོར་བཅས་ལ། །འབུལ་གྱིས་དགྱེས་པར་བཞེས་ལ་བདག་ཅག་གི །འགལ་རྐྱེན་ཀུན་ཞི་ཚེ་དང་བསོད་ནམས་སྤེལ། །སྙིང་པོ་དོན་

p. 404

གྱི་བསྟན་པ་དར་བ་དང༌། །བདག་ཅག་སྒྲུབ་པ་པོ་རྣམས་ཏིང་འཛིན་འཕེལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་ལ། །བར་གཅོད་བྲལ་ཞིང་རྒྱལ་ཁམས་ཀུན་ཏུ་ཡང༌། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཕྲིན་ལས་མཛོད། །ཅེས་བརྗོད་པས་དབུལ་ཞིང་ཕྲིན་ལས་བཅོལ། སྠཱ་ནཾ་གཙྪཿ ས་གཤེགས། འདིའི་གཏོར་འབུལ་རྒྱས་པར་སྤྲོ་ན་ཀར་གླིང་གཏེར་གཞུང་ལྟར་བྱའོ། །དེ་ནི་ནང་སྒྲུབ་སྟེ་རྡོ་རྗེ་རྣལ་འབྱོར་མའི་བསྙེན་པ་གཙོར་བྱ་བའོ། །བདུན་གསུམ་པར་གསང་སྒྲུབ་ནི། ནང་སྒྲུབ་སྔ་ཐུན་ལ་སོང་བའི་ཕྱི་ཐུན་དེ་ཀར། སྔོན་འགྲོ་ཚོགས་བསགས། ཕག་མོའི་སྒོམ་བཟླས། བདུད་རྩི་མཆོད་པ་བཅས་ཁྱུག་ཙམ་རེ་བྱས་ལ་དབང་བླང༌། མདུན་གྱི་ལྷ་རང་ལ་ཐིམ་པའི་རྗེས་དེར། རང་ཉིད་རྒྱལ་ཡུམ་དུ་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ཞེས་པ་ནས་ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། ཅེས་པའི་བར་བརྗོད་ལ་གསལ་གདབ། ཕྱི་

p. 405

སྒྲུབ་སྐབས་སུ་ཡོད་པའི་མ་ནམ་བཞི་སྐོར་གྱི་གསོལ་འདེབས་འདོད་གསོལ་སྦྲེལ་མ་གྲུབ་ན་ལེགས། མི་ལྕོགས་ན་གསོལ་འདེབས་བརྒྱ་རྩ་ཙམ་དང༌། འདོད་གསོལ་ཉེར་གཅིག་ཙམ་བརྗོད། དེ་ནས་ཨོཾ་ཨཱཿཧཱུྃ། ཞེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་ཏུ་གྱུར་པའི་རྡོ་རྗེའི་འབྲུ་གསུམ་པོ་ལྕེ་མི་བསྐྱོད་པ་ཡིད་ཁོ་ནས་བཟླ། བསྙེན་པའི་ཚད་འབུམ་ཕྲག་གསུམ་དུ་གསུངས་པས་ཐུན་རེ་ལ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་རེ་རེ་བཟླས་པས་ཞག་བདུན་ལ་སུམ་འབུམ་ལྷག་བཅས་འགྲོ། ཐུན་མཐར་སྒམ་པོ་ལུགས་སུ་བསྡུ་ལྡང་ནང་སྒྲུབ་ལྟར་བྱ་བར་བཞེད། འབྲུག་ལུགས་བླ་མ་འོད་ལྔའི་རང་བཞིན་རང་ལ་ཐིམ་པར་མོས་པ་དང༌། གཞུང་གི་དགོངས་པ་བླ་མ་རང་སེམས་དབྱེར་མེད་སྤྲོས་བྲལ་གཉུག་མའི་གཤིས་སུ་འཇོག་པར་གསུངས་ཤིང་གཏེར་སྟོན་ཉིད་ཀྱང་དེ་ལྟར་བཞེད་པར་གསལ་ལོ། །གང་ལྟར་གསང་སྒྲུབ་སྐབས་འདིར་ལྷ་དང་བླ་མ་གསལ་བཏབ་ནས་མོས་གུས་དྲག་པོས་གསོལ་བ་འདེབས་པ་བླ་མ་སྤྲུལ་སྐུར་སྒྲུབ་པ་སྐུ་རྡོ་རྗེའི་རྣལ་འབྱོར། འབྲུ་གསུམ་ཡིད་བཟླས་བྱ་བ་ལོངས་སྐུ་དང་གསུང༌། ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་ཆོས་སྐུ་དང་ཐུགས་ཏེ་སྐུ་གསུམ་དང་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་

p. 406

བརྩོན་པའོ། །ཐུན་མཚམས་དང་ཐུན་ལྷག་མ་རྣམས་ཀྱི་བྱ་བ་ནི་སྔ་མ་རྣམས་ཀྱིས་འགྲེ། འདིར་གཞུང་ལས་ལྷ་དང་བླ་མ་དབྱེར་མེད་གསུངས་པའི་གོ་དོན་ནི། རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། རང་གི་སེམས་ཉིད་ལྷན་སྐྱེས་བདེ་བ་ཆེན་པོ་མི་ཤིགས་པའི་ཐིག་ལེ་ཉིད་བླ་མའི་རྣམ་པར་ཤར། ཁྱབ་བདག་ཀུན་བྱེད་རྒྱལ་པོ་དེའི་གསལ་མདངས་རང་ལུས་ཡི་དམ་ལྷའི་ཕྱག་རྒྱར་སྣང༌། དེ་ལས་ཀྱང་སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གདོད་ནས་སྣང་བ་ནི། རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་རྟེན་དང་བརྟེན་པ་ཉི་མ་དང་འོད་ཟེར་བཞིན་ངོ་བོ་རྣམ་དབྱེར་མེད་པར་ཤེས་དགོས་པའི་དོན་ནོ། །བསྒོམ་དོན་ནི་རང་ལུས་རྡོ་རྗེ་རྣལ་འབྱོར་མ་སྣང་སྟོང་དབྱེར་མེད་ནང་སྒྲུབ་ལྟར་གསལ་བཏབ་པའི་སྙིང་པད་དཀར་དྲི་མེད་འདབ་མ་བརྒྱད་པས་ཉན་ཐོས། དེ་སྟེང་ཟླ་བའི་དཀྱིལ་འཁོར་ཉ་གང་བས་བྱང་སེམས། དེ་སྟེང་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་སྒམ་པོ་པ་འོད་སྐུར་བསྒོམ་པས་རྡོ་རྗེ་ཐེག་པ་

p. 407

མཚོན་ལ། དེའང་ཚུལ་ཁྲིམས་ཀྱི་ཕུང་པོ་རྫོགས་པས་རབ་བྱུང་གི་ཆ་ལུགས། ཏིང་ངེ་འཛིན་གྱི་ཕུང་པོ་རྫོགས་པས་དབུ་ལ་སྒོམ་ཞྭ་དང་ཕྱག་མཉམ་བཞག །ཤེས་རབ་ཀྱི་ཕུང་པོ་རྫོགས་པས་སྲིད་ཞིའི་མཐའ་སྤངས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། རྣམ་གྲོལ་གྱི་ཕུང་པོ་རྫོགས་པས་མཚན་དཔེས་ཡོངས་སུ་སྤྲས་པ། ཡེ་ཤེས་ཀྱི་ཕུང་པོ་རྫོགས་པས་འོད་ཀྱི་དྲྭ་བས་སྲིད་ཞི་ཁྱབ་པ། དྲན་པ་དང་སྒོམ་པ་ཙམ་གྱིས་ཡོན་ཏན་སྐྱེ་བའི་ཚུལ་རྣམས་གཞུང་ལྟར་ཡང་ནས་ཡང་དུ་གསལ་གདབ། རྒྱལ་ཚབ་གྲགས་མཆོག་གིས་ཕྱི་སྒྲུབ་དང་འདི་གཉིས་ཀར་མཉམ་མེད་དྭགས་པོའི་སྐུ་མཁྱིད་གང་པའི་ཐུགས་ཀར་རང་གི་རྩ་བའི་བླ་མའི་སྐུ་ཚོན་གང་བ་བསྒོམ་པར་གསུངས་པ་གཏེར་སྟོན་ཞལ་ཁྲིད་དུ་ངེས་པ་དང༌། མཁྱིད་གང་ལ་ཚོན་གང་བ་ཞེས་དཔེ་རྒྱུན་རྣམས་སུ་འདྲ་མིན་སྣང་མོད་སྔ་མ་ཉིད་དག་པར་མངོན་ནོ། །གསོལ་འདེབས་སྔ་ཕྱི་རྣམས་ཀྱི་སྐབས་སུ་བརྒྱུད་པའི་གསོལ་འདེབས་ཀྱང་བྱ་བའི་ལུགས་ལྟར་སྤྲོ་ན་བྱ་ཆོག་མོད། གཙོ་བོར་གཞུང་གསལ་ཉིད་སྐད་ཀྱི་གཟེངས་བསྟོད། སྒྲ་གསལ་ལ་དག་པར་མཆི་མ་འཁྲུགས་ཤིང་བ་སྤུ་གཡོ་བའི་མོས་གུས་དྲག་པོ་དང་མ་བྲལ་བའི་ཡིད་རྩེ་གཅིག་པས་འདོན་པ་ཁོ་ན་གལ་ཆེ། མི་

p. 408

བསྐྱོད་ཞབས་དང་ནོར་བུ་བརྒྱན་པས་མཛད་པ་སོགས་དྭགས་པོའི་གསོལ་འདེབས་བྱིན་རླབས་ཅན་རྣམས་འདོན་གྲུབ་ནའང་ལེགས་སོ། །ཡིད་བཟླས་སྐབས་གཞུང་གི་དགོངས་པ་དངོས་ནི། གསོལ་འདེབས་ཀྱིས་དྲངས་པའི་མོས་གུས་ཕྱག་རྒྱ་ཆེན་པོ་དང་བླ་མའི་ཐུགས་དབྱེར་མེད་དུ་འདྲེས་པ་དེའི་ངོ་བོ་རང་བབས་བཟོ་མེད་དུ་བསྐྱང་བ་ཁོ་ན་ཡིན་ལ། འོན་ཀྱང་གང་ཟག་ཐ་མལ་པ་མོས་གུས་ཀྱི་རྩལ་ཆུང་ལ་གནས་ལུགས་མ་བཅོས་པ་བསྐྱང་མ་ཤེས་ན་ཡེངས་འཁྲུལ་དབང་དུ་མི་ཤོར་བའི་ཐབས་གཞན་ལ་བརྟེན་དགོས་པས། རྒྱལ་ཚབ་གྲགས་མཆོག་གིས། རྔུབ་པ་ཧཱུྃ་ལ་གནས་པ་ཨཱཿ འགྲོ་བ་ཨོཾ་ལ་རབ་ཏུ་སྦྱར། །ཞེས་རིམ་ལྔ་ལས་རྡོར་བཟླས་ཀྱི་རྣམ་གྲངས་བཞིར་བཤད་པའི་བྱེ་བྲག་བརྡར་གྱུར་རྡོར་བཟླས་བྱ་བར་བཞེད་པ་དང༌། འབྲུག་ལུགས་ལྟར་ན། སྙིང་གའི་བླ་མའི་སྐུ་གསུང་ཐུགས་ཀྱི་ཆ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་འཁོར་འདས་ཁྱབ། རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་སྤྱན་དྲངས་བླ་མ་ལ་ཐིམ། ཁམས་གསུམ་གྱི་སྣོད་བཅུད་མ་དག་པའི་མཚན་རྟོག་སྦྱངས་ནས་ཐམས་ཅད་ཀྱང་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་རང་བཞིན་ཏུ་སྦྱངས་

p. 409

སྨིན་རྫོགས་པར་བྱས། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྲུ་གསུམ་རྣམ་པར་འཕྲོས་རང་གི་ལུས་ངག་ཡིད་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་དག་པའི་འཁོར་ལོ་འབྱམས་ཀླས་པར་དམིགས་ཏེ་ཐུན་གཅིག་ལ་ཆ་གསུམ་དུ་བགོས་པའི་ཆ་གཉིས་དམིགས་པ་བྱ་བ་ནི་བསྐྱེད་རིམ་དང༌། ཆ་གཅིག་ལ་ཡིད་བཟླས་དང་དམིགས་མེད་བསྲེ་བ་རྫོགས་རིམ་གྱི་ཆ་གཙོར་བཏོན་པར་བཞེད། གང་ལྟར་ཐུན་མཐར་གནས་ལུགས་ཀྱི་ངང་དུ་མཉམ་བཞག་ཅི་ནུས་བྱ། གསང་སྒྲུབ་ཞག་བདུན་ཕྲག་གཅིག་རྫོགས་པའི་སྔ་ཐུན་ལ་མཆོད་བསྟོད་ཚོགས་མཆོད་སོགས་རྒྱས་པར་ཕུལ་ཏེ། མཚམས་གྲོལ་བར་བྱས་ལ་ཐོ་འགྲོལ། ཞག་བར་མི་དང་མི་འཕྲད་པ་སོགས་མཚམས་སྤྱི་མཐུན་བཞིན་ནོ། །ཟླ་བ་ཞག་གྲངས་སོགས་སྤར་འབྲིད་ཇི་ལྟར་བྱེད་ཀྱང༌། སྒྲིག་རིམ་འདི་ཁོ་ན་དང་དུས་ལ་ཆ་བགོས་ཀྱི་བསྙེན་པའི་མང་ཉུང་སོགས་གོང་འོག་གི་རིགས་འགྲེ་ཤེས་པར་བྱའོ། །ཐུན་མཚམས་ཕྱི་སྒྲུབ་སྐབས་སུ་མོས་གུས་ཀྱི་ཤུགས་དང་མ་བྲལ་བས་ཚོགས་བསགས་སྒྲིབ་སྦྱོང་ཅི་ཙམ་འགྲུབ་པ་ལ་ཆོག་ཤེས་མེད་པར་བྱ། ནང་སྒྲུབ་སྐབས་སུ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོས་སྤྱོད་ལམ་ཁྱེར་སོ་རྣལ་འབྱོར་མའི་སྤྱི་གཞུང་ལྟར་

