དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་སྙིང་པོར་བསྡུས་པ་བདེ་ཆེན་ལམ་བཟང་། བློ་གྲོས་རིན་ཆེན།
༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{མཁའ་འགྲོ་ཕག་མོ་དང་གཅོད་ཚོགས་སྐོར་}བཞུགས་སོ། །
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་སྙིང་པོར་བསྡུས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
ན་མོཿགུ་རུ་ཤྲཱི་བཛྲ་ཝཱ་རཱ་ཧཱི་ཡེ། འཁོར་འདས་ཆོས་ཀུན་སྟོང་ཉིད་ཕྱག་རྒྱས་བཏབ། །བདེ་བ་ཆེན་པོའི་ཡེ་ཤེས་ལྷན་ཅིག་སྐྱེས། །ཡོངས་གྲུབ་རྣམ་བཅས་ལྷ་མོའི་སྐུར་སྣང་བ། །རིགས་ཀྱི་གཙོ་མོ་རྡོ་རྗེ་ཕག་མོར་འདུད། །འདིར་སྒྲུབ་པོ་གང་ཞིག་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་མདོར་བསྡུས་ལམ་ཁྱེར་བྱ་བའི་ཚུལ་ལ་བཞི། སྦྱོར་བ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གནས་དབེན་པ་རི་བོའི་རྩེའམ། ཟངས་བྲག་དམར་པོ། སྣང་བ་ནུབ་པའི་བརྡར་ཕུག་པ་ཁ་ནུབ་བསྟན། གཅོང་རོང་གནམ་ས་གྲུ་གསུམ་ཆོས་འབྱུང་གི་དབྱིབས་ཅན་དང༌དུར་ཁྲོད་ལ་སོགས་པར། དུས་ཁྱད་པར་ཅན་དཀར་ཕྱོགས་ཀྱི་བརྒྱད་དང་བཅོ་ལྔ་ལ་སོགས་པར་གཞི་དུལ་བར་ཚོན་དཀྱིལ་གཉིས་གང་རུང་གིས་པདྨ་རྡོ་རྗེ་དུར་
ཁྲོད་ཐོད་ར་མེ་རིས་བསྐོར་བའི་དབུས། ཆོས་འབྱུང་བསྣོལ་མ་དམར་པོའི་ལྟེ་བར་པདྨ་འདབ་བཞི་ཧྲཱིཿདང་ཧ་རི་ནི་སས་མཚན་པ་བྲིས་པའི་ཁར། ལྡིང་ཁྲི་རིམ་གསུམ་པར་བུམ་ཐོད་བཅུད་ལྡན། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་རྣམས་གཞུང་མཐུན་བཀོད། མདུན་དུ་ཤ་ལྔ་བདུད་རྩི་ལྔ་སྦྱར་བའི་གཏོར་མ་སྨུག་རྩི་དཀར་རྒྱན་ཅན་ལྔ་ཚོམ་ཐེབ་ཀྱུས་བྲུས་པ་བཤམས། ཀ་པཱ་ལ་བདུད་རྩི་རིལ་བུ་སྦྱར་བ། ཉེར་སྤྱོད་རྣམ་བདུན། གཞན་ཡང་དུས་བཟང་གི་ཚོགས་མཆོད། འབྱུང་གཏོར། ལས་གཏོར་ཀུན་འདུ་བྱ། རང་མདུན་རྡོར་དྲིལ། ཌཱ་མ་རུ། ལག་མཆོད་བཅས་ཚོགས་པར་བྱའོ། །གཉིས་པ་སྔོན་དུ་འགྲོ་བ་ལ་བདུན། རང་ལྷའི་ང་རྒྱལ་བརྟན་པ། བདུད་རྩི་བརླབ་པ། འབྱུང་གཏོར་འབུལ་བ། བགེགས་བསྐྲད་པ། མཚམས་བཅད་པ། ཏིང་ངེ་འཛིན་ལ་བསྐུལ་བ། མཆོད་པ་བྱིན་བརླབ་པའོ། །དང་པོ་ནི། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་
མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ཅིང་ཁ་ཊྭཱཾ་ག་ལ་འཁྱུད་པ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། གཉིས་པ་ནི། ནང་མཆོད། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ༌ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ན་ལས་མི་ཡི་ཤ ། ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོ་ཆེ་ཡི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མཱུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་ཐུགས་ཀ་ནས་
འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་ཁོལ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། སླར་ཡི་གེ་གསུམ་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ༈ གསུམ་པ་ནི། བདུད་རྩི་ལྟར་སྔོན་གཏོར་བརླབས། ཕེཾ་ཕེཾ་ཕེཾ། འབར་བའི་ཕྱག་རྒྱས་མགྲོན་བཀུག་ནས། པད་ཀོར་རྡོར་ཐལ་ཁ་ཕྱེ་བས། ཨོཾ་ཁ་ཁ་ཁཱ་ཧི་སོགས་སྔགས་རིང་ལན་གསུམ་གྱིས་བསྔོས་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང། །ཡི་དྭགས་ཚོགས༴ ཤ་ཟའི་ཚོགས༴ སྨྱོ་བྱེད་ཚོགས་རྣམས༴ རྗེད་
བྱེད་ཚོགས༴ མཁའ་འགྲོའི་ཚོགས༴ མ་མོའི་ཚོགས་རྣམས་མ་ལུས་དང། །མ་ལུས་པ་ནི་འབྱུང་པོའི་ཚོགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་
འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་ཕྱིར་དོར། བཞི་པ་ནི། ཧཱུྃ། ཆོས་ཉིད་ཡེ་ཤེས་ཡེ་ནས་བརྗོད་བྲལ་ཡང༌། །འཁྲུལ་པའི་དབང་གིས་གཉིས་འཛིན་རྣམ་རྟོག་ལས། །བྱུང་བའི་ཉོན་མོངས་དུག་ལྔའི་དགྲ་དང་བགེགས། །ཏིང་འཛིན་བྱང་ཆུབ་སེམས་ལ་གནོད་གྱུར་པས། །རང་བྱུང་ཁྲོ་རྒྱལ་བདེ་གཤེགས་ཆེན་པོའི་བཀས། །འདུག་པའི་གནས་མེད་མཁའ་ཁྱབ་སྤྲོས་བྲལ་ཀློང༌། །རྟག་ཆད་མཐའ་ལས་འདས་པའི་ཕ་རོལ་ཏུ། །མྱུར་བ་ཉིད་དུ་རང་གི་གནས་སུ་དེངས། །སུམྦྷ་ནི་བརྗོད། ༈ ལྔ་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན། །དེ་ལས་སྣ་ཚོགས་རྡོ་རྗེ་གྲངས་མེད་འཕྲོས། །སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ར་གུར་ནི། །མི་ཤིགས་སྲ་བརྟན་སྲུང་བའི་འཁོར་ལོར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སེང་གདོང་མ། །བཛྲ་
སེངྷ་ཞེས་བྱ་བ། །སྟེང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེ་དུས་ལ་བབས། །སྟེང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྭ་གདོང་མ། །བཛྲ་ཀཱ་ཀ་ཞེས་བྱ་བ། །ཤར་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །ཤར་གྱི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་འུག་གདོང་མ། །བཛྲ་ཨུལླུ་ཞེས་བྱ་བ། །བྱང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །བྱང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྱི་གདོང་མ། །བཛྲ་ཤྭ་ན་ཞེས་བྱ་བ། །ནུབ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །ནུབ་ཀྱི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཕག་གདོང་མ། །བཛྲ་སུ་ཀ་
ཞེས་བྱ་བ། །ལྷོ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །ལྷོ་ཡི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སྟག་གདོང་མ། །བཛྲ་བྱ་གྷྲི་ཞེས་བྱ་བ། །འོག་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །འོག་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །སྒོ་མ་རྣམས་ཀྱིས་སྒོ་སྲུངས་ལ། །མཚམས་མ་རྣམས་ཀྱིས་མཚམས་སྡོམས་ཤིག །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཨོཾ་བཛྲ་ཝཱ་རཱ་ཧཱི་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཡ། གནོད་བྱེད་སརྦ་དུཥྚན་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མཚམས་བཅད་དོ། །དྲུག་པ་ནི། ལས་རྡོར་གྱིས་ཕྱག་བཅས། བླ་མ་རྡོ་རྗེ་སློབ་དཔོན་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་དགོངས། །དེང་བདག་འགྲོ་ཀུན་དོན་སླད་དུ། །ཐུགས་དམ་ཏིང་འཛིན་ལ་བཞུགས་འཚལ། །ས་མ་དྷི་ཀྲ་མ་ཧོ། ཞེས་
བསྐུལ། བདུན་པ་ནི། མཆོད་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་བརྗོད། མཆོད་སྤྲིན་འབྱུང་བའི་གཟུངས་ཀྱིས་རྒྱས་པར་སྤེལ། གསུམ་པ་དངོས་གཞིའི་རིམ་པ་ལ་ལྔ། བདག་གི་རྣལ་འབྱོར། བུམ་དཀྱིལ་བསྒྲུབ་པ། མདུན་བསྐྱེད་ཆོ་ག །སློབ་མ་རྗེས་འཛིན། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ནི། འདི་ལ་ལྔ་ལས་ཐོག་མར་སྐྱབས་སེམས་ནི། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་
ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས༴ སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་གསུམ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་
གྱུར་ཅིང༌། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ལན་གསུམ། གཉིས་པ་ཚོགས་བསགས་པ་ནི། མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར། དེ་ནས་བདག་ཉིད་རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་རྣམ་པར་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ནམ་མཁའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ཡང་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་
འཁོར་ལྷ་ཚོགས་རྣམས་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་དང༌། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་དང༌། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མ་ཏངྒི་ཨཱཿཧཱུྃ། ཞེས་མཆོད། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་གཡང་ས་མ་ལུས་སྤང་ཕྱིར་དང༌། །ཞིང་ཁམས་རྣམ་པར་དག་པ་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་མཎྜལ་དབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་མཎྜལ་ཕུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་
ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་འགྲུབ་ཕྱིར། །བདག་གི་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱད་མཆོག་མཛད་བཞིན་སྤྱོད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་བདུན་རྣམ་དག་བྱ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གསང་བདག་ས་ར་ཧ་པ་ཤ་ཝ་རི། །ཀླུ་སྒྲུབ་སྐལ་པ་བཟང་མོ་མ་ཏཾ་གི ། གསོལ་བ་འདེབས་སོ་བདེ་ཆེན་མཆོག་འགྲུབ་ཤོག །ཏཻ་ལོ་ནཱ་རོ་མར་པ་མི་ལ་རས། །དྭགས་པོ་འབའ་རོམ་ཏི་རས་རས་དཀར་བ། །ལུས་མེད་རྡོ་རྗེ་བྱང་ཆུབ་གཞོན་ནུའི་ཞབས། །གསོལ་བ་འདེབས་སོ༴ བློ་གྲོས་རྡོ་རྗེ་ལྷ་རས་བརྩོན་འགྲུས་དཔལ། །གྲགས་པ་རྒྱལ་མཚན་ཆོས་རྗེ་བསོད་ནམས་བཟང༌། །མ་ཏི་རཏྣ་
རིག་མ་ཡེ་ཤེས་རྒྱན། །གསོལ་བ་འདེབས་སོ༴ མཁའ་འགྲོ་ནམ་མཁའི་རྣལ་འབྱོར་ཆོས་ཀྱི་སེང༌། །བཀའ་བརྒྱུད་བཀྲ་ཤིས་གྲུབ་མཆོག་དབང་པོའི་མཚན། །ཞལ་གཟིགས་བཀའ་བབ་གསེང་ལམ་ཉེ་བརྒྱུད་ལ། །གསོལ་བ་འདེབས་སོ༴ གཞན་ཡང་འོད་མཚན་བཞི་པ་ཆོས་ཀྱི་གྲགས། །བཀའ་བཅུ་པ་དང་བསོད་ནམས་དོན་གྲུབ་སོགས། །སྤྱི་དང་ཁྱད་པར་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་འགྲུབ་ཤོག །ཟབ་མོའི་དབང་གིས་རྒྱུད་སྨིན་རྡོ་རྗེ་བཞིའི། །ས་བོན་གསོས་ཐེབས་ལམ་བཞིའི་བསྐྱེད་བསྲིངས་ཏེ། །འབྲས་བུ་སྐུ་བཞི་མངོན་གྱུར་རྣལ་འབྱོར་མའི། །གོ་འཕང་ལ་རེག་འགྲོ་སྒྲོལ་དེད་དཔོན་ཤོག །ཅེས་གསོལ་བ་བཏབ། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་ཐ་
དད་དུ་འཛིན་པའི་སྒྲིབ་པ་དག །ལམ་བསྐྱེད་རྫོགས་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་སྐལ་པ་ཅན་དུ་གྱུར། དེ་ནས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བ་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། གསུམ་པ་བསྐྱེད་རིམ་རྗེས་འབྲེལ་དང་བཅས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་ལྷོ་
སེར་ནུབ་དམར་བྱང་ལྗང་ལྟེ་བ་སྔོན་པོ་ཧཱུྃ་གིས་མཚན་པ་དེ་ལས་སྣ་ཚོགས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་དུ་མདའི་དྲྭ་བ་དང་མདེའུ་ལ་ཡེ་ཤེས་ལྔའི་མེ་འབར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེང་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ། དེ་ཡི་ཕྱི་རོལ་དུ་དྲི་མེད་པདྨའི་ཕྲེང་བ། འགྱུར་མེད་རྡོ་རྗེའི་ར་བ། རབ་འཇིགས་དུར་ཁྲོད་ཆེན་པོ་བརྒྱད་དང་ཡེ་ཤེས་འོད་ལྔའི་ཟེར་ཕྲེང་གི་མུ་ཁྱུད་ཀྱིས་བསྐོར་བའོ། །ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ།
རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། འགྲོ་བའི་སྒྲིབ་པ་སྦྱངས་ནས་ཡེ་ཤེས་མཁའ་འགྲོའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་སྐུ་མདོག་དམར་མོ་མེ་ཡི་མདོག་ཅན་གཞོན་ཚུལ་ལང་ཚོ་རྒྱས་པའི་གཟི་བྱིན་འབར་བ། ཞལ་གཅིག་ལ་ཕྱག་གཉིས་དང་ལྡན་པའི་གཡས་པས་ཟངས་ཀྱི་གྲི་གུག་དམར་ལྷག་གེ་བ་ནམ་མཁར་ཕྱར་བ། གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་སྦས་པའི་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་ནག་པོ་རྩེ་གསུམ་པ་ཞིག་རྒྱང་ངེར་ཡོད་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཕྱེད་སིལ་བུར་ཐུར་དུ་གྲོལ་བས་སྐེད་པ་ཡན་ཆད་ཁེབས་པ། རྣ་
ལྟག་གཡས་པ་ན་ཕག་པའི་ཞལ་གཅིག་དོད་པའི་ཕག་སྐད་ནམ་མཁར་ངུར་བ། རྩ་ཞལ་དམར་པོ་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་བཞི་གཙིགས་པ་གཡོན་ཕྱོགས་སུ་བརྗིད་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་མཛད་པ། རུས་པའི་རྒྱན་ཆ་ལྔས་དཀར་ཆག་གེར་བརྒྱན་པ། ཞབས་གཡས་བསྐུམ་པས་དུས་མཚན་མའི་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་བརྐྱངས་པས་འཇིགས་བྱེད་ནག་པོ་སུམ་བལྟབས་སུ་མནན་པ། སྐུ་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་དཔའ་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། ཅེས་དང་། རང་ཉིད་རྣལ་འབྱོར་མའི་སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། མགྲིན་པར་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། ལྟེ་བར་རི་ལས་རིན་
ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། གསང་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་མོ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང༌། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་བསྒྲེང་བ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། ཅེས་དང༌། ཕག་མོའི་ལྟེ་བར་ཨོཾ་བྃ་དམར་པོ། སྙིང་ཁར་ཧྃ་ཡོཾ་སྔོན་མོ། ཁ་ལ་ཧྲིཾ་མོཾ་དཀར་མོ། མགོ་བོར་ཧྲེཾ་ཧྲིཾ་སེར་མོ། སྤྱི་གཙུག་ན་ཧཱུྃ་ཧཱུྃ་ལྗང་ཁུ། སྨིན་མཚམས་སུ་ཕཊ་ཕཊ་དུད་ཁས་མཚན་པར་གྱུར། ཡེ་ཤེས་པ་སྤྱན་འདྲེན་པ་ནི། བདག་ཉིད་ཕག་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ། མཁའ་འགྲོ་མ་བཞིའི་ཐུགས་ཀར་ཧ་རི་ནི་སའི་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས་འོག་མིན་དག་པ་མཁའ་སྤྱོད་ཀྱི་གནས་ནས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་
ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས། འབར་བའི་རྒྱ་དཔྲལ་བར་བསྐོར་ཞིང༌། ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ། ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲི་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཐོད་ལྔ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་ཚིལ་གསུར་དུད་པས་སྤྱན་དྲངས། ཡེ་ཤེས་པ་མདུན་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས་ཤབྡ་ཨཱཿཧཱུྃ། ཞེས་མཆོད་ལ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་
ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས། རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། མཆོད་བསྟོད་ནི། ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་དམིགས་ལ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་དང༌། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མ་ཏངྒི་ཨཱཿཧཱུྃ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ན་འབྱུང་བཞི་འཕྲོ། །
ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྐྱེད་རིམ་རྗེས་འབྲེལ་བཅས་གྲུབ། བཞི་པ་གསུང་བཟླས་པའི་རིམ་པ་ནི། དེ་ལ་ཐོག་མར་ལྷ་སྐུའི་གསལ་སྣང་ལ་སེམས་བཞག་ལ་ཇི་སྲིད་གནས་ཀྱི་བར་དང༌། སྐྱོ་ཞིང་དུབ་པའི་སྐབས། རང་གི་སྙིང་གར་ཆོས་འབྱུང་པདྨ་འདབ་བཞིའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་དང༌། འདབ་མ་བཞི་ལ་ཧ་རི་ནི་སས་མཚན་པར་གྱུར། བསྙེན་པའོ། །དེ་ལས་འོད་ཟེར་མཆོད་པའི་སྤྲིན་དུ་འཕྲོས་རྒྱལ་བའི་ཞིང་དང་ཨོ་རྒྱན་གྱི་གནས་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་མ་རྣམས་མཆོད་ཅིང་མཉེས། དེ་དག་གི་སྐུ་ལས་རང་འདྲའི་སྐུ་གྲངས་མེད་པ་འཕྲོས་དཔྲལ་བར་ཐིམ་ལུས་ལ་བདེ་བ་འཕེལ། གསུང་ལས་སྔགས་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་འཕྲོས་མགྲིན་པར་ཐིམ་ངག་ལ་ནུས་པ་
འབར། ཐུགས་ལས་བྱང་སེམས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་འཕྲོས་སྙིང་ཁར་ཐིམ་སེམས་ལ་རྟོགས་པ་བསྐྱེད། སྒྲུབ་པའོ། །ལྷ་ཚོགས་རྣམས་ཀྱི་སྐུ་དང་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་འཕྲོས། ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་སྦྱངས། སྣང་སྲིད་ལྷ་ཡི་འཁོར་ལོར་བསྒྱུར། མཆོག་ཐུན་ལས་བཞི་ལྷུན་གྱིས་འགྲུབ་པར་གྱུར། ལས་སྦྱོར་རོ། །རྩ་སྔགས་སྙིང་པོ་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་གསུམ་གྲངས་བསྙེན་དང༌། ཉེ་བར་བསྙེན་པའི་སྙིང་པོ་ནི། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་གཅིག་བཟླ་བར་བྱའོ། །ལྔ་པ་ཐུན་བསྡུ་བ་ནི། དེ་ནས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཕྱི་རོལ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་སྲུང་འཁོར་དུར་ཁྲོད་དང་བཅས་པ་ལ་ཐིམ། དེ་གཞལ་ཡས་ཁང་འཁོར་དང་
བཅས་པ་ཐུགས་ཀའི་ཧྲཱིཿལ་འདུས་ཤིང་དེ་ཉིད་རིམ་གྱིས་མི་དམིགས་པར་ཡལ་བ་འོད་གསལ་སྟོང་པ་ཉིད་དུའོ། །ཞེས་ཅི་གནས་སུ་བཞག །སླར་ཡང་ཟུང་འཇུག་གི་སྐུ་ཆུ་ལས་ཉ་ལྡང་བ་བཞིན་དུ་སྐད་ཅིག་གིས་གསལ་བར་གྱུར་པར་བལྟའོ། །ཞེས་སྤྱོད་ལམ་ལ་འཇུག་པར་བྱ། གཉིས་པ་བུམ་དཀྱིལ་བསྒྲུབ་པ་ནི། བིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་བྷྲཱུྃ་ལས་བུམ་པ་གཉིས་པའི་རང་བཞིན་སེར་པོ། རྩ་བ་དང་ནག་པོ་མེད་པ། མཆུ་འཕྱང་བ། ལྟོ་བ་ཆེ་བ། མགྲིན་པ་ཕྲ་བ། ལྔ་ཚན་ལྔ་དང་བདུད་རྩིའི་ཆུས་བཀང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང་ཙཱུ་ཏའི་ཤིང་གིས་ཁ་བརྒྱན་པ། དེའི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེང་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ། དེའི་དབུས་སུ་སྣ་ཚོགས་པདྨ་ཉི་
མའི་དཀྱིལ་འཁོར་གྱི་གདན་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། འགྲོ་བའི་སྒྲིབ་པ་སྦྱངས་ནས་ཡེ་ཤེས་མཁའ་འགྲོའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་བུམ་ལྷ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་སྐུ་མདོག་དམར་མོ་མེ་ཡི་མདོག་ཅན་གཞོན་ཚུལ་ལང་ཚོ་རྒྱས་པའི་གཟི་བྱིན་འབར་བ། ཞལ་གཅིག་ལ་ཕྱག་གཉིས་དང་ལྡན་པའི་གཡས་ཟངས་ཀྱི་གྲི་གུག་དམར་ལྷག་གེ་བ་ནམ་མཁར་ཕྱར་བ། གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ལ་སྦས་པའི་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་ནག་པོ་རྩེ་གསུམ་པ་ཞིག་རྒྱང་ངེར་ཡོད་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཕྱེད་སིལ་བུར་ཐུར་དུ་གྲོལ་བ་སྐེད་པ་ཡན་ཆད་
ཁེབས་པ། རྣ་ལྟག་གཡས་པ་ན་ཕག་པའི་ཞལ་གཅིག་དོད་པའི་ཕག་སྐད་ནམ་མཁར་ངུར་བ། རྩ་ཞལ་དམར་པོ་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་བཞི་གཙིགས་པ་གཡོན་ཕྱོགས་སུ་བརྗིད་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་མཛད་པ། རུས་པའི་རྒྱན་ཆ་ལྔས་དཀར་ཆག་གེར་བརྒྱན་པ། ཞབས་གཡས་བསྐུམ་པས་དུས་མཚན་མ་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་བརྐྱངས་པས་འཇིགས་བྱེད་ནག་པོ་སུམ་བལྟབས་སུ་མནན་པ། སྐུ་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་དཔའ་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། ཅེས་དང༌། ཕྱོགས་ཀྱི་པདྨ་འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་
པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་མོ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང་གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་བསྒྲེང་བ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། ཅེས་དང༌། ལས་བུམ་དུ་པདྨ་ཉི་མའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བགེགས་མཐར་བྱེད་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་ཅུང་ཟད་ཁྲོས་པ། ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར་ཞིང་དྲིལ་བུ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ། སྟག་སྦྲུལ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞེངས་པའོ། །ཞེས་དང༌། གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་
ཧྲཱིཿདམར་པོ། མཁའ་འགྲོ་མ་བཞིའི་ཐུགས་ཀར་ཧ་རི་ནི་སའི་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས་འོག་མིན་དག་པ་མཁའ་སྤྱོད་ཀྱི་གནས་ནས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས། འབར་བའི་རྒྱ་དཔྲལ་བར་བསྐོར་ཞིང༌། ཕེཾ་ཕེཾ་ཕེཾ་གྱིས་སྤྱན་དྲངས། ཡེ་ཤེས་པ་མདུན་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས་ཤབྡ་ཨཱཿཧཱུྃ། ཞེས་མཆོད་ལ། ཛཿ་ཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་
ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། བགེགས་མཐར་བྱེད་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བཟླས་པ་ནི། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་བརྒྱུད་དེ་བྱོན། བུམ་པའི་ལྷ་ཚོགས་ཀྱི་རྒྱུད་བསྐུལ། སོ་སོའི་སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བྱུང་། མེ་ལོང་གི་སྔགས་འཁོར་ཐོད་པའི་བདུད་རྩི་རྣམས་རིམ་བཞིན་ཁེངས་ནས་བུམ་པ་གང་བར་གྱུར་པར་དམིགས་ལ། སྙིང་པོ་བརྒྱ་རྩ་བརྒྱད་སོགས་གང་འགྲུབ་དང༌། ལས་སྔགས་ཉེར་གཅིག་ཙམ་བཟླས། ཐུན་བསྡུ་བ་ན། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་དང༌། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མ་ཏངྒི་ཨཱཿཧཱུྃ། ཞེས་མཆོད། ཨོཾ། བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་
ཚུགས་ཤིང༌། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང༌། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་མ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དུང་ཞལ་མཆོད་ཡོན་ཕུལ་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། བུམ་པའི་ལྷ་བདེ་བ་ཆེན་པོར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་ཀྱི་ཁྲོ་བོས་བགེགས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད། །གསུམ་པ་མདུན་བསྐྱེད་ཆོ་ག་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།
ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་ལྟེ་བ་སྔོན་པོ་ཧཱུྃ་གིས་མཚན་པ་དེ་ལས་སྣ་ཚོགས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་དུ་མདའི་དྲྭ་བ་དང་མདེའུ་ལ་ཡེ་ཤེས་ལྔའི་མེ་འབར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེང་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ། དེ་ཡི་ཕྱི་རོལ་དུ་དྲི་མེད་པདྨའི་ཕྲེང་བ། འགྱུར་མེད་རྡོ་རྗེའི་ར་བ། རབ་འཇིགས་དུར་ཁྲོད་ཆེན་པོ་བརྒྱད་དང་ཡེ་ཤེས་འོད་ལྔའི་ཟེར་ཕྲེང་གི་
མུ་ཁྱུད་ཀྱིས་བསྐོར་བའོ། །ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། འགྲོ་བའི་སྒྲིབ་པ་སྦྱངས་ནས་ཡེ་ཤེས་མཁའ་འགྲོའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་སྐུ་མདོག་དམར་མོ་མེ་ཡི་མདོག་ཅན་གཞོན་ཚུལ་ལང་ཚོ་རྒྱས་པའི་གཟི་བྱིན་འབར་བ། ཞལ་གཅིག་ལ་ཕྱག་གཉིས་དང་ལྡན་པའི་གཡས་པས་ཟངས་ཀྱི་གྲི་གུག་དམར་ལྷག་གེ་བ་ནམ་མཁར་ཕྱར་བ། གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་སྦས་པའི་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་ནག་པོ་རྩེ་གསུམ་པ་
ཞིག་རྒྱང་ངེར་ཡོད་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཕྱེད་སིལ་བུར་ཐུར་དུ་གྲོལ་བས་སྐེད་པ་ཡན་ཆད་ཁེབས་པ། རྣ་ལྟག་གཡས་པ་ན་ཕག་པའི་ཞལ་གཅིག་དོད་པའི་ཕག་སྐད་ནམ་མཁར་ངུར་བ། རྩ་ཞལ་དམར་པོ་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་བཞི་གཙིགས་པ་གཡོན་ཕྱོགས་སུ་བརྗིད་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་མཛད་པ། རུས་པའི་རྒྱན་ཆ་ལྔས་དཀར་ཆག་གེར་བརྒྱན་པ། ཞབས་གཡས་བསྐུམ་པས་དུས་མཚན་མའི་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་བརྐྱངས་པས་འཇིགས་བྱེད་ནག་པོ་སུམ་བལྟབས་སུ་མནན་པ། སྐུ་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་དཔའ་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། ཅེས་དང་། ཕྱོགས་ཀྱི་པདྨ་འདབ་བཞིའི་ཤར་དུ་ཧ་ལས་
རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་མོ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང༌། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་བསྒྲེང་བ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། ཅེས་དང༌། གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ། མཁའ་འགྲོ་མ་བཞིའི་ཐུགས་ཀར་ཧ་རི་ནི་སའི་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས་འོག་མིན་དག་པ་མཁའ་སྤྱོད་ཀྱི་གནས་ནས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་བུ་ཡུག་
འཚུབས་པ་ལྟར་སྤྱན་དྲངས། འབར་བའི་རྒྱ་དཔྲལ་བར་བསྐོར་ཞིང༌། ཕེཾ་ཕེཾ་ཕེཾ། ཞེས་བརྗོད། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས༴ དག་པ་འཕྲུལ་གྱི་གནས་མཆོག་ནས། །མ་དང་མཁའ་འགྲོ༴ ནུབ་ཕྱོགས་ཨོ་རྒྱན་གནས་མཆོག་ནས། །རྡོ་རྗེ་ཕག་མོ༴ བདེ་ཆེན་རང་བྱུང་བྷ་ག་ནས། །རྒྱལ་བ་ཀུན་ཡུམ༴ ཡང་དག་བདེ་ཆེན་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ༴ མི་འགྱུར་གནས་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ༴ གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ༴ ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ༴ འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ༴ དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་
གསོལ། །ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ། ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲཱི་ད་ཡ། ཨ་པ་ཏོ་ཥ་ཡ། ཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རོལ་མོ་དང་ཚིལ་གསུར་གྱིས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས་ཤབྡ་ཨཱཿཧཱུྃ། ཞེས་མཆོད་ལ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རྣམ་སྣང་གཙོ་བོར་གྱུར་པའི་
རིགས་ལྔས་དབུ་བརྒྱན་པར་གྱུར། ཅེས་བརྗོད། དེ་ནས་མཆོད་བཞི་བསྟོད་བཞི་བྱ་བའི་ཐོག་མར་མཆོད་པ་བྱིན་བརླབ་ནི། མཆོད་རྫས་རྣམས་གསོ་བྲན་བཅས། ཨོཾ་ཨཱཿབིགྷྣན་གྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་བརྗོད། མཆོད་སྤྲིན་འབྱུང་བའི་གཟུངས་ཀྱིས་རྒྱས་པར་སྤེལ། དངོས་ལ་དང་པོ་ཕྱི་མཆོད་ཉེར་སྤྱོད་འབུལ་བ་ནི། ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྤྲིན། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཤྲཱི་
བཛྲ་ཡོ་གི་ནཱི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་རྡོ་རྗེ་ལྡན་པའི་བདག་ཉིད་ཅན། །བསྐལ་པའི་མེ་འབར་འཇིགས་པའི་ཧཱུྃ་སྒྲ་སྒྲོགས། །རྡོ་རྗེ་གཏུམ་མོ་དེ་ལ་ཕྱག་འཚལ་ལོ། །ཕག་གདོང་རྟོག་མེད་ཆོས་སྐུ་འགྱུར་མེད་སྟོན། །ཁྲོ་མོའི་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །འགྲོ་དོན་རྫོགས་མཛད་འཇིགས་པའི་ཆ་ལུགས་ཅན། །རྟོག་མེད་འགྲོ་དོན་མཛད་ལ༴ འཇིགས་རུང་དཔའ་མོ་མ་རུངས་ཚར་གཅོད་མ། །སྤྱན་གསུམ་མཆེ་གཙིགས་སྐུ་གསུམ་དོན་དང་ལྡན། །ཉོན་མོངས་གཅོད་མཛད་འཇིགས་པའི་ང་རོ་ཅན། །བདུད་འདུལ་འཇོམས་མའི་སྐུ༴ སྐྲ་གྲོལ་གཅེར་བུ་སྐྱོན་བྲལ་འཇིགས་པའི་གཟུགས། །ཉོན་མོངས་སྐྱོན་བྲལ་སེམས་ཅན་དོན་
མཛད་མ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་དྲུག་གནས་ནས་འདྲེན། །ཕྲིན་ལས་རྫོགས་མཛད་དེ་ལ༴ དུར་ཁྲོད་གནས་བཞུགས་རུ་དྲ་ཕོ་མོ་འདུལ། །དྲག་མོ་འཇིགས་ཚུལ་ཕཊ་ཀྱི་སྒྲ་སྒྲོགས་ཤིང༌། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །བདུད་འདུལ་དྲག་མོའི་སྐུ་ལ༴ ཆོས་ཉིད་དོན་རྟོགས་འཆི་བའི་ཚུལ་སྤངས་པ། །རོ་དང་ཉི་ཟླ་པདྨའི་གདན་གྱི་ཚུལ། །རྒྱན་རྣམས་ཀུན་གྱིས་རབ་མཛེས་ཁྲོ་མོའི་སྐུ། །ཡོན་ཏན་རྫོགས་མཛད་དེ་ལ༴ གྲི་གུག་ཐོད་པ་ཁ་ཊྭཱཾ་ཕྱག་ན་བསྣམས། །ཉོན་མོངས་གཅོད་མཛད་ཡེ་ཤེས་འོད་དང་ལྡན། །དུག་གསུམ་གཅོད་མཛད་སྐུ་གསུམ་ལྷུན་གྱིས་གྲུབ། །འགྲོ་བའི་དོན་མཛད་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གཉིས་པ་ནང་མཆོད་རྡོ་རྗེའི་རིག་མ་བཅུ་དྲུག་གི་མཆོད་པ་ནི། པི་ཝཾ་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མ་གླུ་གར་མ། །མེ་ཏོག་མ་དང་
བདུག་སྤོས་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ནི། །བཅོམ་ལྡན་འདས་མར་དབུལ་བར་བགྱི། ཨོཾ་བཛྲ་ཝིརྣི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ། ཝཾ་སེ། མྲྀ་ཏཾ་གེ། མུ་རན་ཛེ། ཧཱ་སྱེ། ལཱ་སྱེ། གཱིརྟི། ནཱིརྟི། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ཨོཾ་རཱུ་པ་བཛྲི་ཧཱུྃ་ཧཱུྃ་ཕཊ། ར་ས། སྤརྴེ། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཧཱུྃ་ཧཱུྃ་ཕཊ། ཅེས་སྦྱར་བས་མཆོད། ཧཱུྃ། བདེ་ཆེན་རང་བྱུང་རྡོ་རྗེ་མཁའ་འགྲོ་མ། །མི་འགྱུར་ཡེ་ཤེས་རྡོ་རྗེ་ཆོས་ཀྱི་སྐུ། །རྟོག་མེད་སྤྲོས་བྲལ་ཡེ་ཤེས་ཆོས་དབྱིངས་དོན། །ཡང་དག་གཉིས་མེད་སྐུ་ལ༴ ལྷ་མོ་དྲུག་གི་རང་བཞིན་རྡོ་རྗེའི་རིགས། །དཔལ་འབར་འཇིགས་མཛད་ཁྲོ་ཚུལ་འགྱུར་བག་ཅན། །བདེ་ཆེན་རང་བྱུང་ཕྱག་རྒྱ་ཆེན་མོའི་དོན། །ཉོན་མོངས་སྒྲོལ་མཛད་དེ་ལ༴ ཀུན་རྫོབ་དོན་དམ་རང་བཞིན་ཕག་མོ་
སྟེ། །སྐུ་མདོག་དམར་བ་ཐུགས་རྗེའི་རང་འོད་ཅན། །འདོད་དགུ་ཕུན་ཚོགས་རྡོ་རྗེ་མཁའ་འགྲོ་མ། །བདེ་ཆེན་རང་བྱུང་སྐུ་ལ༴ དུར་ཁྲོད་རྒྱན་རྣམས་སྐུ་ལ་རྫོགས་པ་སྟེ། །གྲི་གུག་ཁ་ཊྭཱཾ་ཕྱག་མཚན་སོ་སོར་བསྣམས། །ཐུགས་རྗེའི་རང་བཞིན་སྐྲ་གྲོལ་མཐུར་དུ་སྤུངས། །སྤྱན་དམར་འཛུམ་ཞལ་དེ་ལ༴ ཕྲིན་ལས་དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །བདེ་འགྲོའི་གནས་སུ་འདྲེན་པའི་ཐུགས་རྗེ་ཅན། །སྐྱོན་བྲལ་ཡང་དག་ལྷ་ཡི་ལྷར་གྱུར་པ། །རྡོ་རྗེ་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། །གསུམ་པ་གསང་བ་ཁྱད་པར་རྫས་ཀྱི་མཆོད་པ་ནི། ཤ་ཆེན་གསུར་གྱི་བདུག་སྤོས་དང༌། །ཞུན་ཆེན་གསལ་བའི་མར་མེ་དང༌། །བྱང་སེམས་དཀར་དམར་བདུད་རྩི་དང༌། །རྡོ་རྗེ་དྲི་ཆེན་ཞལ་ཟས་དང༌། །རྡོ་རྗེ་དྲི་ཆུའི་བདུད་རྩི་དང། །ཌཱ་མ་རུ་ཡི་སིལ་སྙན་གྱིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །ས་བཅུ་ནོན་ཕྱིར་བཞེས་སུ་
གསོལ། །ཨོཾ་མ་ཧཱ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ནས་ཤབྡའི་བར་མཆོད། ཧཱུྃ། རྡོ་རྗེ་ཕག་མོའི་སྐུ་ཡི་ཆ་ལུགས་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཤིན་ཏུ་དམར། །གཡས་པས་གྲི་གུག་གཡོན་པས་ཐོད་པ་བསྣམས། །གཡས་བསྐུམ་གཡོན་བརྐྱང་མི་རོའི་གདན་ལ་བཞུགས། །ཕྱག་གཡོན་གྲུ་མོ་ལ་ནི་ཁ་ཊྭཱཾ་བརྟེན། །ཤིན་ཏུ་གསུས་པ་ལྡིར་ཞིང་ཁྲོ་གཟུགས་མ། །སྤྱན་གསུམ་སྐྲ་སེར་ཐོད་པའི་དབུ་རྒྱན་ཅན། །མི་མགོ་ལྔ་བཅུའི་དོ་ཤལ་སྐུར་བརྒྱན་པ། །གཅེར་བུ་ལ་སོགས་རུས་པའི་རྒྱན་ལྔས་བརྒྱན། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཕག་མོའི་གསུང་གི་ང་རོ་ནི། །སྙན་པའི་དབྱངས་ཀྱིས་སེམས་ཅན་ཚིམས་པར་མཛད། །འཇིགས་པའི་ང་རོས་དྲེགས་ཅན་ཟིལ་གྱིས་གནོན། །རྡོ་རྗེ་ཕག་མོའི་གསུང་ལ༴ རྡོ་རྗེ་ཕག་མོའི་ཐུགས་ཀྱི་རང་བཞིན་ནི། །བདེ་ཆེན་སྤྲོས་བྲལ་
འོད་གསལ་ཆོས་ཀྱི་སྐུ། །སྒྲིབ་མེད་རྣམ་དག་ཀུན་མཁྱེན་ཡོན་ཏན་རྫོགས། །རྡོ་རྗེ་ཕག་མོའི་ཐུགས་ལ༴ རྡོ་རྗེ་ཕག་མོའི་ཡོན་ཏན་རང་བཞིན་ནི། །རྫོགས་པ་གང་ཞིག་ངེས་སྒྲུབ་གྱུར་པ་ནི། །མྱུར་དུ་འགྲུབ་པའི་ཡོན་ཏན་དག་དང་ལྡན། །རྡོ་རྗེ་ཕག་མོའི་ཡོན་ཏན་ཆེ་ལ་བསྟོད། །རྡོ་རྗེ་ཕག་མོའི་ཕྲིན་ལས་རང་བཞིན་ནི། །ཁྲོ་མོའི་ཆ་ལུགས་གདུག་པའི་ཕྲིན་ལས་མཛད། །རྡོ་རྗེ་ཕག་མོ་ཕྲིན་ལས་དོན་མཛད་མ། །ངོ་མཚར་ཆེ་བ་དེ་ལ་ཕྱག་འཚལ་བསྟོད། །གཟུགས་སྐུ་རྣམ་གཉིས་སེམས་ཅན་འགྲོ་དོན་མཛད། །གསུང་སྐད་ང་རོས་དྲེགས་པའི་བགེགས་རྣམས་འཇོམས། །གཉིས་མེད་བདེ་ཆེན་མཚན་མའི་རྣམ་རྟོག་འཇོམས། །ཕག་མོ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཞི་པ་དོན་དམ་བྱང་ཆུབ་སེམས་ཀྱི་མཆོད་པ་ནི། ཨོཾ། དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་
མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སྤངས་ཤིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་དང༌། བཛྲ་ཝཱ་རཱ་ཧཱི་ཨོཾ་ཨཱཿཧཱུྃ། དེ་བཞིན་དུ། བུདྡྷ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། བི་ཤྭ་ཌཱ་ཀི་ནི། ལོ་ཀ་ཌཱ་ཀི་ནི་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩིས་མཆོད། ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །བཅོམ་ལྡན་རྡོ་རྗེ་ཁྲོ་མོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །ཕྱག་གཡས་རྡོ་རྗེའི་གྲི་གུག་བསྣམས། །ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང༌། །ཐོད་པའི་དོ་ཤལ་སྐུ་ལ་བརྒྱན། །ནུ་མ་ཤིན་ཏུ་འབུར་ལ་མཁྲེགས། །སྤྱན་རྩ་དམར་ཞིང་ཟླུམ་པ་སྟེ། །དབུ་སྐྲ་ནག་པ་སྣུམ་ཞིང་འཁྱིལ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །
ལྟ་སྟངས་ཚུལ་གྱིས་བགེགས་ཆེན་གནོན། །ཚངས་པ་བརྒྱ་བྱིན་ཞབས་འོག་འཇུག །རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །གསུང་གི་དབང་ཕྱུག་ཕྱོགས་བཅུར་གྲགས། །བདུད་རྣམས་འདུལ་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱི་དབང་ཕྱུག་དགོངས་པ་ནི། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད། །གཡས་ན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །གཡོན་ན་པདྨ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །མདུན་ན་ལས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །རྒྱབ་ན་རིན་ཆེན་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པོ་ཡི་ངོ་བོ་ཉིད། །བསྐལ་པ་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ཚོགས་འདུད། །དག་པ་ཆོས་ཀྱིས་སྤྲུལ་པ་ནི། །དམིགས་པ་
མེད་པ་ཐུགས་རྗེ་ཡི། །གཟུགས་སྐུ་སྒྱུ་མ་ལྟར་སྤྱོད་པ། །ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །བྱིན་རླབས་མཆོག་སྩོལ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཚོགས་གཙོ་མོ་ཆེ། །ཉོན་ཅིག་བསྐུལ་ལོ་ཤེས་རབ་མ། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་ནི། ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་སྐུ་གྲངས་མེད་པ་འཕྲོས་དཔྲལ་བར་ཐིམ་ལུས་ལ་བདེ་བ་འཕེལ། གསུང་ལས་སྔགས་ཨཱ་ལི་ཀཱ་ལིའི་ཕྲེང་བ་འཕྲོས་མགྲིན་པར་ཐིམ་པས་ངག་ལ་ནུས་པ་འབར། ཐུགས་ལས་བྱང་སེམས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་འཕྲོས་སྙིང་གར་ཐིམ་སེམས་ལ་རྟོགས་པ་བསྐྱེད། མདོར་ན་གསང་བ་གསུམ་དང་གཉིས་སུ་མེད་པར་གྱུར་པར་དམིགས་ལ། སྙིང་པོ་ཅི་རིགས་བཟླ། བཞི་པ་ཐུན་མཚམས་ལག་མཆོད་ཀྱི་རིམ་པ་ནི། རང་མདུན་བདུད་རྩི་རིལ་བུ་སྦྱར་བའི་ཆང་སྣོད་ཐོད་པ་
བཀོད་ལ། ཨོཾ་ཨཱཿབིགྷྣན་སོགས་ཀྱིས་བསང་། སྭ་བྷཱ་ཝས་ཟླུམ་བསྐོར་བྱ། ཨོཾ་ཨཱཿཧཱུྃ་གིས་ཆོས་འབྱུང༌། དབུས་དང་ཕྱོགས་བཞིར། ཧྲཱིཿཧ་རི་ནི་ས་ཐིག་ལེ་ལྔ་བྱ། ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། དབུས་སུ་ཧྲཱིཿདམར་པོ། ཤར་དུས་ཧ་སྔོན་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་ཁུ། དེ་དག་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ལ་ཕོག །སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་རང་བཞིན་དུ་གྱུར། དེ་ནས་ལག་པ་གཡས་གཡོན་ཕན་ཚུན་ཆང་གིས་བསངས་ལ་ཨོཾ་གསུམ་མའི་སྔགས་བརྗོད། གཡོན་གྱིས་མཐེབ་སྲིན་གྱིས་གཡས་ཀྱི་མཐིལ་དང་མཛུབ་མོ་ལྔ་རིམ་པར་ཐིག་ལེ་བྱས་ལ་ལག་གཡས་པའི་མཐིལ་དང་མཛུབ་མོ་ལྔ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ་རྣམས་ཀྱིས་
མཚན་པར་གྱུར། གཡོན་པའི་མཐིལ་དང་མཛུབ་མོ་ལྔ་ལ། ཨོཾ་བྃ། ཧྃ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་པས་མཚན་པར་གྱུར། དེ་དག་ཐམས་ཅད་ཀྱང་རྒྱལ་བ་ཡབ་ཡུམ་བཅུ་གཉིས་ཀྱིས་རང་བཞིན་འོད་དང་འོད་ཟེར་དུ་འབར་བར་གྱུར་པར་བསམ། དཔལ་ལྡན་བཀྲ་ཤིས་གཞལ་ཡས་ཕོ་བྲང་དམ་པ་འདིར། །དད་པས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །སྙིང་རྗེ་སྟོབས་ལྡན་དམ་ཚིག་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སྣང་སྟོང་དབྱེར་མེད་ཕོ་བྲང་དམ་པ་འདིར། །ཨེ་ཡིས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །སྟོང་ཉིད་ཡེ་ཤེས་དབྱེར་མེད་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །པདྨ་ཁ་འབུས་སེམས་ཀྱི་ཕོ་བྲང་ན། །བྃ་གྱིས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །དམ་ཚིག་བརྟན་པ་རྡོ་རྗེ་རྣལ་
འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཤེས་རབ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །དཔའ་བོ་རྣམས་ཀྱང་ཁྱོད་ཀྱི་ཐུགས་ལས་སྤྲུལ། །དངོས་གྲུབ་མཆོག་སྩོལ་ཕག་མོ་འཁོར་བཅས་རྣམས། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཨཱ་རལླི་ཧོཿ ཕེཾ་ཕེཾ་ཕེཾ། ཛཿཧཱུྃ་བཾ་ཧོཿ གྱིས་ཡེ་ཤེས་པ་སྤྱན་དྲངས་བསྟིམ་བྱ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ། པཉྩ་ཨ་མྲི་ཏ། མཱ་ཏངྒི་ཨཱཿཧཱུྃ། ཨོཾ། བཅོམ་ལྡན་དཔའ་བོའི་དབང་པོ་ལ་ཕྱག་འཚལ། །བསྐལ་པ་ཆེན་པོའི་མཐའ་ཡི་མེ་ལྟ་བུ། །རལ་པའི་ཚོགས་ཀྱི་ཅོད་པན་བཅིངས་པ་སྟེ། །མཆེ་གཙིགས་དྲག་ཅིང་འཇིགས་སུ་རུང་བའི་ཞལ། །ཕྱག་ནི་འོད་ཟེར་སྟོང་ཕྲག་འབར་བ་པོ། །དགྲ་སྟྭ་ཞགས་འཕྱར་མདུང་དང་ཁ་ཊྭཱཾ་འཛིན། །སྟག་གི་པགས་པའི་ན་བཟའ་འཆང་བར་མཛད། །དུ་བ་མུན་ཆེན་མདོག་མཚུངས་སྐུ་
ལ་འདུད། །ཨོཾ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ནི་ཕྱག་འཚལ་ལོ། །འཕགས་མ་འཇིག་རྟེན་གསུམ་ཡུམ་གཞན་གྱིས་མི་ཐུབ་རིག་པའི་དབང་ཕྱུག་ཆེ། །འབྱུང་པོ་ཐམས་ཅད་འཇིགས་མཛད་ཀུན་ཏུ་འབེབས་མ་རྡོ་རྗེ་ཆེན་མོ་ཉིད། །རྡོ་རྗེ་གདན་མ་མི་ཕམ་གཞན་གྱིས་མི་ཐུབ་དབང་མཛད་གཡོ་བའི་ཅན། །དུག་ཀྱང་སྐེམ་པར་མཛད་མ་འཇིགས་སུ་རུང་བའི་ཁྲོ་མོ་གཙིགས་བྱེད་མོ། །སྐྲག་བྱེད་གསོད་བྱེད་རབ་ཏུ་འབྱེད་པར་བྱེད་ཅིང་ཕ་རོལ་ལས་རྒྱལ་མ། །རྣམ་པར་རྒྱལ་མ་རྨུགས་པར་བྱེད་ཅིང་རེངས་དང་རྨོངས་པར་མཛད་པ་མོ། །རྡོ་རྗེ་ཕག་མོ་རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་མཆོད་ཅིང་བསྟོད། དེ་ནས་ལག་པའི་རྒྱལ་བ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོར་ཞུ་བ་ཆང་སྣོད་ཀྱི་ལྷ་ཚོགས་ལ་ཐིམ་པས་ཐབས་དང་ཤེས་
རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ལག་མཆོད་བྱས། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ནི་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཀ་ནི་གང་དུའང་མི་གནས་ཤིང༌། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་འདས་ཡིད་དང་བྲལ། །སྐུ་གསུམ་མི་འགྱུར་ཀ་པཱ་ལར། །ཟག་མེད་བདེ་བའི་ཆང་ཕུད་གཏམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུགས། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ཨོཾ་གྱིས་སྐྱེ་མེད་སྤྲུལ་སྐུར་སྦྱངས། །ཨཱཿཡིས་འགགས་མེད་ལོངས་སྐུར་བསྒྱུར། །ཧཱུྃ་གིས་བློ་འདས་ཆོས་སྐུར་སྤེལ། །ལན་གསུམ་དཀྲུགས་པའི་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །ཨོཾ་གསུམ་མ་བརྗོད་བཞིན་ཌཱ་རུ་འཁྲོལ་ལ། ཕྱག་གཡོན་
པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ནས་ཕྱོགས་མཚམས་སུ་འཐོར་བཞིན་རྩ་སྔགས་བརྗོད། ཕྱི་རོལ་བགེགས་དང་མ་དག་པ་ཐམས་ཅད་ཚར་བཅད་ནས་མཁའ་འགྲོ་མའི་ར་གུར་སྲུང་བའི་འཁོར་ལོའི་རང་བཞིན་དུ་གྱུར། རང་ཉིད་ལ་འཐོར་ལ། བ་སྤུའི་བུ་ག་ཐམས་ཅད་ཀྱང་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་གྱུར། མཆོད་རྫས་ལ་འཐོར་བས། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་ཆོས་སྐྱོང་གིས་མཚན་བརྗོད་ནས། མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་འབུལ། རང་གི་ལྕེ་ཐོག་ཏུ་བཞག་ལ་བདུད་རྩི་མྱོང་ཞིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །ལྔ་པ་བདག་འཇུག་གམ། སློབ་མ་རྗེས་འཛིན་གྱི་ཆོ་ག་ནི། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། རྣལ་འབྱོར་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ནས་མགོན་པོའི་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་གདབ། དཀོན་མཆོག་
གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིས་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱོད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །བདུན་རྣམ་དག་བྱ། ཆས་གཞུག་ནི། ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ཎ་ཡེ་ཧཱུྃ་གིས་གདོང་གཡོགས་བཅིང་། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ། མེ་ཏོག་ཐོགས། གནས་གསུམ་དུ་དྲིས་བྱུགས་རྡོ་རྗེས་རེག་ལ་འབྲུ་གསུམ་བརྗོད། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པ་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་
ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་དག་གིས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་མཆོད། རྡོ་རྗེ་རྩེ་གཅིག་རྒྱས་གོ་བསྒོ། ལྟེ་བར་ཨོཾ་བྃ་དམར་པོ། སྙིང་ཁར་ཧྃ་ཡོཾ་སྔོན་པོ། ཁར་ཧྲིཾ་མོཾ་དཀར་མོ། མགོ་བོར་ཧྲེཾ་ཧྲིཾ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་ཁུ། སྨིན་མཚམས་སུ་ཕཊ་ཕཊ་དུད་ཁས་མཚན་པར་གྱུར། ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། སྙིང་ཁར་ཀུན་རྫོབ་དོན་དམ་བྱང་སེམས་ཀྱི་ངོ་བོ་ཟླ་བ་རྡོ་རྗེས་མཚན་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་བརྟན་པར་བྱས་སོ། །སྡོམ་བཟུང་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་
སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པ། །སྡོམ་པ་དེང་ནས་བརྟན་པོར་གཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ།
སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་འགོད། །མགོ་བོར་རྡོ་རྗེ་བཞག །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་གྱུར། །རྡོ་རྗེ་སྙིང་གར་
བཞག །རྡོ་རྗེ་མཁའ་འགྲོ་མ་ཁྱོད་དེང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དམ་ཆུ་སྦྱིན། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཨ་མྲྀ་ཏོ་ད་ཀ་ཋ། ཐལ་མོ་མགོར་བཞག །དུས་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །ནང་འཇུག་གི་དོན་དུ་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང༌། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བདག་ལ་མྱུར་དུ་དབབ་པར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། ཞེས་བརྗོད། རང་ཉིད་ཕག་མོའི་རྩ་གསུམ་འདུས་
མདོར་ཆོས་འབྱུང་དམར་པོའི་ལྟེ་བར་པདྨ་འདབ་བཞི་ཧྲཱིཿདང་ཧ་རི་ནི་སས་མཚན་པ་ལས་འོད་ཟེར་དམར་པོ་མེ་ཡི་རང་བཞིན་འཕྲོས་ལུས་ཁེངས། སྨིན་མཚམས་སུ་དགའ་འཁྱིལ་དཀར་པོས་མཚན་པ་གཡོན་དུ་དྲག་ཏུ་འཁོར་བ་ལས་བྱང་སེམས་ཀྱི་རྒྱུན་བབས། རྩ་གནས་ཐམས་ཅད་ཁྱབ་བདེ་སྟོང་གི་ཉམས་འབར་བར་དམིགས། འབེབས་རྫས་བསྲེག་ལ་ཌཱ་དྲིལ་དྲག་ཏུ་འཁྲོལ་ཞིང། ཧཱུྃ། ཆོས་སྐུ་སྤྲོས་བྲལ་དག་པ་ལ། །ལོངས་སྐུ་སྒྱུ་མའི་སྐུར་བསྟན་པ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །སྐྱེ་མེད་ཆོས་ཀྱི་ཕོ་བྲང་ནས། །སྟོང་ཉིད་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར༴ ལུས་ནང་རྩ་ཡི་ཕོ་བྲང་ན། །སེམས་ཉིད་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་
ཕྱིར༴ ཧ་ཧ་སྒྲོགས་པའི་དུར་ཁྲོད་ན། །ཤེས་རབ་ཐབས་ལྡན་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར༴ རྗེ་ནཱ་རོ་པཎ་ཆེན་གྱིས་གདན་དྲངས་པའི། །མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །བརྒྱུད་པའི་བླ་མ་དམ་པ་རྣམས། །བྱིན་རླབས་ཆུ་བོའི་རྒྱུན་མ་གཅོད། །བསྐུལ་ཞིང་བྱིན་རླབས་མཁའ་འགྲོ་མ། །སྐུ་ཡི་བྱིན་རླབས་ལུས་ལ་སྩོལ། །ལུས་ལ་བདེ་དྲོད་སྦར་དུ་གསོལ། །བདེ་བ་ཆེན་པོར་ལམ་སྣ་དྲོངས། །བསྐུལ་ཞིང་དངོས་གྲུབ་མཁའ་འགྲོ་མ། །གསུང་གི་བྱིན་རླབས་ངག་ལ་སྩོལ། །ངག་ནུས་པ་དང་ལྡན་པར་བྱིན་གྱིས་རློབས། །བར་ཆད་མེད་པར་ལམ་སྣ་དྲོངས། །བསྐུལ་ཞིང་དམ་ཅན་མཁའ་འགྲོ་མ། །ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ། །སེམས་དམིགས་མེད་ཡེ་ཤེས་མཐོང་གྱུར་ནས། སྐྱེ་བ་མེད་པར་ལམ་སྣ་དྲོངས། །ཁྱེད་ཀྱང་མཁའ་འགྲོ་དམ་ཚིག་ཅན། །མི་
ངེད་ཀྱང་རྣལ་འབྱོར་སྒྲུབ་པ་པོ། །བརྒྱུད་པའི་བུ་ཚོ་བྱིན་གྱིས་རློབས། །སྐལ་པར་ལྡན་པ་ལམ་སྣ་དྲོངས། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧྲཱིཿཧྲཱིཿཧྲཱིཿ ཕེཾ་ཕེཾ་ཕེཾ། ཞེས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། རིགས་བརྟག་པའི་ཕྱིར་བདེན་པ་བརྗོད་པ་ནི། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །མཁའ་འགྲོའི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡིན་དེ་བཞིན་ཤོག །དཀྱིལ་འཁོར་དུ་མེ་ཏོག་དོར། བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཧོཿ མེ་ཏོག་སླར་སྤྱི་བོར་བཅིངས་ལ། བཅོམ་ལྡན་འདས་མ་ཁྱེད་ཀྱིས་ནི། །འདི་ནི་རྗེས་སུ་བཟུང་བར་མཛོད། །ཅེས་དང༌། གསེར་གྱི་ཐུར་མས་མིག་ཕྱེས་པར་མོས་ལ། ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་ལཾ་ཧྲཱིཿ ཞེས་མ་རིག་པའི་སྒྲིབ་གཡོགས་སྤྱན་དར་དང་ལྷན་ཅིག་བསལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་སྤྲོ་བ་བསྐྱེད་མཛོད།
དབང་གི་དངོས་གཞིའི་ཐོག་མར་མཎྜལ་ཕུལ། གསོལ་བ་གདབ་པ་ནི། ལྷ་མོ་དཔལ་གྱི་བློ་གྲོས་ཀྱིས། །བཱིར་བ་པ་ལ་དབང་བསྐུར་ལྟར། །དེ་བཞིན་བླ་མ་ཁྱོད་ཀྱིས་ཀྱང༌། །བདག་སོགས་དབང་བསྐུར་མཛད་དུ་གསོལ། །རྡོ་རྗེ་རྣལ་འབྱོར་མ་རྣམས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲུབ་སླད་དུ། །དབང་བསྐུར་དམ་པ་བདག་ལ་སྩོལ། །ཞེས་བརྗོད། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་ལྷ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པའི་མཁའ་ཁྱབ་ཀྱི་རིགས་ལྔའི་རྒྱལ་བ་ཡབ་ཡུམ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་བུམ་པ་ལ་
སོགས་པས་དབང་བསྐུར་ཞིང་རྒྱས་གདབ། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་གྱུར་པར་མོས། བུམ་པ་བཏེགས་ལ། སངས་རྒྱས་ཀུན་གྱི་བུམ་པའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །བུམ་པའི་དབང་ནི་ཁྱོད་ལ་བསྐུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྡོ་རྗེས་དབང་བསྐུར་ཞིང༌། རྡོ་རྗེ་མཁའ་འགྲོ་ཞེ་སྡང་རྣམ་དག་པ། །རྣམ་ཤེས་གནས་གྱུར་མེ་ལོང་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཐུགས་སུ་གྲོལ་གྱུར་ཅིག །ཧ་བཛྲ་ཌཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་གཙུག་ཏུ་འཁྱིལ་བ་ལས་མི་བསྐྱོད་པས་དབུར་བརྒྱན་པར་གྱུར། དབུ་རྒྱན་གྱིས་དབང་བསྐུར། སངས་རྒྱས་ཀུན་གྱི་དབུ་རྒྱན་
དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་དབང་ནི་ཁྱོད་ལ་བསྐུར། །ཨོཾ་རཏྣ་མུ་ཀུ་ཏྲཱྃ། ཨ་བྷི་ཥིཉྩ་ཧཱུྃ། རིན་པོ་ཆེས་དབང་བསྐུར། རིན་ཆེན་མཁའ་འགྲོ་ང་རྒྱལ་རྣམ་དག་པ། །ཚོར་བ་གནས་གྱུར་མཉམ་ཉིད་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཡོན་ཏན་རྫོགས་གྱུར་ཅིག །རི་རཏྣ་ཌཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་གཙུག་ཏུ་འཁྱིལ་བ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། རྡོ་རྗེ་ལག་གཡས་སུ་གཏད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེའི་དབང་ནི་ཁྱོད་ལ་བསྐུར། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། པདྨས་དབང་བསྐུར། པདྨ་མཁའ་འགྲོ་
འདོད་ཆགས་རྣམ་དག་པ། །འདུ་ཤེས་གནས་གྱུར་སོར་རྟོགས་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་གསུང་དུ་འགྲུབ་གྱུར་ཅིག །ནི་པདྨ་ཌཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་གཙུག་ཏུ་འཁྱིལ་བ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དྲིལ་བུ་ལག་གཡོན་དུ་གཏད། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དྲིལ་བུའི་དབང་ནི་ཁྱོད་ལ་བསྐུར། །ཨོཾ་བཛྲ་གྷནྜེ་ཨཱཿཨ་བྷི་ཥིཉྩ་ཧཱུྃ། རལ་གྲིས་དབང་བསྐུར། ལས་ཀྱི་མཁའ་འགྲོ་ཕྲག་དོག་རྣམ་དག་པ། །འདུ་བྱེད་གནས་གྱུར་བྱ་གྲུབ་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་ཕྲིན་ལས་རྫོགས་གྱུར་
ཅིག །ས་ཀརྨ་ཌཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་གཙུག་ཏུ་འཁྱིལ་བ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། མིང་གིས་དབང་བསྐུར། སངས་རྒྱས་ཀུན་གྱི་མིང་གི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །མིང་གི་དབང་ནི་ཁྱོད་ལ་བསྐུར། །ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ཀྱེ་དཔལ་རྡོ་རྗེ་སྣང་མཛད་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །གྲི་གུག་གིས་དབང་བསྐུར། སངས་རྒྱས་མཁའ་འགྲོ་གཏི་མུག་རྣམ་དག་པ། །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་ཀྱི། །རང་བཞིན་མི་གཡོ་མཆོག་གི་དབང་བསྐུར་བས། །བདེ་གཤེགས་ཀུན་གྱི་སྐུར་ནི་འགྲུབ་གྱུར་ཅིག །ཧྲཱིཿབུདྡྷ་ཌཱ་ཀི་ནཱི་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་
མ་གཙུག་ཏུ་འཁྱིལ་བ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་དང༌། དེ་ལྟར་ཕྱི་དཀྱིལ་ལ་བརྟེན་ནས་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །གསལ་སྟོང་ཟུང་འཇུག་གི་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་འགྲུབ་པའོ། །གསང་དབང་ནི། བླ་མ་རྡོ་རྗེ་རྣལ་འབྱོར་མ་དང་འཁོར་ལོ་སྡོམ་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་དཔའ་བོ་རྣལ་འབྱོར་མ་རྣམས་སྤྱན་དྲངས། ཞལ་དུ་ཞུགས་སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བདུད་རྩིར་ཞུ་བ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་མྱོང་བར་དམིགས། སངས་རྒྱས་ཀུན་གྱི་ཐོད་པའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །གསང་བའི་དབང་ནི་ཁྱོད་ལ་བསྐུར། །ཨོཾ་ཨཱཿཧཱུྃ། མགྲིན་པར་བཞག །མ་ཧཱ་སུ་ཁ་ཧོཿ བདུད་རྩི་མྱང་། བྱང་ཆུབ་སེམས་
ཀྱི་བདུད་རྩིས་ལུས་ཐམས་ཅད་ཁྱབ་ཅིང་བདེ་བ་རྒྱས་པར་མོས། དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ་ལ་བརྟེན་ནས་གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག །ལམ་བདེ་སྟོང་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་འགྲུབ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སིནྡྷུ་ར་ཡི་དཀྱིལ་འཁོར་ལས་རྡོ་རྗེ་རྣལ་འབྱོར་མ་འཕྲོས། སློབ་མ་ཧེ་རུ་ཀར་གནས་གྱུར་པ་ལ་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པར་མོས། མེ་ལོང་སིནྡྷུ་ར་ཡི་དཀྱིལ་འཁོར་ཐོགས་ལ། སངས་རྒྱས་ཀུན་གྱི་མེ་ལོང་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །ཤེས་རབ་ཡེ་ཤེས་དབང་ནི་ཁྱོད་ལ་བསྐུར། །རྩ་སྔགས་བརྗོད། དེ་ལྟར་སྙོམས་པར་ཞུགས་པས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བར་མོས། དེ་ལྟར་སིནྡྷུ་ར་ཡི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་
དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག །ལམ་རྩ་ཐིག་རླུང་གསུམ་དབྱེར་མེད་རྫོགས་རིམ་ཁ་སྦྱོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའོ། དབང་བཞི་པ་ནི། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་འདི། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །ཅུང་ཟད་མཉམ་པར་བཞག །དེ་ལྟར་གྲུབ་པ་མེད་པའི་སེམས་ཉིད་སྣ་ཚོགས་སུ་ཤར་ཡང་སྣང་སེམས་དབྱེར་མེད་ཆོས་ཀྱི་སྐུར་ངོ་ཤེས་པར་གྱིས་ཤིག །དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་བསྐུར་བས་སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །ལམ་རིག་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའོ། །སིན་ནྡྷུ་ར་སྤྱི་བོར་བྱུགས་ལ། བླ་མ་རྡོ་རྗེ་འཆང་སྤྱི་གཙུག་ཏུ་
མི་འབྲལ་བར་སྒོམས་ཤིག །ལྟེ་བར་བྱུགས་ཤིང༌། ཁྱོད་ཀྱི་ལྷ་རྡོ་རྗེ་རྣལ་འབྱོར་མ་ཡིན་པས་རྟག་ཏུ་མི་འབྲལ་བར་ལུས་སེམས་རྡོ་རྗེ་རྣལ་འབྱོར་མར་སྒོམས་ཤིག ཕྲེང་བ་གཏད་ལ། ཨོཾ་བཛྲ་བཻ་རོ་སོགས། སྔགས་རྣམས་རྗེས་ཟློས་བྱེད་དུ་གཞུག །མགྲིན་པར་བྱུགས་ལ། བཟླས་པའི་རིམ་པ་རྣམས་དང་མ་བྲལ་བར་གྱིས་ཤིག །དེ་ནི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བའོ། །དམ་ཚིག་དང་མཆོད་པ་དང༌། བརྟུལ་ཞུགས་དང༌། ལས་བཞིའི་རྗེས་སུ་གནང་བ་ཡང་སྦྱིན་ཏེ། རིགས་ལྔ་མཁའ་འགྲོའི་ཕྱི་ནང་གི །རྩ་བ་ཡན་ལག་དམ་ཚིག་རྣམས། །ཁྱོད་ཀྱིས་ལེགས་པར་བསྲུང་བར་གྱིས། །ཞེས་པ་ཙམ་མམ། སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །བླ་མ་ལ་གུས་སྤྱི་བོར་བཀུར། །སེམས་ཅན་རྣམས་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །ཤ་ལྔ་བདུད་རྩི་ལྔ་ལ་སྤྱད། །རྣམ་པར་མི་རྟོག་ཏིང་འཛིན་བསྒོམ། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །ཕྱག་རྒྱ་བསྟེན་ཞིང་
བདེ་བ་བསྒོམ། །མེ་མཆོད་འབུལ་ཞིང་གླུ་གར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུད་ལ་གང་སྐྱེས་ཤེས་པ་རྣམས། །མི་དགག་ཐད་ཀར་སྤྱོད་པར་བྱ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཚོགས་དང་གཏོར་མ་རྒྱ་ཆེན་བྱ། །ཆགས་ཞེན་སྤངས་ལ་རི་ཁྲོད་འགྲིམ། །ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་པ་དུ་མས་ཡང་དག་མཆོད། །ཡ་ང་མི་བྱ་ཚད་བཟུང་མེད། །རིག་པ་ངར་དང་བཅས་པ་ཡིས། །མི་ཕོད་བརྫི་ཞིང་ཞེན་པ་བཟློག །འཁྲི་བ་བཙན་ཐབས་དག་ཏུ་བཅད། །བརྟུལ་ཞུགས་ཐུགས་ཕྲད་ལམ་དུ་ཁྱེར། །གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེའུ་དང༌། །དྲིལ་བུ་སིལ་སིལ་ཚངས་སྐུད་དང༌། །ཐོད་པ་དང་ནི་ཁ་ཊྭཱཾ་ཐོགས། །དུར་ཁྲོད་ཀུན་ཏུ་རྒྱུ་བྱ་སྟེ། །རིག་པ་བརྟུལ་ཞུགས་སྤྱོད་པ་གྱིས། །སྲུང་བ་སྦྱིན་སྲེག་ཕྱིར་ཟློག་སོགས། །ཕྲིན་ལས་
རབ་འབྱམས་བསྒྲུབ་པར་བྱོས། །ཞེས་དང༌། གཙོ་བོས་ཇི་ལྟར་སོགས་དང༌། ས་གཞི་སྤོས་ཆུས་སོགས་དང༌། དེང་ནས་བརྩམས་ཏེ་སོགས་བརྗོད་པས་འགྲུབ་བོ། །རྩ་བའི་བཞི་པ་རྗེས་ཀྱི་རིམ་པ་ལ་གཉིས་སྤྱི་དང་བྱེ་བྲག་གོ། །དང་པོ་ནི། དུས་བཟང་ངམ་རྒྱུན་པར་དཔའ་མོའི་དགའ་སྟོན་ཚོགས་ཀྱི་འཁོར་ལོའི་རིམ་པ་ནི། རིན་པོ་ཆེའི་སྣོད་དུ་ཤ་ལྔ་བདུད་རྩིའི་སྙིང་པོ་ཅན་གྱི་ཚོགས་གཏོར་དམར་གུར་དཀར་ཐིག་རྒྱན་སྤྲོས་ཅན་གྱི་མཐར་བཟའ་བཅའ་བཏུང་བའི་རིགས་ཚང་བར་འདུ་བྱས་ལ་བཤམས། ཆུ་ཆང་ནང་མཆོད་ཀྱིས་རིམ་པར་བྲན། ནང་མཆོད་ལྟར་བྱིན་བརླབ། འབར་བའི་རྒྱ་དང་ཕེཾ་གསུམ་གྱི་སྒྲས་ཚོགས་མགྲོན་སད་པར་བྱས་ལ། རྡོར་ཐལ་ཁ་ཕྱེའི་རྒྱ་བཅས། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་
རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། རྟེན་འབྲེལ་གྱི་རྩ་བ་མ་དང་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། བྱིན་འབེབས་པ་ནི་སྤོས་རོལ་བཅས། ཧཱུྃ། བདེ་ཆེན་རྡོ་རྗེ་བཙུན་མོའི་མཁའ། །རང་བྱུང་སྐུ་གསུམ་ཞིང་ཁམས་ནས། །རྩ་བའི་བླ་མ་རྡོ་རྗེ་འཆང༌། །བཀའ་བརྒྱུད་རྒྱ་མཚོའི་ཚོགས་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱན་ཆ་མང་པོ་པུ་རུ་རུ། །རོལ་མོ་སིལ་སྙན་ཁྲ་ལ་ལ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །འོག་མིན་བདེ་ཆེན་ཆོས་ཀྱི་དབྱིངས། །ཐར་པ་མཆོག་གི་ཕོ་བྲང་ནས། །ཐོག་མའི་མགོན་པོ་ཧེ་རུ་ཀ །ཡི་དམ་རྒྱ་མཚོའི་
ཚོགས་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱན་ཆ་མང་པོ་སོགས་འགྲེའོ། །ཉི་ཤུ་རྩ་བཞིའི་ཡུལ་གྱི་མཆོག །ཨོ་རྒྱན་རང་བྱུང་གཞལ་ཡས་ནས། །སངས་རྒྱས་སྐྱེད་བྱེད་རྣལ་འབྱོར་མ། །གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱན་ཆ་མང་པོ་སོགས། ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་ནས། །དུར་ཁྲོད་མིང་ནི་སོ་ས་གླིང༌། །མཁའ་འགྲོའི་མིང་ནི་ཁྭ་གདོང་མ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱན་ཆ་མང་པོ་སོགས། ཨོ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །མཁའ་འགྲོའི་མིང་ནི་ཕག་གདོང་མ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱན་ཆ་མང་པོ་སོགས། ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་ན། །དུར་ཁྲོད་མིང་ནི་དགའ་བའི་ཚལ། །མཁའ་འགྲོའི་མིང་ནི་ཁྱི་གདོང་མ། །འདིར་
གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱན་ཆ་མང་པོ་སོགས། ཨོ་རྒྱན་ཡུལ་གྱི་བྱང་ཕྱོགས་ན། །དུར་ཁྲོད་མིང་ནི་ཧེ་ཆེན་བརྡལ། །མཁའ་གྲོའི་མིང་ནི་འུག་གདོང་མ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱན་ཆ་མང་པོ་པུ་རུ་རུ། །རོལ་མོ་སིལ་སྙན་ཁྲ་ལ་ལ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང༌། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །རྣལ་འབྱོར་ཀུན་གྱི་དྲོད་ཉུལ་མ། །ཚོགས་ཁང་འགྲིམ་ཞིང་བར་ཆད་སྲུངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བརྒྱུད་པའི་བུ་ཚོ་ལམ་སྣ་དྲོངས། །སྐལ་ལྡན་ཀུན་ལ་བྱིན་གྱིས་རློབས། །ཨོཾ་བཛྲ་ཝཱ་རཱ་ཧཱི་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཌཱ་ཀི་ནཱི་ཡེ། རཏྣ་ཌཱ་ཀི་ནཱི་ཡེ། པདྨ་ཌཱ་ཀི་ནཱི་ཡེ། ཀརྨ་ཌཱ་ཀི་ནཱི་ཡེ། བི་ཤྭ་ཌཱ་ཀི་ནཱི་ཡེ། ལོ་ཀ་ཌཱ་ཀི་ནཱི་ཡེ་ས་པཱ་རི་ཝཱ་
ར་པཉྩ་ཨྲྀ་ཏ་ཁཱ་ཧི། ག་ཎ་ཙཀྲ་ཁཱ་ཧི། ཞེས་རོལ་མོ་དང་བཅས་ཚོགས་ཕུད་རིམ་པ་མང་དུ་སྤྲོས་ལ་གོང་གཏོར་རྣམས་ལ་འབུལ་ཞིང་གསོ་བྲན་བྱ། བར་པ་སློབ་དཔོན་ལ་བཞག །ཆ་གསུམ་པ་གཙང་ལྷག་ཏུ་བཀོད། གཏོར་མ་རྣམས་བདུད་རྩི་ལྟར་བྱིན་བརླབས་ལ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང༌། ཕེཾ་ཕེཾ་ཕེཾ། ཞེས་གཏོར་མགྲོན་སྤྱན་དྲངས། པད་ཀོར་རྡོ་རྗེའི་ཐལ་མོ་ཁ་ཕྱེ་བས། ཨོཾ་བཛྲ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ལན་གསུམ། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྦུ་གུས་བདུད་རྩི་གཏོར་མ་གསོལ་བས་སྐུ་གསུང་ཐུགས་ཤིན་ཏུ་མཉེས་པར་གྱུར། ན་མོ་རཏྣ་གུ་རུ་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་བརྗོད། དེ་ནས་ཨོཾ་གསུམ་མའི་མཐར། ཨི་དམ་བ་ལིང་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲྀཧྣ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཌཱ་ཀི་ནཱི་ཡེ། བུདྡྷ་ཌཱ་ཀི་ནཱི་ཡེ། རཏྣ་ཌཱ་ཀི་ནཱི་ཡེ། པདྨ་ཌཱ་ཀི་ནཱི་ཡེ། ཀརྨ་ཌཱ་ཀི་ནཱི་ཡེ། བི་ཤྭ་ཌཱ་ཀི་ནཱི་ཡེ། ལོ་
ཀ་ཌཱ་ཀི་ནཱི་ཡེ། ཨི་དམ་བ་ལིང་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲིཧྣ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྦྱར་བ་ལན་གསུམ་གྱིས་འབུལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ། པཉྩ་ཨ་མྲྀ་ཏ། མཱ་ཏངྒི་ཨཱཿཧཱུྃ། ཞེས་མཆོད། ཨོཾ། བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང༌། །འབྱུང་པོས་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང༌། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་མ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་བསྟོད། ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པའི་འབྱུང་པོ་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་ལན་གསུམ་གྱིས་བསྔོས། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །སོགས་བརྗོད། དེ་ནས་བསྐང་བ་ནི། ཧཱུྃ།
ཕྱག་རྒྱ་ཆེན་པོའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། གསང་བའི་དུར་ཁྲོད་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོ་ནས། །འཁོར་ལོ་བདེ་མཆོག་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ཨོ་རྒྱན་རང་བྱུང་དུར་ཁྲོད་ནས། །གསང་བ་ཡེ་ཤེས་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །རྡོ་རྗེ་མཁའ་
འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །རིན་ཆེན་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། །པདྨ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལས་ཀྱི་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་འཁོར་བཅས་
རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། འཇིག་རྟེན་སྣ་ཚོགས་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། བདུད་འདུལ་ཆེན་པོའི་ཕོ་བྲང་ནས། །ཡེ་ཤེས་ཆེན་པོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཞེས་དང་ཡིག་བརྒྱ་བརྗོད། ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་རྣམས་གཏེགས་ལ། ཀྱེ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །སོགས་ཀྱིས་དྲངས། ལེན་པ་པོས། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །སོགས་ཀྱིས་བླངས་ཏེ། ཕུད་ལྷག་བཅད་ལ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་བརྗོད། ཏིང་འཛིན་ལྡན་པའི་ངང་ནས་ལོངས་སྤྱད་ལ་གླུ་གར་དང་སྨོན་ལམ་སོགས་བྱ། དེ་ནས་
མང་ལྷག་རྣམས་བསྡུས་ལ་སྟེང་དུ་སློབ་དཔོན་གྱི་ཕུད་ལྷག་དང་ཚོགས་ཀྱི་ཆ་གསུམ་པ་བསྣན་ལ་བདུད་རྩིས་བྲན། ཨ་ཀཱ་རོས་བྱིན་བརླབ། ཧཱུྃ། གཞན་ཡང་ལས་ཀྱི་མཁའ་འགྲོ་མ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །ཡན་ལག་རུས་པའི་འཁོར་ལོས་བརྒྱན། །སྙིང་ཁྲག་རྔུབ་ཅིང་རྐན་སྒྲ་སྡེབ། །རྐང་མགྱོགས་བརྟུལ་ཞུགས་གདུག་རྩུབ་ཅན། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་གསོལ་ལ་ཕྲིན་ལས་མཛོད། །ཨོཾ་ཨུཙྪིཥྚ་བྷཀྵ་བྷྱ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བཅས་ཕྱིར་དོར། སྐབས་འདིར་འབུམ་བསྐུལ་བྱ་བར་གསུངས་པ་དཔལ་བཤོས་ཟུར་གསུམ་པ་འཁོར་བཅུས་བསྐོར་བ་ལེགས་པ་གཅིག་བཤམས་ལ། ཞེས་དྲག་པོའི་གཏོར་མའི་བྱིན་རླབས་དང་བསྟབ་པ་བཅས་གྲུབ་ནས་ཐུགས་དམ་བསྐུལ་བ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །གཤེགས་ཤིག་ཆོས་ཀྱི་དབྱིངས་ནས་གཤེགས། །བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །
རི་བོ་ཆེན་པོའི་ལྷོ་ཕྱོགས་ཀྱི། །རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ན། །རི་བོ་ཐམས་ཅད་ཐོད་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་གཞུ། །ཆུ་འབབ་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་བའི་སྐད། །ཕྱག་ན་རྡོ་རྗེ་སྐྲག་པའི་གནས། །དེ་ལྟ་བུ་ཡི་དུར་ཁྲོད་ན། །ཕག་མོ་ཆེན་མོ་དེ་ན་བཞུགས། །རྣལ་འབྱོར་ཆེན་མོ་དེ་ན་བཞུགས། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཁྲོ་ཞིང་གཏུམ་པས་དགྲ་དཔུང་འཇོམས། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །གཡས་གྱི་ཕག་གདོང་ནག་མོ་ཁྲོས་པ་ལས། །རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །གཡོན་གྱི་ཁྲོ་ཞལ་དམར་པོ་བརྗིད་པ་ལས། །སེམས་ཅན་དོན་ལ་དགོངས་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་
འབའ་རོམ་རང་ལུགས་ཀྱི་ཕག་མོའི་སྐབས་ཚོགས་ཀྱི་ལྷག་མའི་མཚམས་སུ། གཏོར་མ་དྲག་པོའི་བྱིན་རླབས་དང་བསྟབ་པ་ཡན་གྲུབ་ནས་ཞེས་གསུངས་པའི་དོན་ལ་རྒྱས་ན། ན་མོ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ། མཁའ་འགྲོ་བྱེ་བ་འབུམ་སྡེ། བཀའ་སྲུང་ཆོས་སྐྱོང་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་གི་
བཀའ་དང་དམ་ལ་མི་གནས། འགྱུར་ལོག་འཕར་ལྡང་མགོ་གཡོག་མགོ་བསྐོར་བྱེད་པའི་གདོན་བགེགས། བསམ་ངན་འཆང་བའི་བྱད་མ། དོ་བསྡོ་ཞིང་ཕོད་བཙུག་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདིའི་ནང་དུ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་ངོ་བོ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཌཱཀྐི་ནཱི་སརྦ་དྷརྨཱ་པཱ་ལ་ས་པཱ་རི་ཝ་ར་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི་ཁཱ་ཧི། ༈ བསྡུ་ན། ཨོཾ་ཨཱཿབིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་ངོ་བོ་བདུད་རྩིའི་རང་བཞིན་
དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་བཛྲ་ཌཱ་ཀི་ནི་སརྦ་དྷརྨཱ་པ་ལ་ས་པཱ་རི་ཝ་ར་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་བྷ་ལིངྟ་ལ་ཁཱ་ཧི་ཁཱ་ཧི། ནས་གཏོར་འབུལ་དཀྱུས་ལྟར་རོ། །མཆན།
བཞེས། །སྤྱན་དྲུག་རབ་ཏུ་དམར་ཞིང་འཁྲུགས་པ་ལས། །མངོན་ཤེས་དྲུག་དང་ལྡན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན་པ་ལས། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །གཡས་ཀྱི་རྡོ་རྗེའི་གྲི་གུག་འབར་བ་ལས། །སྲོག་གཅོད་བདུད་འཇོམས་བྱེད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །གཡོན་གྱི་བྷནྡྷ་ཁྲག་གིས་བཀང་བ་ལས། །ཁྲག་ནད་སྨྱོ་འབོགས་གཏོང་བའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་འབར་བ་ལས། །ཁམས་གསུམ་དབང་དུ་བསྡུས་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་
བཞེས། །ཐོད་པ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལས། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ལས། །བདུད་ཀྱི་རྒྱལ་མཚན་བསྙིལ་བའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །རྡོ་རྗེ་རྩེ་ལྔས་རབ་ཏུ་བརྒྱན་པ་ལས། །དོན་དམ་སྟོང་ཉིད་རྟོགས་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །ཌཱ་རུ་གསེར་གྱི་རྔེའུ་ཆུང་བརྡུང་བ་ལས། །སྙན་བརྒྱུད་གདམས་ངག་འཛིན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །དྲང་ཞིང་དཀར་པོའི་དབྱུག་པ་འཛིན་པ་ལས། །ལྷ་སྲིན་གཡུལ་ངོ་བཟློག་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །མི་མགོ་
ལྔ་བཅུའི་དོ་ཤལ་བྱས་པ་ལས། །དུག་ལྔ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །རོ་ཡི་གདན་མཆོག་རབ་ཏུ་མནན་པ་ལས། །དུར་ཁྲོད་ཤ་ལ་རོལ་བའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །བསྐལ་པའི་མེ་དཔུང་རབ་ཏུ་འབར་བ་ལས། །སྒྲིབ་པ་རྣམ་གསུམ་སྲེག་པའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །གཅེར་བུ་སྐྲ་གྲོལ་འོད་ཟེར་འབར་བ་ལས། །བདེ་ཆེན་ལས་ལ་འཁོར་བའི་མཁའ་འགྲོ་འབུམ། །འདིར་གཤེགས་དམ་རྫས་རྒྱན་གྱི་གཏོར་མ་བཞེས། །མཁའ་འགྲོ་འབུམ་ཕྲག་བཅུ་དྲུག་འཁོར་དང་བཅས། །གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །བར་སྣང་མཁའ་ནས་གཤེགས་མཛད་མ། །
ནག་པོའི་ཚོགས་དང་བདུད་མོའི་ཚོགས། །རྒྱན་གྱི་གཏོར་མ་མཆོད་པར་བཞེས། །རྡོ་རྗེ་ཕག་མོ་འཁོར་བཅས་རྣམས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཚེ་འདིར་བར་ཆད་སེལ་བ་དང༌། །ཡུན་གྱི་སྒྲིབ་པ་སྦྱང་དུ་གསོལ། །མཁའ་འགྲོའི་ཐུགས་དམ་བསྐང་བའི་ཕྱིར། །ཐ་སྙད་ཕྲིན་ལས་འདིས་བསྐུལ་བས། །བར་དུ་གཅོད་པའི་དགྲ་བགེགས་རྣམས། །མ་ལུས་ཞི་བར་མཛད་དུ་གསོལ། །ཞེས་གཏོར་མ་ཕྱི་རོལ་དུ་འབུལ་ལོ། །གཉིས་པ་རྗེས་ཀྱི་རིམ་པ་ལ་བདུན། དང་པོ་མཆོད་བསྟོད་ནི། མཆོད་པ་རྣམས་གསོ་དྲན་བྱས་ལ། ཕྱི་མཆོད་ལྟར་བྱིན་བརླབས། ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྤྲིན། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་ནས་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་
མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། གཉིས་པ་ནོངས་བཤགས་ནི། གང་ཡང་བདག་བློ་རྨོངས་གྱུར་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད་པས་ལྷག་ཆད་རྣམས་ཁ་བསྐང༌། གསུམ་པ་ཐལ་མོ་སྦྱར་ལ་འདོད་དོན་གསོལ་བ་ནི། ལྷ་མོ་
ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུང་ཚིག་ཀྱང་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་གིས་ནི། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་རྡོ་རྗེ་བཙུན་མོ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །མ་བརྒལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །ད་ལྟ་ཉིད་དུ་རྗེས་བརྩེ་བས། །རྣལ་འབྱོར་བསྟན་བཅོས་གནས་ལ་འགོད། །ཅེས་བརྗོད། བཞི་པ་བཀྲ་ཤིས་བརྗོད་པ་ནི། བླ་མ་དམ་པས་
ལེགས་བྱིན་པའི། །བརྩེ་བ་གྲུབ་པའི་བཀྲ་ཤིས་ཤོག །གང་ལ་སེམས་ཀྱིས་བྱིན་བརླབས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །བྱང་ཆུབ་མཆོག་གི་བཀྲ་ཤིས་ཤོག །བུདྡྷ་མཁའ་འགྲོས་ལེགས་བྱིན་པའི། །ཐོགས་པ་མེད་པའི་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོས་ལེགས་བྱིན་པའི། །ཤེས་རབ་མཆོག་གི་བཀྲ་ཤིས་ཤོག །ལས་ཀྱི་མཁའ་འགྲོས་ལེགས་བྱིན་པའི། །ལས་གྲུབ་རྡོ་རྗེའི་བཀྲ་ཤིས་ཤོག །བྱིན་རླབས་རླུང་སེམས་འབྱུང་བ་ཡི། །བདེ་ཆེན་དག་པའི་བཀྲ་ཤིས་ཤོག །འབྱུང་གནས་དངོས་གྲུབ་ལེགས་བྱིན་པའི། །མཁའ་འགྲོ་མ་ཡི་བཀྲ་ཤིས་ཤོག །བླ་མ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱིས། །བདག་དང་སེམས་ཅན་
ཐམས་ཅད་ལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཅེས་མེ་ཏོག་སིལ་མའི་ཆར་དང་སྙན་པའི་རོལ་མོས་དགེ་ལེགས་སུ་བྱའོ། །ལྔ་པ་མདུན་རྟེན་བརྟན་པར་བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིས་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། གལ་ཏེ་གཤེགས་གསོལ་དགོས་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས་སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་མོས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དྲུག་པ་བདག་བསྐྱེད་བསྡུ་ལྡང་ནི། དེ་ནས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཕྱི་རོལ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་སྲུང་འཁོར་དུར་ཁྲོད་དང་བཅས་པ་ལ་ཐིམ༌། དེ་གཞལ་ཡས་ཁང་འཁོར་དང་བཅས་པ་ལ་ཐིམ། དེ་ཐུགས་ཀའི་ཧྲཱིཿལ་
འདུས་ཤིང་དེ་ཉིད་རིམ་བཞིན་གྱིས་མི་དམིགས་པར་ཡལ་བ་འོད་གསལ་སྟོང་པ་ཉིད་དུའོ། །ཞེས་ཅི་གནས་སུ་བཞག །སླར་ཡང་ཟུང་འཇུག་གི་སྐུ་ཆུ་ལས་ཉ་ལྡང་བ་བཞིན་དུ་སྐད་ཅིག་གིས་གསལ་བར་གྱུར། གོ་ཆ་བགོ་བ་ནི། རྩེ་གཅིག་རྒྱས་རེག་ལ། ལྟེ་བར་ཨོཾ་བྃ་དམར་པོ། སྙིང་ཁར་ཧྃ་ཡོཾ་སྔོན་མོ། ཁར་ཧྲིཾ་མོཾ་དཀར་མོ། མགོ་བོར་ཧྲེཾ་ཧྲིཾ་སེར་མོ། སྤྱི་གཙུག་ཧཱུྃ་ཧཱུྃ་ལྗང་ཁུ། སྨིན་མཚམས་སུ་ཕཊ་ཕཊ་དུད་ཁས་མཚན་པར་གྱུར། ཅེས་བསྲུང་། བདུན་པ་བསྔོ་བ་ནི། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །སོགས་དང༌། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སོགས་དང༌། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་དགེ་རྩ་བྱང་ཆེན་གྱི་རྒྱུར་སྤེལ་ལོ། །དེ་ནས་སྒྲུབ་རྫས་རྣམས་དངོས་གྲུབ་ཏུ་ལོངས་སྤྱད། རྟེན་མཆོད་ཀྱི་རིགས་རྣམས་ཉར་ཚགས་དམ་པར་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལུས་མེད་ཡེ་ཤེས་མཁའ་འགྲོའི་དགོངས་བཅུད་ཀློང༌། །བཀའ་བཞིའི་ཡུར་བས་རབ་ཕབ་དྭགས་
སྒོམ་ཆེའི། །ཐུགས་མཚོར་བསྐྱིལ་གང་ཉེ་གནས་འབའ་རོམ་པར། །ཆེད་དུ་ཞལ་ཆེམས་ཉམས་སྐྱུགས་ཚུལ་དུ་བསྩལ། །དེ་ཉིད་སྒྲུབ་བརྒྱུད་གསེར་ཕྲེང་རིམ་བྱོན་གྱི། །ཐུགས་དམ་གཅིག་ཆོག་སྙན་ནས་སྙན་དུ་བརྒྱུད། །མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་ཡལ་བ། །ཀུན་ལ་ཐུན་མོང་མ་གྱུར་ཁྱད་པར་འཕགས། །དེ་ལྟའི་གཞུང་བཟང་མི་ནུབ་གསལ་བྱས་དགེས། །གྲུབ་པ་གོང་མའི་ཐུགས་དགོངས་རབ་རྫོགས་ཤིང༌། །འགྲོ་ཁམས་གཏན་བདེའི་ཕོངས་ལས་རྣམ་གྲོལ་ནས། །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་སྐུ་འགྲུབ་ཤོག །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་སྙིང་པོར་བསྡུས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་འདི་ནི། སྒྲུབ་བརྩོན་རཏྣ་ཀིརྟི་སོགས་འགའ་ཞིག་གིས་རིང་མོ་ནས་ཆེད་དུ་བསྐུལ་བ་བཞིན། དཔལ་ལྡན་འབའ་རོམ་པའི་བསྟན་ཞབས་སུ་སྐྱེས་པའི་རྒན་པོ་བློ་གྲོས་རིན་ཆེན་དུ་འབོད་པ་གང་གིས་རབ་བྱུང་རི་ཟླའི་ས་སྦྲུལ་ལོ་ནག་ཟླའི་གྲལ་ཚེས་བཟང་པོར། ཕུན་ཚོགས་བཀྲ་ཤིས་ཡང་རྩེའི་དཔལ་ལྡན་འབའ་རོམ་པའི་འདྲ་ཞལ་རིན་པོ་ཆེའི་མདུན་དུ་ལེགས་པར་སྦྱར་བ་དགེ་ལེགས་འཕེལ།། །།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་སྙིང་པོར་བསྡུས་པ་བདེ་ཆེན་ལམ་བཟང་གི་སྦྱིན་སྲེག་ལས་བཞི་མྱུར་འགྲུབ། ཀརྨ་པ་རི་ཀིརྟི།
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་སྙིང་པོར་བསྡུས་པ་བདེ་ཆེན་ལམ་བཟང་གི་སྦྱིན་སྲེག་ལས་བཞི་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །
བླ་མ་དམ་པ་དང་ལྷག་པའི་ལྷ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དམ་ཚིག་དང་སྡོམ་པ་ལྡན་ཞིང་རིམ་གཉིས་ཀྱི་རྣལ་འབྱོར་པས། ཞི་སོགས་ཀྱི་ལས་རྣམས་བསྒྲུབ་པ་དང་། དངོས་གྲུབ་རྣམ་གཉིས་འཐོབ་པར་བྱ་བ་དང་། སྔགས་དང་ཆོ་གའི་ལྷག་ཆད་ཁ་བཀང་བ་དང་། དཀྱིལ་འཁོར་ཀྱི་ལས་དང་། རྟེན་རབ་ཏུ་གནས་པ་ལ་སོགས་པ་དང་འབྲེལ་བའི་ཚེ་སྦྱིན་སྲེག་གི་ལས་བརྩམ་སྟེ། དཔལ་ཡང་དག་པར་སྦྱོར་བ་ལས། སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ནི་དེ་ཀུན་དག །ཅེས་དང་། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །ཞེས་དང་། བཟང་པོ་ཡོངས་བཟུང་ལས། རབ་
གནས་ལ་སོགས་རྗེས་མ་ནི། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། །སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །ཞེས་གསུངས་སོ། །དེས་ན་ལས་ཀྱི་རིམ་པ་ལ་འཇུག་པ་ལ་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་གསུམ་སྟེ། ལས་སོ་སོའི་ཐབ་བཅའ་བ། ཡོ་བྱད་རྣམས་ཇི་ལྟར་བཤམ་པ། སློབ་དཔོན་གྱི་ཆས་གོས་སོགས་བསྟན་པའོ། །དང་པོ་ནི། སམྦུ་ཊི་ལས། ཞི་བ་ཐབ་ཁུང་ཟླུམ་པོ་ནི། །ཁྲུ་གང་ཚད་ཙམ་ཐིག་གདབ་བྱ། །བཏབ་ནས་ཁྲུ་ཕྱེད་བརྐོས་ནས་ནི། །འོག་ཏུ་ས་ལ་མཐོ་གང་ཁུང་། །ཙན་དན་དཀར་པོའི་ངོས་དག་བྱུག །དེ་ཡི་ཕྱི་རོལ་ཟླུམ་པོའི་ས། །སོར་བཞི་པ་ཡི་མུ་རན་ཡིན། །རྒྱས་པའི་ཐབ་ཁུང་གྲུ་བཞི་སྟེ། །ཁྲུ་གཉིས་ཚད་དུ་རྣམ་པར་རྒྱས། །འོག་ཏུ་ཁུང་བུ་ཁྲུ་གང་བ། །མུ་རན་ལ་ནི་སོར་བརྒྱད་ཉིད། །མེ་ཏོག་སོ་སོའི་བརྒྱན་པ་དང་། །དྲི་ནི་སེར་པོའི་རྗེས་སུ་བྱུག །དེ་ཡི་ཕྱི་རོལ་ཟླུམ་པོའི་ས། །མངོན་སྤྱོད་ཐབ་ཁུང་གྲུ་
གསུམ་པ། །རྒྱར་ནི་སོར་མོ་ཉི་ཤུ་སྟེ། །འོག་གི་ཐད་དུ་སོར་མོ་བཅུ། །མུ་རན་ལ་ནི་སོར་མོ་གསུམ། །དུར་ཁྲོད་སོལ་བས་བྱུག་པར་བྱ། །དབང་དང་དགུག་པ་ཐུན་མོང་སྟེ། །ཐབ་ཁུང་གཅིག་པའི་མཚན་ཉིད་གསུངས། །དགུག་པ་ཟླ་བ་ཕྱེད་པའི་དབྱིབས། །ཐབ་ཚང་ཁུང་བུ་ཐབ་ཀྱི་ཕྱེད། །ཚད་བཟུང་མུ་རན་བྱས་ནས་ནི། །དྲི་ནི་དམར་པོའི་བྱུག་པར་བྱ། །ཞེས་དང་། ནག་པོ་པས། མངོན་སྤྱོད་ནི་སོར་གསུམ་མོ། །དབང་དང་དགུག་པའང་དེ་དང་འདྲ། །ཞེས་དབང་དགུག་གི་མུ་རན་གྱི་ཚད་ཀྱིས་ཁ་ཁྱེར་གྱི་ཚད་ཀྱང་གསལ་བར་བསྟན་པ་ལྟར། གང་དུ་སྦྱིན་སྲེག་བྱ་བའི་གནས་སུ་སྟེགས་བུ་འདུ་བྱ་བ་སོགས་གྲུབ་ནས་ཐོག་མར་ཐིག་གདབ་པ་ནི། ཚངས་ཟུར་བཞི་པོ་ལེགས་བཏབ་སྟེ། །དབུས་ནས་ལག་སོར་བཅུ་གཉིས་དང་། །སླར་ཡང་བཞི་ལ་གཉིས་རིམ་བསྐོར། །རྒྱ་ཁྱོན་མཆུ་དང་ཁ་ཁྱེར་ཡིན། །དེ་དབུས་སོར་བཞི་པད་ལྟེ་བསྐོར། །ཚངས་ཟུར་དབུས་གཤག་བཅུས་ཐིག་གདབ། །པད་འདབ་བཞི་འབྱུང་ཞི་བ་གྲུབ། །དབུས་ནས་ཚངས་སྟེང་སོར་མོ་ནི། །ཉེར་བཞི་ཚན་གཅིག་བརྒྱད་ཚན་གཉིས། །མཚན་མ་བྱས་ལ་དེ་སྟེང་ནས། །ཟུར་ཐིག་སྟེང་དུ་མཚན་མ་བྱ། །དེ་སྟེང་གྲུ་བཞི་ཕྱོགས་རེ་ལ། །གསུམ་གསུམ་བཏབ་པས་བྱ་བརྒྱ་དང་། །མུ་རན་ཁ་ཁྱེར་ཡང་དག་འབྱུང་། །སོར་མོ་བརྒྱད་དང་བཅུ་དྲུག་གི །པདྨའི་ལྟེ་བ་འདབ་མ་བསྐོར། །གཅུས་ཐིག་བཏབ་པས་རྒྱས་པ་འགྲུབ། །དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་ཀྱི་ཟླུམ་པོར་བསྐོར། །རྒྱ་དང་མུ་
རན་ཁ་ཁྱེར་འབྱུང་། །ངོས་གསུམ་ཟླུམ་པོ་ངོས་གཞན་ནི། །ཐིག་གིས་བཅད་དེ་ཟླ་གམ་བྱ། །ཆུ་སྐྱེས་འདབ་བརྒྱད་དབུས་དབང་འགྲུབ། །དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་ཀྱིས་ཟླུམ་པོར་བསྐོར། །དབུས་ནས་ཟླུམ་མཐའ་སོ་སོའི་ཚད། །ནུབ་ཀྱི་ཚངས་ཟླུམ་འདུས་སྟེང་ནས། །གཡས་གཡོན་བྱ་རྗེས་བཙལ་སྟེང་དུ། །རིམ་པ་བཞིན་དུ་གྲུ་གསུམ་བཏབ། །གྲུབ་གསུམ་ནང་མ་ལ་རེག་བསྐོར། །དེ་ཡི་སུམ་ཆ་ལྟེ་བ་སྟེ། །པདྨ་འདབ་བརྒྱད་དྲག་པོ་འགྲུབ། །དེ་ལྟར་ཐིག་རྣམས་གདབ་པར་བྱ། །དེ་ནས་ཐབ་ཁུང་བརྩིག་ན། ཞི་བ་ལ་མཆུའི་ཕྱི་ནང་གི་ཐིག་གཉིས་ཀྱི་བར་དུ་ཟླུམ་པོར་བརྩིགས་པའི་རྒྱ་ཕྱེད་དཔངས་སུ་ཡོད་པའི་ཁ་ནས་སོར་བཞི་པའི་མཆུ་དོར་བར་བྱ། རྒྱ་དཔངས་མཉམ་པར་སོར་བཞི་པའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ་དང་བཅས་པ་པདྨ་རྒྱས་པའི་དབྱིབས་ལྟ་བུ་ནང་དུ་ངང་གིས་གཞོལ་བ་དེའི་ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ། དབུས་སུ་པད་འདབ་བརྒྱད་དེ། ཞི་བ་ལས་ཐམས་ཅད་ལ་ཕྱོགས་གཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། ལྟེ་བ་ལྗང་གུའི་སྟེང་དུ་རྡོ་རྗེ་དཀར་པོ། ཕྱོགས་ཀྱི་འདབ་མ་ལ་རིགས་བཞིའི་ལྷ་མཚན། དེ་ཡང་གཙོ་བོ་འཕོ་བའི་ཚེ་ལྷ་མཚན་འཕོ་ཚུལ་ཤེས་པར་བྱ། དཔའ་གཅིག་ལ་ཕྱོགས་ཀྱི་མཚན་མ་མི་དགོས། ཞི་བ་ཁོ་ནའི་ལས་ཡིན་ན་པད་མ་ཐམས་ཅད་དཀར་པོ་བྱེད་པ་སོགས་ལས་ཀུན་ལ་ཤེས་དགོས། ཡང་ན་པད་འདབ་ཀྱི་མལ་དུ་རང་རང་གི་དཀྱིལ་འཁོར་
རྫོགས་པར་བྲིས་ལ། ལྟེ་བར་པད་མ་དང་རྡོ་ར་བྲི་བ་སོགས་གོང་ལྟར་བྱ་བ་སྟེ་ཀུན་ལའོ། །བརྒོ་ཐབ་བྱེད་ན་ཁ་ཁྱེར་གྱི་རྩ་ཐིག་གི་ནང་དུ་ཐབ་རང་རང་གི་རྒྱའི་ཕྱེད་ཟབས་སུ་བརྐོ་ཞིང་། བྲི་ཐབ་ལ་ནི་དཔངས་དངོས་སུ་མེད་ཀྱང་བསམ་པས་འགྲུབ་བོ། །ཐབ་རྣམས་ཀྱི་ཁ་དོག་དང་དབྱིབས་སོགས་ནི་གོང་གི་ལུང་དང་འོག་གི་ཐབ་སོ་སོའི་སྐྱེད་ཆོག་གིས་རྟོགས་པར་འགྱུར་རོ། །དེས་ན་འདིར་སྨོས་པ་དེ་རྣམས་ནི་དཔེར་བརྗོད་པ་ཙམ་ཡིན་ནོ། །བུད་ཤིང་ནི་ཡམ་ཤིང་སོ་སོའི་རྒྱུ་དང་མཐུན་པའམ་ཤུག་པ་སོགས་དྲི་ཞིམ་པོ་དང་དགོན་པའི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པ་ཡང་རུང་སྟེ། ཐབ་སོ་སོའི་དབྱིབས་དང་དཔངས་རྣམས་དང་མཐུན་པར་རྒྱས་པ་དབང་དྲག་པོ་སོགས་ཀྱང་ཐབས་ཀྱི་མཆུའི་ནང་དུ་དམ་པར་བརྩིགས་པའི་ནང་གི་ཤར་ལྷོར་རྫའི་ཀོང་བུ་ལས་མཐུན་གྱི་མར་གྱིས་བཀང་བ་སྡོང་བུ་ཅན་བཞག་གོ། །གཉིས་པ་ཡོ་བྱད་རྣམས་ཇི་ལྟར་བཤམ་པ་ནི། ཞི་སོགས་གསུམ་ལ་སློབ་དཔོན་གྱི་གཡོན་ཕྱོགས་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པ་བཞིན་ཆུ་བཞི། ཉེར་སྤྱོད་ལྔ་མར་ལ་བཅོས་པའི་གཏོར་མ་དང་བཅས་པ་སྟེགས་བུ་མཐོ་བ་མནན་མ་ཕྱིན་པ་བྱས་པའི་ཁར་འདས་མ་འདས་ཀྱི་ཚར་གཉིས་བཤམས། མ་འབྱོར་ན་ཚར་གཅིག་སྤྱི་སར་བཤམས་ལ་མཆོད་འབུལ་རེ་རེ་བཞིན་མཆོད་པ་རྣམས་རྗེ་བའམ་ཁ་གསོ། ཡང་གཡས་ཕྱོགས་ཀྱི་མདུན་ངོས་ནས་བརྩམས་ཏེ། སྔ་མ་བཞིན་དུ་ཞི་བ་ལ་ཡམ་ཤིང་བྱང་ཆུབ་ཀྱི་ཤིང་སོགས་འོ་མ་ཅན་ལྔ་བཤད་
ཀྱང་བོད་དུ་མི་འབྱུང་བས་བ་ལུ་སོགས་འོ་མ་ཅན་དུ་བཏགས་པའི་རྩེ་མོའི་ཆ་ལས་ཕྱུང་བ་སློབ་དཔོན་གྱི་མཐེའུ་ཆུང་གི་ཚད་ཙམ་སོར་བཅུ་གཉིས་པ། སྦྲང་རྩི་དང་འོ་མ་མར་ཁུ་རྣམས་ཀྱིས་རྩེ་མོ་སྦགས་པ་ཇི་ཙམ་འོས་པ་དང་། བའམ་རའི་མར་གྱི་ཁུ་བ། ཏིལ་ནག་ཡུངས་ཀར། ཞོ་བག་ཕྱེ་བུ་རམ་གསུམ་མམ། འོ་མ་སྦྲང་རྩི་ཞིབ་བསྲེས་པའི་རིལ་བུའི་ཟས་མཆོག་དང་། ཞོ། འབྲས། སོ་བ། ནས། སྲན་མ། གྲོ། ὰརྦ། ཀུ་ཤ་སྔོན་པོའི་རྩ་རྩེ་མ་ཉམས་པ་མར་དང་འོ་མས་སྦགས་པ་དང་ཤིང་ཐོག་སྣ་ཚོགས་བཤམ། ཁྱད་པར་དུ་རྒྱས་པ་ལ་ཡམ་ཤིང་གི་རྒྱུ་དེ་ཉིད་ཀྱི་ཡལ་གའི་དབུས་ཀྱི་ཆ་ལས་བྱུང་བ་འོ་མ་དང་མར་གྱིས་བགོས་ཤིང་གུར་གུམ་གྱིས་བྱུགས་པ། སྲིད་དུ་ཁྲུ་གང་། སྦོམས་སུ་ཆངས་གང་། དབང་ལ་ཡམ་ཤིང་ལྷའི་ཤིང་སོགས་མ་འབྱོར་ན་མེ་ཏོག་ཁ་དོག་དམར་པོ་རེ། སྐྱུར་བ་འབྲས་བུ་དམར་པོ་ཅན་གྱི་རིགས་དང་། འོམ་བུའམ་ཙན་དན་ལྟ་བུ་མངར་གསུམ་དང་བདུད་རྩིའི་བྱུགས་པ། དྲག་པོ་ལ་སྐྱེར་པ་ལྟ་བུ་དང་ཤིང་ནག་པོ་འཁྱོག་པ་ཚེར་མ་ཅན་རོ་ཁ་བ་དང་ཚ་བའི་རང་བཞིན་ཅན་གྱི་རྩ་བའི་ཆ་ལས་བྱུང་བ་སོར་བཅུ་གཉིས་པ་རྩེ་མོ་རྣོ་བ་དུག་དང་ཁྲག་དང་སྐྱེ་ཚེ་སོགས་རོ་ཁ་ཞིང་ཚ་བས་བྱུགས་པའོ། །འདིའི་བུད་ཤིང་ཡང་རོ་ཚ་བ་དང་དྲི་མི་ཞིམ་པའོ། །རྒྱས་པ་དང་དབང་ལ་འབྲི་མར་སོགས་ཀྱི་མར་ཁུ། དྲག་པོ་ལ་མར་ནག་ཚན་མོའོ། །དབང་ལ་ཏིལ་དམར་པོ། གཞན་གསུམ་ལ་ཏིལ་ནག་པོ། འབྲས་སོ་བ་སོགས་ནི་སྤྱི་མཐུན་
ནོ། །ཡང་ཞི་བ་ལ་ཨུ་དུམ་ཝ་ར་སོགས་ལྔ། རྒྱས་པ་ལ་སཱ་ལི་དམར་པོ། མེ་ཏོག་བརྒྱ་པ། བིལ་ཝའི་འབྲས་བུ། པདྨ། ནཱ་ག་གེ་སར། འབྲུ་དག་གོ། །དབང་ལ་པྲི་ཡངྐུ། ནཱ་ག །གེ་སར། ཙམ་པ་ཀ །ཨ་ཤྭ་ཀ །བ་ཀུ་ལ། ནཱ་ག །མེ་ཏོག་བརྒྱ་པ་སོགས་སོ། །མངོན་སྤྱོད་དེ་བསད་པ་ལ་ཁྲག །ལན་ཚྭ། དུག །སྐྱེ་ཚེ། བག་ཟན་ལ་དགྲ་བགེགས་ཀྱི་ལིངྒའི་ནང་དུ་མིང་བཅུག་ཅིང་དུག་དང་ཁྲག་གིས་བྱུགས་པ། ནིམ་པའི་ལོ་མ། རོ་ཐལ། སྐྱེས་པའི་རུས་ཕྱེ་རྣམས་སོ། །བསྐྲད་པ་ལ་བོང་བུ་དང་རྔ་མོང་གི་སྤུ། ཁྱིའི་བྲུན་དང་སྤུ། དེ་དག་གི་སེན་མོ། བྱ་རོག་གི་སྒྲོ་རྣམས་སོ། །དབྱེ་བ་ལ་འུག་པ་དང་བྱ་རོག་གི་སྒྲོ་སོགས་དགྲ་གཤེད་དུ་གྱུར་པའི་སྤུ་གང་འཛོམ། ཤ་ཆེན་ཁྱིམ་བྱའི་ཚིལ། ཚེར་མ། བསྒྲུབ་བྱའི་རྗེས་ཀྱི་ས་དང་སྐྲ་ནི་ཀུན་ལ་སྟེ་ཐམས་ཅད་མར་ནག་གིས་སྦགས་པའོ། །དྲག་པོའི་མཆོད་རྫས་ཀྱང་ཁྲག་ཆེན་ནམ་ཁྲག་གི་མཆོད་ཡོན། དུག་གམ་ཚེར་མ་ཅན་གྱི་མེ་ཏོག་ནག་པོ། གུ་གུལ་གྱི་སྤོས། ཚིལ་ཆེན་ནམ་མར་ནག་གི་མཆོད་མེ། མཁྲིས་པའི་དྲི་ཆབ། ཤ་ཁྲག་གིས་སྦགས་པའི་ལྷ་བཤོས། མི་རྐང་དང་མི་ཐོད་ཀྱི་རོལ་མོ་རྣམས་སོ། །ཞི་སོགས་གསུམ་གྱི་མཆོད་རྫས་དང་སྟེགས་བུའི་ཁ་དོག་ཀྱང་ལས་དང་མཐུན་པར་བྱ་ཞིང་། དེ་དག་གི་སྣོད་ཀྱང་ལས་ཀྱི་རིམ་པ་ལྟར་ཤེལ་ལམ་དུང་སོགས་དཀར་པོ་དང་། རྔུལ་སོགས་བཟང་པོ་དང་། གསེར་སོགས་སེར་པོ་དང་། པདྨའམ་ཟངས་སོགས་དམར་པོ་དང་། ཐོད་པའམ་ལྕགས་སོགས་དྲག་པོ་རྣམས་སོ། །དྲག་པོ་ལ་ནི་
མཆོད་རྫས་གཡས་དང་སྲེག་རྫས་གཡོན་དུ་བཤམ་མོ། །སློབ་དཔོན་གྱི་མདུན་མེ་ཡོལ་གྱི་ནང་དུ་གཡོན་ནས་རིམ་བཞིན་མེ་ལྷའི་གདན་གྱི་ཀུ་ཤ་ཆུན་པོ་བཅུ། ནང་མཆོད་རྡོ་རྗེ། དགང་བླུགས་ཁ་སྦྱར་དྲིལ་བུ། མེ་ཏོག་བསང་གཏོར་གྱི་ཀུ་ཤ་རླུང་གཡབ་རྣམས་བཤམས། གཞན་ཡང་ལས་མཐུན་གྱི་ཁྲུས་རས་དང་གོས་ཟུང་དག་ཀྱང་བཤམ་མོ། །གསུམ་པ་སློབ་དཔོན་གྱི་ཆས་གོས་སོགས་བསྟན་པ་ནི། ཆས་གོས་ནི་ཞི་བ་ལ་དཀར་པོ་སོགས་ལས་དང་མཐུན་པར་བགོ །རྒྱན་ནི་ཞི་བ་ལ་ཤེལ་ལམ་མུ་ཏིག །རྒྱས་པ་ལ་གསེར་སོགས་རིན་པོ་ཆེ། དབང་ལ་པདྨ་རཱ་གའམ་བྱི་རུ། དྲག་པོ་ལ་རུས་རྒྱན་རྣམས་སོ། །སློབ་དཔོན་གྱི་ཁ་ལྟ་ཕྱོགས་ནི། ཞི་རྒྱས་དབང་དྲག་རིམ་བཞིན། ཤར་བྱང་ནུབ་ལྷོར་ལྟ་བར་སམྤུཊི་ལས་གསུངས་ཤིང་། དཀྱིལ་འཁོར་འབྲེལ་ན་ཐབ་དཀྱིལ་འཁོར་གྱི་ཕྱོགས་གང་དུ་བྱ་བའང་དེ་ཉིད་ལས། ཤར་གྱི་ཕྱོགས་སུ་ཞི་བ་ཡིན། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་ཉིད། །ནུབ་ཏུ་དབང་དང་དགུག་པ་སྟེ། །བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། །ཅེས་གསུངས་པས་དཀྱིལ་འཁོར་གྱི་ཞལ་གང་དུ་ཕྱོགས་ཀྱང་རུང་། ལས་དང་མཐུན་པའི་དཀྱིལ་འཁོར་གྱི་ཕྱོགས་སུ་ཐབ་བཅའ་ཞིང་། སློབ་དཔོན་ནི་ལས་དང་མཐུན་པའི་ཕྱོགས་སུ་ཁ་ལྟ་བའམ། ཡང་ན་སྦྱིན་སྲེག་དང་འབྲེལ་བའི་སྐབས་སུ་དཀྱིལ་འཁོར་གྱི་ཞལ་ནུབ་ཕྱོགས་སུ་ལྟ་བར་བཞེངས་ན་ཞི་བ་ལ་སོགས་པའི་ལས་ཀུན་ལ་དཀྱིལ་འཁོར་གྱི་ཕྱོགས་གང་དུ་བྱ་བ་དང་། སློབ་དཔོན་
གང་དུ་ཁ་ལྟ་བའི་འབྱུང་བའི་ཕྱོགས་གཉིས་ཀ་མི་འགལ་བས་ཤིན་ཏུ་འགྲིགས་ཅིང་ལེགས་པར་མངོན་ནོ། །ཁ་ཅིག་དཀྱིལ་འཁོར་གྱི་ཕྱོགས་དང་འབྱུང་བའི་ཕྱོགས་གཅིག་པའི་ཁྱབ་པ་བཅས་ནས། དཀྱིལ་འཁོར་དང་འབྲེལ་ན་ཁ་ནུབ་ཏུ་ལྟ་ཟེར་བ་སོགས་ནི་མི་རིགས་ཏེ། ཞི་བ་ལ་ཁ་ཤར་དུ་ལྟ་བར་རྒྱུད་ལས་གསུངས་པ་ལ། ནུབ་ཏུ་ལྟ་བར་བྱས་པས་དཀྱིལ་འཁོར་གྱི་དབང་དུ་བྱས་ན་ཚིག་ལ་འགལ་ཞིང་། འབྱུང་བའི་དབང་དུ་བྱས་ན་དོན་ལ་འགལ་བའི་ཕྱིར་རོ། །གལ་ཏེ་རྒྱུད་ནས་ལས་མཐུན་གྱི་ཕྱོགས་སུ་ཁ་ལྟ་བར་གསུངས་པ་ནི་དཀྱིལ་འཁོར་དང་འབྲེལ་ན་དེའི་ཕྱོགས་ལ་དགོངས་སོ་ཞེ་ན་ཡིན་དུ་ཆུག །དེ་ལྟར་གྱི་ཚེ་ཡང་འབྱུང་བའི་ལས་མི་མཐུན་གྱི་ཕྱོགས་སུ་ཁ་ལྟ་དགོས་པས་མ་ཁྱབ་སྟེ། དཀྱིལ་འཁོར་གྱི་ཕྱོགས་དང་འབྱུང་བའི་ཕྱོགས་གཅིག་པ་ཁོ་ན་མ་ངེས་པའི་ཕྱིར་རོ། །སློབ་དཔོན་གྱི་གདན་དང་འདུག་སྟངས་ནི། ཞི་བ་ལ་འཇམ་པའི་གདན་དཀར་པོ་ལ་པདྨའི་འདུག་སྟངས། རྒྱས་པ་ལ་ཁྲིའུ་སེར་པོའི་སྟེང་དུ་བཟང་པོའི་འདུག་སྟངས། དབང་ལ་བདེ་བའི་སྟན་དམར་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅའ་སྟེ། འདི་དང་ཞི་བའི་འདུག་སྟངས་གོ་ལྡོག་པའང་ཡོད། དྲག་པོ་ལ་ནི་བསྒྲུབ་བྱའི་གཟུགས་ཀྱི་བྲང་ངམ། སྲ་བའི་གདན་ནག་པོའམ་གདན་མེད་ཀྱང་རུང་སྟེ། རྐང་པས་རྐང་པ་མནན་པའམ་གཡས་སྐྱིལ་ཀྲུང་དང་ཡོན་རྐང་པ་བསླང་བའམ་པུས་མོ་གཉིས་ས་ལ་གཙུགས་པས་འདུག་གོ། །དུས་ནི་ཞི་བ་ལ་བཅོ་ལྔ་སོགས་ཀྱི་སྲོད་དང་ཐོ་རངས། རྒྱས་པ་
ལ་ཡར་ངོའི་ཚེས་བརྒྱད་སོགས་ཀྱི་སྔ་དྲོ། དབང་དང་ཞི་སོགས་ལས་ཐམས་ཅད་པ་ལ་སྲོད་ཆེན། དྲག་པོ་ལ་མར་ངོའི་བརྒྱད་དང་བཅུ་བཞིས་ཉིན་ཕྱེད་དམ་ནམ་གུང་སྟེ་ཐམས་ཅད་ལ་ལས་དང་མཐུན་པའི་ཉམས་ཀྱིས་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོ་གའོ། །དང་པོ་ནི། བདག་ཉིད་ཁྲུས་བྱས་ལས་དང་མཐུན་པའི་ཚོན་དང་དྲིས་བྱུགས། སྒྲུབ་མཆོད་དང་འབྲེལ་ན་བདག་བསྐྱེད་ཐུན་བསྡུ་ཡན་འགྲོ་བས་འཐུས་ཤིང་། མ་འབྲེལ་ཀྱང་ཞི་སོགས་ལས་ཐམས་ཅད་པ་ཡིན་ན་ཆོ་ག་སོ་སོའི་བདག་བསྐྱེད་རྫོགས་པར་བསྒོམས་ཤིང་ཐུན་བསྡུས་ལ། སླར་རང་ཉིད་ལས་ཀྱི་ཧེ་རུ་ཀའམ་ལས་ཀྱི་མགོན་པོ་སོགས་སུ་གསལ་གདབ། ཞི་སོགས་ལས་ཀྱི་ཡིན་ན་ལྷ་ཐམས་ཅད་དཀར་པོ་བསྒོམ་པ་སོགས་སུ་བཤད་དོ། །འདིར་ཕག་མོ་ལ་མཚོན་ན་བདུད་རྩི་བྱིན་རླབས། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ཅིང་ཁ་ཊྭཱཾ་ག་ལ་འཁྱུད་པ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། གཉིས་པ་ནི། ནང་མཆོད། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀེཾ་ལས་མི་མགོའི་
སྒྱེད་པུ་གསུམ་གྱི་སྟེང་དུ༌ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ན་ལས་མི་ཡི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོ་ཆེ་ཡི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མཱུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །རང་གིས་ཐུགས་ཀ་ནས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་ཁོལ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། སླར་ཡི་གེ་གསུམ་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་
བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ༈ གསུམ་པ་ནི། བདུད་རྩི་ལྟར་སྔོན་གཏོར་བརླབས། ཕེཾ་ཕེཾ་ཕེཾ། འབར་བའི་ཕྱག་རྒྱས་མགྲོན་བཀུག་ནས། པད་ཀོར་རྡོར་ཐལ་ཁ་ཕྱེ་བས། ཨོཾ་ཁ་ཁ་ཁཱ་ཧི་སོགས་སྔགས་རིང་ལན་གསུམ་གྱིས་བསྔོས་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང། །ཡི་དྭགས་ཚོགས༴ ཤ་ཟའི་ཚོགས༴ སྨྱོ་བྱེད་ཚོགས་རྣམས༴ བརྗེད་བྱེད་ཚོགས༴ མཁའ་འགྲོའི་ཚོགས༴ མ་མོའི་ཚོགས་རྣམས་མ་ལུས་དང། །མ་ལུས་པ་ནི་འབྱུང་པོའི་ཚོགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་
པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་ཕྱིར་དོར། བཞི་པ་ནི། ཧཱུྃ། ཆོས་ཉིད་ཡེ་ཤེས་ཡེ་ནས་བརྗོད་བྲལ་ཡང༌། །འཁྲུལ་པའི་དབང་གིས་གཉིས་འཛིན་རྣམ་རྟོག་ལས། །བྱུང་བའི་ཉོན་མོངས་དུག་ལྔའི་དགྲ་དང་བགེགས། །ཏིང་འཛིན་བྱང་ཆུབ་སེམས་ལ་གནོད་གྱུར་པས། །རང་བྱུང་ཁྲོ་རྒྱལ་བདེ་གཤེགས་ཆེན་པོའི་
བཀས། །འདུག་པའི་གནས་མེད་མཁའ་ཁྱབ་སྤྲོས་བྲལ་ཀློང༌། །རྟག་ཆད་མཐའ་ལས་འདས་པའི་ཕ་རོལ་ཏུ། །མྱུར་བ་ཉིད་དུ་རང་གི་གནས་སུ་དེངས། །སུམྦྷ་ནི་བརྗོད། ལྔ་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན། །དེ་ལས་སྣ་ཚོགས་རྡོ་རྗེ་གྲངས་མེད་འཕྲོས། །སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ར་གུར་ནི། །མི་ཤིགས་སྲ་བརྟན་སྲུང་བའི་འཁོར་ལོར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སེང་གདོང་མ། །བཛྲ་སིངྷ་ཞེས་བྱ་བ། །སྟེང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེ་དུས་ལ་བབས། །སྟེང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྭ་གདོང་མ། །བཛྲ་ཀཱ་ཀ་ཞེས་བྱ་བ། །ཤར་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །ཤར་གྱི་བར་ཆད་
བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་འུག་གདོང་མ། །བཛྲ་ཨུལླུ་ཞེས་བྱ་བ། །བྱང་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །བྱང་གི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཁྱི་གདོང་མ། །བཛྲ་ཤྭ་ན་ཞེས་བྱ་བ། །ནུབ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །ནུབ་ཀྱི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་ཕག་གདོང་མ། །བཛྲ་སུ་ཀ་ཞེས་བྱ་བ། །ལྷོ་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །ལྷོ་ཡི་བར་ཆད་བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །ལྷ་མོའི་ལུས་ལ་སྟག་གདོང་མ། །བཛྲ་བྱ་གྷྲི་ཞེས་བྱ་བ། །འོག་སྒོ་སྲུང་བའི་ཕྲ་མེན་མ། །ཛཿཕྲ་མེན་རྡོ་རྗེའི་དུས་ལ་བབས། །འོག་གི་བར་ཆད་
བཟློག་ཏུ་གསོལ། །ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན། །གནོད་བྱེད་སརྦ་དུཥྚན་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མཚམས་བཅད་དོ། །དྲུག་པ་ནི། ལས་རྡོར་གྱིས་ཕྱག་བཅས། བླ་མ་རྡོ་རྗེ་སློབ་དཔོན་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་དགོངས། །དེང་བདག་འགྲོ་ཀུན་དོན་སླད་དུ། །ཐུགས་དམ་ཏིང་འཛིན་ལ་བཞུགས་འཚལ། །ས་མ་དྷི་ཀྲ་མ་ཧོ། ཞེས་བསྐུལ། བདུན་པ་ནི། མཆོད་རྫས་རྣམས་ཨོཾ་ཨཱཿབིགྷྣན་གྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་བརྗོད། མཆོད་སྤྲིན་འབྱུང་བའི་གཟུངས་ཀྱིས་རྒྱས་པར་སྤེལ། ༈ གསུམ་པ་
དངོས་གཞིའི་རིམ་པ། ཐོག་མར་སྐྱབས་སེམས་ནི། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས༴ སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་གསུམ། སངས་རྒྱས་ཆོས་དང་དགེ་
འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིང༌། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ལན་གསུམ། གཉིས་པ་ཚོགས་བསགས་པ་ནི། མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར། དེ་ནས་བདག་ཉིད་རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་རྣམ་པར་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ནམ་མཁའི་དཀྱིལ་འཁོར་དང་གཉིས་སུ་
མེད་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ཡང་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་དང༌། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་དང༌། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མ་ཏངྒི་ཨཱཿཧཱུྃ། ཞེས་མཆོད། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་གཡང་ས་མ་ལུས་སྤང་ཕྱིར་དང༌། །ཞིང་ཁམས་རྣམ་པར་དག་པ་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་མཎྜལ་དབུལ་བར་བགྱི། །ཐུགས་རྗེས་འགྲོ་
བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་མཎྜལ་ཕུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་འགྲུབ་ཕྱིར། །བདག་གི་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱད་མཆོག་མཛད་བཞིན་སྤྱོད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་བདུན་རྣམ་དག་བྱ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གསང་བདག་ས་ར་ཧ་པ་ཤ་ཝ་རི། །ཀླུ་སྒྲུབ་སྐལ་པ་བཟང་མོ་མ་ཏཾ་གི །གསོལ་བ་འདེབས་སོ་བདེ་ཆེན་མཆོག་
འགྲུབ་ཤོག །ཏཻ་ལོ་ནཱ་རོ་མར་པ་མི་ལ་རས། །དྭགས་པོ་འབའ་རོམ་ཏི་རས་རས་དཀར་བ། །ལུས་མེད་རྡོ་རྗེ་བྱང་ཆུབ་གཞོན་ནུའི་ཞབས། །གསོལ་བ་འདེབས་སོ༴ བློ་གྲོས་རྡོ་རྗེ་ལྷ་རས་བརྩོན་འགྲུས་དཔལ། །གྲགས་པ་རྒྱལ་མཚན་ཆོས་རྗེ་བསོད་ནམས་བཟང༌། །མ་ཏི་རཏྣ་རིག་མ་ཡེ་ཤེས་རྒྱན། །གསོལ་བ་འདེབས་སོ༴ མཁའ་འགྲོ་ནམ་མཁའི་རྣལ་འབྱོར་ཆོས་ཀྱི་སེང༌། །བཀའ་བརྒྱུད་བཀྲ་ཤིས་གྲུབ་མཆོག་དབང་པོའི་མཚན། །ཞལ་གཟིགས་བཀའ་བབ་གསེང་ལམ་ཉེ་བརྒྱུད་ལ། །གསོལ་བ་འདེབས་སོ༴ གཞན་ཡང་འོད་མཚན་བཞི་པ་ཆོས་ཀྱི་གྲགས། །བཀའ་བཅུ་པ་དང་བསོད་ནམས་དོན་གྲུབ་སོགས། །སྤྱི་དང་ཁྱད་པར་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་འགྲུབ་ཤོག །ཟབ་མོའི་དབང་གིས་རྒྱུད་སྨིན་རྡོ་རྗེ་བཞིའི། །ས་བོན་གསོས་ཐེབས་ལམ་བཞིའི་
བསྐྱེད་བསྲིངས་ཏེ། །འབྲས་བུ་སྐུ་བཞི་མངོན་གྱུར་རྣལ་འབྱོར་མའི། །གོ་འཕང་ལ་རེག་འགྲོ་སྒྲོལ་དེད་དཔོན་ཤོག །ཅེས་གསོལ་བ་བཏབ། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །ལམ་བསྐྱེད་རྫོགས་ཟུང་འཇུག་སྒོམ་པ་ལ་དབང༌། འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་སྐལ་པ་ཅན་དུ་གྱུར། དེ་ནས་ཚོགས་ཞིང་རྣམས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བ་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་
གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། གསུམ་པ་བསྐྱེད་རིམ་རྗེས་འབྲེལ་དང་བཅས་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་ལྟེ་བ་སྔོན་པོ་ཧཱུྃ་གིས་མཚན་པ་དེ་ལས་སྣ་ཚོགས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་དུ་མདའི་དྲྭ་བ་དང་མདེའུ་ལ་ཡེ་ཤེས་ལྔའི་མེ་འབར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེང་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ། དེ་ཡི་ཕྱི་རོལ་དུ་དྲི་
མེད་པདྨའི་ཕྲེང་བ། འགྱུར་མེད་རྡོ་རྗེའི་ར་བ། རབ་འཇིགས་དུར་ཁྲོད་ཆེན་པོ་བརྒྱད་དང་ཡེ་ཤེས་འོད་ལྔའི་ཟེར་ཕྲེང་གི་མུ་ཁྱུད་ཀྱིས་བསྐོར་བའོ། །ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། འགྲོ་བའི་སྒྲིབ་པ་སྦྱངས་ནས་ཡེ་ཤེས་མཁའ་འགྲོའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་སྐུ་མདོག་དམར་མོ་མེ་ཡི་མདོག་ཅན་གཞོན་ཚུལ་ལང་ཚོ་རྒྱས་པའི་གཟི་བྱིན་འབར་བ། ཞལ་གཅིག་ལ་ཕྱག་གཉིས་དང་ལྡན་པའི་གཡས་པས་ཟངས་ཀྱི་གྲི་གུག་དམར་ལྷག་གེ་བ་ནམ་མཁར་ཕྱར་བ། གཡོན་
པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་སྦས་པའི་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་ནག་པོ་རྩེ་གསུམ་པ་ཞིག་རྒྱང་ངེར་ཡོད་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཕྱེད་སིལ་བུར་ཐུར་དུ་གྲོལ་བས་སྐེད་པ་ཡན་ཆད་ཁེབས་པ། རྣ་ལྟག་གཡས་པ་ན་ཕག་པའི་ཞལ་གཅིག་དོད་པའི་ཕག་སྐད་ནམ་མཁར་ངུར་བ། རྩ་ཞལ་དམར་པོ་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་བཞི་གཙིགས་པ་གཡོན་ཕྱོགས་སུ་བརྗིད་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་མཛད་པ། རུས་པའི་རྒྱན་ཆ་ལྔས་དཀར་ཆག་གེར་བརྒྱན་པ། ཞབས་གཡས་བསྐུམ་པས་དུས་མཚན་མའི་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་བརྐྱངས་པས་འཇིགས་བྱེད་ནག་པོ་སུམ་བལྟབས་སུ་མནན་པ། སྐུ་ལས་འཕྲོས་པའི་ཡེ་
ཤེས་ཀྱི་མེ་འབར་བའི་དབུས་ན་དཔའ་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། ཅེས་དང། རང་ཉིད་རྣལ་འབྱོར་མའི་སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། མགྲིན་པར་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། ལྟེ་བར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། གསང་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་མོ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང༌། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་བསྒྲེང་བ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། ཅེས་དང༌། ཕག་མོའི་ལྟེ་བར་ཨོཾ་བྃ་དམར་པོ། སྙིང་ཁར་ཧྃ་ཡོཾ་སྔོན་མོ། ཁ་ལ་ཧྲིཾ་མོཾ་དཀར་མོ། མགོ་བོར་ཧྲེཾ་ཧྲིཾ་སེར་མོ། སྤྱི་གཙུག་ན་ཧཱུྃ་ཧཱུྃ་ལྗང་ཁུ། སྨིན་མཚམས་སུ་ཕཊ་ཕཊ་དུད་ཁས་
མཚན་པར་གྱུར། ཡེ་ཤེས་པ་སྤྱན་འདྲེན་པ་ནི། བདག་ཉིད་ཕག་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ། མཁའ་འགྲོ་མ་བཞིའི་ཐུགས་ཀར་ཧ་རི་ནི་སའི་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་པས་འོག་མིན་དག་པ་མཁའ་སྤྱོད་ཀྱི་གནས་ནས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས། འབར་བའི་རྒྱ་དཔྲལ་བར་བསྐོར་ཞིང༌། ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ། ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲི་ད་ཡ། ཨ་པ་ཏོ་ཁ་ཡ། ཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཐོད་ལྔ་དང་རྐང་གླིང་སོགས་རོལ་མོའི་སྒྲ་དང་ཚིལ་གསུར་དུད་པས་སྤྱན་དྲངས། ཡེ་ཤེས་པ་མདུན་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས་
ཤབྡ་ཨཱཿཧཱུྃ། ཞེས་མཆོད་ལ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས། རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། མཆོད་བསྟོད་ནི། ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་དམིགས་ལ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་དང༌། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མ་ཏངྒི་ཨཱཿཧཱུྃ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་
འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ན་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྐྱེད་རིམ་རྗེས་འབྲེལ་བཅས་གྲུབ། བཞི་པ་གསུང་བཟླས་པའི་རིམ་པ་ནི། དེ་ལ་ཐོག་མར་ལྷ་སྐུའི་གསལ་སྣང་ལ་སེམས་བཞག་ལ་ཇི་སྲིད་གནས་ཀྱི་བར་དང༌། སྐྱོ་ཞིང་དུབ་པའི་སྐབས། རང་གི་སྙིང་གར་ཆོས་འབྱུང་པདྨ་འདབ་བཞིའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་དང༌། འདབ་མ་བཞི་ལ་ཧ་རི་ནི་སས་མཚན་པར་གྱུར། བསྙེན་པའོ། །དེ་ལས་འོད་ཟེར་མཆོད་པའི་སྤྲིན་དུ་འཕྲོས་རྒྱལ་བའི་ཞིང་དང་ཨོ་རྒྱན་
གྱི་གནས་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་མ་རྣམས་མཆོད་ཅིང་མཉེས། དེ་དག་གི་སྐུ་ལས་རང་འདྲའི་སྐུ་གྲངས་མེད་པ་འཕྲོས་དཔྲལ་བར་ཐིམ་ལུས་ལ་བདེ་བ་འཕེལ། གསུང་ལས་སྔགས་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་འཕྲོས་མགྲིན་པར་ཐིམ་ངག་ལ་ནུས་པ་འབར། ཐུགས་ལས་བྱང་སེམས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་འཕྲོས་སྙིང་ཁར་ཐིམ་སེམས་ལ་རྟོགས་པ་བསྐྱེད། སྒྲུབ་པའོ། །ལྷ་ཚོགས་རྣམས་ཀྱི་སྐུ་དང་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་འཕྲོས། ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་སྦྱངས། སྣང་སྲིད་ལྷ་ཡི་འཁོར་ལོར་བསྒྱུར། མཆོག་ཐུན་ལས་བཞི་ལྷུན་གྱིས་འགྲུབ་པར་གྱུར། ལས་སྦྱོར་རོ། །རྩ་སྔགས་སྙིང་པོ་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་གསུམ་གྲངས་བསྙེན་དང༌། ཉེ་བར་བསྙེན་པའི་སྙིང་པོ་ནི། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་
ཙ་ནི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་གཅིག་བཟླ་བར་བྱའོ། །ལྔ་པ་ཐུན་བསྡུ་བ་ནི། དེ་ནས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཕྱི་རོལ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་སྲུང་འཁོར་དུར་ཁྲོད་དང་བཅས་པ་ལ་ཐིམ། དེ་གཞལ་ཡས་ཁང་འཁོར་དང་བཅས་པ་ཐུགས་ཀའི་ཧྲཱིཿལ་འདུས་ཤིང་དེ་ཉིད་རིམ་གྱིས་མི་དམིགས་པར་ཡལ་བ་འོད་གསལ་སྟོང་པ་ཉིད་དུའོ། །ཞེས་ཅི་གནས་སུ་བཞག །སླར་ཡང་ཟུང་འཇུག་གི་སྐུ་ཆུ་ལས་ཉ་ལྡང་བ་བཞིན་དུ་སྐད་ཅིག་གིས་གསལ་བར་གྱུར། ཅེས་པའི་བར་བདག་སྐྱེད་ཐུན་བསྡུ་སོགས་བྱའོ། །གཞན་དེས་འགྲེ་བས་ཡི་དམ་གང་མོས་ལ་སྦྱར་ཆོག །ད་ལམ་འདིར་ཕག་མོ་ལ་སྦྱར་བའོ། །འདི་ནས་བཟུང་སྟེ་སྦྱིན་སྲེག་མ་གྲོལ་གྱི་བར་ངག་སྨྲ་བཅད། ལག་པ་རྡོར་དྲིལ། ཡིད་ཏིང་ངེ་འཛིན་དང་མ་བྲལ་བར་དགོས་ཤིང་། རྡོར་དྲིལ་བྱིན་རླབས་སྔར་བྱས་པ་མེད་ན་འདིར་བྱིན་རླབས་དགོས་པས་ཆོ་ག་སོ་སོ་ལས་འབྱུང་བ་ལྟར་རམ། ཡང་ན་རྡོར་དྲིལ་ལ་ནང་མཆོད་གཏོར་ལ། ཨོཾ་
ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། རྡོར་དྲིལ་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །སྣང་ལ་རང་བཞིན་མེད་པའི་སྐུའི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ། །དབང་གི་ལྷར་བཅས་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་དབང་ལྷ་འཁོར་བཅས་ཀྱིས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་བརྟེན་པ་ལས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །རྡོར་སེམས་ཡབ་ཡུམ་ཞུ་བ་ལས། །རྡོར་དྲིལ་མཚན་ཉིད་ལྡན་པར་གྱུར། །ལག་མཐིལ་གཡས་སུ་ཟླ་བ་དང་། །གཡོན་དུ་ཉི་མའི་དཀྱིལ་འཁོར་གསལ། །བར་བསམས་སྟེ་པད་སྐོར་
དང་བཅས་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་བླངས་ཏེ་གསོར། ཨོཾ་བཛྲ་གྷནྜེ་ཨཱཿ ཞེས་པད་སྐོར་དང་བཅས་ཏེ་དྲིལ་བུ་བླངས་ལ་སླར་ཡང་པད་སྐོར་དང་བཅས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨ་ཥ་སྟྭཾ་དྷཱ་ར་ཡཱ་མི་བཛྲ་ས་ཏྭ་ཧཱ་ཧཱི་ཧི་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་བཞིན་པས་རྡོ་རྗེ་ལན་གསུམ་གསོར། སླར་གཏོད་དེ་སྙིང་གར་བཟུང་ངོ་། །དེ་ནས་དྲིལ་བུ་གནས་བརྒྱད་དུ་བསྐོར་ཞིང་གསིལ་བ་སྟེ་དྲིལ་ལྕེ་དྲིལ་བུའི་ནང་གི་ཕྱོགས་མཚམས་བརྒྱད་དུ་རེ་མོས་ཀྱིས་རེག་པར་གསིལ་བཞིན་པར། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་བི་ཏ་བཛྲ་དྷརྨ་ཧྲྀ་ད་ཡཾ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་པད་སྐོར་བྱས་ཏེ་རྡོ་རྗེ་སྙིང་གར་གཟུང་ཞིང་དྲིལ་བུ་སྒྲ་ཆེ་བ་གསུམ་དཀྲོལ་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲས་བསྐུལ་ཞིང་མཆོད་པར་བསམ་སྟེ་གྲགས་སྟོང་དུ་མཉམ་པར་བཞག་གོ། །དེ་ནས་སྔོན་འགྲོ་གཏོར་མ་ལ་བདུད་རྩིས་བྲན། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་
ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ༌ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ན་ལས་མི་ཡི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོ་ཆེ་ཡི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མཱུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །རང་གིས་ཐུགས་ཀ་ནས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་ཁོལ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་
དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། སླར་ཡི་གེ་གསུམ་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ༈ གསུམ་པ་ནི། བདུད་རྩི་ལྟར་སྔོན་གཏོར་བརླབ། ཕེཾ་ཕེཾ་ཕེཾ། འབར་བའི་ཕྱག་རྒྱས་མགྲོན་བཀུག་ནས། པད་ཀོར་རྡོར་ཐལ་ཁ་ཕྱེ་བས། ཨོཾ་ཁ་ཁ་ཁཱ་ཧི་སོགས་སྔགས་རིང་ལན་གསུམ་གྱིས་བསྔོས་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས་མ་ལུས་དང༌། །འབྱུང་པོའི་ཚོགས་རྣམས་མ་ལུས་དང། །ཡི་དྭགས་ཚོགས༴ ཤ་ཟའི་ཚོགས༴ སྨྱོ་བྱེད་ཚོགས་རྣམས༴ བརྗེད་བྱེད་ཚོགས༴ མཁའ་འགྲོའི་ཚོགས༴ མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་འབྱུང་པོའི་ཚོགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་
འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་ཕྱིར་དོར། བཞི་པ་ནི། ཧཱུྃ། ཆོས་ཉིད་ཡེ་ཤེས་ཡེ་ནས་བརྗོད་བྲལ་ཡང༌། །འཁྲུལ་པའི་དབང་གིས་གཉིས་འཛིན་རྣམ་རྟོག་ལས། །བྱུང་བའི་ཉོན་མོངས་དུག་
ལྔའི་དགྲ་དང་བགེགས། །ཏིང་འཛིན་བྱང་ཆུབ་སེམས་ལ་གནོད་གྱུར་པས། །རང་བྱུང་ཁྲོ་རྒྱལ་བདེ་གཤེགས་ཆེན་པོའི་བཀས། །འདུག་པའི་གནས་མེད་མཁའ་ཁྱབ་སྤྲོས་བྲལ་ཀློང༌། །རྟག་ཆད་མཐའ་ལས་འདས་པའི་ཕ་རོལ་ཏུ། །མྱུར་བ་ཉིད་དུ་རང་གི་གནས་སུ་དེངས། །སུམྦྷ་ནི་བརྗོད། དྲག་སྔགས་བཟླས་པའི་ཡུངས་ཀར་གྱིས་རྫས་དང་ཡོ་བྱད་ཀུན་ལ་བྲབ་ཅིང་བགེགས་བསྐྲད། སྲུང་འཁོར་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན། །དེ་ལས་སྣ་ཚོགས་རྡོ་རྗེ་གྲངས་མེད་འཕྲོས། །སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ར་གུར་ནི། །མི་ཤིགས་སྲ་བརྟན་སྲུང་བའི་འཁོར་ལོར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྟན་པར་བསྒོམ་མོ། །མེ་སྦར་བ་ནི། ཞི་རྒྱས་ལ་གཙུབས་ཤིང་ལས་བྱུང་བའམ་རུང་ཁང་ལས་བྱུང་བའི་མེ་ཁྱད་པར་རྒྱས་པ་ལ་ནགས་ལ་མེ་མཆེད་པ་ལས་བྱུང་བའམ་མེ་ཤེལ་ལས་བྱུང་བ། དབང་དགུག་ལ་རྒྱལ་རིགས་སམ་སྨད་འཚོང་མའི་ཁྱིམ་ལས་བྱུང་བ། དྲག་པོ་ལ་གཤན་པའི་
ཁྱིམ་ལས་བྱུང་བའམ་རོ་བསྲེག་གིའམ་དེའི་སྡོང་དུམ་ལས་བྱུང་བའི་མེ་མེ་སྣོད་དུ་བཞག །བསང་ཆུ་གཏོར་ལ། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། དཔལ་འབར་ལ་སྦར་ཏེ་སླར་ཡང་བསངས་ཆུ་གཏོར་ལ། ཨོཾ་ཨཱཿབིགྷྣན་གྱིས་བསང་། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོར་བཞག །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དེ་རླུང་གཡབ་ཀྱིས་གཡབ་ཅིང་སྦར་རོ། །ཡང་བུད་ཤིང་ཉུང་བ་ལྟ་བུའི་མགྱོགས་པར་དགོས་ཚེ་མེ་ལྷའི་གདན་བཤམས་ནས་སམ་མེ་ལྷ་བསྐྱེད་ནས་མེ་སྦར་བའང་ཡོད་དོ། །དེ་ནས་དཀྱིལ་འཁོར་གང་ཡིན་དེའི་ལས་སྔགས་སམ་སོ་སོའི་སྙིང་པོ་བཟླ་དགོས་པར་གསུངས་པས་འདིར། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ་བས་མེ་གསོས་ལ། སམ་པུ་་ཊིར། ཐབ་ཁུང་ཀུན་ཏུ་ཀུ་ཤ་ཡི། །རྩེ་མོ་དྲང་པོར་ཡོངས་སུ་བསྐོར། །ཞེས་པ་ལྟར་ཀུ་ཤའི་ཆུན་པོ་མ་ཉམས་ཤིང་ཧ་ཅང་རིང་ཐུང་སྤངས་པ་ཐུང་དུ་བྱས་པ་དག་རིམ་པར་བླངས་ཏེ་ལག་གཉིས་ཀྱིས་བཟུང་བ་ཅུང་ཟད་པད་སྐོར་དང་བཅས་ཏེ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་
གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ཆུན་པོ་ཆེ་བ་ཟུང་ཞིག་ཐབ་ཀྱི་སྟེང་དུ་རྩེ་ཤར་དུ་ལྟ་བས་བཞག་སྟེ་མེ་ལྷའི་གདན་དུ་བསམ། ཆུན་པོ་གཞན་དག་ནི་རང་གི་ཕྱོགས་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པ་ལྟར་རྩེ་མོ་ཤར་དང་ལྷོ་དང་ནུབ་དང་བྱང་དུ་བལྟ་བར་སྟེགས་བུ་གཡོགས་ཤིང་རྒྱས་པ་དབང་དང་མངོན་སྤྱོད་ལའང་སློབ་དཔོན་ཁ་བལྟ་ཕྱོགས་བཞིན་དུ་ཀུ་ཤའི་རྩེ་མོ་རྒྱས་པ་ལ་ཐོག་མར་བྱང་དང་ཤར་ལྷོ་ནུབ་དང་དབང་ལ་ཐོག་མར་ནུབ་དང་དེ་ནས་བྱང་། ཤར་ལྷོ་གཡས་བསྐོར་དང་། མངོན་སྤྱོད་ལ་ལྷོར་བསྟན་ཏེ་གཡོན་བསྐོར་སྔ་མའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པ་བསྐོར་ཐབས་སུ་དགྲམ་མོ། །འདིར་ཞི་བ་ལ་ཀུ་ཤའི་རྩེ་མོ་ཐོག་མར་ཤར་དུ་བསྟན་ཏེ་བཞག་པར་བཤད་པའི་ཤར་ཞེས་པ་འབྱུང་བའི་ཤར་ལ་བསམས་ནས་རྩེ་མོ་སྔོན་དུ་འགྲོ་བས་སྔ་མའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པར་དགྲམ་པ་དང་། ཡང་ཤར་ཞེས་པ་དཀྱིལ་འཁོར་གྱི་ཤར་ལ་བསམས་ནས་རྩ་བ་སྔོན་དུ་འགྲོ་བས་རང་གི་གཡོན་ཕྱོགས་བརྩམས་ཏེ་གཡོན་བསྐོར་དུ་སྔ་མའི་རྩ་བ་ཕྱི་མའི་རྩེ་མོས་ནོན་པར་དགྲམ་པ་སྟེ། ལུགས་གཉིས་ལས་སྔ་མའི་དབང་དུ་བྱས་པ་སྟེ། འདི་ནི་མེ་ལྷའི་གདན་དང་སྦྱིན་སྲེག་གི་བྱ་བ་ལ་སྲུང་འཁོར་དུ་ཡང་འགྱུར་བས་ཐོག་མར་བྱ་ཞིང་ཐབ་བསྐྱེད་
པའི་གོང་ངམ་འོག་ཏུ་བྱེད་པའང་ཡོད་དོ། དེ་ནས་མཆོད་རྫས་བྱིན་རླབས་ནི། ལས་སྔགས་ཨོཾ་ཨཱཿབིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་གྱིས་བྱིན་གྱིས་བརླབས་ལ། དེ་ནས། ངོ་བོ་བདུད་རྩིའི་རང་བཞིན་ལ། །རྣམ་པ་བསྲེག་རྫས་སོ་སོར་གྱུར། །ཞེས་སྦྱར་ཏེ། ཨོཾ་ཨཱཿཧཱུྃ། ཨོཾ་ཋཿཋཿཋཿཋཿཋཿཋཿཋཿཞེས་ཞི་སོགས་གསུམ་ལ་ལག་གཡས་རྡོ་རྗེ་དང་བཅས་པས་བླུགས་གཟར་དང་གཡོན་དྲིལ་བུ་དང་བཅས་པས་དགང་གཟར་བཟུང་གབ་སྦྱར། དྲག་པོ་ལ་དགང་བླུགས་བཟུང་བ་གོ་བཟློག་སྟེ་མར་ཁུ་ལ་རེག་ཅིང་། ཨོཾ་ཤྲཱིཾ་སྭཱ་ཧཱ། ཡམ་ཤིང་ལ་རེག་སྟེ། ཨོཾ་ཨཱཿསྭཱ་ཧཱ། འབྲུ་ཐམས་
ཅད་ལ་རེག་སྟེ། ཨོཾ་ཛྲཱིཾ་སྭཱ་ཧཱ། རྫས་སྦྱང་བའོ། །ཡང་བསྲེག་རྫས་ཐམས་ཅད་ལ་རིམ་བཞིན་རེག་སྟེ། ཨོཾ་སྭ་སྭཱ་ཧཱ། རྫས་བཀྲུ་བའོ། །ཡང་རྫས་ཐམས་ཅད་ལ་རིམ་པར་རེག་སྟེ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་ཐབ་བསྐྱེད་པ་ནི། ལས་སྔགས་ཀྱིས་བསངས་དགོས་པས། འདིར་འདོན་བྱ་ལ། ཞི་བ་ནི། ཨོཾ་ཨཱཿབིགྷྣན་གྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། འདི་ཡན་ཞི་རྒྱས་དབང་དྲག་ཐམས་ཅད་འདོན་བྱ་གཅིག་ལ། དེ་ནས་ལས་མི་གཅིག་པའི་བསྒྱུར་ཁ་ཞི་བ་ལ། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །ཧཱུྃ་ལས་ཞི་ཐབ་ཟླུམ་པོ་དཀར། །ལག་ཁྲུ་གང་གི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དབང་ལྡན་སོར་བཞི་ཡི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རྡོ་རྗེ་དཀར་པོའི་ཕྲེང་བ་དང་། །གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས། །དེ་དབུས་པད་མ་འདབ་བརྒྱད་སྟེར། །ཞི་བའི་རྡོ་རྗེས་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རྃ་ཡིག་ལས། །ཞི་
བའི་མེ་ལྷ་དཀར་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་བའི་ཚོགས་ཅན་ཞི་ཉམས་ལྡན། །གསུས་འཕྱང་ཚངས་སྐུད་དཀར་པོས་བརྒྱན། །རྒྱས་པ་ལ། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །རྒྱས་པའི་ཐབ་ཁུང་གྲུ་བཞི་སེར། །ལག་ཁྲུ་དེ་ཡི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་བརྒྱད་ཀྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རིན་ཆེན་སེར་པོའི་ཕྲེང་བ་དང་། །གྲྭ་བཞིར་རིན་ཆེན་དག་གིས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །རྒྱས་པའི་རིན་ཆེན་སེར་པོས་མཚན། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རྃ་ཡིག་ལས། །རྒྱས་པའི་མེ་ལྷ་སེར་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་བརྗིད་ཉམས་ལྡན། །
གསུས་འཕྱང་ཚངས་སྐུད་སེར་པོས་བརྒྱན། །དབང་ལ། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །དབང་གི་ཐབ་ཁུང་ཟླ་གམ་དམར། །སོར་མོ་ཉི་ཤུའི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་གསུམ་གྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །པད་མཚན་ལྕགས་ཀྱུའི་ཕྲེང་བ་དང་། །ཞེས་སམ། པདྨ་དམར་པོའི་ཕྲེང་བ་དང་། །གྲྭ་བཞིར་ཨུཏྤལ་དམར་པོས་སྤྲས། །དེ་དབུས་པད་མ་འདབ་བརྒྱད་ལྟེར། །དབང་གི་པད་མས་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རྃ་ཡིག་ལས། །དབང་གི་མེ་ལྷ་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་པ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་ཆགས་ཉམས་ལྡན། །གསུས་འཕྱང་ཚངས་སྐུད་དམར་པོས་བརྒྱན། །དྲག་པོ་ལ། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་
ཉིའི་སྟེང་། །དྲག་པོའི་ཐབ་ཁུང་ཟུར་གསུམ་ནག །སོར་མོ་ཉི་ཤུའི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་གསུམ་གྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རྡོ་རྗེ་ནག་པོའི་ཕྲེང་བ་དང་། །གྲྭ་བཞིར་རྡོ་རྗེ་ནག་པོས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །དྲག་པོའི་རྡོ་རྗེས་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རྃ་ཡིག་ལས། །དྲག་པོའི་མེ་ལྷ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་དྲག་ཉམས་ལྡན། །གསུས་འཕྱང་ཚངས་སྐུད་ནག་པོས་བརྒྱན། །དེ་ནས་བཞི་ཀ་འདོན་བྱ་གཅིག་པ་ནི། ར་སྐྱེས་ལ་གནས་འཁོར་བཅས་ཀྱི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་ནས། །མེ་ལྷ་འཁོར་བཅས་སྤྱན་དྲངས་ཏེ། །ཨོཾ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་རྒྱལ་པོ་
བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཊཱཀྐི་ཧཱུྃ་ཛཿ ཞེས་ཞི་སོགས་གསུམ་ལ་ལག་པ་གཡོན་པས་གཡས་པའི་མཁྲིག་མ་ནས་བཟུང་སྟེ། ཀུ་ཤ་དང་བཅས་མི་འཇིགས་པའི་ཕྱག་རྒྱ་བཅས་ལ་མཐེ་བོང་གིས་སྲིན་ལག་གི་རྩ་བར་གཡོབ་ཅིང་། དྲག་པོ་ལ་གཡས་གཡོན་གོ་བཟློག་པས་སྤྱན་དྲངས་ཏེ། ཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཕངས་ལ། ཐབ་ཀྱི་ཤར་ལྷོར་ཀུ་ཤ་ཡི། །གདན་ལ་མེ་ལྷ་ཡེ་ཤེས་པ། །འཁོར་དང་བཅས་པ་བཞུགས་པར་གྱུར། །ཅེས་བརྗོད། བཟེད་ཞལ་སོ་སོར་ཆུ་བཞི་སྦྲེངས་ཏེ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྔགས་ཐོག་མཐའ་འདྲ་བར། པཱདྱཾ༴ ཞེས་ཆུ་གཉིས་དབུལ། དེ་ནས་ལག་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོང་གིས་མཐེའུ་ཆུང་མནན་པ་རྩ་གསུམ་གྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་
ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ལཱ་ཡ་སརྦ་བྷསྨིན་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ། དྲྀ་ཤྱ་ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཞེས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟན་པ་ལས། །ཞི་བ་ལ། རྣམ་སྣང་མཛད་ཀྱིས་དབུ་བརྒྱན་གྱུར། །ཅེས་དང་། རྒྱས་པ་ལ། རིན་འབྱུང་གིས་ནི་དབུ་བརྒྱན་གྱུར། །ཅེས་དང་། དབང་ལ། འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །ཅེས་པ་དང་། དྲག་པོ་ལ། མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཅེས་སྦྱར། ཐམས་ཅད་ཀྱི་མཇུག་ཏུ་འདྲ་བར། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ་ནས་ཤབྟའི་བར་གྱིས་གདན་མཆོད་དབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་
གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷ་ཅུང་ཟད་ཞལ་གདང་བའི། །ལྗགས་ལ་རྃ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ན་མ་ས་མནྟ་བུདྡྷ་ནཱཾ་ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་ཨཱ་དི་བྱ། ཞེས་ལག་གཉིས་རྡོར་དྲིལ་དང་དགང་བླུགས་འཛིན་ཞིང་བྱང་ཆུབ་མཆོག་གི་ཕྱག་རྒྱས་མར་ཁུ་དགང་བླུགས་གསུམ་མམ་བདུན་བྱོན་ཟན་དུ་འབུལ་སྟེ། སྤེལ་ཚིག་ནི། ཞི་བ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཀུན། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ནོར་དང་ལོངས་སྤྱོད་སྙན་གྲགས་སོགས། །
སརྦ་པུཥྚིཾ་ཀུ་རུ་ཨོཾ། དབང་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །སྲིད་གསུམ་སྐྱེ་དགུ་འཇིག་རྟེན་གྱི། །ཚེ་དཔལ་འབྱོར་པ་སྲོག་བཅུད་རྣམས། །སརྦ་ཝ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཅེས་འདོད་དོན་གསོལ་ཞིང་སྔགས་ཚིག་རྣམས་བརྗོད་བཞིན་པས། ལག་གཉིས་རྡོར་དྲིལ་དང་བཅས་པའི་རྡོ་རྗེའི་ཁུ་ཚུར་ལས། མཛུབ་མོ་གཉིས་བརྐྱང་བས་དགང་བླུགས་བཟུང་། གཡས་པའི་བླུགས་གཟར་གྱིས་མར་ཁུ་གསུམ་མམ་བདུན་སོགས་དགང་གཟར་དུ་བླུགས་ཏེ་གང་བ་དང་། ལག་གཉིས་སྔར་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་དེ་ཁ་སྦྱར། བླུགས་གཟར་མར་ཁུས་གང་བ་དགང་གཟར་གྱི་སྟེང་དུ་འཛིན་པའམ་ཁ་སྦྱར་ལ་ཞི་སོགས་གསུམ་ལ་གྲུ་མོ་གཉིས་པུས་མོ་གཉིས་ལས་མི་འདའ་བར་གཡས་སུ་བསྐོར། དྲག་པོ་ལ་དགང་
བླུགས་འཛིན་པ་གོ་ལྡོག་པས་གྲུ་མོ་གཉིས་པུས་མོའི་ནང་དུ་ཤོང་བར་གཡོན་དུ་བསྐོར་ཞིང་། མར་ཁུ་དགང་གཟར་གསུམ་མམ་བདུན་གྱིས་བྱོན་ཟན་དབུལ། མེ་པྲ་སྐབས་འདི་ཁོ་ནར་བརྟག་པ་དང་འདི་ནས་བརྩམ་སྟེ་ཇི་སྲིད་ཐབ་ཀྱི་བུད་ཤིང་རྣམས་ཀྱི་ནུས་པ་མ་རྫོགས་པ་དེ་སྲིད་དུ་བརྟག་པ་སྟེ་ལུགས་གཉིས་ལས་སྔ་མ་ལྟར་བརྟག་ལ། དེའི་ཚུལ་ནི། སྦྱིན་སྲེག་འོད་ཀྱི་སྙེ་མར། རབ་བསྔགས་དགེ་བའི་མེ་ཡི་འོད། །དཔལ་བེའུ་དང་ནི་རྔ་ཡབ་གདུགས། །རྒྱལ་མཚན་པདྨ་ལྟ་བུ་དང་། །རྩེ་གསུམ་པ་དང་རལ་གྲི་ཉ། །བཀྲ་ཤིས་ཨིནྡྲ་དཱི་པའི་མདོག །རྡོ་རྗེ་དུང་ལ་སོགས་པ་དང་། །དགང་གཟར་བླུགས་གཟར་རྣམ་པ་དང་། །དཀར་དང་འཇའ་འདྲ་མདོག་སྡུག་དང་། །གཡས་སུ་འཁྱིལ་དང་ཤིན་ཏུ་སྣུམ། །བྱི་རུ་དང་ནི་གསེར་མདོག་འདྲ། །དངུལ་དང་རིན་ཆེན་བཻ་ཌཱུརྱ། །ཉི་འོད་འབར་མཚུངས་དྲི་མ་མེད། །དུ་བ་མེད་ཅིང་དྲི་ཞིམ་པ། །མྲི་དང་ག་ཡི་སྒྲ་ལྡན་མཆོག །ཅེས་པ་རྣམས་ཀྱི་ལྟས་དགེ་བར་ཤེས་པར་བྱ་ལ། འོན་ཏེ་མི་དགེ་བའི་མཚན་མ་ཡང་དེ་ཉིད་ལས། །དུ་བ་དཀུ་ཞིང་མེ་སྟག་འཕྲོ། །ཀུན་ནས་ལྡང་ཞིང་སྒྲ་དང་བཅས། །མྱུར་དུ་ཆད་ཅིང་ཞན་པ་དང་། །མདངས་རྩུབ་པ་ལ་ཤ་ཡི་མདོག །དེ་བཞིན་བ་ལང་མགོ་འདྲ་དང་། །མི་རོའི་དྲི་དང་ཉ་ཡི་དྲི། །བོང་བུའི་དྲི་ཅན་བགེགས་ཡོད་ཡིན། །ཞེས་བསྟན་པ་རྣམས་ཀྱིས་མེ་པྲ་བརྟག །ངན་ན་བསང་ཆུ་གཏོར་ཞིང་ལས་སྔགས་དང་སུམྦྷ་ནིས་བགེགས་བསྐྲད། ཧ་བྱ་སོགས་བྱོན་ཟན་གྱི་སྐབས་ལྟར་མར་ཁུ་དགང་བླུགས་
གསུམ་མམ་བདུན་དབུལ་ལོ། །འོན་ཀྱང་འདི་ལ་དངོས་སུ་གསལ་ཁ་མ་བྱུང་ཀྱང་། །དྲག་པོ་ལ་ནི་ཅུང་ཟད་རྩུབ་ཉམས་གྱི་རྟགས་སོགས་ཀྱང་འབྱུང་སྲིད་པས་སྐྱོན་མེད་སྙམ་མོ། །དེ་ནས་བསྲེག་རྫས་དབུལ་ཏེ། ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་དུ་མོས་ལ་རྩེ་མོ་སྟེང་དུ་བསྟན་ལ་གཡས་པའི་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ་ཞིང་། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་ཡམ་ཤིང་རེ་བསྟུན་ཏེ་དབུལ་ཞིང་སྔགས་བཟླ་གྲོགས་ཡོད་ན་དུ་ཡོད་ཀྱི་གྲངས་དང་མཉམ་པའི་ཡམ་ཤིང་སྔགས་རེ་ལ་དབུལ། གྲངས་འཛིན་པ་པོས་ཀྱང་དེ་ཉིད་ཀྱི་གྲངས་འཛིན་པ་སྟེ། དེང་སང་སྦྱིན་སྲེག་ལ་གྲངས་རྐུན་བྱེད་པའང་འདི་ནས་འཆུགས་པ་ཡིན་པས་གྲངས་རྐུན་མི་བྱེད་པར་ཚར་གསུམ་རེའམ་བདུན་རེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། ཞེས་པའི་རྗེས་སུ། ༈ ཞི་བའི་འདོད་གསོལ་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་
ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་སརྦ་པཱ་པཾ་ད་ཧཱ་ན་བཛྲ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་ὰརྦ་ཡང་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གནོད་བྱེད་གདོན་བགེགས་ཐམས་ཅད་དང་། །བར་དུ་གཅོད་པར་བྱེད་རྣམས་དང་། །
འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། དེ་ཡང་ཟས་མཆོག་རིལ་བུ་ཡིན་ན་མཐེབ་མཛུབ་དང་ཕྱེ་མ་ཡིན་ན་བླུགས་གཟར་གྱིས་སོ། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་དབུལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ། །བར་དུ་གཅོད་པར་
བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་
ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་རིང་དུ་གནས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཥི་བཱ་ཡེ་སྭཱ་ཧཱ། ཤིང་ཐོག་སྟེ། བདག་ཅག་
དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ་ལྷག་པར་དབུལ་ཞིང་གཞན་རྣམས་གང་འབྱོར་རམ་མ་འབྱོར་ཀྱང་རུང་ངོ་། །དེ་བཞིན་དུ་ཚེ་རིང་བར་འདོད་ན་ὰརྦ་དབུལ་བ་སོགས་ཀུན་ལ་ཤེས་པར་བྱ། མར་ཁུ་དང་ཡམ་ཤིང་ནི་ཐམས་ཅད་ལ་དགོས་སོ། །གཤིན་དོན་དང་ཞི་རྐྱང་ལ་ནི་སྤེལ་ཚིག །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཞེས་སམ། ཆེ་གེའི་སྡིག་སྒྲིབ་རྒྱུ་བཅས་ཀུན། །ཞེས་པ་ཙམ་གྱིས་ཆོག །༈ རྒྱས་པའི་སྲེག་རྫས་འདོད་གསོལ་དང་བཅས་པ་ནི། ཡམ་ཤིང་འབུལ་ལུགས་ཁ་གྲངས་སོགས་གོང་དང་འདྲ་བར་ཐོག་མར་ཡམ་ཤིང་མཐེབ་སྲིན་གྱིས་དབུལ་ཞིང་། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་བསྟུན་འབུལ་ལུགས་གོང་བཞིན། དེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་པའི་
ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་
ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་
ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་
འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་
སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། དེ་ནི་རྒྱས་པའོ། །༈ དབང་ལ་སྲེག་རྫས་འབུལ་ལུགས་གོང་བཞིན་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གྲངས་གོང་བཞིན་ལ་དེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ དེ་བཞིན་དུ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་ὰརྦ་ཡང་མཐེབ་
སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་
སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་
བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་
དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོ། ཞེས་དང་། ༈ དྲག་པོ་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཚར་གྲངས་གོང་དང་འདྲ། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ནག་མར་ཁུ་སྟེ། བདག་ཅག་དཔོན་སློབ་འཁོར་
བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་
ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་
ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་
འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཅེས་སྦྱར་རོ། །བདེ་མཆོག་སྡོམ་འབྱུང་སོགས་ལས་ནི། །ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཁུ་བའི་རྫས་རྣམས་ནི་ཞལ་དུའོ། །གོང་བུའི་རྫས་རྣམས་ནི་ཕྱག་ཏུའོ། །ཀུ་ཤ་ནི་གདན་དུའོ། །ὰརྦ་
དང་མེ་ཏོག་ནི་དབུ་ལའོ། །ཞེས་འབྱུང་བ་ལྟར་བྱེད་པའང་ཡོད་དོ། །མེ་གསོ་བའི་ཕྱིར་བར་བར་དུ་མར་ཁུ་དགང་བླུགས་ཀྱིས་དབུལ་ལོ། །དེ་དག་ནི་ཞི་རྒྱས་དབང་དྲག་བཞིའི་སྦྱིན་སྲེག་གོ། །དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་འདོད་ན་ὰརྦ། བགེགས་ཞི་བར་འདོད་ན་ཡུངས་ཀར་སོགས་མང་བར་ཕུལ། གྲངས་ཀྱང་གཙོ་བོར་དེ་ལ་སོགས་པ་ལྟར་སོ་སོའི་སྐབས་ཐོབ་དང་བསྟུན། མར་ཁུ་དང་ཡམ་ཤིང་ནི་ཀུན་ལ་མེད་ཀ་མེད་དོ། །དེ་ནས་མེ་ལྷ་ཐམས་ཅད་ཚིག་མགོ་འདྲ་བར་མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །དེ་བཞིན་དུ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛོད། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་
དབང་གི་ཕྲིན་ལས་མཛོད། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་དྲག་པོའི་ཕྲིན་ལས་མཛོད། །ཅེས་ལས་སོ་སོར་སྦྱར་རོ། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་བདུག་སྤོས་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་སྣང་གསལ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་དྲི་ཆབ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་
ཡི། །ལྷ་རྫས་དམ་པའི་ཞལ་ཟས་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ནེེ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་འཆི་མེད་བདུད་རྩི་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་པཉྩ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ཟུང་འཇུག་བདེ་ཆེན་མཆོད་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་མ་ཏཾ་གི་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་
ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སྔོན་གྱི་དམ་བཅས་མནའ་དོར་བ། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་གསུམ་ཕུལ་ནས། ཕག་མོ་ལ། ཨོཾ་ཨཱཿབིགྷྣན་ཏ་ཀྲྀ་ཏ་ཧཱུྃ་ཕཊ། ཅེས་པ་ལྟ་བུ་ཆོ་ག་གང་ཡིན་གྱི་ལས་སྔགས་དང་བསང་ཆུས་མེ་དང་ཡོ་བྱད་རྣམས་བསངས་ལ། མེ་ལྷ་འཁོར་དང་བཅས་པ་རྣམས། །འོད་ཞུ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །༈ གཉིས་པ་འཇིག་རྟེན་ལས་འདས་པའི་ཆོ་ག་ནི། མེ་ལྷའི་ལྟོ་བའམ་ཐུགས་ཀའམ་མེ་ལྷ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བསྐྱེད་པ་སྟེ་ལུགས་གསུམ་ལས་ཕྱི་མ་ལྟར་བྱས་ཏེ། དེའི་དབུས་སུ་ཞེས་མཚམས་སྦྱར་ལ་ཆོ་ག་སོ་སོའི་བདག་བསྐྱེད་ཁ་སྤོས་ཏེ་མདུན་བསྐྱེད་དབང་བསྐུར་རྒྱས་གདབ་ཀྱི་བར་ཡན་ལག་བཞི་རྫོགས་སུ་སྒོམ་པ་ལས་འདིར་ཕག་མོ་ལ་མཚོན་ན། དེའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་
གནས་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེང་ཆེ་བ་གྱེན་དུ་བསྟན་པ། ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བ། དེ་ཡི་ཕྱི་རོལ་དུ་དྲི་མེད་པདྨའི་ཕྲེང་བ། འགྱུར་མེད་རྡོ་རྗེའི་ར་བ། རབ་འཇིགས་དུར་ཁྲོད་ཆེན་པོ་བརྒྱད་དང་ཡེ་ཤེས་འོད་ལྔའི་ཟེར་ཕྲེང་གི་མུ་ཁྱུད་ཀྱིས་བསྐོར་བའོ། །ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། འགྲོ་བའི་སྒྲིབ་པ་སྦྱངས་ནས་ཡེ་ཤེས་མཁའ་འགྲོའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། དེ་ཡང་སྐུ་མདོག་དམར་མོ་མེ་ཡི་མདོག་ཅན་གཞོན་ཚུལ་ལང་ཚོ་རྒྱས་པའི་གཟི་བྱིན་འབར་བ། ཞལ་
གཅིག་ལ་ཕྱག་གཉིས་དང་ལྡན་པའི་གཡས་པས་ཟངས་ཀྱི་གྲི་གུག་དམར་ལྷག་གེ་བ་ནམ་མཁར་ཕྱར་བ། གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་སྦས་པའི་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་ནག་པོ་རྩེ་གསུམ་པ་ཞིག་རྒྱང་ངེར་ཡོད་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཕྱེད་སིལ་བུར་ཐུར་དུ་གྲོལ་བས་སྐེད་པ་ཡན་ཆད་ཁེབས་པ། རྣ་ལྟག་གཡས་པ་ན་ཕག་པའི་ཞལ་གཅིག་དོད་པའི་ཕག་སྐད་ནམ་མཁར་ངུར་བ། རྩ་ཞལ་དམར་པོ་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་བཞི་གཙིགས་པ་གཡོན་ཕྱོགས་སུ་བརྗིད་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་མཛད་པ། རུས་པའི་རྒྱན་ཆ་ལྔས་དཀར་ཆག་གེར་བརྒྱན་པ། ཞབས་གཡས་བསྐུམ་པས་དུས་མཚན་
མའི་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་བརྐྱངས་པས་འཇིགས་བྱེད་ནག་པོ་སུམ་བལྟབས་སུ་མནན་པ། སྐུ་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་དཔའ་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། ཅེས་དང་། ཕྱོགས་ཀྱི་པདྨ་འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ། ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་མོ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང༌། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་བསྒྲེང་བ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར། ཅེས་པའི་རྗེས་སུ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་དྲུང་དུ་ཡིག་བརྒྱ་བརྗོད་བཞིན་པས་
མཆོད་ཡོན་སྦྲེང་སྤོས་ཕོར་འཛིན་པས། རྟེན་གྱི་རྡུལ་ཚོན་དཀྱིལ་འཁོར་ལ། །བཞུགས་པའི་བརྟེན་པ་དཀྱིལ་འཁོར་པ། །ཐབ་ཀྱི་དབུས་ཀྱི་དཀྱིལ་འཁོར་དུ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཞེས་སམ། རིན་ཆེན་སེང་ཁྲིར་ལེགས་བཞུགས་པའི། །རྟེན་གྱི་གནས་ནས་དཀྱིལ་འཁོར་པ། །ཐབ་ཀྱི་དབུས་སུ་དཀྱིལ་འཁོར་དུ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཞེས་སྙན་གསན་དབབ་སྟེ་གཙོ་འཁོར་སོ་སོའི་སྙིང་པོ་བརྗོད་བཞིན་པས་མེ་ཏོག་ལྷའི་ངོ་བོར་མོས་ཏེ། རྡུལ་ཚོན་ནས་ལེན་པའི་ཚུལ་གྱིས་རིན་པོ་ཆེའི་སྣོད་དུ་བླངས་ཤིང་བཀུར་སྟི་དང་བཅས་པས་སྦྱིན་སྲེག་ཁང་པར་སྤྱན་འདྲེན་བཞིན་པར་ཆོ་ག་སོ་སོ་ནས་འབྱུང་བའི་སྤྱན་འདྲེན་གྱི་ཚིག་བརྗོད་དགོས་པས་འདིར་ཕག་མོ་ལ་མཚོན་ན། འབར་བའི་རྒྱ་དཔྲལ་བར་བསྐོར་ཞིང༌། ཕེཾ་ཕེཾ་ཕེཾ། ཞེས་བརྗོད། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་གཞལ་ཡས་ནས། །ཡི་དམ་
ལྷ་ཚོགས༴ དག་པ་འཕྲུལ་གྱི་གནས་མཆོག་ནས། །མ་དང་མཁའ་འགྲོ༴ ནུབ་ཕྱོགས་ཨོ་རྒྱན་གནས་མཆོག་ནས། །རྡོ་རྗེ་ཕག་མོ༴ བདེ་ཆེན་རང་བྱུང་བྷ་ག་ནས། །རྒྱལ་བ་ཀུན་ཡུམ༴ ཡང་དག་བདེ་ཆེན་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ༴ མི་འགྱུར་གནས་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ༴ གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ༴ ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ༴ འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ༴ དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ། ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡེ། ཧྲཱི་ད་ཡ། ཨ་པ་ཏོ་ཁ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སརྦ་ཝཱི་
ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རོལ་མོ་དང་ཚིལ་གསུར་གྱིས་སྤྱན་དྲངས། ཐབ་ཀྱི་སྟེང་གི་ནམ་མཁར་བཞུགས་པ་ལ་མཆོད་པ་ནི། ཨོཾ་བཛྲ་ཝཱིཊྞི་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ནས་ཨོཾ་དྷརྨ་དྷ་ཏུ་བཛྲི་ཧཱུྃ་ཧཱུྃ་ཕཊ། ཅེས་པའི་བར་ཏེ་རིག་མ་བཅུ་དྲུག་གིས་མཆོད་ནས་གཙོ་འཁོར་སོ་སོའི་སྙིང་པོའི་མཐར། བཛྲ་ས་མ་ཡ་སྟྭཾ། བརྗོད་ཅིང་མེ་ཏོག་འཐོར་བས་ཐབ་ཏུ་བཞུགས་པ་སྔར་བསྐྱེད་པ་དང་དབྱེར་མེད་དུ་བལྟས་ལ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རྣམ་སྣང་གཙོ་བོར་གྱུར་པའི་རིགས་
ལྔས་དབུ་བརྒྱན་པར་གྱུར། དེ་ནས་བྱོན་ཟན་འབུལ་བ་ནི། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་འདས་མའི་ལྗགས་ལ་ཡང་། །ཧཱུྃ་ཡིག་དག་གིས་མཚན་པ་ལས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ཅེས་པའི་རྗེས་སུ་གཙོ་འཁོར་གང་ཡིན་གྱི་གཙོ་བོའི་སྙིང་པོ་ཕག་མོ་ལ་མཚོན་ན། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ལྟ་བུ་ལ་སྤེལ་ཚིག་ནི། ཞི་བ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་
བསམ་སྦྱོར་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ནོར་དང་ལོངས་སྤྱོད་སྙན་གྲགས་སོགས། །སརྦ་པུཥྚིཾ་ཀུ་རུ་ཨོཾ། དབང་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །སྲིད་གསུམ་སྐྱེ་དགུ་འཇིག་རྟེན་གྱི། །ཚེ་དང་དཔལ་འབྱོར་སྲོག་བཅུད་རྣམས། །སརྦ་ཝ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། མཆོད་བསྟོད་སོ་སོའི་གཞུང་བཞིན་ལས། འདིར་ཕག་མོ་ལ་མཚོན་ན། མཆོད་རྫས་རྣམས་ཨོཾ་ཨ་བིགྷྣན་གྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་བརྗོད། སོ་སོའི་ཕྱག་རྒྱ་དང་བཅས་བྱིན་བརླབས་ལ།
དང་པོ་ཕྱི་མཆོད་ཉེར་སྤྱོད་འབུལ་བ་ནི། ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྤྲིན། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་རྡོ་རྗེ་ལྡན་པའི་བདག་ཉིད་ཅན། །བསྐལ་པའི་མེ་འབར་འཇིགས་པའི་ཧཱུྃ་སྒྲ་སྒྲོགས། །རྡོ་རྗེ་གཏུམ་མོ་དེ་ལ་ཕྱག་འཚལ་ལོ། །ཕག་གདོང་རྟོག་མེད་ཆོས་སྐུ་འགྱུར་མེད་སྟོན། །ཁྲོ་མོའི་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །འགྲོ་དོན་རྫོགས་མཛད་འཇིགས་པའི་ཆ་ལུགས་ཅན། །རྟོག་མེད་འགྲོ་དོན་མཛད་ལ༴ འཇིགས་རུང་དཔའ་མོ་མ་རུངས་ཚར་གཅོད་མ། །སྤྱན་
གསུམ་མཆེ་གཙིགས་སྐུ་གསུམ་དོན་དང་ལྡན། །ཉོན་མོངས་གཅོད་མཛད་འཇིགས་པའི་ང་རོ་ཅན། །བདུད་འདུལ་འཇོམས་མའི་སྐུ༴ སྐྲ་གྲོལ་གཅེར་བུ་སྐྱོན་བྲལ་འཇིགས་པའི་གཟུགས། །ཉོན་མོངས་སྐྱོན་བྲལ་སེམས་ཅན་དོན་མཛད་མ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་དྲུག་གནས་ནས་འདྲེན། །ཕྲིན་ལས་རྫོགས་མཛད་དེ་ལ༴ དུར་ཁྲོད་གནས་བཞུགས་རུ་ཏྲ་ཕོ་མོ་འདུལ། །དྲག་མོ་འཇིགས་ཚུལ་ཕཊ་ཀྱི་སྒྲ་སྒྲོགས་ཤིང༌། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །བདུད་འདུལ་དྲག་མོའི་སྐུ་ལ༴ ཆོས་ཉིད་དོན་རྟོགས་འཆི་བའི་ཚུལ་སྤངས་པ། །རོ་དང་ཉི་ཟླ་པདྨའི་གདན་གྱི་ཚུལ། །རྒྱན་རྣམས་ཀུན་གྱིས་རབ་མཛེས་ཁྲོ་མོའི་སྐུ། །ཡོན་ཏན་རྫོགས་མཛད་དེ་ལ༴ གྲི་གུག་ཐོད་པ་ཁ་ཊྭཱཾ་ཕྱག་ན་བསྣམས། །ཉོན་མོངས་གཅོད་མཛད་ཡེ་ཤེས་འོད་དང་ལྡན། །དུག་
གསུམ་གཅོད་མཛད་སྐུ་གསུམ་ལྷུན་གྱིས་གྲུབ། །འགྲོ་བའི་དོན་མཛད་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གཉིས་པ་ནང་མཆོད་རྡོ་རྗེའི་རིག་མ་བཅུ་དྲུག་གི་མཆོད་པ་ནི། པི་ཝཾ་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མ་གླུ་གར་མ། །མེ་ཏོག་མ་དང་བདུག་སྤོས་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ནི། །བཅོམ་ལྡན་འདས་མར་དབུལ་བར་བགྱི། །ཨོཾ་བཛྲ་ཝིརྣི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ། ཝཾ་སེ། མྲྀ་ཏཾ་གི། མུ་རན་ཛེ། ཧཱ་སྱ། ལཱ་སྱ། གཱིརྟི། ནཱིརྟི། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ཨོཾ་རཱུ་པ་བཛྲི་ཧཱུྃ་ཧཱུྃ་ཕཊ། ར་ས། སྤརྴེ། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཧཱུྃ་ཧཱུྃ་ཕཊ། ཅེས་སྦྱར་བས་མཆོད། ཧཱུྃ། བདེ་ཆེན་རང་བྱུང་རྡོ་རྗེ་མཁའ་འགྲོ་མ། །མི་འགྱུར་ཡེ་ཤེས་རྡོ་རྗེ་ཆོས་ཀྱི་སྐུ། །རྟོག་མེད་སྤྲོས་བྲལ་ཡེ་ཤེས་ཆོས་དབྱིངས་དོན། །ཡང་དག་
གཉིས་མེད་སྐུ་ལ༴ ལྷ་མོ་དྲུག་གི་རང་བཞིན་རྡོ་རྗེའི་རིགས། །དཔལ་འབར་འཇིགས་མཛད་ཁྲོ་ཚུལ་འགྱུར་བག་ཅན། །བདེ་ཆེན་རང་བྱུང་ཕྱག་རྒྱ་ཆེན་མོའི་དོན། །ཉོན་མོངས་སྒྲོལ་མཛད་དེ་ལ༴ ཀུན་རྫོབ་དོན་དམ་རང་བཞིན་ཕག་མོ་སྟེ། །སྐུ་མདོག་དམར་བ་ཐུགས་རྗེའི་རང་འོད་ཅན། །འདོད་དགུ་ཕུན་ཚོགས་རྡོ་རྗེ་མཁའ་འགྲོ་མ། །བདེ་ཆེན་རང་བྱུང་སྐུ་ལ༴ དུར་ཁྲོད་རྒྱན་རྣམས་སྐུ་ལ་རྫོགས་པ་སྟེ། །གྲི་གུག་ཁ་ཊྭཱྃ་ཕྱག་མཚན་སོ་སོར་བསྣམས། །ཐུགས་རྗེའི་རང་བཞིན་སྐྲ་གྲོལ་མཐུར་དུ་སྤུངས། །སྤྱན་དམར་འཛུམ་ཞལ་དེ་ལ༴ ཕྲིན་ལས་དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །བདེ་འགྲོའི་གནས་སུ་འདྲེན་པའི་ཐུགས་རྗེ་ཅན། །སྐྱོན་བྲལ་ཡང་དག་ལྷ་ཡི་ལྷར་གྱུར་པ། །རྡོ་རྗེ་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། །གསུམ་པ་གསང་བ་ཁྱད་པར་རྫས་ཀྱི་མཆོད་པ་ནི། ཤ་ཆེན་གསུར་གྱི་བདུག་
སྤོས་དང༌། །ཞུན་ཆེན་གསལ་བའི་མར་མེ་དང༌། །བྱང་སེམས་དཀར་དམར་བདུད་རྩི་དང༌། །རྡོ་རྗེ་དྲི་ཆེན་ཞལ་ཟས་དང༌། །རྡོ་རྗེ་དྲི་ཆུའི་བདུད་རྩི་དང། །ཌཱ་མ་རུ་ཡི་སིལ་སྙན་གྱིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །ས་བཅུ་ནོན་ཕྱིར་བཞེས་སུ་གསོལ། །ཨོཾ་མ་ཧཱ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ནས་ཤབྡའི་བར་མཆོད། ཧཱུྃ། རྡོ་རྗེ་ཕག་མོའི་སྐུ་ཡི་ཆ་ལུགས་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཤིན་ཏུ་དམར། །གཡས་པས་གྲི་གུག་གཡོན་པས་ཐོད་པ་བསྣམས། །གཡས་བསྐུམ་གཡོན་བརྐྱང་མི་རོའི་གདན་ལ་བཞུགས། །ཕྱག་གཡོན་གྲུ་མོ་ལ་ནི་ཁ་ཊྭཱཾ་བརྟེན། །ཤིན་ཏུ་གསུས་པ་ལྡིར་ཞིང་ཁྲོ་གཟུགས་མ། །སྤྱན་གསུམ་སྐྲ་སེར་ཐོད་པའི་དབུ་རྒྱན་ཅན། །མི་མགོ་ལྔ་བཅུའི་དོ་ཤལ་སྐུར་བརྒྱན་པ། །གཅེར་བུ་ལ་སོགས་རུས་པའི་རྒྱན་ལྔས་བརྒྱན། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་
ཕག་མོའི་གསུང་གི་ང་རོ་ནི། །སྙན་པའི་དབྱངས་ཀྱིས་སེམས་ཅན་ཚིམས་པར་མཛད། །འཇིགས་པའི་ང་རོས་དྲེགས་ཅན་ཟིལ་གྱིས་གནོན། །རྡོ་རྗེ་ཕག་མོའི་གསུངས་ལ༴ རྡོ་རྗེ་ཕག་མོའི་ཐུགས་ཀྱི་རང་བཞིན་ནི། །བདེ་ཆེན་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །སྒྲིབ་མེད་རྣམ་དག་ཀུན་མཁྱེན་ཡོན་ཏན་རྫོགས། །རྡོ་རྗེ་ཕག་མོའི་ཐུགས་ལ༴ རྡོ་རྗེ་ཕག་མོའི་ཡོན་ཏན་རང་བཞིན་ནི། །རྫོགས་པ་གང་ཞིག་ངེས་སྒྲུབ་གྱུར་པ་ནི། །མྱུར་དུ་འགྲུབ་པའི་ཡོན་ཏན་དག་དང་ལྡན། །རྡོ་རྗེ་ཕག་མོའི་ཡོན་ཏན་ཆེ་ལ་བསྟོད། །རྡོ་རྗེ་ཕག་མོའི་ཕྲིན་ལས་རང་བཞིན་ནི། །ཁྲོ་མོའི་ཆ་ལུགས་གདུག་པའི་ཕྲིན་ལས་མཛད། །རྡོ་རྗེ་ཕག་མོ་ཕྲིན་ལས་དོན་མཛད་མ། །ངོ་མཚར་ཆེ་བ་དེ་ལ་ཕྱག་འཚལ་བསྟོད། །གཟུགས་སྐུ་རྣམ་གཉིས་སེམས་ཅན་འགྲོ་དོན་མཛད། །གསུང་སྐད་ང་རོས་དྲེགས་པའི་
བགེགས་རྣམས་འཇོམས། །གཉིས་མེད་བདེ་ཆེན་མཚན་མའི་རྣམ་རྟོག་འཇོམས། །ཕག་མོ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཞི་པ་དོན་དམ་བྱང་ཆུབ་སེམས་ཀྱི་མཆོད་པ་ནི། ཨོཾ། དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སྤངས་ཤིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་དང༌། བཛྲ་ཝཱ་རཱ་ཧཱི་ཨོཾ་ཨཱཿཧཱུྃ། དེ་བཞིན་དུ། བུདྡྷ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། བི་ཤྭ་ཌཱ་ཀི་ནི། ལོ་ཀ་ཌཱ་ཀི་ནི་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩིས་མཆོད། ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །བཅོམ་ལྡན་རྡོ་རྗེ་ཁྲོ་མོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །ཕྱག་གཡས་རྡོ་རྗེའི་གྲི་
གུག་བསྣམས། །ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང༌། །ཐོད་པའི་དོ་ཤལ་སྐུ་ལ་བརྒྱན། །ནུ་མ་ཤིན་ཏུ་འབུར་ལ་མཁྲེགས། །སྤྱན་རྩ་དམར་ཞིང་ཟླུམ་པ་སྟེ། །དབུ་སྐྲ་ནག་པ་སྣུམ་ཞིང་འཁྱིལ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །ལྟ་སྟངས་ཚུལ་གྱིས་བགེགས་ཆེན་གནོན། །ཚངས་པ་བརྒྱ་བྱིན་ཞབས་འོག་འཇུག །རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །གསུང་གི་དབང་ཕྱུག་ཕྱོགས་བཅུར་གྲགས། །བདུད་རྣམས་འདུལ་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱི་དབང་ཕྱུག་དགོངས་པ་ནི། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད། །གཡས་ན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །གཡོན་ན་པདྨ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །མདུན་ན་ལས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །རྒྱབ་ན་རིན་ཆེན་མཁའ་
འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པོ་ཡི་ངོ་བོ་ཉིད། །བསྐལ་པ་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ཚོགས་འདུད། །དག་པ་ཆོས་ཀྱིས་སྤྲུལ་པ་ནི། །དམིགས་པ་མེད་པ་ཐུགས་རྗེ་ཡི། །གཟུགས་སྐུ་སྒྱུ་མ་ལྟར་སྤྱོད་པ། །ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །བྱིན་རླབས་མཆོག་སྩོལ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཚོགས་གཙོ་མོ་ཆེ། །ཉོན་ཅིག་བསྐུལ་ལོ་ཤེས་རབ་མ། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད་ནས། བསྲེག་རྫས་འབུལ་བ་ནི། གཙོ་འཁོར་སོ་སོར་དབྱེ་ན་གཙོ་བོ་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བོ་དྷི་བྲྀཀྵཱ་སོགས་སོ་སོར་སྦྱར་བའམ། བསྡུ་ན་གཙོ་འཁོར་བསྡོམས་ནས་གཙོ་བོའི་སྙིང་པོ་ལ་ས་པཱ་རི་ཝ་ར་སྦྱོར་ཆོག་པར་གསུངས་པས། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་
ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་ཡམ་ཤིང་རེ་བསྟུན་ལ་འབུལ། ཟླ་གྲོགས་དུ་ཡོད་ཀྱི་གྲངས་དང་བསྟུན་ལ་འབུལ་ཞིང་གྲངས་རྐུན་མི་བྱེད་པ་སོགས་གོང་འཇིག་རྟེན་པའི་སྐབས་ལྟར་བྱ་ཞིང་བཟླས་པའི་ཁ་སྐོང་གི་གྲངས་སུ་གསོག་པའང་འདི་བཞིན་གསོག་དགོས་སོ། །སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ས་པཱ་རི་ཝ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲ་ཡ་སྭཱ་ཧཱ།
ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་ὰརྦ་ཡང་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གནོད་བྱེད་གདོན་བགེགས་ཐམས་ཅད་དང་། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །
སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། དེ་ཡང་ཟས་མཆོག་རིལ་བུ་ཡིན་ན་མཐེབ་མཛུབ་དང་ཕྱེ་མ་ཡིན་ན་བླུགས་གཟར་གྱིས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་དབུལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་ལ། །བར་
དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་ལ། །བར་དུ་གཅོད་པར་བྱེད་རྣམས་
དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་རིང་དུ་གནས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཥི་བཱ་ཡེ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པར་བྱེད་རྣམས་
དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ་ལྷག་པར་དབུལ་ཞིང་གཞན་རྣམས་གང་འབྱོར་རམ་མ་འབྱོར་ཀྱང་རུང་ངོ་། །དེ་བཞིན་དུ་ཚེ་རིང་བར་འདོད་ན་ὰརྦ་དབུལ་བ་སོགས་ཀུན་ལ་ཤེས་པར་བྱ། མར་ཁུ་དང་ཡམ་ཤིང་ནི་ཐམས་ཅད་ལ་དགོས་སོ། །གཤིན་དོན་དང་ཞི་རྐྱང་ལ་ནི་སྤེལ་ཚིག །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཞེས་སམ། ཆེ་གེའི་སྡིག་སྒྲིབ་རྒྱུ་བཅས་ཀུན། །ཞེས་པ་ཙམ་གྱིས་ཆོག །༈ རྒྱས་པའི་སྲེག་རྫས་འདོད་གསོལ་ནི། ཡམ་ཤིང་འབུལ་ལུགས་ཁ་གྲངས་སོགས་གོང་དང་འདྲ། ཐོག་མར་ཡམ་ཤིང་མཐེབ་སྲིན་གྱིས་དབུལ་ཞིང་། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ས་པཱ་རི་ཝ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་བསྟུན་འབུལ་ལུགས་གོང་བཞིན། དེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་
ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ས་པཱ་རི་ཝ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་པའི་ཆོས་ལྡན་
བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །
འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་
བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་
བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །སརྦ་པུཥྚིཾ་ཀུ་རུ་ཨོཾ། དེ་ནི་རྒྱས་པའོ། །༈ དབང་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ས་པཱ་རི་ཝ་ར་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་དང་བསྟུན་ནས་ཡམ་ཤིང་འབུལ། དེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ དེ་བཞིན་དུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །འགྲོ་
བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་ཏིལ་ནག་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། འབྲུ་གཞན་རྣམས་དང་ཀུ་ཤ་དང་ὰརྦ་ཡང་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་
དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་
དང་འབྲུ་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །འགྲོ་བའི་བདེ་
སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་
དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སརྦ་ཝ་ཤཾ་ཀུ་རུ་ཧོ། ཞེས་དང་། ༈ དྲག་པོ་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ས་པཱ་རི་ཝ་ར་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། སྔགས་རེ་དང་བསྟུན་འབུལ་ལུགས་གོང་བཞིན། དེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ནག་མར་ཁུ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་པཱ་པཾ་ད་ཧཱ་ན་བཛྲཱ་ཡ་སྭཱ་ཧཱ། ཏིལ་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །སྡིག་
སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རབ་ཕུན་
སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁྱིམ་གྱི་དཔལ་འབྱོར་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་
ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །
དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ὰརྦ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་སྲོག་གོང་དུ་འཕེལ་བ་དང། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་སྲུང་བ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཅེས་སྦྱར། དེ་ནས་གཙོ་འཁོར་སོ་སོར་འབུལ་བར་སྤྲོ་བས། གཙོ་བོ་ཕག་མོ་ལ་མཚོན་ན། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སོགས་ནས་ཤིང་ཐོག་ཡན་ཀུན་ལ་ཚར་གང་འོས་འབུལ་ཞིང་། འཁོར་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་
རཏྣ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་པདྨ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སོགས་སྦྱར་བ་བདུན་ཙམ་འབུལ་བའམ་གང་འོས་དང་། བསྡུ་ན་བཤད་མ་ཐག་པ་ལྟར་གཙོ་བོའི་སྙིང་པོའི་མཇུག་ཏུ། ས་པཱ་རི་ཝ་ར་སོགས་བཏགས་པས་དོན་འགྲུབ་བོ། །མདོར་ན་བསྲེག་རྫས་ཀྱི་སྔགས་བདུན་རེ་ཙམ་གྱི་མགོར་སྙིང་པོ་ཚར་རེ་དང་། མཇུག་ཏུ་སྤེལ་ཚིག་ཚར་རེ་བྱ་བ་སྟེ་འདས་མ་འདས་གཉིས་ཀ་ལའོ། །དེ་ནས་ལས་བཞི་ཀུན་འདྲ་བར་དངོས་གཞི་འཇིག་རྟེན་ལས་འདས་པའི་རྗེས་ཀྱི་མཆོད་བསྟོད་གཏོར་འབུལ་ནི། ཕག་མོ་ལ་མཚོན་ན། ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྤྲིན། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་བརྗོད། སྤྲོ་ན་རིག་མ་བཅུ་དྲུག་
དང་། ཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་རྡོ་རྗེ་ལྡན་པའི་བདག་ཉིད་ཅན། །བསྐལ་པའི་མེ་འབར་འཇིགས་པའི་ཧཱུྃ་སྒྲ་སྒྲོགས། །རྡོ་རྗེ་གཏུམ་མོ་དེ་ལ་ཕྱག་འཚལ་ལོ། །ཕག་གདོང་རྟོག་མེད་ཆོས་སྐུ་འགྱུར་མེད་སྟོན། །ཁྲོ་མོའི་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །འགྲོ་དོན་རྫོགས་མཛད་འཇིགས་པའི་ཆ་ལུགས་ཅན། །རྟོག་མེད་འགྲོ་དོན་མཛད་ལ༴ འཇིགས་རུང་དཔའ་མོ་མ་རུངས་ཚར་གཅོད་མ། །སྤྱན་གསུམ་མཆེ་གཙིགས་སྐུ་གསུམ་དོན་དང་ལྡན། །ཉོན་མོངས་གཅོད་མཛད་འཇིགས་པའི་ང་རོ་ཅན། །བདུད་འདུལ་འཇོམས་མའི་སྐུ༴ སྐྲ་གྲོལ་གཅེར་བུ་སྐྱོན་བྲལ་འཇིགས་པའི་གཟུགས། །ཉོན་མོངས་སྐྱོན་བྲལ་སེམས་ཅན་དོན་མཛད་མ། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་དྲུག་གནས་ནས་འདྲེན། །ཕྲིན་ལས་རྫོགས་མཛད་དེ་ལ༴ དུར་ཁྲོད་གནས་བཞུགས་རུ་ཏྲ་
ཕོ་མོ་འདུལ། །དྲག་མོ་འཇིགས་ཚུལ་ཕཊ་ཀྱི་སྒྲ་སྒྲོགས་ཤིང༌། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དོན་མཛད་མ། །བདུད་འདུལ་དྲག་མོའི་སྐུ་ལ༴ ཆོས་ཉིད་དོན་རྟོགས་འཆི་བའི་ཚུལ་སྤངས་པ། །རོ་དང་ཉི་ཟླ་པདྨའི་གདན་གྱི་ཚུལ། །རྒྱན་རྣམས་ཀུན་གྱིས་རབ་མཛེས་ཁྲོ་མོའི་སྐུ། །ཡོན་ཏན་རྫོགས་མཛད་དེ་ལ༴ གྲི་གུག་ཐོད་པ་ཁཊྭཱྃ་ཕྱག་ན་བསྣམས། །ཉོན་མོངས་གཅོད་མཛད་ཡེ་ཤེས་འོད་དང་ལྡན། །དུག་གསུམ་གཅོད་མཛད་སྐུ་གསུམ་ལྷུན་གྱིས་གྲུབ། །འགྲོ་བའི་དོན་མཛད་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད། གཏོར་མ། ཨོཾ་ཨཱཿབིགྷྣན་གྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ༌ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་
དབུས་སུ་ན་ལས་མི་ཡི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོ་ཆེ་ཡི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མཱུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །རང་གིས་ཐུགས་ཀ་ནས་འོད་ཟེར་འོག་ཏུ་འཕྲོས་པས། རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་ཁོལ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། སླར་ཡི་གེ་གསུམ་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བར་དང་། ཨོཾ་ཨཱ༔ཧཱུཾ། ཕེཾ་ཕེཾ་ཕེཾ། ཨོཾ་བཛྲ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ
ཨོཾ་བཛྲ་བཻ་རོ་ཙཱ་ནཱི་ཡེ་ཧ་རི་ནི་ས་ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད། བཛྲ་ཌཱ་ཀི་ནཱི། བུདྡྷ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། བི་ཤྭ་ཌཱ་ཀི་ནཱི། ལོ་ཀ་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་མཐར། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚོ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་
བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མར་ཁུ་དགང་བླུགས་གསུམ་འབུལ། ཐལ་མོ་སྦྱར་ལ། ཞི་བ་ལ་འདོད་གསོལ་ནི། ལྷག་པའི་ལྷ་མཆོག་བཅོམ་ལྡན་མ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཟླ་བ་མར་གྱི་ངོ་བཞིན་དུ། །ཞི་ཞིང་མེད་པར་མཛད་དུ་གསོལ། །ཞེས་དང་། རྒྱས་པ་ལ། ལྷག་པའི་ལྷ་མཆོག་བཅོམ་ལྡན་མ། །འཁོར་བཅས་
བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །ཟླ་བ་ཡར་གྱི་ངོ་བཞིན་དུ། །འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་དང་། དབང་ལ། ལྷག་པའི་ལྷ་མཆོག་བཅོམ་ལྡན་མ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་འཚོ་རྐྱེན་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སྲོག་གི་སྙིང་པོ་ཕུལ་བ་བཞིན། །དབང་དུ་བསྡུ་བར་མཛད་དུ་གསོལ། །ཞེས་དང་། དྲག་པོ་ལ། ལྷག་པའི་ལྷ་མཆོག་བཅོམ་ལྡན་མ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་དང་། །དགྲ་
བགེགས་གནོད་བྱེད་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་བཞིན། །དྲག་པོས་ཚར་གཅོད་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །དེ་ལྟར་ལས་བཞིའི་སྦྱིན་སྲེག་བྱ་བའི་སྐབས་སུ་ཁ་བསྒྱུར་གྱི་དམིགས་པ་གསལ་འདེབས་ཚུལ་སྒྲིབ་གཉིས་སྲེག་བྱེད་ལས་གསུངས་པ་ནི། དེའང་ལས་བཞིའི་སྦྱིན་སྲེག་གི་སྐབས་སུ་དམིགས་པ་ཇི་ལྟར་བྱ་བ་ནི། དཔེར་ན་བདེ་མཆོག་པས་ཞི་བ་ལ་རང་མཁའ་འགྲོ་མའི་ང་རྒྱལ་དུ་འཕོས་ཏེ་ཐུགས་ཀ་ནས་འོད་ཟེར་བདུད་རྩིའི་རྒྱུན་ལྟ་བུ་སྤྲོས་པས། བསྒྲུབ་བྱའི་སྒོ་གསུམ་སྤྲོས་ཏེ་ནད་གདོན་སྡིག་སྒྲིབ་ཞི་བར་བསྒོམ། དེ་བཞིན་དུ། རྒྱས་པ་ལ། ལཱ་མཱ། དབང་ལ་དུམ་སྐྱེས་མ། དྲག་པོ་ལ་གཟུགས་ཅན་མ་སྟེ་ལས་མཐུན་གྱི་ཕྱོགས་ཀྱི་ལྷ་མོའི་ང་རྒྱལ་དུ་འཕྲོས་ཏེ་ཐུགས་ཀ་ནས་རང་རང་གི་མདོག་དང་མཐུན་པའི་འོད་ཟེར་གྱི་འདོད་དགུའི་ཆར་ཕབ་པས་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་རྒྱས་པ་དང་། འོད་ཟེར་ལྕགས་ཀྱུ་ལྟ་བུས་གང་ལ་དམིགས་པའི་སྙིང་ག་ནས་བཟུང་མདུན་དུ་བཀུག་སྟེ་བྲན་ལྟར་གྱུར་པ་དང་། འོད་ཟེར་གནམ་ལྕགས་ཀྱི་ཐོག་ལྟ་བུ་དགྲ་བགེགས་ཀྱི་སྙིང་གར་ཕོག་པས་སྲོག་མར་མེ་ལྟ་བུ་ཐུམ་གྱིས་བསད་དེ་ཐལ་བར་བརླག་པར་བསམ་པ་སོགས་གསུངས་པ་ལྟར་སོ་སོའི་མན་ངག་བཞིན་བྱའོ། །ཁྱད་པར་དུ་དྲག་པོའི་སྐབས་འདིར་ཆོས་སྐྱོང་གིས་བདག་ལ་འདི་སྐད་གསུངས་ཏེ། དགུག་པའི་སྐབས་སུ་བདག་མདུན་གྱི་ལྷ་ཚོགས་དེ་
དག་རྟ་དམག་གི་རྣམ་པར་ཆས་ཤིང་། ཕྱག་ཏུ་ཞགས་པ་འབའ་ཞིག་ཁྱེར་ཏེ་དགྲ་བགེགས་ཐམས་ཅད་བཀྱིགས་ནས་ཁུར་བྱུང་བར་བསྒོམ། ཕུར་གདབ་ཀྱི་སྐབས་སུ་ཕུར་པའི་སྐུ་ཆེ་ཕྲ་དཔག་མེད་སྤྲོས་ཏེ་དགྲ་བོ་མི་ནོར་ཐ་ན་དགྲ་བོའི་ཤིག་རེའི་སྟེང་དུའང་ཕུར་པའི་སྐུ་དེ་འཚམས་རེ་བཞུགས་ནས་དགྲ་བོ་ཐམས་ཅད་དམྱལ་ཐག་ཆད་པར་བསྒོམ། གཏོར་མ་དགུག་པའི་སྐབས་སུ་བདག་མདུན་གྱི་ལྷ་ཚོགས་དེ་དག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མགོན་པོའམ་ཁྲོ་བོའི་ཚོགས་ཐམས་ཅད་སེང་གེ་དང་སྟག་མོ་ཁོ་ནར་གྱུར་པ་དགྲ་བོའི་མི་ནོར་དང་མཉམ་པར་སྤྲུལ་ཏེ། དེ་རེ་རེས་དགྲ་བོ་རེ་རེ་ཁྱུར་མིད་བྱས་ནས་ཚུར་འོང་ཞིང་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིར་ཁོལ་བཞིན་པའི་ནང་དུ་སྐྱུགས་པས་དགྲ་བོ་རྣམས་ཀྱི་ཤ་རུས་སོགས་མ་དག་པའི་ཆ་ཐམས་ཅད་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཆོས་སྐྱོང་ལ་འབུལ་བར་བྱེད་དོ། །ཞེས་གསུངས་པ་རྣམས་དོན་སོ་སོར་སྦྱར་ཚུལ་འདི་བཞིན་བྱས་ཏེ་དགོངས་པ་བླངས་པའི་ཚུལ་དུ་གཞུང་ལས་གསུངས་པ་སྒྲ་ཇི་བཞིན་པར་དྲངས་པའོ། །དེ་ནས་གཏང་རག་གི་མཆོད་བསྟོད་ནི། བསྡུ་ན་སྔགས་མཆོད་བྱ། ཅུང་ཟད་སྤྲོ་ན། ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྤྲིན། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །ནམ་མཁའ་གང་བའི་
དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པཱདྱཾ་ནས་ཤབྡའི་བར་བརྗོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོའི་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཡིག་བརྒྱ་བཟླ་ཞིང་། གང་ཡང་བདག་བློ་རྨོངས་གྱུར་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱོད་
བཟོད་པར་གསོལ། །ཞེས་ནོངས་པ་བཤགས་ནས། གཤེགས་གསོལ་གྱི་སྐབས་སུ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་སརྦ་ཝཱི་ར་ཡོ་གི་ནཱི་ཨཱཉྩ་མཱ་ནཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་སརྦ་ཝཱི་ར་ཡོ་གི་ནཱི་པྲོཀྵ་ཎཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཞེས་ཞབས་བསིལ་དང་འཐོར་འཐུང་ཕུལ་ལ་མཆོད་ཡོན་སྦྲེང་བཞིན་པས་ཡིག་བརྒྱ་བརྗོད། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། རྡུལ་ཚོན་སོགས་དང་འབྲེལ་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། རྟེན་གྱིའམ། རྡུལ་ཚོན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སོ་སོའི་སྙིང་པོ་བརྗོད་བཞིན་པས་མེ་ཏོག་ཐབ་དབུས་ནས་ལེན་པའི་ཚུལ་གྱིས་སྣོད་དུ་བླངས། སློབ་དཔོན་གྱིས་སློབ་མ་ལ་གཏད། སློབ་མས་དཀྱིལ་འཁོར་ལ་མ་གནོད་པར་གཏོར་ཏེ་
དཀྱིལ་འཁོར་གང་ཡིན་དེའི་སྔགས། འདིར་ཕག་མོ་ལ་མཚོན་ན། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ། བཛྲ་ས་མ་ཡ་སྟྭཾ། ཨོཾ་རཏྣ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ། བཛྲ་ས་མ་ཡ་སྟྭཾ། ཨོཾ་པདྨ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ། བཛྲ་ས་མ་ཡ་སྟྭཾ། ཨོཾ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ། བཛྲ་ས་མ་ཡ་སྟྭཾ། རྡུལ་ཚོན་གྱི་ནི་དཀྱིལ་འཁོར་ལ། །ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར། །ཅེས་སམ། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར་པར་བསམ་མོ། །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ་ནས། སླར་ཡང་མེ་ལྷ་འཁོར་བཅས་རྣམས། །འབར་བའི་རྣམ་པ་ལས་བཞེངས་ཏེ། །དྲང་སྲོང་དག་གི་ཆ་བྱད་ཅན། །གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། བསྲེག་རྫས་ལྷག་མ་གང་ཡོད་གྲངས་ཚད་མི་འཛིན་པར་གོང་འཇིག་རྟེན་པའི་སྐབས་སོར་བཞག་ལྟར་འབུལ་ཞིང་འདོན་དགོས་
པས། ཞི་བ་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བོ་དྷི་བྲྀཀྵཱ་ཎ་ཡ་སྭཱ་ཧཱ། ཡམ་ཤིང་སྟེ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཞེས་པ་ནས་ཤིང་ཐོག་ཚར་བའི་བར་བརྗོད། རྒྱས་པ་ལ་སྔགས་དང་བསྟུན་ལ་ཡམ་ཤིང་འབུལ་ཞིང་། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་ནས་ཤིང་ཐོག་གི་བར་དང་། དབང་ལ་གོང་བཞིན། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་ནས་ཤིང་ཐོག་གི་བར་དང་། དྲག་པོ་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་པ་ནས་ཤིང་ཐོག་གི་བར་བརྗོད། མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཅེས་པའམ། རྒྱས་པའི་འམ། དབང་གིའམ། དྲག་པོའི་ཕྲིན་ལས་མཛོད། །ཅེས་སྐབས་ཐོབ་དང་སྦྱར་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པའི་བར་གྱིས་
མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། མེ་ལྷའི་གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབས་ཏེ། དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་བཞིན་པས་ཐབ་ཁུང་དུ་འབུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི་ཐལ་མོ་སྦྱར་ཏེ། ཞི་བ་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་
པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཟླ་བ་མར་གྱི་ངོ་བཞིན་དུ། །ཞི་ཞིང་མེད་པར་མཛད་དུ་གསོལ། །རྒྱས་པ་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་བདེ་སྐྱིད་རྒྱུ་བཅས་ཀུན། །ཟླ་བ་ཡར་གྱི་ངོ་བཞིན་དུ། །འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །དབང་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་འཚོ་རྐྱེན་དང་། །མོས་པ་རྣམ་བཞིའི་འགྲོ་བ་ཀུན། །སྲོག་གི་སྙིང་པོ་ཕུལ་བ་བཞིན། །དབང་དུ་བསྡུ་བར་མཛད་དུ་གསོལ། །དྲག་པོ་ལ། དྲང་སྲོང་
ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་དང་། །གནོད་བྱེད་དགྲ་བགེགས་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་བཞིན། །དྲག་པོས་ཚར་གཅོད་མཚད་དུ་གསོལ། །ཞེས་སོ། །དེ་ནས་ཡིག་བརྒྱ་བརྗོད་ལ། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ་ལ། གཤེགས་གསོལ་ནི། ཨོཾ་ཨགྣ་
ཡེ་ས་པཱ་རི་ཝ་ར་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝ་ར་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེངས་ཏེ། གཤེགས་གསོལ་གྱི་དྲིལ་སྟབས་དང་བཅས་པས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །དེ་ནས་བསྔོ་བ་སྨོན་ལམ་བྱས་ངག་གྲོལ། ལྷའི་ང་རྒྱལ་གྱིས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །ལོང་ཡོད་ན་ཐབ་ཀྱི་མེ་མི་བསྒུལ་བར་བཞག །ལོང་མེད་ན་ལས་མཐུན་གྱི་མེ་མཐའ་ནས་ཞི་བར་བྱས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བསྡུས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོར་དོར་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་བཀྲ་ཤིས་བརྗོད་དོ། །ཞེས་པ་འདི་ནི་གཙོ་བོར་རྒྱལ་དབང་མི་བསྐྱོད་རྡོ་རྗེས་མཛད་པའི་རྒྱུད་སྡེ་སྤྱིའི་སྦྱིན་སྲེག་གི་ཆོ་ག་སྒྲིབ་གཉིས་སྲེག་བྱེད་སོར་བཞག །ལས་བཞིའི་སྦྱིན་སྲེག་འབའ་རོམ་རང་ལུགས་ཀྱི་ཕག་མོའི་སྒྲུབ་དཀྱིལ་ལ་སྦྱར། འདོན་བྱ་ལས་བཞི་ཁ་བསྒྱུར་བ་ཙམ་ཕྱོགས་གཅིག་ཏུ་བསྡེབས་ནས། སྒྲུབ་སྡེར་རྒྱུན་མཁོའི་རྩ་གསུམ་སྐོར་གྱི་ཆོག་སྒྲིག་པར་བསྐྲུན་སྐབས་དང་འབྲེལ་སྒྲུབ་དཔོན་བླ་མ་དགེ་ལེགས་རྒྱལ་མཚན་སོགས་ཀྱིས་ནན་བསྐུལ་ལྟར། ལྷག་བསམ་གཙང་མས་ཀུན་ནས་བསླངས་ཏེ། ཀརྨ་པ་རི་ཀིརྟིས་བལྟས་ཆོག་ཏུ་བཀོད་པ་དོན་དང་ལྡན་པར་གྱུར་ཅིག །དགེའོ།། །།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་འདོན་བསྒོམ་ལ་ཉེར་མཁོའི་ཟིན་བྲིས་ཕན་བདེའི་ལམ་བཟང་། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་འདོན་བསྒོམ་ལ་ཉེར་མཁོའི་ཟིན་བྲིས་ཕན་བདེའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་གཉིས་སུ་མེད་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་དགོངས་པ་འགྲོལ་བ་དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་ལྷ་ཁྲིད་ཀྱི་ཟིན་བྲིས་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་རྒྱས་བསྡུས་དུ་མ་བཞུགས་ཡོད་ཀྱང་། འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་སྙིང་པོར་བསྡུས་པ་བདེ་ཆེན་ལམ་བཟང་དང་འབྲེལ་བའི་འདོན་བསྒོམ་གྱི་ཕྱག་ལེན་ཉུང་བསྡུས་སུ་འགོད་པ་ལ། ཐོག་མར་བརྒྱུད་པའི་བྱུང་ཚུལ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་
ལོ་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དང་མན་ངག་མཐའ་དག་རྡོ་རྗེ་རྣལ་འབྱོར་མ་དང་རྡོ་རྗེ་འཆང་དངོས་ལས་གསན་ཏེ་རྗེ་ནཱ་རོ་པར་གདམས་ཤིང་། དེས་ཀྱང་དཔལ་ལྡན་ལྷན་ཅིག་སྐྱེས་མ་དང་དངོས་སུ་མཇལ་ནས་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་། རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་མན་ངག་གསན་ནས་སྒྲུབ་ཐབས་ཀྱི་གཞུང་མཛད་དེ་སྲས་ཀྱི་ཐུ་བོ་རྗེ་མར་པ་ལ་གནང་ནས། ད་སྟེ་ཞག་བདུན་ན་དགུན་གྱི་ཉི་མ་ལྡོག །དེ་ནས་ནག་པོའི་ཚེས་བཅུ་ལ་དུར་ཁྲོད་སོ་ས་གླིང་དུ་སོང་དང་ལྷན་ཅིག་སྐྱེས་མས་རྗེས་སུ་འཛིན་པར་འགྱུར་རོ་གསུངས། དེར་བྱོན་པས་ལྷན་ཅིག་སྐྱེས་མ་མིའི་བུ་མོའི་རྣམ་པར་བསྟན་པ་དང་མཇལ་ཏེ་བསྐྱེད་རྫོགས་དང་བྱིན་རླབས་གནང་། ཤེལ་གྱི་གྲི་གུག་གིས་ཐུགས་ཀ་ཁ་ཕྱེས་ནས་སྔགས་འཁོར་
བསྟན། ཁྱོད་རྡོ་རྗེ་གདན་དུ་སྟོན་པའི་ཚེམས་མཆེ་བ་མཇལ་ནས་བོད་དུ་སོང་། སྐལ་ལྡན་རྗེས་སུ་ཟུངས་ཤིག་གསུངས་ལུང་བསྟན། དེར་བྱོན་ཚེམས་མཆེ་བ་གཟིགས་པས་ཏ་ལའི་ལོ་མ་ལ་ལི་ཁྲིས་སིང་ག་ལའི་ཡི་གེར་བྲིས་པའི་དཔེ་བྱང་བུ་ཞིག་རྙེད་དེ་སྤྱན་དྲངས་པས་བསྐྱེད་རྫོགས་གཉིས་ཀྱི་དཔེར་སྣང་། རྗེ་དེས་རྗེ་བཙུན་མི་ལ་རས་ཆེན་ལ་བསྐྱེད་རྫོགས་ཀྱི་གཙོ་བོ་རྣམས་དངོས་སུ་གནང་། གནད་ཁ་ཅིག་ཤོག་དྲིལ་ལ་དམ་གྱིས་མནན་ཏེ་ཁྱོད་ལ་མ་འོངས་པར་རྩ་རླུང་གི་གེགས་ཤིག་འབྱུང་བས་དེའི་ཚེ་ལྟོས་གསུངས་ནས། འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཅེས་ལུང་བསྟན་ཏེ་གནང་། རྗེ་མི་ལས་དེ་ལ་བརྟེན་ཏེ་གྲུབ་པ་བརྙེས་ནས། རྗེ་སྒམ་པོ་པ་ལ་བསྐྱེད་རིམ་དངོས་སུ་གནང་། རྫོགས་རིམ་ནི་ང་ལ་ཡང་སྒོམ་སྐྱེ་དཀའ་བར་བྱུང་ཡང་འདི་ལ་བརྟེན་ནས་སྐྱེས། ཁྱོད་ལ་ཡང་རྟོགས་པ་ལ་འཕེལ་འགྲིབ་ཅིག་འབྱུང་དེའི་ཚེ་འདི་དགོས་གསུངས་ནས་སྐྱེལ་ཐུང་གི་སར་གནང་། རྗེ་སྒམ་པོ་པ་བཀའ་གདམས་ཀྱི་ཚོགས་སུ་བཞུགས་པས་ཉམས་མྱོང་འགྲིབ་པའི་ཚེ་ཉམས་སུ་བཞེས་པས་ཆོས་སྐུ་དངོས་སུ་གཟིགས་ཏེ་རྟོགས་པའི་མཐར་ཐུག །རྗེ་དེ་ཉིད་ཀྱི་ཐུགས་སྲས་དམ་པར་གྱུར་པ་འབའ་རོམ་པ་
དར་མ་དབང་ཕྱུག་གིས་བླ་མ་དྭགས་པོ་རིན་པོ་ཆེའི་ཉེ་གནས་ཡང་མཛད་ནས་ལུས་ཀྱི་ཞབས་ཏོག་གཞན་གྱིས་སྒྲུབ་པར་དཀའ་བ་ཡང་ནས་ཡང་དུ་བགྱིས་པས་བླ་མ་རིན་པོ་ཆེ་ཤིན་ཏུ་མཉེས། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་དུས་རྒྱུན་མཉམ་བཞག་རྗེས་ཐོབ་དབྱེར་མེད་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་པའི་དུས། ཉིན་ཞིག་བླ་མ་རིན་པོ་ཆེའི་ཞལ་ནས། ངས་ཁྱོད་ལ་འདོད་ཆོས་གང་དགོས་ཀྱི་ཁྲིད་སོགས་གདམས་པ་ཐམས་ཅད་ཚང་བར་བྱས་པ་ཡིན་པས། ད་ཁྱོད་བྱང་འབའ་རོམ་བྱ་བའི་སྒྲུབ་གནས་ཁྱད་པར་ཅད། རི་ཁྲོད་རྣམ་པར་དག་པ། གངས་ཏི་སེ་ནས་གངས་རྒྱུད་མ་ཆད་པར་རྗེ་བཙུན་མར་པ་ལྷོ་བྲག་པ་ཡབ་སྲས་ལ་སོགས་པ་གྲུབ་ཐོབ་དཔག་ཏུ་མེད་པ་བཞུགས་པའི་སྒྲུབ་གནས་ཡིན་པས་དེར་སོང་ལ་སྒྲུབ་པ་གྱིས་གསུངས་ནས་ལུང་བསྟན། དེ་ནས་སློབ་དཔོན་འཕགས་པ་ལ་ཁྱོད་ཀྱིས་ང་ཡི་ཆོས་ཁུག་ཁྱེར་ཤོག །ཁོ་བོས་དཔེ་ཡོད་ཚད་ཁོང་ལ་སྟེར་དགོས་གསུངས་ནས་དཔེ་བྲི་འོས་ཐམས་ཅད་ཁྲིད་ལུང་བཅས་གནང་ནས། ཞེ་འདོད་མེད་པའི་སྒྲུབ་སེམས་ཅན། །དམིགས་པ་མེད་པའི་ཐུགས་རྗེ་ཆེ། །གསོལ་བ་གཏབ་ན་དགོས་འདོད་འབྱུང་། །ཅི་འདུལ་སྣ་ཚོགས་
ཕྲིན་ལས་འཚལ། །ཞེས་གསུངས། ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཆོས་གཤའ་མར་བྱེད་ན། གཞི་དད་པ་དང་མོས་གུས་ཁྱད་པར་ཅན་གྱིས་ཀུན་ནས་བསླང་། ལམ་བརྩོན་འགྲུས་ཡེངས་པ་མེད་པའི་སྒོ་ནས་ཉམས་སུ་བླངས་ན། འབྲས་བུ་སངས་རྒྱས་ཟེར་བ་དེ་མངོན་དུ་བྱེད་པ་ལ་དཀའ་ཚེགས་མེད་པ་ཡིན་པས། འཁོར་བ་བློ་ནས་སྤོངས། གཉེན་བཤེས་ཤུལ་དུ་ཞོག །ཆོས་བརྒྱད་རྒྱབ་ཏུ་སྐྱུར། འདུ་འཛིའི་གཡེང་བ་སྤོང་། ཚུལ་ཁྲིམས་རྒྱན་དུ་གྱིས། དད་པ་གཏིང་ནས་སྐྱེས། སེམས་ཀྱི་གཞི་རྩ་ཆོད། འཁྲུལ་པ་ནང་ནས་ཞིག །སྣང་སེམས་གཉིས་སུ་མེད། རྣམ་རྟོག་ཆོས་སྐུར་གསལ། ཐ་མལ་ཤེས་པ་དེ་འོད་གསལ་ངང་དུ་འབྲལ་བ་མེད་པས་ཆོས་ཐམས་ཅད་ལམ་དུ་འགྲོ། རྐྱེན་ངན་གྲོགས་སུ་འཆར། དེའི་དུས་ན་མོས་གུས་ཁྱད་པར་ཅན་སྐྱེ་བས། དངོས་གྲུབ་འཇུག །བར་ཆད་ཞི། གཞན་ཕན་ཆེ། གྲུབ་ཐག་ཉེ། མཁའ་འགྲོ་འདུ། བླ་མ་མཉེས་པ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན། དེའི་དུས་སུ་རི་ཁྲོད་རྣམ་པར་དག་པ་ན། བག་ཚ་དང་ཉམ་ང་མེད་པར་རྡོ་རྗེའི་མགུར་ཤུགས་ལས་འབྱུང་བ་བླངས་ན་མཁའ་འགྲོ་མཉེས་པ་ཡིན་པས། རྟོགས་པ་དོན་གྱི་མགུར་ཡང་ལོངས་གསུངས། ཁོ་བོའི་འདས་མཆོད་ལ་ཁྱོད་རི་ཁྲོད་རྣམ་པར་དག་པ་
ན་སྒྲུབ་པ་རྩེ་གཅིག་ཏུ་བྱེད་ངེས་པ་ཞིག་གྱིས། མེ་ཏོག་སྤར་གང་དང་ཆུ་ཕོར་གང་ཕུལ་ནས། མོས་གུས་བྱེད་ཅིང་གསོལ་བ་གཏབ་ན་རབ་ཡིན་གསུངས་ཤིང་ཞལ་ཆེམས་འགྲོ་ཆོས་སུ་བསྩལ། དེ་ནས་བླ་མ་རིན་པོ་ཆེ་སྐུ་ཡལ། ས་འབུམ་མ་ཚར་བར་དུ་བཞུགས། འཚོ་ཆས་ཅུང་ཟད་བསྣམས་ནས་བླ་མས་ལུང་བསྟན་པའི་བྱང་འབའ་རོམ་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོའི་ཕོ་བྲང་གནས་བཅས་པའི་རི་ལྷུན་ཆགས་པའི་དྲུང་། བྱིན་ཆགས་པའི་ས། ཉམས་དགའ་བའི་ཡུལ། སྒྲུབ་གནས་འབའ་རོམ་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་། རྫ་རིན་ཆེན་སྤུངས་པ་ལ་གཤེགས་ནས་བཞུགས། རྒྱགས་སྐྱེལ་ཞང་བཙུན་འབྱུང་གནས་འོང་བ་མིན་པ་སུས་ཀྱང་མ་མཐོང་བར་དྲང་སྲོང་ཆེན་པོ་ལྟར་གཅིག་པུར་སྒྲུབ་པ་ལ་ནན་ཏན་མཛད་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཅིང་། ཐུན་མོང་གི་ཡོན་ཏན་མ་ལུས་པ་མངོན་སུམ་དུ་གྱུར་ནས་རྩོད་པ་དང་བྲལ་བའི་གྲུབ་ཐོབ་ཆེན་པོར་གྱུར། ཐོག་མར་མི་མ་ཡིན་ལ་ཆོས་གསུངས་ཤིང་བཀའ་བསྒོས་དམ་བསྒྲགས་པས་ཕྲིན་ལས་བསྒྲུབ་པར་ཁས་བླངས། དེ་ནས་མི་ཡི་བུ་སློབ་བསྐྱངས་ཤིང་བསྟན་དགོན་གྱི་གཞི་བཙུགས་ནས་ཕྲིན་ལས་དར་ཞིང་འགྲོ་བ་རྣམས་
སྨིན་གྲོལ་ལ་བཀོད་པའི་སྐབས་ཤིག །ཤེས་རབ་རྒྱལ་མཚན་བྱ་བ་བླ་མ་མཇལ་དུ་ཡོང་བ་ལ་གཟིམས་མལ་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་བཞུགས་པར་འདུག །ཡང་ཡང་མིག་ཕྱེས་ཀྱིན་བལྟས་པས་རྒྱན་ཆ་ལུགས་ཤིན་ཏུ་གསལ་བ་མཇལ། ཡང་ནུབ་གཅིག་མེ་ཏོག་ར་བ་འགེབས་པ་བརྗེད་པ་ལ་ནམ་སྲོད་ཙ་ན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསལ་ཞིང་རྒྱན་དང་ལྡན་པ་གཟིམས་མལ་ནས་བཞེངས་ཏེ། མེ་ཏོག་ར་བར་བྱོན་ནས་མེ་ཏོག་འགེབ་ཀྱིན་སྣང་། ལེགས་པར་བལྟས་པ་ལ་རྗེ་བཙུན་མ་དངོས་སུ་རང་འདུག །ཁྱོད་མཚན་མོ་མི་ཉལ་བར་དུས་མ་ཡིན་པར་ཅི་ལྟ་གསུངས། ངས་སློབ་དཔོན་བཞེངས་འདུག་པས་ཡོང་བ་ལགས་ཞུས་པས། སློབ་དཔོན་གང་དུ་འདུག་གསུངས། འདི་རང་མིན་ནམ་ཞུས་པ་ལ། ཉིན་མོ་དཔལ་ལྡན་ཧེ་རུ་ཀ །མཚན་མོ་རྒྱན་ལྡན་རྣལ་འབྱོར་མ། །ཞེས་གསུངས་པ་དེ་ཐོས་སམ་གསུངས། ཐོས་ལགས་ཞུས་པས། འོ་དེ་ཡིན་གསུངས། བླ་མ་ཡི་དམ་དབྱེར་མེད་ཡིན་པའི་ངེས་ཤེས་རྙེད། ཡང་ཞང་བཙུན་ཏོག་གཞིར་བྱ་བ་ཞིག་གིས་རྗེ་བཙུན་མའི་སྒྲུབ་ཐབས་ཤིག་ཞུ་དགོས་ཏེ། ཁོང་གིས་ཆང་འཐུང་ཟེར་ན་སྐེ་རྦད་ཀྱིས་བཅད་ཀྱང་ཆང་མི་འཐུང་སྙམ། སྒྲུབ་ཐབས་ཞུ་དགོས་
སྙམ་ནས་ཕྱིན། སློབ་དཔོན་ལགས། རྗེ་བཙུན་མའི་སྒྲུབ་ཐབས་ཤིག་ཞུར་མཆིས་པ་ལགས་པས་གནང་བར་འཚལ་ཞུས་པ་ལ། བླ་མའི་ཞལ་ནས་ཆང་ནི་རྣལ་འབྱོར་མ་ཉིད་དེ། །རྣལ་འབྱོར་མ་ནི་ཆང་གི་གཟུགས། །གལ་ཏེ་གོ་འཕང་མཆོག་འདོད་པས། །དེ་དག་ཐ་དད་མི་བརྟག་གོ། །གསུངས་པ་མ་གསན་ནམ། སྐེ་བཅད་ཀྱང་ཆང་མི་བཏུང་སེམས་པའི་རྟོག་ངན་ཅན་ལ་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱིས་ཅི་བྱེད། སྒྲུབ་ཐབས་མི་འཚལ་རྟོག་ངན་ཡང་མ་བསམ་གསུངས། དུས་གསུམ་སྒྲིབ་མེད་དུ་མཁྱེན་པའི་རྒྱལ་བ་འབའ་རོམ་པ་དེ་ཉིད་སྐུ་གཤེགས་པའི་སྐབས་སུ་ཡང་། ཀུན་གྱི་མཐོང་སྣང་ལ་འོད་དམར་པོ་ནམ་མཁའ་ལ་འཁོར་བཞིན་འདུག་པ་དང་། མེ་ཏོག་སྣ་ཚོགས་ཀྱི་ཆར་དང་རོལ་མོའི་སྒྲ་དཔག་ཏུ་མེད། ཁྱད་པར་དུ་ཌཱ་མ་རུ་དང་ཅང་ཏེའུའི་སྒྲ་འཁྲོལ་བ་དང་། ས་གཡོ་བ་དང་འཇའ་འོད་སོགས་ངོ་མཚར་ཆེ་བ་མང་པོ་བྱུང་། ཚེ་བཅུ་ལ་གདུང་བཞུས་སྐབས་འགྲོ་བ་ཀུན་ལ་མཐོང་སྣང་ཁྱད་པར་ཅན་དང་བ་འདྲེན་པ་དང་། མོས་གུས་བྱེད་པའི་རྟེན་ལ་རིང་བསྲེལ་ཁ་དོག་སྣ་ཚོགས་པ་མང་པོ་དང་། ཁྱད་པར་རྗེ་བཙུན་མའི་སྐུ་ལ་སོགས་པ་རྟེན་མང་པོ་བྱོན་པ་ཡིན་ནོ། །རྗེ་དེ་ཉིད་ལ་སློབ་ཚོགས་མང་དུ་བྱོན་པའི་ནང་ནས་
ཐུགས་ཀྱི་སྲས་མཆོག་ཏུ་གྱུར་པ་འགྲོ་མགོན་ཏི་ཤྲི་རས་ཆེན་རྗེས་སུ་བཟུང་བའི་ཐོག་མར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སིན་དྷུ་ར་ཡི་དཀྱིལ་འཁོར་ལ་བརྟེན་ནས་དབང་དང་བྱིན་རླབས་མཛད་ནས་སྒོམ་ཁྲིད་དབུ་འཛུགས་མཛད་པས་དུས་ཡུན་རིང་པོ་མ་འགོར་བར་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། དེ་ནས་བླ་མ་འབའ་རོམ་པའི་ཉེ་གནས་མཛད་དེ་ཐབས་ལམ་ཟབ་མོ་ནཱ་རོའི་ཆོས་དྲུག་དང་། ཉིད་ཀྱིས་མཛད་པའི་གསེབ་ལམ་རིག་པ་རྐྱང་འདེད་དང་གནད་ཆོས་བཅུ་གསུམ་སོགས་གདམས་ངག་གི་ཞུན་མཐར་ལོ་དེར་བཅད། དེ་ནས་ལྷ་ལུང་རྫ་ལུང་གཡུ་ལུང་རྫ་དེའུ་ཁྱུང་གཤོག་ཕུག་སོགས་སུ་དྲང་སྲོང་ལྟ་བུའི་སྤྱོད་པ་ཁོ་ནས་ཐབས་གྲོལ་ཟུང་འཇུག་གི་ལམ་ལ་ཐུགས་གཞོལ་ནས་སྒྲུབ་པ་མཛད་པས་མཉམ་རྗེས་དབྱེར་མེད་ཀྱི་རྟོགས་པ་འཁྲུངས། རླུང་སེམས་གཉིས་མེད་ཀྱི་གྲུབ་རྟགས་ཐོན། དུས་དེ་ཙ་ན་བླ་མ་འབའ་རོམ་པ་ལ་སངས་རྒྱས་དངོས་ལས་ལྷག་པའི་ངེས་ཤེས་སྐྱེས་ཏེ་མི་ལྡོག་པའི་དད་པ་སྐད་ཅིག་ཙམ་ཡང་འབྲལ་དུ་མི་བཏུབ་པ་བྱུང་གསུངས། ཏི་ཤྲི་རས་པའི་ཞལ་ནས། བདག་ཅག་གི་སྟོན་པས་ཕ་རྒྱུད་མ་རྒྱུད་ཀྱི་རྒྱུད་སྡེ་རྒྱ་མཚོ་ཙམ་གསུངས་ན་ཡང་། རྒྱུད་སྡེ་ཐམས་ཅད་ཀྱི་ནང་ནས་སྙིང་པོ་ལྟ་བུར་གྱུར་
པ་མཆོག་ཏུ་ཟབ་པ། ལྷན་ཅིག་སྐྱེས་མའི་དོན་གཙོ་བོར་སྟོན་ཞིང་བྱིན་རླབས་ཕུན་སུམ་ཚོགས་པ་འགྲུབ་ཐག་ཉེ་བ་ནི་དཔལ་འཁོར་ལོ་བདེ་མཆོག་ཡིན། རྒྱུད་དེ་ནས་གསུངས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོའམ་ཉིང་ཁུ་ལྟ་བུ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་འདི་ཡིན་གསུངས། འདི་ཉིད་ཚེ་འདིར་སུས་ཉམས་སུ་བླངས་ནའང་སྐལ་པ་དང་ལྡན་ཞིང་བསོད་ནམས་བསགས་པ་ལས་བྱུང་བ་ཡིན་པས་ཆེས་ཤིན་ཏུ་སྤྲོ་ཐང་བ་ཡིན། དེ་ལ་ཡང་དང་པོར་མོས་གུས་བྱ་བའི་ཡུལ་ནི། སིན་དྷུ་ར་དང་དཀྱིལ་འཁོར་གྱི་གཙོ་མོ་དཔལ་རྡོ་རྗེ་རྣལ་འབྱོར་མ་སྤྲུལ་པའི་སྐུ་དངོས་སུ་བཞུགས་པ་སྟེ། གདུལ་བྱའི་དོན་ལ་འདིར་བྱོན་པར་བསམ་ཞིང་བླ་མ་དང་ཐ་དད་མེད་པར་བསྒོམས་ལ་མོས་གུས་བྱ། གཉིས་པ་བྱིན་རླབས་ནི། ཆོ་ག་དངོས་ནས་འབྱུང་བ་ལྟར་སྔགས་དང་། ཏིང་འཛིན་དང་། རོལ་མོའི་སྒྲ་དང་བཅས་པས་དབང་བསྐུར་བ་ལ་བྱིན་རླབས་ཞུགས་པ་ཡིན། ལུས་ངག་ཡིད་གསུམ་ལ་བདེ་གསལ་མི་རྟོག་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བའོ། །གསུམ་པ་ཉམས་མྱོང་སྐྱེ་བ་ནི། བྱིན་རླབས་ཞུགས་པའི་དོན་དེ་ལམ་དུས་སུ་སྐྱོང་བའོ། །ཞེས་དང་། མཆོག་ཏུ་འབར་བའི་དཀྱིལ་འཁོར་གཞལ་ཡས་ཁང་། །དེ་ཡི་དབུས་ན་རྡོ་རྗེ་རྣལ་
འབྱོར་མ། །ཤིན་ཏུ་སྒེག་འཛུམ་ཡལ་ཡོལ་དགྱེས་མཛད་ཅིང་། །རྨད་བྱུང་དམ་ཆོས་གསུང་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཀྱི་བརྒྱུད་པ་ནི་བར་མ་ཆད་པ་ད་ལྟའི་བར་བཞུགས་པ་འདི་ལ་ངོ་མཚར་བ་དང་སྤྲོ་བ་བསྐྱེད་འོས་པ་ཞིག་རེད། དེ་ནི་བརྒྱུད་པའི་བྱུང་ཁུངས་སྨོས་པའོ། །གཉིས་པ་སྒྲུབ་དཀྱིལ་མདོར་བསྡུས་བྱ་བའི་ཚུལ་ལ་བཞི། སྦྱོར་བ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བ་ལ་སྒྲུབ་པའི་གནས་ནི། ཏི་ཤྲི་རས་པའི་ཞལ་ནས། སྒྲུབ་པའི་གནས་མཆོག་ཅེས་པ་སྟེ། རི་བོའི་རྩེའམ་ཤིང་གཅིག་གམ། དུར་ཁྲོད་དམ། བྱ་སྐྱིབས་སམ་ལྷོ་གཞོལ་བ། མེ་ཏོག་དང་། རྩི་ཤིང་དང་། ནགས་ཚལ་ཕུན་སུམ་ཚོགས་པ། བློ་ཆོས་སུ་འགྲོ་ཞིང་ཏིང་ངེ་འཛིན་འཕེལ་བ། མཁའ་འགྲོ་འདུ་ཞིང་བྱིན་རླབས་འབྱུང་བ། དབེན་ཞིང་ཉམས་དགའ་བའོ། །ཞེས་གསུངས། རྗེ་མར་པའི་ཞལ་གདམས་ལས། བྲག་དམར་པོ་ཁ་ནུབ་ཏུ་ལྟ་བ་བྱ་ཐལ་གྱིས་མ་གོས་པ། གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པའི་གནས། ཞེས་གསུངས་པ་སོགས་དང་མཐུན་པར་བརྟག་པར་བྱའོ། །དུས་ཁྱད་པར་ཅན་དཀར་ཕྱོགས་ཀྱི་བརྒྱད་དང་བཅོ་ལྔ། ཁྱད་པར་ཡར་ངོའི་
ཚེས་བཅུ་ལྟ་བུ་སྟབས་གང་འགྲིག་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ན་སྟ་གོན་གྱི་ཆོ་ག་རིན་ཆེན་ཟུར་རྒྱན་ལྟར་བྱའོ། །རས་བྲིས་ཀྱི་དཀྱིལ་འཁོར་པདྨ་རྡོ་རྗེ་དུར་ཁྲོད་ཐོད་ར་མེ་རིས་བསྐོར་བའི་དབུས་སུ་ཆོས་འབྱུང་བསྣོལ་མ་དམར་པོའི་ལྟེ་བར་པདྨ་འདབ་བཞི་ཧྲཱིཿདང་ཧ་རི་ནི་ས་བྲིས་པའི་ཁར་ལྡིང་ཁྲི་རིམ་གསུམ་པ་ལ་བུམ་ཐོད་བཅུད་ལྡན་དགོད་པ་ནི། བུམ་པ་གཙང་མ་གུ་གུལ་གྱིས་བདུག་སྟེ། སེ་བའི་མེ་ཏོག་ཨུཏྤལ་སྔོ། །ཀན་ཌ་ཀ་རི་ཤུ་དག་དཀར། །ཅོ་ག་མགོ་སྨན་སྨན་ལྔའོ། །ནས་གྲོ་ཏིལ་དཀར་འབྲས་སོ་བ། །མོན་སྲན་བཅས་པ་འབྲུ་ལྔའོ། །གསེར་དངུལ་ཨིན་ཌ་ནཱི་ལ་དང་། །པད་རག་མུ་ཏིག་མཆོག་ལྔའོ། །ག་བུར་ལི་ཤི་ཛཱ་ཏི་དང་། །གུར་གུམ་ཙན་དན་དྲི་ལྔའོ། །སྦྲང་རྩི་བུ་རམ་ལན་ཚ་མར། །ཨ་རུ་ར་སྟེ་སྙིང་པོ་ལྔའོ། །དེ་ལྟར་རྫས་ལྔ་ཕྲག་ལྔ་པོ་ཁྲོལ་བུར་བླུགས། །བདུད་རྩི་རིལ་བུ་སྦྱར་བའི་ཆུ་གཙང་གིས་སུམ་གཉིས་བཀང་། མགུལ་ཆིངས་ཁ་དོག་ལྔ་པོས་བཅིང་། མེ་ཏོག་ཤིང་ལོའི་དབྱིབས་ལ་འབྲས་བུའི་རྣམ་པ་ཅན་ལྗང་གུའམ་དམར་པོས་ཁ་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་མཉྫིའི་སྟེང་དུ་བཞག་གོ། །དེ་ནས་རིམ་བཞིན་ཐོད་པའི་དཀྱིལ་འཁོར་ནང་དུ་བུར་ཆང་སོགས་བདུད་རྩི་རིལ་བུ་བཏབ་
པ་ཕྱེད་ཙམ་བླུགས་པའི་དཔྲལ་བ་མདུན་ལ་བསྟན་ཏེ་བཞག །དེ་ཡི་ཁར་ཤིང་གི་རྒྱ་གྲམ་སུམ་བརྩེགས་རྩིབས་དྲུག་པ་བཀབ་པའི་སྟེང་དུ་དར་དམར་ལ་བསང་སྦྱངས་ཏེ་བདུད་རྩི་དང་དྲི་བཟང་གི་ཁུ་བས་ཐོད་པའི་དཀྱིལ་འཁོར་ལྟར་བྲིས་ཏེ་ཐོད་པའི་ཞལ་ཁེབས་བྱའོ། །དེ་ཡི་སྟེང་མཁའ་འགྲོ་དབང་སྡུད་ཀྱི་དཀྱིལ་འཁོར་བྲིས་ན་མེ་ལོང་ལག་མཆོད་ཀྱིས་བགེགས་བསང་ལ་ནང་ངོས་སུ་ནམ་མཁའི་དཀྱིལ་འཁོར་ལྟར་གོང་གི་རྫས་ཀྱིས་བྲི། ཧྲཱིཿཡིག་མཐར་ལས་སྦྱོར་གྱི་སྔགས་གཡོན་བསྐོར་དུ་བྲིས་ཏེ་བསྟིམ་པའོ། །སིན་དྷུ་རའི་དཀྱིལ་འཁོར་ནི་མེ་ལོང་གི་ཕྱི་ལ་བྲི་བ་སྟེ། ལི་ཡི་མེ་ལོང་བུག་པ་སོགས་མེད་པ་ལ་སིན་དྷུ་ར་དར་ཚག་གིས་ཁོད་སྙོམས་པར་བཏབ་སྟེ་ཟླུམ་སྐོར་ཆོས་འབྱུང་བསྣོལ་མའི་ཁུག་དྲུག་ཏུ་དགའ་འཁྱིལ་དཀར་པོ་གཡོན་དུ་འཁོར་བ་རེ་བྲི། ལྟེ་བར་པདྨ་འདབ་བཞི་ལ་ཧ་རི་ནི་ས། དབུས་སུ་ཧྲཱིཿཡིག་མཐར་གཡོན་བསྐོར་གྱིས་སྔགས་འཁོར་བྲིས་པ་ལ་དར་དམར་གྱི་གུར་ལྟ་བུས་གཡོགས་ཏེ་ལེགས་པར་བཤམ། མདུན་དུ་ཤ་ལྔ་བདུད་རྩི་ལྔ་སྦྱར་བའི་གཏོར་མ་སྨུག་རྩི་གསོལ་བ་རྒྱན་ལྡན་ལྔ་ཚོམ་བཤམ། ཀ་པཱ་ལ་བདུད་རྩི་རིལ་བུ་སྦྱར་བ་དང་། ཉེར་སྤྱོད་རྣམ་བདུན། དུས་བཟང་གི་ཚོགས་མཆོད། འབྱུང་གཏོར་རྣམས་
འདུ་བྱ། རང་མདུན་དུ་རྡོར་དྲིལ་དང་ཌཱ་མ་རུ། ལག་མཆོད་བཅས་ཚོགས་པར་བྱའོ། །གཉིས་པ་སྔོན་དུ་འགྲོ་བ་ལ་བདུན་ལས། དང་པོ་ནི། རྒྱལ་བ་འབའ་རོམ་པས། སྐད་ཅིག་དྲན་རྫོགས་གཟུགས་སྐུ་འཆར་བའི་གནད། །ཅེས་ལུས་ཡི་དམ་གྱི་ལྷ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྐད་ཅིག་གིས་གསལ་བར་བསྒོམས་པས། འབྲས་བུ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱིས་གཞན་དོན་བྱེད་པ་ཞིག་འབྱུང་བར་གསུངས་པས། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས་སྐུར་གྱུར། གཉིས་པ་བདུད་རྩི་བྱིན་བརླབ་པ་ནི། རླུང་མེ་ཐོད་སྒྱེད་ས་བོན་རྣམས་ཐོལ་སྐྱེས་དང་། རྫས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཤ་ལྔ། ཡེ་ཤེས་གསལ་བའི་སྒྲོན་མེ་བདུད་རྩི་ལྔ། ཞུ་ཁོལ་སྙིགས་མ་ཕྱིར་ལུད་པ་སྦྱང་བ། ཟླ་བ་འབྲུ་གསུམ་ཡེ་ཤེས་བདུད་རྩི་བཀུག་བསྟིམ་བསྒྱུར་བ་རྟོགས་པ། ཟླ་བ་འབྲུ་གསུམ་ལྷུང་བ་འདྲེས་པས་རྒྱ་ཆེར་སྤེལ་བའོ། །དེ་ལྟར་ཚད་ལྡན་དེས་བྱིན་རླབས་ནུས་ལྡན་དུ་
འགྱུར་བར་གསུངས། གསུམ་པ་འབྱུང་གཏོར་བྲ་གཟུགས་མ་སྨུག་རྩི་རྒྱན་ཅན་ལ་བདུད་རྩི་ལྟར་བྱིན་རླབས་ལ་ཕེཾ་གསུམ་འབར་བའི་ཕྱག་རྒྱས་སྲིད་པ་གསུམ་གྱི་མཁའ་འགྲོ་འབྱུང་པོ་རྣམས་སྤྱན་དྲངས་ཡིད་སྤྲུལ་ཉེར་སྤྱོད་ཀྱིས་མཆོད། སྔགས་རིང་ལན་གསུམ་གྱིས་བསྔོས་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང་སོགས་ནས་ཀུན་འགྲུབ་མཛོད། །ཅེས་གཏོར་མ་ཕྱིར་དོར། བཞི་པ་བགེགས་བསྐྲད་པ་ནི། ཧཱུྃ། ཆོས་ཉིད་ཡེ་ཤེས་ཡེ་ནས་བརྗོད་བྲལ་ངང་། །ནས་གནས་སུ་དེངས། །སུམ་བྷ་ནི་བརྗོད་བཞིན་རྔམ་དྲག་གིས་རྒྱ་མཚོའི་མཐར་བསྐྲད་པར་བསམ། ལྔ་པ་མཚམས་བཅད་ཅིང་སྲུང་བའི་འཁོར་ལོ་བསྒོམ་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག་གིས་མཚན་པ་དེ་ལས་སྣ་ཚོགས་རྡོ་རྗེ་གྲངས་མེད་པ་འཕྲོས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྣ་ཚོགས་རྡོ་རྗེའི་ར་གུར་དུ་གྱུར། དེ་ཡང་མི་ཆོད་པ། མི་ཤིགས་པ། བརྟན་པ། སྲ་བ། རྡོ་རྗེའི་ར་གུར་གྱི་ཕྱི་རིམ་
ནས་འབར་བའི་མེ་གཡོན་དུ་འཁྱིལ་བའི་སྲུང་འཁོར་དུ་གྱུར། བཛྲ་རཀྵའི་སྔགས་བརྗོད་པས་བདག་གནས་རྣལ་འབྱོར་སྲུང་བའི་དམིགས་པ་བྱའོ། །བདུད་རྩི་སྟེང་འོག་ཕྱོགས་མཚམས་རྣམས་སུ་འཐོར་ཞིང་། རང་ཉིད་ཀྱི་ལྟེ་བའི་ཧྲཱིཿལས་སེང་གདོང་མ་དཀར་མོ། ཁ་གདོང་མ་ནག་མོ། འུག་གདོང་མ་ལྗང་གུ། ཁྱི་གདོང་མ་དམར་མོ། ཕག་གདོང་མ་སེར་མོ། སྟག་གདོང་མ་ནག་མོ་རྣམས་ཀྱིས་ཕྱག་ན་གྲི་ཐོད་འཛིན་ཅིང་ཕྱོགས་བཞི་དང་སྟེང་འོག་རྣམས་སུ་འཕྲོས། གཤིན་རྗེ་བརྟན་མ་དང་ཕོ་ཉ་མོ་དང་། མཆེ་བ་མ་དང་། འཇོམས་མ་རྣམས་ཕྱེད་གཟུགས་ཅན་གྲི་ཐོད་སོགས་མཚོན་ཆ་སྣ་ཚོགས་འཛིན་པ་དཔག་མེད་མེ། བདེན་བྲལ། རླུང་། དབང་ལྡན་སོགས་མཚམས་རྣམས་སུ་འཕྲོས་པར་བསམ་ལ། ཧཱུྃ། འདི་ལྟར་ལྷ་མོ་ཡ་མཚན་ཅན་སོགས་ནས་ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །བར་བརྗོད། ཕུར་གདབ་ལ་རྡོ་རྗེ་ར་བའི་ཕྱི་རོལ་ནས་སྒོ་མཚམས་མ་བརྒྱད་ཀྱིས་ཕྱག་ན་ཐོ་བ་ཕུར་པའི་དབལ་རྣོན་ཅན་
རྣམས་ཀྱིས་ཕྱོགས་བཅུའི་བགེགས་བཀུག་ནས་ཁྲོན་དུང་དུ་སྒྱེལ་ཞིང་རང་བཅོམ་ལྡན་འདས་མས་བཀའ་བསྒོས་བཞིན་ཕུར་བུས་བཏབ་པར་དམིགས་ལ། ཨོཾ་བཛྲ་ཝཱ་རཱ་ཧཱི་ཧྲཱིཿགྷ་གྷ་གྷ་ཏ་སོགས་སྡེར་མོའི་སྔགས་བརྗོད་ནས་མཚམས་བཅད་དོ། །དྲུག་པ་ལས་རྡོར་གྱིས་ཕྱག་གསུམ་བཅས། བླ་མ་རྡོ་རྗེ་སློབ་དཔོན་དང་། །སོགས་ནས་ཏིང་འཛིན་ལ་བཞུགས་འཚལ། །ས་མ་དྷི་ཀྲ་མ་ཧོ། ཞེས་ཐུགས་དམ་བསྐུལ། བདུན་པ་མཆོད་རྫས་བྱིན་རླབས་ནི། བདུད་རྩི་ཨོཾ་ཨཱཿབིགྷྣནྟ་ཀྲི་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་སོགས་ནས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་དེ་བཞིན་དུ་ཤབྟའི་བར་བརྗོད། མཆོད་སྤྲིན་འབྱུང་བའི་གཟུངས། ཨོཾ་བཛྲ་དྷརྨ་ར་ནི་ཏ་པྲ་ར་ནི་ཏ་སོགས་ཀྱིས་རྒྱས་པར་སྤེལ། གསུམ་པ་དངོས་གཞིའི་རིམ་པ་ལ་ལྔ། བདག་གི་རྣལ་འབྱོར། བུམ་དཀྱིལ་བསྒྲུབ་པ། མདུན་བསྐྱེད་ཆོ་ག སློབ་མ་རྗེས་
འཛིན། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་ལྔ་ལས། ཐོག་མར་སྐྱབས་སེམས་ནི། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་སོགས་ནས་སྐྱབས་སུ་མཆིའོ། །ཞེས་ལན་བདུན་ནམ་གསུམ། སངས་རྒྱས་ཆོས་དང་སོགས་ནས་འགོད་པར་བགྱི། ལན་གསུམ། གཉིས་པ་ཚོགས་བསག་པ་ནི། མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས་ཕྱག་འཚལ་ལོ། །ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཤབྟའི་བར་གྱི་ཉེར་སྤྱོད་འབུལ་བ་དང་། བདུད་རྩི་དང་། གསང་མཆོད་འབུལ། མཐའ་ཡས་སེམས་ཅན་མ་ལུས་སོགས་ནས་ས་མ་ཡེ་ཧཱུྃ། ཞེས་མཎྜལ་ཕུལ། དཀོན་མཆོག་གསུམ་སོགས་ནས་སངས་རྒྱས་ཤོག །ཅེས་བདུན་རྣམ་དག་བྱ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ་སོགས་ནས་འགྲོ་སྒྲོལ་དེད་དཔོན་ཤོག །ཅེས་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་བཏབ་ནས་དབང་བཞི་ལེན་ཞིང་ཡེ་ཤེས་པ་
རྣམས་རང་ལ་ཐིམ་པས་དམ་ཡེ་གཉིས་མེད་དུ་གྱུར། དེ་ནས་ཚད་མེད་བཞི་ཡི་དོན་རྒྱུད་ལ་འགྲེ་ངེས་སུ་བསྒོམ། གསུམ་པ་བསྐྱེད་རིམ་རྗེས་འབྲེལ་དང་བཅས་པ་ནི། ཨོཾ་སྭ་བྷཱ་ཝ་ནས་སྟོང་པར་སྦྱང་། སྟོང་པའི་ངང་ལས་སོགས་ནས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་སྲུང་བའི་འཁོར་ལོ་གསལ་འདེབས། སྲུང་བའི་འཁོར་ལོའི་དབུས་སུ་ཆོས་འབྱུང་གི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་ཞེས་པ་འདོན་བྱ་ལྟར་ལ། ཇི་སྐད་དུ། སྐྱེ་གནས་བཞི་པོ་འདག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །ཞེས་གསུངས་པ་ལྟར། འདིར་གཙོ་བོར་འདོད་ཁམས་རིགས་ཀྱི་མངལ་སྐྱེས་སྦྱོང་བྱེད་རྡོ་རྗེ་བཞི་བསྐྱེད་ལ། དང་པོ་འཆི་སྲིད་བར་དོ་དང་། གཉིས་པ་དྲི་ཟ་ཉེར་ལེན་གྱིས་ཁུ་ཁྲག་དབུས་སུ་ཞུགས་པ། གསུམ་པ་ལུས་ཡོངས་སུ་གྲུབ་པ། བཞི་པ་བཙས་མ་ཐག་དབང་པོ་ཡུལ་ལ་སད་པའི་རིམ་པ་བཞིན་བསྐྱེད་པ་ལ། ཐོག་མར་རང་གི་སེམས་ཆོས་ཉིད་བསམ་བརྗོད་ལས་འདས་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དོན་དམ་བྱང་ཆུབ་སེམས་ཀྱི་རོལ་པ་ལས། གཟུགས་ཀྱི་སྐུའམ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙིང་རྗེའི་གདངས་རྩལ་དུ་ཤར་བའི་ས་བོན་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་སྤྲོ་
བསྡུས་དོན་གཉིས་བྱས་ནས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། བརྡ་དོན་དང་ཅུང་ཟད་སྦྱར་ན། འགྲོ་མགོན་ཏི་ཤྲི་རས་པའི་གསུང་ལས། སྣ་ཚོགས་པདྨ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡ། པདྨའི་ལྟེ་བར་ཉི་མས་བརྒྱན་པ་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་བྱེད་པའི་བརྡ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཞེས་པ་ནི་དཔལ་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་བྱ་ཞེས་པའི་དོན་ནོ། །རྡོ་རྗེ་ཕག་མོ་ཞེས་པ་ནི་རྡོ་རྗེ་ཐབས། ཕག་ཤེས་རབ། མོ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་བརྡའོ། །སྐུ་མདོག་དམར་མོ་མེ་ཡི་མདོག་ཅན་གཞོན་ཚུལ་ལང་ཚོ་རྒྱས་པའི་གཟི་བྱིན་འབར་བ་ནི། སེམས་ཅན་མི་སྤོང་ཞིང་དབང་དུ་འདུ་བའི་བརྡའོ། །ཞལ་གཅིག་དང་ལྡན་པ་ནི་ཆོས་ཐམས་ཅད་ཆོས་ཀྱི་སྐུར་རོ་གཅིག་པའི་བརྡའོ། །ཕྱག་གཉིས་དང་ལྡན་པ་ནི་བདེན་པ་གཉིས་མཚོན་པའི་བརྡའོ། །ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཕྱར་ཞིང་སྡིགས་མཛུབ་མཛད་པ་ནི་བདུད་དཔུང་ཐམས་ཅད་ཚར་གཅོད་པར་བྱེད་པའི་བརྡའོ། །གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ་ནི་ཡེ་ཤེས་ཀྱི་བདུད་རྩི་ལ་ལོངས་སྤྱོད་ཅིང་
ཐབས་ལ་སྤྲོ་བའི་བརྡའོ། །གྲུ་མོ་ན་ཁ་ཊྭཱཾ་ག་མཐིང་ནག་རྩེ་གསུམ་པ་ཞིག་རྒྱང་ངེར་ཡོད་པ་ནི་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་མཚོན་པའི་བརྡའོ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་ཕྱེད་སིལ་བུར་གྲོལ་བ་ནི་ཆོས་ཐམས་ཅད་གདོད་ནས་མ་བཅིངས་པ་དང་མ་གྲོལ་བའི་བརྡའོ། །རྣ་ལྟག་གཡས་པ་ན་ཕག་པའི་ཞལ་གཅིག་དོད་པའི་ཕག་སྐད་ནམ་མཁར་ངུར་བ་ནི་དུག་ལྔའི་རྟོག་པ་དབྱིངས་སུ་དག་པའི་བརྡའོ། །རྩ་ཞལ་དམར་པོ་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་པ་ནི་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་བརྡའོ། །ཁྲོ་གཉེར་དང་མཆེ་བ་བཞི་གཙིགས་ཞིང་གཡོན་ཕྱོགས་སུ་བརྗེད་པ་ནི་ཉོན་མོངས་བདུད་དང་། ཕུང་པོའི་བདུད་དང་། ལྷ་བུའི་བདུད་དང་། འཆི་བདག་བདུད་སྟེ་བདུད་བཞི་འདུལ་བའི་བརྡའོ། །ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ་ནི་རྒྱལ་བ་རིགས་ལྔ་མཚོན་པའི་བརྡའོ། །ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་མཛད་པ་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་ཡོངས་སུ་དག་པའི་བརྡའོ། །ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་བརྡའོ། །ཞབས་གཡས་བསྐུམ་པས་དུས་མཚན་མའི་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་བརྐྱངས་པས་འཇིག་བྱེད་ནག་པོ་སུམ་བལྟབས་
སུ་མནན་པ་ནི་རྟག་ཆད་གཉིས་ཀྱི་མཐའ་ལས་གྲོལ་བའི་བརྡའོ། །སྐུ་ལས་འཕྲོས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་ནི་མ་རིག་པའི་སྒྲིབ་པ་ཐམས་ཅད་བསྲེགས་པའི་བརྡའོ། །དེ་ལྟ་བུའི་དབུས་ན་དཔའ་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར་པར་བསྒོམ་པ་ནི་ལུས་གདོས་བཅས་ཀྱི་ཞེན་འཛིན་དག་ཕྱིར་སྣང་སྟོང་ལྷ་ཡི་སྐུར་གསལ་བའོ། །ཞེས་དེ་ལྟར་འདོན་བསྒོམ་སྦྲགས་ཤིང་། ཞལ་གདམས་ལྟར་རྣམ་པ་གསལ་བ། རྣམ་དག་དྲན་པ། ལྷ་ཡི་ང་རྒྱལ་དང་མ་བྲལ་བར་བྱའོ། །དེ་ནས་ལུས་གནད་བཅས་ཏེ་སྟོང་ར་རྩ་གསུམ་འཁོར་ལོ་བཞི་རྣམས་ཆོས་དྲུག་ལྟར་བསྒོམ། འཁོར་བསྐྱེད་པ་ནི། དེ་ཡི་འཁོར་ལོ་རྣམ་བཞི་ལ། །མཁའ་འགྲོ་སྡེ་བཞི་འཁོར་བཅས་བསྐྱེད། །ཅེས་པས་ལྷ་ཡས་ནས་མར་གསལ་གདབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་དབུ་མའི་ཡར་སྣེའི་སྤྱི་བོར་ཐོར་ཚུགས་ཀྱི་ནང་རྡོ་རྗེ་ཕྱེད་པའི་ལྟེ་བ་སྦུབ་སྟོང་གི་ནང་དུ་རྣམ་སྣང་ཧེ་རུ་ཀའི་རྣམ་པས་པད་ཉི་ལ་བཞུགས་པ། དེའི་འཁོར་དང་ཕྱི་རོལ་གྱི་རུས་པའི་འཁོར་ལོའི་སྟེང་དུ་བརྒྱུད་པའི་བླ་མ་དང་གྲུབ་ཐོབ་ཀྱི་ཚོགས་སྤྲིན་ལྟར་གཏིབས་པ། རྩ་འཁོར་བཞི་ཡི་དབུས་སོ་སོར་པད་ཉི་རེ་རེར་གནས་པའི་སྤྱི་བོར་པད་ཉི་ལ་ཧ་ལས་རྡོ་རྗེ་མཁའ་
འགྲོ་མ་སྔོན་མོ་རྡོ་རྗེས་མཚན་པའི་གྲི་གུག་ཕྱར་ཞིང་། མགྲིན་པར་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ། ལྟེ་བར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ། གསང་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་མོ། དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་ཀྱིས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་བསྒྲེང་བ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གསལ་བར་བསྒོམ་པའོ། །དེ་ནས་འདོན་བྱ་ལྟར་བདག་བསྐྱེད་ཀྱི་ལྷ་ལ་གོ་ཆའི་དཔའ་མོ་དྲུག་གིས་མཚན་པར་བསམ། ཡེ་ཤེས་པ་སྤྱན་འདྲེན་པ་ནི། བདག་ཉིད་ཕག་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རྩ་འཁོར་བཞི་ཡི་མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་རང་མདོག་གི་ཧ་རི་ནི་སའི་ཡི་གེ་ལྔ་ལས་འོད་ཟེར་འཕྲོས་རྩ་གསུམ་ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ་བས། རྡོ་རྗེ་རྣལ་འབྱོར་མའི་སྐུ་ཆེ་ཕྲ་དཔག་ཏུ་མེད་པ་ཕྱོགས་ཐམས་ཅད་ནས་ཉི་ཟེར་གྱི་རྡུལ་འཚུབ་པ་ལྟ་བུར་སྤྱན་དྲངས་པར་བསམ་ལ་འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ཕེཾ་གསུམ་དང་། སྤྱན་འདྲེན་གྱི་སྔགས་
དང་། ཐོད་ལྔ་དང་རྐང་གླིང་སོགས་རོལ་མོའི་རིགས་རྣམས་ཀྱི་སྒྲ་དང་ཤ་ཆེན་གྱི་གསུར་དུད་སྤོས་སྦྱོར་སོགས་ཀྱིས་སྤྱན་དྲངས། ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་ཀྱིས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་ཡར་འཁྱིལ་བ་ལས་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔ་སོ་སོས་དབུ་བརྒྱན་པར་བསམ། དེ་ལྟར་གསལ་བའི་ལྷ་ལ་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ་ནས་ཤབྟའི་བར་ཉེར་སྤྱོད་དང་བདུད་རྩི་གསང་མཆོད་བཅས་ཀྱིས་མཆོད་ནས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ནས་ཕྱག་འཚལ་བསྟོད། །ཅེས་བསྐྱེད་རིམ་རྗེས་འབྲེལ་བཅས་གྲུབ། བཞི་པ་
གསུང་བཟླས་པའི་རིམ་པ་ནི། དེ་ལ་ཐོག་མར་ལྷ་སྐུའི་གསལ་སྣང་ལ་སེམས་འཛིན་པར་གསུངས་པས་ཡས་ནས་མར་གསལ་འདེབས་པ་ལ། གཙུག་ཏོར་གྱི་ཐད་དུ་རྣམ་སྣང་ཧེ་རུ་ཀ་བཞུགས་པ་དེའི་འཁོར་གྲུབ་ཐོབ་ཀྱི་ཚོགས། གཙུག་ཏོར་གྱི་ཕྱི་དབྱིབས་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་རྣམ་པ། དབུ་སྐྲ་དམར་སེར་ཕྱེད་གྱེན་དུ་བརྫེས་ཏེ་འཁོར་ལོའི་ལྟེ་བ་ནས་དྲངས་ཏེ་རལ་པའི་ཅོད་ཅན་དུ་བྱས་པ་ལྷག་མ་རྒྱབ་ཏུ་སིལ་བུར་གྲོལ་བ། མི་རུས་ཀྱི་འཁོར་ལོ་རྩིབས་དྲུག་པ་ཕྱི་མུ་ཁྱུད་མེད་པ། སྐྲ་མཚམས་སུ་རྡོ་རྗེ་ནག་པོ་ཆུར་ཉལ་བའི་ཕྲེང་བ་བསྒྲིགས་པ། དེ་ཡི་སྟེང་དུ་ཐོད་པ་སྐམ་པོ་དཀར་ལ་འཚེར་བ་ཕེཾ་གྱི་སྒྲ་སྒྲོགས་པ་ལྔས་དབུ་བརྒྱན་པ། དེའི་སྟེང་དུ་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་ཀྱི་རྩེ་བྲན་ཅན། ཐོད་སྐམ་གྱི་ཁ་ནས་རུས་པའི་ཟ་ར་ཚགས་དྲྭ་བ་དྲྭ་ཕྱེད་དུ་འཕྱང་བ། འཁོར་ལོའི་རྩིབས་དང་དབུ་རྒྱན་གྱི་རྩེ་རུས་པའི་ཕྲེང་བས་སྦྲེལ་བ། དབུ་སྐྲ་འཆིང་བའི་དར་དཔྱངས་ཕན་ཚུན་དུ་རླུང་གིས་བསྐྱོད་པ། སྐུ་མདོག་མེ་དང་སིནྡྷུ་ར་ལྟར་དམར་ཞིང་བསྐལ་པའི་མེ་འོད་འཕྲོ་བས་བརྟན་གཡོ་ཐམས་ཅད་གཡོ་ཞིང་བཅུད་འཕྲོག་པ། ཞལ་རས་དམར་ཞིང་ཉི་མའི་དཀྱིལ་འཁོར་ལྟར་རྒྱས་ཤིང་ཁྲོ་ཉམས་དང་ལྡན་པ། སྤྱན་གསུམ་དམར་ཞིང་
གཡོ་བ། དཔྲལ་བའི་དབྱེས་ཡངས་པ། སྨིན་མ་ནག་ཅིང་འཁྱུག་པ། ཤངས་དཀྱུས་རིང་ཞིང་མཛེས་པ། མཁུར་ཚོས་རྒྱས་ཤིང་ཁྲག་གིས་ལྕི་བ། ཞལ་མཆུ་སྒྲོས་མཛེས་ཤིང་ཡིད་དུ་འོང་བ། ཚེམས་དཀར་ཞིང་ཐགས་བཟང་བ་བཞི་བཅུ་ཚང་བ། ཁྱད་པར་མཆེ་བ་བཞི་དཀར་ཟླུམ་རྣོ་ལ་ཅུང་ཟད་གཙིགས་ཏེ་ཡས་ཀྱི་མཆེ་བས་མ་མཆུ་ནོན་ཙམ་པ། ལྗགས་དམར་ཞིང་སྲབ་ལ་ཡང་བ་ཡ་རྐན་ལ་དྲིལ་ཏེ་ཧྲཱིཿདང་ཕེཾ་གྱི་སྒྲ་འབྲུག་ལྟར་སྒྲོགས་པ། སྙན་གཉིས་སྙན་ཤལ་རིང་པོར་འཕྱང་ཞིང་སྙན་རྒྱན་གྱིས་མཛེས་པ། མགུལ་པ་འཇམ་ཞིང་མགུལ་རྒྱན་གྱིས་བཀྲ་བ། སྐུ་སྟོད་སེང་གེ་ལྟར་ཁོ་ལག་ཡངས་ཤིང་བརྟན་པ། ཟླུམ་ཞིང་འབུར་བའི་ནུ་འབུར་ཟུང་ཟླ་བ་ལྟར་རྒྱས་པ། པདྨའི་སྡོང་བུ་ལྟར་འཇམ་ཞིང་མཉེན་པའི་ཕྱག་གཉིས་ཀྱི་མཐིལ་དམར་ཞིང་འཇམ་ལ་སོར་མོ་དྲ་བས་འབྲེལ་བ་ཅན། ཕྱག་གདུབ་དང་། དཔུང་གདུབ་དང་། སོར་གདུབ་ཀྱིས་མཛེས་པའི་ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁར་ཕྱར་བ། ཕྱག་གཡོན་པས་སྐྱེས་པའི་ཐོད་ཆེན་དུམ་བུ་གཅིག་པ་ལྷ་མིན་ནམ་བདུད་བཞིའི་ཁྲག་གིས་བཀང་སྟེ་རྦ་རླབས་འཁྱིལ་བ་ཞལ་དུ་གསོལ་བཞིན་པ། གྲུ་མོ་གཡོན་གྱི་ནང་དུ་ཁ་ཊྭཱཾ་གའི་རྩེ་ལ་རྡོ་རྗེ་ཕྱེད་པ་དང་།
བར་དུ་མི་མགོ་སྐམ་རྙིང་རློན་གསུམ་བརྩེགས་པའི་འོག་ཏུ་བདུད་རྩིའི་བུམ་པ་དང་། རྡོ་རྗེ་རྒྱ་གྲམ་ལས་དར་དཔྱངས་དང་དྲིལ་བུ་ཌཱ་མ་རུ་འཕྱང་བ། ཡུ་བ་བརྒྱད་བཞོག་མར་སྣེར་རྡོ་རྗེ་ཕྱེད་པ་ཅན་སྐུ་ཚད་དང་དཔང་མཉམ་པ། སྐེད་པ་ཕྲ་ཤིང་ལྡེམ་པ་ལ་རུས་རྒྱན་དང་རིན་པོ་ཆེའི་སྐ་རགས་དྲིལ་བུ་གཡེར་ཁ་འཁྲོལ་བས་བརྒྱན་པ། སྐུ་སྨད་རྒྱས་ཤིང་སྒེག་པ་བཅུད་ཀྱིས་གང་བ། བརླ་ཟུང་ཆུ་ཤིང་ལྟར་སྲ་ཞིང་ཟླུམ་ལ་འདྲིལ་བ། བྱིན་པ་རི་དྭགས་ཨེ་ཎ་ཡའི་བྱིན་པ་ལྟར་ཟླུམ་ཞིང་བྱིན་གྱིས་ཕྲ་བ། ཞབས་ལོང་བུ་མི་མངོན་ལ་མཐིལ་མཉམ་ཞིང་དམར་ལ་རྟིང་པ་ཡངས་ཤིང་ཞབས་སོར་རྣམས་དྲྭ་བས་འབྲེལ་བ་དང་ལྡན་པ། ཞབས་གདུབ་ཀྱིས་མཛེས་པའི་ཞབས་གཡས་བསྐུམ་པས་དུས་མཚན་མའི་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་བརྐྱངས་པས་འཇིགས་བྱེད་ནག་པོ་སུམ་བལྟབས་སུ་མནན་པ། གདན་ཉི་མའི་དཀྱིལ་འཁོར་དང་པདྨའི་ཟེའུ་འབྲུ་དམར་པོ། གེ་སར་དམར་སེར། འདབ་བཞི་ཕྱོགས་མདོག་སོགས་གསལ་ལེགས་པར་བཏབ་ལ་ཇི་སྲིད་གནས་ཀྱི་བར་དང་། གཉིས་པ་བཟླས་པའི་རིམ་པ་ལ་འཇུག་པའི་ཐོག་མར་ཕྲེང་བ་བྱིན་རླབས་ནི། བོ་དྷི་ཙེའམ་ཙན་དན་དམར་པོ་སོགས་ལས་མཐུན་གྱི་ཕྲེང་བ་ལག་མཐིལ་གཡོན་པདྨ་
འདབ་མ་གསུམ་པར་བསམ་པའི་དབུས་སུ་སྦྲུལ་འཁྱིལ་བ་ལྟར་བཞག །ལག་གཡས་རྡོ་རྗེ་རྩེ་ལྔ་པར་མོས་པས་སྟེང་ནས་བཀབ་སྟེ། ཕྲེང་ཐག་སྙིང་པོའི་སྔགས་ཕྲེང་། ཕྲེང་རྡོག་རྣམས་ས་བོན་སོ་སོའི་སྔགས་སམ་འཁོར་མཁའ་འགྲོ་ལྔའི་ཚོགས་དང་། མདུད་འཛིན་འོག་མ་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་དང་། སྟེང་མ་འཁོར་ལོ་བདེ་མཆོག་གི་བདག་ཉིད་དེ་ཁ་སྦྱོར་གྱི་སྐུ་སངས་རྒྱས་དཀོན་མཆོག་གི་ངོ་བོར་མོས་ཏེ་ཡེ་ཤེས་པ་བསྟིམ། དེ་འོད་དུ་ཞུ་བ་ལས་རྣམ་པ་འདུ་བྱེད་དག་པའི་ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ། ངོ་བོ་སྔགས་ཀྱི་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་མོས་ཏེ་མཐེ་བོང་གཡོན་པ་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་ཕྲེང་རྡོག་རེ་རེ་ཞིང་རྣལ་འབྱོར་མ་ལྷ་ལྔའི་ངོ་བོར་སྤྱན་དྲངས་ཏེ་ས་བོན་ཧྲཱིཿལ་ཐིམ་པས་ལྷ་དབང་དུ་གྱུར་པར་བསམ་སྟེ་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་བགྲང་བར་བྱའོ། །ངག་གི་བཟླས་པ་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། ཐོག་མར་བསྙེན་པའི་སྐབས་རང་གི་སྙིང་གར་ཆོས་འབྱུང་པདྨ་འདབ་བཞིའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཧྲཱིཿལ་རྩ་སྔགས་སྙིང་པོ་སྔགས་ངོ་ནང་བསྟན་གཡས་སུ་བཀོད་པ་འདབ་མ་བཞི་ལ་ཧ་རི་ནི་ས་གསལ་བཏབ་སྟེ། ཨོཾ་བཛྲ་བཻ་རོ་
ཙ་ནཱི་ཡེ་ཧ་རི་ནི་ས་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རྩ་སྔགས་སམ་སྙིང་པོ་རྩེ་གཅིག་ཏུ་བཟླ་བའོ། །ལུས་གདོས་བཅས་ཀྱི་སྣང་ཞེན་མེད་པར་ལྷ་ཡི་སྐུ་ལ་གསལ་སྣང་བརྟན་པར་བྱུང་ནས། སྒྲུབ་པའི་སྐབས་འཁོར་ལོ་བཞི་ཡི་ལྷ་སོ་སོའི་ཐུགས་སྲོག་ས་བོན་དང་། དོན་ཀུན་སྒྲུབ་བྱེད་ཀྱི་འཁོར་ལོའི་ཡི་གེ་རྣམས་ལས་འོད་ཟེར་མཆོད་པའི་སྤྲིན་དུ་འཕྲོས། རྒྱལ་བའི་ཞིང་དང་ཨོ་རྒྱན་གྱི་གནས་ན་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་དུ་མཆོད་ཅིང་མཉེས། ཡེ་ཤེས་ཀྱི་སྐུ་དེ་རྣམས་ལས་རང་འདྲའི་སྐུ་གྲངས་མེད་པ་འཕྲོས། དམ་ཚིག་པའི་དཔྲལ་བར་ཐིམ་པས་སྐུ་དང་ལུས་དབྱེར་མེད་དུ་བྱས། བུམ་པའི་དབང་ཐོབ། ལུས་ལ་བདེ་བ་འཕེལ། གསུང་ལས་སྔགས་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་འཕྲོས། དམ་ཚིག་པའི་མགྲིན་པར་ཐིམ་པས་གསུང་དང་ངག་དབྱེར་མེད་དུ་བྱས། གསང་དབང་ཐོབ། ངག་ལ་ནུས་པ་འབར། ཐུགས་ཀ་ནས་བྱང་སེམས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་བྱུང་། དམ་ཚིག་པའི་སྙིང་གར་ཐིམ། བདེ་སྟོང་གི་ཡེ་ཤེས་སྐྱེས་ཏེ་ཐུགས་དང་སེམས་དབྱེར་མེད་དུ་བྱས་པ་ནི་དབང་གསུམ་པའོ། །དེ་ནས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དབྱེར་མེད་དུ་གྱུར་པ་ནི་དབང་བཞི་པའོ། །དེ་ལྟར་དམ་
ཡེ་གཉིས་སུ་མེད་པའི་ངང་ནས་སེམས་རང་བབ་ཡེངས་མེད་དུ་རྩ་སྔགས་སྙིང་པོ་བཟླ་བར་བྱའོ། །ཉིན་རེར་ཐུན་ཆེན་བཞི་ལས་ཐུན་རྗེས་མར་ཉེ་བར་བསྙེན་པའི་སྙིང་པོ་ཨོཾ་གསུམ་མ་གང་འགྲུབ་བཟླའོ། །ལས་སྦྱོར་གྱི་སྐབས་སུ་གཙོ་མོའི་སྐུ་ཡི་སྤྱི་བོར་རྡོ་རྗེ་མཁའ་འགྲོ་མའི་ཐུགས་ཀར་ས་བོན་ཧ་སྔོན་པོ། འདབ་མ་བཞི་ལ་ཧྲཱིཿརི་ནི་ས། རྩ་འདབ་སོ་གཉིས་ལ་རང་དང་འདྲ་བའི་འཁོར་རྣམས་ཀྱི་ཐུགས་སྲོག་ཧ་ཡིག་རེ་བསམ་མོ། །མགྲིན་པར་རིན་ཆེན་མཁའ་འགྲོ་མའི་ཐུགས་ཀའི་ས་བོན་རི་སེར་པོ། འདབ་མ་བཞི་ལ་ཧྲཱིཿཧ་ནི་ས། རྩ་འདབ་བཅུ་དྲུག་གི་འཁོར་ལྷ་རྣམས་ཀྱི་ཐུགས་ཀར་རི་ཡིག་རེ། སྙིང་གར་པདྨ་མཁའ་འགྲོའི་ཐུགས་ཀའི་ས་བོན་ནི་དམར་པོ། འདབ་མ་བཞི་ལ་ཧྲཱིཿཧ་རི་ས། རྩ་འདབ་བརྒྱད་ཀྱི་འཁོར་ལ་ནི་རྐྱང་རེ། ལྟེ་བར་ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས་ལྗང་གུ། འདབ་མ་བཞི་ལ་ཧྲཱི་ཧ་རི་ནི། འཁོར་དྲུག་ཅུ་རྩ་བཞི་ལ་ས་རྐྱང་རེ་གསལ་བཏབ་ལ་གཙོ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ས་བོན་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། ཁམས་གསུམ་འགྲོ་བའི་སྒྲིབ་པ་མ་ལུས་པ་སྦྱངས། སྣང་སྲིད་ཐམས་ཅད་ལྷ་ཡི་འཁོར་ལོར་བསྒྱུར། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། ལས་བཞི་འབད་མེད་
ལྷུན་གྲུབ་ཏུ་འགྲུབ་པར་མོས་ལ་རྩ་སྔགས་སྙིང་པོ་བཟླའོ། །ཉེ་བསྙེན་ཡང་ཅུང་ཟད་བཟླ། གཞུང་ནས་གསུངས་པའི་ལས་སྦྱོར་གྱི་སྔགས་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་རི་ནི་ས་ཧ་ནི་རི་ཧ་ས་ས་ནི་རི་ཧ་ཨཱ་ཀརྵ་ཡ་ཧྲཱིཿཛཿ ཞེས་པ་ཡང་ཅུང་ཟད་བཟླས་ན་བཟང་སྙམ། མདོར་ན་སྒོ་གསུམ་ཐུན་མོང་དུ་མི་སྡོད་པ་གསུམ་གྱི་བཟླས་པ་ནི། འོག་རླུང་ཅུང་ཟད་འཐེན་སྟེང་རླུང་གློད་དེ་ལུས་མི་སྡོད་པ་གཡོ་འགུལ་དང་བཅས་ནས་བཟླ་བ་ནི་ཕྱི་མཁའ་འགྲོ་མའི་སྐུའི་སྲོག་དབང་བསྡུ་བའོ། །མི་ཚིག་གིས་བར་མ་ཆོད་པར་བཟླ་བ་ནི་མཁའ་འགྲོ་མའི་གསུང་གི་སྲོག་དབང་བསྡུ་བའོ། །དང་པོ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་སྡུད་ཅིང་མཐར་རྣམ་པར་རྟོག་པ་གཅིག་གིས་ཀྱང་བར་མ་ཆོད་པར་བཟླ་བ་ནི་གསང་བ་མཁའ་འགྲོ་མའི་ཐུགས་ཀྱི་སྲོག་དབང་བསྡུ་བའོ། །ཞེས་གསུངས་པ་ལྟར་བྱའོ། །རྩ་སྔགས་འབུམ་གསུམ་དང་ཉེ་སྙིང་འབུམ་གཅིག་གསུངས་པ་ནི་ཤིན་ཏུ་བསྡུས་པའོ། །ལྔ་པ་ཐུན་བསྡུ་བ་ནི། དེ་ནས་ཐུགས་ཀའི་ས་བོན་ལས་
སོགས་ནས་འོད་གསལ་སྟོང་པ་ཉིད་དུའོ། །ཞེས་འདོན་བསྒོམ་སྦྲགས་ནས་དམིགས་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག སླར་ཡང་ཟུང་འཇུག་གི་སྐུ་སོགས་ནས་གསལ་བར་གྱུར། ཅེས་སྤྱོད་ལམ་ལ་འཇུག་པར་བྱའོ། །༈ གཉིས་པ་བུམ་དཀྱིལ་བསྒྲུབ་པ་ནི། བིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་བྷྲཱུྃ་ལས་བུམ་པ་སོགས་ནས་རྣམ་པར་རྒྱལ་བའི་སྐུར་གྱུར་ཅེས་དང་། ཕྱོགས་ཀྱི་པདྨ་འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་སོགས་ནས་ཡོངས་སུ་རྫོགས་པའི་སྐུར་གྱུར་ཅེས་དང་། ལས་བུམ་དུ་པདྨ་ཉི་མའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བགེགས་མཐར་བྱེད་སོགས་ནས་བཞེངས་པའོ། །གཙོ་མོའི་ཐུགས་ཀར་སོགས་ནས་འབར་བའི་རྒྱ་དཔྲལ་བར་བསྐོར་ཞིང་ཕེཾ་གསུམ་གྱིས་སྤྱན་དྲངས། ཡེ་ཤེས་པ་མདུན་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ནས་ཤབྟ་ཨ་ཧཱུྃ། ཞེས་མཆོད་ལ། ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་སུ་
མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་། ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། བགེགས་མཐར་བྱེད་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། བཟླས་པ་ནི། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་སོགས་ནས་བུམ་པ་གང་བར་གྱུར་པར་དམིགས་ལ། སྙིང་པོ་བརྒྱ་རྩ་བརྒྱད་སོགས་གང་འགྲུབ་དང་། ལས་སྔགས་ཨོཾ་ཨཱཿབིགྷྣན་སོགས་ཉེར་གཅིག་ཙམ་བཟླ་བར་གསུངས། བུམ་བཟླས་སྐབས་དམིགས་པ་ནི། སིནྡྷུ་རའི་མཎྜལ་གྱི་སྟེང་དུ་གཟུངས་ཐག་རྡོ་རྗེ་བཞག་པའི་སྣེ་ནས་བཟུང་ལ། སིནྡྷུ་རའི་མཎྜལ་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་ཚོན་གང་བ་བསམ། ཐུགས་སྲོག་ས་བོན་རྣམས་ཀྱི་འོད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྣམ་པས་སྟེང་གི་ནམ་མཁར་སྤྱན་དྲངས་ཏེ་སྦྱོར་མཚམས་
ནས་བདུད་རྩིའི་རྒྱུན་བབས་པས་ཧྲཱིཿཡིག་ལ་རྒྱུན་མི་འཆད་པར་ཐིམ་ཞིང་ཧྲཱིཿཡིག་དེ་ལྕི་ཞིང་སྣུམ་པས་བདུད་རྩིའི་རྒྱུན་བབ་སྟེ་སིནྡྷུ་རའི་དཀྱིལ་འཁོར་གང་། ཕྱིར་ལུད་པས་མཁའ་འགྲོ་དབང་སྡུད་ཀྱི་འཁོར་ལོ་གང་། སླར་ལུད་པས་དར་དམར་གྱི་དཀྱིལ་འཁོར་གང་། དེ་ནས་ཡང་ལུད་པས་ཐོད་པ་གང་། སླར་ལུད་པས་བུམ་པ་གང་ཞིང་བུམ་ཐོད་ཀྱི་རྟེན་བརྟེན་པ་ཡང་བདུད་རྩིར་ཞུ་བར་བསམ། མཐར་མེ་ལོང་ཐོད་པ་བུམ་པ་བདུད་རྩིས་རིམ་བཞིན་ཁེངས་ཏེ་བུམ་ལྷ་ཡང་འོད་དུ་ཞུ་བར་བསམ་པའོ། །ཐུན་བསྡུ་བ་ན། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཤབྟའི་བར་དང་། བདུད་རྩི་དང་བསང་མཆོད་ཀྱིས་མཆོད། ཨོཾ། བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །སོགས་ནས་བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བར་གྱིས་བསྟོད། ལས་རྡོར་གྱིས་དུང་ཞལ་བུམ་པར་ཕུལ་ལ། ཨོཾ་བཛྲ་ཨུ་དཱ་ཀ་ཧཱུྃ། བུམ་ལྷ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། །གསུམ་པ་མདུན་བསྐྱེད་ཆོ་
ག་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སོགས་ནས་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་བར་གྱིས་སྲུང་འཁོར་གསལ་གདབ། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་སོགས་ནས་སྐུར་གྱུར། ཅེས་དང་། སྤྱན་འདྲེན་པ་ནི། གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་སོགས་ནས་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་བ་བསྐོར་ཞིང་ཕེཾ་གསུམ་བརྗོད། དུང་རྒྱག་རྔ་རོལ་འབེབས་རྫས་ཀྱིས་སྤོས་འགྲིམ། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས་སོགས་ནས་གཤེགས་སུ་གསོལ། །ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི་སོགས་འབེབས་སྔགས་རོལ་མོ་སོགས་བྱ་ཞིང་ཉེར་སྤྱོད་ཀྱིས་མཆོད་ལ། ཛཿཧཱུྃ་བཾ་ཧོཿས་དམ་ཡེ་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔས་དབང་བསྐུར། ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་སོགས་རིགས་ལྔས་དབུ་བརྒྱན་པར་བསམ་པའོ། །དེ་ནས་མཆོད་བཞི་བསྟོད་
བཞི་བྱ་བའི་ཐོག་མར་མཆོད་པ་བྱིན་བརླབ་ནི། མཆོད་རྫས་རྣམས་གསོ་བྲན་བཅས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་སོགས་ནས་ཤབྟའི་བར་བརྗོད། མཆོད་སྤྲིན་འབྱུང་བའི་གཟུངས་ཀྱིས་རྒྱས་པར་སྤེལ། དང་པོ་ཕྱི་མཆོད་ཉེར་སྤྱོད་འབུལ་བ་ནི། ཨོཾ། མཆོད་ཡོན་སོགས་ནས་ཤབྟའི་བར་གྱིས་མཆོད། ཧཱུྃ། བཅོམ་ལྡན་འདས་མ་རྡོ་རྗེ་སོགས་ནས་ཕྱག་འཚལ་ལོ། །ཞེས་བསྟོད། གཉིས་པ་ནང་མཆོད་རྡོ་རྗེའི་རིག་མ་བཅུ་དྲུག་གི་མཆོད་པ་ནི། པི་ཝཾ་མ་དང་གླིང་བུ་མ། །སོགས་ནས། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཧུྃ་ཧཱུྃ་ཕཊ། ཅེས་སྦྱར་བས་མཆོད། ཧཱུྃ། བདེ་ཆེན་རང་བྱུང་རྡོ་རྗེ་མཁའ་འགྲོ་སོགས་ནས་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གསུམ་པ་ཁྱད་པར་གསང་བའི་རྫས་ཀྱི་མཆོད་པ་ནི། ཤ་ཆེན་གསུར་གྱི་བདུག་སྤོས་སོགས་ནས་ཤབྟའི་བར་གྱིས་མཆོད། ཧཱུྃ། རྡོ་རྗེ་ཕག་མོའི་སྐུ་ཡི་ཆ་ལུགས་སོགས་ནས་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །
ཅེས་བསྟོད། བཞི་པ་དོན་དམ་བྱང་ཆུབ་སེམས་ཀྱི་མཆོད་པ་ནི། ཨོཾ། དམན་པའི་ཡུལ་ལས་རབ་འདས་སོགས་ནས་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་དང་། བཛྲ་ཝཱ་རཱ་ཧཱི། ཨོཾ་ཨཱཿཧཱུྃ། དེ་བཞིན་དུ་བུདྡྷ་ཌཱ་ཀི་ནི་སོགས་ནས་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩིས་མཆོད། ཧཱུྃ། འོག་མིན་གནས་མཆོག་དམ་པ་སོགས་ནས་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་ནི། བཟླས་དམིགས་འདོན་བྱ་ལྟར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སོགས་ནས་གཉིས་སུ་མེད་པར་གྱུར། ཅེས་དམིགས་ལ་སྙིང་པོ་ཅི་རིགས་བཟླ་བར་གསུངས། མདུན་བསྐྱེད་སྐབས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསུམ་བརྒྱུད་ཀྱི་དམིགས་བཟླས་ནི། བདག་བསྐྱེད་ཀྱི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་འཕྲོས། མདུན་བསྐྱེད་ཀྱི་དཔྲལ་བར་ཐིམ། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་དཔྲལ་བར་ཐིམ་པས་དེ་རྣམས་
ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བྱོན། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བར་ཐིམ་པས་མདུན་བསྐྱེད་གཙོ་འཁོར་གྱི་སྐུའི་བྱིན་རླབས་བསྡུས་ཏེ་དཔྲལ་བ་ནས་འོད་དཀར་པོའི་རྣམ་པར་ཚུར་བྱོན། རང་གི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་ཐམས་ཅད་ཐོབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་ཀྱི་ང་རྒྱལ་བརྟན་པར་བྱའོ། །དེ་བཞིན་དུ་མགྲིན་པ་ནས་གསུང་གི་འོད་ཟེར་དམར་པོ་སུམ་བརྒྱུད། སྙིང་ག་ནས་ཐུགས་ཀྱི་འོད་ཟེར་སྔོན་པོ་སུམ་བརྒྱུད། ལྟེ་བ་ནས་ཡོན་ཏན་གྱི་འོད་ཟེར་སེར་པོ་སུམ་བརྒྱུད། གསང་བ་ནས་ཕྲིན་ལས་ཀྱི་འོད་ཟེར་ལྗང་གུ་སུམ་བརྒྱུད་ཀྱི་དམིགས་བཟླས་བྱ་བར་གསུངས། གཞུང་ཞལ་གདམས་ཀྱི་དགོངས་པ་དངོས་ནི། ལུས་སྣང་ལྷ་སྐུ་སྣང་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ། ངག་གྲགས་སྟོང་སྔགས་ཀྱི་སྒྲ་དབྱངས་བྲག་ཆ་ལྟ་བུ། སེམས་རིག་སྟོང་འོད་གསལ་གཞི་རྩ་དང་བྲལ་བ་ཆོས་ཉིད་ཕྱག་རྒྱ་ཆེན་པོ་ལས་གཡོ་བ་མེད་པར་བཞག་ནས་བཟླ་བར་གསུངས་སོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྔགས་རྒྱས་པར་སྤྲོ་ན། ཐུན་མོང་མ་ཡིན་པའི་བཟླས་པ་ལྔ་ནི། སྐུ་གསལ་གདབ་ཀྱི་བཟླས་པ། འགོག་བཟླས་ཆུང་ངུ་། སྤྲོ་བསྡུའི་བཟླས་པ། རྡོ་རྗེའི་
བཟླས་པ། འགོག་བཟླས་ཆེན་པོ་སོགས་ལྷ་ཁྲིད་རྒྱས་པ་རྣམས་སུ་གཟིགས་འཚལ། སྤྱིར་དང་པོ་བདག་བསྐྱེད་གཙོ་བོར་བསྒྲུབ། གྲངས་བསྙེན་ཙམ་ཐེམ་ནས་ཆ་མཉམ་དང་། བདུད་རྩི་སྒྲུབ་པ་སོགས་ལ་མདུན་བསྐྱེད་གཙོ་ཆེ་བར་བསྒྲུབ་ཅིང་། བརྟན་པ་ལེགས་པར་ཐོབ་ནས་བདག་མདུན་དང་མཉམ་རྗེས་སོགས་ཐ་དད་མེད་པར་བསྐྱེད་རྫོགས་དབྱེར་མེད་ཀྱིས་བསྒྲུབ་པའོ། །སློབ་མ་རྗེས་འཛིན་དབང་བསྐུར་གྱི་སྐབས་སུ་བུམ་ཐོད་མེ་ལོང་སོགས་ནུས་ལྡན་དུ་བསྒྲུབ་རྒྱུ་གལ་ཆེ། ༈ བཞི་པ་ཐུན་མཚམས་ལག་མཆོད་ཀྱི་རིམ་པ་ནི། རང་གི་མདུན་དུ་སྐྱེས་པའི་ཐོད་པ་དུམ་བུ་གཅིག་པའམ་གསུམ་པར་ནས་འབྲས་སོགས་འབྲུ་དང་། རྒུན་འབྲུམ་སོགས་ཤིང་ཏོག་དང་། བུ་རམ་སོགས་ཤིང་དང་། སྦྲང་རྩི་སོགས་མེ་ཏོག །དེ་དག་ལས་བྱུང་བའི་མྱོས་བྱེད་ཆང་སྣ་བཞི་ཀའམ་གང་རུང་ལ་བདུད་རྩི་རིལ་བུ་སྦྱར་བ་བཞག །རང་ཉིད་ལྷར་གསལ་བའི་སྲིན་ལག་གཡོན་གྱིས་བདུད་རྩི་བླངས་ཏེ། ཨོཾ་ཨཱཿབིགྷྣན་བཟླ་བཞིན་འཐོར་བས་བགེགས་བསང་། ལག་པའི་སོར་མོ་ལྔ་མཐེ་བོང་ས་ནས་མཐེའུ་ཆུང་ནམ་མཁའི་བར་འབྱུང་བ་ལྔར་ལྷུན་གྲུབ་ཏུ་གནས་པའི་གཡོན་གྱི་མཐེབ་སྲིན་ས་རླུང་ཐབས་ཤེས་སུ་སྦྱར་བ་ཆོས་འབྱུང་ལྷུན་གྲུབ་ཏུ་འབྱུང་བ་སྟེང་
དུ་བཅས་ཏེ་པད་ཀོར་གྱིས་འོག་ཏུ་སྦུབས་ནས་སྭ་བྷཱ་ཝ་བརྗོད་བཞིན་པས་ཆང་ཐོད་ཀྱི་མདུན་ནས་གཡོན་ངོས་སུ་ཟླུམ་པོར་བསྐོར་བས་བདུད་རྩིའི་རྒྱ་མཚོ་དཀར་དམར་བསམ་པ་ནི་བདེ་བའི་བརྡའོ། །དེ་ནས་མདུན་དུ་གཡོན་བསྐོར་དུ་ཆོས་འབྱུང་གྲུ་གསུམ་པ་བྲི་བཞིན་ཨོཾ་ཨཱཿཧཱུྃ། བརྗོད་པ་ནི་བདེ་བ་སྟོང་པར་རྟོགས་པའི་བརྡའོ། །དེ་ཡི་དབུས་སུ་ཧྲཱིཿདང་། ཕྱོགས་བཞིར་ཧ་རི་ནི་ས་ཞེས་ཐིག་ལེ་ལྔ་བྱས་པ་ནི་སྟོང་པ་རང་རིག་འོད་གསལ་དུ་རྟོགས་པའི་བརྡ་ཏེ་བརྡ་གསུམ་མོ། །དེ་ལས་ཆང་ནང་དུ་ལྷ་ལྔ་རྟེན་བརྟེན་པ་བསྐྱེད་པ་ནི་ཆང་ནང་གི་དཀྱིལ་འཁོར་རོ། །དེ་ནས་ལག་པ་གཡས་གཡོན་ཕན་ཚུན་ཆང་གིས་བསང་ཞིང་ཨོཾ་གསུམ་མའི་སྔགས་བརྗོད། ལག་གཡོན་གྱི་མཐེབ་སྲིན་གྱིས་གཡས་ཀྱི་མཐིལ་དང་མཛུབ་མོ་ལྔ་ལ་རིམ་པར་ཐིག་ལེ་བྱས་ལ། ལག་གཡས་པའི་མཐིལ་ཨོཾ་ཧ་དང་མཛུབ་མོ་ལྔ་ལ་ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧཾ། རྣམས་ཀྱིས་མཚན་པར་གྱུར། ལག་གཡོན་པ་མཐིལ་ལ་
ཨོཾ་བཾ། མཛུབ་མོ་ལྔ་ལ་ཧྃ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་པས་མཚན་པར་གྱུར། དེ་དག་རྒྱལ་བ་ཡབ་ཡུམ་བཅུ་གཉིས་ཀྱི་རང་བཞིན་འོད་དང་འོད་ཟེར་འབར་བར་བསམ་པ་ནི་ལག་པའི་དཀྱིལ་འཁོར་རོ། །དེ་ནས་དཔལ་ལྡན་བཀྲ་ཤིས་གཞལ་ཡས་སོགས་ནས་གཤེགས་སུ་གསོལ། །ཨོཾ་བཛྲ་ཨཱ་རལླི་ཧོཿ ཕེཾ་ཕེཾ་ཕེཾཿ ཛཿཧཱུྃ་བཾ་ཧོཿསཡེ་ཤེས་པ་སྤྱན་དྲངས་བསྐྱེད་བསྟིམ་བྱ་ཞིང་མཆོད་བསྟོད་ནི། ཨོཾ་བཛྲ་ཨརྒྷཾ་ནས་ཤབྟའི་བར་དང་། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། མཱ་ཏངྒི་ཨཱཿཧཱུྃ། ཨོཾ། བཅོམ་ལྡན་དཔའ་བོའི་དབང་པོ་ནས་སྐུ་ལ་འདུད། །ཨོཾ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སོགས་ནས་འདོད་པའི་དབང་ཕྱུག་མ་ལ་འདུད། །དེ་ནས་ལག་པའི་རྒྱལ་བ་ཡབ་ཡུམ་རྣམས་སྙོམ་པར་ཞུགས་པས་བདེ་བ་ཆེན་པོར་ཞུ་བ་ཆང་སྣོད་ཀྱི་ལྷ་ཚོགས་ལ་ཐིམ་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་
པར་བསམ། ལག་གཉིས་པད་ཀོར་ཁ་སྦུབ་ལ་འདོན་བསྒོམ་སྦྲག་ཅིང་། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་ཆང་སྣོད་དཀྲུག་ཚུལ་བྱས་ལ། ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ནས་མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །ཨོཾ་གསུམ་མ་བརྗོད་བཞིན་ཌཱ་རུ་འཁྲོལ་རྗེས། སྔགས་དང་བཅས་ཕྱག་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ཕྱོགས་མཚམས་ཐམས་ཅད་དུ་འཐོར་ལ། ཕྱི་རོལ་གྱི་བགེགས་དང་མ་དག་པ་ཐམས་ཅད་ཚར་བཅད་ནས་མཁའ་འགྲོ་མའི་ར་གུར་སྲུང་བའི་འཁོར་ལོའི་རང་བཞིན་དུ་གྱུར་པར་བསམ། རང་ཉིད་ལ་འཐོར་བཞིན། བ་སྤུའི་བུ་ག་ཐམས་ཅད་ཀྱང་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་བསམ། མཆོད་རྫས་ལ་འཐོར་བས། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ། བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ཆོས་སྐྱོང་གི་མཚན་ནས་བརྗོད་མཐར་འབྲུ་གསུམ་བཏགས་ལ་འབུལ་ཞེས་