p. 410

སྤྱད། གསང་སྒྲུབ་སྐབས་སུ་བླ་མའི་མོས་གུས་དང་གཉུག་མའི་རང་བབ་དབྱེར་མེད་དུ་འདྲེས་པའི་དྲན་ཤེས་ཆུ་བོའི་རྒྱུན་བསྐྱང་བ་རྣམས་གལ་ཆེའོ། །རྗེ་འདི་ཉིད་སྙིང་པོའི་བསྟན་པ་སྤེལ་བའི་མཆོག་ཏུ་མདོ་སྡེ་གསུམ་ནས་རྒྱལ་བས་ལུང་བསྟན་པ་ལ་བསྙོན་དོར་དང་ཀྱོག་བཤད་ཀྱིས་བསྒྲུབ་མ་དགོས་ཤིང༌། བསྟན་པའི་དོན་བཞིན་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་གྲུབ་ཐོབ་ཆུ་བོའི་རྒྱུན་ལྟ་བུ་སྤེལ་བ་དང༌། ད་ལྟའང་གསོལ་བ་འདེབས་པ་རྣམས་ལ་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བ་མངོན་སུམ་གྱིས་གྲུབ་པ་མ་ཟད། ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་རྒྱལ་བ་འོད་དྲི་མ་མེད་པ་ཞེས་བྱ་བར་སངས་རྒྱས་ནས་འཚོ་ཞིང་གཞེས་ལ་མངོན་སུམ་དུ་བཞུགས་ཡོད་པར་སྣང་བས་སངས་རྒྱས་ཀྱི་སྤྱན་ལ་ཉེ་རིང་མི་མངའ་བས་མི་ལུས་དོན་ལྡན་མཛད་པ་པོ་མཆིས་ན་འདི་ལ་གཡར་དམ་དུ་བྱ་བར་རིགས་སོ། །འཇིག་རྟེན་གསུམ་མགོན་ཟླ་འོད་གཞོན་ནུ་ཡི། །གསང་གསུམ་བྱིན་རླབས་བདག་གཞན་རྒྱུད་ལ་ཞུགས། །ཡོན་ཏན་ཀུན་བརྒྱན་རྒྱལ་བའི་ཞིང་སྐྱེས་ནས། །བདེ་གཤེགས་འོད་ཟེར་དྲི་མེད་མཉེས་བྱེད་ཤོག །འདི་ལ་སྒམ་པོ་རྩ་བའི་ལུགས་སོགས་གཞུང་རྐྱང་སོར་བཞག་ཅུང་ཟད་བསྡུས་ཆེས་པ་དང༌། འབྲུག་ལུགས་ལ་ལམ་ཟབ་ཁ་སྐོང་དང་དམིགས་པའི་

p. 411

འཕྲུལ་བཟོ་ཅུང་ཟད་མང་སྐྱོན་ལྟ་བུར་སྣང་བས། རྒྱས་བསྡུས་འཚམས་པའི་ཁུལ་དུ་རྒྱལ་དབང་པདྨ་ཀ་ར་དང་ཆོས་རྒྱལ་དྭགས་པོ་ལྷ་རྗེ་དབྱེར་མེད་པའི་རྗེས་འཇུག་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ལས་གསུང་མཆོག་པདྨའི་རྫོང་དབང་ཆེན་རོལ་པའི་ཕུག་པར་སྦྱར་བ་དགེ་ལེགས་འཕེལ།། །།

མཉམ་མེད་རྗེ་བཙུན་སྒམ་པོ་པ་རིན་པོ་ཆེའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག་གི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་བཀླག་ཆོག་ཏུ་བཀོད་པ་ཉི་མའི་སྙིང་པོ་ཡེ་ཤེས་རྒྱན་གྱི་བླ་བྲེ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ།

p. 412
p. 413

༄༅། །མཉམ་མེད་རྗེ་བཙུན་སྒམ་པོ་པ་རིན་པོ་ཆེའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག་གི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་བཀླག་ཆོག་ཏུ་བཀོད་པ་ཉི་མའི་སྙིང་པོ་ཡེ་ཤེས་རྒྱན་གྱི་བླ་བྲེ་ཞེས་བྱ་བ་བཞུགས་སོ། །

p. 414

གུ་རུ་ཤྲཱི་ཙིནྡྷ་མ་ཎི་པུཎྱེ་རཏྣ་ཡེ་ན་མོ། གཉུག་མ་ལྷན་ཅིག་སྐྱེས་པའི་གར། །ཡེ་ཤེས་ཐིག་ལེ་འགྱུར་མེད་བདེ། །རང་རིག་ཟླ་འོད་གཞོན་ནུར་བཞེངས། །སྐུ་ལྔའི་ཁྱབ་བདག་བླ་མར་འདུད། །གཞན་གྱིས་བརྗོད་མིན་ཕྱག་རྒྱ་ཆེ། །བླ་མའི་དྲིན་ལ་ལྟོས་པའི་ཕྱིར། །དེ་ཉིད་སྒྲུབ་པའི་ཞལ་གདམས་ཀྱི། །ངག་འདོན་བཀླག་པས་གྲུབ་པར་བཤད། །དེའང་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྙིང་པོ་མེད་པ་ཆུ་ཡི་ལྦུ་བ་ལྟར་མི་རྟག་ཅིང་། སྲིད་པའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་པ་མ་གཏོགས་བདེ་བའི་གནས་སྐབས་གཅིག་ཀྱང་མེད་པར་ཤེས་ཤིང་། ཤིན་ཏུ་རྙེད་དཀའི་དལ་འབྱོར་ཡིད་བཞིན་འབྱུང་བའི་རིན་པོ་ཆེ་ལས་ལྷག་པ་འདི་དོན་མེད་ཀྱི་ལམ་དུ་ཆུད་གསན་པར་མི་ཟ་བའི་སྐྱེས་བུ་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས། ཚེ་འདིར་ལྟོས་པ་སྤུ་ཙམ་མེད་པར་གཏན་བདེ་བྱང་ཆུབ་ཆེན་པོ་

p. 415

འདོད་པའི་བློ་ལྡན་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བའི་སྙིང་པོ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བྱིན་རླབས་ཀྱི་ལམ་ལས་ཅིག་ཆར་དུ་ཐོབ་པར་བྱེད་པ་ཉིད་ཡིན་ལ། ཁྱད་པར་རང་རེ་དྭགས་པོའི་བཀའ་བརྒྱུད་པ་རྣམས་བླ་མ་མིན་པར་བསམ་རྒྱུ་མེད་པའི་མོས་གུས་དཀར་པོ་ཆིག་ཐུབ་ཀྱི་ལམ་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཟེར་བའི་སྒྲ་བོ་ཆེ། གཡེར་པོ་ཆེ་དེ་ཉིད་སྟན་ཐོག་གཅིག་གམ་ཚེ་གཅིག་ལ་མངོན་དུ་བྱེད་པར་འདོད་པ་རྣམས་ཀྱིས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་མངོན་སུམ་དུ་ལུང་གིས་བསྟན་པའི་བདག་ཉིད་ཆེན་པོ་དེ་ཉིད་ཀྱིས་ད་ལྟའི་ལྷ་རྗེ་སྙི་སྒོམ་ཞེས་སྒོམ་བཙུན་རྒན་པོ་འདི། མ་འོངས་པར་སྙན་གྲགས་ཆེས་ཆེར་འབྱུང་ཞིང་། བྱིན་རླབས་ཀྱི་བབ་ཆེན་པོ་གཞན་ལས་ཁྱད་ཐོན་ཞིང་། བརྒྱུད་འཛིན་གྱི་གྲུབ་ཐོབ་ཆུ་བོའི་རྒྱུན་ལྟ་བུ་ཡོང་ལས་ཆེ། མོས་གུས་ཀྱི་གསོལ་འདེབས་ནུས་པས་ཆོག །ད་ལྟ་དང་མི་འདྲ་བའི་བྱིན་རླབས་མྱུར་བ་ཞིག་དེའི་ཚེ་

p. 416

ཡོང་། ཁོ་བོས་སེམས་ཅན་གྱི་དོན་དུ་དགེ་བའི་ལས་ཚན་པོ་ཆེ་བསགས་ཡོད་པ་ཡིན། སྨོན་ལམ་དང་སེམས་བསྐྱེད་ཀྱི་ས་བོན་རྒྱ་ཆེན་པོ་བཏབ་ནས་ཡོད། ཅེས་པ་ལ་སོགས་ཞལ་གྱིས་བཞེས་ཤིང་། དབུགས་དབྱུང་བསྩལ་བ་བཞིན་མངོན་སུམ་དུ་གྲུབ་པ། ས་བཅུའི་རྒྱུན་མཐར་བཞུགས་པའི་སྐྱེས་བུ་ཆེན་པོ། ཆོས་རྗེ་རིན་པོ་ཆེ་འཛམ་གླིང་གྲགས་པ་དང་། མཉམ་མེད་བསོད་ནམས་རིན་ཆེན་ནམ། རྗེ་བཙུན་སྒམ་པོ་པ་ཆེན་པོའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་བྱའི་སྙིང་པོ་མ་ནོར་བ་ཡིན་ཞིང་། དེའང་གང་ཟག་ཕལ་པ་བདག་ལྟ་བུས་བརྩམས་པའི་མིང་པོ་ཆེ། ཚོང་འདུས་ཀྱི་འོ་མ་ལྟ་བུ་མ་ཡིན་པ། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པར་འཚང་རྒྱ་བར་ངེས་པའི་བླ་མ་རྡོ་རྗེ་འཆང་གི་ཞལ་ལུང་། བྱིན་རླབས་ཀྱི་དྲོད་མ་ཡལ་བ། མོས་གུས་ཀྱི་གསེང་ལམ་ལས་བླ་མའི་གོ་འཕང་ཆེན་པོ་སྟན་ཐོག་གཅིག་ཏུ་སྒྲུབ་པའི་ལམ་ཟབ་ཀྱི་མན་ངག་ཉམས་སུ་བླང་བའི་ཆོ་ག་འདི་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། སྒྲུབ་བརྒྱུད་གོང་མས་བྱིན་གྱིས་བརླབས་ཤིང་། བཀྲ་ཤིས་ལ་རྒབ་དྲོ་བ། དཔྱད་ལེགས་པའི་གནས་སུ་བསམ་གཏན་ཁང་དུ་ཕྱག་བདར་གྱིས་གཙང་བར་བྱས་ཤིང་། བྱིན་རླབས་ཅན་གྱི་རྟེན་དང་། ཡིད་དུ་འོང་བའི་སྤྱན་གཟིགས་བཀྲམ་པའི་གོང་དུ། མཉམ་པའི་སྟེགས་བུའི་དབུས་སུ་མཉྫིའི་ཁར། སྒྲུབ་པའི་དམིགས་རྟེན་རིན་པོ་ཆེའི་མཎྜལ་སྐྱོན་གྱིས་མ་གོས་པར་དྲི་བཟང་དང་བ་བྱུང་གི་ཆུས་ཆག་ཆག་བཏབ་པར། མེ་ཏོག་གམ་འབྲུ་དཀར་

p. 417

གྱི་ཚོམ་བུ་གཙོ་འཁོར་ལྔ་པ་བཞུགས་སུ་གསོལ། དབང་དང་འབྲེལ་ན་གཡས་སུ་བུམ་གདན་ཆོས་འབྱུང་དམར་པོ་བསྣོལ་མའམ་མཎྜལ་ཚོམ་བུ་གཅིག་པའི་ཁར། བུམ་པ་སོ་ལྔའི་རྫས་ལྡན་མགུལ་ཆིངས་དམར་པོ་ཅན་དུང་ཞལ་གཟུངས་རྡོར་བཅས་དང་། གཡོན་དུ་བླ་མ་ཡབ་ཡུམ་གྱི་གསང་རྫས་རྙེད་ན་རབ། མ་རྙེད་ན་བདུད་རྩི་རིལ་བུ་བཏབ་པའམ་མེད་ན་མངར་གསུམ་དང་སྦྱར་བ་བྷནྡྷ་མཚན་ལྡན་དུ་བསྩལ་བའི་ཁར། མེ་ལོང་སིནྡྷུ་རའི་མཎྜལ་ཆོས་འབྱུང་བསྣོལ་བའི་ལྟེ་བར་པདྨ་འདབ་བཞིའི་དབུས་སུ་བྃ། དེའི་མཐར་མདུན་ནས་དབུ་བརྩམ་ཡིག་ངོ་ནང་བསྟན་གཡས་བསྐོར་གྱིས་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ་བཞག །དར་དམར་ཁ་གང་གྲུ་གསུམ་དུ་ལྟེབས་པས་ཞལ་ཁེབ་དགབ། སློབ་དཔོན་གྱི་མདུན་ནམ་དཀྱིལ་འཁོར་གྱི་མདུན་གཡོན་དུ་ལས་བུམ་ཆིངས་ལྗང་ཅན་བཀོད། གང་ལྟར་ནའང་རྒྱབ་ཏུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གོང་གཏོར་ལྔ་ཚོམ་མམ་མ་ལྕོགས་ན་བླ་གཏོར་རྒྱན་ལྡན། དེའི་གཡོན་དུ་གཏེར་བདག་སྒམ་པོ་ལྷ་རྩེ་ལ་བསྔོ་རྒྱུའི་གཏོར་མ་དཀར་བཤོས་ཟླུམ་པོ་འཁོར་བདུན་དང་། གཡོན་དུ་དཀར་ཟླུམ། གཡས་དང་རྒྱབ་ཏུ་ཟུར་གསུམ་དམར་པོ་རྣམས་རྒྱན་ལྡན་གྱི་མཐར་མཐེབ་ཀྱུས་བསྐོར། གཡས་སུ་མཆོད་པའི་མཎྜལ། མདུན་དུ་བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་ཀ་པཱ་ལ་དང་ཆུ་གཉིས་ཉེར་སྤྱོད། གཞན་ཡང་ཚོགས་ཀྱི་ཡོ་བྱད། སྤོས་ཆེན་གྱི་ཚབ་མི་འཆི་བཅུའི་ཕབས་ལྡན་གྱི་དྲི་

p. 418

ཞིམ་པོའི་སྦྱར་སྤོས། སྔོན་གཏོར། མཆོད་གཏོར་ཁ་གསོ་རྒྱུའི་ཡོ་བྱད་རྣམས་དང་། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་མ་རུ། རྐང་གླིང་། མེ་ཏོག་སོགས་བཀོད་ལེགས་སུ་བཤམས། འདི་ནི་དཀྱུས་ཀྱི་སྒྲུབ་མཆོད་དང་། དབང་བསྐུར་དང་། ཚོགས་མཆོད་བྱེད་པའི་ལུགས་ཡིན་གྱི། ཕྱི་ནང་གསང་སྒྲུབ་སོ་སོའི་ཉམས་ལེན་དངོས་ཀྱི་སྐབས་སུ་འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་བསྩལ་བའི་ཡིག་ཆར་གསུངས་པ་བཞིན་བྱ་དགོས་སོ། །གཉིས་པ་དངོས་གཞི་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ལ། རྡོ་རྗེའི་གསུང་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་དེ། །ཞེས་གསུངས་པས་ཚེ་འདི་ལ་མི་ཆགས་ཤིང་། སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ངེས་སུ་བཅུག །བླ་མ་དང་དཀོན་མཆོག་ལ་བློ་བཀལ་ཏེ། ལུས་རྣམ་སྣང་ཆོས་བདུན་བྱ། ངག་གིས་བརྗོད་པའི་དོན་ཡིད་ཀྱིས་གསལ་གདབ་ཅིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། མོས་གུས་དཀར་པོ་ཆིག་ཐུབ་མི་འབྲལ་བར་ཟུང་འཇུག་གཅིག་ཤེས་ཀུན་གྲོལ་གྱི་ས་མཱ་དྷི་ལ་གནས་པས། སྣང་གྲག་རྟོག་ཡུལ་དག་པའི་སྣང་བ་སྦྱང་བ་ནི། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ།

p. 419

གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར་པར་བསམ། བདུད་རྩི། ཨོཾ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་རྡོ་རྗེའི་ཀ་པཱ་ལར། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །རླུང་མེད་བཀོལ་བས་དྲི་མ་སྦྱངས། །དམ་ཚིག་བདུད་རྩིར་འཁྱིལ་བའི་སྟེང་། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི། །བདུད་རྩི་སྤྱན་དྲངས་གཉིས་མེད་འདྲེས། །ཡེ་ཤེས་བདུད་རྩི་ཆེན་པོར་སྦར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། སྔོན་གཏོར་བདུད་རྩི་ལྟར་བྱིན་བརླབས་ནས། མགྲོན་རྣམས་ཕེཾ་གྱིས་སྤྱན་དྲངས། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་གཏོར་མ་འབུལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧྭ། ཨོཾ་བཛྲ་པུཥྤེ་ནས་ཤབྟའི་བར་གྱིས་མཆོད། ཞིང་སྐྱོང་དཔའ་བོ་མཁའ་འགྲོའི་ཚོགས། །མཆོད་སྦྱིན་

p. 420

གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་བཟློག་མཐུན་རྐྱེན་སྤེལ། །ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ་ཞིང་། བགེགས་རྣམས་ལ། གང་དག་ནག་པོའི་ཕྱོགས་གྱུར་ཅིང་། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །ཞེས་བཀའ་བསྒོས་ལ། སུམྦྷ་ནིས་བསྐྲད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་དྲྭ་བ་དང་གུར་བླ་བྲེ་རུ་གྱུར། ཧཱུྃ། སྤྲུལ་པའི་མཁའ་འགྲོ་

p. 421

ཕྲ་མེན་མ། །སྣ་ཚོགས་གཟུགས་ཅན་མ་རྣམས་ཀྱིས། །སྟེང་འོག་ཕྱོགས་མཚམས་སྒོ་སྡོམས་ལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཞེས་མཚམས་བཅད། ལས་ཀྱི་རྡོ་རྗེས་ཕྱག་འཚལ་ནས། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །དཔའ་བོ་མཁའ་འགྲོ་མཉེས་བྱ་དང་། །ཡོན་བདག་བསོད་ནམས་བསྐྱེད་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་ས་ལ་བཞུགས། །ས་མཱ་དྷི་ཀྲ་མ་ཧོཿ ཞེས་ཏིང་ངེ་འཛིན་བསྐུལ། མཆོད་གཏོར་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་སྣོད། །ཡངས་ཤིང་རྒྱ་ཆེར་ཧཱུྃ་ཡིག་ལས། །བྱུང་བའི་རྡོ་རྗེའི་མཆོད་པའི་སྤྲིན། །ཀུན་བཟང་སྨོན་ལམ་ལྟ་བུར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་ཤབྟའི་བར་གྱིས་བྱིན་གྱིས་བརླབ་བོ། །ཚོགས་ཞིང་གསལ་གདབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྤྱི་བོར་གྱད་དང་སེང་གེས་བཏེགས་པའི་རྡོ་རྗེ་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་

p. 422

ལ། དུས་གསུམ་གྱི་དཀོན་མཆོག་ཀུན་འདུས་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དེ་ཉིད་ཆོས་རྗེ་རིན་པོ་ཆེ་འཛམ་གླིང་གྲགས་པའི་རྣམ་པ་ཅན། ཚད་མེད་པའི་དགྱེས་འཛུམ་གཟི་འོད་འབར་བ། དེའི་དབུ་ཐོག་ནས་ཡར་ལ་རྗེ་བཙུན་བློ་གྲོས་མཐའ་ཡས། རྒྱལ་དབང་ཐེག་མཆོག་རྡོ་རྗེ་ཞྭ་ནག་གསེར་མདངས་ཅན། བྱམས་མགོན་པདྨ་ཉིད་བྱེད། ཀུན་གཟིགས་ཆོས་ཀྱི་སྣང་བ། ཡོངས་འཛིན་འཇམ་དཔལ་དཔའ་བོ། གྲུབ་དབང་བདེ་ཆེན་རྡོ་རྗེ། རིག་འཛིན་ཐུགས་ཀྱི་རྡོ་རྗེ། ཁམས་པ་ཀུན་དགའ་བསྟན་འཛིན། མཐུ་ཆེན་ཆོས་ཀྱི་དབང་ཕྱུག །བདེ་ཆེན་ཆོས་མགོན་སྐུ་ཕྲེང་གསུམ་པ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། ཆོས་རྗེ་མི་ཕམ་བློ་གྲོས། ཨོ་རྒྱན་འཇའ་ཚོན་སྙིང་པོ། དེ་ཐམས་ཅད་ཀྱང་སྐུ་ལ་ཆོས་གོས་རྣམ་གསུམ། དབུ་ལ་སྒོམ་ཞྭ་མཐོང་གྲོལ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཕྱག་

p. 423

གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། དེའི་སྤྱི་བོར་མཉམ་མེད་ཟླ་འོད་གཞོན་ནུ། རྗེ་བཙུན་རྡོ་རྗེ་རྒྱལ་མཚན། མངའ་བདག་ཆོས་ཀྱི་བློ་གྲོས། མཁས་མཆོག་ནཱ་རོ་པཎ་ཆེན། གྲུབ་ཆེན་ཏཻ་ལོ་སངས་རྒྱས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྣམས་ཐོ་བརྩེགས་སུ་བཞུགས་པའི་ཕྱོགས་མཚམས་དང་མཐོང་ཡུལ་བར་སྣང་ཐམས་ཅད་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འཇའ་སྤྲིན་འཐིབས་པའམ། དཔེར་ན་དཔག་བསམ་གྱི་ཤིང་ལོ་འབྲས་འཕྱོ་བ་ལྟར་བཞུགས་ཤིང་། བརྩེ་བའི་སྤྱན་གྱིས་གཟིགས་པ་དང་། འོག་ནས་རིགས་དྲུག་སྲིད་པ་གསུམ་གྱིས་བསྡུས་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱང་བང་རིམ་གྱི་ཚུལ་དུ་གནས་ནས། བདག་གིས་འདྲེན་དཔོན་ཚུལ་དུ་བྱས་པས་སྐྱབས་འགྲོ་འུ་རུ་རུ་ངག་གིས་འདྲེན་ཅིང་། ཡིད་གུས་པས་སྐྱབས་སུ་འགྲོ་བ་དང་

p. 424

ལུས་གུས་པས་ཕྱག་འཚལ་བར་བསམ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་རྣལ་འབྱོར་བསྟེན་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ཉེར་གཅིག་ལ་སོགས་པས་སྐྱབས་སུ་སོང་ནས། ཡན་ལག་བདུན་པ་འབུལ་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ནས་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་

p. 425

རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་

p. 426

ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་

p. 427

བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །བར་བརྗོད། ཁྱད་པར་གྱི་སྐྱབས་སུ་འགྲོ་བ་ནི། བླ་མ་སྐྱབས་སུ་མཆིའོ། །སངས་རྒྱས་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །

p. 428

ཞེས་རྩེ་གཅིག་པའི་ཡིད་ཀྱིས་བརྒྱ་རྩའམ། ཉེར་གཅིག་ལ་སོགས་པས་བརྗོད་མཐར། སེམས་བསྐྱེད་པ་ནི། བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ། ལུས་ངག་ཡིད་གསུམ་དཀར་པོ་དགེ་བའི་ལས་ལ་ཅི་ནུས་ཀྱིས་འབད་པར་བྱའོ། །ཞེས་ཅི་ནུས་སུ་གྲངས་བསགས་ཤིང་བྱང་ཆུབ་ཀྱི་སེམས་ལ་བློ་བཞག །སེམས་བསྐྱེད་པ་འདི་ཡི་མཐུ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞིའི་ཕྲིན་ལས་ཀྱི་རྩལ་སྦྱང་། བརྒྱུད་པའི་བླ་མའི་ཞལ་རྒྱུན་ཚོགས་ཞིང་བསྡུ་བར་འདོད་

p. 429

ན། དེ་ལྟར་བགྱིས་པའི་སྐྱབས་ཡུལ་ཐུགས་རྗེའི་འོད། །མཁའ་ཁྱབ་འགྲོར་ཞུགས་སྒྲིབ་སྦྱངས་ཡེ་ཤེས་ཀྱི། །ལུས་གྱུར་དག་པའི་ཞིང་ཁམས་རྣམས་སུ་གཤེགས། །སྐྱབས་ཡུལ་དགྱེས་པས་འོད་ཞུ་བདག་ལ་ཐིམ། །སྤྲོས་བྲལ་ཡེ་ཤེས་ཁྱབ་བརྡལ་ཀློང་དུ་བཞག །ཅེས་ཉམས་བསྐྱང་། དེ་ནས་བྱིན་རླབས་བཞི་སྐོར་གྱི་སྒྲིབ་སྦྱང་བསྒྲུབ་པའི་སླད། ཚོགས་རྟེན་སླར་ཡང་གསལ་གདབ་པ་ནི། གཞུང་གི་དགོངས་པ་བཞིན་སྐྱབས་ཡུལ་དེ་ཉིད་གཙོ་བོར་བྱས་ཏེ་ཞིང་མཆོག་རྣམས་སྤྱན་འདྲེན་པ་གཉིས་གང་མོས་བློ་དང་བསྟུན། གང་ལྟར་ཡང་། རྡོ་རྗེའི་གསུང་ལས། མཎྜལ་འབུལ་ཞིང་གསོལ་བ་གདབ། ཅེས་པའི་དོན་ལག་ཏུ་བླངས་པའི་ཐོག་མར་རྒྱལ་བ་རྣམས་ཀྱི་ཞིང་སྦྱོང་བའི་སྨོན་ལམ་དང་། མཛད་སྤྱོད་ཀྱི་རྗེས་སུ་སློབ་པའི་ཏིང་འཛིན་གྱིས། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་པས་ས་གཞི་ཞིང་གི་བཀོད་པར་བྱིན་གྱིས་

p. 430

བརླབ། བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང་། །རིན་ཆེན་བདུན་ལས་གྲུབ་པ་ཡི། །ཚད་མེད་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །ཅེས་ཐར་པ་ཆེན་པོའི་ཕོ་བྲང་དུ་བྱིན་གྱིས་བརླབ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་བདག་འབུལ་ན། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ཆོས་ཀྱི་ཁྲི་སྟན་བྱིན་གྱིས་བརླབ། ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པས། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །ཅེས་མཆོད་པའི་སྤྲིན་ཆེན་པོར་བྱིན་གྱིས་བརླབས་ནས། ཚོགས་ཞིང་སྔར་ལྟར་རྩ་བརྒྱུད་ཀྱི་བླ་མ་ཐོ་བརྩེགས་ལ་བཀའ་བརྒྱུད་བླ་མ་

p. 431

ལ་སོགས་རྩ་གསུམ་རྒྱ་མཚོས་བསྐོར་བ་གསར་དུ་སྤྱན་འདྲེན་པའམ། སླར་ཡང་ཞིང་མཆོག་གྲངས་མེད་སྤྱན་དྲངས་པ། སྔར་གསལ་བའི་རྟེན་དང་དབྱེར་མེད་དུ་བཞུགས་པ་གང་བྱེད་སྐབས་དང་བསྟུན་ཏེ་གུས་པ་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཞེས་དབྱངས་ཀྱི་རྔ་དང་། སྤོས་ཀྱི་སྤྲིན། རོལ་མོའི་སྒྲ་རྣམས་མ་ག་དྷ་བཟང་མོའི་རྟོགས་བརྗོད་ལ་སོགས་ནས་འབྱུང་བ་བཞིན་རྒྱལ་བའི་ཞིང་རབ་འབྱམས་ཀུན་ཏུ་ཁྱབ་པས། རྒྱལ་བ་རྩ་གསུམ་མཆོག་གསུམ་སྲུང་མ་དང་བཅས་པ་སྤྱན་དྲངས་པ་མངོན་སུམ་དུ་བྱོན་ནས་རང་རང་གི་ཁྲི་སྟན་ལ་བཞུགས་སུ་གསོལ་བས། རང་གཞན་རྡོ་རྗེའི་གནས་ཐོབ་པའི་རྟེན་འབྲེལ་བསྒྲིགས་པར་བསམས་ལ། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་གདན་འབུལ། སྤྲུལ་པའི་ལྷ་མོའི་ཚོགས་ཀྱིས་གླུ་གར་རོལ་མོའི་སྒྲས་མཆོད་ཅིང་ཁྲུས་གསོལ་བས་བདག་རྒྱུད་ཀྱི་དྲི་

p. 432

མ་དག་པར་བསམ་ལ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད། ཕྱག་གིས་བསྙེན་བཀུར་བས་མཚན་དཔེས་བརྒྱན་པའི་སྐུར་ལྷ་ཡིས་མཆོད་པའི་གནས་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པར་མོས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཇི་སྙེད་སུ་དག་སོགས་ཤོ་ལོ་ཀ་བཞིའམ། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་

p. 433

བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུལ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ནས་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ། །མ་འགགས་སྣ་ཚོགས་ལྷ་ཡི་སྐུ། །མཐའ་ཡས་སྣ་ཚོགས་རྒྱུད་སྡེ་བཞིའི། །ཡི་དམ་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལ་སྤྱོད་པའི་གནས་མཆོག་ནས། །མངོན་ཤེས་རྫུ་འཕྲུལ་ནུས་སྟོབས་ཅན། །སྒྲུབ་པོར་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོར་ཕྱག་འཚལ་ལོ། །ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་བོའི་སྐུར། །བསྐལ་པའི་མེ་

p. 434

ལྟར་འབར་བ་ཡི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བརྗོད། མཆོད་པས་བསྙེན་བཀུར་ཚོགས་རྫོགས་ནས་སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་མ་ལུས་པ་ཐོབ་པའི་རྟེན་འབྲེལ་འགྲིགས་པར་བསམ་ལ། སྣོད་བཅུད་ཡོངས་རྫོགས་མཎྜལ་འབུལ་བ་ནི། མཆོད་པའི་མཎྜལ་ལག་ལེན་སྤྱི་ལྟར་གྱིས་ཡིག་བརྒྱ་བརྗོད་ཅིང་རྡུལ་ཕྱིས་པས་སྒྲིབ་གཉིས་དག་པར་བསམས་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་སོགས་ཀྱིས་ཚོམ་བུ་སོ་བདུན་མ་བཀོད་ཅིང་འབུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་ཤོ་ལོ་ཀས་ཚོམ་བུ་བདུན་ནམ་གྲངས་མང་དབུལ། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་བཅས་དང་། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་