གསུངས་པས། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྟེན་འབྲེལ་གྱི་རྩ་བ་མ་དང་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མདུན་ཐད་ལ་མཆོད། གཞན་ཡང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་སྤུས་ཐད་དུ་མཆོད། རང་གི་ལྕེ་ཐོག་ཏུ་བཞག་ལ་བདུད་རྩི་མྱོང་ཞིང་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དོ། །ལྔ་པ་བདག་འཇུག་ནི། ཉིན་ལྟར་དང་། ཁྱད་པར་བསྙེན་སྒྲུབ་ལས་གསུམ་ཞལ་རྒྱས་པའི་སྐབས་སུ་བདག་འཇུག་གྲངས་གང་མང་འདོན་བསྒོམ་ཚད་ལྡན་ལག་ལེན་དུ་བྱ་བ་གལ་ཆེ། སློབ་མ་རྗེས་འཛིན་དབང་བསྐུར་སྐབས་བུམ་ཐོད་སིནྡྷུ་རའི་དཀྱིལ་འཁོར་སོགས་ནུས་ལྡན་
དུ་བསྒྲུབས་པ་གཞིར་བཞག་ཐོག །ཙཀ་ལི་སོགས་དགོས་པའི་ཡོ་བྱད་ཚང་མ་ཚགས་སུ་ཚུད་པར་བྱའོ། །དེ་ནས་དམ་ཚིག་ཚུལ་བཞིན་སྲུང་ཐུབ་པའི་སློབ་མ་རྣམས་ལ་དབང་བསྐུར་བ་ལ། ཐོག་མར་ཁྲུས་དང་བགེགས་བསྐྲད། མཚམས་བཅད། སྲུང་འཁོར་གྲུབ་ནས། སེམས་བསྐྱེད་གསལ་འདེབས་དང་མཚམས་སྦྱོར་གྱིས་སྤྲོ་བ་བསྐྱེད། བླ་མ་བརྒྱུད་པའི་རིམ་པ་རིང་བརྒྱུད་དང་ཉེ་བརྒྱུད་ཟུང་དུ་འབྲེལ་བའི་དོན་བསྟན། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། གསོལ་བ་གདབ། བདུན་རྣམ་དག་བྱ། གདོང་དར་བཅིང་། མེ་ཏོག་ཐོགས། དེ་ནས་གནས་གསུམ་བྱིན་བརླབ། སྲུང་བའི་གོ་བགོ། སེམས་བསྐྱེད་པ་བརྟན་པར་བྱ། སློབ་མས་སྡོམ་པ་བཟུང་། དམ་ཚིག་བསྒྲག །སླར་གསོལ་བ་གདབ། ལྷར་གསལ་འདེབས། ཐབས་ཤེས་བདེ་སྟོང་གི་ཉམས་སྦར། དེ་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་བྱིན་དབབ། བརྟན་པར་བྱ། བདེན་པ་བརྗོད་ཅིང་མེ་ཏོག་དོར་ལ་སྤྱི་བོར་བཞག །མིག་དར་བསལ། མཎྜལ་ཕུལ། གསོལ་བ་གདབ། དབང་ལྷ་རྣམས་སྤྱན་དྲངས་ཤིང་མཆོད་གསོལ་བ་བཏབ་པས། སྐུ་རིགས་ལྔ་ཡབ་ཡུམ་གྱི་བུམ་པས་དབང་བསྐུར་བ་སོགས་རིག་པའི་དབང་ལྔ་དང་། གསུང་རྡོ་རྗེ་རྣལ་འབྱོར་མ་ཡབ་ཡུམ་གྱི་གསང་
བའི་དབང་དང་། ཐུགས་མེ་ལོང་སིན་དྷུ་ར་ཡིས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། སྙིང་པོ་བཞི་པ་ཚིག་དབང་རིན་པོ་ཆེས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའོ། །དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་། དམ་ཚིག་དང་། མཆོད་པ་དང་། བརྟུལ་ཞུགས་སོགས་ལས་བཞིའི་རྗེས་གནང་བཅས་སོ། །དེ་རྗེས་དམ་ཚིག་ཁས་ལེན་པ་དང་གཏང་རག་འབུལ་བའོ། །དེ་ལྟར་དབང་བསྐུར་བ་པོ་ཉིད་ཀྱང་། སློབ་དཔོན་མཚན་ཉིད་དང་ལྡན་པའི་མདུན་ནས་དབང་ལེགས་པར་ཐོབ་པ་དང་། འདོན་བྱ་ལྷ་ཁྲིད་སོགས་ཀྱི་ཁྲིད་ལུང་ཐོབ་པ། གོ་དོན་ཡིད་ལ་ཟིན་པ། བསྙེན་བསྒྲུབ་ཚུལ་བཞིན་མཛད་པ་ཞིག་ཡིན་དགོས། དབང་ཞུ་བའི་སློབ་མ་ལ་ཡང་། དཀོན་མཆོག་ལ་ཡིད་ཆེས་པ། གསང་སྔགས་ཀྱི་ཆོས་ལ་མོས་པ་ཆེ་ཞིང་ཉམས་སུ་ལེན་པ། བླ་སློབ་དང་མཆེད་གྲོགས་བར་དམ་ཚིག་སྲུང་ཐུབ་པ་ཞིག་ངེས་པར་དགོས། དེ་ལྟར་བྱུང་ན་བསླུ་མེད་རྡོ་རྗེའི་གསུང་ལས། ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས། །རྡོ་རྗེའི་སློབ་མར་འདི་བྱིན་ན། །བར་ཆད་གེགས་ཞི་ཚེ་བསོད་དང་། །གཉིས་མེད་ཡེ་ཤེས་རྒྱས་པར་འགྱུར། །ཞེས་བསྔགས་པ་ལྟར་གནས་སྐབས་དང་མཐར་ཐུག་གི་དགོས་པ་དང་ལྡན་པའོ། །ཚོགས་མཆོད་ཀྱི་སྐབས་སུ་འདོན་ཆོག་
དང་ཟིན་བྲིས་གོ་སླ་བར་འདུག་པ་ལྟར་ཕྱག་ལེན་མཛད་དགོས། གཉིས་པ་རྗེས་ཀྱི་རིམ་པ་ལ་བདུན། དང་པོ་མཆོད་བསྟོད་ནི། མཆོད་པ་རྣམས་གསོ་བྲན་བྱས་ལ་ཕྱི་མཆོད་ལྟར་བྱིན་བརླབ། ཨོཾ། མཆོད་ཡོན་ཞབས་བསིལ་སོགས་ནས་ལྷ་ཚོགས་མཆོད། །ཨོཾ་ཤྲཱི་བཛྲ་ཡོ་གི་ནི་སོགས་ནས་ས་མ་ཡེ་ཧཱུྃ། ཞེས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ནས་རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། གཉིས་པ་ནོངས་བཤགས་ནི། གང་ཡང་བདག་བློ་རྨོངས་གྱུར་པས་སོགས་ནས་བཟོད་པར་གསོལ། །ཡིག་བརྒྱ་བརྗོད་པས་ལྷག་ཆད་རྣམས་ཁ་བསྐང་། གསུམ་པ་ཐལ་སྦྱར་གྱིས་འདོད་དོན་གསོལ་བ་ནི། ལྷ་མོ་ཚད་མ་སོགས་ནས་གནས་ལ་འགོད། །ཅེས་བརྗོད། བཞི་པ་བཀྲ་ཤིས་བརྗོད་པ་ནི། བླ་མ་དམ་པས་སོགས་ནས་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཅེས་མེ་ཏོག་གི་ཆར་དང་སྙན་པའི་རོལ་མོའི་བྱེ་བྲག་གིས་དགེ་
ལེགས་སུ་བྱའོ། །ལྔ་པ་མདུན་རྟེན་བརྟན་པར་བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་ནས་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། གལ་ཏེ་གཤེགས་གསོལ་དགོས་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ནས་སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་མོས་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། དྲུག་པ་བདག་བསྐྱེད་བསྡུ་ལྡང་ནི། དེ་ནས་ཐུགས་ཀའི་ས་བོན་ལས་སོགས་ནས་འོད་གསལ་སྟོང་པ་ཉིད་དུའོ། །ཞེས་མཉམ་པར་བཞག སླར་ཡང་ཟུང་འཇུག་གི་སྐུ་ཆུ་ལས་ཉ་ལྡང་བ་བཞིན་དུ་སྐད་ཅིག་གིས་གསལ་བར་གྱུར། གོ་ཆ་བགོ་བ་ནི། རྩེ་གཅིག་གི་ཕྱག་རྒྱས་རེག་ལ། ལྟེ་བར་ཨོཾ་བྃ་དམར་པོ་སོགས་ནས་མཚན་པར་གྱུར། ཅེས་བསྲུང་། བདུན་པ་བསྔོ་བ་ནི། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །སོགས་ནས་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་སོགས་དང་།
སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ་བར་བྱའོ། །དེ་ནས་སྒྲུབ་རྫས་རྣམས་དངོས་གྲུབ་ཏུ་ལོངས་སྤྱད། རྟེན་མཆོད་ཀྱི་རིགས་རྣམས་ཉར་ཚགས་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་པའང་དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཞལ་གཉིས་མ་སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པའི་དགོངས་དོན་ལྟར། འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་འཇམ་དབྱངས་མ་ཏི་རཏྣས་མཛད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་དཀྱིལ་སྙིང་པོར་བསྡུས་པ་འདི་ཉིད་ཀྱི་ཡན་ལག་ལྷ་ཁྲིད་ཀྱི་ཚུལ་དུ་ཅུང་ཟད་བཀོད་པ་འདི་ལོ་གྲངས་དུ་མར་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་དང་། བྱ་བྲལ་རས་པ་ཚུལ་ཁྲིམས་མཐར་ཕྱིན། བླ་མ་ཀརྨ་དཔལ་འབྱོར་གཙོས་པའི་མཁན་སྤྲུལ་སྒྲུབ་དཔོན་རྣམས་ཀྱིས་ཡང་ཡང་གསུང་བསྐུལ་ལྟར་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་ལ་གཞིར་བྱས། སྒྲུབ་དཀྱིལ་དང་ཟུང་འབྲེལ་དུ་བཀོད་པ་པོ་རང་ལ་མཚོན་ན་སྐྱེས་སྦྱངས་ཡོན་ཏན་གྱིས་དབེན་ཡང་། ཡི་དམ་འདི་ཡི་དབང་དང་ཁྲིད་ལུང་ལེགས་པར་ཐོབ་ཅིང་། སྒྲུབ་པ་ལ་འབྲེལ་འཇོག་བཟང་པོ་བྱུང་བའི་
སྟབས་ཀྱིས་རྒྱལ་བ་འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པ་ལ་སྲི་ཞུ་ཡོང་སྨོན་བཅས། སྤོང་བ་པའི་ཟོལ་འཛིན་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅུ་ནས་དབུ་བརྩམས་ཏེ་མར་ངོའི་ཚེས་བཅུ་ཉིན་གྲུབ་པར་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།
རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་རྒྱུན་ཁྱེར་གྱི་རྣལ་འབྱོར།
༄༅། །རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་རྒྱུན་ཁྱེར་གྱི་རྣལ་འབྱོར་བཞུགས་སོ། །
དེ་ཡང་དཀྱིལ་ཆོག་གཞུང་གི་བདག་བསྐྱེད་དམ། ཡང་ན། ཨོཾ་སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་ཁམས་གསུམ་པོ། །ཐམས་ཅད་ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་རོ་ཡི་སྟེང་། །རང་སེམས་ཧྲཱིཿལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་བདག་ཉིད་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་པ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་མ། །བདུད་དཔུང་འཇོམས་མཛད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་
གསུམ་འབར། །དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །འདུ་བྱེད་དག་པའི་རང་བཞིན་གྱི། །ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱངས། །མེ་ཏོག་དྲིལ་བུ་གཡེར་ཁས་བརྒྱན། །ཕྱིན་དྲུག་རུས་རྒྱན་ཕྱག་རྒྱ་ལྔ། །རྡོ་རྗེའི་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊྭཱཾ་གྲུ་མོར་བརྟེན། །གཡོན་བརྐྱང་གར་གྱིས་རྣམ་པར་རོལ། །སྟོང་གསུམ་ཁྱབ་པའི་འོད་འབར་བའོ། །ཧ་རི་ནི་སའི་ཡི་གེ་ལས། །སྤྱི་བོར་རྡོ་རྗེ་མཁའ་འགྲོ་སྔོ། །མགྲིན་པར་རིན་ཆེན་མཁའ་འགྲོ་སེར། །སྙིང་གར་
པདྨ་མཁའ་འགྲོ་དམར། །ལྟེ་བར་ལས་ཀྱི་མཁའ་འགྲོ་ལྗང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲིས་མཚན་པའི་གྲི་ཐོད་འཛིན། །ཁ་ཊྭཱཾ་འཛིན་ཅིང་རིམ་པ་བཞིན། །སོ་གཉིས་བཅུ་དྲུག་བརྒྱད་དང་ནི། །དྲུག་ཅུ་རྩ་བཞིའི་འཁོར་གྱིས་བསྐོར། །རང་གི་གསང་གནས་ཆོས་འབྱུང་དབུས། །ཧྲཱིཿདང་མཁའ་འགྲོ་བཞིའི་ཐུགས་ཀའི། །ཡི་གེ་བཞི་ལས་འོད་ཟེར་འཕྲོས། །ཨོ་རྒྱན་གནས་ནས་རྣལ་འབྱོར་མ། །འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས། །དེ་རྣམས་སྐུ་ལས་སྐུ་མང་འཕྲོས། །ལུས་ཐིམ་བདེ་དང་དྲོད་ནུས་བསྐྱེད། །གསུང་ལས་ཨཱ་ལི་ཀཱ་ལི་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་སྟོང་ཏིང་འཛིན་བསྐྱེད། །ལྷ་རྣམས་རང་རང་སོ་སོར་ཐིམ། །གཉིས་མེད་རིགས་བདག་དབུ་བརྒྱན་པའོ། །གཙོ་མོར་རྣམ་སྣང་། འཁོར་ལོ་བཞིའི་ལྷ་མོ་རྣམས་ལ་རིགས་བཞིས་སོ། །བཟླས་
པའི་རྣལ་འབྱོར་ནི། གསང་བར་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །ཧྲཱིཿདང་འདབ་བཞིར་ཧ་རི་ནི་ས་སྟེ། །ཧྲཱིཿལས་སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་འོད་འབར་བའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མི་སྡོད་པ་གསུམ་གྱིས་གནད་བསྐུལ་ཏེ་བསྙེན་པ་ཅི་ནུས་བཟླའོ། །ཐུན་གྱི་མཐར་རྫོགས་རིམ་དང་རྗེས་སྤྱོད་ཀྱི་རྣལ་འབྱོར་ནི། གསང་གནས་ཧྲཱིཿཡིག་འོད་ཀྱིས་སྣོད་བཅུད་རྟེན། །འོད་ཞུ་བདག་དང་དེ་ཡང་ཧྲཱིཿཡིག་ལ། །ཐིམ་ཞིང་ཐིག་ལེ་ནཱ་ད་དེ་ལས་ཀྱང་། །འདས་པས་དམིགས་སུ་མེད་པ་སྟོང་ཉིད་དུ། །ཞུགས་པས་རང་རིག་འོད་གསལ་བཅོས་མིན་གྱི། །སེམས་ཀྱི་ངོ་བོ་རིག་སྟོང་རྗེན་པར་བུད། །ཅི་གནས་སུ་ཕྱག་ཆེན་ངང་ལ་བཞག །རྗེས་ཐོབ་ཆུ་ལས་ཉ་བཞིན་རང་ཉིད་ནི། །བཅོམ་ལྡན་འདས་མ་སྒྱུ་མ་ལྟ་བུའི་སྐུས། །འཁོར་བ་ཇི་སྲིད་དེ་སྲིད་འགྲོ་དོན་མཛད། །ཁ་ཟས་བསྲེག་བླུགས་ལུས་ཀྱི་
དཀྱིལ་འཁོར་མཆོད། །ཉལ་བ་འོད་གསལ་ཆོས་སྐུའི་རྣལ་འབྱོར་གསལ། །བགོ་བ་སྔགས་ཀྱི་གོ་ཆ་མཚན་དཔེས་བརྒྱན། །འགྲོ་འདུག་དཀྱིལ་འཁོར་བ་ལ་བསྐོར་བ་ཕྱོགས། །སད་རྨི་གཉིད་དང་ཆགས་པའི་གནས་སྐབས་རྣམས། །སྐུ་བཞིའི་རྣལ་འབྱོར་སྒྱུ་མའི་རྣམ་པར་རོལ། །ཞེས་རྗེ་ཆོས་ཀྱི་དབང་ཕྱུག་གིས་བསྩལ་བའོ། །བསྔོ་བ་སྨོན་ལམ་ནི། དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེ་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་སྩོལ་ཕྱིར་བསྔོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་
ལམ་འགྲུབ་པར་ཤོག །དགེའོ།། །།
གཅོད་ཀྱི་གསོལ་འདེབས་བསྡུས་པ། རྗེ་རང་བྱུང་རྡོ་རྗེ།
གཅོད་ཀྱི་གསོལ་འདེབས་བསྡུས་པ་ནི། ན་མོ་གུ་རུ། ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །མི་ཕམ་མགོན་པོ་ལབ་ཀྱི་སྒྲོན་མ་རྗེ། །གཉིས་མེད་ཟབ་དོན་གཅོད་ཡུལ་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས། །ཨ་འཐས་བདེན་ཞེན་འཁྲུལ་པ་དབྱིངས་སུ་གྲོལ། །ཕུང་པོ་ལྟོས་མེད་གཟན་དུ་བོར་བ་ཡི། །བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཕྱི་ལྷོངས་ལྷ་འདྲེའི་ཆོ་འཕྲུལ་སེམས་སུ་ཤེས། །ནང་ལྷོངས་ན་ཚ་སྡུག་
བསྔལ་བོགས་སུ་ཐོན། །གསང་ལྷོངས་གློ་བུར་རྐྱེན་རྟོག་དབྱིངས་སུ་གཏོར། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། ཕཊ་ཕཊ་ཕཊ། ཅེས་པའང་ཁྲག་འཐུང་འཇིགས་མེད་དབང་པོས་སོ། །༈ ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གཉིས་མེད་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་
པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ཅེས་པའང་རྗེ་རང་བྱུང་རྡོ་རྗེས་སོ། །
ཆོས་རྗེ་འབའ་རོམ་པའི་གཅོད་ཡུལ་ཉམས་སུ་ལེན་ཚུལ་ཚོགས་བསགས་རྒྱ་ཆེན་ལྔ་པ། ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེངྒེ།
༄༅། །ཆོས་རྗེ་འབའ་རོམ་པའི་གཅོད་ཡུལ་ཉམས་སུ་ལེན་ཚུལ་ཚོགས་བསགས་རྒྱ་ཆེན་ལྔ་པ་ཞེས་བྱ་བ་བཞུགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། རྒྱལ་བའི་ཡུམ་གཅིག་ཕ་རོལ་ཕྱིན། །རྒྱལ་བ་མ་ལུས་བསྐྱེད་པའི་མ། །རྒྱལ་བའི་དགོངས་དོན་ཟབ་མོའི་གཅོད། །རྒྱལ་བས་གསུངས་བཞིན་འདི་ནའོ། །དེ་ཡང་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་ཡུམ་ཆེན་མོ་དངོས་ཡིན་པར་ཐག་ཆོད་པའི་ཕྱིར་ན། དམ་པ་དེ་ཉིད་ཀྱི་ཐུགས་དམ་གྱི་མཐིལ་ཡུམ་བར་པ་མཚན་ཉིད་མེད་པའི་དགོངས་དོན་ཁྱད་དུ་འཕགས་པ་ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ། ལྟ་བ་སྟོང་ཉིད་བཅོ་བརྒྱད། སྒོམ་པ་བྱང་ཕྱོགས་སོ་བདུན། སྤྱོད་པ་ཕ་རོལ་ཕྱིན་དྲུག་སྟེ། དེ་ཡང་སྔགས་ཀྱི་གྲོལ་ལམ། ཐེག་པ་ཆེན་པོ་བཀའ་གདམས་ཀྱི་བློ་སྦྱོང༌། ཐེག་ཆུང་གཞན་གནོད་སྤོང་བའི་ཞི་དུལ། དེར་མ་ཟད་ལུས་སྲོག་ཐུན་མོང་གི་སྒོ་ནས་གཞན་ཕན་གཞིར་བཅས་སྒྲུབ་པ། མ་ལབ་ཀྱི་སྒྲོན་མའི་རྟོགས་ཆོས་ཟབ་མོ་བོད་ཆོས་རྒྱ་རུ་གྲགས་པ་དེ་དག་གི་རྩ་བ་ཟབ་དོན་ཐུགས་ཀྱི་སྙིང་པོ་བཀའ་ཚོམ་ཆེན་མོ། ཡང་ཚོམ་ཉི་ཤུ་
སོགས་མ་རྒྱུད་ལས་བྱུང་བ་དང༌། ཕ་དམ་པ་སངས་རྒྱས་ལས་བརྒྱུད་པ་ཨ་ཆོས་དང་ཕཊ་ཆོས། དིང་རི་བརྒྱད་ཅུ་སོགས་གྲངས་ལས་འདས་པ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལས་བྱུང་བ་དང༌། གཉིས་མེད་ཀྱི་བརྒྱུད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཁྱད་པར་འཇམ་དཔལ་དབྱངས་དང༌། རྗེ་བཙུན་སྒྲོལ་མ་རྣམས་ཀྱི་དགོངས་པ་གྲུབ་ཐོབ་རྣམས་ལས་རིམ་པར་བརྒྱུད་པ་ཀུན་མ་གཅིག་ནས་མན་ངག་གཅིག་ཏུ་སྡོམ་པར་མ་ཟད། ཀུ་ས་ལིའི་ཚོགས་གསོག་གསང་བ་སྔགས་ཀྱི་བརྟུལ་ཞུགས་ལམ་ཁྱེར་སོགས་རིགས་མི་འདྲ་བ་མང་ཡང༌། འདི་ནི་མ་གཅིག་དངོས་ཀྱི་ཉམས་ཆོས་ཁྱད་པར་དུ་འཕགས་པ་ཡིན་ཕྱིར། འདི་དག་ལ་སྨིན་བྱེད་ཀྱི་བྱིན་རླབས་དང༌། གྲོལ་བྱེད་འཁོར་འདས་གཉིས་མེད་ཀྱི་ལྟ་ཁྲིད་སོགས་ལས། ད་ལམ་ཉམས་ལེན་དེ་དག་གི་བསྒོམ་ཚུལ་ཅུང་ཟད་དང༌། འདོན་ཆའི་ཚིག་རིས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་དཔལ་དབྱངས་དང་
འཕགས་མ་སྒྲོལ་མ་རྣམས་ནས་རྗེ་བཙུན་ཀུན་དགའ་སེངྒེ། སྐྱོ་བྲག་བསྟན་འཛིན་བཟང་པོ་སོགས་ཀྱི་བར་བརྒྱུད་པའི་གསུང་རྒྱུན་དྲི་མ་མེད་པ་རྣམས་འདོན་བདེར་འགྲིགས་ཆགས་སུ་བྱ་བ་ལ། སྦྱོར་བ་དཀར་ཚོགས་ལམ་ཁྱེར་སོགས་ཐེག་ཆེན་བློ་སྦྱོང་དང༌རྒྱུ་མཚན་ཉིད་སྤྱི་ལ་མཐུན་པར་བྱ་བ་འཐད་པས། དེ་ཡང་མ་གཅིག་རིན་པོ་ཆེས་ཁྲོས་མ་རིགས་ལྔའི་སྒོ་ནས་གསང་སྔགས་ཀྱི་བསྐྱེད་རྫོགས་ཉམས་སུ་ལེན་ཚུལ་དངོས་གསལ་མོད། དེང་སྐབས་ཕུགས་ཐུབ་ཁུངས་བཙུན་གྱི་བརྒྱུད་པ་དང་དཔེ་ཆ་མི་བཞུགས་ཀྱང་། ད་ལྟའི་དམ་པ་རྣམས་ཀྱིས་གཅོད་ཚོགས་ཞེས་ཚོགས་གཏོར་བཅའ་བ་ཕྱག་ལེན་དུ་མཛད་པ་ལྟར་གཅོད་གཞུང་ཚོགས་དང་གཏོར་མར་བརྟེན་པའི་ལག་ལེན་བགྱི་བར། ཉམས་ལེན་དངོས་ཀྱི་སྐབས་བསྲེ་བ་གསུམ་སྐོར་ལ་བཞི་སྐོར་མཛད་པའི་ལུགས་ཡོད་པ་ལྟར་འགལ་བ་མེད་ཅིང༌། འཁོར་འདས་སྤྱིའི་གཏོར་འབུལ་ཐུན་མོང་སྤུ་ལུ་ཞེས་པ་གོང་གཏོར་གྱི་ས་བཅད་དུ་བཞག་པ་དང༌། ཐོད་པའི་བདུད་རྩི། ཚོགས་གཏོར་སྙིང་གཟུགས་མ། ཟས་སྣ་ཤ་ཆང་སོགས་ཚོགས་རྫོགས་པའི་ཕྱིར་བཟང་ལ་གྱ་ནོམ་པར་སྤུངས། གཞན་ཡང་དཀར་གསུམ་ཤིང་ཏོག་སོགས་ཅི་འབྱོར་དང་། འབུལ་གཏོར་གྱི་རིགས་གང་དགོས། ཕྱི་རྒྱུད་ལ་དཀར་གཏོར་དང༌། སྔོན་འགྲོའི་དཀར་གཏོར་ཉེར་སྤྱོད་བསྐོར་བཤམས་ཕྲེང་ཚར་གང་བདེ། གཞན་ཡང་མཎྜལ་སྤོས་དང་མར་མེ་ཌཱ་དྲིལ་རྐང་གླིང་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱས་ལ། དེ་ནས་དངོས་གཞི་
གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བའི་བསམ་པ་བཟང་པོའི་འཕེན་པ་རྒྱ་ཆེ་བ་དང་བཅས་ཐོག་མར་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁའི་གནས་སུ་ཆོས་སྐུ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་ཡི་དམ་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་དང་བཅས་པས་བསྐོར་བ་རང་བཞིན་གྱི་གནས་ནས་བཛྲ་ས་མཱ་ཛཿ བདག་སོགས་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། གནས་གདོན་ལུས་གདོན་བཅས་ཀྱིས་གཙོར་བྱས་པའི་དྲིན་ཅན་ཕ་མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་རྣམས་ལ༴ ཆོས་སྐུ་ཡུམ་ཆེན་མོ་ལ༴ ལོངས་སྐུ་རིགས་ལྔ་ཡབ་ཡུམ་ལ༴
སྤྲུལ་སྐུ་ལབ་ཀྱི་སྒྲོན་མ་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ༴ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ གནས་གསུམ་དཔའ་བོ་མཁའ་འགྲོ་མ་རྣམས་ལ༴ ཡེ་ཤེས་པའི་ཆོས་སྐྱོང་སྲུང་མ་ལ་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་གནས་ལས་བསྐྱབ་པར་མཛད་དུ་གསོལ། ཐུགས་རྗེ་ཆེན་པོས་མྱུར་དུ་བསྐྱབ་པར་མཛད་དུ་གསོལ། སྐྱབས་འོག་དམ་པར་མི་འབྲལ་བར་ཚུད་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་སྐྱབས་ཡུལ་དེ་དག་གི་དྲུང་དུ་སེམས་བསྐྱེད་པ་ཡང༌། ཇི་ལྟར་སྔོན་གྱི་བདེ་གཤེགས་དང༌། །རྒྱལ་བའི་སྲས་ཀྱིས་ཐུགས་བསྐྱེད་ལྟར། །ནམ་མཁར་མཉམ་པའི་སེམས་ཅན་ཀུན། །མཐའ་མེད་འཁོར་བའི་རྒྱ་མཚོ་ལས། །མ་བརྒལ་བ་རྣམས་བདག་གིས་བརྒལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱུང་
རྣམས་དབུགས་དབྱུང་ཞིང༌། །སྨོན་དང་འཇུག་པའི་སེམས་བསྐྱེད་ཀྱིས། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ཅེས་སྙིང་ཐག་པ་ནས་ཚད་མེད་པའི་སེམས་བསྐྱེད་དོ། །དེ་ནས་ཡོ་བྱད་ཀུན་བྱིན་གྱིས་རློབ་བྱེད་ནང་མཆོད་བདུད་རྩིར་བསྒྱུར་བའི་དམིགས་པ་ནི། སྐྱབས་ཡུལ་ཡུམ་ཆེན་དང་མ་གཅིག་གི་ཐུགས་ཀ་ནས་ཡི་གེ་འབྲུ་གསུམ་འཕྲོས་ཏེ་བདུད་རྩིའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འབྲུ་གསུམ་དཀར་དམར་མཐིང་གས་མཚན་པར་བསྟིམས་ནས་རིམ་པར་འོད་ཞུ་བྱ་བ་སྟེ། དེ་ཡང་མ་གཅིག་རང་གིས་གསུངས་པའི་གསོལ་འདེབས་བྱིན་རླབས་འདི་འཐད་པ་ཡིན་པས། ཨོཾ། མ་གཅིག་མ་ལ་གསོལ་བ་འདེབས། །དཀར་པོ་ཨོཾ་གྱིས་བྱིན་གྱིས་རློབས། །དཀར་པོ་ཨོཾ་གྱི་བྱིན་རླབས་ཀྱིས། །མཚན་ལྡན་པདྨ་བྷནྡྷ་རུ། །དམ་ཚིག་བདུད་རྩིའི་རྒྱ་མཚོ་འདི། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །དཀར་བ་འོ་མའི་མཚོ་ལྟ་བུ། །སྐུ་ཡི་བདུད་རྩིར་གཉིས་མེད་གྱུར། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །དམར་པོ་
ཨཱཿཡིས་བྱིན་གྱིས་རློབས། །དམར་པོ་ཨཱཿཡི་བྱིན་རླབས་ཀྱིས། །མཚན་ལྡན་པདྨ་བྷནྡྷ་རུ། །དམ་ཚིག་བདུད་རྩིའི་རྒྱ་མཚོ་འདི། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །དམར་བ་འཆར་ཀའི་འོད་ལྟ་བུ། །གསུང་གི་བདུད་རྩིར་གཉིས་མེད་གྱུར། །ཧཱུྃ། མ་གཅིག་མ་ལ་གསོལ་བ་འདེབས། །སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གི་བྱིན་རླབས་ཀྱིས། །མཚན་ལྡན་པདྨ་བྷནྡྷ་རུ། །དམ་ཚིག་བདུད་རྩིའི་རྒྱ་མཚོ་འདི། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །སྔོ་བ་མཐོན་ཀའི་འོད་ལྟ་བུ། །ཐུགས་ཀྱི་བདུད་རྩིར་གཉིས་མེད་གྱུར། །འོད་ཕུང་འབར་བའི་བདུད་རྩི་འདི། །འཁོར་འདས་གཉིས་སུ་མེད་པ་ཡིན། །འཆི་མེད་ལྷ་ཡི་བདུད་རྩིར་གྱུར། །ཟག་པ་མེད་པར་བྱིན་རློབས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་གྲངས་མང་བརྗོད་པས་བྱིན་གྱིས་བརླབས་ལ་སྐྱབས་ཡུལ་འོད་དུ་ཞུ་སྟེ་རང་ལ་བསྟིམ་མོ། །དེ་ནས་ཆུ་ཆང་དང་བདུད་རྩིས་སྔོན་གཏོར་
རིམ་པར་བྲན་ཏེ། རྃ་ཤུདྡྷ། ཡྃ་ཤུདྡྷ། ཁྃ་ཤུདྡྷ་ཨ་ཨཱཿ གཏོར་མའི་དངོས་འཛིན་མཚན་མ་རྣམ་ཐར་གསུམ་གྱི་རང་བཞིན་དུ་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡི་གེ་ཁྃ་ཡོངས་སུ་གྱུར་པ་ལས་གཏོར་མ་དཀར་གསུམ་མངར་གསུམ་རིན་པོ་ཆེ་དང་སྨན་སྣ་སོགས་མཁོ་རྒུའི་གནས་ཡུལ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཕྱི་རྒྱུད་འབྱུང་པོ་གཞི་གནས་ཀྱི་བདག་པོ་རྣམས་ལ་ཁ་འབར་མའི་སྔགས་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་
ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུལ་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ས་བདག་སའི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ །ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ་དེ་རིང་གི་ཉི་མ་གཟའ་རྒྱུ་སྐར་དུས་ཚོད་ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་བཞུགས་པའི་གཞི་བདག་
རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕ་རི་གཡས། ཚུར་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང༌། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང༌། བརྟན་པ་མཁར་ལ་སོགས་པའི་ས་ཕྱོགས་ཡུལ་ཕྱོགས་དབེན་གནས་སྒྲུབ་གནས་འདི་ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འགྲོ་ན་མ་བཟུང༌། འདུག་ན་མ་བསྐྲད། བསམ་པ་མ་ངན། སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་ནོར་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་
སུམ་ཚོགས་པ་ཡིས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ན་མོ། བདག་གི་བསམ་པའི་སྟོབས་དག་དང༌། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལྷ་ཀླུ་གཞི་བདག་རྣམས་ལ་འདོད་ཡོན་ཚོགས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་རྣམས་མ་ལུས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ཅེས་གཏོར་མ་ཕུལ། དེ་ནས་མཆོད་པ་བྱིན་རླབས་ནི། ཡོ་བྱད་རྣམས་བདུད་རྩིས་བྲན་ལ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། སྒྲ་སྙན་རྣམས་ངོ་བོ་བཟང་ལ་
རྒྱ་ཆེ་བས་ས་དང་བར་སྣང་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ནས་ཤབྡ་ཨཱཿཧཱུྃ་གི་བར་བརྗོད། དེ་ནས་མདུན་བསྐྱེད་ཚོགས་ཞིང་བསྒོམ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། མཎྜལ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་གནས་སུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྒྱན་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པྃ་ལས་པདྨ་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་པོ་དུང་ཕྱིས་པའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ཐོད་པའི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་ཞིང་གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་བར་སྣང་
ལ་ཁྲ་ལེར་གཟིགས་ཤིང་རལ་པའི་ཟར་བུའི་སུམ་ཆ་གྱེན་དུ་བཅིངས་པའི་ལྷག་མ་ཐུར་དུ་གྲོལ་བས་སྐུ་རྒྱབ་ཁེབས་པ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་གར་སྟབས་ཀྱིས་བཞུགས་པ། དེ་ལ་ཧྲཱིཿལས་འཁོར་སངས་རྒྱས་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོའི་མཚན་པའི་གྲི་གུག་འཛིན་པའི་ཚོགས་ཀྱིས་བསྐོར་བ། ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་གཡས་རྡོ་རྗེས་མཚན་པའི་གྲི་གུག་འཛིན་པ། ལྷོ་རུ་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ་གཡས་རིན་པོ་ཆེས་མཚན་པའི་གྲི་གུག་འཛིན་པ། ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ་གཡས་པདྨས་མཚན་པའི་གྲི་གུག་འཛིན་པ། བྱང་དུ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེས་
མཚན་པའི་གྲི་གུག་འཛིན་པ། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིས་བཀང་བ་བསྣམས་ཤིང་གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བཅུག་པ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང༌། པད་ཟླ་བམ་རོའི་གདན་ལ་བརྐྱང་བསྐུམ་གར་སྟབས་ཀྱིས་བཞེངས་པ། དེ་དག་ལ་འཁོར་རང་འདྲའི་རིགས་བཞིའི་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བ། མ་གཅིག་གི་སྙན་གོང་གཡས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས་ཕ་གཅིག་དམ་པ་སངས་རྒྱས་སྐུ་མདོག་སྨུག་ལ་གནག་པ། ཞལ་གཅིག་ཕྱག་གཉིས་ཨ་ཙཱ་རའི་ཆ་བྱད་ཅན་གཡས་རྒྱུད་མང་གི་དྲྭ་བ་དང་ལྡན་པའི་ཌཱ་མ་རུའི་སྙན་སྒྲ་སྒྲོགས་པ། གཡོན་པས་མི་རྐང་གི་གླིང་བུ་འབུད་པས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དབང་དུ་སྡུད་པ། རང་དང་
འདྲ་བའི་གྲུབ་ཆེན་བརྒྱད་ཅུ་རྩ་ལྔ་དང་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་སྙན་གོང་གཡོན་དུ་པད་ཉི་རོ་གདན་གྱི་སྟེང་དུ་ཧྲཱིཿདམར་པོ་འོད་དུ་ཞུ་བ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པའི་གྲུ་མོ་ན་ཁ་ཊྭཱཾ་གས་མཚན་པ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་གར་སྟབས་ཀྱིས་བཞེངས་པ་དེ་ལ་འཁོར་ཡེ་ཤེས་ཀྱི་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བ། མ་གཅིག་གི་དབུ་ཐོག་ཏུ་པྃ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལས་ཐུབ་པ་ཆེན་པོ་སྐུ་མདོག་སེར་པོ་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས། གཡས་ས་གནོན་དང་གཡོན་མཉམ་བཞག་གི་
ཕྱག་རྒྱ་མཛད་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་ལྷག་པའི་འོད་འདོམ་གང་དང་ལྡན་པ། ཚངས་པར་སྤྱོད་པའི་ཆ་བྱད་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེ་ལ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རང་རྒྱལ་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཏུ་པྃ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་སེར་པོ་ལས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོས་སྐྱབས་སྦྱིན་དང་གཉིས་པས་རྡོ་རྗེ་འཛིན་པ། གཡོན་དང་པོས་མཉམ་བཞག་དང་འོག་མས་སྟོང་ཕྲག་བརྒྱ་པའི་གླེགས་བམ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་
གིས་བཞུགས་པ། དེ་ལ་སྲས་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་ཐོག་ཏུ་པྃ་ལས་པདྨ་དང་ཨཱཿལས་ཟླ་བ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་པའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ། སྐུ་ལ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེ་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གཡས་སུ་དཔའ་བོའི་ཚོགས་དང༌། གཡོན་དུ་དཔའ་མོའི་ཚོགས་དང་། མདུན་དུ་རྗེ་བཙུན་ཇོ་མོ་སྒྲོལ་མ། རྒྱབ་ཏུ་རྣམ་པར་སྣང་མཛད་གངས་ཅན་མཚོ། འོག་ཏུ་དམ་པ་ཡེ་ཤེས་
ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། དེའི་འོག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད། གནས་གདོན་ལུས་གདོན་དང་བཅས་པ་ཐམས་ཅད་འདར་ཕྲི་ལེ་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་ས་དང་བར་སྣང་ཐམས་ཅད་གང་ནས་གནས་པར་གྱུར། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་འོག་མིན་གྱི་གནས་སོགས་གང་དུ་བཞུགས་པའི་ཡུལ་རྣམས་ནས་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་བཛྲ་ས་མཱ་ཛཿ ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་ཡུམ་ཆེན་འཁོར་བཅས་གཤེགས་སུ་གསོལ། །ཐུགས་ལས་སྐྱེས་པའི་ཕྱོགས་བཅུའི་སངས་རྒྱས་སྲས། །
སེམས་དཔའ་སེམས་མ་ཉན་ཐོས་རང་རྒྱལ་ཚོགས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་བཅས། །དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང༌རྣམས། །བསྟན་པ་སྲུང་མཛད་འཁོར་བཅས་གཤེགས་སུ་གསོལ། །གུ་རུ་བུདྡྷ་བྷོ་དྷི་ས་ཏྭ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛཿ འོག་མིན་གྱི་གནས་སོགས་ནས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་བསམ། ཡུམ་ཆེན་འཁོར་བཅས་འདིར་ནི་བྱོན་པ་ལེགས། །བདག་ཅག་སེམས་ཅན་བསོད་ནམས་སྐལ་པར་ལྡན། །བདག་གི་རྣམ་མང་མཆོད་པ་བཞེས་སླད་དུ། །འདི་ཉིད་དུ་ནི་ཇི་སྲིད་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོས་ལྷ་རྣམས་རང་རང་གི་སྤྱི་བོར་བྱོན་ཏེ་གཉིས་མེད་དུ་གྱུར་ཅིང་དགྱེས་པར་བསམ། དེ་ནས་དྭངས་པའི་ཡིད་ཀྱིས་གདན་རྣམས་སླར་གསལ་བཏབ་ཅིང༌། སྟོང་གསུམ་འཇིག་རྟེན་ཀུན་དང་མཉམ་པ་ཡི། །སྣ་ཚོགས་རིན་ཆེན་ཁྲི་མཆོག་པད་ཟླའི་གདན། །ཟག་མེད་བདེ་
ཞིང་ཡངས་པར་འབུལ་ལགས་ན། །ཀུན་ཀྱང་ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀཱ་མ་ལ་ཡ་སྟྭཾ། དེ་ནས་ལྷ་རྣམས་ཀྱི་ཐུགས་འོད་ཀྱིས་སྤྱན་དྲངས་པའི་དབང་ལྷ་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མས་དབང་བསྐུར། སེམས་དཔའ་དང་སེམས་མས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ། སྒོ་སྲུང་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་པར་བསམས་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་ཅིང་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། །ཡེ་ཤེས་དབང་ཆུས་དྲི་སྦྱངས་ཆུ་ཡི་ལྷག །གྱེན་འཁྱིལ་སངས་རྒྱས་རིགས་ལྔས་དབུར་བརྒྱན་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཨོཾ། དེ་ནས་ལྷ་རྣམས་ལ་ཁྲུས་ཀྱི་ལྷ་མོ་རྣམས་ཀྱིས་ཁྲུས་ཆབ་འདག་ཆལ་དྲི་བཟང་གིས་བཀྲུས་ཤིང་བྱུགས་པ་དང༌། ཀཱ་ཤིའི་རས་རྣམས་ཀྱིས་དྲིལ་ཕྱིས་ཕུལ་བར་བསམས་ལ། ཇི་ལྟར་ཐུབ་དབང་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་བདུད་རྩིས་ཁྲུས་གསོལ་ལྟར། །
ལྷ་ཡི་ཆུ་ནི་གཙང་ཞིང་དྭངས་པ་དང༌། །དྲི་ཆབ་བཟང་པོས་དེ་བཞིན་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡན་པ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་སྲས་བཅས་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །སྲབ་འཇམ་ཡངས་ཤིང་མཛེས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཕྱིར། །མི་ཕྱེད་དད་མོས་དྲག་པོས་བདག་འབུལ་ན། །བདག་སོགས་འགྲོ་ཀུན་རྡོ་རྗེའི་སྐུ་འགྲུབ་ཤོག །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་
སོགས་ལའང་བརྒྱན་པར་བགྱི། །དེ་ནས་སྟོང་གསུམ་རི་གླིང་གི་བཀོད་པ་བློས་བླངས་ཏེ་འབུལ་སྙམ་པས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །དེ་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་ལ། ན་མོ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་བསྟོད། །བླ་མའི་
གསུང་ནི་ཚངས་པའི་དབྱངས། །བདག་མེད་སེངྒེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་བསྟོད། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་སྤྲོས་བྲལ་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་སྤྱོད་པ། །བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །བལྟ་བས་མི་ངོམས་འགྲོ་བའི་དཔལ་དུ་གྱུར། །ཞལ་གཅིག་ཕྱག་བཞི་བཙོ་མ་གསེར་གྱི་མདོག །རིན་ཆེན་རྒྱན་སྤྲས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྒྱལ་བའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཐམས་ཅད་གསེར་གྱི་ས་གཞི་ལ། །རིན་ཆེན་རྣམ་པ་མང་པོ་གཅལ་དུ་བཀྲམ། །མེ་
ཏོག་པུཎྜ་རི་ཀ་ཆར་བཞིན་འབེབས། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཚོགས་གཉིས་ལས་འཁྲུངས་རིན་ཆེན་དཔག་བསམ་ཤིང༌། །འགྲོ་བའི་རེ་སྐོང་གང་ལ་གང་འདུལ་མཁན། །སེམས་ཅན་མ་ལུས་སྨིན་ཅིང་གྲོལ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་བཅོ་བརྒྱད་ཆོས་ཀྱི་སྡོང་པོ་ལ། །ཚད་མེད་བཞི་ཡི་ལོ་འདབ་རྒྱས་གྱུར་ཅིང༌། །སྐྱེ་འགག་མེད་པའི་འབྲས་བུ་སོ་སོར་སྨིན། །ས་བཅུའི་བྱང་སེམས་རྣམས་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་ཡུམ་གྱུར་ཐུགས་ཀྱི་སྤྲུལ་པ་ནི། །སྙིགས་མའི་དུས་འདིར་བསྟན་པའི་སྒྲོན་མེར་བྱོན། །གདུལ་བྱ་ཀུན་གྱི་བློ་ཡི་མུན་སེལ་བ། །ལབ་ཀྱི་སྒྲོན་མའི་སྐུ་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་དཀྱིལ་འཁོར་དུ་ནི་རབ་བཞུགས་ཤིང༌། །རྒྱལ་བའི་བསྟན་པ་དར་བར་མཛད་པ་ཡི། །འཇིག་རྟེན་
འདས་དང་འཇིག་རྟེན་སྐྱོང་བའི་ཚོགས། །དེ་དག་ཀུན་ལ་དང་བས་ཕྱག་འཚལ་བསྟོད། །དེ་ནས་བདག་གི་ལུས་ལོངས་སྤྱོད་སོགས་དངོས་སུ་འབྱོར་བའི་མཆོད་པ་དང་། ཡིད་སྤྲུལ་ཀུན་བཟང་གི་སྨོན་ལམ་ལས་བྱུང་བ་ལྟ་བུས་མཆོད་པར་མོས་ལ། ཇི་སྙེད་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །བདག་གི་ལུས་དང་ལོངས་སྤྱོད་འདོད་རྒུའི་ནོར། །དེ་བཞིན་ཁམས་གསུམ་འགྲོ་བའི་དཔལ་འབྱོར་བཅས། །ཐམས་ཅད་ཚོགས་ཆེན་རྫོགས་ཕྱིར་གུས་པས་འབུལ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་ག་ག་ན་སྥ་ར་ཎ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ཚིག་དོན་ཡིད་ལ་དྲན་བཞིན་པས། གང་ཚེ་མ་རིག་དབང་གིས་སྡིག་པའི་ལས། །རང་གིས་བགྱིས་དང་གཞན་ལ་བགྱིད་དུ་བསྩལ། །དེ་ལ་རྗེས་སུ་ཡི་རང་གྱུར་པ་སོགས། །ཉེས་ལྟུང་སྡིག་པའི་ལས་རྣམས་འགྱོད་པས་བཤགས། །འཕགས་དང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི། །རྣམ་དག་དགེ་བའི་བསམ་སྦྱོར་བསོད་ནམས་
ཚོགས། །བསགས་དང་བསག་འགྱུར་མཐོང་ཐོས་གྱུར་པ་ལ། །ཚད་མེད་དགའ་ཞིང་གུས་པས་ཡི་རང་འབུལ། །འགྲོ་ལ་ཕན་བགྱིད་གཟུགས་སྐུ་མཚན་དཔེ་ཅན། །སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པ། །མྱ་ངན་འདའ་བར་བཞེད་ཀུན་བསྐལ་པ་བརྒྱར། །མི་འདའ་འགྲོ་བའི་དོན་དུ་བཞུགས་གསོལ་འདེབས། །གང་ཞིག་སངས་རྒྱས་བྱང་སེམས་འགྲོ་བའི་མགོན། །དགེ་བའི་བཤེས་གཉེན་དམ་པ་ཐམས་ཅད་ལ། །ཟབ་མོ་ཞི་དང་སྤྲོས་པ་བྲལ་བ་ཡི། །འོད་གསལ་འདུས་མ་བྱས་པའི་ཆོས་གསུང་བསྐུལ། །དགེ་ཚོགས་རྒྱ་མཚོ་འགྲོ་བ་མ་ལུས་པ། །རྣམ་མཁྱེན་བྱང་ཆུབ་ཆེན་པོའི་རྒྱུར་བསྔོའོ། །དེ་ལྟར་ཚོགས་བསགས་ཀྱི་ལས་རྣམས་གྲུབ་ནས་སྒྲིབ་སྦྱོང་གི་དམིགས་པ་བྱ་བ་ནི། སྐད་ཅིག་གིས་རང་གཞན་གྱི་སྤྱི་བོར་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དུང་ལྟར་དཀར་བ་རྒྱན་ཆ་ལུགས་ཡོངས་སུ་
རྫོགས་པ་པདྨ་དང་ཟླ་བའི་གདན་ལ་བཞེངས་པར་བསམ་པའི་དབུ་གཙུག་ཏུ་ཆོས་སྐུ་ཡུམ་ཆེན་མོ། དེའི་ཐུགས་ཀར་ཟླ་བ་ལ་ཨ་ཡིག་དཀར་པོ། མ་གཅིག་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེ་གཉིས་ཀའི་ཐ་མར་རིག་པ་ཆེན་པོའི་སྔགས་གཡས་སུ་བསྐོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་རྣམས་ཀྱི་ཐུགས་རྒྱུད་མཉེས་པར་བྱས། སླར་དེ་རྣམས་ཀྱི་བྱིན་རླབས་འོད་ཟེར་གྱི་ཚུལ་དུ་འདུས་ཏེ་ཡུམ་ཆེན་མོའི་ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྔགས་བཟླས་པ་ཙམ་གྱིས་ཧཱུྃ་དང་སྔགས་ཕྲེང་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་བབས་ཤིང་སྐུ་གང་། ཞབས་ཀྱི་ཐེ་བོང་ནས་བརྡོལ་བ་ངང་བྲེང་བྲེང་གིས་མ་གཅིག་གི་སྤྱི་བོ་ནས་ཞུགས་ཏེ་ཐུགས་སྲོག་སྔགས་ཕྲེང་བསྐུལ་བས་སྐུའི་ཆ་ཐམས་ཅད་གང་སྟེ་
ཞབས་གཡོན་པའི་མཐེ་བོང་ནས་བབས་ཏེ་བདག་དང་འགྲོ་བ་ཐམས་ཅད་ཀྱི་ཚངས་བུག་ནས་ཞུགས། ལུས་ངག་ཡིད་གསུམ་གྱི་ཉེས་ལྟུང་གི་དྲི་མ་ཐམས་ཅད་བཀྲུས་ཤིང་སྦྱངས་ཏེ་ནག་ཉིལ་གྱིས་འོག་སྒོ་དང་རྐང་སོར་ནས་ཐོན་ཏེ་བགེགས་རིགས་ལན་ཆགས་ཚིམ་བྱེད་རོ་བཅུད་ནུས་པ་དང༌ལྡན་པར་གྱུར་ནས་འོག་གཞིའི་བགེགས་རིགས་ལན་ཆགས་ཀྱི་བདག་པོ་རྣམས་ཀྱི་ཁར་བབས་པས་ལན་ཆགས་བྱང༌། བུ་ལོན་སོད། ཤ་འཁོན་ཞི་ཞིང༌གནས་སྐབས་བདེ་བ་དང་ལྡན། ཡུན་གྱི་སྒྲིབ་པ་དང་བྲལ། མཐར་ཐུག་སངས་རྒྱས་ཀྱི་ས་ལ་བདག་གིས་བཀོད་ནུས་པར་བསམ་ལ། ག་ཏེ་བགྲང་ཞིང་སྒྲིབ་སྦྱོང་ལ་འབད། སྒྲུབ་པའི་དགོངས་པ་དངོས་ལ། མདུན་བསྐྱེད་གཙོ་མོ་མ་གཅིག་གི་ཐུགས་ཀར་པད་ཟླའི་སྟེང་དུ་བྃ་ཡིག་དཀར་གསལ་གྱི་མཐར་སྔགས་ཕྲེང་ཞལ་ནང་བསྟན་གཡས་སུ་བཀོད་ཅིང༌།
གཡོན་དུ་རིམ་གྱིས་འཁོར་བའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཐུགས་ཀའི་སྔགས་འཁོར་དང་བདག་དང་བསྲུང་བྱ་རྣམས་ལ་ཐིམ་པར་བསམས་ལ་མོས་གུས་དྲག་པོས་བར་མེད་དུ་བཟླས་པར་འབད་དོ། །ཨོཾ་ཨཱཿཧཱུྃ་བྃ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། དེ་ནས་མ་གཅིག་རང་ཉིད་ཀྱི་གསུང་བྱིན་རླབས་ཅན་མཆོད་པའི་སྤྲིན་ཕུང་རྒྱ་ཆེ་བ་ཡན་ལག་ཁྱད་པར་ཅན་འདི་བྱ་སྟེ། དེ་ཡང་སྣང་སྟོང་གི་གཟུགས། གྲགས་སྟོང་གི་སྒྲ། རིག་སྟོང་གི་སེམས་ཉིད་ཡེ་ཤེས་ཏེ་འཁོར་འདས་ཀྱི་རྟོག་ཚོགས་སྣང་གྲགས་རིག་གསུམ་ལ་མ་འདུས་པ་མེད་ཕྱིར་སྲིད་ཞི་ཀུན་ཏུ་འགེངས་པའི་མཆོད་སྤྲིན་དུ་སྤྲུལ་ནས་མདུན་བསྐྱེད་ཚོགས་ཞིང་གི་ལྷ་རྣམས་ལ་འབུལ་བ་ནི། ན་མོ། སྟོང་གསུམ་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་དུ། །སྒྲ་རུ་གྲག་པ་ཐམས་
ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགགས་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འཇིག་རྟེན་ཐམས་ཅད་དུ། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པར་ཤོག །ཕཊ། དེ་ནས་ཕུང་པོ་ལུས་ཀྱི་མཎྜལ་འབུལ་བ་ལ་ཡང༌། ཐོག་མར་བེམ་རིག་ཕྲལ་བར་བྱ་སྟེ། དེ་ཡང་དང་པོ་བདག་ལུས་དང་གཞན་ལུས་བསྲེ་བ། རང་སེམས་དང་གཞན་སེམས་བསྲེ་བ། སེམས་ཉིད་དབྱིངས་དང་བསྲེ་བ་ནི་བསྲེ་བ་སྐོར་གསུམ་དང༌། གཞན་ཡང་ཚོགས་ཀྱི་སྐབས་ལྟ་
བུར་ཕུང་པོ་ཚོགས་གཏོར་དུ་བསྲེ་བ་སྟེ་སྐབས་བཞི་ལས། འདིར་བསྲེ་བ་གསུམ་དང་ལྡན་པས་ཨ་མ་རིགས་དྲུག་གི་གནས་འདྲེན་དང་ནམ་མཁའ་སྒོ་འབྱེད་གཉིས་གང་རུང་བྱ་བ་སྟེ། སྔ་མ་ལྟར་ན་རང་གི་ལུས་སྒྲིབ་མེད་ཤེལ་གུར་ལྟ་བུའི་དབུས་སུ་རྩ་དབུ་མའི་མར་སྣེ་གཉིས་རྐང་མཐིལ་དུ་ཟུག་ཅིང་གསང་གནས་ནས་གཅིག་ཏུ་འདུས་པ་སྤྱི་བོའི་བར་ཤིན་ཏུ་དྲང་ཞིང་ཐ་ལེར་སོང་བའི་ཡར་སྣེ་བུག་པ་ཧ་རེ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའམ་ཤེལ་གྱི་སྦུ་གུ་ལྟར་ཕྱི་ནང་སྒྲིབ་མེད་གསལ་བའི་རྐང་མཐིལ་གཉིས་སུ་དམྱལ་བའི་ལས་དང་བག་ཆགས་ཀྱི་ས་བོན་ཐིག་ལེ་ནག་པོ་གཉིས། གསང་བར་ཡི་དྭགས་ཀྱི་ས་བོན་ཐིག་ལེ་དམར་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཐིག་ལེ་ལྗང་གུ ། ཐུགས་ཀར་མིའི་ས་བོན་ཐིག་ལེ་སེར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་ཐིག་ལེ་མཐིང་སྐྱ། སྤྱི་བོར་ལྷའི་ས་བོན་ཐིག་ལེ་དཀར་པོ་སྟེ། དེ་དག་རེ་རེའི་སྟེང་ན་མ་གཅིག་གི་སྐུ་ཚོན་གང་བ་གར་སྟབས་ལིང་ངེ་བ་རེ་རེ་བསྒོམ་ལ། དེ་ནས་སྤྱི་བོའི་མ་གཅིག་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ལྕགས་ཀྱུའི་དབྱིབས་ཅན་དབུ་མའི་ནང་ནས་མར་བརྐྱངས་བས་རྐང་མཐིལ་གྱི་ཐིག་ལེ་གཉིས་ཟིན་མ་ཐག་ལས་ངན་པའི་རྣམ་སྨིན་བྱང་སྟེ་ཐིག་ལེ་དཀར་པོ་གཉིས་སུ་གྱུར་ནས་མ་གཅིག་གི་སྐུ་དང་ཀྲོང་གིས་འདྲེས་ཏེ་ཡར་དྲངས། གསང་གནས་ཀྱི་ཐིག་ལེ་ལ་ཐིམ་པས་བྱ་མ་སར་གྱི་སྒོང་ང་ཙམ་སྟེ་རང་གི་སྲིན་མཛུབ་ཀྱི་མགོ་ཙམ་དུ་གྱུར་པར་བསམ་ལ་ཕཊ་བརྗོད། དེ་ནས་ཡི་དྭགས་ཀྱི་ས་བོན་
མ་གཅིག་གི་སྐུ་དང་འདྲེས་པས་ཐིག་ལེ་འོད་ལྔ་འབར་བར་བསམ་ལ་ལྟེ་བར་ཡར་དྲངས་ཤིང་བསྲེས་ཏེ་ཕཊ་བརྗོད། དེ་བཞིན་སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་རིམ་བཞིན་སྤར་ལ་ཕཊ་བརྗོད། སྤྱི་བོའི་ཐིག་ལེ་དཔག་ཆེན་གྱི་མདའ་འཕང་བའམ་འཕོང་བསླབ་པའི་སྐྱེས་བུའི་མདའ་ལྟར་ནམ་མཁའི་མ་གཅིག་གི་ཐུགས་ཀར་སྤར་ཏེ་དབྱིངས་རིག་གཉིས་མེད་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་གཞག་པར་བྱའོ། །ཕྱི་མ་ལྟར་ན་སྟོང་ར་སྔོན་ལྟར་གྱི་ལུས་དབུས་ཨ་ཝ་དྷུ་ཏི་མདའ་སྨྱུག་ཙམ་དཀར་ལ་གསལ་བ་སྟོང་ལ་དྲང་བ་མར་སྣེ་ལྟེ་འོག་ཏུ་ཟུག་པ་ཕུག་རྡུགས་དང༌། ཡར་སྣེ་རག་དུང་ཁ་གྱེན་དུ་བསླང་བ་ལྟ་བུ་ཚངས་བུག་ཏུ་ཟུག་པའི་ལྟེ་བར་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་ཨཱཿཡིག་གིས་མཚན་པ་སྐར་མདའ་ཆད་པ་ལྟར་སྙིང་ག་མགྲིན་པ་སྤྱི་བོ་ནས་མ་གཅིག་གི་ཐུགས་ཀར་འཕང་ཞིང་དབྱེར་མེད་ཀྱི་ངང་དུ་བཞག་པ་སྟེ་གནས་སོ་སོར་ཕཊ་ཀྱིས་བསྐུལ་ཞིང་ཡས་རིམ་ གྱིས་སྤར་བར་བྱའོ། །དེ་ཡང་སྔ་ཕྱི་གཉིས་ཀ་གང་མོས་ལས་སྟབས་གཅིག་ཏུ་མི་དགོས་སོ། །དེ་ནས། ཕཊ། སྤྱི་བོའི་མ་གཅིག་དབྱིངས་ཀྱི་མཁའ་འགྲོ་མ། །མཐིང་གསལ་རུས་པའི་རྒྱན་
ལྡན་གྲི་ཐོད་འཛིན། །རིགས་ལྔའི་མཁའ་འགྲོ་གྲངས་མེད་ཀྱིས་བསྐོར་བས། །རྟོག་མེད་དབྱིངས་སུ་ཕྱག་གིས་གྲི་གུག་ཕྱར། །བེམ་པོར་ཚད་པས་ཕྱི་ལྤགས་ཤགས་ཀྱིས་བཤུས། །ཕྱར་གྱིས་བཏིང་བས་སྟོང་གསུམ་ལྟེམས་གྱིས་གང༌། །སྨན་ཆུ་དྲི་བཟང་ཁྲག་གིས་ཆག་ཆག་བཏབ། །སོར་མཛུབ་ལྕགས་རི་ར་བས་ཡོངས་སུ་བསྐོར། །སྒལ་ཚིགས་རིན་ཆེན་ལྷུན་པོ་སྲིད་རྩེར་མཉམ། །ཁང་བཟང་རིན་ཆེན་སྣ་བདུན་ལྕོགས་སུ་བྱས། །ཨ་བ་དྷུ་ཏི་དཔག་བསམ་འདོད་ཡོན་འབེབས། །ཤར་ནུབ་མིག་གཉིས་ཉི་མ་ཟླ་བ་དང༌། །རྐང་གཡོན་ལུས་འཕགས་རྐང་གཡས་འཛམ་བུ་གླིང༌། །ལག་གཡས་བ་ལང་སྤྱོད་དང་ལག་པ་གཡོན། །སྒྲ་མི་སྙན་བཅས་སྣོད་བཅུད་བཀོད་པ་གསལ། །རོ་རྐྱང་དགའ་བདེ་བདུད་རྩིའི་ཆར་པ་འབེབས། །ནང་ཁྲོལ་དོན་གྱི་སྙིང་རྣམས་རྒྱལ་སྲིད་བདུན། །སྣོད་ཀྱི་ཆ་
རྣམས་བཀྲ་ཤིས་རྫས་རྟགས་བཀྲ། །དབང་པོ་རྣམ་ལྔ་འདོད་ཡོན་སྤྲིན་ལྟར་གཏིབས། །སྐྱེ་མཆེད་མཆོད་པའི་ལྷ་དང་ལྷ་མོར་ཤར། །ཀུནྡ་བྱང་སེམས་འདོད་པ་འཇོ་བའི་བ། །དྭངས་མ་ཟུང་བདུན་མ་རྨོས་འབྲུ་ཡི་མཆོག །སྐྲ་དང་བ་སྤུ་གདུགས་དང་རྒྱལ་མཚན་མཛེས། །ལྷ་མི་ཀླུ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །གསལ་དག་དངོས་པོ་གཙང་ཞིང་རྒྱ་ཆེ་བ། །རྒྱུན་ཆད་མེད་པ་ལུས་ཀྱི་མཎྜལ་འདི། །ཚོགས་ཀྱི་ཞིང་མཆོག་རྣམས་ལ་འབུལ་བར་བགྱི། །བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །གཅོད་ཡུལ་བརྒྱུད་པས་ཐུགས་རྗེས་གཟུང་དུ་གསོལ། །ཚད་མེད་རང་ལས་གཞན་གཅེས་རྒྱུད་ལ་སྐྱེས། །རྩ་བརྒྱུད་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། །ཕཊཿ བརྗོད་ཅིང་མཎྜལ་གྱི་དམིགས་པ་གྲངས་མེད་པ་བྱའོ། །དེ་ནས་གཞུང་ལས་ནང་མཆོད་བདུད་རྩི་འབུལ་བར་གསུངས་པས། རྡོ་རྗེ་འབྲུ་གསུམ་འོད་
ཞུའི་དམིགས་པ་བྱས་ལ་འབྲུ་གསུམ་མང་དུ་བརྗོད་ཅིང་རིགས་ལྔའི་མཁའ་འགྲོའི་ཡང་སྤྲུལ་མཁའ་འགྲོ་མ་རྡུལ་གྱི་གྲངས་དང་མཉམ་ཞིང་བྷནྡྷའི་སྐྱོགས་འཛིན་དཔག་ཏུ་མེད་པས་ཚོགས་ཞིང་རྣམས་གཙོ་བོར་གྱུར་པའི་འཁོར་ འདས་ཀྱི་མགྲོན་རྣམས་ལ་བཟང་ངན་དང་ཕྱོགས་ལྷུང་མེད་པར་སྟོབ་ཅིང་ཕུལ་བའི་དམིགས་པ་དང་བཅས། ཨོཾ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་གཅོད་ཡུལ་བརྒྱུད་པའི་བླ་མ་ཡུམ་ཆེན་ཤེས་རབ་ཕར་ཕྱིན། རྗེ་བཙུན་ཇོ་མོ་སྒྲོལ་མ། ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་དཔལ་སྨྲ་བའི་སེང་གེ །མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨརྱ་དེ་ཝ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོན་མ། ཁུ་སྒོམ་ཆོས་ཀྱི་སེང་གེ །དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། དད་པ་ཤེས་རབ། རཏྣ་པྲ་ཝ། བློ་གྲོས་ཤེས་རབ། ཚུལ་ཁྲིམས་ཤཱཀྱ། ལུས་མེད་རྡོ་རྗེ། ཚུལ་ཁྲིམས་སེང་གེ། བིརྱ་ཀ་ར། གྲགས་པ་རྒྱལ་
མཚན། པུཎྱེ་བྷ་དྲ། ཀུན་དགའ་སེང་གེ །ཡེ་ཤེས་ཀྱི་མཁའ་འགྲོ་མ། འཇིགས་མེད་ཆོས་ཀྱི་སེང་གེ་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་རྒྱུད་ཉམས་ཀྱི་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། སྐུ་སྤྲུལ་བདེ་ཆེན་དཀར་མོ། གསུང་སྤྲུལ་དམར་མོ་སྒྲ་སྒྲོགས། ཐུགས་སྤྲུལ་ཁྲོས་མ་ནག་མོ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་དོན་གྲུབ། ཕྲིན་ལས་ཀྱི་སྤྲུལ་པ་སྣ་ཚོགས་མཐར་ཕྱིན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྟེན་འབྲེལ་གྱི་རྩ་བ་མཁའ་འགྲོ་མ་ཉི་ཟླ་རླུང་གི་གཤོག་པ་ཅན། ཡེ་ཤེས་ལས་དང་དམ་ཚིག་
འཇིག་རྟེན་གྱི་མཁའ་འགྲོ་རྣམས་དང༌། གནས་ལས་སྐྱེས་པ། ཞིང་ལས་སྐྱེས་པ། སྔགས་ལས་སྐྱེས་པ། རིགས་ལས་སྐྱེས་པ། ལས་ལས་སྐྱེས་པ། ལྷན་ཅིག་སྐྱེས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་དམ་པའི་ཆོས་སྐྱོང་ཞིང་སྲུང་བར་མཛད་པ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་ཕྱག་དྲུག །བཀའ་སྲུང་མཆེད་དགུ། སྤྱང་ཞོན་མཆེད་གསུམ། མགོན་དཀར་དུར་ཁྲོད་ཀྱི་བདག་པོ། ཤམ་པོའི་གཟའ་བདུད་མགོ་དགུ། བཙན་རྒོད་ཟངས་རི་འབར་བ། ཀླུ་རྒྱལ་དྲག་པོ་ཟླ་སྐྱོང༌། དགེ་བསྙེན་འོ་དེ་གུང་རྒྱལ། གཉེན་ཆེན་ཐང་ལྷ་ཡར་ཞུད། ཤམ་པོ་མཁའ་རི་ལྕམ་དྲལ་ལ་སོགས་གཅོད་ཡུལ་བརྒྱུད་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་
ཅད་ཡི་དམ་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། དེ་ཡན་བསོད་ནམས་ཀྱི་ལས་ཁྱད་པར་དུ་འཕགས་པ་ལུས་ལ་བརྟེན་པའི་ཁོར་ཡུག་རྒྱ་ཆེ་བ། སྒོ་གསུམ་ལ་བརྟེན་པའི་མཆོད་པ་རྒྱ་ཆེ་བ། སྐུ་གསུམ་གྱི་བདུད་རྩི་ལ་བརྟེན་པའི་དམ་རྫས་རྒྱ་ཆེ་བའི་མཆོད་པ་བཅས་གྲུབ་ཟིན་ནས། དེ་ནས་དཀར་ཚོགས་ལུས་ཀྱི་མཆོད་པ་དང༌། དམར་ཚོགས་ཤ་ཁྲག་གི་སྟོན་མོ་ཕངས་མེད་དུ་འབུལ་བ་ཡང་མ་གཅིག་རྡོ་རྗེ་བཙུན་མོའི་གཉན་སའི་ཆགས་ཚད་དང༌། མཆོད་མགྲོན་ལྷ་དང་འདྲེའི་དབྱེ་བ་རྗེས་འབྲང་དང་བཅས་པ། དེ་དག་གི་གནས་ཡུལ་འབོད་ཚུལ་འགྱེད་བྱ་ཕུང་པོ་ལུས་ཀྱི་ཆགས་ཚད། འགྱེད་ཚུལ་གྱི་དབྱེ་བ་བདུན་ལ་སོགས་རྣམ་བཞག་མང་དུ་གསུངས་པ་རྣམས་ཞིབ་པར་གཅོད་ཀྱི་རྣམ་བཤད་ཆེན་མོ་ལས་རྟོགས་པར་བྱ་ཞིང༌། སྐབས་འདིར་བསྲེ་བ་གསུམ་དང་ནམ་མཁའ་གོ་འབྱེད་ཀྱིས་བེམ་རིག་ཕྲལ་བའི་མཐར། ཡུལ་འཁོར་དེ་ཉིད་ཡྃ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་རིམ་བརྩེགས་ཀྱིས་གནས་པའི་སྟེང་དུ་གོང་བཞིན་དབྱིངས་ཕྱུག་མཁའ་འགྲོ་གསལ་བས་བེམ་པོ་ཆེ་ཚོ་དྲོད་དང་ལྡན་པ། དེ་ཉིད་ཀྱི་རྐང་པ་གཉིས་དང་ལག་པ་གཡས་བཅད་པའི་མཆོག་ཕུར་གསུམ་པོ་ས་ལ་བཙུགས་པ་རི་རབ་དང་མཉམ་པའི་ཐོད་སྒྱེད་གསུམ་དུ་གྱུར་ཏེ། དེའི་ཁར་གྲི་གུག་མགོ་བོར་ཚད་པ་ཙམ་གྱིས་ཐོད་པ་ལིང་གིས་དྲས་པ་རྒལ་གྱིས་བཙུགས་པའི་ནང་དུ་ལས་བྱེད་ཀྱི་གཙོ་མོ་མཁའ་འགྲོ་བཞིས་
ཐོད་བཟང་མཚན་ཉིད་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བར་ཕུང་པོ་ཕྱོགས་བཞི་ནས་བཏེགས་ཤིང་འཕངས་པ་ལ། གཙོ་མོའི་ཕྱག་གི་གྲི་གུག་བེམ་པོར་རེག་པ་ཙམ་གྱིས་ཤ་རུས་ཁྲོལ་གྱིས་ཞིག་པ་ལ་མདུན་བསྐྱེད་ཚོགས་ཞིང་གི་ལྷ་ཚོགས་རྣམས་དང༌། ལས་བྱེད་རིགས་ལྔའི་མཁའ་འགྲོ་གཙོ་འཁོར་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དང་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན་ཐོད་པའི་ནང་དུ་བབས་པ་དང་ལྷན་ཅིག་གཙོ་མོ་དབྱིངས་ཕྱུག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཀྱི་ཟེར་མ་དྲག་ཤུལ་དང་ལྡན་པ་འཕྲོས་ཏེ་འོག་གཞི་རླུང་གི་དཀྱིལ་འཁོར་ཡྃ་ཡིག་དང་བཅས་པ་ལ་ཕོག་པས་རླུང་གཡོས། དེའི་སྟོབས་ཀྱིས་མེ་སྦར། སྟེང་གི་ཐོད་སྣོད་དྲོས་པས་བཅུད་རྣམས་ཁོལ། མ་དག་པའི་སྐྱོན་རྣམས་ཕྱུར་ཞིང་སྦུ་བའི་རྣམ་པར་ཕྱིར་ལུད། དག་པ་ཡེ་ཤེས་བྱིན་རླབས་ཀྱི་རྒྱུན་དང་ལྷན་གཅིག་འདྲེས་པས་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ལྷའི་བདུད་རྩི་ལྟ་བུར་གྱུར་པར་བསམ་ལ་ཕཊ་གྲངས་མང་དང༌། ཨོཾ་ཨཱཿཧཱུྃ། བརྗོད་པས་བྱིན་བརླབ་བྱ། དེ་ནས་མཆོད་ཡུལ་འཁོར་འདས་སྤྱིའི་མགྲོན་སྤྱན་དྲངས་པ་ནི། གདུང་ཤུགས་རྐང་གླིང་དང་ཕཊ་ཀྱིས་བསྐུལ་བ་དང་ལྷན་གཅིག་རིགས་ལྔའི་མཁའ་འགྲོའི་
ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་སྟོང་གསུམ་སྲིད་རྩེ་མན་ཆད། མནར་མེད་དམྱལ་བ་ཡན་ཆད་ཀྱི་མགྲོན་རྣམས་ལུས་མཆོད་སྦྱིན་གྱི་བདུད་རྩི་བཞེས་པའི་སླད་དུ་སྤྱན་དྲངས་པའི་གནས་འདིར་བཛྲ་ས་མཱ་ཛཿ ཌཱ་དྲིལ་དྲག་ཏུ་འཁྲོལ་ཏེ། ཕཊ་ཕཊ་ཕཊ། ཕཊ། ཡེ་ཤེས་པ་རྣམས་ཚོགས་ཞིང་དང་གཉིས་སུ་མེད་པར་ནམ་མཁའ་བར་སྣང་ཐམས་ཅད་ཡོངས་སུ་ཁེངས་ཤིང་། འཇིག་རྟེན་ཁམས་གསུམ་སྲིད་པའི་མགྲོན་རིགས་གཟུགས་ཅན་གཟུགས་མེད་རིགས་དྲུག་བར་དོ་སྣང་ཞིང་སྲིད་པའི་བཀའ་ལྷ་མ་སྲིན་སྡེ་བརྒྱད་བགེགས་རིགས་ལན་ཆགས་རྗེས་འབྲང་དང་བཅས་པ་ཐམས་ཅད་ཀྱིས་ས་གཞི་འདི་ཡོངས་སུ་ཁེངས་ཤིང་བར་མཚམས་མེད་པར་ཚོགས་པར་གྱུར། ཕཊ། ཕཊ། ཕཊ། དེ་དག་རྣམས་ལ་རིགས་ལྔའི་ལས་བྱེད་ཀྱི་སྤྲུལ་པ་ཡང་སྤྲུལ་བྷནྡྷ་ཐོགས་པ་གྲངས་མེད་པ་
འཕྲོས་པས་ཐོད་པའི་བདུད་རྩི་འདེགས་ཤིང་ཕུལ་བས་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་དགྱེས་པར་བཞེས་པར་བསམས་ལ། དེའི་ཚེ་བདུད་རྩིའི་ཟེགས་མ་གང་ལའང་ཅི་བཞེད་དེ་ངོར་འཆར་བའི་མཆོད་རྫས་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟ་བུའི་མཆོད་པ་ནི་བླ་མ་ཡི་དམ་དཀོན་མཆོག་སྲིད་ཞིའི་མགྲོན་ལའོ། །ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ། དཔལ་མགོན་བདུན་ཅུ། དྲེགས་པ་ལྷ་སྲིན་སྡེ་བརྒྱད། དཀར་ཕྱོགས་སྐྱོང་བའི་ལྷ་འདྲེ་གཞི་བདག་སོགས་མགོན་པོ་ཡོན་ཏན་མགྲོན་དང༌། ལྷ་དང་ལྷ་མིན་མི་སྟེ་བདེ་འགྲོ་གསུམ་དང༌། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་དང༌། སྔ་ལུས་བོར་ཞིང་ཕྱི་ལུས་མ་ཐོབ་པ་སྲིད་པ་བར་དོའི་སེམས་ཅན་རྣམས་ནི་སྙིང་རྗེའི་མགྲོན་དང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ཡུལ་འདྲེ་གཤེད་འཁྱམ། ཟ་འདྲེ་ཤི་གཤེད། དམ་སྲི་འགོང་པོ་སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཏེ་དེ་དག་རྣམས་བཟང་ངན་དང་ཆེ་ཆུང་མང་ཉུང་མེད་པར་བྲམ་ཟེའི་སྟོན་མོ་འགྱེད་པ་ལྟར་ལས་བྱེད་ཀྱི་མཁའ་འགྲོ་གྲངས་མེད་པས་བདུད་རྩི་འབུལ་བ་དང་ལྷན་ཅིག །རང་རང་གི་ཡིད་མཁར་འབབ་པའི་འདོད་ཡོན། དཀོར་ནོར་ལོངས་སྤྱོད། ཡུལ་མཁར་གནས་མལ་སྣ་ཚོགས་འཕྲོས་ཤིང་འབད་མེད་དུ་ཐོབ་པར་བསམས་ལ་དམིགས་པ་མ་ཟིན་གྱི་བར་དུ་ཕཊ་བརྗོད་པར་བྱ་བ་དཀར་འགྱེད་དང༌། དེ་ཡང་འགྱེད་ཚུལ་བདུན་གསུངས་པ་ལས། རྒྱལ་པོ་ཆེན་པོའི་སྦྱིན་གཏོང་
ལྟ་བུ་ནི་མངའ་ཐང་ལོངས་སྤྱོད་འདོད་ཡོན་ལ་མེད་པ་མི་སྲིད་པས། དེ་དག་ཐམས་ཅད་གང་ལ་གང་འདོད་དུ་སྦྱིན་པ་དང༌། བྲམ་ཟེ་ཆེན་པོའི་སྟོན་མོ་ལྟ་བུ་ནི་ཡུལ་དྲག་ཞན་མཐོ་དམན་ཉེ་རིང་ཆགས་སྡང་མེད་པར་བཏང་སྙོམས་ཆེན་པོར་སྦྱིན་པ་དང༌། མ་བཟང་པོའི་བུ་ལ་བརྩེ་བའི་སེམས་ཀྱིས་བསིལ་བའི་སྐྱིབས། བཀྲེས་པའི་ཟས། སྐོམ་པའི་གཏུང་བ་སོགས་གང་ཕན་གྱིས་སྐྱོང་བ་ལྟར། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་གྲངས་མེད་དུ་སྤྲུལ་ཏེ་ཕངས་མེད་དུ་སྦྱིན་པ་དང༌། ཤིད་ཀྱི་སྟོན་མོ་ཆེན་པོ་ལྟ་བུ་ནི་ལུས་ལོངས་སྤྱོད་མཁོ་རྒུའི་ཡོ་བྱད་དང་བཅས་པ་ལྷག་མ་མེད་པར་བགོ་བཤའ་ལྟོས་མེད་དུ་ལན་ལ་རེ་བ་མེད་པར་འབུལ་བ་སོགས་འགྱེད་ཚུལ་བདུན་དུ་གསུངས་པ་སྟེ་དོན་ལ་བྱམས་དང་སྙིང་རྗེ་ཆེན་པོས་ཡིད་དྲངས་ཏེ་ལུས་སྲོག་ལ་ལྟོས་པ་སྤུ་ཙམ་མེད་པར་གཞན་ཕན་བྱང་ཆུབ་སེམས་ཀྱི་སྙིང་སྟོབས་ཆེན་པོའི་བློས་བཏང་ནས་ཕངས་མེད་དུ་སྦྱིན་པའི་གཏོང་ཕོད་ཁྱད་པར་ཅན་བསྐྱེད་པ་འདི་ཁོ་ནའོ། །དེ་ལྟར་འདོད་ཡོན་ཐམས་ཅད་གནས་འགྱུར་གྱི་ཚུལ་དུ་ཚིལ་དང་ཆུ་སེར་དཀར་གསུམ་མངར་གསུམ། ཤ་བཟའ་བའི་ལོངས་སྤྱོད་ལྷའི་ཟས་སྭ་རྩི་ཀ་ལྟ་བུ་རོ་བཅུད་ཕུན་སུམ་ཚོགས་པ། ཁྲག་བཏུང་བ་འཆི་གསོས་ལྷའི་བདུད་རྩི། པགས་པ་ཞིང་ཆེན་དང་། སྤུ་སྡུག་དར་གོས་སོགས་དང་། སྐྲ་དང་བ་སྤུ་རྩི་ཤིང་ནགས་ཚལ་དང་ལོ་ཏོག །དབང་པོ་རྣམ་ལྔ་རིན་ཆེན་སྣ་ཚོགས་དང་མེ་ཏོག་སྣ་ཚོགས་སོགས་མཛེས་
གཟུགས་ཀྱི་བཀོད་པ། ཕོ་བ་ཟས་ནོར་གྱི་བང་མཛོད། དོན་སྙིང་རྣམས་རྒྱལ་སྲིད་ཀྱི་ལོངས་སྤྱོད། སྣོད་རྣམས་སྐྱེད་ཚལ་དང་རྫིང་བུ་། བདུད་རྩིའི་ཆུ་བོ། རིན་པོ་ཆེའི་ཞགས་པ་སོགས་ཡིད་ཀྱིས་དམིགས་པ་གང་ཆུད་སྤྲུལ་ཞིང་། གང་ལ་གང་དགྱེས་སུ་འབད་རྩོལ་བྲལ་བ། འདོད་ཡོན་ནམ་མཁའི་སྤྲིན་ལྟར་གཏིབས་པ་ལས་ལོངས་སྤྱོད་བུ་ཡུག་འཚུབས་པའམ་ཆར་བཞིན་འབབ་པ་དང༌། དེ་བཞིན་ས་གཞིའི་ཁྱོན་རྣམས་ནས་ལུས་སེམས་ཁ་རྗེ་དབང་ཐང་གི་ཆ་ལས་བྱུང་བའི་འདོད་ཡོན་ན་བུན་ལྟར་གྱེན་དུ་ཕྱུར་བ་དང༌། རྩི་ཤིང་ནགས་ཚལ་ཆུ་མིག་འབྲུབ་པ་ལྟར་གཅལ་དུ་བཀྲམ་པ། གང་ལ་གང་དགོས་ཟད་མེད་རྒྱ་ཆེ་ཞིང་རྒྱུན་མི་འཆད་པ་འབུལ་བར་དམིགས་ཤིང་ཕཊ་སྒྲ་དང་ཌཱ་དྲིལ་དྲག་ཏུ་བྱ་བ་ནི་ཁྲ་འགྱེད་དང༌། གཞན་ཡང་བེམ་རིག་ཕྲལ་བའི་ཕུང་པོ་གསར་པ་ཆེ་ཚོ་དང་ལྡན་པའི་པགས་པ་བཤུས་པ་སྟོང་གསུམ་ཁེབས་པའི་སྟེང་དུ་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བརྡལ་ཞིང་དོན་སྙིང་ནང་ཁྲོལ་རྫ་ལྟར་ཉིལ་བ། དེ་ཐམས་ཅད་སྦྲེང་ཞིང་སྣུམ་ལ་རོ་བཅུད་ཕུན་སུམ་ཚོགས་ཤིང་དྲོད་དང་རླངས་པ་མ་ཡལ་བར་དམར་ཉིལ་གྱིས་གང་བར་དམིགས་ཏེ་ཧབ་ཐོབ་ཏུ་ཟོས་པར་བསམ་པ་དམར་འགྱེད་དང༌། ཡང་ཕུང་པོ་གསར་པ་རྙིང་པ་རུལ་བ་དང་མ་རུལ་བ་སོགས་གྲངས་མེད་བསྒོམ་ཞིང་འབྲུ་གསུམ་གྱིས་བྱིན་རླབས་ཙམ་རེ་བྱས་ལ་དཀར་འགྱེད་དམར་འགྱེད་གང་རུང་གི་དམིགས་པ་གྲངས་གང་མང་བསགས་པ་མ་གཅིག་གི་ཤ་ཁྱེར་ཁྲག་ཁྱེར་བརྒྱ་རེ་བྱ་
བར་གསུངས་པའི་དོན་ཡིན་ནོ། །དེ་དག་གི་བར་སྐབས་རྣམས་སུ་ཚོགས་ཞིང་ལ་མོས་གུས་དྲག་པོས་གསོལ་འདེབས་བྱ་བ་བརྒྱུད་པའི་ཕྱག་ལེན་ཡིན་པས་བདག་སོགས་འགྲོ་བ་སྤྱི་དང་ཁྱད་པར་ལྷ་འདྲེ་གདོན་བགེགས་བཅས་པས་ཆབས་གཅིག་ཏུ་སྐྱབས་ཡུལ་བརྒྱུད་པ་ལ་གདུང་ཤུགས་ཀྱིས་གསོལ་བ་འུར་དི་རི་རི་འདེབས་པར་བསམ་ལ། ན་མོ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །སྤྲུལ་སྐུ་འགྲོ་བ་འདྲེན་མཛད་ཐུགས་རྗེ་ཅན། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །མཁའ་འགྲོ་ཆོས་སྐྱོང་བཅས་ལ་གསོལ་བ་འདེབས། །གཟུགས་ཕུང་གཅེས་འཛིན་མི་རྟག་ཆུ་བུར་ལུས། །ཕངས་མེད་གཟན་དུ་འབོར་བར་ནུས་པ་ཡི། །སྙིང་ཁམས་ནང་ནས་སྐྱེ་བར་བྱིན་གྱིས་རློབས། །ཕ་མ་འགྲོ་དྲུག་སེམས་ཅན་ལྷ་འདྲེའི་ཚོགས། །བརྩེ་བའི་བུ་བཞིན་སྐྱོང་བའི་བྱང་སེམས་ཀྱིས། །རང་ལས་གཞན་
སྐྱེས་སྐྱེ་བར་བྱིན་གྱིས་རློབས། །ངར་འཛིན་དུག་ལྔའི་རྣམ་རྟོག་ཅི་ཤར་ཡང༌། །གསལ་སྟོང་རང་རིག་སོ་མའི་རྩིས་ཐེབས་ནས། །གསང་བ་ན་ཚ་རྐྱེན་རྟོག་དབྱིངས་སུ་གཏོར། །ཉག་ཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །ཕཊ། ཅེས་བརྗོད་ཅིང་ཤ་ཁྱེར་ཁྲག་ཁྱེར་བྱའོ། །དེ་ནས་བརྒྱུད་པ་ཡོངས་རྫོགས་ལ་གསོལ་བ་འདེབས་པ་ནི། ན་མོ་གུ་རུ། གནས་འོག་མིན་རྒྱལ་བའི་ཞིང་མཆོག་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས། །གདངས་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ། །རྩལ་སྤྲུལ་སྐུ་མི་མཆོག་ཤཱཀྱ་ཐུབ། །མགོན་
འཇམ་དཔལ་སྨྲ་བའི་སེངྒེ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །དབྱིངས་མེ་ཏོག་བཀོད་པའི་ཞིང་ཁམས་ནས། །མ་མྱུར་མ་དཔལ་མོ་སྒྲོལ་མ་ཡུམ། །དེ་གཉིས་མེད་བདེ་བའི་དངོས་གྲུབ་མཆོག །དཔལ་བྲམ་ཟེ་ཨརྱ་དེ་ཝ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་སྐྱེ་མེད་ཆོས་
དབྱིངས་གཞལ་ཡས་ནས། །ཕ་དམ་པ་སངས་རྒྱས་འགྲོ་བའི་མགོན། །མཆོག་གྲུབ་པ་སྐྱོ་སྟོན་པུཎྱེའི་མཚན། །མ་ཡུམ་ཆེན་སྤྲུལ་པ་ལབ་ཀྱི་སྒྲོན། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་གར་བཞུགས་ཆོས་ཉིད་ཕོ་བྲང་ནས། །དཔལ་ཁུ་སྒོམ་ཆོས་ཀྱི་སེངྒེ་དང༌། །རྗེ་དོལ་པ་སྐྱེ་མེད་ཟང་ཐལ་བ། །ཆོས་མཆོག་གཟིགས་རྒྱ་ནག་གཅེར་བུ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་
བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །དོན་སྦས་པའི་རྣལ་འབྱོར་བུདྡྷའི་མཚན། །འགྲན་ཟླ་མེད་དད་པ་ཤེས་རབ་དང༌། །སྙིང་སྟོབས་ཆེན་རཏྣ་པྲ་ཝ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་མ་ངེས་གཉན་ས་རི་ཁྲོད་ནས། །རྗེ་མ་ཏི་པྲཛྙཱ་སྙིང་རྗེའི་བདག །དཔལ་ཤཱཀྱ་ཤཱི་ལ་འགྲོ་བའི་མགོན། །མཆོག་གསང་བ་ལུས་མེད་རྡོ་རྗེ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་
རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་བརྟུལ་ཞུགས་གྲུབ་པའི་གཉན་ཁྲོད་ནས། །མགོན་ཚུལ་ཁྲིམས་སེངྒེ་རིན་པོ་ཆེ། །དཔལ་ཚུལ་ཁྲིམས་ཡེ་ཤེས་མཁྱེན་པའི་བདག །ཕ་ཆོས་རྗེ་གཞོན་ནུ་འབྱུང་གནས་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །ལུས་གཟན་དུ་བོར་བའི་འདུན་ས་ན། །རྗེ་བིརྱ་ཀ་ར་བྱིན་རླབས་ཅན། །ཀུན་གཟིགས་ཀྱི་མགོན་པོ་རྒྱལ་མཚན་གྲགས། །དད་མོས་གུས་གདུང་བས་
གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་བདེ་མཆོག་ཆོས་ཀྱི་ཕོ་བྲང་ནས། །དཔལ་བསོད་ནམས་བཟང་པོ་གཙུག་གི་རྒྱན། །ཆོས་ཟབ་དོན་ཤིང་རྟ་ཀུན་དགའ་སེང༌། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །ཞིང་འོག་མིན་གསང་བའི་དུར་ཁྲོད་ནས། །དབྱིངས་ཡེ་ཤེས་མཁའ་འགྲོ་ནམ་མཁའི་མཚན། །ལམ་སྙན་བརྒྱུད་
ཀྱི་གདམས་པ་སྟོན་མཛད་པ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་ཡང་རྫོང་མེ་རི་འབར་བ་ནས། །ཕ་མི་ཕམ་ཆོས་ཀྱི་སེངྒེ་དང༌། །མཆོག་བཀའ་བརྒྱུད་བཀྲ་ཤིས་རིན་པོ་ཆེ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །གནས་སྐྱོ་བྲག་སེང་གེ་ཀེའུ་ཚང་ན། །རྗེ་གྲུབ་དབང་ཀརྨ་མ་ཏི་དང་། །མགོན་འཇམ་དབྱངས་བློ་གྲོས་རིན་ཆེན་ཞབས། །ཆོས་གཅོད་ཡུལ་བརྒྱུད་པའི་བླ་མ་ལ། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །
ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས། །དཔལ་རྒྱུད་སྡེ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་གང་ཟག་སྐྱོང་བའི་སྲུང་མར་བཅས། །དད་མོས་གུས་གདུང་བས་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཕྱི་སྒྱུ་ལུས་ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་གྲོལ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་མཐར་དཀར་འགྱེད་དང་ཁྲ་འགྱེད་ཀྱི་རིམ་པ་ཅི་ནུས་སྤེལ་ལ། དེ་ནས་ཕ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་ནི། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བཀའ་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་རློབས། །གནས་རི་བོ་ཤྲཱིའི་ནགས་ཚལ་དུ། །
མཁས་གྲུབ་པ་རྣམས་ཀྱི་གཙུག་རྒྱན་པ། །མུ་སྟེགས་རི་དྭགས་ཟིལ་གྱིས་གནོན། །མཐའ་བྲལ་གྱི་ལྟ་བ་སྟོན་མཛད་པ། །མི་མཆོག་སེངྒེའི་སྒྲ་སྒྲོགས་ཤིང༌། །སྤྲུལ་སྐུ་འགྲོ་བའི་དོན་མཛད་པ། །དཔལ་འཕགས་པ་ལྷ་གཅིག་རྗེ་ལ་འདུད། །གཞི་ལྟ་སྒོམ་དེ་ལས་གྲོལ་བ་ཡི། །སྒྲ་ཚད་མས་མུ་སྟེགས་ལོག་ལྟ་འདུལ། །བདུད་བཞི་ཉག་གཅིག་རྩད་ནས་གཅོད། །མགོན་མེད་ཀྱི་ན་ཚ་སྡུག་བསྔལ་སེལ། །མ་མཁའ་འགྲོའི་ཚོགས་འཁོར་རྟག་ཏུ་འབུལ། །ཞིང་སྐྱོང་གི་མཁའ་འགྲོའི་སྐུར་སྤྲུལ་ནས། །བདུད་མུ་སྟེགས་ལོག་ལྟའི་གྲོང་ཁྱེར་འཇོམས། །ཆོས་སྐུ་བཞི་མངོན་གྱུར་ཐུགས་སུ་ཆུད། །རྗེ་བྲམ་ཟེ་ཨརྱ་དེ་ཝ་ལ། །ཡིད་མི་ཕྱེད་དད་པས་གསོལ་བ་འདེབས། །ས་བསྐོར་གཅིག་བསྐོར་གཉིས་བསྐོར་དང་གསུམ། །ཕྱི་བསྐོར་བ་ལྕགས་རི་མུ་ཁྱུད་བསྐོར། །བར་བསྐོར་བ་ལྷོ་རྒྱལ་འཛམ་བུ་གླིང༌། །
ནང་བསྐོར་བ་དིང་རི་གླང་འཁོར་བསྐོར། །རི་མཁན་པ་ཁྲོད་ཀྱི་དགོན་པ་ན། །གནས་དེ་ན་སུ་བཞུགས་སུ་མི་བཞུགས། །གནས་དེ་ན་དམ་པ་སངས་རྒྱས་བཞུགས། །ཁོང་མི་ཕམ་མགོན་པོ་བཅོམ་ལྡན་འདས། །དམ་པ་མི་རྟོག་རྒྱུད་སྡེ་མཁས། །དཔལ་ཆེན་བིར་ཝ་དྲོད་ཚད་མཁས། །ཨརྱ་དེ་ཝ་སྒྲ་ཚད་མཁས། །རྗེ་སྨྲ་བའི་སེངྒེ་མཚུངས་པ་མེད། །སྐུ་འཁྲུངས་པ་རྒྱ་གར་ཡུལ་དུ་འཁྲུངས། །གསུང་བསྒྲགས་པ་བོད་ཡུལ་དབུས་སུ་བསྒྲགས། །རྗེ་འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས། །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །དམ་པའི་བསྟོད་རིང་ནི། ཧཱུྃ། ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །ཁོང་སྐུ་མདོག་ནག་ལ་འོད་ཟེར་འབར། །མི་འགྱུར་ས་ལ་བཞུགས་པའི་རྟགས། །སྐུ་རོ་སྟོད་སེངྒེ་འགྱིང་བ་འདྲ། །དེ་བདུད་བཞི་ཟིལ་གྱིས་ནོན་པའི་རྟགས། །སྐུ་སྐེད་པ་རྡོ་རྗེ་འདྲིལ་
བ་འདྲ། །དེ་འཁྲུལ་གཞི་རྩད་ནས་གཅོད་པའི་རྟགས། །སྐུ་སྨད་རྨ་བྱ་འཇོལ་བ་འདྲ། །དེ་དུག་ལྔ་ཟིལ་གྱིས་གནོན་པའི་རྟགས། །ཞབས་གཉིས་པོ་སྦ་ཕྲན་བཤིབས་པ་འདྲ། །དེ་བྱང་ཆུབ་ལམ་ལ་བཞུད་པའི་རྟགས། །དབུ་སྐྲ་ལོ་གནག་སྣུམ་གྱེན་དུ་འཁྱིལ། །དེ་མཐོ་རིས་ཐར་ལམ་འདྲེན་པའི་རྟགས། །སྤྱན་མིག་དམར་ལ་སྤྱན་རྩ་འཁྲུགས། །དེ་སྣང་སྲིད་ཟིལ་གྱིས་ནོན་པའི་རྟགས། །ཚེམས་རྩ་དཀར་ལ་ཚེམས་རྩེ་རྣོ། །དེ་དུག་གསུམ་རྩད་ནས་ཆོད་པའི་རྟགས། །ཕྱག་སོར་རིང་ལ་ཕྱག་སེན་རྣོ། །དེ་སྐལ་ལྡན་ཐུགས་རྗེས་འཛིན་པའི་རྟགས། །རྗེ་རེས་འགའ་རྟེན་འབྲེལ་སྣ་ཚོགས་མཛད། །དེ་རྟེན་འབྲེལ་སྣ་ཚོགས་མཛད་ཙ་ན། །བཀའ་འཁོར་གཡོག་བྱིན་གྱིས་རློབ་པའི་རྟགས། །རྗེ་རེས་འགའ་བརྟུལ་ཞུགས་སྤྱོད་པ་མཛད། །དེ་བརྟུལ་ཞུགས་སྤྱོད་པ་མཛད་ཙ་ན། །འཁོར་སློབ་མའི་བར་
ཆད་སེལ་བའི་རྟགས། །རྗེ་རེས་འགའ་ཉིན་མཚན་འཁོར་མོར་གཟིམས། །དེ་ཉིན་མཚན་འཁོར་མོར་གཟིམས་ཙམ་ན། །ཆོས་མཉམ་ཉིད་གཡོ་བ་མེད་པའི་རྟགས། །རྗེ་སྟེང་དེར་ལྷ་ཚོགས་ཐེབས་སེ་ཐེབ། །འོག་དེར་ནི་གདོན་ཚོགས་མྱ་ལ་ལ། །དེ་བར་དུ་མཁའ་འགྲོ་ཤིགས་སེ་ཤིག །གཡས་དེར་བཞུགས་དཔའ་བོ་ངར་དང་ལྡན། །གཡོན་དེར་ནི་དཔའ་མོ་མདངས་དང་ལྡན། །མདུན་དེར་ནི་དམ་ཅན་སྤུངས་སེ་སྤུང༌། །རྗེ་དེར་བཞུགས་ཀྱི་དམ་པར་གསོལ་བ་འདེབས། །དེར་བཞུགས་ཀྱི་དམ་པས་བྱིན་གྱིས་རློབས། །དཔལ་བྱིན་རླབས་ཐུགས་རྗེའི་རྒྱུན་མ་གཅོད། །རྗེ་སྐུ་ནི་མི་བཞུགས་སྐུ་གདུང་བཞུགས། །གསུང་ནི་མི་བཞུགས་དམ་ཆོས་བཞུགས། །ཐུགས་ནི་མི་བཞུགས་བརྒྱུད་པ་བཞུགས། །རྗེ་དྲུང་ན་བཞུགས་ན་དྲུང་ཕྱག་འཚལ། །རྒྱང་ན་བཞུགས་ན་རྒྱང་ཕྱག་
འཚལ། །ཡིད་མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །སྐུ་འགྱུར་བ་མེད་པར་བྱིན་གྱིས་རློབས། །གསུང་འགགས་པ་མེད་པར་བྱིན་གྱིས་རློབས། །ཐུགས་འཁྲུལ་བ་མེད་པར་བྱིན་གྱིས་རློབས། །དེ་ནས་དམ་པའི་བསྟོད་པ་ཐུང་བ་ནི། ཧཱུྃ། གནས་ཡ་ཀི་དིང་རིའི་ཕ་ཀི་ན། །རི་མཁན་པ་ཁྲོད་ཀྱི་བསིལ་ཁང་གི །ཌཱ་ཀི་པད་ཟླའི་གདན་སྟེང་ན། །ཕ་ཀུན་ཤེས་ཀུན་རིག་དམ་པ་པོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་མཆོག་སྤྲུལ་པའི་སྐུ། །དཔལ་མི་ཕམ་མགོན་པོ་འགྲོ་བའི་མགོན། །སྨྲ་བའི་སེངྒེ་བྱིན་རླབས་ཅན། །ཨཱ་ལི་ཀཱ་ལིའི་སྒྲ་དོན་རྟོགས། །བཀའ་མདོ་རྒྱུད་ཀྱི་དགོངས་པ་ཐུགས་སུ་ཆུད། །སྐུ་བརྟུལ་ཞུགས་སྤྱོད་པས་འགྲོ་དོན་མཛད། །གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒྲ་སྒྲོགས། །ཐུགས་བྱང་
ཆུབ་སེམས་ཀྱིས་འགྲོ་དོན་མཛད། །ཡོན་ཏན་ནོར་བུ་ལྟ་བུས་རེ་འདོད་སྐོང༌། །ཕྲིན་ལས་རྟེན་འབྲེལ་ཆེ་བས་བར་ཆད་སེལ། །ཕ་ནག་པོ་ཆེན་པོ་གཟི་མདངས་ཅན། །འཛམ་བུ་གླིང་གི་རྒྱན་གཅིག་པུ། །མ་འགྲོ་བ་ཀུན་གྱི་སྐྱབས་གནས་མཆོག །དུས་གསུམ་སངས་རྒྱས་ཀྱི་སྲས་གཅིག་པུ། །མ་མཁའ་འགྲོ་སྡེ་ལྔའི་བུ་གཅིག་སྟེ། །ཕ་དམ་པ་རྗེ་ལ་ཕྱག་འཚལ་བསྟོད། །ཕ་འགྲན་ཟླ་མེད་ལ་ཕྱག་འཚལ་བསྟོད། །ཕ་འདུས་མ་བྱས་ལ་ཕྱག་འཚལ་བསྟོད། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ཕུང་ཁམས་ལ་བདེ་དྲོད་སྦར་དུ་གསོལ། །ངག་རྩ་རླུང་ལ་ནུས་པ་བསྐྱེད་དུ་གསོལ། །སེམས་ཀུན་གཞི་ལ་ཉམས་རྟོགས་བསྩལ་དུ་གསོལ། །ཕས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བརྗོད་ཤ་ཁྱེར་ཁྲག་ཁྱེར་བྱ། དེ་ནས་མ་བརྒྱུད་ཀྱི་བསྟོད་པ་ནི། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་
སྲས། །མ་མྱུར་མཛད་དཔའ་མོ་སྒྲོལ་མ་ཡུམ། །གནས་སེང་ལྡེང་ནགས་ཀྱི་དགའ་ཚལ་དུ། །མ་འགྲོ་དྲུག་གི་མགོན་དུ་བཞུགས་པ་ཡི། །ཡུམ་གངྒཱའི་ལྷ་མོ་དབྱངས་ཅན་མ། །མཆོག་ཨརྱ་ཏཱ་རེ་བྱིན་རླབས་ཅན། །བདག་མོས་གུས་དྲག་པོས་གསོལ་བ་འདེབས། །གནས་ཨོ་རྒྱན་རྒྱ་གར་ཕྱོགས་མཚམས་སུ། །མཆོག་རྡོ་རྗེ་བཙུན་མོའི་ངོ་བོ་ཉིད། །སྔགས་ཐུན་མིན་གསང་བའི་མཛོད་འཛིན་མ། །མ་མཁའ་འགྲོ་བདེ་བའི་དངོས་གྲུབ་མ། །བུ་གདུང་བ་དྲག་པོས་གསོལ་བ་འདེབས། །མི་བདག་རྒྱུད་བྱིན་གྱིས་བརླབ་པ་དང༌། །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་ནས། །དོན་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །མ་དེ་དང་གཉིས་མེད་ཐུགས་ཀྱི་སྲས། །དོན་མི་ལས་འདས་པའི་མཁའ་འགྲོ་མ། །ཁྱེད་ཡེ་ཤེས་རང་གཟུགས་སྤྲུལ་པའི་སྐུ། །འགྲོ་དྲུག་ཐུགས་རྗེས་འདྲེན་པའི་ཕྱིར། །མ་
འགྲོ་འོང་བྲལ་བ་ཆུ་ཟླའི་སྐུ། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །སྐལ་མེད་ཐར་པར་འདྲེན་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འབར། །སྐྱེ་བ་དམན་ལ་དགོངས་པ་མཐོ། །དུས་གསུམ་སངས་རྒྱས་གདུང་འཛིན་མ། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་ཕྱོགས་མེད་ལྟ་བས་ཞེན་པ་གྲོལ། །མཉམ་ཉིད་བསྒོམས་པས་དམིགས་པ་གྲོལ། །རྟོག་མེད་སྤྱོད་པས་ཉམ་ང་གྲོལ། །སྐྱེ་མེད་རྟོགས་པས་འཁོར་བ་གྲོལ། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་སེར་སྣ་མེད་པའི་དོན་རྟོགས་ཤིང༌། །ཀུན་ཁྱབ་སྦྱིན་པ་
བློས་ཐེངས་མ། །རང་བྱུང་ཡེ་ཤེས་དོན་རྟོགས་ཤིང༌། །ཉམས་པ་མེད་པའི་ཁྲིམས་སྲུང་མ། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་སྐྱེ་བ་མེད་པའི་དོན་རྟོགས་ཤིང༌། །སྐྱེ་མེད་བཟོད་པ་སྒོམ་མཛད་མ། །མ་བྱ་རྩོལ་མེད་པའི་དོན་རྟོགས་ཤིང༌། །འབད་མེད་བརྩོན་འགྲུས་རྩོམ་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་གཡོ་བ་མེད་པའི་དོན་རྟོགས་ཤིང༌། །ཡེངས་མེད་བསམ་གཏན་སྒོམ་མཛད་མ། །མ་ཀུན་གྱི་རང་བཞིན་དོན་རྟོགས་ཤིང༌། །བདག་མེད་ཤེས་པའི་རྣལ་འབྱོར་མ། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་མཉམ་ཉིད་ངང་ལ་གཟིམས་ཙ་ན། །ཉོན་མོངས་སངས་ལ་ཡེ་ཤེས་རྒྱས། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་
དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་མཉམ་ཉིད་ངང་ལས་བཞེངས་ཙ་ན། །དོན་རྗེས་ཐོབ་རྟོགས་པའི་གདེང་དང་ལྡན། །འཁོར་ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །ཤར་རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་
ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །དོན་ཡོན་ཏན་ལྡན་པའི་ཉམས་དང་ལྡན། །ལྷོ་རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །དོན་སྐྱེ་བ་མེད་པའི་ཉམས་དང་ལྡན། །ནུབ་པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །དོན་འགགས་པ་མེད་པའི་ཉམས་དང་ལྡན། །བྱང་ལས་ཀྱི་མཁའ་འགྲོ་འབུམ་
གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་དགོངས་པ་སྟེང་དུ་བསྐྱོད་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །རིག་པ་དབྱིངས་སུ་པུ་རུ་རུ། །རིས་མེད་ལྟ་བ་ཕྱ་ལ་ལ། །མཉམ་ཉིད་དགོངས་པ་ཕྲི་ལི་ལི། །དེ་བཞིན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་གཉན་ས་རི་ཁྲོད་འགྲིམ་ཙ་ན། །སྙེམ་བྱེད་རྟོག་པ་མྱ་ལ་ལ། །བདེ་སྟོང་རྒྱུད་ལ་ཕྲི་ལི་ལི། །དེ་བཞིན་མཁའ་འགྲོ་འབུམ་གྱིས་བསྐོར། །གསུང་ཉམས་
དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་འགྲོ་བའི་དོན་དུ་བསྐྱོད་ཙ་ན། །གནད་ཀྱི་གདམས་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །མ་མཁའ་འགྲོ་མང་པོ་ཐིབས་སེ་ཐིབ། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་སྐྱེ་མེད་ངང་དུ་བསྐྱོད་ཙ་ན། །གཟུང་འཛིན་གྱི་མདུད་པ་ཁྲོ་ལོ་ལོ། །ཉམས་སྣང་ཆའི་ན་བུན་ཡ་ལ་ལ། །མཁའ་འགྲོ་མང་པོ་ཐིབས་སེ་ཐིབ། །གསུང་ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདག་དང་
མོས་པའི་བུ་སློབ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མ་དབྱིངས་ལས་བསྐྱོད་པ་མི་མངའ་ཡང༌། །དོན་འགགས་པ་མེད་པའི་ཐུགས་རྗེ་ཡིས། །མ་རིགས་དྲུག་འཁྲུལ་པའི་སེམས་ཅན་རྣམས། །མ་གཅིག་ཁྱེད་ལ་སྐྱབས་སུ་མཆི། །མ་ཁྱེད་ཀྱི་ཐུགས་རྗེས་གཟུང་དུ་གསོལ། །ཞེས་མ་གཅིག་གི་རྩ་བསྟོད་དུ་གྲགས་པའོ། །དེ་ནས་ཕ་རོལ་ཕྱིན་དྲུག་གི་བསྟོད་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་སེར་སྣ་མེད། །མ་སྦྱིན་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་འཆལ་བ་མེད། །མ་ཚུལ་ཁྲིམས་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །མ་བཟོད་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ལེ་ལོ་
མེད། །མ་བརྩོན་འགྲུས་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་རྣམ་གཡེང་མེད། །མ་བསམ་གཏན་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་འཁྲུལ་པ་མེད། །མ་ཤེས་རབ་རྫོགས་ལ་ཕྱག་འཚལ་བསྟོད། །མ་དུས་གསུམ་སངས་རྒྱས་ཀྱི་གདུང་འཛིན་མ། །ཆོས་སྟོང་ཉིད་བཅོ་བརྒྱད་རྒྱན་གྱིས་མཛེས། །སྟོང་པ་ཉིད་ལ་འགྱུར་བ་མེད། །དོན་སྟོང་པ་ཉིད་ལ་ཕྱོགས་རིས་བྲལ། །མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་སྟོང་པ་ཉིད་ཀྱི་རྒྱན་གྱིས་མཛེས། །དེ་སྟོང་པ་ཉིད་ལ་ཞལ་ཕྱག་རྫོགས། །མཚན་དང་དཔེ་བྱད་ཀྱིས་ནམ་མཁའ་ཁྱབ། །མ་ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་བསྟོད། །མ་དེ་ཡི་ངང་ལས་གཟུགས་སྐུར་བཞེངས། །དོན་མཛད་པ་རྣམ་ཐར་བསམ་མི་ཁྱབ། །སྐུ་བལྟ་བས་ཆོག་མི་ཤེས་པ་ཡི། །མ་
སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །མ་སྐུ་གསུམ་དབྱེར་མེད་འགྲོ་བའི་མགོན། །དོན་ཟབ་གསལ་གྱི་ཆོས་རྣམས་རྒྱན་དུ་རྫོགས། །འཁོར་འདས་ལ་ཕྱོགས་ལྷུང་རིས་སུ་མེད། །ཟུང་འཇུག་གི་ཆོས་རྣམས་དབྱིངས་སུ་རྫོགས། །མ་ངོ་བོ་ཉིད་སྐུར་ཕྱག་འཚལ་བསྟོད། །མ་སྟོང་པ་ཉིད་ལ་གཡོ་བ་མེད། །ཐོགས་བཅས་བདུད་ཀྱིས་མི་འཇིགས་ཤིང༌། །སྟོང་ཉིད་ཀྱི་དབྱིངས་སུ་ཐོག་བརྫིས་བྱས། །དངོས་སྣང་སེམས་ཀྱི་ངང་དུ་བཅད། །མ་ཐོགས་མེད་བདུད་ཀྱི་དོན་རྟོགས་ནས། །འཁྲུལ་སྣང་སེམས་ཀྱི་རྩལ་དུ་མཁྱེན། །རང་གཞན་མེད་པས་ཉམ་ང་བྲལ། །མ་སྙེམ་བྱེད་བདུད་ཀྱིས་མི་འཇིགས་ཕྱིར། །ང་བདག་གི་གཟུང་འཛིན་དབྱིངས་སུ་གཏོར། །བདག་འཛིན་བདུད་ཀྱི་སྲོག་རྩ་བཅད། །མ་དགའ་བྲོད་བདུད་ཀྱི་དོན་རྟོགས་ཤིང༌། །བདག་གཞན་གྱི་འཛིན་པ་དབྱིངས་སུ་ཞིག །
སྐྱོན་ཡོན་ཏན་གཉིས་སུ་མེད་པར་མཁྱེན། །བཟང་ངན་གྱི་རྟོག་ཚོགས་དབྱིངས་སུ་གཏོར། །མ་བདུད་ལས་གྲོལ་ལ་ཕྱག་འཚལ་བསྟོད། །ང་བུས་ཀྱང་མ་ལ་གསོལ་བ་འདེབས། །ཁྱོད་མས་ཀྱང་བུ་ལ་བྱིན་གྱིས་རློབས། །མ་ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ། །ཕྱི་ལྷོང་གི་ཆོ་འཕྲུལ་སེམས་སུ་ཤེས། །ནང་ལྷོང་གི་ན་ཚ་རྒྱན་དུ་ཤར། །གསང་ལྷོང་གི་དུག་ལྔ་རང་སར་གྲོལ། །བཟང་ངན་གྱི་འཁྲུལ་རྟོག་དབྱིངས་སུ་དག །ཉམ་ང་མེད་པར་ཚར་ཚད་རྫོགས། །སེམས་གཉིས་མེད་ཀྱི་དབྱིངས་སུ་འཛིན་ཞེན་གྲོལ། །དོན་སྙིང་རྗེས་འགྲོ་ཀུན་རྗེས་སུ་འཛིན། །སེམས་ཉག་ཅིག་རྩད་ནས་བཅད་པའི་ཕྱིར། །འཁྲུལ་སྣང་གི་ཆོད་ཚད་དབྱིངས་སུ་རྫོགས། །འཁོར་འདས་དབྱེར་མེད་དུ་རྟོགས་པའི་མ། །མ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །མ་ཁྱེད་ཀྱིས་རྒྱུན་ཆད་བྲལ་བ་རུ། །བུ་བདག་འདྲ་ཐུགས་
རྗེས་འཛིན་པ་དང༌། །བློ་ཆོས་དང་མཐུན་པར་བྱིན་གྱིས་རློབས། །ཕྱི་སྒྱུ་ལུས་གཟན་དུ་བོར་བ་དང༌། །ནང་འཛིན་པའི་སེམས་ཉིད་དབྱིངས་སུ་གྲོལ། །བར་འཁྲུལ་སྣང་གི་ལྷ་འདྲེ་རང་སར་ཞི། །རྟེན་འདི་ལ་སངས་རྒྱས་འགྲུབ་པར་ཤོག །དེ་དག་ནི་སྲས་ཀྱིས་མ་གཅིག་གི་གདུང་སྒྲོམ་གྱི་ཕྱོགས་བཞི་ནས་བསྟོད་པ་དང་ཕ་རོལ་ཕྱིན་དྲུག་གི་བསྟོད་པ་བཅས་ལ་ཆོས་རྗེ་བསོད་ནམས་བཟང་པོས་ཁ་སབ་མཛད་པ་གཞིར་བྱས་པའོ། །དེ་ནས་ཤ་ཁྱེར་ཁྲག་ཁྱེར་བྱས་ལ། ཡུམ་སྲས་གཉིས་མེད་ཀྱི་བསྟོད་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་པདྨ་ལྟ་བུའི་ཇོ་མོ་ལ། །སྲས་ཉི་ཟླ་ལྟ་བུའི་རྒྱལ་བ་འཁྲུངས། །མ་མཁྱེན་པའི་ཀློང་ནས་ཐུགས་རྗེ་ཤར། །བུ་སློབ་མའི་སྣང་ཚུལ་ལམ་དུ་ལྷོང༌། །མ་ཇོ་མོའི་སྐུ་གསུང་ཐུགས་ཀྱི་སྲས། །རྗེ་གླང་ལུང་པ་ལ་ཕྱག་འཚལ་བསྟོད། །མཆོག་གཅོད་ཡུལ་བརྒྱུད་པ་སྟོན་མཛད་པའི། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་
བསྟོད། །རང་གཤིས་རང་གསལ་གདམས་ངག་ལ། །དོན་བསྒོམ་དུ་མེད་པར་སྟོན་མཛད་པ། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །བཙལ་བས་མ་རྙེད་ཆོས་སྐུ་དེ། །ཡིད་ཆེས་ཀྱི་ཁོ་ཐག་རང་ལ་ཆོད། །འབད་རྩོལ་སྒྲུབ་མེད་པར་སྟོན་མཛད་པ། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །ཆོས་བརྡལ་ཁྱབ་ཆེན་པོའི་གཞི་ཉིད་ལ། །མ་བཅོས་ཤིང་མ་བསླད་རང་སར་གྲོལ། །དོན་སྤང་གཉེན་བྲལ་བའི་ཆོས་སྐུ་ཐོབ། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །བསམ་མེད་ཀྱི་ངང་ལ་ཐོས་བསམ་རྫོགས། །བརྗོད་མེད་ཀྱི་ངང་ལ་ཉམས་ལེན་རྫོགས། །སྤྲོས་བྲལ་གྱི་ངང་ལ་འབྲས་བུ་རྫོགས། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །མ་གཡོ་མེད་རྩལ་གྱི་འཛིན་པ་དེ། །གཏད་སོ་མ་བྱས་གོལ་ས་ཆོད། །ཚོད་ཐད་ཀར་མ་བཟུང་དེ་གར་གྲོལ། །རྗེ་ཡུམ་སྲས་གཉིས་ལ་ཕྱག་
འཚལ་བསྟོད། །མ་འགགས་འགག་པ་མེད་པའི་དོན། །དེ་དུམ་བུར་མ་སོང་དོན་དམ་ཤར། །སྣང་སེམས་དབྱེར་མེད་ཀྱི་ངང་དུ་རྫོགས། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །རང་དོན་གཅེས་འཛིན་ང་བདག་བྲལ། །གཞན་དོན་དུ་གཟུགས་ཕུང་སྦྱིན་པར་བཏང༌། །རྒྱུ་འབྲས་བུ་གཉིས་མེད་སྟོན་མཛད་པ། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །སྒྱུ་ལུས་གཟན་སྐྱུར་གདམས་ངག་ལ། །ངེས་ཤེས་སྐྱེས་པའི་སྙིང་སྟོབས་ཅན། །བུ་ཐར་པའི་ལམ་ལ་ཁྲིད་མཁས་པ། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །ཚོགས་དྲུག་གི་ཡུལ་ལ་གཉིས་འཛིན་མེད། །འཁོར་འདས་མཚམས་ལ་རེ་དོགས་བྲལ། །རྣམ་རྟོག་བཟང་ངན་གྱི་སྙེམ་ཐག་བཅད། །རྗེ་ཡུམ་སྲས་གཉིས་ལ་ཕྱག་འཚལ་བསྟོད། །མ་སྤྲུལ་པའི་ཡུམ་སྲས་རྣམ་གཉིས་ཀྱིས། །བདག་སོགས་འགྲོ་དྲུག་གི་
སེམས་ཅན་རྣམས། །རང་སེམས་བདུད་དུ་མི་ལྡང་ཞིང༌། །སྙེམས་རྟོག་ཀུན་ཆོས་སྐུར་གྲོལ་བར་ཤོག །དེ་ནས་སྲས་བསྟོད་གཉན་ཆུང་ལོ་ཙཱས་མཛད་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་གཅིག་དེ་ཡི་ཐུགས་ཀྱི་སྲས། །སྐུ་ཡི་བྱིན་རླབས་ཞུགས་པས་གཟི་བརྗིད་ཆེ། །གསུང་གི་བྱིན་རླབས་ཞུགས་པས་གདམས་ངག་ཟབ། །ཐུགས་ཀྱི་བྱིན་རླབས་ཞུགས་པས་རྟོགས་པ་མཐོ། །ཡོན་ཏན་བྱིན་རླབས་ཞུགས་པས་མཁྱེན་པར་ལྡན། །ཕྲིན་ལས་བྱིན་རླབས་ཞུགས་པས་འགྲོ་དོན་རྒྱས། །རྗེ་དགོངས་པ་ཀུན་ལྡན་གྱི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྗེ་ཐོགས་བཅས་བདུད་ཀྱི་དོན་རྟོགས་པས། །དངོས་འཛིན་སྒྱུ་མ་ལྟ་བུར་མཁྱེན། །ཐོགས་མེད་བདུད་ཀྱི་དོན་རྟོགས་པས། །ཉོན་མོངས་རང་སར་དག་པར་མཁྱེན། །དགའ་བྲོད་བདུད་ཀྱི་
དོན་རྟོགས་པས། །སྐྱོན་ཡོན་ཏན་སེམས་སུ་མཉམ་པར་མཁྱེན། །སྙེམས་བྱེད་བདུད་ཀྱི་དོན་རྟོགས་པས། །འཁོར་བ་དབྱིངས་སུ་གྲོལ་བར་མཁྱེན། །རྗེ་མཁྱེན་པ་ཀུན་ལྡན་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་ཡུམ་ཆེན་སྲས་སུ་འཁྲུངས་པའི་རིགས་རྒྱུད་ཆེ། །སྒྲོ་འདོགས་སེམས་སུ་ཆོད་པའི་རྟོགས་ཚད་ཅན། །ཞེ་འདོད་དམིགས་པ་སྤང་བའི་ལྟ་སྒོམ་ཅན། །སྙན་པ་ཀུན་ཏུ་ཐོས་པའི་གྲགས་པ་ཅན། །རྗེ་ཡོན་ཏན་ཀུན་ལྡན་གྱི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གྲུབ་བརྙེས་དངོས་གྲུབ་ཐོབ་པ་སྤྲུལ་པའི་སྐུ། །གཉན་ས་རི་ཁྲོད་འགྲིམ་པའི་བརྟུལ་ཞུགས་ཅན། །དཀའ་ཐུབ་མཐར་ཕྱིན་གཉུག་མའི་རྣལ་འབྱོར་པ། །འཛམ་གླིང་འགྲོ་བའི་སྐྱབས་གཅིག་ཐུགས་རྗེ་
ཅན། །རྗེ་བྱིན་རླབས་ཀུན་ལྡན་གྱི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པ་དང༌། གཡོ་མེད་ཀྱི་དད་པ་བརྟན་པོ་ལ། །ལྟེམ་རྐྱང་མེད་པའི་མོས་གུས་ཀྱིས། །དུས་རྒྱུན་ཆད་མེད་པར་གསོལ་འདེབས་ན། །བུ་སྐལ་ལྡན་བྱིན་གྱིས་ཅིས་མི་རླབས། །སེམས་སྐྱེ་མེད་ཀུན་གཞི་སྟོང་པ་འདི། །དོན་རང་ངོ་ཤེས་པར་བྱིན་གྱིས་རློབས། །གཞན་ཕན་བྱང་སེམས་དང་སྙིང་རྗེ་འདི། །དུས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །ཞེས་ཤ་ཁྱེར་ཁྲག་ཁྱེར་གྱི་དམིགས་པ་བྱས་ལ་ཕཊ་གྲངས་མེད་བརྗོད། དེ་ནས་རྗེ་བཙུན་གྱིས་མཛད་པའི་གཉན་འབོད་བཏང་བ་ནི་ཌཱ་དྲིལ་རྐང་གླིང་དྲག་ཏུ་བུས་ལ། ཧཱུྃ་ཧཱུྃ་ཧཱུྃ། ན་མོ། གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང༌། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་
སྣང་ཆར་པ་བཞིན་དུ་བོབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་འདིར་ཚོགས་རྣམས་ལ་ལུས་འདི་འབུལ། །ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཆོས་ཐེག་པ་རིམ་དགུའི་དོན་རྟོགས་ཤོག །དོན་སྙིང་རྣམ་ལྔའི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་རིངས་པ་རྣམས་ཀྱིས་རློན་པར་ཟོ། །མི་རིངས་པ་རྣམས་ཀྱིས་ཚོས་ལ་ཟོ། །རྔམ་པ་རྣམས་ཀྱིས་གྱུར་མིད་གྱིས། །སེངྒེ་ཤ་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །བྱིས་ནག་སག་ཆུ་ལ་རུབ་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །དམག་ཆེན་གྱིས་གནང་ཆེན་ཆོད་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །ཞེས་ཕཊ་གྲངས་མེད་བརྗོད་ལ་ལུས་ཕངས་པ་མེད་པར་བློས་
བཏང་སྟེ། ཕཊ། ལར་ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་བ་རྣམས། །སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཡིན། །ལས་ཅིས་ཀྱང་མི་ཕན་འདོར་བ་ལ། །འདྲེ་ཁྱེད་རྣམས་ལ་དགོས་ན་སུ་དགོས་ཁྱེར། །སྤྱིར་འགྲོ་བ་ཡོངས་ཀྱི་གླུད་དུ་འབུལ། །སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། །ཡང་སྒོས་བླ་མ་དམ་པའི་སྐུ་གླུད་དུ་འབུལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་གྱུར་ཅིག །བདག་སྔོན་ཆད་ཐོག་མ་མེད་གྱུར་ནས། །མཐར་ཟུང་འཇུག་སྐུ་གཉིས་འགྲུབ་ཀྱི་བར། །ལས་བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །ལན་ཆགས་དང་ཤ་འཁོན་བྱང་བར་མཛོད། །སེམས་འགྱུ་བ་དངོས་མེད་སྟོང་པ་འདི། །འདྲེ་ཁྱོད་བས་ངས་ཀྱང་མཐོང་མ་མྱོང༌། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང༌། །འཇིགས་སོ་སྙམ་ན་ང་ལ་
སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པས། །འཁྲུལ་པའི་དེ་ཉིད་ཤེས་པའི་ཕྱིར། །འདྲེ་ཁྱེད་ལ་ཉམ་ང་རྡུལ་ཙམ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་དུ་སྣང་བ་ངོ་མཚར་ཆེ། །ཕཊ་ཕཊ་ཕཊ། ཅེས་ཐམས་ཅད་ཀྱི་ཧབ་སྒྲ་དི་རི་རི་རོལ་པར་བསམ་མོ། །དེ་ནས་བསྲེ་བ་སྐོར་བཞིའི་དམིགས་པ་བྱས་ལ། ཚོགས་ཀྱི་ཡོ་བྱད་ཆུ་ཆང་གིས་རིམ་པར་བྲན་ཅིང༌། མདུན་བསྐྱེད་གཙོ་མོའི་ཐུགས་འོད་ཀྱིས་ཚོགས་མགྲོན་སྤྱན་དྲངས་ཤིང་མདུན་གྱི་ནམ་མཁར་བཞུགས་པའི་འོད་ཟེར་གྱིས་བདག་གནས་ཡོ་བྱད་ཐམས་ཅད་བྱིན་གྱིས་བརླབས་པར་མོས་ལ། །ཐོག་མར་བཀའ་བརྒྱུད་ཀྱི་ཚོགས་ལས་འདི་བྱ་སྟེ། ག་ཏེའི་སྔགས་བརྗོད་ལ། ན་མོ། གནས་ཆོས་དབྱིངས་རྣམ་དག་གི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་
ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སེང་ལྡེང་ནགས་ཀྱི་དུར་ཁྲོད་ན། །རྗེ་བཙུན་ཇོ་མོ་སྒྲོལ་མ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་བྱ་རྒོད་ཕུང་
པོའི་རི་བོ་ན། །ཡང་དག་རྫོགས་པའི་སངས་རྒྱས་རིན་པོ་ཆེ། །ཁྱེད་ཉན་ཐོས་དགྲ་བཅོམ་ཚོགས་ཀྱིས་བསྐོར། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ནས། །འཇམ་དཔལ་སྨྲ་བའི་སེང་གེ་རིན་པོ་ཆེ། །ཁྱེད་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་
གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་དག་པ་མཁའ་སྤྱོད་ཞིང་ཁམས་ནས། །མཁའ་འགྲོ་སུ་ཁ་སིདྡྷི་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་རྒྱ་གར་སྤྱིལ་པོ་ཁ་སྦྱོར་ནས། །བྲམ་ཟེ་ཨཱརྱ་དེ་ཝ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་
གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ལ་སྟོད་དིང་རིའི་དགོན་པ་ན། །ཕ་གཅིག་དམ་པ་སངས་རྒྱས་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་
ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་དབུས་གཙང་གཉིས་ཀྱི་སོ་མཚམས་ནས། །སྐྱོ་སྟོན་བསོད་ནམས་བླ་མ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་
གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སྐྱེ་མེད་ཆེན་པོའི་དགོན་པ་ན། །ཁུ་སྒོམ་ཆོས་ཀྱི་སེངྒེ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་
དགོན་པ་ན། །སྐྱེ་མེད་དོལ་པ་ཟང་ཐལ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །དཔལ་ཆུ་བོ་རི་ཡི་དགོན་པ་ན། །གཅོད་སྟོན་རྒྱ་ནག་གཅེར་བུ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་
འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་བཀྲ་ཤིས་ལྷུན་གྲུབ་ཀྱི་དགོན་པ་ན། །རྗེ་བཙུན་སངས་རྒྱས་རབ་སྟོན་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ཟལ་མོ་བྲག་གི་དགོན་པ་ན། །མཚུངས་མེད་དད་པ་ཤེས་རབ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་
བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་གཉན་ས་རི་ཁྲོད་དགོན་པ་ན། །གྲུབ་ཐོབ་རཏྣ་པྲ་ཝ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་
ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ལྷུན་གྲུབ་བདེ་ཆེན་དགོན་པ་ན། །བྱང་སེམས་བློ་གྲོས་ཤེས་རབ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་མཁའ་ལྟར་དག་པའི་དགོན་པ་ན། །གྲུབ་དབང་ཚུལ་ཁྲིམས་ཤཱཀྱ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །
ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ཟུང་འཇུག་ཆེན་པོའི་དགོན་པ་ན། །སྤྱན་སྔ་ལུས་མེད་རྡོ་རྗེ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སྤྲོས་དང་བྲལ་བའི་དགོན་པ་ན། །ལྷ་
ཆེན་ཚུལ་ཁྲིམས་སེངྒེ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་བདེ་ཆེན་དག་པའི་དགོན་པ་ན། །མཚུངས་མེད་ཚུལ་ཁྲིམས་ཡེ་ཤེས་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །
ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སྐྱེ་མེད་ཆོས་སྐུའི་དགོན་པ་ན། །ཀིལ་སྣ་གཞོན་ནུའི་མཚན་ཅན་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སྣང་སྟོང་ཟུང་འཇུག་གི་དགོན་པ་ན། །མཁས་གྲུབ་བརྩོན་འགྲུས་འབྱུང་གནས་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་
བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སྐྱོ་ཉིན་དབྱིངས་ཀྱི་ཀེའུ་ཚང་ནས། །རྗེ་བཙུན་ཀིརྟི་དྷྭ་ཛ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་
ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སེང་ཆེན་བྲག་གི་ཡང་རྫོང་ནས། །ཆོས་རྗེ་བསོད་ནམས་བཟང་པོ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ཟབ་དོན་བདུད་བཞི་ཚར་གཅོད་ནས། །གྲུབ་དབང་ཀུན་དགའ་སེངྒེ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །
ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་མཐའ་བྲལ་དབྱིངས་ཀྱི་དུར་ཁྲོད་ནས། །མ་ནམ་མཁའི་རྣལ་འབྱོར་མཁའ་འགྲོ་མ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་
ཡང་རྫོང་མེ་རི་འབར་བ་ནས། །དཔལ་ཆོས་ཀྱི་སེངྒེ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ཆབ་བསྟི་གསེར་ཕུག་དབེན་གནས་ན། །རྗེ་བཀའ་བརྒྱུད་བཀྲ་ཤིས་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་
རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སེངྒེ་རྫོང་གི་དབེན་རྩ་ན། །གྲུབ་དབང་ཀརྨ་མ་ཏི་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ཤངས་ཀྱི་རྒོད་ཚང་ཡང་དབེན་ན། །གཏད་མེད་ཡེ་བབ་ལྷུན་འབྱམས་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་
དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་
ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་རྒྱལ་ཁམས་ཕྱོགས་མེད་གར་བཞུགས་ན། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་ཕྱོགས་བཅུ་དུས་གསུམ་ཞིང་ཁམས་ནས། །སྐྱབས་གནས་དཀོན་མཆོག་གསུམ་པོ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །
ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་དངོས་གྲུབ་སྟེར་མཛད་ཕོ་བྲང་ན། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །
གནས་ཨོ་རྒྱན་ཕྱོགས་བཞིའི་གནས་མཆོག་ན། །མ་ཚོགས་རིགས་ལྔའི་མཁའ་འགྲོ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །གནས་བསིལ་བ་ཚལ་སོགས་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་
སྣོད་རྣམས་ནི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །དེ་ནས་མ་རྒྱུད་ཀྱི་ཚོགས་ལས་ནི། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པ་ཐུགས་ཀྱི་སྲས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་སྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཌཱ་ཀིའི་བརྡ་སྐད་དི་རི་རི། །དབུ་རྒྱན་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །ཕྱག་གདུབ་ཞབས་གདུབ་སི་
ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཤིགས་སེ་ཤིག །སིལ་སྙན་མང་པོ་སི་ལི་ལི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །འགྲོ་བའི་དོན་དུ་གཤེགས་ནས་ཀྱང༌། །གནས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་ཆོས། །མར་མེ་འདི་ལ་མདངས་ཤིག་ཐོན། །ཞལ་ཟས་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །སློབ་མ་རྣམས་ལ་དབང་ཞིག་བསྐུར། །གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ། །ཡང་
དག་བདེ་ཆེན་སྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཌཱ་ཀིའི་བརྡ་སྐད་སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་སྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཌཱ་ཀིའི་བརྡ་སྐད་སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་སྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཌཱ་ཀིའི་བརྡ་སྐད་སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་སྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཌཱ་ཀིའི་བརྡ་སྐད་སོགས། གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །དེ་ནས་མ་གཅིག་གི་གསུང་བྱིན་རླབས་ཅན་མཁའ་འགྲོ་འབུམ་གྱི་བསྐུལ་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཐོད་པ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལ། །ཁམས་གསུམ་དབང་དུ་བསྡུས་པའི་མཁའ་འགྲོ་འབུམ། །ཐོད་པ་ལྔ་ཡིས་དབུ་
ལ་བརྒྱན་པ་ལ། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ལ། །འདུ་བྱེད་ལྔ་བཅུ་དག་པའི་མཁའ་འགྲོ་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ་ལ། །མ་ཚོགས་ཌཱ་ཀི་འདུ་བའི་མཁའ་འགྲོ་འབུམ། །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ལ། །དངོས་འཛིན་འཁྲུལ་པ་གཅོད་པའི་མཁའ་འགྲོ་འབུམ། །ཕྱག་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་ལ། །རྣམ་རྟོག་ལམ་དུ་ཁྱེར་བའི་མཁའ་འགྲོ་འབུམ། །རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ལ། །རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་བརྒྱན་པ་ལ། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །ཌཱ་རུ་གསེར་གྱི་ཅང་ཏེའུས་བརྒྱན་པ་ལ། །དོན་དམ་སྙན་བརྒྱུད་འཛིན་པའི་མཁའ་འགྲོ་འབུམ། །དྲིལ་བུ་གཡེར་ཁས་སྐུ་ལ་
བརྒྱན་པ་ལ། །སྟོང་གསུམ་ཆོས་སྒྲ་སྒྲོགས་པའི་མཁའ་འགྲོ་འབུམ། །དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ལ། །དུར་ཁྲོད་གནས་མཆོག་འགྲིམ་པའི་མཁའ་འགྲོ་འབུམ། །ཌཱ་ཀི་མང་པོས་འཁོར་དུ་བསྐོར་བ་ལ། །སྤྲུལ་པ་གྲངས་མེད་འབྱེད་པའི་མཁའ་འགྲོ་འབུམ། །ཡང་དག་བདེ་ཆེན་སྐྱེད་པའི་ཌཱ་ཀིའི་ཚོགས། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཌཱ་ཀིའི་བརྡ་སྐད་སོགས། བྱིན་གྱིས་རློབས། །དེ་ནས་མ་རྒྱུད་སྤྱི་བསྡུས་ཀྱི་ཚོགས་ལས་ནི། ཀྱེ། མ་མི་མིན་དབྱིངས་ཀྱི་མཁའ་འགྲོ་མ། །ཡུམ་ཆེན་ཐུགས་སྤྲུལ་ཨ་མ་ལབ་ཀྱི་སྒྲོན། །རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །ཡེ་ཤེས་མཁའ་འགྲོ་དམ་ཚིག་མཁའ་འགྲོ་དང༌། །སྣ་ཚོགས་མཁའ་འགྲོ་ཐམས་ཅད་མཁའ་འགྲོ་མ། །མ་མཁའ་ལ་འགྲོ་བའི་མཁའ་འགྲོ་དང༌། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་མ། །བར་སྣང་འགྲོ་བའི་ལས་བྱེད་
ཚོགས། །ཌཱ་ཀིའི་བརྡ་སྐད་དི་རི་རི། །དབུ་རྒྱན་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཤིགས་སེ་ཤིག །སིལ་སྙན་མང་པོ་སི་ལི་ལི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་བསལ་ཕྱིར་གཤེགས་སུ་གསོལ། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །འགྲོ་བའི་དོན་དུ་གཤེགས་ནས་ཀྱང༌། །གནས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་ཆོས། །མར་མེ་འདི་ལ་མདངས་ཤིག་ཐོན། །ཞལ་ཟས་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །སློབ་མ་རྣམས་ལ་དབང་ཞིག་བསྐུར། །གསོལ་
འདེབས་བུ་ལ་བྱིན་གྱིས་རློབས། །མ་དེ་འོག་ཞིང་སྔགས་མཁའ་འགྲོ་སོགས། །བསྟན་པ་སྲུང་བའི་ཆོས་སྐྱོང་རྣམས། །གིང་ཆེན་གིང་ཆུང་ལྕམ་དྲལ་ཀུན། །ཧ་སྒྲ་དང་ཕཊ་སྒྲ་ཏི་རི་རི། །དྲག་པོའི་སྐན་སྒྲ་ཆེམས་སེ་ཆེམ། །གསང་བའི་བཤུག་གླུ་ཀྱུ་རུ་རུ། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་བསལ་ཕྱིར་གཤེགས་སུ་གསོལ། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཅེས་རྒྱས་པར་སོ་སོར་འགྲེས་བཤང་བ་དང༌། འབྲིང་པོར་ནག་འགྲོས། ཤིན་ཏུ་བསྡུས་པར་འདོད་ཚེ། ཧཱུྃ། འོག་མིན་བདེ་ཆེན་མཁའ་སྤྱོད་ཕོ་བྲང་ནས། །སངས་རྒྱས་བྱང་སེམས་ཉན་རང་དགྲ་
བཅོམ་དང་། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང༌། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ལས་བྱེད་བཅས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་སྣ་ཚོགས་སྣོད་མཆོག་འདི། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོའི་མཆོད་པ་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་མཁའ་འགྲོར་བྱིན་གྱིས་རློབས། །ཧཱུྃ། འཇིགས་རུང་གཏུམ་ཆེན་རྔམ་པའི་དུར་ཁྲོད་དང༌། །བས་མཐའ་ལུས་སྲོག་དོར་བའི་གཉན་ཁྲོད་ནས། །རྗེ་བརྒྱུད་པའི་བླ་མ་རིན་པོ་ཆེ། །ཕ་འདྲེན་པའི་བླ་མ་ཐུགས་རྗེ་ཅན། །རྩ་བའི་བླ་མ་བྱིན་རླབས་ནུས་པའི་བདག །ཐམས་ཅད་སྔོན་གྱི་ཐུགས་དམ་
དགོངས་མཛོད་ལ། །བྱིན་རླབས་ཐུགས་རྗེའི་ཆུ་བོ་རྒྱུན་མ་གཅོད། །མི་མཐུན་རྐྱེན་དང་བར་ཆད་དབྱིངས་སུ་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །དེ་ནས་ཚོགས་བྱིན་གྱིས་བརླབ་པའི་དམིགས་པ་བདུད་རྩིའི་སྐབས་ལྟར་བྱས་ལ་བདུད་རྩིས་བྲན་ཏེ། ཨོཾ། མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿམ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ། མ་གཅིག་མ་ལ་གསོལ་བ་འདེབས། །ཀྱེ། དཀར་པོ་ཨོཾ་གྱིས་བྱིན་གྱིས་རློབས། །དཀར་པོ་ཨོཾ་གྱིས་བྱིན་བརླབས་པས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམ་གྱིས་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །བླ་མ་ཡི་དམ་ལྷ་ཚོགས་མཉེས་གྱུར་ཅིག །རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དགྱེས་གྱུར་ཅིག །ཆོས་སྐྱོང་སྲུང་མའི་དམ་འགལ་སོར་ཆུད་ཤོག །དམར་པོ་
ཨཱཿཡིས་བྱིན་གྱིས་རློབས། །དམར་པོ་ཨཱཿཡིས་བྱིན་བརླབས་པས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམ་གྱིས་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །བླ་མ་ཡི་དམ་ལྷ་ཚོགས་མཉེས་གྱུར་ཅིག །རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དགྱེས་གྱུར་ཅིག །ཆོས་སྐྱོང་སྲུང་མའི་དམ་འགལ་སོར་ཆུད་ཤོག །སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གིས་བྱིན་བརླབས་པས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམ་གྱིས་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་འདིས། །བླ་མ་ཡི་དམ་ལྷ་ཚོགས་མཉེས་གྱུར་ཅིག །རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང་གྱུར་ཅིག །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དགྱེས་གྱུར་ཅིག །ཆོས་སྐྱོང་སྲུང་མའི་དམ་འགལ་སོར་ཆུད་ཤོག །
དེ་ནས་ཚོགས་རིམ་པ་གསུམ་དུ་སྤྲོས་པའི་དང་པོ་འདེགས་ཤིང་འཁོར་འདས་སྤྱིའི་མགྲོན་རྣམས་ཀྱི་ཡིད་མཁར་གང་བབ་ཀྱི་འདོད་ཡོན་འབད་མེད་དུ་འཇོ་བར་བསམ་ལ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་རྣམས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྡོ་རྗེ་འཛིན་པ་མན་ཆད་ནས། །རིགས་དྲུག་ཕ་མ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །བཞེས་ཤིག་རོལ་ཅིག་ཚོགས་ལ་རོལ། །ཨ་ལ་ལ་བཅས་དགྱེས་པར་བཞེས། །ག་ཎ་ཙཀྲ་པཱུ་ཛ་ཧོ། དཀྱིལ་འཁོར་ལྷ་ཚོགས་མན་ཆད་ནས། །གནས་ཉུལ་མཐའ་སྐྱོང་ཡན་ཆད་ཀྱི། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །སོགས་འགྲེས་བྱང་ལྟར། ཆོས་སྐྱོང་མ་མགོན་མན་ཆད་དང༌། །སྣང་སྲིད་ལྷ་འདྲེ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་
སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཤར་རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ། །སྐུ་མདོག་སྔོན་པོ་གཟི་མདངས་ཅན། །ཕྱག་གཡས་བཻ་ཌཱུར་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དཔའ་བོ་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །མ་ལུས་འཁོར་བཅས་ཚོགས་ལ་སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལྷོ་རིན་ཆེན་རིགས་ཀྱི་ཌཱ་ཀི་མ། །སྐུ་མདོག་སེར་མོ་གཟི་མདངས་ཅན། །ཕྱག་གཡས་གསེར་གྱི་གྲི་གུག་བསྣམས། །གཡོན་པས་མཚན་ལྡན་ཀ་པཱ་ལ། །འཁོར་དཔའ་བོ་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །མ་ལུས་འཁོར་བཅས་སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ནུབ་པདྨ་རིགས་ཀྱི་ཌཱ་ཀི་མ། །སྐུ་མདོག་དམར་མོ་གཟི་མདངས་ཅན། །ཕྱག་གཡས་བྱི་རུའི་གྲི་གུག་
བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་དཔའ་བོ་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །མ་ལུས་འཁོར་བཅས་སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །བྱང་ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །སྐུ་མདོག་ལྗང་མོ་གཟི་མདངས་ཅན། །ཕྱག་གཡས་མརྒད་གྲི་གུག་བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་དཔའ་བོ་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །མ་ལུས་འཁོར་བཅས་སོགས། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་སངས་རྒྱས་རིགས་ཀྱི་ཌཱ་ཀི་མ། །སྐུ་མདོག་དཀར་མོ་གཟི་མདངས་ཅན། །ཕྱག་གཡས་ན་ཤེལ་གྱི་གྲི་གུག་བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་
ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཉིད་ཀྱི་ཚོགས་ལ་རོལ། །བཞེས་ཤིག་རོལ་ཅིག་ཚོགས་ལ་རོལ། །ཨ་ལ་ལ་བཅས་དགྱེས་པར་བཞེས། །ག་ཎ་ཙཀྲ་པཱུ་ཛ་ཧོ། ཞེས་དང༌། རྒྱས་པར། ཨོཾ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་སོགས་ཀྱང་བརྗོད་ཅིང་ཚོགས་ཕུད་ཕུལ། བསྡུ་ན། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་དེ་ཝ་ཌཱ་ཀི་ནི་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་བི་ཤྭ་ལོ་ཀ་ཌཱ་ཀི་ནི་སརྦ་དྷརྨ་པ་ལ་ནི་དྷི་པ་ཏི་ལོ་ཀ་པ་ལ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་རཾ་ཁཱ་ཧི། ཞེས་པས་ཕུལ། འདིར་ནད་པ་གདོན་ཆེན་སོགས་ཀྱི་ཆེད་དུ་ཡིན་ན་ཁྲོས་མའི་དྲག་སྡུད་དང་གདོན་ཚོགས་དགུ་མ་སོགས་ཀྱང་བྱའོ། །དེ་ནས་ཚོགས་བར་པ་གཏོར་མར་སྤེལ་ལ། ཇ་ཆང་ཆུ་དང་ནང་མཆོད་བཞིས་རིམ་པར་བྲན་ཏེ། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཕཊ། ཅེས་པས་བསངས་ལ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡི་གེ་ཨོཾ་ལས་བྱུང་བའི་ཡེ་ཤེས་ཀྱི་སྣོད་ཀ་པཱ་ལ་སྟོང་
གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ་ཨཱཿལས་ལྷ་དང་མིའི་ཟས་མཆོག་རང་ལུས་ཤ་ཁྲག་གི་བདུད་རྩི་དང་གཅིག་ཏུ་འདྲེས་པ་ཟག་མེད་ཡེ་ཤེས་ཀྱི་གཏོར་མ་རྒྱ་ཆེ་ཞིང་དཔངས་མཐོ་བ། ནམ་ཡང་འགྲིབ་པ་མེད་པ། ཡེ་ཤེས་ཀྱི་ཧཱུྃ་འོད་དུ་ཞུ་བས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་དང༌། ཧ་ཧོ་ཧྲཱིཿ ས་བྱིན་བརླབས་ལ་འཁོར་འདས་ཀྱི་མགྲོན་གཤེགས་བཞུད་བྲལ་བ་འཇིག་རྟེན་ཁྱབ་པ་རྣམས་ལ་ལས་བྱེད་ཀྱི་མཁའ་འགྲོ་མ་བྷནྡྷའི་སྐྱོགས་འཛིན་པ་དཔག་ཏུ་མེད་པས་ཐོད་པའི་བདུད་རྩི་གཅུས་ཏེ་རིམ་པ་བཞིན་ཕུལ་བས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་པ་དང་འཇིག་རྟེན་པས་གང་བདེར་རོལ་པར་བསམ་ལ། ཨོཾ་བཾ་གུ་རུ་དེ་ཝ་ཌཱ་ཀི་ནི་ཧ་རི་ནི་ས་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ལོ་ཀ་པི་ཤ་ཙི་ཌཱ་ཀི་ནི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་དྷརྨ་པཱ་ལ་ལོ་ཀ་པཱ་ལ་ནཱ་ག་ར་ཙ་སརྦ་བྷཱུ་མི་
པཱ་ཏི་ཙ་ཤུ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ལྔ་གསུམ་སོགས་ཀྱིས་ཕུལ་ལ། ཕཊ། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་ཀྱི་སེམས་ཅན་གཏོར་མས་བཀང༌། །དེ་སྐྱེ་འཆི་མེད་པར་མཆོད་པར་འབུལ། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་བཞི་ཡི་གཏོར་མས་བཀང༌། །དེ་རང་རིག་རང་གསལ་མཆོད་པར་འབུལ། །བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། །རང་གསལ་ཐེག་དགུའི་གཏོར་མས་བཀང༌། །དེ་མ་འདྲེས་ཡོངས་རྫོགས་མཆོད་པར་འབུལ། །ཆོས་ཕ་རོལ་ཕྱིན་བཅུའི་གཏོར་གཞོང་དུ། །ལམ་ས་བཅུ་དག་པའི་གཏོར་མས་བཀང༌། །མྱ་ངན་མི་འདའ་མཆོད་པར་འབུལ། །སེམས་ཀུན་གཞི་ཡངས་པའི་གཏོར་གཞོང་དུ། །རྣམ་ཤེས་ཚོགས་བརྒྱད་གཏོར་མས་བཀང༌། །དེ་འཕེལ་འགྲིབ་མེད་པར་མཆོད་པར་
འབུལ། །གཤིས་རང་སེམས་གཉུག་མའི་གཏོར་གཞོང་དུ། །ལུས་ངག་ཡིད་གསུམ་གཏོར་མས་བཀང༌། །དེ་བརྗོད་དུ་མེད་པར་མཆོད་པར་འབུལ། །དབྱིངས་སྐྱེ་བ་མེད་པའི་གཏོར་གཞོང་དུ། །གདངས་རིག་པ་ཚོགས་དྲུག་གཏོར་མས་བཀང༌། །དེ་འགྱུ་བ་རང་གྲོལ་མཆོད་པར་འབུལ། །དོན་ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གཉིས་གཏོར་མས་བཀང༌། །དེ་ངོ་བོ་ཉིད་སྐུར་མཆོད་པར་འབུལ། །གཤིས་སྟོང་པ་ཉིད་ཀྱི་གཏོར་གཞོང་དུ། །རྩལ་སྣང་བ་སྣ་ཚོགས་གཏོར་མས་བཀང༌། །དེ་སྣང་སྟོང་ཟུང་འཇུག་མཆོད་པར་འབུལ། །ཁམས་རང་རྒྱུད་དག་པའི་གཏོར་གཞོང་དུ། །དོན་གཉིས་མེད་གདམས་ངག་གཏོར་མས་བཀང༌། །དེ་བདེ་བ་ཆེན་པོར་མཆོད་པར་འབུལ། །ཆོས་མཉམ་པ་ཉིད་ཀྱི་གཏོར་གཞོང་དུ། །རྐྱེན་ཆོས་ཅན་སྣ་ཚོགས་གཏོར་མས་བཀང༌། །དེ་གཉིས་སུ་
མེད་པར་མཆོད་པར་འབུལ། །ཡུལ་རང་སྣང་རྣམ་དག་གཏོར་གཞོང་དུ། །སེམས་མོས་པ་དང་གུས་པའི་གཏོར་མས་བཀང༌། །དེ་རོ་མཉམ་ཆེན་པོར་མཆོད་པར་འབུལ། །ཕྱི་ཀ་པཱ་ལ་ཡི་གཏོར་གཞོང་དུ། །ནང་ཤ་ཁྲག་རུས་གསུམ་གཏོར་མས་བཀང༌། །དེ་ཆགས་ཞེན་མེད་པར་མཆོད་པར་འབུལ། །ཕཊ། ཀུན་ཏུ་བཟང་པོ་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །བླ་མ་ཡི་དམ་མཁའ་འགྲོ་དང༌། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང༌། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཤཱཀྱ་ཐུབ་པ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །རིགས་དྲུག་འདོད་
པ་ཁེངས་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་ཡས་མས་གྱི་མགྲོན་རྣམས་ཀྱི་རེ་བ་ཡོངས་སུ་ཁེངས་པར་བསམ་མོ། །དེ་ནས་དྲག་བསྐུལ་བྱེད་པར་སྤྲོ་ན། ཁྲོས་མ་རིགས་ལྔའི་གཏོར་མ་ཟུར་དུ་བྱས་པ་ལ་མེ་སྒྲོན་འཛུགས་ཤིང༌། ཀྱེ། མ་མི་མིན་དབྱིངས་ཀྱི་ཌཱ་ཀི་མ། །མ་ཤར་ཕྱོགས་ན་བཞུགས་པའི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་ཁྲོས་མའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཉིས་ན་རྡོ་རྗེའི་ཐོད་ཁྲག་བསྣམས། །འཁོར་རྡོ་རྗེ་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་མཁའ་འགྲོ་འཁོར་གྱིས་བསྐོར། །ཞེ་སྡང་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ད་
ལན་སྡང་བའི་དགྲ་ལ་ཡ། །ད་ལན་གནོད་པའི་བགེགས་ལ་རྦད། །བར་དུ་གཅོད་པའི་རྐྱེན་ལ་བྷྱོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱེ། མ་མི་མིན་དབྱིངས་ཀྱི་ཌཱ་ཀི་མ། །ལྷོ་ཕྱོགས་ན་བཞུགས་པའི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་ཁྲོས་པའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཉིས་ན་རིན་ཆེན་ཐོད་ཁྲག་བསྣམས། །འཁོར་རིན་ཆེན་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །ང་རྒྱལ་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ད་ལན་སྡང་བའི་དགྲ་ལ་ཡ། །ད་ལན་གནོད་པའི་བགེགས་ལ་རྦད། །བར་དུ་གཅོད་པའི་རྐྱེན་ལ་བྷྱོ། །བཅོལ་
བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱེ། མ་མི་མིན་དབྱིངས་ཀྱི་ཌཱ་ཀི་མ། །ནུབ་ཕྱོགས་ན་བཞུགས་པའི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་ཁྲོས་པའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཉིས་ན་པདྨ་ཐོད་ཁྲག་བསྣམས། །འཁོར་པདྨ་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །འདོད་ཆགས་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ད་ལན་སྡང་བའི་དགྲ་ལ་ཡ། །ད་ལན་གནོད་པའི་བགེགས་ལ་རྦད། །བར་དུ་གཅོད་པའི་རྐྱེན་ལ་བྷྱོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱེ། མ་མི་མིན་ཡེ་ཤེས་ཀྱི་ཌཱ་ཀི་མ། །བྱང་ཕྱོགས་ན་བཞུགས་པའི་མཁའ་འགྲོ་མ། །སྐུ་
མདོག་ལྗང་མོ་ཁྲོས་པའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཉིས་རལ་གྲི་ཐོད་ཁྲག་བསྣམས། །འཁོར་ལས་ཀྱི་མཁའ་འགྲོ་འབུམདང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །ཕྲག་དོག་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ད་ལན་སྡང་བའི་དགྲ་ལ་ཡ། །ད་ལན་གནོད་པའི་བགེགས་ལ་རྦད། །བར་དུ་གཅོད་པའི་རྐྱེན་ལ་བྷྱོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱེ། མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དབུས་ཕྱོགས་ན་བཞུགས་པའི་མཁའ་འགྲོ་མ། །སྐུ་མདོག་མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་
ལྔ་ཡིས་དབུ་ལ་བརྒྱན། །མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཉིས་ན་འཁོར་ལོ་ཐོད་ཁྲག་བསྣམས། །འཁོར་སངས་རྒྱས་མཁའ་འགྲོ་འབུམ་དང་བཅས། །སྣང་སྲིད་ལྷ་འདྲེ་འཁོར་གྱིས་བསྐོར། །གཏི་མུག་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ད་ལན་སྡང་བའི་དགྲ་ལ་ཡ། །ད་ལན་གནོད་པའི་བགེགས་ལ་རྦད། །བར་དུ་གཅོད་པའི་རྐྱེན་ལ་བྷྱོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམིགས་བསལ་ནད་པ་གདོན་ཆེན་དང་སྨྱོ་བ་སོགས་ལ་ཕཊ་དྲག་པོ་བརྗོད་ཅིང་སྟངས་སྟབས་དང་བཅས་པས་གཏོར་མ་བསྒྲུབ་བྱར་བརྡེག་ཅིང་ཡེ་ཤེས་མཁའ་འགྲོའི་དམག་ཚོགས་ཀྱིས་ལུས་གདོན་དང་བྲལ་བར་བསམ། སྤྱིར་བཏང་སྒོར་ཕུལ་བས་འཐུས། ཧཱུྃ། གཞན་ཡང་བཀའ་དང་བསྟན་པ་སྲུང༌། །དམ་ཅན་རྒྱ་མཚོ་ཐམས་ཅད་དང༌། །ཁྱད་པར་གཅོད་ཡུལ་བརྒྱུད་པ་ཡི། །བཀའ་
ཉན་བསྟན་སྐྱོང་སྲུང་མའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་ནོར་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡིས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གསེར་སྐྱེམས་དང་དཀར་དམར་གྱི་གཏོར་མ་ཕུལ། དེ་ནས་ཚོགས་ལ་བརྟེན་པའི་སྐོང་བ་བྱ་བ་ནི། ཨོཾ་