p. 435

བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུར་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ་གིས་འབུལ་ཞིང་། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁར་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་མཎྜལ་གྱི་སྨོན་ལམ་གདབ། གཞན་ཡང་བདག་པོས་མ་བཟུང་བ་བླ་མེད་ཀྱི་མཆོད་པ་རྣམས་འབུལ་བ་ནི། མེ་ཏོག་དམ་པ་སོགས་ཤླཽ་ཀ་གསུམ་བརྗོད། དེ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་བས། སྔགས་རྒྱུད་རྒྱ་མཚོའི་སྣོད་དང་། བདག་པོ་རྡོ་རྗེ་འཆང་གི་གནས་ཐོབ་པའི་རྟེན་འབྲེལ་ཅན་དུ་བྱོན་པར་མོས་ལ།

p. 436

རྒྱལ་བ་དངོས་བྱོན་རྗེ་བཙུན་སྒམ་པོ་པ། །རབ་འབྱམས་ཚོགས་ཞིང་རྒྱ་མཚོར་བཅས་པ་ལ། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །གཟུགས་སྒྲ་དྲི་རོ་རེག་བྱ་མཆོད་སྤྲིན་དང་། །སྣང་སྟོང་དབྱེར་མེད་ཟུང་འཇུག་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་འཁོར་ལོར་རྟག་རོལ་བའི། །ཟག་མེད་རྣམ་གསལ་རྡོ་རྗེའི་མཆོད་པ་ཆེ། །མཁའ་ཁྱབ་བློ་ལས་འདས་པའི་ངང་དུ་འབུལ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་གནས་དག་སྟེ། །དཀོན་མཆོག་བླ་མའི་གོ་འཕང་ཐོབ་པར་ཤོག །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ་ནས་ཤབྟའི་བར་དང་། བཛྲ་རཱུ་པ། ཤབྟ། གནྡྷེ། རཱ་ས། སྤརྴེ། མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་རྣམས་སྦྱར་བས་མཆོད། ཅུང་ཟད་སྤྲོ་བར་འདོད་ན། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་

p. 437

གནས་པའི་དྲི་མ་དག་གྱུར་ཅིག །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿ ཧཱུྃ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་གྱུར་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡང་བས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་དྷཱུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཉོན་མོངས་དུག་

p. 438

བསྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། སྟོང་གསུམ་ཀུན་ཏུ་དྲི་ངད་དང་ལྡན་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་བཤམས་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་

p. 439

དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་པའི་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་ཤབྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞེས་ཕྱི་མཆོད་དང་། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །

p. 440

ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་ཤབྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་

p. 441

དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་རཱ་ས་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་སྤརྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞེས་ནང་མཆོད་དང་། བལྟ་དང་རྒོད་དང་ལག་འཛིན་དང་། །འཁྱུད་དང་གཉིས་སྤྲོད་སོགས་མཆོད་པས། །དབང་བསྐུར་བ་ནི་གྱུར་ནས་བདག །དཀྱིལ་འཁོར་ཀུན་གྱི་དོན་རྟོགས་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གསང་མཆོད་དང་། རང་བཞིན་མེད་པའི་གནས་གོམས་པས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་

p. 442

རྟོགས་བྱེད་པའོ། །ཞེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཅས་འབུལ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །སོགས་ཡན་ལག་ལྷག་མ་རྣམས་ཀྱང་བྱ། དེ་ནས་བྱིན་རླབས་མྱུར་དུ་འཇུག་བྱེད་གསོལ་འདེབས་ཀྱི་རྣལ་འབྱོར་ནི། རང་ཉིད་དུས་གསུམ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བའི་ཐུགས་ཀར་རིན་པོ་ཆེའི་ཁྲི། དར་ཟབ་ཀྱི་ཕོ་ལང་། པདྨ་ཉི་ཟླ་བརྩེགས་པའི་གདན་ལ། བརྟན་གཡོ་འཁོར་འདས་ཡོངས་ཀྱི་བདག་ཉིད་ཡིད་བཞིན་གྱི་ནོར་བུ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རབ་བྱུང་གི་ཆ་ལུགས། དབུ་ལ་སྒོམ་ཞྭ་དང་། ཕྱག་གཉིས་མཉམ་བཞག །ཞབས་གཉིས་སྐྱིལ་ཀྲུང་། ལྷུན་ཆགས་གཟི་བྱིན་འབར་བ། མདུན་དུ་བཞུགས་པའི་ཚོགས་ཞིང་དཀོན་མཆོག་རྒྱ་མཚོ་རྣམས་དགྱེས་འཛུམ་བརྩེ་བའི་མདངས་དང་ལྡན་པ། གསོལ་བ་བཏབ་པ་ཙམ་གྱིས་རྡོ་རྗེའི་ཡེ་ཤེས་འབེབས་

p. 443

ཤིང་མཆོག་གི་དངོས་གྲུབ་སྩོལ་བའི་བདག་ཉིད་ཅན་དུ་བཞུགས་པར་མོས་ལ། ཐུགས་རྗེ་དང་བཀའ་དྲིན་ཚད་མེད་པའི་ཡོན་ཏན་རྣམས་ལ་ངེས་ཤེས་འདྲོངས་པའི་དད་པས་ཅི་མཛད་ཁྱེད་ཤེས། བློ་གཏད་ལིང་བསྐྱུར་གྱི་གདུང་བ་དྲག་པོས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་མཆིའོ། །ཞེས་མ་ནམ་བཞི་སྐོར་དུ་གྲགས་པས་ཕུར་ཚུགས་ཀྱི་གསོལ་འདེབས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་མཛེས་ཆོས་དང་ཀུ་རེ་སྤངས་ནས་མོས་གུས་ཀྱི་རྒྱུད་འཁོལ་བའི་སྣང་བ་བཀྲག་མེད་བུན་ལོང་། རིག་པ་གཏད་མེད་ཟང་ཐལ་

p. 444

དུ་མ་གྱུར་གྱི་བར་གྱེར་མཐར། ཁྱད་པར་འདོད་དོན་གྱི་གསོལ་འདེབས་ནི། བདག་དང་སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་སློང་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་འདི་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་འདི་རྣམ་པར་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་གྲོལ་བར་བྱིན་

p. 445

གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྒྱའམ་ཉེར་གཅིག་ལ་སོགས་པ་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་གདབ་བོ། །དེ་ནས་རྡོ་རྗེའི་གསུང་ལས། དེ་རྗེས་བླ་མ་རང་ལ་བསྟིམ། །ཞེས་གསུངས་པས། དེ་ལྟར་རྩེ་གཅིག་གདུང་བས་བསྐུལ་བའི་མཐུས། །ཐུགས་རྗེའི་

p. 446

རྩལ་གཡོས་ཚོགས་ཞིང་དཀོན་མཆོག་རྣམས། །དགྱེས་པར་ཚུར་འདུས་སྙིང་གའི་བླ་མར་ཐིམ། །དེ་ཉིད་བདེ་བ་ཆེན་པོས་འོད་དུ་ཞུ། །རྡོ་རྗེ་གསུམ་བྱིན་དཀར་དམར་མཐིང་བའི་འོད། །ལུས་ངག་ཡིད་ལ་ཞུགས་པས་བླ་མ་ཡི། །གསང་བའི་དཀྱིལ་འཁོར་གསུམ་དང་རོ་གཅིག་པས། །ཐུགས་ཡིད་གཅིག་འདྲེས་མི་རྟོག་ངང་ལ་བཞག །ཅེས་ཉམས་བསྐྱང་། རྡོ་རྗེའི་གསུང་ལས། གནས་འགྱུར་གཏན་ལ་དབབ་པར་བྱ། །མ་སྒོམ་མ་ཡེངས་རང་བབ་སྐྱོངས། །ཞེས་གསུངས་པས། ཀུན་ཁྱབ་ཡེ་དག་རིག་པ་བྱང་ཆུབ་སེམས། །མི་སྒོམ་མི་ཡེངས་རང་བབས་གཉུག་མའི་གཤིས། །ཐ་མལ་ཤེས་པ་བཟོ་མེད་སོ་མ་རུ། །དུས་གསུམ་སྤྲོས་བྲལ་ངང་དུ་མཉམ་པར་བཞག །ཅེས་ལས་དང་པོ་པས་ཞི་གནས་ཀྱི་ཏིང་འཛིན་བསྒྲུབ། དེ་ནས་རྡོ་རྗེའི་གསུང་ལས། དེ་ནས་རིག་པ་རྗེན་ལ་ཕུད། །ཅེས་གསུངས་པས། དེ་ལྟར་མཉམ་པར་བཞག་པས་རང་རིག་རྩལ། །གནས་འགྱུ་གཉིས་མེད་རིག་

p. 447

པའི་ཀློང་དུ་གཅིག །མིང་མཚན་མདོག་དབྱིབས་གྲུབ་པ་མེད་པས་སྟོང་། །བདེ་ཆེན་འོད་གསལ་ཡེ་ཤེས་སྤྱོད་ཡུལ་ཆེ། །ཤར་གྲོལ་དུས་མཉམ་འཁོར་འདས་ངང་མཉམ་རྫོགས། །ཞེས་པས་གཞི་རྩ་བཅད་དེ་ཡེ་བཞུགས་ཀྱི་གནས་ལུགས་ངོས་བཟུང་། དེ་ནས་རྡོ་རྗེའི་གསུང་ལས། ཉོན་མོངས་བག་ཆགས་ཤེས་སྒྲིབ་གཏོར། །ཞེས་གསུངས་པས། དེ་ལྟར་མཉམ་པར་བཞག་པས་ཉམས་ཀྱི་རྩལ། །བདེ་གསལ་མི་རྟོག་རོ་ལ་མི་ཞེན་ཅིང་། །སྣང་སྟོང་དེར་འཛིན་ཤེས་པ་མ་བསླད་པའི། །བློ་འདས་སྒོམ་མེད་ཡེངས་མེད་ངོ་བོར་ལྟོས། །ཞེས་ཡིད་བྱེད་ཆ་ལས་འདས་པའི་གནས་ལུགས་ཀྱི་བཞུགས་ཚུལ་ཕྱིན་ཅི་མ་ལོག་པ་དེ་ཉིད་ཀྱི་ངོ་བོར་བསྐྱངས། དེ་ནས་རྩ་བ་རྡོ་རྗེའི་གསུངས་ལས། བདེ་ཆེན་སྣང་སེམས་ལྷན་ཅིག་སྐྱེས། །ཕྱི་ནང་དབྱེར་མེད་ངོ་སྤྲོད་བྱ། །ཞེས་གསུངས་པས། གཉིས་འཛིན་འཁྲུལ་སྣང་ཐམས་ཅད་གཉུག་མའི་རྩལ། །ཕྱི་ནང་སྣང་སེམས་བདག་གཞན་གཉིས་མེད་ཀློང་། །བདེ་ཆེན་སྐྱེ་

p. 448

མེད་ལྷན་ཅིག་སྐྱེས་པའི་གཤིས། །མཉམ་གདལ་རོ་གཅིག་ཆོས་སྐུའི་ཀློང་དུ་ཨ། །ཞེས་སེམས་དང་སེམས་བྱུང་རོ་གཅིག་པ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་གསུངས་པ་བཞིན། གཉིས་འཛིན་གྱི་ཤེས་པ་མ་བསླད་པའི་གཉིས་མེད་ཡེ་ཤེས་ཀྱི་བཞུགས་ཚུལ་ཇི་བཞིན་དུ་ཤེས་པའི་ཉམས་བཟོ་མེད་དུ་བསྐྱང་ངོ་། །དེ་ནས་རྡོ་རྗེའི་གསུང་ལས། བསྒོམ་མེད་བྱ་རྩོལ་མཐའ་བྲལ་སྟོན། །ཞེས་གསུངས་པས། གནས་ལུགས་ཟང་ཐལ་གཅེར་མཐོང་ཕྱག་རྒྱ་ཆེ། །སྤྲོས་པའི་མཐའ་བྲལ་སྒོམ་མེད་ཆུ་བོའི་རྒྱུན། །སྤྱོད་ལམ་ཐམས་ཅད་ཡེངས་མེད་དོན་དང་འདྲེས། །ལྷན་སྐྱེས་རང་ངོ་མཐོང་བས་རེ་དོགས་ཟད། །སེམས་ཀྱི་གཏེར་ཆེན་རང་ལ་རྙེད་པ་མཚར། །ཞེས་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཟུང་འཇུག་ལྷན་ཅིག་སྐྱེས་པའི་དབྱིངས་སུ་བྱན་ཆུད་པའི་རྣལ་འབྱོར་ཆེན་པོའི་འཁོར་ཡུག་ཏུ་འཇུག་གོ །འདི་རྣམས་ཀྱི་དོན་རྒྱས་པར་སྨིན་སློབ་ཀྱི་བཤད་ཉན་བསྒོམ་བསྒྲུབ་བྱ་བ་ལས། ངག་ཏུ་གྱེར་བས་དོན་འགྲུབ་པ་མིན་ཡང་། དེང་སང་དོན་བརྒྱུད་ཉམས་ལེན་གྱི་བསྟན་པ་རྟགས་ཙམ་འཛིན་པ་ལས་ཀྱང་མིང་ཙམ་ཐོས་པའི་དུས་སུ་ཕྱིན་ཟིན་པས། ཕྱིན་ཅི་མ་ལོག་པའི་གནས་མཐོང་བར་དཀའ་བ་དང་། ཕྱག་རྒྱ་ཆེན་པོའི་མཚན་ཐོས་པའང་སྲིད་པ་ཧྲུལ་པོར་བྱེད་

p. 449

པར་གསུངས་པ་ལ་ཡིད་ཆེས་ཏེ་བཀོད་པའོ། །ཐུན་མཚམས་ལ་བབ་པ་ན། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག ། དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་ཁྱད་པར་གྱི་སྨོན་ལམ་དང་བསྔོ་བས་རྒྱས་གདབ་པར་བྱའོ། །གཉིས་པ་ནང་

p. 450

སྒྲུབ་ཡི་དམ་གྱི་བསྙེན་སྒྲུབ་བྱེད་པ་སྟེ། རྡོ་རྗེའི་གསུང་ལས། ཟུང་འཇུག་རྨད་བྱུང་གསེང་ལམ་འདི། །ཞེས་ཐེག་པའི་ལམ་གྱི་དངོས་གཞི། བསྐྱེད་རྫོགས་གཉིས་པོ་ཟུང་འཇུག །སྣང་སྟོང་དབྱེར་མེད། དབང་རབ་ཀྱི་རྣལ་འབྱོར་ལ་གནས་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུ་དྡྷོ྅་ཧཾ་གིས་སྔགས་བརྗོད་ཅིང་དོན་དྲན་པས་ང་རྒྱལ་བཟུང་། སྟོང་པའི་ངང་ལས་རྃ་ཡྃ་ཁྃ་བརྗོད་པས་དངོས་འཛིན་ཨ་འཐས་ཀྱི་ཉེས་སྐྱོན་ཐམས་ཅད་དང་། རང་སེམས་སྐྱེ་མེད་བསམ་བརྗོད་བྲལ་བ་ལས། རང་མདངས་འགགས་མེད་ཅིར་ཡང་འཆར་བ། སྣང་སེམས་དབྱེར་མེད་ཀྱི་ངོ་བོ་དུས་གསུམ་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དམར་གསལ་མེའི་མདོག་ཅན། རྩ་ཞལ་ཁྲོ་འཛུམ་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། དབུ་སྐྲ་ཁམ་ནག་གྱེན་དུ་ལངས་པའི་དབུས་སུ་ཕག་ཞལ་རྔམ་ལ་བརྗིད་པ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་། ཐོད་སྐམ་གྱི་དབུ་བརྒྱན་དང་ཐོད་རློན་གྱི་

p. 451

དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔ་དང་། དར་དཔྱངས་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ལང་ཚོ་རྒྱས་པ། གཅེར་མོ་བྷ་ག་དང་ནུ་མ་འབུར་ཞིང་། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་ཅིང་། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་བམ་རོའི་སྙིང་གར་མནན་ཏེ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བྃ། དེ་ལས་འོད་ཟེར་འཕྲོས་པས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་སྤྱན་དྲངས་པ་རྣམས་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། རྐང་གླིང་དང་། ཌཱ་མ་རུ་སོགས་རོལ་མོ་འཁྲོལ། སྤོས་ཆེན་ནམ་སྦྱར་སྤོས་བཏུལ་ལ། ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་

p. 452

ནཱི། ཨ་ཀཌྜ་ཡ། ཨ་ཀཌྜ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲི་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་དྲག་ཏུ་བརྗོད་ཅིང་སྤྱན་དྲངས་པའི་ཡེ་ཤེས་པ་མདུན་མཁར་བཞུགས་པ་ལ། སླར་ཡང་རང་གི་ཐུགས་ཀའི་ས་བོན་གྱི་ཡིག་འབྲུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། མདུན་གྱི་ནམ་མཁར་བཞུགས་པའི་ཡེ་ཤེས་པ་ལ་མཆོད་ཅིང་བསྟོད་པར་མོས་ལ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བའི། པཱདྱཾ་ནས་ཤབྟའི་བར་དང་། པཉྩ་མྲྀ་ཏ་ཁཱ་ཧི། བཛྲ་མཱ་ཏངྒི་ཨཱཿཧཱུྃ་རྣམས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་

p. 453

ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་བདག་དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པར་གྱུར། སླར་ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བདུད་རྩིའི་རྒྱུན་གྱིས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར་པའི་རིགས་ཀྱི་བདག་པོར་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་

p. 454

པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་མ་ཏངྒིའི་བར་གྱིས་གོང་བཞིན་མཆོད། ཆོས་དབྱིངས་ཡེ་ཤེས་སྐྱོན་བྲལ་བ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །ཞེས་བསྟོད། སྐབས་འདིར་གཞུང་དུ་བདག་བསྐྱེད་ལ་མཆོད་པ་དམིགས་བསལ་མ་གསུངས་ཀྱང་། སྤྲོས་ན་མི་འགལ་བར་སེམས་པས། རང་ལས་སྤྲུལ་པའི་ལྷ་མོས་འཕྲུལ་དགའི་འདོད་ཡོན་ལྟར་མཆོད་པར་མོས། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་བའི། པུཥྤེ་ནས་མ་ཏངྒིའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱིས་བསྟོད། དེ་ནས་བཟླས་པའི་རྣལ་འབྱོར་གྱི་སྐབས་སུ་བབ་པ་ན། ལྷར་སྣང་སེམས་སྔགས་དབྱེར་མེད་ལྷན་ཅིག་སྐྱེས་སྦྱོར་གྱི་དགོངས་པར་ལ་བཟློ་བའམ། ལས་དང་པོ་པས་དེ་ཙམ་མི་ལྕོགས་ན། རང་གི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས། ཙཎྜ་ལི་ཉི་མའི་དལ་གྱི་སྟེང་དུ་ས་བོན་ཧཱུྃ་ཡིག་དམར་པོའི་མཐར། ཨོཾ་གསུམ་མའི་སྔགས་ཁ་དོག་དམར་སེར།

p. 455

ཡིག་ངོ་ནང་བསྟན་གཡས་བསྐོར་དུ་གནས་པ་གཡོན་བསྐོར་དུ་འཁོར་བ་ལས། དམར་པོ་ཤས་ཆེ་བའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་བསྡུས། སྣོད་བཅུད་ཀྱི་དངོས་འཛིན་དང་ཉེས་སྐྱོན་སྦྱངས། སྣོད་ཀྱི་འཇིག་རྟེན་རང་བྱུང་ཆོས་འབྱུང་གི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འབའ་ཞིག་པར་གྱུར་ནས་རྡོ་རྗེའི་སྔགས་སྒྲས་ཞིང་ཀུན་ཁྱབ། དེ་ཐམས་ཅད་ཀྱང་རང་སེམས་སྟོང་པ་ཉིད་ཀྱི་རྣམ་ཀུན་མཆོག་ལྡན་རང་བཞིན་ལས་མ་གཡོས་པར་ཤེས་པའི་དྲན་པ་དང་མ་བྲལ་བའི་ངང་བཟླས་པའི་སྐྱོན་རྣམས་སྤངས་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ངག་བཟླས་ཅི་ཙམ་ནུས་པ་བཟླ། ཐུན་མཚམས་ལ་བབ་པའི་ཚེ། ནང་མཆོད་འབུལ་བ་ནི། ཐོད་པར་གནས་པའི་བདུད་རྩི། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིངས་

p. 456

ཅན་ཆང་ཟུང་ལ་ཡྃ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རྃ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས། ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ། དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་མཚལ་ལྟ་བུ། བྱང་དུ་མ་ལས་ཀླད་པ་དངུལ་ཆུ་ལྟ་བུ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་

p. 457

ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། ཧཱུྃ་ཧཱུྃ་བྱས་པས་རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ལྦུ་བའི་ཚུལ་དུ་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་བརླབ། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཕོ་ཉས་མདུན་གྱི་ནམ་མཁར་བསྒོམ་པ་དང་འདྲ་བའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་རྩ་གསུམ་དཀོན་མཆོག་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པས་བསྐོར་བ་ནམ་མཁའ་གང་བ་

p. 458

ཙམ་དུ་བྱོན་པར་བསམ་ལ། འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨཀཌྜ་ཡ། ཨ་ཀཌྜ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ། བྷནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲི་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། སྤྱན་དྲངས་པ་དེ་ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སད་ནས་བར་སྣང་དུ་བཞུགས་པ་ལ་སྤྲུལ་པའི་ལྷ་མོས་མཆོད་ཅིང་བསྟོད་པར་མོས་ལ། པི་ཝཾ་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མ་གླུ་གར་མ། །མེ་ཏོག་མ་དང་སྤོས་ཆབ་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ནི། །བཅོམ་ལྡན་འདས་མར་འབུལ་བར་བགྱི། །གཞན་ཡང་རིན་ཆེན་བདུན་སོགས་མཆོད་རྫས་ནམ་མཁའ་གང་བའི་སྤྲིན་གྱིས་མཆོད་པར་མོས་ལ། ཨོཾ་

p. 459

བཛྲ་བཱི་ཎེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཾ་ཤེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མུ་ར་ཛེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མྲྀ་དཾ་གེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཧཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ལཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་གཱིརྟི་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ནཱིརྟི་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་དྷཱུ་པེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་དཱི་པེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་གནྡྷེ་ཧུྃ་ཧཱུྃ་ཕཊ། ཅེས་དང་། ཨོཾ་རཱུ་པ་བཛྲ་ཧུྃ་ཧཱུྃ་ཕཊ། ཨོཾ་རཱ་ས་བཛྲ་ཧུྃ་ཧཱུྃ་ཕཊ། ཨོཾ་སྤརྴེ་བཛྲ་ཧུྃ་ཧཱུྃ་ཕཊ། ཨོཾ་དྷརྨ་དྷཱརྟུ་བཛྲ་ཧུྃ་ཧཱུྃ་ཕཊ། ཅེས་ལྷ་མོ་བཅུ་དྲུག་དང་། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་ཤབྟའི་བར་གྱི་ཉེར་སྤྱོད་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་

p. 460

རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་གྲགས་སྙེམས་མ། །རྨོངས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །བདུད་རྩིའི་ཀ་པཱ་ལ་གཡས་སུ་ཐོགས་ཏེ། ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ལག་མཆོད་བྱས། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ཤེས་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཀ་ནི་གང་དུའང་མི་གནས་ཤིང་། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་འདས་ཡིད་དང་བྲལ། །སྐུ་གསུམ་མི་འགྱུར་ཀ་པཱ་ལར། །ཟག་མེད་བདེ་བའི་ཆང་ཕུད་གཏམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུགས། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །ཨོཾ་གྱིས་སྐྱེ་མེད་སྤྲུལ་སྐུར་སྦྱངས། །ཨཱཿཡིས་འགགས་མེད་ལོངས་སྐུར་བསྒྱུར། །ཧཱུྃ་གིས་བློ་འདས་

p. 461

ཆོས་སྐུར་སྤེལ། །ལན་གསུམ་དཀྲུགས་པའི་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །ཞེས་བརྗོད་པས་སྟེགས་སུ་བཞག །ལག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་པས་མཐེབ་སྲིན་སྦྱར་ཏེ་བདུད་རྩི་བླངས་ནས། ཕྱོགས་མཚམས་སུ་འཐོར་ཞིང་རྩ་སྔགས་བརྗོད་པས། ཕྱི་རོལ་གྱི་བགེགས་དང་མ་དག་པ་ཐམས་ཅད་ཚར་བཅད་ནས་མཁའ་འགྲོ་མའི་རྭ་གུར་སྲུང་བའི་འཁོར་ལོའི་རང་བཞིན་དུ་གྱུར། རང་ཉིད་ལ་འཐོར་ཞིང་རྩ་སྔགས་བརྗོད་པས། བ་སྤུའི་བུ་ག་ཐམས་ཅད་ཀྱང་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་གྱུར། མཆོད་རྫས་ལ་འཐོར་ཞིང་རྩ་སྔགས་བརྗོད་པས། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། ཡང་རྩ་སྔགས་གཅིག་བརྗོད་པའི་རྗེས། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མར། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་

p. 462

དངོས་གྲུབ་སྩོལ། །གྲུབ་ཆེན་ཏཻ་ལོ་མཁས་མཆོག་ནཱ་རོ་པར། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མངའ་བདག་ལོ་ཙཱ་རྗེ་བཙུན་རས་ཆེན་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །འཛམ་གླིང་གྲགས་པ་འཇའ་ཚོན་སྙིང་པོ་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མི་ཕམ་བློ་གྲོས་ཀུན་དགའ་ལྷུན་གྲུབ་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོས་ཀྱི་དབང་ཕྱུག་ཐུགས་ཀྱི་རྡོ་རྗེ་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་

p. 463

ལ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་ཆེན་རྡོ་རྗེ་འཇམ་དཔལ་དཔའ་བོ་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཆོས་ཀྱི་སྣང་བ་པདྨ་ཉིན་བྱེད་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཐེག་མཆོག་རྡོ་རྗེ་བློ་གྲོས་མཐའ་ཡས་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མཁའ་ཁྱབ་རྡོ་རྗེ་པདྨ་དབང་མཆོག་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མཁྱེན་བརྩེའི་འོད་ཟེར་རིག་པའི་རྡོ་རྗེ་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ།

p. 464

བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །དྲིན་ཆེན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་ཚོགས་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གཞི་བདག་ལ། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་རྐྱེན་བཟློག་མཐུན་རྐྱེན་སྒྲུབས། །ཞེས་དང་། བསྡུ་ན། ཨོཾ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་

p. 465

འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་བདུད་རྩིའི་ཐིགས་འཐོར་མཐར། རང་ཉིད་ཀྱིས་ཀྱང་བདུད་རྩི་ཅུང་ཟད་མྱང་ལ་འབྲུ་གསུམ་བརྗོད་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་མོས། ནམ་མཁར་བཞུགས་པའི་འཁོར་གྱི་རྣལ་འབྱོར་མ་ཐམས་ཅད་གཙོ་མོ་ལ་འདུས། གཙོ་མོ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་གནས་པ་ལས། འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། བུམ་གསང་ཤེས་རབ་བཞི་པའི་དབང་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་དབང་

p. 466

བཞི་བླངས་མཐར། བླ་མ་རྗེ་བཙུན་མ་རང་གི་སྤྱི་བོར་བྱོན། འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་བསམ་མོ། །གསུམ་པ་གསང་སྒྲུབ་མོས་གུས་བླ་མའི་རྣལ་འབྱོར་གྱི་ལྷ་དང་བླ་མ་དབྱེར་མེད་དུ་བསྒྲུབ་པ་ནི། རྡོ་རྗེའི་གསུང་ལས། རབ་འབྱམས་དུས་གསུམ་རྒྱལ་བ་རྣམས། །མ་ལུས་ཀུན་འགྲུབ་འདི་ཁོ་ན། །ལྷ་དང་བླ་མ་དབྱེར་མེད་བསྒྲུབ། །སྙིང་པོའི་ཡང་སྙིང་ཡིད་བཟླས་བྱོས། །ཞེས་གསུངས་པ་ཉིད་ཉམས་སུ་བླང་བ་ནི། རང་ཉིད་རྒྱལ་ཡུལ་དུ་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ། རང་བྱུང་གི་ཆ་ལུགས་དབུ་ལ་སྒོམ་ཞྭ། ཕྱག་མཉམ་བཞག །ཞབས་སྐྱིལ་ཀྲུང་། སྐུ་ལྷུན་ཆགས་ཤིང་དང་བ་འདྲེན་པ། བལྟ་བས་མི་ངོམས་པ། དྲི་མ་མེད་པའི་འོད་སྐུ་ཚོན་གང་ཙམ། དྲན་པ་ཙམ་གྱིས་ཚེ་འདིའི་སྣང་བ་ཧྲུལ་པོར་འགྲོ་བ། སྒོམ་པ་ཙམ་གྱིས་བྱིན་རླབས་རང་བཞིན་དུ་འཇུག་པ། ཏིང་ངེ་འཛིན་གྱི་ཡོན་ཏན་རང་ཤུགས་ཀྱིས་སྐྱེ་བ། ཚད་མེད་བཞིའི་