ཨཱཿཧཱུྃ། བསྐང་རྫས་སྲིད་ཞིའི་འདོད་ཡོན་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བ་ལྟ་བུ་རྒྱ་ཆེ་ཞིང་ལྷུན་མཐུག་པ་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་རྒྱུན་མི་འཆད་པ་ཟག་པ་མེད་པའི་གཏེར་ཆེན་པོར་གྱུར། ཅེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། ཧཱུྃ་ཧྲཱིཿ ཚོགས་ཁང་འོག་མིན་ས་སྤྱོད་གནས་འདི་རུ། །བཀོད་ལེགས་མཛེས་པའི་རྒྱན་དང་སྤྱན་གཟིགས་བཀྲ། །ཟག་མེད་ཚོགས་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད། །འབྱོར་ཚོགས་ཕྱི་ནང་གསང་བའི་མཆོད་རྫས་དང༌། །འདོད་ཡོན་ལྷུན་པོའི་གཏོར་མ་བདུད་རྩིའི་མཚོ། །ཞིམ་རྒུའི་དཀར་མངར་སྣ་ཚོགས་མྃ་ས་དང༌། །མྱོས་བྱེད་ཆང་སྣ་ཤིང་ཏོག་ཁུར་བའི་རིགས། །བདའ་དགུའི་ཟས་མཆོག་ཞིམ་རྒུའི་བཏུང་བར་བཅས། །ཡེ་ཤེས་ཏིང་འཛིན་སྟོབས་ཀྱིས་བྱིན་བརླབས་པ། །སྣ་ཚོགས་ཡིད་སྤྲུལ་བློས་བླངས་འཇིག་རྟེན་རྫས། །
འབྱོར་དགུ་འབྱམས་ཀླས་མཆོད་སྤྲིན་རྒྱ་མཚོ་འདིས། །བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་དམ་བསྐང༌། །ཕྱོགས་བཅུའི་སངས་རྒྱས་རིགས་ལྔའི་བདེ་གཤེགས་དང༌། །ཐུབ་ཆེན་རྒྱལ་བ་ཆོས་སྐུ་ཡུམ་ཆེན་མོ། །རྣམ་པར་སྣང་མཛད་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དམ་བསྐང༌། །སྨྲ་བའི་སེངྒེ་རྗེ་བཙུན་སྒྲོལ་མ་ཡུམ། །བདེ་བའི་དངོས་གྲུབ་བྲམ་ཟེ་འཕགས་པ་ལྷ། །མི་ཡི་སངས་རྒྱས་པདྨའི་ངང་ཚུལ་ཞབས། །རྒྱལ་སྲས་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༌། །སྐྱོ་སྟོན་ཆེན་པོ་པུཎྱེ་གུ་རུ་དང༌། །མི་མིན་ཡེ་ཤེས་མཁའ་འགྲོ་ལབ་ཀྱི་སྒྲོན། །ཁུ་སྒོམ་ཆེན་པོ་ཆོས་ཀྱི་སེངྒེ་མཆོག །ཤེས་རབ་ཕར་ཕྱིན་བརྒྱུད་པའི་ཐུགས་དམ་བསྐང༌། །སྐྱེ་མེད་ཟང་ཐལ་རྒྱ་ནག་གཅེར་བུ་པ། །སངས་རྒྱས་རབ་སྟོན་དད་པ་ཤེས་རབ་དཔལ། །རཏྣ་པྲ་བྷ་བློ་གྲོས་ཤེས་རབ་མཆོག །
བྱང་སེམས་འགྲོ་མགོན་རྣམས་ཀྱི་ཐུགས་དམ་བསྐང༌། །ཤཱཀྱ་ཚུལ་ཁྲིམས་མི་བསྐྱོད་རྡོ་རྗེ་འཆང༌། །ལུས་མེད་རྡོ་རྗེ་ཚུལ་ཁྲིམས་སེངྒེ་དང༌། །ཚུལ་ཁྲིམས་ཡེ་ཤེས་གཞོན་ནུ་འབྱུང་གནས་ཞབས། །བྱིན་རླབས་ཚད་མེད་བླ་མའི་ཐུགས་དམ་བསྐང༌། །བརྩོན་འགྲུས་འབྱུང་གནས་མགོན་པོ་རྒྱལ་མཚན་དཔལ། །གྲུབ་པའི་སྤྱི་མེས་ཆོས་རྗེ་བསོད་ནམས་བཟང༌། །ཀུན་དགའ་སེངྒེ་ནམ་མཁའི་རྣལ་འབྱོར་མ། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་ཐུགས་དམ་བསྐང༌། །མི་ཕམ་ཆོས་ཀྱི་སེངྒེ་བླ་མའི་ཚོགས། །རབ་འབྱམས་རྒྱུད་སྡེའི་ཡི་དམ་ཞི་དང་ཁྲོ། །གནས་གསུམ་མཁའ་འགྲོ་ཉེར་བཞི་སོ་གཉིས་ཀྱི། །རྩ་གསུམ་དཔའ་བོ་ཌཱ་ཀིའི་ཐུགས་དམ་བསྐང༌། །ཡེ་ཤེས་མགོན་པོ་ཕྱག་བཞི་ཕྱག་དྲུག་པ། །ཞང་བློན་སྡེ་དགུ་མགོན་དཀར་དུར་ཁྲོད་བདག །མཁའ་འགྲོ་ཆེན་མོ་ཉི་ཟླ་རླུང་གཤོག་ཅན། །གཅོད་
ཡུལ་བསྟན་པ་སྲུང་མཛད་ཐུགས་དམ་བསྐང༌། །ཀླུ་རྒྱལ་ཆེན་པོ་ཟླ་བ་ལག་སྐྱོང་དང༌། །སྤྱང་ཞོན་མཆེད་གསུམ་ཟངས་རིའི་བཙན་རྒོད་འབར། །འོ་དེ་གུང་རྒྱལ་ཐང་ལྷ་ཡར་ཞུད་རྩལ། །རིགས་ཆོས་རྒྱུད་སྲུང་ཀུན་གྱི་ཐུགས་དམ་བསྐང༌། །ཡར་ལྷ་ཤམ་པོ་གཟའ་བདུད་མགོ་དགུ་དང༌། །མཁའ་རི་ལྕམ་དྲལ་ཕྱི་ནང་སྲུང་མའི་ཚོགས། །གཅོད་ཡུལ་བསྟན་པ་སྲུང་མཛད་དམ་ཚིག་ཅན། །མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི། །འབྱོར་ཚོགས་ཀུན་ཏུ་བཟང་པོའི་རྣམ་ཐར་མཛེས། །ཐུགས་དམ་བསྐང་ངོ་དགྱེས་པ་བསྐྱེད་གྱུར་ཅིག །དམ་ཚིག་ཉམས་ཆག་འགལ་འཁྲུལ་ནོངས་པའི་ལས། །ཐམས་ཅད་འགྱོད་ཚངས་དྲག་པོས་མཐོལ་ལོ་བཤགས། །སྒྲིབ་མེད་ཡེ་དག་ཚངས་པའི་དངོས་གྲུབ་སྩོལ། །ཅེས་ཡིག་བརྒྱ་བརྗོད། དེ་ནས་རྣལ་འབྱོར་ཕོ་
མོ་རྣམས་ཚོགས་ལ་རོལ་ཞིང༌། ཧོཿ བྱིན་གྱིས་བརླབས་པའི་དམ་ཚིག་རྫས། །གསོལ་ཞིང་དངོས་གྲུབ་ཐོབ་པར་གྱུར། །ཅེས་དྲངས་ལ། ལེན་པ་པོ་རྣམས་ཀྱིས། ཨོཾ་ཨཱཿཧཱུྃ། བརྗོད་ལ་དངོས་གྲུབ་ཐོབ་པར་གྱུར་སྙམ་དུ་བཟའ་བར་བྱའོ། །དེ་ནས་བཙོག་ལྷག་ཟུར་དུ་བསྡུས་པ་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ་བྱས་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཨུཙྪིཥྚ་བྷཀྵ་བྷྱ་སྭཱ་ཧཱ། ཕུད་ལ་མི་དབང་ཞིང་ལྷག་མའི་འདོད་ཡོན་ལ་རེ་བའི་འཁོར་འདས་མགྲོན་རིགས་ཀྱི་རྗེས་འབྲང་འབྱུང་པོ་ཕྲའུ་ཁས་ཞན་པ། ཉམ་ཆུང་བ། སྔོན་ཆད་མ་ཐོན་པ་དང་མ་ངོམས་པ་རྣམས་ལ་བསྔོ་བས་ལན་ཆགས་བྱང་ཞིང་བུ་ལོན་སོད་ནས་སྡུག་བསྔལ་དང་བྲལ་ཏེ་ཚད་མེད་པའི་བདེ་བ་དམ་པ་དང་ལྡན་པར་གྱུར་ཅིག །ཅེས་ལམ་སྲང་མདོར་དོར། དེ་ནས་གཙང་ལྷག་བདུད་རྩིས་བྲན་ཞིང་མེ་སྒྲོན་བཙུགས་པ་འདོད་ཡོན་ཤ་ཁྲག་གི་ཕུང་པོར་བསམས་ལ་ལས་བྱེད་ཀེང་རུས་གྲངས་མེད་པས་འདེགས་ཤིང་འཇིག་རྟེན་གྱི་མཁའ་འགྲོ་
མ་རྣམས་ལ་ཕུལ་བར་བསམས་ཏེ། ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་དུར་ཁྲོད་ནས། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དཀར་སེར་དམར་ལྗང་རལ་པ་ཅན། །ཁྱོད་དོན་དུ་སངས་རྒྱས་ཡིན་མོད་ཀྱང༌། །བདག་སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པས། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་མཁའ་ལ་འགྲོ་བའི་མཁའ་འགྲོ་དང༌། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་དང༌། །བར་སྣང་འགྲོ་བའི་ལས་བྱེད་རྣམས། །ཁྱོད་དོན་དུ་སངས་རྒྱས་ཡིན་མོད་ཀྱང༌། །བདག་སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པས། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྱེད་རྣམས་ལ་བཅོལ་བའི་གཉེར་ཁ་ནི། །སངས་རྒྱས་བསྟན་པ་བཤིགས་
པ་དང༌། །དཀོན་མཆོག་དབུ་འཕང་སྨད་པ་དང༌། །བླ་མའི་སྐུ་ལ་བརྡོ་བ་དང༌། །སེམས་ཅན་ཡོངས་ལ་འཚེ་བ་དང༌། །བདག་ལ་བརྙས་བྱེད་དགྲ་བགེགས་རྣམས། །ལྷག་གཏོར་འདི་དང་མཉམ་པོར་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ལྷག་གཏོར་གཙང་སར་ཕུལ། དེ་ནས་རྗེས་ཀྱི་བྱ་བ་ནི། ཨོཾ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་མཆོད་ཅིང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པས་ནི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་བསྟོད་ལ། ན་མོ། བདག་གི་བདེ་བ་
ལེགས་པ་ཀུན། །བླ་མའི་ཐུགས་རྗེར་མ་ཤེས་ནས། །དངོས་གྲུབ་གཞན་ནས་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་ཡིད་བཞིན་ནོར་བུ་ལས། །འདོད་པ་འཇོ་བར་མ་ཤེས་ནས། །འབད་རྩོལ་གཞན་དུ་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །སེམས་ཉིད་རྩ་བ་ཆོད་པ་དེ། །ཆོས་སྐུ་ཡིན་པར་མ་ཤེས་ནས། །སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །སྙེམས་རྟོག་རྩ་བ་ཆོད་པ་དེ། །སྐྱེ་མེད་ཡིན་པར་མ་ཤེས་ནས། །ལྷ་འདྲེ་གཉིས་སུ་བཟུང་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །སྣང་བ་སེམས་ཀྱི་ཆོ་འཕྲུལ་དེ། །རང་ལས་བྱུང་བར་མ་ཤེས་ནས། །ཡུལ་ཤེས་གཉིས་སུ་འཛིན་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །དྲིན་ཆེན་ཕ་མར་མ་
ཤེས་ནས། །གཞན་ལ་གནོད་པ་བསྐྱལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །གདམས་པ་བདུད་ཀྱི་གཅོད་ཡུལ་དེ། །སྣོད་ངན་ཡོད་པར་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །མཐོལ་ཞིང་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཞེས་ཁྱད་པར་གྱི་བཤགས་པ་དང༌། ཆོ་གའི་སྤྱི་བཤགས་ནི། གང་ཡང་བདག་རྨོངས་བློ་ཡིས་ནི། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །གཙོ་བོར་ནུས་པ་མ་མཆིས་དང༌། །མ་འབྱོར་མ་རྙེད་མ་ཚང་སོགས། །འདིར་ནི་ཉེས་པས་གང་ནོངས་པ། །དེ་ཀུན་མགོན་རྣམས་བཟོད་པར་གསོལ། །མདུན་བསྐྱེད་རྟེན་ཡོད་ན་ཡེ་ཤེས་པ་རྣམས་བསྟིམས་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་
པ་བདག་བགྱིད་པ། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །རྟེན་མེད་ཚེ་དམ་ཚིག་པ་བདག་ལ་བསྡུ་བ་དང་ལྷན་ཅིག །མདུན་བསྐྱེད་སྐྱབས་ཡུལ་གྱི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབ་ཕྱིར་རང་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ། བརྗོད་ཅིང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་འགྲོ་འོང་བྲལ་ཞིང་བསམ་བརྗོད་བློ་ལས་འདས་པའི་ཡེ་ཤེས་ནམ་མཁའ་ལྟ་བུའོ། །ཞེས་སྙམ་ལ་ག་ཏེའི་སྔགས་ཅུང་ཟད་བཟླས། དེ་ནས། མགྲོན་འོག་མ་ཀུན་ཐེག་པ་ཆེན་པོ་བྱང་ཆུབ་སེམས་ཀྱིས་རྒྱུད་ཡོངས་སུ་སྨིན་ཅིང་བྱམས་པ་ཆེན་པོའི་བསམ་པ་ཁྱད་པར་ཅན་དང་བཅས་རང་རང་གི་གནས་སུ་ཅི་བདེར་བཞུད་པར་བསམས་ལ་འཕགས་པའི་ཡང་སྙིང་ཡི་གེ་དྲུག་པ་ཅི་ནུས་སྙིང་རྗེའི་གཏོང་ལེན་དང་བཅས་ཏེ་བགྲང་ཞིང༌། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌། །ས་བླར་རྒྱུ་བ་
གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་པྲེ་ཏ་གཙྪཿ བསྔོ་བ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །སྨོན་ལམ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཤེས་རབ་ཕར་ཕྱིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ནམ་མཁའ་ཇི་སྲིད་གནས་ཀྱི་བར། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཁྲི་གདུགས་ཤར་བ་བཞིན། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཡངས་པའི་
ས་ཆེན་འདིར་ཡང་དུས་ཀུན་ཏུ། །ལོ་ལེགས་ཆར་ཆུ་དུས་སུ་འབེབས་པ་དང༌། །ནད་ཡམས་འཁྲུགས་རྩོད་མ་ལུས་ཀུན་ཞི་ཞིང༌། །འཇིག་རྟེན་བདེ་ཞིང་ཆོས་ལ་སྤྱོད་པར་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །དེ་ནས་བཀྲ་ཤིས་ནི། ཨོཾ། ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ནས། །དྲིན་ཅན་རྩ་བརྒྱུད་བླ་མ་ཡན་ཆད་ཀྱི། །གཉིས་མེད་ཟུང་འཇུག་གཅོད་ཡུལ་བརྒྱུད་པ་ཡི། །བྱིན་རླབས་སྟོབས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །བཅོམ་ལྡན་ཤཱཀ་ཐུབ་སྨྲ་བའི་སེངྒེ་ནས། །གྲུབ་དབང་བསོད་ནམས་བཟང་པོ་ཡན་ཆད་ཀྱི། །ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ཡོངས་རྫོགས་ཀྱི། །ཐུགས་རྗེའི་མཐུ་ཡིས་དེང་འདིར་བཀྲ་ཤིས་ཤོག །ཡུམ་ཆེན་སྒྲོལ་མ་སུ་ཁ་སིདྡྷི་ནས། །
ཨ་མ་ཇོ་མོ་སྲས་མོ་རྒྱན་བཞི་སོགས། །མ་རྒྱུད་ཤེས་རབ་རྟེན་འབྲེལ་བརྒྱུད་པ་ཡི། །བདེ་སྟོང་རྒྱུན་གྱིས་དེང་འདིར་བཀྲ་ཤིས་ཤོག །རྒྱལ་བ་དོན་འགྲུབ་ཐོད་སྨྱོན་བསམ་འགྲུབ་དང༌། །ཁུ་སྒོམ་ཆོས་སེང་ཁམ་བུ་ཡང་ལེ་སོགས། །ཐུགས་སྲས་གཅོད་ཡུལ་དར་མཛད་ཉམས་ཀྱི་བརྒྱུད། །ཡེ་ཤེས་སྨོན་ལམ་མཐུ་ཡིས་བཀྲ་ཤིས་ཤོག །མ་སྲིང་མཁའ་འགྲོ་དཔའ་བོ་དཔའ་མོ་དང༌། །གནས་ཡུལ་རི་རབ་རྡུལ་མཉམ་ཌཱ་ཀིའི་ཚོགས། །དངོས་གྲུབ་རྒྱུན་གྱིས་རྟག་ཏུ་འཚོ་བ་ཡིས། །རྣམ་ཀུན་སྲུང་དང་སྐྱོབ་པའི་བཀྲ་ཤིས་ཤོག །མ་མགོན་ལྕམ་དྲལ་ཡེ་ཤེས་ཆོས་སྐྱོང་དང༌། །ཀླུ་རྒྱལ་བཙན་རྒོད་སྤྱང་ཞོན་མཆེད་སྡེ་གསུམ། །འོ་དེ་གུང་རྒྱལ་ཤམ་པོ་ཐང་ལྷ་སོགས། །ལས་བཞིའི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤིས་པའི་མེ་ཏོག་འཐོར་བར་བྱའོ། །འཁོར་ལོ་བར་པའི་དགོངས་དོན་རྒྱ་མཚོའི་འཇིངས། །ཟབ་དོན་བཻ་ཌཱུའི་སྙིང་པོ་མ་
གཅིག་བླངས། །དེ་ལས་ལེགས་འོང་བརྒྱུད་པའི་ཚུལ་མ་ལུས། །འབའ་རོམ་ནས་འདོམས་ཀུན་དགའ་སེངྒེ་ཡིས། །དཔྱད་པ་གསུམ་གྱི་རྒྱལ་མཚན་རྩེ་མོར་བསྒྲེངས། །བདག་བློ་མོས་པས་ཀུན་ཏུ་གསལ་བྱས་པས། །ངེས་པ་དོན་གྱི་དགོངས་པ་ཡོངས་ཁྲོལ་ཏེ། །ཟབ་དོན་མི་ཟད་གཏེར་ལ་སྤྱོད་གྱུར་ཅིག །དེ་ལྟར་དཔལ་ལྡན་འབའ་རོམ་པའི་གྲུབ་བརྙེས་གོང་མའི་བཞེད་གཞུང། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་འཕེན་པ། མཆོད་པ་རྒྱ་ཆེ་བ་ཀུན་བཟང་གི་ཆོ་འཕྲུལ། མཎྜལ་རྒྱ་ཆེ་བ་སྲིད་ཞི་འཁོར་འདས་ཀྱི་བཀོད་པ། མཆོད་སྦྱིན་རྒྱ་ཆེ་བ་དཀར་དམར་གྱི་འགྱེད་ཚོགས། བསྔོ་བ་རྒྱ་ཆེ་བ་འཁོར་གསུམ་ཡོངས་སུ་དག་པ་སྟེ། །ཚན་ལྔ་རུ་གསུངས་པའི་དོན་ཚང་ལ་མ་ནོར་བ་ཡིན་ལ། དེ་ཡང་མཁས་ཤིང་གྲུབ་པ་བརྙེས་པའི་གོང་མ་རྣམས་ཀྱི་གསུང་རྒྱུན་ལ་གཅོད་ཀྱི་ཚོགས་ཞེས་པ་འདི་ནི་གང་ཟག་མང་ཞིག་འདུས་པ་དང༌། བཟའ་བཏུང་ཡོ་བྱད་མང་པོ་ཚོགས་བསགས་པའི་ཕྱིར་དུ་འཚོགས་པས་ན་ཚོགས་ཞེས་པའི་ཐ་སྙད་ཙམ་མཛད་པ་ལས། གསང་བ་སྔགས་ཀྱི་ཚོགས་འཁོར་དངོས་གནས་པ་མ་ཡིན་པར་གསུངས་པའི་ཕྱིར། ཡོ་བྱད་དང་ཕུང་པོའི་ཚོགས་གསོག་ཆབས་གཅིག་ཏུ་བསྲེ་བ་སྐོར་གསུམ་དུ་མཛད་ནས། བྱིན་རླབས་ཀྱང་མ་གཅིག་རང་གི་དགོངས་བཞེད་ལྟར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཙམ་ལས་གཞན་གསང་སྔགས་ཀྱི་ཆོ་གས་ཁ་བསྐང་བ་སོགས་ཧ་ཅང་མི་འཐད་པར་གསུངས་པའི་ཕྱིར། དེ་དག་གི་རིགས་ཟུར་
དུ་གསལ་ཞིང༌། གཞུང་མ་གཅིག་དངོས་ཀྱི་དགོངས་པ་ལྟར་ལ། འདོན་ཆ་འབའ་རོམ་བརྒྱུད་པའི་གསུང་ཉིད་ཇི་བཞིན་ལེགས་པར་བལྟས་ཆོག་ཏུ་བཀོད་པ་འདི་ནི། ཟབ་མོ་གཅོད་ཡུལ་བརྒྱུད་པའི་ཞབས་འདེགས་སུ་རློམ་ནས། འཁོར་ཆོས་རྒྱུན་འཛིན་པའི་མཆེད་ལྕམ་རྣམས་ནས་བསྐུལ་བ་ལྟར། ༧ ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེངྒེ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས་ངག་ནས་སྨོས་རིམ་བཞིན་རང་སློབ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་རྒྱལ་བའི་བསྟི་གནས་སྐྱོ་བྲག་དབུ་རྩེའི་ཕོ་བྲང༌མཁའ་འགྲོ་དགའ་ཚལ་ཆེན་པོར་བར་ཆད་མེད་པར་གྲུབ་པར་བགྱིས་པའི་དགེ་བས་རྒྱལ་བའི་བསྟན་དང་འགྲོ་བ་རིས་སུ་མ་ཆད་པའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
འབའ་རོམ་ལུགས་ཀྱི་གཅོད་ཚོགས་རྒྱ་ཆེན་ལྔ་པའི་ཆ་ལག་ལས་བཞིའི་མེ་མཆོད་ཕྲིན་ལས་མྱུར་འགྲུབ། ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།
༄༅། །འབའ་རོམ་ལུགས་ཀྱི་གཅོད་ཚོགས་རྒྱ་ཆེན་ལྔ་པའི་ཆ་ལག་ལས་བཞིའི་མེ་མཆོད་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཆོས་ཉིད་གཞི་རྫོགས་ལམ་གྱིས་རབ་གསལ་བས། །བདུད་བཞིའི་དཔུང་གིས་མི་བསྐྱོད་རྡོ་རྗེ་བརྙེས། །མཆོག་གི་གདམས་པ་མཁའ་མཐར་བརྡལ་བ་པོ། །གཅོད་ཡུལ་བླ་མ་ལྷ་ལ་གུས་པས་འདུད། །དེ་ལས་ལེགས་འོངས་ཉོན་མོངས་བུད་ཤིང་ཚོགས། །སྲེག་བྱེད་ལས་བཞིའི་མེ་ཡི་སྦྱོར་བ་སྤྲོ། འདིར་ཟབ་མོ་བདུད་བཞི་གཡུལ་གཅོད་ཀྱི་ཆ་ལགས། ཡུམ་ཆེན་མ་གཅིག་དངོས་ཀྱི་དགོངས་དོན་འཁྲུལ་བ་མེད་པ་གཞན་དོན་གཙོ་བོར་བསྟན་ཅིང་ལུས་ཅན་འགྲོ་བ་ཐམས་ཅད་བུ་བཞིན་དུ་སྐྱོང་བའི་ཐབས། མྱུར་མགྱོགས་མེའི་བྱེད་
ལས་ལས་བཞིའི་སྦྱིན་སྲེག་ཀྱི་ལག་ལེན་བསྟར་བ་ལ་གསུམ། སྦྱོར་དངོས་རྗེས་ཀྱི་རིམ་པའོ། དང་པོ་ལའང་བཤམ་དང་འདོན་པའི་སྦྱོར་བ་གཉིས་ལས། ཐོག་མར་བྱིན་གྱིས་བརླབས་པའི་གསེར་སྐྱེམས་དང་། གཏོར་མ་ཕྱི་རྒྱུད་ཀྱི་འབྱུང་བདག་རྣམས་ལ་བསྔོས་ཤིང་ས་སྤྱིན་བཟང་པོ་བླངས་ནས་ཞི་རྒྱས་དབང་དྲག་བཞིའི་ཐབ་ཀྱི་དབྱིབས་དང་རྒྱན་རྣམས་སྤྱི་མཐུན་ལྟར་བཅའ་བའམ། བྲི་བ་དང་བྲུ་བ་རྣམས་གང་བདེ་དང་སྤྱི་ལ་ལས་མཐུན་གྱི་བུད་ཤིང་། ཡམ་ཤིང་། མར་ཁུ། སོ་རྩི། གོས་ཟུང་། གཏོར་འབུལ་ཉེར་སྤྱོད་བཅས་དང་། ཁྱད་པར་ཞི་བ་ལ་ཏིལ། ཀུ་ཤ །ཟས་མཆོག །སྨན། རིན་ཆེན་བཅས་ཁ་དོག་དཀར་པོར་བསྒྱུར་བའི་རྫས་དང་ཡོ་བྱད་བྱས་ལ། ὰརྦ། འབྲས། གྲོ། ནས། དཀར་གསུམ་སྦགས་པའི་ཟས་མཆོག །ཤིང་ཐོགརིན་ཆེན་རིགས་སྣ་ཚོགས། རྫས་སྤུངས་བཅས་ཁ་དོག་སེར་པོར་བསྒྱུར་བའི་རྫས་དང་ཡོ་བྱད། དབང་ལག །སོ་བ། སྲན་མ། མངར་
གསུམ་སྦགས་པའི་ཟས་མཆོག །མེ་ཏོག་དམར་པོ། ལན་ཚྭ་དང་ཆང་གིས་སྦགས་པའི་ཤིང་ཐོག །རྫས་སྤུངས་བཅས་ཁ་དོག་དམར་པོར་བསྒྱུར་བའི་རྫས་དང་ཡོ་བྱད། དྲག་པོ་ལ། འབྲུ་ནག །ལིང་ཆུང་། ཤ་དུམ། བཤོས་བུ། ཐུན་རྫས་སྣ་ཚོགས། ཁྲག་ཆང་རྫས་སྤུངས་བཅས་ཁ་དོག་ནག་པོར་བསྒྱུར་བའི་རྫས་དང་ཡོ་བྱད་རྣམས་འཛོམ་དགོས། འདུག་ཚུལ་དང་ཆས་གོས་སོགས་ཀྱི་ཕྱག་ལེན་སྦྱིན་སྲེག་སྤྱི་འགྲེ་ལྟར་བྱུང་ན་ལེགས་ཤིང་། མིན་ཀྱང་གཅོད་ལུགས་ཀྱི་ཚོགས་བསོག་ཙམ་ཡིན་པས་སྟབས་གང་བདེ་ཆོག །གཉིས་པ་ནི། གཅོད་ཀྱི་ཚོགས་ལས་བསྐང་བ་ཡན་ཆད་སྔོན་དུ་འགྲོ་བའམ། ཤིན་ཏུ་བསྡུས་ཚེ་ལུས་སྦྱིན་གྲངས་མང་བཏང་ནས། ཞི་བའི་སྦྱིན་སྲེག་ཡིན་ན། རང་ཉིད་སྐད་ཅིག་གིས་རྡོ་རྗེ་མཁའ་འགྲོ་མའི་སྐུར་གྱུར། རྒྱས་པར། རིན་ཆེན་མཁའ་འགྲོ། དབང་ལ། པདྨ་མཁའ་འགྲོ། དྲག་པོར། ལས་ཀྱི་མཁའ་འགྲོ། ཕཊ་སྒྲ་དང་ཌཱ་དྲིལ་རྐང་གླིང་བཅས། གཞི་དབྱིངས་མ་བཅོས་རིག་པའི་འགྱུར་གདངས་ལས། །དྭངས་པའི་མཚོ་ལས་རླབས་ཆེན་འཕར་བ་ལྟར། །སྐད་ཅིག་རང་ཉིད་སྙིང་རྗེ་ཁྲོས་མའི་སྐུ། །ཁམས་གསུམ་དབང་དུ་བྱེད་པའི་དཔའ་མོར་གྱུར། ཕཊ། ལིང་ཆུང་ཨེར་བཀོད་པ་དེ་རང་གི་མདུན་དུ་བཞག་ལ། ཕཊ། དུག་གསུམ་ལས་ལས་གྲུབ་པའི་བཙོན་ཁང་
ནག །གྲུ་གསུམ་གཏིང་ཟབ་ང་རྒྱལ་རི་བོ་ཉིལ། །ཕྲག་དོག་མཚོན་ཆའི་ཆར་འབེབས་དེ་ཡི་ནང་། །མ་རིག་དགྲ་བགེགས་ཉམ་ཐག་གཟུགས་སུ་གསལ། །ཕཊ། ན་མོ། སངས་རྒྱས་ཆོས་དང་མཆོག་གསུམ་དགེ་འདུན་སྡེ། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་དང་། །ཡི་དམ་རྒྱུད་སྡེ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དཔལ་མགོན་སྣང་སྲིད་ལྷ་འདྲེའི་བཀའ་བདེན་དང་། །ཆོས་ཉིད་ཆོས་ཅན་རྟེན་འབྲེལ་མི་བསླུ་བའི། །བདེན་པ་ཆེན་པོས་རང་གཞན་འགྲོ་ཀུན་གྱི། །རྒྱུད་ལ་འཁྲིས་པའི་དུག་ལྔའི་བག་ཆགས་གདོན། །དེས་བསྐྱེད་ཕྱི་ནང་གསང་བའི་བགེགས་རིགས་དང་། །དྲེགས་ཚོགས་འབྱུང་པོ་བྱད་མ་འདྲེ་དང་བཅས། །དམིགས་པའི་རྟེན་འདིར་ད་ལྟ་ཉིད་དུ་ཁུག །ཕཊ་ཕཊ་ཕཊ། ལན་གསུམ་གྱིས་བཀུག་ལ། ལྷན་སྐྱེས་ཡེ་ཤེས་ཁྲོས་མའི་ཆོ་འཕྲུལ་ཆེ། །བྱམས་དང་སྙིང་རྗེ་
དགའ་བ་བཏང་སྙོམས་ཀྱི། །ཕྱག་རྒྱས་འགུགས་འཆིང་སྡོམ་མྱོས་ལྷ་དང་ཕྱེས། །ཉམ་ཐག་སྙིང་རྗེ་ཆེན་པོའི་གནས་སུ་གྱུར། །ཛཿཧཱུྃ་བཾ་ཧོཿ ཕཊ་ཕཊ་ཕཊ། ཧཱུྃ། དབྱིངས་ཀྱི་ཁྲོ་མོའི་གཅོད་བྱེད་རྡོ་རྗེའི་མཚོན། །འབར་བའི་གྲི་གུག་རྔམ་པས་བཏབ་པའི་མཐུས། །ལས་ངན་སྒྲིབ་སྦྱངས་ཚེ་བསོད་བདག་ལ་འདུས། །རྣམ་ཤེས་རྒྱལ་བའི་ཡུམ་གྱི་ཐུགས་ཀར་འཕོས། །སླར་ཡང་མ་རིག་ཚང་ཚིང་ཕུང་པོའི་ཆ། །རྣོ་ངར་རིགས་པའི་མཚོན་ཆས་གཏུབ་ཅིང་གཞིག །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། །ཟག་མེད་ཡེ་ཤེས་མཆོག་གི་རྫས་སུ་གྱུར། །ཕཊ་ཕཊ་ཕཊ། གྲི་གུག་གིས་གཏུབ་ཅིང་བདུད་རྩིས་བྲན་ལ་རྫས་གཞན་རྣམས་ཀྱི་ནང་དུ་ཅུང་ཟད་བསྲེས། དེ་ནས་མཆོད་རྫས་ཐམས་ཅད། ཨོཾ་ཀརྨ་ཌཱ་ཀི་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་རྣམས་སུ། ཞི་བར། ཞི་བའི་བསྲེག་རྫས་དང་མཆོད་
རྫས་རྣམས་ཟག་པ་མེད་པ་བདུད་རྩིའི་རང་བཞིན། རང་གཞན་གྱི་ཀུན་གཞི་མ་རིག་པའི་རྒྱུད་ལ་འཁྲིས་པའི་ཞེ་སྡང་སོགས་ཉོན་མོངས་པའི་བསམ་སྦྱོར་ངན་པ་དང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱེད་པའི་དངོས་པོ་གཙང་ཞིང་དགེ་བ་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། རྒྱས་པར། རྒྱས་པའི་བསྲེག་རྫས་དང་མཆོད་རྫས་རྣམས་ཟག་པ་མེད་པ་བདུད་རྩིའི་རང་བཞིན། རང་གཞན་གྱི་ཀུན་གཞི་མ་རིག་པའི་རྒྱུད་ལ་འཁྲིས་པའི་ང་རྒྱལ་དང་སེར་སྣ་སོགས་ཉོན་མོངས་པའི་བསམ་པ་དང་། སྣོད་བཅུད་ཀྱི་བསྐལ་ངན་མུ་གེ་ཐམས་ཅད་ཞི་ཞིང་ཚེ་བསོད་འབྲུ་ནོར་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཀུན་རྒྱས་ཤིང་འཕེལ་བར་བྱེད་པའི་དངོས་པོ་སོགས། དབང་ལ། དབང་གི་བསྲེག་རྫས་དང་མཆོད་རྫས་རྣམས་ཟག་པ་
མེད་པ་བདུད་རྩིའི་རང་བཞིན། རང་གཞན་གྱི་ཀུན་གཞི་མ་རིག་པའི་རྒྱུད་ལ་འཁྲིས་པའི་འདོད་ཆགས་དང་རློམས་སེམས་སོགས་ཉོན་མོངས་པའི་བསམ་སྦྱོར་ངན་པ་དང་། མ་དག་རྟོག་ངན་གྱི་འཁྲུལ་ཆ་ཐམས་ཅད་ཞི་ཞིང་། རླུང་ཐིག་སྣང་སེམས་སྲིད་ཞིའི་ལེགས་པའི་ཆ་ཐམས་ཅད་དབང་དུ་བྱེད་པའི་དངོས་པོ་སོགས། དྲག་པོ། དྲག་པོའི་བསྲེག་རྫས་དང་མཆོད་རྫས་རྣམས་ཟག་པ་མེད་པ་བདུད་རྩིའི་རང་བཞིན། རང་གཞན་གྱི་ཀུན་གཞི་མ་རིག་པའི་རྒྱུད་ལ་འཁྲིས་པའི་ཕྲག་དོག་དང་གནོད་སེམས། དེའི་རང་སྣང་ལས་གྲུབ་པའི་གཟུགས་ཅན་གཟུགས་མེད་ཀྱི་དགྲ་གདོན། ཞི་བས་མི་ཐུལ་བའི་དྲེགས་ཚོགས་ཀླན་ཀ་ཅན་གྱི་རིགས་ཐམས་ཅད་ཚེ་བསོད་ལུས་སྲོག་གི་ངོ་བོ་མིང་གཟུགས་ཤ་ཁྲག་གི་དངོས་པོ་སོགས་དང་། ཨོཾ་མ་ཧཱ་མཾ་ས་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཛྭ་ལ་རཾ་ཞེས་ཤར་ལྷོ་
ནས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ་གིས་ནུབ་བྱང་ནས་རླུང་གཡབ། གཉིས་པ་དངོས་གཞིའི་རིམ་པ་ལ་གཉིས། ལས་མཐུན་གྱི་མེ་དང་ཌཱ་ཀི་མཆོད་པ། མགྲོན་བཞིའི་ཚོགས་རྣམས་མཆོད་པའོ། །དང་པོ། ལས་ཆུ་ཐོད་པའི་བདུད་རྩི་ཐབ་ལ་འཐོར་ནས། ཨོཾ་ཀརྨ་ཌཱ་ཀི་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཐབ་དཀྱིལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་དབྱིངས་ཕྱུག་གོས་དཀར་མོའི་ངོ་བོ། ཞི་བ་ལ། ཞི་བའི་མེ་དཀར་གསལ་གྱེན་དུ་ལམ་ལམ་འབར་བའི་ནང་དུ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་མོ་ཞལ་གཅིག་ཞི་འཛུམ་བལྟ་བས་མི་ངོམ་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་དང་། གཡོན་ན་བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང་རྡོ་རྗེའི་དབྱུག་པ་དར་དཀར་པོའི་ཅོད་པན་ཅན་མཆན་ཁུང་ནས་སྒྲེང་བ། དར་དང་རིན་པོ་ཆེའི་རྒྱན་དཀར་གསལ་དྲི་མ་མེད་པ་བགོས་ཤིང་། སྙིང་རྗེ་ཆེན་པོའི་ཐུགས་རབ་ཏུ་ཞི་བའི་ངང་ཚུལ་
གྱིས་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་པའི། རྒྱས་པར། རྒྱས་པའི་མེ་སེར་གསལ་ཕྱོགས་ཀུན་ཏུ་ཆིལ་ཆིལ་གྱི་འཁྱིལ་བའི་ནང་དུ་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ་སྐུ་ཤ་ཤིན་ཏུ་རྒྱས་ཤིང་ཞལ་གཅིག་བལྟ་བས་མི་ངོམ་པ། ཕྱག་གཡས་ན་རིན་པོ་ཆེའི་གྲི་གུག་དང་། གཡོན་ན་བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང་རིན་པོ་ཆེའི་དབྱུག་པ་ནོར་བུའི་འཕན་ཚར་དང་འཕྱང་འཕྲུལ་ཅན་མཆན་ཁུང་དུ་སྒྲེང་བ། དར་དང་རིན་པོ་ཆེའི་རྒྱན་སེར་གསལ་སྣུམ་བག་ཆགས་པས་བགོས་ཤིང་བྱམས་པ་ཆེན་པོའི་ཐུགས་རབ་ཏུ་རྒྱས་པའི་ངང་ཚུལ་གྱིས་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་པའི། དབང་ལ། དབང་གི་མེ་དམར་གསལ་ཕྱོགས་ཀུན་ཏུ་ཁྱུག་ཁྱུག་འཁྱུག་པའི་ནང་དུ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་
ཞལ་གཅིག་མཛེས་པའི་བཞིན་རས་བལྟ་བས་མི་ངོམ་པ། ཕྱག་གཡས་ན་པདྨའི་གྲི་གུག་དང་། གཡོན་ན་ཆང་གིས་གང་བའི་ཐོད་པ་འཛིན་ཅིང་ཟངས་ཀྱི་ལྕགས་ཀྱུ་མེ་ཏོག་དང་ཌཱ་རུ་གཡེར་ཁའི་རྒྱན་ཅན་མཆན་ཁུང་དུ་སྒྲེང་བ། དར་དང་མེ་ཏོག་རིན་པོ་ཆེའི་རྒྱན་དམར་གསལ་འོད་དུ་འབར་བས་བགོས་ཤིང་དགའ་བ་ཆེན་པོའི་ཐུགས་རབ་ཏུ་ཆགས་པའི་ངང་ཚུལ་གྱིས་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་པའི། དྲག་པོར། དྲག་པོའི་མེ་དམར་ནག་ཕྱོགས་ཀུན་ཏུ་འུར་འུར་འབར་བའི་ནང་དུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་ནག་ཞལ་གཅིག་ཁྲོས་པའི་ཉམས་ཅན་འཇིགས་སུ་རུང་བ། ཕྱག་གཡས་ན་རལ་གྲིའི་གྲི་གུག་དང་། གཡོན་ན་ཤ་ཁྲག་གིས་གང་བའི་ཐོད་རློན་འཛིན་ཅིང་མི་མགོ་རྐམ་རྙིང་རློན་གསུམ་གྱིས་མཛེས་པའི་ཁཊྭཱཾ་ག་མཆན་
དུ་སྒྲེང་བ། དར་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བགོས་ཤིང་བཏང་སྙོམས་ཆེན་པོའི་ཐུགས་རབ་ཏུ་ཁྲོས་པའི་ངང་ཚུལ་གྱིས་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་པའི། སྤྱི་ལ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་ཞི་རྒྱས་གཉིས་ལ། ཟླ་དཀྱིལ་གྱི། དབང་དྲག་གཉིས་ལ། ཉི་དཀྱིལ་གྱི་སྟེང་དུ། ཞི་བ་ལ། ཧ་དཀར་པོས། རྒྱས་པ་ལ། རི་སེར་པོས། དབང་ལ། ནི་དམར་པོས། དྲག་པོར། ས་ལྗང་གུས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་དབྱིངས་དང་། གནས་གསུམ་མཁའ་འགྲོའི་ཞིང་རྣམས་ནས་བསྒོམས་པ་ལྟ་བུའི་གཙོ་མོ་དངོས་ལ་རིགས་མཐུན་གྱི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས། ཞི་བར། ཨོཾ་བཛྲ་ཌཱ་ཀི་ནི། རྒྱས་པར། རཏྣ་ཌཱ་ཀི་ནི། དབང་ལ། པདྨ་ཌཱ་ཀི་ནི། དྲག་པོར། ཀརྨ་ཌཱ་ཀི་ནི་ས་པཱ་རི་ཝ་ར་བཛྲ་
ས་མ་ཡ་ཛཿ དམ་ཚིག་པ་དང་གཉིས་སུ་མེདཔར་གྱུར། ཛཿཧཱུྃ་བཾ་ཧོ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མཆོད་ཡོན་དང་། ཞི་བ་ལ། ཨོཾ་བཛྲ་ཌཱ་ཀི་ནི་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་བདུན་གྱིས་བྱོན་ཟན་དུ་མར་ཁུ་ཕུལ། དེ་བཞིན་དུ་རྒྱས་པར། ཨོཾ་རཏྣ་ཌཱ་ཀི་ནི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། ཨོཾ་པདྨ་ཌཱ་ཀི་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོར། ཨོཾ་ཀརྨ་ཌཱ་ཀི་ནི་མཱ་ར་ཡ་སྭཱ་ཧཱ་ལ་འབྲུ་གསུམ་བཏགས་པས་ཕུལ། ༈ ཞི་བར། ཧྲཱིཿ འཁོར་འདས་མ་ལུས་བསྐྱེད་པའི་ཡུམ། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུགས་མཆོད་པ་བཞེས་སླད་དུ། །སྙིང་རྗེ་ཞི་བའི་ངང་ཚུལ་བཅས། །ཞི་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུགས་ཁ་ལ་ཧ་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་དཀར་པོའི་ཀློང་། །ཧཱུྃ་ཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་
ནས་ཞི་བའི་ལས་མཛད་གྱུར། །རྒྱས་པར། ཧྲཱིཿ འཁོར་འདས་མ་ལུས་བསྐྱེད་པའི་ཡུམ། །རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུགས་མཆོད་པ་བཞེས་སླད་དུ། །བྱམས་ཤིང་རྒྱས་པའི་ངང་ཚུལ་བཅས། །རྒྱས་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུགས་ཁ་ལ་རི་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་སེར་པོའི་ཀློང་། །ཏྲཱྃ་ཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་རྒྱས་པའི་ལས་མཛད་གྱུར། །དབང་ལ། ཧྲཱིཿ འཁོར་འདས་མ་ལུས་བསྐྱེད་པའི་ཡུམ། །པདྨ་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུགས་མཆོད་པ་བཞེས་སླད་དུ། །དགའ་དུང་ཆགས་པའི་ངང་ཚུལ་བཅས། །དབང་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུགས་ཁ་ལ་ནི་ཡིག་
གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་དམར་པོའི་ཀློང་། །ཧྲཱིཿཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་དབང་གི་ལས་མཛད་གྱུར། །དྲག་པོ། ཧྲཱིཿ འཁོར་འདས་མ་ལུས་བསྐྱེད་པའི་ཡུམ། །ལས་ཀྱི་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུགས་མཆོད་པ་བཞེས་སླད་དུ། །བཏང་སྙོམས་ཁྲོས་པའི་ངང་ཚུལ་བཅས། །དྲག་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུགས་ཁ་ལ་ས་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་དམར་ནག་ཀློང་། །ཨཱཿཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་དྲག་པོའི་ལས་མཛད་གྱུར། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ་སོགས་ནས་ཤབྡའི་བར་གྱིས་མཆོད། ཞི་བའི་སྐབས་སུ། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ལན་གཅིག་
གིས་སྣ་དྲངས་ཏེ། ཨོཾ་བོ་དྷི་བྲྀཀྵཱ་ཡེ་སརྦ་ཤནྟིཾ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ་ལ། ཧོཿ གཟི་བརྗིད་དང་ལྡན་མེ་ཡི་ལྷ། །ཞི་མཛད་རྡོ་རྗེ་མཁའ་འགྲོ་མ། །འཁོར་བཅས་སྲེག་བླུགས་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཕཊ་ཕཊ་ཕཊ། དེ་བཞིན་གོང་གི་སྔགས་མཐར། ཨོཾ་ཤྲཱི་སརྦ་ཤནྟིཾ་སོགས་ཀྱིས་མར་ཁུ། ཨོཾ་སརྦ་དུཿཁ་ཤནྟིཾ་སོགས་ཀྱིས་ཏིལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སརྦ་ཤནྟིཾ་སོགས་ཀྱིས་ཀུ་ཤ། ཨོཾ་སརྦ་སམྦ་དེ་སརྦ་ཤནྟིཾ་སོགས་ཀྱིས་ཞོ་ཟན། ཨོཾ་སརྦ་རོ་ག་ཤནྟིཾ་སོགས་ཀྱིས་སྨན། ཨོཾ་སརྦ་ཤཱ་ཏྲུཾ་བིགྷྣན་ཤནྟིཾ་སོགས་ཀྱིས་ཡུངས་དཀར་རྣམས་ཕུལ་ཞིང་བར་སྐབས་རེ་རེ་བཞིན་འདོད་དོན་གསོལ། ཨོཾ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཡེ་ཤནྟིཾ་སྭཱ་ཧཱས་རྫས་སྤུངས་མཆོད་ནས། ཧོཿ ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་གཅོམ་ལྡན་འདས་མ་
གོས་དཀར་མོ། །ཞི་མཛད་རྡོ་རྗེ་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་བདུད་རྩིའི་སྲེག་བླུགས་འདི་བཞེས་ལ། །མིག་ནད་ཅན་གྱི་རབ་རིབ་ཇི་བཞིན་པར། །བདག་གཞན་འགྲོ་བའི་ཀུན་འབྱུང་ངར་འཛིན་གྱིས། །བསྐྱེད་པའི་ཞེ་སྡང་ཕྲག་དོག་གནོད་སེམས་སོགས། །དུག་ལྔའི་འཁྲུལ་རྟོག་ཉེས་ལྟུང་སྡིག་སྒྲིབ་དང་། །ནད་གདོན་རྐྱེན་ངན་དམ་ཆོས་སྒྲུབ་པའི་གེགས། །སྣོད་བཅུད་ཉམས་རྒུད་ཕྱི་ནང་འཁྲུགས་རྩོད་རིགས། །བདུད་བཞིའི་ཆོ་འཕྲུལ་ངན་སོང་དུཿཁ་སོགས། །གློ་བུར་སྣང་བའི་མི་མཐུན་རྟོག་ངན་ཀུན། །ཡེ་གྲོལ་འདུས་མ་བྱས་པའི་དབྱིངས་སུ་ཞི། །ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་མཐོང་ནས། །གཉིས་སྣང་རྟོག་པའི་དྲི་མ་རང་སར་དག །བྱང་ཆུབ་སེམས་ཀྱིས་སྨིན་ཅིང་གྲོལ་བ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་མཛོད། །སརྦ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཕཊ་
ཕཊ་ཕཊ། རྒྱས་པའི་སྐབས་སུ། པཱྃ་ར་ག་ར་ཏི་རཱི་རཏྣ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ལན་གཅིག་གིས་སྣ་དྲངས། ཨོཾ་དེ་ཝ་བྲྀཀྵཱ་ཡེ་སརྦ་ཨཱཿཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ་ལ། ཧོཿ གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུགས་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །དེ་བཞིན་གོང་གི་སྔགས་མཐར། ཨོཾ་ཤྲཱི་སརྦ་ཨཱཿཡུ་སོགས་ཀྱིས་མར་ཁུ། ཨོཾ་བཛྲ་ཨཱཿཡུ་ཥེ་སརྦ་ཨཱཿཡུ་སོགས་ཀྱིས་ὰརྦ། ཨོཾ་བཛྲ་པུཥྚ་ཡ་སརྦ་ཨཱཿཡུ་སོགས་ཀྱིས་འབྲས། ཨོཾ་བཛྲ་གྷསྨ་རི་སརྦ་ཨཱཿཡུ་སོགས་ཀྱིས་གྲོ། ཨོཾ་མ་ཧཱ་བེ་ག་ཡ་སོགས་ཀྱིས་ནས། ཨོཾ་སརྦ་སམྦ་དེ་བ་སརྦ་ཨཱཿཡུ་སོགས་ཀྱིས་ཟས་མཆོག །ཨོཾ་པུ་ར་ཀ་སརྦ་ཨཱཿཡུ་སོགས་ཀྱིས་ཤིང་ཐོག །ཨོཾ་སརྦ་རཏྣ་སརྦ་ཨཱཿཡུ་སོགས་ཀྱིས་རིན་ཆེན་སྣ་ཚོགས་བཅས་
ཕུལ་ཞིང་བར་སྐབས་རེ་རེ་བཞིན་འདོད་དོན་གསོལ། ཨོཾ་སརྦ་པཱུ་ཛ་སརྦ་ཨཱཿཡུ་སོགས་ཀྱིས་རྫས་སྤུངས་མཆོད་ནས། ཧོཿ ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་གོས་དཀར་ལྷ་མོ་འབར་ཞིང་འཁྱིལ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་བདུད་རྩིའི་སྲེག་བླུགས་འདི་བཞེས་ལ། །བདག་སོགས་འཁྲུལ་པའི་སེམས་ཅན་ཐམས་ཅད་ཀུན། །དངོས་པོར་ཞེན་ཅིང་འཆིང་བའི་ཆགས་སེམས་དང་། །སེར་སྣ་སྲིད་འཕང་ང་རྒྱལ་དེས་བསྐྱེད་པའི། །འབྲས་བུ་ཡི་དྭགས་དབུལ་ཕོངས་སྡུག་བསྔལ་རིགས། །མྱུར་དུ་ཞི་ཞིང་ཚོགས་གཉིས་བསགས་པའི་རྒྱུས། །ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་དང་། །མངའ་ཐང་གཟི་བརྗིད་སྙན་གྲགས་ལ་སོགས་པ། །འགྲོ་བ་འདུལ་བའི་ཕྲིན་ལས་ཆེར་རྒྱས་ནས། །སྒྱུ་མ་ལྟ་བུའི་དོན་སྤྱོད་མཐའ་རུ་ཕྱིན། །མཉམ་ཉིད་ཡེ་ཤེས་མངོན་དུ་
འགྱུར་བར་མཛོད། །སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་གི་སྐབས་སུ། པཱྃ་ར་ག་ར་ཏི་ནཱི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝ་ར་ལན་གཅིག་གིས་སྣ་དྲངས། ཨོཾ་ར་ག་ར་ཏི་བྲྀཀྵཱ་ཡེ་ཛྙཱ་ན་ལོ་ཀ་སུ་ཝསྤྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ་ལ། ཧོཿ གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུགས་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་པར་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །དེ་བཞིན་གོང་གི་སྔགས་མཐར། ཨོཾ་ཤྲཱི་ཛྙཱ་ན་ལོ་ཀ་བ་སུ་ཝསྤྲ་ཝ་ཤཾ་སྭཱ་ཧཱས་མར་ཁུ། ཨོཾ་བཛྲ་བི་ཛ་ཡ་ཛྙཱ་ན་སོགས་ཀྱིས་སོ་བ། ཨོཾ་མ་ཧཱ་བ་ལ་ཡ་ཛྙཱ་ན་སོགས་ཀྱིས་སྲན་མ། ཨོཾ་སརྦ་སམྦ་དེ་ཛྙཱ་ན་སོགས་ཀྱིས་ཆང་ལུམ། ཨ་ར་ག་པུཥྤེ་ཛྙཱ་ན་སོགས་ཀྱིས་མེ་ཏོག་དམར་པོ། ཨོཾ་པུ་ར་ཀ་ཛྙཱ་ན་སོགས་ཀྱིས་ལན་ཚྭས་སྦགས་པའི་ཤིང་ཐོག་རྣམས་འབུལ་ཞིང་བར་སྐབས་རེ་རེ་བཞིན་འདོད་དོན་གསོལ། ཨོཾ་སརྦ་པཱུ་ཛ་ཛྙཱ་ན་
སོགས་ཀྱིས་རྫས་སྤུངས་འབུལ་ཞིང་། ཧོཿ ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་གོས་དཀར་ལྷ་མོ་འབར་ཞིང་འཁྱུག །དབང་མཛད་པདྨ་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་བདུད་རྩིའི་སྲེག་བླུགས་འདི་བཞེས་ལ། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །ཐོག་མེད་དུས་ནས་འདོད་ཆགས་ལ་སོགས་པའི། །ཉོན་མོངས་མི་དགེའི་རྒྱུ་རྐྱེན་དུ་གྱུར་པའི། །ལས་དང་འབྲས་བུ་བྱང་དག་སོར་ཆུད་ནས། །རླུང་ཐིག་སྣང་སེམས་ཡེ་ཤེས་རང་དབང་གྱུར། །བདེ་ཆེན་འཕོ་མེད་ས་ལ་དབང་འབྱོར་ཞིང་། །དངོས་དང་དངོས་མེད་སྣང་བ་ཟིལ་གྱིས་ནོན། །བླ་མེད་རྒྱལ་བའི་གོ་འཕང་ཆེན་པོ་རུ། །ཕྱམ་གཅིག་བགྲོད་པའི་དད་དཔོན་བདག་གྱུར་ཏེ། །མོས་བཞིས་སྣང་སྲིད་དབང་དུ་འདུ་བ་དང་། །སོ་སོར་རྟོགས་པའི་ཡེ་ཤེས་མངོན་འགྱུར་མཛོད། །སརྦ་ཝ་ཤཾ་ཀུ་
རུ་ཧོཿ ཕཊ་ཕཊ་ཕཊ། དྲག་པོ་སྐབས་སུ། པཱྃ་ར་ག་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝ་ར་ལན་གཅིག་གིས་སྣ་དྲངས། ཨོཾ་སརྦ་ཤ་ཏྲུཾ་བྲྀཀྵཱ་ཡེ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ་ལ། ཧོཿ གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུགས་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །དེ་བཞིན་གོང་གི་སྔགས་མཐར། ཨོཾ་ཤྲཱི་སརྦ་ཤ་ཏྲུཾ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱས་ཚིལ་ཞུན། ཨོཾ་སརྦ་ཀ་ལ་པུཥྚ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱས་འབྲུ་ནག །ཨོཾ་སརྦ་དུཥྚན་རཱུ་པ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཞེས་ལིང་ཆུང་། ཨོཾ་སརྦ་དུཥྚན་མཾ་ས་ལ་ཁཱ་ཧི། ཤ་དུམ། ཨོཾ་སརྦ་དུཥྚན་མཱ་ར་ཡ་ཁཱ་ཧི། གཏོར་ཆུང་། ཨོཾ་པ་ར་བི་དྷན་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཐུན་རྫས། ཨོཾ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཁྲག་ཆང་བཅས་ཕུལ་ཞིང་བར་སྐབས་རེ་རེ་བཞིན་
འདོད་དོན་གསོལ། ཨོཾ་སརྦ་པཱུ་ཛ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། རྫས་སྤུངས་འབུལ་ཞིང་། ཧོཿ ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་གོས་དཀར་ལྷ་མོ་འབར་འཚུབས་འཁྲུག །དྲག་མཛད་ཀརྨ་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་བདུད་རྩིའི་སྲེག་བླུགས་འདི་བཞེས་ལ། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །འཁོར་བར་སྐྱེལ་བའི་སྙེམ་རྟོག་འཁྲུལ་པོ་ཆེ། །དེས་བསྐྱེད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །བན་བོན་ལྷ་འདྲེའི་བྱད་ཕུར་རྦོད་གཏོང་དང་། །ཆགས་ཆེ་ཉམ་ང་རྨིས་ལྟས་མཚན་ངན་རིགས། །མཐའ་དམག་དུས་འཁྲུགས་འབྱུང་བའི་ཡོ་ལང་སོགས། །ཚོར་བ་སྡུག་བསྔལ་གྱུར་པའི་རྣམ་རྟོག་འདི། །རིག་སྟོང་སྐྱེ་མེད་ཀློང་དུ་བསྒྲལ་བ་དང་། །སྡང་སེམས་ཕྲག་དོག་གནོད་སེམས་སྦྱོར་ངན་རིགས། །སྙེམས་བྱེད་མགོ་བསྐོར་འགོང་པོ་
རྩད་ནས་ཆོད། །རེ་དོག་འཁྲུལ་བའི་རྟོག་པ་དྲུང་ནས་ཕྱུངས། །ཕར་ཕྱིན་ཡུམ་གྱི་དགོངས་པ་མངོན་གྱུར་ནས། །བྱ་བ་གྲུབ་པའི་ཡེ་ཤེས་མཐར་བརྙེས་མཛོད། སརྦ་མཱ་ར་ཡ་ཕཊ་ཕཊ་ཕཊ། དེ་ནས་བསྟོད་པ་ནི། ཧྲཱིཿ དཔལ་ལྡན་ཞི་བ་རྡོ་རྗེ་རྒྱས་པ་རིན་ཆེན་དབང་ལ་པདྨ་དྲག་པོར། ཀརྨ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་ཡེ་ཤེས་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཕྱིར། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །གཉིས་པ་མགྲོན་བཞིའི་ཚོགས་མཆོད་པ་ནི། སླར་ཡང་། ཨོཾ་ཨཱཿཧཱུྃ་གིས་མར་ཁུ་མཆོད་ཅིང་མེ་ཁ་གསོས་ལ། ཕཊ། སྣང་སྲིད་ཁྱབ་བརྡལ་ཆོས་ཉིད་རོལ་པ་ལས། །ཞི་བ་ལ། མེ་ལོང་ཡེ་ཤེས། རྒྱས་པ་ལ། མཉམ་ཉིད་ཡེ་ཤེས། དབང་ལ། སོར་རྟོག་ཡེ་ཤེས། དྲག་པོར། བྱ་གྲུབ་ཡེ་ཤེས་ཐབ་
དཀྱིལ་སྟོང་གསུམ་མཉམ་ཞི་བར། རྡོ་རྗེའི་མེ་དཔུང་དཀར་གསལ་རབ་ཏུ་འབར། །དེ་དབུས་བཛྲ་ཌཱ་ཀི་ཞི་འཛུམ་ཅན། །རྒྱས་པར། རིན་ཆེན་མེ་དཔུང་སེར་གསལ་རབ་ཏུ་འཁྱིལ། །དེ་དབུས་རཏྣ་ཌཱ་ཀི་བརྗིད་ཉམས་ཅན། །དབང་ལ། པདྨའི་མེ་དཔུང་དམར་གསལ་རབ་ཏུ་འཁྱུག །དེ་དབུས་པདྨ་ཌཱ་ཀི་ཆགས་ཚུལ་ཅན། །དྲག་པོར། རྒྱ་གྲམ་མེ་དཔུང་ལྗང་ནག་རབ་ཏུ་འཁྲུགས། །དེ་དབུས་ཀརྨ་ཌཱ་ཀི་ཁྲོས་རྔམ་ཅན། །སྐུ་ནི་མི་འགྱུར་སྲིད་ཞིའི་བཀོད་པ་རྫོགས། །གསུང་ནི་མི་འགགས་རྟེན་གཡོའི་སྒྲ་ཀུན་བྱེད། །ཐུགས་ནི་མི་གཡོ་འཁོར་འདས་མཉམ་པར་བརྡལ། །ཆོས་ཀུན་འཕྲུལ་མོ་ཆེ་དེའི་དབུ་ཡི་ནང་། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ལ། །ཕྱོགས་བཅུའི་རྒྱལ་དང་དེ་སྲས་རྣམས་ཀྱིས་བསྐོར། །མགྲིན་པར་མ་གཅིག་ལབ་ཀྱི་སྒྲོན་མ་ཡི། །སྟེང་དང་ཕྱོགས་མཚམས་ཕ་རྒྱུད་ཐབས་ཀྱི་
བརྒྱུད། །མ་རྒྱུད་ཤེས་རབ་གཉིས་མེད་དོན་བརྒྱུད་དང་། །སྐལ་ལྡན་ཉམས་ཀྱི་བརྒྱུད་པའི་བླ་མས་བསྐོར། །སྙིང་ཁར་རིགས་ལྔའི་མཁའ་འགྲོ་རིགས་མཐུན་འཁོར། །རྒྱུད་སྡེ་བཞི་དྲུག་གནས་ཡུལ་དུར་ཁྲོད་ནས། །ལྷ་དང་དཔའ་བོ་མཁའ་འགྲོ་ལ་སོགས་པའི་། །དཀོན་མཆོག་སྲིད་ཞུའི་མགྲོན་ཀུན་སྐར་ལྟར་བཀྲ། །ལྟེ་བར་མྱུར་མཛད་མགོན་པོ་སྤྱང་ཞོན་མཆེད། །ལས་བདག་མཚན་མོ་སྒྲ་སྒྲོག་ལ་སོགས་དང་། །དཔལ་མགོན་བདུན་བཅུ་སྔགས་བདག་དྲེགས་པའི་སྡེ། །དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་སོགས། །གཅོད་ཡུལ་བརྒྱུད་པའི་དམ་བླངས་ཐ་ཚིག་ཅན། །གཞན་ཡང་སྟོང་གསུམ་ས་བདག་ལྷ་ཀླུ་གཉན། །བརྟན་མ་མ་མོ་གཏོད་གཟེ་སྨན་བཙུན་སོགས། །ཕྲིན་ལས་སྒྲུབ་བྱེད་མགྲོན་ཀུན་སྤྲིན་ལྟར་གཏིབས། །གསང་བར་དུག་གསུམ་རང་གཟུགས་གདོན་གསུམ་དང་། །
བགེགས་རིགས་གདོན་ཆེན་བར་ཆད་རྐྱེན་བྱེད་ཚོགས། །ཤི་འདྲེ་གཤེད་འཁྱམས་ཡུལ་འདྲེ་གསོན་གྱི་འདྲེ། །སྨྱོ་བྱེད་རྗེད་བྱེད་འགོང་པོ་ཡེ་འདྲོགས་བདག །གློ་བུར་ལྷགས་དང་གཉུག་མར་གནས་པའི་དཔུང་། །ཤ་འཁོན་ལན་ཆགས་མགྲོན་ཀུན་རླུང་ལྟར་འཚུབས། །ཡན་ལག་ལ་སོགས་བར་མཚམས་གཞན་རྣམས་སུ། །བརྩེ་གདུང་ལས་ཀྱིས་འབྲེལ་བའི་འགྲོ་བ་དྲུག །ལམ་རྒྱུད་ལྔ་དང་སྐྱེ་གནས་བཞིས་བསྡུས་པའི། །སྙིང་རྗེའི་མགྲོན་གྱུར་ཉི་ཟེར་རྡུལ་ལྟར་འཁྲིགས། །ཐམས་ཅད་ཞི་བརྗིད་ཆགས་དང་རྔམ་པའི་ཚུལ། །ལས་མཐུན་ཆས་བསྒོས་ཚད་མེད་ཉམས་བཞིར་ལྡན། །ཆུ་ཟླའི་གར་དང་དབང་པོའི་གུར་ཁྱིམ་བཞིན། །ཡིད་མཁར་མངོན་སུམ་སྣང་བའི་གཟུགས་སུ་གྱུར། །ཕཊ་ཕཊ་ཕཊ། ཧཱུྃ་ཨྰཿ འདི་ལྟར་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན། །ཡེ་
ནས་མ་སྐྱེས་དབྱིངས་སུ་རོ་གཅིག་ཀྱང་། །སྣང་ཆ་མི་མཐུན་སྲིད་ཞི་རིས་སུ་ཆད། །སྒྱུ་མའི་ཆོ་འཕྲུལ་ཅིར་ཡང་ཤར་བ་ལས། །ཡས་མགྲོན་ཆུ་ཟླའི་གར་མཁན་ཡེ་ཤེས་སྐུ། །འོག་མིན་གནས་ནས་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །རབ་འབྱམས་ཞིང་ནས་རྒྱུད་སྡེ་བཞི་དྲུག་ལྷ། །གནས་མཆོག་ཉེར་བཞི་ཡུལ་ཆེན་སོ་གཉིས་ཚོགས། །ཁྲག་འཐུང་གནས་བཅུ་དུར་ཁྲོད་བརྒྱད་སོགས་ནས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །རྟོག་མེད་འགྲོ་དོན་མཛད་པའི་ལྷ་ཚོགས་རྣམས། །བསོད་ནམས་སྤེལ་བའི་ཞིང་དུ་སྣང་བར་མཛོད། །མས་མགྲོན་འཁྲུལ་པས་བསླུས་པའི་ཤ་ཚུགས་ཅན། །ཡིད་ལུས་འཛིན་པས་འཆིང་བའི་དཔུང་ཚོགས་བཅས། །གང་དག་མི་མཇེད་སྟོང་གི་འཇིག་རྟེན་ནས། །བུ་ཡུག་རླུང་གིས་བཏབས་པ་ཇི་བཞིན་དུ། །
དྲིན་ལེན་ཤ་འཁོན་བུ་ལོན་འཇལ་བའི་ཕྱིར། །གདུང་བས་འབོད་དོ་གནས་འདིར་ད་ཚུར་བྱོན། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨཱ་པ་ལ་བྷཱུ་མི་པ་ཏི་ལོ་ཀ་པ་ལ་ཨེ་ཧྱ་ཧི་བཛྲ་ས་མཱ་ཛཿ སརྦ་ཤ་ཏྲུཾ་ཊ་ཀི་ནི་ཧཱུཾྃ་ཛཿ ཕཊ་ཕཊ་ཕཊ། རྐང་གླིང་དང་ཌཱ་དྲིལ་རྣམས་ཀྱི་སྒྲས་བསྐུལ་ནས། དགྱེས་པའི་འཛུམ་མདངས་བཞད་གད་ལྷང་ལྷང་གིས། །མྱུར་མགྱོགས་བྱིན་ཟའི་ལས་འདི་མ་འགྲུབ་བར། །བསྐྱེད་པའི་རྟེན་དང་དབྱེར་མེད་བརྟན་པར་བཞུགས། །གཞན་ཕྱིར་དགོངས་ཏེ་སྲེག་བླུགས་མཆོད་པ་བཞེས། །ཨ་ས་ན་ཏིཥྛ་སྟྭྃ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་སྦྲེང་། ཨོཾ་ཤྲཱི་ཨ་ན་ལ་ཀ་སྭཱ་ཧཱ། བདུན་གྱིས་མར་ཁུ་ཕུལ། ཧྲཱིཿ བསྐལ་མང་གོང་ནས་བསོད་ནམས་མཐུས་བསྐྱེད་པའི། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །དག་བྱེད་ཞབས་བསིལ་མཛེས་པའི་མེ་ཏོག་བརྒྱན། །དྲི་ཞིམ་བདུག་སྤོས་སྣང་
གསལ་ཉི་ཟླ་མེ། །རེག་བདེའི་དྲི་བྱུག་རོ་བརྒྱ་ལྡན་པའི་བཤོས། །གླུ་དབྱངས་སྙན་པའི་རོལ་མོ་སྣ་ཚོགས་བཅས། །བཅོམ་ལྡན་མཁའ་འགྲོ་མགྲོན་བཞིའི་ཚོགས་ལ་འབུལ། །བཞེས་ནས་ཞི་བ་ལ། ཞི་བའི་རྒྱས་པར་རྒྱས་པའི་དབང་ལ་དབང་གི་དྲག་པོར་དྲག་པོའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པུཥྤེ་སོགས་ནས་ཤབྡའི་བར་གྱིས་མཆོད། ༈ དེ་ནས་ཞི་བའི་སྐབས་སུ་རྒྱས་པར་སྤྲོ་ན། ཨོཾ་ན་མོ་བྷ་ག་ཝ་ཏེ་པྲ་ཛྙཱ་པ་ར་མི་ཏ་བོ་དྷི་ས་ཏྭ་ས་པཱ་རི་ཝ་ར། ཨོཾ་བོ་དྷི་བྲྀཀྵཱ་ཡེ་སརྦ་ཤནྟིཾ་སྭཱ་ཧཱ། ཞེས་རྒྱས་ན་སྦྲེལ་མ་དང་། འབྲིང་པོར་ལྷ་སྔགས་ཚར་གཅིག་གིས་སྣ་དྲངས་པའི་རྫས་སྔགས་བརྒྱ་ལ་སོགས་པས་སྤྱི་བོའི་ཡུམ་ཆེན་འཁོར་བཅས་ལ་ཡམ་ཤིང་ཆ་གཅིག་ཕུལ། དེ་བཞིན། ཨོཾ་གུ་རུ་རཏྣ་སརྦ་ཌཱ་ཀི་ས་པཱ་རི་ཝ་ར། ཨོཾ་བོ་དྷི་སོགས་ཀྱིས་མགྲིན་པར་མ་གཅིག་འཁོར་བཅས་ལ་ཡམ་ཤིང་ཆ་གཅིག་ཕུལ། བྃ་བུདྡྷ་ཌཱ་ཀི་ནི་ཧ་རི་ནི་ས་སརྦ་ཀརྨ་དེ་ཝ་ས་པཱ་རི་ཝ་ར། ཨོཾ་བོ་དྷི་
སོགས་ཀྱིས་སྙིང་གའི་མཁའ་འགྲོ་སྡེ་ལྔ་དང་ཡི་དམ་བཅས་ལ་ཆ་གཅིག་ཕུལ། ཨོཾ་ཛྙཱ་ན་ཚནྡྷ་དྷརྨ་པ་ལ་ལོ་ཀ་ས་པཱ་རི་ཝ་ར། ཨོཾ་བོ་དྷི་སོགས་ཀྱིས་ལྟེ་བའི་ཆོས་སྲུང་རྣམས་ལ་སྔ་མའི་ཕྱེད་ཆ་ཕུལ། ཨོཾ་སརྦ་བིགྷྣན་བྷུ་ཏ་ཏ་པྲེ་ཏ་པི་ཤ་ཙི་ས་པཱ་རི་ཝ་ར། ཨོཾ་བོ་དྷི་སོགས་ཀྱིས་གསང་བར་གནས་པའི་ལན་ཆགས་མགྲོན་ལ་གོང་གི་ཕྱེད་ཆ་དང་། ཨོཾ་ལོ་ཀ་པ་ལ་སརྦ་བིད། ཨོཾ་བོ་དྷི་སོགས་ཀྱིས་ཡན་ལག་སོགས་ལ་གནས་པའི་སྙིང་རྗེའི་མགྲོན་ལ་གོང་བཞིན་ཕུལ་མཐར། ཧོཿ སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུགས་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །མར་ཁུ་ནས་བཟུང་བསྲེག་རྫས་འཕྲོས་རྣམས་དེའི་འགྲེས་ཏེ་གོང་གི་མེ་ལྷ་མཆོད་པའི་སྐབས་ལྟར་མཐར་ཆགས་སུ་བྱ། བསྡུ་ན། ཨོཾ་
གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝ་ར། ཞེས་ལན་གཅིག་གིས་སྣ་དྲངས་ཏེ་མགྲོན་བཞི་ཀར། ཨོཾ་བོ་དྷི་བྲྀཀྵཱ་ཡེ་སརྦ་ཤནྟིཾ་སྭཱ་ཧཱས་ཡམ་ཤིང་ཕུལ་ལ་འདོད་དོན་བཅོལ། འཕྲོས་རྣམས་ལའང་དེའི་འགྲེས་སོ། །གང་ལྟར་ཡང་རྫས་སྤུངས་ཀྱི་མཇུག་ཏུ། ཧོཿ ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགགས་པ་མེད་པའི་གདངས། །ཞེ་སྡང་མི་མངའ་ཞི་བ་ཆེན་པོའི་ཚུལ། །མགྲོན་བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །མིག་ནད་ཅན་གྱིས་རབ་རིབ་ཇི་བཞིན་པར། །བདག་གཞན་འགྲོ་བའི་ཀུན་འབྱུང་ངར་འཛིན་གྱིས། །བསྐྱེད་པའི་ཞེ་སྡང་ཕྲག་དོག་གནོད་སེམས་སོགས། །དུག་ལྔའི་འཁྲུལ་རྟོག་ཉེས་ལྟུང་སྡིག་སྒྲིབ་དང་། །ནད་གདོན་རྐྱེན་ངན་དམ་ཆོས་སྒྲུབ་པའི་གེགས། །སྣོད་བཅུད་ཉམས་རྒུད་ཕྱི་ནང་འཁྲུགས་
རྩོད་རིགས། །བདུད་བཞིའི་ཆོ་འཕྲུལ་ངན་སོང་དུཿཁ་སོགས། །གློ་བུར་སྣང་བའི་མི་མཐུན་རྟོག་ངན་ཀུན། །ཡེ་གྲོལ་འདུས་མ་བྱས་པའི་དབྱིངས་སུ་ཞི། །ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་མཐོང་ནས། །གཉིས་སྣང་རྟོག་པའི་དྲི་མ་རང་སར་དག །བྱང་ཆུབ་སེམས་ཀྱིས་སྨིན་ཅིང་གྲོལ་བ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་མཛོད། །སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཕཊ། ཕཊ། ཕཊ། ༈ རྒྱས་པའི་སྐབས་སུ་སྤྲོ་ན་ཞི་བ་ནས་བཤད་མ་ཐག་པའི་ལྷ་སྔགས་སོ་སོར་རྒྱས་པའི་མེ་ལྷའི་རྫས་སྔགས་རྣམས་སྦྱོར་བའི་བར་དུ། ཧོཿ འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་འགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཅེས་ཕྲིན་ལས་ཡང་བཅོལ། བསྡུ་ན་མགྲོན་བཞི་སྤྱི་དྲིལ་ལ་རྫས་
སྔགས་བཏགས་ཤིང་ཕྲིན་ལས་བཅོལ་བ་རྣམས་སྔ་མས་འགྲེས། གང་ལྟར་ཡང་རྫས་སྤུངས་ཀྱི་མཇུག་ཏུ། ཧོཿ ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགགས་པ་མེད་པའི་གདངས། །ཞེན་སྲེད་མི་མངའ་རྒྱས་མཛད་བརྗིད་པའི་ཚུལ། །མགྲོན་བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །བདག་སོགས་འཁྲུལཛ་པའི་སེམས་ཅན་ཐམས་ཅད་ཀུན། །དངོས་པོར་ཞེན་ཅིང་འཆིང་བའི་ཆགས་སེམས་དང་། །སེར་སྣ་སྲིས་འཕང་ང་རྒྱལ་དེས་བསྐྱེད་པའི། །འབྲས་བུ་ཡི་དྭགས་དབུལ་ཕོངས་སྡུག་བསྔལ་རིགས། །མྱུར་དུ་ཞི་ཞིང་ཚོགས་གཉིས་བསགས་པའི་རྒྱུས། །ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་དང་། །མངའ་ཐང་གཟི་བརྗིད་སྙན་གྲགས་ལ་སོགས་པ། །འགྲོ་བ་དབུལ་བའི་ཕྲིན་ལས་ཆེར་རྒྱས་ནས། །སྒྱུ་མ་ལྟ་བུའི་དོན་སྤྱོད་མཐའ་རུ་ཕྱིན། མཉམ་
ཉིད་ཡེ་ཤེས་མངོན་དུ་འགྱུར་བར་མཛོད། །སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཕཊ། ཕཊ། ཕཊ། ༈ དབང་ལ་སྤྲོ་ན་ཞི་བ་ནས་བཤད་མ་ཐག་པའི་ལྷ་སྔགས་སོ་སོར་དབང་གི་མེ་ལྷའི་རྫས་སྔགས་རྣམས་སྦྱོར་བའི་བར་བར་དུ། ཧོཿ སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུགས་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཅེས་ཕྲིན་ལས་ཡང་བཅོལ། བསྡུ་ན་མགྲོན་བཞི་སྤྱི་དྲིལ་ལ་རྫས་སྔགས་བཏགས་ཤིང་ཕྲིན་ལས་བཅོལ་བ་རྣམས་སྔ་མས་འགྲེས། གང་ལྟར་ཡང་། ཧོཿ ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགགས་པ་མེད་པའི་གདངས། །ཆགས་པ་མི་མངའ་ཆགས་སྲེད་ལྡང་བའི་ཚུལ། །མགྲོན་བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་
ཟ་བའི་མཆོད་པ་བཞེས། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །ཐོག་མེད་དུས་ནས་འདོད་ཆགས་ལ་སོགས་པའི། །ཉོན་མོངས་མི་དགེའི་རྒྱུ་རྐྱེན་དུ་གྱུར་པའི། །ལས་དང་འབྲས་བུ་བྱང་དག་སོར་ཆུད་ནས། །རླུང་ཐིག་སྣང་སེམས་ཡེ་ཤེས་རང་དབང་གྱུར། །བདེ་ཆེན་འཕོ་མེད་ས་ལ་དབང་འབྱོར་ཞིང་། །དངོས་དང་དངོས་མེད་སྣང་བ་ཟིལ་གྱིས་ནོན། །བླ་མེད་རྒྱལ་བའི་གོ་འཕང་ཆེན་པོ་རུ། །ཕྱམ་གཅིག་བགྲོད་པའི་དད་དཔོན་བདག་གྱུར་ཏེ། །མོས་བཞིས་སྣང་སྲིད་དབང་དུ་འདུ་བ་དང་། །སོ་སོར་རྟོགས་པའི་ཡེ་ཤེས་མངོན་གྱུར་མཛོད། །སརྦ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཕཊ། ཕཊ། ཕཊ། ༈ དྲག་པོ་སྤྲོ་ན་ཞི་བ་ནས་བཤད་མ་ཐག་པའི་ལྷ་སྔགས་སོ་སོའི་དྲག་པོའི་མེ་ལྷའི་རྫས་སྔགས་རྣམས་སྦྱོར་བའི་བར་བར་དུ། ཧོཿ སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་
བའི་མཆོད་ཡུལ་ཀུན། །སྲེག་བླུགས་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པ་བསྐྱེད་པའིདགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཅེས་ཕྲིན་ལས་བཅོལ། བསྡུ་ན་མགྲོན་བཞི་སྤྱི་དྲིལ་དྲག་པོའི་མེ་ལྷའི་སྐབས་ཀྱི་རྫས་སྔགས་བཏགས་ཤིང་ཕྲིན་ལས་བཅོལ་བ་རྣམས་སྔ་མ་ལྟར་བྱ། གང་ལྟར་ཡང་། ཧོཿ ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགགས་པ་མེད་པའི་གདངས། །ཁྲོ་བ་མི་མངའ་སྙིང་རྗེ་རྔམ་པའི་ཚུལ། །མགྲོན་བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །འཁོར་བར་སྐྱེལ་བའི་སྙེམས་རྟོག་འཁྲུལ་པོ་ཆེ། །དེས་བསྐྱེད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །བན་བོན་ལྷ་འདྲེ་བྱད་ཕུར་རྦོད་གཏོང་དང་། །ཆགས་ཆེ་ཉམ་ང་རྨིས་
ལྟས་མཚན་ངན་རིགས། །མཐའ་དམག་དུས་འཁྲུགས་འབྱུང་བའི་ཡོ་ལང་སོགས། །ཚོར་བ་སྡུག་བསྔལ་གྱུར་པའི་རྣམ་རྟོག་འདི། །རིག་སྟོང་སྐྱེ་མེད་ཀློང་དུ་བསྒྲལ་བ་དང་། །སྡང་སེམས་ཕྲག་དོག་གནོད་སེམས་སྦྱོར་ངན་རིགས། །སྙེམས་བྱེད་མགོ་བསྐོར་འགོང་པོ་རྩད་ནས་ཆོད། །རེ་དོགས་འཁྲུལ་པའི་རྟོག་པ་དྲུང་ནས་ཕྱུངས། །ཕར་ཕྱིན་ཡུམ་གྱི་དགོངས་པ་མངོན་གྱུར་ནས། །བྱ་བ་གྲུབ་པའི་ཡེ་ཤེས་མཐར་བརྙེས་མཛོད། །སརྦ་མཱ་ར་ཡ་ཕཊ། ཕཊ། ཕཊ། ཕཊ། དེ་ནས་བསྟོད་པ་ནི། ཧཱུྃ་ཧྲཱིཿ མི་དམིགས་སྤྲོས་མཐའ་བྲལ་བའི་མཁའ་དབྱིངས་སུ། །སྤྲིན་དང་དབང་གཞུ་ཁུ་རླངས་ཇི་བཞིན་པར། །རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུས་བསྐྱེད་པའི། །གཅོད་ཡུལ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །ཡི་དམ་མཁའ་འགྲོ་དངོས་གྲུབ་ཀུན་གྱི་མཛོད། །ཡེ་ཤེས་འཇིག་རྟེན་སྲུང་མ་ཕྲིན་ལས་མྱུར། །
སྣང་སྲིད་ལྷ་འདྲེ་གཞི་བདག་དམ་ཚིག་བཙན། །ལན་ཆགས་ཤ་འཁོན་གནོད་བྱེད་བཀའ་དྲིན་ལྡན། །རིགས་དྲུག་འགྲོ་བ་སྙིང་རྗེའི་ཡུལ་བཅས་ཀྱི། །འཁོར་འདས་གྱེས་པོར་གནས་པའི་རྣལ་འབྱོར་ལ། །དངོས་རྒྱུད་ཀུན་ནས་ཕན་འདོགས་བསྒྲང་མཐའ་ཡས། །ལ་ལས་དམ་པའི་ཚུལ་བཟུང་ངེས་གནས་སྟོན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་སྒོ་འཕར་འབྱེད། །ལ་ལས་དམན་པའི་ཚུལ་གྱིས་ཀུན་རྟོག་བསྒུལ། །སྙེམས་བྱེད་ངར་འཛིན་སློང་ཞིང་ཐེར་ལ་འདོན། །དེ་སོགས་བསམ་མི་ཁྱབ་པའི་བདག་ཉིད་ཅན། །དོན་དུ་བདག་མེད་སྟོན་ལ་བཀའ་དྲིན་མཉམ། །ཐམས་ཅད་ཡུམ་ཆེན་ཉིད་ལས་གཞན་མིན་པས། །ངེས་ཤེས་ཁོང་ནས་སད་པའི་ཉམས་མཚར་པོའི། །བཀའ་དྲིན་རྗེས་སུ་དྲན་པའི་དབྱངས་ཀྱིས་བསྟོད། །ད་དུང་སྔར་ལས་མི་ཞན་ཐུགས་རྗེའི་མཐུ། །གཅིག་ཏུ་དྲིལ་བའི་
མཛད་པ་རྨད་བྱུང་གིས། །བདག་འཛིན་རྨང་སྒྱེལ་རེ་དོགས་དྲུང་ནས་ཕྱུངས། །མ་སྐྱེས་མི་གནས་ཡེ་ཤེས་མངོན་གྱུར་མཛོད། །ཕཊ། ཕཊ། ཕཊ། སླར་མེ་ཁ་གསོས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་གོས་རྩི་དང་། ཨོཾ་སརྦ་བི་ཤྭ་ཨ་ལངྐ་ར་ཝསྟྲ་པྲ་ཏཱིཙྪ་ཡེ་སྭཱ་ཧཱས་རིན་ཆེན་ཕྱེ་མ་དང་གོས་ཟུང་བཅས་ཕུལ། དེ་ནས་གཏོར་མ་ནང་མཆོད་ཀྱིས་བྲན་ཞིང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ཨོཾ་སརྦ་ཛྙཱ་ན་ལོ་ཀ་ས་པཱ་རི་ཝ་ར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ཤིང་། ཧོཿ མཐའ་གཉིས་བྲལ་བ་དབུ་མ་ཆེན་པོ་ལས། །རང་བྱུང་རིག་རྩལ་རོལ་པ་འགགས་མེད་མགྲོན། །འཁོར་འདས་རིས་མེད་སྲིད་ཞིར་བརྡལ་བ་ལ། །གནས་ལུགས་གཞི་ཡི་གཏོར་མ་མ་བཅོས་པ། །གང་ཤར་ཤར་གྲོལ་རྒྱུན་ཆད་མེད་པར་འབུལ། །འབད་རྩོལ་སྤྲོས་པ་བྲལ་བའི་ཀློང་དུ་བཞེས། །མ་རྟོག་འཁྲུལ་པར་འཁྱམས་པའི་ཕུང་བྱེད་བདུད། །བདག་འཛིན་ཉོན་མོངས་དཔུང་འདི་ཆམ་ལ་
ཕོབ། །སྡུག་བསྔལ་ཀུན་གྱིས་རྩ་བ་དབྱིངས་སུ་སྟོར། །ཞི་བ་ཆེན་པོའི་ཕྲིན་ལས་ལྷུན་གྲུབ་མཛོད། །རེ་དོགས་དབུལ་འགོང་སྙིང་གི་ཚང་ནས་ཕུད། །རྩོལ་མེད་ཡིད་བཞིན་གཏེར་གྱི་སྒོ་འཕར་ཕྱེས། །རང་སྣང་དབང་དུ་འདུ་བའི་གཞི་ཚུགས་ནས། །གཞན་སྣང་ཟིལ་འོག་ཆུད་པའི་ཕྲིན་ལས་མཛོད། །སྤང་ཐོབ་བྲལ་བའི་ཡེ་ཤེས་མངོན་གྱུར་ཏེ། །བདུད་བཞིའི་གཡུལ་ངོ་ཤུགས་ཀྱིས་ཕམ་པ་དང་། །ཉོན་མོངས་མི་མཐུན་ཚོགས་ཀྱི་དཔའ་བཀོང་ཞིང་། །ལས་ཆེན་རྣམ་བཞི་ཕྲིན་ལས་ལྷུན་གྲུབ་མཛོད། །ཕཊ། ཅེས་ཕྲིན་ལས་བཅོལ། ༈ དེ་ནས་དྲག་པོའི་སྦྱིན་སྲེག་གི་འཕྲོས་སུ་གནས་གདོན་ནམ་ལུས་གདོན་ངན་པ་སོགས་ཀྱིས་ཐེབ་པ་ལ་མེ་ཞགས་འཕེན་པར་འདོན་ན། སྦྱིན་སྲེག་གི་མེ་ཐབ་དང་བཅས་པ་ཁྱེར་བདེ་དང་། མིན་ཀྱང་དེའི་མེ་སྣོད་གཞན་དུ་བླང་བ་ལག་པའི་ཁ་ནས་ཁྱེར་བདེར་བཅོས་ཤིང་། རྟ་བོན་སྐྱ་པུ་ཕྱེ་དང་སྦག་པ་ལ་མར་ཁུ་ཅུང་ཟད་འཕུར་བ་ཚགས་སུ་བཅུག །གསེར་སྐྱེམས།
རྃ་ཡྃ་ཁྃ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། ཕཊ། ཕཊ། ཕཊ། ཧཱུྃ། སྐྱབས་ཀྱི་མཐར་ཐུག་སངས་རྒྱས་ཉག་གཅིག་པ། །བྲལ་སྨིན་ཡོན་ཏན་ཆེན་པོའི་བདག་ཉིད་ཅན། །དབྱེར་མེད་རྩ་གསུམ་ལྷ་རྣམས་ཕུད་ཀྱིས་མཆོད། །བདག་རྟོག་སྙེམས་བྱེད་འདུལ་བའི་དགོངས་རྩལ་སྤོར། །ཁྱད་པར་རིག་གདངས་སོ་མའི་ངོར་ཤར་བ། །ཨ་མ་ལབ་སྒྲོན་བདུད་འདུལ་ཁྲོས་མ་ནག །གཅོད་ཡུལ་བརྒྱུད་པའི་ལྷ་རྣམས་ཕུད་འདི་བཞེས། །དུག་གསུམ་གདོན་ཚོགས་འདུལ་བའི་ལས་ལ་བཞེངས། །ཀུན་བཏགས་རྫོབ་ཀྱི་བདེན་པ་མི་བསླུ་བས། །མངོན་སུམ་སྣང་བའི་ཕྱོགས་སྐྱོང་སྡེ་བརྒྱད་དང་། །ལོ་ཟླ་ཞག་དུས་ལྷ་རྣམས་ཕུད་འདི་བཞེས། །ལྟར་སྣང་དགྲ་གདོན་སྟེང་དུ་གཡུལ་ངོ་ཤོམས། །འདི་ན་ཡུམ་ཆེན་ཁྲོས་མའི་རྣལ་འབྱོར་པས། །ཐོག་མེད་དུས་ནས་འཁྲུལ་པའི་གདོན་འདི་དག །ཐབས་མཁས་
ཐུགས་རྗེས་ཚར་གཅོད་རྗེས་བཟུང་ཕྱིར། །སྲིད་པ་བཤིག་བྱེད་དུས་མེའི་སྒྱོགས་འཕེན་པའི། །གོང་དུ་སུ་ཡང་མ་འདུག་གཞན་དུ་བྱོལ། །གལ་ཏེ་ཕོག་ན་ལེ་ལན་བགེགས་ལ་བསྡོས། །ང་ནི་མ་ཉེས་དུས་གསུམ་རྒྱལ་བའི་བཀའ། །རས་སུ་མི་འདོར་གཞན་ཕན་ལས་འདི་བརྩམ། །ཁྱེད་རྣམས་དགྱེས་པའི་གད་མོ་སྲིད་རྩེར་སྒྲོགས། །རྣམ་དཀར་འབྲས་བུ་བསླུ་མེད་འགྲུབ་པར་མཛོད། །ཞེས་ཕུད་མཆོད་ཅིང་སྙིང་རྗེའི་ཤུགས་རབ་ཏུ་བསྐྱེད་ལྟ་བའི་གདེང་དང་བཅས་ཡུམ་ཆེན་མོའི་ཐུགས་དམ་བསྐུལ་བ་ནི། ཕཊ་ཨ། ཡེ་ནས་མ་བཅོས་སྨྲ་བསམ་བརྗོད་ལས་འདས། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་དུ་སྣང་མཛད་མ། །དེའང་གཉིས་མེད་འཁོར་འདས་མགྲོན་སྤྱི་དང་། །ཁྱད་པར་ཌཱ་ཀི་མ་གཅིག་ལབ་ཀྱི་སྒྲོན། །རིགས་ལྔའི་མཁའ་འགྲོ་བྱེ་བ་དུང་ཕྱུར་རྣམས། །རིས་མེད་འགྲོ་བ་འདུལ་
བའི་དམ་བཅས་ནས། །ད་ལྟ་རྩོད་དུས་ཡང་མཐར་ཐུག་པའི་ཚེ། །འདུལ་བྱའི་ཡུལ་རྣམས་གཉིས་འཛིན་རྒྱ་ལ་ཚུད། །ལོག་རྟོག་གདོན་གྱིས་སྡུག་བསྔལ་ཟུག་རྔུ་བསྐྱེད། །ཕན་ཚུན་མི་དགེའི་གནས་སུ་ལྷུང་ངེས་པས། །མི་རིང་སྙིང་རྗེ་ཁྲོས་པའི་སྐུར་བཞེངས་ལ། །འཇིགས་པའི་གད་མོ་རྔམ་པའི་སྟངས་སྟབས་ཅན། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དམག་གི་དཔུང་། །རྩལ་ཤུགས་རིག་གདངས་སོ་མའི་དཔའ་གཏུམ་ཅན། །སྟོང་གསུམ་སིལ་བུར་གཏོར་བའི་གཡུལ་ཤོམས་ལ། །བདག་མེད་རིག་པའི་མཚོན་ཆ་རྣོ་ངར་དབལ། །བཏབ་ན་འཁོར་འདས་དུས་གཅིག་འབིག་བྱེད་པའི། །རལ་གྲི་གྲི་གུག་ཐོག་མདའ་ཆར་བཞིན་བསྙིལ། །ཡེ་ཤེས་དུས་མེའི་སྒྱོག་གིས་གནམ་ས་སྒུལ། །སྲིད་པ་འཁྲུལ་པའིའཁོར་ལོ་སྤྱི་ནས་ཤིགས། །སྲིད་གསུམ་འཁོར་བར་འཁྱམས་པའི་རྨིང་འདི་སྒྱེལ། །དུག་གསུམ་གདོན་དུ་
བབ་པའི་འབྱུང་པོ་ཐུལ། །ང་བདག་རིས་སུ་ཆད་པའི་རྟོག་ངན་ཟློག །ཕཊ། ཕཊ། ཕཊ། དེ་ནས་མེ་ཞགས་བཟུང་ལ། ཧཱུྃ། དབུས་ནས་སངས་རྒྱས་མཁའ་འགྲོའི་དམག་གི་དཔུང་། །ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་བཞེངས་ཙམ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །གཏི་མུག་ཀླུ་སྲིན་གནས་དང་ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁར་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་ཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །བདེ་གཤེགས་ཁྲོས་པའི་དཔུང་རྣམས་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་བཤིག་བྱེད་རྒྱོབས། །འཁོར་ལོའི་ཐོག་ཆར་འཁོར་བ་ཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་
གཞོམ། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱམ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། ཕཊ། ཕཊ། ཕཊ། ཁྱིམ་གྱི་ཕུག་ཏུ་འཕང་། ཧཱུྃ། ཤར་ནས་རྡོ་རྗེ་འཁའ་འགྲོའི་དམག་གི་དཔུང་། །མེ་ལོང་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །ཞེ་སྡང་ཕོ་གདོན་རྒྱལ་འགོང་གནས་ལུས་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་འཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །བཛྲ་ཁྲོས་མའི་དཔུང་རྣམས་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་བཤིག་
བྱེད་རྒྱོབས། །རྡོ་རྗེའི་ཐོག་ཆར་འཁོར་བ་ཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་གཞོམ། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱམ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་ཤར་དུ་འཕང་། ཧཱུྃ། ལྷོ་ནས་རིན་ཆེན་མཁའ་འགྲོའི་དམག་གི་དཔུང་། །མཉམ་ཉིད་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །ང་རྒྱལ་ལྷ་གདོན་གནས་དང་ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་འཚོལ་བའི་རིགས། །གནམ་ས་བླ་འོག་བར་
གསུམ་གར་གནས་པར། །རིན་ཆེན་ཁྲོས་མའི་དཔུང་རྣམས་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་བཤིག་བྱེད་རྒྱོབས། །རཏྣའི་ཐོག་ཆར་འཁོར་བ་ཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་གཞོམ། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱམ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་ལྷོ་རུ་འཕང་། ཧཱུྃ། ནུབ་ནས་པདྨ་མཁའ་འགྲོའི་དམག་གི་དཔུང་། །སོར་རྟོགས་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །འདོད་ཆགས་མོ་འདྲེ་གནས་དང་ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་
མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་འཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །པདྨ་ཁྲོས་མའི་དཔུང་རྣམས་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་བཤིག་བྱེད་རྒྱོབས། །པདྨའི་ཐོག་ཆར་འཁོར་བ་ཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་གཞོམ། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱམ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་ནུབ་ཏུ་འཕང་། ཧཱུྃ། བྱང་ནས་ལས་ཀྱི་མཁའ་འགྲོའི་དམག་གི་དཔུང་། །བྱ་གྲུབ་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །ཕྲག་དོག་བཙན་འགོང་གནས་ངན་ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་
བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་འཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །ལས་ཀྱི་ཁྲོས་མའི་དཔུང་རྣམས་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་བཤིག་བྱེད་རྒྱོབས། །རལ་གྲིའི་ཐོག་ཆར་འཁོར་བ་ཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་གཞོམ། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱམ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་བྱང་དུ་འཕང་། ཧཱུྃ། མཐའ་དང་དབུས་མེད་ཕྱོགས་བྲལ་དུར་ཁྲོད་ནས། །རིག་པའི་ངོ་བོ་གཅོད་ཡུལ་རྩ་བ་གསུམ། །རྔམ་གཏུམ་
སྙིང་རྗེ་ཁྲོས་པའི་སྐུར་བཞེངས་ལ། །བདག་རྟོག་སྙེམས་བྱེད་ལས་བྱུང་གདུག་པའི་འདྲེ། །ཕངས་པའི་སྒྱུ་ལུས་བྱིན་ཀྱང་མི་ཚིམས་ཞིང་། །བདེན་པའི་དམ་ཆོས་བཤད་ཀྱང་མི་གྲོལ་བའི། །འབྱུང་པོ་ཡིད་ཀྱིས་གཟུགས་ཅན་མ་རུངས་པ། །སྔ་འདྲེ་རྙིང་པ་ད་འདྲེ་གསར་པ་སོགས། །ཁྱིམ་གྱི་སྒོ་དང་ལམ་སྲང་འདིར་འགྲིམ་ཞིང་། །ཉེས་མེད་འགྲོ་ལ་འཚེ་བའི་བསམ་སྦྱོར་ཅན། །གདུལ་དཀའ་ཐར་མེད་སྒྲུབ་འདིའི་དབང་མ་གཏོང་། །མ་གཡེལ་ཡེ་ཤེས་ལྔ་ལྡན་དམག་གི་དཔུང་། །འཁོར་འདས་ཤན་འབྱེད་གཡུལ་ངོ་འདི་ལ་སྤྲོད། །བྲོས་ན་བྱམས་པའི་ལྕགས་ཀྱུས་མྱུར་དུ་དྲོངས། །འགུལ་ན་སྙིང་རྗེས་ཞགས་པས་དབང་མེད་སྡོམས། །སྦྱོར་བ་མི་རུང་དགའ་བའི་ལྕགས་སུ་ཆུགས། །བསམ་པ་ངན་པ་བཏང་སྙོམ་དྲིལ་བུས་མྱོས། །གཟུགས་ཕུང་ཐལ་འབྱིན་རྡོ་རྗེའི་མེ་ཆར་ཕོབས། །
བག་ཆགས་ཡིད་ལུས་བྱེད་མའིཁང་བུ་ཤིགས། །བདག་ལྟའི་འཆིང་བ་ཡེ་ཤེས་མེ་ལ་སྦོར། །གཞི་དབྱིངས་ཆོས་སྐུ་ཀློང་དུ་རང་གྲོལ་ཤོག །ཨ་ཕཊ། ཁྱིམ་གྱི་སྒོ་ལམ་སྲང་ཐམས་ཅད་དུ་མེ་ཞགས་ཁྱབ་པར་འཕང་། གསུམ་པ་རྗེས་ཀྱི་རིམ་པ་ནི། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས་ཤིང་། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་བསྟོད། །ཅེས་ཡུམ་དོན་ལ་མཉམ་པར་བཞག་ཅིང་། ཏདྱཐཱ། ཨོཾ་ག་ཏེ་སོགས་བསྒྲང་། ཕཊ། ནམ་མཁར་སྲབ་མོའི་སྤྲིན་ཚོགས་ཡལ་བ་བཞིན། །སྤྱན་དྲངས་རྟོག་ཚོགས་མགྲོན་རྣམས་དབྱིངས་སུ་གཤེགས། །བསྐྱེད་པའི་དམ་ཚིག་འཁོར་ལོ་འབར་བ་དངོས། །གོས་དཀར་ལྷ་མོ་
རང་གི་དྲོད་ལ་ཐིམ། །ཨ་ཕཊ། ཅེས་པས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བདག་ལ་ཐིམ་པར་བསམ་ཤིང་མཉམ་པར་བཞག །ཕཊ། དུས་གསུམ་རྒྱལ་དང་དེའི་སྲས་མཆོག་རྣམས་ཀྱིས། །ཐུགས་བསྐྱེད་སྨོན་ལམ་བདག་གིས་འགྲུབ་པར་ཤོག །དགེ་ཚོགས་འདི་དག་རང་གཞན་སེམས་ཅན་ཀུན། །ཡུམ་ཆེན་རྒྱལ་བའི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་རྣམ་པར་དཀར་བའི་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་ནས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །གཞན་ཡང་རྒྱལ་བའི་ཞལ་ནས་གསུངས་པའི་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་ཏེ་འཇིག་རྟེན་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །སྨྲས་པ། ཨེ་མ་ཡུམ་ཆེན་དགོངས་པའི་བཅུད་ཟབ་མོ། །ཕན་བདེ་ནོར་བཟང་ཡོན་ཏན་འབྱུང་གནས་འདིར། །སྒྲུབ་པའི་དགོངས་བཅུད་མཁའ་འགྲོའི་མཐུ་ཡིས་
བྱས། །གཞན་ཕྱིར་ལྷག་པའི་བློ་ལྡན་འདི་ལ་སྤྱོད། །དེང་སང་ཐོ་ཅོར་དགའ་བའི་རྣལ་འབྱོར་འགས། །བཅད་བྱ་ནང་གི་སྙེགས་རྟོག་མ་མཐོང་བཞིན། །གཅོད་བྱེད་ཧཱུྃ་ཕཊ་སྒྲོགས་འདིར་ཅུང་མ་འགུ། །བདག་འཛིན་འདུལ་བ་གཅོད་ལ་བརྟེན་ཕྱིར་རོ། །གང་གི་བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་གྱིས། །དུར་ཁྲོད་ལ་སོགས་ས་དམིགས་གཉན་པོ་རུ། །སྙིང་རྗེའི་ཤུགས་ཀྱིས་ལས་ཆེན་འདིར་འབད་ན། །མི་རྟོག་ཡེ་ཤེས་ཁོང་ནས་སད་པར་འགྱུར། །དེ་ཕྱིར་རྗེས་འཇུག་རྣམས་ཀྱིས་བརྩོན་པར་རིགས། །དགེ་བས་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདིའང་ཟབ་མོའི་གནས་ལ་འདུན་པའི་བུ་བཀའ་བརྒྱུད་བཀྲ་ཤིས་ནས་བསྐུལ་ངོར་ཨ་མ་མཁའ་འགྲོའི་བྱིན་རླབས་ཀྱི་ཆ་ཤས་སྙིང་ལ་ཞུགས་པའི་རྒན་པོ་འདུ་གསུམ་པ། ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེའམ་བདེ་ཆེན་འབར་བའི་རྡོ་རྗེས་སྐྱོ་བྲག་གི་སྒྲུབ་སྡེ་ངེས་དོན་བྱང་ཆུབ་ཆོས་གླིང་ནས་སྨྲས་པ་ལྟར་བསྐུལ་བ་པོ་ཉིད་ཀྱིས་ཡི་གེར་བཏབ་པ་འདིས་ཀྱང་འབྲེལ་ཚད་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
འབའ་རོམ་གཅོད་ཚོགས་རྒྱ་ཆེན་ལྔ་པའི་ལས་བཞི་ལྷུན་གྲུབ་ཀྱི་མེ་མཆོད་བཀྲ་ཤིས་དཔལ་སྟེར། མཁན་བཤད་སྒྲུབ་འགྱུར་མེད།
༄༅། །འབའ་རོམ་གཅོད་ཚོགས་རྒྱ་ཆེན་ལྔ་པའི་ལས་བཞི་ལྷུན་གྲུབ་ཀྱི་མེ་མཆོད་བཀྲ་ཤིས་དཔལ་སྟེར་བཞུགས་སོ། །
སྟོང་ཆེན་འཕགས་བཞི་སྐྱེད་མཛད་ཆོས་སྐུ་ཡུམ། །འོད་གསལ་ཡེ་ཤེས་ལང་ཚོ་ལབ་སྒྲོན་མཚན། །ཟུང་འཇུག་སྤྲུལ་པའི་ཟློས་གར་ཆོས་ཀྱི་སེང་། །དབྱེར་མེད་དྲིན་ཅན་བླ་མའི་ཞབས་ལ་འདུད། །མ་གཅིག་བཀའ་ཉན་གཅོད་ཡུལ་དམ་ཅན་དང་། །སྙན་བརྒྱུད་སྒོས་སྲུང་ཌཱཀྐཱི་རླུང་གཤོག་ཅན། །ལས་བཞིའི་མེ་མཆོད་འབྲི་བར་བཀའ་གནང་དང་། །བྱིན་རློབས་ཕྲིན་ལས་ཀུན་ཁྱབ་སྡོང་གྲོགས་མཛོད། །འདིར་འབའ་རོམ་གཅོད་ཚོགས་རྒྱ་ཆེན་ལྔ་པའི་མེ་མཆོད་ལས་བཞི་ལྷུན་འགྲུབ་ཀྱི་ཕྱག་ལེན་བགྱི་བ་ལ་སྦྱོར་དངོས་
རྗེས་སོ། །དང་པོ་ལ་རྒྱས་བསྡུས་གཉིས་སོ། །དང་པོ་ལ་བཅའ་འདོན་གཉིས་ལས། དང་པོ་ནི་ཐབ་དཀྱིལ་རྒྱས་པ་འབྲི་ན་ས་སྟེགས་ཟླུམ་པོ་ཕུབ་ཙམ་དང་། བསྡུས་པ་འབྲི་ན་ཟུར་གསུམ་མདའ་གང་ལས་མི་ཆུང་བ་བཟོས་ཏེ། སོལ་ཕྱེ་བཏབ་ནས་ནག་པོ་བྱེད། ཡང་ན་ཐལ་དཀར་བྱུག །དེ་སྟེང་ཐེབ་ནང་དུ་དཀར་གཏོར་བཤམ་ལ། ཆགས་མེད་གསུང་འདི་འདོན། ཕཊཿ རང་གི་སྙིང་ཁར་རྣམ་ཤེས་ཚེ་བསོད་ཀྱི། །ངོ་བོ་ཕག་མོ་མཐིང་ནག་ཚོན་གང་ཙམ། །དབུ་མའི་ལམ་ནས་ཚངས་པའི་བུ་གར་ཐོན། །སྐུ་ལུས་ཆེར་སྐྱེས་ཁྲོས་མ་རི་རབ་ཙམ། །ས་བདག་ལྷ་འདྲེ་ཟིལ་གྱིས་གནོན་པར་གྱུར། །
བསྲུང་བྱ་རྣམས་ཀྱི་རྣམ་པར་ཤེས་པ་ཡང་། །འོད་ཀྱི་ཐིག་ལེ་དབུ་མའི་ལམ་ནས་བརྒྱུད། །རྒྱངས་སེ་ཐོན་ཏེ་བདག་གི་ཐུགས་ཀར་ཐིམ། །བདག་དང་བསྲུང་བྱ་རྣམས་ཀྱི་བེམ་པོ་དང་། །དབྱེར་མེད་དཀར་གསུམ་བདུད་རྩིའི་རྒྱ་མཚོ་ཡིས། །ས་ཕྱོགས་ཐམས་ཅད་མེར་གྱིས་གང་བར་གྱུར། །ཕཊ། འེ་འེ། མཐོ་སྲིད་རྩེ་ནས་མནར་མེད་ཡན་ཆོད་ཀྱི། །ལོ་ཟླ་ཞག་དུས་ཕྱོགས་མཚམས་རྒྱུ་བ་ཡི། །གཟའ་ཆེན་བརྒྱད་དང་རྣལ་འབྱོར་མ་བརྒྱད་དང་། །བིཥྚི་བ་དན་ཁྲ་བོ་ཧལ་ཁྱི་དང་། །ས་གཞི་ཁྱབ་པའི་ས་བདག་ལྟོ་འཕྱེ་དང་། །ས་འཛིན་ལག་པ་ལྷ་མོ་བརྟན་མ་དང་། །ལོ་ཟླ་ཞག་ལ་རྒྱུ་བའི་ལྔ་སེར་དང་། །ཁྱད་པར་ས་ཆ་ཡུལ་རིས་འདིར་གནས་པའི། །ས་བདག་ཀླུ་གཉན་ཀོ་ལོང་སྡོམ་པ་ཀུན། །ས་གླུད་བེམ་པོ་བདུད་རྩིའི་རྒྱ་མཚོ་དང་། །དབྱེར་མེད་དཀར་གསུམ་གཏོར་མ་འདི་བཞེས་ལ། །བདག་གིས་
མེ་མཆོད་སྲེག་བླུག་བྱེད་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་ཅིག །ས་འདི་གཡོར་ལ་ཁྱེད་རྣམས་གཞན་དུ་གཟུར། །གལ་ཏེ་མ་གཟུར་ཁྱེད་ཅག་ཐམས་ཅད་ལ། །ཕོག་ཐུག་ཐབ་གཞོབ་གནོད་འཚེ་བྱུང་བ་ན། །བདག་ནི་མ་ལན་ལུས་གདོན་གནོད་བྱེད་ལན། །ཀོ་ལོང་རུ་ང་གནོད་བྱེད་བགེགས་ལ་མཛོད། །ཡེ་ཤེས་མཁའ་འགྲོའི་བཀའ་ལས་མ་འདའ་བར། །དོ་ནུབ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ༀ་སརྦ་ལོ་ཀ་པཱ་ལ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཙྪ་གཙྪ། ཕཊ། ཕཊ། ཅེས་གཏོར་མ་ཕུལ། ཡང་ན་གཞུང་གསལ་གཞི་བདག་དཀར་གཏོར་ཕུལ་ཏེ་ས་སྟེགས་བཟོ། གང་ལྟར་ཐིག་སྐུད་ཚོན་སྣ་ལྔ་མདུན་དུ་བཤམས་ལ། ཕཊ། ཐིག་ཚོན་སྐད་ཅིག་མ་གཅིག་རིགས་ལྔའི་སྐུར། །གསལ་བས་འོག་མིན་ཞིང་ནས་ཡེ་ཤེས་པ། །སྤྱན་དྲངས་མཁའ་འགྲོ་ལྔར་ཐིམ་འོད་ཞུ་བ། །ཐིག་
ཚོན་ཁ་དོག་ལྔ་ཡི་རྣམ་པར་གྱུར། །ༀ་ཧཱུྃ་ཏྲཱཾ་ཧྲཱིཿ ཨཱཿ ཕཊ། ཕཊ། ཕཊ། ཕཊ། ཕཊ། བརྗོད། དེ་ནས་ཐིག་ཆེན་བརྒྱད་གདབ་བོ། །ཐབ་དཀྱིལ་རྒྱས་པར་འབྲི་ན་དབུས་སུ་པདྨ་འདབ་བཞི་ཕྱོགས་ཚོན་ལ་ཚོན་སྤུང་ངམ་གྲི་གུག་རིགས་ལྔ་སོ་སོའི་ཕྱག་མཚན་གྱིས་མཚན་པ། དེ་རྒྱབ་ཆོས་འབྱུང་དམར་སྨུག་ཟུར་དྲུག་རི་མོ་དཀར་པོ། དེ་རྒྱབ་ཟླ་གམ་དམར་པོ། དེ་རྒྱབ་ཟླུམ་པོ་དཀར་པོ། དེ་རྒྱབ་གྲུ་བཞི་སེར་པོ། དེ་རྒྱབ་གྲུ་གསུམ་ནག་པོ། རེ་རེའི་ཁ་ཁྱེར་སོར་བཞི་ལ་སོ་སོའི་ཕྱག་མཚན་འགོད། གྲུབ་ན་དེ་ཕྱིར་དུར་ཁྲོད་བརྒྱད་ཟླུམ་སྐོར། དེ་རྒྱབ་རྡོ་ར་མེ་རི་གཡོན་བསྐོར་བྱའོ། །བསྡུས་པ་འབྲི་ན་ཆོས་འབྱུང་ཟུར་དྲུག་གི་དབུས་པདྨ་འདབ་བཞི་ཕྱོགས་མདོག་སྟེང་བྃ་ཧ་རི་ནི་ས་མཐིང་དཀར་སེར་དམར་ལྗང་གུའམ་ཚོན་སྤུང་བྱའོ། །དེ་སྟེང་ཤིང་གང་རྙེད་ཟུར་དྲུག་ཏུ་བརྩེགས་ལ་མེ་ཚང་བཅའ། དེའི་ཕྱོགས་བཞི་དབུས་ལྔར་དར་སྣ་ལྔ་འཛུགས། མ་རྙེད་ན་གཅིག་འཛུགས་པས་མཐུས། མཚམས་བཞི་དབུས་ལྔར་གཞུང་གསལ་ཤིང་སྣ་ལྔ་འཛུགས། གཅོད་ལུགས་ཡིན་པས་ཚེས་གྲངས་ཐེབས་ཟློག་དང་མཁའ་འགྲོ་གཟའ་རྒྱུ་ཟློག་དང་ཁ་གྱུ་ཕྱོགས་ལྔ་སེར་བཅས་བརྩི་མི་དགོས། ཁང་པ་ལ་ས་དགྲ་ཡོད་ན་དེར་ཁ་གྱུ། ཡང་ན་གནོད་པའི་ལྷ་འདྲེ་ཡོད་ཕྱོགས་སུ་ཁ་གྱུ་སྟེ། རང་གི་གཡས་ཕྱོགས་སུ་མཆོད་ཁེབས་ནག་པོར་མཆོད་ཕྲེང་རིམ་པ་དང་པོར་བསྲེག་རྫས་ཁྲོས་མའི་གཏོར་མ་རྒྱས་བསྡུས་གང་དགོས། མར་ཁུ། ཡམ་ཤིང་།
ཟས་མཆོག །རྫས་སྤུང་རྣམས་བརྒྱ་རྩ་ནས་རིམ་པར་ཕྲིས་ཏེ་འབུལ་དགོས་པས་མང་དགོས། སོ་རྩི་རིན་ཕྱེ་གོས་ཟུང་། གཉིས་པར། མར་ཁུ། ཏིལ། ཡམ་ཤིང་། མེ་ཏོག །ལིང་ཆུང་བཅས་དང་། མཆོད་རྫས་རྒྱས་པར་མར་མཆོད་ཚར་གཉིས་སམ་བསྡུ་ན་རྣམ་ལྔ་གཉིས་བསྒྲིག །མ་གྲུབ་ཚེ་ཉེར་སྤྱོད་བཤམ་ལ་མཆོད་ཁ་གསོ་བ་ཐམས་ཅད་ལ་འགྲེ། ཕྱོགས་བཞིའི་བསྲེག་རྫས་ཀྱང་མགྲོན་མཆོད་དང་མེ་མཆོད་མང་ཉུང་གཉིས་རེ་བྱ། ལས་བཞིའི་གཏོར་མ་སོ་རྩི་སོགས་རྒྱས་བསྡུས་ཕྱེ་ཏེ་བཤམ་ཚུལ་འོག་ནས་གསལ། མདུན་དུ་མར་ཁུའི་སྣོད་དང་དགང་གཟར་རྡོ་དྲིལ་བཞག །འདི་ཕྱིན་མར་མཆོད་སོགས་བསྲེག་མཆོད་ཀྱི་རྫས་རྣམས་ཕྱོགས་མདོག་ཡིན་པས་འགྲེ་སྟེ། མེ་ཐབ་ཀྱི་ཤར་དུ་དངུལ་གཞོང་ལ་ཞི་བའི་གཏོར་མ། ཡམ་ཤིང་། ཏིལ། ཀུ་ཤ །ཟས་མཆོག །སྨན་སྣ། ཡུངས་ཀར། རྫས་སྤུང་། ཉེར་སྤྱོད་བཅས་བཤམ་པ་ཁ་དོག་དཀར་པོ་བྱ། ལྷོར་གསེར་སྣོད་དུ་རྒྱས་པའི་གཏོར་མ། ཡམ་ཤིང་། དཱུར་བ། འབྲས། གྲོ། ནས། དཀར་གསུམ་སྦག་པའི་ཟས་མཆོག །ཤིང་ཐོག །རིན་ཆེན་སྣ་ཚོགས། རྫས་སྤུང་། ཉེར་སྤྱོད་བཅས་སེར་པོར་བསྒྱུར་བ་བཤམ་མོ། །ནུབ་ཏུ་ཟངས་གཞོང་ལ་དབང་གི་གཏོར་མ། ཡམ་ཤིང་། སོ་བ། སྲན་མ། མངར་གསུམ་སྦགས་པའི་ཟས་མཆོག་ཆང་ལུམ། མེ་ཏོག་དམར་པོ། ལན་ཚྭ་དང་ཆང་གིས་སྦགས་པའི་ཤིང་ཐོག །རྫས་སྤུང་། ཉེར་སྤྱོད་བཅས་དམར་པོའོ། །བྱང་དུ་ལྕགས་སྣོད་ལ་དྲག་པོའི་གཏོར་མ།
ཡམ་ཤིང་། ཚིལ་ཞུན། འབྲུ་ནག །ལིང་ཆུང་། ཤ་དུམ། གཏོར་ཆུང་། ཐུན་རྫས་ཀེ་ཤང་། ཁྲག་ཆང་། རྫས་སྤུང་། ཉེར་སྤྱོད་རྣམས་ནག་པོ་བྱེད་དེ་བཤམ་པར་བྱའོ། །གཏོར་འབུལ་བསྡུས་སྐབས་ལས་བཞི་ཁྲོས་གཏོར་དང་ལྷན་དུ་བཤམ་པས་མཐུས་སོ། །གཉིས་པ་ནི། གཅོད་ཚོགས་བསྐང་བའི་བར་འདོན་པའམ་ལུས་སྦྱིན་གྲངས་མང་མཐར་རང་གདན་ལ་འཁོད་དེ་དབུ་རྒྱན་གྱོན། མེད་ཀྱང་རུང་། མདུན་དུ་དྲག་སྣོད་ལ་ལིངྒ་རྒྱས་ན་ཤོག་ལིང་བཏུབ་རྒྱུ་ཆེ་བ་གཅིག་དང་ལིང་ཆུང་བརྒྱ་རྩ་བརྒྱད་འབྲི་ཤོག་ལིང་མེད་ཀྱང་ཆོག །ཐ་མ་ལིང་ཆུང་གི་པར་མེད་ན་ཟན་ལིང་ཆེ་བ་གཅིག་བྱས་ཏེ་གཏུབ་ཆོག་པས་ཁྲག་གམ་ཕུད་རྒོད་ཀྱིས་བྲན་ལ། རང་ཉིད་སྐད་ཅིག་གིས་སངས་རྒྱས་མཁའ་འགྲོ་མའི་སྐུར་གྱུར། ཕཊ། སྒྲ་དང་ཌཱ་དྲིལ་རྐང་གླིང་བཅས། ཕཊ། གཞི་དབྱིངས་མ་བཅོས་རིག་པའི་འགྱུར་གདངས་ལས། །དྭངས་པའི་མཚོ་ལས་རླབས་ཆེན་འཕར་བ་ལྟར། །སྐད་ཅིག་རང་ཉིད་སྙིང་རྗེ་ཁྲོས་མའི་སྐུ། །ཁམས་གསུམ་དབང་དུ་བྱེད་པའི་དཔའ་མོར་གྱུར། །ཕཊ། ཕཊ། དུག་གསུམ་ལས་
ལས་གྲུབ་པའི་བཙོན་ཁང་ནག །གྲུ་གསུམ་གཏིང་ཟབ་ང་རྒྱལ་རི་བོ་ཉིལ། །ཕྲག་དོག་མཚོན་ཆའི་ཆར་འབེབ་དེ་ཡི་ནང་། །མ་རིག་དགྲ་བགེགས་ཉམ་ཐག་གཟུགས་སུ་གསལ། །ཕཊ། ན་མོ། སངས་རྒྱས་ཆོས་དང་མཆོག་གསུམ་དགེ་འདུན་སྡེ། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་དང་། །ཡི་དམ་རྒྱུད་སྡེ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དཔལ་མགོན་སྣང་སྲིད་ལྷ་འདྲེའི་བཀའ་བདེན་དང་། །ཆོས་ཉིད་ཆོས་ཅན་རྟེན་འབྲེལ་མི་སླུ་བའི། །བདེན་པ་ཆེན་པོས་རང་གཞན་འགྲོ་ཀུན་གྱི། །རྒྱུད་ལ་འཁྲིས་པའི་དུག་ལྔའི་བག་ཆགས་གདོན། །དེས་བསྐྱེད་ཕྱི་ནང་གསང་བའི་བགེགས་རིགས་དང་། །དྲེགས་ཚོགས་འབྱུང་པོ་བྱད་མ་འདྲེ་དང་བཅས། །དམིགས་པའི་རྟེན་འདིར་ད་ལྟ་ཉིད་དུ་ཁུག །ཕཊ། ཕཊ། ཕཊ། ལན་གསུམ་གྱིས་བཀུག་ལ། ལྷན་སྐྱེས་ཡེ་ཤེས་ཁྲོས་མའི་ཆོ་འཕྲུལ་ཆེ། །བྱམས་
དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། །ཕྱག་རྒྱས་འགུགས་འཆིང་སྡོམ་མྱོས་ལྷ་དང་ཕྱེས། །ཉམ་ཐག་སྙིང་རྗེ་ཆེན་པོའི་གནས་སུ་གྱུར། །ཛཿཧཱུྃ་བཾ་ཧོཿ ཕཊ། ཕཊ། ཧཱུྃ། དབྱིངས་ཀྱི་ཁྲོ་མོས་གཅོད་བྱེད་རྡོ་རྗེའི་མཚོན། །འབར་བའི་གྲི་གུག་རྔམ་པས་བཏབ་པའི་མཐུས། །ལས་ངན་སྒྲིབ་སྦྱངས་ཚེ་བསོད་བདག་ལ་འདུས། །རྣམ་ཤེས་རྒྱལ་བའི་ཡུམ་གྱི་ཐུགས་ཀར་འཕོས། །སླར་ཡང་མ་རིག་ཚང་ཚིང་ཕུང་པོའི་ཆ། །རྣོ་ངར་རིག་པའི་མཚོན་ཆས་གཏུབ་ཅིང་གཞིབ། །ༀ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། །ཟད་མེད་ཡེ་ཤེས་མཆོག་གི་རྫས་སུ་གྱུར། །ཕཊ། ཕཊ། ཕཊ། གྲི་གུག་གིས་ལིང་ཆུང་གཏུབ་ཚུལ་བྱ། ཤོག་ལིང་གཏུབ། ཟན་ལིང་ཡིན་ན་བརྒྱ་རྩ་བརྒྱད་གཏུབ་ཅིང་བདུད་རྩི་བྲན་ལ་ཀརྨ་མཁའ་འགྲོའི་བསྲེག་རྫས་རྣམས་ཀྱི་ནང་དུ་ཅུང་ཟད་བསྲེ། དེ་ནས་བདུད་རྩིས་མཆོད་རྫས་ཐམས་ཅད་བྲན་ལ། ༀ་ཀརྨ་ཌཱ་ཀཱི་ནཱི་ཧཱུཾ་ཕཊ། སྭ་བྷཱ་ཝས་སྦྱང་། སྟོང་
པའི་ངང་ལས་རིན་པོ་ཆེ་ཡི་སྣོད་རྣམས་སུ་ཞི་རྒྱས་དབང་དྲག་གི་བསྲེག་རྫས་དང་མཆོད་རྫས་རྣམས་ཟག་མེད་བདུད་རྩིའི་རང་བཞིན། རང་གཞན་གྱི་ཀུན་གཞི་མ་རིག་པའི་རྒྱུད་ལ་འཁྲིས་པའི་ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་སེར་སྣ་རློམ་སེམས་དང་གནོད་སེམས་སོགས་རྒྱུ་ཉོན་མོངས་པའི་བསམ་སྦྱོར་དང་། ནད་མུག་འཁྲུལ་རྟོག་དགྲ་གདོན་དྲེགས་ཚོགས་ཐམས་ཅད་ཞི་ཞིང་། ཚེ་དཔལ་ཡེ་ཤེས་ཡོན་ཏན་རྒྱས་པ། རླུང་ཐིག་སྣང་སེམས་དབང་དུ་བྱེད་པ། དགྲ་འདྲེ་བྱད་གསུམ་གྱི་ཚེ་བསོད་ལུས་སྲོག་གི་ངོ་བོ་མིང་གཟུགས་ཤ་ཁྲག་གི་དངོས་པོ་གཙང་ཞིང་དགེ་བ་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་གྱུར། ཐུན་མོང་དུ། ༀ་ཨཱཿཧཱུྃ། ལན་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། དྲག་རྫས་ལ། ༀ་མ་ཧཱ་མཾ་ས་རཀྟ་བ་ལིངྟ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། དེ་ནས་སློབ་དཔོན་གྱིས་རིམ་
པར་རྡོ་རྗེ་གསོར། དྲིལ་བུ་གསིལ། དགང་གཟར་འཁྱུད་རྒྱ་བཅས། ཕཊ། རང་ལུས་ཁྲོས་མའི་གསལ་སྣང་ལྷ་སྐུར་དག །ཕྱག་གཡས་ཐབས་མཆོག་རྡོ་རྗེ་ཐུགས་སུ་རྫོགས། །ཕྱག་གཡོན་ཤེས་རབ་དྲིལ་དབྱངས་གསུང་དུ་སྨིན། །འཁྱུད་རྒྱས་ཟུང་འཇུག་ལས་བཞིའི་དཔལ་ཐོབ་གྱུར། །ཕཊ། ཕཊ། རྡོར་དྲིལ་དང་དགང་གཟར་ཁ་སྦྱར་བའམ་མེད་ན་དགང་གཟར་ཁ་སྦྱར་བའི་ཕྱག་རྒྱས་རེག་ཅིང་། ཨོཾ་ཨཱཿཧཱུྃ། ཨོཾ་ཋཿཋཿཋཿཋཿཋཿཋཿཋཿ ཞེས་མཆོད་རྫས་ཐམས་ཅད་རེག །ཨོཾ་སྭཱ་ཧཱ། ཞེས་ཐམས་ཅད་ལ་རེག་པས་བཀྲུས་པར་བསམ། ཨོཾ་ཤྲིཾ་སྭཱ་ཧྭ། ཞེས་ཡཾ་ཤིང་ལ་རེག །ཨོཾ་ཨཱཿསྭཱ་ཧཱ། ཞེས་མར་ཁུ་ལ་རེག །ཨོཾ་ཛྲཱིཾ་སྭཱ་ཧཱ། ཞེས་འབྲུ་ཐམས་ཅད་ལ་རེག །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་རྫས་གཞན་ཐམས་ཅད་ལ་རེག་གོ །ཌཱ་དྲིལ་འཆམ་སྟབས་ཀྱིས་ཐབ་བསྐོར་ལ། ཀྱེ། ཁྱབ་གདལ་གཉུག་མ་ཡུམ་ཆེན་མོ། །མཚན་དཔེའི་ལང་ཚོ་ལབ་སྒྲོན་མཚན། །སྙན་བརྒྱུད་བརྡ་དཀྲོལ་བདེ་སྐྱོང་བཟང་། །མི་མངོན་དབྱིངས་ནས་འདིར་
གཤེགས་གསོལ། །བདག་ཅག་སྐལ་ལྡན་སློབ་འབངས་ལ། །སྙན་བརྒྱུད་བརྡ་ཡི་དབང་མཆོག་སྐུར། །དོན་བརྒྱུད་དགོངས་པའི་བྱིན་ཆེན་ཕོབ། །ས་འདི་བྱིན་གྱིས་བརླབ་པར་མཛོད། །ཧཱུྃ། འོག་མིན་ཤར་ཕྱོགས་ཞིང་ཁམས་ནས། །རྡོ་རྗེ་མཁའ་འགྲོ་ཞི་བའི་ཡུམ། །ཞི་བ་སྙིང་རྗེས་འདིར་གཤེགས་ལ། །དེ་རིང་མེ་མཆོད་ས་གཞི་འདི། །གཏུམ་དྲག་གནས་སུ་བྱིན་གྱིས་རློབས། །སྒྲིབ་གཉིས་བྱང་བའི་དངོས་གྲུབ་སྩོལ། །ཧཱུྃ། འོག་མིན་ལྷོ་ཕྱོགས་ཞིང་ཁམས་ནས། །རིན་ཆེན་མཁའ་འགྲོ་རྒྱས་པའི་ཡུམ། །བྱམས་ཆེན་བཞད་པས་འདིར་གཤེགས་ལ། །དེ་རིང་མེ་མཆོད་ས་གཞི་འདི། །གད་རྒྱངས་སྒྲོག་པར་བྱིན་གྱིས་རློབས། །ཚོགས་གཉིས་རྫོགས་པའི་དངོས་གྲུབ་སྩོལ། །ཧཱུྃ། འོག་མིན་ནུབ་ཕྱོགས་ཞིང་ཁམས་ནས། །པདྨ་མཁའ་འགྲོ་དབང་སྡུད་ཡུམ། །དགའ་ཆེན་ཆགས་པས་འདིར་
གཤེགས་ལ། །དེ་རིང་མེ་མཆོད་ས་གཞི་འདི། །འུར་འུར་འབར་བར་བྱིན་གྱིས་རློབས། །སྐུ་གཉིས་མངོན་འགྱུར་དངོས་གྲུབ་སྩོལ། །ཧཱུྃ། འོག་མིན་བྱང་ཕྱོགས་ཞིང་ཁམས་ནས། །ལས་ཀྱི་མཁའ་འགྲོ་སྒྲོལ་བའི་ཡུམ། །བཏང་སྙོམ་ཁྲོས་པས་འདིར་གཤེགས་ལ། །དེ་རིང་མེ་མཆོད་ས་གཞི་འདི། །ཀཱི་ལ་སྒྲོགས་པར་བྱིན་གྱིས་རློབས། །དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ། །ཧཱུྃ། དབུས་ཕྱོགས་གསང་བ་ཆེན་པོའི་གནས། །མེ་རི་འབར་བའི་ཞིང་ཁམས་ནས། །སངས་རྒྱས་མཁའ་འགྲོ་ཁྲོས་མ་ནག །ཡེ་ཤེས་ཐུགས་རྗེས་འདིར་གཤེགས་ལ། །དེ་རིང་མེ་མཆོད་ས་གཞི་འདི། །གསང་ཆེན་རོལ་པར་བྱིན་གྱིས་རློབས། །ཕྲག་དོག་བཀའ་ཆད་མ་མཛད་ཅིག །སྐུ་ལྔ་ལྷུན་འགྲུབ་དངོས་གྲུབ་སྩོལ། །ཕཊ། ཕཊ། ཕཊ། དེ་ནས་མགལ་ཆུང་ལྔ་ཐོགས་ལ་ཤིང་འཐུ་ཚུལ་བཅས་སྐོར་བ་བྱེད་ཅིང་། ཧཱུྃ། མེ་ལྷའི་ཡུལ་ནས་
ཤིང་འཐུ་མ། །དཀར་མོ་རྡོ་རྗེའི་གྲི་གུག་ཅན། །ཞེ་སྡང་ཁོང་ཁྲོའི་རྩ་བ་ཆོད། །བལ་བུ་ལ་ཕྱོགས་དུང་ཤིང་སྡུས། །སྡིག་སྒྲིབ་ཞི་བའི་མེ་སྦོར་ལ། །བར་གཅོད་ཞི་བའི་ཕྲིན་ལས་སྒྲུབས། །ཧཱུྃ། ཆུ་ལྷའི་ཡུལ་ནས་ཤིང་འཐུ་མ། །སེར་མོ་རིན་ཆེན་གྲི་གུག་ཅན། །སེར་སྣ་རློམ་སེམས་སྡོང་པོ་ཆོད། །ཡུང་བ་ལ་ཕྱོགས་གསེར་ཤིང་སྡུས། །ཚེ་དཔལ་རྒྱས་པའི་མེ་སྦོར་ལ། །མངའ་ཐང་དར་བའི་ཕྲིན་ལས་སྒྲུབས། །ཧཱུྃ། རླུང་ལྷའི་ཡུལ་ནས་ཤིང་འཐུ་མ། །དམར་མོ་པདྨའི་གྲི་གུག་ཅན། །འདོད་ཆགས་མིག་སེར་ལྕུག་ཕྲན་ཆོད། །ཙན་དན་ལ་སོགས་བྱུར་ཤིང་སྡུས། །སྣང་སེམས་དབང་སྡུད་མེ་སྦོར་ལ། །ཁམས་གསུམ་དབང་སྡུད་ཕྲིན་སྒྲུབས། །ཧཱུྃ། དབང་ལྡན་ཡུལ་ནས་ཤིང་འཐུ་མ། །ལྗང་མོ་རྒྱ་གྲམ་གྲི་གུག་ཅན། །ཕྲག་དོག་ང་རྒྱལ་ཡལ་ག་ཆོད། །སེང་ལྡེང་ལ་སོགས་གཡུ་ཤིང་སྡུས། །དུག་
གསུམ་ཚར་གཅོད་མེ་སྦོར་ལ། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་སྒྲུབས། །ཧཱུྃ། ལྷ་ཡི་ཡུལ་ནས་ཤིང་འཐུ་མ། །སྔོན་མོ་འཁོར་ལོའི་གྲི་གུག་ཅན། །གཏི་མུག་འཁྲུགས་པའི་ས་བོན་ཆོད། །དཔག་བསམ་བྱང་ཆུབ་ལྗོན་ཤིང་སྡུས། །ཡེ་ཤེས་ལྔ་ཡི་མེ་སྦོར་ལ། །ཁམས་ལྔ་རྣམ་དག་ཕྲིན་ལས་སྒྲུབས། །དེ་ནས་ཀུ་ཤ་ཐོགས་ལ། ༀ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་ཡི་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལ་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ༀ་བཛྲ་ས་ཏྭ་ཨཱཿ ཞེས་རྩེ་མོ་གཡས་སུ་བསྟན་ནས་ཁ་ཁྱེར་ལ་གཡས་སྐོར་དུ་བཀོད་དབུས་སུ་རྒྱ་གྲམ་གཅིག་བཞག་གོ། །དེ་ནས་མེ་རུ་ལྔའམ་གཅིག་ཐོགས་ལ། ཧཱུྃ། མ་གཅིག་ཡུམ་ཆེན་སྤྲུལ་པའི་ཌཱ་ཀཱི་ནཱི། །དཀར་སེར་དམར་ལྗང་མཐིང་གསལ་སྦུད་རུ་མཆུ། །ཁ་བརྒྱས་མེ་སྦར་ལག་བརྒྱས་མགལ་
བ་སྒུལ། །ཡེ་ཤེས་ལྔ་ལྡན་ཞུགས་སྟོང་སྦར་བར་མཛོད། །ཧ་ཤནྟིཾ་ཀུ་རུ་ཡེ་ཛྭ་ལ་རཾ། རི་པུཥྚིཾ་ཀུ་རུ་ཡེ་ཛྭ་ལ་རཾ། ནི་ཝ་ཤང་ཀུ་རུ་ཡེ་ཛྭ་ལ་རཾ། ས་མཱ་ར་ཡ་ཡེ་ཛྭ་ལ་ཛྭ་རཾ། ཨ་ཛྙཱ་ན་ཛྭ་ལ་རཾཾ། ཞེས་སྔགས་ཚིག་ལྟར་ཕྱོགས་བཞི་དབུས་ཀྱི་མེ་སྦར། མེ་དར་ལྔའམ་གཅིག་གང་ཡོད་གཡུག་ཅིང་སྐོར་བ་བཅས། ཧཱུྃ། མེ་ལོང་ཡེ་ཤེས་མེ་དཔུང་དཀར་གསལ་འདི། །ལས་བཞི་ཕུན་ཚོགས་མེ་མཆོད་མ་གྲུབ་བར། །ཤར་དུ་མ་འཕྲོ་ཤར་ལྷ་ཚེགས་དོགས་ཡོད། །ཞི་བའི་མེ་དར་སྤྲིན་དཀར་འདབ་མས་གཡབ། །ཧཱུྃ། མཉམ་ཉིད་ཡེ་ཤེས་མེ་དཔུང་འཁྱིལ་བ་འདི། །ལས་བཞི་ཕུན་ཚོགས་མེ་མཆོད་མ་གྲུབ་བར། །ལྷོ་རུ་མ་མཆེད་ལྷོ་ལྷ་ཞུ་ཉེན་ཡོད། །རྒྱས་པའི་མེ་དར་གསེར་སྦྱངས་འདབ་མས་གཡབ། །ཧཱུྃ། སོར་རྟོགས་ཡེ་ཤེས་མེ་དཔུང་འཁྱུག་པ་འདི། །ལས་བཞི་ཕུན་ཚོགས་མེ་མཆོད་མ་གྲུབ་བར། །ནུབ་ཏུ་མ་འཕྲོ་ནུབ་ལྷ་འབར་
ཉེན་ཡོད། །དབང་སྡུད་མེ་དར་མཚམས་སྤྲིན་འདབ་མས་གཡབ། །ཧཱུྃ། བྱ་གྲུབ་ཡེ་ཤེས་མེ་དཔུང་འཁྲུག་པ་འདི། །ལས་བཞི་ཕུན་ཚོགས་མེ་མཆོད་མ་གྲུབ་བར། །བྱང་དུ་མ་འཕྲོ་བྱང་ལྷ་སྲེག་དོགས་ཡོད། །དྲག་པོའི་མེ་དར་གཡུ་ལྗང་འདབ་མས་གཡབ། །ཧཱུྃ། ཆོས་དབྱིངས་ཡེ་ཤེས་མེ་དཔུང་ཀུན་ཁྱབ་འདི། །ལས་བཞི་ཕུན་ཚོགས་མེ་མཆོད་མ་གྲུབ་བར། །སྟེང་འོག་མ་གཡོ་གནམ་སའི་ལྷ་གཞོབ་སྲིད། །ཕུན་ཚོགས་མེ་དར་སྤྲིན་སྔོན་འདབ་མས་གཡབ། །ༀ་ཨཱཿཧཱུྃ། གཉིས་པ་བསྡུ་ན་གོང་གསལ་ས་སློང་བཅའ་བཤམ་མཆོད་རླབས་གྲུབ་མཚམས། ཛྭ་ལ་རཾ། ཞེས་ཤར་ལྷོ་ནས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ། གིས་ནུབ་བྱང་ནས་རླུང་གཡབ་བོ། །གཉིས་པ་དངོས་གཞི་ལ་གཉིས། མེ་མཆོད་དང་མགྲོན་མཆོད་དོ། །དང་པོ་ནི། ཐབ་ལ། ལས་ཆུ་ཐོད་པའི་བདུད་རྩི་འཐོར་གྱིན། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་
ངང་ལས་མེ་རི་འཁོར་ལོ་རྡོ་རྗེ་དུར་ཁྲོད་བརྒྱད་ཀྱིས་རིམ་པར་བསྐོར་བའི་ནང་དུ་དྲག་པོའི་མེ་ཐབ་ཟུར་གསུམ་ནག་པོ་ཁ་ཁྱེར་རལ་གྲིས་མཚན་པ། དེའི་ནང་དུ་རྒྱས་པའི་མེ་ཐབ་སེར་པོ་གྲུ་བཞི་ཁ་ཁྱེར་རིན་པོ་ཆེ་སེར་པོས་མཚན་པ། དེའི་ནང་དུ་ཞི་བའི་མེ་ཐབ་དཀར་པོ་ཟླུམ་པོ་ཁ་ཁྱེར་རྡོ་རྗེ་དཀར་པོས་མཚན་པ། དེའི་ནང་དུ་དབང་གི་མེ་ཐབ་ཟླ་གམ་དམར་པོ་ཁ་ཁྱེར་ལྕགས་ཀྱུས་མཚན་པ། དེའི་ནང་དུ་ཆོས་འབྱུང་དམར་ནག་བསྣོལ་མ་ཟུར་དྲུག་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ། ལས་བཞི་ལྷུན་གྲུབ་གྱི་ཐབ་དཀྱིལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་གོས་དཀར་མོའི་ངོ་བོ་ཞི་བའི་མེ་དཀར་གསལ་ལམ་ལམ་འབར་བ། རྒྱས་པའི་མེ་སེར་གསལ་ཕྱོགས་ཀུན་ཏུ་ཆིལ་ཆིལ་འཁྱིལ་བ། དབང་གི་མེ་དམར་གསལ་ཕྱོགས་ཀུན་
ཏུ་ཁྱུག་ཁྱུག་འཁྱུག་པ། དྲག་པོའི་མེ་དམར་ནག་ཕྱོགས་ཀུན་ཏུ་འུར་འུར་འབར་ཞིང་ཆོས་དབྱིངས་མཐིང་གསལ་གྱི་མེ་ཀུན་ཏུ་ཁྱབ་པ་དང་དབྱེར་མེད་པ་ཆོས་འབྱུང་ཟུར་དྲུག་གི་ནང་དུ། པྃ་ལས་པདྨའི་ཟེའུ་འབྲུར་རྃ་ལས་ཉི་མའི་སྟེང་དུ། བྃ་མཐིང་ག་ཡོངས་སུ་གྱུར་པ་ལས་མ་གཅིག་སངས་རྒྱས་མཁའ་འགྲོ་སྐུ་མདོག་མཐིང་ག་དབང་སྔོན་ལྷུན་པོར་ཉི་འོད་ཀྱིས་འཁྱུད་པ་ལྟ་བུ་ཞལ་གཅིག་ཁྲོས་རྔམ་གྱི་ཉམས་ཅན་ཕྱག་གཡས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་ཀ་པཱ་ལ་ཤ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། རུས་པའི་ཁ་ཊྭཱྃ་ག་མི་མགོ་སྐམ་རློན་རྙིང་གསུམ་གྱིས་མཛེས་པ་མཆན་ཁུང་ན་ཡར་བསྒྲེངས་པ། སྤྱན་གསུམ་དབྱིངས་སུ་གཟིགས་པ། རལ་པའི་ཟར་བུ་གྱེན་དུ་བཅིངས་ཤིང་ལྷག་མ་ཐུར་དུ་གྲོལ་བ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་ཆ་ལྔས་བརྒྱན་
ཅིང་ཞབས་བརྐྱངས་བསྐུམ་གར་སྟབས་ཀྱིས་བཞེངས་པ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར་མོ་ཞལ་གཅིག་ཞི་འཛུམ་ལྟ་བས་མི་ངོམ་པ། ཕྱག་གཡས་པས་རྡོ་རྗེའི་གྲི་གུག་དང་། གཡོན་བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང་རྡོ་རྗེའི་དབྱུག་པ་དར་དཀར་པོའི་ཅོད་པན་ཅན་མཆན་དུ་བསྒྲེངས་པ། དར་དང་རིན་པོ་ཆེའི་རྒྱན་དཀར་གསལ་དྲི་མ་མེད་པ་བགོས་ཤིང་སྙིང་རྗེ་ཆེན་པོའི་ཐུགས་རབ་ཏུ་ཞི་བ། པད་འདབ་ཀྱི་ཟླ་གདན་ལ་ཞབས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་བཞེངས་པ། ལྷོ་རུ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་སྐུ་ཤ་ཤིན་ཏུ་རྒྱས་ཤིང་ཞལ་གཅིག་ལྟ་བས་མི་ངོམ་པ། ཕྱག་གཡས་རིན་པོ་ཆེའི་གྲི་གུག་དང་གཡོན་བདུད་རྩིས་གང་བའི་ཐོད་པ་འཛིན་པ། རིན་པོ་ཆེའི་དབྱུག་པ་ནོར་བུའི་འཕན་ཚར་དང་འཕྱང་འཕྲུལ་ཅན་མཆན་དུ་བསྒྲེངས་
པ། དར་དང་རིན་པོ་ཆེའི་རྒྱན་སེར་གསལ་སྣུམ་བག་ཆགས་པ་བགོས་ཤིང་བྱམས་པ་ཆེན་པོའི་ཐུགས་རབ་ཏུ་རྒྱས་པའི་ངང་ཚུལ་གྱིས་པད་འདབ་དང་ཟླ་གདན་ལ་ཞབས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་བཞེངས་པ། ནུབ་ཏུ་པདྨ་མཁའ་འགྲོ་ཞལ་གཅིག་མཛེས་པའི་བཞིན་རས་ལྟ་བས་མི་ངོམ་པ། ཕྱག་གཡས་པདྨའི་གྲི་གུག་དང་གཡོན་ཆང་གིས་གང་བའི་ཐོད་པ་འཛིན་ཅིང་ཟངས་ཀྱི་ལྕགས་ཀྱུ་མེ་ཏོག་དང་ཌཱ་རུ་གཡེར་ཁའི་རྒྱན་ལྡན་མཆན་དུ་བསྒྲེངས་པ། དར་དང་མེ་ཏོག་རིན་པོ་ཆེའི་རྒྱན་དམར་གསལ་འོད་འབར་བ་བགོས་ཤིང་དགའ་བ་ཆེན་པོའི་ཐུགས་རབ་ཏུ་ཆགས་པའི་ངང་ཚུལ་གྱིས་པད་འདབ་དང་ཉི་གདན་ལ་ཞབས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་བཞེངས་པ། བྱང་དུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་ནག་ཞལ་གཅིག་ཁྲོས་པའི་ཉམས་ཅན་འཇིགས་སུ་རུང་བ།
ཕྱག་གཡས་རལ་གྲིའི་གྲི་གུག་དང་གཡོན་ཤ་ཁྲག་གིས་གང་བའི་ཐོད་རློན་འཛིན་ཅིང་མི་མགོ་སྐམ་རློན་རྙིང་གསུམ་གྱིས་མཛེས་པའི་ཁ་ཊྭཱྃ་ག་མཆན་དུ་བསྒྲེངས་པ། དར་དང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བགོས་ཤིང་བཏང་སྙོམས་ཆེན་པོའི་ཐུགས་རབ་ཏུ་ཁྲོས་པའི་ངང་ཚུལ་གྱིས་པད་ཉིའི་གདན་ལ་ཞབས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་བཞེངས་པ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། གཙོ་མོ་སངས་རྒྱས་མཁའ་འགྲོ། པདྨ་མཁའ་འགྲོ། ཀརྨ་མཁའ་འགྲོ་རྣམས་ཀྱི་ཐུགས་དབུས་ཉི་དཀྱིལ་ལ་བྃ་མཐིང་ག །ནི་དམར་པོ། ས་ལྗང་གུ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ་ཟུང་གི་ཐུགས་དབུས་ཟླ་དཀྱིལ་ལ་ཧ་དཀར་པོ། རི་སེར་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོན་མིན་གྱི་དབྱིངས་དང་གནས་
གསུམ་མཁའ་འགྲོའི་ཞིང་ནས་བསྒོམས་པ་ལྟ་བུའི་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ལ་རང་རང་གི་རིགས་མཐུན་གྱི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས། བྃ་བུདྡྷ་ཌཱ་ཀི་ནཱི་ཀྲོ་དྷི་ཀཱ་ལཱི་ཧ་རི་ནི་ས་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བྱོན་སྐྱེམས་མཆོད་ཡོན་དབུལ། ཨོཾ་བྃ་ཧ་རི་ནི་ས་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སརྦ་སིདྡྷི་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་ལན་བདུན་གྱིས་བྱོན་ཟན་མར་ཁུ་དབུལ། ཧྲཱིཿ འཁོར་འདས་མ་ལུས་སྐྱེད་པའི་ཡུམ། །སངས་རྒྱས་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུག་མཆོད་པ་བཞེས་སླད་དུ། །ཐུགས་རྗེ་ཁྲོས་པའི་ངང་ཚུལ་བཅས། །ཕུན་ཚོགས་ལས་འདིར་དགོངས་སུ་སོལ། །དགང་བླུག་ཁ་ལ་བྃ་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་
མེ་ལྕེ་མཐིང་གསལ་ཀློང་། །ཨོཾ་ཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་ཕུན་ཚོགས་ལས་མཛད་གྱུར། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བྃ་བུདྡྷ་ཌཱ་ཀི་ནཱི་ཀྲོ་དྷི་ཀཱ་ལཱི་ས་པཱ་རི་ཝཱ་ར་གཅིག་གིས་སྣ་དྲངས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། བརྒྱའམ་ཉེར་གཅིག་སོགས་ཀྱིས་མར་ཁུ་ཕུལ་ལ། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོ། །བྱང་ཆུབ་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །མཆོག་དངོས་ཚེ་འདིར་འགྲུབ་པའི་གཞི་ཚུགས་ཤིག །བྃ་བུདྡྷ་ཌཱ་ཀི་ནཱི་ཀྲོ་དྷི་ཀཱ་ལཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཏིལ་དཀར་ནག་འབུལ། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་
མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོའི། །སྡིག་སྒྲིབ་ནད་གདོན་བར་ཆད་ཞི་བ་དང་། །བསམ་སྦྱོར་ཆོས་མཐུན་འགྲུབ་པའི་གཞི་ཚུགས་ཤིག །བྃ་བུདྡྷ་ཌཱ་ཀི་ནཱི་ཀྲོ་དྷི་ཀཱ་ལཱི་ས་པཱ་རི་ཝཱ་ར། ཨོཾ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ། ཡམ་ཤིང་འབུལ། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོའི། །ཚེ་བསོད་དབང་ཐང་རླུང་རྟ་སྙན་གྲགས་དཔལ། །ཡེ་ཤེས་ཡོན་ཏན་རྒྱས་པའི་གཞི་ཚུགས་ཤིག །བྃ་བུདྡྷ་ཌཱ་ཀི་ནཱི་ཀྲོ་དྷི་ཀཱ་ལཱི་
ས་པཱ་རི་ཝཱ་ར། ཨོཾ་ར་ག་པུཥྤེ་ཡེ་སྭཱ་ཧཱ། མེ་ཏོག་རིགས་རྣམས། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོའི། །སྲིད་གསུམ་ལྷ་མིའི་མོས་བློ་ཆོས་ལ་སྒྱུར། །ཐིག་རླུང་དབུ་མར་འདུས་པའི་གཞི་ཚུགས་ཤིག །བྃ་བུདྡྷ་ཌཱ་ཀི་ནཱི་ཀྲོ་དྷི་ཀཱ་ལཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཥྚན་རཱུ་པ་མཱ་ར་ཡ་ཕཊ་སྭཱ་ཧཱ། ལིང་ཆུང་འབུལ། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོའི། །ཚེ་དཔལ་རླུང་རྟ་བྱང་ཆུབ་སྒྲུབ་པ་ལ། །གནོད་བྱེད་དགྲ་བགེགས་ཚར་གཅོད་གཞི་ཚུགས་ཤིག །ཅེས་འདོད་དོན་གསོལ། བསྟོད་པ་ནི། དཔལ་ལྡན་སངས་རྒྱས་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་ཡེ་ཤེས་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཕྱིར། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཞི་བར། ཧྲཱིཿ འཁོར་འདས་མ་ལུས་སྐྱེད་པའི་ཡུམ། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུག་མཆོད་པ་བཞེས་སླད་དུ། །
སྙིང་རྗེ་ཞི་བའི་ངང་ཚུལ་བཅས། །ཞི་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུག་ཁ་ལ་ཧ་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་དཀར་པོའི་ཀློང་། །ཧཱུྃ་ཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་ཞི་བའི་ལས་མཛད་གྱུར། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་མཆོད། ཞི་བའི་ལྷ་སྔགས། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར་ལན་གཅིག་གིས་སྣ་དྲངས་ཏེ། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ་ལ། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །ཞི་མཛད་རྡོ་རྗེ་མཁའ་འགྲོ་མ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །
བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཕཊ། ཕཊ། ཕཊ། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་ཤྲཱི་སརྦ་ཤནྟིཾ་སྭཱ་ཧཱ། མར་ཁུ། འདོད་གསོལ་བསྡུ་ན། ཧོ། མེ་ལྷ་ཞི་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །བསྲེག་བཞེས་བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས་ཀུན་ཞི། །ཕན་བདེའི་སེམས་སྐྱེས་གཏན་བདེའི་གཞི་ཚུགས་ཤིག །ཕཊ། ཕཊ། ཕཊ། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཿཁ་ཤནྟིཾ་སྭཱ་ཧཱ། ཏིལ། འདོད་གསོལ། ཧོ། མེ་ལྷ་ཞི་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །བསྲེག་བཞེས་བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས་ཀུན་ཞི། །ཕན་བདེའི་སེམས་སྐྱེས་གཏན་བདེའི་གཞི་ཚུགས་ཤིག །ཕཊ།
ཕཊ། ཕཊ། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སརྦ་ཤནྟིཾ་སྭཱ་ཧཱ། ཀུ་ཤ །འདོད་གསོལ། ཧོ། མེ་ལྷ་ཞི་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །བསྲེག་བཞེས་བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས་ཀུན་ཞི། །ཕན་བདེའི་སེམས་སྐྱེས་གཏན་བདེའི་གཞི་ཚུགས་ཤིག །ཕཊ། ཕཊ། ཕཊ། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་སྭཱ་ཧཱ། ཞོ་ཟན། འདོད་གསོལ། ཧོ། མེ་ལྷ་ཞི་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །བསྲེག་བཞེས་བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས་ཀུན་ཞི། །ཕན་བདེའི་སེམས་སྐྱེས་གཏན་བདེའི་གཞི་ཚུགས་ཤིག །ཕཊ། ཕཊ། ཕཊ། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་རོ་ག་ཤཱནྟིཾ་སྭཱ་ཧཱ། སྨན། འདོད་གསོལ། ཧོ། མེ་ལྷ་ཞི་མཛད་མཁའ་
འགྲོ་འཁོར་བཅས་ཀྱིས། །བསྲེག་བཞེས་བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས་ཀུན་ཞི། །ཕན་བདེའི་སེམས་སྐྱེས་གཏན་བདེའི་གཞི་ཚུགས་ཤིག །ཕཊ། ཕཊ། ཕཊ། པཱྃ་ར་ག་ར་ཏི་ཧ་བཛྲ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་ཤ་ཏྲུཾ་བིགྷྣན་ཤཱནྟིཾ་སྭཱ་ཧཱ། ཡུངས་ཀར་རྣམས་ཕུལ། འདོད་གསོལ། ཧོ། མེ་ལྷ་ཞི་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །བསྲེག་བཞེས་བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས་ཀུན་ཞི། །ཕན་བདེའི་སེམས་སྐྱེས་གཏན་བདེའི་གཞི་ཚུགས་ཤིག །ཕཊ། ཕཊ། ཕཊ། ཨོཾ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཡེ་ཤཱནྟིཾ་སྭཱ་ཧཱ། རྫས་སྤུང་མཆོད་ནས། ཧོ། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་བཅོམ་ལྡན་འདས་མ་གོས་དཀར་མོ། །ཞི་མཛད་རྡོ་རྗེ་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་བདུད་རྩིའི་སྲེག་བླུག་འདི་
བཞེས་ལ། །མིག་ནད་ཅན་གྱི་རབ་རིབ་ཇི་བཞིན་པར། །བདག་གཞན་འགྲོ་བའི་ཀུན་འབྱུང་ངར་འཛིན་གྱིས། །བསྐྱེད་པའི་ཞེ་སྡང་ཕྲག་དོག་གནོད་སེམས་སོགས། །དུག་ལྔའི་འཁྲུལ་རྟོག་ཉེས་ལྟུང་སྡིག་སྒྲིབ་དང་། །ནད་གདོན་རྐྱེན་ངན་དམ་ཆོས་སྒྲུབ་པའི་གེགས། །སྣོད་བཅུད་ཉམས་རྒུད་ཕྱི་ནང་འཁྲུག་རྩོད་རིགས། །བདུད་བཞིའི་ཆོ་འཕྲུལ་ངན་སོང་དུཿཁ་སོགས། །གློ་བུར་སྣང་བའི་མི་མཐུན་རྟོག་ངན་ཀུན། །ཡེ་གྲོལ་འདུས་མ་བྱས་པའི་དབྱིངས་སུ་ཞི། །ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་མཐོང་ནས། །གཉིས་སྣང་རྟོག་པའི་དྲི་མ་རང་སར་དག །བྱང་ཆུབ་སེམས་ཀྱིས་སྨིན་ཅིང་གྲོལ་བ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་མཛོད། །སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཕཊ། ཕཊ། ཕཊ། ཧྲཱིཿ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་
གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་ཡེ་ཤེས་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཕྱིར། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །རྒྱས་པར། ཧྲཱིཿ འཁོར་འདས་མ་ལུས་སྐྱེད་པའི་ཡུམ། །རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུག་མཆོད་པ་བཞེས་སླད་དུ། །བྱམས་ཤིང་རྒྱས་པའི་ངང་ཚུལ་བཅས། །རྒྱས་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུག་ཁ་ལ་རི་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་སེར་པོའི་ཀློང་། །ཏྲཱྃ་ཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་རྒྱས་པའི་ལས་མཛད་གྱུར། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ།
ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་མཆོད། པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར་གཅིག་གིས་སྣ་དྲངས། ཨོཾ་དེ་ཝ་བྲིཀྵ་ཡེ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ། ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་ཤྲཱི་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་
འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་བཛྲ་ཨཱ་ཡུ་ཥེ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། དཱུར་བ། ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་བཛྲ་པུཥྚ་ཡ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། འབྲས། ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །
མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་བཛྲ་གྷསྨ་རི་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། གྲོ། ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་མ་ཧཱ་བེ་གཱ་ཡ་སརྦ་ཨཱ་ཡུཿ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ནས། ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །
པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦྷ་དེ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཟས་མཆོག །ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་པུ་ར་ཀ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཤིང་ཐོག །ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་རི་རཏྣ་ཌཱ་ཀི་ནཱི་ས་པཱ་
རི་ཝཱ་ར། ཨོཾ་སརྦ་རཏྣ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། རིན་ཆེན་སྣ་ཚོགས་འབུལ། ཧོ། གཟི་བརྗིད་དང་ལྡན་མེ་ལྷ་གོས་དཀར་མོ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་སརྦ་པཱུ་ཛ་སརྦ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། རྫས་སྤུང་མཆོད་ནས། ཧོ། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་གོས་དཀར་ལྷ་མོ་འབར་ཞིང་འཁྱིལ། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་བདུད་རྩིའི་སྲེག་བླུག་འདི་བཞེས་ལ། །བདག་སོགས་འཁྲུལ་པའི་སེམས་ཅན་ཐམས་ཅད་ཀུན། །དངོས་པོར་ཞེན་ཅིང་འཆིང་བའི་ཆགས་སེམས་དང་། །སེར་སྣ་བསྲིས་འཕོངས་ང་རྒྱལ་དེས་བསྐྱེད་པའི། །འབྲས་བུ་ཡི་
དྭགས་དབུལ་འཕོངས་སྡུལ་བསྔལ་རིགས། །མྱུར་དུ་ཞི་ཞིང་ཚོགས་གཉིས་བསགས་པའི་རྒྱུས། །ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་དང་། །མངའ་ཐང་གཟི་བརྗིད་སྙན་གྲགས་ལ་སོགས་པ། །འགྲོ་བ་འདུལ་བའི་ཕྲིན་ལས་ཆེར་རྒྱས་ནས། །སྒྱུ་མ་ལྟ་བུའི་དོན་སྤྱོད་མཐའ་རུ་ཕྱིན། །མཉམ་ཉིད་ཡེ་ཤེས་མངོན་དུ་འགྱུར་བར་མཛོད། །སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཧྲཱིཿ དཔལ་ལྡན་རིན་ཆེན་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་ཡེ་ཤེས་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཕྱིར། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །དབང་ལ། ཧྲཱིཿ འཁོར་འདས་མ་ལུས་སྐྱེད་པའི་ཡུམ། །པདྨ་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་
བསྒྲུབ་ཕྱིར། །སྲེག་བླུག་མཆོད་པ་བཞེས་སླད་དུ། །དགའ་གདུང་ཆགས་པའི་ངང་ཚུལ་བཅས། །དབང་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུག་ཁ་ལ་ནི་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་དམར་པོའི་ཀློང་། །ཧྲཱིཿ ཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་དབང་གི་ལས་མཛད་གྱུར། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མཆོད། པཱྃ་ར་ག་ར་ཏི་ནི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར་ལན་གཅིག་གིས་སྣ་དྲངས། ཨོཾ་ར་ག་ར་ཏི་བྲིཀྵ་ཡེ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ་ལ། ཧོ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་
བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ནི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་ཤྲཱི་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། མར་ཁུ་ཕུལ། ཧོ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ནི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་བཛྲ་བི་ཛཱ་ཡ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། སོ་བ། ཧོ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་
པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ནི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་མ་ཧཱ་བ་ལ་ཡ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། སྲན་མ། ཧོ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ནི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཆང་ལུམ། ཧོ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་
འདུ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ནི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་རཱ་ག་པུཥྤེ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། མེ་ཏོག་དམར་པོ། ཧོ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་བཅས་ཀྱིས །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ནི་པདྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་པུ་ར་ཀ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ལན་ཚྭས་སྦགས་པའི་ཤིང་ཐོག་རྣམས་དབུལ། ཧོ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །དབང་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་སརྦ་པཱུ་ཛ་ཛྙཱ་ན་
ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། རྫས་སྤུང་ཕུལ་ཞིང་། ཧོ། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་གོས་དཀར་ལྷ་མོ་འབར་ཞིང་འཁྱུག །དབང་མཛད་པདྨ་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་བདུད་རྩིའི་སྲེག་བླུག་འདི་བཞེས་ལ། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །ཐོག་མེད་དུས་ནས་འདོད་ཆགས་ལ་སོགས་པའི། །ཉོན་མོངས་མི་དགེའི་རྒྱུ་རྐྱེན་དུ་གྱུར་པའི། །ལས་དང་འབྲས་བུ་བྱང་དག་སོར་ཆུད་ནས། །རླུང་ཐིག་སྣང་སེམས་ཡེ་ཤེས་རང་དབང་གྱུར། །བདེ་ཆེན་འཕོ་མེད་ས་ལ་དབང་འབྱོར་ཞིང་། །དངོས་དང་དངོས་མེད་སྣང་བ་ཟིལ་གྱིས་ནོན། །བླ་མེད་རྒྱལ་བའི་གོ་འཕང་ཆེན་པོ་རུ། །ཕྱམ་གཅིག་བགྲོད་པའི་དེད་དཔོན་བདག་གྱུར་ཏེ། །མོས་བཞིའི་སྣང་སྲིད་དབང་དུ་འདུ་བ་དང་། །སོ་སོར་རྟོག་པའི་ཡེ་ཤེས་མངོན་གྱུར་མཛོད། །སརྦ་ཝ་ཤང་
ཀུ་རུ་ཧོཿ ཕཊ། ཕཊ། ཕཊ། ཧྲཱིཿ དཔལ་ལྡན་པདྨ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་ཡེ་ཤེས་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཕྱིར། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །དྲག་པོར། ཧྲཱིཿ འཁོར་འདས་མ་ལུས་སྐྱེད་པའི་ཡུམ། །ལས་ཀྱི་མཁའ་འགྲོ་འཁོར་བཅས་ཀྱིས། །བདག་དང་གཞན་གྱི་དོན་བསྒྲུབ་ཕྱིར། །སྲེག་བླུག་མཆོད་པ་བཞེས་སླད་དུ། །བཏང་སྙོམས་ཁྲོས་པའི་ངང་ཚུལ་གྱིས། །དྲག་མཛད་ལས་འདིར་དགོངས་སུ་གསོལ། །དགང་བླུག་ཁ་ལ་ས་ཡིག་གསལ། །བསྲེག་རྫས་བདུད་རྩིའི་རང་བཞིན་ཉིད། །ལྗགས་ནི་མེ་ལྕེ་དམར་ནག་ཀློང་། །ཨཱཿཡིག་གིས་མཚན་སྦུབས་སུ་དྲངས། །མཉེས་ནས་དྲག་པོའི་ལས་མཛད་གྱུར། །
ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད། པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར་ལན་གཅིག་གིས་སྣ་དྲངས། ཨོཾ་སརྦ་ཤ་ཏྲུཾ་བྲིཀྵ་ཡེ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ་ལ། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་ཤྲཱིཾ་སརྦ་ཤ་ཏྲུཾ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཚིལ་ཞུན་ཕུལ། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་
བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་ཀཱ་ལ་པུཥྚ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། འབྲུ་ནག །ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཥྚན་རཱུ་པ་མཱ་ར་ཡ་ཕཊ་སྭཱ་ཧཱ། ལིང་ཆུང་། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་
རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཥྚན་མཾ་ས་ལ་ཁཱ་ཧི། ཤ་དུམ། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཥྚན་མཱ་ར་ཡ་ཁཱ་ཧི། གཏོར་ཆུང་། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་པ་ར་བི་དྷན་སརྦ་ཤ་ཏྲུཾ་སརྦ་མཱ་
ར་ཡ་ཕཊ་སྭཱ་ཧཱ། ཐུན་རྫས། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཁྲག་ཆང་བཅས་ཕུལ། ཧོ། གཟི་བརྗིད་དང་ལྡན་མེ་ཡི་ལྷ། །དྲག་མཛད་མཁའ་འགྲོ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །པཱྃ་ར་ག་ར་ཏི་ས་ཀརྨ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་པཱུ་ཛ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། རྫས་སྤུང་ཕུལ་ཞིང་། ཧོ། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ངོ་བོ་ཉིད། །རྣམ་པ་གོས་དཀར་
ལྷ་མོ་འབར་འཚུབ་འཁྲུགས། །དྲག་མཛད་ཀརྨ་མཁའ་འགྲོ་འཁོར་བཅས་ཀྱིས། །ཡེ་ཤེས་སྲེག་བླུག་མཆོད་པ་འདི་བཞེས་ལ། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །འཁོར་བར་སྐྱེལ་བའི་སྙེམ་རྟོག་འཁྲུལ་པོ་ཆེ། །དེས་བསྐྱེད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །བན་བོན་ལྷ་འདྲེའི་བྱད་ཕུར་རྦོད་གཏོང་དང་། །ཆགས་ཆེན་ཉམ་ང་རྨིས་ལྟས་མཚན་ངན་རིགས། །མཐའ་དམག་དུས་འཁྲུག་འབྱུང་བའི་ཡོ་ལང་སོགས། །ཚོར་བ་སྡུག་བསྔལ་གྱུར་པའི་རྣམ་རྟོག་འདི། །རིག་སྟོང་སྐྱེ་མེད་ཀློང་དུ་བསྒྲལ་བ་དང་། །སྡང་སེམས་ཕྲག་དོག་གནོད་སེམས་སྦྱོར་ངན་རིགས། །སྙེམ་བྱེད་མགོ་སྐོར་འགོང་པོ་རྩད་ནས་ཆོད། །རེ་དོགས་འཁྲུལ་པའི་རྟོག་པ་དྲུང་ནས་ཕྱུང་། །ཕར་ཕྱིན་ཡུམ་གྱི་དགོངས་པ་མངོན་གྱུར་ནས། །བྱ་བ་སྒྲུབ་པའི་ཡེ་ཤེས་མཐར་བརྙེས་མཛོད། །སརྦ་
མཱ་ར་ཡ་ཕཊ། ཕཊ། ཕཊ། ཕཊ། བསྟོད་པ་ནི། ཧྲཱིཿ དཔལ་ལྡན་ཀརྨ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་ཡེ་ཤེས་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཕྱིར། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །༈ གཉིས་པ་མགྲོན་བཞི་མཆོད་པ་ནི། ཨོཾ་ཨཱཿཧཱུྃ་གིས་མར་ཁུ་མཆོད་ཅིང་མེ་ཁ་གསོས་ལ། ཕཊ། སྣང་སྲིད་ཁྱབ་གདལ་ཆོས་ཉིད་རོལ་པ་ལས། །ཡེ་ཤེས་ལྔ་ཡི་ཐབ་དཀྱིལ་སྟོང་གསུམ་མཉམ། །རང་མདངས་འོད་ལྔའི་ཞུགས་སྟོང་འབར་བའི་དབུས། །མ་གཅིག་སངས་རྒྱས་ཁྲོས་མ་མཐིང་གསལ་འབར། །ཤར་དུ་བཛྲ་ཌཱ་ཀི་ཞི་འཛུམ་ཅན། །ལྷོ་རུ་རཏྣ་ཌཱ་ཀི་བརྗིད་ཉམས་ཅན། །ནུབ་ཏུ་པདྨ་ཌཱ་ཀི་ཆགས་ཚུལ་ཅན། །བྱང་དུ་ཀརྨ་ཌཱ་ཀི་ཁྲོ་ཉམས་ཅན། །སྐུ་ནི་མི་
འགྱུར་སྲིད་ཞིའི་བཀོད་པ་རྫོགས། །གསུང་ནི་མི་འགག་བརྟན་གཡོའི་སྒྲ་ཀུན་བྱེད། །ཐུགས་ནི་མི་གཡོ་འཁོར་འདས་མཉམ་པར་གདལ། །ཆོས་ཀུན་འཕྲུལ་མོ་ཆེ་ལྔའི་དབུ་ཡི་ནང་། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ལ། །ཕྱོགས་བཅུའི་རྒྱལ་དང་དེ་སྲས་རྣམས་ཀྱིས་བསྐོར། །མགྲིན་པར་མ་གཅིག་ལབ་ཀྱི་སྒྲོན་མ་ཡི། །སྟེང་དང་ཕྱོགས་མཚམས་ཕ་རྒྱུད་ཐབས་ཀྱི་རྒྱུད། །མ་རྒྱུད་ཤེས་རབ་གཉིས་མེད་དོན་བརྒྱུད་དང་། །སྐལ་ལྡན་ཉམས་ཀྱི་བརྒྱུད་པའི་བླ་མས་བསྐོར། །སྙིང་ཁར་རིགས་ལྔའི་མཁའ་འགྲོ་རིགས་མཐུན་འཁོར། །རྒྱུད་སྡེ་བཞི་དྲུག་གནས་ཡུལ་དུར་ཁྲོད་ཀྱི། །ལྷ་དང་དཔའ་བོ་མཁའ་འགྲོ་ལ་སོགས་པའི། །དཀོན་མཆོག་སྲི་ཞུའི་མགྲོན་ཀུན་སྐར་ལྟར་བཀྲ། །ལྟེ་བར་མྱུར་མཛད་མགོན་པོ་སྤྱང་ཞོན་མཆེད། །ལས་བདག་མཚན་མོ་སྒྲ་སྒྲོགས་ལ་སོགས་དང་། །དཔལ་མགོན་
བདུན་ཅུ་སྔགས་བདག་དྲེགས་པའི་སྡེ། །དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་སོགས། །གཅོད་ཡུལ་བརྒྱུད་པའི་དམ་བླངས་ཐ་ཚིག་ཅན། །གཞན་ཡང་སྟོང་གསུམ་ས་བདག་ལྷ་ཀླུ་གཉན། །བརྟན་མ་མ་མོ་གཏོད་གཟེ་སྨན་བཙུན་སོགས། །ཕྲིན་ལས་སྒྲུབ་བྱེད་མགྲོན་ཀུན་སྤྲིན་ལྟར་གཏིབས། །གསང་བར་དུག་གསུམ་རང་གཟུགས་གདོན་གསུམ་དང་། །བགེགས་རིགས་གདོན་ཆེན་བར་ཆད་རྐྱེན་བྱེད་ཚོགས། །ཤི་འདྲེ་གཤེད་འཁྱམ་ཡུལ་འདྲེ་གསོན་གྱི་འདྲེ། །སྨྱོ་བྱེད་རྗེད་བྱེད་འགོང་པོ་ཡེ་འདྲོགས་བདག །གློ་བུར་ལྷགས་དང་གཉུག་མར་གནས་པའི་དཔུང་། །ཤ་འཁོན་ལན་ཆགས་མགྲོན་ཀུན་རླུང་ལྟར་འཚུབ། །ཡན་ལག་ལ་སོགས་བར་མཚམས་གཞན་རྣམས་སུ། །བརྩེ་གདུང་ལས་ཀྱིས་འབྲེལ་བའི་འགྲོ་བ་དྲུག །ལམ་རྒྱུད་ལྔ་དང་སྐྱེ་གནས་བཞིས་བསྡུས་པའི། །སྙིང་རྗེའི་