p. 467

ཉམས་འུར་བ་ཞིག་ཏུ་གྱུར། ཅེས་བརྗོད་ཅིང་གསལ་བཏབ་ལ། ཕྱི་སྒྲུབ་སྐབས་སུ་ཡོད་པའི་མ་ནམ་བཞི་སྐོར་གྱི་གསོལ་འདེབས་ཅི་ཙམ་ནུས་པ་དང་། བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ལ་གསོལ་བ་འདེབས་སོ། །ཞེས་གྲངས་མེད་ཀྱིས་གསོལ་འདེབས་ཕུར་ཚུགས་སུ་བྱ། རྗེ་མི་བསྐྱོད་ཞབས་དང་། འཇམ་མགོན་རྡོ་རྗེ་འཆང་ཆེན་པོས་བསྩལ་བའི་གསོལ་འདེབས་ཀྱི་རིམ་པའང་སྤྲོ་ན་གྱེར། གང་ལྟར་ཡང་། མཐར་འདོད་དོན་གསོལ་འདེབས་ཉེར་གཅིག་ཙམ་བརྗོད། ཨོཾ་ཨཱཿཧཱུྃ། ཞེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་ཏུ་གྱུར་པའི་རྡོ་རྗེའི་ཡིག་འབྲུ་གསུམ་པོ་ལྕེ་མི་བསྐྱོད་པར་ཡིད་ཁོ་ནས་གྲངས་མང་པོ་བཟླ་ཞིང་། ལྷ་དང་བླ་མ་གཉུག་མའི་ཤེས་པ་རྣམས་དང་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པས་ཉམས་སུ་བླངས་ཤིང་། སྤྲོ་བར་འདོད་ན་བསྙེན་ཡིག་ལས་རྟོགས་པར་བྱའོ། །སྐབས་འདིར་དབང་བསྐུར་དང་འབྲེལ་ཚེ་རྣམ་བུམ་བསྒྲུབ་པ་ནི། བིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། བུམ་པ་ཆོས་འབྱུང་ཐར་པ་ཆེན་པོའི་ཕོ་བྲང་གཞལ་ཡས་ཁང་གི་ནང་དུ། བུམ་བཅུད་རྒྱལ་

p. 468

ཡུམ་ཡེ་ཤེས་མཁའ་འགྲོ་མ་སོགས་གོང་གི་ནང་སྒྲུབ་སྐབས་སུ་བཤད་པ་བཞིན་བསྟོད་པའི་མཐར་བར་བསྐྱར་ཞིང་། གཟུངས་ཐག་ལག་གཡོན་གྱིས་བླངས་པ་སྙིང་གར་བཟུང་སྟེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་བརྒྱུད། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །བདེ་ཆེན་ཉམས་འབར་བཞད་པའི་གར་དང་སྒྲས། །རྒྱལ་ཀུན་སྤྱན་དྲངས་བུམ་ལྷར་ཐིམ་པའི་མོད། །རྒྱན་འཁོར་ལྔ་ཡི་བྱིན་རླབས་བདུད་རྩིའི་རྒྱུན། །ཆེས་ཆེར་བབ་པས་བཅུད་འདྲེས་བྱང་ཆུབ་སེམས། །དཀར་དམར་འོད་ལྔའི་རྡོ་རྗེ་གསུམ་གྱི་རྡུལ། །འབར་འཁྲིགས་གཡོ་བས་བུམ་པ་གང་བར་གྱུར། །ཅེས་དམིགས་པའི་འཁྲུལ་འཁོར་ཨོཾ་གསུམ་ཅི་འགྲུབ་བསྙེན། མཐར། ཨོཾ་ཨཱཿཧཱུྃ་གིས། རྡོ་རྗེའི་མཆོད་ཡོན་ཕུལ་བས་བུམ་ལྷ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། མདུན་བསྐྱེད་ཀྱི་དམིགས་རྟེན་སིནྡྷུ་རའི་དལ་བ་བསྒྲུབ་པ་ནི། བིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མེ་

p. 469

ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་ཐར་པ་ཆེན་པོའི་ཕོ་བྲང་གཞལ་ཡས་ཁང་གི་དབུས་སུ། དུས་གསུམ་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ་སོགས་ནས་བསྟོད་པའི་མཐའ་བར་གོང་གི་ནང་སྒྲུབ་སྐབས་སུ་བཤད་པ་བཞིན་བཏང་། བཟླས་དམིགས་ནི། བདག་ཐུགས་འོད་དང་སྔགས་ཀྱི་སྒྲས། །མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མ། །མཆོད་ཅིང་བསྐུལ་བས་དགྱེས་པ་བསྐྱེད། །གནས་གསུམ་འབྲུ་དང་ལྟེ་བ་ཡི། །སྲོག་ཡིག་སྔགས་ཀྱི་འཁོར་ལོ་ལས། །འོད་འཕྲོས་མཁའ་ཁྱབ་དབྱིངས་བཞུགས་པའི། །རྩ་གསུམ་དཀོན་མཆོག་རྒྱ་མཚོ་རྣམས། །རྡོ་རྗེ་བཙུན་མོའི་རྣམ་པར་བྱོན། །མདུན་བསྐྱེད་ལ་ཐིམ་བྱིན་རླབས་ཀྱིས། །སྣ་ཚོགས་ནོར་བུའི་འོད་ཟེར་ཕྲེང་། །བདག་ཐིམ་སྒྲིབ་བྱང་ཡེ་ཤེས་སྐྱེས། །འཕྲོ་འདུ་འགལ་མེའི་འཁོར་ལོའི་ཟེར། །རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་ཁྱབ། །རྒྱན་འཁོར་རྒྱ་མཚོ་བྱིན་

p. 470

རླབས་བསྡུས། །སྣོད་བཅུད་ལ་ཐིམ་ཞིང་སྐུར་སད། །མི་གཡོ་དགོངས་པ་གཏིང་གསལ་དང་། །སྔགས་སྒྲས་རབ་འབྱམས་ཞིང་ཁམས་གཡོ། །ཁྱབ་གདལ་ཡེ་ཤེས་བདེ་བ་ཆེ། །ཆོས་སྐུའི་དགོངས་པས་ལྷུན་གྱིས་གྲུབ། །ཅེས་དམིགས་ལ། ཨོཾ་གསུམ་མ་ཅི་ཙམ་ནུས་པ་བཟླ། ལས་ཀྱི་བུམ་པར་བགེགས་མཐར་བྱེད་བསྐྱེད་ཅིང་ཞུ་བརྟུལ་བྱ་བའམ། དེའི་སྔགས་ཀྱི་རང་བཞིན་དུ་བསམ་ལ། ཨོཾ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་བརྒྱ་རྩས་བསྒྲུབ། ཨོཾ་གསུམ་མ་བཟླ་བཞིན་པས་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་བཞི་བླངས་བཞིན་པས། བདག་ཉིད་འཇུག་པ་སྔོན་དུ་བཏང་ནས། སློབ་མ་ལ་དབང་བསྐུར་བར་བྱའོ། །རྩ་བའི་གསུམ་པ་རྗེས་ཀྱི་རིམ་པ་ལ་ཐུན་དང་། ཐུན་མཚམས་གཉིས་ལས། དང་པོ་ཚོགས་དང་གཏོར་མ་འབུལ་བ་ནི། ཞིང་ངམ་ཆོས་འབྱུང་གི་དལ་དགའ་བ་འཁྱིལ་བ་དཀར་དམར་གྱིས་མཚན་པའི་ཁར། ཐབས་ཤེས་ཀྱི་རྫས་ཚོགས་པར་བྱས་ལ། ནང་མཆོད་ལྟར་བྱིན་གྱིས་བརླབ། ཕེཾ་ཕེཾ་ཕེཾ། བདག་ཉིད་ལྷའི་ཐུགས་ཀ་ནས། །སྤྲོས་པའི་འོད་ཀྱིས་བླ་མ་དང་། །ཡི་དམ་རྡོ་

p. 471

རྗེ་རྣལ་འབྱོར་མ། །རྩ་གསུམ་མཁའ་འགྲོའི་དཀྱིལ་འཁོར་ལྷ། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔ་རྒྱས་བཏབ་པ་འདི། །བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་ཏེ། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་རྣམས། །བྱིན་རླབས་སྤྲིན་ཕུང་གཏིབས་པའི་

p. 472

ཀློང་། །རིག་འཛིན་མཁའ་འགྲོ་འབུམ་དང་བཅས། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཧཱུྃ། བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མའི། །གྲུབ་གཉིས་དངོས་གྲུབ་དཀྲིགས་པའི་ཀློང་། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །འབུམ་ཕྲག་ཡངས་པའི་ཚོགས་དང་བཅས། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །དཔལ་ལྡན་མ་མགོན་ལྕམ་དྲལ་ནི། །ཕྲིན་ལས་གྲུབ་པའི་ཕོ་བྲང་ནས། །བསྟན་སྲུང་དམ་ཅན་རྒྱ་མཚོར་བཅས། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སླར་ཡང་ཚོགས་ཕུད་གཏོར་མར་བསྟབ་ལ། བསང་སྦྱང་བྱིན་རླབས་ནང་མཆོད་ལྟར་

p. 473

བྱས་ལ། ན་མོ་གུ་རུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བླ་མ། ཨོཾ་གསུམ་མ་ལ་གཏོར་སྔགས་སྦྱར་བ་གསུམ་གྱིས་ཡི་དམ། ཨ་ཀཱ་རོ་ལན་གསུམ་གྱིས་དཀོན་མཆོག་སོགས་སྤྱི་ཁྱབ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཆོས་སྐྱོང་རྣམས་ལ་འབུལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྦུ་གུས་བདུད་རྩི་གཏོར་མ་གསོལ་བས་སྐུ་གསུང་ཐུགས་ཤིན་ཏུ་མཉེས་པར་གྱུར་ཏོ། །ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ནས་ཤབྟའི་བར་དང་། པཉྩ་ཨ་མྲྀ་ཏ། མཱ་ཏངྒི་རྣམས་ཀྱིས་མཆོད། བླ་མ་ཡི་དམ་མཁའ་འགྲོ་མ། །ཆོས་སྐྱོང་བཅས་ལ་བསྟོད་པར་བགྱི། །བདེ་བ་ཆེན་པོའི་ཡེ་ཤེས་སྤོར། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ། གནས་སྲུང་ཞིང་སྐྱོང་གི་དཔའ་བོ་མཁའ་འགྲོ་རྣམས་ལ། ཨོཾ་ཨེ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་

p. 474

མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་པས་བསྔོས་ལ། ཞིང་སྐྱོང་དཔའ་བོ་མཁའ་འགྲོ་སོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་བཟློག་མཐུན་རྐྱེན་སྤེལ། །ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། གཏེར་སྲུང་སྒམ་པོ་ལྷ་རྩེའི་གཏོར་འབུལ་ནི། གཏོར་མ་དང་གསེར་སྐྱེམས་བསང་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། འདོད་ཡོན་ལྔ་ལྡན་དམ་རྫས་གཏོར་མ་

p. 475

ནི། །ཟབ་གཏེར་སྲུང་མ་ལྷ་གཉན་འཁོར་བཅས་ལ། །འབུལ་གྱིས་དགྱེས་པར་བཞེས་ལ་བདག་ཅག་གི །འགལ་རྐྱེན་ཀུན་ཞི་ཚེ་དང་བསོད་ནམས་སྤེལ། །སྙིང་པོ་དོན་གྱི་བསྟན་པ་དར་བ་དང་། །བདག་ཅག་སྒྲུབ་པ་པོ་རྣམས་ཏིང་འཛིན་འཕེལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་ལ། །བར་གཅོད་བྲལ་ཞིང་རྒྱལ་ཁམས་ཀུན་ཏུ་ཡང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཕྲིན་ལས་མཛོད། །ཅེས་བརྗོད་པས་འབུལ་ཞིང་ཕྲིན་ལས་བཅོལ། ལས་རྡོར་གྱིས་ཐབས་ཤེས་ཀྱི་ཚོགས་རྫས་བཏེག་ལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ལེན་པ་པོས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བས། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་

p. 476

ཕྱག་འཚལ། །ཨ་ལ་ལ་ཧོཿ ཞེས་པདྨའི་ཕྱག་རྒྱས་བླངས་ཤིང་། ནང་གི་བསྲེག་བླུགས་ཀྱིས་རྡོ་རྗེའི་ལུས་དཀྱིལ་མཉེས་པར་བྱས་ནས། ལྷག་མ་རྣམས་ཕྱོགས་གཅིག་ཏུ་ལེགས་པར་བསྡུས་པ་གཙང་ལྷག་གིས་མནན་ལ། ཨ་ཀཱ་རོས་བརླབས་ཏེ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་འདི། ཤ་ཟ་ལས་ཀྱི་མཁའ་འགྲོ་མ་དང་དུར་ཁྲོད་ཀྱི་ཕྲ་མེན་མ་རྣམས་ལ་འབུལ་ལོ། །བཞེས་ཤིག་ཚིམས་པར་མཛོད་ལ་བསྟན་པ་སྲུང་བ་དང་། རྣལ་འབྱོར་པ་སྐྱོང་བ་དང་། དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད་ཅིག །ཅེས་བསྔོས་ལ་རོལ་མོའི་སྒྲ་དང་བཅས་གཙང་སར་སྤུངས། དེ་ནས་སླར་ཡང་། ཨོཾ་གུ་རུ་བཛྲ་ཡོ་གི་ནཱི་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ་ནས་མཱ་ཏངྒིའི་བར་གྱིས་མཆོད། བླ་མ་ཡི་དམ་མཁའ་འགྲོ་མ། །ཆོས་སྐྱོང་བཅས་ལ་བསྟོད་པར་བགྱི། །བདེ་བ་ཆེན་པོའི་ཡེ་ཤེས་སྤོར། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །

p. 477

གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་ལ་བཟོད་པར་གསོལ། །གང་ཡང་བདག་བློ་རྨོངས་གྱུར་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱེད་བཟོད་པར་གསོལ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིའི། །མ་ཚང་བ་དག་བཟོད་པར་མཛོད། །ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། སྨོན་ལམ་ཁྱད་པར་བ་ནི། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །

p. 478

ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་འགོད། །མདུན་བསྐྱེད་དང་ཚོགས་མགྲོན་ཡོད་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྟན་བཞུགས་དང་། མེད་ན། ཨོཾ་ཨཱཿཧཱུྃ་གིས་རང་ལ་བསྡུ་ཞིང་། མགྲོན་ཐབས་རྣམས་བཛྲམུཿ ས་གཤེགས། ལྷར་སྣང་འོད་དུ་བསྡུ་བ་ནི། ཐུགས་ཀའི་ས་བོན་འོད་ཀྱིས་སྣོད་བཅུད་རྣམས། །

p. 479

འོད་ཞུ་སྲུང་འཁོར་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་རང་ཐིམ་དེ་ཡང་ས་བོན་ལ། །དེ་ཡང་ཟླ་ཕྱེད་ཐིག་ལེ་དེ་ནཱ་ད། །དེ་ཡང་མི་དམིགས་འོད་གསལ་ངང་ལ་བཞག །ཅེས་ཉམས་བསྐྱང་། ལྷར་ལྡང་བ་ནི། སླར་ཡང་ཨོཾ་བྃ་སྔགས་ཀྱི་སྒྲ་བསྒྲགས་པས། །ལྷན་སྐྱེས་རྣལ་འབྱོར་མ་སྐུར་བཞེངས་པར་གྱུར། །ཅེས་བརྗོད། བསྔོ་སྨོན་ནི། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེ་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་བརྗོད་པ་ནི། ཨོཾ། གྲུབ་པ་ཆེན་པོའི་ཡེ་ཤེས་བརྙེས། །བཀའ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །བདེ་མཆོག་རྡོ་རྗེའི་དངོས་གྲུབ་བརྙེས། །རྡོ་རྗེ་ཕག་

p. 480

མོའི་བཀྲ་ཤིས་ཤོག །ཕྲིན་ལས་རྒྱ་མཚོ་ལྷུན་གྱིས་གྲུབ། །ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །འཁོར་འདས་གཉིས་མེད་ཆོས་ཀྱི་དབྱིངས། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གི་ཆར་བསྙིལ་ཞིང་དགེ་ལེགས་ཀྱི་དཔལ་ལ་ལོངས་སྤྱོད་པར་བྱའོ། །གཉིས་པ་ཐུན་མཚམས་ལ་སོགས་པའི་རྒྱུན་གྱི་ཉམས་ལེན་ནི། རྡོ་རྗེའི་གསུང་ལས། སྤྱོད་ལམ་སྤང་བསྒྱུར་ཤེས་གསུམ་ནི། དང་པོ་ཉོན་མོངས་པ་སྤང་བར་འདོད་ཅིང་། གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ནོ། །གཉིས་པ་བསྒྱུར་བ་ནི། གསང་སྔགས་ཡིན་ཏེ་ཇི་ལྟར་བསྒྱུར་ན། ཕྱི་གཞལ་ཡས་ཁང་དང་། ནང་ལྷ་དང་ལྷ་མོར་བསྒྱུར། ཟས་བདུད་རྩི། རང་ལུས་དཀྱིལ་འཁོར། ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར། གསུམ་པ་ཤེས་པ་ནི། ཆོས་ཐམས་ཅད་ལ་སྤང་རྒྱུ་མེད། བླང་དུ་མེད། བསྒྱུར་དུ་མེད་པར་ཐམས་ཅད་སེམས་སུ་འདུས། སེམས་ཀྱི་རྣམ་འཕྲུལ་ཡིན། སྐྱེ་མེད་འོད་གསལ་དུ་ཤེས་པ་ནི་གཞི་ཤེས་པའོ། །ངོ་བོ་བསྒོམ་ཤེས་ན། ལྷ་འདྲེ་མི་གསུམ་གྱིས་མི་འགོང་བ་ཡིན། སྟོང་པ་དང་དམིགས་པ་ནི་ལྷ་འདྲེས་ཀྱང་ཤེས། སྤྲུལ་པ་སྣ་ཚོགས་ཀྱང་ཤེས་ཏེ། ལྷ་འདྲེས་ངོ་བོ་རྟོགས་མ་མྱོང་ངོ་བོ་བསྒོམ་མི་ཤེས། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པ་ཡིན་ནོ། །ངོ་བོ་བསྒོམ་པས་རླུང་ཡང་རང་བཞིན་གྱིས་དབུ་མར་ཚུད་པ་དང་། ངོ་བོ་མཐོང་ཚུན་ནས་བསྐུལ་བ་ཙམ་མ་གཏོགས་པ་གཞན་ཉམས་སུ་བླང་

p. 481

བ་མི་དགོས། འཇམ་རླུང་ཅུང་ཟད་རེ་དང་། ཡིད་བཟླས་ཟབ་མོ་ལ་མི་ཚེ་དྲིལ། སྤྱིར་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཁྱད་པར་རྡོ་རྗེ་འཆང་། ཏཻ་ལོ་ནཱ་རོ་སོགས་དང་། བླ་མ་ཡི་དམ་མཁའ་འགྲོ་རྣམས་དང་། གཞན་ཡང་ཡུལ་ཁྱད་པར་ཅན་དང་། གནས་ཁྱད་པར་ཅན། རྟེན་གསུམ་ཁྱད་པར་ཅན། བྱིན་རླབས་ངེས་ཅན། རང་དད་པའི་ཡུལ་གང་ཡིན་པ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས། མ་ལུས་སེམས་ཅན་སོགས་བྱས་ཏེ། ཐུགས་ཀའི་བླ་མ་ལ་བསྟིམ། ཐུན་རྗེས་སུ་གསོལ་བ་ཕུར་ཚུགས་སུ་གདབ། དེས་ནི་མི་བསླུ་ཐག་ཆོད། ང་རང་ཤེས་སོ། །ཞེས་གསུངས་པ་ལྟར། གནས་སྐབས་ཀུན་ཏུ་ཉམས་ལེན་གྱི་སྙིང་པོར་དྲིལ་དགོས་པས་འབད་འཚལ་ལོ། །འདིར་ནི་གསོལ་འདེབས་སྒྲུབ་མཆོད་ཀྱི་རྣལ་འབྱོར་སྤྱི་འགྲོ་ཙམ་དུ་སྟན་ཐོག་གཅིག་ལ་ཚང་བར་འདོད་པ་དག་གི་དབང་དུ་བགྱིས་པ་སྟེ། ཞིབ་པར་ཉམས་ལེན་བྱེད་པ་རྣམས་ཀྱི་འདོན་བསྒོམ་གྱི་སྙིང་པོ་རྣམས། བསྙེན་ཡིག་ཡེ་ཤེས་རང་གསལ་བཞིན་ལ། ངག་འདོན་གྱི་རིམ་པ་འདིར་གསལ་སྐབས་ཐོབ་ཀྱི་འབྱིན་འཇུག་སྤེལ་བས་འཐུས་པ་ཡིན་ནོ། །རྒྱལ་བས་ལུང་བསྟན་དཔལ་ལྡན་རྡོ་རྗེ་འཆང་། །ས་བཅུའི་དབང་ཕྱུག་མཉམ་མེད་སྒམ་པོ་པའི། །ཞལ་གདམས་གསེང་ལམ་བླ་མའི་སྒྲུབ་ཐབས་ཀྱི། །ངག་འདོན་ཁྱེར་བདེ་འདུས་གསལ་འདི་བཀོད་དགེས། །རྒྱལ་བསྟན་སྙིང་པོ་དྭགས་བརྒྱུད་རིན་པོ་ཆེའི། །བསྟན་པ་དྲི་མེད་ཡུན་རིང་ཞབས་བརྟན་ཅིང་། ཆོས་སྐུའི་གཏན་སྲིད་ཟིན་

p. 482

པའི་གྲུབ་ཐོབ་ཁྱུས། །ས་སྟེང་སྲིད་མཐའི་བར་དུ་འགེངས་པར་ཤོག །ཅེས་པའང་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་བང་མཛོད། རིན་ཆེན་གཏེར་མཛོད་ཆེན་མོའི་སྲི་ཞུར། མང་ཐོས་ཀྱི་འདུལ་འཛིན་བླ་མ་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་ནས་ནན་ཏན་གྱིས་བསྐུལ་བ་དོན་ཡོད་པར་བྱ་བ་དང་། རང་གཞན་གྱི་ཕྱོགས་ནས་ཉམས་ལེན་མཛད་པ་རེ་བྱུང་ན་དེ་དག་སྨིན་པའི་བློས། རྩ་བ་རྡོ་རྗེའི་ཚིག་རྐང་ཧ་ཅང་བསྡུས་ཤིང་། བསྙེན་ཟིན་ཡེ་ཤེས་རང་གསལ་དུ་ཞལ་འཕང་མང་བས། ངག་འདོན་ཉུང་ངུ་འདི་བགྱིད་པ་པོ་ནི་དྭགས་པོ་བཀའ་བརྒྱུད་ཀྱི་རྗེས་འཇུག་རྟགས་ཙམ་འཛིན་པའི་བྱང་སེམས་ཀྱི་བཙུན་པ་མཁའ་ཁྱབ་རྡོ་རྗེས་མཚུར་མདོ་བོ་ལུང་གི་སྐྱེད་ཚལ་དར་རྒྱས་ཆོས་གླིང་གི་བསམ་གཏན་གྱི་ཁང་བུར་ས་ལུག་ཧོར་ཟླ་དགུ་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་བྲིས་པ་དགེ་ལེགས་འཕེལ།། །།

དཔལ་མཉམ་མེད་དྭགས་པོ་ལྷ་རྗེའི་བླ་མའི་རྣལ་འབྱོར་ཆོས་སྐུ་གཅེར་མཐོང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 483

༄༅། །དཔལ་མཉམ་མེད་དྭགས་པོ་ལྷ་རྗེའི་བླ་མའི་རྣལ་འབྱོར་ཆོས་སྐུ་གཅེར་མཐོང་བཞུགས་སོ། །

p. 484

ན་མོ་གུ་རུ་ཡེ། གྲུབ་མཆོག་འཛམ་གླིང་གྲགས་པ་དང་། །དབྱེར་མེད་བླ་མ་སྙིང་དབུས་སུ། །བཀོད་ནས་གསང་དོན་སྙིང་པོའི་བཅུད། །བྱིན་རླབས་གནད་འབེབས་ཆེན་མོ་བཤད། །ཐོག་མཐའ་མེད་པའི་འཁོར་བ་ལ་སྐྱོ་ཤས་སྙིང་ནས་སྐྱེས་ཤིང་། འཇིག་རྟེན་ཆོས་བརྒྱད་སོགས་འཁྲུལ་པའི་རྣམ་གཡེང་ལ་ཞེན་པ་གཏིང་ནས་ལོག་པའི་གང་ཟག་ཚེ་གཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བའི་སྐལ་བ་ཅན་རྣམས་ཀྱིས་ཉམས་སུ་བླང་བྱའི་སྙིང་པོ་ནི། གང་ལས་དེ་ཁོ་ན་ཉིད་ཀྱི་བཀའ་དྲིན་ཐོབ་པའི་བླ་མ་རྡོ་རྗེ་འཆང་ལ་མོས་གུས་གནད་དུ་བསྣུན་ཅིང་བྱིན་རླབས་ལམ་དུ་བྱེད་པ་ཁོ་ན་ཡིན་ཞིང་། དེའང་རྒྱལ་བས་ཏིང་ངེ་འཛིན་འདི་ཉིད་སྤེལ་བར་ལུང་བསྟན་ཅིང་ད་ལྟ་ནུབ་ཕྱོགས་ཀྱི་ཞིང་ན་སངས་རྒྱས་ཀྱི་མཛད་པ་སྟོན་པ། བརྒྱུད་འཛིན་གསོལ་བ་འདེབས་པ་རྣམས་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པར་ཞལ་བཞེས་གནང་བའི་མཉམ་མེད་དྭགས་པོ་རིན་པོ་

p. 485

ཆེ་ཉིད་དང་དབྱེར་མེད་དུ་གསོལ་བ་འདེབས་པ་ནི་བརྒྱུད་པ་རིན་པོ་ཆེ་འདིའི་གདམས་ངག་ཟབ་ཤོས་ཡིན་པས་དེ་ལྟར་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཀྱི་ཐོག་མར་སྐྱབས་སུ་འགྲོ་བ་ནི། མཁའ་མཉམ་འགྲོ་རྣམས་དཀོན་མཆོག་རྩ་བ་གསུམ། །ཀུན་འདུས་ཆོས་རྒྱལ་ཟླ་འོད་གཞོན་ནུ་དང་། །དབྱེར་མེད་དཔལ་ལྡན་བླ་མ་རིན་པོ་ཆེར། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། འགྲོ་དྲུག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། །སངས་རྒྱས་བདེ་ལ་འགོད་ཕྱིར་སྙིང་རྗེ་དང་། །སྟོང་ཉིད་

p. 486

ཟུང་འཇུག་སེམས་མཆོག་རབ་བསྐྱེད་དེ། །ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ། གཉིས་པ་དངོས་གཞི་ལ་གསུམ། དང་པོ་རྟེན་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྡྷོ྅་ཧཾ། སྣོད་བཅུད་གཟུང་འཛིན་ཆོས་རྣམས་སྟོང་ཉིད་ངང་། །ཕྱི་སྣོད་དག་པ་འོག་མིན་མཁའ་སྤྱོད་ཞིང་། །ཆོས་འབྱུང་པདྨ་བམ་རོ་ཉི་མའི་སྟེང་། །བདག་ཉིད་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་ཁྲོ་འཛུམ་གྲི་གུག་ཐོད་ཁྲག་བསྣམས། །ཕྱག་རྒྱ་ལྔས་བརྒྱན་བརྐྱང་བསྐུམ་གར་སྟབས་ཀྱིས། །རང་འོད་ཡེ་ཤེས་བདེ་ཀློང་བཞུགས་པ་ཡི། །མདུན་མཁར་པད་དཀར་ཟླ་བའི་དཀྱིལ་འཁོར་ལ། །ངོ་བོ་ཁྱབ་བདག་རྩ་བའི་བླ་མ་ཉིད། །རྣམ་པ་བཀའ་བརྒྱུད་གཙུག་རྒྱན་སྒམ་པོ་པ། །དཀར་སེར་བརྗིད་འཛུམ་ཟིམ་བུའི་སྤྱན་གྱིས་གཟིགས། །དབུ་ལ་སྒོམ་ཞྭ་སྐུ་ལ་ཆོས་གོས་གསུམ། །ཏིང་འཛིན་ཕྱག་

p. 487

རྒྱས་ཡིད་བཞིན་ནོར་བུ་བསྣམས། །རྡོ་རྗེ་སྐྱིལ་ཀྲུང་བདེ་སྟོང་གཟི་བརྗིད་འབར། །ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་མཆོད་སྤྲིན་དབུས། །སྲས་བཅས་རྒྱལ་བ་ཀུན་འདུས་ངོ་བོར་གསལ། །ཐུགས་ཀར་པད་ཉི་ཟླ་སྟེང་གྲུབ་བརྒྱའི་མེས། །ས་ར་ཧ་པ་སྔོ་སྐྱ་བྲམ་ཟེའི་ཚུལ། །དབུ་སྐྲ་ཐོར་ཚུགས་ཐབས་ཤེས་མདའ་གཞུ་འགེངས། །རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཆས་ལྡན་གསལ། །དེ་ཡི་ཐུགས་དབུས་པད་ཟླར་རིགས་ཀུན་གྱི། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ནམ་མཁའི་མདོག །ལོངས་སྐུའི་ཆས་རྫོགས་རྡོར་དྲིལ་བསྣོལ་ཐབས་འཛིན། །ཕྱོགས་མཚམས་སྟེང་འོག་རྩ་གསུམ་སྲུང་མར་བཅས། །སྤྲིན་ལྟར་གཏིབས་པའི་གཙོ་བོའི་གནས་གསུམ་དུ། །ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་བསམ་ཡས་འཕྲོས། །རང་བཞིན་ཆོས་དབྱིངས་མཁའ་སྤྱོད་དག་པའི་གྲོང་། །ཕྱོགས་བཅུའི་སངས་རྒྱས་