མགྲོན་གྱུར་ཉི་ཟེར་རྡུལ་ལྟར་འཁྲིགས། །ཐམས་ཅད་ཞི་བརྗིད་ཆགས་དང་རྔམ་པའི་ཚུལ། །ལས་མཐུན་ཆས་བགོས་ཚད་མེད་ཉམས་བཞིར་ལྡན། །ཆུ་ཟླའི་གར་དང་དབང་པོའི་གུར་ཁྱིམ་བཞིན། །ཡིད་མཁར་མངོན་སུམ་སྣང་བའི་གཟུགས་སུ་གྱུར། །ཕཊ། ཕཊ། ཕཊ། ཧཱུྃ་ཨ། འདི་ལྟར་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན། །ཡེ་ནས་མ་སྐྱེས་དབྱིངས་སུ་རོ་གཅིག་ཀྱང་། །སྣང་ཆ་མི་མཐུན་སྲིད་ཞི་རིས་སུ་ཆད། །སྒྱུ་མའི་ཆོ་འཕྲུལ་ཅིར་ཡང་ཤར་བ་ལས། །ཡས་མགྲོན་ཆུ་ཟླའི་གར་མཁན་ཡེ་ཤེས་སྐུ། །འོག་མིན་གནས་ནས་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །རབ་འབྱམས་ཞིང་ནས་རྒྱུད་སྡེ་བཞི་དྲུག་ལྷ། །གནས་མཆོག་ཉེར་བཞི་ཡུལ་ཆེན་སོ་གཉིས་དང་། །ཁྲག་འཐུང་གནས་བཅུ་དུར་ཁྲོད་བརྒྱད་སོགས་ནས། །དཔའ་བོ་མཁའ་
འགྲོ་དམ་ཅན་སྲུང་མ་བཅས། །རྟོག་མེད་འགྲོ་དོན་མཛད་པའི་ལྷ་ཚོགས་རྣམས། །བསོད་ནམས་སྤེལ་བའི་ཞིང་དུ་སྣང་བར་མཛོད། །མས་མགྲོན་འཁྲུལ་པས་བསླུས་པའི་ཤ་ཚུགས་ཅན། །ཡིད་ལུས་འཛིན་པས་འཆིང་བའི་དཔུང་ཚོགས་བཅས། །གང་དག་མི་མཇེད་སྟོང་གི་འཇིག་རྟེན་ནས། །བུ་ཡུག་རླུང་གིས་བཏབ་པ་ཇི་བཞིན་དུ། །དྲིན་ལན་ཤ་འཁོན་བུ་ལོན་འཇལ་བའི་ཕྱིར། །གདུང་བས་འབོད་དོ་གནས་འདིར་ད་ཚུར་བྱོན། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨཱ་པཱ་ལ་བྷུ་མི་པ་ཏི་ལོ་ཀ་པཱ་ལ་ཨེ་ཧྱ་ཧི་བཛྲ་ས་མཱ་ཛཿ སརྦ་ཤ་ཏྲུཾ་ཊཱ་ཀི་ནཱི་ཧཱུྃ་ཛཿ ཕཊ། ཕཊ། ཕཊ། རྐང་གླིང་དང་ཌཱ་དྲིལ་གྱི་སྒྲས་བསྐུལ་ནས། དགྱེས་པའི་འཛུམ་མདངས་བཞད་བགད་ལྷང་ལྷང་གིས། །མྱུར་མགྱོགས་བྱིན་ཟའི་ལས་འདི་མ་འགྲུབ་བར། །བསྐྱེད་པའི་རྟེན་དང་དབྱེར་མེད་བརྟན་པར་བཞུགས། །གཞན་ཕྱིར་དགོངས་ཏེ་
སྲེག་བླུག་མཆོད་པ་བཞེས། །ཨ་ས་ན་ཏིཥྛ་སྟྭྃ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་སྒྲེང་། ཨོཾ་ཤྲཱིཾ་ཨརྞ་ལ་ཀ་སྭཱ་ཧཱ། བདུན་གྱིས་མར་ཁུ་འབུལ། ཧྲཱིཿ བསྐལ་མང་གོང་ནས་བསོད་ནམས་མཐུས་བསྐྱེད་པའི། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །དག་བྱེད་ཞབས་བསིལ་མཛེས་པའི་མེ་ཏོག་རྒྱན། །དྲི་ཞིམ་བདུག་སྤོས་སྣང་གསལ་ཉི་ཟླ་མེ། །རེག་བདེའི་དྲི་བྱུག་རོ་བརྒྱ་ལྡན་པའི་བཤོས། །གླུ་དབྱངས་སྙན་པའི་རོལ་མོ་སྣ་ཚོགས་བཅས། །སངས་རྒྱས་མཁའ་འགྲོ་མགྲོན་བཞིའི་ཚོགས་ལ་འབུལ། །བཞེས་ནས་ལྷུན་འགྲུབ་ཕྲིན་ལས་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་སོགས་
མཆོད། དེ་ནས་གཙོ་མོའི་སྐུ་དཀྱིལ་གྱི་མགྲོན་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པྲ་ཛྙཱ་པཱ་ར་མི་ཏ་བྷོ་དྷི་ས་ཏྭ་ས་པཱ་རི་ཝཱ་ར། ཨོཾ་ཨགྣ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རྒྱས་ན་སྦྲེལ་མ་དང་། འབྲིང་པོར་ལྷ་སྔགས་ཉེར་གཅིག་གིས་སྣ་དྲངས་པའི་རྫས་སྔགས་བརྒྱ་ཚར་སོགས་དང་། བསྡུ་ན་ལྷ་སྔགས་ཚར་བདུན་གཅིག་གིས་དྲངས་ཏེ་རྫས་སྔགས་བརྒྱ་རྩ་སོགས་ཀྱིས་སྤྱི་བོའི་ཡུམ་ཆེན་འཁོར་བཅས་ལ། མར་ཁུ་ཆ་གཅིག་འབུལ། དེ་བཞིན། ཨོཾ་གུ་རུ་རཏྣ་སརྦ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་ཨགྣ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མགྲིན་པའི་མ་གཅིག་འཁོར་བཅས་ལ་མར་ཁུ་ཆ་གཅིག་འབུལ། བྃ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནི་ས་སརྦ་ཀརྨ་དེ་ཝ་ས་པཱ་རི་ཝཱ་ར། ཨོཾ་ཨགྣ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྙིང་ཁའི་མཁའ་འགྲོ་སྡེ་ལྔ་དང་ཡི་དམ་བཅས་ལ་མར་ཁུ་ཆ་གཅིག་འབུལ། ཨོཾ་ཛྙཱ་ན་ཚནྡ་དྷརྨཱ་པཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར། ཨོཾ་ཨགྣ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལྟེ་བའི་ཆོས་
སྲུང་རྣམས་ལ་སྔ་མའི་ཕྱེད་ཆ་འབུལ། ཨོཾ་སརྦ་བིགྷྣན་བྷུ་ཏ་པྲེ་ཏ་པི་ཤ་ཙི་ས་པཱ་རི་ཝཱ་ར། ཨོཾ་ཨགྣ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསང་བར་གནས་པའི་ལན་ཆགས་མགྲོན་ལ་གོང་གི་ཕྱེད་ཆ་འབུལ། ཨོཾ་ལོ་ཀ་པཱ་ལ་སརྦ་བིད། ཨོཾ་ཨགྣ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡན་ལག་སོགས་ལ་གནས་པའི་སྙིང་རྗེའི་མགྲོན་ལ་ཕུལ། འདོད་གསོལ་ནི། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོའི། །མི་མཐུན་ཀུན་ཞི་ལེགས་ཚོགས་རྣམ་པར་རྒྱས། །སྣང་སེམས་དབང་སྡུད་བགེགས་སྒྲོལ་གཞི་ཚུགས་ཤིག །ཡང་སྐུ་དཀྱིལ་མགྲོན་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པྲ་ཛྙཱ་པཱ་ར་མི་ཏ་བྷོ་དྷི་ས་ཏྭ་ས་པཱ་རི་ཝཱ་ར། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རྒྱས་ན་སྦྲེལ་མ་དང་། འབྲིང་པོར་ལྷ་སྔགས་ཉེར་གཅིག་གིས་སྣ་དྲངས་པའི་རྫས་སྔགས་བརྒྱ་ཚར་སོགས་དང་། བསྡུ་ན་ལྷ་སྔགས་ཚར་བདུན་གཅིག་
གིས་དྲངས་ཏེ་རྫས་སྔགས་བརྒྱ་རྩ་སོགས་ཀྱིས་སྤྱི་བོའི་ཡུམ་ཆེན་འཁོར་བཅས་ལ། ཡམ་ཤིང་ཆ་གཅིག་འབུལ། དེ་བཞིན། ཨོཾ་གུ་རུ་རཏྣ་སརྦ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མགྲིན་པའི་མ་གཅིག་འཁོར་བཅས་ལ་ཡམ་ཤིང་ཆ་གཅིག་འབུལ། བྃ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནི་ས་སརྦ་ཀརྨ་དེ་ཝ་ས་པཱ་རི་ཝཱ་ར། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྙིང་ཁའི་མཁའ་འགྲོ་སྡེ་ལྔ་དང་ཡི་དམ་བཅས་ལ་ཡམ་ཤིང་ཆ་གཅིག་འབུལ། ཨོཾ་ཛྙཱ་ན་ཚནྡ་དྷརྨཱ་པཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལྟེ་བའི་ཆོས་སྲུང་རྣམས་ལ་སྔ་མའི་ཕྱེད་ཆ་འབུལ། ཨོཾ་སརྦ་བིགྷྣན་བྷུ་ཏ་པྲེ་ཏ་པི་ཤ་ཙི་ས་པཱ་རི་ཝཱ་ར། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསང་བར་གནས་པའི་ལན་ཆགས་མགྲོན་ལ་གོང་གི་ཕྱེད་ཆ་འབུལ། ཨོཾ་ལོ་ཀ་པཱ་ལ་སརྦ་བིད། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་
པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡན་ལག་སོགས་ལ་གནས་པའི་སྙིང་རྗེའི་མགྲོན་ལ་གོང་བཞིན་ཕུལ། འདོད་གསོལ་ནི། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོའི། །མི་མཐུན་ཀུན་ཞི་ལེགས་ཚོགས་རྣམ་པར་རྒྱས། །སྣང་སེམས་དབང་སྡུད་བགེགས་སྒྲོལ་གཞི་ཚུགས་ཤིག །ཡང་སྐུ་དཀྱིལ་མགྲོན་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པྲ་ཛྙཱ་པཱ་ར་མི་ཏ་བྷོ་དྷི་ས་ཏྭ་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྤྱི་བོའི་ཡུམ་ཆེན་ལ་ཟས་མཆོག་ཆ་གཅིག་འབུལ། ཨོཾ་གུ་རུ་རཏྣ་སརྦ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མགྲིན་པའི་མ་གཅིག་འཁོར་བཅས་ལ་ཟས་མཆོག་ཆ་གཅིག་འབུལ། བྃ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནི་ས་སརྦ་ཀརྨ་དེ་ཝ་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྙིང་ཁའི་མཁའ་འགྲོ་སྡེ་ལྔ་དང་
ཡི་དམ་བཅས་ལ་ཟས་མཆོག་ཆ་གཅིག་འབུལ། ཨོཾ་ཛྙཱ་ན་ཚནྡ་དྷརྨཱ་པཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལྟེ་བའི་ཆོས་སྲུང་རྣམས་ལ་སྔ་མའི་ཕྱེད་ཆ་འབུལ། ཨོཾ་སརྦ་བིགྷྣན་བྷུ་ཏ་པྲེ་ཏ་པི་ཤ་ཙི་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསང་བར་གནས་པའི་ལན་ཆགས་མགྲོན་ལ་གོང་གི་ཕྱེད་ཆ་འབུལ། ཨོཾ་ལོ་ཀ་པཱ་ལ་སརྦ་བིད། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡན་ལག་སོགས་ལ་གནས་པའི་སྙིང་རྗེའི་མགྲོན་ལ་ཕུལ། འདོད་གསོལ་ནི། ཧོ། མེ་ལྷ་ཡུམ་ཆེན་ཁྲོས་མ་འཁོར་བཅས་ཀྱིས། །སྲེག་བླུག་འདི་བཞེས་བདག་གཞན་མཁའ་མཉམ་འགྲོའི། །མི་མཐུན་ཀུན་ཞི་ལེགས་ཚོགས་རྣམ་པར་རྒྱས། །སྣང་སེམས་དབང་སྡུད་བགེགས་སྒྲོལ་གཞི་ཚུགས་ཤིག །ཅེས་བརྗོད། ཨོཾ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། རྫས་སྤུང་མཆོད་དེ། ཧོ། ཀུན་ཁྱབ་
ཆོས་ཉིད་སྤྲོས་དང་བྲལ་བ་ལས། །ཀུན་གསལ་རིག་པའི་ཡེ་ཤེས་རང་ཤར་བ། །གཏི་མུག་རྣམ་དག་ཆོས་དབྱིངས་ཡུམ་ཆེན་མོ། །མགྲོན་བཞིའི་སྒྱུ་འཕྲུལ་མ་ལུས་འཁོར་བཅས་ཀྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །བདག་གཞན་འགྲོ་བའི་གཉིས་སྣང་ངར་འཛིན་གྱི། །རོལ་རྩལ་དུག་ལྔའི་བག་ཆགས་རྒྱུ་འབྲས་བཅས། །གཉིས་མེད་ཆོས་སྐུའི་ཀློང་དུ་ཞི་བ་དང་། །ཚེ་དཔལ་ཡེ་ཤེས་བྲལ་སྨིན་རྒྱ་མཚོའི་སྤྲིན། །ཁྱབ་གདལ་ཆོས་ཉིད་ནམ་མཁའི་ངང་དུ་རྒྱས། །ཐེག་གསུམ་གདུལ་བྱའི་མོས་སྣང་ཆོས་ལ་འགུགས། །འཁོར་འདས་སྣ་ཚོགས་ཀུན་ཤེས་རིག་དབྱིངས་སྡུས། །གཏན་ཕུང་སྙེམ་བྱེད་བདུད་བཞི་བར་གཅོད་རིགས། །གཞོམ་མེད་རྡོ་རྗེའི་ཏིང་འཛིན་མཚོན་ཆས་ཐུལ། །ཀུན་འཁྱམ་རྣམ་ཤེས་ཨ་དཀར་སྐྱེ་མེད་མདངས། །འཕོ་བྲལ་བདེ་ཆེན་ངང་དུ་རོ་མཉམ་མཛོད། །
ཕཊ། ཕཊ། ཕཊ། འདི་ཕྱིན་མཁའ་འགྲོ་སྡེ་ལྔ་ལ་རྒྱས་པར་སྤྲོ་ན། བསྟོད་པ། སོ་རྩི། གོས་ཟུང་། གཏོར་འབུལ། འདོད་གསོལ་རྣམས་འགྲེ། བསྡུ་ན་དྲག་མཆོད་མཇུག་ཏུ་ལན་གཅིག་སྦྱར་བས་མཐུས། རྒྱས་སྐབས་སོ་རྩི། གོས་ཟུང་། ལྷ་ལྔའི་གཏོར་མ་ཁ་བཀྲལ་ཏེ་ཞི་རྒྱས་དབང་དྲག་སོ་སོའི་མཆོད་རྫས་མཇུག་ཏུ་བཤམ། བསྡུ་སྐབས་བཤམ་ཚུལ་གོང་སྨོས་བཞིན་ནོ། །༈ གང་ལྟར་ཡང་ཞི་བ་ལ། རྒྱས་ན། ཧྲཱིཿ བསྐལ་མང་གོང་ནས་བསོད་ནམས་མཐུས་བསྐྱེད་པའི། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །དག་བྱེད་ཞབས་བསིལ་མཛེས་པའི་མེ་ཏོག་རྒྱན། །དྲི་ཞིམ་བདུག་སྤོས་སྣང་གསལ་ཉི་ཟླ་མེ། །རེག་བདེའི་དྲི་བྱུག་རོ་བརྒྱ་ལྡན་པའི་བཤོས། །གླུ་དབྱངས་སྙན་པའི་རོལ་མོ་སྣ་ཚོགས་བཅས། །རྡོ་རྗེ་མཁའ་འགྲོ་མགྲོན་བཞིའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ།
ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་རྣམ་ལྔ་མཆོད། བསྡུ་ན་སྔགས་མཆོད་བྱ། དེ་ནས་སྐུ་དཀྱིལ་གྱི་མགྲོན་སོ་སོའི་མཚན་སྔགས་མཐར་རྫས་སྔགས་སྦྲེལ་ཏེ་ཞི་རྒྱས་སོགས་ལ་དབུལ་དགོས་པར་གསུངས་ཀྱང་ཉིན་ཆོག་ལྟ་བུར་འགྲུབ་དཀའ་བས་དཀྱུས་སུ་ལྷ་སྔགས་བསྡུས་པ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཞེས་ལན་གཅིག་གིས་སྣ་དྲངས་ཏེ། ཨོཾ་བྷོ་དྷི་བྲིཀྵ་ཡེ་སརྦ་ཤཱནྟིཾ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་མགྲོན་བཞི་ཀར་ཕུལ། འདོད་གསོལ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བ་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་
གཏན་བདེའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་ཤྲཱིཾ་སརྦ་ཤཱནྟིཾ་སྭཱ་ཧཱ། མར་ཁུ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བ་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཿཁ་ཤཱནྟིཾ་སྭཱ་ཧཱ། ཏིལ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བ་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་
གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་ཨ་པྲ་ཏི་ཧ་ན་བཛྲ་སརྦ་ཤཱནྟིཾ་སྭཱ་ཧཱ། ཀུ་ཤ །ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བ་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་སརྦ་ཤཱནྟིཾ་སྭཱ་ཧཱ། ཞོ་ཟན། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །
དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བ་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་རོ་ག་ཤཱནྟིཾ་སྭཱ་ཧཱ། སྨན། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བ་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་
ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་ཤཱ་ཏྲུཾ་བིགྷྣན་ཤཱནྟིཾ་སྭཱ་ཧཱ། ཡུངས་ཀར། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བ་མཆོད་སྦྱིན་ཡུལ། །འཁོར་བཅས་སྲེག་བླུག་འདི་བཞེས་ལ། །བདག་གཞན་སྣང་སྲིད་ལྷ་འདྲེ་ཡི། །བསམ་སྦྱོར་ལས་བྱུང་མི་མཐུན་ཕྱོགས། །མྱུར་དུ་ཞི་ཞིང་ཕན་བདེའི་སེམས། །སྐྱེས་ནས་གཏན་བདེའི་གཞི་ཚུགས་ཤིག །ཨོཾ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཡེ་སརྦ་ཤཱནྟིཾ་སྭཱ་ཧཱ། རྫས་སྤུང་གི་མཇུག་ཏུ། ཧོ། ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགག་པ་མེད་པའི་གདངས། །ཞེ་སྡང་མི་མངའ་ཞི་བ་ཆེན་པོའི་ཚུལ། །མགྲོན་བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །མིག་ནད་ཅན་གྱི་རབ་རིབ་ཇི་བཞིན་པར། །བདག་གཞན་འགྲོ་བའི་ཀུན་འབྱུང་ངར་འཛིན་གྱིས། །
བསྐྱེད་པའི་ཞེ་སྡང་ཕྲག་དོག་གནོད་སེམས་སོགས། །དུག་ལྔའི་འཁྲུལ་རྟོག་ཉེས་ལྟུང་སྡིག་སྒྲིབ་དང་། །ནད་གདོན་རྐྱེན་ངན་དམ་ཆོས་སྒྲུབ་པའི་གེགས། །སྣོད་བཅུད་ཉམ་རྒུད་ཕྱི་ནང་འཁྲུག་རྩོད་རིགས། །བདུད་བཞིའི་ཆོ་འཕྲུལ་ངན་སོང་དུཿཁ་སོགས། །གློ་བུར་སྣང་བའི་མི་མཐུན་རྟོག་ངན་ཀུན། །ཡེ་གྲོལ་འདུས་མ་བྱས་པའི་དབྱིངས་སུ་ཞི། །ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་མཐོང་ནས། །གཉིས་སྣང་རྟོག་པའི་དྲི་མ་རང་སར་དག །བྱང་ཆུབ་སེམས་ཀྱིས་སྨིན་ཅིང་གྲོལ་བ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་མཛོད། །སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཕཊ། ཕཊ། ཕཊ། སྤྲོ་ན་བསྟོད་པ་ཧཱུྃ་ཧྲཱིཿ མི་དམིགས་སྤྲོས་མཐའ་བྲལ་བའི་སོགས་འགྲེ་བར་བྱ། དེ་ནས་རྒྱས་པའི་མགྲོན་ལ། ཧྲཱིཿ བསྐལ་མང་གོང་ནས་བསོད་ནམས་མཐུས་བསྐྱེད་པའི། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །
དག་བྱེད་ཞབས་བསིལ་མཛེས་པའི་མེ་ཏོག་རྒྱན། །དྲི་ཞིམ་བདུག་སྤོས་སྣང་གསལ་ཉི་ཟླ་མེ། །རེག་བདེའི་དྲི་བྱུག་རོ་བརྒྱ་ལྡན་པའི་བཤོས། །གླུ་དབྱངས་སྙན་པའི་རོལ་མོ་སྣ་ཚོགས་བཅས། །རིན་ཆེན་མཁའ་འགྲོ་མགྲོན་བཞིའི་ཚོགས་ལ་འབུལ། །བཞེས་ནས་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་པའམ་བསྡུ་ན་སྔགས་མཆོད་བྱ། ལྷ་སྔགས། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། གཅིག་གིས་སྣ་དྲངས་ཏེ། ཨོཾ་དེ་ཝ་བྲིཀྵ་ཡེ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ། ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །
དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་ཤྲཱིཾ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་བཛྲ་ཨ་ཡུ་ཥེ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ།
དཱུར་བ། ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་བཛྲ་པུཥྚ་ཡ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། འབྲས། ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་
བཛྲ་གྷསྨ་རི་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། གྲོ། ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་མ་ཧཱ་བེ་ག་ཡ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ནས། ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་
དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦྷ་དེ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཟས་མཆོག །ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་པུ་ར་ཀ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཤིང་ཐོག །ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་
བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་རཏྣ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། རིན་ཆེན་སྣ་ཚོགས། ཧོ། འཁོར་འདས་ཀུན་གྱི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས་མགྲོན་རིགས། །སྲེག་བླུག་འདི་བཞེས་བདག་གཞན་འགྲོ་ཀུན་གྱི། །ཚེ་དཔལ་བསོད་ནམས་འགྲིབ་བྱེད་ལས་བྱང་ནས། །མཐུན་ཕྱོགས་ཡོན་ཏན་འཕེལ་བའི་གཞི་ཚུགས་ཤིག །ཨོཾ་སརྦ་པཱུ་ཛ་སརྦ་ཨ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་རྫས་སྤུང་མཆོད་ནས། ཧོ། ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགག་པ་མེད་པའི་གདངས། །ཞེན་སྲེད་མི་མངའ་རྒྱས་མཛད་བརྗིད་པའི་ཚུལ། །མགྲོན་བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །
བདག་སོགས་འཁྲུལ་པའི་སེམས་ཅན་ཐམས་ཅད་ཀུན། །དངོས་པོར་ཞེན་ཅིང་འཆིང་བའི་ཆགས་སེམས་དང་། །སེར་སྣ་སྲིས་འཕང་ང་རྒྱལ་དེས་བསྐྱེད་པའི། །འབྲས་བུ་ཡི་དྭགས་དབུལ་ཕོངས་སྡུག་བསྔལ་རིགས། །མྱུར་དུ་ཞི་ཞིང་ཚོགས་གཉིས་བསགས་པའི་རྒྱུས། །ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་དང་། །མངའ་ཐང་གཟི་བརྗིད་སྙན་གྲགས་ལ་སོགས་པ། །འགྲོ་བ་འདུལ་བའི་ཕྲིན་ལས་ཆེར་རྒྱས་ནས། །སྒྱུ་མ་ལྟ་བུའི་དོན་སྤྱོད་མཐའ་རུ་ཕྱིན། །མཉམ་ཉིད་ཡེ་ཤེས་མངོན་དུ་འགྱུར་བར་མཛོད། །སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཕཊ། ཕཊ། ཕཊ། སྤྲོ་ན་བསྟོད་པ་ཧཱུྃ་ཧྲཱིཿ མི་དམིགས་སྤྲོས་མཐའ་བྲལ་བའི་སོགས་འགྲེ་བར་བྱ། གང་ལྟར་ཡང་དབང་གི་མགྲོན་ལ། ཧྲཱིཿ བསྐལ་མང་གོང་ནས་བསོད་ནམས་མཐུས་བསྐྱེད་པའི། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །དག་བྱེད་ཞབས་བསིལ་
མཛེས་པའི་མེ་ཏོག་རྒྱན། །དྲི་ཞིམ་བདུག་སྤོས་སྣང་གསལ་ཉི་ཟླ་མེ། །རེག་བདེའི་དྲི་བྱུག་རོ་བརྒྱ་ལྡན་པའི་བཤོས། །གླུ་དབྱངས་སྙན་པའི་རོལ་མོ་སྣ་ཚོགས་བཅས། །པདྨ་མཁའ་འགྲོ་མགྲོན་བཞིའི་ཚོགས་ལ་འབུལ། །བཞེས་ནས་དབང་གི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་པའམ་བསྡུ་ན་སྔགས་མཆོད་བྱ། ལྷ་སྔགས། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། གཅིག་གིས་སྣ་དྲངས་ཏེ། ཨོཾ་ར་ག་ར་ཏི་བྲིཀྵ་ཡེ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་ཕུལ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །
དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་ཤྲཱི་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤང་ཀུ་རུ་སྭཱ་ཧཱ། མར་ཁུ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་བཛྲ་བི་ཛ་
ཡ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤང་ཀུ་རུ་སྭཱ་ཧཱ། སོ་བ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་མ་ཧཱ་བ་ལ་ཡ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤང་ཀུ་རུ་སྭཱ་ཧཱ། སྲན་མ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་གུ་
རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་སམྦ་དེ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཆང་ལུམ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་ར་ག་པུཥྤེ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། མེ་ཏོག་དམར་པོ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་
བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་པུ་ར་ཀ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤང་ཀུ་རུ་སྭཱ་ཧཱ། ལན་ཚྭ་སྦག་པའི་ཤིང་ཏོག །ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །དབང་ཐང་རྒུད་པའི་ལས་བྱང་ནས། །ལེགས་དཔལ་རླུང་ཐིག་སེམས་སྣང་ཀུན། །དབང་དུ་འདུ་བའི་གཞི་ཚུགས་ཤིག །ཨོཾ་སརྦ་པཱུ་ཛ་ཛྙཱ་ན་ལོ་ཀ་བ་སུ་ཝསྟྲ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། རྫས་སྤུང་། ཧོ། ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགག་པ་མེད་པའི་གདངས། །ཆགས་པ་མི་མངའ་ཆགས་སྲིད་ལྡང་བའི་ཚུལ། །མགྲོན་
བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །ཐོག་མེད་དུས་ནས་འདོད་ཆགས་ལ་སོགས་པའི། །ཉོན་མོངས་མི་དགེའི་རྒྱུ་རྐྱེན་དུ་གྱུར་པའི། །ལས་དང་འབྲས་བུ་བྱང་དག་སོར་ཆུད་ནས། །རླུང་ཐིག་སྣང་སེམས་ཡེ་ཤེས་རང་དབང་གྱུར། །བདེ་ཆེན་འཕོ་མེད་ས་ལ་དབང་འབྱོར་ཞིང་། །དངོས་དང་དངོས་མེད་སྣང་བ་ཟིལ་གྱིས་ནོན། །བླ་མེད་རྒྱལ་བའི་གོ་འཕང་ཆེན་པོ་རུ། །ཕྱམ་གཅིག་བསྒྲོད་པའི་དེད་དཔོན་བདག་གྱུར་ཏེ། །མོས་བཞིའི་སྣང་སྲིད་དབང་དུ་འདུ་བ་དང་། །སོ་སོར་རྟོག་པའི་ཡེ་ཤེས་མངོན་གྱུར་མཛོད། །སརྦ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཕཊ། ཕཊ། ཕཊ། སྤྲོ་ན་བསྟོད་པ་ཧཱུྃ་ཧྲཱིཿ མི་དམིགས་སྤྲོས་མཐའ་བྲལ་བའི་སོགས་འགྲེ་བར་བྱ། གང་ལྟར་ཡང་དྲག་པོའི་མགྲོན་ལ། ཧྲཱིཿ བསྐལ་མང་གོང་ནས་བསོད་
ནམས་མཐུས་བསྐྱེད་པའི། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །དག་བྱེད་ཞབས་བསིལ་མཛེས་པའི་མེ་ཏོག་རྒྱན། །དྲི་ཞིམ་བདུག་སྤོས་སྣང་གསལ་ཉི་ཟླ་མེ། །རེག་བདེའི་དྲི་བྱུག་རོ་བརྒྱ་ལྡན་པའི་བཤོས། །གླུ་དབྱངས་སྙན་པའི་རོལ་མོ་སྣ་ཚོགས་བཅས། །ཀརྨ་མཁའ་འགྲོ་མགྲོན་བཞིའི་ཚོགས་ལ་འབུལ། །བཞེས་ནས་དྲག་པོའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་པའམ་བསྡུ་ན་སྔགས་མཆོད་བྱ། ལྷ་སྔགས། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར་གཅིག་གིས་དྲངས་ཏེ། ཨོཾ་སརྦ་ཤ་ཏྲུྃ་བྲིཀྵ་
ཡེ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཉེར་གཅིག་གིས་ཡམ་ཤིང་འབུལ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་ཤྲཱིཾ་སརྦ་ཤ་ཏྲུྃ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཚིལ་ཞུན་འབུལ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་
སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་ཀཱ་ལ་པུཥྚ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། འབྲུ་ནག །ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཥྚན་རཱུ་པ་མཱ་ར་ཡ་ཕཊ་སྭཱ་ཧཱ། ལིང་ཆུང་། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་
རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཥྚན་མཾ་ས་ལ་ཁཱ་ཧི། ཤ་དུམ། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་དུཥྚན་མཱ་ར་ཡ་ཁཱ་ཧི། གཏོར་ཆུང་། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་
པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་པ་ར་བི་དྷན་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཐུན་རྫས། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཛྙཱ་ན་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་པྲེ་ཏ་བྷུ་ཏ་སརྦ་བིད་ས་པཱ་རི་ཝཱ་ར། ཨོཾ་སརྦ་ཤ་ཏྲུྃ་མཱ་ར་ཡ་ཕཊ་སྭཱ་ཧཱ། ཁྲག་ཆང་། ཧོ། སྲིད་ཞིའི་འབྱུང་གནས་ཡུམ་ཆེན་མོ། །དག་ཆ་ཡས་དང་མ་དག་མས། །མགྲོན་དུ་སྣང་བའི་
མཆོད་ཡུལ་ཀུན། །སྲེག་བླུག་འདི་བཞེས་བདག་གཞན་གྱི། །ངར་འཛིན་རྟོག་པས་བསྐྱེད་པའི་དགྲ། །ཐར་པའི་གེགས་དང་རྣམ་མཁྱེན་བདུད། །མ་ལུས་ཚར་ཆོད་གཞི་ཚུགས་ཤིག །ཨོཾ་སརྦ་པཱུ་ཛ་སརྦ་མཱ་ར་ཡ་ཕཊ་སྭཱ་ཧཱ། རྫས་སྤུང་། ཧོ། ཆོས་ཉིད་རང་གཤིས་སྤྲོས་དང་བྲལ་བ་ལས། །རིག་རྩལ་རང་བྱུང་འགག་པ་མེད་པའི་གདངས། །ཁྲོ་བ་མི་མངའ་སྙིང་རྗེ་རྔམ་པའི་ཚུལ། །མགྲོན་བཞིའི་ཚོམ་བུ་རང་རང་སྡེ་ཚན་གྱིས། །བྱིན་ན་དགྱེས་པར་ཟ་བའི་མཆོད་པ་བཞེས། །བདག་སོགས་འཁྲུལ་པའི་གཟུགས་ཅན་གཟུགས་མེད་ཀུན། །འཁོར་བར་སྐྱེལ་བའི་སྙེམ་རྟོག་འཁྲུལ་པོ་ཆེ། །དེས་བསྐྱེད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །བན་བོན་ལྷ་འདྲེའི་བྱད་ཕུར་རྦོད་གཏོང་དང་། །ཆགས་ཆེན་ཉམ་ང་རྨིས་ལྟས་མཚན་ངན་རིགས། །མཐའ་དམག་དུས་འཁྲུག་འབྱུང་བའི་ཡོ་ལང་སོགས། །ཚོར་
བ་སྡུག་བསྔལ་གྱུར་པའི་རྣམ་རྟོག་འདི། །རིག་སྟོང་སྐྱེ་མེད་ཀློང་དུ་བསྒྲལ་བ་དང་། །སྡང་སེམས་ཕྲག་དོག་གནོད་སེམས་སྦྱོར་ངན་རིགས། །སྙེམ་བྱེད་མགོ་སྐོར་འགོང་པོ་རྩད་ནས་ཆོད། །རེ་དོགས་འཁྲུལ་པའི་རྟོག་པ་དྲུང་ནས་ཕྱུངས། །ཕར་ཕྱིན་ཡུམ་གྱི་དགོངས་པ་མངོན་གྱུར་ནས། །བྱ་བ་གྲུབ་པའི་ཡེ་ཤེས་མཐར་བརྙེས་མཛོད། །སརྦ་མཱ་ར་ཡ་ཕཊ། ཕཊ། ཕཊ། ཕཊ། དེ་ནས་བསྟོད་པ་ནི། ཧཱུྃ་ཧྲཱིཿ མི་དམིགས་སྤྲོས་མཐའ་བྲལ་བའི་མཁའ་དབྱིངས་སུ། །སྤྲིན་དང་དབང་གཞུ་ཁུ་རླངས་ཇི་བཞིན་པར། །རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུས་བསྐྱེད་པ། །གཅོད་ཡུལ་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །ཡི་དམ་མཁའ་འགྲོ་དངོས་གྲུབ་ཀུན་གྱི་མཛོད། །ཡེ་ཤེས་འཇིག་རྟེན་སྲུང་མ་ཕྲིན་ལས་མྱུར། །སྣང་སྲིད་ལྷ་འདྲེ་གཞི་བདག་དམ་ཚིག་བཙན། །ལན་ཆགས་ཤ་འཁོན་གནོད་བྱེད་
དཀའ་དྲིན་ལྡན། །རིགས་དྲུག་འགྲོ་བ་སྙིང་རྗེའི་ཡུལ་བཅས་ཀྱིས། །འཁོར་འདས་གྱེས་སོར་གནས་པའི་རྣལ་འབྱོར་ལ། །དངོས་རྒྱུད་ཀུན་ནས་ཕན་འདོགས་བསྒྲང་མཐའ་ཡས། །ལ་ལས་དམ་པའི་ཚུལ་བཟུང་ངེས་གནས་སྟོན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་སྒོ་འཕར་འབྱེད། །ལ་ལས་དམན་པའི་ཚུལ་གྱིས་ཀུན་རྟོག་སྒུལ། །སྙེམ་བྱེད་ངར་འཛིན་སློང་ཞིང་ཐེར་ལ་འདོན། །དེ་སོགས་བསམ་མི་ཁྱབ་པའི་བདག་ཉིད་ཅན། །དོན་དུ་བདག་མེད་སྟོན་ལ་དཀའ་དྲིན་མཉམ། །ཐམས་ཅད་ཡུམ་ཆེན་ཉིད་ལས་གཞན་མིན་པའི། །ངེས་ཤེས་ཁོང་ནས་སད་པའི་ཉམས་མཚར་པོས། །བཀའ་དྲིན་རྗེས་སུ་དྲན་པའི་དབྱངས་ཀྱིས་བསྟོད། །ད་དུང་སྔར་ལས་མི་ཞན་ཐུགས་རྗེའི་མཐུ། །གཅིག་ཏུ་དྲིལ་བའི་མཛད་པ་རྨད་བྱུང་གིས། །བདག་འཛིན་རྨང་སྒྱེལ་རེ་དོགས་དྲུང་ནས་ཕྱུངས། །མ་སྐྱེས་མི་གནས་
ཡེ་ཤེས་མངོན་གྱུར་མཛོད། །ཕཊ། ཕཊ། ཕཊ། སླར་མེ་ཁ་གསོས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་སོ་རྩི་དང་། ཨོཾ་སརྦ་བི་ཤྭ་ཨ་ལངྐ་ར་ཝསྟྲ་པྲ་ཏཱིཙྪ་ཡེ་སྭཱ་ཧཱས་རིན་ཕྱེ་དང་གོས་ཟུང་བཅས་ཕུལ། དེ་ནས་གཏོར་མ་ནང་མཆོད་ཀྱིས་བྲན་ཞིང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ཨོཾ་སརྦ་ཛྙཱ་ན་ལོ་ཀ་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ཤིང་། ཧོ། མཐའ་གཉིས་བྲལ་བ་དབུ་མ་ཆེན་པོ་ལས། །རང་བྱུང་རིག་རྩལ་རོལ་པ་འགག་མེད་མགྲོན། །འཁོར་འདས་རིས་མེད་སྲིད་ཞིར་གདལ་བ་ལ། །གནས་ལུགས་གཞི་ཡི་གཏོར་མ་མ་བཅོས་པ། །གང་ཤར་ཤར་གྲོལ་རྒྱུན་ཆད་མེད་པར་འབུལ། །འབད་རྩོལ་སྤྲོས་པ་བྲལ་བའི་ཀློང་དུ་བཞེས། །མ་རྟོགས་འཁྲུལ་པར་འཁྱམས་པའི་ཕུང་བྱེད་བདུད། །བདག་འཛིན་ཉོན་མོངས་དཔུང་འདི་ཆམ་ལ་ཕོབ། །སྡུག་བསྔལ་ཀུན་གྱི་རྩ་བ་
དབྱིངས་སུ་སྟོར། །ཞི་བ་ཆེན་པོའི་ཕྲིན་ལས་ལྷུན་གྲུབ་མཛོད། །རེ་དོགས་དབུལ་འགོང་སྙིང་གི་ཚང་ནས་ཕུད། །རྩོལ་མེད་ཡིད་བཞིན་གཏེར་གྱི་སྒོ་འཕར་ཕྱེས། །རང་སྣང་དབང་དུ་འདུ་བའི་གཞི་ཚུགས་ནས། །གཞན་སྣང་ཟིལ་འོག་ཆུད་པའི་ཕྲིན་ལས་མཛོད། །སྤང་ཐོབ་བྲལ་བའི་ཡེ་ཤེས་མངོན་གྱུར་ཏེ། །བདུད་བཞིའི་གཡུལ་ངོ་ཤུགས་ཀྱིས་ཕམ་པ་དང་། །ཉོན་མོངས་མི་མཐུན་ཚོགས་ཀྱི་སྤ་བཀོང་ཞིང་། །ལས་ཆེན་རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་མཛོད། །ཕཊ། ཅེས་ཕྲིན་ལས་བཅོལ། དེ་ནས་རྒྱས་པར་སྤྲོ་ན་དེ་དག་གི་རྗེས་འབྲེལ་མེ་ཞགས་འཕེན་པ། མེ་བྲོ་རྡུང་བ། བཀྲ་ཤིས་གཡང་གཏད་བཅས་བྱའོ། །དང་པོ་གནས་གདོན་དང་ལུས་གདོན་སོགས་ཀྱིས་ཐེབ་པ་ལ་མེ་ཞགས་འཕེན་སྐབས་སྦྱིན་སྲེག་གི་མེ་ཐབ་དང་བཅས་པ་འཁྱེར་བདེ་ན་ལེགས། མིན་ཡང་དེ་ཡི་མེ་སྣོད་གཞན་དུ་བླངས་ལ་འཁྱེར་བདེ་བར་བྱ། རྟ་བོན་སྐྱ་སུ་ཕྱེ་དང་སྦགས་པ་ལ་མར་ཁུ་ཅུང་ཟད་འཕུར་བ་སྔ་ཚགས་བྱ། གསེར་སྐྱེམས། རྃ་ཡྃ་ཁྃ་གིས་
བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། ཕཊ། ཕཊ། ཕཊ། ཧཱུྃ། སྐྱབས་ཀྱི་མཐར་ཐུག་སངས་རྒྱས་ཉག་གཅིག་པ། །བྲལ་སྨིན་ཡོན་ཏན་ཆེན་པོའི་བདག་ཉིད་ཅན། །དབྱེར་མེད་རྩ་གསུམ་ལྷ་རྣམས་ཕུད་ཀྱིས་མཆོད། །བདག་རྟོག་སྙེམ་བྱེད་འདུལ་བའི་དགོངས་རྩལ་སྤོར། །ཁྱད་པར་རིག་གདངས་སོ་མའི་ངོར་ཤར་བ། །ཨ་མ་ལབ་སྒྲོན་བདུད་འདུལ་ཁྲོས་མ་ནག །གཅོད་ཡུལ་བརྒྱུད་པའི་ལྷ་རྣམས་ཕུད་འདི་བཞེས། །དུག་གསུམ་གདོན་ཚོགས་འདུལ་བའི་ལས་ལ་བཞེངས། །ཀུན་བཏགས་རྫོབ་ཀྱི་བདེན་པ་མི་སླུ་བས། །མངོན་སུམ་སྣང་བའི་ཕྱོགས་སྐྱོང་སྡེ་བརྒྱད་དང་། །ལོ་ཟླ་ཞག་དུས་ལྷ་རྣམས་ཕུད་འདི་བཞེས། །ལྟར་སྣང་དགྲ་གདོན་སྟེང་དུ་གཡུལ་ངོ་ཤོམས། །འདི་ན་ཡུམ་ཆེན་ཁྲོས་མའི་རྣལ་འབྱོར་པས། །ཐོག་མེད་དུས་ནས་འཁྲུལ་པའི་གདོན་འདི་དག །ཐབས་མཁས་
ཐུགས་རྗེས་ཚར་གཅོད་རྗེས་བཟུང་ཕྱིར། །སྲིད་པ་གཤིག་བྱེད་དུས་མེའི་སྒྱོགས་འཕེན་པའི། །གདོང་དུ་སུ་ཡང་མ་འདུག་གཞན་དུ་བྱོལ། །གལ་ཏེ་ཕོག་ན་ལེ་ལན་བགེགས་ལ་སྡོས། །ང་ནི་མ་ཉེས་དུས་གསུམ་རྒྱལ་བའི་བཀའ། །རས་སུ་མི་འདོར་གཞན་ཕན་ལས་འདི་བརྩམ། །ཁྱེད་རྣམས་དགྱེས་པའི་གད་མོ་སྲིད་རྩེར་སྒྲོགས། །རྣམ་དཀར་འབྲས་བུ་བསླུ་མེད་འགྲུབ་པར་མཛོད། །ཅེས་ཕུད་སྐྱེམས་མཆོད། སྙིང་རྗེའི་ཤུགས་རབ་ཏུ་བསྐྱེད། ལྟ་བའི་གདེང་དང་བཅས་དད་པའི་ཡུས་ཆེན་པོས་ཐུགས་དམ་བསྐུལ་བ་ནི། ཕཊ་ཨ། ཡེ་ནས་མ་སྐྱེས་སྨྲ་བསམ་བརྗོད་ལས་འདས། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་དུ་སྣང་མཛད་མ། །དེ་དང་གཉིས་མེད་འཁོར་འདས་མགྲོན་སྤྱི་དང་། །ཁྱད་པར་ཌཱ་ཀི་མ་གཅིག་ལབ་ཀྱི་སྒྲོན། །རིགས་ལྔའི་མཁའ་འགྲོ་བྱེ་བ་དུང་ཕྱུར་རྣམས། །རིས་མེད་འགྲོ་བ་འདུལ་
བའི་དམ་བཅས་ན། །ད་ལྟ་རྩོད་དུས་ཡང་མཐར་ཐུག་པའི་ཚེ། །གདུལ་བྱའི་ཡུལ་རྣམས་གཉིས་འཛིན་རྒྱ་ལ་ཚུད། །ལོག་རྟོག་གདོན་གྱིས་སྡུག་བསྔལ་ཟུག་རྔུ་བསྐྱེད། །ཕན་ཚུན་མི་དགེའི་གནས་སུ་ལྷུང་ངེས་པས། །མི་རིངས་སྙིང་རྗེ་ཁྲོས་པའི་སྐུར་བཞེངས་ལ། །འཇིགས་པའི་གད་མོ་རྔམ་པའི་སྟངས་སྟབས་ཅན། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དམག་གི་དཔུང་། །རྩལ་ཤུགས་རིག་གདངས་སོ་མའི་དཔའ་གཏུམ་ཅན། །སྟོང་གསུམ་སིལ་བུར་གཏོང་བའི་གཡུལ་ཤོམས་ལ། །བདག་མེད་རིག་པའི་མཚོན་ཆ་རྣོ་ངར་དབལ། །བཏབ་ན་འཁོར་འདས་དུས་གཅིག་འབིག་བྱེད་པའི། །རལ་གྲི་གྲི་གུག་ཐོག་མདའ་ཆར་བཞིན་སྙིལ། །ཡེ་ཤེས་དུས་མེའི་སྒྱོགས་ཀྱིས་གནམ་ས་སྒུལ། །སྲིད་པ་འཁྲུལ་པའི་འཁོར་ལོ་སྤྱི་ནས་ཤིགས། །སྲིད་གསུམ་འཁོར་བར་འཁྱམས་པའི་རྨིང་འདི་སྒྱེལ། །
དུག་གསུམ་གདོན་དུ་བབ་པའི་འབྱུང་པོ་ཐུལ། །ང་བདག་རིས་སུ་ཆད་པའི་རྟོག་ངན་ཟློག །ཕཊ། ཕཊ། ཕཊ། དེ་ནས་མེ་ཞགས་བཟུང་ལ། ཧཱུྃ། དབུས་ནས་སངས་རྒྱས་མཁའ་འགྲོའི་དམག་གི་དཔུང་། །ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །གཏི་མུག་ཀླུ་སྲིན་གནས་དང་ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་ཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །བདེ་གཤེགས་ཁྲོས་མའི་དམག་དཔུང་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་གཤིག་བྱེད་རྒྱོབས། །འཁོར་ལོའི་ཐོག་ཆར་འཁོར་བ་མཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་
གཉིས་མེད་ཀློང་དུ་ཆོམས། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱལ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཕཊ། ཕཊ། ཕཊ། ཁྱིམ་གྱི་ཕུག་ཏུ་འཕང་། ཧཱུྃ། ཤར་ནས་རྡོ་རྗེ་མཁའ་འགྲོའི་དམག་གི་དཔུང་། །མེ་ལོང་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །ཞེ་སྡང་ཕོ་གདོན་རྒྱལ་འགོང་གནས་ལུས་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་འཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །བཛྲ་ཁྲོས་མའི་དམག་དཔུང་དེར་བསྐྱོད་ལ། །ཡེ་
ཤེས་མེ་སྒྱོགས་སྲིད་པ་གཤིག་བྱེད་རྒྱོབས། །རྡོ་རྗེའི་ཐོག་ཆར་འཁོར་བ་མཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་ཆོམས། །བག་ཆགས་གནས་ངན་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱལ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་ཤར་དུ་འཕང་། ཧཱུྃ། ལྷོ་ནས་རིན་ཆེན་མཁའ་འགྲོའི་དམག་གི་དཔུང་། །མཉམ་ཉིད་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །ང་རྒྱལ་ལྷ་གདོན་གནས་དང་ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་འཚོལ་བའི་
རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །རིན་ཆེན་ཁྲོས་མའི་དམག་དཔུང་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་གཤིག་བྱེད་རྒྱོབས། །རཏྣའི་ཐོག་ཆར་འཁོར་བ་མཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་ཆོམས། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱལ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་ལྷོ་རུ་འཕང་། ཧཱུྃ། ནུབ་ནས་པདྨ་མཁའ་འགྲོའི་དམག་གི་དཔུང་། །སོར་རྟོག་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །འདོད་ཆགས་མོ་འདྲེ་གནས་དང་ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་
གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་འཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །པདྨ་ཁྲོས་མའི་དམག་དཔུང་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་གཤིག་བྱེད་རྒྱོབས། །པདྨའི་ཐོག་ཆར་འཁོར་བ་མཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་ཆོམས། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱལ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་ནུབ་ཏུ་འཕང་། ཧཱུྃ། བྱང་ནས་ལས་ཀྱི་མཁའ་འགྲོའི་དམག་གི་དཔུང་། །བྱ་གྲུབ་ཡེ་ཤེས་དབྱིངས་ནས་བཞེངས་ཙ་ན། །ཁྲོ་རྔམ་གཏུམ་པའི་གཡུལ་གྱིས་གནམ་ས་སྒུལ། །ཕྲག་དོག་བཙན་འགོང་གནས་དང་
ལུས་ཀྱི་གདོན། །མ་རིག་འཁྲུལ་རྟོག་བགེགས་ཀྱི་ཚང་ཚིང་རྣམས། །རིག་སྟོང་དུས་མེ་འབར་བས་གཞོམ་པར་ངེས། །དེ་ཕྱིར་གནས་འདིར་མི་འོས་མཁའ་མཐར་དེངས། །གལ་ཏེ་བཀའ་འདས་ཀླན་ཀ་ཚོལ་བའི་རིགས། །གནམ་ས་བླ་འོག་བར་གསུམ་གར་གནས་པར། །ལས་ཀྱི་ཁྲོས་མའི་དཔུང་རྣམས་དེར་བསྐྱོད་ལ། །ཡེ་ཤེས་མེ་སྒྱོགས་སྲིད་པ་གཤིག་བྱེད་རྒྱོབས། །རལ་གྲིའི་ཐོག་ཆར་འཁོར་བ་མཐར་བྱེད་ཕོབ། །གཉིས་འཛིན་གཟུགས་ཕུང་གཉིས་མེད་ཀློང་དུ་ཆོམས། །བག་ཆགས་འཁྲུལ་པའི་སྲོག་རྟེན་རྦད་ཀྱིས་ཆོད། །གདུལ་དཀའ་གནས་ངན་ལེན་པའི་རྒྱུན་ཆད་ནས། །གཞི་དབྱིངས་མ་བཅོས་ཀློང་དུ་ཕྱལ་གྱིས་འདྲེས། །བྱེད་པོ་གང་གིས་མི་ཕྱེད་རོ་གཅིག་གྱུར། །ཨ་ཕཊ། མེ་ཞགས་བྱང་དུ་འཕང་། ཧཱུྃ། མཐའ་དང་དབུས་མེད་ཕྱོགས་བྲལ་དུར་ཁྲོད་ནས། །རིག་པའི་
ངོ་བོ་གཅོད་ཡུལ་རྩ་བ་གསུམ། །རྔམ་གཏུམ་སྙིང་རྗེ་ཁྲོས་པའི་སྐུར་བཞེངས་ལ། །བདག་རྟོག་སྙེམ་བྱེད་ལས་བྱུང་གདུག་པའི་འདྲེ། །ཕངས་པའི་སྒྱུ་ལུས་བྱིན་ཀྱང་མི་ཚིམ་ཞིང་། །བདེན་པའི་དམ་ཆོས་བཤད་ཀྱང་མི་གྲོལ་བའི། །འབྱུང་པོ་ཡིད་ཀྱི་གཟུགས་ཅན་མ་རུངས་པ། །སྔ་འདྲེ་རྙིང་པ་ད་འདྲེ་གསར་པ་སོགས། །ཁྱིམ་གྱི་སྒོ་དང་ལམ་སྲང་འདིར་འགྲིམ་ཞིང་། །ཉེས་མེད་འགྲོ་ལ་འཚེ་བའི་བསམ་སྦྱོར་ཅན། །གདུལ་དཀའ་ཐར་མེད་སྒྲུབ་འདིའི་དབང་མ་གཏོང་། །མ་གཡེལ་ཡེ་ཤེས་ལྔ་ལྡན་དམག་གི་དཔུང་། །འཁོར་འདས་ཤན་འབྱེད་གཡུལ་ངོ་འདི་ལ་སྤྲོད། །བྲོས་ན་བྱམས་པའི་ལྕགས་ཀྱུས་མྱུར་དུ་དྲོངས། །འགུལ་ན་སྙིང་རྗེའི་ཞགས་པས་དབང་མེད་སྡོམས། །སྦྱོར་བ་མི་རུང་དགའ་བའི་ལྕགས་སུ་ཆུག །བསམ་པ་ངན་པ་བཏང་སྙོམས་དྲིལ་བུས་མྱོས། །གཟུགས་ཕུང་ཐལ་འབྱིན་
རྡོ་རྗེའི་མེ་ཆར་ཕོབ། །བག་ཆགས་ཡིད་ལུས་བྱེ་མའི་ཁང་བུ་ཤིགས། །བདག་ལྟའི་འཆིང་བ་ཡེ་ཤེས་མེ་ལ་སྦོར། །གཞི་དབྱིངས་ཆོས་སྐུའི་ཀློང་དུ་རང་གྲོལ་ཤོག །ཨ་ཕཊ། ཁྱིམ་སྒོ་ལམ་སྲང་ཐམས་ཅད་ལ་མེ་ཞགས་ཁྱབ་པར་འཕང་ངོ་། །གཉིས་པ་མེ་བྲོ་ནི། སླ་ངའི་མེ་སྦྱིན་སྲེག་ནང་དུ་བྱོ། མེ་མ་འཐོར་བར་བསྡུས་ལ། རང་ཉིད་ཆས་སམ་མཆོད་གཡོག་དུ་ཡོད་དབུ་རྒྱན་ཌཱ་དྲིལ་བཅས་མེ་ཐབ་བསྐོར་ཞིང་མེ་བྲོ་རྡུང་བཅུག་ལ། ཧཱུྃ། མཉམ་ཉིད་དབུ་མའི་ས་གཞི་ལ། །བདེ་གཤེགས་རིགས་ཀྱི་བྲོ་རྡུང་བ། །བདེན་གཉིས་མཉམ་ཉིད་ཡངས་པའི་བྲོ། །བྲོ་དཔོན་ཡུམ་ཆེན་ཁྲོས་མས་མཛད། །བྲོ་བ་སངས་རྒྱས་མཁའ་འགྲོའི་གར། །བྲོ་ར་ཆོས་འབྱུང་བསྣོལ་མ་སྐོར། །ཟུར་དྲུག་རིགས་དྲུག་སྒོ་གཅོད་བྲོ། །རྒྱུ་དྲུག་ཚོགས་དྲུག་དག་པའི་བྲོ། །དུས་དྲུག་ཡུལ་དྲུག་སྟོང་པའི་བྲོ། །ཉོན་དྲུག་འཆལ་དྲུག་སངས་པའི་བྲོ། །ཁུག་དྲུག་ཕྱིན་དྲུག་གཡང་འཁྱིལ་བྲོ། །རྒྱན་དྲུག་
ཆོས་དྲུག་མཐར་ཕྱིན་བྲོ། །དཔའ་བོའི་སྟངས་སྟབས་ཐབས་ཀྱི་བྲོ། །དཔའ་མོའི་གར་སྒྱུར་ཤེས་རབ་བྲོ། །ལྷན་སྐྱེས་མུན་པ་གཞོམ་པའི་བྲོ། །སྙེམ་བྱེད་མགོ་བོ་རྡུང་བའི་བྲོ། །དམ་སྲི་དབྱིངས་སུ་མནན་པའི་བྲོ། །རང་རིག་སྤྲོས་བྲལ་ཡུམ་ཆེན་བྲོ། །འགྱུར་མེད་བདེ་ཆེན་ཨ་ལ་ལ། །ཕཊ། ཕཊ། ཕཊ། ཧཱུྃ། ཤར་ཕྱོགས་ཞི་བའི་ས་གཞི་ལ། །མི་བསྐྱོད་རིགས་ཀྱི་རྩེ་བྲོ་བརྡུང་། །བྲོ་དཔོན་བདེ་ཆེན་དཀར་མོས་མཛད། །བྲོ་བ་རྡོ་རྗེ་མཁའ་འགྲོས་སྐོར། །བྲོ་ར་ཟླུམ་པོ་ཞི་བའི་ཀློང་། །རྟེན་གཡོའི་རྒུད་པ་ཞི་བའི་བྲོ། །སྙིགས་མའི་རང་མདངས་ཡལ་བའི་བྲོ། །མི་ཕྱུགས་ནད་ཡམས་ཞི་བའི་བྲོ། །ལས་ཉོན་སྡིག་སྒྲིབ་དག་པའི་བྲོ། །བསྟན་པའི་བར་གཅོད་ཞི་བའི་བྲོ། །གཉིས་སྣང་རྨོངས་པ་སངས་བའི་བྲོ། །ཞི་བ་མཐར་ཕྱིན་ཆོས་སྐུའི་བྲོ། །གཉུག་མ་སྤྲོས་བྲལ་ཨ་ལ་ལ། །ཕཊ། ཕཊ། ཕཊ། ཧཱུྃ། ལྷོ་
ཕྱོགས་རྒྱས་པའི་ས་གཞི་ལ། །རིན་ཆེན་རིགས་ཀྱི་འགྱིང་བྲོ་བརྡུང་། །བྲོ་དཔོན་སེར་མོ་དོན་འགྲུབ་མཛད། །བྲོ་བ་རིན་ཆེན་མཁའ་འགྲོའི་ཚོགས། །བྲོ་ར་གྲུ་བཞི་རྒྱས་པའི་གླིང་། །འབྱུང་བཞིའི་དྭངས་མ་རྒྱས་པའི་བྲོ། །ཡུལ་ཁམས་ས་བཅུད་འཕེལ་བའི་བྲོ། །སྐྱེ་འགྲོའི་བདེ་སྐྱིད་རྒྱས་པའི་བྲོ། །དཔལ་ཡོན་མངའ་ཐང་རྒྱས་པའི་བྲོ། །ཚེ་དབང་སྙན་གྲགས་རྒྱས་པའི་བྲོ། །དད་མོས་ལྷག་བསམ་རྒྱས་པའི་བྲོ། །རྒྱལ་བསྟན་བཤད་སྒྲུབ་རྒྱས་པའི་བྲོ། །བསླབ་གསུམ་ནོར་བུ་རྒྱས་པའི་བྲོ། །བློ་འདས་ལྟ་སྒོམ་རྒྱས་པའི་བྲོ། །མངོན་རྟོགས་ས་ལམ་གོང་འཕེལ་བྲོ། །མ་སྒྲུབ་འབྲས་བུ་མཐར་ཕྱིན་བྲོ། །འཕྲིན་ལས་འབད་མེད་མཐའ་རྒྱས་བྲོ། །རྒྱས་པ་ལྷུན་གྲུབ་བདེ་ཆེན་ངང་། །བྲལ་སྨིན་ཡོན་ཏན་ཨ་ལ་ལ། །ཕཊ། ཕཊ། ཕཊ། ཧཱུྃ། ནུབ་ཕྱོགས་དབང་སྡུད་ས་གཞི་ལ། །དབང་ཆེན་
རིགས་ཀྱི་ལྡེམས་བྲོ་བརྡུང་། །བྲོ་དཔོན་པདྨ་སྒྲ་སྒྲོག་མཛད། །བྲོ་བ་པདྨ་མཁའ་འགྲོའི་ཚོགས། །བྲོ་ར་ཟླ་གམ་ཀུན་འཛོམས་གླིང་། །སྲིད་ཞིའི་ཕུན་ཚོགས་སྡུད་པའི་བྲོ། །གླིང་བཞིའི་དཔལ་གཡང་འགུགས་པའི་བྲོ། །བཟང་རྒུའི་ནོར་དབྱིག་འཛོམས་པའི་བྲོ། །ཞིམ་མངར་ཟས་བཅུད་འགུགས་པའི་བྲོ། །དཔའ་འཛང་སྟག་ཤར་འཛོམས་པའི་བྲོ། །མཛེས་འཛུམ་སྨན་བཙུན་འགུགས་པའི་བྲོ། །རྒྱལ་ཁམས་ཆོས་ལ་འཛོམས་པའི་བྲོ། །སྐལ་ལྡན་སློབ་ཚོགས་འགུགས་པའི་བྲོ། །འདུས་པའི་པད་ཚལ་འཛུམ་པའི་བྲོ། །ཁྲིམས་གཙང་ཟིལ་མངར་འགུགས་པའི་བྲོ། །མཁས་ཚུལ་དྲི་བསུང་འཕྲོ་བའི་བྲོ། །གྲུབ་པའི་ཉམ་རྟོགས་འགུགས་པའི་བྲོ། །བསམ་དོན་འབད་མེད་འགྲུབ་པའི་བྲོ། །སོ་སོར་རྟོག་པའི་ཡེ་ཤེས་བྲོ། །མཉམ་ཉིད་རིག་སྟོང་སོ་མའི་ངང་། །ཁམས་གསུམ་ཡོངས་གྲོལ་ཨ་ལ་ལ། །ཕཊ།
ཕཊ། ཕཊ། ཧཱུྃ། བྱང་ཕྱོགས་དྲག་པོའི་ས་གཞི་ལ། །བྱ་གྲུབ་རིགས་ཀྱི་འཁྱུག་བྲོ་བརྡུང་། །བྲོ་དཔོན་སྣ་ཚོགས་མཐར་ཕྱིན་མཛད། །བྲོ་བ་ཀརྨ་མཁའ་འགྲོའི་ཚོགས། །བྲོ་ར་ཟུར་གསུམ་ཚར་གཅོད་ཀློང་། །བདུད་བཞི་རྩ་བ་གཅོད་པའི་བྲོ། །གཉིས་སྣང་འཁྲུལ་རྟོག་གཅོད་པའི་བྲོ། །དུག་ལྔའི་མགོ་བོ་གཅོད་པའི་བྲོ། །སེར་སྣ་བསེ་རག་གཅོད་པའི་བྲོ། །ཕུག་གསོག་འགོང་པོ་འཕུད་པའི་བྲོ། །ལོག་ལྟ་དམ་སྲི་གནོན་པའི་བྲོ། །ལེ་ལོ་སྙོམ་ལས་གཅོད་པའི་བྲོ། །ཐར་ལམ་བར་གཅོད་འཁྲོལ་བའི་བྲོ། །བཀའ་ཆད་དགྲ་དཔུང་ཟློག་པའི་བྲོ། །ཤི་འདྲེ་གདོན་བགེགས་འདུལ་བའི་བྲོ། །ནད་མཚོན་མུ་གེ་འཇོམས་པའི་བྲོ། །བཙའ་སད་གོད་ཁ་གཅོད་པའི་བྲོ། །སྐག་རིགས་མི་མཐུན་ཟློག་པའི་བྲོ། །བཟློག་བྱ་ཀུན་གཞིའི་བག་ཆགས་གདོན། །ཟློག་བྱེད་གཡོ་མེད་རྡོ་རྗེའི་མཚོན། །
མཐའ་བྲལ་མཉམ་ཉིད་ཡུམ་ཆེན་ཀློང་། །རེ་དོགས་བྲལ་བ་ཨ་ལ་ལ། །ཕཊ། ཕཊ། ཕཊ། དེ་ནས་རྒྱས་པའི་མེ་ལྷའི་གཏོར་མ་ཕྱི་མི་ལ་མི་སྦྱིན། དབང་དང་ཞི་བ་ཁྲོས་མའི་མེ་ལྷའི་གཏོར་མ་སོགས་དངོས་གྲུབ་ཀྱི་རྫས་དང་། ཚོགས་དུམ་རེ་ཐམས་ཅད་ལ་སྦྱིན། རང་གིས་ཀྱང་བཟའ་སྟེ། ནས་འཐོར་བཞིན་བཀྲ་ཤིས་གཡང་གཏད་ནི། ཧཱུྃ། བཀའ་བརྒྱུད་བླ་མའི་བྱིན་རླབས་གཏེར། །ཐོག་བབ་དགོངས་རྒྱུད་འཕོ་བ་དང་། །གནས་ལུགས་རང་ཞལ་ངོ་སྤྲད་པ། །འགྱུར་བ་མེད་པའི་བཀྲ་ཤིས་ཤོག །སངས་རྒྱས་མཁའ་འགྲོའི་བྱིན་རླབས་གཏེར། །ཟག་མེད་ཆོས་སྐུའི་སྡོང་པོ་ལ། །མཚན་དཔེའི་གེ་སར་རབ་བཞད་པ། །འགྱུར་བ་མེད་པའི་བཀྲ་ཤིས་ཤོག །རྡོ་རྗེ་མཁའ་འགྲོའི་བྱིན་རླབས་གཏེར། །སྤྲོས་བྲལ་དབུ་མའི་མཁའ་དབྱིངས་སུ། །ཡེ་ཤེས་ཉི་མའི་དཀྱིལ་འཁོར་རྒྱས། །འགྱུར་བ་མེད་པའི་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོའི་བྱིན་རླབས་གཏེར། །མཆོག་ཐུན་
དངོས་གྲུབ་ནོར་བུ་ཐོབ། །བྲལ་སྨིན་ཡོན་ཏན་དཔལ་ལྡན་པ། །འགྱུར་བ་མེད་པའི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོའི་བྱིན་རླབས་གཏེར། །གསུང་སྙན་འགག་མེད་ཆོས་མཛོད་ལ། །ཚངས་དབྱངས་ཡན་ལག་དྲུག་ཅུ་ལྡན། །འགྱུར་བ་མེད་པའི་བཀྲ་ཤིས་ཤོག །ཀརྨ་མཁའ་འགྲོའི་བྱིན་རླབས་གཏེར། །ཕྲིན་ལས་རྒྱ་མཚོ་ལྷུན་གྲུབ་དཔལ། །རྟོག་མེད་འགྲོ་དོན་མཐར་ཕྱིན་པ། །འགྱུར་བ་མེད་པའི་བཀྲ་ཤིས་ཤོག །དེ་ནས་མེ་ཟོར་ཞུ་མཁན་རྣམས་རང་གནས་སུ་འགྲོ་བ་སོགས་གང་བདེ་ཆོག །གསུམ་པ་རྗེས་ཀྱི་རིམ་པ་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིས་སྩལ་པ། །དེ་ཀུན་མགོན་པོའི་གཟོད་པར་གསོལ། །ཅེས་ནོངས་པ་བཤགས་ཤིང་། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་
པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་བསྟོད། །ཅེས་ཡུམ་དོན་ལ་མཉམ་པར་བཞག་ཅིང་། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་བསྒྲང་། ཕཊ། ནམ་མཁར་སྲབ་མོའི་སྤྲིན་ཚོགས་ཡལ་བ་བཞིན། །སྤྱན་དྲངས་རྟོག་ཚོགས་མགྲོན་རྣམས་དབྱིངས་སུ་གཤེགས། །བསྐྱེད་པའི་དམ་ཚིག་འཁོར་ལོ་འབར་བ་དངོས། །གོས་དཀར་ལྷ་མོ་རང་གི་དྲོད་ལ་ཐིམ། །ཨ་ཕཊ། ཅེས་པས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བདག་ལ་ཐིམ་པར་བསམས་ཤིང་མཉམ་པར་བཞག །ཕཊ། དུས་གསུམ་རྒྱལ་དང་དེའི་སྲས་མཆོག་རྣམས་ཀྱིས། །ཐུགས་བསྐྱེད་སྨོན་ལམ་བདག་གིས་འགྲུབ་པར་ཤོག །དགེ་ཚོགས་འདི་དག་རང་གཞན་སེམས་ཅན་ཀུན། །ཡུམ་ཆེན་རྒྱལ་བའི་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་རྣམ་པར་དཀར་བའི་
བསྔོ་བ་དང་སྨོན་ལམ་གྱི་རྒྱས་བཏབ་ནས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་རྒྱལ་བའི་ཞལ་ནས་གསུངས་པའི་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གི་ཆར་སྙིལ་ཏེ་འཇིག་རྟེན་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །འཕྲོས་དོན་ལས་བཞིའི་མེ་མཆོད་བསྡུས་པར་འདོད་ན། ཐབ་ཐིག་བསྡུས་པ་བཏབ་སྟེ། བདག་བསྐྱེད་མཆོད་རླབས་མེ་གཡབ་བཅས་བསྡུས་པ་བྱས་ཐོག་ཐབ་ལ་བདུད་རྩི་འཐོར་ཏེ། ཨོཾ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་ཆེན་ལྷུན་འབྱམས་སྣང་སྲིད་འོག་མིན་ཞིང་། །ཡེ་ཤེས་འོད་ལྔའི་ཞུགས་སྟོང་འབར་བའི་ཀློང་། །ཆོས་འབྱུང་ཟུར་དྲུག་གཞལ་ཡས་ཡངས་པའི་དབུས། །པདྨ་འདབ་བཞིའི་ཁྲི་ཆེན་ཉི་གདན་སྟེང་། །བྃ་དང་ཧ་རི་ནི་ས་ཡོངས་གྱུར་ལས། །
མ་གཅིག་ཁྲོས་མ་རིགས་ལྔ་དྲན་རྫོགས་གསལ། །གནས་གསུམ་འབྲུ་གསུམ་ཐུགས་དབུས་ས་བོན་ལས། །འོད་འཕྲོས་ཡེ་ཤེས་ཁྲོས་མ་སྤྱན་དྲངས་གྱུར། །ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་ཁྲོས་མ་འཁོར་བཅས་གཤེགས་སུ་གསོལ། །བྃ་ཧ་རི་ནི་ས་ཨེ་ཧྱ་ཧི། ཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལ་ཡ་སྟྭྃ། ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། དེ་ནས་བྱོན་སྐྱེམས་སོགས་དཀྱུས་ལྟར་ལ། ཁྲོས་མའི་ལྷ་སྔགས་ཀྱི་ཁྱད་པར། བྃ་ཧ་རི་ནི་ས་པཉྩ་ཌཱ་ཀི་ནཱི་ས་པཱ་རི་ཝཱ་ར་དང་རྫས་སྔགས་སྦྲེལ་མ་རབ། འབྲིང་བདུན་ནམ་གསུམ། ཐ་གཅིག་གིས་སྣ་དྲངས་པའི་ལས་བཞིའི་མེ་མཆོད་གྲུབ་རྗེས། ལྷ་ཚོགས་སྐུ་ལས་ལས་མཐུན་འོད་ཟེར་འཕྲོས། །བདག་ཅག་དཔོན་སློབ་ཀུན་ལ་ཕོག་པ་ཡིས། །ཞི་རྒྱས་དབང་དྲག་ལྷུན་གྲུབ་ཕྲིན་ལས་རྣམས། །རྩོལ་མེད་
ཡིད་བཞིན་འགྲུབ་པའི་བདག་ཉིད་གྱུར། །ཨོཾ་ཨཱཿཧཱུཾ་བྃ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། བརྒྱ་སྟོང་སོགས་ཀྱིས་རྫས་སྤུང་མཆོད། དེ་ནས་གཏོར་མ་བདུད་རྩིས་བྲན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱས་བརླབ། ཨོཾ་ཨཱཿཧཱུྃ་བྃ་གུ་རུ་ཧ་རི་ནི་ས་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། ཉེར་སྤྱོད། ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་མཆོད། ཕྲིན་བཅོལ་ནི། ཧཱུྃ། མ་གཅིག་ཡུམ་ཆེན་སངས་རྒྱས་ཁྲོས་མ་ནག །ལྷུན་གྲུབ་ལས་མཛད་སྔོན་མོ་འབུམ་སྡེ་ཡིས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །ཕྲིན་ལས་ཕུན་ཚོགས་ཐོགས་མེད་བསྒྲུབ་པར་མཛོད། །ཧཱུྃ། མ་གཅིག་མཛེས་སྐུ་བདེ་ཆེན་དཀར་མོ་དང་། །ཞི་མཛད་རྡོ་རྗེ་མཁའ་འགྲོ་འབུམ་སྡེ་ཡིས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །
སྲིད་ཞིའི་ཉམས་རྒུད་ཐོགས་མེད་ཞི་བར་མཛོད། །ཧཱུྃ། མ་གཅིག་ཡོན་ཏན་སེར་མོ་དོན་འགྲུབ་དང་། །རྒྱས་མཛད་རིན་ཆེན་མཁའ་འགྲོ་འབུམ་སྡེ་ཡིས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །སྲིད་ཞིའི་དཔལ་ཡོན་ཐོགས་མེད་རྒྱས་པར་མཛོད། །ཧཱུྃ། མ་གཅིག་གསུང་དབྱངས་དམར་མོ་སྒྲ་སྒྲོག་དང་། །དབང་མཛད་པདྨ་མཁའ་འགྲོ་འབུམ་སྡེ་ཡིས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །སྲིད་ཞིའི་དྭངས་བཅུད་ཐོགས་མེད་སྡུས་པར་མཛོད། །ཧཱུྃ། མ་གཅིག་ཕྲིན་ལས་སྣ་ཚོགས་མཐར་ཕྱིན་དང་། །སྒྲོལ་མཛད་ཀརྨ་མཁའ་འགྲོ་འབུམ་སྡེ་ཡིས། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། །སྲིད་ཞིའི་བར་གཅོད་ཐོགས་མེད་སྒྲོལ་བར་མཛོད། །ཅེས་རྗེས་འབྲེལ་མེད་སྐབས་གཏོར་མ་ཡོངས་རྫོགས་དང་ཡོད་དུས་སུམ་ཉིས་མེ་ཐབ་ཏུ་མཆོད། ཧྲཱིཿ དཔལ་ལྡན་སངས་རྒྱས་མཁའ་འགྲོ་མ། །
མཁའ་འགྲོ་མ་ཡི་སོགས་ཀྱིས་བསྟོད། མེ་ཟོར་འཕེན་པར་འདོད་ན་སྐྱེམས་འབུལ་བཞེངས་སྐུལ་ནས་བཟུང་དཀྱུས་ལྟར་བྱ་བའམ་བསྡུ་ན་སྐྱེམས་འབུལ་བཞེངས་བསྐུལ་ནས། ཧཱུྃ། མཐའ་དང་དབུས་མེད་ཕྱོགས་བྲལ་དུར་ཁྲོད་སོགས་ཀྱིས་མེ་ཞགས་ཁྱབ་པར་འཕང་། མི་དགོས་ཚེ། མ་འབྱོར་པ་སོགས་རྗེས་རིམ་སྤྱི་ལྟར་བྱས་པས་གྲུབ་བོ། །དེ་ཡང་ཚོགས་བརྒྱ་སོགས་རང་གཞན་གྱིས་ཚོགས་གསོག་རླབས་པོ་ཆེའི་མཐའ་རྒྱས་ཁ་སྐོང་སྐབས་མཆོད་སྦྱིན་གྱི་དངོས་གཞི་ཡིན་པས་མགྲོན་མཆོད་ངེས་པར་དགོས་ལ། བྱེ་བྲག་བསྙེན་པའི་ཁ་སྐོང་དང་། ཤི་རྒབ་གཅོད་པ། གོད་ཁ་གཅོད་པ། ནད་པ་གདོན་ཆེན་འདུལ་བ། དམེ་རྨུག་བཙོག་ནལ་སོགས་ཀྱི་ཁྱིམ་གཙང་མ་བྱེད་པ། ཁྱིམ་འདྲེ་ཅན་གྱི་གདོན་འཕུད་པ། བདེ་རིམ་ལ་ལར་རྐྱེན་ཁ་ཆེན་པོ་སེལ་བ་དང་། ལོ་ལེགས་ཕྱུགས་འཕེལ། དཔལ་རྒྱས། བཀྲ་ཤིས་སོགས་ལ་མགྲོན་མཆོད་མ་གྲུབ་ཀྱང་དྲག་པོའི་མེ་མཆོད་བསྟོད་པའི་རྗེས། ལྷ་ཚོགས་སྐུ་ལས་ལས་མཐུན་སོགས་བསྙེན་དམིགས། བསྙེན་པ། རྫས་སྤུང་འབུལ་བ་ཅི་རིགས་གྲུབ་རྗེས་ཨ་ཀཱ་རོ་སོགས་ནས་གཏོར་འབུལ། ཉེར་སྤྱོད། ནང་མཆོད། ཕྲིན་བཅོལ། བསྟོད་པ་
མེ་ཞགས་སོགས་བྱས་པས་ལས་བཞིའི་མེ་མཆོད་ཚང་ངོ་། །གང་ལྟར་རྫས་སྔགས་དམིགས་པའི་ཟབ་གནད་འཛོམས་དགོས་པས། སྡིག་སྒྲིབ་སྦྱོང་བ་ལ་ཏིལ། ནད་ཞི་ཆེད་གྲོ་དང་། སྨན་སྣ། ཚེ་སྲིང་བ་ལ་དཱུར་བ། ནོར་འཕེལ་བ་ལ་སོ་བ། བྱིས་གདོན་ལ་ཤིང་ཐོག །བསྟན་དགྲ་འདུལ་བར་ལིང་ཆུང་སོགས་སྐབས་ཐོབ་རྫས་སྔགས་གང་དགོས་དཔུང་བསྐྱེད་དེ་གསག་ཚུལ་ཞལ་ཤེས་དང་རིགས་པས་འཕྲུལ་ཤེས་པར་བྱའོ། །དེ་ལྟར་ལས་བཞི་ཕུན་ཚོགས་ཀྱི་མེ་མཆོད་འདི་ཉིད། ལས་བཞི་སོ་སོར་གྲུབ་ཏུ་རེ་ཡང་རྫས་ཆས་མི་འཛོམས་པ་དང་། དུས་ཚོད་ཀྱི་ལོང་སྐབས་དབེན་པ་རྣམས་ལ་གྲུབ་དབང་ཆགས་མེད་ཀྱི་གསུང་ལྟར་ཕྱོགས་བསྡུས་ཤིག་ཡོད་ན་བདེ་བ་ལྟར་སྣང་བས་མཁས་གྲུབ་མ་ཏི་རཏྣའི་བསྡུས་དོན་དང་མཐུན་པར་བཀོད་པ་ཡིན་ལ། ཤེར་བརྩོན་དང་མཐུན་རྐྱེན་བཟང་བ་དག་གིས་ལས་བཞི་སོ་སོར་སྲེག་མཆོད་འབུལ་ཐབས་འཇིགས་མེད་ཆོས་ཀྱི་སེང་གེའི་ཕྲིན་ལས་མྱུར་འགྲུབ་ཕྱག་ལེན་རྣམ་དག་གིས་བྱི་དོར་མཛད་པ་ལས་འདི་ལ་ཡིད་རྟོན་མི་བྱ་སྟེ་ནོར་བུ་བོར་ནས་འཆིང་བུ་ལེན་པ་ལྟར་ཁེ་སྟོར་བར་འགྱུར་བའི་ཕྱིར་རོ་ཞེས་སྙིང་ཐག་པ་ནས་ཞུ་བསྐུལ་འབུལ་བ་ལགས། སླར་སྨྲས་པ། འཕགས་བཞིའི་
ཡུམ་གྱུར་ཁྲོས་མ་ལྷ་ལྔ་ཡི། །འཕྲིན་ལས་དུས་གསུམ་རྒྱལ་བས་མི་སྒྲུན་པ། །བྱིས་བློས་ཕྱོགས་རེར་བཤད་པའི་ནོངས་པ་ཀུན། །བླ་མ་ལྷ་དང་མཁའ་འགྲོའི་ཚོགས་ལ་བཤགས། །འདིར་འབད་རྣམ་དཀར་ཏིལ་འབྲུའི་ས་བོན་ཙམ། །སྲིད་ན་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །བཤད་སྒྲུབ་ཕྱོགས་བརྒྱར་འཕེལ་བའི་བཀྲ་ཤིས་དང་། །ཆབས་ཅིག་འགྲོ་ཀུན་རྣམ་མཁྱེན་འཐོབ་པར་བསྔོ། །ཞེས་པ་ཆོས་རྗེ་འབའ་རོམ་པའི་དོན་བརྒྱུད་འཛིན་པ་བླ་མ་སྙིང་རྗེ་འོད་ཟེར་གྱིས་འདི་བཞིན་དགོས་ཚུལ་བཀའ་སློབ་གནང་བ་ལྟར། མཁན་མིང་པ་བཤད་སྒྲུབ་འགྱུར་མེད་ཀྱིས་ཡིག་རིས་སུ་བཏབ་པའོ།། །།
ཟུར་དེབ།
༈ {བསྟོད་པ་སོགས་ཀྱི་རྒྱུག་བྱང་ཟུར་དེབ་ནི།}མཆན། ཧཱུྃ་ཧྲཱིཿ མི་དམིགས་སྤྲོས་མཐའ་བྲལ་བའི་མཁའ་དབྱིངས་སུ། །སྤྲིན་དང་དབང་གཞུ་ཁུ་རླངས་ཇི་བཞིན་པར། །རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུས་བསྐྱེད་པ། །གཅོད་ཡུལ་རྒྱུད་པའི་བླ་མ་
བྱིན་རླབས་ཅན། །ཡི་དམ་མཁའ་འགྲོ་དངོས་གྲུབ་ཀུན་གྱི་མཛོད། །ཡེ་ཤེས་འཇིག་རྟེན་སྲུང་མ་ཕྲིན་ལས་མྱུར། །སྣང་སྲིད་ལྷ་འདྲེ་གཞི་བདག་དམ་ཚིག་བཙན། །ལན་ཆགས་ཤ་འཁོན་གནོད་བྱེད་དཀའ་དྲིན་ལྡན། །རིགས་དྲུག་འགྲོ་བ་སྙིང་རྗེའི་ཡུལ་བཅས་ཀྱིས། །འཁོར་འདས་གྱེས་སོར་གནས་པའི་རྣལ་འབྱོར་ལ། །དངོས་རྒྱུད་ཀུན་ནས་ཕན་འདོགས་བགྲང་མཐའ་ཡས། །ལ་ལས་དམ་པའི་ཚུལ་བཟུང་ངེས་གནས་སྟོན། །མཁྱེན་བརྩེ་ནུས་པའི་ཡོན་ཏན་སྒོ་འཕར་འབྱེད། །ལ་ལས་དམན་པའི་ཚུལ་གྱིས་ཀུན་རྟོག་སྒུལ། །སྙེམ་བྱེད་ངར་འཛིན་སློང་ཞིང་ཐེར་ལ་འདོན། །དེ་སོགས་བསམ་མི་ཁྱབ་པའི་བདག་ཉིད་ཅན། །དོན་དུ་བདག་མེད་སྟོན་ལ་དཀའ་དྲིན་མཉམ། །ཐམས་ཅད་ཡུམ་ཆེན་ཉིད་ལས་གཞན་མིན་པའི། །ངེས་ཤེས་ཁོང་ནས་སད་པའི་ཉམས་མཚར་པོས། །བཀའ་དྲིན་རྗེས་སུ་
དྲན་པའི་དབྱངས་ཀྱིས་བསྟོད། །ད་དུང་སྔར་ལས་མི་ཞན་ཐུགས་རྗེའི་མཐུ། །གཅིག་ཏུ་དྲིལ་བའི་མཛད་པ་རྨད་བྱུང་གིས། །བདག་འཛིན་རྨང་སྒྱེལ་རེ་དོགས་དྲུང་ནས་ཕྱུངས། །མ་སྐྱེས་མི་གནས་ཡེ་ཤེས་མངོན་གྱུར་མཛོད། །ཕཊ། ཕཊ། ཕཊ། ཅེས་བསྟོད། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། སོ་རྩི་འབུལ། ཨོཾ་སརྦ་བི་ཤྭ་ཨ་ལངྐ་ར་ཝསྟྲ་པྲ་ཏཱིཙྪ་ཡེ་སྭཱ་ཧཱས་རིན་ཕྱེ་གོས་ཟུང་འབུལ། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བརླབ། ཨོཾ་སརྦ་ཛྙཱ་ན་ལོ་ཀ་ས་པཱ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུརྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ཤིང་། ཧོ། མཐའ་གཉིས་བྲལ་བ་དབུ་མ་ཆེན་པོ་ལས། །རང་བྱུང་རིག་རྩལ་རོལ་པ་འགག་མེད་མགྲོན། །འཁོར་འདས་རིས་མེད་སྲིད་ཞིར་གདལ་བ་ལ། །གནས་ལུགས་གཞི་ཡི་གཏོར་མ་མ་བཅོས་པ། །གང་ཤར་ཤར་གྲོལ་རྒྱུན་ཆད་མེད་པར་འབུལ། །འབད་རྩོལ་སྤྲོས་པ་བྲལ་བའི་
ཀློང་དུ་བཞེས། །མ་རྟོགས་འཁྲུལ་པར་འཁྱམས་པའི་ཕུང་བྱེད་བདུད། །བདག་འཛིན་ཉོན་མོངས་དཔུང་འདི་ཆམ་ལ་ཕོབ། །སྡུག་བསྔལ་ཀུན་གྱི་རྩ་བ་དབྱིངས་སུ་སྟོར། །ཞི་བ་ཆེན་པོའི་ཕྲིན་ལས་ལྷུན་འགྲུབ་མཛོད། །རེ་དོགས་དབུལ་འགོང་སྙིང་གི་ཚང་ནས་ཕུད། །རྩོལ་མེད་ཡིད་བཞིན་གཏེར་གྱི་སྒོ་འཕར་ཕྱེས། །རང་སྣང་དབང་དུ་འདུ་བའི་གཞི་ཚུགས་ལ། །གཞན་སྣང་ཟིལ་འོག་ཆུད་པའི་ཕྲིན་ལས་མཛོད། །སྤང་ཐོབ་བྲལ་བའི་ཡེ་ཤེས་མངོན་གྱུར་ཏེ། །བདུད་བཞིའི་གཡུལ་ངོ་ཤུགས་ཀྱིས་ཕམ་པ་དང་། །ཉོན་མོངས་མི་མཐུན་ཚོགས་ཀྱི་སྤ་བཀོང་ཞིང་། །ལས་ཆེན་རྣམ་བཞིའི་ཕྲིན་ལས་ལྷུན་འགྲུབ་མཛོད། །ཕཊ།
གཅོད་ཀྱི་ཚོགས་བརྒྱའི་འདོན་ཐོ། མ་ཏི་རཏྣ།
གཅོད་ཀྱི་ཚོགས་བརྒྱའི་འདོན་ཐོ་ནི། ཐོག་མར་བརྒྱུད་འདེབས་ཚན་གསུམ་མཐར། བདག་ཅག་རྣམས་ལ་སོགས་ནས། ཞི་དྲག་དབང་སྡུད་འགྲེས་བྱང་རྣམས་བཤང་བའི་ཚོགས་རིས་མེད་ཀྱི་མགྲོན་ལ་བསྟབ་པའི་མཐར་གདོན་ཚོགས་དགུ་མ་སྦྱར། གཏོར་འབུལ་མཐར་གྱི། འདིར་གཤེགས་དཀར་གསུམ་གཏོར་མ་བཞེས། །རྣལ་འབྱོར་སྒྲུབ་པའི་སྡོང་གྲོགས་མཛོད། །བར་ཚང་བ་དང༌། མཆོད་བསྟོད། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་སོགས་ནས། མི་ལྡོག་བདེ་ཆེན་ས་ལ་འགོད་གྱུར་ཅིག །དེས་རྒྱས་པ་ཚར་གཅིག་དང་པོ་ཡིན། ༈ ཡང་མཆོད་པ་ཁ་གསོ། ཚོགས་གཏོར་འབུལ་དཀར་དམར་ཆ་གཅིག་བཤམས། བརྒྱུད་འདེབས་
བསྡུས་པ། བདག་ཅག་རྣམས་ལ་སོགས་ནས་ཤབྡ་ཨཱཿཧཱུྃ། བར་དང༌། ཕཊ། རང་ཉིད་ཐ་མལ་པར་གནས་མདུན་གྱི་མཁར། །སོགས་ལ་འགྲོ། འདི་སྐབས་འགྲེས་རྣམས་བསྡོམས་ནས་འདོན། གདོན་ཚོགས་དགུ་མ་མི་དགོས། གཏོར་འབུལ་མཐར། མཆོད་བསྟོད་བཤགས་པ་འགོད་གྱུར་ཅིག །ཕཊ་བར་གོང་ལྟར་བརྗོད། དེ་འདྲ་དུ་ཐོན་འུར་དགོས། ༈ ཚར་རྗེས་མར་ཚོགས་རོལ་བྱ། ཆོས་སྐྱོང་གཏོར་འབུལ་རྗེས། དམར་གཏོར་བཤམས་ལ། ཀྱེ། མ་མི་དམིགས་དབྱིངས་ཀྱི་མཁའ་འགྲོ་མ། མ་དབུས་ཕྱོགས་སོགས་ནས་འདི་ཕྱིན་འགྲེས་བཤང་བྱེད་དགོས། ཚང་མ་རྒྱས་པར་མཐར་དབྱུང་སྨོན་ལམ་གང་འགྲུབ་དང༌གཏོར་བསྔོས་རྗེས། ལུས་སྦྱིན་བསྡུས་པ་བཏོན་ནས་ཉལ། ཡང་ཕྱི་ཉིན་གོང་ལྟར་གྱིས་འདོན། གྲུབ་ནས་རྗེས་མར་རྒྱས་པ་འདོན་ཞིང༌། གཏོར་མའི་དབང་ལེན་བྱས་ནས་མཐར་གཞག་དགོས། མ་ཏི་རཏྣས་སོ།། །།
གཅོད་ཚོགས་བརྒྱུད་འདེབས། ཨ་བྷ་ཡ།
ན་མོ་གུ་རུ། ཡུམ་ཆེན་ཤེར་ཕྱིན་རྒྱལ་བ་ཤཱཀྱ་ཐུབ། །འཇམ་དཔལ་སྨྲ་སེང་རྗེ་བཙུན་སྒྲོལ་མ་དང༌། །སུ་ཁ་སིདྡྷི་ཨརྱ་དེ་ཝ་ལ། །གསོལ་བ་འདེབས་སོ་བདུད་བཞི་དབྱིངས་ཆོད་ཤོག །ཕ་གཅིག་དམ་པ་སངས་རྒྱས་སྐྱོ་སྟོན་དང༌། །མ་གཅིག་ལབ་སྒྲོན་ཁུ་སྒོམ་དོལ་ཟང་ཐལ། །རྒྱ་ནག་གཅེར་བུ་སངས་རྒྱས་རབ་སྟོན་ལ། །གསོལ་བ་འདེབས་སོ་བདུད་བཞི་དབྱིངས་ཆོད་ཤོག །དད་པ་ཤེས་རབ་རཏྣ་པྲ་ཝ་རྗེ། །བློ་གྲོས་ཤེས་རབ་ཚུལ་ཁྲིམས་ཤཱཀྱ་དང༌། །ལུས་མེད་རྡོ་རྗེ་ཚུལ་ཁྲིམས་སེངྒེ་ལ། །
གསོལ་བ་འདེབས་སོ་བདུད་བཞི་དབྱིངས་ཆོད་ཤོག །ཚུལ་ཁྲིམས་ཡེ་ཤེས་གཞོན་ནུ་འབྱུང་གནས་ཞབས། །བིརྱ་ཀ་ར་གྲགས་པ་རྒྱལ་མཚན་དང༌། །བསོད་ནམས་བཟང་པོ་ཀུན་དགའ་སེངྒེ་ལ། །གསོལ་བ་འདེབས་སོ་བདུད་བཞི་དབྱིངས་ཆོད་ཤོག །ཡེ་ཤེས་མཁའ་འགྲོ་འཇིགས་མེད་ཆོས་ཀྱི་སེང་། །བཀའ་བརྒྱུད་བཀྲ་ཤིས་ཀརྨ་མ་ཏི་དང་། །བློ་གྲོས་རིན་ཆེན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདུད་བཞི་དབྱིངས་ཆོད་ཤོག །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་བཅས། །རིགས་ལྔའི་རྒྱལ་བ་རྗེ་བཙུན་རྣལ་འབྱོར་མ། །ཁྲོས་མ་ནག་མོ་གནས་གསུམ་ཌཱ་ཀིའི་ཚོགས། །གསོལ་བ་འདེབས་སོ་བདུད་བཞི་དབྱིངས་ཆོད་ཤོག །ཕྱག་དྲུག་མགོན་པོ་ཨ་གྷོ་ར་ཞང་བློན། །སྤྱང་ཞོན་མཆེད་གསུམ་ལས་བདག་དུར་ཁྲོད་བདག །མཁའ་འགྲོ་ཆེན་མོ་ཉི་ཟླ་རླུང་གཤོག་ལ། །གསོལ་
བ་འདེབས་སོ་བདུད་བཞི་དབྱིངས་ཆོད་ཤོག །དེ་ལྟར་ཟབ་དོན་སྙན་བརྒྱུད་གཅོད་ཡུལ་གྱི། །རྩ་གསུམ་ཆོས་སྐྱོང་བཅས་ལ་གསོལ་བཏབ་མཐུས། །སྲིད་ལས་ངེས་འབྱུང་མོས་གུས་སྙིང་རྗེར་ལྡན། །གདམས་པས་རྒྱུད་གྲོལ་ལམ་མཆོག་མཐར་ཕྱིན་ཤོག །ཁྱད་པར་བདག་འཛིན་ཕུང་པོ་སྒྱུ་མའི་ལུས། །ལྟོས་མེད་གཟན་དུ་བོར་བའི་བརྟུལ་ཞུགས་ཀྱིས། །བདག་མེད་ཕྱོགས་བྲལ་དོན་གྱི་ཡུམ་ཆེན་མོ། །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་ཕྱོགས་བྲལ་ཉུལ་བའི་སྤྲང་སྨྱོན་པ་༧འཇིགས་བྲལ་དབང་པོའི་སྡེས་བྲག་འཕོང་གསེང་གི་ནགས་ཁྲོད་དུ་སྦྱར་བའོ།། །། ༈ སྣང་སྲིད་ཟིལ་གནོན་སློབ་དཔོན་པདྨ་འབྱུང༌། །བརྟུལ་ཞུགས་མཐར་ཕྱིན་ཕ་གཅིག་དམ་པ་རྗེ། །བྱང་ཆུབ་སེམས་ཀྱི་མངའ་བདག་མར་མེ་མཛད། །གངས་ལྗོངས་པཎ་གྲུབ་གསུམ་ལ་གསོལ་བ་འདེབས། །རྨི་ལམ་འཁྲུལ་སྣང་ཇི་བཞིན་དུ། །ཨ་ཙར་
དཀར་ནག་ཁྲ་གསུམ་གྱི། །གསོལ་འདེབས་འཇིགས་མེད་དབང་པོས་སོ།། ཕཊ། རིག་པ་བདག་མེད་བདག་འཛིན་ཐོགས་མེད་བདུད། །སྣང་བ་བདེན་མེད་བདེན་འཛིན་ཐོགས་བཅས་བདུད། །རྟོག་ཚོགས་ཡུལ་ལྔའི་རྗེས་འབྲང་དགའ་བྲོད་བདུད། །ཀུན་ལ་རྨོངས་ཞེན་འཛིན་པ་སྙེམས་བྱེད་བདུད། །བདུད་བཞི་ཡུམ་གྱི་དབྱིངས་སུ་གཅོད་པར་བྱ། །ཕཊ་ཕཊ་ཕཊ། ཅེས་པ་ཨ་བྷ་ཡས་སོ།།
འབའ་རོམ་སྙན་བརྒྱུད་གཅོད་ཀྱི་ཚོགས་ལས་མདོར་བསྡུས་རིན་ཆེན་སྙིང་པོ། མཁན་རིག་འཛིན།
༄༅། །འབའ་རོམ་སྙན་བརྒྱུད་གཅོད་ཀྱི་ཚོགས་ལས་མདོར་བསྡུས་རིན་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཡེ། རང་རིག་ཡེ་ཤེས་མཆོག་དངོས་མངོན་མཛད་པའི། །བསོད་ནམས་བཟང་པོའི་མཚན་ཅན་སྐྱོ་བྲག་པར། །གུས་བཏུད་ཟབ་ལམ་སྙན་བརྒྱུད་སྤྱོད་ཡུལ་གྱི། །ཚོགས་ལས་མདོར་བསྡུས་སྙིང་པོ་འདི་ན་སྤྲོ། །དེའང་སྒྲུབ་བརྒྱུད་འདིར་སྙན་བརྒྱུད་ཀྱི་བཀའ་མ་ནུབ་ཅིང༌། ཉེ་བརྒྱུད་བྱིན་རླབས་ཀྱི་བཀའ་བབ་ཁྱད་པར་དུ་འཕགས་པའི་གདམས་པ་ཚོགས་བསགས་རྒྱ་ཆེན་ལྔ་པའི་བསྡུས་དོན་སྙིང་པོར་དྲིལ་བའི་ཚུལ་ལ་བཞི། སྦྱོར་བ། སྔོན་འགྲོ། དངོས་གཞི། རྗེས་རིམ་མོ། །དང་པོ་ནི། འདི་ཉིད་སྤྲོས་མེད་ནང་གི་རྣལ་འབྱོར་གཙོར་སྟོན་པ་ཡིན་ཕྱིར་སྤྲོས་བཅས་ལ་མི་ལྟོས་ཀྱང༌། དམིགས་རྟེན་ཙམ་དུ་མདུན་སྟེགས་གཙང་མར་རྟེན་གང་འཛོམས་མདུན་མཎྜལ་འབྲུ་ཚོམ་ལྔ་པ། ཐུན་མོང་དུ་བླ་མའི་གཏོར་མ་རྒྱན་ལྡན། ནང་མཆོད་བདུད་རྩིའི་ཀ་པཱ་ལ། ཉེར་སྤྱོད་སྣ་བདུན། ཚོགས་ཀྱི་ཡོ་བྱད། ལས་གཏོར་རྣམས་དང༌། ཌཱ་དྲིལ་མི་རྐང་སོགས་ཉེར་མཁོ་རྣམས་འདུ་
བྱའོ། །གཉིས་པ་སྔོན་འགྲོ་ལ་བདུན་ལས། དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་འཕེན་པ་བཏང་བ་ནི། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན། ལུས་གདོན། དྲིན་ཆེན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བྱའོ། །གཉིས་པ་བདུད་རྩི་དང་མཆོད་རྫས་བྱིན་བརླབ་པ་
ནི། ཨོཾ་ཀརྨ་ཌཱ་ཀི་ནི་ཧཱུྃ་ཕཊ། ཅེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༌། །ཨ་ལས་བྷནྡྷར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་རབ་བསྐུལ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། བདུད་རྩི་མཆོད་རྫས་རྣམས་ལ་འཐོར་ཞིང༌ཌཱ་ཀི་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་རྣམས་སུ་ཧཱུྃ་ཡིག་གི་ཚོགས་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱདྱཾ་ནས་ཤབྡ་ཨཱཿཧཱུྃ། ཞེས་བརླབ་བོ། །གསུམ་པ་མགྲོན་བསྡུ་བ་ལ་དབང་སྡུད་ནི། ཕཊ། རང་ཉིད་སྐད་ཅིག་གིས་ཡུམ་ཆེན་མོ་གསེར་མདོག་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ།
ཕྱག་བཞི་དང་པོ་གཉིས་རྡོ་རྗེ་དང་གླེགས་བམ། འོག་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པར་གྱུར། རྐང་དུང་ཁ་ལག་མཐིལ་དུ་ལན་གསུམ་བརྡབ་ལ། ཕཊ། འབྱུང་པོ་ཕྲན་བུ་ཉམ་ཆུང་བ་རྣམས་མ་སྐྲག་ཅིག །མ་སྔངས་ཤིག །ཤིན་ཏུའང་མ་སྔངས་ཤིག །ཅེས་དང༌། ཀྱེ། ཡ་ཀི་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཉོན་ཅིག །འོ། ཐམས་ཅད་འདིར་འདུས་ཤིག །ཐམས་ཅད་མྱུར་དུ་འདུས་ཤིག །ཅེས་རྐང་དུང་ལན་གསུམ་འབུད། ཡང་ནད་གདོན་དྲག་པོ་འདུལ་ན་དྲག་སྡུད་བྱ་སྟེ། ཕཊ། བདག་ཉིད་སྐད་ཅིག་ཡེ་ཤེས་མཁའ་འགྲོ་མ། །མཐིང་ནག་ཁམས་གསུམ་རྣམ་པར་རྒྱལ་བའི་སྐུ། །ཐུགས་ལས་ལས་བྱེད་མཁའ་འགྲོ་དཔག་མེད་འཕྲོས། །སྣང་སྲིད་ལྷ་འདྲེ་གནོད་བྱེད་གདོན་བགེགས་བཅས། །རང་དབང་མེད་པར་སྐད་ཅིག་འདིར་འདུས་ཤིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ། མ་གཅིག་གི་དབང་སྡུད་ཆེན་མོ་ལས་
བསྡུས་ཏེ་བཀོད་པ་ནི། ཧཱུྃ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབང་སྡུད་ཁྲོས་མ་ནག་མོ་ལ། །དབང་སྡུད་མཁའ་འགྲོ་འབུམ་གྱིས་བསྐོར། །སྤྱི་གཙུག་གཡས་གཡོན་མདུན་རྒྱབ་ན། །ཕ་བླ་མའི་བྱིན་རླབས་ཐིབས་སེ་ཐིབ། །དཔའ་བོས་བྲོ་རྡུང་ཁྲིགས་སེ་ཁྲིག །དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག །ཌཱ་ཀི་ཆོས་སྐྱོང་སྤུངས་སེ་སྤུང༌། །འོག་དེར་གནོད་བྱེད་ཉི་ལི་ལི། །སྣང་སྲིད་མ་ལུས་དབང་དུ་བསྡུས། །མ་དབང་སྡུད་མཁའ་འགྲོ་མཐུ་མ་ཆུང༌། །མི་ལྤགས་གཡང་གཞི་རྩལ་མ་ཞན། །མི་རྐང་གླིང་བུ་ངར་མ་ཆུང༌། །རིགས་ལྔའི་མཁའ་འགྲོ་བང་མ་བུལ། །མཐོ་སྲིད་པའི་རྩེ་མོ་མན་ཆད་དང༌། །དམའ་ན་རཀ་དམྱལ་ཁམས་ཡན་ཆད་ཀྱི། །སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །བྱད་མ་རྦད་འདྲེ་རྦོད་གཏོང་སོགས། །ཐམས་ཅད་མ་ལུས་དབང་དུ་བསྡུས། །སྟེང་གདོན་གཟའ་དང་རྒྱུ་སྐར་དབང་དུ་
བསྡུས། །འོག་གདོན་ཀླུ་དང་ས་བདག་དབང་དུ་བསྡུས། །བར་གདོན་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། །སྤྲིན་ཚོགས་ཆར་པ་རླུང་དམར་བཞིན་དུ་འདུས། །སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག །ཧཱུྃ་ཕཊ་ཧཱུྃ་ཕཊ་ཧཱུྃ་ཕཊ། ཅེས་དབང་དུ་བསྡུ་ཞིང་ཟིལ་གྱིས་གནོན་པར་བྱའོ། །བཞི་པ་སྐྱབས་འགྲོ་ནི། ཕཊ། རང་ཉིད་ཐ་མལ་པར་གནས་མདུན་གྱི་མཁར། །བླ་མ་མ་གཅིག་ཤེས་རབ་ཕར་ཕྱིན་ལ། །དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོས་བསྐོར། །དེ་ལ་རང་གཞན་གུས་པས་སྐྱབས་འགྲོར་གྱུར། །ཕཊ་ཕཊ་ཕཊ། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན། ལུས་གདོན། དྲིན་ཆེན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་
རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །མ་གནས་གསུམ་གྱི་མཁའ་འགྲོ་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་གསུམ་གྱི་མགོན་པོ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དྲིན་ཆེན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་
མཆིའོ། །རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཚུད་པར་མཛད་དུ་གསོལ། བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བརྟེན་ནོ། །ཆོས་ལ་བརྟེན་ནོ། །དགེ་འདུན་ལ་བརྟེན་ནོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །ཕཊ། སྐྱབས་ཡུལ་རྣམས་ལས་འོད་ཟེར་སྣ་ཚོགས་འཕྲོས། །རང་གཞན་ལ་ཐིམ་སྒྲིབ་དག་བྱིན་བརླབས་གྱུར། །ཕཊ་ཕཊ་ཕཊ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །གློ་བུར་དགུ་བཅུ་རྩ་གཅིག་ལས་ཐར་བར་གྱུར་ཅིག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །
རང་སར་དག་པར་གྱུར་ཅིག །རང་སར་སྟོང་པར་གྱུར་ཅིག །ཕཊ་ཕཊ་ཕཊ། ལྔ་པ་ཡན་ལག་བདུན་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དྲུག་པ་སེམས་བསྐྱེད་སྡོམ་བཟུང་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་
མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་གཟུང༌། །བདུན་པ་ཚད་མེད་བཞི་ནི། འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །སྐྱབས་ཡུལ་མི་དམིགས་པར་བཞག་གོ། །གསུམ་པ་དངོས་གཞི་ལ་རྣམ་གྲངས་བཅུ་གཉིས་ལས། དང་པོ་ཚོགས་ཞིང་རྒྱ་ཆེ་བ་འཁོར་འདས་རིས་མེད་དུ་གསལ་གདབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། མཎྜལ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱ་ཁྱོན་དང་བཀོད་པ་ཚད་མེད་པའི་དབུས་སུ་ཏྲཱྃ་ལས་རིན་པོ་ཆེའི་ཁྲི་ཕུལ་དུ་བྱུང་བའི་སྟེང་དུ་པྃ་ལས་པདྨ་དང༌། མ་ལས་ཉི་མ། ཨ་ལས་ཟླ་བ་སྟེ་གདན་
བཞི་བརྩེགས་ཀྱི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས། དྲིན་ཅན་རྩ་བའི་བླ་མ་དང་མ་གཅིག་ལབ་ཀྱི་སྒྲོན་མ་ཐ་དད་མེད་པ། སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་ཀྱིས་བཞུགས་པ། འཁོར་རང་དང་འདྲ་བའི་རིགས་ལྔའི་མཁའ་འགྲོ་མ་བྱེ་བ་འབུམ་དང་བཅས་པ་ལ་བཀའ་བརྒྱུད་ཉམས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མ་གཅིག་གི་སྙན་གོང་གཡས་སུ་དམ་པ་སངས་རྒྱས་ལ་ཕ་རྒྱུད་ཐབས་ཀྱི་
བརྒྱུད་པས་བསྐོར་བ། གཡོན་དུ་རྗེ་བཙུན་མ་ལྷ་ལྔ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པས་བསྐོར་བ། སྟེང་དུ་བསྟན་པའི་གཙོ་བོ་ལ་གཉིས་མེད་དོན་གྱི་བརྒྱུད་པས་བསྐོར་བ། དེའི་དབུ་ཐོག་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་ལས་ཅུང་ཟད་དམའ་བའི་ཕྱོགས་མཚམས་རྣམས་སུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། མ་གཅིག་གི་གདན་འོག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་ཚོགས་དང༌། དེ་རྒྱབ་འགྲོ་བ་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་མགྲོན་དང་བཅས་པ་ཐམས་ཅད་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ལྷ་ཚོགས་དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ།
ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་གཅོད་ཡུལ་བརྒྱུད་པའི་སྐྱབས་གནས་ཐམས་ཅད་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་རྒྱ་བྱ། གཉིས་པ་སྤྱན་འདྲེན་པ་ནི། ཌཱ་དྲིལ་དབྱངས་བཅས། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡུམ་ཆེན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོ་གཉིས་སུ་མེད་པར་གྱུར། །ཅེས་སྤྱན་དྲངས། གསུམ་པ་ཚོགས་བསགས་ཡན་ལག་བརྒྱད་པ་ནི། རང་གཞན་ལུས་དཔག་མེད་པར་སྤྲུལ་བྱས་ནས། །ཚོགས་ཞིང་ཀུན་ལ་བསག་སྦྱང་བགྱིད་པར་གྱུར། །༈ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཤཱཀྱའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཐུབ་པ་དེ་ལ་ཕྱག་འཚལ་ལོ། །སྐྱེ་བ་བདུན་དུ་འགྲོ་དོན་
མཛད། །དམ་པ་དེ་ལ་ཕྱག་འཚལ་ལོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་སྐུ་ལ་ཕྱག་འཚལ་ལོ། །རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་རྣམས་ལ་ཕྱག་འཚལ་ལོ། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །གང་ལ་ཕུལ་བ་དོན་ཡོད་པའི། །དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྙིང་རྗེས་ངེས་པར་གང་བ་ཡི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བགེགས་དང་ལོག་འདྲེན་འཇོམས་མཛད་པ། །ཆོས་སྐྱོང་རྣམས་
ལ་ཕྱག་འཚལ་ལོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །བཀའ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་གྱི་དོན་དུ་བསྔོ། །ཞེས་བརྗོད། བཞི་པ་བཟླས་པ་ལ་གསུམ་ལས། དང་པོ་མ་གཅིག་བླ་མའི་རྣལ་འབྱོར་ནི། མ་གཅིག་གནས་གསུམ་འབྲུ་གསུམ་མཚན་པ་དང༌། །ཐུགས་དབུས་པད་ཟླར་བྃ་མཐར་རྩ་སྔགས་ཕྲེང༌། །གཡོན་འཁོར་འོད་ཀྱིས་འོག་མིན་མཁའ་སྤྱོད་ནས། །བླ་མ་ཡེ་ཤེས་མཁའ་འགྲོའི་ཚོགས་སྤྱན་དྲངས། །སྐུར་ཐིམ་གནས་གསུམ་འོད་ཟེར་དཀར་དམར་མཐིང༌། །རང་གི་སྒོ་གསུམ་ལ་ཐིམ་དབང་བྱིན་བརླབས། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེ་འགྲུབ་གྱུར། །ཨོཾ་ཨཱཿཧཱུྃ་བྃ་གུ་རུ་ཧ་རི་ནི་
ས་སརྦ་སིདྡྷི་ཧཱུྃ། ཞེས་སྟོང་རྩ་སོགས་བཟླ། གཉིས་པ་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་ནི། མ་གཅིག་ཐུགས་དབུས་པད་ཟླར་ཧཱུྃ་དཀར་མཐར། །ག་ཏེའི་སྔགས་ཕྲེང་གཡོན་འཁོར་ལས་འོད་འཕྲོས། །ཚོགས་ཞིང་ལྷ་ཚོགས་ལ་ཕོག་ཐུགས་རྒྱུད་བསྐུལ། །དེ་རྣམས་བྱིན་རླབས་བཅུད་བསྡུས་སྔགས་འཁོར་ལ། །ཐིམ་ཞིང་དེ་ལས་བདུད་རྩིའི་འོ་རྒྱུན་བབས། །མ་གཅིག་སྐུ་གང་ཞབས་གཡོན་མཐེ་བོང་ལས། །བདུད་རྩིའི་རྒྱུན་བྱུང་རང་གཞན་ཚངས་བུག་ནས། །ཞུགས་པས་ཐོག་མེད་ནས་བསགས་སྡིག་སྒྲིབ་དང༌། །གནས་སྐབས་ནད་གདོན་ཐམས་ཅད་རབ་བཀྲུས་ཏེ། །རྣག་ཁྲག་དུད་ཁུའི་རྣམ་པར་སྤུའི་བུ་ག །འོག་སྒོ་ནས་ཐོན་གསེར་གྱི་ས་གཞིར་ཐིམ། །ལུས་ཀུན་ཟག་མེད་ཡེ་ཤེས་བདུད་རྩིས་གང༌། །སྟོང་གསལ་དྲི་མེད་ཤེལ་གོང་ལྟ་བུར་གྱུར། །ཅེས་ག་ཏེའི་སྔགས་ཅི་འགྲུབ་བཟླ། གསུམ་པ་གདོན་ཆེན་ལ་ནག་
འགྱེད་དུ་གྲགས་པ་ནི། རང་གཞན་ཁྲུས་ཁུ་འདོད་ཡོན་ལྔ་ལྡན་པ། །འོག་ཕྱོགས་འཆི་བདག་ཆུ་སྲིན་གདོང་ཅན་གྱི། །ཁ་རུ་སོང་བས་ལན་ཆགས་བུ་ལོན་བྱང༌། །བྱང་ཆུབ་སེམས་ལྡན་ས་གཞིའི་འོག་སོང་གྱུར། །སྔགས་ཅུང་ཟད་བཟླ། ལྔ་པ་མཆོད་པ་རྒྱ་ཆེ་བ་ཀུན་བཟང་གི་སྤྲིན་ཕུང་ནི། ཕཊ། རང་ལུས་ཤེལ་ལྟར་དྭངས་པའི་གནས་གསུམ་ནས། །གཟུགས་སྒྲ་ཡིད་ཀྱི་ལྷ་མོ་དཀར་དམར་མཐིང༌། །མེ་ལོང་པི་ཝཾ་ཆོས་འབྱུང་ཐོགས་པ་དང༌། །ཁ་དོག་མ་ངེས་པའི་ལྷ་མོ་འདོད་ཡོན་རྣམ་ལྔ་དང༌། །བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་ཐོགས་པ་སྤྲོས། །ལྷ་ཚོགས་རྣམས་ལ་མཆོད་པས་རབ་དགྱེས་གྱུར། །ཕཊ་ཕཊ་ཕཊ། ན་མོ། སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་
ཐམས་ཅད་དུ། །སྒྲ་རུ་གྲག་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །དོན་བདེ་སྡུག་རོ་སྙོམས་དངོས་གྲུབ་སྩོལ། །ཕཊ། བདག་གི་བདེ་དགེ་མཁའ་ཁྱབ་འགྲོ་ལ་བསྔོ། །དེ་དག་སྡུག་བསྔལ་སྡིག་སྒྲིབ་བདག་ལ་སྨིན། །ཀུན་ཀྱང་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཕཊ་ཕཊ་ཕཊ། བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་
གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག ཕཊ། ཅེས་བརྗོད། །དྲུག་པ་མཎྜལ་རྒྱ་ཆེ་བ་གླིང་བཞིའི་བཀོད་པ་ལ། ཐོག་མར་འཕོ་བ་ནམ་མཁའ་སྒོ་འབྱེད་ནི། ཕཊ། རང་ལུས་ཨ་ཝ་དྷཱུ་ཏི་དཀར་གསལ་མདངས། །མཚན་ཉིད་བཞི་ལྡན་ཡར་སྣེ་ཚངས་བུག་དང༌། །མར་སྣེ་གསང་གནས་རྐང་མཐིལ་གཉིས་སུ་ཟུག །གནས་དྲུག་ཡི་གེ་དྲུག་གསལ་རང་འོད་ཀྱིས། །རྐང་མཐིལ་གཉིས་སུ་དུཿནག་པོ་དམྱལ་བའི་ས་བོན། གསང་གནས་སུ་པྲེ་སེར་པོ་ཡི་དྭགས། ལྟེ་བར་ད་སྐྱ་བོ་དུད་འགྲོ། སྙིང་ཁར་ནྲྀ་ལྗང་ཁུ་མི། མགྲིན་པར་ཨཱཿདམར་པོ་ལྷ་མིན། སྤྱི་བོར་ཨོཾ་དཀར་པོ་ལྷ་ཡི་ས་བོན་ནོ། །མཆན། རིགས་དྲུག་སྐྱེ་བའི་ལས་སྒྲིབ་བསྡུས་ཏེ་ཐིམ། །ཕཊ། རྣམ་ཤེས་འུབ་འདུས་རྐང་མཐིལ་གཡས་གཡོན་དུ། །དཀར་དམར་རྒྱུ་ཡི་ས་བོན་ཐིག་ལེ་སྲན་མ་ཙམ་གྱུར་པ། །ཡིག་འབྲུ་དང་བཅས་གསང་གནས་ཡི་གེར་ཐིམ། །རིམ་བཞིན་ལྟེ་བ་སྙིང་ཁ་མགྲིན་སྤྱི་བོར། །ཐིམ་མཐར་འོད་ལྔའི་ཐིག་ལེ་བྱ་སྒོང་ཙམ། །མ་གཅིག་ཐུགས་
ཀར་འཕོས་པས་དབྱེར་མེད་འདྲེས། །སྐྱེ་མེད་ཡུམ་ཆེན་དགོངས་པར་རོ་གཅིག་གྱུར། །ཕཊ་ཕཊ་ཕཊ། ཅེས་དབང་པོ་ཐ་མ་མཚན་བཅས་རྟེན་ལ་འཕོ་བ་རིགས་དྲུག་གནས་སྦྱོང་རྒྱས་པའོ། །ཕཊ། དབྱིངས་ཀྱི་མཁའ་འགྲོའི་ཐུགས་ལས་རང་རིག་རྩལ། །རྣལ་འབྱོར་མར་གྱུར་གྲི་གུག་གིས་བེམ་པོའི། །པགས་པ་ཕྱལ་བཤུས་གསེར་གྱི་ས་གཞི་ལ། །ཕུང་པོ་རི་གླིང་དོན་སྣོད་ལྷ་མིའི་རྫས། །རང་ལུས་མཎྜལ་བཀོད་པ་འབྱམས་ཀླས་པ། །རྒྱུན་མི་འཆད་པར་ཕུལ་བས་བདག་གཞན་ཀུན། །ཚོགས་རྫོགས་སྒྲིབ་བྱང་བྱང་ཆུབ་ཐོབ་པར་གྱུར། །ཕཊ་ཕཊ་ཕཊ། ༈ པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་རིས་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་ལ། །མིག་གཉིས་ཉི་མ་ཟླ་བས་བརྒྱན། །སྡེབ་བཞི་གླིང་བཞིར་བཅས་པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་
མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །ཕཊ། ཅེས་སོ། །བདུན་པ་ལ་བཞི་ལས། དང་པོ་བཅོས་མིན་གྱི་མོས་གུས་ཤུགས་བསྐྱེད་ལ་གསོལ་བ་འདེབས་པ་ནི། ཕཊ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གཉིས་མེད་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་
པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ། གཉིས་པ་ཡུམ་དོན་ངོས་བཟུང་བ་ནི། ཕཊ། རང་རིག་སྐྱེ་མེད་རྟག་ཆད་འགྲོ་འོང་བྲལ། །ཡོད་མེད་ལ་སོགས་གང་གི་ཕྱོགས་མ་ལྷུང༌། །བྱ་བྱེད་ཕན་གནོད་མ་གྲུབ་རིག་པའི་གཤིས། །གཞི་རྩ་ཀུན་བྲལ་ནམ་མཁའ་ལྟ་བུའོ། །ཕཊ། གསུམ་པ་བདུད་བཞི་དབྱིངས་སུ་གཅོད་པ་ནི། ཕཊ། ཡུལ་ལ་གཟུང་འཛིན་སྐྱེས་པ་ཐོགས་བཅས་བདུད། །ཤུགས་འབྱུང་སེམས་ཀྱི་འཆར་སྒོ་ཐོགས་མེད་བདུད། །མཐུན་རྐྱེན་འདོད་དགུས་གཡེང་བ་དགའ་བྲོད་བདུད། །ཀུན་གྱི་རྩ་བ་ཞེན་འཛིན་སྙེམས་བྱེད་བདུད། །གང་ཤར་སྐྱེ་མེད་དབྱིངས་སུ་གཅད་པར་བྱ། །ཕཊ། བཞི་པ་རིག་
པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལམ་དུ་སློང་བ་ནི། ཕཊ། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །ཕ་ནི་ཕ་རོལ་ཕྱིན་པའི་དོན། །ཊ་ནི་གསང་སྔགས་ཐེག་ཆེན་དོན། །གཅིག་ཏུ་བསྒྲིལ་ནས་དྲག་པོར་བརྗོད། །འཐོར་བ་སྡུད་པ་ཕྱི་ཡི་ཕཊ། །བྱིང་བ་གསེང་བ་ནང་གི་ཕཊ། །སེམས་ཉིད་གཞི་རྩ་གཅོད་པ་དོན་གྱི་ཕཊ། །ཡ་ང་མི་བྱ་ཚད་བཟུང་མེད། །རིག་པ་ངར་དང་བཅས་པ་ཡིས། །མི་ཕོད་བརྫི་ཞིང་ཞེན་པ་ལྡོག །འཁྲི་བ་བཙན་ཐབས་དག་ཏུ་བཅད། །བརྟུལ་ཞུགས་ཐུག་ཕྲད་ལམ་དུ་ཁྱེར། །གཅེར་བུ་སྟག་གི་ཤམ་ཐབས་བྱ། །ཕྱག་རྒྱ་ལྔས་བརྒྱན་ཅང་ཏེའུ་དང༌། །དྲིལ་བུ་དང་ནི་ཚངས་སྐུད་ཐོགས། །དུར་ཁྲོད་ཀུན་ཏུ་རྒྱུ་བྱ་ཞིང༌། །རིག་པ་བརྟུལ་ཞུགས་སྤྱོད་པ་བྱ། །ཕཊ། ཅེས་པ་རྣམས་ནི་གཅོད་ཀྱི་དངོས་གཞི་ཉིད་དུ་ཉམས་སུ་བླང་
བར་བྱ་བའོ། །བདུན་པ་མཆོད་སྦྱིན་རྒྱ་ཆེ་བ་དཀར་དམར་གྱི་འགྱེད་ཚོགས་ལ་བཞི་ལས། དེའང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་སྤྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་པ་བཞིན་ནམ་མཁའ་སྒོ་འབྱེད་ཀྱིས་ལྟ་བའི་ངང་བརྐྱང་སྟེ་མཉམ་པར་བཞག་པ་དང༌། རྗེས་ཐོབ་ཏུ་རྒྱུ་ལུས་ཕངས་མེད་དུ་སྦྱིན་པར་བཏང་སྟེ་བྱང་ཆུབ་སེམས་ཀྱིས་ལྷ་འདྲེ་དང་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པ། བར་མཚམས་རྣམས་སུ་བརྒྱུད་པའི་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་གདབ་སྟེ་བདག་འཛིན་དང་རེ་དོགས་འགོག་པའི་སྨོན་ལམ་བྱ་བ། རྣམ་ཀུན་དམ་ཚིག་དང་བསྲུང་སྡོམ་ལ་བསླབ་པ་སྟེ་མཉམ་རྗེས་འདྲེས་མར་ཉམས་སུ་ལེན་པར་བྱ་བ་ལས། དང་པོ་ནང་སྔགས་ལུགས་ལྟར་དཀར་འགྱེད་རྒྱ་ཆེ་བ་ཀུ་ས་ལིའི་ཚོགས་བསག་ནི། ཕཊ། བདག་ལུས་དབུ་མ་སྙིང་གི་པད་མོར་ཟུག །རྣམ་ཤེས་ངོ་བོ་ཐིག་ལེ་དཀར་དམར་མདངས། །དཔག་ཆེན་མདའ་བཞིན་མ་གཅིག་ཐུགས་ཀར་འཕངས། །སྨྲ་བསམ་བརྗོད་བྲལ་ཡུམ་གྱི་དགོངས་པར་ཐིམ། །ཕཊ་ཕཊ་ཕཊ། ཅེས་པ་མཚན་བཅས་རྟེན་ལ་འཕོ་བ་བསྡུས་པའོ། །ཕཊ།
དབྱིངས་ལས་རང་རིག་རྣལ་འབྱོར་མར་ཤར་བའི། །གྲི་གུག་མཚོན་གྱིས་བེམ་པོའི་ཐོད་པ་བཅད། །རང་བྱུང་རླུང་མེ་ཐོད་སྒྱེད་གསུམ་སྟེང་བཙུགས། །དེ་ནང་ཕུང་པོ་སིལ་བུར་གཏུབས་སྤུངས་པ། །རླུང་གཡོས་མེ་སྦར་ཐོད་དྲོས་ཤ་ཁྲག་རུས། །བདུད་རྩིར་ཞུ་ཁོལ་རླངས་པ་འབྲུ་གསུམ་གྱིས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བདུད་རྩི་བཀུག །འབྲུ་གསུམ་ལ་ཐིམ་འོད་ཞུ་གཅིག་འདྲེས་ནས། །དམ་ཡེ་གཉིས་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཕཊ། ལས་བྱེད་སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས། །ལྷ་ཚོགས་སོ་སོར་དགྱེས་དགུའི་མཆོད་པའི་སྤྲིན། །ཕུང་ཁམས་ཟག་མེད་བདུད་རྩིའི་གཏེར་ཆེན་ལས། །སྣ་ཚོགས་ཅིར་ཡང་འཆར་བའི་རོལ་མོས་མཆོད། ཕཊ་ཕཊ་ཕཊ། ཕཊ། རང་ལུས་ཤ་ཁྲག་ཕུང་པོ་འདི། །བདག་ཏུ་འཛིན་པའི་བློ་སྤངས་ནས། །ཡི་གེ་གསུམ་
གྱི་བྱིན་གྱིས་བརླབས། །ཟག་མེད་བདུད་རྩིར་སྤེལ་བ་འདིས། །དྲིན་ཅན་རྩ་བའི་བླ་མ་མཆོད། །ཕྱི་ནང་བརྒྱུད་པའི་བླ་མ་རྣམས་ལ་དགྱེས་དགུའི་མཆོད་སྤྲིན་མཆོད། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་ཕྱི་ནང་གསང་མཆོད་ཀྱིས་མཆོད། །གནས་ཡུལ་དཔའ་བོ་མཁའ་འགྲོ་མཆོད། །བྱང་སེམས་ཉན་རང་ཆེ་རྣམས་ལ་ཉེར་སྤྱོད་སྣ་བདུན་མཆོད། །བསྟན་སྲུང་མ་མགོན་ལྕམ་དྲལ་ལ་བརྟེན་བསྐང་སྒྲུབ་རྫས་མཆོད། །ཕོ་ཉ་བྱེ་བ་དུང་ཕྱུར་མཆོད། །འཇིག་རྟེན་སྐྱོང་བའི་མཐུ་ཆེན་གཙང་རིས་དཔལ་མགོན་རྣམས་ལ་མཁོ་དགུའི་ཡོ་བྱད་མཆོད། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་མཆོད། །སྟོང་གསུམ་སྟོང་གི་གཞི་བདག་ལ་བསང་མཆོད་བརྔན་རྫས་མཆོད། །ཁྱད་པར་འདིར་གནས་ལྷ་དཀར་ཕྱོགས་ལ་དཀར་གསུམ་འདྲེ་ནག་ཕྱོགས་ལ་ཤ་ཁྲག་མཆོད། །འགྲོ་བ་རིགས་དྲུག་སེམས་ཅན་ལ་ཡིད་མཐུན་ལོངས་སྤྱོད་མཆོད། །ཐོག་མེད་དུས་ཀྱི་ལན་ཆགས་ལ་སྦྲ་ཁང་བང་མཛོད་མཆོད། །རྒྱ་ཆེན་མཆོད་པ་འདི་ཡི་
མཐུས། །སངས་རྒྱས་བསྟན་པ་དར་གྱུར་ཅིག །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །དྲེགས་ཅན་དམ་ལ་གནས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་འབྲེལ་ཐག་ཆོད་གྱུར་ཅིག །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ། རང་བྱུང་ཞབས་ཀྱིས་མཛད་པའོ། །དེ་ནས་གསོལ་འདེབས་རྒྱ་ཆེ་བ་བྱིན་རླབས་རྒྱུད་བསྐུལ་ཆེན་མོ་ནི། ཕཊ། གཅོད་ཡུལ་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ། །བདག་དང་བསྲུང་བྱ་ལྷ་འདྲེར་བཅས་པ་ཡིས། །ཁ་ཙམ་མིན་པར་དད་གུས་རྩེ་གཅིག་པས། །མགྲིན་གཅིག་དབྱངས་གཅིག་གསོལ་བ་འདེབས་པར་གྱུར། །ཕཊ་ཕཊ་ཕཊ། ན་མོ་གུ་རུ། གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། །
རྒྱས་པར་གཤམ་གྱི་ཚིག་བཞིའི་འགྲེས་རྐང་སྦྱར། གནས་བྱ་རྒོད་ཕུང་པོའི་རི་བོ་ན། །ཡང་དག་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་ལ་གསོལ་བ་འདེབས། །དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །མཚན་ལྡན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས། །གནས་མཁའ་སྤྱོད་མཁའ་འགྲོའི་བཞུགས་གནས་ན། །མཁའ་འགྲོ་སུ་ཁ་སིདྡྷི་ལ་གསོལ་བ་འདེབས། །གནས་རྒྱ་གར་འཇག་མའི་སྤྱིལ་པོ་ན། །མཁས་པ་ཨརྱ་དེ་ཝ་ལ་གསོལ་བ་འདེབས། །གནས་ལ་སྟོད་དིང་རིའི་གླང་འཁོར་ན། །སྤྲུལ་སྐུ་དམ་པ་སངས་རྒྱས་ལ་གསོལ་བ་འདེབས། །གནས་དབུས་གཙང་གཉིས་ཀྱི་ས་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་ལ་གསོལ་བ་འདེབས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་
གཅིག་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས། །གནས་སྙི་མོ་ཁུ་ཡི་ར་བ་ན། །ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་གསོལ་བ་འདེབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །སྐྱེ་མེད་དོལ་པ་ཟང་ཐལ་ལ་གསོལ་བ་འདེབས། །དཔལ་ཆུ་བོ་རི་ཡི་དབེན་གནས་ན། །གྲུབ་ཐོབ་རྒྱ་ནག་གཅེར་བུ་ལ་གསོལ་བ་འདེབས། །གནས་རྭ་སྒྲེང་སེ་བའི་དབེན་གནས་ན། །རྗེ་སངས་རྒྱས་རབ་སྟོན་ལ་གསོལ་བ་འདེབས། །གནས་ཟལ་མོ་བྲག་གི་མཐའ་རྩ་ན། །རྗེ་དད་པ་ཤེས་རབ་ལ་གསོལ་བ་འདེབས། །གནས་བདུད་བཞི་ཆིག་ཆོད་ཀྱི་དབེན་པ་ན། །རྗེ་རཏྣ་པྲ་ཝ་ལ་གསོལ་བ་འདེབས། །གནས་ཞེན་འཛིན་བྲལ་བའི་དགོན་པ་ན། །མཚུངས་མེད་བློ་གྲོས་ཤེས་རབ་ལ་གསོལ་བ་འདེབས། །གནས་དོན་གཉིས་ལྷུན་གྲུབ་ཕོ་བྲང་ན། །རྗེ་ཚུལ་ཁྲིམས་ཤཱཀྱ་ལ་གསོལ་བ་འདེབས། །གནས་སྐུ་
འབུམ་ཆོས་ཀྱི་ཕོ་བྲང་ན། །རྗེ་ལུས་མེད་རྡོ་རྗེ་ལ་གསོལ་བ་འདེབས། །གནས་སྡོམ་བྲག་ཉིན་དགོན་གྱི་རི་ཁྲོད་ན། །རྒྱལ་སྲས་ཚུལ་ཁྲིམས་སེངྒེ་ལ་གསོལ་བ་འདེབས། །གནས་ར་འོག་ཕུག་གི་དབེན་གནས་ན། །རྗེ་ཚུལ་ཁྲིམས་ཡེ་ཤེས་ལ་གསོལ་བ་འདེབས། །གནས་བདེ་ཆེན་ཀིལ་སྣའི་རི་ཁྲོད་ན། །རྟོགས་ལྡན་གཞོན་ནུ་འབྱུང་གནས་ལ་གསོལ་བ་འདེབས། །གནས་ཕྱོགས་ཞེན་བྲལ་བའི་རི་ཕུག་ན། །རྗེ་བརྩོན་འགྲུས་འབྱུང་གནས་ལ་གསོལ་བ་འདེབས། །གནས་སྐྱོ་ཉིན་དབྱིངས་ཀྱི་ཀེའུ་ཚང་ན། །རྗེ་གྲགས་པ་རྒྱལ་མཚན་ལ་གསོལ་བ་འདེབས། །གནས་སྐྱོ་བྲག་དཀར་པོའི་རི་ཁྲོད་ན། །ཆོས་རྗེ་བསོད་ནམས་བཟང་པོ་ལ་གསོལ་བ་འདེབས། །གནས་ཇོ་བོ་སྦོམ་ཤེའི་རི་མགུལ་ན། །རྗེ་ཀུན་དགའ་སེངྒེ་ལ་གསོལ་བ་འདེབས། །དབྱིངས་མཁའ་ལ་སྤྱོད་པའི་ཞིང་ཁམས་
ན། །མཁའ་འགྲོ་ནམ་མཁའི་རྣལ་འབྱོར་ལ་གསོལ་བ་འདེབས། །གནས་ཡང་རྫོང་མེ་རི་འབར་བ་ན། །འཇིགས་མེད་ཆོས་ཀྱི་སེངྒེ་ལ་གསོལ་བ་འདེབས། །གནས་ཆབ་ཏི་གསེར་ཕུག་དབེན་གནས་ན། །རྗེ་བཀའ་བརྒྱུད་བཀྲ་ཤིས་ལ་གསོལ་བ་འདེབས། །གནས་སེང་གེ་རྫོང་གི་དབེན་རྩ་ན། །གྲུབ་དབང་ཀརྨ་མ་ཏི་ལ་གསོལ་བ་འདེབས། །གནས་ཤངས་ཀྱི་རྒོད་ཚང་ཡང་དབེན་ན། །གཏད་མེད་ཡེ་བབ་ལྷུན་འབྱམས་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་དངོས་གྲུབ་ཀུན་འབྱུང་གི་ཕོ་བྲང་ན། །ཡི་དམ་རྒྱལ་བའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །ཕྱི་སྒྱུ་ལུས་
ཀྱི་གཅེས་འཛིན་བྲལ་བ་དང༌། །ནང་ང་བདག་གི་འཁྲུལ་པ་རྩད་ནས་ཆོད། །སེམས་སྐྱེ་མེད་དུ་རྟོགས་པར་བྱིན་གྱིས་རློབས། །ཕཊ། ཅེས་དགོངས་ཉམས་བསྐྱང་ངོ༌། །གཉིས་པ་ཕྱི་མདོ་ལུགས་ལྟར་དམར་འགྱེད་རྒྱ་ཆེ་བ་ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་ནི། ཕཊ། ལུས་ཀུན་ཁྱབ་པའི་རྣམ་ཤེས་སྙིང་གར་འདུས། །འོད་ཀྱི་ཐིག་ལེ་ཚངས་པའི་ལམ་ནས་འཕོས། །ཆོས་དབྱིངས་ཁྱབ་བརྡལ་ནམ་མཁར་གཉིས་མེད་འདྲེས། །ནམ་མཁས་གར་ཁྱབ་སེམས་ཉིད་ཆོས་སྐུས་ཁྱབ། ཕཊ་ཕཊ་ཕཊ། ཅེས་དབང་འབྲིང་མཚན་བཅས་རྟེན་མེད་དུ་འཕོ་བའོ། །ཕཊ། རང་ཉིད་སྐད་ཅིག་ཁྲོས་མ་ནག་མོར་གྱུར། །བེམ་པོའི་པགས་པ་བཤུས་པ་ཕྱལ་གྱིས་བཏིང༌། །སྟོང་ཁམས་ཁྱབ་སྟེང་ཤ་རི་ཁྲག་གི་མཚོ། །རུས་པའི་གྲམ་ཁྲོད་ཞག་རླངས་ཆི་ལེ་བ། །སྐྱེ་བདུན་ཤ་ལྟར་ཉོན་མོངས་གདུང་སེལ་གྱུར། །ཕཊ། རང་ཉིད་ཁྲོས་མ་ཁམས་གསུམ་རྣམ་རྒྱལ་གྱི། །
དབང་སྡུད་ཞིང་ལྤགས་མི་རྐང་གླིང་བུའི་མཐུས། །སྲིད་གསུམ་ལ་མཆིས་ལྷ་སྲིན་སྡེ་བརྒྱད་རིགས། །སྐད་ཅིག་མྱུར་ཞིང་རིངས་པར་འདུས་གྱུར་ནས། །ཤ་ཟོས་ཁྲག་འཐུང་རུས་མུར་པགས་པ་གྱོན། །དགྱེས་པའི་གད་མོ་དང་བཅས་ཚིམས་པར་གྱུར། །ཕཊ་ཕཊ་ཕཊ། རྐང་དུང་ལན་གསུམ་འབུད། ན་མོ། གནས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང༌། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་བོབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་འདིར་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཆོས་ཐེག་པ་རིམ་དགུའི་དོན་
རྟོགས་ཤོག །དབང་པོ་རྣམ་ལྔའི་མཆོད་པ་འབུལ། །དོན་སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་ཚོགས་པ་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིངས་པ་རྣམས་ཀྱིས་རློན་པ་ཟོ། །དལ་བ་རྣམས་ཀྱིས་ཚོས་ལ་ཟོ། །རིངས་དང་མི་རིངས་བྱེ་བྲག་གིས། །བཙོ་སྲེག་རློན་པ་གང་བདེར་ཟོ། །ལྟོ་བོ་ཆེ་རྣམས་འགྲངས་ཚད་ཟོ། །ཤེད་པོ་ཆེ་རྣམས་ཁྱག་ཚད་ཁུར། །སེངྒེ་ཤ་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །ཁྱོད་དགའ་མགུ་ཡི་རང་ཚིམ་གྱུར་ཅིག །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་སྒྲིབ་པ་དག་གྱུར་ཅིག །གནོད་སེམས་འཁྲུགས་སེམས་ཞི་གྱུར་ཅིག །སྡང་སེམས་གདུག་རྩུབ་ཞི་གྱུར་ཅིག །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དང་ལྡན་ནས་ཀྱང༌། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ། དམ་
པའི་སྐུ་བསྟོད་བྱིན་རླབས་དམིགས་པ་ནི། ཕཊ། མདུན་གྱི་ནམ་མཁར་ཕ་གཅིག་དམ་པ་ཡི། །སྐུ་ལས་བྱིན་རླབས་མེ་ཡི་ཚྭ་ཚྭའི་ཚུལ། །ཕྲོམ་ཕྲོམ་འཕྲོས་པས་བདག་དང་བསྲུང་བྱ་ཡི། །ལུས་ཀྱི་ནད་གདོན་ལུས་དང་བཅས་པ་ཀུན། །ཐལ་བ་བུན་གྱིས་བསྲེགས་ནས་དངོས་མེད་གྱུར། །བྱིན་རླབས་ཞུགས་ཤིང་སྐྱེ་མེད་དོན་རྟོགས་ཤོག །ཕཊ་ཕཊ་ཕཊ། ཧཱུྃ། ས་བསྐོར་གཅིག་བསྐོར་གཉིས་བསྐོར་དང་གསུམ། ས་བསྐོར་བ་དེང་རི་གླང་འཁོར་བསྐོར། །གནས་སེ་བ་ཐང་གི་ཡང་གོང་ན། །རི་མཁན་པ་ཁྲོད་ཀྱི་དགོན་པ་ན། །ཌཱ་ཀི་པད་ཟླའི་གདན་སྟེང་ན། །ཕ་ཀུན་ཤེས་ཀུན་རིག་དམ་པ་པོ། །རྗེ་མི་ཕམ་མགོན་པོ་བཅོམ་ལྡན་འདས། །འཛམ་བུ་གླིང་གི་རྒྱན་གཅིག་པུ། །རྗེ་དམ་པ་སངས་རྒྱས་རིན་པོ་ཆེ། །ཁྱེད་སྟེང་དེར་ལྷ་ཚོགས་ཐིབས་སེ་ཐིབ། །གཡས་དེར་དཔའ་བོ་ངར་དང་བཅས། །གཡོན་དེར་དཔའ་
མོ་འཛུམ་དང་བཅས། །འོག་དེར་གདོན་ཚོགས་ཉ་ལ་ལ། །རྗེ་དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བྱིན་གྱིས་རློབས། །དེར་བཞུགས་དམ་པས་བར་ཆད་སོལ། །དེར་བཞུགས་དམ་པས་ལམ་སྣ་དྲོངས། །ཕཊ། ཅེས་དང༌། འཇམ་དཔལ་སྨྲ་བའི་སེང་གེས་བྱིན་གྱིས་བརླབས། །ཨཱ་ལི་ཀཱ་ལིའི་སྒྲ་དོན་རྟོགས་པ་ཡིས། །མདོ་རྒྱུད་ཀུན་གྱི་དགོངས་པ་ཐུགས་ལ་ཤར། །བརྒྱུད་པའི་གདམས་པ་མ་ལུས་འཛིན་མཛད་པའི། །ཀཱ་མ་ལ་ཤཱི་ལའི་ཞབས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕཊ། གསུམ་པ་དཀར་འགྱེད་ཐོད་ཞལ་མ་ནི། ཕཊ། གདོད་ནས་སྨྲ་བསམ་བརྗོད་བྲལ་ཆོས་སྐུ་ལ། །འཕོ་དང་འཕོ་བྱ་ལ་སོགས་མཚན་འཛིན་བྲལ། །སྐྱེ་མེད་བློ་འདས་འོད་གསལ་ཕྱག་རྒྱ་ཆེ། །ནམ་མཁའ་སྒོ་འབྱེད་ཤེས་རབ་ཕ་རོལ་ཕྱིན། །
ཕཊ་ཕཊ་ཕཊ། ཅེས་དབང་རབ་མཚན་མེད་རྟེན་མེད་དུ་འཕོ་བའོ། །ཕཊ། རང་རིག་ཕག་མོས་གྲི་གུག་མཚོན་ཆེན་གྱིས། །བེམ་པོའི་པགས་པ་དབྲལ་བ་བྷནྡྷའི་སྣོད། །སྟོང་གསུམ་ཙམ་གྱུར་དེ་ནང་ཤ་ཁྲག་རུས། །སིལ་བུར་སྤུངས་སྟེང་འབྲུ་གསུམ་འོད་དུ་ཞུ། །ཟག་མེད་ཤ་ལྔ་བདུད་རྩིའི་རང་བཞིན་གྱུར། །རྒྱལ་ཀུན་བྱིན་རླབས་ཕྱག་གཡོན་ཐོད་པར་བསྡུས། །ཚངས་བུག་ནས་ལུད་མདུན་གྱི་ཐོད་པར་འཁྱིལ། །དམ་ཡེ་དབྱེར་མེད་བདུད་རྩིའི་རྒྱ་མཚོ་ལས། །མཁའ་འགྲོ་དཀར་མོ་ཐོད་འཛིན་གྲངས་མེད་ཀྱིས། །བཅུས་ཏེ་མགྲོན་བཞིར་ཕུལ་བས་དགྱེས་པར་གྱུར། །ཕཊ་ཕཊ་ཕཊ། རྗེ་དེ་ཡི་བརྒྱུད་པ་འཛིན་པའི་མ། །མཚན་ནི་ཇོ་མོ་ལབ་སྒྲོན་མ། །མས་ནི་བདག་གཞན་འགྲོ་བ་སྒྲོལ། །ཇོ་མོ་བདེ་གཤེགས་ཀུན་གྱི་ཡུམ། །ལབ་ནི་འཁྲུངས་ཡུལ་རྒྱལ་བའི་ཞིང༌། །སྒྲོན་ནི་མ་རིག་མུན་པ་སེལ། །མ་
མཚན་དང་ལྡན་ལ་ཕྱག་འཚལ་ལོ། །ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕཊ། བཞི་པ་དམར་འགྱེད་གཡང་གཞི་མ་ནི། ཕཊ། བེམ་ཤུན་སྟོང་གསུམ་ཁྱབ་སྟེང་ཤ་ཁྲག་རྣམས། །རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་བ་ལས། །ཐུགས་སྤྲུལ་རིགས་བཞིའི་མཁའ་འགྲོ་གྲངས་མེད་པས། །ལྷ་འདྲེ་ཀུན་ལ་བསྟབས་པས་ཚིམས་པར་གྱུར། ཕཊ་ཕཊ་ཕཊ། ཕཊ། མ་གཅིག་སྙན་གོང་གཡོན་ངོས་བཞུགས་པ་ཡི། །རྗེ་བཙུན་ཕག་མོ་ལྷ་ལྔ་དེ་ཉིད་ཀྱིས། །སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་ཐིམ་པ་ཡིས། །ཡང་དག་བདེ་ཆེན་ཡེ་ཤེས་
བསྐྱེད་པར་གྱུར། །ཕཊ་ཕཊ་ཕཊ། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཌཱ་ཀི་འབུམ། །རྒྱས་པར་གཤམ་གྱི་ཚིག་རྐང་ལྔ་འགྲེས་སྦྱར། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཌཱ་ཀི་འབུམ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱ་ཀི་འབུམ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱ་ཀི་འབུམ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱ་ཀི་འབུམ། །སྐུ་ལས་སྤྲུལ་པའི་ཌཱ་ཀི་བྱེ་བ་འབུམ། །ཡང་དག་བདེ་ཆེན་སྐྱེད་པའི་ཌཱ་ཀི་ལ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེས་རྒྱུན་ཆད་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དད་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཕཊ། ཅེས་བརྗོད། བརྒྱད་པ་ཚོགས་ཀྱི་འཁོར་ལོ་ལ་གསུམ་ལས། དང་པོ་བྱིན་འབེབས་པ་ནི། ཚོགས་བདུད་རྩིས་བྲན་ལ་ག་ཏེའི་སྔགས་ཀྱིས་བསང་། ཕཊ། གཅོད་ཡུལ་ལྷ་ཚོགས་སྐུ་ལས་འོད་ཟེར་འཕྲོས། །གནས་
ཡུལ་ཡོ་བྱད་མགྲོན་ལ་ཕོག་པ་ཡིས། །ཐམས་ཅད་དག་པ་ཨོ་རྒྱན་མཁའ་སྤྱོད་ཞིང༌། །བཀོད་པ་ཁྱད་འཕགས་བསམ་མི་ཁྱབ་པར་གྱུར། །ཕཊ་ཕཊ་ཕཊ། སྤོས་རོལ་བཅས། བཀའ་བརྒྱུད་ཚོགས་ལས་ནི། གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྒྱས་པར་གཤམ་གསལ་ཚིག་རྐང་བཅུ་སོ་སོར་སྦྱར། གནས་བྱ་རྒོད་ཕུང་པོའི་རི་བོ་ན། །ཡང་དག་རྫོགས་པའི་སངས་རྒྱས་རིན་པོ་ཆེ། ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །མཚན་ལྡན་རྗེ་བཙུན་
སྒྲོལ་མ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་མཁའ་སྤྱོད་མཁའ་འགྲོའི་བཞུགས་གནས་ན། །མཁའ་འགྲོ་སུ་ཁ་སིདྡྷི་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ །གནས་རྒྱ་གར་འཇག་མའི་སྤྱིལ་པོ་ན། །མཁས་པ་ཨརྱ་དེ་བ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ལ་སྟོད་དིང་རིའི་གླང་འཁོར་ན། །སྤྲུལ་སྐུ་དམ་པ་སངས་རྒྱས་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་དབུས་གཙང་གཉིས་ཀྱི་ས་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་གྱི་སྒྲོན་མ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་
གཤེགས་ཚོགས་ཀྱི༴ གནས་སྙི་མོ་ཁུ་ཡི་ར་བ་ན། །ཁུ་སྒོམ་ཆོས་ཀྱི་སེང་གེ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ནས། །སྐྱེ་མེད་དོལ་པ་ཟང་ཐལ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ དཔལ་ཆུ་བོ་རི་ཡི་དབེན་གནས་ན། །གྲུབ་ཐོབ་རྒྱ་ནག་གཅེར་བུ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་རྭ་སྒྲེང་སེ་བའི་དབེན་གནས་ན། །རྗེ་སངས་རྒྱས་རབ་སྟོན་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཟལ་མོ་བྲག་གི་མཐའ་རྩ་ན། །རྗེ་དད་པ་ཤེས་རབ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་བདུད་བཞི་ཆིག་ཆོད་ཀྱི་དབེན་པ་ན། །རྗེ་རཏྣ་པྲ་ཝ་རིན༴ ཁྱེད་དཔའ་
བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཞེན་འཛིན་བྲལ་བའི་དགོན་པ་ན། །མཚུངས་མེད་བློ་གྲོས་ཤེས་རབ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་དོན་གཉིས་ལྷུན་གྲུབ་ཕོ་བྲང་ན། །རྗེ་ཚུལ་ཁྲིམས་ཤཱཀྱ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་སྐུ་འབུམ་ཆོས་ཀྱི་ཕོ་བྲང་ན། །རྗེ་ལུས་མེད་རྡོ་རྗེ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་སྡོམ་བྲག་ཉིན་དགོན་གྱི་རི་ཁྲོད་ན། །རྒྱལ་སྲས་ཚུལ་ཁྲིམས་སེངྒེ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ར་འོག་ཕུག་གི་དབེན་གནས་ན། །རྗེ་ཚུལ་ཁྲིམས་ཡེ་ཤེས་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་བདེ་ཆེན་ཀིལ་སྣའི་རི་ཁྲོད་ན། །
རྟོགས་ལྡན་གཞོན་ནུ་འབྱུང་གནས་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཕྱོགས་ཞེན་བྲལ་བའི་རི་ཕུག་ན། །རྗེ་བརྩོན་འགྲུས་དཔལ་བ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་སྐྱོ་ཉིན་དབྱིངས་ཀྱི་ཀེའུ་ཚང་ན། །རྗེ་གྲགས་པ་རྒྱལ་མཚན་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་སྐྱོ་བྲག་དཀར་པོའི་རི་ཁྲོད་ན། །ཆོས་རྗེ་བསོད་ནམས་བཟང་པོ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཇོ་བོ་སྦོམ་ཤེའི་རི་མགུལ་ན། །རྗེ་ཀུན་དགའ་སེངྒེ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ དབྱིངས་མཁའ་ལ་སྤྱོད་པའི་ཞིང་ཁམས་ན། །མཁའ་འགྲོ་ནམ་མཁའི་རྣལ་འབྱོར་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་
དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཡང་རྫོང་མེ་རི་འབར་བ་ན། །འཇིགས་མེད་ཆོས་ཀྱི་སེངྒེ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཆབ་བསྟི་གསེར་ཕུག་དབེན་གནས་ན། །རྗེ་བཀའ་བརྒྱུད་བཀྲ་ཤིས་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་སེང་གེ་རྫོང་གི་དབེན་རྩ་ན། །གྲུབ་དབང་ཀརྨ་མ་ཏི་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་ཤངས་ཀྱི་རྒོད་ཚང་ཡང་དབེན་ན། །གཏད་མེད་ཡེ་བབ་ལྷུན་འབྱམས་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་དངོས་གྲུབ་ཀུན་འབྱུང་གི་ཕོ་བྲང་ན། །ཡི་དམ་རྒྱལ་
བའི་ལྷ་ཚོགས་རིན༴ ཁྱེད་དཔའ་བོ་མཁའ་འགྲོའི་དབུས༴ ཚུར་གཤེགས་ཚོགས་ཀྱི༴ གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་རིན་པོ་ཆེ། །ཁྱེད་དཔའ་བོ་མཁའ་འགྲོའི་དབུས་ན་བཞུགས། །ཚུར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་མཆོག་རྣམས། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང༌། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས། ཕཊ། མ་རྒྱུད་ཚོགས་ལས་ནི། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་སངས་རྒྱས་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་
མདོག་སྔོ་ལ་འོད་ཟེར་འབར། །འཁོར་སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །མ་གནས་འདིར་དགོངས་ལ་ཐུགས་རྗེས་གཟིགས། །རྒྱས་པར་གཤམ་གྱི་ཚིག་རྐང་བཅོ་བརྒྱད་སྦྱར། ཤར་རྡོ་རྗེ་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་དཀར་ལ་འོད་ཟེར་འབར། །འཁོར་རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་གནས་འདིར་དགོངས་ལ་ཐུགས་རྗེས་གཟིགས། །ལྷོ་རིན་ཆེན་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་སེར་ལ་འོད་ཟེར་འབར། །འཁོར་རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །མ་གནས་འདིར་དགོངས་ལ་ཐུགས་རྗེས་གཟིགས། །ནུབ་པདྨ་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་དམར་ལ་འོད་ཟེར་འབར། །འཁོར་པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །མ་གནས་འདིར་དགོངས་ལ་ཐུགས་རྗེས་གཟིགས། །བྱང་ལས་ཀྱི་རིགས་ཀྱི་ཌཱ་ཀིའི་ཚོགས། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །
འཁོར་ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །མ་གནས་འདིར་དགོངས་ལ་ཐུགས་རྗེས་གཟིགས། །ཌཱ་ཀིའི་བརྡ་སྐད་དི་རི་རི། །དབུ་རྒྱན་ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་གདུབ་ཞབས་གདུབ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་གཞལ་ཡས་འབར་བ་འདི། །ཨོ་རྒྱན་གནས་སུ་བྱིན་གྱིས་རློབས། །རིན་ཆེན་ལ་སོགས་སྣོད་མཆོག་རྣམས། །པདྨ་བྷནྡྷར་བྱིན་གྱིས་རློབས། །ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཀྱང༌། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་སྐལ་ལྡན་ཕོ་མོ་རྣམས། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །རྣལ་འབྱོར་བར་ཆད་ཞི་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བུ་སྐྱེ་མེད་དབྱིངས་སུ་ལམ་སྣ་དྲོངས། །ཕཊ། ཀྱེ།
མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཁྱེད་ཀྱི་འཁོར་དུ་གཏོགས་པ་ཡི། །མཁའ་ལ་འགྲོ་བའི་མཁའ་འགྲོ་མ། །ཤུགས་ལ་འགྲོ་བའི་ཤུགས་འགྲོ་མ། །བར་སྣང་བགྲོད་པའི་མཁའ་འགྲོ་མ། །དེ་འོག་ཞིང་སྔགས་མཁའ་འགྲོའི་ཚོགས། །གིང་ཆེན་གིང་ཆུང་ལྕམ་དྲལ་རྣམས། །ཧ་སྒྲ་ཕཊ་སྒྲ་ཏི་རི་རི། །དྲག་པོའི་རྐན་སྒྲ་ཐགས་སེ་ཐག །གསང་བའི་བཤུག་གླུ་ཀྱུ་རུ་རུ། །མ་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དམ་སྲི་གནོད་བྱེད་རྡུལ་དུ་རློགས། །སྡང་བའི་དགྲ་བོ་ཚོགས་སུ་རོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ། ཅེས་སྤྱན་དྲངས། གཉིས་པ་བསྲེ་བ་སྐོར་གསུམ་དང་བྱིན་བརླབ་པ་ནི། ཕཊ། བདག་རིག་གཞན་རིག་གཉིས་མེད་གཅིག་ཏུ་བསྲེ། །རིག་པ་མཉམ་ཉིད་ཆོས་ཀྱི་དབྱིངས་སུ་བསྲེ། །རང་གཞན་བེམ་པོ་ཚོགས་དང་དབྱེར་མེད་བསྲེ། །ཕཊ་ཕཊ་ཕཊ། ཕཊ། སྟོང་ལས་
ཚོགས་སྣོད་པདྨ་བྷནྡྷ་ནི། །ཡངས་ཤིང་རྒྱ་ཆེར་བེམ་པོ་ཚོགས་རྫས་ཉིད། །རྣམ་པ་གསེར་གྱི་རྡོ་རྗེ་གྱེན་འགྲེང་བ། །འབྲུ་གསུམ་མཚན་པ་ཉི་ཟླའི་གདན་ཁེབས་གསལ། །དེ་ནས་རང་རིག་ཕག་མོའི་གནས་གསུམ་གྱི། །ཡིག་འབྲུའི་འོད་ཀྱིས་མདུན་གྱི་མ་གཅིག་བསྐུལ། །མ་གཅིག་གནས་གསུམ་འབྲུ་གསུམ་མཚན་པ་ལས། །བདུད་རྩིའི་རང་བཞིན་འབྲུ་གསུམ་འོད་ཟེར་འཕྲོས། །རྡོ་རྗེའི་འབྲུ་གསུམ་ལ་ཐིམ་རིམ་པར་ཞུ། །སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང༌། །འདོད་ཡོན་སྤྲིན་ཕུང་འཕྲོ་བའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ། མ་གཅིག་མ་ལ་གསོལ་བ་འདེབས། །ཨཱཿ མ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ། མ་གཅིག་མ་ལ་གསོལ་བ་འདེབས། །དཀར་པོ་ཨོཾ་གྱིས་བྱིན་གྱིས་རློབས། །དཀར་པོ་ཨོཾ་གྱི་བྱིན་རླབས་ཀྱིས། །འོག་གི་ཚིག་རྐང་བདུན་འགྲེས།
དམར་པོ་ཨཱཿཡིས་བྱིན་གྱིས་རློབས། །དམར་པོ་ཨཱཿཡི་བྱིན་རླབས་ཀྱིས། །སོགས། སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་ཀྱིས། །རྗེ་བླ་མ་ཡི་དམ་མཁའ་འགྲོ་དང༌། །རྒྱལ་བའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང༌། །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཕཊ། སྤྲོ་ན། ན་མོ། ཐབས་དང་ཤེས་རབ་གཉིས་མེད་པའི། །ཚོགས་ཀྱི་འཁོར་ལོའི་རྫས་ཆེན་པོ། །ངོ་བོ་གདོད་ནས་སྐྱེ་མེད་དབྱིངས། །རང་བཞིན་ཨ་ལི་ཀ་ལིའི་ཚུལ། །རྣམ་པ་ཤ་ལྔ་བདུད་རྩི་ལྔས། །རྒྱས་བཏབ་ཟག་མེད་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས། །མཆོད་འོས་རྒྱ་མཚོའི་ཞལ་དུ་འབུལ། །
སརྦ་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ། ཕཊ། ཚོགས་མཆོད་བདུད་རྩིའི་རྒྱ་མཚོའི་རླངས་པ་ལས། །ཕྱི་ནང་གསང་བའི་ཚོགས་མཆོད་དཔག་མེད་སྤྲོས། །ཐམས་ཅད་འདོད་ཡོན་ཅི་འདོད་ཚོགས་ཀྱིས་མཉེས། །དགའ་མགུ་ཡི་རང་བདེ་ཆེན་ཏིང་འཛིན་སྐྱེས། ཕཊ་ཕཊ་ཕཊ། གསུམ་པ་བསྟབ་པ་ལ་སྤྱིར་འཁོར་འདས་རིས་མེད་ཀྱི་མགྲོན་ལ་བསྟབ་པ་ནི། ཧཱུྃ། དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་དང༌། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །རྒྱས་པར་ན་འོག་གི་ཚིག་རྐང་བརྒྱད་འགྲེའོ། །དཀྱིལ་འཁོར་ལྷ་ཚོགས་མན་ཆད་དང༌། །དཔའ་བོ་དཔའ་མོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས༴ ཡུམ་རྡོ་རྗེ་ཕག་མོ་མན་ཆད་དང༌། །རིགས་བཞིའི་མཁའ་འགྲོ་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ཆོས་སྐྱོང་མ་མགོན་མན་ཆད་དང༌། །དཀྱིལ་
འཁོར་མཐའ་སྐྱོང་ཡན་ཆད་རྣམས། །མ་ལུས་འཁོར་བཅས༴ ཤཱཀྱ་ཐུབ་པ་མན་ཆད་དང༌། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རྣམས། །མ་ལུས་འཁོར་བཅས༴ སྟོང་གསུམ་གཞི་བདག་མན་ཆད་དང༌། །འདིར་གནས་ལྷ་འདྲེ་ཡན་ཆད་རྣམས། །མ་ལུས་འཁོར་བཅས༴ རིགས་དྲུག་མགྲོན་རིགས་མན་ཆད་དང༌། །ལན་ཆགས་བགེགས་རིགས་ཡན་ཆད་རྣམས། །མ་ལུས་འཁོར་བཅས་ཚོགས་ལ་རོལ། །ལ་ལ་བདག་ཏུ་མ་བཟུང་བའི་སྲིད་པའི་དཔལ་འབྱོར་ཇི་སྙེད་པ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་བདག་ཏུ་བཟུང་བའི་ཚེ་བསོད་ཁ་རྗེ་དབང་ཐང་ནང་གི་ཚོགས་ལ་རོལ། །ལ་ལ་ཕོ་མོ་སྙོམས་འཇུག་གི་དགའ་བ་གསང་བའི་ཚོགས་ལ་རོལ། །ལ་ལ་འཁོར་གསུམ་མི་དམིགས་པ་འོད་གསལ་ཕྱག་རྒྱ་ཆེན་པོ་དེ་ཉིད་ཀྱི་ཚོགས་ལ་རོལ། །རོལ་ཅིག་རོལ་ཅིག་ཚོགས་ལ་རོལ། །སྤྱོད་ཅིག་སྤྱོད་ཅིག་ཚོགས་ལ་སྤྱོད། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཕུད་ལྷག་མ་མེད་པར་བཞེས་
སུ་གསོལ། །ཕཊ། བྱེ་བྲག་རིགས་ལྔའི་མཁའ་འགྲོ་ལ་ཚོགས་བསྟབ་པ་ནི། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་མདངས་དང་ལྡན། །ཕྱག་གཡས་ན་བཻ་ཌཱུར་གྲི་གུག་བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས། །རྒྱས་པར་གཤམ་གྱི་ཚིག་རྐང་བཞི་སྦྱར། ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་མདངས་དང་ལྡན། །ཕྱག་གཡས་ན་ཤེལ་གྱི་གྲི་གུག་བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི༴ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་མདངས་དང་ལྡན། །ཕྱག་གཡས་ན་གསེར་གྱི་གྲི་གུག་བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་རིན་
ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི༴ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་མདངས་དང་ལྡན། །ཕྱག་གཡས་ན་ཟངས་ཀྱི་གྲི་གུག་བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི༴ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོ་མདངས་དང་ལྡན། །ཕྱག་གཡས་ན་མརྒད་གྲི་གུག་བསྣམས། །གཡོན་ན་མཚན་ལྡན་ཀ་པཱ་ལ། །འཁོར་ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས། །མ་རོལ་ཅིག་རོལ་ཅིག་ཚོགས་ལ་རོལ། །སྤྱོད་ཅིག་སྤྱོད་ཅིག་ཚོགས་ལ་སྤྱོད། །ཨ་ལ་ལ་བཅས་དགྱེས་པར་བཞེས། །ག་ཎ་ཙཀྲ་པཱུ་ཛ་ཧོཿ ཕཊ། ཅེས་དང༌། གཞན་ཡང་བསྟབ་པའི་རིགས་དགོས་ན་འདིར་བྱའོ། །དགུ་པ་གཏོར་མ་བསྔོ་བ་ནི། ཚོགས་ཕུད་ཀྱིས་གཏོར་མ་གསོ་བྲན་བྱས་ལ་བདུད་རྩི་ལྟར་
བྱིན་བརླབ། འབར་བའི་རྒྱ་བཅས། ཕེཾ་ཕེཾ་ཕེཾ་ཞེས་སྤྱན་དྲངས། རྡོར་ཐལ་རྒྱ་བཅས། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། བྃ་གུ་རུ་ཧ་རི་ནི་ས་དེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ཨི་དཾ༴ ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ༴ ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གསུམ་གྱིས་འབུལ། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཧོ། ཞེས་མཆོད། གུ་རུ་དེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ཨོཾ་ཨཱཿཧཱུྃ། ནང་མཆོད་ཆད་འཛུད་ནི། ཨོཾ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ༴ རྟེན་འབྲེལ་གྱི་རྩ་བ་མ་དང་མཁའ་འགྲོ་རྣམས་ཀྱི་ཞལ༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ༴ གཞན་ཡང་འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་མཁའ་མཉམ་
སེམས་ཅན་ཐམས་ཅད་ཡི་དམ་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩིའི་ཐིག་གཏོར་བྱ། མཐར་རང་གིས་ཁར་མྱང་ལ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ལ་ནང་མཆོད་འབུལ། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནང་འབྱུང་བཞིའི་དངོས་པོ་བ་ལིང་ཏ། །དེ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ། །ལས་རབ་འབྱམས་འགྲུབ་པར་བྱིན་གྱིས་རློབས། །ལུས་དབང་ཆེན་པགས་པའི་གཏོར་གཞོང་དུ། །ནང་ཤ་ཁྲག་རུས་པའི་བ་ལིང་ཏ། །དེ་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །ཚེ་ཉི་ཟླ་དང་མཉམ་པར་བྱིན་གྱིས་རློབས། །སེམས་སྣང་བ་སྣ་ཚོགས་ཀྱི་གཏོར་གཞོང་དུ། །ནང་དྲན་རིག་གསལ་བའི་བ་ལིང་ཏ། །དེ་མཁའ་ཁྱབ་ཆོས་ཀྱི་སྐུ་ལ་འབུལ། །རྒྱུད་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས། །ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད། བཅུ་པ་བསྐང་བ་ནི། ཧཱུྃ། བེམ་ཤུན་བྷནྡྷ་སྟོང་གསུམ་མཉམ་པའི་ནང༌། །ཕུང་པོ་ཤ་ལྔ་བདུད་རྩི་ཡེ་
ཤེས་ལྔ། །ཕུད་རླངས་སྒེག་སོགས་བརྒྱད་དང་འདོད་ཡོན་ལྔ། །མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང༌། །སྙན་པའི་གླུ་དབྱངས་རྡོ་རྗེའི་གར་དང་བཅས། །འདོད་ཡོན་མཆོད་སྤྲིན་ཟག་མེད་བསྐང་རྫས་འདིས། །ཕ་རྒྱུད་ཐབས་དང་མ་རྒྱུད་ཤེས་རབ་དང༌། །ཟུང་འཇུག་ཉམས་ཀྱི་བརྒྱུད་པ་ལ་སོགས་ཏེ། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་ཐུགས་དམ་བསྐང༌། །མ་གཅིག་རིགས་ལྔ་ཕག་མོ་ལྷ་ལྔ་དང༌། །ཁྲོས་མ་རིགས་ལྔ་མཁའ་འགྲོ་རྒྱ་མཚོར་བཅས། །ཡི་དམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༌། །དཔལ་མགོན་ཕྱག་དྲུག་པ་དང་ཨ་གྷོ་ར། །དུར་བདག་ལས་བདག་སྤྱང་ཞོན་ཉི་ཟླའི་གཤོག །གཟའ་བདུད་ཟངས་རི་འཁོར་བཅས་ཐུགས་དམ་བསྐང༌། །གནོད་སྦྱིན་ཞང་བློན་རྒྱལ་ཆེན་བརྟན་སྐྱོང་སྨན། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་མགུལ་ལྷའི་ཚོགས། །ཕྱི་ནང་བཀའ་
སྲུང་འཁོར་བཅས་ཐུགས་དམ་བསྐང༌། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །མཆོག་ཐུན་དངོས་གྲུབ་ཆུ་བོའི་རྒྱུན་བཞིན་སྩོལ། །ལུས་ངག་ཡིད་གསུམ་སྲུང་ཞིང་སྐྱོང་བ་དང༌། །གཅོད་ཡུལ་བསྟན་པ་དར་ཞིང་རྒྱས་པར་མཛོད། །བཅུ་གཅིག་པ་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ནི། ཚོགས་བར་པ་བརྡ་ཡི་འབུལ་ལེན་བཅས་ལས་རྡོར་གྱིས་ལག་གཡས་སུ་ཐབས་ཀྱི་རྫས་ཤ་ཟན་དང༌། གཡོན་དུ་ཤེས་རབ་ཀྱི་རྫས་བདུད་རྩི་ཐོགས་ལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་དྲངས་ལ་ལེན་པ་པོས། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བས། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཞེས་པད་ཀོར་བཅས་བླངས་ལ་ཕུད་བཅད་དེ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་ཕུད་ལྷག་བཅད་ལ་
ནང་གི་ཏིང་འཛིན་དང་མ་བྲལ་བས་རོལ་པར་བྱའོ། །མང་ལྷག་བསྡུས་ལ། ཕཊ། ཕུང་པོ་ཚོགས་ལྷག་དཀར་གསུམ་མངར་གསུམ་ཚོགས། །བདུད་རྩིའི་རྒྱ་མཚོ་ལྷག་མར་རེ་བའི་མགྲོན། །མི་ནུས་མི་ཁོམ་ཁས་ཞན་དབང་ཆུང་བ། །ཉམ་ཐག་བང་བུལ་མ་ལུས་རབ་ཏུ་ཚིམས། །ཨོཾ་ཨུཙྪིཥྚ་བྷཀྵ་སི་སྭཱ་ཧཱ། ཞེས་ཕྱི་རོལ་སྒོ་དྲུང་དུ་དོར། གཙང་ལྷག་ཆ་གསུམ་པ་དེ་ཉིད་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཕཊ། སྲིད་གསུམ་བྷནྡྷ་འབར་བའི་གཏོར་གཞོང་དུ། །ལྷག་མའི་གཏོར་མ་གླིང་བཞི་རི་རབ་ཙམ། །གཏི་མུག་ཤ་ཡི་རྩིག་པ་ཉི་ལི་ལི། །འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ། །ཞེ་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །བདུད་རྩི་རྣམ་ལྔའི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་ཌཱ་ཀི་དམ་ཅན་དང༌། །སྡོང་གྲོགས་བྱེད་པའི་ལྷ་སྲིན་སྡེ་བརྒྱད་དང༌། །ཕྱི་ནང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་