p. 488

ཞིང་ཁམས་རབ་འབྱམས་ནས། །བསྒོམས་པ་དང་འདྲའི་ཡེ་ཤེས་སེམས་དཔའི་ཚོགས། །སྐད་ཅིག་འདིར་བྱོན་བཛྲ་ས་མཱ་ཛཿ དམ་ཡེ་དབྱེར་མེད་རྟག་བཞུགས་ཏིཥྛ་ལྷན། །ཞེས་མངོན་སུམ་ལྟར་གསལ་གདབ། དད་མོས་དྲག་པོས་ཐུགས་དམ་བསྐུལ་བས་དགྱེས་ཤིང་བརྩེ་བ་ཆེན་པོས་དགོངས་པར་མོས། གཉིས་པ་བསག་སྦྱོང་སྤེལ་གསུམ་བྱ་བ་ནི། རིགས་ཀུན་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་། །གྲུབ་བརྒྱའི་སྤྱི་མེས་དཔལ་ལྡན་ས་ར་ཧ། །བཀའ་བརྒྱུད་འབྱུང་གནས་མཉམ་མེད་སྒམ་པོ་པ། །ཀུན་འདུས་དཔལ་ལྡན་རྩ་བའི་བླ་མ་རྗེ། །དཀོན་མཆོག་རྩ་གསུམ་སྲུང་མའི་ཚོགས་བཅས་ལ། །སྒོ་གསུམ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་ལུས་དང་ལོངས་སྤྱོད་བཅས། །ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོས་ཏེ་འབུལ། །འཕྲལ་ཡུན་སྒྲིབ་པའི་རྒྱུར་གྱུར་སྡིག་ལྟུང་ལ། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་

p. 489

བཤགས། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བའི་ཚོགས། །གང་བསགས་ཀུན་ལ་རྗེས་སུ་ཡི་རང་ངོ་། །བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་བཞིན་དུ། །འཁོར་བ་མ་སྟོངས་བར་དུ་བཞུགས་གསོལ་འདེབས། །དུས་གསུམ་བསགས་པའི་དགེ་བ་ཇི་སྙེད་ཀུན། །གཞན་དོན་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པ་ཙམ་མམ། གཞན་ཡང་ཡན་ལག་བདུན་པའི་རིགས་རྒྱས་བསྡུས་གང་འགྲུབ་ནུས་ན་ལེགས། གསུམ་པ་བཟླས་པ་དང་གསོལ་འདེབས་ཀྱིས་ཐུགས་དམ་བསྐུལ་བ་ནི། བཅོས་མིན་གྱི་མོས་གུས་དྲག་པོས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་རང་ངོ་ན་མཉམ་པར་བཞག་ལ། འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་དང་། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ། ཞེས་བླ་མ་གསུམ་སོ་སོར་རེ་རེ་བཞིན་མོས་གུས་ཀྱི་རྩལ་བསྐྱེད་དེ་བཟླ། བཟླས་པ་ཅི་ནུས་གྲུབ་པའི་རྗེས་སུ་གདུང་ཤུགས་ཀྱི་དབྱངས་སྙན་དྲག་པོས་གསོལ་བ་འདེབས་པ་ནི། དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །སྙིགས་མའི་དུས་སུ་འགྲོ་

p. 490

དོན་མཛད། །ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །ཟླ་འོད་གཞོན་ནུའི་ཞབས་ལ་གསོལ་བ་འདེབས། །ཞེས་རྗེ་རང་བྱུང་ཞབས་ཀྱིས་མཛད་པ་དང་། དེ་ལས་ཅུང་ཟད་རྒྱས་པར་འདོད་ན། ན་མོ་གུ་རུ་བཛྲ་དྷཱ་ར་ཛམྦུ་དྭཱི་པ་ཀིརྟི་ཡེ། རྒྱལ་བའི་ཐུགས་རྗེ་མ་ལུས་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་སེལ། །དྲན་ཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་པ་ལ། །གང་ནས་བསམས་ཀྱང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་གཟིགས་ཤིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྒྱལ། །མགོན་

p. 491

ཁྱོད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་སྒམ་པོ་པ་ནོར་བུ་རྒྱན་པའི་གསུང་བཅས་བྱིན་རླབས་ཆེ་བས་ཅི་ནུས་བཟླ། མཐར་ཕུར་ཚུགས་སུ་གསོལ་བ་འདེབས་པས་ཐུགས་དམ་བསྐུལ་བ་ནི། སྲིད་ཞི་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །གྲུབ་མཆོག་ཡོངས་ཀྱི་སྤྱི་མེས་ས་ར་ཧ། །རྒྱལ་བས་ལུང་བསྟན་མཉམ་མེད་སྒམ་པོ་པ། །ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཐུགས་དམ་སྙིང་ནས་བསྐུལ་ལོ་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོའི་གནས་སྐབས་གང་དུ་ཡང་། །ཁྱེད་ལས་གཞན་པའི་རེ་ས་མ་མཆིས་པས། །གཟུང་འཛིན་འཁྲུལ་པ་དབྱིངས་སུ་ཞི་བ་དང་། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་ནས་སྤྲུགས། །རྗེ་བཙུན་ཁྱེད་དང་མཉམ་པར་མཛད་དུ་གསོལ། །ཞེས་སྙིང་

p. 492

ཐག་པ་ནས་གསོལ་བ་གདབ་བོ། །གསུམ་པ་རྗེས་ལ་གསུམ། དང་པོ་ཐུན་མོང་དབང་བཞི་ལེན་པ་ནི། མོས་གུས་ཤུགས་ཀྱིས་རྗེ་བཙུན་ཐུགས་རྒྱུད་བསྐུལ། །གནས་གསུམ་འོད་ཟེར་བདུད་རྩི་དཀར་དམར་མཐིང་། །བདག་གི་གནས་གསུམ་རིམ་དང་གཅིག་ཅར་ཞུགས། །དབང་བཞིས་རྒྱུད་སྨིན་སྒྲིབ་པ་རྣམ་བཞི་དག །ལམ་བསྒོམ་སྐུ་བཞི་ཐོབ་པའི་སྐལ་ལྡན་གྱུར། །གཉིས་པ་ཁྱད་པར་བྱིན་རླབས་འཕོ་བ་ནི། བྲམ་ཟེ་ཆེན་པོས་མདའ་གཞུ་བཀང་བ་ཡི། །མདེལ་རྩེའི་འོད་ལྔའི་ཐུར་མས་རང་གི་སྙིང་། །རེག་པ་ཙམ་གྱིས་ཁ་ཕྱེས་ངར་འཛིན་བརླག །མ་རིག་སྦུབས་བྲལ་དག་པ་ཡེ་ཤེས་ཀྱི། །འོད་ལྔའི་གོང་བུར་རྡོར་འཆང་ཐུགས་ཀ་ནས། །ལྔ་ལྡན་ཡེ་ཤེས་ཐིག་ལེ་ཏལ་གྱིས་བྱོན། །རང་སེམས་དང་འདྲེས་བྱིན་རླབས་འཕོ་དབང་ཐོབ། །སྙིང་དབུས་བྱང་ཆུབ་བར་དུ་བརྟན་བཞུགས་པ། །མཆོག་དངོས་གཞི་དང་ཡེངས་མེད་རིག་པའི་

p. 493

རྟེན། །བླ་མ་འོད་ཞུ་རང་ལ་ཐིམ་པར་གྱུར། །ཐུགས་ཡིད་དབྱེར་མེད་གདོད་མའི་གཤིས་སུ་འདྲེས། །མ་བཅོས་རང་བྱུང་འོད་གསལ་ཕྱག་རྒྱ་ཆེ། །གཉུག་མའི་ཤེས་པ་བཟོ་མེད་ཨེ་མ་ཧོ། །ཞེས་རང་སེམས་གཤིས་ལུགས་འགྱུར་མེད་ནམ་མཁའ་ལྟ་བུའི་ངང་དུ་ཅི་གནས་སུ་མཉམ་པར་བཞག །གསུམ་པ་རྗེས་སྤྱོད་ནི། རྗེས་ཐོབ་སྣང་གྲག་རྟོག་ཚོགས་བླ་མ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་འཁོར་ལོར་ཤར། །ཐ་མལ་འཁྲུལ་སྣང་དག་པ་རབ་འབྱམས་ངང་། །ཡེ་ཤེས་སྒྱུ་མའི་རོལ་པར་འབྱམས་ཀླས་སོ། །སྐྱེ་ཀུན་མཚན་ལྡན་བླ་མ་དམ་པ་དང་། །མི་འབྲལ་མཉེས་པ་དགུ་ཡིས་ཐུགས་ཟིན་ཅིང་། །མོས་གུས་སྟོབས་ཀྱིས་ས་ལམ་གཅིག་ཆར་བགྲོད། །སྐུ་བཞིའི་གོ་འཕང་བདེ་བླག་འགྲུབ་གྱུར་ཅིག ། ༈ དམ་ཆོས་སྒྲུབ་པའི་བར་གཅོད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ཆོས་མཐུན་བདེ་ལེགས་རྒྱས། །བསམ་པའི་

p. 494

དོན་ཀུན་ཆོས་བཞིན་འགྲུབ་ནས་ཀྱང་། །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་དང་ཤིས་བརྗོད་གཞན་ཡང་སྤེལ་ལོ། །ཚུལ་འདི་སྒྲུབ་བརྩོན་བསླབ་གསུམ་ནོར་ལྡན་ར་རི་བླ་མ་ཚེ་དབང་བསྟན་འཛིན་ནས་ནན་ཏན་ཆེན་པོས་གསུང་བསྐུལ་མ་ལྡོག་ཙམ་དུ། མཁན་ཆེན་བླ་མ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཀྱི་དག་སྣང་ཞལ་ལས་དངོས་སུ་མནོས་པའི་དགོངས་པ་གཞིར་བཞག་སྟེ། འདུ་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཚིག་ཚོགས་རྒྱས་བསྡུས་འཚམས་པར་བགྱིས་པ་དགེ་ལེགས་འཕེལ།། །།

ཚོགས་མཆོད་བྱིན་རླབས་སྤྲིན་ཕུང་། ཆགས་སྤྲུལ་ལྔ་པ་གསང་སྔགས་བསྟན་འཛིན།

p. 495

ཚོགས་མཆོད་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཡེ། འདིར་ཟབ་ལམ་ཕྱག་རྒྱ་ཆེན་པོའི་བོགས་འདོན་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས་སྤྲོས་བཅས་ཀྱི་ཚོགས་མཆོད་ཅི་ཙམ་འབྱོར་ཡང་ལེགས་པས་ག་ཎ་ཙཀྲའི་ཡོ་བྱད་རྣམས་གཙང་ཞིང་དག་པར་བཤམ། ཐོག་མར་བླ་མའི་རྣལ་འབྱོར་གྱི་དབུ་ནས། མཛད་དུ་གསོལ། །ཞེས་པའི་བར་བཏང་ལ་དངོས་གཞི་ཚོགས་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ། ངོ་བོ་ཀ་དག་གསལ་མདངས་ལས། །རིག་རྩལ་སྣང་སྟོང་སེམས་ཉིད་འདི། །རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གསལ་སྟོང་འཇའ་ཚོན་ལྟ་བུར་གསལ། །མདུན་དུ་རང་

p. 496

བྱུང་ཐོད་སྒྱེད་སྟེང་། །མཚན་ལྡན་རྡོ་རྗེའི་ཀ་པཱ་ལ། །ཐབས་ཤེས་ཉི་ཟླའི་སྣོད་ཡངས་པར། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ། །ས་བོན་བཅུ་ཡིས་མཚན་པར་གྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས། །རླུང་གཡོས་མེ་སྦར་ཐོད་པ་དྲོས། །དམ་ཚིག་རྫས་རྣམས་ཞུ་ཞིང་ཁོལ། །རླངས་པ་ཕྱོགས་བཅུར་རབ་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དགྱེས་བསྐྱེད་ནུས་ལྡན་ཚོགས་ཀྱི་རྫས། །འདོད་ཡོན་ལྷ་མོས་ནམ་མཁའ་གང་། །ཀུན་བཟང་མཆོད་པའི་སྤྲིན་ལྟར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་ས་ར་སོགས་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་ན་ལེགས་པར་མངོན། དེ་ནས་སྤྱན་འདྲེན་ནི། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་འཕགས་ཡུལ་

p. 497

སྒྲུབ་གནས་གར་བཞུགས་ནས། །དཔལ་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་ཆེ། །གྲུབ་ཆེན་ས་ར་ཧ་པ་གནས་འདིར་བྱོན། །གནས་དྭགས་ལྷ་དཔལ་གྱི་སྒམ་པོ་ནས། །རྗེ་རྒྱལ་བས་ལུང་བསྟན་འཛམ་གླིང་གྲགས། །དྭགས་པོ་བསོད་ནམས་རིན་ཆེན་གནས་འདིར་བྱོན། །གནས་གར་བཞུགས་ཞིང་ཁམས་རབ་འབྱམས་ནས། །ཆོས་མདོ་སྔགས་སྨིན་གྲོལ་གདམས་པའི་མཛོད། །དྲིན་ཆེན་རྩ་བའི་བླ་མ་གནས་འདིར་བྱོན། །ཁྱོད་མི་མངོན་དབྱིངས་ནས་གཤེགས་པའི་ཚེ། །སྐུ་གཟི་བརྗིད་འོད་ཕུང་ཐིབས་སེ་ཐིབ། །གསུང་ཚངས་དབྱངས་ཆོས་སྒྲ་འུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཡ་ལ་ལ། །བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི། །ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབ། །ངེད་འདིར་འཚོགས་བུ་ལ་དབང་བཞི་བསྐུར། །རྗེ་ཁྱེད་དང་དགོངས་པ་མཉམ་པ་ཞིག །དུས་ད་ལྟ་ཉིད་དུ་བྱིན་

p. 498

གྱིས་རློབས། །ཕེཾ་བཛྲ་ཨ་ར་ལི་ཧོཿ ཚོགས་ཕུད་འབུལ་བ་ནི། ཧོ། རྨད་བྱུང་ཚོགས་ཀྱི་མཆོད་པ་འདི། །སྐུ་གསུམ་བླ་མའི་ལྷ་ཚོགས་ཀྱིས། །དགྱེས་པ་ཆེན་པོར་རབ་བཞེས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཧོཿ བསྐང་བཤགས་ནི། ཧོཿ བདག་གཞན་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་དམ་ཚིག་ཆག་ཉམས་སོགས། །འགལ་འཁྲུལ་ནོངས་པ་ཅི་མཆིས་ཀུན། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ སྤྲོ་ན་ཡིག་བརྒྱ་བརྗོད། སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཞེས་ཚོགས་ལ་རོལ། ལྷག་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཧཱུྃ། རིག་འཛིན་བླ་མའི་བཀའ་ཉན་པ། །ལྷག་ལ་དབང་བའི་བསྟན་སྲུང་ཚོགས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །ཨུཙྪིཥྚ་བ་ལིངྟ་ཁཱ་ཧི། དེ་ནས་བླ་མའི་རྣལ་འབྱོར་གཞུང་གི་དབང་བཞི་ལེན་པའི་དམིགས་

p. 499

པ་ནས་བཟུང་དགེ་བསྔོའི་བར་བརྗོད་པས་འཐུས་སོ། །ཞེས་པ་འདིའང་སྐྱབས་མགོན་ཟླ་སྤྲུལ་གྱིས་མཛད་པའི་བླ་མའི་རྣལ་འབྱོར་གྱི་ཁ་བསྐང་ལྷན་ཐབས་སུ་ཤཱཀྱའི་བཙུན་པ་ཀརྨ་དཔལ་བཟང་གིས་བསྐུལ་ངོར། ཆགས་སྤྲུལ་ལྔ་པས་བྲིས་པ་དགེའོ།། །།

འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།

p. 500

༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

p. 501

འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །

Pecha page