ཚོགས། །བཀའ་ཡི་ཕ་འབབ་རྒྱ་ཆེན་འདི་ལོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ། ཅེས་གཙང་སར་འབུལ། བཅུ་གཉིས་པ། ལས་གཏོར་ནི། མཁའ་འགྲོ་ལ་དམར་གཏོར་ལྔ་ཚོམ་དང་ཆོས་སྐྱོང་ལ་དཀར་དམར་གཉིས་སོ་སོར་བཤམ། ན་མོ། མཆོག་གསུམ་རྩ་གསུམ་གཅོད་ཡུལ་བརྒྱུད་པའི་ཚོགས། །ཁྱད་པར་ཁྲོས་མའི་ལྷ་ཚོགས་བདེན་པའི་མཐུས། །བཀའ་ལ་མི་གནས་འགྱུ་ལོག་འཕར་སྡང་བྱེད། །དམ་སྲི་འབྱུང་པོ་ཐམས་ཅད་འདིར་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཕཊ། བྷནྡྷ་ལྕང་ལོ་ཅན་གྱི་སྣོད་ནང་དུ། །དགྲ་བགེགས་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ལ། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་རོལ་པར་གྱུར། །ཕཊ་ཕཊ་ཕཊ། མཁའ་འགྲོའི་བསྟོད་བསྐུལ་ཕྲིན་བཅོལ་ནི། ཧཱུྃ། བཅོམ་ལྡན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་པོ་ཟིལ་གནོན་ཅིང༌། །ལོག་པར་ལྟ་བའི་ཕྱོགས་གཞན་འཇོམས། །མཐུ་ཆེན་རྡོ་རྗེ་མཁའ་འགྲོ་
མ། །མཁའ་འགྲོ་མང་པོའི་ཚོགས་དང་བཅས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་དང་དབང་དང་དྲག །དགུག་དང་བསྐྲད་དང་མནན་དང་གཟིར། །ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། །མཁའ་འགྲོ་མཉེས་པའི་མཆོད་པ་འདིས། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བདེ་ལེགས་ཐམས་ཅད་བདག་ལ་སྩོལ། །ཅེས་ཉང་ལུགས་ལས་འབྱུང་བ་ལྟར་འདིར་ཁ་བསྐང་བའོ། །ཆོས་སྐྱོང་ཕྱོགས་བསྡུས་ཀྱི་ལས་བསྐུལ་ནི། ཧཱུྃ། དམ་པ་མ་གཅིག་ལབ་སྒྲོན་གྱི། །སྤྱན་སྔར་ཞལ་བཞེས་དམ་བཅས་པའི། །ཕྱག་དྲུག་མགོན་དང་ཨ་གྷོ་ར། །དུར་བདག་ལྕམ་དྲལ་སྤྱང་ཞོན་མཆེད། །མཚན་མོ་སྒྲ་སྒྲོགས་བརྟན་མའི་ཚོགས། །ཟངས་རི་འབར་བ་སྤུན་བདུན་བཅས། །གཅོད་ཡུལ་བཀའ་ཡི་སྲུང་མ་རྣམས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །བསྟན་དང་
བདག་ལ་སྡང་བའི་དགྲ། །སྐད་ཅིག་མྱུར་སྒྲོལ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྙན་བརྒྱུད་བཀའ་བབ་སྲུང་མ་ཁྱད་པར་བ་ནི། ཧཱུྃ། དཀར་དམར་ཟླ་གསང་ཐིག་ལེ་ལས། །ཤར་བའི་དབྱིངས་ཀྱི་མཁའ་འགྲོ་མ། །ཉི་ཟླ་རླུང་གི་གཤོག་པ་ཅན། །ཐ་ཚིག་རྡོ་རྗེའི་དམ་ལ་གཤེགས། །སྣང་སྲིད་འདོད་ཡོན་རྒྱན་གྱི་གཏེར། །སྤང་བླང་རིས་མེད་མཉམ་ཉིད་ཀློང༌། །ཅིར་སྣང་རོལ་པའི་མཆོད་གཏོར་བཞེས། །བདེ་ཆེན་བདེ་བའི་དགྱེས་པར་རོལ། །ཆོས་ཉིད་འགྱུར་མེད་མཐིང་ནག་ཁྲོས། །ཉམས་པ་ཚར་གཅོད་གྲི་ཐོད་གདེངས། །ཐབས་ཤེས་ཉི་ཟླའི་གཤོག་རླབས་བསྐྱོད། །མཁའ་ལ་ཐོགས་མེད་གཤེགས་ལ་བསྟོད། །རྡོ་རྗེའི་སར་བཞུགས་ཨ་ནནྟ། །ཛྭ་ལ་བཛྲའི་དམ་མནོས་བཞིན། །མ་རྒྱུད་མཐར་ཐུག་གསང་གཅོད་ཀྱི། །གདམས་སྐོར་མི་ཉམས་ཐུབ་པར་སྲུངས། །གང་ཞིག་ཡུལ་
དུས་དགོས་པ་དང༌། །འབྲེལ་ཚེ་འགྲོ་དོན་སྒོ་འབྱེད་ནས། །ནམ་མཁར་མཉམ་པའི་ཕྲིན་ལས་ཀྱིས། །མ་ལུས་རྡོ་རྗེ་འཆང་འགྲུབ་མཛོད། །ཅེས་དང༌། ཧཱུྃ། སྤྲུལ་སྐུ་མ་གཅིག་ལབ་སྒྲོན་གྱིས། །གངས་གཉན་ཉི་ཤུ་རྩ་གཅིག་དང༌། །གཉན་ཁྲོད་བརྒྱ་རྩ་འགྲིམས་པའི་ཚེ། །བཀའ་དང་དམ་བཏགས་སྲུང་མ་རྣམས། །འདིར་གཤེགས་དཀར་གསུམ་གཏོར་མ་བཞེས། །རྣལ་འབྱོར་སྒྲུབ་པའི་སྡོང་གྲོགས་མཛོད། །ཅེས་པ་ཙམ་མམ། དུས་གཉན་ལྟ་བུར་དྲག་བསྐུལ་ནི། ཕཊ། ཀྱེ། མ་མི་དམིགས་དབྱིངས་ཀྱི་མཁའ་འགྲོ་མ། །མ་དབུས་ཕྱོགས་ན་བཞུགས་པའི་མཁའ་འགྲོའི་ཚོགས། །སྐུ་མདོག་ནག་མོ་ཁྲོས་མའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུ་རྩ་གཅིག་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཡས་ན་རྡོ་
རྗེའི་གྲི་གུག་ཕྱར། །གཡོན་ན་ཐོད་པ་ཁྲག་བཀང་རོལ། །འཁོར་རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཞེ་སྡང་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ད་རེས་སྡང་བའི་དགྲ་ལ་ཡ། །ད་རེས་གནོད་པའི་བགེགས་ལ་བྷྱོ། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱེ། མ་མི་དམིགས་དབྱིངས་ཀྱི་མཁའ་འགྲོ་མ། །མ་ཤར་ཕྱོགས་ན་བཞུགས་པའི་མཁའ་འགྲོའི་ཚོགས། །སྐུ་མདོག་དཀར་མོ་ཁྲོས་མའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུ་རྩ་གཅིག་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཡས་ན་འཁོར་ལོའི་གྲི་གུག་
ཕྱར། །གཡོན་ན་ཐོད་པ་ཁྲག་བཀང་རོལ། །འཁོར་སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །གཏི་མུག་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་རྫས་རྒྱན་པའི་སོགས་འགྲེའོ།། ཀྱེ། མ་མི་དམིགས་དབྱིངས་ཀྱི་མཁའ་འགྲོ་མ། །མ་ལྷོ་ཕྱོགས་ན་བཞུགས་པའི་མཁའ་འགྲོའི་ཚོགས། །སྐུ་མདོག་སེར་མོ་ཁྲོས་མའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུ་རྩ་གཅིག་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཡས་ན་རིན་ཆེན་གྲི་གུག་ཕྱར། །གཡོན་ན་ཐོད་པ་ཁྲག་བཀང་རོལ། །འཁོར་རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ང་རྒྱལ་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་རྫས་རྒྱན་པའི༴ ཀྱེ། མ་
མི་དམིགས་དབྱིངས་ཀྱི་མཁའ་འགྲོ་མ། །མ་ནུབ་ཕྱོགས་ན་བཞུགས་པའི་མཁའ་འགྲོའི་ཚོགས། །སྐུ་མདོག་དམར་མོ་ཁྲོས་མའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །རློན་པ་ལྔ་བཅུ་རྩ་གཅིག་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཡས་ན་པདྨའི་གྲི་གུག་ཕྱར། །གཡོན་ན་ཐོད་པ་ཁྲག་བཀང་རོལ། །འཁོར་པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །འདོད་ཆགས་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་རྫས་རྒྱན་པའི༴ ཀྱེ། མ་མི་དམིགས་དབྱིངས་ཀྱི་མཁའ་འགྲོ་མ། །མ་བྱང་ཕྱོགས་ན་བཞུགས་པའི་མཁའ་འགྲོའི་ཚོགས། །སྐུ་མདོག་ལྗང་མོ་ཁྲོས་མའི་ཆ་བྱད་ཅན། །ཁྱོད་མི་འགྱུར་པད་ཟླའི་གདན་ལ་བཞུགས། །ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན། །
རློན་པ་ལྔ་བཅུ་རྩ་གཅིག་དོ་ཤལ་བྱས། །རུས་ཆེན་གྱི་རྒྱན་དྲུག་སྐུ་ལ་གསོལ། །ཕྱག་གཡས་ན་རྒྱ་གྲམ་གྲི་གུག་ཕྱར། །གཡོན་ན་ཐོད་པ་ཁྲག་བཀང་རོལ། །འཁོར་ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྲག་དོག་དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །མ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དམ་རྫས་རྒྱན་པའི༴ ཕཊ། ཅེས་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ༌། །བཞི་པ་རྗེས་ཀྱི་རིམ་པ་ལ་བདུན་ལས། དང་པོ་མཆོད་བསྟོད་ནི། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོ་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །གཉིས་པ་བཤགས་པ་ལ། དཀར་འགྱེད་རིགས་དྲུག་གནས་སྟོང་མ་ནི། ཕཊ། མ་གཅིག་ཐུགས་ལས་རང་རིག་ཧ་ཡིག་འཕྲོས། །ཡོངས་གྱུར་མཁའ་འགྲོ་དཀར་མོ་གཡས་
གྲི་གུག །གཡོན་པས་བུམ་པ་བདུད་རྩིས་གང་བ་ཐོགས། །བེམ་པོའི་སྤྱི་བོར་བདུད་རྩི་བླུགས་པ་ཡིས། །རྐྱལ་པ་འོ་མས་གང་ལྟར་གྱུར་པ་ལ། །གྲི་གུག་ཚད་པས་ཤག་རལ་ས་གཞིའི་ཁྱོན། །ཤེལ་ལྟར་དག་པས་བདུད་རྩིའི་རྒྱ་མཚོར་འཁྱིལ། །ཐུགས་སྤྲུལ་དཀར་མོ་བུམ་ཐོགས་གྲངས་མེད་པ། །རིགས་དྲུག་རང་གནས་སོང་ནས་འགྱེད་པ་ཡིས། །སོ་སོའི་སྡུག་བསྔལ་ཐམས་ཅད་སྐད་ཅིག་ཞི། །འོད་ཟེར་ཕོག་པས་རིགས་དྲུག་གནས་སྟོང་སྟེ། །མངོན་དགའ་བདེ་ཅན་སྟུག་པོ་བཀོད་དཔལ་ལྡན། །ལས་རབ་རྫོགས་དང་འོག་མིན་ཞིང་དུ་གྱུར། །ཕཊ་ཕཊ་ཕཊ། ན་མོ། བདེ་བ་ལེགས་པ་ཇི་སྙེད་པ། །རྩ་བའི་བླ་མར་འབྱུང་བར་མ་ཤེས་ནས། །དངོས་གྲུབ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་རྩ་བ་ཆོད་པ་དེ། །ཆོས་སྐུ་ཡིན་པར་མ་ཤེས་ནས། །
སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ང་བདག་རྩ་བ་ཆོད་པ་དེ། །ཉམས་ལེན་ཡིན་པར་མ་ཤེས་ནས། །ལྷ་འདྲེ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་ཐམས་ཅད་དེ། །ཕ་མ་ཡིན་པར་མ་ཤེས་ནས། །གཞན་ལ་གནོད་པ་བསྐྱལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །བརྩེ་གདུང་ལྡན་པའི་མཆེད་གྲོགས་དེ། །དཔའ་བོ་མཁའ་འགྲོ་ཡིན་པར་མ་ཤེས་ནས། །རུ་ང་ཕྲག་དོག་སྐྱེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །གདམས་པ་བདུད་ཀྱི་གཅོད་ཡུལ་དེ། །སྣོད་ངན་ཡོད་པར་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཟབ་མོ་མཁའ་འགྲོའི་ཚོགས་གྲལ་དེ། །གསང་གནས་ཡིན་པར་མ་ཤེས་ནས། །ཉམས་གྲིབ་
ཅན་དང་འདྲེས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ལུས་ཆགས་མེད་སྦྱིན་པ་བཏང་བ་དེ། །སྒྲིབ་གཉིས་བྱང་བར་མ་ཤེས་ནས། །ལུས་ལ་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་ཡེ་ཤེས་མཁའ་འགྲོ་མ། །གནོང་ངོ་འགྱོད་དོ་གཅོད་ཡུལ་བརྒྱུད་པ་རྣམས། །དག་ཚངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ལམ་མ་ནོར་ཆོས་ཀྱི་དབྱིངས་སུ་དྲོངས། །མི་ལྡོག་བདེ་ཆེན་ས་ལ་འགོད་གྱུར་ཅིག །ཕཊ། ཅེས་སྟོང་ཉིད་ཀྱི་ངང་ལ་ཡུད་ཙམ་བཞག་གོ། །ནོངས་བཤགས་ནི། གང་ཡང་བདག་བློ་རྨོངས་པའི་དབང་གིས་ནི། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་མཆིས་པ། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་ཁྱོད་ལ་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། གསུམ་པ་འཁོན་སེམས་སྦྱང་བ་ནི། ཕཊ། རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི། །
མཐའ་བསྐོར་རིགས་དྲུག་ལྷ་འདྲེ་འཁོད་གྱུར་པ། །ཕོ་རྣམས་སྤྱན་གཟིགས་མོ་རྣམས་སྒྲོལ་མའི་སྐུ། །ཐམས་ཅད་མགྲིན་གཅིག་ཡིག་དྲུག་འདོན་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་འགྲུབ་བཟླ། བདག་གི་ལུས་ཤ་ཁྲག་མཆོད་སྦྱིན་འདི། ཁར་རེག་པ་ཙམ། དྲི་ཚོར་བ་ཙམ་གྱིས། ན་བར་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག ཕཊ། ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་བྱང་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །སོགས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །སོགས་ནས་འདི་ནི་སངས་རྒྱས་བསྟན་པ་ཡིན། །བར་དང་། སྐར་མ་རབ་རིབ་མར་མེ་དང༌། །
སོགས། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། བཞི་པ་བསྔོ་སྨོན་ནི། བདག་གིས་ལུས་ཚོགས་མཆོད་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་དང༌། བདག་གིས་བྱང་ཆུབ་སེམས་ཀྱིས་ལྷ་འདྲེ་རྣམས་རྗེས་སུ་བཟུང་བའི་དགེ་བའི་རྩ་བ་དང༌། གཞན་ཡང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་དེ་ཐམས་ཅད་ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་ཁམས་གསུམ་སེམས་ཅན་གྱི་དོན་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པའི་མཐུ་ལ་བརྟེན་ནས་ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་ཁམས་གསུམ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །སྐྱེ་
བ་མེད་པ་ཡུམ་གྱི་དགོངས་པ་ལ་མངའ་བརྙེས་ནས་རྒྱལ་བ་ཐམས་ཅད་ཀྱི་ཡབ་རིགས་རྣམས་ཀུན་གྱི་བདག་པོ་ཁྱབ་བདག་རྡོ་རྗེ་འཆང་གི་ས་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་གོ་འཕང་ཐོབ་ནས་ཀྱང་ཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །སོགས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བརྗོད། ལྔ་པ་བཀྲ་ཤིས་བརྗོད་པ་ནི། རྒྱལ་བའི་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ནི། །སྙིགས་མའི་དུས་འདིར་བསྟན་འགྲོའི་དཔལ་དུ་ཤར། །གདུལ་བྱའི་བློ་ཡི་མུན་པ་སེལ་མཛད་པའི། །ལབ་ཀྱི་སྒྲོན་མ་དེ་ཡི་བཀྲ་ཤིས་ཤོག །མཐའ་བྲལ་ལྟ་བས་འཁོར་འདས་ཟིལ་གྱིས་གནོན། །དམིགས་མེད་སྒོམ་པས་ཆོས་ཀུན་སྒྱུ་མར་ཤར། །ཤུགས་འབྱུང་སྤྱོད་པས་རྐྱེན་ཀུན་ལམ་དུ་སློང༌། །
གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །དྲུག་པ་གཤེགས་གསོལ་ནི། འཇིག་རྟེན་སྲུང་མ་དཔལ་མགོན་ཡོན་ཏན་མགྲོན། །ལྷ་རྣམས་དགའ་བའི་ཚལ་ལས་བསྐྱོད་པ་བཞིན། །རང་རང་གནས་གཤེགས་དུས་སུ་སླར་ཡང་བྱོན། །བཛྲ་མུཿ རིགས་དྲུག་སྙིང་རྗེ་ལན་ཆགས་ཤ་འཁོན་མགྲོན། །ཚོང་པ་རིན་ཆེན་གླིང་ནས་གཤེགས་པ་ལྟར། །མགུ་ཚིམས་ཡི་རང་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪཿ སེ་གོལ་བརྡབ། བདུན་པ་བསྡུ་རིམ་དབང་ལེན་ནི། ཕཊ། མ་གཅིག་ཐུགས་ལས་རང་རིག་ཕྱིར་འཕྲོས་པ། །འོད་ཀྱི་གོང་བུར་མ་གཅིག་ཚོན་གང་སྐུ། །ཚངས་བུག་ནས་བརྒྱུད་སྙིང་དབུས་པད་མོར་བཞུགས། །གྱེན་དུ་ཁ་ཟླུམ་བུམ་སྐུའི་རྣམ་པར་གྱུར། །ཕཊ་ཕཊ་ཕཊ། མ་གཅིག་ཡུམ་ཆེན་ལྷ་ཚོགས་ཐམས་ཅད་ཀྱིས། །བདག་ལ་དབང་བཞི་བསྐུར་བར་མཛད་དུ་གསོལ། །གསོལ་བཏབ་རྒྱུད་བསྐུལ་ལྷ་རྣམས་
གཡོན་བསྐོར་དུ། །རིམ་ཞུ་མ་གཅིག་སྐུར་འདུས་གནས་གསུམ་ནས། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་གཅིག་ཆར། །འཕྲོས་པ་བདག་གི་གནས་གསུམ་ལ་ཐིམ་པས། །སྒོ་གསུམ་ཆ་སྙོམས་སྒྲིབ་དག་དབང་བཞི་ཐོབ། །སྐུ་བཞིའི་ས་བོན་རྒྱུད་བཞག་དེ་ཉིད་དུ། །མ་གཅིག་རིགས་ལྔའི་སྐུར་གྱུར་བདག་བསྲུང་བྱའི། །སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པར་གྱུར། །ཕཊ་ཕཊ་ཕཊ། ཀྱེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཤར་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །རྒྱས་པར་འོག་གི་ཚིག་རྐང་བཅུ་གཅིག་འགྲེས་སྦྱར། མ་ལྷོ་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །མ་ནུབ་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དམར། །པདྨ་མཁའ་འགྲོ་
འབུམ་གྱིས་བསྐོར། །མ་བྱང་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ལྗང༌། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །མ་དབུས་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ནག །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །སྤྱི་གཙུག་རྒྱན་འདིར་བཞུགས་ནས་ཀྱང༌། །མས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་ཞིག་མ་གཅིག་མ། །རྟོགས་པ་བསྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཞིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །ཕཊ། མ་གཅིག་འོད་ཞུ་བདག་དང་བསྲུང་བྱར་ཐིམ། །གསང་གསུམ་དབྱེར་མེད་ཆོས་སྐུར་
རོ་གཅིག་གྱུར། །ཞེས་སྟོང་ཉིད་སྤྲོས་བྲལ་ངང་ལ་བཞག་གོ། །དེ་ལས་འཕྲོ་བར་གྱུར་ཚེ། ཇི་ལྟར་ཐུབ་དབང་བྱམས་པའི་སྟོབས་གྱུར་ཚེ། །གནོད་སྦྱིན་ཤ་ཟ་སྤུན་ལྔ་རྗེས་བཟུང་ལྟར། །བདག་ཀྱང་ལུས་སྲོག་ཕངས་མེད་འདོར་བ་ཡིས། །འགྲོ་མང་བཟོད་དཀའི་སྡུག་བསྔལ་དབུགས་འབྱིན་ཤོག །ཅེས་སོགས་ཐེག་པ་ཆེན་པོའི་སྨོན་ལམ་རྒྱ་ཆེར་གདབ་པར་བྱའོ། །སྙན་བརྒྱུད་བཀའ་བབ་ཟུང་འབྲེལ་རྒྱུན། །ནུབ་པར་ཕངས་ནས་མདོར་བསྡུས་ལ། །རྒྱ་ཆེའི་ཟབ་དོན་བཅུད་འཇོ་འདིས། །འབྲེལ་ཚད་ཡུམ་དོན་མངོན་འགྱུར་ཤོག །ཅེས་པ་འདི་ནི་སྒྲུབ་བརྒྱུད་འདི་ཉིད་ཀྱི་བཀའ་བབ་རྗེ་བསོད་ནམས་བཟང་པོ་དང༌། དེང་ཐོག་ཀུན་དགའ་སེང་གེ་ཡབ་སྲས་ཀྱི་བཞེད་གཞུང་ཇི་བཞིན་དུ་བློ་དམན་བདག་འདྲ་དག་ལ་ཕན་པའི་ཕྱིར་འཇུག་བདེ་དོན་བསྡུས་སུ། སྤྲང་པོ་སྙོམ་ལས་མཁན་རིག་འཛིན་མིང་གིས་སྦྱར་བས་སྒྲུབ་བརྒྱུད་རིན་པོ་ཆེ་མི་ནུབ་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག སུ་ཛ་ཡནྟུ། དགེའོ།། །།
ཕུན་སུམ་ཚོགས་པའི་མེ་མཆོད་ཟབ་བསྡུས། འཇིགས་བྲལ་དབང་པོའི་སྡེ།
༄༅། །ཕུན་སུམ་ཚོགས་པའི་མེ་མཆོད་ཟབ་བསྡུས་བཞུགས་སོ། །
བླ་མ་ཡེ་ཤེས་མཁའ་འགྲོ་ལ་བཏུད་ནས། །གཅོད་ཡུལ་ཕུན་སུམ་ཚོགས་པའི་མེ་མཆོད་ཀྱི། །ཟབ་བསྡུས་རང་འདྲའི་བློ་དམན་དོན་ཆེད་དུ། །འཇུག་བདེར་བྲི་ལ་བཀའ་ཡིས་གནང་བ་སྩོལ། །དེ་ལ་ས་མ་དུལ་བར་ས་སློང་ནི། སྤྱི་ལྟར་བྱས་རྗེས་ས་སྟེགས་རྐྱང་ནུལ་ལ། །ཐིག་ཆེན་བརྒྱད་བཏབ་དབུས་ནས་སོར་ཉི་ཤུ། །ཆོས་འབྱུང་བསྣོལ་ཐིག་དེ་ནས་སོར་བཅུ་བཞི། །སྣ་ཚོགས་པདྨ་ལྟེ་བ་མུ་ཁྱུད་བཅས། །སྤྱི་ལྟར་ཚོན་གྱིས་རེ་ཁཱ་ལེགས་པར་དབྱེ། །དར་གྱིས་དགབ་ལ་འོ་མ་འབྲས་ལྡན་ཤིང༌། །ཆོས་འབྱུང་དང་མཐུན་བསྣོལ་མར་བརྩེག་བྱ་ཞིང༌། །མེ་ཏིང་མེ་དར་རླུང་གཡབ་མཚམས་སུ་གཟུགས། །གཡོན་ཕྱོགས་
སྟབས་བདེར་མཆོད་རྫས་གཞི་གཅིག་པར། །བདུད་རྩི་ཀ་པཱ་ལ་དང་གཏོར་མ་ལྔ། །ཉེར་སྤྱོད་སྣ་བདུན་དེ་རྒྱབ་མར་ཞུན་དང༌། །འབྲས་ལྡན་ཡམ་ཤིང་སོར་བརྒྱད་འོ་སྦྲང་ཉུག །ཞོ་ཟན་སྦྲུས་པ་ཏིལ་དང་ཡུངས་དཀར་ནག །དུར་ཝ་འབྲས་དང་ཤིང་ཏོག་མེ་ཏོག་རིགས། །སྲན་ནག་ཀེ་ཤང་ཐུན་རྫས་ཕྱེ་བཅས་བཀོད། །གཞན་ཡང་དགོས་པའི་ཡོ་བྱད་ཉེར་བསྡོགས་བྱ། །དེ་དག་སྦྱོར་བའི་རིམ་པ་དངོས་གཞི་ལ། །རྒྱས་པར་གཅོད་ཚོགས་བསྐང་བ་ཡན་བྱ་ཞིང༌། །བསྡུ་ན་ལུས་སྦྱིན་དཀར་དམར་འགྱེད་ཚོགས་ཀྱི། །རིམ་པ་གང་རུང་སྔོན་དུ་བཏང་བྱས་ལ། རང་ཉིད་སྐད་ཅིག་རྣལ་འབྱོར་མར། །གསལ་བའི་ཕྱག་མཚན་རྡོ་རྗེ་ཐུགས། །དྲིལ་བུ་གསུང་དང་
འཁྱུད་རྒྱ་སྐུ། །དམ་ཚིག་སུམ་ལྡན་དགང་བླུགས་ཉིད། །ཐབས་ཤེས་མཉམ་སྦྱོར་ངོ་བོར་གྱུར། །ཅེས་པའི་དག་དྲན་བརྗོད་ལ་ནང་མཆོད་བརླབ། །ཀརྨ་ཌཱ་ཀི་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༌། །ཨ་ལས་བྷནྡྷར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་རབ་བསྐུལ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་མཆོད་རྫས་རྣམས་ལ་བདུད་རྩི་འཐོར། །ཀརྨ་ཌཱ་ཀི་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་སྲེག་རྫས་ཀུན། །སོ་སོའི་རང་བཞིན་དྭངས་ཤིང་ཐོགས་མེད་པ། །ལས་ཀུན་འགྲུབ་བྱེད་བསམ་མི་ཁྱབ་པའི་སྤྲིན། །ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་རླབས་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། རྫས་རྣམས་དགང་བླུག་ཁ་སྦྱར་རྡོ་རྗེའི་རེག །ཨོཾ་ཋ་ཋ་ཋ་ཋ་ཋ་ཋ་ཋ། སྒྱུ་འཕྲུལ་རྡོ་རྗེའི་ཆོས་བདུན་ངོ་བོར་བརླབ། །ཨོཾ་ཨགྣ་ཡེ་ཛྭ་ལ་རྃ། ཞེས་
པས་ཤར་ལྷོ་ནས་ནི་མེ་སྦར་ལ། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་རླུང་གཡབ་མེ་དར་དག་གིས་གཡོབ། །དེ་ནས་མེ་ཐབ་བྲན་ལ་ཐབ་དཀྱིལ་བསྐྱེད། །ཀརྨ་ཌཱ་ཀི་ནིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྣང་སྲིད་ཨོ་རྒྱན་ཡུལ། །སྲེག་བྱེད་རབ་ཏུ་འབར་བ་འཁྲིགས་པའི་ཀློང༌། །ཆོས་འབྱུང་ཟུར་དྲུག་ཕོ་བྲང་ཆེན་པོའི་དབུས། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང༌། །བྃ་དང་ཧ་རི་ནི་ས་ཡོངས་གྱུར་ལས། །དབུས་སུ་མ་གཅིག་སངས་རྒྱས་མཁའ་འགྲོ་མཐིང༌། །ཤར་དུ་མ་གཅིག་རྡོ་རྗེ་མཁའ་འགྲོ་དཀར། །ལྷོ་རུ་མ་གཅིག་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་མ་གཅིག་པདྨ་མཁའ་འགྲོ་དམར། །བྱང་དུ་མ་གཅིག་ལས་ཀྱི་མཁའ་འགྲོ་ལྗང༌། །ཀུན་ཀྱང་འབར་བ་ཞི་སྒེག་ཆགས་ཁྲོས་ཉམས། །གཅེར་བུ་རུས་རྒྱན་ཕྱག་རྒྱ་ལྔ་འཆང་ཞིང༌། །དབུ་སྐྲ་ཐོར་ཚུགས་རིན་ཆེན་དབུ་རྒྱན་སྤྲས། །ཟར་བུ་ཐུར་འཕྱང་དར་དཔྱང་ཅོད་པན་ལྡན། །
ཕྱག་གཡས་རང་རྟགས་ཀྱིས་མཚན་གྲི་གུག་ཕྱར། །གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས། །ཁ་ཊྭཱཾ་གར་འཁྱུད་བརྐྱང་བསྐུམ་ཕྱེད་པའི་གར། །གཅོད་ཡུལ་རྩ་གསུམ་རྒྱ་མཚོའི་དབུས་ན་རོལ། །ལྷ་ཚོགས་གནས་གསུམ་འབྲུ་གསུམ་མཚན་པ་དང༌། །ཐུགས་སྲོག་འོད་ཀྱིས་འོག་མིན་མཁའ་སྤྱོད་ནས། །མ་གཅིག་ཡུམ་ཆེན་ལྷ་ཚོགས་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿ ཧཱུྃ། རང་བྱུང་བདེ་ཆེན་ཕོ་བྲང་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །འབྱུང་གནས་དུར་ཁྲོད་ཕོ་བྲང་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །
བྃ་ཧ་རི་ནི་ས་ཨེ་ཧྱ་ཧི། ཞེས་པས་སྤྱན་དྲངས་བྱོན་སྐྱེམས་མེ་ཐབ་འབུལ། །ཨོཾ་བཛྲ་པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་ཧོ། ཛཿཧཱུྃ་བཾ་ཧོཿ རྒྱས་བསྟིམ་བཞུགས་གསོལ་གུས་པས་འདུད་ཕྱག་འཚལ། །པདྨ་ཀཱ་མ་ལ་ཡ་སྟྭཾ། ཨ་ཏི་པཱུ་ཧོ་པྲ་ཏཱིཙྪ་ཧོ། མཆོད་ཅིང་བསྟོད་པས་དགྱེས་པ་མ་ལུས་བསྐྱེད། །ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །ཞལ་ཟས་རོལ་མོ་ཡིད་འོང་རྣམས། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་འདོད་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཧོ། ཧཱུྃ། འབར་བ་མེ་ཡི་ཀློང་དཀྱིལ་ན། །བཞུགས་པའི་བདེ་ཆེན་རྣལ་འབྱོར་མ། །རིགས་ལྔའི་མཁའ་འགྲོའི་ཚོགས་བཅས་ལ། །འདོད་དོན་སྩོལ་ཕྱིར་ཕྱག་འཚལ་བསྟོད། །དེ་ནས་སྲེག་རྫས་རིམ་འབུལ་འདོད་དོན་གསོལ། །ལྷ་ཚོགས་དགྱེས་ཞལ་འཛུམ་བཅས་གདངས་པའི་ལྗགས། །ཕྱག་
མཚན་སྦུ་གུས་སྲེག་རྫས་བདུད་རྩིའི་བཅུད། །དྲངས་ཤིང་གསོལ་བས་སྐུ་གསུང་ཐུགས་མཉེས་ཚིམས། །ཇི་ལྟར་གསོལ་བའི་ལས་ཀུན་འགྲུབ་མཛད་གྱུར། །ཐོག་མར་སངས་རྒྱས་མཁའ་འགྲོ་ལ་འབུལ་ཞིང༌། །ཞུན་མར་ལྷ་དང་རྫས་སྔགས་སྤེལ་བས་ཕུལ། །རྗེས་སུ་འདོད་གསོལ་སྦྱར་བ་ཀུན་རིགས་འགྲེ། །བྃ་གུ་རུ་དེ་ཝ་ཌཱ་ཀི་ནི། ཨོཾ་ཨགྣ་ཡེ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དམ་ཉེར་གཅིག་སོགས་ཀྱིས་འབུལ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་མཐུ་སྟོབས་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ར་མ་སིདྡྷི་ཀུ་རུ་ཧོ། དེ་བཞིན་ཡམ་ཤིང་ཕྱག་ལེན་གོང་ལྟར་འབུལ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཡེ་ཤེས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ར་མ་སིདྡྷི་ཀུ་རུ་ཧོ། དེ་བཞིན་ཞོ་ཟན་ལེགས་འབུལ་འདོད་དོན་གསོལ། །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་
ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ར་མ་སིདྡྷི་ཀུ་རུ་ཧོ། རྡོ་རྗེ་མཁའ་འགྲོར་ཏིལ་དཀར་ཏིལ་ནག་འབུལ། །ཧ་བཛྲ་ཌཱ་ཀི་ནི་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཨོཾ། དེ་བཞིན་ཡུངས་དཀར་ཡུངས་ནག་དབུལ་བར་བྱ། །ཨོཾ་སརྦ་ཨརྠ་སིདྡྷ་ཀུ་རུ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བགེགས་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཨོཾ། རིན་ཆེན་མཁའ་འགྲོར་དུར་བ་དབུལ་བྱ་ཞིང༌། །རི་རཏྣ་ཌཱ་ཀི་ནི་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་བྷྲཱུྃ། དེ་བཞིན་འབྲས་དཀར་སྦུན་གོག་མེད་པར་འབུལ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བཀྲ་ཤིས་ཕུན་སུམ་
ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་བྷྲཱུྃ། པདྨ་མཁའ་འགྲོར་ཤིང་ཏོག་རིགས་རྣམས་འབུལ། །ནི་པདྨ་ཌཱ་ཀི་ནི་ཨོཾ་བཛྲ་ཥཱི་བ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་རིགས་རྒྱུད་འཁོར་སློབ་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧྲཱིཿ དེ་བཞིན་མེ་ཏོག་རིགས་རྣམས་དབུལ་བར་བྱ། །ནི་པདྨ་ཌཱཀི་ནི་ཨོཾ་བཛྲ་པུཥྤེ་མཱ་ལེ་ཏྲཾ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཁམས་གསུམ་སྣང་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཝ་ཤཾ་ཀུ་རུ་ཧྲཱིཿ ལས་ཀྱི་མཁའ་འགྲོར་སྲན་ནག་དབུལ་བྱ་ཞིང༌། །ས་ཀརྨ་ཌཱ་ཀི་ནི་ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྟོབས་དང་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཕཊ། དེ་བཞིན་ཀེ་ཤང་ཐུན་རྫས་ཕྱེ་མར་འབུལ། །ཨོཾ་མ་ཧཱ་བཛྲ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྒྲུབ་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་
ཅད་མཱ་ར་ཡ་ཕཊ། དེ་ནས་ལྷ་སྔགས་བཟླ་བའི་དམིགས་པ་ནི། །ལྷ་ཚོགས་སྐུ་ལས་ལས་མཐུན་འོད་ཟེར་འཕྲོས། །བདག་ཅག་དཔོན་སློབ་ཀུན་ལ་ཕོག་པ་ཡིས། །ཞི་རྒྱས་དབང་དྲག་ལྷུན་གྲུབ་ཕྲིན་ལས་རྣམས། །རྩོལ་མེད་ཡིད་བཞིན་འགྲུབ་པའི་བདག་ཉིད་གྱུར། །ཨོཾ་ཨཱཿཧཱུྃ་བྃ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ལྷ་སྔགས་བརྒྱ་རྩ་བཟླ་བཞིན་རྫས་སྤུངས་འབུལ། །དེ་ནས་གཏོར་མ་ལྔ་པོ་བདུད་རྩིས་བྲན། །ཨ་ཀཱ་རོས་བརླབས་ལྷ་སྔགས་ཤམ་བུས་འབུལ། །ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་ཉེར་སྤྱོད་ཨརྒྷཾ་སོགས་ཀྱིས་མཆོད། །འབྲུ་གསུམ་ནང་མཆོད་འབུལ་ཞིང་ཕྲིན་ལས་བཅོལ། །ཧཱུྃ། བྃ་ལས་བྱུང་བའི་སངས་རྒྱས་མཁའ་འགྲོ་མ། །ལྷུན་གྲུབ་ལས་མཛད་མཐིང་ག་འབུམ་སྡེར་བཅས། །དམ་རྫས་བདུད་རྩིའི་གཏོར་མཆོད་འདི་བཞེས་ལ། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛོད། །ཧ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ། །ཞི་བའི་
ལས་མཛད་དཀར་མོ་འབུམ་སྡེར་བཅས། །དམ་རྫས་བདུད་རྩིའི་གཏོར་མཆོད་འདི་བཞེས་ལ། །ནད་གདོན་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད། །རི་ལས་བྱུང་བའི་རིན་ཆེན་མཁའ་འགྲོ་མ། །རྒྱས་པའི་ལས་མཛད་སེར་མོ་འབུམ་སྡེར་བཅས། །དམ་རྫས་བདུད་རྩིའི་གཏོར་མཆོད་འདི་བཞེས་ལ། །ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །ནི་ལས་བྱུང་བའི་པདྨ་མཁའ་འགྲོ་མ། །དབང་གི་ལས་མཛད་དམར་མོ་འབུམ་སྡེར་བཅས། །དམ་རྫས་བདུད་རྩིའི་གཏོར་མཆོད་འདི་བཞེས་ལ། །ཁམས་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད། །ས་ལས་བྱུང་བའི་ལས་ཀྱི་མཁའ་འགྲོ་མ། །དྲག་པོའི་ལས་མཛད་ལྗང་མོ་འབུམ་སྡེར་བཅས། །དམ་རྫས་བདུད་རྩིའི་གཏོར་མཆོད་འདི་བཞེས་ལ། །བདུད་དགྲ་ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད། །ཅེས་བརྗོད་གཏོར་མ་ཐབ་ཀྱི་ནང་དུ་འབུལ། །གདོན་
ཆེན་རིགས་ལ་མེ་ཚོགས་བྱ་དགོས་ན། །སློབ་དཔོན་ལྟ་དགོངས་དབྱེར་མེད་དཔའ་གདེང་བསྐྱེད། །མེ་ཐབ་ལས་སྦར་མེ་དཔུང་ཛྭ་ཙམ་ཐོགས། །ཧཱུྃ། གཏི་མུག་འཇོམས་པའི་མེ་ནི་དཀར་གསལ་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་གསལ་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་གསལ་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་གསལ་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་གསལ་འབར། །ཚངས་པའི་འཇིག་རྟེན་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆད་དུ། །ཡེ་ཤེས་མེ་ནི་འཁྱིལ་ཞིང་འབར། །མེ་སྟག་ཚྭ་ཚྭ་སྐར་ལྟར་འཕྲོ། །ཁྲོས་མ་རིགས་ལྔའི་ཚོགས་ཀྱང་དེ་འདྲ་བས། །གཉན་ས་འདིར་གནས་བདག་ཅག་ལ་གནོད་པའི། །གནས་གདོན་ལུས་གདོན་ཟ་འདྲེ་ཤི་བའི་གཤེད། །དམ་སྲི་འགོང་པོ་ཕུང་འདྲེ་རྒྱལ་འདྲེའི་རིགས། །ཐམས་ཅད་བྱ་སྒྲོ་མེས་བཞིན་གཞོབ་ཐུལ་བསྲེགས། །ཉོན་
མོངས་དུག་ལྔ་ཡེ་ཤེས་མེ་ཡིས་སྦྱངས། །ཆོས་ཅན་ཀུན་རྟོག་ཆོས་ཉིད་རླུང་གིས་གཏོར། །རྣམ་པར་ཤེས་པ་ཀ་དག་དབྱིངས་སུ་སྤོར། །ཚར་གཅོད་མེ་ཡི་ཕྲིན་ལས་ད་མཛོད་ཅིག །ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དྲག་སྔགས་བརྗོད་ལ་ཀུན་ཏུ་མཚམས་རྔམ་བྱ། །རྗེས་ཀྱི་རིམ་པར་ལྷག་ཆད་ཁ་སྐོང་ནི། །མ་འབྱོར་པ་སོགས་ཡིག་བརྒྱས་ནོངས་བཤགས་བྱ། ཡེ་ཤེས་མེ་ལྷ་རང་བཞིན་གནས་སུ་གཤེགས། །དམ་ཚིག་མེ་བཅུད་ལྟེ་བའི་ཨཾ་ལ་འདུས། །དགེ་འདིས་རང་གཞན་དོན་གཉིས་ལྷུན་གྲུབ་ནས། །རྒྱལ་བའི་ཡུམ་གྱི་གོ་འཕང་མྱུར་ཐོབ་ཤོག །གཅོད་ཚོགས་ཡིན་ན་ཚོགས་རོལ་རྗེས་མཐར་དབྱུང༌། ལུས་སྦྱིན་སྐབས་སུ་བཀྲ་ཤིས་སྨོན་ལམ་བྱ། ལས་ཀྱི་རྗེས་བསྡུ་དམིགས་མེད་རྒྱས་གདབ་བོ། །དེ་ནི་གཅོད་ཀྱི་ལས་བརྒྱའི་ཁ་སྐོང་དང༌། །ལས་རྣམས་ཀུན་ལ་འདི་ཉིད་མཆོག་ཏུ་བསྔགས། །སྨྱོ་འདྲེ་ཤི་ཁ་བྱེ་དང་སྲིའུ་གསོ། །ནད་གདོན་བྱིང་ཆེ་རྣམས་ལ་འདི་ཁོ་ན། །དེ་སྐད་འབའ་རོམ་གཅོད་ཚོགས་ཡན་ལག་ཏུ། །རྣལ་འབྱོར་ཀརྨ་ངེས་དོན་ནས་
བསྐུལ་ངོར། །འཇིགས་བྲལ་དབང་པོའི་སྡེ་དེས་སྦྱར་བའི་དགེས། །བདུད་བཞི་དབྱིངས་ཆོད་སྐུ་བཞི་མངོན་གྱུར་ཤོག །དགེ་ལེགས་འཕེལ།། །།
གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་དོན་བསྡུས། མ་ཏི་རཏྣ།
༄༅། །གཅོད་ཀྱི་གཤེད་འདུལ་གདུག་པ་ཚར་གཅོད་ཀྱི་དོན་བསྡུས་བཞུགས་སོ།།
ན་མོ་ཀྲོ་ཏི་ཀཱ་ལི་ཡེ། མ་གཅིག་ཁྲོས་ནག་ལ་བཏུད་ནས། །གཤེད་འདུལ་མདོར་བསྡུས་འདིར་གསལ་བྱ། །བླ་མ་ཌཱ་ཀིའི་ཚོགས་རྣམས་ཀྱིས། །བཀའ་གནང་སྩོལ་ལ་བྱིན་གྱིས་རློབས། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། རང་མདུན་གཞི་མ་གང་རུང་སྟེང་མ་ཏྲཾ་སྔོ་ནག་མགོ་ལྷོར་བསྟན་ཡན་ལག་བགྲད་པ་བྲིས་བཟོ་ཅི་རིགས་བྱས་པའི་ལྟོ་བར་ལྕགས་རི་ནག་པོ་ཟླུམ་བསྐོར་ལ་རྩང་ཕུར་དམར་ནག་ཉེར་བརྒྱད་བསྣོལ་མར་བཙུགས་པའི་ནང་དུ་ལྕགས་ཧོམ་གྲུ་གསུམ་པ་བཀོད་དགོས་ཤིང༌། དེའང་དུག་ཤོག་ལ་ཁྲག་སྣས་ལིངྒ་བྲི་ཚུལ་ནི། ཕོ་དུར་ཤྭ་བའི་མགོ། མོ་དུར་ཕག་ནག་མགོ་ཅན། ཆུང་དུར་བྱི་བའི་མགོ་ཅན། གྲི་དུར་སྤྲེལ་དམར་མགོ་ཅན་ཏེ་གང་ཡིན་གྱི་སྙིང་གར་གྲུ་གསུམ་དབུས་ནྲྀ་ཏྲི་ཛཿབྲིས་པ་དང༌། དེའི་ཕྱིར་མགྲིན་ཐད་ནས་མགོ་ཕྱིར་བསྟན་གྱི་གཡས་བསྐོར་དུ། གནོད་བྱེད་ཟ་འདྲེ་ཤི་གཤེད་གར་གནས་ཀྱང་འདིར་ཁུག་ཅིག །ཟུངས་ཤིག །
ཆིངས་ཤིག །སྡོམས་ཤིག །གནོད་བྱེད་མཱ་ར་ཡ་ཛ་ཛཿཞེས་དང༌། ཡན་ལག་བཞི་ལ་ཛཿཧཱུྃ་བྃ་ཧོཿ སྤྱི་བོར་ནན། འདོམས་སུ་ཕཊ། རྐང་ཞབས་ལ་ཡཾ། ཕྱི་རིམ་ཛ་ཁྲཾ་གྱིས་བསྐོར་བ་སྤྱི་ལྟར་བྲིས་པ་དང༌། བྱང་བུ་རྒྱས་ན་དགུའམ་བསྡུ་ན་ལྔ་སྟེ། དེའང་ཕོ་ཤིང་སྐྱེར་པ། མོ་ཤིང་གླང་མ། བུ་ཤིང་ཚར་བུ་སོགས་ལ། ཟ་འདྲེ་ཤི་གཤེད་ཁུག།།སྲོག་གཅོད་དབུགས་ལེན་ཁུག །ཚེ་ལེན་མདངས་འཕྲོག་ཁུག །གསོན་བདུད་གཤིན་ལྕགས་ཁུག །ཤི་འདྲེ་ཤི་སྲི་ཁུག །ཅེས་བྲིས་པ་ལྔ་བྱ། དེ་རྣམས་མེ་རླུང་ལ་འཕྱར་གཡུག་བྱས་ལ་ཤོག་ལིང་དང་ལྷན་ཅིག་ཚོན་སྐུད་ཀྱིས་བཅིངས་ནས་ཧོམ་ནང་དུ་བཅུག གཤེད་རྡེལ་དཀར་ནག་ལྔ་རེ་ཡང་བཞག ཁ་བཅད་སྟེང་ལྕགས་ཕུར་གཟུགས་ལ་ཁེབས་ནག་པོས་གཡོགས། དེ་སྟེང་མདའ་ནག་སུམ་སྒྲོན་ཁར་ཟངས་ལྕགས་ཀྱི་སྣོད་དུ་འབྲུ་ནག་རྗེན་ཕྱེ་ཁྲག་གིས་སྦྲུས་པ་ལ་ཁྲོས་མའི་ཟོར་གཏོར་ཟུར་གསུམ་དམར་ནག་གཙོ་འཁོར་ལྔའམ་བཅུ་
གསུམ་རྩང་རྣོན་ཤ་དང་ལིངྒ་མཚེ་ཡུངས་སྐུ་ཙཀ་དར་གདུགས་དྲག་རྒྱན་ཅན་བར་མཚམས་ཐེབས་ཀྱུ་ཤ་དུམ་དྲག་པོའི་ཟས་སྣས་གཏམས་པ་བཀོད། གཞན་ཡང་འདུལ་ཆས་གཡང་གཞི་དཀར་ནག་དང་རྔ་མ་དཀར་ནག གཤེད་སྒྲོ། བྲེང་པ། ཟོར་བ། སྟྭ་རེ། རྡུང་ཤ་ལག་པ། འདུལ་སྣོད་ལྕགས་བསླང༌། གྲི་ཐབ། ལྟེབ་གྲི་རྣམས་དང༌། འོག་ནས་འབྱུང་བའི་ཡོ་བྱད་བསྒྲལ་ལིང་རྒྱུན་གཏོར་སོགས་འདུ་བྱའོ། །གཉིས་པ་ནི། དེ་ལ་ཐོག་མར་གཅོད་ཚོགས་ཀྱི་གཞུང་བསྲང་བའམ། བསྡུ་ན་ལུས་སྦྱིན་དང་བསྟབ་པ་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས། མདུན་གྱི་ཟོར་གཏོར་དུག་ཁྲག་གིས་བྲན་ལ། ཕཊ། མདུན་གྱི་གཏོར་སྣོད་མི་དམིགས་པ་ལས་སྐད་ཅིག་གིས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ། ས་གཞི་ཐམས་ཅད་རོ་སྐམ་རློན་སྣ་ཚོགས་ཀྱིས་གང་བ། གཅན་གཟན་མང་པོ་ལང་ལོང་དུ་རྒྱུ་བ། རི་བོ་ཐམས་ཅད་ཀེང་རུས་ཀྱི་རང་བཞིན་མེ་འབར་བ། ཆུ་རླུང་ཐམས་ཅད་རྣག་ཁྲག་ཏུ་འབབ་པ་རྦ་ཀློང་འཁྲུགས་པ། རྩི་ཤིང་ཐམས་ཅད་མཚོན་ཆའི་རང་
བཞིན་དུ་གཟེང་བ། སྒྲ་སྐད་ཐམས་ཅད་ཧཱུྃ་ཧཱུྃ་ཕཊ་ཕཊ་ཏུ་སྒྲོགས་པ། དུས་གསུམ་གྱི་སངས་རྒྱས་རྣམས་སྐྱི་གཡའ་ཞིང་དཔལ་ཕྱག་ན་རྡོ་རྗེ་ཡང་འཇིགས་ཤིང་སྐྲག་པའི་གནས་ཡེ་ཤེས་ཀྱི་ཁྲོ་བོ་རྣམས་རྒྱུ་བར་མི་ནུས་པ། དེའི་དབུས་སུ་རང་བྱུང་ཐོད་པའི་གཞལ་ཡས་ཁང་ཆེན་པོ་ཐོད་པ་སྐམ་རློན་རྙིང་གསུམ་བརྩེགས་ཤིང་གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ། མི་ཁྲག་གིས་བྱུགས་ཤིང་ཞིང་ལྤགས་ཀྱིས་ཐོག་ཕུབ་པ། རུ་ཏྲའི་མགོ་བོའི་ཏོག་དང་ཙིཏྟའི་ཕོ་ལོང་རྒྱུ་རློན་གྱི་དྲ་ཕྱེད་འཕྱང་བ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་ཞིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་ཆོས་འབྱུང་དམར་ནག་བསྣོལ་མ་ཡངས་ཤིང་རྒྱ་ཆེ་བར་པད་ཉི་རོ་ཡི་གདན་ལ་དབུས་སུ་ཧཱུྃ་ལས་ཐུགས་རྗེ་ཁྲོས་མ་ནག་མོ། ཤར་དུ་ཧ་ལས་བདེ་ཆེན་དཀར་མོ། ལྷོར་རི་ལས་སེར་མོ་དོན་
གྲུབ། ནུབ་ཏུ་ནི་ལས་དམར་མོ་སྒྲ་སྒྲོགས། བྱང་དུ་ས་ལས་སྣ་ཚོགས་མཐར་ཕྱིན། ཀུན་ཀྱང་སྐྲ་གསེབ་ནས་རང་མདོག་གི་ཕག་ཞལ་གྱེན་དུ་ངུར་བ། སྤྱན་གསུམ་ཞལ་གདངས་རབ་ཁྲོས་མཆེ་བ་གཙིགས་པ། ཕྱག་གཡས་རང་རྟགས་ཀྱི་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། ཁ་ཊྭཱཾ་ག་མཆན་དུ་བཅུག་ཅིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་གྱིས་ཡེ་ཤེས་ཀྱི་མེ་དབུས་སུ་རོལ་པ། ཕྱི་རོལ་གྱི་དུར་ཁྲོད་བརྒྱད་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ། ཤར་ལྷོར་དམ་ཚིག་གི་མཁའ་འགྲོ། ལྷོ་ནུབ་སྣ་ཚོགས་ཀྱི་མཁའ་འགྲོ། ནུབ་བྱང་ཐམས་ཅད་ཀྱི་མཁའ་འགྲོ། བྱང་ཤར་འཇིག་རྟེན་གྱི་མཁའ་འགྲོ་དེ་དག་ཐམས་
ཅད་རང་རང་གི་རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་དུ་མས་བསྐོར་བ། བར་མཚམས་རྣམས་སུ་གདུག་པ་ཅན་བསྒྲལ་བ་ལས་བྱུང་བའི་དྲག་པོའི་ཉེར་སྤྱོད། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། དོན་སྙིང་གི་ཞལ་ཟས། རྐང་ཆེན་གྱི་རོལ་མོ། ཚིལ་གསུར་གྱི་དུད་པ། ཞིང་གི་གོ་ཟུ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་གནས་ཡུལ་དུར་ཁྲོད་ཀྱི་ཞིང་ནས་མ་ཡེ་ཤེས་ཀྱི་མཁའ་འགྲོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་རྟེན་དང་གཉིས་སུ་མེད་པར་གྱུར། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཚིལ་གསུར་སྤོས་རོལ་བཅས། ཧཱུྃ་བྷྱོ། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་ནས། །ཆོས་སྐུ་ཡུམ་ཆེན་ལོངས་སྐུ་རྣལ་འབྱོར་མ། །སྤྲུལ་སྐུ་ཐུགས་རྗེ་ཁྲོས་མ་
ནག་མོའི་ཚོགས། །རྐྱེན་ངན་བར་ཆད་བཟློག་ཕྱིར་སྐུ་བཞེངས་ཤིག །དམ་ཚིག་དཀྱིལ་འཁོར་རྟེན་འདིར་བརྟན་པར་བཞུགས། །དུག་གསུམ་ཤ་ཁྲག་རུས་པའི་མཆོད་གཏོར་བཞེས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད། །མ་གཡེལ་ཐུགས་རྗེའི་ཐུགས་དམ་ད་བསྐུལ་ན། །ཆགས་ཆེན་ཉམ་ང་བཟློག་པའི་ཕྲིན་ལས་མཛོད། །ཟ་འདྲེ་ཤི་སྲི་འདུལ་བའི་དུས་ལ་བབ། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ལས་མཛོད་ཅིག །ཧཱུྃ་བྷྱོ། རབ་ཏུ་འབར་བ་འཁྲིགས་པའི་ཕྱོགས་བཞི་ནས། །བདེ་ཆེན་དཀར་མོ་སེར་མོ་དོན་གྲུབ་མ། །དམར་མོ་སྒྲ་སྒྲོགས་སྣ་ཚོགས་མཐར་ཕྱིན་ཚོགས། །རྐྱེན་ངན་བར་ཆད་བཟློག་ཕྱིར་སྐུར་བཞེངས་ཤིག །དམ་ཚིག་དཀྱིལ་འཁོར་རྟེན་འདིར་བརྟན་པར་བཞུགས། །དུག་གསུམ་ཤ་ཁྲག་རུས་པའི་མཆོད་གཏོར་བཞེས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་
རྫོགས་ལ་བསྟོད། །མ་གཡེལ་ཐུགས་རྗེའི་ཐུགས་དམ་ད་བསྐུལ་ན། །ཆགས་ཆེན་ཉམ་ང་བཟློག་པའི་ཕྲིན་ལས་མཛོད། །ཟ་འདྲེ་ཤི་སྲི་འདུལ་བའི་དུས་ལ་བབ། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ལས་མཛོད་ཅིག །ཧཱུྃ་བྷྱོ། ཕྱོགས་མཚམས་འཇིག་རྟེན་རྣམ་བརྒྱད་དུར་ཁྲོད་ནས། །རྡོ་རྗེ་རིན་ཆེན་པདྨ་ལས་འཇིག་རྟེན། །དམ་ཚིག་སྣ་ཚོགས་ཐམས་ཅད་མཁའ་འགྲོ་མ། །རྐྱེན་ངན་བར་ཆད་བཟློག་ཕྱིར་སྐུ་བཞེངས་ཤིག །དམ་ཚིག་དཀྱིལ་འཁོར་རྟེན་འདིར་བརྟན་པར་བཞུགས། །དུག་གསུམ་ཤ་ཁྲག་རུས་པའི་མཆོད་གཏོར་བཞེས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད། །མ་གཡེལ་ཐུགས་རྗེའི་ཐུགས་དམ་ད་བསྐུལ་ན། །ཆགས་ཆེན་ཉམ་ང་བཟློག་པའི་ཕྲིན་ལས་མཛོད། །ཟ་འདྲེ་ཤི་སྲི་འདུལ་བའི་དུས་ལ་བབ། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་
ལས་མཛོད་ཅིག །ཅེས་ཕྲིན་ལས་དྲག་ཏུ་བསྐུལ། དེ་ནས་རང་ཉིད་ཀྱང་གདོད་ནས་ཡེ་ཤེས་མཁའ་འགྲོར་གནས་པ་ཉིད་ཡིན་པར་ཤེས་པའི་ལྟ་བའི་གདེངས་བསྐྱེད་ལ། ཧཱུྃ༔ ལུས་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ བརྗོད་པའི་ངག་ཀུན་མཁའ་འགྲོའི་གསུང་༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེ༔ སྐུ་གསུང་ཐུགས་སུ་བྱིན་བརླབ་བོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཇོ་མོ་སྨན་མོའི་ཁྲོས་ནག་ལས་སོ། །མཆན། ཞེས་དགོངས་པ་ཆོས་ཉིད་བློ་འདས་ཀྱི་དབྱིངས་སུ་མཉམ་པར་བཞག་ཅིང༌། ཧཱུྃ་གི་སྣང་གླུས་རྟོགས་པའི་ཉམས་སྦར། དེ་ལས་འཕྲོ་ན་མདུན་རྟེན་ལྷ་སྐུའི་གསལ་སྣང་ལ་བློ་བཞག་ལ། ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་བཟླས་པ་བརྒྱ་རྩས་ཟོར་ཐུན་ནུས་སྟོབས་བསྐྱེད། དེ་ནས་རང་མདུན་གཡང་གཞི་ནག་པོའི་སྟེང་གཉན་རྡོ་གསུམ་གྱི་ཁར་ལྕགས་སླང་བཙུགས། ནང་དུ་ཁྲག་གིས་གྲུ་གསུམ་བྲིས་པར་ཤོག་ལིང་ཤིང་བྱང་རྡེའུ་དཀར་ནག་ཟན་གྱི་བསྒྲལ་ལིང་བཅས་བཞག སླ་ངའི་ཁར་གྲི་གསུམ་སོ་ནང་བསྟན་བསྣོལ་མར་བྱས་ལ་ཁེབས་ཀྱིས་གཡོགས། འདུལ་ཆས་གཅོད་གཡོག་ཉེ་བར་འདུ་བྱས་ལ། ཕཊ།
རང་ཉིད་སྐད་ཅིག་གིས་ངོ་བོ་མ་གཅིག་ལ་རྣམ་པ་ཁྲོས་མ་དམར་ནག་སྤྱན་གསུམ་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་གྱིས་སྲིད་པ་གསུམ་གཟིགས་པ། དབུ་སྐྲའི་ཟར་བུ་ཐམས་ཅད་ལ་ལྕགས་སྲེག་གི་ཕུར་པས་མཚན་པ། ཕག་རྒོད་ཀྱི་ཞལ་ངུར་སྒྲ་སྒྲོགས་པས་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་བ། དུར་ཁྲོད་ཀྱི་ཆས་བརྒྱད་སྐུ་ལ་རྫོགས་པ། ཞབས་གཡས་ཀྱིས་རི་བོའི་རྩེ་ནས་གནོན་ཅིང་། ཞབས་གཡོན་པས་རྒྱ་མཚོའི་གཏིང་ནས་དཀྲུག་པ། འཁོར་རང་འདྲའི་རིགས་ཀྱི་མཁའ་འགྲོས་བསྐོར་བའི་ནམ་མཁར་མཆོག་གསུམ་རྩ་གསུམ་གྱི་ཚོགས་ཐམས་ཅད་གཟུ་དཔང་དྲང་ཤན་གྱི་ཚུལ་དུ་བཞུགས་པར་གྱུར། ཕཊ་ཕཊ་ཕཊ། ཀྱེ། དགོངས་ཤིག་མཆོག་གསུམ་རྩ་བ་གསུམ། །བདག་ནི་མ་ཉེས་མ་ལེན་ནོ། །མ་ཉེས་གཟུ་དཔང་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད། །
དམ་ཉམས་གཤེད་པོ་ལས་ངན་འདིས། །དགེ་བཅུ་ཁྱད་བསད་མི་དགེ་སྤྱད། །ཕུགས་ཀྱི་ལྷ་ལ་མནོལ་ལྕགས་ཕབ། །བར་གྱི་མི་ཡི་ཚེ་སྲོག་འཕྲོག །སྒོ་ཡི་ནོར་ལ་གོད་ཁ་བཏང༌། །ཁྱོད་ཀྱིས་ལས་ངན་སྣ་ཚོགས་བྱས། །དེ་ནས་བསྒྲལ་བའི་ཞིང་དུ་གྱུར། །ཧཱུྃ། ཞིང་བཅུ་ཚང་བའི་ཤི་གཤེད་ཁྱོད། །བསྒྲལ་བའི་ཆོ་ག་བྱེད་པ་འདི། །ངན་སོང་གནས་ནས་འདྲེན་པའི་རྟགས། །འདུག་ས་ཧོམ་ཁུང་བཅས་པ་དེ། །གཞལ་ཡས་ཁང་དུ་བཀོད་པའི་རྟགས། །དུག་ཤིང་རྩང་གིས་བསྐོར་བ་དེ། །དུག་ལྔའི་སྒྲིབ་པ་སྦྱང་བའི་རྟགས། །ཟུར་གསུམ་མདའ་ཁྲི་བྱས་པ་དེ། །དུག་གསུམ་གཏན་ནས་སྦྱང་བའི་རྟགས། །རྫས་སྣ་སྣ་ཚོགས་བསགས་པ་དེ། །རྟེན་འབྲེལ་ཐབས་ལ་མཁས་པའི་རྟགས། །ཨེ་མ་གཤེད་པོ་སྙིང་རེ་རྗེ། །སྲོག་གཅོད་དབུགས་ལེན་བྱས་བྱས་ནས། །ངན་སོང་གསུམ་དུ་ལྷུང་གིས་དོགས། །སྙིང་
རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །བསྒྲལ་ནས་གྲོལ་བར་བྱ་བའི་ཕྱིར། །ལྷ་དང་སྲུང་མ་ཐམས་ཅད་ཀྱིས། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཅེས་དང༌། ཕཊ། ཅེས་བརྗོད་པས། གཤེད་པོ་རྒྱབ་རྟེན་ཐམས་ཅད་དང་བྲལ་ནས་འབྲུག་ཐང་ལ་ལྷུང་བ་ལྟར་གྱུར་པར་བསམ། དེ་ནས་ཁེབས་བསལ་ལ་དུག་ཁྲག་གིས་བྲན། ཕཊ། གཤེད་གཞི་མི་ལྤགས་ཀྱི་གཡང་གཞི་ས་སྟེང་ཁྱབ་པའི་སྟེང་དུ། གཉན་རྡོ་མི་མགོའི་སྒྱེད་པུ་གསུམ་པར་སླ་ང་དམྱལ་བའི་ཟངས་དམར་ཁྲོ་ཆུ་ཁོལ་མས་གང་བ། གཤེད་སྒྲོ་མི་ལྤགས་ཀྱི་སླུད་བུ་དབུགས་ཐུབ་པ། གཤེད་བྲེང་བ་སུ་ཏ་ཡི་ཞགས་པ་འདོམས་པ་དགུ་པ། གཞན་ཡང་གཅོད་པའི་སྟྭ་རེ། བརྔ་བའི་ཟོར་བ། གཡབ་པའི་རྔ་མ། བརྡུང་བའི་ཐོ་བ། བྲབ་པའི་ཐུན་རྫས། འདེབས་པའི་ཕུར་པ། རྡུང་ཤ་ལག་པ་དང་བཅས་པ་ཐམས་
ཅད་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བ། རེག་པ་ཙམ་གྱིས་རྡུལ་དུ་བརླག་པའི་ནུས་པ་དང་ལྡན་པར་གྱུར། ཕཊ། ལིངྒ་མི་དམིགས་པ་ལས་ཕོ་གཤེད་ཤྭ་བའི་མགོ་ཅན་ཞེས་སྐབས་ཐོབ་བསྒྱུར། མིག་ཤི་མིག །ལག་པ་གཡས་པས་བྲང་བརྡུང་ཞིང་གཡོན་པས་སྐྲ་འབལ་བ། རྐང་ལག་ལྕགས་སུ་བཅུག་པ། བུ་ག་དགུ་ནས་ཁྲག་འཛག་པ། སྔོ་ལ་ཧམ་པ། སྐེམ་ལ་རིད་པ། གཅེར་བུ་འདར་ཕྲི་ལི་ལི་བྱེད་པ་དེའི་སྙིང་གི་སྲོག་ཡིག་ལས་འོད་ཟེར་དམར་ནག་འཕྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་ཤ་རུལ་ལ་སྦྲང་མ་ལྟར་འདུས་ནས་ཐིམ་པའི་རང་བཞིན་ཅན་དུ་གྱུར། ཕཊ། ན་མོ། རྗེ་བཙུན་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། དཀོན་མཆོག་གསུམ་གྱི་བཀའ༴ ཕ་གཅིག་དམ་པ་སངས་རྒྱས། མ་གཅིག་ལབ་ཀྱི་སྒྲོན་མ། བདུད་འདུལ་ཁྲོས་མ་ནག་མོ། མཁའ་འགྲོ་བྱེ་བ་འབུམ་སྡེ།
བཀའ་སྲུང་ཆོས་སྐྱོང་དང་བཅས་པའི་བཀའ༴ བདེན་པ་ཆེན་པོའི་མཐུས། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་གདོན་གྱི་ཚང་བཅའ་བ། ཐ་མ་སྲོག་འཕྲོག་དབུགས་སྡུད་པ། གཤིན་པོ་གནས་མི་བདེ་ཞིང༌། གསོན་པོ་བཀྲ་མི་ཤིས་པར་བྱེད་པའི་ཟ་འདྲེ་ཤི་གཤེད། སྲོག་གཅོད་དབུགས་ལེན། ཚེ་ལེན་མདངས་འཕྲོག གསོན་བདུད་གཤིན་ལྕགས། ཤི་འདྲེ་ཤི་སྲི། ཆེ་སྲི་ཆུང་སྲི། དར་སྲི་རྒན་སྲི་གང་ཡིན་པ་ཐམས་ཅད་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང༌། ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་མིང་བྱང་བུ་འདི་ལ་ཁུག་ཅིག །ཛཿཧཱུྃ་བྃ་ཧོཿ ཕཊ་ཕཊ་ཕཊ། ཅེས་ལན་གསུམ་མཐར་གཅོད་གཡོག་པས་བྱང་བུ་ལིངྒ་རྡེའུ་རྣམས་སྒྲོ་བར་བཅུག་ལ་བྲེང་པས་ཕྱི་ཆིངས་མདུད་པ་བྱས་ཏེ་ལག་གཡས་སུ་ཐོགས། སྟྭ་རེ་ཕྲག་ལ་གཟར།
བྲེང་པ་གྲུ་ལ་བསྐོན། ཟོར་བ་ལག་གཡོན་དུ་ཐོགས་ནས་ཕྱོགས་གང་ཡིན་དུ་བསྡེབས་ལ། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །སྐུ་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །དུང་གི་བུད་མེད་དཀར་མོས་ཆིབས། །བླ་བྱ་དཀར་པོ་ཀླད་ན་ལྡིང༌། །བླ་ཁྱི་དཀར་པོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟྭ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་བྲེང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་དེ། །ཤར་གྱི་ཕྱོགས་ནས་ཁུག་ལ་ཤོག །རྒྱས་པར་འོག་གི་ཚིག་རྐང་བདུན་སྦྱར་བ་སོགས་བྱ། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །ཡོན་ཏན་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གསེར་གྱི་བུད་མེད་སེར་མོས་ཆིབས། །བླ་བྱ་སེར་པོ་ཀླད་ན་ལྡིང༌། །བླ་ཁྱི་སེར་པོ་རོལ་དུ་ཁྲིད། །བླ་
འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟྭ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་བྲེང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ལྷོ་ཡི་ཕྱོགས་ནས་ཁུག་ལ་ཤོག །རྒྱས་པར་འགྲེས་སྦྱར། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །གསུང་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །བྱི་རུའི་བུད་མེད་དམར་མོས་ཆིབས། །བླ་བྱ་དམར་པོ་ཀླད་ན་ལྡིང༌། །བླ་ཁྱི་དམར་པོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟྭ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་བྲེང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བརྡབ་པའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ནུབ་ཀྱི་ཕྱོགས་ནས་
ཁུག་ལ་ཤོག །རྒྱས་པར་འགྲེས་སྦྱར། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །ཕྲིན་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གཡུ་ཡི་བུད་མེད་ལྗང་མོས་ཆིབས། །བླ་བྱ་ལྗང་གུ་ཀླད་ན་ལྡིང༌། །བླ་ཁྱི་ལྗང་གུ་རོལ་དུ་ཁྲིད། །བླ་འཛིན་དྲྭ་བ་རྒྱབ་ཏུ་ཁུར། །གཤེད་སྟྭ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་བྲེང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །བྱང་གི་ཕྱོགས་ནས་ཁུག་ལ་ཤོག །རྒྱས་བསྡུས་གང་ལྟར་ཡང༌། མི་ལྤགས་གཡང་གཞིས་རྡོབས་ལ་ཤོག །གཤེད་སྟྭ་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུང་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུགས། །གཤེད་བྲེང་འདོམ་དགུས་སྡོམས་ལ་ཤོག །བླ་འཛིན་དྲ་བས་དྲིལ་ལ་ཤོག །སྐད་ཅིག་ཉིད་ལ་འདིར་
ཁུག་ཅིག །ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ཕྱོགས་བཞིར་བརྡབས་ནས་སླ་ངའི་ཁར་གྲི་སོ་ཡར་བསྟན་ཏེ་བྱོ། བྱང་བུ་ཕོ་གཤེད་ཁ་སྦུབ། མོ་གཤེད་གྱེན་བཀན་ཁུག་རྟགས་ཡིན་པས། ཁུག་པ་རྣམས་ལ་ཁྲམ་རིས་བྱས་ལ་དེ་གྲངས་རྡེལ་ནག་བཅས་ཧོམ་ནང་དུ་བཅུག་ལ་ཁ་བཅད། རྡེལ་དཀར་དེའི་གྲངས་མཆོད་གཞིའི་འགྲམ་ལ་བཞག །ཕཊ། བྲུབ་ཁུང་གནམ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བའི་ནང་དུ་ཟ་འདྲེ་ཤི་གཤེད་ཐམས་ཅད་ཚུད་ནས་རྩང་ཕུར་རྣམས་ལས་བྱེད་ཀྱི་མཁའ་འགྲོ་མར་གྱུར་པས་ཕྱི་ནས་བསྐོར་བས་འབྲོས་དབང་མེད་པར་གྱུར། ཕཊ་ཕཊ་ཕཊ། ཅེས་བརྗོད། སླར་བྱང་བུ་ལྷག་མ་དང་ཟན་ལིང་བཅས་འགུགས་པར་བསྟུན་ལ་སྒྲོ་བར་བཅུག་ནས་གོང་ལྟར་མཚམས་བཞིར་རྡེབ་བཞིན། ཧཱུྃ། མ་གཅིག་ཁྲོས་མ་ནག་མོ་ཡི། །ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །མཐིང་གི་བུད་མེད་
སྔོན་མོས་ཆིབས། །བླ་བྱ་སྔོན་མོ་ཀླད་ན་ལྡིང༌། །བླ་ཁྱི་སྔོན་མོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །གཤེད་སྟྭ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ན་ཐོགས། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །གཤེད་བྲེང་འདོམ་དགུ་གྲུ་ལ་བསྐོན། །མི་ཤ་གཤེད་ལ་བདའ་བའི་ཕྱིར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །མཚམས་བཞི་སྟེང་འོག་ཀུན་ནས་ཁུག་ལ་ཤོག །མི་ལྤགས་གཡང་གཞིས་རྡོབས་ལ་ཤོག །སོགས་གོང་བཞིན་བརྗོད་ལ་བྱོ་བ་སོགས་བྱ། སླར་མ་ཁུག་པ་སྒྲོ་བར་བཅུག་ལ་གབ་སྐུང་ཕུད་ཕྱིར་ཁྱིམ་ཕྱི་ནང་ཀུན་ཏུ་བརྡེབ་བཅོལ་ལ། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །ཁམས་གསུམ་འདི་ན་ང་དབང་ཆེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །ཁྱོད་ལ་སྐུང་བའི་ཡུལ་ཡང་མེད། །ཁྱོད་ལ་གབ་པའི་ས་ཡང་མེད། །ཁྱོད་འབྱུང་ལྔའི་ཁམས་ལ་གབ་སྙམ་ན། །ཁ་དོག་ལྔ་ལ་སྐུང་སྙམ་ན། །འབྱུང་ལྔ་རིགས་ཀྱི་
ཡུམ་ཆེན་ལྔ། །དེ་ཡང་ང་ཡི་སྤྲུལ་པ་ཡིན། །མཁའ་འགྲོ་འབྱུང་ལྔ་འཁྲུགས་ལྟར་འཕྲོ། །ཡེ་ཤེས་རིགས་ལྔའི་མཁའ་འགྲོ་མ། །ཁྲི་འབུམ་བྱེ་བ་ས་ཡའི་ཚོགས། །ཁྱེད་རྣམས་ཐུགས་དམ་དུས་ལ་བབ། །གཤེད་པོ་གབ་པའི་གབ་སྐུང་ཕུད། །ལྕགས་ཀྱུ་འབར་བས་སྙིང་ནས་ཟུང༌། །ཞགས་པ་འབར་བས་མགུལ་ནས་སྡོམས། །ལྕགས་སྒྲོགས་འབར་བས་ཡན་ལག་ཆིངས། །དྲིལ་བུ་འབར་བས་མྱོས་སུ་ཆུག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །བསྐལ་པའི་མུན་པས་མདུན་ནས་བསུས། །གཟུགས་བརྙན་ལིངྒ་འདི་ལ་ཁུག །མིང་ཡིག་བྱང་བུ་འདི་ལ་བསྟིམ། །རང་དབང་མེད་པར་འདིར་ཁུག་ཅིག །ཨོཾ་བཛྲ་བྷཱ་ར་ཧི་སོགས་གོང་ལྟར་བརྗོད་བཞིན་བྱའོ། །ད་དུང་མ་ཁུག་པ་འདུག་ན་ཟན་ལིང་བཅས་འགུགས་བསྟིམ་དྲག་ཏུ་བྱས་ནས་སྒྲོ་བར་བཅུག་ལ་ཁ་བཅིངས་པའི་བྲེང་སྣེ་མི་རུས་མི་གཅིག་པས་འཐེན་རེས་བྱ་ཞིང་ཕྱོགས་ཀུན་ཏུ་བརྡེབ་ལ། ཧཱུྃ།
ཕྱོགས་བཞི་འཇིགས་པའི་དུར་ཁྲོད་ནས། །རིགས་བཞིའི་མཁའ་འགྲོ་གདོང་ཅན་བཞི། །ཤར་ནས་དཀར་མོ་སེང་གདོང་མ། །ལྷོ་ནས་སེར་མོ་སྟག་གདོང་མ། །ནུབ་ནས་དམར་མོ་ཆུ་སྲིན་གདོང༌། །བྱང་ནས་ལྗང་མོ་འབྲུག་གདོང་མ། །སོ་སོར་རང་འདྲའི་རིགས་བཞིས་བསྐོར། །ཕྱག་གཡས་ཞིང་ཆེན་གཡང་གཞི་བརྡེབས། །གཡོན་པས་འགུགས་པའི་ལྕགས་ཀྱུ་བསྣམས། །གདོང་ཅན་མཁའ་འགྲོའི་དུས་ལ་བབ། །སྲོག་གཅོད་དབུགས་ལེན་འགུགས་པའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་འགུགས་པའི་དུས་ལ་བབ། །འགུགས་ནས་བསྒྲལ་བའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །ཕཊ་ཕཊ་ཕཊ། ཅེས་སླང་ངར་བྱོ་ལ་འབྲོས་ལམ་གཅོད་ཕྱིར་འདུལ་ཆས་རྣམས་ཀྱིས་མཐའ་བསྐོར་ལ། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ། །སྣང་སྲིད་ཐམས་ཅད་ང་ལས་བྱུང༌། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཁྱོད། །སྟེང་འོག་
ཕྱོགས་བཅུར་མ་བྲོས་ཤིག །སྟེང་འོག་ཕྱོགས་བཅུར་བྲོས་པ་ན། །མཁའ་འགྲོ་བཅུ་ཡི་དཀྱིལ་འཁོར་ཡིན། །བྲོས་པས་ཐར་བར་མི་འགྱུར་རོ། །གཤེད་པོ་ཕྱོགས་བཅུར་བྲོས་ལམ་ཆོད། །ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་བཟོད་མེད་ཀྱི་སྙིང་རྗེ་དང་བཅས་བདེན་པའི་ཆོས་བཤད་པ་ནི། ཨེ་མ་སེམས་ཅན་སྙིང་རེ་རྗེ། །གཤེད་པོ་ལས་ངན་སྡིག་ཅན་ཁྱོད། །དྲག་པོའི་ལས་ཀྱིས་མི་བཏུལ་རྒྱུ། །སྲོག་གཅོད་དབུགས་ལེན་བྱེད་ཀྱི་དོགས། །སྔགས་དང་ཕྱག་རྒྱས་མི་བཅིང་རྒྱུ། །བཀའ་དང་དམ་ལས་འདའ་ཡིས་དོགས། །ཟ་འདྲེ་གཤེད་པོ་ལས་ངན་ཁྱོད། །ལིངྒའི་གདན་ལ་བཞག་ཙམ་ན། །པད་ཟླའི་གདན་ལ་བཞག་པར་བསྒོམ། །གྲུ་གསུམ་ནང་དུ་བཅུག་ཙམ་ན། །གཞལ་ཡས་ཁང་དུ་ཕྱིན་པར་བསྒོམ། །ཟུར་
གསུམ་ཕུར་བུས་བཏབ་ཙམ་ན། །སྐུ་གསུམ་འབྲས་བུ་ཐོབ་པར་བསྒོམ། །ཁྱོད་སྔོན་གྱི་ལས་ངན་ཐམས་ཅད་ལ། །འཕྲལ་དུ་འགྱོད་སེམས་དྲག་པོ་གྱིས། །ལུས་ངག་ཡིད་གསུམ་ཡོན་དུ་ཕུལ། །ཁྱོད་བསད་ཅིང་མནན་པ་མ་ཡིན་ཏེ། །མ་རིག་འཁོར་བའི་རྒྱུན་བཅད་ནས། །དག་པའི་ཞིང་དུ་སྐྱེ་བ་ཡིན། །བྱམས་པ་མགོན་པོའི་བསྟན་པ་ལ། །ཁྱོད་ཀྱིས་བྱང་ཆུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ཅེས་བརྗོད། དེ་ནས་ཕུར་པ་འདྲིལ་ལ། ཕཊ། ཧཱུྃ་ཡིག་ལས་བྱུང་ཁྲོས་མ་ནག་མོ་ནི། །མཐིང་ནག་རབ་འཇིགས་གྲི་གུག་ཐོད་ཁྲག་བསྣམས། །སྐུ་སྨད་གནམ་ལྕགས་ཕུར་པ་རྣོ་དབལ་ཅན། །གནོད་བྱེད་དགྲ་བགེགས་སྙིང་ལ་ཏ་ལ་ལ། །ཟ་འདྲེ་ཤི་གཤེད་སྙིང་ལ་མཱ་ར་ཡ། །སྲོག་ཡིག་ཏྲི་ལ་བཛྲ་ཀཱི་ལ་ལ། །སྟོབས་ནུས་རྡུལ་དུ་བརླག་པའི་དུས་ལ་བབ། །ཨོཾ་བཛྲ་བྷཱ་ར་ཧི་བཛྲ་ཀཱི་ལི་ཀི་ལ་ཡ་གནོད་བྱེད་ཟ་འདྲེ་ཤི་སྲི་
ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཕུར་པ་བཏབ་པས་སྲོག་ཡིག་ཏྲི་དམར་ནག་ནག་ཐིབ་ཀྱིས་སོང་བར་བསམ། ཚེ་བསོད་ནྲི་ལྗང་གུ་རང་གི་སྙིང་གར་བསྡུས། རྣམ་ཤེས་ཨ་དཀར་པོར་སྦྱངས་པས་ཡུམ་ཆེན་མོའི་ཐུགས་ཀར་འཕོས་པར་དམིགས་ལ། ཕཊ་ཕཊ་ཕཊ། ཅེས་བརྗོད། གཤེད་གྲི་དང་ཟོར་བ་ཐོགས་ལ། ཕཊ། རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །ལས་བྱེད་དམར་མོ་འཇིགས་པའི་གཟུགས། །ཕྱག་ན་གྲི་གུག་ལྕགས་ཀྱུ་འཛིན། །དམ་ཉམས་གཤེད་པོ་ལས་ངན་འདི། །ལྕགས་ཀྱུས་ཟུང་ལ་གྲི་གུག་གཏུབས། །མགོ་དང་ཡན་ལག་སིལ་བུར་ཐོངས། །ཐལ་བ་རྡུལ་དུ་བརླག་པར་མཛོད། ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཅེས་དུམ་བུར་གཏུབས། འདུལ་ཆས་རྣམས་ཐོགས་ལ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །བཅོམ་ལྡན་ཁྲོས་མ་ནག་མོ་དང༌། །དཔའ་བོ་རྟ་མགྲིན་ཡབ་ཡུམ་གྱིས། །བདུད་པོ་རུ་ཏྲ་ནག་
པོ་བཏུལ། །རུ་ཏྲ་བསྒྲལ་བའི་ཕུང་པོ་ལ། །རང་གཤེད་དྲག་པོའི་འདུལ་ཆས་བྱུང༌། །དཔལ་གྱི་ཕྱག་ཆ་སྣ་ཚོགས་ཀྱིས། །གཤེད་པོ་གཟིར་བའི་དུས་ལ་བབ། །ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་སྲི་ཐམས་ཅད་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་འདུལ་ཆས་རྣམས་བཏེགས། དེའང་ཕོ་གདོན་ལ་མེ་དཔུང༌། མོ་གདོན་ལ་ཁྲག་ཐུན། ཀླུ་གདོན་ལ་དུག་ཐུན་སོགས་ཀྱིས་བྲབ། དེ་ནས་སླ་ངའི་ལིང་རོ་བཏེགས་ལ། ཧཱུྃ། མ་ཁྲོས་མ་རིགས་ལྔ་ཞལ་ཕྱེས་ཤིག །གདོན་དུག་ལྔ་བསྒྲལ་བའི་ཕུང་པོ་འདི། །མ་རིགས་ལྔ་མཁའ་འགྲོའི་ཞལ་དུ་བསྟབ། །གཟུགས་ཤ་ཁྲག་རུས་པ་མཆོད་པར་བཞེས། །སེམས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དྲོངས། །དོན་ཡེ་ཤེས་ལྔ་ལྡན་དངོས་གྲུབ་སྩོལ། །ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་གནོད་བྱེད་ཟ་འདྲེ་ཤི་གཤེད་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀེཾ་
ནི་རི་ཏི་ལ་ཁཱ་ཧི། ཕཊ་ཕཊ་ཕཊ། ཅེས་ལིང་རོ་ཟོར་གཏོར་དུ་བཏབ་ལ་ཕྱིར་ཟློག་པའི་ཕྲིན་ལས་བཅོལ་བ་ནི། བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་བཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་བཟློག །བནྡེའི་སྔགས་ཟོར་འདུས་པ་བཟློག །མུ་སྟེགས་བོན་པོའི་ཛོ་དམར་བཟློག །ལྷ་འདྲེའི་ཟ་ཁ་ཟུག་པ་བཟློག །རྒྱལ་པོ་ལོ་ཡི་བདུན་ཟོར་བཟློག །བློན་པོ་ཟླ་བའི་དབང་བཙན་བཟློག །དམག་མི་ཞག་གི་དཔུང་དགྲ་བཟློག །མཚོན་ཆ་དུས་ཀྱི་རྣོ་ངར་བཟློག །སྤར་ཁའི་སྐྱ་མདའ་ཟུག་པ་བཟློག །སྨེ་བའི་དུར་དུ་ཚུད་པ་བཟློག །ས་བདག་ཀོ་ལོང་སྡོམ་པ་བཟློག །འབྱུང་བའི་དགྲ་གཤེད་འཐབ་པ་བཟློག །གཟའ་སྐར་དུས་ཚོད་ངན་པ་བཟློག །ལོ་ཟླ་ཞག་དུས་ངན་པ་བཟློག །ཁྲམ་དང་བྱད་དུ་བཅུག་པ་བཟློག །ཧོམ་དང་སྤར་བུ་བསྐོར་བ་
བཟློག །དགྲ་ཆེན་བདུད་དུ་ལངས་པ་བཟློག །ལྟས་ངན་གློ་བུར་ཡེ་འདྲོག་བཟློག །དུས་མིན་འཆི་བ་རྣམ་བརྒྱད་བཟློག །མི་ཁ་བྲ་མཆུ་ཐམས་ཅད་བཟློག །ཆགས་ཆེ་ཉམ་ང་ཐམས་ཅད་བཟློག །སྔོན་སྒུག་ཕྱི་ནས་དེད་པ་བཟློག །དགྲ་སྣ་ཕུང་སྣ་གྱོད་སྣ་བཟློག །ནད་སྣ་ཡམས་སྣ་རིམས་སྣ་བཟློག །དགྲ་སྲི་རྨི་ངན་ཐམས་ཅད་བཟློག །ཆེ་སྲི་ཆུང་སྲི་རྒན་སྲི་བཟློག །གཞོན་སྲི་དར་སྲི་གོད་སྲི་བཟློག །དགྲ་སྲི་མཚོན་སྲི་ནད་སྲི་བཟློག །མདོར་ན་སྲིད་པའི་ཆག་སྒོ་དང༌། །བདག་ལ་གནོད་པའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོ། །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ། །བར་ཆད་བདུད་ཀྱི་སྟེང་དུ་བྷྱོ། །ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ། །དམ་ཉམས་བྱད་མའི་སྟེང་དུ་བྷྱོ། །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་དང༌། གྲངས་གསོག་ན་ལིང་རོ་གཏོར་ཆུང་ཁྲག་སྐྱེམས་སྦྱར་ལ་བྱའོ། །དེ་ནས་གཤེད་ཆས་རྣམས་ཕྱོགས་
གཅིག་ཏུ་གཡང་གཞིའི་སྟེང་དུ་བཞག་ལ། ཕཊ། ཟ་འདྲེ་ཤི་གཤེད་ཐམས་ཅད་ལྕགས་ཁང་འབར་བར་ཚུད། གནམ་ལྕགས་ཀྱི་འཁོར་ལོས་ཁ་བཅད། མི་ལྤགས་ཀྱི་གཡང་གཞིས་བཀབ། མུན་ནག་དགུ་རིམ་གྱིས་གཡོགས་པར་གྱུར། སླ་ང་འགེབ་སྟངས་རེ་བཅས། ཕཊ་དགུ་བརྗོད། ཕཊ། བྲུབ་ཁུང་སྟེང་དུ་ཁྲོས་མ་རབ་འཇིགས་སྐུ་སྨད་ཕུར་མཇུག་ཅན་གྱིས་ཟ་འདྲེ་གཟིར་བའི་ལས་མཛད་པར་གྱུར། ཅེས་ཕུར་པ་གཏོར་མ་དབྱེར་མེད་དུ་བསྒོམ། དེའང་ཐུན་དྲུག་ནི། ཐོ་རངས་སྟག་སྐྱ་བོ་ཁ་གདངས་དུས། ཉི་དྲོས་རུས་སྦལ་རྒྱ་བོ་དང་ཀ་བསྐྱེད་དུས། ཉིན་གུང་སྲིན་མོ་ལྟོ་ལ་འཁོར་དུས། དགོང་མོ་རི་བོས་གསེར་ཞུ་གྱོན་དུས། སྲོད་ལ་དམག་ཆེན་ཁྲོམ་ལ་ཚོགས་དུས། ནམ་ཕྱེད་མཁའ་འགྲོ་མས་ལས་བྱེད་དུས་ཏེ་འདི་དྲུག་གདོན་འདུལ་དུས་ཡིན་པས་གོང་བཞིན་བསྐྱར་བའམ། དུར་གཅོད་ཀྱི་དམིགས་པ་བཟུང་བ་གལ་ཆེ། གང་ལྟར་ཚར་ལྷོང་གི་རྟགས་ཐོན་པ་རབ་ཡིན་ལ། བསྡུ་ན་ཉིན་རྫོགས་བྱ་བར་ཡང་བཤད་དོ། །རྒྱུན་པར་སྐབས་འདིར་གཅོད་ཀྱི་གནས་
འདྲེན་སྦྱར། མཆན། །གསུམ་པ་ནི། ཉིན་ཐ་མའི་སྐབས་གོང་གི་བསྒྲལ་བའི་རྗེས་མེ་ཧོམ་གྱི་ཞལ་བསྟབ་བམ་ཧོམ་མཆོད་དགོས་པས། མདུན་དུ་གཉན་རྡོ་གསུམ་གྱི་སྟེང་སླ་ངར་ཁྲག་གི་གྲུ་གསུམ་རྃ་བྲིས་པར་སྐྱེར་པའི་མེ་ཐབ་གྲུ་གསུམ་བརྩེགས་ལ་མེ་སྦར་ཚིལ་ཞུན་གྱིས་ཁ་གསོས་ལ། ཧཱུྃ། གྲུ་གསུམ་དམར་ནག་མེ་དཔུང་ཀློང༌། །ཐུགས་རྗེ་ཁྲོས་མ་ནག་མོ་ནི། །སྤྱན་བསྒྲད་ཞལ་གདངས་མཆེ་བ་གཙིགས། །གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །གར་སྟབས་དུར་ཁྲོད་ཆས་ཀྱིས་བརྒྱན། །རང་འདྲ་རིགས་བཞིའི་མཁའ་འགྲོས་བསྐོར། །ཕག་ཞལ་ངུར་སྒྲས་ཁམས་གསུམ་གཡོ། །ཞལ་ནས་བསྐལ་པའི་མེ་ཆེན་འབར། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི། །ཞལ་དུ་བསྟབ་བོ་ཛྭ་ལ་རྃ། །སྟོང་པ་ཉིད་ཀྱི་ངང་དུ་བསྲེགས། །དུག་ལྔ་ལས་གྱུར་གདོན་དང་བགེགས། །རིགས་ལྔ་ཁྲོས་མའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རྃ། །ཡེ་ཤེས་ལྔ་ཡི་ངང་དུ་བསྲེགས། །རྣམ་ཤེས་ཆོས་ཀྱི་
དབྱིངས་སུ་དྲོངས། །ཕཊ་ཕཊ་ཕཊ། ཅེས་བརྗོད་ལ་ལིང་རོ་དང་ཧོམ་ནང་གི་ལིངྒ་ཤིང་བྱང་རྩང་ཐུར་དང་བཅས་པ་སྲེག་བཞིན། བྃ་ཧ་རི་ནི་ས་ཛྭ་ལ་རྃ། གནོད་བྱེད་ཟ་འདྲེ་ཤི་གཤེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན། ཞེས་ལན་ཉེར་གཅིག་སོགས་བརྗོད་ལ་བསྲེག། །ཐལ་སོལ་ཅུང་ཟད་ཟོར་གཏོར་དུ་བསྟབ་ལ་བཟློག་བསྒྱུར་བྱ། གྲོལ་ཉིན་འདིར་གནས་འདྲེན་རྗེས་ལྷག་མ་བྱ། མཆན། དེ་ནས་སྔོན་དུ་དཀར་གཏོར་དང་གཅོད་ཀྱི་བཀའ་སྲུང་གཏོར་འབུལ་བྱ་ཞིང༌། དེ་རྗེས་གཅོད་ཚོགས་ལྟར་ཁྲོས་མ་རིགས་ལྔའི་བསྐུལ་དང་སྦྱར་བའམ། ཤིན་ཏུ་བསྡུ་སྐབས། བྷྱོ། ཐུགས་རྗེ་ཁྲོས་མ་ནག་མོ་ཡི། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་བསྒྲལ་ཕྱིར་ལས་ལ་ཡ། །གཏོར་ཟོར་ཕུར་ཐུན་ཐོག་ལྟར་འབེབས། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །མིང་ཙམ་མེད་པར་ཕུང་དུ་ཆུག །ཅེས་དྲག་སྔགས་དང་བཅས་དགྲ་ཕྱོགས་སུ་འཕང་ངོ༌། །དེ་ནས་གོང་གི་ཐལ་སོལ་རྣམས་ལམ་རྒྱ་གྲམ་མམ། མཆོད་རྟེན་ཞབས་སུ་དོང་བྲུས་པར་བླུག་ལ་འགུགས་མནན་
བྱས་ཏེ་བྲོ་བརྡུང་ནི། ཧཱུྃ། རིགས་ལྔ་ཁྲོས་མས་བྲོ་བརྡུངས་པས། །དུག་ལྔ་ཡེ་ཤེས་དབྱིངས་སུ་མནན། །ཕྱག་རྒྱ་རྣམ་ལྔའི་གར་རྒྱས་བཏབ། །ནམ་ཡང་ལྡང་བའི་སྐབས་མེད་དོ། །སྟྭཾ་བྷ་ཡ་ལཾ་ནན། ཞེས་བརྗོད། འཕྲོས་རྗེས་རིམ་གཅོད་ཚོགས་ལྟར་བགྱིས་པས་འགྲུབ་བོ། །ཆོ་ག་རྒྱས་ལས་བསྡུས་པ་ཉིད། །མཛད་པ་སྔོན་རབས་དམ་པའི་སྲོལ། །དེ་ལ་མན་ངག་གནད་ལྡན་འདིས། །ཀུན་ལ་སྨན་པ་ཉིད་གྱུར་ཅིག །ཅེས་པ་འདིའང་ཚོགས་ལས་རིན་ཆེན་སྙིང་པོ་དང་འབྲེལ་བར་འཕྲལ་མཁོར་འདི་ལྟར་གྱིས་ཤིག་པར་མཆེད་གྲོགས་དམ་པ་ཀརྨ་རིག་འཛིན་ནས་བསྐུལ་བཞིན། མ་ཏི་རཏྣས་གྲུབ་དབང་ཆགས་མེད་ཞབས་ཀྱི་གཞུང་བཟང་ལས་བཏུས་ཏེ་སྦྱར་བ་དགེ་ལེགས་འཕེལ།། །།
གཅོད་ཀྱི་གནས་འདྲེན་ཐུགས་རྗེའི་འོད་དཀར། མ་ཏི་རཏྣ།
༄༅། །གཅོད་ཀྱི་གནས་འདྲེན་ཐུགས་རྗེའི་འོད་དཀར་བཞུགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། འདིར་གཅོད་ཀྱི་གནས་འདྲེན་མདོར་བསྡུས་བྱ་བའི་ཚུལ་ལ། མཎྜལ་འབྲུ་ཚོམ་སྟེང་ཁྲུས་བུམ་དྲི་བཟང་ཆུས་བཀང་བའི་ཁ་རྒྱན་ཨ་དཀར་པོས་མཚན་པ་དང༌། མེ་ལོང་། བྱེ་མ། འབྱུང་བཞི། འཐོར་ནས་སོགས་འདུ་བྱ། པདྨ་འདབ་དྲུག་ལ་རིགས་དྲུག་གི་ས་བོན་བྲིས་པའི་དལ་དུ་མིང་བྱང་གཞུང་མཐུན་ཆས་རྒྱན་སོགས་སྤྱི་ལྟར་བྲིས་པ་དང༌། དེ་མདུན་བླ་གླུད་ངར་མི་ཆང་བུ་ཏིང་ལོ་ཅན་དང་གཡས་གཡོན་ཟས་བསྔོ་བཟའ་བཏུང་གོས་རྒྱན་བཞག ཁྲུས་བུམ་སྒྲུབ་པ་ནི། ཁྲུས་ཀྱི་བུམ་པ་དག་བྱེད་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་ཁ་རྒྱན་གྱི་དབུས་སུ་མ་གཅིག་ཡུམ་ཆེན་མོའི་ངོ་བོ་ཡི་གེ་ཨ་དཀར་པོ་ཡེ་ཤེས་
ལྔ་ཡི་འོད་ཟེར་འཕྲོ་བ། འོད་དེས་བུམ་ཆུ་ལ་ཕོག་པས་སྡིག་སྒྲིབ་སྦྱོང་བྱེད་ཀྱི་རྒྱུན་དང༌། བྱེ་མ་ལ་ཕོག་པས་རིག་གྲོལ་གྱི་རྫས་སུ་གྱུར། དམིགས་ཡུལ་གཙོ་བོར་གྱུར་པའི་རིགས་དྲུག་གི་སེམས་ཅན་ལ་ཕོག་པས་ལས་ཉོན་གྱི་སྒྲིབ་པ་སྦྱངས་ཏེ་དག་པའི་ཞིང་དུ་བསྒྲལ་བར་དམིགས་ལ། ག་ཏེའི་སྔགས་བརྒྱ་རྩ་དང༌། ལས་སྒྲིབ་སྦྱོང་བའི་གཟུངས་སྔགས་རྣམས་ཅི་རིགས་བཟླས་པས་བྱིན་བརླབས། བྱང་ཆོག་དངོས་ནི། ཕཊ། རང་ཉིད་སྐད་ཅིག་གིས་ངོ་བོ་ཡུམ་ཆེན་མོ་ལ་རྣམ་པ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་རྒྱན་ཆ་
ལུགས་ཡོངས་སུ་རྫོགས་པ། ཕྱག་གཡས་ཡེ་ཤེས་ཀྱི་བུམ་པས་ཚེ་འདས་ཀྱི་ལས་སྒྲིབ་འཁྲུད་པ། ཕྱག་གཡོན་ཐུགས་རྗེའི་ལྕགས་ཀྱུས་ཚེ་འདས་འདྲེན་པ། ཞབས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པད་ཟླར་རོལ་པ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ། དམ་ཡེ་གཉིས་སུ་མེད་པའི་བདག་ཉིད་དུ་གྱུར། ཕཊ་ཕཊ་ཕཊ། རང་གི་ཕྱག་གཡོན་བྱམས་པའི་ལྕགས་ཀྱུ་ལས་འོད་ཟེར་འཕྲོས། ཚེ་འདས་རིགས་དྲུག་བར་དོ་གང་དུ་ཡོད་ཀྱང་མདུན་དུ་བཀུག་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་བཅས། ཀྱེ་མ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ང་ནི་ཆོས་སྐུ་ཡུམ་ཆེན་ཡིན། །ཐར་པའི་ལམ་སྟོན་སློབ་དཔོན་ཡིན། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཚེ་འདས་གནས་འདིར་མྱུར་དུ་ཤོག །བདེན་པའི་ངག་ལ་ཁྱོད་ཀྱིས་ཉོན། །ལྷ་དང་སློབ་དཔོན་དྲན་པར་གྱིས། །ཨ་ཧ་
རི་ནི་ས་ནྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་བཀུག་ལ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །ཐུགས་རྗེའི་ལྕགས་ཀྱུ་འདི་ལ་འཇུས། །ཤེས་རབ་སྒྲོན་མེ་འདི་ལ་ལྟོས། །གཟུགས་བརྙན་འདི་ནི་སྐུ་ཡི་རྟེན། །མིང་བྱང་འདི་ནི་གསུང་གི་རྟེན། །མེ་ལོང་འདི་ནི་ཐུགས་ཀྱི་རྟེན། །མདའ་སྨྱུག་འདི་ནི་འཇུ་བའི་ཤིང༌། །གདུགས་ཆེན་འདི་ནི་གཞལ་ཡས་ཁང༌། །གདན་དཀར་པདྨ་སྡོད་པའི་གདན། །ཚེ་འདས་རྒྱལ་བའི་སྲས་པོ་ཁྱོད། །རྟེན་མཆོག་འདི་ལ་རྟེན་ཆོས་ལ། །ཡུམ་ཆེན་རྒྱལ་བའི་དཀྱིལ་འཁོར་ལ། །གུས་པས་ཕྱག་འཚལ་སྐྱབས་གསོལ་ཅིག །ཨ་ཧ་རི་ནི་ས་ས་མ་ཡ་ཏིཥྛ་ལྷན། ཞེས་བརྟན་པར་བྱ། བླ་གླུད་བྲན་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ། གཤེགས་བཞིའི་མཚན་དང༌། སམྦྷ་ར་ལན་གསུམ་གྱིས་བསྔོ། ཧཱུྃ། ཚེ་འདས་འདི་ཡི་བླ་ཁྱེར་ནས། །གཤིན་ལྕགས་བྱེད་པའི་འབྱུང་པོ་རྣམས། །བླ་གླུད་བཟང་པོ་འདི་ཁྱེར་ལ། །བཀའ་
དང་དམ་ལས་མ་འདའ་བར། །སོ་སོ་རང་རང་གནས་སུ་དེངས། །ཨུ་ཙ་ཏ་ཡ་ཕཊ། ཕཊ་ཕཊ་ཕཊ། ཅེས་ཕྱིར་དོར། ཁྲུས་བུམ་ཐོགས་ལ། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱོང་བྱེད་ཅིང༌། །ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །ཨ་ཧ་རི་ནི་ས་ཚེ་འདས་ཉོན་དྲུག་གི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། བུམ་པས་དབང་བསྐུར་ཁྲུས་བྱ། བྱེ་མ་ཐོགས་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །མཆོག་གསུམ་བདེན་པས་དུག་བཅོམ་མོ། །ཞེས་བྲབ་བཞིན་ག་ཏེ་དང༌། རྩ་ཀཾ་ཡིག་གསུམ་བརྗོད། ཚེ་འདས་དུག་གསུམ་གྱི་ལས་སྒྲིབ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཁྲུས་བྱ། འབྱུང་བཞིས་བྱབས་ལ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །ཡུམ་ཆེན་བཞི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་
དུག་མེད་ཤོག །ཨ་ཧ་རི་ནི་ས་ཚེ་འདས་འབྱུང་བཞིའི་དུག་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཞེས་ཁྲུས་བྱ། ཚེ་འདས་ཉོན་དྲུག་སྒྲིབ་པ་སྦྱངས། །རིགས་དྲུག་སྡུག་བསྔལ་རང་སར་ཞི། །ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས། །ཡིད་ཆོས་ཕུང་ཁམས་རྣམ་པར་དག །རིགས་ལྔ་རྡོར་སེམས་སྐུ་ཐོབ་གྱུར། །མ་གཅིག་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བདེ་ཆེན་ཐར་པའི་ལམ་དུ་དྲོངས། །ཉི་མ་དེ་རིང་ཕྱིན་ཆད་ནས། །རིགས་དྲུག་སྐྱེ་སྒོ་ཆོད་པར་ཤོག །ཕཊ་ཕཊ་ཕཊ། བྱང་བུ་དར་གྱི་སྣམ་བུ་ལ་བཞག རིགས་དྲུག་གི་དལ་བསྡུའོ། །ཟས་གཏད་རྣམས། རྃ་ཡྃ་ཁྃ་གིས་སྦྱང་། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་སྤེལ། གཤེགས་བཞི་དང༌། སམྦྷ་ར་ལན་བདུན་གྱིས་བསྔོས་ལ། ཧཱུྃ། བྱམས་གདུང་ཡིད་ལ་བཅག་པའི་གཉེན་འདུན་གྱིས། །བཟའ་བཏུང་གོས་རྒྱན་གདན་བཟང་སྣང་བྱེད་སྒྲོན། །ཚེ་འདས་བཀྲེས་སྐོམ་སྡུག་བསྔལ་སེལ་ཕྱིར་དུ། །
བསྔོས་པ་བཞིན་དུ་ཁྱོད་ཀྱིས་ལེགས་ཐོབ་ནས། །སྐྱེ་བ་གཏན་གྱི་ལོངས་སྤྱོད་འབྱུང་བར་ཤོག །ཅེས་མེ་གསུར་བྱའོ། །དེ་ནས་འབྲེལ་ཐག་བཅད་ནས་རྣམ་ཤེས་སྤར་བ་ནི། ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འཁོར་བའི་གནས་ན་བདེ་བ་མེད། །གཉེན་དང་ཉེ་དུ་ཞིང་ཁང་ནོར། །ཐམས་ཅད་སྒྱུ་མ་རྨི་ལམ་བཞིན། །མི་རྟག་འབྲལ་བའི་ཆོས་ཅན་ཡིན། །མ་ཆགས་མ་ཞེན་རིགས་ཀྱི་བུ། །བར་དོའི་རྣམ་པར་ཤེས་པ་དེ། །འོད་ཀྱི་ཐིག་ལེ་ཅོག་སྒོང་ཙམ། །ཡི་གེ་ཨ་ཡིས་མཚན་པར་བསྒོམ། །དེ་ཉིད་དཔག་ཆེན་འདའ་འཕང་བཞིན། །བདེ་བ་ཅན་གྱི་ཞིང་དུ་གཤེགས། །པདྨ་རྒྱས་པའི་ཟེའུ་འབྲུ་ལ། །རྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། བྱང་བུ་བསྲེག་པ་ནི། ཧཱུྃ། ཡེ་ཤེས་ལྔ་ཡི་མེ་སྦར་བས། །ཚེ་འདས་ལས་ཉོན་སྡིག་སྒྲིབ་དང༌། །མ་དག་ཕུང་ཁམས་རབ་བསྲེགས་ནས། །སྐུ་ལྔའི་འབྲས་བུ་ཐོབ་པར་ཤོག །ཅེས་གཟུངས་
སྔགས་བརྗོད་ལ་བསྲེགས། ཐལ་བར་གཟུངས་ཆུ་དང་བྱེ་མ་བྲབ་ལ་བསྔོ་སྨོན་བྱའོ། །ཞེས་པ་འདིའང་གཅོད་འདུལ་གྱི་ཆ་ལག་ཏུ་འཕྲལ་མཁོའི་ཆེད་མཆེད་གྲོགས་ཀརྨ་རིག་འཛིན་ནས་བསྐུལ་ངོར། ཀུན་རྨོངས་འདུ་གསུམ་པ་མ་ཏི་རཏྣས་འདུ་བགྱིས་པ་དགེ། སུ་ཛ་ཡནྟུ། བྱིན་ཆེའོ།། །།
རྒྱུན་ཁྱེར་གྱི་ལུས་སྦྱིན་བསྡུས་པ།
༄༅། །རྒྱུན་ཁྱེར་གྱི་ལུས་སྦྱིན་བསྡུས་པ་བཞུགས་སོ། །
རྒྱུན་ཁྱེར་སོགས་ལ་ལུས་མཆོད་སྦྱིན་བསྡུས་པ་བྱེད་པར་སྤྲོ་ན། སྐྱབས་ཡུལ་གསལ་བཏབ་ནས། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་ནི། བདག་ཅག་རྣམས་ལ་སྡང་བར་
བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། འཆི་བདག་གི་བདུད། གནས་གདོན་ལུས་གདོན་དྲིན་ཅན་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཀའ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་
མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ། །རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ༴ རིགས་གསུམ་གྱི་མགོན་པོ་རྣམས་ལ༴ བླ་མ་རྡོ་རྗེ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ༴ བཀའ་བརྒྱུད་པའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ༴ དྲིན་ཆེན་རྩ་བའི་བླ་མ་མཁའ་འགྲོ་འཁོར་དང་བཅས་པ་རྣམས་ལ༴ རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ༴ བསྐྱབ་ཏུ་གསོལ། སྐྱབས་འོག་དམ་པ་ན་ཚུད་པར་མཛད་དུ་གསོལ།བདག་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ལ་བསྟེན་ནོ། །ཆོས་ལ་བསྟེན་ནོ། །དགེ་འདུན་ལ་བསྟེན་ནོ། །སེམས་ཅན་རྣམས་ཀྱི་ལུས་དགེ་བར་གྱུར་ཅིག ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་བྱང་བར་གྱུར་ཅིག །གློ་བུར་དགུ་
བཅུ་གོ་གཅིག་ལས་ཐར་བར་གྱུར་ཅིག །ཡེ་འགྲོགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རང་སར་ཞི་བར་གྱུར་ཅིག །རང་སར་དག་པར་གྱུར་ཅིག །རང་སར་སྟོངས་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོད་ཡིད་འོང་སྤྱད་པར་
བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསྐྱེད་པ་རྣམས་ནི་དྲན་པར་བགྱི། །དྲན་པ་རྣམས་ནི་རྒྱ་ཆེར་གཟུང་། །མདུན་གྱི་ནམ་མཁའི་གནས་སུ་དྲིན་ཅན་རྩ་བའི་བླ་མ་དང་མ་ཅིག་ལབ་ཀྱི་སྒྲོན་མ་ཐ་དད་མེད་པ། སྐུ་མདོག་དཀར་མོ་དུང་ཕྱིས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས། གཡས་པས་གསེར་གྱི་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་བར་སྣང་ལ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཅོག་གྱེན་དུ་བཅིངས་ཤིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་
ཀྱིས་བཞུགས་པ་ལ་བཀའ་བརྒྱུད་ཉམས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། གཡས་སུ་དམ་པ་སངས་རྒྱས་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པས་བསྐོར་བ། གཡོན་དུ་རྗེ་བཙུན་མ་ལྷ་ལྔ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པས་བསྐོར་བ། སྟེང་དུ་བསྟན་པའི་གཙོ་བོ་ལ་གཉིས་མེད་དོན་གྱི་བརྒྱུད་པས་བསྐོར་བ། དེའི་དབུ་ཐོག་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་འོག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ནད་འདྲེ་ལན་ཆགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ལྷ་ཚོགས་དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་
གཅོད་ཡུལ་བརྒྱུད་པའི་སྐྱབས་གནས་ཐམས་ཅད་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཅེས་དང་། ཚོགས་བསགས་ཡན་ལག་བརྒྱད་པ་བྱ་སྟེ། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྒྱལ་བའི་ཡུལ་ལ་ཕྱག་འཚལ་ལོ། །ཤཱཀྱའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཐུབ་པ་དེ་ལ༴ སྐྱེ་བ་བདུན་དུ་འགྲོ་དོན་མཛད། །དམ་པ་དེ་ལ་ཕྱག་འཚལ་ལོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་སྐུ་ལ༴ རང་རིག་ཡེ་ཤེས་སྟོན་མཛད་པའི། །ཕ་བླ་མ་རྣམས་ལ༴ དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ༴ སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ༴ གང་ལ་ཕུལ་བ་དོན་ཡོད་པའི། །དགེ་འདུན་རྣམས་ལ༴ གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་པའི་དབྱངས༴ སྙིང་རྗེས་ངེས་པར་གང་བ་ཡི། །སྤྱན་
རས་གཟིགས་ལ༴ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན༴ བགེགས་དང་ལོག་འདྲེན་འཇོམས་མཛད་པ། །ཆོས་སྐྱོང་རྣམས༴ ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །བཀའ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་གྱི་དོན་དུ་བསྔོ། །ཞེས་བརྗོད། དེ་ནས་སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་པ་བཅས། ག་ཏེའི་སྔགས་བཟླ། དེ་ནས་གཞུང་དོན་ལྟར་ན་ལུས་ཤེལ་གོང་ལྟར་ཡོངས་སུ་དག་པའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ། སྐུ་གསུང་ཐུགས་ཡོན་ཏན་གྱི་ཕྱག་རྒྱའི་མཆོད་པ་འབུལ་བ་ནི། སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །
སྐུ་འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །གསུང་འགག་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་སྩོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཐམས་ཅད་དུ། །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །བཀྲ་ཤིས་ཕྱག་རྒྱའི་མཆོད་པ་འབུལ། །བདེ་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་ཁྱབ་པར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཕཊ། དེ་ནས་འཕོ་བ་ནམ་མཁའ་སྒོ་འབྱེད་རྒྱས་བསྡུས་གང་རུང་བྱས། ལུས་མཎྜལ་དུ་འབུལ་བའི་དམིགས་
པ་གཞུང་ལྟར་གསལ་བཏབ་ནས། པགས་པ་གསེར་གྱི་ས་གཞི་ལ། །སོར་མཛུབ་ལྕགས་རིས་བསྐོར་བའི་དབུས། །མགོ་བོ་ཁོག་ཟོམ་རི་རབ་ལ། །མིག་གཉིས་ཉི་མ་ཟླ་བས་བརྒྱན། །སྡེབ་བཞི་གླིང་བཞིར་བཅས་པ་སོགས། །ལུས་མཎྜལ་ཡོངས་སུ་རྫོགས་པ་འདི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །སྦྱིན་གཏོང་དཀར་འགྱེད་ཀྱི་དམིགས་པ་སྐོར་གསུམ་དང་། དམར་འགྱེད་ཀྱི་སྐབས་སུ་འབོད་ཐུང་དུ་གྲགས་པ་ནི། ན་མོ། གནས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་བོབས་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཅེས་པ་ཙམ་
མམ། ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུའི་མཆོད་པ་འབུལ། །ཐེག་པ་རིམ་དགུ་ཐོབ་པར་ཤོག །དབང་པོ་རྣམ་ལྔའི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱོད་རིངས་པ་རྣམས་ཀྱིས་རློན་པ་ཟོ། །དལ་བ་རྣམས་ཀྱིས་ཚོས་ལ་ཟོ། །རིངས་དང་མི་རིངས་བྱེ་བྲག་གིས། །བཙོས་བསྲེགས་རློན་པ་གང་བདེར་ཟོ། །ལྟོ་བོ་ཆེ་རྣམས་འགྲངས་ཚད་ཟོ། །ཤེད་པོ་ཆེ་རྣམས་ཁྱག་ཚད་ཁུར། །སེང་གེ་ཤ་ལ་རོལ་བ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །ཕཊ། ཅེས་སོ། །དེ་ནས། བརྒྱུད་པ་ཡོངས་རྫོགས་ཀྱི་གསོལ་འདེབས་བསྡུས་པ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གཉིས་མེད་དོན་གྱི་བརྒྱུད་པ་ལ་གསོལ་བ་
འདེབས། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །འཁྲུལ་སྣང་འཇིག་རྟེན་གྱི་བྱ་བ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་ལ། །གཅེས་འཛིན་བྲལ་བར་བྱིན་གྱིས་རློབས། །འགལ་རྐྱེན་ནད་གདོན་བར་ཆད་ལ། །རོ་སྙོམས་ནུས་པར་བྱིན་གྱིས་རློབས། །སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་ལ། །རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་རིག་སྐུ་གསུམ་ལྷུན་གྲུབ་ལ། །རང་དབང་ཐོབ་པར་བྱིན་གྱིས་རློབས། །སྤྱིར་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྒྱུ་གཉིས་འཛིན་གྱི་དྲི་མ་ཀུན་སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཕཊ། དེ་ནས་བསྲེ་བ་གསུམ་བྱས་ལ། ལུས་ཚོགས་སུ་འབུལ་བ་ནི། ཨོཾ། མ་གཅིག་མ་ལ་གསོལ་བ་
འདེབས། །ཨཱཿ མ་གཅིག་མ་ལ་གསོལ་བ་འདེབས། །ཧཱུྃ། མ་གཅིག་མ་ལ་གསོལ་བ་འདེབས། །ཡི་གེ་གསུམ་གྱིས་བྱིན་གྱིས་རློབས། །ཡི་གེ་གསུམ་གྱི་བྱིན་རླབས་ཀྱིས། །གཞོང་པ་ཉི་ཟླའི་གཏོར་གཞོང་དུ། །ཚོགས་ཀྱང་འོད་དུ་ལྟེམས་སེ་ཞུ། །འོད་ཕུང་འབར་བའི་ཚོགས་མཆོད་ཀྱིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཅེས་བྱིན་གྱིས་བརླབ་ལ། རང་ལུས་ཤ་ཁྲག་ཕུང་པོ་འདི། །བདག་ཏུ་འཛིན་པའི་བློ་སྤངས་ནས། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །ཟག་མེད་བདུད་རྩིར་སྤེལ་བ་འདིས། །དྲིན་ཅན་རྩ་བའི་བླ་མ་མཆོད། །ཕྱི་ནང་བརྒྱུད་པའི་བླ་མ་མཆོད། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་མཆོད། །བྱང་སེམས་ཉན་རང་ཆེ་རྣམས་མཆོད། །བསྟན་སྲུང་མ་མགོན་ལྕམ་དྲལ་མཆོད། །ཕོ་ཉ་བྱེ་བ་དུང་ཕྱུར་མཆོད། །འཇིག་རྟེན་སྐྱོང་བའི་མཐུ་ཆེན་
མཆོད། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་མཆོད། །སྟོང་གསུམ་སྟོང་གི་གཞི་བདག་མཆོད། །ཁྱད་པར་འདིར་གནས་ཀྱི་ལྷ་འདྲེ་མཆོད། །འགྲོ་བ་རིགས་དྲུག་གི་སེམས་ཅན་མཆོད། །ཐོག་མེད་དུས་ཀྱི་ལན་ཆགས་མཆོད། །རྒྱ་ཆེན་མཆོད་པ་འདི་ཡི་མཐུས། །སངས་རྒྱས་བསྟན་པ་དར་གྱུར་ཅིག །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །དྲེགས་ཅན་དམ་ལ་གནས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག།བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་འཁོན་འབྲེལ་ཐག་ཆོད་གྱུར་ཅིག །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕཊ། ཅེས་རང་བྱུང་ཞབས་ཀྱི་གསུང་ལུས་སྦྱིན་ལ་ཁ་བསྒྱུར་བ་འདིས་བསྟབ་པ་བྱ། སྲིད་གསུམ་བྷནྡྷ་འབར་བའི་གཏོར་གཞོང་དུ། །ལྷག་མའི་གཏོར་མ་གླིང་བཞི་རི་རབ་ཙམ། །གཏི་མུག་
ཤ་ཡི་རྩིག་པ་ཉི་ལི་ལི། །འདོད་ཆགས་ཁྲག་གི་རྒྱ་མཚོ་མེ་རེ་རེ། །ཞེ་སྡང་རུས་པའི་ཕུང་པོ་ཁྲ་ལ་ལ། །བདུད་རྩི་རྣམ་ལྔའི་ལོངས་སྤྱོད་བསམ་མི་ཁྱབ། །འཁོར་དུ་གཏོགས་པའི་ཌཱ་ཀི་དམ་ཅན་དང་། །སྡོང་གྲོགས་བྱེད་པའི་ལྷ་སྲིན་སྡེ་བརྒྱད་དང་། །ཕྱི་ནང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས། །བཀའ་ཡི་ཕ་འབབ་རྒྱ་ཆེན་འདི་ལོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕཊ། ཅེས་ལྷག་ལ་དབང་བ་རྣམས་ལ་ལྷག་མ་བྱིན། དེ་ནས་བསྔོ་སྨོན་གྱི་རིམ་པ་ནི། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །
བདག་གིས་ལུས་མཆོད་སྦྱིན་བྱས་པའི་དགེ་བའི་རྩ་བ་དང་། བདག་གིས་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་འདྲེ་རྣམས་རྗེས་སུ་བཟུང་བའི་དགེ་བའི་རྩ་བ་དང་། གཞན་ཡང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་དེ་ཐམས་ཅད་ལྷ་འདྲེ་གདུག་པ་ཅན་ལ་སོགས་པའི་ཁམས་གསུམ་སེམས་ཅན་གྱི་དོན་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པའི་མཐུ་ལ་བརྟེན་ནས་ལྷ་འདྲེ་གདུག་པ་ཅན་ལ་སོགས་པ་ཁམས་གསུམ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་དག་ནས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག །སྐྱེ་བ་མེད་པ་ཡུམ་གྱི་དགོངས་པ་ལ་མངའ་བརྙེས་ནས་རྒྱལ་བ་ཐམས་ཅད་ཀྱི་ཡབ་རིགས་རྣམས་ཀུན་གྱི་བདག་པོ་ཁྱབ་བདག་རྡོ་རྗེ་འཆང་གི་ས་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་གོ་འཕང་ཐོབ་ནས་
ཀྱང་ཕྲིན་ལས་ཀྱི་སྒོ་སྣ་ཚོགས་ཀྱི་སྒོ་ནས་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །གཅོད་ཡུལ་ཉམས་སུ་ལེན་པའི་གང་ཟག་གིས། །རང་སེམས་བདུད་དུ་མི་ལྟ་བར། །སྙེམ་ཐག་མ་ལུས་ཆོད་པར་ཤོག །བཟང་པོའི་ཡོན་ཏན་ཅི་བྱུང་ཡང་། །དེ་ལ་རློམས་སེམས་མེད་པར་ཤོག །ངན་པའི་རྣམ་རྟོག་ཅི་བྱུང་ཡང་། །དེ་ལ་སྙེམ་བྱེད་མེད་པར་ཤོག །དམ་ཆོས་བདུད་ཀྱིི་གཅོད་ཡུལ་འདི། །མཁའ་ལ་ཉི་མ་ཤར་བ་ལྟར། །ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཕཊ། ཅེས་བརྗོད། མགྲོན་རྣམས་དགའ་མགུ་དང་ལྡན་པས་རང་གནས་སུ་གཤེགས་པར་བསམ། ཚོགས་ཞིང་གི་ལྷ་ཚོགས་རང་ལ་བསྡུ། རང་གཞན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ལ་ཁྱེར་སོ་གསུམ་གྱིས་རྒྱས་གདབ་ཅིང་ཡིག་དྲུག་མང་དུ་བགྲང་། འགྲོ་ཀུན་དེའི་གོ་འཕང་ལ་དབུགས་དབྱུང་བའི་སྨོན་ལམ་ཡང་བྱའོ། །སརྦ་མངྒ་ལཾ།། །།
གསང་སྤྱོད་བརྟུལ་ཞུགས་གཅོད་ཀྱི་ངག་འདོན་བྱང་སེམས་གཉིས་བསྐྱེད་ཀྱི་སྟོན་མོ། བདེ་ཆེན་འབར་བའི་རྡོ་རྗེ།
༄༅། །གསང་སྤྱོད་བརྟུལ་ཞུགས་གཅོད་ཀྱི་ངག་འདོན་བྱང་སེམས་གཉིས་བསྐྱེད་ཀྱི་སྟོན་མོ་བཞུགས་སོ། །
ན་མོ་ཛྙཱ་ན་ག་ག་ན་བཛྲ་ཌཱ་ཀི་ཡེ། འདིར་ཟབ་ལམ་སྔོན་འགྲོ་དང་སྒྱུ་ལུས་ལ་ཉེ་བར་མཁོ་བའི་གསང་སྤྱོད་བརྟུལ་ཞུགས་ལུས་མཆོད་སྦྱིན་གྱི་རིམ་པ་བྱ་བ་ལ་ཡང་། ན་མོ། དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་ཡེ་ཤེས་མཁའ་འགྲོར་སྐྱབས་སུ་གསོལ། །འདི་ནས་རྫོགས་སངས་གོ་འཕང་མཆིས་ཀྱི་བར། །ཚད་མེད་འགྲོ་བའི་དོན་དུ་སེམས་བསྐྱེད་དོ། །ཨ། རང་སྣང་བདེ་བ་ཆེན་པོའི་མཁའ་དབྱིངས་སུ། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་འཁྲིགས། །ཆོས་སྐྱོང་དམ་ཅན་སྡེ་བརྒྱད་སྣང་སྲིད་མགྲོན། །རང་རང་གནས་
ནས་སོ་སོའི་རྗེས་འབྲངས་བཅས། །མགྲོན་དུ་གཉེར་བའི་གསང་སྐད་རྐང་གླིང་སྒྲས། །དལ་བུས་སྙན་གསན་ཕབ་ནས་འབོད་པའི་དབྱངས། །གདུང་ཤུགས་བརྩེ་བས་བུ་ཡིས་མར་བོས་ལྟར། །བརྩེ་བའི་ཐུགས་ཀྱིས་བཟོད་མེད་སྐད་ཅིག་ཏུ། །བྱ་ཆེན་ཐེད་ལ་རུབ་པ་ཇི་བཞིན་པར། །མགྲོན་བཞི་སྐད་ཅིག་སྤྱན་དྲངས་ས་མཱ་ཛཿ ཕཊ་ཕཊ་ཕཊ། དཔག་མེད་མདུན་དུ་འདུས་པ་ཁྲོམ་ཚོགས་གསལ། །ཐེར་གཟུགས་ཕུང་པོ་ཁམས་ལྔ་ཚོགས་པའི་ལུས། །ཆེ་ཚོ་སྟོབས་ལྡན་དྲོད་དང་མ་བྲལ་བར། །སྟོང་ཁམས་
གང་བ་རི་རབ་འགྱེལ་འདྲའི་གཟུགས། །རྣམ་ཤེས་ཨ་ཡིག་རྣམ་པ་དབུ་མ་ནས། །སྐར་མདའ་ལྟ་བུར་གྱེན་བསྐྱོད་ནམ་མཁར་ཐིམ། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོར་གཉིས་མེད་གྱུར། །ཕཊ། བདག་གཞན་སྣང་བའི་སྣོད་བཅུད་དངོས་པོ་ཀུན། །གཉིས་མེད་རིག་གདངས་རོལ་པའི་ཆོ་འཕྲུལ་ཏེ། །རང་རྩལ་དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀ་ནས། །རིག་རྩལ་མཁའ་ལ་སྤྱོད་པའི་མཁའ་འགྲོ་མ། །སྣང་འཛིན་དབྱིངས་སུ་གཅོད་པའི་དཔའ་མོ་ཆེ། །དམར་གསལ་གྲི་ཐོད་འཛིན་པས་གར་སྟབས་བསྒྱུར། །རྣམ་ཐར་གསུམ་ལྡན་ཐོད་པའི་སྒྱེད་པུའི་སྟེང་། །ཕྱག་མཚན་འཕྲུལ་གྱིས་བདེ་སྐྱོང་བླངས་པ་བཙུགས། །རྒྱ་ཁྱོན་ཚད་མེད་སྟོང་གསུམ་འཇིག་རྟེན་གང་། །དེ་ནང་ཕུང་པོ་གྲི་གུག་མཚོན་གྱིས་བཤིགས། །ཤ་ཁྲག་རུས་པ་དམར་ཉིལ་སྤུངས་པའི་སྟེང་། །བྱང་ཆུབ་སེམས་རྒྱུན་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་
དག་འཕྲོ་འདུའི་སྟོབས་ཀྱིས་འོད་དུ་ཞུ། །དམ་ཚིག་ཡེ་ཤེས་དབྱེར་མེད་བདུད་རྩིའི་མཚོ། །ཁ་དོག་ལྔ་ལྡན་ཟག་མེད་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ཕཊ། ལས་བྱེད་རང་འདྲའི་སྤྲུལ་པས་སྟོང་གསུམ་གང་། །མཚན་བཟང་བྷནྡྷས་རོ་བཅུད་ཀུན་ལ་འགྱེད། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ལ། །ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་འདི། །གང་ལ་དགྱེས་པ་དེ་ལྟ་ཉིད་དུ་འབུལ། །དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས་རྣམས་ལ། །རང་རང་དགྱེས་དགུའི་འདོད་ཡོན་སྤྲོས་ཏེ་མཆོད། །སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་ཡུལ་གྱི་ལྷར། །གཟུགས་འགྲོས་སྤྱན་གཟིགས་ཞིང་མཁར་ལོངས་སྤྱོད་འབུལ། །ཀླུ་དང་དཀར་ཕྱོགས་ས་བདག་ཐམས་ཅད་ལ། །དཀར་གསུམ་མངར་གསུམ་སྨན་སྣ་རྩྭ་ལྗང་རྫིང་། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཐམས་ཅད་ལ། །ལྷ་ལ་མེ་ཏོག་བདུད་རྩིའི་དཀར་གསུམ་བཅུད། །
ལྷ་མིན་གོ་མཚོན་མཁར་དང་རྫིང་བུ་བཀྲ། །མི་ལ་འདོད་ཡོན་ལྔ་ཡི་ལོངས་སྤྱོད་དང་། །དུད་འགྲོར་ཁ་ཟས་རྩྭ་མཆོག་འདོད་པའི་རོ། །ལུས་མེད་བར་དོ་གཟུགས་བཟང་ལོངས་སྤྱོད་ཐོབ། །ཡི་དྭགས་བཀྲེས་སེལ་འཇིགས་པ་མེད་པའི་སྐྱབས། །དམྱལ་བར་བསིལ་ལ་དྲོ་དང་ཚ་ལ་བསིལ། །འཇིགས་སྐྱོབ་ཟས་སྐོམ་གནས་དང་མཐུན་པའི་གྲོགས། །ཁྱད་པར་མི་སྲུན་དྲེགས་པ་ཡུལ་འདྲེ་དང་། །ཚེ་ལ་གནོད་ཅིང་སྲོག་ལ་འཇབ་པ་ཡི། །ནད་འདྲེ་ལན་ཆགས་ཡུལ་གདོན་གཤེད་འཁྱམས་ལ། །ཤ་རུས་པགས་པ་རྐང་ཚིལ་ལྷ་བ་དང་། །ཀླད་པ་ནང་ཁྲོལ་དབང་པོ་ཆུ་རྒྱུས་བཅས། །རང་རང་གང་ལ་ཅི་འདོད་ཟག་མེད་རྫས། །འབད་མེད་འཇོ་བ་ལུས་ཀྱི་སྟོན་མོ་འདིར། །ཐམས་ཅད་དགའ་དང་གུས་པས་འདིར་འདུས་ཤིག །འདི་རོལ་འདི་སྤྱོད་ཚིམས་ནས་དགའ་བ་དང་། །སྤྲོ་ཞིང་གདུག་པའི་གནོད་སེམས་ཀུན་ཞི་ནས། །
བསམ་སྦྱོར་དགེ་བའི་ལས་ལ་སྤྱོད་པར་ཤོག །ཧཱུྃ་ཨཱཿ ཕཊ། ཡེ་ནས་མ་བཅོས་སྤྲོས་བྲལ་གདོད་མའི་གཤིས། །ཐམས་ཅད་སྟོང་པའི་རང་གཟུགས་འདུས་མ་བྱས། །འདི་ཞེས་སྨྲ་དང་བརྗོད་པའི་ཡུལ་ལས་འདས། །བློ་དང་ཡིད་ལས་བྱེད་པའི་འཛིན་པ་བྲལ། །འདི་ན་གནོད་པར་བྱེད་པའི་གནས་མེད་ཅིང་། །གནོད་པར་བྱ་བ་མེད་ཅིང་གནོད་པ་ཡང་། །མཐའ་དང་བྲལ་བས་སྟོང་ཆེན་བརྗོད་དུ་མེད། །གཅིག་པུ་ཉིད་ཀྱང་གཅིག་པུ་བརྗོད་ལས་འདས། །འདི་ལྟར་ཆོས་ཉིད་རང་གཤིས་འདི་ཤེས་པས། །མཐའ་བྲལ་བརྗོད་མེད་སྙེམ་བྱ་སྙེམ་བྱེད་བྲལ། །བློ་ལས་འདས་པ་ཆོས་སྐུའི་རང་ཞལ་བལྟ། །དེ་ཉིད་སྐྱེ་མེད་ཡུམ་གྱི་དགོངས་པའོ། །ཨ་ལ་ལ་ཧོ། ཕཊ། མགྲོན་རྣམས་རོལ་པའི་ཟེགས་མ་བདུད་རྩིའི་རྒྱུན། །ཁས་ཞན་ཕྱིས་འབྲངས་རྣམས་ལ་ཁྱབ་པར་བསྔོ། །དགྱེས་ཚིམས་སྡུག་བསྔལ་བྲལ་ཞིང་
བདེ་བར་ལྡན། །ཀུན་ཀྱང་ཡུམ་གྱི་བཀའ་ལས་མི་འདའ་བར། །བཀའ་ཉན་སྲུང་སྡོད་ཆོས་ཀྱིས་གྲོལ་བར་ཤོག །ཆོས་རྣམས་རང་བཞིན་དག་ཅིང་གདོད་མའི་གཤིས། །འདི་ལས་ནམ་ཡང་མ་འདས་སྤྲོས་པའི་མཐའ། །ཀུན་བྲལ་ཕ་རོལ་ཕྱིན་མཆོག་ཨེ་མ་ཧོ། །མགྲོན་རྣམས་དགྱེས་བཞིན་རང་རང་གནས་སུ་གཤེགས། །རྣམ་ཤེས་ཨ་ཡིག་ཡེ་ཤེས་མཁའ་འགྲོ་མའི། །རྣམ་པ་སྤྱི་བོར་བྱོན་ནས་དབུ་མར་བརྒྱུད། །སྙིང་ཁར་འདྲེས་ཐིམ་རྟོག་མེད་རོ་གཅིག་གྱུར། །ཕཊ། ལྷ་ཡང་སེམས་ལ་འདྲེ་ཡང་རང་གི་སེམས། །རང་སེམས་གདོད་ནས་མ་སྐྱེས་སྤྲོས་པ་བྲལ། །རྟེན་ཅིང་འབྲེལ་འབྱུང་སྣང་བ་མ་འགགས་པ། །ཞེན་མེད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཐིམ། །ཨ། ཞེས་བུ་དང་བུ་མོ་སོགས་སློབ་ཆེན་ཐུན་མོང་ངོར། བདེ་ཆེན་འབར་བའི་རྡོ་རྗེས་གནས་མཆོག་སེང་གེའི་ཀེའུ་ཚང་ནས་ཡུད་ཙམ་དུ་ཤར་མར་སྤེལ་བར་དགེ། །།
གསང་སྤྱོད་བརྟུལ་ཞུགས་གཅོད་ཀྱི་ངག་འདོན་བྱང་སེམས་གཉིས་བསྐྱེད་ཀྱི་སྟོན་མོ་མཆན་བུས་བརྒྱན་པ། བདེ་ཆེན་འབར་བའི་རྡོ་རྗེ།
གསང་སྤྱོད་བརྟུལ་ཞུགས་གཅོད་ཀྱི་ངག་འདོན་བྱང་སེམས་གཉིས་བསྐྱེད་ཀྱི་སྟོན་མོ་མཆན་བུས་བརྒྱན་པ་བཞུགས་སོ། །ན་མོ་ཛྙཱ་ན་ག་ག་ན་བཛྲ་ཌཱ་ཀི་ཡེ། འདིར་ཟབ་ལམ་སྔོན་འགྲོ་དང་སྒྱུ་ལུས་ལ་ཉེ་བར་མཁོ་བའི་གསང་སྤྱོད་བརྟུལ་ཞུགས་ལུས་མཆོད་སྦྱིན་གྱི་རིམ་པ་བྱ་བ་ལ་ཡང་། དོན་བཅུ་ལས་དང་པོ་སྐྱབས་སེམས་ནི། ན་མོ། དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་ཡེ་ཤེས་མཁའ་འགྲོར་སྐྱབས་སུ་གསོལ། །འདི་ནས་རྫོགས་སངས་གོ་འཕང་མཆིས་ཀྱི་བར། །ཚད་མེད་འགྲོ་བའི་དོན་དུ་སེམས་བསྐྱེད་དོ། །ལན་གསུམ། གཉིས་པ་མགྲོན་སྤྱན་འདྲེན་པ་ནི། ཨ། རང་སྣང་བདེ་བ་ཆེན་པོའི་
མཁའ་དབྱིངས་སུ། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་འཁྲིགས། །ཆོས་སྐྱོང་དམ་ཅན་སྡེ་བརྒྱད་སྣང་སྲིད་མགྲོན། །རང་རང་གནས་ནས་སོ་སོའི་རྗེས་འབྲངས་བཅས། །མགྲོན་དུ་གཉེར་བའི་གསང་སྐད་རྐང་གླིང་སྒྲས། །དལ་བུས་སྙན་གསན་ཕབ་ནས་འབོད་པའི་དབྱངས། །གདུང་ཤུགས་བརྩེ་བས་བུ་ཡིས་མར་བོས་ལྟར། །བརྩེ་བའི་ཐུགས་ཀྱིས་བཟོད་མེད་སྐད་ཅིག་ཏུ། །བྱ་ཆེན་ཐེད་ལ་རུབ་པ་ཇི་བཞིན་པར། །མགྲོན་བཞི་སྐད་ཅིག་སྤྱན་དྲངས་ས་མཱ་ཛཿ ཌཱ་དྲིལ་འཁྲོལ་བཞིན་རྐང་གླིང་འབུད། །ཕཊ་ཕཊ་ཕཊ། གསུམ་པ་འཕོ་བ་ནམ་མཁའ་སྒོ་འབྱེད་ནི། དཔག་མེད་མདུན་དུ་འདུས་པ་ཁྲོམ་ཚོགས་གསལ། །ཐེར་གཟུགས་ཕུང་པོ་ཁམས་ལྔ་ཚོགས་པའི་ལུས། །ཆེ་ཚོ་སྟོབས་ལྡན་དྲོད་དང་མ་བྲལ་བར། །སྟོང་ཁམས་གང་བ་རི་རབ་འགྱེལ་འདྲའི་གཟུགས། །རྣམ་ཤེས་ཨ་ཡིག་རྣམ་པ་དབུ་མ་ནས། །སྐར་མདའ་ལྟ་བུར་གྱེན་བསྐྱོད་ནམ་
མཁར་ཐིམ། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོར་གཉིས་མེད་གྱུར། །ཕཊ། བཞི་པ་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་མམ་མགྲོན་བཞི་མར་གྲགས་པ་ནི། བདག་གཞན་སྣང་བའི་སྣོད་བཅུད་དངོས་པོ་ཀུན། །གཉིས་མེད་རིག་གདངས་རོལ་པའི་ཆོ་འཕྲུལ་ཏེ། །རང་རྩལ་དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀ་ནས། །རིག་རྩལ་མཁའ་ལ་སྤྱོད་པའི་མཁའ་འགྲོ་མ། །སྣང་འཛིན་དབྱིངས་སུ་གཅོད་པའི་དཔའ་མོ་ཆེ། །དམར་གསལ་གྲི་ཐོད་འཛིན་པས་གར་སྟབས་བསྒྱུར། །རྣམ་ཐར་གསུམ་ལྡན་ཐོད་པའི་སྒྱེད་པུའི་སྟེང་། །ཕྱག་མཚན་འཕྲུལ་གྱིས་བདེ་སྐྱོང་བླངས་པ་བཙུགས། །རྒྱ་ཁྱོན་ཚད་མེད་སྟོང་གསུམ་འཇིག་རྟེན་གང་། །དེ་ནང་ཕུང་པོ་གྲི་གུག་མཚོན་གྱིས་བཤིགས། །ཤ་ཁྲག་རུས་པ་དམར་ཉིལ་སྤུངས་པའི་སྟེང་། །བྱང་ཆུབ་སེམས་རྒྱུན་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་དག་འཕྲོ་འདུའི་སྟོབས་ཀྱིས་འོད་དུ་ཞུ། །དམ་ཚིག་ཡེ་ཤེས་དབྱེར་
མེད་བདུད་རྩིའི་མཚོ། །ཁ་དོག་ལྔ་ལྡན་ཟག་མེད་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་བདུན་བརྗོད་པས་སྦྱངས་སྤེལ་བསྒྱུར། །ཕཊ། ལས་བྱེད་རང་འདྲའི་སྤྲུལ་པས་སྟོང་གསུམ་གང་། །མཚན་བཟང་བྷནྡྷས་རོ་བཅུད་ཀུན་ལ་འགྱེད། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ལ། །ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་འདི། །གང་ལ་དགྱེས་པ་དེ་ལྟ་ཉིད་དུ་འབུལ། །དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས་རྣམས་ལ། །རང་རང་དགྱེས་དགུའི་འདོད་ཡོན་སྤྲོས་ཏེ་མཆོད། །སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་ཡུལ་གྱི་ལྷར། །གཟུགས་འགྲོས་སྤྱན་གཟིགས་ཞིང་མཁར་ལོངས་སྤྱོད་འབུལ། །ཀླུ་དང་དཀར་ཕྱོགས་ས་བདག་ཐམས་ཅད་ལ། །དཀར་གསུམ་མངར་གསུམ་སྨན་སྣ་རྩྭ་ལྗང་རྫིང་། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཐམས་ཅད་ལ། །ལྷ་ལ་མེ་ཏོག་བདུད་རྩིའི་དཀར་གསུམ་བཅུད། །ལྷ་མིན་གོ་མཚོན་མཁར་དང་རྫིང་བུ་བཀྲ། །མི་ལ་
འདོད་ཡོན་ལྔ་ཡི་ལོངས་སྤྱོད་དང་། །དུད་འགྲོར་ཁ་ཟས་རྩྭ་མཆོག་འདོད་པའི་རོ། །ལུས་མེད་བར་དོ་གཟུགས་བཟང་ལོངས་སྤྱོད་ཐོབ། །ཡི་དྭགས་བཀྲེས་སེལ་འཇིགས་པ་མེད་པའི་སྐྱབས། །དམྱལ་བར་བསིལ་ལ་དྲོ་དང་ཚ་ལ་བསིལ། །འཇིགས་སྐྱོབ་ཟས་སྐོམ་གནས་དང་མཐུན་པའི་གྲོགས། །ཁྱད་པར་མི་སྲུན་དྲེགས་པ་ཡུལ་འདྲེ་དང་། །ཚེ་ལ་གནོད་ཅིང་སྲོག་ལ་འཇབ་པ་ཡི། །ནད་འདྲེ་ལན་ཆགས་ཡུལ་གདོན་གཤེད་འཁྱམས་ལ། །ཤ་རུས་པགས་པ་རྐང་ཚིལ་ལྷ་བ་དང་། །ཀླད་པ་ནང་ཁྲོལ་དབང་པོ་ཆུ་རྒྱུས་བཅས། །རང་རང་གང་ལ་ཅི་འདོད་ཟག་མེད་རྫས། །འབད་མེད་འཇོ་བ་ལུས་ཀྱི་སྟོན་མོ་འདིར། །ཐམས་ཅད་དགའ་དང་གུས་པས་འདིར་འདུས་ཤིག །འདི་རོལ་འདི་སྤྱོད་ཚིམས་ནས་དགའ་བ་དང་། །སྤྲོ་ཞིང་གདུག་པའི་གནོད་སེམས་ཀུན་ཞི་ནས། །བསམ་སྦྱོར་དགེ་བའི་ལས་ལ་
སྤྱོད་པར་ཤོག །ཧཱུྃ་ཨཱཿ ཕཊ། ལྔ་པ་དམར་འགྱེད་བྱ་བ་ལ། །ཐོག་མར་རྐང་གླིང་ལན་གསུམ་བཏང་། །མགྲོན་བསྡུ་འགྱེད་དམིགས་སྤྱི་ལྟར་བྱ། །ཁྲ་ནག་འགྱེད་ཀྱང་ཚང་ན་ལེགས། །དེ་ཚེ་ཐབས་ཤེས་ཡི་གེ་ཕཊ། །ལྷུག་འབོལ་རྔམས་པའི་སྟབས་ཀྱིས་བགྲང་། །དྲུག་པ་འཁོར་གསུམ་ཡོངས་དག་གི། །ལྟ་བས་རྒྱས་འདེབས་བྱ་བ་ནི། །ཡེ་ནས་མ་བཅོས་སྤྲོས་བྲལ་གདོད་མའི་གཤིས། །ཐམས་ཅད་སྟོང་པའི་རང་གཟུགས་འདུས་མ་བྱས། །འདི་ཞེས་སྨྲ་དང་བརྗོད་པའི་ཡུལ་ལས་འདས། །བློ་དང་ཡིད་ལས་བྱེད་པའི་འཛིན་པ་བྲལ། །འདི་ན་གནོད་པར་བྱེད་པའི་གནས་མེད་ཅིང་། །གནོད་པར་བྱ་བ་མེད་ཅིང་གནོད་པ་ཡང་། །མཐའ་དང་བྲལ་བས་སྟོང་ཆེན་བརྗོད་དུ་མེད། །གཅིག་པུ་ཉིད་ཀྱང་གཅིག་པུ་བརྗོད་ལས་འདས། །འདི་ལྟར་ཆོས་ཉིད་རང་གཤིས་འདི་ཤེས་པས། །མཐའ་བྲལ་བརྗོད་མེད་སྙེམ་བྱ་སྙེམ་བྱེད་བྲལ། །བློ་ལས་འདས་པ་ཆོས་སྐུའི་རང་ཞལ་བལྟ། །དེ་ཉིད་སྐྱེ་མེད་ཡུམ་གྱི་དགོངས་པའོ། །ཨ་ལ་ལ་ཧོ། བདུན་པ་ལྷག་མགྲོན་བརྔན་པ་ནི། །རྐང་གླིང་
དམིགས་རིམ་སྤྱི་མཐུན་བཅས། །ཕཊ། མགྲོན་རྣམས་རོལ་པའི་ཟེགས་མ་བདུད་རྩིའི་རྒྱུན། །ཁས་ཞན་ཕྱིས་འབྲངས་རྣམས་ལ་ཁྱབ་པར་བསྔོ། །དགྱེས་ཚིམས་སྡུག་བསྔལ་བྲལ་ཞིང་བདེ་བར་ལྡན། །ཀུན་ཀྱང་ཡུམ་གྱི་བཀའ་ལས་མི་འདའ་བར། །བཀའ་ཉན་སྲུང་སྡོད་ཆོས་ཀྱིས་གྲོལ་བར་ཤོག །ལྟ་བའི་རང་ངོར་མཉམ་པར་བཞག་ལ། ཆོས་རྣམས་རང་བཞིན་དག་ཅིང་གདོད་མའི་གཤིས། །འདི་ལས་ནམ་ཡང་མ་འདས་སྤྲོས་པའི་མཐའ། །ཀུན་བྲལ་ཕ་རོལ་ཕྱིན་མཆོག་ཨེ་མ་ཧོ། །བརྒྱད་པ་བཀྲ་ཤིས་ཆོས་སྦྱིན་ནི། །སྨྲ་བསམ་བརྗོད་མེད༴ རྩ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཆེན་འཁྲིགས། །ཡི་དམ་ལྷ་ཚོགས་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་འབྲས་བུ་སྨིན། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །སོགས་ཀྱི་ཤིས་བརྗོད་མཐར་ཌཱ་དྲིལ་བཞག་ལ། ཇོ་བོ་སྐྱོན་གྱིས་མ་གོས༴ ཡིག་དྲུག་བརྒྱ་རྩ་ལས་མི་ཉུང་བ་བཟླ། ན་མོ། ཆོས་རྣམས་ཐམས་
ཅད༴ ཚོགས་ཀྱི་ལམ་དང༴ སྦྱིན་པ་རྒྱ་ཆེན་གྱུར་པ༴ ཕཊ། ཅེས་སྨོན་ལམ་བྱའོ། །དགུ་པ་མགྲོན་གཤེགས་བསྡུ་རིམ་ནི། །མགྲོན་རྣམས་དགྱེས་བཞིན་རང་རང་གནས་སུ་གཤེགས། །རྣམ་ཤེས་ཨ་ཡིག་ཡེ་ཤེས་མཁའ་འགྲོ་མའི། །རྣམ་པ་སྤྱི་བོར་བྱོན་ནས་དབུ་མར་བརྒྱུད། །སྙིང་ཁར་འདྲེས་ཐིམ་རྟོག་མེད་རོ་གཅིག་གྱུར། །ཕཊ། བཅུ་པ་སྙེམ་ཐག་བཅད་པ་ནི། །ལྷ་ཡང་སེམས་ལ་འདྲེ་ཡང་རང་གི་སེམས། །རང་སེམས་གདོད་ནས་མ་སྐྱེས་སྤྲོས་པ་བྲལ། །རྟེན་ཅིང་འབྲེལ་འབྱུང་སྣང་བ་མ་འགགས་པ། །ཞེན་མེད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཐིམ། །ཨ། ཞེས་བརྗོད་རིག་པའི་རང་ངོ་བསྐྱང་། །སླར་ཡང་བསྔོ་སྨོན་རྒྱ་ཡིས་གདབ། །དགེ་བ་འདི་ཡིས་མྱུར་དུ་བདག །གཅོད་ཡུལ་ཕྱག་རྒྱ་ཆེན་པོ༴ བྱང་ཆུབ་སེམས་ནི་རིན་པོ༴ སེམས་ཅན་ཐམས་ཅད་བདེ་དང༴ དུས་གསུམ་གཤེགས་པའི༴ དེ་ལྟར་འགྲུབ་པར་བྱེད་པའང་དཀོན་མཆོག་གསུམ་གྱི་བདེན་པ་སོགས་ཀྱིས་གྲུབ་བོ། །ཞེས་བུ་དང་བུ་མོ་
སོགས་སློབ་ཆེན་ཐུན་མོང་ངོར། བདེ་ཆེན་འབར་བའི་རྡོ་རྗེས་གནས་མཆོག་སེང་གེའི་ཀེའུ་ཚང་ནས་ཡུད་ཙམ་དུ་ཤར་མར་སྤེལ་བར་དགེ། །།ཞིབ་མཆན་རྣམས་ལྷག་བློས་འདུ་བྱེད་པ་པོ་ཀིརྟིའི་མིང་ཅན་ཏེ་ཉེས་འགལ་རྩ་གསུམ་ལྷ་ལ་འཆགས་ཤིང་དགེ་བས་ཡུམ་དོན་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག། །།
ཟབ་ལམ་གཅོད་ཡུལ་གྱི་སྙིང་པོ་ལུས་སྦྱིན་མདོར་བསྡུས་ཚོགས་གཉིས་ལམ་ཁྱེར། ལྷན་སྐྱེས་བདེ་བའི་རྡོ་རྗེ།
༄༅། །ཟབ་ལམ་གཅོད་ཡུལ་གྱི་སྙིང་པོ་ལུས་སྦྱིན་མདོར་བསྡུས་ཚོགས་གཉིས་ལམ་ཁྱེར་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཛྙཱ་ན་ཌཱཀྐི་ཡེ། འདིར་ཟབ་ལམ་སྒྱུ་ལུས་ལ་ཉེ་བར་མཁོ་བའི་གདམས་པ་གཅོད་ཀྱི་ལུས་སྦྱིན་ངག་འདོན་མདོར་བསྡུས་ཀྱི་རིམ་པ་ནི། ཕཊ། ན་མོ། མཆོག་གསུམ་ཀུན་འདུས་བླ་མ་མ་གཅིག་མ། །ལབ་ཀྱི་སྒྲོན་མའི་སྐུ་ལ་སྐྱབས་མཆི་ཞིང། །བདག་གཞན་འགྲོ་རྣམས་ཚོགས་གཉིས་རབ་རྫོགས་ཕྱིར། །ཟབ་ལམ་སྒྱུ་ལུས་མཆོད་སྦྱིན་བརྩམ་པར་བགྱི། །ཕཊ་ཕཊ་ཕཊ། ཕཊ། བདག་ལུས་ཐ་མལ་གནས་པའི་ནང་ཁོང་ན། །ཨ་ཝ་དྷུ་ཏི་མཚན་ཉིད་བཞི་ལྡན་པ། །མར་སྣེ་ལྟེ་འོག་ཡར་སྣེ་ཚངས་བུག་འབྲེལ། །སྙིང་
དབུས་རླུང་སེམས་འདུས་པའི་ཐིག་ལེ་ནི། །དཀར་དམར་མདངས་ལྡན་མཐེ་བོང་ཙམ་གྱུར་པ། །དཔག་ཆེན་མདའ་བཞིན་དབུ་མའི་ནང་ནས་འཕོས། །ཆོས་དབྱིངས་བརྗོད་བྲལ་ནམ་མཁར་རོ་གཅིག་གྱུར། །ཕཊ་ཕཊ་ཕཊ། ཕཊ། དབྱིངས་ཀྱི་མཁའ་ལས་རང་སེམས་རིག་པའི་རྩལ། །ལྷན་སྐྱེས་དམར་མོ་གྲི་ཐོད་གར་སྟབས་བསྒྱུར། །བེམ་པོའི་ཐོད་པ་ཕྱག་མཚན་གྱིས་བཅད་དེ། །མདུན་དུ་རང་བྱུང་ཐོད་སྒྱེད་གསུམ་སྟེང་བཙུགས། །རྒྱ་ཁྱོན་ཚད་མེད་ནང་དུ་ཕུང་པོ་ཉིད། །སིལ་བུར་
གཏུབས་སྤུངས་ཡིག་འབྲུ་གསུམ་གྱིས་མཚན། །ཡེ་ཤེས་མེ་རླུང་སྦྱོར་བས་ཞུ་ཞིང་ཁོལ། །འབྲུ་གསུམ་འོད་ཞུ་དམ་ཡེ་གཉིས་མེད་ཀྱི། །བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །ཨོཾ་ཨཱཿཧཱུྃ། ཕཊ། རང་ཉིད་ཕག་མོའི་ཐུགས་འོད་འཕྲོ་འདུ་དང། །སྙན་འགྱུར་མི་རྐང་གླིང་བུའི་བརྡས་མཚོན་པས། །སྲིད་གསུམ་ཁྱབ་པའི་འཁོར་འདས་མགྲོན་གྱི་རིགས། །ཐོགས་མེད་རྫུ་འཕྲུལ་མཐུ་ཡིས་ལྷགས་གྱུར་པར། །མཆོད་སྦྱིན་ལྷ་མོ་དཔག་མེད་རབ་སྤྲོས་ཏེ། །སོ་སོར་མོས་པའི་ཡིད་དང་མཐུན་པ་ཡི། །ཕུང་པོ་ཤ་ལྔ་བདུད་རྩི་ཟག་མེད་སྤྲིན། །རྣམ་མང་འདོད་དགུའི་གཏེར་དུ་འཆར་བས་མཆོད། །ཕཊ་ཕཊ་ཕཊ། ཕཊ། རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་ཚོགས། །ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོ་ལ། །ཕྱི་ནང་གསང་བ་བླ་མེད་སྤྲིན་དུ་འབུལ། །བདག་རྒྱུད་བྱིན་རློབས་མཆོག་ཐུན་དངོས་
གྲུབ་སྩོལ། །ཕཊ་ཕཊ་ཕཊ། ཕཊ། མ་མགོན་ལྕམ་དྲལ་བརྒྱུད་གསུམ་སྲུང་མར་བཅས། །གཙང་རིས་དཔལ་མགོན་སྡེ་བརྒྱད་དྲེགས་ཚོགས་ལ། །བསྐང་རྟེན་བསྒྲུབ་རྫས་ཡིད་མཐུན་དཀོར་ཆར་འབུལ། །བསྟན་པ་གཉན་སྲུང་རྣལ་འབྱོར་སྡོང་གྲོགས་མཛོད། །ཕཊ་ཕཊ་ཕཊ། ཕཊ། ཁམས་གསུམ་རིགས་དྲུག་སྐྱེ་བཞི་རྒྱུད་ལྔ་ཡི། །བསྡུས་པའི་སེམས་ཅན་ཕ་མར་གྱུར་ཀུན་ལ། །འདོད་ཡོན་ནམ་མཁའ་མཛོད་ཀྱི་ཆར་དུ་འབུལ། །སྡུག་བསྔལ་ཀུན་བྲལ་བདེ་ཆེན་གནས་ཐོབ་ཤོག །ཕཊ་ཕཊ་ཕཊ། ཕཊ། མི་སྲུན་སྡང་ཞིང་གདུག་པའི་སེམས་འཆང་བའི། །ལན་ཆགས་ཤ་མཁོན་གཉེར་བའི་འདྲེ་གདོན་ལ། །ཤ་རི་ཁྲག་མཚོ་ཧབ་ཐོབ་ཚིམས་པར་འབུལ། །བུ་ལོན་ཀུན་བྱང་བྱང་སེམས་རྒྱུད་གྲོལ་ཤོག །ཕཊ་ཕཊ་ཕཊ། ཕཊ། དེ་ལྟར་ཟག་བཅས་ཕུང་པོ་སྒྱུ་མའི་ལུས། །འཕངས་མེད་
མཆོད་སྦྱིན་བགྱིས་པའི་བསོད་ནམས་མཐུས། །བདག་གཞན་འགྲོ་རྣམས་ཟག་མེད་བདེ་ཆེན་སྐུ། །སྐྱེ་མེད་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །ཕཊ་ཕཊ་ཕཊ། ཕཊ། མཐའ་བྲལ་ལྟ་བས་འཁོར་འདས་ཟིལ་གྱིས་གནོན། །དམིགས་མེད་བསྒོམ་པས་ཆོས་ཀུན་སྒྱུ་མར་ཤར། །ཤུགས་འབྱུང་སྤྱོད་པས་རྐྱེན་ཀུན་ལམ་དུ་སློང་། །སྤྱོད་ཡུལ་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །ཕཊ་ཕཊ་ཕཊ། ཅེས་པ་འདིའང་དཔལ་ལྡན་འབའ་རོམ་པའི་རྗེས་འཇུག་གི་ཐ་ཤལ་པ་ལྷན་སྐྱེས་བདེ་བའི་རྡོ་རྗེས་སྦྱར་བའོ།། །།
གཅོད་ཀྱི་ཚོགས་ལས་བསྟབ་པའི་ལྷན་ཐབས། འཇིགས་བྲལ་པ།
༄༅། །གཅོད་ཀྱི་ཚོགས་ལས་བསྟབ་པའི་ལྷན་ཐབས་བཞུགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། འདིར་གཅོད་ཀྱི་ཚོགས་ལས་སྐབས་ས་བདག་དྲུག་སྦྱོར་དང་གདོན་ཚོགས་དགུ་མ་བྱ་བར་འདོད་ན། བསྟབ་པའི་རྗེས་སུ་དང་པོ་དབང་སྡུད་ནི། ཕཊ། རང་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་བདག་མོ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་བསྡེབས་པ། གཡོན་མི་རྐང་གི་གླིང་བུ་འབུད་པ། མཐུ་སྟོབས་དང་ལྡན་པ། གཟི་བརྗིད་དང་ལྡན་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། དེའི་ཐུགས་ཀ་ནས་ལས་
བྱེད་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པས། གནོད་བྱེད་ཐམས་ཅད་རང་དབང་མེད་པར་མདུན་དུ་བཀུགས་པར་གྱུར། ན་མོ། སངས་རྒྱས་ཀྱི་བདེན་པ་དང། ཆོས་ཀྱི་བདེན་པ་དང། དགེ་འདུན་གྱི་བདེན་པ་དང། མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང། བདེན་པ་ཆེན་པོའི་མཐུས་བསྲུང་བྱ་འདི་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་ནད་ནད་
བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཁུག །ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ ཕཊ་ཕཊ་ཕཊ། ཌཱ་དྲིལ་དང་རྐང་དུང་དྲག་འབུད་ལན་གསུམ་བྱ། ས་བདག་དྲུག་སྦྱོར་གསལ་གདབ་པ་ནི། ཕཊ། གཡས་སུ་རྒྱལ་པོ་བནྡེ་སྭག་ཞུ་ཅན། །གཡོན་དུ་འདྲེ་མོ་གཡུ་རལ་དུང་མཆེ་ཅན། །མདུན་དུ་ས་བདག་སྦལ་པ་ལག་པ་དགུ། །རྒྱབ་ཏུ་དགེ་བསྙེན་ཉ་ཆེན་ལྕགས་ཟེ་ཅན། །འོག་ཏུ་ཀླུ་བདུད་སྦྲུལ་ནག་མགོ་དགུ་པ། །སྟེང་དུ་གཟའ་བདུད་རྒྱལ་པོ་རཱ་ཧུ་ལ། །རྒྱལ་བསེན་ས་བདག་གཉན་ཀླུ་གཟའ་དམག་བཅས། །རང་རང་རིགས་མཐུན་བྱེ་བ་དུང་ཕྱུར་བསྐོར། །དེ་རྒྱབ་སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཚོགས། །དཔག་མེད་ཁྲོམ་ཚོགས་ལྟ་བུར་བསྐོར་བར་གྱུར། །ཕཊ་ཕཊ་ཕཊ། རྐང་དུང་ལན་གསུམ་འབུད། གཉན་འབོད་ནི། ཀྱེ་མ། འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་
ཐམས་ཅད་འདིར་འདུས་ཤིག །བཤའ་བཞུར་རོ་ཡི་རྩ་འདིར་འདུས། །ཤ་བགོས་རོགས་ལ་སླེབས་པར་གྱིས། །འདྲེ་ཁྱེད་རྣམས་བདག་གི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཤོག །ཁྱོད་ནི་དྲིན་ཆེན་ཕ་མ་ཡིན། །ད་རེས་བཟང་ལེན་ལེན་དུ་ཤོག །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །ད་ནི་མི་ཆགས་སྟོན་མོར་འགྱེད། །མགྲོན་རིགས་སྲིད་རྩེ་མན་ཆད་ནས། །ན་རག་དམྱལ་བ་ཡན་ཆད་ཀྱི། །གནས་པའི་ལྷ་དང་ལྷ་མ་སྲིན། །ཕོ་བདུད་ལས་ཀྱི་རྒྱལ་འགོང་འདུས། །མོ་བདུད་ལས་ཀྱི་འདྲེ་མོ་འདུས། །ཕོ་བདུད་རྒྱལ་འགོང་སྲོག་བདག་འདུས། །མོ་བདུད་འདྲེ་མོ་བསེན་མོ་འདུས། །སྲིད་པ་ཡེ་ནས་འདྲེ་དགུ་འདུས། །གཙུག་ལག་ཁང་གི་གདོན་བཅུ་འདུས། །གཙོ་བོ་གདོན་ཆེན་བཅོ་བརྒྱད་འདུས། །བགེགས་རིགས་སྟོང་ཕྲག་
བརྒྱད་ཅུ་འདུས། །བྱིས་པའི་གདོན་ཆེན་བཅོ་ལྔ་འདུས། །ཡེ་འདྲོག་སུམ་བརྒྱ་དྲུག་བཅུ་འདུས། །གློ་བུར་དགུ་བཅུ་རྩ་གཅིག་འདུས། །འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚངས་བུག་མན་ཆད་ནས། །རྐང་མཐིལ་སེན་མོ་ཡན་ཆད་ཀྱི། །ལུས་འདི་ཕྱི་ནང་ཐམས་ཅད་ལ། །ཁོ་བོས་ཆགས་ཞན་མི་བྱེད་དོ། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ཐམས་ཅད་བག་ཕོབ་ཚིམས་པར་རོལ། །ཞི་བར་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩ་བ་ཆོད། །ཐུལ་ཞིག་ཆོམས་ཤིག་མཱ་ར་ཡ། །ཞེས་པ་བདག་འཛིན་གཅོད་ཕྱིར་ཇོ་བོ་རྗེས་མཛད་པའོ། །ཕཊ། རང་གི་གཡས་སོར་ལྕགས་ཀྱི་སྤྱང་མོ་ལྔ། །གཡོན་སོར་ཟངས་ཀྱི་འཕར་བ་ལྔར་གྱུར་པས། །ཕུང་པོ་བཅད་ཅིང་ལྷ་འདྲེའི་ཁར་གཏོར་བས། །ཧ་སྒྲ་དིར་དིར་དགྱེས་པས་རོལ་པར་གྱུར། ཕཊ་ཕཊ་ཕཊ། ཅེས་དམིགས་ལ། གཡག་སྡེ་
པཎ་ཆེན་གྱིས་མཛད་པའི་གདོན་ཚོགས་དགུ་མ་ནི། ཧཱུྃ། མ་བན་ཆེན་བརྒྱ་དང་བོན་ཆེན་སྟོང། །ཤན་པ་སྤུ་གྲི་ཐོགས་པ་འབུམ། །ལས་བྱེད་བསམ་གྱིས་མི་ཁྱབ་པ། །མི་བདག་ལ་གནོད་བྱེད་ཀྱི་བྱད་མ་དང། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རྒྱལ་པོ་བེ་དཀར་བེ་ནག་དང། །ཁྱི་སྐྱ་ཁྱི་དམར་བྱ་རྒན་དང་། །སྲིད་པ་ཡི་ནི་འདྲེ་དགུ་དང་། །གཙུག་ལག་ཁང་གི་གདོན་བཅུ་སོགས། །མི་བདག་ལ་གནོད་བྱེད་ཀྱི་རྒྱལ་འགོང་དང། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང། །
མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དཔལ་ལྡན་ལྷ་མོ་ནག་མོ་དང་། །བརྟན་མ་བཅུ་གཉིས་ལ་སོགས་པའི། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །དམ་སྲི་ལྟེ་ཕུར་ནག་མོ་སོགས། །མི་བདག་ལ་གནོད་བྱེད་ཀྱི་འདྲེ་མོ་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། གཟའ་བདུད་ནག་པོ་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བཀའ་སྡོད་གདོང་མོ་མཆེད་བཞི་སོགས། །མི་བདག་ལ་གནོད་བྱེད་ཀྱི་གཟའ་བདུད་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་
དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། ཀླུ་བདུད་ནག་པོ་སྲོག་གཟན་དང་། རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་བ་ལ་སོགས་པའི། །དགའ་བོ་འཇོག་པོ་དུང་སྐྱོང་དང་། །ཉེ་དགའ་ལ་སོགས་ཀླུ་ཡི་རིགས། །མི་བདག་ལ་གནོད་བྱེད་ཀྱི་ཀླུ་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། བདུད་རྗེ་ནག་པོ་བཀྲག་མེད་དང་། །བདུད་པོ་རེ་ཏེ་མགོ་ཡག་དང། །ཁྭ་ཏ་འདྲེ་ཡུག་འཁོར་དང་བཅས། །ཁམ་པ་མི་གཟན་ལ་སོགས་པ། །བདུད་དམག་བྱེ་བ་དུང་ཕྱུར་སོགས། །མི་བདག་ལ་གནོད་བྱེད་ཀྱི་བདུད་དམག་དང། །སྤྱིར་སྣང་
ཞིང་སྲིད་པའི་ལྷ་འདྲེ་དང། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། བཙན་རྗེ་ཤུ་བ་སྲོག་ལེན་དང་། །བཙན་རྒོད་ཧུར་པ་སྡེ་བཞི་དང་། །མགྱོགས་པའི་མི་བརྒྱད་ཁ་ཤྭ་དང་། །ཁ་བཞི་གདོང་བརྒྱད་ལ་སོགས་པ། །མི་བདག་ལ་གནོད་ཀྱི་བཙན་དམག་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། དམ་སྲི་མེ་སྟག་དམར་པོ་དང་། །རྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་། །ཆུང་སྲི་གནོད་བྱེད་རྨུགས་འདྲེ་སོགས། །མི་བདག་ལ་གནོད་བྱེད་ཀྱི་དམ་སྲི་དང། །སྤྱིར་སྣང་ཞིང་
སྲིད་པའི་ལྷ་འདྲེ་དང། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ། རྡོ་རྗེ་ལེགས་པ་མན་ཆད་ནས། །ཐེའུ་རང་ཕྲ་མོའི་ཡན་ཆད་དང་། །མང་སྣ་ཨི་ཝེར་འཁོར་དང་བཅས། །ཐིལ་མོ་རྣ་རྡུམ་ལ་སོགས་པ། །མི་བདག་ལ་གནོད་ཀྱི་ཐེའུ་རང་དང་། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །དགོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་ཡི་རང་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ་ཕཊ་ཕཊ། ཅེས་དང་། ནད་པ་གདོན་བྱིང་ཆེ་བ་ལ་དྲག་དམིགས་ནི། ཕཊ། རང་ཉིད་ཁྲོས་མས་བེམ་པོའི་རྐང་པ་ནས། །བཟུང་སྟེ་ནམ་མཁའི་དབྱིངས་སུ་ཁྱེར་བ་ལ། །ལྷ་འདྲེ་གདོན་བགེགས་
རྣམས་ཀྱིས་འོག་ནས་ཡར། །ཁ་དམར་དེང་དེང་བཟེད་པར་བརྡབས་ནས་བྱིན། །ཕཊ་ཕཊ་ཕཊ། ཅེས་དང་། ཕཊ། རང་ཉིད་ཁྲོས་མས་བེམ་པོའི་མགོ་གཅད་པ། །མདུན་དུ་ཁྲོ་ཆུའི་ཕ་བོང་ཆེན་པོར་གྱུར། །དེ་ལ་བེམ་པོ་དྲག་ཏུ་བརྡབ་པ་ཡིས། །ཤ་ཁྲག་དམར་ཐར་སོང་བ་ལྷ་འདྲེས་ཟོས། །ཕཊ་ཕཊ་ཕཊ། ཅེས་དམིགས་ཐུན་བཟུང་བས་ཤིན་ཏུ་ཟབ་བོ། །མཐར་རྗེས་གཅོད་དམིགས་པ་ནི། ཕཊ། ལྷ་འདྲེ་དེ་ཀུན་ཤ་ཁྲག་གིས་འགྲང་བས། །གཅིག་གིས་གཅིག་ལ་ཞེ་སྡང་དྲག་པོ་སྐྱེས། །ཆེ་བས་ཆུང་ཟོས་གཙོ་བོ་དྲུག་པོ་ཡང་། །གཅིག་གིས་གཅིག་མིད་མཐར་ནི་ཀླུ་བདུད་ཉིད། །ནམ་མཁའ་འཇའ་ཡལ་བཞིན་དུ་དམིགས་མེད་གྱུར། །ཕཊ། ཅེས་སྟོང་ཉིད་སྙིང་རྗེ་ཐུན་གཅིག་བསྒོམ། འདི་བཀའ་གཉན་པས་མཐའ་གཅོད་ལན་རེ་ཙམ་ལས་མི་རུང་ངོ་། །རྒྱུན་དུ་བྱ་བའི་བསྟབ་པ་ནི། ཕཊ། ཕུང་པོ་ཤ་ཁྲག་འཇིག་རྟེན་ཁམས་གང་བར། །ལུས་གདོན་ནད་འདྲེ་གཅོང་སྲི་
བཀུགས་ཤིང་བསྟིམས། །རང་རིག་ཁྲོས་མའི་ཐུགས་འོད་ཀྱིས་བསྐུལ་བས། །རང་བཞིན་གནས་ནས་ཁྲོས་མ་རིགས་ལྔའི་ཚོགས། །ཕྱོགས་བཅུའི་ལྷ་འདྲེ་གྲངས་མེད་འཁོར་དང་བཅས། །ཚུབས་ཉིལ་དགྱེས་ཤིང་ཤ་ཁྲག་ལུས་གདོན་བཅས། །ཧ་སྒྲ་ཕཊ་སྒྲ་དང་བཅས་ལྷག་མེད་རོལ། །ཕཊ་ཕཊ་ཕཊ། མ་གིང་ཆེན་གིང་ཆུང་ལྕམ་དྲལ་བཅས། །ཧ་སྒྲ་ཕཊ་སྒྲ་དི་རི་རི། །དྲག་པོའི་རྐན་སྒྲ་ཆེམས་སེ་ཆེམ། །ཤ་ཟན་ཅབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཧོ་རོ་རོ། །རུས་མུར་སོ་སྒྲ་ཁྲ་ལ་ལ། །རྐང་དུང་ལྷ་བ་ལྗིབས་སི་ལྗིབ། །དགྱེས་པའི་གད་མོ་ཤ་ར་ར། །མགུ་བའི་གླུ་ལེན་ཀྱུ་རུ་རུ། །མ་འདིར་གཤེགས་ཤ་ཁྲག་ལུས་མཆོད་འདི། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེའི་བཞེས་ནས་ཀྱང་། །འདོད་ཡོན་ལྔ་ཡིས་ཚིམས་པ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་
ཤོག །ཕཊ་ཕཊ་ཕཊ། ཅེས་པ་འདི་ནད་པ་གདོན་ཆེན་ལ་ནན་ཏན་བསྒོམ་པ་ཟབ་བོ། །དེ་ནས་ཚོགས་ལས་གཞུང་གི་གཏོར་འབུལ་སོགས་ལ་འཇུག་གོ། །གལ་ཏེ་ལུས་སྦྱིན་ལ་སྦྱར་ན་ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་གྱི་སྐབས་སུ་བྱ་བར་རིགས་སོ། །ཞེས་པའང་ཚོགས་ལས་རིན་ཆེན་སྙིང་པོ་ལ་སྦྱར་བདེར་འཇིགས་བྲལ་པས་སོ།། །།
ཆངས་བུ་བརྒྱ་རྩའི་ཕྱག་ལེན་འགྲིགས་ཆགས་སུ་བཀོད་པ། མཁས་གྲུབ་ཀརྨ་ཆགས་མེད།
༄༅། །ཆངས་བུ་བརྒྱ་རྩའི་ཕྱག་ལེན་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ། །
ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཡུམ་ཆེན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ནས། །ཆང་བུ་བརྒྱ་རྩའི་འདོན་ཆོག་བཀོད་པ་ལ། དགོངས་པ་གྲོལ་ཞིང་བཀའ་གནང་བྱིན་གྱིས་རློབས། །དེ་ཡང་ནད་པའི་ལུས་བཀྲུས་པའི་དྲི་ཆུས་སྦྲུས་པའི་ཆང་བུ་བརྒྱ་རྩ་བརྒྱད་བྱས་ལ། དེ་ལ་ཤ་དུམ་ལྷན་སྣོད་གཅིག་ཏུ་ནད་པའི་ཁྲུས་ཆུ་བཞག་ནས་གཅོད་ཚོགས་ཡིན་ན་བསྟབས་པའི་སྐབས་སུ་བྱ། འཕྲལ་དུ་ཡིན་ན་ལུས་སྦྱིན་དཀར་འགྱེད་དམར་འགྱེད་མང་ཞིག་གི་མཐར། ཕཊ། སྐད་ཅིག་གིས་སྟོང་གསུམ་འདི་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་གྱུར་པའི་དབུས་སུ། རང་ཉིད་རིག་པའི་ངོ་བོ་མ་གཅིག་ཁྲོས་མ་ནག་མོ་ཕྱག་གཡས་མི་
ལྤགས་ཀྱི་གཡང་གཞི་རྡེབ་པས་སྣང་སྲིད་དབང་དུ་སྡུད་པ། གཡོན་མི་རྐང་གི་གླིང་བུ་འབུད་པས་སྣང་སྲིད་ཟིལ་གྱིས་གནོན་ཞིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུར་གྱུར། མདུན་གྱི་ནམ་མཁར་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་དར་དཀར་གྱི་རལ་ག་གསོལ་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པས། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། པདྨ་དང་ཟླ་བའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། དེ་ལ་མ་གཅིག་དང་རིགས་ལྔ་མཁའ་འགྲོ་
ལ་སོགས་གཅོད་ཡུལ་བརྒྱུད་པའི་བླ་མས་བསྐོར་བ། དེ་ཡི་མཐའ་སྐོར་དུ་ནད་པ་འདི་ཡི་ལུས་གདོན། གནས་གདོན། ནད་ནད་བདག་བཅས་པ། གདོན་སྣ་འདྲེན་དང་བཅས་པ། བགེགས་རིགས་ལན་ཆགས་ཤ་མཁོན་ཡུལ་འདྲེ་དང་བཅས་པས་ས་གཞི་གང་ནས་འཁོད་པར་གྱུར། ཕཊ་ཕཊ་ཕཊ། ནད་པའི་སྙིང་ཁར་རྣམ་པར་ཤེས་པའི་ངོ་བོ་ཨཱཿ དཀར་པོ་གསལ་བ་དབུ་མའི་ལམ་ནས་ཐོན། རང་ཉིད་ཁྲོས་མའི་ཐུགས་ཀར་ཐིམ་པར་གྱུར། ཕཊ་ཕཊ་ཕཊ། ན་མོ། གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་ཁྲོས་མ་ནག་མོའི་བདེན་པ་དང་། མ་གཅིག་ལབ་ཀྱི་སྒྲོན་མ་རིགས་ལྔས་བདེན་པ་དང་། རིགས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། ནད་པ་འདི་ལ་དང་པོ་
ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། ཡིད་ལ་རློམས་པ། བླ་ལ་ཁྱེར་བར་བྱེད་པའི་ལུས་གདོན་རྒྱབ་བརྟེན་དང་བཅས་པ། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ་ཐམས་ཅད་ནད་པའི་བེམ་པོ་དང་དབྱེར་མེད་པའི་དྲི་གླུད་ཆང་བུ་ཤ་དུམ་ཁྲུས་ཆུ་དང་བཅས་པ་འདི་ལ་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ ཕཊ་ཕཊ་ཕཊ། རྐང་གླིང་འབུད། ཌཱ་དྲིལ་དྲག་ཏུ་བྱ། ཕཊ། ནད་པའི་བེམ་པོ་དང་གཉིས་སུ་མེད་པའི་དྲི་ཆུ་ཆངས་བུ་ཤ་དུམ་འདི་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་ནད་པ་དངོས་འདྲ་བ། དངོས་ལས་ལྷག་པ། ཕུང་ཁམས་སྐྱེ་མཆེད་ཚང་བ་རེ་རེ་ལའང་བརྒྱ་སྟོང་གྲངས་མེད་འཕྲོ་བ་འདི་ཉིད་མ་གཅིག་རིགས་ལྔ་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ་ཕྱོགས་བཅུའི་ལྷ་འདྲེ་འབྱུང་པོ་
ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་ལ་སྦྱིན་ནོ། །འབུལ་ལོ། །བསྔོའོ། །ཕཊ་ཕཊ་ཕཊ། མཉེས་ཤིང་ཚིམས་ནས་འཁོར་བ་ཐོག་མེད་ནས་བསགས་པའི་ལན་ཆགས་བུ་ལོན་ཤ་མཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཁྱིམ་དུ་ཡིན་ན་ཕུད་སྐྱོགས་ཀྱི་ནང་དུ་ཆངས་བུ་ཤ་དུམ་དྲི་ཁུ་བྲན་ནས། མཆོད་གཡོག་པས་བཟུང་ལ། ཕཊ། བེམ་པོ་ལུས་གདོན་དབྱེར་མེད་པའི། །ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདི། །མཁའ་འགྲོ་འབུམ་སྡེའི་ཞལ་དུ་བསྟབས། །བཞེས་ཤིག་རོལ་ཅིག་ལུས་གདོན་ཕྲོལ། །གླུད་ཟན་དྲི་ཆུའི་རྒྱ་མཚོ་འདི། །ལྷན་ཅིག་སྐྱེས་པའི་བདུད་རྣམས་དང། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང། །ཕོ་མོ་ནད་བདག་རིམས་ཡམས་བདག །གྲི་བོ་གྲི་མོ་ཐེའུ་རང་འགོང་། །ལན་ཆགས་བདག་པོ་ཐམས་ཅད་ལ། །དགོས་
འདོད་མཁོ་དགུར་གྱུར་ནས་ཀྱང་། །ཟད་མེད་ལོངས་སྤྱོད་ཐོབ་གྱུར་ཅིག །ཕཊ་ཕཊ་ཕཊ། དེ་ནས་ཁྲུས་ཆུ་ཆངས་བུ་སྣོད་གཅིག་ཏུ་བསགས། །དེ་ལྟར་ལན་གྲངས་བརྒྱ་རྩ་བརྒྱད་སོང་ནས། ཕཊ། མདུན་གྱི་མ་གཅིག་མི་དམིགས་འཇའ་ལྟར་ཡལ། །རང་དང་བསྲུང་བྱའི་སེམས་དང་མ་གཅིག་ཐུགས། །དབྱེར་མེད་ཆོས་དབྱིངས་ནམ་མཁའི་དབྱིངས་ལ་ཐིམ། །སྐྱེ་མེད་ཡུམ་ཆེན་དགོངས་པ་མངོན་གྱུར་ཤོག །ཕཊ་ཕཊ་ཕཊ། དེ་ནས་ཁྲུས་ཆུ་དང་ནི་གླུད་གཏོར་དེ་དུར་ཁྲོད་གཅིག་ཏུ་གཏོར། གཉན་ས་ཡིན་ན་འཕྲལ་དུ་ཕྱོགས་ཕྱོགས་གཏོར། དེ་ཡང་མཐའ་གཏད་སྤུར་གཟུགས་བསྲེགས་པ་དང་། མེའི་མཐའ་གཏད་སོགས་ལ་ཆངས་བུ་བརྒྱ་རྩ་དགོས་པ་དེ་ཉིད་ཆངས་བུ་ཡིན་པར་འདོད་པ་མི་འཐད་དེ། གཉན་ཆེན་མཐའ་གཏད་མེ་ཆུ་མཐའ་གཏད། འབྱུང་བའི་གཟེར་བུ་དང་བཞི་ནི་མཐའ་གཏད་ཡིན། ཚོགས་ཀྱི་བསྟབས་པ་དྲག་པོ་བསྟབས་པ་ཆ་དྲུག །ཆངས་བུ་བརྒྱ་རྩ་གསུམ་ནི་བསྟབས་པ་ཡིན་ལ། དེ་ཡང་རང་རེ་ན་ཚ་སྡུག་བསྔལ་གྱི་རྒྱུ་འདི་རྣམས་སྔོན་གྱི་ལན་
ཆགས་ཤ་མཁོན་གྱི་སྒྲིབ་པ་ཁོ་ན་ཡིན་པས་འདི་ལྟར་འབད་པས་ལན་ཆགས་ཤ་མཁོན་བྱང་ཞིང་ལྷ་འདྲེའི་འཁུ་ལྡོག་ཞི་ཞིང་འཇམ་པའི་ཕན་ཡོན་ཆེ། ཟུར་མང་ལུགས་ཀྱི་དམིགས་འབུམ་ཆེན་མོ་ན། འདིའི་དམིགས་རིམ་ཙམ་ཡོད་ཀྱང་ཕྱག་ལེན་གྱི་རྒྱུན་འདྲ་བ་ནི་མི་འདུག །འདོན་ཆ་གསལ་པོ་མ་བྱུང་བས། འཕྲལ་དགོས་ཞིག་གི་དོན་དུ་དགེ་སློང་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་ཅི་མཆིས་ཌཱ་ཀིའི་ཚོགས་ལ་བཤགས་ཤིང་དགེ་བས་འགྲོ་ཕན་རྒྱ་ཆེ་པོ་གྱུར་ཅིག །སརྦ་མངྒ་ལཾ།། །།
ཟུར་དེབ།
དེ་ནས་དབང་དུ་སྡུད་པ་ནི། ཕཊ། རང་ཉིད་སྐད་ཅིག་གིས་ཆོས་སྐུ་ཡུམ་ཆེན་མོ་གསེར་མདོག་ཅན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཕྱག་བཞི་དང་པོ་གཉིས་རྡོ་རྗེ་དང་གླེགས་བམ། འོག་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པར་གྱུར། ཕཊ། རྐང་དུང་ལག་མཐིལ་དུ་ལན་གསུམ་གདབ་ཅིང། འབྱུང་པོ་ཕྲན་བུ་ཉམ་ཆུང་བ་རྣམས་མ་སྐྲག་ཅིག །མ་དངངས་ཤིག །ཤིན་ཏུའང་མ་དངངས་ཤིག །དེ་ནས་རྐང་དུང་ལན་གསུམ་འབུད་པའི་དང་པོ་ཡུམ་ཆེན་མོའི་སྐྱེ་མེད་ཆོས་ཀྱི་རང་སྒྲ་ཁམས་གསུམ་དུ་ཐོས་པར་བསམ་ལ། ཀྱེ། ཡ་ཀི་སྲིད་རྩེ་ནས་མནར་
མེད་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཉོན་ཅིག །ཐམས་ཅད་འདིར་ཉན་པར་བསམ་ལ་གཅིག་འབུད། འོ། ཐམས་ཅད་འདིར་འདུས་ཤིག །ཐམས་ཅད་འུར་གྱི་འདུས་པར་བསམ་ལ་གཅིག་འབུད། ཐམས་ཅད་མྱུར་དུ་འདུས་ཤིག །མྱུར་དུ་འདུས་པར་བསམ་ལ་གཅིག་འབུད། དེ་ནས་ཌཱ་དྲིལ་འཁྲོལ་བཞིན། འོ། ཐམས་ཅད་མྱུར་དུ་སྤུངས་སེ་སྤུངས་སེ་འདུས་ཤིག །ཕཊ། རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི། །མཐའ་བསྐོར་རིགས་དྲུག་ལྷ་འདྲེ་འཁོད་གྱུར་པ། །ཕོ་རྣམས་སྤྱན་གཟིགས་མོ་རྣམས་སྒྲོལ་མའི་སྐུ། །ཐམས་ཅད་མགྲིན་གཅིག་ཡིག་དྲུག་འདོན་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་འགྲུབ་བཟླ། ཕཊ། བདག་གི་ལུས་ཤ་ཁྲག་མཆོད་སྦྱིན་འདི་ཁ་རག་པ་ཙམ། དྲི་ཚོར་ཙམ་གྱིས་ན་བ་ཕན། ཤི་བ་སོས། རྒས་པ་དར། ཕོ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་
གྱུར་ཅིག །ཕཊ། ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཚེ་རབས་འཁོར་བ་ཐོག་མེད་ཀྱི། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་མཁོན་འབྲེལ་ཐག་ཆོད་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་ཡིས། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོའི་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཚོགས་ཀྱི་ལམ་དང་སྦྱོར་
བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་མྱུར་ཐོབ་ཤོག །ཕཊ།
གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་། བསྟན་འཛིན་རྣམ་དག
༄༅། །གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་དམིགས་རིམ་བླ་མའི་གསུང་རྒྱུན་གྱི་ཟིན་བྲིས་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ། །
གང་གི་མཚན་ཙམ་དྲན་པས་ཀྱང༌། །སྲིད་ཞིའི་འཆིང་བ་ཀུན་སྒྲོལ་ནས། །ཡང་དག་ས་ལ་འགོད་མཛད་པའི། །བླ་མ་རྒྱལ་བའི་ཡུམ་ལ་འདུད། །འདིར་དམ་པ་བདུད་ཀྱི་གཅོད་ཡུལ་གྱི་ཟབ་དོན་ཉམས་སུ་ལེན་པའི་མན་ངག་སྙིང་པོར་དྲིལ་བ་ལ། ཕུང་པོ་གཟན་བསྐྱུར་དང་ཚོགས་ལས་ཀྱི་རིམ་པ་གཉིས་ཀྱི་དམིགས་རིམ་ཞལ་གདམས་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་གྱི་ཕྱག་བཞེས་ཀྱི་རིམ་པ་ཞལ་རྒྱུན་ལྟར་བྲི་བ་ལ་བླ་མ་མཁའ་འགྲོས་བཀའི་གནང་བ་སྩལ་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་གོང་དུ་ཕུག་གཏོར་སོགས་ཚོགས་འཁོར་གཏོར་འབུལ་མཆོད་བཤམས་རྣམས་གྲུབ་ནས་བདུད་རྩི་བྱིན་རླབས་སྔོན་འགྲོ་གཏོར་མ་མཆོད་པ་བྱིན་རླབས་སོང་ནས། དེ་ནས་དངོས་གཞི་ལ། དང་པོ་སེམས་བསྐྱེད་པ་ནི། བདག་
གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དམ་པ་བདུད་ཀྱི་གཅོད་ཡུལ་ཉམས་སུ་ལེན་པར་བྱ་བསམ་པ་ནི་སྨོན་པ་དང༌། དེ་ནས་དངོས་གཞི་ཉམས་སུ་ལེན་པ་ནི་འཇུག་པ་སྟེ། དེ་ཡང་དང་པོ་རང་ཉིད་སངས་རྒྱས་ནས་སེམས་ཅན་རྣམས་དེའི་ས་ལ་བཀོད་སྙམ་པ་རྒྱལ་པོ་ལྟ་བུ་དང༌། རང་གཞན་གཉིས་ཀ་དུས་མཉམ་དུ་སངས་རྒྱ་སྙམ་པ་མཉན་པ་ལྟ་བུ་དང༌། སྔོན་དུ་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་ནས་སླར་རང་སངས་རྒྱ་བར་འདོད་པ་ཕྱུགས་རྫི་ལྟ་བུ་སྟེ། རང་ཉིད་ཀྱི་བློ་ཡིས་གང་ལྕོགས་ཀྱི་སེམས་བསྐྱེད་དེ་ལྟ་བུའི་ངང་ནས་འདིར་གདོན་བརྒྱད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་
བསྔལ་དང་བྲལ་ནས་བླ་ན་མེད་པ་ཡུམ་ཆེན་མོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་གཅོད་ཡུལ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པའོ། །དེ་ལ་གདོན་བརྒྱད་ནི། སྡང་བའི་དགྲ་ཞེས་པ་རང་ཉིད་གསོད་གཅོད་བརྡུང་རྡེག་སོགས་དང་ནོར་རྫས་འཕྲོག་པ་གྱོད་དང་མི་ཁ་གཏམ་ངན་སོགས་དངོས་སུ་མ་རུངས་པའི་བསམ་ངན་དང་ལྡན་པ་དང༌། གནོད་པའི་བགེགས་ཞེས་པ། རང་གི་ཚེ་སྲོག་ལུས་དང་ལོངས་སྤྱོད་སོགས་དངོས་མེད་ཀྱི་སྒོ་ནས་འཕྲོག་པར་བྱེད་པ་དང༌། བར་དུ་གཅོད་པའི་རྐྱེན་ཞེས་པ། གནས་སྐབས་མཐར་ཐུག་གི་དོན་བྱ་བ་ཆེ་ཕྲ་གང་བསྒྲུབ་ཀྱང་ལམ་དུ་འགྲོ་མི་སྟེར་བའི་བར་ཆད་བྱེད་དུ་འཇུག་པ་དང༌། ལས་ཀྱི་གདོན་ཞེས་པ། འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་སྐད་ཅིག་མའི་དུས་བར་གྱི་རང་ངོ་རང་གིས་མ་ཤེས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་རིགས་དྲུག་སོ་སོའི་ལས་སྣང་བདེ་སྡུག་སྣ་ཚོགས་ཀྱི་ཚོར་བ་ཉམས་སུ་མྱོང་བའི་ཡུལ་ཡུལ་ཅན་གྱི་མཚན་འཛིན་ཅན་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་འཁོར་བའི་ལྷན་སྐྱེས་ཀྱི་མ་རིག་པའམ་བདུད་བཞིའི་ངོ་བོ་གཉིས་སྣང་འཁྲུལ་པའི་བག་ཆགས་དེ་ལ་ཟེར། ལུས་ཀྱི་གདོན་ནི། དེ་ལྟར་གཉིས་སྣང་
འཁྲུལ་པའི་བག་ཆགས་དཀར་ནག་གིས་བསྐྱེད་པའི་ཤ་ཁྲག་གི་ཕུང་པོ་འདིའི་སྐྲ་རྩེ་ནས་རྐང་སེན་གྱི་བར་དུ་གནས་པའི་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱི་རྣམ་པར་སྣང་བ་དེ་ལ་ཟེར། གནས་ཀྱི་གདོན་ནི། དེ་ལྟར་ཡུལ་ཡུལ་ཅན་དུ་འཁྲུལ་པའི་ཕྱི་རོལ་ཡུལ་གྱི་བཀོད་པ་འབྱུང་བ་ལྔས་བསྡུས་པའི་འཇིག་རྟེན་ཁམས་ཀྱི་བཀོད་པ་གླིང་བཞི་རི་རབ་སོགས་ནས་སོ་སོའི་ཡུལ་གྲུ་རི་ཀླུང་ནགས་ཚལ་དུར་ཁྲོད་ཆུ་བོ་རྒྱ་མཚོ་ལྷ་ཁང་མཆོད་རྟེན་སོགས་དངོས་པོར་སྣང་བའི་རང་གི་གནས་མལ་དང་བཅས་པ་ལ་གནས་པའི་ཕན་གནོད་བྱེད་མཁན་སྤྱི་དང་བྱེ་བྲག་གི་བདག་པོའི་ལྷ་འདྲེ་རྣམས་ལ་ཟེར། གཙོ་བོར་ལུས་སྲོག་གི་ས་བོན་བསྐྱེད་པར་བྱེད་པའི་ཕ་དང༌། དེའི་རྒྱུ་རྐྱེན་འབྲེལ་ཕུན་སུམ་ཚོགས་པར་བྱེད་པའི་མའོ། །དེ་ནས་གོང་གི་སེམས་བསྐྱེད་དང་ལྡན་པའི་ངང་ནས་རང་ཉིད་གདོད་མའི་ཆོས་སྐུ་ཡུམ་ཆེན་མོ་རྒྱན་ཆ་ལུགས་རྫོགས་པར་གསལ་བའི་ང་རྒྱལ་དང་ལྡན་པའི་ངང་ནས་རྐང་གླིང་གི་ཁ་ལག་གཡོན་པའི་མཐིལ་དུ་ལན་གསུམ་བརྡབ་སྟེ་དང་པོས་མ་འཇིགས་ཤིག །གཉིས་པས་མ་སྐྲག་ཅིག །གསུམ་པས་ཤིན་ཏུ་མ་སྐྲག་ཅིག་ཟེར་བའི་སྒྲ་ཐོས་པར་བསམ། དེ་ནས་རྐང་གླིང་དང་ཕཊ་སྒྲ་ལན་གསུམ་བྱས་ཏེ། དང་
པོས་མགྲོན་དེ་རྣམས་ཀྱིས་ཡུམ་ཆེན་མོའི་ཆོས་སྐུའི་རང་སྒྲ། ཀྱེ་ཉོན་ཅིག་ཟེར་བའི་སྒྲ་དེ་ཉིད་ཐོས་མ་ཐག་ཏུ་མགྲོན་དེ་རྣམས་སོ་སོ་རང་རང་གི་ལས་སྤྱོད་བྱ་བ་རྣམས་བཞག་སྟེ་དུང་ངེ་ཉན་པར་བསམ། གཉིས་པས་འདུས་ཤིག་ཟེར་བའི་སྒྲ་ཐོས་པས་ཉམ་ཐག་པ་སྐྱབས་དང་འཕྲད་པ་ལྟ་བུའི་དགའ་བས་འདུས་པར་བསམ། གསུམ་པས་མྱུར་དུ་འདུས་ཤིག་ཅེས་པར་ཐོས་ཏེ་རི་ན་བུན་གྱིས་གཡོགས་པ་ལྟ་བུ། བྱ་ཆེན་ཐེད་ལ་རུབ་པ་ལྟ་བུ་དང༌། ཤ་རུལ་ལ་སྦྲང་བུ་འཚུབས་པ་ལྟ་བུ་དང་སྟོན་མོ་བ་འདུས་པ་ལྟར་རང་གི་ཉེ་འཁོར་དུ་འུབ་ཀྱིས་འདུས་པར་བསམ། དེ་ལྟར་འདུས་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་དང༌། དེ་གཉིས་ཀྱི་འཁོར་དུ་རིགས་དྲུག་གི་མགྲོན་རྣམས་དང༌། རང་གི་མདུན་འོག་ལྟ་བུར་གནས་ལུས་གཙོ་གང་ཆེའི་གདོན་དང༌། སྡང་དགྲ་གནོད་བྱེད་བར་ཆད་ཀྱི་རྐྱེན་ལ་སོགས་པ་སྔར་བཤད་པའི་མགྲོན་རིགས་ཐམས་ཅད་འཁོད་ནས་ལུས་སེམས་བག་ཕེབས་པའི་ངང་ནས་གཅིག་གིས་གཅིག་ལ་གནོད་པ་མེད་པར་བདེ་ཏིང་ངེ་གནས་པར་བསམ། དུས་རྒྱུན་ཉམས་ལེན་སྐབས་ལས་གདོན་ལ་ལན་ཆགས་ཀྱིས་བསྐོར་བ་ནང༌། ལུས་གདོན་ལ་གནོད་བྱེད་ཀྱིས་བསྐོར་བ་བར། གནས་གདོན་ལ་གཟུགས་ཅན་དགྲ་ཡིས་
བསྐོར་བ་ཕྱི། དམིགས་བསལ་རང་གཞན་གྱི་ནད་གདོན་འདུལ་བའི་ཕྱིར་ཡིན་ན་ལུས་གདོན་འཁོར་བཅས་ནང༌། གནས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི། རི་འགྲིམ་དུར་ཁྲོད་སོགས་ཀྱི་སྐབས་གནས་གདོན་འཁོར་བཅས་ནང༌། ལུས་གདོན་འཁོར་བཅས་བར། ལས་གདོན་འཁོར་བཅས་ཕྱི་ན་བསྒོམ། གཉིས་པ་སྐྱབས་ཡུལ་བསྒོམ་པ་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཡུམ་ཆེན་མོ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་བཞི་གཡས་གཉིས་རྡོ་རྗེ་དང་ས་གནོན། གཡོན་གཉིས་པུ་སྟི་དང་མཉམ་གཞག་གི་ཕྱག་རྒྱ་མཛད་པ། མཚན་དང་དཔེ་བྱད་རྒྱན་རྣམས་ཡོངས་སུ་རྫོགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། འོག་གི་ཆ་ལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུར་བཞུགས་པར་བསྒོམ། དེ་ནས་རང་ཉིད་ཀྱིས་གཙོར་བྱས་པའི་མགྲོན་རིགས་ཐམས་ཅད་ཀྱིས་ཁ་ཙམ་ཚིག་ཙམ་མིན་པར་སྙིང་
ཁུང་རུས་པའི་གཏིང་ནས་ད་ལྟ་སྐད་ཅིག་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་འདི་རྣམས་མཐོར་བཏང་དམར་བཏང་བདེ་སྡུག་ཅི་ལྟར་བྱུང་རུང་ཁྱེད་རྣམས་ཀྱི་གོ་འཕང་མངོན་དུ་ཐོབ་པ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་ངང་ནས་རང་གཞན་ཐམས་ཅད་ཀྱི་ངག་ཏུ་སྐྱབས་འགྲོ་འུ་རུ་རུ་འདྲེན་པར་དམིགས་ལ་བདག་གཞན་སེམས་ཅན་ཐམས་ཅད་སོགས་ནས། རང་སེམས་སྟོང་པ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ་བར་སྐྱབས་འགྲོ་དང༌། དཀོན་མཆོག་གསུམ་ལ་འཕྲལ་ཡུན་གྱི་བློ་བཀལ་ནས་ལུས་ངག་ཡིད་གསུམ་བྱང་ཆུབ་ཀྱི་ལམ་ཡང་དག་པར་འཇུག་ཅིང་གཉིས་སྣང་འཁྲུལ་པའི་ནད་གདོན་ཡེ་འགྲོགས་བར་ཆད་ཀྱི་བགེགས་ལ་སོགས་པ་བགེགས་ཀྱི་རྣམ་པ་ཇི་སྙེད་པ་ཐམས་ཅད་རང་རིག་འོད་གསལ་ཆོས་སྐུའི་ཀློང་དུ་ཞི་ཞིང་དག་ནས་སྟོང་པར་གྱུར་ཏེ་མཉམ་ཉིད་ཆེན་པོའི་ཀློང་དུ་གྱུར་བའི་བར་དང༌། དེ་ནས་སེམས་བསྐྱེད་ནི། ཚོགས་ཞིང་ལ་ཡན་ལག་བདུན་པ་ཕུལ་ནས་བདག་གཞན་མཁའ་ཁྱབ་ཀྱི་མགྲོན་རིགས་ཐམས་ཅད་ཕ་མར་མ་གྱུར་བ་མེད་པ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཆོས་སྐུ་
ཡུམ་ཆེན་མོའི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བླངས་ནས་དེ་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་སྙམ་པའི་འདུན་པ་དྲག་པོས་ཇི་ལྟར་དུས་གསུམ་སོགས་གྱེར་བསྒོམ་ལྟར་ཚིག་དོན་ཡིད་ལ་དྲན་བཞིན་བྱའོ། །དེ་ནས་ཚོགས་ཞིང་དེ་རྣམས་མི་དམིགས་པར་བཞག །དེ་ནས་སྐྱབས་གནས་ལྔ་བརྩེགས་བསྒོམ་པ་ནི། མདུན་གྱི་ནམ་མཁར་འཇའ་འོད་ཟེར་གསུམ་གྱི་ཀློང་དུ་ཏྲཱཾ་སེར་པོ་ཞུ་བ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་པྃ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་ཟེའུ་འབྲུའི་སྟེང་དུ་མཱུཾ་དམར་སེར་ལས་ཉི་མའི་གདན། དེའི་སྟེང་དུ་ཨཱཿདཀར་པོ་ལས་ཟླ་བའི་གདན། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཞུ་བ་ལས་རྩ་བའི་བླ་མ་དང་དབྱེར་མེད་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་སྐུ་མདོག་དཀར་མོ་སོགས་གཞུང་ལྟར་གྱེར་ཞིང་དེའི་སྙན་གོང་གཡས་ཕྱོགས་སུ་པད་ཟླའི་སྟེང་དུ་ཕ་དམ་པ་གཞུང་ལྟར་ལ་རྒྱ་བོད་གྲུབ་ཐོབ་རྒྱ་མཚོས་བསྐོར་བ། མ་གཅིག་གི་སྙན་གོང་གཡོན་ཐད་དུ་པད་ཉི་རོའི་སྟེང་དུ་རྗེ་བཙུན་མ་ལྷ་ལྔ་གཞུང་ལྟར་བསྒོམ་པ་ལ་གནས་གསུམ་གྱི་མཁའ་འགྲོས་བསྐོར་བ། མ་གཅིག་གི་དབུ་ཐོག་ཏུ་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་
དུ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་སྟོང༌། རྒྱབ་ཏུ་རྒྱལ་བའི་གསུང་རབས་དམ་ཆོས་པུ་སྟི་གླེགས་བམ་ཚུལ་དུ་བརྩེགས་པ། གཡོན་དུ་ཉེ་བའི་སྲས་ཆེན་བརྒྱད་གནས་བརྟན་བཅུ་དྲུག་སོགས་ལ་འཕགས་པ་བྱང་སེམས་ཉན་རང་གི་ཚོགས་རྣམས་རབ་ཏུ་བྱུང་བའི་ཆ་ལུགས་སོགས་དང་ལྡན་པས་བསྐོར་བར་བསྐྱེད། ཐུབ་པའི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་ཡུམ་ཆེན་མོ་རྒྱན་ཆ་ལུགས་གཞུང་ལྟར་ལ་འབུམ་གྱི་གླེང་གཞི་ལས་བྱུང་བའི་ཕྱོགས་བཅུའི་སངས་རྒྱས་དང་དེའི་བྱང་སེམས་ཉན་རང་གི་ཚོགས་དང་བཅས་པས་བསྐོར་བར་དམིགས། ཡུམ་ཆེན་གྱི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་དཀར་པོ་སོགས་གཞུང་ལྟར་ལ། མི་བསྐྱོད་པ། རིན་འབྱུང༌། འོད་དཔག །དོན་གྲུབ་ལ་སོགས་ལོངས་སྐུའི་ཆ་བྱད་ཅན། དེ་དག་གི་གཡས་ཕྱོགས་སུ་བདེ་དགྱེས་གསང་གསུམ་སོགས་ཡི་དམ་ཕ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་བོ་ཐོད་པའི་དུམ་བུ་སོགས་དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དེ་དག་གི་གཡོན་ཕྱོགས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མ་སྒྲོལ་མ་བླ་མེད་སོགས་མ་རྒྱུད་ཀྱི་དཀྱིལ་འཁོར་ལ་དཔའ་མོ་རབ་གཏུམ་མ་ལ་སོགས་དཔའ་མོ་རྒྱ་མཚོའི་ཚོགས་ཀྱིས་
བསྐོར་བར་བསྐྱེད། དེ་དག་གི་མདུན་ཕྱོགས་སུ་པད་ཟླའི་སྟེང་དུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་སྔོན་གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ་མཚན་དཔེའི་རྒྱན་རྣམས་རྫོགས་པར་བསྒོམ། རྒྱབ་ཕྱོགས་སུ་སེང་ཁྲི་པད་ཟླའི་གདན་ལ་ཐུབ་པ་གངས་ཅན་མཚོ་རྒྱལ་དཀར་པོ་ཕྱག་མཉམ་གཞག་ན་ལྷུང་བཟེད་སྤོས་ཆུས་གང་བ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་དང་ལྡན་པར་བསྒོམ། རྣམ་སྣང་གི་དབུ་ཐད་ཀྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་དུ་དབུས་སུ་ཆོས་སྐུ་རྡོ་རྗེ་འཆང་མཐིང་ནག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ཞབས་རྡོར་སྐྱིལ་གྱིས་བཞུགས་པ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་ལ་བཀའ་བབས་བཞི་དྲུག་གི་བླ་མ་དང་ཏཻ་ལོ་ནཱ་རོ་སོགས་ནས་རྩ་བའི་བླ་མའི་བར་གྱི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མ་གཅིག་གི་གདན་མཚམས་གཡས་ཕྱོགས་སུ་པད་ཉི་རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། བེར་ནག་ཅན། ཕྱག་དྲུག་པ། གུར་མགོན་སོགས་ལ་གཞན་ཆོས་སྐྱོང་ཕོ་རྒྱུད་ཚོགས་ཀྱིས་བསྐོར་བ། གདན་མཚམས་གཡོན་ཕྱོགས་སུ་པད་ཉི་རོ་གདན་ཁྲག་མཚོ་རླུང་ནག་སོགས་སོ་སོའི་
གཞུང་དང་མཐུན་པའི་གནས་དང་གདན་གྱི་སྟེང་དུ་དཔལ་ལྡན་ལྷ་མོ་དུད་སོལ་མ། རང་བྱུང་རྒྱལ་མོ། ཨེ་ཀ་ཛཱ་ཊི། རེ་ཏི་མཆེད་བཞི་སོགས་ལ་གཞན་ཆོས་སྐྱོང་མོ་རྒྱུད་ཀྱི་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གདན་མཚམས་ན་གནོད་སྦྱིན་ནོར་ལྷའི་ཚོགས་དང༌། འཇིག་རྟེན་དྲེགས་པའི་བསྟན་སྲུང་མཐུ་བོ་ཆེ་རྣམས་ཀྱང་ཕྱི་རྒྱུད་ཀྱི་དང་ལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་བསྟན་པ་གཉན་པོ་བསྲུང་བའི་མཐུ་བོ་ཆེ་དེ་རྣམས་ཀྱང་སོ་སོའི་ཆ་ལུགས་རྒྱན་དང་ཕྱག་མཚན་རང་རང་གི་ཞོན་པ་དང་བཅས་པ་འཁོར་ཚོགས་དུ་མས་བསྐོར་ཞིང་བསྟན་པ་སྲུང་བའི་ལས་ལ་བརྩོན་པར་བསྒོམ། དེ་རྣམས་ཀྱི་འོག་གི་ས་གཞི་ལ་སྔར་གྱི་གདོན་རྣམས་གཙོ་བོར་གྱུར་པའི་མགྲོན་དེ་རྣམས་ཀྱིས་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་ཚོལ་ཏེ་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པར་བསམ། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། དེ་ལྟར་བསྐྱེད་པའི་སྐྱབས་གནས་ཀྱི་གཙོ་བོ་ལྔའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་དབུས་ཀྱི་ཡུམ་ཆེན་མོ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་པས་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་
རྒྱུད་བསྐུལ་ཞིང་འོད་ཟེར་ཡུམ་ཆེན་གྱི་ཐུགས་ཀར་འདུས། སླར་ཡང་ཡུམ་ཆེན་མོའི་ཐུགས་ཀ་ནས་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་འཕྲོས་པས་རང་བཞིན་རྣམ་པར་དག་པ་འོག་མིན་གྱི་ཞིང་ནས་ཡུམ་ཆེན་མ་གཅིག་ལ་སོགས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་ནམ་མཁའ་ལ་སྤྲིན་ལྡང་བ་ལྟ་བུར་སྐད་ཅིག་གིས་སྤྱན་དྲངས་ཏེ་འཇའ་འོད་སྤོས་དུད་རོལ་མོའི་སྒྲ་དང་བཅས་ནས་བྱོན་པར་བསམ་ཞིང༌། ཧཱུྃ། མ་ལུས་སེམས་ཅན་སོགས་གྱེར་བསྒོམ་བྱས་ལ་མཆོད་ཅིང་ཅི་བདེ་བར་ནི་བཞུགས་སུ་གསོལ་ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་ཐིམ་པར་བསམ། རང་ཉིད་དང་མདུན་དུ་བཤམས་པའི་མཆོད་པ་གཉིས་ལས་མཆོད་པའི་ལྷ་མོ་ཁྲུས་ཆབ་མ་དཀར་མོ་བུམ་པ་དཀར་པོའི་ཡུ་བ་ནས་བཟུང་ཞིང་ཁྲུས་གསོལ་བ་དང༌། རས་དཀར་འཛིན་པས་སྐུ་ཕྱི་བ་དང༌། གཞན་ཡང་མཆོད་པའི་ལྷ་མོ་སྣ་ཚོགས་པས་མེ་ཏོག་བདུག་སྤོས་སོགས་འདོད་ཡོན་རྣམ་ལྔ། རྒྱལ་སྲིད་སྣ་བདུན། སྒེག་སོགས་བརྒྱད། གཞན་ཡང་གླིང་བཞི་རི་རབ་ཉི་ཟླས་བརྒྱན་པ་སོགས་སྐད་ཅིག་ལ་དཔག་ཏུ་མེད་པ་སྤྲུལ་ཏེ་མདུན་གྱི་སྐྱབས་ཡུལ་རྣམས་ལ་ཕུལ་བར་
བསམ་ལ་འདོན་བསྒོམ་བྱའོ། །དེ་ནས་རང་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གང་གི་དྲིན་གྱིས་སོགས་ཀྱིས་བསྟོད་པར་བསམ་ལ་གྱེར་བསྒོམ་བྱ། དེ་ནས་བཟླས་པ་བྱ་བ་ནི། མ་གཅིག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ངང་ཀྱི་ལེའི་དབུས་སུ་ཧཱུྃ་ཡིག་དཀར་པོ་སྟན་ལ་ཁབ་བཙུགས་པ་ལྟར་འགྲེང་སྟེ་གནས་པའི་མདུན་ངོས་ནས་བརྩམས་ཏེ་གཡས་བསྐོར་དུ་ཨོཾ་ག་ཏེ་སོགས་ཀྱི་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་དཀར་ཧྲམ་མེར་བསྐོར་བར་དམིགས། དེ་ནས་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་སྐུ་གསུང་ཐུགས་ཀྱི་མཐུ་དང་ནུས་པ་ཐམས་ཅད་བསྡུས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག །ལྷ་ཚོགས་རྣམས་ཀྱི་བྱིན་རླབས་འོད་ཟེར་སྣ་ཚོགས་ཀྱི་ཚུལ་དུ་འདུས་ཏེ་མ་གཅིག་ལ་ཐིམ། མ་གཅིག་གི་མཐེ་བོང་ནས་ཆང་གི་ཐེམ་བུ་ཕུད་པ་ལྟར་བྱུང་ནས་བདག་དང་འཁོར་དུ་འདུས་པའི་རིགས་དྲུག་སོགས་མགྲོན་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ངག་ཡིད་གསུམ་ལ་ཕོག་པས་ཐོག་མེད་ཀྱི་དུས་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་བ་སྤུ་དང་རྐང་མཐེབ་དང་འོག་
སྒོའི་རྒྱུད་ནས་ཐོན་ཏེ་གདན་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་བསམ། ཡང་དྲག་དམིགས་འདོད་ན། རང་རང་གི་གཉིས་སྣང་འཁྲུལ་པའི་མ་རིག་པའི་ངང་གཟུགས་ལྷན་ཅིག་སྐྱེས་པའི་བདུད་ཆུ་སྲིན་གྱི་གདོང་པ་ཅན་ཁ་ཡར་གདངས་པའི་ནང་དུ་སོང་བས་ཚིམ་ཞིང་དགྱེས་ནས་བུ་ལོན་ལན་ཆགས་ཐམས་ཅད་བྱང་བར་བསྒོམ་པ་ནི་ནག་འགྱེད་ཟེར་རོ། །དེ་ནས་མཆོད་པ་ནི། རང་གི་ཚོགས་དྲུག་གི་སྣང་བ་ཕྱི་རོལ་དུ་བཟུང་བའི་ཡུལ་སྣང་གི་ངོ་བོར་རང་ལུས་ཤེལ་ལྟར་དག་པའི་སྙིང་ག་ནས་སྤྲུལ་པའི་གཟུགས་ཀྱི་ལྷ་མོ་མེ་ལོང་ཐོགས་པ། སྒྲ་ཡི་ལྷ་མོ་པི་ཝཾ་ཐོགས་པ། ཡིད་ཀྱི་ལྷ་མོ་ཆོས་འབྱུང་ཐོགས་པ་སོགས་མཆོད་རྫས་སྣ་ཚོགས་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པས་སྐྱབས་ཡུལ་འཁོར་དང་བཅས་པ་མཆོད་པར་བསམ་ལ་སྟོང་གསུམ་རབ་འབྱམས་འཇིག་རྟེན་སོགས་བྱའོ། །བཞི་པ་ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་དཀར་དམར་མདངས་ལྡན་ལང་ཚོ་རྒྱས་པ། དེའི་ལུས་ཀྱི་ནང་དབུས་སུ་རྩ་དབུ་མ་ཁ་དོག་ཕྱི་དཀར་ལ་ནང་དམར་བ། གསལ་ལ་དྭངས་པ། ནང་སྟོང་པ་ཤེལ་གྱི་སྦུ་གུ་ལྟ་བུ་ཤིན་ཏུ་དྲང་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་
གར་ཟངས་དུང་ཁ་ཕྱེས་པ་བཞིན་དུ་ཟུག་པ། མར་སྣེ་གསང་གནས་སུ་ཟུག་པའི་རྩ་སྣེ་ཁ་དབྲག་གཉིས་སུ་གྱུར་ཏེ་བརླ་ཡི་རྐང་གཉིས་ནས་བརྒྱུད་དེ་མར་སྣེ་གཉིས་རྐང་ཞབས་སུ་ཕུག་རྡུག་ཏུ་གྱུར་པའི་ནང་དུ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། གཡོན་དུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་གཉིས་བསམ། དེ་གཉིས་ཀྱི་སྟེང་དུ་དམྱལ་བའི་ས་བོན་ཐིག་ལེ་ནག་པོ་ཏྲི་ནག་པོས་མཚན་པ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་ཐིག་ལེ་སེར་པོ་པྲེ་སེར་པོས་མཚན་པ། དེ་བཞིན་དུ་ལྟེ་བར་དུད་འགྲོའི་ས་བོན་ཐིག་ལེ་དང་དུ་སྐྱ་བོ། སྙིང་གར་མིའི་ས་བོན་ཐིག་ལེ་དང་ནྲྀ་ལྗང་གུ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་ཐིག་ལེ་དང་ཨ་དམར་པོ། སྤྱི་བོར་ལྷ་ཡི་ས་བོན་ཐིག་ལེ་དཀར་པོ་ཨོཾ་དཀར་པོས་མཚན་པ་རྣམས་གསལ་གདབ། ཡི་གེ་དྲུག་ལས་འོད་ཟེར་འཕྲོས། རིགས་དྲུག་སོ་སོའི་ཞིང་ཁམས་ལས་འབྲས་དང་བཅས་པ་ཡི་གེ་རྣམས་ལ་ཐིམ། ཕཊཿརྐང་མཐིལ་གྱི་ཐིག་ལེ་དཀར་དམར་གཉིས་འཕར་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ས་བོན་དང་བཅས་པ་ཐིག་ལེར་ཐིམ། གསང་གནས་སུ་འདུས། བྱ་མ་སར་གྱི་སྒོ་ང་ཙམ་དུ་གྱུར། ཡི་དྭགས་ཀྱི་ས་བོན་བཀྲེས་སྐོམ་དང་བཅས་པ་ཐིག་ལེར་ཐིམ་ལྟེ་བར་འཕོས། དུད་འགྲོའི་ས་
བོན་གླེན་ལྐུག་དང་བཅས་པ་ཐིག་ལེར་ཐིམ་སྙིང་གར་འཕོས། མིའི་ས་བོན་དབུལ་ཕོངས་དང་བཅས་པ་ཐིག་ལེར་ཐིམ། མགྲིན་པར་འཕོས། ལྷ་མིན་འཐབ་རྩོད་དང་བཅས་པ་ཐིག་ལེར་ཐིམ། སྤྱི་བོར་འཕོས། ལྷ་འཕོ་ལྟུང་དང་བཅས་པ་ཐིག་ལེར་ཐིམ། དེ་དག་རིམ་བཞིན་ཐིག་ལེ་ཇེ་ཆེར་སོང་ནས་བྱ་ཆེན་གྱི་སྒོ་ང་ཙམ་ཡར་ལ་ཁད་པ་དེ་ཕཊ་དྲག་ཏུ་བརྗོད་པས་མ་གཅིག་གི་ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམ་ལ་མཉམ་པར་བཞག །ཡང་ལུགས་གཅིག་ལ། རང་ལུས་དབུ་མ་རྐང་ཞབས་ཀྱི་ཐིག་ལེ་དཀར་དམར་གཉིས་སྔར་ལྟར་གསལ་བཏབ་ནས་རིགས་དྲུག་གི་ས་བོན་མི་བསྒོམས་པར་ཕཊ་ཀྱིས་ཐིག་ལེ་གཉིས་གསང་གནས་སུ་འདྲེས། ཡང་ཕཊ་ཀྱིས་སྙིང་ག་ནས་རྣམ་ཤེས་ཐིག་ལེ་དང་བཅས་པ་སྤྱི་བོ་ནས་སོང་སྟེ་མ་གཅིག་གི་ཐུགས་ཀར་ཐིམ་པ་དང༌། ཡང་བསྡུས་པ་གཅིག་ལ། སྙིང་ག་ཕྱིན་ཕུག་རྡུག་ཏུ་ཡོད་པའི་སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་བསྒོམ་ནས་ཕཊ་ཀྱིས་མ་གཅིག་གི་ཐུགས་ཀར་ཐིམ་པ་སོགས་འཕོ་ལུགས་དེ་གསུམ་གང་ལྕོགས་བྱ་བ་ནི་ནམ་མཁའ་སྒོ་འབྱེད་ཅེས་བྱའོ། །དེ་ནས་སླར་ཡང་མ་གཅིག་གི་ཐུགས་ཀ་ནས་རང་གཞན་རིག་པའི་ངོ་བོ་དེ་
ཡི་གེ་ཧྲཱིཿདམར་པོ་ཞིག་ཏུ་གྱུར་ནས་ཕྱིར་འཕྲོས་མ་ཐག་ཏུ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུར་གྱུར་ནས་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་གན་རྐྱལ་དུ་འགྱེལ་བ་དེ་ཉིད་གྲི་གུག་ཚད་ཙམ་བྱས་པས་ཤག་གིས་བཤག །ཤུབས་ཀྱིས་བཤུས། ཕྱལ་གྱིས་སྟེང་ནས་པགས་པ་དབང་ཆེན་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ངོ་བོ་ཤ་ཁྲག་ལ་རྣམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཎྜལ་ཁྲག་དང་སྤོས་ཆུ་ཐ་དད་མེད་པས་ཆག་ཆག་བཏབ་པའི་སྟེང་དུ། བྱང་ཁོག་དབུས་ཀྱི་རི་བོ་མཆོག་རབ། སྟོད་སྡེབ་གཡས་པ་ལག་པ་དང་བཅས་པ་ཤར་ལུས་འཕགས་པོ། སྟོད་སྡེབ་གཡོན་པ་ལག་པ་དང་བཅས་པ་ལྷོ་འཛམ་བུ་གླིང༌། སྨད་སྡེབ་གཡས་པ་རྐང་པ་དང་བཅས་པ་ནུབ་བ་ལང་སྤྱོད། སྨད་སྡེབ་གཡོན་པ་རྐང་པ་དང་བཅས་པ་བྱང་སྒྲ་མི་སྙན། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང༌། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་གདུགས་དང་རྒྱལ་མཚན། ཉིང་ལག་བརྒྱད་ནི་གླིང་ཕྲན་བརྒྱད། སྙིང་ཡིད་བཞིན་གྱི་ནོར་བུ། སྲོག་རྩ་དཔག་བསམ་གྱི་ལྗོན་ཤིང༌། གློ་བ་ཅང་ཤེས་ཀྱི་རྟ་ཕོ། མཆིན་པ་ཨ་མོ་ལི་ཀའི་རྡོ་ལེབ། མཆིན་ཁྲི་དར་དཀར་གྱི་ཡོལ་བ།
མཁལ་མ་ལྷ་ཕྲུག་ཀླུ་ཕྲུག །ཁྲག་དང་ཆུ་སེར་རོལ་པའི་མཚོ་བདུན། ཚིལ་ནི་གཏེར་ཆེན་པོའི་བུམ་པ། ཕོ་བ་མ་རྨོས་པའི་ལོ་ཏོག །ནུ་མ་འདོད་འཇོའི་བ། སོ་རིན་པོ་ཆེའི་ཕྲེང་བ། སེན་མཛུབ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱུ་མ་མཐའི་ལྕགས་རི། སྐྲ་དང་བ་སྤུ་ཐམས་ཅད་ཙནྡན་གྱི་ནགས་རི་དང་གུར་གུམ་གྱི་སྤང་རི། ནང་རོལ་ཐམས་ཅད་ན་བ་དང་ནེའུ་སེང་ལ་སོགས་པའི་བཀོད་པ་དང༌། གཞན་ཡང་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་ཐོགས་པ་དཔག་ཏུ་མེད་པ་དང༌། མཎྜལ་ཡང་དེ་འདྲ་བའི་བཀོད་པ་དཔག་ཏུ་མེད་པ་སྤྲུལ་ནས་སྐྱབས་ཡུལ་རེ་རེ་ལ་ཡང་མཎྜལ་གྱི་བཀོད་པ་དེ་འདྲ་བ་རེ་སོ་སོར་ཕུལ་ནས་རང་རང་གིས་བདག་ཏུ་བཟུང་ནས་བཞེས་ཏེ་བཞུགས་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དང༌། ཆོས་སྐྱོང་སྲུང་མ་རྣམས་ལའང་སོ་སོའི་བཞུགས་གནས་མཆོད་རྫས་སོགས་ཡིད་དང་མཐུན་པ་དང༌། ཕྱི་རྒྱུད་དཔལ་མགོན་བདུན་ཅུ་སོགས་བསྟན་སྲུང་མཐུ་ཆེན་རྣམས་ལའང་རང་རང་གི་ཡིད་དང་མཐུན་པའི་གདན་ལ་སོགས་པ་བཀོད་པ་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པར་གྱུར་པ་
བདག་ཏུ་བཟུང་ནས་སོ་སོའི་གདན་ལ་གནས་ཤིང་ལོངས་སྤྱོད་པར་བསམ། དེ་ལྟར་ཕུལ་བའི་དགེ་བས་བླ་མ་ཡི་དམ་མཁའ་འགྲོ་སོགས་སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་རྒྱུ་ཚོགས་གཉིས་རྫོགས་ལམ་སྒྲིབ་པ་གཉིས་བྱང་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྩལ་བར་བསམ། ཆོས་སྐྱོང་སྲུང་མ་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕུལ་བས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མོས་ལ་པགས་པ་གསེར་གྱི་ས་གཞི་སོགས་གྱེར་ཞིང་མཉམ་པར་བཞག་གོ། །ལྔ་པ་གསོལ་འདེབས་བྱིན་འབེབས་ནི་འོག་ཏུ་སྨོས་ལ། དྲུག་པ་མཆོད་སྦྱིན་གྱི་རིམ་པ་ནི། རང་ལུས་གཟུགས་ཀྱི་ཕུང་པོ་ཆེ་བ་ཚོ་བ། སྣུམ་ལ་སྙི་བ། དཀར་ལ་དམར་བའི་མདངས་ཆགས་པ་ཅིག་གསལ་བཏབ་ལ། དེའི་སྙིང་ག་ནས་རྣམ་ཤེས་གོང་ལྟར་སྤར་ལ། མ་གཅིག་གི་ཐུགས་ཀ་ནས་རང་རིག་རྡོ་རྗེ་རྣལ་འབྱོར་མ་སོགས་གོང་ལྟར་གསལ་བའི་ངང་ནས་བེམ་པོ་བཤས་བཤུས་པགས་པ་གསེར་གྱི་ས་གཞིར་གྱུར་པའི་སྟེང་དུ་ལག་པ་གཉིས་དང་རྐང་པ་གཡས་གསུམ་ཕྱོགས་སོ་སོར་བཙུགས་པ་དེ་ཉིད་ཐོད་པ་སྐམ་པོའི་སྒྱེད་བུ་རི་རབ་ཙམ་གསུམ་དུ་གྱུར་པའི་སྟེང་དུ་
བེམ་པོའི་ཀ་པཱ་ལ་སྒར་གྱིས་དྲས་ནས་བཙུགས་པ་རྒྱ་ཆེ་བ་སྟོང་གསུམ་ཙམ་དུ་གྱུར་པའི་ནང་དུ་བེམ་པོའི་ཤ་ཁྲག་གི་ལྷག་རོལ་རྣམས་བཏབ་སྟེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་བཤས་གསེས་བཏུབ་སྤུངས་བསྙིལ་ཤ་ཁྲག་གི་རྒྱ་མཚོར་གྱུར་པར་བསམ། ཐོད་སྒྱེད་ཀྱི་ནང་དུ་ཡྃ་ལྗང་ཁུ་དང༌། དེའི་སྟེང་དུ་རྃ་དམར་པོས་མཚན་པར་བསྒོམ། ཤ་ཁྲག་གི་རྒྱ་མཚོའི་སྟེང་དུ་ཁྃ་དཀར་པོ་དང༌། དེ་སྟེང་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་རྣམས་བརྩེགས་མར་ཡོད་པར་བསྒོམ། རང་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་ལྗང་ཁུ་འཕྲོས་ཡྃ་ལ་ཕོག་པས་རླུང་གཡོས། དེ་སྟེང་དུ་རཾ་ལ་ཕོག་པས་མེ་སྦར་ཐོད་པ་དྲོས་ནས་ཤ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་མི་གཙང་བའི་དངོས་པོ་རྣམས་འོ་མའི་སྤྲིས་མ་ཕྱུར་བ་བཞིན་ཕྱིར་ལུད་ཁཾ་དཀར་པོ་ཞུ་བ་ཆུའི་རྒྱུན་དུ་གྱུར་ཏེ་མི་གཙང་བའི་དྲི་མ་རྣམས་བཀྲུས་ནས་དག །ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་གྱུར་ནས་ཡི་གེ་གསུམ་ལ་ཐིམ། དེ་གསུམ་རིམ་བཞིན་ཞུ་བས་ཐོད་ནང་གི་བདུད་རྩི་ལ་ཐིམ་པས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་བདུད་
རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་དབྱིབས་ཅན་རོ་བརྒྱ་ནུས་མཐུ་ཕུན་སུམ་ཚོགས་པ་སྟོང་གསུམ་ཙམ་དུ་མེ་རེ་རེ་འཁྱིལ་བར་བསམ། རང་རྣལ་འབྱོར་མའི་ཐུགས་ཀ་དང་བ་སྤུའི་བུ་ག་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་བདུད་རྩིའི་རྒྱ་མཚོ་ནས་ཐོད་པའི་སྣོད་ཀྱིས་བཅུས་ཏེ་ཀ་པཱ་ལ་བདུད་རྩིས་གང་བ་དང༌། གཟུགས་སྒྲ་དྲི་རོ་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔར་འབུལ། དེ་ཡང་དཀོན་མཆོག་སྲི་ཞུའི་མགྲོན་རྡོ་རྗེ་འཆང༌། གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་སོགས་ཧེ་རུ་ཀའི་ཆ་ལུགས་ཅན་དང༌། དེ་བཞིན་དུ་རིག་འཛིན་སྔགས་ཀྱི་སྤྱོད་པ་འཆང་བའི་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་རུས་པའི་རྒྱན་དྲུག་རིགས་ལྔའི་ཕྱག་མཚན། འཁོར་རིག་མ་ཁ་དོག་སྣ་ཚོགས་པ་གཞོན་མཛེས་ཕུན་སུམ་ཚོགས་པའི་ལུས་ཅན་མང་པོ་སྤྲུལ་ནས་ཕུལ་བར་བསམ། སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ་ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དཀར་གསུམ་མངར་གསུམ་འཁོར་རབ་ཏུ་བྱུང་བའི་ཆ་ལུགས་ཅན་དཔག་ཏུ་མེད་པར་བཅས་ཏེ་ཕུལ་བར་བསམ། གཞན་ཡང་སོ་
སོའི་བཞུགས་གནས་མངོན་པར་དགའ་བ་དང༌། བདེ་བ་ཅན་དང༌། སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུའི་བཀོད་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཞུགས་ཁང་ཡང་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་ཟླུམ་པོ་གཉིས་བརྩེགས་སོགས་སྒོ་རྟ་བབ་རྒྱན་དུ་མས་བརྒྱན་པ། གཞན་ཡང་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་ལ་སོགས་པ་ཡིད་ཀྱིས་སྤྲུལ་ཞིང་མཆོད་ནས་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་བཞིན་དུ་བདེ་དགྱེས་གསང་གསུམ་ལ་སོགས་པ་གསར་རྙིང་བླ་མེད་རྒྱུད་སྔའི་ལྷ་ཚོགས་རྣམས་ལ་གོང་ལྟར་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་མཆོད་རྫས་དང་བགོ་བའི་གོས་དང་སྐུ་ཡི་རྒྱན་ལ་སོགས་པ་གོང་ལྟར་བླ་མེད་སྔགས་དང་མཐུན་པར་ཕུལ། ཡོ་ག་དང་བྱ་སྤྱོད་སོགས་རྒྱུད་སྡེ་འོག་མ་རྣམས་ལའང་ཞལ་ཟས་དཀར་གསུམ་མངར་གསུམ་ལྷའི་བདུད་རྩི་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་སྙན་ཆ་མགུལ་དོ་དཔུང་རྒྱན་ཕྱག་ཞབས་སོར་མོའི་གདུ་བུ་ལ་སོགས་པའི་རྒྱན་སྣ་ཚོགས། རིན་པོ་ཆེའི་གདུགས་དང་དར་སྣ་ཚོགས་ཀྱི་སྟོད་གཡོགས་སྨད་དཀྲིས་བླ་བྲེ་རྒྱལ་མཚན་བ་དན་ལྡ་ལྡི་རྔ་ཡབ་གཟིམ་ཆ་སེང་ཁྲི་པདྨ་ཟླ་གདན་ལ་སོགས་མཁོ་བའི་ཡོ་བྱད། བཞུགས་གནས་ཀྱི་གཞལ་ཡས་ཁང་མི་འདྲ་བ་སྣ་ཚོགས་འཁོར་
ལྷའི་བུ་དང་བུ་མོ་ལ་སོགས་པ་ལག་ན་འདོད་པའི་ཡོན་ཏན་སྣ་ཚོགས་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ་ཕུལ་བར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་དམ་རྫས་ཚོགས་ཀྱི་འཁོར་ལོ་ཤ་སྣ་ཚོགས་ཆང་སྣ་ཚོགས་འབྲུ་སྣ་ཚོགས་བཟའ་བཅའི་ཚོགས་མ་ཚང་བ་མེད་པ་རུས་པའི་རྒྱན་དྲུག་ལ་སོགས་པ་དཔལ་དང་དུར་ཁྲོད་ཀྱི་ཆས་དང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རལ་གྲི་ལ་སོགས་རིགས་ལྔའི་ཕྱག་མཚན། ཌཱ་དྲིལ་གྲི་ཐོད་ཁ་ཊྭཱཾ་རིན་པོ་ཆེ་སྣ་ཚོགས་དང་མེ་ལོང་མེ་ཏོག་གི་ཕྲེང་བ་སོགས་རྒྱན་གོས་ཡོ་བྱད་མ་ཚང་བ་མེད་པ་སོ་སོའི་ཡིད་དང་མཐུན་པའི་འཁོར་དཔའ་བོ་དང་མཚན་ལྡན་རིག་མ་སོགས་རང་རང་གི་སྐལ་པ་དང་འཚམས་པ་མང་པོ་ཕུལ་བར་བསམ་སྟེ་ཕཊ་ཀྱིས་མཚམས་སྦྱར་རོ། །ཁྱད་པར་དུ་མ་གཅིག་ལབ་སྒྲོན་ལ་སོགས་པའི་སྐྱབས་གནས་ཀྱི་གཙོ་བོ་རྣམས་ལ་ལན་གྲངས་བསམ་གྱིས་མི་ཁྱབ་པ་ཡང་ཡང་ཕུལ་བར་བསམ་ཞིང་ཕུལ་མཁན་གྱི་ལས་བྱེད་རྣམས་ཀྱང་གཙོ་ཆེར་བླ་མའི་ཚོགས་རྣམས་ལ་དཀར་མོ་དང༌། ཡི་དམ་མཁའ་འགྲོ་ལ་སེར་མོ་གཙོ་ཆེ་བར་གསུངས་སོ། །དེ་ལྟར་དཀོན་མཆོག་སྲི་ཞུ་
རྣམས་ལ་ཕུལ་བས་སྐུ་གསུང་ཐུགས་མཉེས་ནས་རྒྱུ་ཚོགས་རྫོགས་ལམ་སྒྲིབ་པ་བྱང༌། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩོལ་བར་བསམ། གཉིས་པ་ཡེ་ཤེས་དང་འཇིག་རྟེན་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བཀའ་ཉན་དྲེགས་བྱེད་ཡང་འཁོར་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ལ་དམར་ཆེན་ཁྲག་གི་རྒྱ་མཚོ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་གསུར་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། ཤ་རུས་ཀྱི་བཟའ་བཅའ་སྣ་ཚོགས། དམར་ཆེན་གྱི་གཏོར་མ་རི་རབ་ཙམ་དང༌། རྐང་གླིང་ཐོད་རྔ་ལ་སོགས་པའི་རོལ་མོ་སྣ་ཚོགས། རང་རང་གི་ཡིད་དང་མཐུན་པའི་ཤ་ཁྲག་དོན་སྙིང་པགས་པ་སོགས་བསྟེན་རྫས་སྒྲུབ་རྫས་བསྐང་རྫས་དར་ནག་འཇོལ་བེར་རེ་ལྡེའི་ཤམ་བུ་མི་ལྤགས་སྟག་ཤམ་གླང་གོས་ལ་སོགས་པའི་གོས་སྣ་ཚོགས། ཐོད་པ་སྐམ་རློན་རྒྱན་དྲུག་སྦྲུལ་ཆུན་རྒྱུ་ཞགས་ལ་སོགས་པའི་རྒྱན་སྣ་ཚོགས། གྲི་གུག་རལ་གྲི་ཤོ་རྡེལ་ནད་རྐྱལ་ཚོན་གྲུག་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བྱ་ནག་ཁྱི་ནག་རྟ་ནག་གཡག་ནག་གཞན་ཡང་བྱ་རིགས་གཅན་གཟན་དུག་སྦྲུལ་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་གྱུར་སྤྱན་གཟིགས་སྣ་ཚོགས། དུར་ཁྲོད་ཀྱི་བཀོད་པ་
མེ་རླུང་དམར་ནག་ཁྲག་མཚོ་ཐོད་མཁར་སོགས་བཞུགས་ཡུལ་གྱི་བཀོད་པ་འཇིགས་ཤིང་ཡ་ང་བ་བསམ་གྱིས་མི་ཁྱབ་པ་སྤྲུལ་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། གཞན་ཡང་རིན་པོ་ཆེ་སྣ་ཚོགས་དར་ཟབ་གོ་མཚོན་གཏེར་གྱི་སྒྲོམ་བུ་བཀྲ་ཤིས་རྫས་རྟགས་ནོར་བུ་ཆ་བདུན་འདོད་འཇོའི་བ་དཔག་བསམ་གྱི་ཤིང་ལ་སོགས་པའི་འདོད་དགུ་འབྱུང་བའི་མཆོད་སྤྲིན་མང་པོས་ནོར་ལྷ་གནོད་སྦྱིན་གྱི་རིགས་རྣམས་ལ་མཆོད། ཡང་མེ་ཏོག་ཤིང་ཐོག་འབྲུ་སྨན་དར་ཟབ་རྒྱན་ཕྲེང་ལྷའི་ཁང་བཟང༌། ཁྲུས་ཀྱི་རྫིང་བུ་ལ་སོགས་པའི་རང་རང་གི་སྤྱོད་ཡུལ་དང་མཐུན་པའི་མཆོད་པའི་སྤྲིན་དཔག་ཏུ་མེད་པས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་དཔལ་མགོན་བདུན་ཅུ་སོགས་ཕྱི་རྒྱུད་ཀྱི་སྲུང་མ་རྣམས་ལ་ཕུལ་བར་བསམ། དེ་ལྟར་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཐུགས་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང༌། དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འཇོམས་པའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་ཐོགས་མེད་དུ་སྒྲུབ་པར་བསམ། ཡང་མཆོད་པའི་ལྷ་མོ་སྣ་ཚོགས་དང་ཁྱད་པར་དཀར་མོ་གྲངས་མེད་པས་ཐོད་པ་བདུད་རྩིས་གང་བ་དང་མཆོད་རྫས་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཕ་མས་གཙོར་བྱས་རིགས་དྲུག་གི་སེམས་
ཅན་རྣམས་ལ་སོ་སོར་ཕུལ་ཞིང་དེ་ཡང་ཚ་དམྱལ་རྣམས་བསིལ་བ། གྲང་དམྱལ་རྣམས་དྲོ་བ་གསོད་གཅོད་གཏུབ་པ་སོགས་མི་བྱེད་ཅིང་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་ལྷའི་བདུད་རྩི་ཁ་དོག་སྣ་ཚོགས་པ་བྱིན་པར་བསམ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་སེལ་བའི་རྫས་བཟའ་བཏུང་སྣ་ཚོགས་པ་ལྷའི་བདུད་རྩིའི་ཆར་ཕབས་པས་གཟུགས་བཟང་ཕུན་སུམ་ཚོགས་པར་བསམ། དུད་འགྲོ་རྣམས་ལ་ཤེས་རབ་བསྐྱེད་པའི་རྫས་བདུད་རྩི་ཁ་དོག་སྣ་ཚོགས་པ་དང་རང་རང་གི་ཡིད་དང་མཐུན་པའི་བཟའ་བཏུང་གནས་དང་བཅས་པ་ཕུལ་བས་མ་རིག་པའི་སྒྲིབ་པ་དག་ནས་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། མི་རྣམས་ལ་ཇ་དར་གོས་གསུམ་གསེར་དངུལ་དར་ཟབ་བང་མཛོད་རྟ་དྲེལ་ནོར་ཕྱུགས་སོགས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་ནམ་མཁའི་མཛོད་བཞིན་ཕུལ་བས་འདོད་དགུ་ལྷུན་གྱིས་གྲུབ་པར་བསམ། ལྷ་མ་ཡིན་རྣམས་ལ་རྡོ་རྗེའི་གོ་མཚོན་དང་འཆི་མེད་ཀྱི་བདུད་རྩི་སོགས་ལོངས་སྤྱོད་སྣ་ཚོགས་ཕུལ་བར་བསམ། ལྷ་རྣམས་ལ་བདུད་རྩི་ཁ་དོག་སྣ་ཚོགས་ཅང་ཤེས་ཀྱི་རྟ་དང་ཁྲུས་ཀྱི་རྫིང་བུ་མ་རྨོས་པའི་ལོ་ཏོག་མེ་ཏོག་སྣ་ཚོགས་ཀྱི་རྒྱན་དང་ཕྲེང་བ། ལྷའི་བུ་དང་བུ་མོ་རྣམས་ཀྱི་
རྩེད་འཇོ་ལ་སོགས་པའི་དགའ་བདེའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསམ། མདོར་ན་རིགས་དྲུག་སྙིང་རྗེའི་མགྲོན་དེ་རྣམས་ལ་གང་འདོད་ཀྱི་ལོངས་སྤྱོད་དང་བདུད་རྩི་ཕུལ་བས་སོ་སོའི་སྡུག་བསྔལ་དང་ཉེས་དམིགས་ཅི་ཡོད་པ་ལས་གྲོལ་ནས་སངས་རྒྱས་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་རིགས་དྲུག་དེ་རྣམས་ཀྱི་ནང་ནས་ཀྱང་བདག་གིས་སྔོན་བསྐལ་པ་གྲངས་མེད་པ་ནས་ཕན་ཚུན་བསད་ཅིང་གཏུབས་པས་ཚེ་ཐུང་བའི་ལན་ཆགས། རྐུ་འཕྲོག་བཅོམ་གསུམ་བྱས་པས་ནོར་དབུལ་བའི་ལན་ཆགས། བརྡུང་བརྡེག་བཅིངས་པ་དབང་པོ་འབྲེག་པ་སོགས་ནད་མང་ཞིང་ལུས་སྡུག་བསྔལ་བའི་ལན་ཆགས། ཡུལ་ཁམས་ཕོ་བྲང་བུ་དང་ཆུང་མ་ལུས་སྲོག་འཕྲོག་པ་སོགས་ལན་ཤིན་ཏུ་ཆེ་བའི་ལན་ཆགས། རྫས་དང་ཡོ་བྱད་ཤ་ཁྲག་ལ་ལོངས་སྤྱོད་པ་ལ་སོགས་ལན་ཆགས་ཕྲ་མོའི་རིགས་གྱུར་གྱིས་ད་ལྟ་རང་ལ་དེ་ལྟ་བུའི་ལན་ཆགས་བསྙེག་ཅིང་གདུག་པའི་བསམ་སྦྱོར་དང་ལྡན་པ་དེ་རྣམས་ལ་ངོ་བོ་གོང་གི་བདུད་རྩི་ལ་རྣམ་པ་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཁྲ་ཤིག་གེ་བ། རླངས་པ་ཕ་ལེ་བ་ངོ་བོ་ཡག་པ་ཡིད་དུ་འོང་བ་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ལྟ་བུ་ཁར་བཏུང་བ་རེག་པ་དྲི་ཚོར་བ་ཙམ་གྱིས་གནས་
སྐབས་མཐར་ཐུག་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་བདེ་བའི་མཆོག་ཐོབ་པར་བྱེད་པ་དང༌། གཞན་ཡང་ལན་ཆགས་འཇལ་གང་དགོསཀྱི་ཡུལ་མཁར་རྟ་ནོར་གསེར་དངུལ་རིན་པོ་ཆེའི་རིགས་དང་སྐྱེས་པ་བུད་མེད་གཟུགས་བཟང་ཕུན་སུམ་ཚོགས་པ་གོས་རྒྱན་སྣ་ཚོགས་མདོར་ན་ལན་ཆགས་འཇལ་གང་དགོས་དངོས་པོའི་རྫས་དེ་རྣམས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཆེ་བ་འདོད་དགུ་ཆར་ལྟར་འབེབས་པར་སྤྲུལ་ནས་བྱིན་པས་ལན་ཆགས་ཤ་མཁོན་ཐམས་ཅད་བྱང་ནས་བྱང་ཆུབ་ཐོབ་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ཡན་ཆད་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་གྱི་རིམ་པའོ། །ཡང་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་གྲངས་མེད་པ་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ། རིགས་དྲུག་གི་གནས་སོ་སོར་བྱོན་ནས་བདུད་རྩི་དྲངས་པས་རང་རང་གི་སྡུག་བསྔལ་ལས་གྲོལ་ཏེ་བྱང་ཆུབ་ཐོབ་ནས་རིགས་དྲུག་གི་གནས་སྟོང་སྟེ། སླར་ཡང་ལྷ་མོ་དེ་རྣམས་ལས་འོད་འཕྲོས་གནས་སྟོང་པ་རྣམས་ལ་ཁྱབ་པས་དམྱལ་བའི་གནས་བཻ་ཌཱུརྱ་ལྟར་དག་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། དེ་བཞིན་ཡི་དྭགས་ཀྱི་གནས་པདྨ་རཱ་ག་ལྟར་དག་པ་པདྨའི་རང་བཞིན། བྱོལ་སོང་གི་གནས་ཤེལ་ལྟར་དག་པ་འཁོར་ལོའི་
རང་བཞིན། མིའི་གནས་གསེར་ལྟར་དག་པ་རིན་པོ་ཆེའི་རང་བཞིན། ལྷ་མ་ཡིན་གྱི་གནས་མར་གད་ལྟར་དག་པ་རྒྱ་གྲམ་གྱི་རང་བཞིན། ལྷའི་གནས་དག་པ་སྟོང་གསལ་འོད་ལྔའི་ངོ་བོ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གྱུར་པར་བསམ། མཐར་ལྷ་མོ་རང་ལ་བསྡུས་ནས་མི་དམིགས་པར་བཞག་གོ། །སླར་ཡང་བདུད་རྩིའི་ལྷག་མ་དེ་ཉིད་དཀར་གསུམ་མངར་གསུམ། སྨན་སྣ་ཚོགས་དར་ཟབ་རིན་པོ་ཆེ་འབྲུ་སྣ་ཚོགས། རྟ་ནོར་སོགས་གཡུང་དྭགས་སྣ་ཚོགས་འབྲོང་དང་ཤ་བ་སོགས་རི་དྭགས་སྣ་ཚོགས། བྱ་རིགས་གཅན་གཟན་ཉ་སྲམ་རུ་སྦལ་སོགས་སྐྱེ་འགྲོའི་གཟུགས་བརྙན་དེ་རྣམས་ལུས་ཆེ་ཞིང་སྟོབས་དང་ལྡན་པ་བ་སྤུ་ཉག་མ་རེ་རེ་ལས་ཀྱང་དེ་འདྲ་གྲངས་མེད་འཕྲོ་བ། རྫ་དང་གངས་རི་སྤང་ལྗང་ནགས་ཚལ་མཚོ་དང་ནེའུ་གསེང་ཆུ་མིག་མེ་ཏོག་གི་ཚལ་ཆེན་སོགས་བཀོད་པ་ངོ་མཚར་ཅན་དུ་མ་དང༌། རིན་པོ་ཆེའི་སྣོད་སྣ་ཚོགས་པ་རྣམས་ཀྱི་ནང་དུ་ཇ་ཆང་གསེར་སྐྱེམས་ཕུད་སྣ་ཚོགས། མདའ་མདུང་གོ་མཚོན་དར་སྣ་ཚོགས་ཀྱིས་བརྒྱན་པ་དང༌། བལ་ཚོན་སྣ་ཚོགས། འདོད་ཡོན་གྱི་བཀོད་པ་གྲངས་མེད་པ་སྤྲུལ་ནས་གཞི་བདག་རྣམས་ལ་ཕུལ་བས་རང་རང་གི་གནས་ཡུལ་རྒྱན་གོས་བཟའ་བཏུང་ཆ་བྱད་སོགས་ཕུན་
སུམ་ཚོགས་པར་གྱུར་ནས་གཞི་བདག་ཕོ་རིགས་རྣམས་སྟག་གཟིག་རྟ་སྤྱང་ལ་ཞོན་པ་ཁྲི་ལ་སྡོད་པ་སོགས་སྤྱོད་ལམ་བག་ཕེབས་པའི་རྣམ་འགྱུར་དང༌། མོ་རིགས་རྣམས་ཀྱང་དར་ཟབ་གོས་དང་རྒྱན་ཕྲེང་སོགས་ཀྱིས་བརྒྱན་ཅིང་ལག་ཏུ་ཏོང་སྐུད་དམར་དཀར་གྱི་གྲུ་གུ་བཞུ་བ་སོགས་སོ་སོར་ལོངས་སྤྱོད་འདོད་དགུའི་དཔལ་འབྱོར་དང་ལྡན་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །ཡང་བདུད་རྩིའི་ལྷག་མ་དེ་ཉིད་ཞོ་དང་འོ་མ་སོགས་དཀར་གསུམ། ཀ་ར་བུ་རམ་སོགས་མངར་གསུམ་ཁྲག་རྣམས་འོ་མའི་རྒྱ་མཚོ་ཆེན་པོ་དང་ནང་ཁྲོལ་རྣམས་ཀླུ་སྨན་སྣ་ཚོགས་པ་དང༌། ཀླུ་རྣམས་དགྱེས་པའི་ཡོ་བྱད་དུ་མ་བསམ་ལ། ཀླུ་རྣམས་ཀྱང་ཁོག་སྟོད་ལྷའི་སྐྱེས་བུ་ལྟ་བུ་ལ་སྐུ་སྨད་སྦྲུལ་མཇུག་དང་ལྡན་པ་མགོ་ལ་སྦྲུལ་མགོ་ལྔ་བདུན་དགུ་ལ་སོགས་པའི་གདེངས་ཀ་ཡོད་པ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་དེ་རྣམས་ཀླུའི་ཡོ་བྱད་ལ་ལོངས་སྤྱོད་པས་གནོད་སེམས་ཞི་ནས་བདེ་སྐྱིད་ཕུན་སུམ་ཚོགས་པར་བསམ། ཡང་དེའི་ཕྱི་མཚམས་དར་སྣ་ཚོགས་ཀྱི་ཡོལ་བས་བཅད་པའི་ཕྱི་རོལ་དུ་ཤ་ཁྲག་གི་རྒྱ་མཚོ་ལ་ཀླུ་གདོལ་པ་སོགས་ནག་ཕྱོགས་ཤ་ཁྲག་ལ་དགྱེས་པ་རྣམས་ཀྱིས་ལོངས་སྤྱོད་པས་གདུག་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་
རྒྱུད་ལ་སྐྱེས་པར་བསམ་མཐར་མཆོད་ལྷ་བསྡུ། མཉམ་པར་བཞག །འདིར་གཞི་བདག་དང་ཀླུ་གཉིས་བྱེ་བྲག་སོ་སོར་འབུལ་དགོས་པ་ནི་གཅོད་ཀྱི་ཉམས་ལེན་གྱི་ཁྱད་ཆོས་ཕྱི་འཇིགས་ཡུལ་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་རིག་གཏན་ལ་འབེབས་པའི་ཕྱིར་དུ་གཉན་ས་རི་ཁྲོད་འགྲིམས་པ་གཙོ་བོར་སྟོན་པའི་ཕྱིར་དང་གནས་སྐབས་སུ་ཕྲིན་ལས་གང་འདོད་བཅོལ་པའི་དོན་དུ་ཕུལ་བ་ཡིན་ནོ། །དོན་ལ་རིགས་དྲུག་གི་ནང་དུ་མ་འདུས་པ་ནི་མིན་ཏེ་གཞི་བདག་ནི་མི་མ་ཡིན་མིའི་འགྲོ་བ་ལ་འདུས་པ་དང༌། ཀླུ་རྣམས་དུད་འགྲོའི་འགྲོ་བ་ལ་འདུས་པ་ཡིན་ནོ། །དེ་ལྟར་ཕུལ་ཚེ་མཆོད་མཁན་གྱི་ལྷ་མོ་སྤྱིར་མདོག་སྣ་ཚོགས་ཡིན་ཀྱང་གཙོ་ཆེར་ཆོས་སྐྱོང་རྣམས་ལ་དམར་མོ་དང་ཕྱི་རྒྱུད་རིགས་དྲུག་སོགས་ལ་དཀར་མོ་ཡིན་པར་གསུངས་སོ། །དེ་ནས་དམར་འགྱེད་བྱེད་པ་ནི། རྣམ་ཤེས་གོང་ལྟར་སྤར་ལ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་ཁྲོས་མ་ནག་མོ་གཡས་མི་ལྤགས་དང་གཡོན་མི་རྐང་འཛིན་པ་སོགས་གཞུང་ལྟར་མཐུན་པར་བསྐྱེད་པའི་ཐུགས་ཀ་ནས་ལས་བྱེད་སྒོ་མ་བཞི་དང་ཁྲོས་མ་གྲངས་མེད་སྤྲུལ་ནས་གོང་གི་འགྱེད་དེ་རྣམས་ཀྱིས་མི་ཚིམ་པའི་ཕོ་གདོན་མོ་གདོན་ཀླུ་གདོན་སོགས་གདུག་པའི་བསམ་སྦྱོར་དང་ལྡན་པ་དེ་
རྣམས་བཀུག་ནས་བེམ་པོ་ཤ་རི་ཁྲག་མཚོ་འཇིག་རྟེན་གྱི་ཁམས་དང་མཉམ་པར་སྤེལ་བ་དེ། གདོན་དེ་རྣམས་ཀྱིས་ཤ་ཟ་ཁྲག་འཐུང་རུས་པ་མུར་འཁོར་བ་མ་སྟོང་གི་བར་དུ་ལོངས་སྤྱོད་རྒྱུན་མི་འཆད་པར་བསམ་ལ་ཕཊ་ཀྱིས་མཚམས་སྦྱར་ལ་རྐང་གླིང་འབུད་ཅིང༌། ན་མོ། གནས་གཉན་ས་སོགས་བྱའོ། །ཡང་འགྱེད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པ་ལས་བདུད་རྩི་བུམ་འགྱེད་མ་ནི། རང་གཞན་གྱི་རྣམ་ཤེས་འཕོ་བ་གང་འདོད་ལྟར་མ་གཅིག་གི་ཐུགས་ཀར་སྤར། མ་གཅིག་གི་ཐུགས་ཀ་ནས་རིག་པའི་ངོ་བོ་ཧ་ཡིག་དཀར་པོ་ལས་གྲུབ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གཡས་གྲི་གུག་དང་གཡོན་བདུད་རྩིས་གང་བའི་བུམ་པ་ཐོགས་པ་རྒྱན་ཆ་ལུགས་དང་ལྡན་པ་གཅིག་ཏུ་གྱུར་ནས་བེམ་པོ་དེའི་སྤྱི་གཙུག་ནས་ཕྱག་གི་བུམ་པའི་བདུད་རྩི་བླུགས་པས་བེམ་པོ་དེ་ཉིད་རྐྱལ་གྲོད་འོ་མས་གང་བ་ལྟ་བུར་གྱུར་པར་བསམ་ལ་ཕྱག་གཡས་ཀྱི་གྲི་གུག་གིས་བཤགས་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཁོག་ཟམ་ལ་ཐིམ་འོད་དུ་ཞུ་ནས་བདུད་རྩིར་འདྲེས་པས་ཁ་དོག་སྣ་ཚོགས་
པའི་མཆོད་སྤྲིན་དུ་དམིགས་ནས་ས་གཞི་ཤེལ་ལྟར་དག་པར་བདུད་རྩིས་གང་བར་བསམ་ལ་རང་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་ཕྱག་གཉིས་བུམ་པ་བདུད་རྩིས་གང་བ་ཐོགས་པ་དཔག་ཏུ་མེད་པས་བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད། ཡང་བདུད་རྩི་དེ་ཉིད་ཐོད་རློན་ཤས་གང་བ་མང་པོར་གྱུར་ཏེ་ཆོས་སྐྱོང་བའི་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་མཆོད། དེ་ཕྱིན་གྱི་སྲུང་མ་དང་རིགས་དྲུག་ལན་ཆགས་བགེགས་རིགས་གཞི་བདག་ཀླུ་དང་བཅས་པ་རྣམས་ལ་བདུད་རྩིས་མཆོད་པས་ཚིམ་པར་བྱེད་པའོ། །ཡང་རྣམ་ཤེས་སྤར་བ་སོགས་གོང་ལྟར་ལ་མ་གཅིག་གི་ཐུགས་ཀ་ནས་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་ཐོགས་པ་གཅིག་ཏུ་བསྐྱེད་ལ་གྲི་གུག་གིས་བེམ་པོའི་སྨིན་མཚམས་ཡན་སྒར་གྱིས་གྲས་པའི་ནང་དུ་བེམ་པོའི་ཤ་ཁྲག་རྣམས་བླུགས་ནས་བཀང་སྟེ་སྔར་ལྟར་རླུང་གཡོས་མེ་སྤར་ཐོད་པ་དྲོས་ཤིང་བདུད་རྩི་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད་པར་བསམ། ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་རང་གི་ཕྱག་གི་ཐོད་པའི་ནང་དུ་བབ་ཅིང་ཞུ་བས་ཐོད་པ་གང༌། ཐོད་པའི་
ཚངས་བུག་ནས་ཆད་ཟམ་གྱི་ཐེམ་བུ་བུད་པ་ལྟར་བདུད་རྩི་བབ་ནས་མདུན་གྱི་ཐོད་ནང་གི་བདུད་རྩིར་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་འདྲེས། ཁོལ་བའི་རླངས་པ་འོད་ཟེར་དཀར་པོའི་རྣམ་པ་སྟེང་དུ་འཕྲོས། ཁུ་བ་བདུད་རྩིའི་རང་བཞིན་རོ་མཆོག་བརྒྱ་དང་ལྡན་པ་བར་ན་འཁྱིལ་བ། སྙིགས་མ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་འོག་ན་གནས་པར་བསམ། ལས་བྱེད་དཀར་མོ་ཐོད་པ་ཐོགས་པ་མང་པོས་དཀོན་མཆོག་སྲི་ཞུ་ནས་བཟུང་སྟེ་གཞི་བདག་ཀླུ་དང་བཅས་པ་ལ་འབུལ་བ་ནི་ཐོད་ཞལ་མའོ། །ཡང་རྣམ་ཤེས་སྤར་བ་ནས་བཟུང་སྟེ་ལས་བྱེད་དཀར་མོའི་སྤེལ་སྦྱངས་ཐོད་ཞལ་མ་ལྟར་བྱས་ནས་ལས་བྱེད་མདོག་སྣ་ཚོགས་སྤྲོས་ནས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་མགྲོན་ཐམས་ཅད་ལ་སྔར་ཐོད་སྒྱེད་མའི་སྐབས་ལྟར་འབུལ་བ་ནི་འདོད་ཡོན་ལྔ་མཆོད་མའོ། །དེ་ལྟ་བུའི་འགྱེད་ཚུལ་དེ་རྣམས་ཀྱང་ངོ་བོ་རང་གི་ཤ་ཁྲག་ལ་རྣམ་པ་གང་འདོད་ཀྱི་མཆོད་རྫས་བདུད་རྩི་སོགས་སུ་སྤེལ་ཞིང་འགྱེད་ཡུལ་གྱི་མགྲོན་རྣམས་ནི། དཀོན་མཆོག་སྲི་ཞུ། མགོན་པོ་ཡོན་ཏན། རིགས་དྲུག་སྙིང་རྗེ། གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་ལ་ཡིན་ཞིང༌། དེ་ལྟར་འགྱེད་པའི་འབྲས་བུ་བྱིན་རླབས་
དངོས་གྲུབ། ཕྲིན་ལས་མཐུ་རྩལ། ལན་ཆགས་སྡུག་བསྔལ་སོགས་བདེ་སྡུག་གི་སྣང་བ་ཅི་ལྟར་ཤར་ཡང་གདོད་མའི་ཆོས་སྐུ་སྐྱེ་འགག་གནས་གསུམ་བྲལ་བ་བསམ་བརྗོད་དང་བྲལ་བའི་ཡུམ་དོན་ལ་མཉམ་པར་བཞག་ཅིང་གནས་སྐབས་ཀྱི་བདེ་སྡུག་ཅི་བྱུང་ཡང་དེ་ཉིད་ཀྱི་ངོ་བོར་རང་བཞིན་གདོད་ནས་དག་པའི་ངང་དུ་ལམ་དུ་ཁྱེར་བ་སྟེ། དཀར་འགྱེད་མགྲོན་བཞི་མ་དང༌། དཀར་ཚོགས་ལམ་ཁྱེར་སྐོར་གསུམ་ཟེར་བའི་དོན་འདི་རྣམས་ལ་འདུས་སོ། །ཡང་ཡིག་ཆ་འགའ་ཞིག་ལས་འདི་སྐབས་འགྱེད་ཚུལ་བདུན་དུ་བཤད་པ་དང༌། དེ་སྐབས་ནང་གསེས་ཀྱི་ས་བཅད་བསྒྲིགས་པ་སོགས་མི་མཚུངས་པ་འགའ་རེ་འདུག་ཀྱང་འདི་ནི་སློབ་དཔོན་གྱིས་བདག་ལ་གསུངས་པའི་བཤད་རྒྱུན་ངེས་པ་ཅན་ཡིན་པ་དང༌། དྲུང་རིན་པོ་ཆེ་ཞལ་བཞུགས་སྐབས་ཀྱི་ཕྱག་དཔེ་ཡིད་ཆེས་ཅན་འགའ་ལའང་འདི་ལྟར་འདུག་པ་དེ་གཉིས་ལ་དཔང་པོ་བྱས་པའོ། །དེ་ནས་དམར་འགྱེད་ནི། རྣམ་ཤེས་སྤར་བ་དང་ཧྲཱིཿ ཡིག་དམར་པོ་ལས་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ། བེམ་པོའི་ཡན་ལག་བཞི་གྲི་གུག་གིས་བཅད་ནས་ཕྱོགས་བཞིར་བཙུགས་པའི་སྟེང་དུ་པགས་པ་བསྐྱོན་ནས་བརྒྱངས་པའི་སྟེང་དུ་བེམ་པོ་ཤ་ཁྲག་རུས་གསུམ་གྱི་ཕུང་
པོ་ཆེན་པོར་བསམ་ལ་རང་རྣལ་འབྱོར་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞི་སྤྲོས་ནས་གཡང་གཞིའི་རྩ་བཞི་ནས་འཇུས་ཏེ་མགྲོན་རྣམས་ལ་བསྟབ་པ་ནི་མཆོག་ཕུར་མ་དང༌། ཡང་རྣམ་ཤེས་སྤར་བ་དང་རིག་པ་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པ་གོང་ལྟར་ལ་ཡན་ལག་བཞི་ལ་མི་བསྐྱོན་པར་པགས་པ་ས་གཞིར་བཏིང་བའི་སྟེང་དུ་ཤ་ཁྲག་རུས་གསུམ་ཕྱུར་བུར་སྤུངས་ཏེ་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་བཞི་སྤྲོས་ཏེ་གོང་ལྟར་མགྲོན་རྣམས་ལ་བསྟབས་པ་ནི་གཡང་གཞི་མའོ། །དེ་ལྟར་དཀར་འགྱེད་དམར་འགྱེད་བྱ་རྒྱུའི་ཤ་ཁྲག་དེ་ཉིད་མགྲོན་རིགས་ཐམས་ཅད་ལ་བསྔོས་མ་ཐག་ཏུ་དཀོན་མཆོག་སྲི་ཞུ་རྣམས་ཀྱང་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་རྫོགས། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་ཕྲིན་ལས་སྣ་ཚོགས་ཐོགས་པ་མེད་པར་བསྒྲུབས། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱང་གནས་སྐབས་མཐར་ཐུག་གི་སྒྲིབ་གསུམ་ལས་གྲོལ་ཏེ་མངོན་སངས་རྒྱས། ཁྱད་པར་དམར་འགྱེད་ཀྱི་དུས་སུ་གདོན་བགེགས་ལན་ཆགས་འབྱུང་པོ་རྣམས་ཀྱི་ཁར་སོང་བ། དྲི་ཚོར་བ་ཙམ་གྱིས་སྡུག་བསྔལ་ལས་གྲོལ་ཞིང་མཐར་ཐུག་ཀུན་ཀྱང་བྱང་ཆུབ་ཆེན་པོའི་གོ་
འཕང་ཐོབ་པར་བསམ། སྤྱིར་ཡང་སྒྱུ་ལུས་མཆོད་སྦྱིན་གྱི་རིམ་པ་གང་བྱེད་ཀྱང་གནད་དུ་ཆེ་བ་ནི་འདི་ལྟར་གོ་དགོས་ཏེ། གཞི་གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པར་གནས་པ་དེ་ཉིད་མངོན་སུམ་དུ་མ་བྱས་ཀྱི་བར་དུ་གཉིས་སྣང་འཁྲུལ་རྟོག་གིས་བསྡུས་པའི་བཟང་ངན་གཙང་བཙོག །ལྷ་འདྲེ་ལ་རེ་དོགས་ཀྱིས་ཕན་གནོད་སོགས་མིང་གི་སྒྲོ་བཏགས་ཙམ་ལ་ཞེན་པའི་ཀུན་བཏགས་དང༌། སྐྱེ་ཤི་ན་ཚ་འཁོར་འདས་སོགས་གཉིས་སྣང་གིས་བསྡུས་པའི་གཟུང་འཛིན་གྱི་སྣང་བ་ལ་ཨ་འཐས་སུ་ཞེན་པའི་གཞན་དབང་དང༌། དེ་གཉིས་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་དྲི་མ་ཐམས་ཅད་རང་སར་དག །རང་སར་སྟོང་ཞིང་འོད་གསལ་བདེ་གཤེགས་སྙིང་པོ་དེ་ཉིད་རྟག་ཆད་འགྲོ་འོང་སྐྱེ་འགག་གཅིག་དང་ཐ་དད་སོགས་ཐམས་ཅད་ཀྱི་དྲི་མས་ཡེ་ནས་མ་གོས་ཤིང་སྤྲོས་མེད་ནམ་མཁའི་དཀྱིལ་ལྟ་བུ་དེ་ཡང་བེམ་སྟོང་སོགས་མ་ཡིན་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་དམ་པ་གཙང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མོས་པ་ལམ་དུ་བྱེད་པ་ནས་མངོན་དུ་མ་གྱུར་པར་དེ་ལྟ་བུ་ཉམས་སུ་བླང་བ་ལ་བདག་འཛིན་ལུས་སྲོག་ལ་གཅེས་པར་འཛིན་པའི་དབང་གིས་ན་ཚ་སྡུག་བསྔལ་སོགས་མི་བཟོད་
པའི་ཚོར་བ་ཉམས་སུ་མྱོང་བ་ལ་ཨ་འཐས་སུ་ཞེན་པའི་བདག་འཛིན་འདི་ཉིད་ལུས་བེམ་པོ་འཁོར་ལོངས་སྤྱོད་སོགས་གཟུགས་སུ་སྣང་བ་འདི་ཉིད་གཉིས་སྣང་གིས་བསྡུས་པའི་མགྲོན་རིགས་རྣམས་ཀྱིས་ཅི་ལྟར་འཚམས་པ་བཞིན་དུ་ལོངས་སྤྱོད་པར་བསམ་ནས་མཆོད་པར་བྱ་བ་དང༌། ཡང་བདག་ཏུ་བཟུང་བའི་སྒྱུ་ལུས་སོགས་དངོས་པོ་ལ་ཞེན་པའི་ཨ་འཐས་སུ་ཞེན་པ་དང༌། སྦྱིན་ཡུལ་འཁོར་འདས་ཀྱི་མགྲོན་རྣམས་དང་སྦྱིན་བྱེད་གཉིས་སུ་འཛིན་པའི་རྟོག་ཚོགས་དེ་རྣམས་རང་རིག་འོད་གསལ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་བློའི་ཡུལ་ལས་འདས་ཤིང་བསམ་བརྗོད་དང་བྲལ་བ་དེ་ཉིད་ཀྱི་ངང་ལ་དག་དགོས་པ་ནི་གལ་ཆེ་སྟེ། ཀ་ཚོམས་ཡང་ཚོམས་ལེ་ལག་ཟབ་དོན་ཐུགས་ཀྱི་སྙིང་པོའི་རྩ་འགྲེལ་འབྲུག་པ་ཀུན་སྤངས་ཆེན་པོའི་གསང་གཅོད་སོགས་མ་གཅིག་གཅོད་སྐོར་གྱི་གནད་རྣམས་གོ་ཉམས་རྟོགས་གསུམ་གྱིས་གཏན་ལ་ཕེབ་པ་ཞིག་དགོས་རྒྱུར་སྣང་ངོ༌། །དེ་ལྟར་དམིགས་སྐོར་རྣམས་རྒྱས་པར་ན་གསོལ་འདེབས་སོ་སོའི་མཚམས་སུ་རེ་རེ་སྦྱར་ཞིང་ཕཊ་བརྒྱ་མར་གྲགས་པ་དང༌། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་དང༌། གཞི་བདག་ཀླུ་དང་གདོན་ལ་དམར་འགྱེད་སོགས་རྒྱས་པར་
བཏང་ནས་དེ་ཕྱིན་གྱི་མཚམས་རྣམས་སུ་འགྱེད་ཚུལ་རེ་ཟུང་བཏང་བ་དང༌། ཡང་གནས་གཉན་ས་མའི་མགོར་དཀར་འགྱེད་མགྲོན་བཞི་མ་སོགས་འགྱེད་ཚུལ་གང་འདོད་རྒྱས་པར་བཏང་ནས། དེ་ཕྱིན་གྱི་གསོལ་འདེབས་ཀྱི་མཚམས་རྣམས་སུ་བྱིན་འབེབས་དང་དམིགས་མེད་ལ་བཞག་པ་སྟེ་དེ་རྣམས་ལོང་སྐབས་རིང་ཐུང་དང་བསྟུན་པ་ནི་སྔར་གྱི་ཞལ་རྒྱུན་ལགས་སོ། །དེ་ནས་གསོལ་བ་འདེབས་ཤིང་བྱིན་འབེབས་པ་ནི། བཀའ་བརྒྱུད་ཉམས་བརྒྱུད་ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་འདི་རྣམས་ལ་གསོལ་བ་གདབ་པའི་ཚེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུ་མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འཁོར་བའི་རྒྱུར་གྱུར་པའི་སྡིག་ལྟུང་གི་བློ་ཐམས་ཅད་སྐད་ཅིག་ལ་ལྡོག་ཅིང་གཉིས་སྣང་འཁྲུལ་པའི་བག་ཆགས་ཐམས་ཅད་རང་སར་ཞི་ནས་གདོད་མའི་ཆོས་སྐུ་ཡུམ་ཆེན་མོའི་དགོངས་པ་མངོན་སུམ་དུ་རྟོགས་ནས་སངས་རྒྱས། གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཕྲིན་ལས་རྣམ་བཞིའི་དོན་རྒྱ་ཆེན་པོ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཞིག་སྐྱབས་ཡུལ་ཁྱེད་རྣམས་མཁྱེན་སྙམ་པའི་མོས་གུས་དྲག་པོ་སྙིང་ནས་འབར་བ་ཞིག་གལ་ཆེའོ། །དེའི་ཚེ་དམིགས་ཐུན་ནི། ཕྱི་སྣོད་ཐམས་ཅད་རིན་པོ་
ཆེའི་སྣོད། ནང་བཅུད་ཐམས་ཅད་གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་སྣ་ཚོགས་འབུལ་ལོ། །དེ་ནས་ཌཱ་ཀི་འབུམ་བསྐུལ་གྱི་ཚེ། མ་གཅིག་དང་ཕག་མོ་ལྷ་ལྔ་ངོ་བོ་གཅིག་ཀྱང་རྣམ་པ་སོ་སོར་སྣང་ཞིང༌། རྡོ་རྗེ་ཕག་མོའི་སྐུའི་ཆས་རྒྱན་དང་ཕྱག་མཚན་གདན་བཞུགས་ཡུལ་སོགས་ལ་མཁའ་འགྲོ་འབུམ་ཚོ་རེ་རེ་འདོན་བསྒོམ་བཞིན་གནས་པ་སྟེ། མདོར་ན་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ལ་གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་སྩོལ་བར་བསམ། དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་བསང་ཆུས་བྲན་ལ་བཀའ་བརྒྱུད་ཚོགས་ལས་འདོན་པར་སྤྲོ་ཚེ་དེའི་དམིགས་སྐོར་ཟུར་མང་སྔར་ལུགས་ལ་གསལ་བར་མ་གསུངས་ཀྱང༌། ཀུན་མཁྱེན་སི་ཏུ་རིན་པོ་ཆེའི་གསུང་རྒྱུན་ལྟར་ན་འདོན་བསྒོམ་ལྟར་ཡུམ་ཆེན་མོ་ནས་རྩ་བའི་བླ་མའི་བར་གྱི་བླ་མ་རྣམས་ཀྱང་དཔལ་ཧེ་རུ་ཀའི་ཆ་ལུགས་སུ་གྱུར་པ་ལ་འཁོར་དཔའ་བོ་དཔའ་མོ་འབུམ་སྡེའི་ཚོགས་དང་བཅས་ཏེ་སྤྱན་དྲངས་ནས་སྐྱབས་ཡུལ་རྣམས་དང་གོ་ས་གཅིག་པ་མདུན་གྱི་ནམ་མཁར་བཞུགས་པའི་སྐུ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས། ཕྱི་གནས་ཡུལ་ལ་ཕོག་པས་ཨོ་རྒྱན་མཁའ་སྤྱོད་
ཀྱི་ཞིང་ཁམས། གནས་ཁང་ལ་ཕོག་པས་ཨོ་རྒྱན་རང་བྱུང་གི་གཞལ་ཡས་ཁང་ཐོད་པ་སྐམ་རློན་ལས་གྲུབ་པ། སྣོད་ཐམས་ཅད་ཐོད་པའི་སྣོད། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ། མགྲོན་ཐམས་ཅད་དཔའ་བོ་དང་མཁའ་འགྲོ་མ་ཁོ་ནར་གྱུར་པར་བསམ། དེ་ནས་མ་བརྒྱུད་ཚོགས་ལས་ཀྱི་སྐབས་ཚོགས་ལྷ་སྤྱན་དྲངས་ཤིང་བྱིན་ཕབ་པ་ནི། སྐྱབས་ཡུལ་སྤྱི་དང་མ་གཅིག་ཕག་མོ་རིགས་ལྔ་ཐ་དད་མེད་པའི་སྐུ་ལས་འོད་ཟེར་འཕྲོས་པས་དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་ནས་སངས་རྒྱས་མཁའ་འགྲོ་སྐུ་མདོག་ནག་མོ་ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་དང༌། གཡོན་པད་སྣོད་བཟའ་བཏུང་སྣ་ཚོགས་ཀྱིས་གང་བ་བསྣམས་པ་གྲངས་མེད་དང༌། གཞན་ཡང་མཆོད་རྫས་སྣ་ཚོགས། རོལ་མོའི་རིགས་བྱེད་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་ནམ་མཁར་བཞུགས་པར་བསམ་ལ། སྐད་ཅིག་གིས་ཏིང་ངེ་འཛིན་གྱིས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་མཆོད་ཕྱག་བྱས་ཤིང༌། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་འཇིག་རྟེན་ལ་ཕོག་པས་ཨོ་རྒྱན་གྱི་དུར་ཁྲོད་དམ། དབུས་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་མི་རོ་རྟ་རོ་ཁྲལ་ཁྲོལ་དུ་འདུག་པ། རྩི་ཤིང་ཐམས་ཅད་མདའ་དང་
མདུང་དུ་འདུག་པ། ཆུ་རྣམས་ཐམས་ཅད་ཁྲག་དང་རྣག་ཏུ་འདུག་པ། སྒྲ་སྐད་ཐམས་ཅད་ངུར་མོའི་སྐད་དུ་འདུག་པ། ཉིན་བཞིན་དུ་མེ་འབར་བ། མཚན་བཞིན་དུ་རླུང་འཚུབས་པ། རི་བོ་ཧེ་རུ་ཀ་ཕོ་མོ་ལྟར་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་ཏུ་འདུག་པ། ནང་གི་གནས་ཁང་ལ་ཕོག་པས་གནས་ཁང་དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་པ། ཕྱི་དཀར་བ་ཐབས་ཀྱི་རང་བཞིན། ནང་དམར་བ་ཤེས་རབ་ཀྱི་རང་བཞིན། བར་དུར་ཁྲོད་ཀྱི་རུས་པ་དུམ་བུ། ཤ་རིགས་ཀྱི་ཁྲོག་བྱས་པ། སྟེང་དུ་མི་ལྤགས་ཀྱི་གཡང་གཞིའི་བླ་རེ། མི་རྒྱུ་རློན་པའི་ལྡ་ལྡི། ཚིལ་ཆེན་གྱི་འཕན་གདུགས། ས་གཞི་ཆུ་སེར་དང་ཁྲག་གིས་ཞལ་ཞལ་བྱས་ཤིང་བར་མཚམས་ཐམས་ཅད་དྲི་ཆུའི་ཞལ་བ་དང༌། མི་ཆེ་ཆུང་སྣ་ཚོགས་ཀྱི་ཀེང་རུས་ཀྱིས་ཀ་གདུང་སྣ་ཚོགས་བྱས་པ། འཇིགས་ཤིང་ཡ་ང་བ། སྟེང་ན་འཇའ་ཚོན་སྣ་ལྔའི་སྤྲིན་འཁྲིགས་པ། བར་ན་མེ་ཏོག་སྣ་ཚོགས་ཀྱི་ཆར་འབབ་པ། ས་གཞི་སྤོས་ཀྱི་དྲི་ངད་དང་ལྡན་པར་བསམ། ནང་ཡོན་བདག་ཕོ་མོ་དང་སྣང་ཞིང་སྲིད་པའི་རིགས་ཐམས་ཅད་ལ་ཕོག་པས། ཕོ་ཐམས་ཅད་རང་བྱུང་གདོད་ནས་དག་པའི་དཔལ་ཧེ་རུ་ཀའི་སྐུ་དང༌། མོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་གདོད་མའི་རང་བྱུང་གི་
རྣལ་འབྱོར་མའི་སྐུ་ཡིན་ལ་ཡིན་བཞིན་དུ་མངོན་སུམ་དུ་གནས་པར་བསམ། སྣོད་ཐམས་ཅད་བྷནྡྷ་སྐམ་རློན་དང་རིན་པོ་ཆེའི་སྣོད་སྣ་ཚོགས་སུ་གྱུར་པར་བསམ། བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ་གཉིས་སྣང་གི་རྟོག་པ་འཇོམས་པའི་རྫས་སུ་གྱུར་པར་བསམ། དེ་བཞིན་མཆོད་རྫས་ཇི་སྙེད་པ་ཐམས་ཅད་རང་བྱུང་བདེ་བ་ཆེན་པོ་མེད་བཞིན་དུ་སྣང༌། སྣང་བཞིན་དུ་སྟོང་པ་མགྲོན་རྣམས་ཀྱི་ཚོགས་དྲུག་གི་ཤེས་པ་ལ་འབད་མེད་ལྷུན་གྲུབ་ཏུ་ལོངས་སྤྱོད་པའི་རྫས་སུ་བསམ་ལ་ཕཊ་བྱ་ཞིང༌། ཀྱེ་མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཞེས་པ་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཅེས་པའི་བར་གྱི་ཚིག་རྣམས་གྱེར་བསྒོམ་བྱའོ། །དེ་བཞིན་དུ་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོས་རྡོ་རྗེ་པད་སྣོད། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོས་རིན་ཆེན་པད་སྣོད། ནུབ་ཕྱོགས་པདྨ་མཁའ་འགྲོས་པདྨའི་པད་སྣོད། བྱང་ཕྱོགས་ལས་ཀྱི་མཁའ་འགྲོས་རྒྱ་གྲམ་པད་སྣོད་སོགས་ཐོགས་པ་དང༌། འཁོར་མཁའ་འགྲོ་གྲངས་མེད་གོང་ལྟར་སྤྱན་དྲངས་ཤིང་ས་གཞི་བྱིན་གྱིས་བརླབས། ཡོན་བདག་སྣོད་བཅུད་མཆོད་རྫས་སོགས་བཤད་མ་ཐག་པ་ལྟར་བྱིན་གྱིས་བརླབ་པར་བྱ་ཞིང༌། དེ་ཡང་ཤར་ཕྱོགས་ཐམས་ཅད་གཏུམ་དྲག་དུར་ཁྲོད་བདེ་ཆེན་
དཀར་མོའི་ཚོགས་ཁང༌། ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་སེར་མོ་དོན་གྲུབ་ཀྱི་ཚོགས་ཁང༌། ནུབ་ཕྱོགས་པདྨ་འཁྱིལ་པའི་དུར་ཁྲོད་དམར་མོ་སྒྲ་སྒྲོགས་ཀྱི་ཚོགས་ཁང༌། བྱང་ཕྱོགས་ཀི་ལ་སྒྲོགས་པའི་དུར་ཁྲོད་སྣ་ཚོགས་མཐར་ཕྱིན་གྱི་ཚོགས་ཁང་དུ་གྱུར་ནས་གོང་ལྟར་བྱིན་གྱིས་བརླབ་བོ། །འདི་རྣམས་རིགས་བཞི་མཁའ་འགྲོ་དང་དོན་གཅིག་ཅིང་བྱིན་འབེབས་ཀྱི་དམིགས་པ་གསལ་བ་ཤིན་ཏུ་གལ་ཆེའོ། །དེ་ནས་ཚོགས་རྫས་བདུད་རྩིས་བྲན་ལ་གཞན་རིག་དང་རང་རིག་བསྲེ་བ། རང་རིག་དང་དབྱིངས་རིག་བསྲེ་བ། ཕུང་པོའི་ཤ་ཁྲག་ཚོགས་སུ་བསྲེ་བ་རྣམས་གཅོད་མཁན་རང་ཉིད་ཀྱི་ཉམས་རྟོགས་དང་བསྟུན་པར་དགོས་ཤིང༌། འདིའི་བཤད་སྲོལ་འགའ་ཞིག་སྨྲས་ཀྱང་ཆོག་མོད་ཀྱི་ཡི་གེ་མང་དོགས་ནས་མ་སྤྲོས་སོ། །དེ་ལྟར་ཕུང་པོ་ཚོགས་གཏོར་གཅིག་ཏུ་གྱུར་པའི་ངོ་བོ་ཤ་ཁྲག་ལ་རྣམ་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཡར་སྣེ་ཨོཾ་དཀར་པོས་མཚན་པ། ལྟེ་བར་ཨཱཿདམར་པོས་མཚན་པ། མར་སྣེ་ཧཱུྃ་སྔོན་པོས་མཚན་པ་ཉི་མའི་གདན་ལ་ཟུག་པ། ཡར་སྣེ་ཟླ་བའི་དཀྱིལ་འཁོར་གྱིས་བཀབ་པ། ཚོགས་གཞོང་དེ་ཉིད་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་ཚད་དང་མཉམ་པར་བསམ། དེ་ནས་ཨོཾ་
མ་གཅིག་མ་སོགས་འབྲུ་གསུམ་གྱིས་གསོལ་བ་བཏབ་པས། རང་རྣལ་འབྱོར་མར་གསལ་བའི་དཔྲལ་བ་ནས་འོད་ཟེར་དཀར་པོ་གཅིག་འཕྲོས་མ་གཅིག་གི་དཔྲལ་བའི་ཨོཾ་ལ་ཕོག །ཨོཾ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་ལ་ཕོག །སྐུའི་བྱིན་རླབས་ཐམས་ཅད་བསྡུས་ནས་མ་གཅིག་གི་དཔྲལ་བར་ཐིམ། ཨོཾ་དེ་ལས་འོད་ཟེར་དཀར་པོ་ཨོཾ་གྱི་རྣམ་པར་བྱུང་ནས་རྡོ་རྗེའི་མར་སྣེ་ཟླ་བའི་ཁ་ཆོད་ཨོཾ་ལ་ཕོག །ཨཱཿཡན་ཆད་འོད་དུ་ཞུ། དེ་བཞིན་དུ་མགྲིན་པའི་ཨཱཿདང་ཐུགས་ཀའི་ཧཱུྃ་སོགས་གོང་ལྟར་སྤྲོ་བསྡུའི་སྦྱོར་བས་ཉི་ཟླ་རྡོ་རྗེ་ཡི་གེ་རྣམས་འོད་དུ་ཞུ་བས་ཚོགས་གཞོང་དེ་ཉིད་ལྟེམས་སེ་གང་བས་ཟག་མེད་ཚོགས་ཀྱི་འཁོར་ལོ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་སྔོ་བའི་འོད་དང་ལྡན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་གྱིས་གང་བར་བསམ་མོ། །དེ་ནས་བསྟབ་པ་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྐུ་དང་བ་སྤུ་ཐམས་ཅད་ལས་མཁའ་འགྲོ་མ་མདོག་སྣ་ཚོགས་པ་ཕྱག་ན་ཐོད་སྣོད་གཡང་གཞི་སོགས་སྣོད་སྣ་ཚོགས་ཐོགས་པ་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྤྲོས་ནས་ཚོགས་གཏོར་དེ་ཉིད་བཅུས་ཏེ།
རང་རང་གི་དབང་པོ་དང་འཚམས་པའི་ཕྱི་ནང་གསང་བའི་མཆོད་རྫས་དཔག་ཏུ་མེད་པར་གྱུར་ནས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་མཆོད་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་ལྟ་བུ་ལ་མཐའ་དཔའ་བོ་དཔའ་མོའི་བར་དུ་ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་དང༌། རྡོ་རྗེ་ཕག་མོ་ནས་རིགས་ལྔའི་ཁོངས་སུ་གཏོགས་པའི་མཁའ་སྤྱོད་ས་སྤྱོད་ས་འོག་ན་སྤྱོད་པའི་མཁའ་འགྲོ་མ་རྣམས་ལ་མཆོད་པ་དང༌། དཔལ་ཡེ་ཤེས་ཀྱི་མགོན་པོ་དང་ལྷ་མོ་ནས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་དཀྱིལ་འཁོར་གྱི་མཐའ་སྐྱོང་དྲེགས་ཚོགས་སྤྲིན་བཞིན་གཏིབས་པ་རྣམས་ལ་མཆོད་པ་དང༌། རྒྱལ་བ་ཤཱཀྱ་ཐུབ་པ་ནས་དམྱལ་ཁམས་བཅོ་བརྒྱད་ཡན་ཆད་རིགས་དྲུག་གི་ཚོགས་རྣམས་ལ་མཆོད་པ་དང༌། སྟོང་གསུམ་གཞི་བདག་ནས་རང་ཉིད་ཉལ་མལ་གྱི་ལྷ་འདྲེ་ཡན་ཆད་ལ་མཆོད་པ་དང༌། རིགས་དྲུག་མགྲོན་རིགས་ནས་ཁྱད་པར་ལན་ཆགས་པའི་གཟུགས་ཅན་གཟུགས་མེད་རྣམས་ལ་བསྟབ་པའོ། །ཡང་ནད་པ་སོགས་ལ་སྦར་བསྟབ་བྱེད་པའི་ཚེ། གཡས་ཀྱི་སོར་མོ་ལྔ་མཁའ་འགྲོ་ལྔ། གཡོན་གྱི་སོར་མོ་ལྔ་ཤུགས་འགྲོ་ལྔར་བསྐྱེད་ལ་དེ་ལས་སྤྲོས་པའི་མཁའ་འགྲོ་མ་གྲངས་མེད་པས་རང་རང་གིས་ཟ་ཞིང་གཞན་
ལ་སྦྱིན་པ་དང༌། ནད་པའི་མགོ་ནས་རྐང་པའི་བར་དུ་ཟོས་ནས་ལྷག་མ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ། མཐར་དམར་འགྱེད་ཅུང་ཟད་རེ་དང༌། རྗེས་ལ་འཁོར་གསུམ་དམིགས་མེད་དུ་བཞག་སྟེ་དགེ་ཚོགས་རྒྱས་གདབ་བོ། །དེ་ནས་འཁོར་འདས་ཀྱི་མགྲོན་རྣམས་མདོག་མ་སྒྱུར་གཟུགས་མ་རྗེས་རྣམ་པ་མ་བཅོས་པ་རང་སར་སོ་སོར་ཅི་འདོད་དུ་འབུལ་བ་ནི་ཕྱོགས་རིས་མེད་པའི་མཆོད་སྦྱིན་འཁོར་འདས་མཉམ་ཉིད་ཀྱི་སྟོན་མོ་བདག་ཉིད་ཆེན་པོའི་ཚོགས་འཁོར་ཞེས་བྱ་བ་མདོ་ལུགས་ཀྱི་མཆོད་པ་ལས་ཁྱད་པར་འཕགས་ཤིང༌། སྔགས་ཀྱི་ཚོགས་འཁོར་དང་ཚུལ་མཚུངས་པ་ཙམ་ལས་ཅི་ལྟ་བ་བཞིན་ཁྱད་པར་མེད་པ་ནི་མ་ཡིན་ཏེ་གང་ཟག་བློ་གྲོས་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་སྔར་གྱི་གསུང་རྒྱུན་དང༌། སྔགས་དངོས་དང་མཚུངས་པ་ནི་ཚོགས་མགྲོན་དེ་རྣམས་ཡེ་གདོད་མ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་འཆང་དངོས་ཡིན་ཀྱང༌། ད་ལྟ་གཉིས་སྣང་གློ་བུར་གྱི་འཁྲུལ་པའི་དྲི་མས་དབང་བསྒྱུར་ཞིང་འཁྲུལ་པའི་རང་གཟུགས་སྣ་ཚོགས་སུ་སྣང་ཡང་ཡེ་གདོད་མ་ཉིད་ནས་ཡིད་བཞིན་གྱི་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་གཙོ་འཁོར་སོགས་བརྡ་དོན་རྟགས་ཀྱི་ཡེ་ཤེས་ཀྱི་རང་གཟུགས་བདེ་དགྱེས་
གསང་གསུམ། སྒྱུ་ཐོད་གདན་གསུམ་དུས་ཀྱི་འཁོར་ལོ་བཀའ་བརྒྱད་དགོངས་འདུས་སོགས་དཔལ་ཧེ་རུ་ཀ་ཡིན་ལ་ཡིན་བཞིན་དུ་དེའི་སྐུ་བསྒོམ་པ་དང༌། ཚོགས་འཁོར་མཆོད་རྫས་རྣམས་ཤ་ལྔ་བདུད་རྩི་ལྔ་སོགས་ཕྱི་ནང་སྣོད་བཅུད་ཐམས་ཅད་གདོད་མའི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་བསྒོམ་པ་འདི་ནི། བླ་མེད་སྔགས་ཀྱི་ཚོགས་འཁོར་དངོས་ཡིན་ཅིང་ཐུན་མོང་གི་མཆོད་པ་གཞན་ལས་ཁྱད་པར་དུ་འཕགས་པའོ། །དེ་ལྟར་གང་ལ་གང་འདོད་ཅི་ལ་ཅི་དགྱེས་ཀྱི་ཚོགས་འཁོར་ཕུལ་བའི་ཚེ་ཕྱི་ཡི་ཚོགས་རང་རང་གི་ཞིང་ཁམས་ཕོ་བྲང་བཞུགས་གནས་གོས་རྒྱན་ཡོ་བྱད་དང༌། ནང་གི་ཚོགས་བཟའ་བཏུང་གི་རིགས་ལུས་འཚོ་བར་བྱེད་པའི་རྫས། གསང་བའི་ཚོགས་ཕོ་མོ་སྙོམས་འཇུག་གི་བདེ་བ་དགའ་བ་སྐྱེད་པར་བྱེད་པ། དེ་ཁོ་ན་ཉིད་ཀྱི་ཚོགས་གཉིས་སྣང་འཁྲུལ་པའི་དྲི་མ་རང་སར་དག་ནས་གཉིས་མེད་བདེ་བ་ཆེན་པོ་རང་རིག་འོད་གསལ་དུ་གནས་པ་དེ་རྣམས་ལ་ལོངས་སྤྱོད་པའོ། །རྗེ་དྲུང་པ་རིན་པོ་ཆེ་ནས། ཕྱི་བདག་པོས་ཡོངས་སུ་མ་བཟུང་བའི་དངོས་པོ་འབྱོར་ཚད་སོགས་དང༌། ནང་ཁ་རྗེ་ཆུས་སྲིད་སོགས་དང༌། གསང་བ་ཡབ་ཡུམ་སྙོམས་འཇུག་སོགས་དང༌། དེ་ཁོ་ན་ཉིད་འཁོར་གསུམ་དམིགས་
མེད་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཞེས་གསུངས་པ་དང་དོན་གཅིག་ཅིང་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་སོགས་ཤ་སྣ་ཁྲག་སྣ་ཆང་སྣ་འབྲུ་སྣ་སོགས་རྫས་ཐམས་ཅད་གཅིག་ཏུ་ཚོགས་པར་བསགས་ནས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་ཁམས་ན་རིན་ཐང་དང་བྲལ་བའི་རྫས་ཁྱད་པར་ཅན་དེ་འཁོར་འདས་ཀྱི་མགྲོན་རིགས་ཐམས་ཅད་ལ་སྤེལ་བས་གོང་མ་ས་ལམ་ལ་གནས་པ་རྣམས་ཀྱང་ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་དང༌། དམ་ཚིག་ལ་གནས་པ་རྣམས་ཀྱང་ཐེ་ཚོམ་མེད་པར་རོལ་པས་བཟང་ངན་གཙང་བཙོག་སོགས་སྣང་གྲགས་ཀྱི་དངོས་པོ་ཀུན་བརྟགས་དང༌། དེ་ལ་མངོན་པར་ཞེན་པའི་བདེ་སྡུག་འཁོར་འདས་སུ་འཛིན་པའི་གཞན་དབང་གི་དྲི་མ་ཐམས་ཅད་དག་ནས་གདོད་མའི་ཡོངས་གྲུབ་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པ་ནི་བླ་མེད་ཚོགས་ཀྱི་འཁོར་ལོའི་དགོངས་པ་ཡིན་པས་གོ་ཉམས་རྟོགས་གསུམ་གྱིས་འདི་ལ་ནན་ཏན་དུ་བྱའོ། །དེ་ནས་ཚོགས་ཀྱིས་ཕུག་གཏོར་གསོས་ལ་བདུད་རྩི་བྲན་ཞིང་རྒྱས་པར་ན་གསང་སྔགས་ནང་གཏོར་རམ་ཚོགས་གཞུང་གི་ཕྱི་སྣོད་འཇིག་རྟེན་སོགས་དང༌། ཤིན་ཏུ་བསྡུ་ན། ཕྱི་སྣོད་འཇིག་རྟེན་ཉུང་བས་ཀྱང་ཆོག་གོ། །དེ་ནས་བསྐང་གཏོར་བདུད་རྩིས་
བྲན་ལ་བསྐང་བསྐྱེད་དམིགས་པ་འདོན་བསྒོམ་བཞིན་བྱས་ལ་འོག་མིན་ལ་སོགས་གཅོད་བསྐང་རྣམས་གང་མོས་བཏང་ངོ༌། །མཐར་དཔོན་སློབ་རྣམས་ཚོགས་ལ་རོལ་ཞིང་ལྷག་མ་བསྡུ་ནས་བཏེགས་ལ་བདུད་རྩིས་བྲན་ཞིང༌། དམིགས་པ་ནི་རང་ཉིད་རྗེ་བཙུན་མར་གསལ་བའི་ཐུགས་ཀ་ནས་ཀེང་རུས་ཀྱི་མཁའ་འགྲོ་མ་བཞིའམ་ཡང་ན་གཅིག་སྟེ་ཕྱི་ན་ཤ་དང་པགས་པ་མེད་པ། ནང་ན་ཁྲག་དང་དོན་སྙིང་མེད་པ་སྐྱ་ཟིང་ངེར་འདུག་པ་གཅིག་གིས་ཕྱག་ན་བྷནྡྷའི་སྣོད་སྟོང་གསུམ་གྱི་ཚད་དང་མཉམ་པའི་ནང་དུ་ལྷག་མའི་གཏོར་མ་ཤ་ཁྲག་གི་རྒྱ་མཚོ་བཟང་ཞིང་རྒྱ་ཆེ་ལ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཐོགས་ནས་འཇིག་རྟེན་ལས་འདས་ཀྱང་མ་འདས་པའི་ཚུལ་བཟུང་བའི་རིགས་ལྔ་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་ནག་གི་རལ་པ་ཅན། དེའི་འཁོར་དུ་གཏོགས་པའི་བསམ་པ་ཙམ་གྱིས་གང་འདོད་ཀྱི་གནས་སུ་ཕྱིན་པའི་ནམ་མཁའི་ལུས་ཅན་ལྟ་བུའི་མཁའ་འགྲོ་མ་རྣམས་དང༌། གང་འདོད་ཀྱི་གནས་སུ་བྱ་རྒོད་པོ་གནམ་འཕང་བཅད་ནས་ཤུགས་ཀྱིས་འགྲོ་བ་ལྟ་བུའི་ཤུགས་འགྲོ་མ་རྣམས་དང༌། གཞན་ཡང་ལྷག་མ་ལ་དབང་བའི་དབང་ཕྱུག་ཉེར་བརྒྱད། ཞིང་སྐྱོང་གི་དཔའ་བོ་མཁའ་འགྲོ་
དྲེགས་པའི་སྡེ་དཔོན་ཕྱི་འབྲང་གི་འདྲེ་འཚུབས་སྤྲིན་བཞིན་དུ་གཏིབས་པ་དང༌། གོང་མའི་སྟོན་མོ་མ་ཐོབ་པའི་ཁས་ཉན་དབང་ཆུང་སོགས་མདོར་ན་ལྷག་མ་ལ་དབང་བ་རྣམས་ལ་བྱིན་པས་སོ་སོས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་ལ་ཕྱི་རོལ་དུ་དོར། འདིར་ལྷག་གཏོར་ནི་གཅོད་ཚོགས་གཞུང་བསྲང་མཁན་ཐམས་ཅད་ལ་དགོས་པའི་ངེས་པ་མེད་ཀྱང་གྲུབ་ཆེན་རྨ་སེ་རིན་པོ་ཆེའི་ཕྱག་ལེན་བརྒྱུད་འཛིན་རྣམས་ལ་རྗེས་སུ་གདམས་པར་མཛད་པས་རྡོ་རྗེ་ཕག་མོ་དང་དབྱིངས་ཀྱི་མཁའ་འགྲོ་གནས་མཆོག་ཉེར་བཞི་ལ་སོགས་ལྷག་གཏོར་བདུན་པོ་རྣམས་འདིར་མཛད་པ་ཡིན་ནོ། །དེ་ནས་གཅོད་ཀྱི་གཏོར་འབུལ་ནི། ཚོགས་ལྷག་གཏོར་མ་བདུད་རྩིའི་རྒྱ་མཚོ་མཁོ་དགུའི་ལོངས་སྤྱོད་དུ་བསམ་ལ། འཇིག་རྟེན་གྱི་མཁའ་འགྲོ་སྡེ་ལྔ། སྤྱང་ཞོན་མཆེད་གསུམ། མཚན་མོ་སྒྲ་སྒྲོག །ཡར་ལྷ་ཤམ་པོ། ཟངས་རི་བཙན་རྒོད་ལ་སོགས་མ་གཅིག་གི་བཀའ་སྲུང་རྣམས་སྤྱན་དྲངས་ཏེ་གཏོར་མ་བཞེས་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམས་ལ། ཀྱེ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སོགས་ནས། ལན་ཆགས་ཤ་མཁོན་བྱང་གྱུར་ཅིག །བར་བརྗོད་ལ་ཕྱི་རོལ་ཏུ་དོར། དྲག་ལས་ཀྱི་སྐབས་འགར་རྟ་བྲོ་ཡང་འདིར་བྱེད་
སྲོལ་སྣང་ཡང་ཚོགས་ལས་སྐབས་སུ་མི་དགོས་སོ། །དེ་ནས་མཆོད་གཏོར་རྣམས་ཁ་གསོས་ལ། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཨརྒྷཾ་སོགས་དང༌། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་སོགས་ཀྱིས་མཆོད་ཅིང༌། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། མ་འབྱོར་པ་སོགས་ནས། ཆོས་སྐུ་ཡུམ་ཆེན་མོའི་ཆོ་ག་ལ་སོགས་ཀྱི་མཐར། ན་མོ་གུ་རུ་བདེ་བ་ལེགས་པ་སོགས་ནས། མི་ལྡོག་བདེ་ཆེན་གྱི་ས་ལ་འགོད་གྱུར་ཅིག །ཅེས་པའི་བར་བརྗོད། ཡིག་བརྒྱ་ལན་གསུམ། དེ་ནས་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའི་ཡུམ་ཆེན་མོ་ལ་ཕོག །ཡུམ་ཆེན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནམ་མཁའི་ལྷ་ཚོགས་རྣམས་ལ་ཕོག་པས་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས་པར་བསམ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་ཤློ་ཀ་དང༌། བཛྲ་མུཿ འི་མཐར་ཕཊ་ཀྱིས་མཚམས་སྦྱར་ཞིང༌། དམ་ཚིག་པ་གཡས་ཀྱི་བྱང་སེམས་རྣམས་རྒྱབ་ཀྱི་དམ་ཆོས་ལ་ཐིམ། དམ་ཆོས་གཡོན་གྱི་ཉན་ཐོས་ལ་ཐིམ། ཉན་ཐོས་ཕྱོགས་བཅུའི་སངས་རྒྱས་ལ་ཐིམ། དེ་དག་འདས་མ་འོངས་ད་ལྟའི་སངས་རྒྱས་ལ་ཐིམ། སངས་རྒྱས་གསུམ་ཡང་ཡུམ་ཆེན་མོ་ལ་ཐིམ། སྟེང་བཀའ་བརྒྱུད་བླ་མ།
བར་ཡི་དམ་ལྷ་ཚོགས། དེ་ཐམས་ཅད་ཀྱང་ཡུམ་ཆེན་མོ་ལ། ཡུམ་ཆེན་མོའང་མདུན་གྱི་མ་གཅིག་ལ་ཐིམ། གཞན་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་མ་གཅིག་ལ་ཐིམ། མ་གཅིག་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མི་ཕྱེད་པར་རང་གི་སྤྱི་བོའི་མདའ་གང་ཙམ་དུ་བཞུགས་པར་བསམ་ལ། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་ཐུགས་ཀྱི་སྲས། །སོགས་དང༌། ཤར་ནས་གོམ་གསུམ་བྱོན་ཙ་ན། །སོགས་ནས། དབུས་ཀྱི་མཐར་འཕེལ་བ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་མ་གཅིག་ལ་འཕྲོས་པས་འོད་དུ་ཞུ། འོད་ཟེར་ངང་པའི་སྒོ་ང་ཙམ་དུ་གྱུར་པ་རང་གི་སྤྱི་བོ་ནས་མར་བྱོན་པས་ཕོ་ཐམས་ཅད་སྤྱན་རས་གཟིགས་མོ་ཐམས་ཅད་འཕགས་མ་སྒྲོལ་མའི་སྐུར་གྱུར་པར་བསམ་ལ། ཡིག་དྲུག་མང་དུ་བཟླས་ལ་ཕཊ་བྱས་པས་མགྲོན་རྣམས་ཞི་དུལ་དགའ་མགུ་ཡི་རངས་དང་ལྡན་པའི་སྒོ་ནས་རང་གནས་སུ་སོང་བར་བསམ་ཞིང་རང་ཡང་གོང་གི་མཁའ་འགྲོ་དཀར་མོར་བསྒྱུར་ནས་སྤྱོད་ལམ་ལ་འཇུག་ཅིང་སྟོང་ཉིད་ནམ་མཁའི་དཀྱིལ་ལྟར་བཞག་པར་བྱའོ། །ཡང་ལུགས་གཅིག་ལ་གོང་གི་མ་གཅིག་སྤྱི་བོར་བསྒོམ་སྐབས་སུ་དབུས་
མཐིང་ག །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་སྟེ་རིགས་ལྔར་བསམ་ནས་གསོལ་འདེབས་མཐར་བཞི་ཀ་དབུས་ཀྱི་གཙོ་མོར་ཐིམ་པར་བསྒོམ་པའང་ཡོད། དེའང་རྒྱུན་མར་གྱི་ཉམས་ལེན་དུ་ལེགས་ཤིང་ཚོགས་ལས་དང་འབྲེལ་བའམ། གཞན་གྱི་སྲུང་འཁོར་སོགས་ཀྱི་སྐབས་སུ་བབ་ན་པདྨ་ཁ་ཟླུམ་གྱི་མན་ངག་བྱ་བ་ལ་གཉིས་ཏེ། དང་པོ་ཞི་ཟླུམ་ནི། དེའང་གོང་གི་གསོལ་འདེབས་ཀྱི་མཐར་མ་གཅིག་འོད་དུ་ཞུ་བ་དང༌། སྔར་གྱི་གསུང་རྒྱུན་ལ་མ་གཅིག་སྐུ་ཤིན་ཏུ་ཆུང་བ་ཞལ་ཕྱག་རྒྱན་ཆ་ལུགས་སོགས་རྣམ་པར་བཀྲ་བ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་ཞིག་ཏུ་གྱུར་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་དབུ་མའི་ལམ་ནས་མར་བབ་སྟེ་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པར་ཟེའུ་འབྲུ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་དབུས་སུ་ཞབས་སྐྱིལ་ཀྲུང་གིས་བཞུགས་པར་བསམ་ལ། ཕྱོགས་མཚམས་ཀྱི་པད་འདབ་རྣམས་མེ་ཏོག་ཁ་ཟུམ་པ་ལྟར་རམ། ཀྱེ་རྡོར་བུམ་སྐུ་ལྟ་བུར་བསྒོམ་པ་ནི་པདྨ་ཞི་ཟླུམ་ཡིན་ལ། དྲག་ཟླུམ་ནི། གོང་གི་པདྨ་དེ་དོར་ནས་རང་གི་སྙིང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གུར་ཐབས་སུ་གནས་པའི་དབུས་སུ་དགྲ་བགེགས་ཀྱི་བླ་སྲོག་རྣམ་པར་ཤེས་པའི་ངོ་བོ་དང༌། རང་
གཞན་གྱི་རིག་པའི་ངོ་བོ་གཅིག་ཏུ་བསྲེས་ལ་དེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མི་བཏང་ཨང་སྙམས་པ་ནི་པདྨ་དྲག་ཟླུམ་ཞེས་བྱའོ། །འདི་སྐབས་སུ་གོང་གི་སྐུ་དེ་མི་བྱ་བར་ཐིག་ལེ་བྱ་བར་བཞེད་དོ། །དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱའོ། །དེས་ནི་ཚོགས་གཞུང་དང་ལུས་སྦྱིན་སོགས་ཀྱི་དམིགས་ཟིན་དྲུང་རིན་པོ་ཆེའི་དགོངས་བཞེད་ཀྱི་ཞལ་རྒྱུན་བརྗོད་ཟིན་ལ། གཉིས་པ་ལུས་སྦྱིན་དང་དྲག་ལས་སོགས་ཀྱི་སྐབས་དབང་སྡུད་དྲག་པོ་དང་དམར་འགྱེད་ཀྱི་རིམ་པ་ནི། བསྲེ་བ་སྐོར་གསུམ་བྱས་མཐར་རྣམ་ཤེས་ཧཱུྃ་ཡིག་མཐིང་ནག་ཏུ་བསྒྱུར་ཏེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་བདག་ཉིད་དུར་ཁྲོད་བདག་མོ་ཁྲོས་མ་ནག་མོ་སོགས་གཞུང་ལྟར་འདོན་བསྒོམ་བྱེད་ཅིང་སྐུ་ཆེ་བའི་ཚད་ནི་དབུ་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སླེབས་པ་སོགས། དེ་བཞིན་དུ་སྐུ་སྟོད་ཀྱིས་ལྷ་ཁམས་དབང་དུ་སྡུད་པ་སོགས་ཆེ་བའི་ང་རྒྱལ་བསྐྱེད་ལ། སྡུད་བྱེད་ལས་ཀྱི་ཕོ་ཉ་ནི་དེའི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་མཁའ་འགྲོ་མ་ལྕགས་ཀྱུ་མ་དཀར་མོ་སོགས་ཉི་ཟེར་ལ་རྡུལ་འཚུབས་པ་ལྟར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡོངས་སུ་གསལ་བར་གྱུར་པར་འདོན་བསྒོམ་བྱ་ཞིང་བདེན་སྟོབས་བརྗོད་ལ། བསྡུ་བར་བྱ་བའི་གདོན་ནི་བདག་
འཛིན་རྣམ་པར་རྟོག་པའི་དགྲ་བོ་སོགས་ནས་གདོན་སྣ་འདྲེན་དང་བཅས་པའི་བར་གྱི་གདོན་ཐམས་ཅད་སྟེང་འོག་ཕྱོགས་མཚམས་ཀུན་ནས་ལྕགས་ཀྱུས་བཟུང༌། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ལུས་སེམས་མྱོས་པར་བྱས། གཞན་ཁྲོས་མ་རྣམས་ཀྱིས་གཡས་མི་ལྤགས་ཀྱི་གཡང་གཞིས་བྲབ། གཡོན་མི་རྐང་གླིང་བུ་དྲག་ཏུ་བུས་པས་བསྔངས་ཤིང་འདར་རང་དབང་མེད་པར་རླུང་ཆེན་གྱིས་སྦུར་མ་བསྡུས་པ་བཞིན་དུ་རང་གི་མདུན་དུ་བཀུག་ལ། སྔར་གྱི་བེམ་པོ་དེ་ཉིད་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་བསམས་ལ། གདོན་དེ་རྣམས་ཀྱིས་ཤ་ཐམས་ཅད་སྟག་དར་མས་ཤ་ལ་རོལ་པ་ལྟར། ཁྲག་ཐམས་ཅད་བེའུ་རྐན་དྲག་གིས་ནུ་མ་ནུ་བ་ལྟ་བུ། རུས་པ་ཐམས་ཅད་སོ་རྣོན་གྱིས་ཡོས་འཆོས་པ་ལྟ་བུ། པགས་པ་ཐམས་ཅད་ཅི་ལྟར་འཚམས་པ་བཞིན་དུ་གྱོན་ནས་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ཞིང༌། ཀྱེ་འདུས་ཤིག་སོགས་འདོན་བསྒོམ་བྱའོ། །ཡང་འདི་སྐབས་དམར་འགྱེད་སྣ་ཚོགས་འདོད་ན་འོག་ཏུ་གསལ་ལྟར་ལ། དེ་ནས་རང་ཉིད་ཁྲོས་མར་གསལ་བའི་མདུན་དུ་རང་ལ་བྱད་གཏད་སོགས་བསམ་ངན་འཆང་བའི་བནྡེ་བོན་པོ་སྔགས་པ་གཅོད་མཁན་སོགས་རང་
རང་གི་གོས་རྒྱན་དང་བཅས་པ་ལག་ན་ཐུན་ཟོར་སོགས་འབྱུང་བཞི་གང་ལ་བཅོལ་བའི་ལག་ཆ་ཐོགས་པ་རྦད་རྒྱུའི་ལྷ་སྲུང་དང་བཅས་པ། རྔམ་རྔམ་རྫིགས་རྫིགས་ཀྱི་ཚུལ་དུ་གསལ་བར་བསྐྱེད། དེའི་གཡས་སུ་ཕོ་གདོན་རྒྱལ་པོ་བནྡེ་དང་མི་དཔོན་གྱི་གཟུགས་ཅན་ལ་རྒྱལ་འགོང་སེར་གཟུགས་ཧོར་འདྲ་ལྟ་བུའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། གཡོན་དུ་འདྲེ་མོའི་གཙོ་མོ་ནམ་གྲུ་མ་གཡུའི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ་མཛེས་ཤིང་ཡིད་འཕྲོག་པར་བྱེད་པའི་བུད་མེད་གཞོན་ནུ་མ་ལྟ་བུ་དང༌། བསེན་མོ་སྒ་བཤའ་ཤ་རིད་མི་སྡུག་གཟུགས་ཅན་ལ། རེ་གོས་མི་ལྤགས་སོགས་གྱོན་པའི་འདྲེ་མོའི་ཚོགས་ཆེན་པོས་བསྐོར་བ། མདུན་དུ་ས་བདག་གི་རྒྱལ་པོ་སྦལ་ནག་མགོ་དགུ་པ་ལ་ས་བདག་རྗེ་བློན་བཅུ་བདུན་སོགས་ས་བདག་གཞི་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་དགེ་བསྙེན་ཉའི་མགོ་ཅན་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་ལ། རང་འདྲའི་འཁོར་དུ་མ་དང་བཅས་པ་ལ་གཞན་ཡང་མ་ངེས་པའི་མགོ་བརྙན་ཅན་དུ་མས་བསྐོར་བ། བྱད་མའི་འོག་ཏུ་ཀླུ་བདུད་སྤྲུལ་མགོ་དགུ་པ་གཡས་སྤྲུལ་ཞགས་དང༌། གཡོན་ནད་རྐྱལ་ཐོགས་པ་སྐུ་སྨད་སྦྲུལ་ནག་ཏུ་འཁྱིལ་བ་ལ། འཁོར་དུ་ཀླུ་བདུད་ནག་པོ་དེ་འདྲ་བ་
དང་གཞན་ཡང་མ་ངེས་པའི་གཟུགས་ཅན་སྣ་ཚོགས་ཀྱིས་བསྐོར་ནས། རྒྱ་མཚོའི་ཁར་སྤྲིན་དང་ན་བུན་གྱི་ནང་དུ་གནས་པར་བསྒོམ། བྱད་མའི་སྟེང་གི་ནམ་མཁར་སྤྲིན་ནག་འཇའ་འོད་འཁྲུགས་པའི་དབུས་སུ་གཟའ་བདུད་རཱ་ཧུ་ལ་མཐིང་ནག་མངོན་རྟོགས་དང་མཚུངས་པ་ལ་གཟའ་དང་རྒྱུ་སྐར་གྱི་དམག་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་གཡས་གཡོན་མདུན་རྒྱབ་རྣམས་སུ་བདུད་མི་ནག་རྟ་ནག་ཅན་གྱི་དམག་ཚོགས་དཔག་ཏུ་མེད་པ། དེ་བཞིན་དུ་བཙན་མི་དམར་རྟ་དམར་རྐྱ་རྐང་སྣ་ཚོགས་པ་བྱ་དམར་ཁྱི་དམར་དང་བཅས་པ། དར་སྲི་ཕོ་མོའི་ངོ་བོ་སྐྱེས་པ་བུད་མེད་གཞོན་མཛེས་དང་མི་སྡུག་པའི་གཟུགས་སྣ་ཚོགས་ཐོགས་པ། ཆུང་སྲི་བྱིས་པ་ཕོ་ཐེར་ཅན་གྱི་རྣམ་པ། དམ་སྲི་བནྡེ་སྔགས་པ་གཅོད་པའི་རྣམ་པ་ཅན་གྱི་ཚོགས་དང༌། ཐེའུ་རང་ཕོ་མོ་ནི་རྐང་པ་གཅིག་པ་དང་བྱིས་པ་ར་སླག་ཅན་དང་ར་ཞོན་སོགས་ཀྱི་རྣམ་པ་ཅན་དང༌། གཞན་ཡང་སྣང་ཞིང་སྲིད་པས་བསྡུས་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་རང་གཟུགས་ལྷ་འདྲེ་མདོག་དབྱིབས་རྒྱན་ཆ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་འཁོར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་འཇིག་རྟེན་གྱི་ཁམས་གང་བ་ཙམ་དུ་བསྐྱེད་ལ། གོང་
ལྟར་རང་ཉིད་ཁྲོས་མའི་ང་རྒྱལ་གྱིས་བདེན་སྟོབས་བརྗོད་ཅིང༌། གདོན་དེ་རྣམས་གོང་ལྟར་བཀུག་ལ་གཟུགས་དེ་རྣམས་ལ་བསྟིམ་མོ། །དེ་ནས་བེམ་པོ་སྟོང་གསུམ་གྱི་ཚད་དང་མཉམ་པ་དེ་རང་ཉིད་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ང་རྒྱལ་གྱིས་རྐང་པ་ནས་བཟུང་སྟེ་གདོན་དེ་རྣམས་ཀྱི་ཁར་གཡུགས་པས་ཤ་ཁྲག་རུས་གསུམ་སྐྱིན་འདོད་དྲག་ཏུ་བབས་པ་ལྟར་གྱུར་ནས་གདོན་རང་རང་སོ་སོས་ཟ་ཞིང་དགའ་མགུ་ཡི་རངས་དང་ལྡན་པར་བསམ་ལ། ཧཱུྃ། མ་བན་ཆེན་སོགས་བྱ། ཡང་ན་རྡེབ་པ་མ་དང་ཁྲོ་ཆུ་ཞིང་ལྤགས་དང་གཟན་འགྱེད་མ་སོགས་བྱས་ཀྱང་ལེགས་ཤིང་ཆང་བུ་དང༌། ཁྲུས་ཆུ་གཏོར་བའི་ཚེ་རོ་འགྱེད་མ་ཕྱག་ལེན་མཛད་པ་ཡིན་ནོ། །ཡང་འདི་སྐབས་དང་གོང་གི་ཤ་ཟ་འདུས་སོགས་ཀྱི་སྐབས་སུ་ནད་པ་ལ་སྔར་བསྟབ་བྱེད་པའི་ཚེ་གཡས་ཀྱི་སོར་མོ་ལྔ་ལྕགས་ཀྱི་སྤྱང་ཀི་ལྔ་དང༌། གཡོན་གྱི་སོར་མོ་ལྔ་ཟངས་ཀྱི་འཕར་བ་ལྔར་གྱུར་ཅིང་དེ་ལས་དེ་འདྲ་གྲངས་མེད་སྤྲུལ་ནས་རང་གིས་ཟ་ཞིང་གཞན་ལ་བཀྱེ་བའང་བྱའོ། །ཡང་རང་ལ་གང་གནོད་ཀྱི་གདོན་ལ་གྲངས་མང་དུ་གསོག་ཀྱང་རུང་ངོ༌། །དེ་མཐར་ཤ་ཁྲག་རུས་གསུམ་གདོན་དེ་རྣམས་ཀྱིས་ཤ་ཟན་གྱི་ཅབ་སྒྲ་དི་རི་རི། ཁྲག་འཐུང་གི་རྔུབ་སྒྲ་ཀྱུ་རུ་རུ། རུས་
མུར་གྱི་ལྷ་བ་ལྗིབས་སེ་ལྗིབ་སོགས་གཞུང་ལྟར་དམིགས་པ་གསལ་བཞིན་པའི་འདོན་བསྒོམ་བྱའོ། །དེ་ནས་སྔར་ཚོགས་གཞུང་གི་སྐབས་སུ་བཤད་མ་ཐག་པ་ལྟར། དེ་ལྟར་ཐུགས་ཀ་ནས་ལས་བྱེད་ཀྱི་ཀེང་རུས་སྤྲོ་བ་སོགས་ལྷག་མའི་དམིགས་པའི་མཐར། སྲིད་གསུམ་བྷནྡྷ་སོགས་འདོན་བསྒོམ་དང༌། ཐམས་ཅད་ནམ་མཁའ་མཛོད་སོགས་དང༌། གཅོད་ཡུལ་ཉམས་སུ་ལེན་པའི་སོགས་ཀྱིས་བསྔོ་སྨོན་དང༌། གཅོད་དོན་རྒྱུད་ལ་འབྱོར་བའི་དོན་དྲན་པར་བྱས་ལ་ཕཊ་ཀྱིས་མཚམས་སྦྱར་རོ། །དེ་ནས་ཚོགས་གཞུང་གི་སྐབས་ལྟར་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་བ་པདྨ་ཞི་ཟླུམ་དྲག་ཟླུམ་གང་འདོད་དང༌། མགྲོན་གཤེགས་པ། མཐར་སྟོང་ཉིད་ངང་ལ་བཞག་པ་སོགས་གོང་ལྟར་བྱའོ། །ད་ནི་གོང་དུ་སྨོས་པའི་ཁ་སྐོང་གི་རིམ་པ་རྣམས་ལ། སྔར་གྱི་ཞལ་རྒྱུན་རྙིང་པ་གོང་དུ་མ་འཐུས་པ་རྣམས་འདིར་ཅུང་ཟད་སྤྲོ་བ་ནི། དམར་འགྱེད་སྐབས་སུ་བེམ་རིག་ཕྲལ་བའི་བེམ་པོ་དེ་ལུས་ཆེ་བ་ཚོ་བ་དཀར་ལ་སྣུམ་པ་སྙི་ལ་འབོལ་བ་སྤྲོ་ལ་ཞིམ་པ། གཞོན་ཤ་རྒྱས་ཤིང་བཀྲག་མདངས་དང་ལྡན་པ། ལྟ་ན་སྡུག་པ། མཛེས་ཤིང་ཡིད་དུ་འོང་བ། དྲི་ངད་བཟང་པོ་སྣ་ཚོགས་བྲོ་བ། བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་
སེལ་ནུས་པའི་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟོང་གསུམ་ཁྱབ་པར་དམིགས་ལ། ལན་ཆགས་ཀྱི་བདག་པོ་ལ་སོགས་པའི་ལྷ་འདྲེ་རྣམས་ཀྱིས་ཧབ་སྒྲ་དི་རི་རི་གཅན་གཟན་ཤ་ལ་རུབས་པ་བཞིན་རོལ་པར་བསམ་སྟེ། དཔེར་ན་རྟ་རོ་ལུང་སྟོང་དུ་བསྐྱུར་བ་བྱ་རྒོད་ཀྱི་ཟོས་པ་ལྟ་བུར་བསམ་པ་ནི་བེམ་བསྐྱུར་མ་དང༌། ཡང་བེམ་པོ་དེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མས་སྟོད་སྨད་དུམ་བུ་བཞིར་བཅད་ནས་ཕྱོགས་བཞིར་འཕངས་པས་ཕྱོགས་མཚམས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་ཧབ་ཐོབ་ཏུ་ཟོས་པར་བསམ་པ་ནི་གླིང་བཞི་མ་དང༌། ཡང་བེམ་པོ་དེ་རང་ཉིད་རྗེ་བཙུན་མའི་ཕྱག་གི་གྲི་གུག་གིས་བཤས་གཏུབ་བྱས་པས་ཁྲག་རྣམས་རྒྱ་མཚོ་ཆེན་པོར་གྱུར་པའི་ནང་དུ་རུས་པའི་ཚོགས་རྣམས་གཙང་ཕུར་བཙུག་པ་ལྟར་གྱུར་པའི་རྩེ་མོར་ཤ་རྣམས་བ་དན་ནམ། འཕན་དར་ཕྱར་བ་ལྟར་གྱུར་པ་ལས་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཆེན་པོ་བབས་པས་གདོན་རྣམས་ཀྱིས་འཁོར་བ་ཇི་སྲིད་བར་དུ་ལོངས་སྤྱོད་པར་བསམ་པ་ནི་བ་དན་མ་དང༌། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའི་རྐང་པ་ནས་བཟུང་སྟེ་གདོན་རྣམས་ཀྱི་ནམ་མཁར་གཡུགས་པས་ཉ་རོ་ཚོས་པ་སྤྲུག་པ་ལྟར་ཤ་ཁྲག་རུས་གསུམ་བར་མཚམས་མེད་པར་རྒྱ་ཆེ་རྒྱུན་མི་
འཆད་དུ་བབས་པ་ལྷ་འདྲེ་རྣམས་ཀྱི་ཁར་སོང་བས་གང་ལ་གང་འདོད་ཀྱི་ལོངས་སྤྱོད་པ་ནི་རུས་སྤྲུགས་མ་དང༌། ཡང་བེམ་པོ་དེ་ལས་རོ་སྐམ་རློན་རྙིད་པ་བྱིས་པ་དར་མ་རྒན་པོ་སོགས་ཀྱི་རོ་ཡི་ཚོགས་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་མཉམ་པར་སྤྲོས་ནས་ཡུལ་ཡུལ་ཅན་ལྟར་སྣང་བའི་གནས་རྣམས་ཁེངས་ནས། མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་གདོན་དེ་རྣམས་ལ་བཀྱེས་པས་ཟ་ཞིང་ཚིམ་པར་བསམ་པ་ནི་རོ་འགྱེད་མ་དང༌། ཡང་ཁྲོས་མའམ་རྡོ་རྗེ་རྣལ་འབྱོར་མས་བེམ་པོའི་རྐང་པ་གཉིས་ནས་བཟུང་སྟེ་ནམ་མཁའི་དབྱིངས་སུ་ཁྱེར་ཏེ། ལྷ་འདྲེ་དཔག་ཏུ་མེད་པ་རྣམས་འོག་ནས་ཁ་ཡར་ཟེད་དེ་དཔེར་ན་ནས་བརྔས་པའི་སོག་དབྲག་ལྟ་བུ་ཁ་ནག་སག་སག་བྱེད་པ་དེ་རྣམས་ཀྱི་ཁར་བྱིན་པར་དམིགས་ལ་བརྡེབ། ཡང་ན་མདུན་དུ་བེམ་པོའི་མགོ་བོ་ཆད་པ་ཁྲོ་ཆུའི་ཕ་ཝཾ་ཆེན་པོ་སྟོང་གསུམ་དང་མཉམ་པར་གྱུར་པའི་སྟེང་དུ་བརྡབས་པས་ཤ་ཁྲག་རུས་པ་རྣམས་སོ་སོར་ཞིག་ནས་དམར་ཐར་ཐར་སོང་བས་ལྷ་འདྲེ་རྣམས་ཀྱིས་ཟོས་པར་དམིགས་པ་ནི་བརྡེབ་པ་མའོ། །ཡང་དམར་འགྱེད་ཀུན་གྱི་རྩ་བར་གྱུར་པ་ལ་གཟན་འགྱེད་མ་ནི། བསྲེ་འཕོ་སོགས་གཞུང་ལྟར་ལ་རིག་པའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མས་བེམ་པོ་
བཤའ་གཏུབས་བསྲེ་གསུམ་བྱ་བ་དང༌། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར་ནས། རང་གི་སྐུ་དང་བ་སྤུ་ལས་རང་འདྲ་བའི་རྣལ་འབྱོར་མ་འབྱུང་བཞིའི་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ནས་གནས་ཡུལ་གྱི་གདོན་བགེགས་ལ་སོགས་པ་ལ་བྱིན་པས་ཤ་ཟོས་ཁྲག་འཐུང་རུས་པ་མུར། པགས་པ་གྱོན་ནས་བགྱེས་པའི་གད་མོ་ཧ་སྒྲ་དང་བཞད་པའི་གླུ་དང་བཅས་ཏེ་ཚིམ་པར་བསམ་པ་དང༌། ཡང་མཁའ་འགྲོ་དེ་ལས་ཉུང་ཙམ་གྱིས་སྟོང་གསུམ་ཙམ་དུ་བཀྱེ་བར་བསམ་པ་དང༌། ཡང་འབུམ་ཕྲག་མང་ཙམ་གྱིས་དེ་ལས་ས་ཁྱོན་ཆུང་ཙམ་དུ་བཀྱེ་བར་བསམ་པ་དང༌། ཡང་ཕྱོགས་བཅུར་འབུམ་ཕྲག་བཅུས་བཀྱེས་ནས་ཕཊ་བཅུ་བརྗོད་པ་དང༌། ཡང་ཤ་ཁྲག་གིས་འཇིག་རྟེན་ཐམས་ཅད་ཕྱུར་བུར་བཀང་ནས་གདོན་དེ་རྣམས་ཀྱིས་གང་ལ་གང་འདོད་ཀྱི་ཚུལ་དུ་ཧབ་ཐོབ་ཀྱིས་ཟོས་པར་བསམ་མོ། །ཡང་དཀར་འགྱེད་དང་ཁྲ་འགྱེད་དང་ཚོགས་འཁོར་གྱི་འཕྲོས་ལ་ཤ་ཁྲག་གི་རྒྱ་མཚོར་བསྒྱུར་ནས་དེ་ལྟར་དམིགས་ཀྱང་རུང་ངོ༌། །གཉིས་པ་སྔར་གྱི་གཅོད་རྒན་རྣམས་ཀྱི་ཞལ་རྒྱུན་གྱི་འཕྲོས་ནི། སྐྱབས་འགྲོའི་སྐབས་མ་གཅིག་ཐུབ་པ་ཡུམ་ཆེན་རྣམས་སུམ་བརྩེགས་སོགས་ཟིན་བྲིས་མང་བའི་ལུགས་བསྒོམ་པ་དང༌།
ལྷ་བསྐྱེད་སྐབས་གདན་མས་རིམ་ཞེས་པད་ཉི་ཟླ་བ་སོགས་མ་གཅིག་གི་གདན་དང་མཉམ་དུ་དེ་ལས་མཐོ་བའི་གཡས་ཕྱོགས་སུ་པད་ཟླའི་གདན་དང༌། དེ་ཐད་གཡོན་ཕྱོགས་སུ་ཆོས་འབྱུང་ཉི་རོའི་གདན་དང༌། དེ་གཉིས་ཀྱི་དབུས་ཀྱི་ཆར་ཤིན་ཏུ་མཐོ་བའི་སར་སེང་ཁྲི་རྒྱན་དྲུག་ཅན་གཅིག་ལས་གཅིག་མཐོ་བའི་ཚར་བཞི་བསྒོམ་ཞིང་དེ་ལ་གདན་མས་རིམ་ཞེས་པ་དང༌། སེང་ཁྲི་སྟེང་མའི་དབུས་སུ་ཧཱུྃ་མཐིང་ཀ་དང༌། དེ་འོག་ཁྲི་སྟེང་དབུས་སུ་ཨོཾ་དཀར་པོ་ལ་ཧཱུྃ་སྔོན་པོ། ཏྲཱཾ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་བཞིས་བསྐོར་བ་དང༌། དེ་འོག་ཁྲི་སྟེང་དུ་མཱུྃ་ཡིག་དམར་སེར། དེ་འོག་ཁྲི་སྟེང་དུ་ཨ་དཀར་པོའམ་སེར་པོ་བསྒོམ་པའང་འདུག་གོ། །དེ་འོག་པད་གདན་གྱི་སྟེང་དུ་ཧཱུྃ་དཀར་པོ་བསྒོམ་སྟེ་འདི་ས་བོན་མས་རིམ་ཡིན་གསུང༌། དབུས་ཀྱི་ཧཱུྃ་ཡིག་དེ་མ་གཅིག་ཏུ་བསྒོམ་པ་ནས་བཟུང་སྟེ་སྟེང་དུ་ཧཱུྃ་ཡིག་སྔོན་པོ་དེ་རྡོ་རྗེ་འཆང་གི་བར་དུ་བསྒོམ་པ་ནི་ལྷ་ཡས་རིམ་ཡིན་གསུངས། གཞན་རྣམས་སྔ་མ་དང་མཚུངས། ཡང་སྡིག་སྦྱོང་སྐབས་མ་གཅིག་གི་ཐུགས་སྲོག་ཧཱུྃ་ལ་ག་ཏེའི་སྔགས་ཕྲེང་དང༌། ཡུམ་ཆེན་མོ་ལའང་དེ་བཞིན་ག་ཏེ་སོགས། གཞན་ལྷ་རྣམས་དེའི་རིགས་འགྲེས་པའི་རང་སྔགས་བཀོད་ཅིང་བསྐོར་བའི་ལུགས་ཀྱང་
གསུང་རྒྱུན་འགའ་རེ་ལ་འདུག །འདི་ལ་འགའ་ཞིག་གིས་དགག་པ་མཛད་འདུག་ཀྱང་བདག་གིས་ནི་སྤང་བླངས་མེད་པར་གསུང་རྒྱུན་ནི་ཡིན་འདུག་པས་ཁམས་དྭངས་ཤིང་དལ་བའི་སྐབས་རྣམས་སུ་དེ་ལྟར་དམིགས་པ་དང༌། དུས་རྒྱུན་གཙོ་ཆེར་དྲུང་རིན་པོ་ཆེའི་ཟིན་བྲིས་གོང་དུ་སྨོས་པ་དམིགས་པ་ཡིན་ནོ། །ཡང་འགྱེད་ཀྱི་སྐབས་སུ་གསུང་རྒྱུན་ལ་འགྱེད་ཚུལ་དྲུག་ཏུ་གསུངས་པ་དང༌། དྲུང་རིན་པོ་ཆེའི་ཟིན་བྲིས་ལའང་དེ་ལྟར་གནང་འདུག་པ། འདི་གཉིས་གནད་ཤིན་ཏུ་གཅིག་པས་བདག་ཀྱང་དེའི་རྗེས་སུ་འབྲང་བའོ། །ཡང་དྲུང་གི་ཟིན་བྲིས་དང་གསུང་རྒྱུན་རྣམས་སུ་གཅོད་ཚོགས་ཀྱི་སྤྱི་ཆིངས་སུ་ཐོག་མར་སེམས་བསྐྱེད་ཅིང་མགྲོན་བསྡུ་བ་དང་གཅིག །སྐྱབས་ཡུལ་བསྒོམ་ཞིང་ཚད་མེད་བཞི་ལ་བློ་སྦྱོང་ཞིང་ཚོགས་ཞིང་སྤྱན་འདྲེན་པ་དང་གཉིས། ཡན་ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་གསུམ། ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་དང་བཞི། ལུས་མཆོད་པ་འབུལ་བའི་སྦྱིན་པ་བཏང་བ་དང་ལྔ། གསོལ་བ་འདེབས་ཤིང་བྱིན་ཕབ་པ་དང་དྲུག །བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་བ་དང་བདུན་ན་སྔོན་དངོས་རྗེས་གསུམ་གྱི་ཆོ་གའི་གོ་རིམ་ཐམས་ཅད་ཚང་བར་བསྟན་པ་ཡིན་ལ། འགྱེད་ཚུལ་བདུན་དུ་གསུངས་
པའི་རྒྱུན་དང་ཡིད་གཏད་ཕེར་བའི་ཡིག་ཆའང་རྙེད་དཀའ་བ་དང༌། དེར་མ་ཟད་འགྱེད་ཚུལ་གྱི་ས་བཅད་དེའང་དཀར་འགྱེད་མགྲོན་བཞི་མའི་སྐབས་གོང་གི་བདུན་པོའི་ས་བཅད་དང་འགྲིགས་དཀའ་བ་སོགས་འདི་ཡིན་གྱི་ངོས་བཟུང་མི་འདུག་པས་བཏང་སྙོམས་སུ་བཞག་གོ། །ཡང་ཌཱ་ཀི་བྱིན་འབེབས་ཀྱི་སྐབས་སུ་རྡོ་རྗེ་ཕག་མོ་རིགས་བཞི་མཁའ་འགྲོ་དང་སྐུ་དང་ཕྱག་མཚན་སོགས་ལས་སྤྲུལ་པའི་རིགས་ལྔའི་མཁའ་འགྲོ་གྲངས་མེད་དང་ཕྱོགས་བཞི་དབུས་དང་ལྔ་ལས་དེ་འདྲ་བའི་རིགས་ལྔ་འབུམ་ཕྲག་མང་པོ་སྤྱན་དྲངས་ནས་སྐྱབས་ཡུལ་གྱི་འཁོར་དུ་བཞུགས་པ་ལ། དད་མོས་དྲག་པོས་གསོལ་བ་བཏབ་པས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དེ་རྣམས་ས་གཞིར་བཞུགས་པས་ཕྱི་ནང་སྣོད་བཅུད་བྱིན་གྱིས་བརླབས་པ་སོགས་དང༌། རང་རྣལ་འབྱོར་མའི་ཐུགས་ཀ་ནས་རིགས་ལྔ་ཌཱ་ཀི་འབུམ་ཕྲག་བཅུ་སྤྲོས་ནས་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ་སྔར་གྱི་ཌཱ་ཀི་དེ་རྣམས་མཆོད་པར་དམིགས་པ་དང༌། ཌཱ་ཀི་འབུམ་ཕྲག་བཅུ་པོ་ཡང་འབུམ་ཕྲག་གཅིག་ཏུ་བསྡུས་ནས་རང་རྣལ་འབྱོར་མ་དང་དབྱེར་མེད་དུ་བྱས་ཏེ་འོག་གི་མཆོད་སྦྱིན་སྐབས་སུ་སླར་ཡང་རང་ལས་དེ་འདྲ་གྲངས་མེད་དུ་སྤྲུལ་ནས་མཆོད་པ་
བྱེད་པའི་ལུགས་ཀྱང་འདུག་གོ། །ཡང་རྣམ་ཤེས་སྤར་བ་དང་བསྲེ་བའི་སྐབས་བསྲེ་བ་མི་བྱ་བ་ནི། སྨྱོན་པའི་རྣམ་ཤེས་མི་སྤར། སྦྲུམ་མའི་རྣམ་ཤེས་མི་སྤར། མཛེ་ཕོ་དང་ནད་ངན་སོགས་ཀྱི་རྣམ་ཤེས་མི་བསྲེ་བའི་གསུང་རྒྱུན་ཀྱང་འདུག་གོ། །དེ་ལྟར་ཚོགས་ལས་གཞུང་གི་དམིགས་ཐུན་ནི་དྲུང་རིན་པོ་ཆེའི་ཟིན་བྲིས་དང་སྔར་ནས་དཔར་གྱི་ཁྲིད་རྒྱུན་ཡོད་པ་གཉིས་གཞིར་བཞག་ཡིན་པ་བདག་གི་སློབ་དཔོན་གྱིས་སྔར་ཀུན་མཁྱེན་སི་ཏུ་རིན་པོ་ཆེར་གཅོད་སྐོར་སྣ་ཚོགས་བེ་བུམ་གྱི་ལུང་དང༌། ལྕགས་རྡོར་མ་རི་སྐོར་སོགས་ཀྱི་ཁྲིད་ལུང་ཕུལ་སྐབས་སུ་སྐུ་ཞབས་ཀུན་མཁྱེན་ཆེན་པོའི་ཞལ་སྔ་ནས་གཅོད་སྐོར་འདི་ལ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་གསུང་རྒྱུན་དང་ཟིན་བྲིས་འདི་རྣམས་གཙོ་བོར་བཏོན་དགོས་ཤིང་འཆད་ཉན་ཀྱང་འདི་ལ་བྱེད་དགོས། གཞན་གཅོད་ཀྱི་ཟིན་བྲིས་ཀྱི་ཡིག་ཆ་མང་དུ་ཡོད་ཀྱང་ཕལ་ཆེར་ལ་ངེས་ཤེས་འདྲོངས་དཀའ་གསུང་ལྟར་བདག་གི་སློབ་དཔོན་གྱིས་ཀྱང་དེ་ཕྱིན་ཆད་ནས་དེ་ལྟར་དུ་མཛད་པས་འདི་དེའི་ལུགས་ཡིན་ལ། དམར་འགྱེད་སྣ་ཚོགས་ཀྱང་བན་སྒར་བའི་གསུང་དང་གཞན་ལུགས་འགའ་ལའང་མང་དུ་ཡོད་འདུག་པ་དང༌། གསུང་རྒྱུན་ལའང་ལུས་སྦྱིན་སོགས་དྲག་ལས་ཀྱི་སྐབས་འདིར་ཁ་འཕང་
མཛད་འདུག་པ་དེ་ལྟར་ཡིན་ལགས། ཡང་ལམ་མཆོག་བདུད་ཀྱི་གཅོད་ཡུལ་ཟིན་བྲིས་རྒྱས་པར་བཀྲལ་བ་ཞེས་བྱ་བ་དེའི་ལུང་ཁྲིད་སོགས་ཀྱི་རྒྱུན་ཡོད་བཞིན་དེ་ལུགས་མ་བཅོས་པར་ཉམས་སུ་བླངས་པས་འཐུས་ཤིང༌། གཞན་ཁ་འཕང་གང་ཡང་མི་དགོས་སོ། །སྤྱིར་གདམས་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་འདི་ཉིད་ཉན་རང་སོགས་ཐེག་པ་འོག་མ་རྣམས་ཀྱིས་ཀྱང་གང་ཟག་བདག་མེད་ཀྱི་དོན་ཕྱོགས་མཚོན་ཙམ་རྟོགས་ཤིང༌། བར་པ་མཚན་ཉིད་མེད་པའི་འཁོར་ལོ་ཤེར་ཕྱིན་གྱི་མདོ་རྣམས་ནས་ཆོས་དང་གང་ཟག་གཉིས་ཀའི་བདག་འཛིན་བཟློག་ནས་ཟབ་མོ་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་དོན་སྟོན་ཅིང་བྱང་སེམས་འཕགས་པ་རྣམས་ཀྱི་ཐུགས་ལ་འཁྲུངས་ཤིང༌། ཐ་མ་ངེས་དོན་གཏན་ལ་འབེབས་པའི་མདོ་སྡེ་རྣམས་ལས་བདེ་གཤེགས་སྙིང་པོ་གཞོམ་གཞིག་བྲི་གང་དང་བྲལ་བའི་ཡེ་ཤེས་སྙིང་པོ་མངོན་སུམ་དུ་བསྟན་པའི་འཕགས་བཞི་སྐྱེད་བྱེད་ཡུམ་ཆེན་མོའི་དགོངས་དོན་དེ་བཞིན་ཏུ་སྔགས་གསར་རྙིང་གི་རྒྱུད་སྡེ་རྣམས་ནས་ཀྱང་གདོད་མའི་ཟུང་འཇུག་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པའི་དོན་དང༌། དེའི་ཐབས་གསང་སྤྱོད་རིག་སྤྱོད་སོགས་ཐབས་ཤེས་ལམ་གྱི་ཆ་ཐམས་
ཅད་ཀྱང་རྫོགས་པར་བསྟན་པའི་ཟབ་མོའི་དོན་འདི་ཉིད་ཡིན་ལ་ཡིན་བཞིན་ཤེས་པའི་སྒོ་ནས་སྙིང་ནས་ཉམས་སུ་བླང་བར་བྱ་དགོས་ཤིང༌། དེ་ལྟར་མ་ཡིན་པའི་ཚེ་འདིའི་ནད་གདོན་རྐྱེན་ངན་ཞི་བ་ཙམ་དང་རྙེད་བཀུར་འདོད་ཡོན་སོགས་ཀྱི་དོན་ཡིན་པར་རློམ་ནས་ཉམས་ལེན་ཕྲན་བུ་བྱས་ཀྱང་གཅོད་ཀྱི་གོལ་ས་གསུམ་གྱི་ལམ་དུ་སོང་ཞིང་བདག་འཛིན་བདུད་བཞི་སོགས་ལྷ་འདྲེ་དྲུག་ལམ་དུ་མི་སློང་བས་དེ་ལྟར་མ་ཡིན་པར་དང་པོ་ཚེ་འདིའི་འདོད་ཡོན་བདེ་སྐྱིད་སོགས་བདུད་བཞིའི་རྒྱུར་གྱུར་བའི་ཆགས་ཞེན་གྱི་འཁྲི་བ་ཀུན་གཅོད་ཅི་ཐུབ་དང༌། བར་དུ་ལས་ཉོན་འཁྲུལ་པའི་རྣམ་རྟོག་ཀུན་གཅོད་ཅི་ནུས་དང༌། ཐ་མ་སྙེམས་བྱེད་གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན་དབྱིངས་སུ་བཅད་ནས། འོད་གསལ་ཆོས་སྐུ་སྐྱེ་བ་མེད་པ་ཡུམ་ཆེན་མོའི་དགོངས་པ་མངོན་སུམ་དུ་རྟོགས་ནས་མངོན་པར་རྫོགས་པ་སངས་རྒྱས་པ་དང༌། གནས་སྐབས་སུའང་ཕྲིན་ལས་རྣམ་བཞིས་འགྲོ་དོན་དཔག་མེད་འབྱུང་བ་ཞིག་དགོས་པར་གསུངས་པས་དེ་བཞིན་ཉམས་སུ་བླང་བར་བྱའོ། །དེ་ལྟར་གཅོད་ཀྱི་ཟིན་བྲིས་རྣམ་གསལ་འདིའང་བསྟན་འགྲོའི་དཔལ་མགོན་དམ་པ་སྙིང་པོ་དོན་གྱི་སྒྲུབ་བརྒྱུད་ཟུར་མང་བཀའ་བརྒྱུད་ཀྱི་གཙུག་རྒྱན་འདྲེན་མཆོག་གར་དབང་མཆོག་གི་སྤྲུལ་སྐུའི་
ཞལ་སྔ་ནས་འདི་ལྟར་བགྱིད་དགོས་པའི་བཀའ་གནང་ཡིད་བཞིན་དབང་གི་རྒྱལ་པོ་སྤྱི་བོའི་རྒྱན་དུ་བཀོད་ནས་བན་རྒན་བསྟན་འཛིན་རྣམ་དག་གིས་བགྱིས་ཤིང༌། ན་ཚོད་དང་མིག་དབང་མི་གསལ་བས་ངག་ནས་རིམ་པར་སྨྲས་རིམ་བཞིན་ཤཱཀྱའི་བཙུན་ཆུང་ཡེ་ཤེས་དབང་ལྡན་གྱིས་ཡི་གེར་བྲིས་ཤིང་འདུ་བགྱིས་པའི་དགེ་བས་རྒྱལ་བསྟན་སྤྱི་དང་སྙིང་པོ་དོན་གྱི་བསྟན་པ་དར་ཞིང༌། བསྟན་འཛིན་རྣམས་ཞབས་པད་ཡུན་དུ་བརྟན་ཅིང་ཁྱད་པར་མཆོག་གི་བླ་མ་དམ་པ་འདི་ཉིད་འགྱུར་མེད་རྡོ་རྗེའི་ཁྲི་ལ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཕྲིན་ལས་རྣམ་བཞིས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་རྒྱས་ཤིང༌། སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་ནམ་མཁའི་མཐའ་ཀླས་སུ་འཕེལ་བའི་རྒྱུར་གྱུར་ཅིག །དགེའོ།། །།
ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
༄༅། །ལུས་མཆོད་སྦྱིན་གྱི་ཟིན་བྲིས་མདོར་བསྡུས་ཀུན་དགའི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་ཡུམ་ཆེན་མོ་ལ་ཕྱག་འཚལ་ལོ། །དེའང་གཅོད་ཡུལ་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་འཁོར་ལོ་བར་པའི་ལྟ་དགོངས། སྔགས་ཀྱི་རིག་བརྟུལ་སྤྱོད་པ་དང་རྗེས་སུ་འབྲེལ་བ། མི་འདོད་པ་དང་དུ་བླང༌། རྐྱེན་ངན་ལ་ཐོག་བརྫིས་བཏང༌། ལྷ་འདྲེ་རང་སེམས་སུ་རྟོགས། བདག་གཞན་མཉམ་ཉིད་དུ་ཤེས་པས་བདག་འཛིན་གྱི་སྙེམས་ཐག་བཙན་ཐབས་སུ་གཅོད་པ་སྟེ། དེ་ལྟར་མ་གོ་བར་འདྲེ་གདོན་ཐུལ་དུ་རེ་བ་དང༌། སྙན་གྲགས་ཁྱད་འདོན་ཟ་ཆོག་གི་ཕྱིར་རང་སྣང་འཁྲུལ་པ་དགྲར་ལྟ་བའི་ཧཱུྃ་ཧཱུྃ་ཕཊ་ཕཊ་བགྲང་ནས་རྩིང་ཐལ་གྱི་སྤྱོད་པ་སྣ་ཚོགས་ལ་ཞུགས་པ་ནི་གཅོད་ལོག་ཏུ་གྲགས་པ་ལམ་འདིའི་ནོར་ས་རྔམ་པོ་ཆེ་ཡིན་པས་ཐོག་མ་ནས་བློ་རྩེ་གཏོད་ཕྱོགས་དེ་མ་ནོར་བར་བྱ། གསར་རྙིང་ཐམས་ཅད་ལ་གྲགས་
ཤིང་ལུགས་སྲོལ་ཆེས་མང་ནའང་ཟུར་མང་གི་བཀའ་སྲོལ་འདི་བཀའ་བབ་ཏུ་བརྩི་ཞིང་དོན་ལའང་གདམས་ངག་ཟབ་ལ་རྒྱས་པ་རྒྱུན་མ་ནུབ་ཅིང་རྟོགས་གོམས་གདིང་ཁེལ་བྱིན་རླབས་ཀྱི་བཀའ་མ་ཆད་པས་ཁྱད་པར་འཕགས། ལུགས་འདིའི་ཚོགས་ལས་ཀྱི་དམིགས་སྐོར་སོགས་ནི་གཞན་དུ་གསལ་ལ། རྒྱུན་ཁྱེར་ལུས་སྦྱིན་སྐབས། སྔོན་འགྲོ་ལ་སེམས་བསྐྱེད། སྐྱབས་འགྲོ། ཚོགས་བསགས། སྒྲིབ་སྦྱོང༌། མཆོད་འབུལ་བཅས་དོན་ཚན་ལྔ། དངོས་གཞི་ལ་འཕོ་བ། ལུས་མཎྜལ། དཀར་འགྱེད་སྐོར་གསུམ་གཅིག་ཏུ་བསྡམས། དམར་འགྱེད་རྣམས་གཅིག་ཏུ་བསྡམས། ཚོགས་ལས་བཅས་དོན་ཚན་ལྔ། རྗེས་བསྔོ་སྨོན། བསྡུ་རིམ། ལམ་ཁྱེར་བཅས་གསུམ་སྟེ་ས་བཅད་བཅུ་གསུམ་དུ་རགས་པར་ཚང་ལ། དེའང་ཐོག་མར་སེམས་
བསྐྱེད་སྐབས་སྡང་བའི་དགྲ་གཟུགས་ཅན། གནོད་པའི་བགེགས་གཟུགས་མེད། བར་གཅོད་ཀྱི་རྐྱེན་བསམ་དོན་ཕྱིན་ཅི་ལོག་ཏུ་བཏང་མཁན། ལས་ཀྱི་གདོན་ལྷན་སྐྱེས་མ་རིག་པས་བསྐྱེད་པའི་བདུད་བཞི། ཚེ་སྲོག་འཕྲོག་པའི་འཆི་བདག་གི་བདུད། གནས་གདོན་སྡོད་གནས་གཉན་ས་དེར་གནས་པའི་ལྷ་འདྲེ། ལུས་གདོན་ཁུ་རྡུལ་རླུང་གསུམ་གྱི་ཚོགས་པའི་ལུས་འདི་གྲུབ་ནས་བཟུང་དུག་གསུམ་གྱི་རང་གཟུགས་མཉམ་ཆས་སུ་ཡོད་པ་སྟེ་དེ་རྣམས་ཀྱིས་ཐོག་དྲངས། ནམ་མཁས་ཁྱབ་ཚད་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཆོས་སྐུ་ཡུམ་ཆེན་མོའི་གོ་འཕང་ལ་བདག་ཁོ་ནས་བཀོད་པའི་ཆེད་དུ་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་སྙམ་པའི་བྱང་ཆུབ་སེམས་ཀྱི་རྩིས་ཐོག་མཐའ་ཀུན་ཏུ་ཟིན་པར་བྱ། གཉིས་པ་སྐྱབས་འགྲོ་ལ། ཐོག་མར་མགྲོན་བསྡུ་བ་ནི། རྐང་དུང་ཁ་ལན་གསུམ་བརྡབ་པའི་ཚེ་མ་འཇིགས་ཤིག །མ་སྔངས་ཤིག །ཤིན་ཏུའང་མ་སྔངས་ཤིག །ཅེས་པའི་སྒྲ་དང༌། ལན་གསུམ་འབུད་པའི་ཚེ་དང་པོས་ཉོན་ཅིག་དང༌། གཉིས་པས་འདུས་ཤིག་དང༌། གསུམ་པས་མྱུར་དུ་འདུས་ཤིག་ཅེས་པའི་སྒྲ་སྲིད་རྩེ་ནས་མནར་མེད་བར་ཐོས་པས་རི་ཆེན་པོ་ལ་ན་བུན་གཡོགས་པ་ལྟར་ཐིབས་སེ་འདུས་པར་བསྒོམ། སྐྱབས་ཡུལ་སྐབས་
འདིར་བསྡུས་པའི་ལུགས་ཏེ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་ཡུམ་ཆེན་མོ་གསེར་མདོག་ཕྱག་བཞིའི་དང་པོ་གཉིས་ས་གནོན་མཉམ་བཞག །འོག་མ་གཡས་རྡོ་རྗེ། གཡོན་གླེགས་བམ་བསྣམས་པ་ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ་ལ་འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བའི་མདུན་དུ། སྡང་དགྲ་གནོད་བགེགས་ལ་སོགས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱིས་ལུས་གུས་པས་ཐལ་སྦྱར། ངག་གུས་པས་སྐྱབས་འགྲོ། ཡིད་གུས་པས་དད་མོས་རྩེ་གཅིག་གི་ངང་འདི་ནས་བཟུང་བྱང་ཆུབ་མ་ཐོབ་ཀྱི་བར་བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱིས་སྐྱབས་སུ་འགྲོ་བར་མོས་ལ་སྐྱབས་འགྲོ་ལན་གསུམ་སོགས་བཏོན་ཞིང་དགེ་བའི་སྨོན་ལམ་དང༌། ཡན་ལག་ལྔ་པ་ཕུལ་ཞིང༌། སེམས་བསྐྱེད་པའི་སྡོམ་པ་བཟུང་སྟེ། དེའང་སྔར་དམ་བཅས་པ་ཉིད་མོས་པས་སློབ་པའི་ཚུལ་གྱིས། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་ཚུལ་ཁྲིམས་རྣམ་པ་གསུམ་ལ་བསླབ་པ་བཞིན་ཏུ་བདག་གིས་ཀྱང་སེམས་བསྐྱེད་ཅིང་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པ་ནན་ཏན་ཏུ་གསལ་བདབས། གསུམ་པ་ཚོགས་ཞིང་གསལ་བཏབ་ཅིང་ཚོགས་བསགས་པ་ནི། འདིར་སྐྱབས་ཡུལ་
ལྔ་བརྩེགས་འབྲིང་པོའི་ལུགས་སུ་བསྒོམ་སྟེ། མདུན་གྱི་ནམ་མཁར་ཏྲཱཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ། པཾ་ལས་པདྨ། མ་ལས་ཉི་མ། ཨ་ལས་ཟླ་བ་སྟེ་གདན་བཞི་བརྩེགས་ཀྱི་སྟེང་དུ་ཧཱུྃ་དཀར་པོ་འོད་དུ་ཞུ་བ་ལས་མ་གཅིག །དེའི་སྙན་གོང་གཡས་ཕྱོགས་སུ་པད་ཟླའི་གདན་ལ་ཕ་དམ་པ། སྙན་གོང་གཡོན་ཕྱོགས་པད་ཉི་རོ་གདན་སྟེང་དུ་ཕག་མོ་ལྷ་ལྔ། མ་གཅིག་གི་དབུ་ཐོག་ཏུ་ཤཱཀྱ་ཐུབ་པ། དེའི་གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། དེའི་དབུ་ཐོག་ཏུ་རྣམ་པར་སྣང་མཛད་ལ་ཕྱོགས་བཞིར་རིགས་བཞིའི་སངས་རྒྱས་ཀྱིས་བསྐོར་བའི་མདུན་དུ་སྒྲོལ་ལྗང༌། རྒྱབ་ཏུ་རྣམ་སྣང་གངས་ཆེན་མཚོ་བསྒོམ་ཟུར་མང་ལུགས་ཡིན། རྗེ་གོང་མ་ཀུན་མཁྱེན་ཆེན་པོའི་ཞལ་རྒྱུན་ཏུ་རྣམ་སྣང་ཚབ་ཏུ་ཡུམ་ཆེན་མོ་བསྒོམ་པར་མཛད། །དེ་རྣམས་སེང་ཁྲི་པད་ཟླའི་གདན་ལ་བཞུགས་ཤིང༌། ཕ་བརྒྱུད་མ་བརྒྱུད་གཉིས་མེད་བརྒྱུད་སོགས་སོ་སོའི་འཁོར་གྱིས་བསྐོར་བའི་ཕྱི་རོལ་ཏུ་དཔའ་བོ་དཔའ་མོ། བར་མཚམས་སུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། མ་གཅིག་གི་གདན་འོག་ཏུ་གཙང་རིས་དཔལ་མགོན་བདུན་ཅུ། འཇིག་རྟེན་སྐྱོང་བ་སོགས་མགོན་པོ་ཡོན་ཏན་མགྲོན། ༡ ལྷ་སྲིན་སྡེ་བརྒྱད་བུ་ལོན་ཤ་མཁོན་གྱི་བདག་པོ་
སོགས་བགེགས་རིགས་ལན་ཆགས་ཀྱི་མགྲོན། ༢ ལྷ་དང་ལྷ་མིན་སོགས་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་སྒོ་གསུམ་གུས་པ་ཆེན་པོས་གནས་པར་བསྒོམ། ལྷ་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་མགྲོན་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་སོ་སོ་ལ་ཐིམ་པར་བསྒོམས་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་སོགས་འདོན་བསྒོམ་སྦྲགས་པའི་ཡན་ལག་བདུན་པ་སྤྱི་ལྟར་ཕུལ། བཞི་པ་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་ནི། མ་གཅིག་གི་ཐུགས་ཀར་པད་ཟླའི་སྟེང་ཧཱུྃ་དཀར་པོའི་མདུན་ནས་བརྩམ་ག་ཏེའི་སྔགས་ཕྲེང་ཡིག་ངོ་ནང་བསྟན་འཁོད་པ་ལས་འོད་འཕྲོས། ཚོགས་ཞིང་རྣམས་ལ་ཕོག་པས་བྱིན་རླབས་ཐུགས་རྗེ་ཆུ་རྒྱུན་གྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་འོད་ཟེར་དང་བདུད་རྩི་དཀར་པོའི་རྒྱུན་བབ། མ་གཅིག་གི་སྐུ་ལུས་གང་ནས་ཞབས་གཡོན་པའི་མཐེ་བོང་ལས་བརྡོལ་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་ཞུགས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང༌། གནས་སྐབས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བཀྲུས་ཏེ་དུད་ཁུ་སོལ་ཁུའི་རྣམ་པ་བ་སྤུའི་བུ་ག་དང་འོག་སྒོ་ནས་འཐོན་
ཏེ་དབང་ཆེན་གསེར་གྱི་ས་གཞིར་ཐིམ་པར་བསམ། ཡང་གདོན་ཆེན་ལ་དྲག་དམིགས་ཀྱིས་གཅུན་ཚེ་རང་གི་འོག་ན་ཚེ་འཆི་སྲོག་གི་བདག་པོ་ཆུ་སྲིན་གདོང་ཅན་ཁ་གདངས་པའི་ནང་དུ་ཁྲུས་ཆབ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་ཏེ་སོང་བས་ངོམས་ནས་ལན་ཆགས་བྱང༌། འཆི་བ་བསླུས། ཁོ་རང་བྱང་ཆུབ་ཀྱི་སེམས་སད་ནས་གསེར་གྱི་ས་གཞིའི་འོག་ཏུ་སོང་བར་བསྒོམ་པ་ནི་ཧ་ལ་ནག་འགྱེད་དུ་གྲགས། ལྔ་པ་འདོད་ཡོན་གྱི་མཆོད་པ་ནི། འཇིག་རྟེན་ཁམས་ཀྱི་གཟུགས་སུ་སྣང་ཚད་ཐམས་ཅད་སྣང་སྟོང་སྐུ་ལས་ཀྱི་ཕྱག་རྒྱ། སྒྲ་རུ་གྲགས་ཚད་གྲགས་སྟོང་གསུང་ཆོས་ཀྱི་ཕྱག་རྒྱ། ཡིད་ཀྱི་དྲན་རྟོག་ཐམས་ཅད་རིག་སྟོང་ཐུགས་ཕྱག་རྒྱ་ཆེན་པོ། བདེ་སྡུག་ཐམས་ཅད་བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱར་གདོད་ནས་གྲུབ་པ་དེ་གསལ་འདེབས་པའི་ཚུལ་གྱིས་ཚོགས་ཞིང་རྣམས་ལ་འབུལ་ཞིང་མཚོན་བྱེད་དུ། རང་ལུས་ཤེལ་ལྟར་དྭངས་པའི་གནས་གསུམ་ནས་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང༌། ༡ སྒྲའི་ལྷ་མོ་དམར་མོ་པི་ཝཾ། ༢ ཡིད་ཀྱི་ལྷ་མོ་སྔོན་མོ་ཆོས་འབྱུང༌། ༣ ཁ་དོག་མ་ངེས་པའི་ལྷ་མོ། ༤ འདོད་ཡོན་ལྔ་དང་བཀྲ་ཤིས་རྟགས་ཀྱི་ཕྱག་རྒྱ་ཐོགས་པ་མང་པོ་སྤྲུལ་ནས་ཕུལ་བས་ཤིན་ཏུ་མཉེས་ཤིང་ཚིམ་པར་བསམས་ལ་
མཐར་འཁོར་གསུམ་ཡང་དག་ངང་ལ་མཉམ་པར་བཞག །རང་གི་བདེ་དགེ་མཁའ་ཁྱབ་ཀྱི་སེམས་ཅན་ལ་བསྔོ་ཞིང་དེ་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་བདག་ཁོ་ནའི་སྟེང་དུ་ལེན་པའི་གཏོང་ལེན་དམིགས་པ་སྙིང་ཐག་པ་ནས་བྱ་བའང་མགྲོན་བཞི་དགྱེས་པའི་མཆོད་པའི་མཆོག་དམ་པ་དང་ཚོགས་བསགས་ཀྱི་ཕུལ་དུ་གྱུར་པ་སྟེ། དེ་དག་གིས་ནི་ཐེག་པ་ཐུན་མོང་བའི་ལམ་དང་མཐུན་པའི་བསགས་སྦྱོང་གི་རིམ་པ་གྲུབ་པའོ། །དངོས་གཞིའི་ཐོག་མ་འཕོ་བ་ནམ་མཁའ་སྒོ་འབྱེད་ལ། དབང་པོ་ཐ་མ་མཚན་བཅས་རྟེན་ལ་འཕོ་བ། དབང་འབྲིང་མཚན་བཅས་རྟེན་མེད་དུ་འཕོ་བ། དབང་རབ་མཚན་མེད་རྟེན་མེད་དུ་འཕོ་བ་གསུམ་གྱི་དང་པོ་ལའང་རྒྱས་འབྲིང་བསྡུས་གསུམ་ཡོད་པའི་རྒྱས་པ་ནི། རང་ལུས་ཀྱི་དབུས་སུ་རྩ་དབུ་མ་དཀར་གསལ་མཚན་ཉིད་བཞི་ལྡན་ཡར་སྣེ་ཚངས་བུག་དང༌། མར་སྣེ་གསང་གནས་སུ་ཐུག་པའི་སྣེ་གཉིས་ཧད་པོར་ཡོད་པ། རང་གི་རྐང་མཐིལ་གཡས་སུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ། །གཡོན་ཏུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་སྲན་མ་ཙམ་རེ། དེ་གཉིས་ཀྱི་སྟེང་དུ་དུ་ནག་པོ་དམྱལ་བའི་ས་བོན། གསང་གནས་སུ་པྲེ་སེར་པོ་ཡི་དྭགས། ལྟེ་བར་ད་སྐྱ་བོ་དུད་འགྲོ། སྙིང་གར་
ནྲྀ་ལྗང་གུ་མི། མགྲིན་པར་ཨ་དམར་པོ་ལྷ་མ་ཡིན། སྤྱི་བོར་ཨོཾ་དཀར་པོ་ལྷའི་ས་བོན། དེ་རྣམས་ལས་འོད་འཕྲོས་རིགས་དྲུག་སོ་སོར་སྐྱེ་བའི་ལས་ཀྱི་ས་བོན་རང་གཞན་གྱི་ཤེས་རྒྱུད་ལ་ཡོད་པ་ཐམས་ཅད་བསྡུས་ཏེ་སོ་སོར་ཐིམ། ཕཊ་བརྗོད་པས་རྐང་ཞབས་ཀྱི་ཐིག་ལེ་དཀར་དམར་དུ་ལ་ཐིམ། ཐིག་ལེ་ནག་པོ་གཉིས་སུ་གྱུར། དམྱལ་བའི་རྒྱུ་འབྲས་གནས་ཡུལ་སྡུག་བསྔལ་བཅས་འུབ་ཀྱིས་བསྡུས་ནས་ཐིམ། ཕཊ། ཐིག་ལེ་གཉིས་ཡར་འགྲིལ་གསང་གནས་ཀྱི་པྲེ་ལ་ཐིམ་བྱ་མ་གསར་གྱི་སྒོ་ང་ཙམ་དུ་གྱུར། ཕཊ་ལྟེ་བ། ཕཊ་སྙིང་ག །ཕཊ་མགྲིན་པ། ཕཊ་སྤྱི་བོ་རྣམས་སུ་ཕཊ་རེ་རེས་ཡར་སྦར་ཞིང་དུད་འགྲོ། མི། ལྷ་མིན། ལྷ་རྣམས་ཀྱི་སྡུག་བསྔལ་རྒྱུ་འབྲས་གནས་ཡུལ་བསྟིམ། ཡར་སྤར་རིམ་བཞིན་ཐིག་ལེ་ཁ་དོག་ཇེ་གསལ་ཇེ་ཆེར་གྱུར་ནས་མཐར་འོད་ལྔའི་རང་བཞིན་ཅན་གྱི་ཐིག་ལེ་བྱ་ཆེན་གྱི་སྒོ་ང་ཙམ་མ་གཅིག་གི་ཐུགས་ཀར་བསྟིམ་སྟེ་མཉམ་པར་བཞག་གོ། །འབྲིང་པོ་ནི། སྟོང་ར་དབུ་མ་རྐང་མཐིལ་ཐིག་ལེ་བཅས་སྔར་ལྟར་གསལ་ཐེབ་ནས། ཕཊ་བརྗོད་པས་ཐིག་ལེ་གཉིས་གསང་གནས་སུ་འདྲེས་ཏེ་ཐིག་རླུང་སེམས་གསུམ་འདུས་པའི་ངོ་བོར་འཕར་ལ་ཁད་པ་དེ་ཕཊ་རེ་རེས་ལྟེ་བ་སོགས་གནས་རེ་རེ་བཞིན་སྔར་ལྟར་སྤར་ནས་
མཐར་མ་གཅིག་གི་ཐུགས་ཀར་བསྟིམ། འདི་རྒྱུན་ཁྱེར་ལུས་སྦྱིན་སྐབས་མཛད། བསྡུས་པ་ནི། དབུ་མའི་མར་སྣ་སྙིང་པདྨ་འདབ་བརྒྱད་ལ་ཟུགས་པའི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་མདངས་ལྡན་ཡོད་པ་ཕཊ་བརྗོད་པས་མ་གཅིག་ཐུགས་ཀར་མདའ་འཕངས་པ་བཞིན་བསྟིམ། འདི་འགྱེད་ཕྱི་མ་རྣམས་ཀྱི་སྐབས་སུ་མཛད་དོ། །གཉིས་པ་ནི། དབྱིངས་རིག་མོས་པས་བསྲེ་བ་སྟེ་ཕཊ་ཅེས་པས་རྣམ་ཤེས་ནམ་མཁར་སྦར། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། དོན་དམ་མ་གཅིག་ཆོས་ཀྱི་སྐུའི་དགོངས་པ་དང་མཉམ་ཉིད་ཆེན་པོར་བཞག་པ་སྟེ་རྒྱུན་གྱི་ཉམས་ལེན་ཞལ་ཁྲིད་དང་ལྡན་པའི་རྒྱུན་ནོ། །གསུམ་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་ལས་གཞན་དུ་མེད་ཅིང་དེའང་གདོད་ནས་སྨྲ་བསམ་བརྗོད་བྲལ་ཡུམ་གྱི་ཀློང་ལས་གཞན་ཏུ་མ་འདས་མི་འདའ་འདའ་བར་མི་འགྱུར་བར་ཐག་ཆོད་པ་དག་གིས་སྟོང་གསལ་རིག་པའི་སྙིང་པོ་ཅན་གྱི་དགོངས་པ་འཕོ་འགྱུར་མེད་པ་ལ་དུས་རྟག་ཏུ་མཉམ་པར་བཞག་པ་ནི་འཕོ་བ་ཀུན་གྱི་རྒྱལ་པོ་ནམ་མཁའ་སྒོ་འབྱེད་ཆེན་མོ་ཡུམ་གྱི་དགོངས་དོན་དངོས་གཞི་དམ་ཆོས་བདུད་ཀྱི་
གཅོད་ཡུལ་གྱི་བསྟན་དོན་མཐར་ཐུག་པ་སྟེ་ཐུན་མིན་གྱི་ཐེག་པ་དངམཐུན་པའི་མཉམ་བཞག་ཆོས་ཀྱི་དབྱིངས་སུ་ལ་ཟླ་བའོ། །གཉིས་པ་ལུས་མཎྜལ་འབུལ་བ་མན་ཆད་ནི་རྗེས་ཐོབ་བོགས་འདོན་སྤྱོད་པའི་ཡན་ལག་སྔགས་ཀྱི་རིག་པ་བརྟུལ་ཞུགས་སོགས་དང་རྗེས་སུ་འབྲེལ་བ་སྟེ། དེའང་མ་གཅིག་གི་ཐུགས་ཀ་ནས་རང་སེམས་ཧྲཱིཿ ཡིག་དམར་པོའི་རྣམ་པར་ཕྱིར་ཐོན་པ་རྡོ་རྗེ་ཕག་མོར་གྱུར། ཕྱག་གཡས་པའི་གྲི་གུག་གིས་རང་གི་བེམ་པོ་ལ་ཚད། པགས་པ་ཕྱལ་གྱིས་བཤུས་ནས་བཏིང་བའི་སྟེང་བེམ་པོ་སྤུངས་པས་པགས་པ་གསེར་གྱི་ས་གཞི་ཁྲག་དང་ཆུ་སེར་སྤོས་ཆུའི་རྒྱ་མཚོ། སོར་མཛུབ་མཐའི་ལྕགས་རི། བྱང་ཁོག་རི་རབ་ལྷུན་པོ། ཡན་ལག་བཞི་གླིང་བཞི་གླིང་ཕྲན། མགོ་བོ་ལྷ་གནས་མིག་ཉི་ཟླ། སྙིང་ཡིད་བཞིན་ནོར་བུ། ནང་ཁྲོལ་རྣམས་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རིན་པོ་ཆེའི་གཏེར། འདོད་ཡོན་ལྔ་སོགས་ཕུན་སུམ་ཚོགས་པའི་བཀོད་པ་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་རྒྱ་ནམ་མཁའི་མཐའ་ཀླས། དུས་འཁོར་བ་ཇི་སྲིད་གྲངས་དང་ཚད་ལས་འདས་པར་ཕུལ་བས་བདག་གཞན་སེམས་ཅན་ཐམས་ཅད་ཚོགས་རྫོགས་སྒྲིབ་པ་བྱང་བར་བསྒོམ། རྗེས་འཁོར་གསུམ་ཡོངས་དག་ངང་ལ་
བཞག །གསུམ་པ་དཀར་འགྱེད་རིགས་ལས་སྐབས་འདིར་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་མམ་མགྲོན་བཞི་མར་གྲགས་པ་འདི་བྱ་སྟེ་ནམ་མཁའ་སྒོ་འབྱེད་རྒྱས་བསྡུས་གང་རུང་སོང་མཚམས་རིག་པ་རྡོ་རྗེ་རྣལ་འབྱོར་མ་ཕྱིར་སྤྲོས་པ་ཡན་གོང་ལྟར་ལ། མདུན་དུ་རང་གི་ཐུགས་ཀ་ནས་སྤྲོས་པའི་ཡྃ་ལས་རླུང༌། རྃ་ལས་མེ་དཀྱིལ་གྱི་སྟེང་མི་མགོའི་སྒྱེད་པུ་རི་རབ་ཙམ་གསུམ་རང་བྱུང་དུ་གྲུབ་པའི་ཁར། བེམ་པོ་ལ་གྲི་གུག་ཚད་ཙམ་གྱིས་ཐོད་པ་སྒར་གྱིས་འཕར་བ་སྟོང་གསུམ་དང་མཉམ་པར་གྱུར་པ་དེ་བཙུག་པའི་ནང་དུ་གྲི་གུག་རྩེ་མོས་བེམ་པོ་འཕང་ཞིང་ཚད་ཙམ་གྱིས་ཤ་རུས་སིལ་བུར་བཏུབ། ཐུགས་ལས་ཁཾ་དང་ཨོཾ་ཨཱཿཧཱུྃ་སྤྲོས་ནས་ཐོད་པའི་ཁར་བརྩེགས། ཡང་འོད་འཕྲོས་པས་རླུང་གཡོས། མེ་སྦར། ཐོད་པའི་ཤ་རུས་བདུད་རྩིར་ཞུ་ཞིང་ཁོལ། ཁཾ་ལས་ཆུ་རྒྱུན་བབ་ཉིས་སྐྱོན་བཀྲུས། འབྲུ་གསུམ་ལས་འོད་འཕྲོས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ། འབྲུ་གསུམ་འོད་དུ་ཞུ་ནས་ཐིམ་པས་དཀར་དམར་མཐིང་གསུམ་འདྲེས་པའི་བདུད་རྩིའི་རྒྱ་མཚོར་གྱུར། རླངས་པ་ལས་མཆོད་རྫས་སྣ་ཚོགས་སུ་གྲུབ་པས་ནམ་མཁའི་ཁམས་ཁེངས། ཁུ་བ་རོ་བརྒྱ་ལྡན་པའི་བདུད་རྩི།
སྙིགས་མ་འདོད་པའི་ཡོན་ཏན་མཁོ་དགུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར་པ་དེ། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་སྣ་ཚོགས་པ་ནམ་མཁའ་གང་བས། རྩ་བརྒྱུད་བླ་མ་རྣམས་ལ་དགྱེས་དགུའི་མཆོད་སྤྲིན། ཡི་དམ་རྒྱུད་སྡེ་བཞི་ལ་ཕྱི་ནང་གསང་མཆོད། དཔའ་བོ་མཁའ་འགྲོ་རྣམས་ལ་ཚོགས་ཀྱི་ཡོ་བྱད། དམ་ཅན་སྲུང་མ་རྣམས་ལ་བརྟེན་སྐོང་མཆོད་རྫས། གཙང་རིགས་དཔལ་མགོན་རྣམས་ལ་དགྱེས་པའི་ཡོ་བྱད། བགེགས་རིགས་ལན་ཆགས་རྣམས་ལ་འདོད་པའི་ཡོན་ཏན། སྟོང་གསུམ་གཞི་བདག་རྣམས་ལ་བསངས་མཆོད་བརྔན་རྫས། ཀླུ་རིགས་དཀར་ཕྱོགས་རྣམས་ལ་ཀླུ་སྨན་དཀར་གསུམ། ཀླུ་གདོན་ནག་ཕྱོགས་རྣམས་ལ་ཤ་ཁྲག་རྒྱ་མཚོ། འགྲོ་བ་རིགས་དྲུག་རྣམས་ལ་སོ་སོའི་ཡིད་ལ་གང་འདོད་ཕུལ་ཞིང་བྱིན་པས་མགྲོན་བཞི་ཤིན་ཏུ་དགྱེས་ཤིང་ཚིམས། ལན་ཆགས་བུ་ལོན་འཁོར་ནས་རྒྱུད་ལ་བྱང་ཆུབ་སེམས་སྐྱེས་རིགས་དྲུག་སོ་སོའི་སྡུག་བསྔལ་ཞི་ནས་ཐར་པ་དམ་པའི་ཆོས་ལ་སྤྱོད་པའི་མོས་པ་བྱས་ལ་ཕཊ་བགྲང༌། བདུད་རྩིའི་ལྷག་མ་དེ་སྐད་ཅིག་གིས་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད། སྨུག་ཤིག་གེ་ཞག་ཀྱི་ལེ། རླངས་པ་ཕ་ལེ། ངོ་བོ་ཟག་མེད་ཀྱི་བདུད་རྩི། རྣམ་པ་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ལྟར་
མཐོང་ཐོས་མྱོང་བ་ཐམས་ཅད་ལུས་སེམས་ཀྱི་ཉོན་མོངས་པ་ཞི་ནུས་པར་གྱུར་པར་བསམས་ནས་རྐང་གླིང་ལན་གསུམ་བཏང་བས་ཚེ་བསོད་ནམས་དབང་ཐང་ལ་བུ་ལོན་ལན་ཆགས་པའི་གནས་གདོན་ལུས་གདོན་སོགས་གདོན་བརྒྱད་ཀྱིས་གཙོར་བྱས་བགེགས་རིགས་ཐམས་ཅད་འདུས་པར་བསམ། ན་མོ། གནས་གཉན་ས་འདིར་གནས་སོགས་ཀྱི་ཚིག་དོན་ལྟར་དེ་རྣམས་ཀྱིས་སྐད་ཅིག་ལ་བསྐལ་པར་འདུ་ཤེས་པས་ཤ་ཁྲག་ལ་ལོངས་སྤྱོད་ཅིང་རོལ་པས་ཚིམས་ནས་ཤ་འཁོན་དག །ལན་ཆགས་བྱང༌། རྣམ་སྨིན་ཀྱི་རྒྱུན་ཆད་པར་བསམ་སྟེ་དཀར་འགྱེད་དམར་འགྱེད་འདི་གཉིས་ནི་ཐམས་ཅད་ཀྱི་རྩ་བའོ། །འདི་ཕྱིན་གྱི་དཀར་འགྱེད་དམར་འགྱེད་ཟུང་རེ་གོ་རིམ་ངེས་པ་མེད་པར་རང་གིས་གང་འདོད་སྦྱར་དུ་བཏུབ་པས་རྒྱུན་ཁྱེར་ལུས་སྦྱིན་སྐབས་ལྟ་བུར་རེས་མོས་བྱས་ནས་ནུབ་ཁ་ཤས་ལ་ཚར་བར་བྱའོ། །དེ་ཡང་རྣམ་ཤེས་སྤར། རིག་པ་རྣལ་འབྱོར་མར་བསྒྱུར་བ་ཡན་འདི་ཕྱིན་ཆད་ཐམས་ཅད་ལ་རིགས་འགྲེ། བེམ་པོའི་པགས་པ་བཤུས་ནས་བཏིང་བའི་སྟེང་དུ་རྐང་ལག་གསུམ་བཅད་དེ་བཙུག་པ་མི་མགོའི་སྒྱེད་པུ་གསུམ་དུ་གྱུར་པའི་ཁར་ཐོད་པ་བཙུག་པའི་ནང་རང་ལུས་གཏུབ། གྲི་གུག་གིས་ལན་གསུམ་
དཀྲུགས་པས་དག་པའི་བདུད་རྩིར་གྱུར། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཕྱག་གཡོན་པའི་ཐོད་པར་བསྡུས་པའི་བདུད་རྩི་ཚངས་བུག་ནས་ལུད་མདུན་གྱི་ཐོད་པར་ཐིམ། དམ་ཡེ་དབྱེར་མེད་བདུད་རྩིའི་རྒྱ་མཚོར་གྱུར་པ་དེ་རང་ལས་སྤྲུལ་པའི་མཁའ་འགྲོ་དཀར་མོ་ཐོད་པ་ཐོགས་པ་མང་པོས་བཅུས་ནས་མགྲོན་བཞི་ལ་བཀྱེས་པས་དགྱེས་པར་བསམ་པ་ནི་དཀར་འགྱེད་ཐོད་ཞལ་མའོ། །གྲི་གུག་གིས་བེམ་པོའི་ཡན་ལག་བཞི་བཅད། ཕྱོགས་བཞིར་བཙུག་པའི་སྟེང་དུ་པགས་པ་བཤུས་ནས་བསྐྱོན། དེ་ནང་ཤ་ཁྲག་མཚོ་ལྟར་བསྐྱིལ་བ་རང་གི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་དཀར་སེར་དམར་ལྗང་གཡང་གཞིའི་རྩ་བཞི་ནས་འཇུས་ཏེ་བགྱེས་པར་བསམ་པ་ནི་དམར་འགྱེད་མཆོག་ཕུར་མའོ། །ཡང༌། མ་གཅིག་ཐུགས་ཀ་ནས་རང་གི་རྣམ་ཤེས་ཧ་ཡིག་ཕྱིར་སྤྲོས་པ་མཁའ་འགྲོ་དཀར་མོ་གཡས་གྲི་གུག་དང་གཡོན་བུམ་པ་བདུད་རྩིས་གང་བ་ཐོགས་པར་གྱུར། བུམ་པའི་བདུད་རྩི་བེམ་པོའི་སྤྱི་བོར་བླུགས་པས་རྐྱལ་གྲོད་འོ་མས་གང་བ་ལྟ་བུར་གྱུར། གྲི་གུག་ཚད་པས་ཤག་གིས་རལ། ས་གཞི་ཤེལ་ལྟར་དག་པའི་སྟེང་དུ་བདུད་རྩིའི་རྒྱ་མཚོ་སྲིད་རྩེ་ནས་མནར་མེད་བར་ཁྱབ། ཡེ་ཤེས་བདུད་རྩི་བཀུག་སྟེ་བསྟིམ། རང་
ལས་སྤྲུལ་པའི་ལྷ་མོ་དཀར་མོ་བུམ་པ་ཐོགས་པ་མང་པོས་མགྲོན་བཞི་ལ་བཀྱེས། ཆོས་སྐྱོང་རྣམས་ལ་ཐོད་རློན་ཤས་གང་བས་མཆོད་པར་བསམས་ཏེ་བདུད་རྩི་བུམ་བགྱེད་མའོ། །ཡང༌། རང་རིག་རྣལ་འབྱོར་མས་པགས་པ་ས་གཞིར་བཏིང་བ་ལ་ཤ་ཁྲག་རུས་གསུམ་སྤུངས། ལས་བྱེད་མཁའ་འགྲོ་མ་བཞི་པོས་གཡང་གཞི་བཀྱག་སྟེ། མགྲོན་རྣམས་ལ་བསྟབ་པ་ནི་བསྟབ་པ་གཡང་གཞི་མའོ། །ཡང༌། དམིགས་པའི་གཞི་ཐོད་ཞལ་མ་ལྟར་ལ་ལས་བྱེད་ཁ་དོག་སྣ་ཚོགས་པས་གཟུགས་སྒྲ་དྲི་རོ་རེག་བྱས་བསྡུས་པའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཐོགས་ཏེ་མགྲོན་རྣམས་ལ་འབུལ་བ་ནི་འདོད་ཡོན་ལྔ་མཆོད་མའོ། །ཡང༌། རྣལ་འབྱོར་མས་བེམ་པོ་གཏུབས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར། སྐུ་ལས་སྤྲུལ་པའི་མཁའ་འགྲོ་རི་རབ་ཀྱི་རྡུལ་དང་མཉམ་པས་གདོན་ཆེན་པོ་བརྒྱད་ལ་སོགས་པ་ལ་བྱིན་པས་དགྱེས་པའི་གད་མོ་དང་མགུ་བའི་གླུ་དང་བཅས་ཏེ་ཚིམ་པར་བསམ་པ་ནི་གཟན་འགྱེད་མའོ། །ཡང༌། བུམ་འགྱེད་མ་ལྟར་ལ་མཆོད་ལྷ་རྣམས་རིགས་དྲུག་རང་རང་གི་གནས་སུ་སོང་ནས་བཀྱེས་པས་སོ་སོའི་སྡུག་བསྔལ་ཞི། འོད་ཟེར་ཕོག་པས་རིགས་དྲུག་གནས་སྟོང༌། དམྱལ་བ་
མངོན་དགའ། ཡི་དྭགས་བདེ་བ་ཅན། བྱོལ་སོང་སྟུག་པོ་བཀོད། མི་དཔལ་དང་ལྡན་པ། ལྷ་མིན་ལས་རབ་རྫོགས། ལྷའི་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་བསྒྱུར་བར་བསྒོམ་པ་ནི་རིགས་དྲུག་གནས་སྟོང་མའོ། །ཡང༌། བེམ་པོ་དེ་ཆེ་ཚོ་བཀྲག་སྣུམ་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་སྟོང་གསུམ་གང་བ་ཅན་ཏུ་གྱུར་པ་ལྷ་འདྲེ་རྣམས་ཀྱིས་ཧ་སྒྲ་དི་རི་རི་ཟོས་པར་བསམ་པ་ནི་བེམ་བསྐྱུར་མའོ། །ཡང༌། རྣལ་འབྱོར་མས་བེམ་པོའི་པགས་པ་བཤུས་ནས་བཏིང༌། གྲི་གུག་གིས་རེའུ་མིག་གྲུ་ཆོད་ཀྱི་རྣམ་པར་བྲིས། སོ་སོའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། བརྟེན་སྐང་སྒྲུབ་རྫས། དཀར་གསུམ་མངར་གསུམ། བདུད་རྩི་ཤ་ཁྲག་མི་ནོར་ཡུལ་མཁར་ལ་སོགས་མགྲོན་བཞི་གང་ལ་གང་དགྱེས་སུ་གྱུར་པ་དེ་ཉིད་སོ་སོས་ལོངས་སྤྱོད་པས་ཐུགས་མཉེས་པར་བསམ་པ་ནི་ཁྲ་འགྱེད་དུ་གྲགས། ཡང༌། བེམ་པོ་དེ་ཉིད་རང་རྗེ་བཙུན་མས་གྲི་གུག་གིས་གཏུབས། ཁྲག་རྒྱ་མཚོ་ཆེན་པོར་འཁྱིལ་པའི་ནང་དུ་རུས་པ་རྣམས་རྩང་ཐུར་ལྟར་བཙུགས་པའི་རྩེར། ཤ་རྣམས་འཕན་དར་ཕྱར་བ་ལྟར་གྱུར་པ་ལས་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཆད་མེད་པར་བབ་པས་གདོན་
བགེགས་རྣམས་ཀྱིས་བསྐལ་པའི་བར་ལོངས་སྤྱོད་པར་བསམས་པ་ནི་བ་དན་མ་སྟེ། དེ་དག་གིས་དཀར་འགྱེད་དམར་འགྱེད་ཟུང་དུ་བསྡེབས་པ་རྣམས་ཚར། དམར་འགྱེད་གཞན་ཡང༌། རྡོ་རྗེ་ཕག་མོའི་གྲི་གུག་གིས་བེམ་པོའི་ཡན་ལག་བཅད། ཕྱོགས་བཞིར་འཕངས་པ་དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་གཙོ་བོར་གྱུར་པའི་གདོན་རྣམས་ཀྱིས་ཧབ་ཐོབ་ཏུ་ཟོས་པར་བསམ་པ་ནི་གླིང་བཞི་མའོ། །ཡང༌། བེམ་པོའི་དབྱིབས་བྱིས་པ་རྒན་པོ་དར་མ་སོགས་ཀྱི་རོ་སྐམ་རློན་རྙིང་གསུམ་རྡུལ་གྱི་གྲངས་དང་མཉམ་པར་གྱུར་པ་ལྷ་འདྲེ་རྣམས་ཀྱིས་རང་གིས་ཇི་ལྟར་འདོད་པ་ལྟར་ལོངས་སྤྱོད་པར་བསམ་པ་རོ་འགྱེད་མ་སྟེ་འདི་གཉིས་གོང་གི་དཀར་འགྱེད་ཇི་ལྟར་རིགས་པའི་གཤམ་དུ་སྦྲེལ་ཆོག །ཡང༌། རང་སེམས་ཁྲོས་མར་གསལ་བས་བེམ་པོའི་རྐང་པ་བཟུང་སྟེ་གཡུག་པས་ཤ་ཁྲག་རུས་གསུམ་སིལ་བུར་འཐོར་ཏེ་གདོན་རྣམས་ཀྱི་ཁར་རྒྱ་ཆེ་ལ་རྒྱུན་མི་ཆད་པར་སོང་བས་ཚིམ་པར་བསམ་པ་ནི་རུས་སྤྲུགས་མ་སྟེ་ཅུང་ཟད་དྲག་དམིགས་སོ། །ཡང༌། ཁྲོས་མའི་ཕྱག་གིས་བེམ་པོའི་རྐང་པ་གཉིས་ནས་བཟུང་ནམ་མཁར་ཁྱེར། ལྷ་འདྲེ་རྣམས་འོག་ནས་ཡར་ཁ་དམར་དོང་དོང་ཟེད་པ་ལ་རྡེབ་ནས་བྱིན་པར་བསམ་པ་དང༌། ཡང་ན་
མདུན་དུ་བེམ་པོའི་མགོ་བོ་ཆད་པ་ཁྲོ་ཆུའི་ཕ་ཝང་ཆེན་པོར་གྱུར་པའི་སྟེང་དུ་བེམ་པོ་བརྡབས་པས་ཤ་ཁྲག་དམར་ཐར་ཐར་སོང་བ་ལྷ་འདྲེ་རྣམས་ཀྱིས་ཟོས་པར་དམིགས་པ་རྡེབ་པ་མ་སྟེ་འདི་གཉིས་དྲག་དམིགས་རྩུབ་པས་གདོན་ཚོགས་དགུ་མ་བཏང་བའི་སྐབས་སུ་མཛད་པ་ཕྱག་བཞེས་སོ། །བར་མཚམས་སུ་བརྒྱུད་པའི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་པོས་སྙིང་ཐག་པ་ནས་གསོལ་བ་བཏབ་ཅིང་བདག་འཛིན་དང་རེ་དོགས་འགོག་པའི་སྨོན་ལམ་བྱ། འཁོར་གསུམ་མི་རྟོག་པར་ཡུད་ཙམ་རེ་བཞག་གོ། །ལྔ་པ་རང་གཞན་ཕུང་པོ་ཚོགས་སུ་འབུལ་བའི་ལས་རིམ་ནི། ཐོག་མར་བསྲེ་བ་སྐོར་གསུམ་ཞེས་པ་བདག་རིག་དང་གཞན་རིག་བསྲེ། རིག་པ་ཆོས་དབྱིངས་དང་བསྲེ། རང་གཞན་བེམ་པོ་ཚོགས་སུ་བསྲེས་ཏེ། སྣོད་པདྨ་བྷཉྫ་ཕྱི་དཀར་བ་ཟླ་བའི་རང་བཞིན། ནང་དམར་བ་ཉི་མའི་རང་བཞིན་གྱི་དབུས་སུ་ངོ་བོ་བེམ་པོའི་ཚོགས་རྫས། །རྣམ་པ་གསེར་གྱི་རྡོ་རྗེ་གྱེན་འགྲེང་ལྟེ་བར་ཨཱཿ རྩེ་མོར་ཨོཾ། མར་སྣེ་ཧཱུྃ་གིས་མཚན་པའི་སྟེང་ཟླ་བའི་ཁ་ཆོད། འོག་ཉི་མའི་གདན་དང་བཅས་པར་གསལ། རང་གི་དཔྲལ་བའི་ཨོཾ་ལས་འོད་འཕྲོས་མ་གཅིག་གི་དཔྲལ་བའི་ཨོཾ་ལ་ཕོག །དེ་ལས་འོད་འཕྲོས་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི་
སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་དཔྲལ་བར་ཐིམ་མ་ཐག་ཨོཾ་ལས་འོད་ཟེར་དཀར་པོས་མཚན་པ་བྱུང་རྡོ་རྗེའི་ཨོཾ་ལ་ཕོག་པས་ཟླ་བའི་ཁ་ཆོད་རྡོ་རྗེའི་སྟོད་ཆ་ཨོཾ་བཅས་འོད་དུ་ཞུ་བས་ཀ་པཱ་ལ་བདུད་རྩི་དཀར་པོས་གང༌། དེས་རིགས་འགྲེ་བས་ཨཱཿདམར་པོ་དང་གསུང་གི་བྱིན་རླབས་བསྡུ། རྡོ་རྗེའི་སྐེད་ཆ་ཞུ་བས་བདུད་རྩི་དམར་པོས་གང༌། ཧཱུྃ་མཐིང་ག་དང་ཐུགས་ཀྱི་བྱིན་རླབས་བསྡུ། རྡོ་རྗེའི་སྨད་ཆ་ཉི་མ་བཅས་ཞུ། བདུད་རྩི་སྔོན་པོར་འཁྱིལ། དཀར་དམར་མཐིང་གསུམ་འདྲེས་པའི་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཕྱི་ནང་གསང་བའི་ཚོགས་མཆོད་དཔག་ཏུ་མེད་ཅིང་ཟད་མི་ཤེས་པར་གྱུར་པ་དེ་ཉིད། རང་རྣལ་འབྱོར་མའི་ཐུགས་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པས། དྲིན་ཅན་རྩ་བརྒྱུད་བླ་མ་མན་ཆད་ནས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཡན་ཆད་མགྲོན་བཞིས་བསྡུས་པ་ཐམས་ཅད་ལ། བདག་ཏུ་མ་བཟུང་བའི་སྲིད་པའི་དཔལ་འབྱོར་ཇི་སྙེད་པ་ཕྱིའི་ཚོགས། བདག་ཏུ་བཟུང་བའི་ཚེ་བསོད་ཁ་རྗེ་དབང་ཐང་ནང་གི་ཚོགས། ཕོ་མོ་སྙོམས་འཇུག་གི་དགའ་བ་གསང་བའི་ཚོགས། འཁོར་གསུམ་མི་དམིགས་འོད་
གསལ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ཚོགས་སུ་ཕུལ་བས་ཤིན་ཏུ་དགྱེས་པའི་ཕུལ་དུ་གྱུར་ནས་རང་རང་དང་མཐུན་པའི་དངོས་གྲུབ་སྩོལ་བར་བསྒོམ། སྐབས་འདིར་གདོན་དམིགས་བསལ་དང་ནད་པ་སོགས་ལ་གདོན་ཚོགས་དགུ་མ་སྦྱར་ཞིང༌། རྒྱུན་ཁྱེར་དུ་མཛད་པའི་ཕྱག་སྲོལ་འགའ་ཞིག་ལ་འདུག་མོད་དམར་འགྱེད་ཀྱི་བྱེ་བྲག་དྲག་དམིགས་ཙམ་ཡིན་པས་ས་བཅད་ཟུར་དུ་མི་དགོས་ཤིང་དམིགས་རིམ་གྱི་ཁྱད་པར་འདྲ་མིན་ཁ་ཤས་ཡོད་པ་ཟིན་བྲིས་ཆེ་བ་རྣམས་སུ་བལྟ་བར་བྱའོ། །ཚོགས་ལས་ཀྱི་ཡན་ལག་ལྷག་མ་ནི། དེ་ལྟར་ལུས་མཆོད་སྦྱིན་བྱས་པའི་ལྷག་རོལ་ཐམས་ཅད་ཀ་པཱ་ལ་སྲིད་གསུམ་ཁྱབ་པ་ཙམ་གྱི་ནང་དུ་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་དུ་གྱུར་པ་དེ་རང་ལས་སྤྲུལ་པའི་ཀེང་རུས་ཀྱི་མཁའ་འགྲོ་མ་ཞིག་གིས་ལྷག་མ་གསོལ་བར་ཞལ་གྱིས་བཞེས་པའི་མཁའ་འགྲོ་ཤུགས་འགྲོའི་རིགས་དང༌། ལྷ་སྲིན་སྡེ་བརྒྱད་ལྷག་མ་ལ་དབང་བ་རྣམས་དང༌། སྔོན་ཆད་མ་སླེབས་གློ་བུར་དུ་ལྷགས་ཤིང་ལྷག་མ་མ་གཏོགས་མི་དབང་བའི་ཁས་ཉན་དབང་ཆུང་རྣམས་ལ་བཀྱེས་པས་ཚིམས་ནས་ཐམས་ཅད་དགའ་མགུ་ཡི་རངས་ཏེ་ཕྲིན་ལས་བསྒྲུབ་པར་ཁས་བླངས་པར་བསྒོམ། རྗེས་ཀྱི་ལས་རིམ་དང་པོ་བསྔོ་སྨོན་ནི། བདག་གཞན་
དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཀུན་དང༌། ཁྱད་པར་ད་སྐབས་སུ་ལུས་སྦྱིན་བྱས་པའི་དགེ་རྩ་བཅས་བདག་འཛིན་གྱི་སྙེམས་ཐག་ཆོད་ནས་སྐྱེ་བ་མེད་པ་ཡུམ་གྱི་དགོངས་པ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པའི་ཕྱིར་དུ་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་བསྔོས་པར་མཛད་པའི་རྗེས་སུ་སློབ་ནས་བསྔོ། །གཉིས་པ་བསྡུ་རིམ་ནི། སྐྱབས་ཡུལ་ཐམས་ཅད་གཡས་བསྐོར་དང་མས་རིམ་གྱིས་འོད་དུ་ཞུ་ནས་མ་གཅིག་ལ་ཐིམ། དེ་ཉིད་སྐུ་ཚད་ཚོན་གང་ཙམ་ལ་འོད་ཟེར་ལྔ་འཕྲོ་བ་ཞིག་ཏུ་གྱུར་ཏེ་རང་གི་ཚང་བུག་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་དབུས་སུ་སྐྱིལ་ཀྲུང་གིས་བཞུགས། སྙིང་གི་པདྨ་ཁ་ཟུམ་པར་མོས། འོན་ཀྱང་རྒྱུན་གྱི་ལུས་སྦྱིན་ཚེ་མ་གཅིག་ཀྱང་འོད་ཟེར་ངང་པའི་སྒོ་ང་ཙམ་དུ་གྱུར་ཏེ་སྤྱི་བོ་ནས་ཐིམ་པར་བསྒོམ་པ་ཕྱག་ལེན་ཡིན། གསུམ་པ་ལམ་ཁྱེར་ནི། སྐད་ཅིག་གིས་རང་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པར་གསལ་བ་ལ་ལྷ་འདྲེ་རིགས་དྲུག་རྣམས་ཀྱིས་ཕྱག་བསྐོར་གུས་འདུད་བྱེད། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ཕོ་ཐམས་ཅད་སྤྱན་རས་གཟིགས། མོ་ཐམས་ཅད་རྗེ་བཙུན་སྒྲོལ་མར་གྱུར། ཡིག་དྲུག་འུར་དིར་འདོན་པར་བསྒོམས་ལ་ཡིག་དྲུག་བགྲང་མཐར་མགྲོན་
རྣམས་དགའ་མགུ་དང་ལྡན་པས་རང་གནས་སུ་སོང་བར་བསྒོམས་ལ་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོའི་ལྟ་དགོངས་སྐྱོང་བར་བྱའོ། །འདི་ནི་ལུས་སྦྱིན་ཁོ་ནའི་དབང་དུ་བྱས་པའི་སྔོན་དངོས་རྗེས་ཀྱི་རྣམ་གཞག་རགས་པ་ཡིན་ཞིང༌། དམ་ཆོས་བདུད་ཀྱི་གཅོད་ཡུལ་སྤྱིའི་དབང་དུ་བྱས་ན། སྔོན་འགྲོ་ནི་འཁོར་བ་ལ་ངེས་འབྱུང༌། མི་རྟག་པ་སྙིང་ལ་གཟེར། ལས་རྒྱུ་འབྲས་བསླུ་མེད་ལ་འཕྲིག་ཚུད། ལོང་མེད་བློ་སྣ་ཐུང་བ་ཞིག་གིས་སྐྱབས་སེམས། སྒྲིབ་སྦྱོང༌། ཚོགས་བསགས། བླ་མའི་རྣལ་འབྱོར་རྣམས་སྤྱི་ལྟར་སོང་ནས། དངོས་གཞི་ཡུམ་དོན་ངོ་སྤྲོད་བདུད་བཞི་དབྱིངས་སུ་བཅད། རྗེས་ཉམས་སྐྱོང་བའི་ཕྱིར་ཞི་གཅོད་དྲག་གཅོད་ཞི་དྲག་ཕྱེད་མའི་གཅོད་ཀྱིས་བརྟུལ་ཞུགས་ལམ་དུ་སློང་བ་ཡིན་པས། མདོར་ན་ལུས་སྦྱིན་དང་ཚོགས་ལས་གཉིས་ནི་སྔོན་རྗེས་ཀྱི་གདམས་ངག་རྒྱས་ཤིང་དངོས་གཞི་ཞར་བྱུང་གི་ཚུལ་དུ་རྟོགས་དགོས་པ་ཡིན་ཀྱང་ད་ལྟའི་གཅོད་མཁན་ཏུ་གྲགས་པ་ཕལ་མོ་ཆེ་ཞིག་ནི་རྩ་བ་མ་ཟིན་པའི་ཡན་ལག་འདེད་པ་ཁོ་ནར་སྣང་ངོ༌། །དེའང་ཡུམ་དོན་ངོ་སྤྲད་པ་ལ་ཐོག་མར་སེམས་འཛིན་གྱི་གདམས་ངག་གིས་རྟོག་པའི་རྙོགས་པ་དྭངས་སུ་བཅུག་དགོས་པས། ལུས་རྣམ་སྣང་ཆོས་བདུན་ངག་རླུང་རང་བབ། སེམས་
དུས་གསུམ་གྱི་སྤྲོས་པ་བཅད་ནས་ཤེས་པ་སོ་མའི་སྟེང་དུ་ཧད་དེ་བཞག །དེས་གནས་སུ་མ་བཏུབ་ན་རང་མདུན་ཡུམ་གྱི་ངོ་བོ་གསེར་གྱི་རྡོ་རྗེ་ནས་འབྲུ་ཙམ་ལ་སེམས་གཏད། དེས་ཀྱང་མ་གནས་ཚེ་ཤཱཀྱ་ཐུབ་པའི་སྐུ་ལ་སེམས་འཛིན། བྱིངས་རྒོད་བྱུང་ན་བཅོས་པས་སྐྱོན་མེད་ཀྱི་བསམ་གཏན་རྒྱུད་ལ་སྐྱེ་བ་ན། ཁ་ནང་ལོག་གི་ཤེས་པས་གནས་མཁན་འགྱུ་མཁན་གྱི་ངོ་བོ་ལ་བལྟས་པས་ཡུལ་སྣང་དང་རྣམ་རྟོག་གི་འགྱུ་བ་དང་རིག་མཁན་ངོ་བོ་གསུམ་ཀ་ཐ་དད་དུ་མ་གྲུབ་པ། ངོས་བཟུང་མེད་པ་ཅི་ཡང་འཆར་དུ་བཏུབ་པ། གསལ་སྟོང་གི་མྱོང་བ་མ་འགག་ལ་སྨྲ་བརྗོད་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དུས་གསུམ་རྒྱལ་བའི་དགོངས་པ་ཡིན་པས་རྟག་ཏུ་ཏིང་ངེ་འཛིན་དེ་ལས་མ་གཡོས་པར་བྱའོ། །གཉིས་པ་བདུད་བཞི་དབྱིངས་སུ་བཅད་པ་ལ། གཟུགས་སོགས་ཕྱིའི་དངོས་པོ་ལ་བརྟེན་ཚད་ཐོགས་བཅས་ཡིན། དེ་ལ་ཆགས་སྡང་གི་རྣམ་རྟོག་སྐྱེས་ན་བདུད་ཡིན། དེའི་དབང་དུ་ཤོར་ན་བར་དུ་ཆོད་པ་ཡིན། དེས་ན་ཆགས་སྡང་སྤང་བླང་ནམ་སྐྱེས་ནའང་སྐད་ཅིག་དེ་ལ་ཕཊ་ཅེས་བརྗོད་ནས་དབྱིངས་སུ་བསྐྱལ་བ་ནི་ཐོགས་བཅས་ཀྱི་བདུད་ལ་གཅོད་
པ་ཡིན། རྟོག་པ་དེའི་དབང་དུ་མ་ཤོར་བ་བསྒོམ་ལ་བོགས་ཐོན་ན་ཚར་ཚད་དང་ལྷོངས་ཚད་འགྲིགས་པ་ཡིན་ནོ། །དེས་གཞན་ལའང་རིགས་འགྲོ་སྟེ། རང་སེམས་རང་དབང་མ་འདུས་པའི་དོན་གྱིས་ཕྱི་རོལ་རྐྱེན་མེད་པར་དུག་ལྔ་དང་དགའ་སྡུག་འཇིགས་སྐྲག་གི་རྟོག་པ་སྐྱེ་བ་ཐོགས་མེད་བདུད་ཡིན། རང་ལ་བཟང་འཛིན་དང་ང་རྒྱལ་ལམ་རྟགས་ལ་རློམས་སེམས་སོགས་དགའ་བྲོད་བདུད་ཡིན། བདག་འཛིན་གྱི་འཛིན་པ་ཀ་རེ་བ་འདི་སྙེམས་བྱེད་བདུད་ཡིན་པས་དྲན་ཤེས་ཀྱི་སོ་པ་མ་ཉམས། ཤེས་རིག་རང་ཚུགས་མ་ཤོར་བར་གང་ཤར་ཐམས་ཅད་ལ་ཕཊ་ཀྱིས་དབྱིངས་སུ་བསྐྱེལ་བས་བདག་འཛིན་དང་རྣམ་རྟོག་གི་སྙེམས་ཐག་གཏད་མེད་དུ་གཅོད་ཐུབ་ན་གཅོད་མཁན་རབ་མཆོག་ཕུལ་དུ་གྱུར་པ་སྟེ། དེ་ལྟ་བུའི་ལྟ་སྒོམ་ལ་བོགས་ཐོན་པའི་ཆེད་དུ་རྗེས་སྤྱོད་ཞི་གཅོད་ནི་དཀར་འགྱེད། དྲག་གཅོད་ནི་དམར་འགྱེད། ཞི་དྲག་ཕྱེད་མ་ནི་ཁྲ་འགྱེད་ལ་སོགས་པ་སྟེ་དེ་དག་ལ་སྤྲོས་བཅས་ཀྱི་གཅོད་དུ་གྲགས་ཤིང༌། བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མར་བསྒོམ་པ་ནི་སྤྲོས་མེད་ཀྱི་གཅོད། ཡུམ་གྱི་དོན་ཁོ་ན་ལ་མཉམ་པར་འཇོག་པ་ནི་ཤིན་ཏུ་སྤྲོས་མེད་དེ་གསུམ་ཀ་ཉམས་སུ་བླང་བར་བྱས་ན་མགོ་རྐང་ཆ་ཚང་བར་འགྱུར་
རོ། །ལྷོངས་ཚད་ཀྱང་ལྷ་འདྲེའི་མཐོང་སྣང་དང་རྨི་ལམ་སྐྲག་སྡང་སོགས་ལ་ཞེན་པས་གསང་ལྷོངས་སེམས་ལ་བྱུང་བ་མ་ཚོར་ཏེ་གཉན་ཁྲོད་སྟན་ཐོག་ཏུ་ཆོད་དགོས་པ་ལ་མ་ཆོད་པ་མང་བས། ལུས་མི་བསྐྱོད། ངག་མི་སྨྲ། སེམས་ལ་འཆར་སྒོ་ཅི་བྱུང་ཡང་དེའི་དབང་དུ་མི་བཏང་བར་ཕཊ་ཀྱིས་དབྱིངས་སུ་སྐྱེལ་བ་གནད་ཆེའོ། །དེའང་དུག་གསུམ་སོགས་ངན་རྟོག་དབྱིངས་སུ་གཅོད་དགོས་པར་གོ་ཡང་བཟང་རྟོག་བཟང་འཛིན་གྱི་མདུད་པས་བཅིངས་ནས་ལྷ་བདུད་དུ་བབ་པ་ནི་ཤིན་ཏུ་མང་བས་མོས་གུས་སྙིང་རྗེ་བསྐྱེད་རིམ་མཚན་བཅས་རྫོགས་རིམ་སོགས་ཀྱང་ཕཊ་ཀྱིས་དབྱིངས་སུ་བསྐྱལ་ན་དགེ་སྦྱོར་གོང་དུ་འཕེལ་ཞིང་མཆོག་གི་དངོས་གྲུབ་ལ་ཤིན་ཏུ་ཉེར་འགྲོ་སྟེ། མདོར་ན་གཅོད་ཀྱི་རྩ་བ་ནི་རེ་དོགས་མེད་པ་ཡིན་ནོ། །རྣམ་རྟོག་གཞན་དབང་གྱུར་པས་ན། །བདུད་བཞིའི་འཆིང་བས་བཅིངས་པ་རྣམས། །དབྱིངས་སུ་གཅོད་པ་ཡུམ་གྱི་དོན། །ལྟ་སྤྱོད་ཟུང་དུ་འབྲེལ་ན་མཆོག །འདིས་ཐོབ་དགེ་བའི་སྣང་བ་ཡིས། །རྟོག་པའི་དྲྭ་བ་ཀུན་བཅོམ་ནས། །སྐྱེ་མེད་སྙེམས་པ་དང་བྲལ་བ། །ཡུམ་གྱི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་འཇམ་དབྱངས་མཁྱེན་བརྩེས་བཀའ་ཕབས་མ་གཅོག་ཙམ་དུ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཀྱི་གདན་སར་བྲིས་པ་
དགེ་ལེགས་འཕེལ།། །།
སྒྲོལ་མའི་གསོལ་འདེབས་སྐྱབས་བདུན་མ། སྐྱོབ་པ་འཇིག་རྟེན་གསུམ་མགོན།
སྒྲོལ་མའི་གསོལ་འདེབས་སྐྱབས་བདུན་མ་བཞུགས་སོ། །གནས་སྐྱེ་བ་མེད་པའི་ཆོས་དབྱིངས་ན། །ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །ཁྱེད་སེམས་ཅན་ཀུན་ལ་བདེ་སྟེར་མས། །བདག་འཇིག་པ་ཀུན་ལས་བསྐྱབ་ཏུ་གསོལ། །རང་ཆོས་སྐུ་ཡིན་པར་མ་ཤེས་པར། །སེམས་ཉོན་མོངས་དབང་དུ་གྱུར་པ་ཡི། །མར་འཁོར་བར་འཁྱམས་པའི་སྡུག་བསྔལ་ལས། །ཡུམ་ཡང་དག་ལྷ་མོས་བསྐྱབ་ཏུ་གསོལ། །ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་ཏེ། །ཚིག་ཐ་སྙད་རྗེས་སུ་འབྲངས་པ་ལས། །མཐར་གྲུབ་མཐའ་ངན་
པས་བསླུས་པ་རྣམས། །ཡུམ་སྤྲོས་བྲལ་ལྷ་མོས་བསྐྱབ་ཏུ་གསོལ། །རྟོགས་པར་བཀའ་བ་རང་གི་སེམས། །མཐོང་ནས་གོམས་པར་མི་བྱེད་པར། །བྱ་བ་ངན་པས་གཡེང་བ་རྣམས། །ཡུམ་དྲན་པའི་ལྷ་མོས་བསྐྱབ་ཏུ་གསོལ། །དེ་ཉིད་ཀྱི་དོན་ལ་བསམས་བྱས་ཀྱང་། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས། །ཤེས་བྱའི་གནས་ལ་རྨོངས་པ་རྣམས། །ཡུམ་ཀུན་མཁྱེན་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་རང་བྱུང་ཡེ་ཤེས་གཉིས་མེད་ལ། །གཉིས་འཛིན་འཁྲུལ་པའི་བག་ཆགས་ཀྱིས། །ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས། །ཡུམ་གཉིས་མེད་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་མཐའ་བྲལ་གཉུག་མའི་མཚན་ཉིད་ཅན། །ཐབས་མཆོག་བདེ་དང་གཉིས་མེད་ཀྱང་། །ད་དུང་སློབ་པའི་གང་ཟག་རྣམས། །ཡུམ་རྫོགས་སངས་རྒྱས་མས་བསྐྱབ་ཏུ་གསོལ། །འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པར་གྲགས་སོ། །
ཀུན་མཁྱེན་ཏཱའི་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་སྒྲོལ་དཀར་རྒྱུན་ཁྱེར།
༄༅། །ཀུན་མཁྱེན་ཏཱའི་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་སྒྲོལ་དཀར་རྒྱུན་ཁྱེར་བཞུགས་སོ། །
ཨོཾ་སྭ་སྟི། བླ་མ་དང་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འདིར་རྣལ་འབྱོར་མ་རྒྱུད་སྒྲོལ་མ་མངོན་འབྱུང་ལས། འཆི་བ་བསླུ་བྱེད་དཀར་མོའོ། །ཞེས་སྔོན་དུ་གསུངས་པའི་ལས་ཀྱི་ལྷ་དང་འཁོར་ལོ་ལྗང་གུ་བསྟན་པའི་འཕྲོས་སུ་གསུངས་པ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་འདིའི་ཁོངས་སུ་མན་ངག་རིག་པ་རྣམས་བཞེད་པ་ལྟར། དེའི་མན་ངག་ངག་དབང་གྲགས་པའི་གཞུང་གི་རྗེས་སུ་འབྲངས་ནས་ཇོ་བོ་རྗེ་ཆེན་པོའི་ལུགས་གཙོ་བོར་བྱས་ཏེ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་
བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་འགྲོ་སེམས་བསྐྱེད་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། ཨོཾ་ཤུ་ནྱ་ཏཱ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་མ་བཅོས་པའི་སེམས་སྣང་ཧཱུྃ་གི་སྒྲ་གདངས་
ནམ་མཁའ་གང་བ་དང་བཅས་པ་ལས་རྡོ་རྗེའི་སྲུང་འཁོར་ར་གུར་མེ་དཔུང་འབར་བ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་དབུས་སུ་བྷྲཱུྃ་ལས་ཟླ་བ་ཆུ་ཤེལ་གྱི་གཞལ་ཡས་ཁང་། དེའི་དབུས་སུ་པྃ་ལས་པདྨ་དཀར་པོ་སྡོང་བུ་དང་བཅས་པ་རབ་ཏུ་རྒྱས་པའི་སྟེང་དུ་ཨ་ལས་ཟླ་བ་ཉ་གང་བ་རྙོག་པའི་དྲི་མ་དང་བྲལ་བ། དེའི་སྟེང་དུ་རང་སེམས་ཏཱྃ་དཀར་པོ་ལས་ཨུཏྤལ་དཀར་པོ་ཏཱྃ་ཡིག་དཀར་པོས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཤིང་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་ཟླ་བ་ཆུ་ཤེལ་ལྟར་དཀར་ཞིང་འོད་ཟེར་ལྔ་ལྡན་དུ་འཕྲོ་བ་སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། ཞི་བ་ཆེན་པོའི་འཛུམ་ཞལ་ཅན་དབུ་ལ་སྤྱན་གསུམ་དང་ཕྱག་ཞབས་བཞིའི་མཐིལ་དུའང་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་
དང་ལྡན་པ། ཕྱག་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པས་མཐེབ་སྲིན་སྦྱར་བས་ཨུཏྤལ་དཀར་པོ་འདབ་བརྒྱ་སྙན་དྲུང་དུ་རྒྱས་པའི་ཡུ་བ་ཐུགས་ཀར་འཛིན་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་དོ་ཤལ་སེ་མོ་དོ་དཔུང་རྒྱན་ཕྱག་ཞབས་ཀྱི་གདུ་བུ་སྐེ་རགས་གཡེར་ཁའི་ཕྲེང་བ་དང་བཅས་པ། ལྷ་རྫས་ཀྱི་མེ་ཏོག་དུ་མས་མཛེས་པ། ལྷ་རྫས་ཀྱི་དར་དཀར་པོའི་སྟོད་གཡོགས་དང་། དབང་པོའི་གཞུ་ལྟ་བུའི་དར་གྱི་སྨད་གཡོགས་གསོལ་བ། དབུ་སྐྲ་ལི་བ་ལྟག་པར་བཅིངས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཟླ་བའི་རྒྱབ་ཡོལ་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་པད་དཀར་དང་ཟླ་བ་ལ་ཏཱྃ་དཀར་པོ།
དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱདྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་དེ་བཞིན་དུ་སྦྱར་ཏེ། ཤབྟའི་བར་བྱའོ། །ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ས་བོན་གྱི་འོད་ཀྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་སྔར་ལྟར་མཆོད། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་
དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་མོས་ལ། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་གོང་བཞིན་བརྗོད། ལྷ་དང་ལྷ་མིན་སོགས་ཀྱི་ཤློ་ཀ་གཅིག་གིས་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཏཱྃ། དེའི་མཐར་མདུན་ནས་གཡས་སྐོར་དུ། ཨོཾ་མ་མ་ཨཱཿཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སྭཱ། ཡི་གེ་རྣམས་མུ་ཏིག་གི་རྡོག་པོ་ལྟར་དཀར་ཧྲམ་མེ་མི་གཡོ་བར་གནས་པ་དེ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་རྣམས་ཀྱི་ཚེ་སྤེལ་བ་སོགས་ཀྱི་དོན་བྱས། འཕགས་པ་རྣམས་ཀྱི་བྱིན་རླབས་དང་བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། ས་བོན་སྔགས་དང་བཅས་
པ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་འབར་ཞིང་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར། ཅེས་པའི་ཏིང་འཛིན་ལ་རྩེ་གཅིག་ཏུ་གནས་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་བའི་ཡི་གེ་བཅུ་པ་ཅི་ནུས་སུ་བཟླ། མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱཿཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་ཅན་ཡང་བརྒྱ་རྩ་བརྒྱད་རེ་བཟླའོ། །བསྙེན་པའི་སྐབས་སུ་རྩ་སྔགས་འབུམ་ཚོ་བཅུས་གྲངས་བསྙེན་ཐེབས་པ་ཡིན་ལ། བྱེ་བ་བཟླས་པས་ལས་ཐམས་ཅད་འགྲུབ་པར་བཤད། ཞག་བདུན་ཙམ་ལ་མཚམས་བཅད་ནས་གུས་སྤྲོ་དང་བཅས་ཏེ་བཟླས་པས་ཀྱང་དུས་མིན་གྱི་འཆི་བ་ཟློག་ནུས་པ་མྱོང་བས་གྲུབ་བོ། །དེའང་ཚེ་སྒྲུབ་གཙོ་བོར་བྱེད་སྐབས་དང་། རྒྱུན་བསྙེན་ལ་སྔགས་སྤེལ་ཚིག་ཅན་ཉིད་ཟླ་བ་ཡིན་ནོ། །དེ་ནས་ཐུན་བསྡུ་བ་ནི། སྣང་སྲིད་ཐམས་ཅད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་སྲུང་འཁོར་ལ་ཐིམ། རང་ཉིད་རྟེན་དང་བརྟེན་པར་བཅས་པའང་རིམ་གྱིས་ཐུགས་ཀའི་ཏཱྃ་ལ་ཐིམ། དེའང་མས་རིམ་གྱིས་འོད་གསལ་དུ་
ཞུགས་པར་གྱུར། སླར་ཡང་རང་ཉིད་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿ་ཧཱུྃ་གིས་མཚན་པར་གྱུར། སྣང་གྲགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པའི་སྣང་ཆ་སྒྱུ་མ་ལྟ་བུ་ཡེ་ཤེས་ལྷའི་ངོ་བོར་རྣམ་པར་དག་གོ། །དགེ་བ་འདི་ཡིས་མྱུར་དུ་བདག །སྒྲོལ་མ་དཀར་མོ་འགྲུབ་འགྱུར་ནས། །སོགས་བརྗོད། ཐུན་མཚམས་སུ་གཏོར་མ་འབུལ་ན། དཀར་གཏོར་ལྕོགས་ཟླུམ་བཤམས་ནས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་མམ་བདུན། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས། ལྷོ་ཕྱོགས་པོ་ཏ་ལའི་རི་བོ་ནས་རྗེ་བཙུན་སྒྲོལ་མ་དཀར་མོ་ལ་སངས་རྒྱས་
དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ པདྨ་ཀཱ་མ་ལ་ཡ་སྟྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གཏོར་མ་གསོལ་བར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དཾ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་རྗེ་བཙུན་མ་དང་། ཨ་ཀཱ་རོ་ལན་གསུམ་གྱིས་འཁོར་ཚོགས་རྣམས་ལ་འབུལ། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་ཀུན་ལས་སྐྱོབ། །སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །གང་གི་ཐུགས་རྗེའི་འོད་དཀར་གྱིས། །མ་ལུས་འགྲོ་བའི་དོན་མཛད་ཅིང་། །མགོན་མེད་རྣམས་ཀྱི་མགོན་དང་སྐྱབས། །རྒྱལ་བ་སྲས་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས་ཀུན་འགྲུབ་མཛོད། །འཕགས་མ་སྒྲོལ་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་
བ་དང་། ཁྱད་པར་འཕྲལ་ཡུན་གྱི་འཇིགས་པ་ལས་སྐྱོབ་ཅིང་། ཆོས་སྤྱོད་བཞིན་ཡུན་རིང་དུ་འཚོ་བའི་མཆོག་སྦྱིན་པར་མཛད་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། སུ་པྲ་ཏིཥྛས་གཏོར་མགྲོན་རྣམས་རྟེན་ལ་བཞུགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་བྱའོ། །སྲུང་འཁོར་བསྒོམ་པར་འདོད་ན་བདག་བསྐྱེད་ཀྱི་ཐུན་བསྡུ་ཟིན་ནས་ཟུང་འཇུག་གི་སྐུར་མ་ལྡང་བའི་གོང་དེར། ༈ སྟོང་པའི་ངང་ལས་སྐད་ཅིག་གིས་འཁོར་ལོ་དཀར་པོ་རྩིབས་བཅུ་གུར་ཐབས་སུ་གནས་ཤིང་མི་མངོན་པར་མྱུར་དུ་འཁོར་བའི་ལྟེ་བ་ཟླུམ་པོ་ཡངས་པའི་ནང་དུ་རང་ཉིད་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། རང་ཉིད་ཀྱི་སྟེང་དུ་ཨོཾ་འོག་ཏུ་ཧཱ་རྩིབས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ་ཡི་
གེ་བརྒྱད་བཅས་ཡིག་འབྲུ་རྣམས་དཀར་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཀར་པོ་ཤེལ་ལྟ་བུ། སེར་པོ་གསེར་ལྟ་བུ། དམར་པོ་པདྨ་རཱ་ག་ལྟ་བུ། ལྕགས་ཁ་ཐོ་རེངས་ཀྱི་གནམ་ལྟ་བུ། ལྗང་གུ་མརྒད་ལྟ་བུ། མཆིན་ཁ་ཨིནྡྲ་ནཱི་ལ་ལྟ་བུ་རྣམས་རིམ་པར་སྤྲོས། སེམས་ཅན་གྱི་དོན་བྱས། རྒྱལ་བ་རྣམས་མཆོད། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་འོད་ཟེར་དཀར་སེར་དམར་སྔོ་ལྗང་མཐིང་གི་རྣམ་པར་རིམ་པར་བྱོན། རང་གི་ཐུགས་ཀའི་འཁོར་ལོ་ལ་ཐིམ་པས་ཞི་རྒྱས་དབང་དྲག་གི་ལས་སྣ་ཚོགས་པའི་དངོས་གྲུབ་ཐོབ་ཅིང་བརྟན་པར་བྱས། འོད་ལྷག་མ་རྣམས་འཁོར་ལོའི་གུར་ཁང་གི་ཕྱི་འདོམ་གང་ཙམ་ནས་འོད་དཀར་པོའི་གུར་ཁང་། དེའི་ཕྱིར་སེར་པོ། དེའི་ཕྱིར་དམར་པོ། དེའི་ཕྱིར་ལྕགས་ཁ། དེའི་ཕྱིར་ལྗང་གུ། དེའི་ཕྱིར་འོད་མཆིན་ཁའི་གུར་ཁང་རྣམས་ཀྱང་འདོམ་རེའི་
བར་ཐག་ཅན། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཁོར་བ་ཟླུམ་པའི་རྣམ་པ་ཅན། སྲ་བ་བརྟན་པ་སྲུབ་མེད་པ་རླུང་བསེར་བུ་ཙམ་ཡང་མི་ཐར་བ་བར་སྟོང་ཐམས་ཅད་ཨུཏྤ་ལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་བར་གྱུར། ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་བྱེད། མཐར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་བ་སྔ་མ་བཞིན་ནོ། །འདི་མཚན་བཅས་ཀྱི་རྫོགས་རིམ་དུའང་བླ་མ་རྣམས་བཞེད། ཡང་ཚེ་སྒྲུབ་ཀྱི་སྐབས་སུ་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་རྒྱུད་བསྐུལ་བས་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཁོལ། རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་ཞིང་འཆི་མེད་འགྲུབ་པར་བསམས་ཏེ་སྔགས་སྤེལ་ཚིག་ཅན་བཟླ་བའང་སྐབས་སྐབས་སུ་བྱའོ། །ཞེས་སྡེ་བཞི་དགེ་བཅུའི་ཁྲིམས་ཀྱི་ནོར་འཛིན་དགེ་བར་སྐྱོང་བ་བློ་གྲོས་མཚན་ཅན་གྱི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དུ་སྙོམས་ལས་པ་དྷརྨཱ་ཀ་རས་འབྲུ་མང་པོའི་ལོ་སྣྲོན་ཟླའི་དཀར་ཚེས་རྒྱལ་བ་དང་པོ་རྒྱལ་ཕུར་འགྲུབ་སྦྱོར་ལ་ལྷུན་གྲུབ་སྟེང་གི་ཕོ་བྲང་ཆེན་པོར་བྲིས་པ་མངྒ་ལཾ། ཛ་ཡནྟུ།། །།
སཱཙྪའི་ཆོ་ག སི་ཏུ་པ།
སཱཙྪའི་ཆོ་ག་ནི་སཱཙྪ་འདེབས་སྐབས་སུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པའི་སྔགས་བཟླ་བཞིན་གདབ། ༈ རབ་ཏུ་གནས་པ་ནི། སྭ་བྷཱ་ཝ༴ སཱཙྪ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་མཆོད་རྟེན་དཀར་པོ་མང་པོར་གྱུར་པའི་བུམ་པའི་དབུས་སུ་ཏཱྃ་ལས་འཕགས་མ་སྒྲོལ་མ་དཀར་མོ་འོད་དཔག་མེད་པའི་དབུ་རྒྱན་ཅན་མཆོག་སྦྱིན་དང་ཨུཏྤ་ལ་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཟླ་བའི་རྒྱབ་ཡོལ་ཅན་དུ་གྱུར། དེའི་
གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ཏཱྃ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཏཱ་རེ་སོགས་གོང་གི་སྔགས་དང་། ཨོཾ་ཡེ་དྷརྨཱ་སོགས་ལན་གསུམ་བརྗོད་མེ་ཏོག་འཐོར། ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། སྒྲོལ་མ་རྟེན་བཅས་འོད་དུ་ཞུ་བ་སཱཙྪའི་རྣམ་པར་གྱུར། སླར་མེ་ཏོག་འཐོར་ཞིང་། རྒྱལ་མཆོག་ཚེ་དཔག་མེད་ཀྱི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །དགེ་བ་འདི་ཡིས་སེམས་ཅན་ཀུན། །སྡིག་སྒྲིབ་ཉེས་ལྟུང་ནད་གདོན་ཞི། །ཚེ་དཔལ་བསོད་ནམས་ཡེ་ཤེས་རྒྱས། །སྒྲོལ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྗོད། བསྔོ་བ་སྨོན་ལམ་བྱའོ། །ཞེས་པའང་ས་སྐྱོང་བླ་མའི་ཉམས་བཞེས་རྒྱུར་སི་ཏུ་པས་བྲིས་པ་དགེ་ལེགས་འཕེལ།། །།
སྒྲོལ་དཀར་བསྙེན་ཟིན། ཀརྨ་པ་མཁའ་ཁྱབ་རྡོ་རྗེ།
༄༅། །སྒྲོལ་དཀར་བསྙེན་ཟིན་བཞུགས།
ཇོ་བོ་ནས་བརྒྱུད་དེ་སྒྲུབ་བརྒྱུད་ཀཾ་ཚང་ལ་བཀའ་བབ་པ་ཀར་ལུགས་སྒྲོལ་དཀར་དུ་གྲགས་པའི་རྒྱུན་ཁྱེར་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པ་རྒྱུན་ཁྱེར་ལྟར་བསྙེན་པ་བྱ་སྐབས། ལངས་འཕྲལ་དཔའ་བོ་མཁའ་འགྲོའི་རོལ་མོའི་སྒྲས་བདག་གཞན་མ་རིག་པའི་གཉིད་ལས་སད་པར་མོས་ལ། ཌཱ་དྲིལ་དཀྲོལ། ངག་བྱིན་རླབས་ཆེད་དབྱངས་གསལ་རྟེན་སྙིང་བཅས་ལན་གསུམ་འདོན། ཐོར་ཐུན་ལ། ཚིག་བདུན་གསོལ་འདེབས་དང་། འཇམ་མགོན་གསུང་བརྒྱུད་འདེབས་བསྡུས་པའི་མཐར། སྐྱབས་སེམས། ཚད་མེད་བཞི་བཅས་ལན་གསུམ་རེ། ཤཱུ་ནྱ་ཏ་སོགས་ནས། ཡིག་བཅུ་སྟོང་བརྒྱ་སོགས་སྐབས་དང་སྦྱར། སྤྱི་བོའི་འོད་དཔག་མེད་སོགས། སྲུང་འཁོར་གཤམ་གྱི་དམིགས་པ་དེ་འདོན་མཐར། ཚེ་ཤམ་ཅན་སྟོང་རྩའམ་ལྔ་
བརྒྱ་སོགས་སྐབས་སྦྱར་མཐར། སྣང་སྲིད་ཐམས་ཅད་སོགས་བསྡུ་རིམ་བཞུགས་པའོ། །བར་དང་། དེ་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་སྲུང་འཁོར་དམིགས་པ་འདོན་ནས། ཡིག་བཅུ་སུམ་བརྒྱའམ་བརྒྱ་རྩ་སོགས་ཅི་འགྲུབ་མཐར། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ། ཌཱ་དྲིལ་བྱས་མཐར། སྣང་སྲིད་སོགས་བསྡུ་རིམ། སླར་ཡང་རང་ཉིད་སོགས་སྒྱུ་མའི་ཐུན་མཚམས་ཀྱི་ལྷ་སྐུར་ལྡངས་ཤིང་། དགེ་བ་འདི་ཡིས་སོགས་བཅས་ཐུན་གྲོལ། ཐུན་གཉིས་པར་སྐྱབས་སེམས་ལན་གཅིག་ནས། སྔར་ལྟར་ཚེ་ཤམ་ཅན་གྱི་རྗེས། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་འདོན་མཐར། བསྡུ་ལྡང་ངོ་བོ་ཉིད་དོ་བར་དང་། དེ་ནས་གཏོར་མ་བྱིན་བརླབ་ནས། འདོད་གསོལ་མཐར་ཌཱ་དྲིལ། ཡིག་བརྒྱ་ལན་གཅིག །མ་
འབྱོར་བ་སོགས། བརྟན་བཞུགས་དང་། དགེ་བ་འདི་ཡིས་སོགས་ཀྱིས་འགྲུབ། ཐུན་གསུམ་པ་གཉིས་པ་དང་འདྲ། ཐུན་བཞི་པར་སྐྱབས་སེམས་ལན་གཅིག་རེ། དེ་མིན་ཐུན་དང་པོ་དང་འདྲ་ཞིང་། དམིགས་གསལ་གཏོར་འབུལ་ཐུན་དང་པོ་དང་བཞི་པར་མི་དགོས། ཡང་གཏོར་འབུལ་སྤྲོ་ན། སྲུང་འཁོར་གྱི་བསྡུ་རིམ། ཟུང་འཇུག་གི་སྐུར་ལྡང་བཅས་གྲུབ་ནས། དགེ་བསྔོ་མ་བྱས་གོང་གཏོར་འབུལ་ལ་འཇུག་རྒྱུ་ཡིན། སྲུང་འཁོར་ཐུན་གཉིས་ལ་མ་གཏོགས་མི་དགོས། རྒྱས་པར་བྱས་ན། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་སྒྲོལ་དཀར་ཟླ་བ་འདོད་འཇོ་ཡིན། འདི་བསྡུས་པ་རེད། ཡང་སྙིང་ཇོ་བོ་ལུགས་ཀཾ་ཚང་ནས་བརྒྱུད་པ་ཡིན། ཡང་རྒྱུན་ཁྱེར་སྐབས། ལྷ་བསྐྱེད་རྗེས་བཛྲ་ས་མཱ་ཛཿ ཞེས་པས་ཡེ་ཤེས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་དམིགས་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱི་མཐར། མཆོད་ལྷ་ཚུར་རང་ལ་བསྡུས་ནས་ཐིམ་པར་དམིགས། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་དེ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། སླར་ཡང་རང་གི་ཐུགས་ཀའི་ས་བོན་ཏཱྃ་ལས་འོད་ཟེར་འཕྲོས་པས་དག་པའི་ཞིང་ཁམས་ནས་དབང་གི་ལྷ་རྒྱལ་བ་རིགས་ལྔ་ཡུམ་ལྔ་
བུམ་པ་བསྣམས་པ། སེམས་དཔའ་བརྒྱད། མཆོད་ལྷ་བརྒྱད། ཁྲོ་བོ་ཁྲོ་མོ་བརྒྱད་དང་བཅས་པ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་ སྔར་བཞིན་མཆོད་ལྷ་སྤྲུལ་ནས། ཨོཾ་པཉྩ་ཀུ་ལ་སོགས་ཀྱིས་མཆོད། མཐར་ལྷ་ཚུར་བསྡུའོ། །སརྦ་ཏ་ཐཱ་སོགས་ནས་ཤྲཱི་ཡེ་ཧཱུྃ། ཞེས་རིགས་ལྔ་ཡབ་རྣམས་ཀྱིས་གསུངས་ཤིང་། ཡུམ་རྣམས་ཀྱི་བུམ་པའི་ཆུས་བདག་ལ་དབང་བསྐུར། བུམ་ཆུ་སྤྱི་གཙུག་ནས་མར་བབ། བདག་གི་ལུས་ཀྱི་ནང་གང་། ཉོན་མོངས་པ་དུག་ལྔའི་དྲི་མ་དག །ལུས་པོ་གང་ནས་མ་ཤོར་བའི་ཚུལ་གྱིས་ཆུའི་ལྷག་མ་ཡར་སྤྱི་གཙུག་ཏུ་ལུད་པ་ལས། ཆུ་དེ་ཉིད་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱི་རྣམ་པར་གྱུར་ནས། བདག་གི་དབུ་ལ་རིགས་བདག་གིས་བརྒྱན་པར་གྱུར། ཡང་སྔར་བཞིན་བདག་ལས་སྤྲུལ་པའི་སོགས་ཀྱིས་མཆོད་མཐར། མཆོད་ལྷ་རྣམས་ཀྱིས་རང་ལ་བསྟོད་པར་བསམ་ལ། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད་མཐར། མཆོད་ལྷ་རང་ལ་བསྡུའོ། །གཞུང་བཞིན་དམིགས་པ་གསལ་བཏབ་ནས། རྩ་བསྙེན་ཡིག་བཅུ་བཟླས་རྗེས། འོག་གི་སྤྱི་བོའི་འོད་དཔག་མེད་སོགས་ཀྱིས་དམིགས་པ་གསལ་བཏབ་ལ་སྤེལ་ཚིག་ཅན་བཟླ། ཐུན་བསྡུའི། འོད་གསལ་དུ་བཞུགས་པར་གྱུར། འདིར་སྲུང་
འཁོར་སྦྱར་བར་འདོད་ན། འོག་གི་སྟོང་པའི་ངང་ལས་སྐད་ཅིག་སོགས་བཟླས་པ་བཅས་ཀྱི་རྗེས། གོང་གི་སྣང་སྲིད་ཐམས་ཅད་འཕགས་མ་སོགས་ནས་འོད་གསལ་དུ་བཞུགས་པར་གྱུར། བར་སླར་ཡང་བསྐྱར། སླར་རང་ཉིད་འཕགས་མ་སྒྲོལ་མའི་སོགས་བྱ་བ་དང་། སྲུང་འཁོར་མི་འདོན་ན། འོད་གསལ་དུ་བཞུགས་པར་གྱུར། ཅེས་པའི་རྗེས། སླར་རང་ཉིད་སོགས་ནས་རྣམ་པར་དག་གོ། །འདིར་གཏོར་འབུལ་བྱེད་ན་དང་། མེད་ན། དགེ་བ་འདི་ཡིས་སོགས་ཀྱིས་སྨོན་ལམ་གདབ། གཏོར་འབུལ་འདོན་སྐབས་འདིར་འོག་གི །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝ་སོགས་ནས་པདྨ་ཀཱ་མ་ལ་ཡ་སྟྭཾ་གྱིས་མདུན་གྱི་ནམ་མཁར་པདྨ་ཟླ་བ་རིན་པོ་ཆེའི་ཁྲི་རྣམས་བརྩེགས་པ་ལ་གཙོ་མོ་དང་། གཞན་རྣམས་པདྨ་ཟླ་གདན་རེ་རེ་ལ་བཞུགས་པར་བསམ། ལྷ་རྣམས་ཀྱི་ལྗགས་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་རྣམ་པ་ཅན་གྱི་སྦུ་གུས་གཏོར་མ་སྙུག་སྦུབ་ནས་ཁས་ཆུ་འཇིབ་ནས་འཐུང་བ་བཞིན། གཏོར་མ་བདུད་རྩིར་འཁྱིལ་བ་དེ་འོད་ཟེར་གྱི་སྦུ་གུས་འཇིབས་ནས་སམ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཏཱ་རེ་སོགས་ཀྱིས་འབུལ། མཆོད་ལྷ་སྤྲོས་ནས། ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་གཏོར་མགྲོན་རྣམས་མཆོད། བདག་དང་
མཆོད་ལྷས་མཉམ་དུ་བསྟོད་པར་བསམ་ལ། འཁོར་བ་ལས་སྒྲོལ་སོགས་གཙོ་བསྟོད། གང་གི་ཐུགས་རྗེའི་སོགས་འཁོར་བསྟོད་མཐར། མཆོད་ལྷ་བསྡུས་ནས། རང་ཉིད་ཀྱིས་གཏོར་མགྲོན་ལ་ཕྲིན་ལས་བཅོལ་བ་ནི། མཆོད་སྦྱིན་གཏོར་མ་སོགས། སླར་ཡང་འདོད་དོན་ཕྲིན་བཅོལ་ཞུ་བ་ནི། འཕགས་མ་སྒྲོལ་མ་སོགས། ཡིག་བརྒྱས་གཏོར་མགྲོན་ལ་ཉེས་པའི་རིགས་བཤགས་པ་འབུལ་ཞིང་། མ་འབྱོར་པ་དང་སོགས་བརྗོད། སུ་པྲ་ཏིཥྛས་གཏོར་མགྲོན་རྣམས་རྟེན་ལ་ཐིམ་པར་བསམ་ནས་བཞུགས་སུ་གསོལ། སྨོན་ལམ་ནི། གསར་བྲིས་མདོར་བསྡུས་ཙམ་མམ། སྤྲོ་ན། ཕྱོགས་བཅུ་དུས་བཞི་སོགས་བརྗོད། བཀྲ་ཤིས་ཀྱང་སྤྲོ་ན། སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ་གྱི་བཀྲ་ཤིས་སོགས་གང་མོས་འདོན་ཆོག །སྨོན་ལམ་བཀྲ་ཤིས་དེ་རྣམས་མ་བཏོན་ཀྱང་ཆོག །གང་ལྟར་ཡང་། མཐར་དགེ་བ་འདི་ཡིས་སོགས་བརྗོད། དཀོན་མཆོག་རིན་ཆེན་སོགས་ཀྱིས་གྲུབ། ཅེས་པའང་ལམ་འདིར་མོས་པ་ཀརྨ་བསམ་གཏན་ཡར་འཕེལ་གྱི་འདོད་སྐོང་དུ་སངས་རྒྱས་ཀརྨ་པའི་སྐྱེས་རབས་འཛིན་པ་བཅོ་ལྔ་པས་སྦྱར་བ་དགེ། །
རྗེ་བཙུན་ཡིད་བཞིན་འཁོར་ལོའི་རྒྱུན་གྱི་རྣལ་འབྱོར་འཆི་མེད་གྲུབ་པ། བློ་གྲོས་མཐའ་ཡས།
༄༅། །རྗེ་བཙུན་ཡིད་བཞིན་འཁོར་ལོའི་རྒྱུན་གྱི་རྣལ་འབྱོར་འཆི་མེད་གྲུབ་པ་ཞེས་བྱ་བ་བཞུགས་སོ། །
སྒྲོལ་དཀར་རྒྱུན་ཁྱེར་གྱི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་ཨརྱ་ཏཱ་རེ་ཡེ། སྒྲོལ་མ་ངག་གི་དབང་ཕྱུག་གསེར་གླིང་པ། །ཇོ་བོ་འབྲོམ་སྟོན་སྤྱན་སྔ་སྒྲེ་པའི་ཞབས། །དྭགས་པོ་དུས་མཁྱེན་རས་ཆེན་སྤོམ་བྲག་པ། །གྲུབ་ཆེན་ཆོས་ཀྱི་བླ་མར་གསོལ་བ་འདེབས། །ཨོ་རྒྱན་པ་དང་རང་བྱུང་གཡུང་སྟོན་རྒྱལ། །རོལ་རྡོར་མཁའ་སྤྱོད་དབང་པོ་དེ་བཞིནགཤེགས། །རིག་རལ་དོན་ལྡན་བན་སྒར་གོ་ཤྲི་རྗེ། །ཆོས་གྲགས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་མཉན་པ་མི་བསྐྱོད་དཀོན་མཆོག་
འབངས། །དབང་ཕྱུག་རྡོ་རྗེ་ཆོས་དབང་རྣམ་དག་མཚན། །ཀརྨ་ཆགས་མེད་དུལ་མོ་དཔལ་ཆེན་མོ། །བསྟན་པའི་ཉིན་མོར་བྱེད་ལ་གསོལ་བ་འདེབས། །བདུད་འདུལ་རྡོ་རྗེ་པདྨ་ཉིན་བྱེད་དབང་། །ཐེག་མཆོག་རྡོ་རྗེ་པདྨ་གར་དབང་རྩལ། །རྡོ་རྗེ་འཆང་དངོས་མཁའ་ཁྱབ་རྡོ་རྗེ་སོགས། །རྩ་བརྒྱུད་བླ་མ་ཀུན་དངོས་རྗེ་བཙུན་མ། །གང་གི་སྨིན་གྲོལ་བཀའ་བབ་བརྒྱུད་པའི་སྲོལ། །རིམ་པ་དྲུག་ལྡན་རྣམས་ལ་གསོལ་བ་འདེབས། །བསྐྱེད་སྔགས་རྫོགས་པའི་རིམ་པ་མཐར་ཕྱིན་ཏེ། །འཆི་
མེད་ཡེ་ཤེས་རྡོ་རྗེའི་ཚེ་མཆོག་འགྲུབ། །རྒྱལ་བ་ཀུན་བསྐྱེད་ཡིད་བཞིན་འཁོར་ལོ་དང་། །དབྱེར་མེད་དོན་གཉིས་ལྷུན་གྲུབ་བྱིན་གྱིས་རློབས། །སྒྲོལ་དཀར་རྒྱུན་ཁྱེར་གྱི་བརྒྱུད་པའི་གསོལ་འདེབས་འདི་བཞིན་དད་དམ་ཟླ་བྲལ་ཀརྨ་ལྷ་དཔལ་ཐུགས་བཞེད་ལྟར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྤེལ་བ་མངྒ་ལཾ་སརྦ་དྷཱ་ཏུ། དགེའོ།། །།ཨོཾ་སྭ་སྟི་སིདྡྷི་ཧཱུྃ། དྲན་པས་བདུད་བཞིའི་འཇིགས་བཅོམ་མ། །འཆི་མེད་འཕགས་མར་གུས་བཏུད་དེ། །རིང་དུ་འཚོ་སོགས་མཆོག་ཐོབ་ཕྱིར། །དེ་ཡི་རྒྱུན་གྱི་ཉམས་ལེན་འཆད། །ཐོ་རངས་སམ་སྔ་དྲོའི་ཆ་ལ་བབ་པའི་ཚེ་བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། སྐྱབས་སེམས་ནི། དཀོན་མཆོག་ཀུན་འདུས་བླ་མར་སྐྱབས་སུ་མཆི། །འགྲོ་ལ་ཕན་ཕྱིར་ཡིད་བཞིན་འཁོར་ལོ་བསྒྲུབ། །ལན་གསུམ། ཚོགས་བསགས་སྤྲོ་ན། རང་ཉིད་སྒྲོལ་མའི་ཐུགས་སྲོག་འོད་ཟེར་གྱིས། །འཕགས་མ་འཁོར་བཅས་མདུན་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿ དཀོན་མཆོག་གསུམ་ལ་བདག་
སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་ཅིང་ཚོགས་ཞིང་མི་དམིགས་པར་བཞག །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་རྒྱུ་བཅས་བྲལ། །བདེ་དང་མི་འབྲལ་བཏང་སྙོམས་ཆེར་གནས་ཤོག །བསྐྱེད་བཟླས་ཀྱི་རྣལ་འབྱོར་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་རང་རྩལ་ཧཱུྃ་གི་སྒྲ་གདངས་ལས། །རྡོ་རྗེའི་སྲུང་འཁོར་ནང་དུ་ཆུ་ཤེལ་
གྱི། །གཞལ་མེད་ཁང་དབུས་པད་དཀར་ཟླ་བའི་སྟེང་། །ཏཱྃ་ལས་ཨུཏྤལ་དཀར་པོ་ཏཱྃ་གྱིས་མཚན། །འོད་འཕྲོས་དོན་གཉིས་བྱས་འདུས་ཡོངས་གྱུར་ལས། །རང་ཉིད་འཕགས་མ་སྒྲོལ་མ་ཟླ་བའི་མདོག །ཞི་འཛུམ་སྒེག་ཉམས་འོད་ཟེར་ལྔ་ལྡན་འཕྲོ། །དཔྲལ་བ་ཕྱག་ཞབས་ཡེ་ཤེས་སྤྱན་བདུན་མཛེས། །ཕྱག་གཡས་མཆོག་སྦྱིན་གཡོན་པའི་མཐེབ་སྲིན་གྱིས། །ཨུཏྤལ་དཀར་པོའི་སྡོང་བུ་ཐུགས་ཀར་འཛིན། །དར་དཀར་སྟོད་གཡོགས་སྣ་ལྔའི་སྨད་དཀྲིས་གསོལ། །ནོར་བུ་མུ་སྟེགས་ཆུ་སྐྱེས་མཛེས་རྒྱན་སྤེལ། །དབུ་སྐྲ་ལི་བ་ལྟག་པར་བཅིངས་ཤིང་འཕྱངས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །སླར་ཡང་འོད་འཕྲོས་རིགས་ལྔ་སྤྱན་དྲངས་གྱུར། །དབང་ལྷ་
རྣམས་ཀྱིས་མངོན་པར་དབང་བསྐུར་སྩོལ། །གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་དབང་བསྐུར་སྐུ་གང་དྲི་མ་དག །རིགས་བདག་འོད་དཔག་མེད་ཀྱིས་དབུར་བརྒྱན་གྱུར། །སྤྲུལ་པའི་ལྷ་མོས་བདག་ལ་མཆོད་ཅིང་བསྟོད། །ཨོཾ་ཨརྱ་ཏཱ་རེ་བཛྲ་ཨརྒྷཾ་པཱདྱཾ་ནས་ཤབྟ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཐུགས་ཀར་པད་ཟླར་འཁོར་ལོའི་ལྟེ་བར་ཏཱྃ། །སྟེང་འོག་ཨོཾ་ཧཱ་རྩིབས་བརྒྱད་ཡིག་འབྲུ་བརྒྱད། །གཡས་བསྐོར་སྟོན་ཟླའི་མདོག་ཅན་གཡོ་མེད་གསལ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་སྔགས་ལ་བཟླས་པའི་དངོས་གཞི་བྱ། ཚེ་ཤམ་ཅན་བཟླ་བའི་ཚེ། ཏཱྃ་མཐར་ཨོཾ་ཧཱའི་བར་དུ་སྤེལ་
སྔགས་འཁོད། །འོད་འཕྲོས་རང་གཞན་སྒྲིབ་སྦྱངས་ཚེ་དཔལ་སྤེལ། །འཕགས་མཆོད་བྱིན་རླབས་བརྟན་གཡོའི་ཚེ་བཅུད་བསྡུས། །རང་ཐིམ་ཚེ་དང་ཡེ་ཤེས་མཆོག་ཐོབ་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱཿཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཚེ་སྒྲུབ་དང་རྒྱུན་གྱི་རྣལ་འབྱོར་ལ་འདི་གཙོ་བོར་བཟླ། སྐབས་སུ། རིགས་བདག་བླ་མས་འཆི་མེད་ཚེ་དབང་སྩོལ། །གུས་པས་རྒྱུད་བསྐུལ་དེ་ཡི་ཐུགས་འོད་ཀྱིས། །འཁོར་འདས་བརྟན་གཡོའི་ཚེ་བཅུད་དྭངས་མ་བསྡུས། །ལྷུང་བཟེད་ནང་ཞུགས་ཞུ་ཁོལ་ཁ་ནས་ལུད། །རང་ལུས་འཆི་མེད་བདུད་རྩིས་གང་བར་གྱུར། །ཅེས་མོས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱཿཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླའོ། །སྣོད་བཅུད་འོད་ཞུ་རང་དང་ཏཱྃ་ཡིག་ཀྱང་། །མི་དམིགས་འོད་གསལ་ཕྱག་རྒྱ་ཆེན་མོར་ཐིམ། །སླར་ཡང་འཕགས་མའི་སྐུར་གསལ་འབྲུ་གསུམ་མཚན། །ཆོས་ཀུན་ལྷ་སྔགས་ཡེ་
ཤེས་རོལ་པའོ། །གཏོར་འབུལ་སྤྲོ་ན། རྃ་ཡྃ་ཁྃ། རིན་ཆེན་སྣོད་དུ་འབྲུ་གསུམ་འོད་དུ་ཞུ། །གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཐུགས་སྲོག་འོད་ཀྱིས་སྲས་བཅས་རྗེ་བཙུན་མ། །མདུན་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ པདྨ་ཀཱ་མ་ལ་ཡ་སྟྭཾ། ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། འཕགས་མ་རྒྱལ་མ་སྲས་བཅས་ཀྱིས། །མཆོད་གཏོར་བཞེས་ལ་བདག་འཁོར་བཅས། །རྟག་ཏུ་སྲུང་སྐྱོབ་བྱིན་གྱིས་རློབས། །ཆོས་སྤྱོད་ཡུན་རིང་འཚོ་བ་དང་། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཡིག་བརྒྱས་ནོངས་པ་བཤགས། རྟེན་མེད་ན་བཛྲ་མུཿས་གཤེགས། ཡོད་ན། ཨོཾ་སུ་
པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྟན་བཞུགས་བྱ། དགེ་འདིས་རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །བདག་གཞན་འགྲོ་བ་ཀུན་གྱིས་མྱུར་འགྲུབ་ཅིང་། །སྐྱེ་ཀུན་རྗེ་བཙུན་སྒྲོལ་མས་རྗེས་སུ་བཟུང་། །ཚེ་དང་ཡེ་ཤེས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་དགེ་ལེགས་སུ་བྱའོ། །ལྷག་པའི་ལྷ་མཆོག་ཀུན་ལས་ཀྱང་། །བྱིན་རླབས་མྱུར་ཞིང་ཚེ་སྤེལ་མ། །ཇོ་བོའི་ལུགས་བཞིན་སྒྲུབ་པའི་ཐབས། །འདིར་འབྲེལ་ཀུན་གྱིས་མཆོག་འགྲུབ་ཤོག །འཕགས་མ་སྒྲུབ་པའི་རྒྱན་ཁྱེར་འདིའང་རིགས་ལྡན་དྷཱ་ཀི་པདྨ་ཚེ་དབང་དཔལ་མོས་བཀྲ་ཤིས་པའི་ལྷ་རྫས་བཅས་བསྐུལ་ངོར། བློ་གྲོས་མཐའ་ཡས་ཀྱིས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་བཟང་པོར་དེ་ཝི་ཀོ་ཊིའི་སྙིང་པོ་རྟག་བརྟན་དགའ་ཚལ་དུ་སྤེལ་བ་དགེ་ལེགས་འཕེལ།། །།
དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག །ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།
༄༅། །དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཨརྱ་ཏཱ་རེ་ཡེ། ག་བུར་ཉིང་ཁུས་བྱུགས་པའི་མཚན་དཔེ་ནི། །བདུད་རྩིའི་ཟེར་བརྒྱ་འཛགས་པའི་འཇིག་རྟེན་གྱི། །རིང་པོར་འཚོ་བའི་ཆུ་གཏེར་ཇི་སྙེད་སྤེལ། །སྙིང་གི་དཔྱིད་དུ་བླ་མའི་ངོ་བོར་བསྟི། །གང་ལས་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །ལམ་སྲོལ་འདི་ལས་གྲུབ་བརྙེས་གཏེར་གྱི་མཛོད། །རང་གིས་སྤྱོད་ཅིང་གཞན་ལ་སྦྱིན་མཛད་པ། །དེ་དག་ཞབས་ལ་ཡན་ལག་མཆོག་གིས་བཏུད། །སྲོལ་མང་བདུད་རྩི་སྙིང་ལ་སིམ་མོད་ཀྱི། །ནུས་བཅུད་ཁྱད་འཕགས་རང་སྲོལ་ཇོ་བོའི་ལུགས། །ཀརྨ་ཀཾ་ཚང་རྗེ་བཙུན་ཇོ་ནང་པའི། །གདམས་ངག་ཆུ་བོ་གཅིག་ཏུ་བསྡུས་ནས་འཆད། །དེ་ལ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ཆོས་སྤྱོད་དབང་པོ་དུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་
སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱད། །གང་ཕྱིར་རིག་པར་ཐབས་སྦྱར་བས། །དཀའ་བ་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། བྱང་ཆུབ་སྒྲུབ་པའི་རྟེན་མཆོག་ལྷ་ལས་ལྷག་པ་འདི་ཉིད་རིང་པོར་འཚོ་བའི་ཐབས་ལ་ཐོག་མ་ཉིད་དུ་སྒོ་ཐམས་ཅད་ནས་འབད་པར་རིགས་ཤིང་། དེ་ལྟ་བུའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པ་ཐུགས་རྗེ་ཅན་དེའི་རིང་ལུགས་ལས་འབྱུང་བ་ལས། རྫས་སྨན་རྟེན་འབྲེལ་ཚོགས་བསགས་སོགས་ཆེས་བྱ་བ་ལས་ཁྱད་པར་དུ་འཕགས་ཤིང་། ནང་གི་རྣལ་འབྱོར་ལ་བརྟེན་པ་རྣམས་ཀྱི་རབ་དང་ཕུལ་དུ་གྱུར་པ། གནས་སྐབས་བརྒྱད་དང་བཅུ་དྲུག་སོགས་བྱང་
ཆུབ་སྒྲུབ་པའི་གེགས་དང་བར་ཆད་འཇིགས་པ་ཐམས་ཅད་ལས་སྐྱོབ་ཅིང་། འཆི་བ་མེད་པའི་ཚེ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་དུས་ཐུང་ངུས་བདེ་བླག་ཏུ་ཐོབ་པར་བྱེད་པ། སྔགས་བླ་མེད་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་རྟའི་རྒྱལ་པོའི་རིགས་སྒྲོལ་མ་མངོན་འབྱུང་སོགས་ལས་གསལ་བར་གསུངས་པའི་རྗེ་བཙུན་མ་ཡིད་བཞིནའཁོར་ལོའི་གདམས་ངག་བདུད་རྩིའི་ཆུ་སྲོལ། གངས་ཅན་གྱི་ལྗོངས་འདིར་བཞི་དང་ལྔ་དང་དྲུག་སོགས་སུ་བབས་པ་ལས། སྐུ་ཚེའི་དངོས་གྲུབ་དང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཏེ་གྲུབ་གཉིས་བར་མ་ཆད་དུ་བརྙེས་པས། ཡིད་ཆེས་མྱོང་རྟགས་ཅན་གྱི་བརྒྱུད་སྲོལ་ཁྱད་པར་དུ་འཕགས་པ་འཇིགས་བྲལ་གྱི་སློབ་དཔོན་ངག་དབང་གྲགས་པ་དང་མགོན་པོ་གསེར་གླིང་པའི་རྗེས་འབྲངས་དཔལ་ལྡན་མར་མེ་མཛད་དང་། རྒྱལ་བ་གཉིས་པ་དགེ་སློང་འཚོ་བྱེད་ལས་རིམ་པར་བརྒྱུད་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཡབ་སྲས་ཀྱི་ཐུགས་དམ་ལས་བྱུང་བ་དང་། རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་སྒྲོལ་བའི་མགོན་པོའི་གསུང་གི་བདུད་རྩི་གུང་སྤྲོས་ཏེ་དཔལ་ལྡན་བླ་འི་ཞལ་སྒོ་ལས་ཇི་ཙམ་ཐོབ་པ་ནོར་བུའི་སྙིང་པོ་ལྟ་བུའི་ཟབ་མོའི་གདམས་ངག་བསླད་མེད་རྐང་ཚུགས་འཆད་པར་བྱེད་པ་ལ་གསུམ། སྔོན་
འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། ཐུན་མོང་སྔོན་འགྲོ་བཞི་སྦྱོར། ཐུན་མིན་ཚོགས་བསགས་གཉིས་སོ། །དང་པོ་ལ་བཞི། རྒྱུད་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ལམ་ལོག་པ་དང་དམན་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད། ཚོགས་རྫོགས་པར་བྱེད་པ་མཎྜལ། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཐོ་རངས་བྱ་རོག་གི་སྐད་མ་གྲག་གོང་དུ་ལངས་ལ་ཁྲུས་གཙང་མ་བྱ། སྟན་བདེ་བར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་ལ་སྡིག་སྒྲིབ་དང་ཚེའི་བར་ཆད་སོགས་བསལབར་མོས་ལ་རླུང་རོ་ལན་གསུམ་བསལ། རང་ཐ་མལ་པར་གནས་པའི་སྤྱི་གཙུག་ཏུ་པད་ཟླའི་གདན་ལ་བླ་མ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། མཚན་དཔེ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་ཡི་གེ་བརྒྱ་པའི་སྔགས་ཕྲེང་མུ་ཏིག་རྡོག་མ་ལྟར་འཁོད་པ། རང་གི་སྙིང་གར་པད་ཟླའི་གདན་ལ་བཅོམ་ལྡན་འདས་མ་ཐུགས་ཀར་ཏཱྃ་ཡིག་དང་བཅས་པ། བླ་མ་དང་དབྱེར་མེད་པའང་བཞུགས་པར་བསམས་ལ། ཉེས་བྱས་
ལ་འགྱོད་སེམས་དང་བླ་མ་ཡི་དམ་དབྱེར་མེད་པ་ལ་མོས་གུས་དྲག་པོས། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་རྡོར་སེམས་ཞལ་འཛུམ་པ་དང་བཅས་འོད་དུ་ཞུ་སྤྱི་གཙུག་ནས་ཞུགས། སྙིང་གའི་སྒྲོལ་མ་དཀར་མོ་ལ་ཐིམ། བཟླས་པ་དང་མོས་གུས་ཀྱིས་ཐུགས་རྒྱུད་བསྐུལ་བས། བཅོམ་ལྡན་འདས་མའི་ཐུགས་ཀའི་ཏཱྃ་ཡིག་ལས་བདུད་རྩི་འོད་ཟེར་དཀར་པོའི་རྒྱུན་བྱུང་། སྐུའི་ནང་གང་། ཕྱག་གཡས་མཆོག་སྦྱིན་གྱི་སྲིན་ལག་རྩེ་ནས་བདུད་རྩི་འོ་མའི་རྒྱུན་ལྟར་བབ། རང་གི་ལུས་ནང་གང་། སྡིག་སྒྲིབ་ནད་གདོན་དུས་དང་དུས་མ་ཡིན་པར་འཆི་བ་དམ་ཚིག་ཉམས་ཆག་ཐམས་ཅད་སྦུན་པ་ཆུས་དེད་པ་ལྟར་བ་སྤུའི་བུ་ག་ནས་ཕྱིར་ཐོན། ལུས་ཕྱི་ནང་སྒྲིབ་པ་མེད་པ་ཤེལ་གོང་ལྟ་བུ་དག་ཅིང་དཀར་གསལ་དུ་གྱུར་སྙམ་དུ་
བསམ་ལ། ཡི་གེ་བཅུ་པ་དང་རྡོར་སེམས་ཡིག་བརྒྱ་སྦྲེལ་མ་ཅི་ནུས་བཟླས་ལ། མཐར། དེ་ལྟར་འདོད་དོན་གསོལ་འདེབས་བཤགས་སྦྱངས་སོགས་བྱས་པས་བཅོམ་ལྡན་འདས་མ་འོད་དུ་ཞུ། རང་ཉིད་ལ་ཐིམ་པས། རང་ཉིད་བཅོམ་ལྡན་འདས་མ་དངོས་སུ་གྱུར་སྙམ་དུ་བསམ་ལ་འཁོར་གསུམ་མི་རྟོག་པ་ཆོས་ཉིད་ཀྱི་ངང་དུ་བཞག །འདི་ཁོ་ནར་ཐུན་དུ་བཅད་པ་ཡིན་ན་མཐར་དགེ་བ་བསྔོ་བའང་བྱ་དགོས་ཏེ་འོག་མ་རྣམས་ལའང་འགྲེའོ། །རྒྱུན་གྱི་ཉམས་ལེན་ལྟ་བུར་བསྡུས་པ་སྤྲོ་ན། རང་ཐ་མལ་པའི་སྙིང་གར་ཟླ་བའི་སྟེང་དུ་ཏཱྃ་ཡིག་དཀར་པོའི་མཐར་ཡིག་བརྒྱ་མུ་ཏིག་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་ཟླ་བ་ལྟ་བུ་བྱུང་། ལུས་གང་། ནད་གདོན་སྡིག་སྒྲིབ་ལས་དང་རྣམ་སྨིན། ཤ་ཁྲག་གི་ཕུང་པོ་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་རང་བཞིན་དུ་གྱུར་པར་མོས་ལ། ཡིག་བཅུ་དང་ཡིག་བརྒྱ་བཟླས་མཐར། ལྷ་མོ་བདག་ནི༴ དམ་ཚིག་ལས་ནི༴ བླ་མ་སྒྲོལ་མས་སོགས་གོང་ལྟར་གསོལ་བ་བཏབ་པས། ཡི་གེ་གདན་དང་བཅས་པ་འོད་དུ་ཞུ། རང་ཉིད་ལ་ཐིམ་པས་སྦྱང་བྱ་གཟོད་མ་ནས་མི་དམིགས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཞེས་མཉམ་པར་བཞག །འདི་ཁྲིད་རིམ་སྤྱི་དང་བསྟུན་ན་སྐྱབས་
སེམས་ཀྱི་རྗེས་སུ་བྱེད་པ་ཡིན་ཅིང་མཐའ་གཅིག་ཏུ་ཁྲིགས་ཆགས་མི་དགོས་ཀྱང་ཡིག་རྙིང་ལུགས་སྲོལ་སོར་བཞག་པའོ། །དཔེར་ན་སྣོད་མ་དག་པ་ལ་ཟས་སོགས་བླུགས་ན་ཆུད་འཛའ་བ་ལྟར། སྒྲིབ་པ་ཅན་ལ་ལམ་གྱི་མངོན་རྟོགས་མི་སྐྱེ་བས་ཐོག་མར་སྣོད་ཀྱི་སྒྲིབ་པ་ཉེས་ལྟུང་སྦྱངས་ན་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལ་དཀའ་ཚེགས་མེད་པས། ཐོག་མར་འདི་བསྒོམ་པ་ནི་སྣོད་བཀྲུ་བཤལ་བྱེད་པའི་ཚབ་ཡིན་པས་གལ་ཤིན་ཏུ་ཆེའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་པད་མའི་སྡོང་པོ་ཡལ་ག་ལོ་འབྲས་ཕུན་སུམ་ཚོགས་ཤིང་འདབ་མ་བཞིར་གྱེས་པའི་དབུས་སུ་ངོ་བོ་རྩ་བའི་བླ་མ་དང་རྗེ་བཙུན་དབྱེར་མེད་པ་ལ་རྣམ་པ་མགོན་པོ་འོད་དཔག་མེད་བླ་མ་ཀུན་འདུས་ཀྱི་སྐུར་བཞུགས་པ། མདུན་གྱི་འདབ་མ་ལ་འཕགས་མ་སྒྲོལ་མ་ཡི་དམ་ཀུན་འདུས། གཡས་སུ་ཤཱཀྱའི་དབང་པོ་སངས་རྒྱས་ཀུན་འདུས། རྒྱབ་ཏུ་ཡུམ་ཆེན་མོ་ཉིད་དམ་ཆོས་དཀོན་མཆོག་ཐམས་ཅད་ཀྱི་ངོ་བོ། གཡོན་དུ་སྤྱན་རས་གཟིགས་དགེ་འདུན་ཀུན་འདུས། འཁོར་ཡུག་དང་བར་མཚམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས། སྤྲོ་ན་མཆོད་བསྟོད་གསོལ་བ་གདབ། དཀྱུས་ལ་མི་དགོས།
རང་གིས་གཙོར་བྱས་མ་རྒན་སེམས་ཅན་ཐམས་ཅད་ཁྲོམ་ཚོགས་སུ་འཁོད་པར་བསམ། དེ་རྣམས་ཀྱི་སྡུག་བསྔལ་མྱོང་ཚུལ་ལ་བསམ། སྡུག་བསྔལ་དེ་དག་ལས་ཁྱེད་རྣམས་ཀྱིས་སྐྱོབ་པར་མཛད་དུ་གསོལ་སྙམ་དུ་སེམས་ཐག་པ་ནས་བསམས་ལ། རང་གིས་འདྲེན་དཔོན་བྱས་པས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྒོ་གསུམ་གུས་པའི་སྒོ་ནས་སྐྱབས་འགྲོ་དི་རི་རི་བྱེད་པར་མོས་ལ། བདག་དང་འགྲོ་བ་སོགས་དང་། སངས་རྒྱས་ཆོས་ཚོགས་སོགས་གྲངས་ཇི་ལྟར་རིགས་པར་བསགས། སེམས་བསྐྱེད་པ་ནི། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ་འདི་རྣམས་ཀྱིས་ཐོག་མ་མེད་པ་ནས་བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད། འདོད་པ་བདེ་བ་འདོད་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བཟོད་དཀའ་བ་ལ་གཏན་དུ་ཐར་དུས་མེད་པར་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་གཅིག་ཀྱང་མ་ལུས་པ་འཆི་མེད་རྟག་པ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དེའི་ཆེད་དུ་གནས་སྐབས་སུ་ཚེ་རིང་བ། ནད་མེད་པ། བར་ཆད་ཞི་བ། ཁྱད་པར་བླ་མའི་སྐུ་ཚེ་བརྟན་ཅིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ།
མཐར་ཐུག་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གྱུར་འཕགས་མ་སྒྲོལ་མའི་གོ་འཕང་དུས་མྱུར་བ་ཉིད་དུ་བདེ་བླག་ཏུ་འཐོབ་པར་བྱ་བའི་ཕྱིར་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྐྱེད་རྫོགས་ལ་འཇུག་ཅིང་བརྩོན་པ་ཆེན་པོས་མཐར་དབྱུང་སྟེ། ཡི་དམ་འདི་ཉིད་མ་འགྲུབ་བར་དུ་སྲོག་ལ་བབས་ཀྱང་མི་གཏོང་སྙམ་པའི་དམ་བཅའ་དེའི་རྗེས་སྒྲུབ་ལ་ཞུགས་པ་འཇུག་པ་བྱང་ཆུབ་ཀྱི་སེམས་ལེགས་པར་བསྐྱེད་དེ། ངག་ཏུ་བྱང་མཆིས་མ་སོགས་ཚིགས་བཅད་བརྒྱད་པའམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་ལན་ཁ་ཡར་བརྗོད་མཐར། སྐྱབས་ཡུལ་རྣམས་འོད་དུ་ཞུ་བླ་མ་ལ་ཐིམ། དེའང་འོད་དུ་ཞུ་ནས་རང་ལ་ཐིམ་པས་དཀོན་མཆོག་བླ་མའི་བྱིན་རླབས་བདག་རྒྱུད་ལ་ཞུགས་པར་བསམ། འདི་བསྒྲུབས་པས་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་འབྱུང་ངེས་སྙམ་དུ་ཡིད་ཆེས་དང་དད་པའི་རྒྱུན་མ་བྲལ་ན་དོན་ཐམས་ཅད་མྱུར་དུ་འགྲུབ་པའི་གདམས་ངག་ཡང་དག་པའོ། །གསུམ་པ་ནི། ཐོག་མར་སྒྲུབ་པའི་མཎྜལ་བསང་སྦྱང་། བསངས་ཆུས་བྲན་པ་སོགས་མི་དགོས། མཆན། ཧཱུྃ་ཞེས་པས་བར་ཆད་སྲུང་བར་མོས་ལ་སྤྲོ་ན་འབྲུའི་ཚོམ་བུ་ཆུང་ངུ་ཞིག་དོར། ཨོཾ་བཛྲ་བྷཱུ་མཱི་ཨཱཿཧཱུྃ། གསེར་གྱི་ས་གཞིའི་སྟེང་དུ་རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་
མཆོད་པའི་ཡོ་བྱད་ཐམས་ཅད་དང་ལྡན་པའི་རི་གླིང་རྣམས་ལ་པད་ཟླའི་གདན་དང་བཅས་པ་གྲུབ་པར་བསམ། བ་བྱུང་ལྔ་དང་དྲི་བཟང་གི་ཆུས་བྱུགས་ལ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། བར་མཚམས་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པའི་སྤོས་ཆུས་གང་ཞིང་ཕྱི་ལྕགས་རིའི་མུ་ཁྱུད་ཀྱིས་བསྐོར་བ། དབུས་ཀྱི་གདན་ལ་ཏཱྃ། ཕྱོགས་བཞིར་ཏཱྃ་མུཾ་ཨ་ཧྲཱིཿ རྣམས་གསལ་བར་མོས། རང་ཉིད་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁར་སྟེང་གི་ཆ་ལ་རྩ་བའི་བླ་མ་འོད་དཔག་ཏུ་མེད་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། འོག་གི་ཆ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་བཅས་སྤྱན་དྲངས། འཕགས་ཡུལ་བའི་ལུགས་ལྟར་ན་མེ་ཏོག་གསར་པའམ་མ་རྙེད་ན་བོད་ཀྱི་ལག་ལེན་ལྟར་འབྲུའི་ཚོམ་བུ་དབུས་དང་ཕྱོགས་བཞིར་བཀོད་པ་དང་མཉམ་དུ། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་བརྗོད་པས་ཡེ་ཤེས་པ་རྣམས་གདན་གྱི་ས་བོན་ལ་ཐིམ་སྟེ་ཡོངས་སུ་གྱུར་པ། རི་རབ་ཀྱི་སྟེང་དུ་བླ་མ་སྒྲོལ་མ་འོད་དཔག་མེད་ཀྱིས་
དབུ་བརྒྱན་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། ཤར་ལུས་འཕགས་པོར་སྒྲོལ་མ་བརྒྱ་རྩ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག །ལྷོ་འཛམ་བུའི་གླིང་དུ་ཤཱཀྱ་ཐུབ་པ་ལ་དུས་གསུམ་སངས་རྒྱས། ནུབ་བ་ལང་སྤྱོད་དུ་ཡུམ་ཆེན་མོ་ལ་དམ་ཆོས་གླེགས་བམ་གྱི་རྣམ་པ། བྱང་སྒྲ་མི་སྙན་དུ་སྤྱན་རས་གཟིགས་ལ་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱིས་བསྐོར་བ། མཚམས་རྣམས་སུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་གཏིབས་པ་ལྟར་བཞུགས་པར་མོས་ལ། མཎྜལ་དེ་ཉིད་མདུན་གྱི་སྟེགས་བུ་དང་པོར་བཞག །འབྱོར་དུ་རུང་ན་ཕྱི་མཆོད་དངོས་སུ་བཤམ་མོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་བླ་མ་ལ་ཕྱག་བྱེད་པར་མོས་ཏེ། ན་མོ་གུ་རུ་བྷྱཿ ཞེས་དང་། ཡི་དམ་འཁོར་བཅས་ལ་དམིགས་ཏེ། ན་མ་ཨཱརྱ་ཏཱ་རེ་སོགས་དང་། གང་དྲིན་མ་སོགས་ཚིགས་བཅད་གཉིས་ཀྱང་བརྗོད། རང་གི་སྙིང་གའི་འོད་ཟེར་ལས་སྤྲུལ་པའི་ལྷ་མོ་རྒྱན་དང་རྣམ་འགྱུར་མཚར་སྡུག་ཕུལ་དུ་བྱུང་བ་མང་པོས་སོ་སོར་མཆོད་པར་མོས། ཨརྒྷཾ་སོགས་སྔགས་དམིགས་ཕྱག་རྒྱ་རིམ་པར་སྦྱར་ཏེ། མཆོད་པའི་ལྷ་མོ་དཀར་མོ་རྣམས་ཀྱིས་གསེར་དང་བཻ་ཌཱུརྱའི་བྱ་མ་བུམ་ནས་ཡན་ལག་བརྒྱད་ལྡན་གྱི་ཆུའི་ཨརྒྷཾ་སྦྲེང་བ་
དང་། ལྷ་མོ་དམར་མོས་བདུད་རྩི་ལྔ་དང་ཤུན་པ་ལྔ་སོགས་འདག་འཆལ་དང་ལྡན་པའི་ཆུ་གཙང་གི་ཞབས་བསིལ་དང་། ལྷ་མོ་དཀར་མོས་ཆུ་སྐྱེས་ཐང་སྐྱེས་ཡིད་བྱུང་གི་མེ་ཏོག་ལྟ་ན་སྡུག་པས་དབུ་ལ་འཐོར་བ་དང་། ལྷ་མོ་དུད་ཀས་རང་བྱུང་དང་སྦྱར་བའི་བདུག་སྤོས་དྲི་བསུང་ཅན་ཤངས་ལ་འབུལ་བ་དང་། ལྷ་མོ་དམར་སྐྱས་རིན་ཆེན་ཉི་ཟླ་སྒྲོན་མེའི་རིགས་གྱུར་ཕྱོགས་བཅུའི་འཇིག་རྟེན་ལྷམ་མེར་བྱེད་པ་སྤྱན་ལམ་དུ་བསྟར་བ་དང་། །ལྷ་མོ་ལྗང་གུས་ག་བུར་གུར་གུམ་ཙན་དན་ལ་སོགས་པའི་དྲིའི་ཆབ་དུང་ཕོར་ནས་བླངས་ཏེ་ཐུགས་ཀ་ལ་སོགས་པའི་སྐུའི་གནས་རྣམས་སུ་འཐོར་བ་དང་བྱུགས་པ་དང་ཐིག་ལེ་བྱེད་པ་དང་། ལྷ་མོ་དམར་མོས་སྦྱར་བ་དང་ཡོངས་སུ་གྱུར་པ་དང་ལྷན་ཅིག་སྐྱེས་པའི་ལྷ་མིའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ལྗགས་ལ་འབུལ་བ་དང་། ལྷ་མོ་སྔོན་མོས་སིལ་སྙན་གླིང་བུ་པི་ཝཾ་རྔ་ཟླུམ་སོགས་ལྷའི་རོལ་མོའི་རིགས་གྱུར་སྙན་ལམ་དུ་འཁྲོལ་བས་ཚོགས་ཞིང་རྣམས་ཟག་མེད་བདེ་བས་དགྱེས། ལྷ་མོ་རྣམས་རང་ཐུགས་ས་བོན་ལ་ཐིམ་པར་བསམ། དེ་དག་གི་དོན་བསྐྱར་ནས་གསལ་འདེབས་པ་དང་། ཡན་ལག་ལྷག་མ་རྣམས་རྫོགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་མ་སོགས་བརྗོད་བཞིན་དུ།
མཆོད་པ་གཞན་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་མཐའ་དག་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲུལ་ནས་ལྟོས་པ་མེད་པར་འབུལ། བདག་གཞན་རྣམས་ཀྱིས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བས་མཚོན་སྡིག་པ་སྔར་བྱས་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་ཤིང་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱི་ཞིང་སྡོམ་པར་དམ་བཅའ། འཁོར་འདས་གཉིས་ཀྱི་ཁོངས་སུ་རྣམ་བྱང་དང་མཐུན་པའི་ཆོས་ཀྱི་ཡོན་ཏན་དང་དགེ་བ་ཅི་མཆིས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རངས། ཇི་ལྟར་ཚངས་པ་ཆེན་པོས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་གསོལ་བ་བཏབ་པ་ལྟར་ཐེག་མཆོག་བླ་ན་མེད་པའི་ཆོས་འཁོར་དུས་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། འཁོར་བ་མ་སྟོངས་ཀྱི་བར་དུ་བླ་མ་རྗེ་བཙུན་མའི་སྐུའི་རྣམ་པའི་ཚུལ་འདི་ཁོ་ན་ནུབ་པ་མེད་པར་རྟག་བརྟན་ཐེར་ཟུག་ཏུ་བཞུགས་པར་གསོལ་བ་འདེབས། དུས་གསུམ་གྱི་དགེ་རྩ་ཐམས་ཅད་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པའི་ཕྱིར་དུ་བསྔོ། དེ་དག་གི་དགེ་བས་ཚེ་རབས་ཀུན་ཏུ་རྗེ་བཙུན་ཡིད་བཞིན་འཁོར་ལོ་དང་མི་འབྲལ་ཞིང་རྗེས་སུ་བཟུང་ནས་བྱང་
ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པར་སྨོན་ནོ། །དེ་ནས་ཚོགས་ཞིང་གི་ལྷ་ལ་སེམས་གཏད་ནས་ཡི་གེ་བཅུ་པ་དང་སྤེལ་ཚིག་ཅན་ཇི་ལྟར་རིགས་པ་བཟླ། དེ་ནས་མཆོད་པའི་མཎྜལ་རྡུལ་ཕྱི། རིན་པོ་ཆེའམ་དྲི་བཟང་གི་ཆུས་བརླན་པའི་ཚོམ་བུ་བཀོད་ལ་སྤྱི་མཐུན་སོ་བདུན་མ་འབུལ་ཡང་རུང་མོད། རྗེ་དགུ་པའི་བཞེད་པ་ལྟར་ན། མདུན་བསྐྱེད་སྐབས་སུ་བཤད་པའི་ཚོམ་བུ་ལྔ་མ་དང་ཞིང་ཁམས་རྣམ་དག་སོགས་ཀྱིས་གྲངས་བཟུང་། མཐར་དཔག་བསམ་གྱི་ནི་སོགས་མཆོད་པ་སྣ་ཚོགས་པའང་འབུལ་ཞིང་། ཕྱི་རི་རབ་གླིང་བཞིའི་རྣམ་པ། ནང་རང་གི་ཕུང་ཁམས་དང་དབྱེར་མེད་ཅིང་། གཞན་རིགས་ལྔའི་ཞིང་གི་རང་བཞིན་རྡོ་རྗེའི་རི་རབ་ལ་སོགས་པ་མཆོད་པའི་བྱེ་བྲག་རྒྱན་བཀོད་པ་ཚད་མེད་པ་དང་ལྡན་པ་ཉིད་དེ་ཁོ་ན་ཉིད་འོད་གསལ་རང་སྣང་གི་ལོངས་སྤྱོད་དུ་འབུལ་བས་དགྱེས་པའི་ཕུལ་དུ་སོན་པར་བསམ་ལ། བླ་མ་ཡིད་བཞིན་འཁོར་ལོ་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ། སྒྲུབ་པའི་མཎྜལ་གྱི་ཚོམ་བུ་བསྡུས་ནས་མགོ་བོར་བཞག་པ་དང་མཉམ་དུ་ཚོགས་ཞིང་རྣམས་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཞུགས་ཏེཐིམ་པས་ཚོགས་གཉིས་རྫོགས་པའི་འབྲས་བུའི་སྐུ་དབྱེར་མེད་དུ་གྱུར་པར་མོས། འདིར་ཡང་
སྤྲོ་ན་སྤྱན་འདྲེན་གདན་འབུལ་ཕྱག་མཆོད་ཡན་ལག་བདུན་པ་རྣམས་ཀྱི་ཚིགས་བཅད་རྒྱས་པར་སྦྱོར་བ་ཡིན་ཅིང་ཚུལ་དེ་དང་དེའི་རིགས་རྗེ་དགུ་པའི་སྒྲོལ་དཀར་ཆེན་མོར་གསལ། འདིར་ཚེ་ཁྲིད་རྐང་ཚུགས་འཆད་ཅིང་ཐུན་སོ་སོར་ཉམས་སུ་ལེན་པའི་དབང་དུ་བྱས་ཀྱི། དཀྱིལ་འཁོར་དང་འབྲེལ་བའམ། མ་འབྲེལ་ཡང་སྤྲོས་པས་མི་ལྕོགས་ན་སྒྲུབ་པའི་མཎྜལ་སྒྲུབ་བསྐྱེད་ཀྱི་བྱ་བ་གང་ཡང་མི་དགོས་ཤིང་སྒྲུབ་ཐབས་དཀྱུས་སུ་བསྟན་པ་ལྟར་ཚོགས་ཞིང་ནམ་མཁར་སྤྱན་དྲངས་པ་ལ་ཡན་ལག་བདུན་པ་དང་ མཎྜལ་འབུལ་ཞིང་། སྤྲོས་པ་ཤིན་ཏུ་ཆུང་བར་བྱེད་ན་དེ་ཀའི་མུར་གསོལ་འདེབས་དབང་ལེན་བགྱིས་པས་བླ་མའི་རྣལ་འབྱོར་ཡང་འགྲུབ་པ་ཡིན་ནོ། །བཞི་པ་ནི། རང་གི་སྤྱི་བོར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་མོ་སྟོན་ཟླའི་འོད་དང་མཚུངས་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བར་མོས། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་རྣམས་
དང་དཀོན་མཆོག་རྣམས་རེ་རེ་ནས་སྤྱན་དྲངས། བླ་མ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་གྱུར། མདོར་ན་དཀོན་མཆོག་རྒྱ་མཚོ་དངོས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །དྲན་པ་ཙམ་གྱིས་སྩོལ་མཛད་པ། །ཡིད་བཞིན་ནོར་བུ་ལྟ་བུའོ། །ཞེས་ངེས་པའི་ཤེས་པ་བསྐྱེད། འདིར་ཡང་སྤྲོ་ན་མཆོད་བསྟོད་བྱ་བར་གསུངས། དེ་ནས་བརྒྱུད་པའི་ཁྲིད་ཀྱི་སྐབས་འདིར་པདྨ་ཉིན་བྱེད་རྗེས་ཀརྨ་ཐེག་མཆོག་བསྟན་འཕེལ་ངེས་པར་འཛུད་དགོས། མཆན། གསོལ་འདེབས་ཟུར་དུ་གསལ་བ་ལྟར་ཚར་གཅིག་གི་རྗེས་གསོལ་འདེབས་ཀྱི་བསྙེན་པ་བྱ་བར་སྤྲོ་ན། འདིར་དམིགས་བསལ་མ་གསུངས་ཀྱང་བཀའ་བརྒྱུད་རིན་པོ་ཆེ་སྤྱིའི་ཕྱག་བཞེས་བཞིན་མ་ནམ་བཞི་སྐོར་ལ་གྲངས་བཟུང་། དཀྱུས་སུ་བསྟན་པ་ནི་སྐྱབས་བདུན་མ་སྟེ། གནས་སྐྱེ་བ་མེད་པའི་སོགས་ཚར་ཇི་ལྟར་འོས་པ་དད་མོས་ཀྱི་གདུང་ཤུགས་དྲག་པོ་དང་ལྡན་པས་བརྗོད་མཐར། ཐལ་མོ་སྦྱར་ཏེ། བླ་མ་ཡིད་བཞིན་འཁོར་ལོ་སོགས་ཀྱིས་འདོད་དོན་གསོལ་བ་གདབ། ལམ་དུས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ལེན་པ་ནི། བླ་མ་དང་བཅོམ་ལྡན་འདས་མ་ཐ་མི་དད་པའི་དཔྲལ་བ་ནས་སྐུའི་བདུད་རྩི་དང་འོད་ཟེར་དཀར་པོ། མགྲིན་པ་ལས་གསུང་གི་བདུད་རྩི་དང་འོད་ཟེར་དམར་པོ།
ཐུགས་ཀ་ནས་ཐུགས་ཀྱི་བདུད་རྩི་དང་འོད་ཟེར་སྔོན་པོ། ལྟེ་བ་ནས་ཡེ་ཤེས་ཀྱི་བདུད་རྩི་དང་འོད་ཟེར་སེར་པོ་བྱོན་ཏེ་རང་གི་གནས་བཞིར་ཞུགས། ལུས་ཐམས་ཅད་གང་། སྒྲིབ་པ་བཞི་དག །དབང་བཞི་ཐོབ། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་ཞུགས། སྐུ་བཞི་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་མོས་ལ་གཉུག་མའི་རང་ངོར་མཉམ་པར་བཞག་གོ། །གལ་ཏེ་ཉམས་ལེན་བསྡུས་པའི་དབང་དུ་བྱེད་ན་གོང་སྨོས་ཚོགས་ཞིང་སྤྱན་དྲངས། ཕྱག་མཆོད་སོགས་དང་མཎྜལ་ཕུལ་བའི་རྗེས་སུ། ཚོགས་ཞིང་གི་འཁོར་ཐམས་ཅད་གཙོ་མོ་ལ་ཐིམ། བླ་མ་དང་བཅོམ་ལྡན་འདས་མ་ཐ་དད་མེད་པ་དེ་ཉིད་རང་གི་སྤྱི་བོར་བྱོན་ཏེ་པད་ཟླའི་གདན་ལ་བཞུགས་པར་གྱུར། ཅེས་མོས་ལ་གསོལ་འདེབས་སོགས་བྱས་པའི་རྗེས་སུ་བླ་མ་བཅོམ་ལྡན་འདས་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་གཉིས་སུ་མེད་པར་གྱུར་པར་མོས་པ་ཙམ་གྱིས་དབང་བཞི་དོན་ལ་ཚང་ངོ་། །གཉིས་པ་ལ་གཉིས། ཀུན་རྫོབ་བསོད་ནམས་དང་། དོན་དམ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྤྱིར་གོང་དུ་སྨོས་པའི་མཎྜལ་གྱི་བྱ་བ་ལ་སོགས་པ་དེ་རྣམས་ཀྱང་ཚོགས་
བསགས་པ་ཡིན་མོད་ཀྱི། དེ་དག་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་ཐབས་སུ་གྱུར་པ་ཡིན་ལ། སངས་རྒྱས་སྒྲུབ་པ་ལ་མེད་ན་མི་འབྱུང་གི་རྒྱུའི་རྐྱེན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན་པས་འདིར་དམིགས་སུ་ཕྱེ་ནས་སྟོན་པ་སྟེ། དང་པོ་ནི། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཕྲལ་དང་ཡུན་དུ་བདེ་བ་དང་ལྡན་པར་མ་ཟད། དེའི་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་ལ་ངང་གིས་སྤྱོད་པར་གྱུར་ཅིག་སྙམ་པ་བྱམས་པ་ཚད་མེད། དེས་འགྲེས་ཏེ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྒྱུར་བཅས་སྤོང་བ་ལ་ངང་གིས་འཇུག་པར་གྱུར་ཅིག་སྙམ་པ་སྙིང་རྗེ་ཚད་མེད། གནས་སྐབས་ལྟར་སྣང་གི་བདེ་བ་ཙམ་མ་ཡིན་པ་སྡུག་བསྔལ་དང་གཏན་དུ་བྲལ་བའི་བདེ་བ་དམ་པ་ལས་ནམ་ཡང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་ཚད་མེད། ཐམས་ཅད་ཀྱང་དགྲ་གཉེན་སོགས་ཉེ་རིང་ཕྱོགས་ལྷུང་ཆགས་སྡང་གི་འདུ་ཤེས་དང་བྲལ་ནས་གྲུ་གཅིག་པའི་ནང་གི་མགྲོན་པོ་ལྟར་མཉམ་པ་ཆེན་པོའི་སེམས་ཐོབ་པར་གྱུར་ཅིག་སྙམ་པ་བཏང་སྙོམས་ཚད་མེད་པ་བཞིའི་དོན་ནན་ཏན་དུ་དྲན་བཞིན་དུ་ངག་འདོན་དལ་བར་བརྗོད། འདི་ཙམ་བསྒོམས་པས་ཚངས་རིས་ཀྱི་གནས་སུ་སྐྱེ་བར་བྱེད་ཅིང་། དེའི་
སྟེང་དུ་ཐམས་ཅད་མཁྱེན་པའི་སེམས་དང་འབྲེལ་བས་མཐར་ཐུག་གི་ཚངས་པ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་འགྱུར་བས་ཚངས་གནས་བཞིའམ། སེམས་ཅན་རེ་རེ་ཙམ་དང་དུས་ཉི་ཚེ་བ་མ་ཡིན་པར་མཐའ་ཡས་པའི་འགྲོ་བ་ཐམས་ཅད་གཏན་གྱི་བདེ་བ་ལ་འགོད་པའི་ལྷག་པའི་བསམ་པ་ལ་ཞུགས་པས་ཚད་མེད་བཞི་ཞེས་ཀྱང་བྱའོ། །གཉིས་པ་ནི། གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས་དཔྱད་མཐར་སྟོང་པར་འཇོག་པ་ནི་སྐབས་འདི་དག་ཏུ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ལ། རྣམ་པར་མི་རྟོག་པའི་མཉམ་བཞག་ནི་ངེས་པར་དགོས་ཏེ། དེའང་གཤིས་ཅིར་ཡང་མ་གྲུབ་པ་ཙམ་གྱི་སྟོང་ཉིད་དང་། མ་གྲུབ་པ་དེ་ཀུན་རྫོབ་སེམས་སྣང་ཙམ་དང་སྦྲེལ་བའི་རིག་པ་སྒྱུ་མ་ལྟ་བུ་ལ་ཟུང་འཇུག་ཏུ་བཏགས་པ་ཙམ་མ་ཡིན་པ། སྟོང་ཉིད་རྣམ་གྲངས་ཐམས་ཅད་ཀྱི་མཆོག་སྤྲོས་བྲལ་གྱི་རིག་པ་དོན་དམ་རྣམ་པ་ཐམས་ཅད་པ་ལ་མཉམ་པར་འཇོག་པ་སྟེ། དེ་ཉིད་ལས་དང་པོ་པས་རྒྱས་འདེབས་དང་། གནས་ལུགས་རྟོགས་པ་རྣམས་ཀྱི་རང་ངོར་འཇོག་པ་ཚིག་གིས་གསལ་འདེབས་པའི་ཕྱིར། ཤཱུ་ནྱ་ཏཱའི་སྔགས་བརྗོད། སྔགས་དོན་ནི། ཤཱུ་ནྱ་ཏཱ་སྟོང་ཉིད་དེ། སེམས་ལས་གཞན་པ་ཕྱི་སྣོད་རང་ལུས་སོགས་
གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་རྣམས་མེད། རྣམ་རིག་ཙམ་གྱི་སེམས་དེའང་རང་གི་ངོ་བོས་མ་གྲུབ་སྟེ་གདོད་ནས་སྟོང་པའོ། །ཛྙཱ་ན་ཡེ་ཤེས་ཏེ། འོན་ཀྱང་བེམ་སྟོང་ནམ་མཁའ་ལྟ་བུ་མ་ཡིན་པ་དོན་དམ་པའི་རིག་པ་རྣམ་པ་ཐམས་ཅད་པར་འཆར་བའོ། །བཛྲ་ནི་རྡོ་རྗེ་སྟེ། དེ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་རང་བཞིན་དུ་གང་གསུངས་པ་དེའོ། །སྭ་བྷཱ་ཝ་རང་བཞིན་ཏེ། ཡེ་ཤེས་རྡོ་རྗེ་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང་བཞིན་དུ་ཡོད་པའོ། །ཨཱཏྨ་ཀོ་བདག་ཉིད་དེ་གནས་ལུགས་སུ་བདེན་པས་དོན་དམ་པའི་བདག་ཉིད་དོ། །ཨ་ཧཾ་ངའོ་ཞེས་པ་སྟེ་རང་གི་སེམས་ཀྱི་རང་བཞིན་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་བཟུང་བའོ། །སྟོང་པ་ཉིད་ཅེས་པས་ཀུན་རྫོབ་སྤྲོས་པའི་མཐའ་སྤངས་ལ། ཡེ་ཤེས་སོགས་ཀྱིས་དོན་དམ་ཡེ་ཤེས་རྡོ་རྗེ་བསྟན་པའི་དོན་གོ་བར་བྱས་ཏེ་གཤིས་ལུགས་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ། ༈ གཉིས་པ་དངོས་གཞི་ལ་གཉིས་བསྐྱེད་རིམ་དང་། རྫོགས་རིམ་མོ། དང་པོ་ལ་གཉིས། ལྷའི་རྣལ་འབྱོར་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལའང་གསུམ། ཡན་ལག་བཞི་ལྡན་གྱིས་ལྷའི་རྣལ་འབྱོར་སྒྲུབ་པ། མཆོད་བསྟོད། གསལ་བརྟན་དག་དྲན་ལ་བསླབ་
པའོ། །དང་པོ་ནི། སྟོང་པ་དེ་ཉིད་དེའི་ངང་ལས། མཚན་རྟོག་གིས་མ་བཅོས་པའི་སེམས་ཉིད་གཉུག་མའི་སྣང་ཆ། ཧཱུྃ་ཞེས་པའི་སྒྲ་གདངས་ནམ་མཁའ་གང་བར་སད་པའི་རྐྱེན་གྱིས། འོག་ཏུ་རྡོ་རྗེའི་ས་གཞི། དེ་ལ་བརྟེན་པའི་ལོགས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་རྡོ་རྗེའི་ཏོག་དང་བཅས་པ། ར་གུར་གྱི་ནང་མཚམས་སུ་རྡོ་རྗེའི་བླ་བྲེ། ཕྱི་ངོས་སུ་རྡོ་རྗེའི་དྲྭ་བ་དཔྱངས་པ། གུར་ཁང་དེ་ལ་ལྟོང་ཟུག་ཅིང་རྡོ་རྗེའི་མདེའུ་ཕྱི་རོལ་དུ་བསྟན་པའི་མདའི་དྲྭ་བ་བསྣོལ་མ། དེའི་ཕྱི་རོལ་དུ་ཕྱོགས་ཀུན་ཏུ་འཁོར་བའི་མེ་རབ་ཏུ་འབར་བ། ཐམས་ཅད་ཀྱང་ཁ་དོག་དཀར་པོ། ཡངས་ཤིང་རྒྱ་ཆེ་བ། བགེགས་དང་ལོག་འདྲེན་ལྟ་ཅི་སྨོས་བསྐལ་པའི་མེ་རླུང་གིས་ཀྱང་གཞིག་མི་ནུས་པ། དེའི་དབུས་སུ་རྣམ་སྣང་ས་བོན་ཡི་གེ་བྷྲཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་ཟླ་ཤེལ་ཏེ་ནོར་བུ་ཆུ་ཤེལ་འབའ་ཞིག་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་ཤིང་རྒྱན་དང་མཆོད་པའི་བྱེ་བྲག་རྣམ་པ་མཐའ་ཡས་པ་དང་ལྡན་པ། དེའི་དབུས་སུ་པཾ་ཡིག་དཀར་པོ་ལས་ཆུ་སྐྱེས་ཀྱི་བྱེ་བྲག་པདྨ་དཀར་པོ་འདབ་མ་དང་ལོ་འདབ་རབ་ཏུ་རྒྱས་ཤིང་རིན་པོ་ཆེའི་སྡོང་བུ་སྲ་ཞིང་མཁྲིགས་ལ་གེ་སར་དང་བཅས་པའི་སྟེང་དུ། ཨ་དཀར་པོ་ལས་ཟླ་བའི་
དཀྱིལ་འཁོར་ཉ་གང་ཞིང་རྙོགས་པའི་དྲི་མ་དང་བྲལ་བ། གདན་དེ་དག་གི་སྟེང་དུ་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་དབང་གིས་རང་གི་སེམས་ཉིད་ཏཱྃ་ཡིག་ཁ་དོག་དཀར་པོ་རིང་ཆ་ཟླ་ཚེས་ཐིག་ལེ་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཨུཏྤ་ལ་དཀར་པོ་ལོ་འདབ་སྡོང་བུ་དང་བཅས་པ་ཏཱྃ་དཀར་པོས་མཚན་པ། དེ་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་ཐོགས་པ་མེད་པར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པའི་འཆི་བ་ལ་སོགས་པ་འཇིགས་པ་བརྒྱད་དང་བཅུ་དྲུག་བསལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་དེ་དག་ཚུར་འདུས་ཨུཏྤལ་དང་ཏཱྃ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མ་སྒྲོལ་མ་མངོན་རྟོགས་ལྟར་གཤར་སྒོམ་དུ་བྱ་ཞིང་། ཟླ་བའི་རྒྱབ་ཡོལ་ཅན་དུ་གྱུར། ཅེས་སྐུ་ཡོངས་རྫོགས་གསལ་འདེབས་པ་བསྙེན་པའི་ཡན་ལག །དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ། ཐུགས་ཀའི་དབུས་སུ་པད་དཀར་
དང་ཟླ་བ་ལ་ཏཱྃ་ཡིག་དཀར་པོ་འོད་ཟེར་དང་བཅས་པ་གསལ་བར་བསྒོམ་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག །དེ་ལས་འོད་ཟེར་འཕྲོས། ཆོས་ཀྱི་དབྱིངས་དང་པོ་ཏ་ལ་ལ་སོགས་པ་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿདང་རྡོ་རྗེ་བསྡུ་བའི་རྒྱས་སྤྱན་དྲངས། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པ་ལ་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿཞེས་པས་རང་དམ་ཚིག་པ་ལ་ཐིམ་སྟེ་གཉིས་སུ་མེད་པར་གྱུར། བྱང་ཆུབ་ཐོབ་ཀྱི་བར་དུ་ནམ་ཡང་མི་གཤེགས་པར་བསམ་པ་སྒྲུབ་པའི་ཡན་ལག །སླར་ཡང་རང་གི་ཐུགས་ཀའི་ས་བོན་ཏཱྃ་གྱི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་སེམས་དཔའ་ཁྲོ་བོ་ཡབ་ཡུམ་རྣམས་སྤྱན་དྲངས། གོང་བཞིན་མཆོད་པས་མཆོད། དབང་བསྐུར་བར་གསོལ་བ་བཏབ་པས་རིགས་ལྔས་དགོངས་པ་མཛད། སེམས་དཔའ་སེམས་མས་མཆོད་ཅིང་ཤིས་པ་བརྗོད། ཁྲོ་བོ་ཁྲོ་མོས་བགེགས་བསྐྲད། ཡུམ་ལྔས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བ་ཐོགས་ཏེ་སྔགས་དང་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བས། བུམ་པའི་ཆུས་ལུས་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་
སྐུའི་རྣམ་པ་ཅན་དམར་པོ་མཉམ་བཞག་ལྷུང་བཟེད་བསྣམས་པས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་བསམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ། །གཉིས་པ་ནི། འཕྲུལ་དགའི་ལྷའི་སྤྱོད་ཡུལ་ལྟར་རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ཉིད་ལ་མཆོད་པའི་བྱེ་བྲག་གོང་དུ་སྨོས་པ་ལྟ་བུས་མཆོད་ཅིང་། དབྱངས་ཀྱི་ཡན་ལག་བརྒྱ་དང་ལྡན་པས་བསྟོད་པར་མོས་ལ་མཐར་ལྷ་མོ་རྣམས་ཀྱང་རང་ལ་བསྡུའོ། གསུམ་པ་ལ་གསུམ། ལྷ་སྣང་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་ལ་བསླབ་པའོ། །དང་པོ་ནི། དེ་ལྟར་ཡན་ལག་བཞི་རྫོགས་ཀྱིས་ལྷར་བསྐྱེད་ཅིང་མཆོད་བསྟོད་བཅས་ཟིན་ནས་གསལ་སྣང་ལ་རྩེ་གཅིག་ཏུ་བསླབ་དགོས་ཤིང་། འདི་ནི་རིམ་པ་དང་པོའི་དངོས་གཞི་ཡིན་ལ་སྔགས་བཟླས་ཙམ་ནི་དེའི་ཡན་ལག་ཉིད་དོ། །དེའང་ལས་དང་པོ་པས་རིམ་པར་གསལ་འདེབས་ལ། གསལ་སྣང་ཅུང་ཟད་ཐོབ་ནས་གཅིག་ཆར་གསལ་འདེབས། དེས་ན་ཐོག་མར་སྐུའི་ཆ་ཤས་རེ་རེ་ནས་གསལ་འདེབས་པ་སྟེ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་ལྟར་དྭངས་ལ་ལྟ་བས་མི་བཟོད་པའི་འོད་ཟེར་ལྔ་ལྡན་རིང་དུ་འཕྲོ་བ། སྤྱན་དཀྱུས་དང་སྙན་ཤལ་རིང་ཞིང་སྤྱན་དཀར་ནག་ཕྱེད་པ་ལ་
བ་མཆོག་ལྟ་བུའི་རྫི་མ་དང་ཅུང་ཟད་འཁྱོག་པའི་སྨིན་མས་མཛེས་པ། ཤང་དང་ཞལ་ནས་ཨུཏྤ་ལའི་དྲི་བསུངས་འཐུལ་ཞིང་མཆུ་སྒྲོས་གཙང་ལ་དམར་བ། ཚེམས་ཕྲེང་བཞི་བཅུ་ཐགས་བཟང་ཞིང་ལྗགས་སྲབ་ཅིང་མཉེན་པ། བུང་བའམ་ཏོང་ཟིལ་ལྟར་གནག་པའི་དབུ་སྐྲ་ལི་བ་ལྟག་པའི་གནས་སུ་བཅིངས་ཤིང་ལྷག་མ་རལ་པའི་ཟར་བུ་གཡས་གཡོན་དུ་འཕྱང་བ། རི་མོ་གསུམ་དང་ལྡན་པའི་མགྲིན་པ་ཟླུམ་པ། ཕྱག་སོར་རྣམས་པད་སྣལ་ལྟར་ཕྲ་ཞིང་མཉེན་པ་སོགས་མཚར་སྡུག་ཕུལ་དུ་བྱུང་བ། ལྟ་བས་མི་ངོམས་པའི་སྒེག་པའི་ཉམས་མཐོང་བ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྦྱིན་པ། འཁྲངས་ཤིང་ཟླུམ་པའི་ནུ་འབུར་ཟུང་དང་སྐེད་སྐབས་ཕྲ་ཞིང་སྨད་ཀྱི་ཞེང་རྒྱས་ལ་གསང་བའི་པདྨ་རུ་སྦལ་གྱི་རྒྱབ་ལྟར་མཐོ་བ་སོགས་གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་འཛུམ་ཞིང་ཆགས་པའི་ཉམས་ཀྱིས་འཇིག་རྟེན་གསུམ་གྱི་བརྟན་པ་འཕྲོག་པ། དཔྲལ་བའི་ངོས་དང་བཅས་པའི་དབུ་ལ་སྤྱན་གསུམ། ཕྱག་ཞབས་བཞིའི་མཐིལ་དུ་སྤྱན་རེ་རེ་སྟེ། བསྡོམས་པས་རྣམ་པར་བཀྲ་ཞིང་འཛུམ་པའི་ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་པ། ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོའི་སྟེང་དུ་བརྐྱང་བ། གཡོན་པ་ཐུགས་ཀར་མཐེབ་སྲིན་སྦྱར་
ཞིང་ལྷག་མ་སྦྲེངས་པས། ལོ་མ་དང་ཁ་དོག་དྲི་བསུང་ཕུན་སུམ་ཚོགས་པའི་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པའི་འདབ་མ་སྙན་གྱི་ཐད་དཀར་ཁ་བྱེ་བ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ཆེ་སྣ་ཚོགས་པ་ལས་བྱས་པའི་རྒྱན་བརྒྱད་ཀྱིས་སྤྲས་པ་སྟེ། དེའང་སྐྲ་མཚམས་སུ་གསེར་གྱི་པདྨ་ཁ་བྱེ་བའི་ཕྲེང་བ་ལ་གནས་པའི་ལྷ་མིའི་ནོར་བུ་འོད་ཟེར་རིང་དུ་འཕྲོ་བས་དབུ་བརྒྱན་པ། རིན་པོ་ཆེའི་རྣ་སྐོར་ཟླུམ་པོ་ནོར་བུའི་ཕྲ་ཚོམ་ཅན་གྱི་སྙན་རྒྱན། མགྲིན་པ་མཛེས་པའི་མགུལ་རྒྱན། དེ་ལས་རིང་བ་ནུ་མའི་ཐད་དུ་སླེབ་པའི་སེ་མོ་དོ། ལྟེ་བའི་འོག་ཡན་འཁོར་བའི་དོ་ཤལ། དཔུང་པ་དང་མཁྲིག་མ་གཉིས་ལ་ཆེ་ཆུང་ཙམ་ལས་དབྱིབས་གཅིག་པའི་ཕྱག་གདུབ། ལོང་བུའི་གནས་སུ་དཀྲིས་པའི་ཞབས་གདུབ་སྟེ་དེ་ཐམས་ཅད་ཀྱང་རིན་པོ་ཆེའི་གཞུང་གསུམ་སོགས་ཇི་ལྟར་མཛེས་པ་རིན་པོ་ཆེའི་ཕྲེང་བ་སུམ་གཤིབས་ལ་སོགས་པས་སྦྲེལ་ཞིང་ནོར་བུའི་ཆུན་འཕྱང་ཕྲ་མོ་དུ་མས་སྤྲས་པ། གསེར་གྱི་སྐ་རགས་ནོར་བུའི་ཕྲ་ལྡན་ལ་བརྟེན་པའི་འོག་ལྤགས་རིན་པོ་ཆེའི་དྲྭ་བ་དང་ཆུན་འཕྱང་རྣམས་ཀྱི་སྣེར་དངུལ་གྱི་གཡེར་ཁ་འཁྲོལ་བ། དར་དཀར་གསེར་གྱི་རི་མོ་ཅན་གྱི་་སྟོད་གཡོགས། འཇའ་ཚོན་ལྟ་བུའི་དར་སྣ་ཚོགས་པའི་
ཤམ་ཐབས་དང་མཐིང་ཤུན་གྱི་མདོག་ཅན་གྱི་འོག་ལྤགས་ཏེ་རིང་ཐུང་རིམ་པ་གཉིས་དང་ལྡན་པ། ལྷའི་མེ་ཏོག་ཚར་དུ་དངར་བ་དུ་མས་སྐུའི་སྟོད་སྨད་ཐམས་ཅད་དུ་འཕྱོར་སྒེག་ཏུ་སྤྲས་པ། པད་ཟླའི་གདན་ལ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཤིང་སྐུ་དྲང་པོར་བསྲང་སྟེ་བཞུགས་པ། དྭངས་ཤིང་རྙོགས་པ་དང་བྲལ་བ་བསིལ་ཟེར་རིང་དུ་འཕྲོ་བའི་ཟླ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པ་ལ་རྒྱབ་བརྟེན་པ། སྤྱི་བོའི་རིགས་བདག །གནས་གསུམ་འབྲུ་གསུམ། ཐུགས་ཀའི་ཡིད་བཞིན་འཁོར་ལོ། གདན་པད་ཟླ། ཆུ་ཤེལ་གྱི་གཞལ་ཡས་ཁང་། ཕྱི་རོལ་སྲུང་བའི་འཁོར་ལོའི་བར་དུ་ནང་ནས་ཕྱིར་རིམ་བཞིན་གསལ་འདེབས་ཤིང་སེམས་འཛིན། རེས་སྲུང་འཁོར་གཞལ་ཡས་ཁང་། གདན་སྐུའི་རྣམ་པ་སོགས་ཕྱི་ནས་ནང་དུ་གསལ་འདེབས། ཁྱད་པར་ཆ་ཤས་སམ་རྣམ་པ་གང་གསལ་བ་ལ་སེམས་རྩེ་གཅིག་བཟུང་བས། དེས་གསལ་སྣང་མཆེད་པ་ན་རྣམ་པ་སྤྱི་ལ་བསླབ་ཅིང་། སྣང་ལ་རང་ཞིན་མེད་པ་མེ་ལོང་གི་གཟུགས་བརྙན། གསལ་ལ་མ་འདྲེས་པ་དབང་པོའི་གཞུ། ཀུན་ལ་ཁྱབ་པ་ཆུ་ཟླ་ལྟ་བུར་ཡུན་རིང་དུ་བསྒོམས་པས། ཐ་མ་ཡིད་ཡུལ་དུ་གསལ་བ། འབྲིང་མངོན་སུམ་དང་མཚུངས་པ། རབ་དེ་ལས་ཀྱང་གསལ་ཞིང་བརྟན་
པར་གྱུར་པ་ན་ཇི་སྐད་བཤད་པའི་ལས་དང་དངོས་གྲུབ་ཐོགས་པ་མེད་པར་འགྲུབ་པ་ཡིན་ནོ། །གཉིས་པ་ནི། སྐུའི་རྣམ་པ་གསལ་རུང་མི་གསལ་རུང་། རང་ཐ་མལ་དུ་འཛིན་པའི་འདུ་ཤེས་དོར་ཏེ་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་དངོས་ཡིན་ནོ། །དེའི་སྐུ་གསུང་ཐུགས་ཡོན་ཏན་མཛད་པ་ཕྲིན་ལས་དང་བཅས་པ་ཐམས་ཅད་བདག་ལ་ཡོད་དོ་སྙམ་པའི་ང་རྒྱལ་ཐུན་དང་ཐུན་མཚམས་ཐམས་ཅད་དུ་རྒྱུན་བསྐྱང་བས་བྱིན་རླབས་མ་ལུས་པ་འདི་ལས་འབྱུང་ངོ་། །གསུམ་པ་ནི་ལྷའི་སྐུ་དེ་རང་ཐ་མལ་པའི་ལུས་འདུ་བྱས་ཤིང་དངོས་པོར་གྲུབ་པ་ཅན་ལྟ་བུ་མ་ཡིན་པ། འབྲས་ཆོས་ཀྱི་ཡོན་ཏན་ཐམས་ཅད་གཟུགས་ཀྱི་རྣམ་པར་བསྟན་པ་སྟེ། སྒྲིབ་གཉིས་བག་ཆགས་བཅས་པ་སྤངས་པས་སྐུ་མདོག་དཀར་མོ། ཡེ་ཤེས་ལྔའི་རང་རྩལ་ཕྱོགས་མེད་དུ་འཆར་བས་རང་འོད་ལྔ་ལྡན་འཕྲོ་བ། དེ་བཞིན་ཉིད་རོ་གཅིག་པའི་ཞལ། བདེན་གཉིས་ཟུང་འཇུག་གི་ཕྱག །སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་ཞབས། རྣམ་ཐར་སྒོ་གསུམ་གྱིས་ཆོས་ཉིད་ཇི་ལྟ་བ་གཟིགས་ཤིང་། ཚད་མེད་པ་བཞིས་ཆོས་ཅན་ཇི་སྙེད་པ་ལ་ཐུགས་རྗེ་འཇུག་པའི་སྤྱན་བདུན། ཕྱག་གཡས་
གྲུབ་པ་གཉིས་ཀྱི་མཆོག་སྦྱིན་པ། ཕྱག་གཡོན་མཐེབ་སྲིན་སྦྱར་བས་ཐབས་ཤེས་ཟུང་འཇུག །ལྷག་མ་སྦྲེངས་པས་དཀོན་མཆོག་གསུམ་མཚོན་ཅིང་། སྤང་བྱའི་སྦུབས་གྲོལ་ཞིང་རྟོགས་བྱའི་ཡོན་ཏན་རབ་ཏུ་རྒྱས་པས་ཨུཏྤལ་དཀར་པོ་བསྣམས་པ། སྤྲོས་མཐའ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བཟླུམས་པས་དབུ་སྐྲ་གཅིག་ཏུ་བཅིངས་པ། རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་དུ་གྱུར་ཅིང་འགྲོ་བ་ཐུགས་རྗེས་མི་གཏོང་བས་སྒེག་ཅིང་ཆགས་པའི་ཉམས་ཅན། ཡོན་ཏན་དང་མཛད་པ་མཐའ་ཡས་པ་མངའ་བས་དར་དང་རིན་པོ་ཆེ་སྣ་ཚོགས་པའི་རྒྱན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མི་གཡོ་བས་སྐུ་དྲང་པོར་བཞུགས་པ། ཉོན་མོངས་པས་མི་ཕྱེད་པས་རྡོ་རྗེའི་སྐྱིལ་ཀྲུང་བཅས་པ། འོག་དཔག་མེད་པས་རང་རིགས་མཚོན་ཅིང་ཟག་མེད་བདེ་བ་རྒྱས་པས་ཟླ་བ་ལ་རྒྱབ་བརྟེན་པ། དོན་དམ་བྱང་ཆུབ་ཀྱི་སེམས་ཆ་གང་བས་ཟླ་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བར་འཇུག་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་དཀར་པོ་སྟེ། བྱང་སེམས་གཉིས་ལ་རྟག་ཏུ་གནས་པས་གདན་གྱི་རྣམ་པར་ཤར་བ་སོགས་སུ་ཤེས་པས་གྱ་ནོམ་ལྷར་ཞེན་གྱི་མཚན་རྟོག་ལས་སྐྱོབ་པར་འགྱུར་རོ། །གཉིས་པ་བཟླས་པའི་རྣལ་འབྱོར་ལ་གཉིས།
འཁོར་ལོ་བསྒོམ་པ་དང་། བཟླས་པ་དངོས་སོ། དང་པོ་ནི། རང་ཉིད་སྒྲོལ་མ་དཀར་མོར་གསལ་བའི་ཐུགས་ཀའི་དབུས་དྲང་པོར་པདྨ་དཀར་པོ་འདབ་མ་བརྒྱད་པ་དང་ཟླ་བའི་དཀྱིལ་འཁོར་ལེབ་ཆགས་སུ་གནས་པའི་སྟེང་དུ། ཆོས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཏཱྃ་དཀར་པོ། བཟླས་པའི་དངོས་གཞི་ཡི་གེ་བཅུ་པ་བྱེད་པའི་སྐབས་སུ། ཏཱྃ་གྱི་ཐིག་ལེའི་སྟེང་དུ་ཨོཾ་བྱ་ལྡིང་བ་ལྟ་བུ། ཏཱྃ་གྱི་འོག་འཁོར་ལོའི་ལྟེ་བའི་ཁོང་གསེང་དུ་ཧཱ། རྩིབས་བརྒྱད་ལ་ཡི་གེ་བརྒྱད་ཁོ་ན་བསྒོམ་པ་ཡིན་ཅིང་། སྔགས་ཤམ་ཅན་བཟླ་བ་དང་འབྲེལ་ན། འཁོར་ལོའི་ལྟེ་བར་ཏཱྃ། དེའི་མཐར་མདུན་ནས་གཡས་བསྐོར་དུ། ཨོཾ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ་རྣམས་ཡིག་ངོ་ནང་ལྟ། ཐམས་ཅད་ཀྱང་་མུ་ཏིག་གི་རྡོག་པོ་ལྟར་ཁ་དོག་དཀར་པོ་རང་འོད་འཕྲོ་བ། ཤིན་ཏུ་མི་གཡོ་བ་བརྟན་པར་གནས་པ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་ཐོན་ངེས་སུ་བསྒོམ་མོ། །གཉིས་པ་བཟླས་པ་དངོས་ལ་གསུམ། འགོག་བཟླས། རྡོར་བཟླས། སྤྲོ་བསྡུ་དང་བཅས་པའི་ངག་བཟླས་སོ། །དང་པོ་ནི། རླུང་རྒྱུ་བ་རང་བབ་ཏུ་བཞག །ཐུགས་ཀའི་
འཁོར་ལོ་དང་ཡིག་འབྲུ་རང་སྒྲ་སི་ལི་ལི་ཡོད་པ་ལ་རྩེ་གཅིག་ཏུ་དམིགས་པ་ནི་སེམས་འགོག་པའི་སྦྱོར་བའོ། །གཉིས་པ་ནི། རླུང་རོ་ལན་གསུམ་བསལ་བས་སྡིག་སྒྲིབ་བག་ཆགས་ཚེའི་བར་ཆད་བསལ་བར་བསྒོམ། འཇམ་རླུང་ངམ་བར་རླུང་ཙམ་ལ་བརྟེན་ཏེ་དབུགས་ཕྱིར་འགྲོ་བའི་ཚེ་སྙིང་གའི་ཏཱྃ་ལས་འོག་ཟེར་སྤྲོ། ནང་དུ་འོང་བའི་ཚེ་བསྡུ། གནས་པའི་ཚེ་ཏཱྃ་ལ་སེམས་གཏོད་པ་ལན་བརྒྱ་ཕྲག་ལ་སོགས་པ་བསྒོམ་མོ། །གསུམ་པ་ནི། སྒོམ་པ་དེ་རྣམས་ཀྱིས་ངལ་ཞིང་སྐྱོ་བའམ། དེ་དག་ལ་གསལ་སྣང་ཐོབ་ན་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་འབྲེལ་བའི་ངག་བཟླས་བྱ་སྟེ། ལས་མཐུན་ནམ་བོ་དྷི་ཙེའི་བགྲང་ཕྲེང་བྱིན་རླབས་བྱས་པ་ཐོགས་ཏེ་མྱུར་བུལ་ལ་སོགས་པའི་སྐྱོན་བརྒྱད་སྤངས་ནས་བཟླས་པ་བྱས་པས། འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་དཀར་པོས་ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་དུས་མ་ཡིན་པའི་འཆི་བ་ཁྱད་པར་དུ་སྲོག་བཅད་དང་འཚོ་བའི་རྐྱེན་འཕྲོག་པ་སོགས་ཚེ་ཐུང་བར་འགྱུར་བའི་ལས་སྒྲིབ་ཐམས་ཅད་སངས་ཀྱིས་དག །འོད་ཟེར་ཕྱི་རོལ་དུ་འཕྲོས། ས་ཆུ་མེ་རླུང་སྟེ་འབྱུང་བཞིས་བསྡུས་པའི་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་བཅུད་དང་དྭངས་མ་ཐམས་ཅད་བདུད་རྩིའི་
རྣམ་པར་བསྡུས། རང་ལུས་ཐུགས་ཀའི་འཁོར་ལོ་དང་བཅས་པ་ལ་ཐིམ་པས་ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་པས་སྲ་བརྟན་རྡོ་རྗེའི་ཚེ་ཐོབ་པར་མོས། ཡང་འོད་ཟེར་འཕྲོས། ཚེའི་རིག་འཛིན། ལྷ་དང་དྲང་སྲོང་། མཁས་གྲུབ་དགེ་བཤེས། འཁོར་ལོས་སྒྱུར་རྒྱལ། ཕྱོགས་སྐྱོང་སྡེ་བརྒྱད་སོགས་གཡོ་བ་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ཚེ་བསོད་ཀྱི་བཅུད་གནོད་པ་མེད་པར་བསྡུ་བསྟིམས་གོང་གིས་འགྲེ། ཡང་འོད་ཟེར་འཕྲོས། མཆོག་གསུམ་རྩ་གསུམ་མ་ལུས་པ་མཆོད་ཅིང་ཐུགས་དམ་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། མཁྱེན་བརྩེ་ནུས་པའི་ཡོན་ཏན། ཁྱད་པར་དུ་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བསྟིམས་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་འབར། རྡོ་རྗེའི་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ་བསྙེན་པའི་སྐབས་ཡི་གེ་བཅུ་པ་དང་། སྒྲུབ་པ་དང་ལས་སྦྱོར་གྱི་དུས་སྤེལ་ཚིག་ཅན་གཙོ་བོར་བཟླ། ཚེ་ཤམ་ཅན་བཟླ་བའི་ཚེ། སྐབས་སུ་མོས་གུས་ཀྱི་ཤུགས་ཀྱིས་སྤྱི་བོའི་རིགས་བདག་གི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བདུད་རྩིར་བསྡུས་ཏེ་ཕྱག་གི་ལྷུང་བཟེད་ནང་དུ་ཞུགས། ཞུ་ཞིང་
ཁོལ་བའི་བདུད་རྩིའི་རྒྱུན་རང་གི་ཚངས་བུག་ནས་མར་ཞུགས། ལུས་ཐམས་ཅད་ཤེལ་བུམ་འོ་མས་གང་བ་ལྟར་གྱུར་པར་བསྒོམ། ཐུན་མཇུག་ཏུ་དབྱངས་གསལ་ཡིག་བརྒྱས་ཁ་སྐོང་བ་དང་། ཡེ་དྷར་གྱིས་བརྟན་པར་བྱེད་པ་སོགས་སྤྱི་དང་མཐུན་པར་སྦྱོར་ཞིང་། རྫོགས་པའི་རིམ་པ་གང་རུང་ལ་འཇུག་གོ། །དངོས་གཞི་གཉིས་པ་རྫོགས་རིམ་ལ་གཉིས། མཚན་བཅས་དང་། མཚན་མེད་དོ། །དང་པོ་ལའང་གཉིས། སྲུང་འཁོར་བསྒོམ་པ་དང་། སྙིང་གར་ཚེ་ཕུར་གདབ་པའོ། །དང་པོ་ནི། བདག་བསྐྱེད་དང་འབྲེལ་ན་བཟླས་པ་གྲུབ་པའི་རྗེས་སུ་འོག་ཏུ་འཆད་པ་ལྟར་བསྡུ་རིམ་བྱས་ཤིང་ཟུང་འཇུག་གི་སྐུར་མ་ལྡང་བའི་བར་དང་། དུས་སྐབས་ཅི་བདེར་བསྒོམ་ན་འདི་ཁོ་ན་ལྟར་བསྒོམ་སྟེ། སྟོང་པའི་ངང་ལས་སྐད་ཅིག་གིས་འཁོར་ལོའི་གུར་ཁང་དཀར་པོ་ཕྱོགས་མཚམས་བརྒྱད་དུ་རྩིབས་བརྒྱད། སྟེང་འོག་ཏུ་གཉིས་བཅས་རྩིབས་བཅུ་རྩེ་མོ་རིམ་གྱིས་རྣོ་ཞིང་གཡས་བསྐོར་དུ་མྱུར་བ་མི་མངོན་པ་ཙམ་དུ་འཁོར་བའི་ལྟེ་བ་ཟླུམ་པོའི་དབུས་སུ་པད་ཟླའི་གདན་ལ། རང་ཉིད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་རྒྱན་ཆ་ལུགས་རིགས་བདག་ཐུགས་ཀར་འཁོར་ལོ་ཡིག་འབྲུ་དང་བཅས་པ། སྟེང་གི་རྩིབས་ཀྱི་སྦུབས་མདོར་ཨོཾ། འོག་རྩིབས་སུ་ཧཱ།
ཕྱོགས་མཚམས་རྩིབས་རྣམས་ཀྱི་རྩ་བ་སྦུབས་སྟོང་གི་ཐད་ཀྱི་ནང་དུ་མདུན་ནས་གཡས་བསྐོར་དུ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ། ཞེས་པ་སྟེ་ཡིག་འབྲུ་ཐམས་ཅད་ཁ་དོག་དཀར་པོ་འོད་ཟེར་རབ་ཏུ་འབར་བ། ཡིག་འབྲུ་འཁོར་ལོ་དང་བཅས་པ་སྲ་བ་བརྟན་པ་སྲུབས་མེད་པ་བསྐལ་པའི་རླུང་སེར་བུས་ཀྱང་མི་ཐར་བར་བསམ་ལ་ཡུན་རིང་དུ་མཉམ་པར་བཞག །འདི་སྲུང་འཁོར་གཙོ་བོར་བྱེད་ཚེ། བླ་མ་རྣམས་སྟེང་གི་ཆ་དང་། བསྲུང་བྱ་གཞན་མཆོག་དམན་གྱི་རིམ་པས་གཡས་གཡོན། དུད་འགྲོ་སོགས་རང་གི་འོག་སྟེང་ཐམས་ཅད་ཀྱང་འཁོར་ལོའི་གུར་ནང་དུ་བསྒོམ་ཞིང་། འོག་གི་འོད་ཟེར་སྤྲོ་བསྡུའི་སྐབས་རྣམས་སུ་བསྲུང་བྱ་རྣམས་ལའང་སྤྲོ་བསྟིམ་བྱ་དགོས་སོ། །དེ་ནས་རང་གི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བའི་ཟེར་མ་ལྟ་བུ་འཕྲོས། ལུས་གང་། སྡིག་སྒྲིབ་ནད་གདོན་བགེགས་དང་བར་གཅོད་དུས་དང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་བསལ། སླར་འོད་ཟེར་ཕྱིར་འཕྲོས། སྣོད་བཅུད་ཀྱི་དྲི་མ་སྦྱངས། སྣོད་བདེ་བ་ཅན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྒྲོལ་མའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་དེ་དག་གི་སྐུ་
གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས། རང་གི་ལུས་གང་ཞིང་ཐུགས་ཀའི་འཁོར་ལོ་དང་ཡིག་འབྲུ་ལ་ཐིམ་པས་ཞི་བའི་ལས་འགྲུབ་ཅིང་གཟི་བརྗིད་འོད་དུ་འབར། འོད་ལྷག་མ་རྣམས་འཁོར་ལོའི་གུར་ཁང་གི་ཕྱི་རོལ་འདོམ་གང་གི་སར་ཟླུམ་པོར་འཁོར་བས་འོད་ཟེར་གུར་ཁང་སྲ་བརྟན་སྲུབས་མེད་བསྐལ་པའི་རླུང་གིས་ཀྱང་མི་ཐར་བ། ནང་གི་བར་སྟོང་ཐམས་ཅད་ཨཏྤལ་སྔོན་པོ་ཁ་བྱེ་མ་ཐག་པས་གང་ཞིང་གཏམས་པར་མོས་ལ་མཉམ་པར་བཞག་པའམ། སྲུང་འཁོར་གཙོར་བཏོན་ན་སྔགས་ཡི་གེ་བཅུ་པ་བཟླའོ། །དེས་འགྲེས་ཏེ། སླར་ཡང་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་འཕྲོས། ལུས་གང་། འཆི་བ་བསལ། ཚེ་བསོད་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་སྙན་གྲགས་ཉམས་རྟོག་ཤེས་རབ་རྒྱས། འོད་ཟེར་ཕྱིར་འཕྲོ་བ་སོགས་ནས་འོད་ཟེར་སེར་པོའི་རྣམ་པར་སྤྱན་དྲངས། རྒྱས་པའི་ལས་འགྲུབ། འོད་ལྷག་མ་འོད་གུར་དཀར་པོའི་ཕྱི་རོལ་འདོམ་གང་གི་ཟླུམ་པོར་འཁོར་བའི་བར་མཚམས་ཨུཏྤལ་སྔོན་པོས་གཏམས་པར་བསྒོམ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་ཏེ། འོད་ཟེར་དམར་པོ་པདྨ་རཱ་ག་ལྟ་བུས་བརྟན་གཡོ་འཁོར་འདས་མཁྱེན་བརྩེ་ནུས་གསུམ་ཐམས་ཅད་
དབང་དུ་བསྡུས། འོད་ཟེར་དམར་པོ་བསྟིམས་པས་དབང་གི་ལས་འགྲུབ་ཅིང་། འོད་གུར་གཉིས་པའི་ཕྱི་རོལ་དུ་འོད་དམར་པོའི་གུར་ཁང་། འོད་ཟེར་ལྕགས་ཁ་ཐོ་རེངས་ཀྱི་གནམ་ལྟ་བུས་དུག་ལྔ་དགྲ་བགེགས་བར་ཆད་ལོག་འདྲེན་སོགས་མི་མཐུན་ཕྱོགས་ཐམས་ཅད་ཚར་བཅད། འོད་ཟེར་སྔོན་པོ་བསྟིམས་པས་དྲག་པོའི་ལས་འགྲུབ། འོད་གུར་གསུམ་པའི་ཕྱི་རོལ་དུ་འོད་སྔོན་པོའི་གུར་ཁང་། འོད་ཟེར་ལྗང་གུ་མརྒད་ལྟ་བུས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཅར་བསྒྲུབས། འོད་ཟེར་ལྗང་གུ་བསྟིམས་པས་ལས་སྣ་ཚོགས་འགྲུབ། འོད་གུར་བཞི་པའི་ཕྱི་རོལ་དུ་འོད་ལྗང་གུའི་གུར་ཁང་། འོད་ཟེར་མཆིན་ཁ་ཨིནྡྲ་ནཱི་ལ་ལྟ་བུས་ལས་དང་དངོས་གྲུབ་ཐམས་ཅད་མི་ཉམས་ཤིང་བརྟན་པར་བྱས། འོད་ཟེར་མཆིན་ཁ་མཐིང་ག་སྨུག་ཞད་ཅན་ཡིན་གསུངས། བསྟིམས་པས་བྱིན་རླབས་དང་ལས་འགྲུབ་པ་རྣམས་བརྟན་ཅིང་གང་གིས་གཞོམ་གཞིག་མི་ནུས་པར་གྱུར། འོད་གུར་ལྔ་པའི་ཕྱི་རོལ་དུ་འོད་མཆིན་ཁའི་གུར་ཁང་སྟེ་དྲུག་རིམ་ཐམས་ཅད་ཀྱང་གོང་གི་ཞི་བའི་འོད་དཀར་པོའི་འགྲེས་སྦྱར་ཏེ་ཚིག་བརྗོད་མིན་གང་ལྟར། དོན་རེ་རེ་བཞིན་རྒྱས་པར་གསལ་འདེབས། མཐར། དེ་ཐམས་ཅད་ཀྱང་སྒྱུ་མ་ཆུ་ཟླ་མིག་ཡོར་
སྨིག་རྒྱུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བདེན་རྫུན་དང་བྲལ་བ་སྣང་ལ་རང་བཞིན་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །ཞེས་ཟུང་འཇུག་ཆུ་ཟླ་ལྟ་བུ་བདེ་ལ་མི་ཞེན་གསལ་ལ་མི་འཛིན་པར་ཡུན་རིང་དུ་མཉམ་པར་བཞག །བསྒོམས་པས་སྐྱོ་ན། ཕྱི་ནང་གི་སྒྲ་སྐད་དང་དབུགས་ཀྱི་འགྱུ་བ་ཐམས་ཅད་སྒྲོལ་མའི་སྔགས་ཀྱི་རང་སྒྲར་རང་བཞིན་གྱིས་གྲགས་པ། དེའང་བྲག་ཆ་ལྟར་གྲགས་སྟོང་བདེན་རྫུན་དང་བྲལ་བའི་ངང་དུ་ཤེས་པ་ཁོང་གློད་ཅིང་ལྕེ་རྩེ་གཡོ་ཙམ་དུ་ཡི་གེ་བཅུ་པ་ཅི་ནུས་བཟླས་པའི་མཐར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ངོ་། །འདི་ལ་སྔོན་གྱི་ཡི་གེ་ཁ་ཅིག་ཏུ་འོད་གུར་བདུན་རིམ་སོགས་གསུངས་ཀྱང་ད་ལྟ་དྲུག་རིམ་འདི་བྱེད་པ་ཡིན་ནོ། །གཉིས་པ་ནི། རང་ཡིད་བཞིན་འཁོར་ལོར་གསལ་བའི་སྐུའི་ནང་སྟོང་སང་ངེ་བ། དར་དཀར་གྱི་གུར་ཕུབ་པའམ་ཤེལ་དཀར་གྱི་བུམ་པ་ལྟ་བུའི་སྐུ་ལུས་ཀྱི་ནང་གི་དབུས་དྲང་པོར། སྲོག་རྩ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ། ཡར་སྣ་སྤྱི་བོ་ལ་ཅུང་ཟད་མ་རེག་ཅིང་མས་སྣ་གསང་གནས་ལ་ཅུང་ཟད་མ་རེག་པའི་ཡར་སྣར་ཐིག་ལེ་དཀར་པོ་བདེ་བའི་རང་བཞིན་ཅན་དང་། མར་སྣར་ཐིག་ལེ་དམར་པོ་དྲོད་ཀྱི་རང་བཞིན་ཅན་གྱིས་བཀག་པ། སྙིང་གའི་
ཐད་ཀྱི་ནང་དབུས་སུ་རླུང་སེམས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་འོད་ཟེར་འཕྲོ་བ་ཞིག་བརྟན་པར་བསྒོམ། གསལ་ཐེབས་པ་ན་རླུང་རོ་བསལ། བུམ་ཅན་བཟུང་བས་ཏཱྃ་ལས་བྱུང་བའི་སྲོག་གི་རླུང་སྔོ་དམར་གྱིས་སྲོག་རྩའི་ནང་འགྲོ་འོང་མེད་པར་གང་བར་དམིགས་ཏེ་བཟུང་ངོ་། །གཉིས་པ་མཚན་མེད་རྫོགས་རིམ་ནི། རང་གི་ཐུགས་ཀའི་ས་བོད་ལས་འོད་ཟེར་འཕྲོས། སྣང་སྲིད་ཐམས་ཅད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་གྱུར་པ་རྣམས་འོད་དུ་བྱས་ཏེ་ སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེའང་འོད་དུ་ཞུ་རང་ལ་ཐིམ། རང་ཉིད་གདན་དང་བཅས་པ་ཡས་ནས་མར། མས་ནས་ཡར་འདུས་ཏེ་ཐུགས་ཀའི་འཁོར་ལོ་ལ་ཐིམ། དེ་ཡིག་འབྲུ། དེ་རྣམས་ཏཱྃ་ཡིག །༈ དེའང་འ་ཆུང་ཏཱ་ལ། ཏཱ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། དེ་ནཱ་ད་སྐྲ་རྩེ་ཙམ། དེའང་ཇེ་ཕྲར་མཐར་མི་དམིགས་པར་ཡལ་ཏེ་ཡུལ་ཡུལ་ཅན་གྱི་རྣམ་པ་གང་ཡང་མ་ལུས་པ་དབྱིངས་ནམ་མཁའ་ལྟར་དག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་རང་བཞིན་གྱིས་འོད་གསལ་བ་ལ་མཉམ་པར་བཞག་སྟེ། དེའང་འདས་པའི་རྗེས་མི་བཅད། མ་འོངས་པ་མི་སེམས། ད་ལྟ་བ་ལ་མི་རྟོག །འཁོར་འདས་སོགས་ཅིར་ཡང་མི་དམིགས་པའི་གནས་ལུགས་
དེའི་ངང་དུ་བསྒོམ་བྱ་སྒོམ་བྱེད་སོགས་དང་བྲལ་བའི་མི་དམིགས་མི་རྟོག་ཡིན་མིན་གང་དུའང་མི་འཛིན་པར་གྲིམས་ལྷོད་རན་པོས་རང་བབ་སོ་མ་མ་བཅོས་ལྷུག་པར་བཞག །རྣམ་རྟོག་ཐོལ་སྐྱེས་ལ་སྣ་མི་བསྐྱིལ། འཕྲོ་མི་མཐུད། རྦད་ཆོད་དུ་བཏང་སྟེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་ལུགས་སུ་བཞག་སྟེ་བལྟས་པས། ཆོས་རྣམས་ཀྱི་གནས་ལུགས་གདོད་ནས་རྣམ་པར་དག་པ་རང་བཞིན་འོད་གསལ་བ་གསལ་སྟོང་ཟུང་འཇུག །ཡོད་མེད་བདེན་རྫུན་སོགས་གཉིས་སྣང་སྤྲོས་པ་གང་གིས་ཀྱང་མ་གོས་པའི་དབྱིངས་རིག་དབྱེར་མེད། ལྷན་སྐྱེས་ཡེ་ཤེས་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་འཆར་བ། སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་དག་པའི་དཀྱིལ་ལྟར་དྭངས་གསལ་ཀུན་ཁྱབ་མཐའ་དབུས་མཚན་མ་ཀུན་བྲལ་དེ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་མེད་པའི་ཚུལ་དུ་མཐོང་བ་ལ། ཆེད་དུ་མི་སྒོམ་ཞིང་འདུ་མི་བྱེད་པར་མ་བཅོས་རང་བབས་སུ་བཞག་པས་སྤྲོས་མཚན་ལས་འདས་པའི་ཆོས་ཉིད་གསལ་བར་མཐོང་བ་ནི་ལྷག་མཐོང་། དེ་ཉིད་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་འཛིན་སྟངས་དང་བྲལ་བར་རང་བབས་ལྷུན་གྲུབ་ཏུ་གནས་པ་ནི་ཞི་གནས། ཡང་། རྟོག་པ་རང་ཞིར་སོང་ནས་རང་ངོ་མི་རྟོག་པར་གནས་པ་ཞི་
གནས། དེའི་ངོ་བོ་སྤྲོས་བྲལ་དུ་ཤེས་ཤིང་ཐག་ཆོད་པའི་རྟོགས་པ་མངོན་དུ་གྱུར་པ་ལྷག་མཐོང་། དེ་གཉིས་ཟུང་དུ་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་ཞི་ལྷག་ཟུང་འབྲེལ་བླ་ན་མེད་པ་ཡིན་པར་ངོ་ཤེས་པར་བྱ་སྟེ། འདི་ནི་ཆུ་བོའི་རྒྱུན་ལྟར་རྟག་ཏུ་རྣལ་འབྱོར་དུ་བྱ་བའི་དོན་པོ་ཡིན་ནོ། །དེས་ན་བསྐྱེད་བཟླས་ཐམས་ཅད་ཀྱི་མཇུག་ཏུ་སྦྱོར་དགོས་པ་གཞིར་བཅས། དངོས་གཞིའི་སྐབས་སུ་བསྐྱེད་བཟླས་དང་མཉམ་བཞག་འདྲེ་བ་བྱུང་ན་ཟུང་འཇུག་གི་རྣལ་འབྱོར་དུ་འགྱུར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། འོད་གསལ་དེའི་ངང་ལས་སྐད་ཅིག་ཆུ་ལས་ཉ་འཕར་བའི་ཚུལ་དུ་ཡིད་བཞིན་འཁོར་ལོ་རྣམ་པ་ཐམས་ཅད་ཀྱི་གཟུགས་སྐུ་ཡོངས་སུ་རྫོགས་པ། སྒྱུ་མ་ལྟར་བདེན་རྫུན་དང་བྲལ་བའི་རང་བཞིན་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དཀར་དམར་མཐིང་གསུམ་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པས་སྒོ་གསུམ་ལ་བར་ཆད་འཇུག་པའི་སྐབས་མི་ཕྱེད་པ། སྣང་གྲགས་རྟོག་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་རང་བཞིན་མ་གྲུབ་ཅིང་། སྣང་ཆ་སྒྱུ་མ་ཙམ་དུ་རྗེ་བཙུན་མའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་དག་པའི་བསྐྱེད་རིམ་གྱི་གྲུབ་མཐའ་ཆེན་པོ་ལམ་དུ་བསླང་བར་བྱའོ། །ཐུན་
མཚམས་སུའང་ཏིང་ངེ་འཛིན་དེ་དང་མ་བྲལ་བར། གཏོར་འབུལ། མཎྜལ། བསྟོད་པ། བསྐོར་བ། སཱཙྪ་གདབ་པ། ཁྲུས་གསོལ། འདོད་དོན་གསོལ་གདབ། ཆུ་སྦྱིན། སྲོག་སླུ། སྦྱིན་གཏོང་སོགས་སྤྱི་དང་བྱེ་བྲག་གི་དགེ་བའི་བྱ་བ་གང་ལྕོགས་ལ་འབད་ཅིང་ཉམས་སུ་བླངས་པས། ཚེ་དང་བློ་གྲོས་དང་ནོར་ལ་སོགས་པ་གནས་སྐབས་དང་། བདེ་སྟོང་གི་ཡེ་ཤེས་སོགས་མཐར་ཐུག་གི་དངོས་གྲུབ་ཡིད་ལ་འདོད་པའི་དོན་ལོ་ཟླ་ཙམ་གྱིས་འགྲུབ་ཅིང་། ཚེ་རབས་ཀུན་ཏུ་བཅོམ་ལྡན་འདས་མས་རྗེས་སུ་བཟུང་ནས་རྣམ་ཀུན་མཆོག་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་བྱེད་པར་འགྱུར་རོ། །ཚེ་ཁྲིད་འདི་ཀཾ་ཚང་བཀའ་བརྒྱུད་ལ་སྔོན་དུས་ཤིན་ཏུ་དར་སྲོལ་ཆེ་ཡང་། བར་དུ་དབང་ལུང་ཙམ་ལས་ཁྲིད་རྒྱུན་དངོས་ཆད་ཅིང་རྗེ་ཀུན་མཁྱེན་ཆེན་པོས་རིག་འཛིན་ཆེན་པོ་དང་། དེས་དབུས་ཆུ་ལྷོ་པའི་སྒྲུབ་ཆེན་ཞིག་ལས་གསན་པ་བརྒྱུད་ཡིག་མ་བྱུང་ཡང་། པཎ་ཆེན་བྱམས་གླིང་པའི་ཕྱོགས་ནས་བརྒྱུད་པའི་འཕྲོས་འདུག་གསུངས། དེ་དག་སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པའི་ཁྲིད་ཡིག་ལས་འཆད་ཉན་མཛད་ཡོད་པར་སྣང་ཡང་དེང་སང་དེའི་རྒྱུན་མི་འདུག །འོན་ཀྱང་བརྒྱུད་འདེབས་སུ་སྨོས་པའི་གསེར་ཕྲེང་རྣམས་བྱིན་རླབས་བརྒྱུད་པ་བར་
ཆད་པ་གཞིར་བྱས། བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་དོན་བརྒྱུད་མཐའ་དག་གཏད་ཅིང་བཟུང་བ་མ་ཟད། རྣམ་པ་ཙམ་དུའང་རྗེ་བཙུན་མ་ཐུགས་དམ་གྱི་ལྷར་མཛད་ཅིང་ཞལ་གཟིགས་བརྒྱུད་པ་བར་མ་ཆད་པ་རྗེ་དྷརྨཱ་ཀ་ར་ཡན་ཆད་སྨོས་མ་དགོས། བདུད་འདུལ་རྡོ་རྗེ་དང་པདྨ་ཉིན་བྱེད་ཡབ་སྲས་གཉིས་ཀས་ཀྱང་རྗེ་བཙུན་མ་ཐུགས་དམ་དུ་མཛད་པས་མངོན་རྟགས་སྐུ་ཚེའི་དངོས་གྲུབ་ཁྱད་འཕགས་བརྙེས་པ་ཡོངས་སུ་གསལ་བ་དང་། རྡོ་རྗེ་འཆང་པདྨའི་མཚན་ཅན་ཐུགས་སྲས་ཟུང་དང་བཅས་པ་ལས་ཁོ་བོས་རྗེས་སུ་གནང་བ་སོགས་ཞུས་པ་ཡིན་མོད་ཀྱི། ཁྱད་པར་རྗེ་བླ་མ་ཐེག་མཆོག་བསྟན་འཕེལ་ཞབས་ཀྱིས་སྒྲོལ་དཀར་ལྷ་ཁྲིད་གནས་མདོ་ཕྱོགས་ནས་རྩ་བ་ཙམ་དང་། ཇོ་ནང་ཁྲིད་བརྒྱ་ལྟར་ཚར་གཅིག་གསན་ནས་ཉམས་བཞེས་ཟླ་བ་དྲུག་མཛད་འདུག་ཅིང་། དེ་ཉིད་ཀྱིས་ཆེད་དུ་གསོལ་བ་མ་བཏབ་པར་ཡང་ཐུགས་རྗེས་གཟིགས་ཏེ་ཁོ་བོ་ལ་རྗེས་གནང་། ལུང་། ལྷ་ཁྲིད་ཞིབ་རྒྱས་སུ་བསྩལ་བ་ཚིག་ཁྲིད་ཁྲིགས་ཆགས་མའི་རྒྱུན་བར་སྐབས་སུ་ཆད་པ་ལྟར་སྣང་ཡང་། དོན་གྱི་ངོ་བོ་གོང་སྨོས་ལྟར་མ་ཆད་པ་མ་ཟད། ཁྲིད་དང་ཆོ་ག་བསྲེས་པ་རྗེ་དགུ་པའི་སྒྲོལ་དཀར་རྒྱས་པ་སོགས་ལུང་ཁྲིད་སྦྲགས་མ་
བཞུགས་བཞིན་པ་དང་། ཁོ་བོས་ཀྱང་དེ་དག་དང་ཇོ་ནང་ཁྲིད་བརྒྱའི་ནང་ཚན། ཁྱད་པར་ཀུན་གཟིགས་འཇམ་པའི་དབྱངས་ལས་བ་རི་ལུགས་ཀྱི་ཚེ་ཁྲིད་རྒྱས་པར་ནོས་ཏེ་ཉམས་ལེན་འདྲའང་བགྱིས་ནས། ཡིག་ཆ་འདིའང་རྗེ་དགུ་པའི་གསུང་གི་བཅུད་ཕྱུངས། ཀུན་མཁྱེན་ཆེན་པོའི་དགོངས་དོན་གཞིར་བཞག །རྗེ་བཙུན་རིན་པོ་ཆེ་ལས་བརྒྱུད་པའི་གདམས་ངག་གིས་ཟུར་བརྒྱན་པ་ཡིན་པས་ཕྱིན་ཆད་རང་ལུགས་འཛིན་པ་རྣམས་ཀྱིས་ཀྱང་རང་ནོར་ལ་རང་བརྙས་མི་བྱེད་པར་ཁྲིད་སྲོལ་འདི་བསྐྱང་ཐུབ་པ་བྱུང་ན་ཤིན་ཏུ་གལ་གནད་ཆེ་བ་ཡོད་དོ། །མོས་པ་ཞན་དང་བསྟན་པའི་བབ་ཡོལ་བས། །ཁྲིད་སྲོལ་ཆུ་བྲན་ས་ལ་ཐིམ་ཉེ་བ། །དད་དང་བརྩོན་པས་ཆུ་རྐ་བཙུགས་ཟིན་གྱི། །ཆོས་རྗེས་འབྲང་རྣམས་བདུད་རྩིར་བསྟེན་པར་རིགས། །གྲགས་རྗེས་རྒྱུག་རྣམས་སུས་ཀྱང་མི་མགུ་བས། །རང་གི་ཆོས་ཉིད་ཀྱིས་ཐོབ་ཟང་ཟིང་དང་། །གྲགས་སྐམ་ཕྱི་སའི་ཕུང་པོར་མནོག་ནོར་བཞིན། །ལྟོ་འགེངས་སྤྱོད་པས་མི་ཚེ་འཕུལ་འཚལ་ལོ། །ཐུབ་བསྟན་སྒྲོན་མེ་རྣམས་ཀྱི་ཞབས་བརྟན་ཅིང་། །ལུང་རྟོགས་དཔལ་རྒྱས་བདག་ཀྱང་སྐྱེ་ཀུན་ཏུ། །བླ་མ་ཡིད་བཞིན་འཁོར་ལོས་རྗེས་བཟུང་སྟེ། །འཆི་མེད་བཅུད་ཀྱིས་འགྲོ་བ་འཚོ་བྱེད་ཤོག །ཅེས་པ་འདིའང་ཐུབ་བསྟན་ཡོངས་རྫོགས་ཀྱི་བཤེས་གཉེན་བཀའ་དྲིན་སུམ་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་
པོའི་བཀའ་ལུང་ཟླ་ཟེར་བདུད་རྩིའི་རྒྱུན་གྱིས་བྲན་པས་སྤྲོ་བའི་ཀུ་མུད་ཅུང་ཟད་དགོད་དེ། རང་ལ་ལེགས་པར་འདོད་པ་རྣམས་ཀྱི་ཆ་རྐྱེན་དུ་བྱམས་མགོན་ཏཱ་ཡི་སི་ཏུའི་བཀའ་འབངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། མཁས་པ་དང་གྲུབ་པའི་སྐྱེས་བུ་རྒྱུན་མི་འཆད་པ་འབྱུང་བའི་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་འབྱོར་དྲུག་རྒྱས་པའི་དུས་ཚེས་བཟང་པོར་བྲིས་པ་བསྟན་འགྲོ་ལ་སྨིན་པར་གྱུར་ཅིག །དགེ་ལེགས་འཕེལ་དགེའོ།། །།
འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།
༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག