← Search

དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།

མི་འགྱུར། སྐྱོ་བྲག་ཀརྨ་ཡེ་ཤེས། རྔོག་ཞེ་སྡང་རྡོ་རྗེ། ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན། རཏྣ་གླིང་པ། མཁས་གྲུབ་ཀརྨ་ཆགས་མེད། གནམ་ཆོས་མི་འགྱུར་རྡོ་རྗེ། སློབ་དཔོན་ནག་པོ་པ། རཏྣ་གླིང་པ། སྐྱེ་མེད་ཞང་ཚལ་པ། དུང་སྤྲུལ་ཤྲཱི་བྷ་དྲ། རྒྭ་ལོ། སློབ་དཔོན་ནཱ་ག་ཛུ་ན། སྟེང་པ་ལོ་ཙཱ།

དཔལ་འབའ་རོམ་པའི་ངེས་དོན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །མི་འགྱུར།

p. 0

༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{ཆོས་སྐྱོང་མགོན་པོའི་མཆོད་ཕྲེང་སྐོར་ཀ་}བཞུགས་སོ། །

p. 1

༄༅། །དཔལ་འབའ་རོམ་པའི་ངེས་དོན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །

p. 2

རྡོ་རྗེ་འཆང་ཆེན་དབང་ཕྱུག་ཏཻ་ལོ་པ། །ནཱ་རོ་པཎ་ཆེན་མར་པ་ལྷོ་བྲག་པ། །མི་ལ་རས་པ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཟླ་འོད་གཞོན་ནུ་དར་མ་དབང་ཕྱུག་དང་། །ཏི་ཤྲི་རས་པ་མཚུངས་མེད་རས་དཀར་བ། །ལུས་མེད་རྡོ་རྗེ་རྣམས་ལ༴ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བྱང་ཆུབ་གཞོན་ནུ་བློ་གྲོས་རྡོ་རྗེའི་མཚན། །བརྩོན་འགྲུས་དཔལ་བ་གླང་

p. 3

རས་རྒྱལ་མཚན་གྲགས། །བསོད་ནམས་བཟང་པོ་རྣམས་ལ༴ ཕྱག་རྒྱ་ཆེན་པོའི༴ རིན་ཆེན་བཟང་པོ་བསོད་ནམས་དབང་ཕྱུག་དང་། །བཀྲ་ཤིས་དབང་ཕྱུག་འགྲོ་མགོན་ཆོས་འོད་ཟེར། །ཀུན་དགའ་སྙིང་པོ་རྣམས་ལ༴ ཕྱག་རྒྱ༴ ཀུན་དགའ་རྒྱ་མཚོ་བསྟན་འཛིན་བཟང་པོ་དང་། །མཐུ་སྟོབས་མངའ་བདག་ཀརྨ་ཛྙཱ་ནའི་མཚན། །དོན་དམ་སྙིང་པོ་རྣམས་ལ༴ ཕྱག་རྒྱ༴ ཀརྨ་ཚེ་བརྟན་རས་པ་ཆེན་པོའི་མཚན། །བསྟན་པའི་སྙིང་པོ་ལུང་རིགས་རྒྱ་མཚོའི་དཔལ། །ཚེ་དབང་བདུད་འདུལ་

p. 4

རྣམས་ལ༴ ཕྱག་རྒྱ༴ དགེ་ལེགས་དཔལ་གྲུབ་ངེས་དོན་ཆོས་མཛོད་འཛིན། །བསྟན་འཛིན་རྣམ་རྒྱལ་སྒྲུབ་བརྒྱུད་ཆོས་ཀྱི་དབྱངས། །ཆོས་འགྲུབ་སེང་གེ་རྣམས་ལ༴ ཕྱག་རྒྱ༴ ཚོགས་གཉིས་འོད་ཟེར་བདུད་འཇོམས་རྡོ་རྗེའི་ཞབས། །བསྟན་འཛིན་ཆོས་འཕེལ་ཀརྨ་མངྒ་ལ། །ཐེག་མཆོག་འོད་ཟེར་རྣམས་ལ་གསོལ་བ༴ ཕྱག་རྒྱ༴ སྲིད་ཞི་ཀུན་ཁྱབ་ཆོས་སྐུའི་ཀློང་ཡངས་ནས། །ཞི་དང་ཁྲོ་བོའི་ཉམས་འགྱུར་འབུམ་གྱི་བདག །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཕྱག་ཆེན་མངོན་འགྱུར་ཤོག །འཁོར་ལོ་བདེ་མཆོག་ཀྱཻ་རྡོར་གསང་བ་འདུས། །མཱ་ཡཱ་གདན་བཞི་དུས་ཀྱི་འཁོར་ལོ་སོགས། །ཡི་དམ་ལྷ་ཚོགས་རྣམས་ལ༴ ཕྱག་རྒྱ༴ བདག་མེད་མ་དང་རྡོ་རྗེ་རྣལ་འབྱོར་མ། །ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །དཔའ་བོ་མཁའ་འགྲོ་རྣམས་ལ༴ ཕྱག་རྒྱ༴ བྱ་རོག་

p. 5

མཚན་ཅན་རྡོ་རྗེ་གུར་མགོན་དང་། །དུད་སོལ་ལྷ་མོ་དམ་ཅན་རྒྱ་མཚོའི་ཚོགས། །ཆོས་སྐྱོང་སྲུང་མ་རྣམས་ལ༴ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་རྣམས་མ་རིག་མུན་པ་རབ་བསལ་ནས། །ཐར་པ་ཆེན་པོའི་ལམ་མཆོག་རབ་བསྒྲོད་ནས། །རྣམ་མཁྱེན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་ངེས་དོན་བརྒྱུད་པའི་གསོལ་འདེབས་འདི་ཉིད། གྲུབ་ཆེན་ཀརྨ་ཡེ་ཤེས་ཀྱིས་མཛད་པའི་རྡོ་རྗེའི་ཚིག་སོར་བཞག་ལ། དུས་མཐའི་སེར་མིང་མི་འགྱུར་གྱིས་བརྒྱུད་པའི་སབ་ཁ་ཅུང་ཟད་བགྱིས་ཏེ་གསལ་བར་བཀོད་པ་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ནང་མཆོད་བྱིན་རླབས།

p. 6
p. 7

ནང་མཆོད་བྱིན་རླབས་བཞུགས་སོ། །ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ནང་མཆོད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ལ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མིའི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་དཱ་ལས་རྟའི་ཤ །བྱང་དུ་ཧ་

p. 8

ལས་གླང་པོ་ཆེའི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མུ་ལས་དྲི་ཆུ། ལྷོ་ནུབ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རླུང་གཡོས། མེ་སྦར། ཐོད་པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བའི་སྟེང་གི་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལ་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་ལྟ་བ་དེའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་འདྲེས། ཁ་ཊྭཱཾ་ག་ཡི་གེ་གསུམ་ཟླ་བ་རྣམས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ་ཕེཾ་ཕེཾ། ཀ་པཱ་ལ་ཙཀྲ་ཤག་ཕྱེ། ཨོཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ།

བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་མཆོད་ཕྲེང་ནོར་བུའི་ཕྲེང་བ།

p. 9

༄༅། །བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་མཆོད་ཕྲེང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

p. 10

བླ་མ་དང་དཔལ་ཆེན་འཁོར་ལོ་སྡོམ་པ་གཉིས་སུ་མ་མཆིས་པ་ལ་གུས་པས་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོས་སྲིད་ན་རོལ་པར་སྟོན་པའི་གཡས་བརྐྱངས་གར་གྱིས་འདོད་ཆགས་དུས་མཚན་གཡོ་མེད་བརྫིས། །ཞི་བའི་མཐའ་ལ་མངོན་པར་མི་གནས་ཞབས་གཡོན་བསྐུམ་པས་མི་བཟད་ཞེ་སྡང་འཇིགས་བྱེད་ཟིལ་གྱིས་མནན། །བདེ་ཆེན་སྒྱུ་མའི་གར་གྱི་ཉམས་ལྡན་དཔའ་བོའི་དབང་ཕྱུག་ཤེས་རབ་སྟོང་པ་ཉིད་དང་རབ་སྦྱོར་བ། །ཟུང་དུ་འཇུག་པའི་སྐུ་ཡི་སྣང་བ་རྣལ་འབྱོར་མཆོག་གིས་བལྟ་བའི་ཡུལ་དུ་གྱུར་པ་དེ་ལ་འདུད། །བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ལས། །སྔོན་འགྲོ་དངོས་གཞི་རྗེས་དང་རྣམ་པ་གསུམ། །སྔོན་འགྲོ་རྣམ་གྲངས་བཅོ་བརྒྱད་ཀྱིས་བསྟན་ཏེ། །གནས་དུས་ཡོ་བྱད་སྒྲུབ་པོ་ལྷ་བསྐྱེད་དང་། །ནང་མཆོད་བྱིན་རླབས་དཀར་བགེགས་མཚམས་བཅད་དང་། །བཀའ་བསྒོ་སྲུང་འཁོར་ཕུར་བུ་

p. 11

གདབ་པ་དང་། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་བསྒོམ་པ་དང་། །གུར་ཁང་གསལ་གདབ་བསྲུང་བྱ་སྦ་བ་དང་། །མཆོད་པ་བྱིན་རླབས་སྐྱབས་འགྲོ་སེམས་བསྐྱེད་དོ། །འདིར་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ། བླ་མ་ལ་གུས་ཤིང་ཤེས་རབ་ཆེ་བ། སྙིང་རྗེ་དང་བརྩོན་འགྲུས་ལྡན་ཞིང་གསང་སྔགས་ལ་མོས་པས། དང་པོ་གནས་ཀྱི་བྱེ་བྲག་ནི། གནས་ཡིད་དང་མཐུན་པའམ་ཡང་ན་དུར་ཁྲོད་དམ། སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ་པར་གསུངས་ཏེ། བདེ་མཆོག་སྡོམ་འབྱུང་གི་ལེའུ་བཅུ་གཅིག་པར། རི་བོ་ཚང་ཚིང་རི་སུལ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །བཞི་མདོ་དང་ནི་འདུན་ཁང་གནས། །དུར་ཁྲོད་དང་ནི་ཡིད་དགའ་བར། །ཞེས་གསུངས། རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་དུར་ཁྲོད་རྒྱན་ལས། རི་རྩེ་དུར་ཁྲོད་རོ་སྟེང་དུ། །གཅེར་བུ་སྐྲ་བཤིགས་ལྷོར་བལྟས་ཏེ། །ཨཱ་ལི་ཀ་ལའི་ལུས་སྲུང་ལ། །དཔའ་བོའི་འཁོར་ལོ་

p. 12

བསྒོམ་པར་བྱ། །ཞེས་གསུངས། གཉིས་པ་དུས་ཀྱི་ཁྱད་པར་ནི། བདེ་མཆོག་སྡོམ་འབྱུང་གི་ལེའུ་ལྔ་པར། ཡར་ངོ་ཚེས་གཅིག་ནས་བཟུང་ནས། །ཡར་ཚེས་བཅོ་ལྔའི་བར་དུའམ། །ཞེས་གསུངས་པས། བཀྲ་ཤིས་པའི་ཉི་མ་ལ་བསྒྲུབ་པར་བྱའོ། །གསུམ་པ་ཡོ་བྱད་ཀྱི་ཁྱད་པར་ནི། དཔལ་འཁོར་ལོ་སྡོམ་པའི་བྲིས་སྐུ་སོགས་རྟེན་རྣམས་བཀྲམ། མཆོད་པ་དང་། གཏོར་མ་དང་། ཐོད་པ་བདུད་རྩིས་བཀང་བ་དང་། ཌཱ་མ་རུ་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པ་སྟ་གོན་བྱ། མདོར་ན་དགོས་པའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱའོ། །བཞི་པ་སྒྲུབ་པ་པོའི་མཚན་ཉིད་ནི། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་གལ་ཆེ་ཞིང་། མདོར་ན་ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས་པ་མཆོག་ཏུ་བཤད་དེ། བདེ་མཆོག་སྡོམ་འབྱུང་གི་ལེའུ་གཉིས་པར། འཛམ་བུའི་གླིང་དུ་སྐྱེས་ལེགས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་ཉེས་པར་བྱས་པ་ལས། །མཆོག་དང་འབྲིང་དང་ཐ་མ་རྣམས། །སྐྱེ་བ་སྔོན་གྱི་རྣམ་སྨིན་འདིར། །སྐྱེ་བོ་རྣམས་ལ་སྣང་བར་འགྱུར། །ཞེས་གསུངས་པ་དང་། ཡང་དེ་ཉིད་ཀྱི་ལེའུ་གཉིས་པར་འཛམ་བུ་གླིང་པ་གཙོ་བོ་མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། །སྔོན་གྱི་དགེ་བ་ལ་ལྟོས་ནས། །དབང་པོ་རྣོ་འབྲིང་བརྟུལ་པོར་འགྱུར། །མི་རུ་སྐྱེས་པ་འབྲས་བུའི་དམ་པ་དང་པོ་སྟེ། རང་གི་ཁྱིམ་ནས་ངེས་འབྱུང་རྙེད་པ་གཉིས་པ་ཡིན། །རབ་ཏུ་བྱུང་ནས་དགེ་བ་སྒྲུབ་པ་གསུམ་པ་སྟེ། །རྩེ་གཅིག་ཡིད་ནི་ཐོབ་པ་

p. 13

བཞི་པར་གསུངས། །ཞེས་གསུངས་པ་དང་། བདེ་མཆོག་སྡོམ་འབྱུང་གི་ལེའུ་བཅུ་དྲུག་པ་ལས། གསང་སྔགས་ཚུལ་ལ་དད་ཅིང་མོས། །གཟུགས་བཟང་ལྟ་ན་སྡུག་པ་དང་། །བླ་མ་ལ་གུས་བརྩེ་ལྡན་ན། །སྡོམ་པ་འབྱུང་བར་རབ་ཏུ་བཤད། །ཅེས་གསུངས། ཡང་དེ་ཉིད་ཀྱི་ལེའུ་ཉི་ཤུ་པར། འཛམ་བུའི་གླིང་དུ་སྐྱེས་ལེགས་པ། །དངོས་གྲུབ་ཉིད་ནི་འགྲུབ་པ་སྟེ། །དེ་དག་སྔོན་གྱི་སངས་རྒྱས་ཀྱིས། །གསུངས་པའི་གླིང་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བྱའོ། །བདེ་མཆོག་དུར་ཁྲོད་རྒྱན་ལས། སེམས་ཅན་སངས་རྒྱས་རང་བཞིན་པས། །གདོལ་པ་ཀོ་ལྕགས་མཁན་ལ་སོགས། །གཟུགས་ངན་གསོད་པ་དོན་གཉེར་བ། །ཐེག་པ་འདི་ལ་གྲུབ་པར་འགྱུར། །ཞེས་གསུངས་པས། དེ་ལྟ་བུས་ཀྱང་བསྒྲུབ་ན་རུང་བར་བཤད། ༧ ལྔ་པ་ལྷ་བསྐྱེད་པ་ནི། ཤྲཱི་ཧེ་རུ་ཀོ྅་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །དོན་དེའི་བདག་ཉིད་རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་རང་བཞིན་ཅན་དུ་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། དེ་ནས་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀའི་སྐུར་བཞེངས་ལ། ཐུགས་ཀ་ནས་རྡོ་རྗེ་མཚོན་ཆའི་ཚོགས་སྤྲོ་ཞིང་བགེགས་ཕྲལ། དྲུག་པ་ནང་མཆོད་བྱིན་རླབས་ནི། གཏོར་མ་ལྷར་བྱིན་རླབས་སམ། བདུན་པ་དཀར་

p. 14

གཏོར་ནི་འོག་ནས་འབྱུང་བ་ལྟར་བྱ། བརྒྱད་པ་བགེགས་གཏོར་ནི། བསང་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་། ཚེའི་གླུད། སྲོག་གི་སྐྱིན། འབྲུ་མཆོག་ཟན་གྱི་ངར་མི་ལ་ཞོ་ཤའི་སྙིང་། ལུང་ཐང་གི་མིག །མགྲོན་བུའི་ཚེམས། བྱི་རུའི་ལྗགས། སྤོས་ཀྱི་ཤངས། དར་གྱི་སྙན། མཐིང་གི་སྐྲ། བསྭེའི་ཤ ། མཚལ་གྱི་ཁྲག །དུང་གི་རུས། ལག་པ་གཡས་པ་གསེར། གཡོན་པ་དངུལ། རྐང་པ་གཡས་པ་ལྕགས། གཡོན་པ་ཟངས། དར་ཟབ་ཀྱི་གོས། ཁ་ནས་སྙན་པའི་གླུ་ལེན་པ། ལག་པ་མཉེན་ལྕུག་གིས་གར་བྱེད་པ། རྐང་པས་འཆམ་པའི་བྲོ་བརྡུང་བ། ལག་ན་འདོད་ཡོན་གྱི་ཡས་བཟུང་བ། སྣང་སྲིད་ཐམས་ཅད་ཀྱི་ངོ་ལེན་ཞིང་ཤག་ཐེབ་པ། དེའི་འཁོར་དུ་སྐྱེས་པ་སྟག་ཆས་ཅན། བུད་མེད་རྒྱན་ཆ་ཅན། མཁར་ཁང་ལ་སོགས་པའི་ཡུས་སྤྱད་སྣ་ཚོགས། སྦྲ་གུར་ལ་སོགས་པའི་འབྲོག་

p. 15

སྤྱད་སྣ་ཚོགས། བྱ་རིགས་སྣ་ཚོགས། གཅན་གཟན་སྣ་ཚོགས། གཡུང་ཕྱུགས་སྣ་ཚོགས། ཆུ་གནས་སྣ་ཚོགས། མདོར་ན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་འདོད་ཡོན་སྣ་ཚོགས་ཀྱི་ཆར་འབེབས་པ་རྒྱ་ནམ་མཁའ་དང་མཉམ་པར་གྱུར། བསྡུ་ན། ཁཾ་འོད་དུ་ཞུ་བ་ལས་ལན་ཆགས་བགེགས་རིགས་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་བརླབ། དེ་ནས་བདེན་པ་བརྡར་བའི་རྗེས་སུ། བདག་ཅག་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། བགེགས་དང་ལོག་པར་འདྲེན་པ། མི་མིན་མིར་བརྫུ་བ། ལྷ་མིན་ལྷར་བརྫུ་བ། དཀྱིལ་འཁོར་གྱི་བཀྲག་བརླམ་པ། མཆོད་གཏོར་གྱི་དྲི་བརླམ་པ། སྒྲུབ་པ་པོའི་བསམ་གཏན་གྱི་ཉམས་ལེན་པ། ལྷ་སྔགས་ཏིང་ངེ་འཛིན་

p. 16

ལ་བར་དུ་གཅོད་པར་བྱེད་པའི་བགེགས་གང་ཡིན་པ་ཐམས་ཅད་གང་དུ་གནས་ཀྱང་གླུད་ཀྱི་གཏོར་མ་ལེན་པའི་སླད་དུ་སྐད་ཅིག་ཙམ་གྱིས་འདིར་ཁུག་ཅིག །ཡི་དམ་གྱི་སྔགས་ཤམ་དུ། བཛྲ་ཨངྐུ་ཤ་ཛ་ཛཿ བཀའ་བསྒོས་མཆོད་སྦྱིན་བསྔོས་ནས་སོ་སོར་མ་བཏང་བའི་བར་དུ་ཕྱི་ན་འགྲོ་བའི་དབང་མེད་པ་ཁྲོ་བོའི་ཚོགས་ཀྱིས་བསྐོར་བ། ནང་དུ་གབ་པའི་ཡུལ་མེད་པ་ཁྲོ་མོའི་སྤྱན་གྱིས་གཟིགས་པར་གྱུར། ཡི་དམ་གྱི་སྔགས་ལན་གསུམ་གྱིས་ཟིལ་གྱིས་མནན། དེ་ནས་མཆོད་པ་བྱ་བ་ནི། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བགེགས་ཀྱི་རྒྱལ་པོ་བཱི་ན་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་སུ་གྱུར་པ། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །གང་གནོད་པ། གང་བསྒྲིན་པ། ཟ་རེ་

p. 17

བ། འཐུང་སྐོམ་པའི་ལན་ཆགས་བདག་པོ། ལན་ཆགས་བདག་མོ་ཐམས་ཅད་ལ་མཆོད་དོ། །འབུལ་ལོ། །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱིས་བསད་བསད་བཅད་བཅད་སྲོག་གི་ལན་ཆགས་པ། བརྡུང་བརྡུང་བཙོག་བཙོག་ན་ཚ་བའི་ལན་ཆགས་པ། བརྐུས་བརྐུས་འཕྲོག་འཕྲོག་ནོར་དབུལ་བའི་ལན་ཆགས་པ། ཡུལ་དང་མཁར་ཁང་། འབྲུ་བང་མཛོད། ཕྱུགས་རྐང་བཞི། བྲན་འཁོར་གཡོག་འོག་རྟ་ཆུང་མ་ལ་སོགས་ཅི་དང་ཅི་ཡི་ལན་ཆགས་པ་ཐམས་ཅད་བྱང་། ཤ་འཁོན་ཐམས་ཅད་དག །བུ་ལོན་འབྲེལ་ཐག་ཆོད་ནས་དགའ་མགུ་ཡི་རང་བའི་བསམ་པ་དང་ལྡན་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །དེ་ནས་ཐེག་པ་ཆེན་པོའི་ཆོས་བཤད་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་བྱ། བདག་ཅག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་

p. 18

བའི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུས། ཁྱེད་རྣམས་ལ་གནོད་པར་གྱུར་པ་ནམ་ཡང་མི་འབྱུང་བས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ལོངས་ལ། བདག་ཅག་སྔགས་པ་སྔགས་གཡོག་འཁོར་དང་བཅས་པ་ལ་སྡང་བར་སེམས་པ་དང་། གནོད་པ་ཉེ་བར་བསྒྲུབ་པའི་བསམ་པས་མི་མཐུན་པའི་ཕྱོགས་སྒྲུབ་པ་དང་། དགེ་ལེགས་ལ་བར་དུ་གཅོད་པའི་བསམ་པ་སྐད་ཅིག་ཀྱང་མ་བྱེད་པར་དགེ་བའི་བསམ་པ་དང་ལྡན་ཞིང་། བདེན་པའི་རྗེས་སུ་འབྲངས་ནས་ཞི་ཞིང་དུལ་བ་དང་། ཉེ་བར་འཚེ་བ་སྤངས་ནས་གཅིག་ཏུ་གནོད་པ་མེད་པའི་བསམ་པས་ཉེ་བར་གནས་པར་གྱིས་ཤིག །དེའི་ཕྱི་རོལ་ཁྲོ་བོའི་གུར་ཁང་གི་ཕྱོགས་འདི་ཞེས་བྱ་བའི་ལྷོ་ཕྱོགས་ཀྱི་ལམ་ཤག་གིས་བྱེ་བར་གྱུར། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །

p. 19

དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་ལས་ནི། །འབྱུང་པོའི་ཚོགས་ཀུན་ནམ་ཡང་མ་འདའ་ཞིག །གང་དག་དགེ་ལ་བར་གཅོད་པའི། །དེ་ཡི་རྣམ་སྨིན་དམྱལ་སོགས་པའི། །མི་བཟད་སྡུག་བསྔལ་མྱོང་གྱུར་པས། །དགེ་ལ་བར་དུ་གཅོད་པ་ཡི། །བསམ་པ་ནམ་ཡང་མ་བྱེད་པར། །ཞི་ཞིང་དུལ་བར་གནས་པར་གྱིས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །

p. 20

རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་བརྗོད། ཧོ། བཀའ་གསང་བ་ལས་ཀྱང་ཆོས་གསང་བ་ཡང་གསང་བླ་ན་མེད་པ། ལྟ་བ་ཐུན་མོང་མ་ཡིན་པ། སྒོམ་པ་ཐུན་མོང་མ་ཡིན་པ། སྤྱོད་པ་ཐུན་མོང་མ་ཡིན་པ། དཔལ་ཆེན་པོ་བཞུགས་པའི་གནས། མ་མོ་མཁའ་འགྲོ་འདུ་བའི་གནས། ཆོས་སྐྱོང་སྲུང་མས་ཕྲིན་ལས་སྒྲུབ་པའི་གནས་འདིར་འདུ་བའི་ལྷ་ལ་མ་གཏོགས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་སུ་གྱུར་པ། འབྱུང་པོ་མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོ་སྒྲུབ་ཕོ་ལ་བར་དུ་གཅོད་པ། མོ་སྒྲུབ་མོ་ལ་བར་དུ་གཅོད་པ། ཚེ་བསོད་ནམས། ཁ་རྗེ་དབང་ཐང་། དཔལ་དང་འབྱོར་པ། ལྷ་སྔགས་ཏིང་ངེ་འཛིན་ཉམས་རྟོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ལོག་པར་འདྲེན་པ་ཐམས་ཅད། བསྐལ་

p. 21

པའི་མེ་དཔུང་འབར་བ་ལ་སྲོག་ཆགས་སྦྲང་བུ་མི་གནས་པ་དང་། མར་ཁོལ་བའི་ནང་དུ་ཆུའི་ཐིགས་པ་མི་གནས་པ་དང་། ཉི་མའི་དཀྱིལ་འཁོར་ལ་མུན་པ་མི་གནས་པ་བཞིན་དུ། འདིར་ཡང་གསང་བའི་སྙིང་པོའི་དཀྱིལ་འཁོར་གཉན་པོ་འདིར། སྔགས་ཉན་ཕྱག་རྒྱ་ལྟ་བ་ལ་མི་དབང་བའི་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པ་འདིར་འདུ་བའི་སྐལ་པ་དང་མི་ལྡན་པ་རྣམས་སོངས་ཤིག །བྱེར་ཅིག །དེངས་ཤིག །དགུ་པ་མཚམས་བཅད་པ་ནི། སུམྦྷ་ནི་སོགས་དང་། ལྷ་སྔགས་རྣམས་དྲག་ཏུ་བརྗོད། དེ་ནས་བདག་ཉིད་སྐད་ཅིག་གིས་ཧེ་རུ་ཀའི་སྐུར་བཞེངས་ལ། ཐུགས་ཀ་ནས་རྡོ་རྗེ་མཚོན་ཆའི་ཚོགས་སྤྲོ་ཞིང་། བཅུ་པ་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་བདག་ལ་དགོངས། །ང་ནི་དཔལ་ཆེན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བ། །ལྷ་

p. 22

དང་ལྷ་མིན་གསང་བ་པོ། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །གནས་འདིར་མ་བཞུགས་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་མེ་ལྟར་འབར་བ་ཡིས། །ཀླད་པ་ཚལ་པ་བརྒྱར་འགེམས་ཤིང་། །འཇིག་པར་འགྱུར་བ་གདོན་མི་ཟ། །ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྷྲྀ་ཧྞ་གྷྲྀ་ཧྞ་ཧུྃ་ཧཱུྃ་ཕཊ། ཨོཾ་གྷྲྀ་ཧྞ་པཱ་ཡ་གྷྲྀ་ཧྞ་པཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོཿབྷ་ག་ཝན་བིདྱ་རཱ་ཛ་ཧུྃ་ཧཱུྃ་ཕཊ། སུམྦྷ་ནིའི་སྔགས་བརྗོད་པས། རང་གི་ཐུགས་ཀ་ནས་སུམྦྷ་ནིའི་སྔགས་ཕྲེང་རི་རབ་ཙམ་དཔག་ཏུ་མེད་པ་འཕྲོས་པས་ཚངས་པའི་འཇིག་རྟེན་ནས་ས་གཞི་ལ་ཐུག་གི་བར་དུ་ཁྱབ་ཅིང་འབར་བ། དེའི་འོད་ཟེར་གྱིས་རྡོ་རྗེའི་རྭ་བ་གྲུ་བཞི་པ་ཕྱོགས་ཀྱི་མདོག་ཅན་དུ་བསྐྱེད་པ་ནི་རྒྭ་ལོའི་ཞལ་གདམས་ལས་གསུངས་སོ། །བཅུ་གཅིག་པ་སྲུང་འཁོར་ནི། དེ་ནས་རྡོ་རྗེའི་རྭ་གུར་བསྐྱེད་པའི་ངག་འདོན་ནི། ཨོཾ་མེ་དཱི་ནི་བཛྲ་བྷ་ཝ་བཛྲ་བྷནྡྷ་ཧཱུྃ། འོག་སྣ་ཚོགས་རྡོ་རྗེའི་ས་གཞི་གྲུ་བཞི་པར་གྱུར། ཨོཾ་བཛྲ་པྲ་ཀ་ར་ཧཱུྃ་བཾ་ཧཱུྃ།

p. 23

ལོགས་རྡོ་རྗེ་རྩེ་ལྔ་དམར་པོའི་རྭ་བ་གྲུ་བཞི་པར་གྱུར། ཨོཾ་བཛྲ་པཉྫ་ར་ཧཱུྃ་བཾ་ཧཱུྃ། སྟེང་རྡོ་རྗེའི་གུར་གྲུ་བཞི་པ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པར་གྱུར། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། གུར་གྱི་ནང་དུ་རྡོ་རྗེའི་བླ་རེ་གྲུ་བཞི་པར་གྱུར། ཨོཾ་བཛྲ་ཤྭ་ར་ཛྭཱ་ལ་ཏྲཱཾ་སཾ་ཏྲཱཾ། སྟེང་དང་ཕྱི་རོལ་ཐམས་ཅད་རྡོ་རྗེ་མདའི་དྲ་བ་མདེའུ་ཐམས་ཅད་རྡོ་རྗེ་རྩེ་ལྔ་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་ཀྱི་མེ་རི་ཁ་དོག་སྣ་ལྔ་གཡོན་དུ་འཁྱིལ་བའི་གུར་ཁང་དུ་གྱུར། སྲུང་བའི་འཁོར་ལོ་འདི་རྣམས་ཀྱང་། སྲ་བ། བརྟན་པ། མཁྲེགས་པ། རྒྱུ་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པ། སུས་ཀྱང་གཞོམ་གཞིག་མི་ནུས་པ། རླུང་བསེར་བུའང་མི་ཐར་བ། དེ་ལྟར་དུ་གསལ་གདབ་པར་བྱའོ། །བཅུ་གཉིས་པ་ཕུར་བུ་གདབ་པ་ནི། ཨོཾ་སུམྦྷ་ནིའི་སྔགས་ལན་གཉིས་བརྗོད་པའི་མཐར། སུམྦྷ་ནིའི་སྔགས་ཕྲེང་བརྒྱད་འོད་དུ་ཞུ་བ་ལས་སྒོ་མཚམས་མ་བརྒྱད་གཡས་རྡོ་རྗེའི་ཐོ་བ་གཡོན་

p. 24

ཕུར་བུ་འཛིན་པ། སྐུ་སྟོད་ཁྲོ་མོའི་རང་བཞིན། སྐུ་སྨད་དྲག་པོའི་ཕུར་བུ་ཟུར་གསུམ་པ་རྣོ་བའི་དབལ་དང་ལྡན་པར་གྱུར། ༈ ཧཱུྃ། དཀྱིལ་འཁོར་ཁང་པ་ཤར་གྱི་སར་གནས་པའི། །ལྷ་ཡི་གདོན་ཚོགས་མ་ལུས་ཀུན་ཉོན་ཅིག །ཁྭ་གདོང་རབ་འཇིགས་ཁྲོ་མོའི་གཟུགས་ཀྱི་བཀའ། །ཐོས་པ་ཙམ་གྱིས་རང་རང་གནས་སུ་དེངས། །གང་དག་མི་འགྲོ་སེམས་པ་འགའ་ཡོད་ན། །ང་ཡི་རབ་འབར་རྡོ་རྗེ་ཕུར་བུ་དང་། །མི་ཕྱེད་རྡོ་རྗེ་ཐོ་བའི་སྦྱོར་བ་ཡིས། །ལུས་སྲོག་རྣམ་པར་ཉམས་པར་འགྱུར་ཏ་རེ། །དེ་བས་རང་རང་རྣམས་ཀྱི་སྲོག་སྲུངས་ལ། །མྱུར་བ་ཉིད་དུ་རང་གི་གནས་སུ་དེངས། །ཅི་སྟེ་བདེན་པའི་བཀའ་ལས་འདས་གྱུར་ན། །དེ་དག་ལུས་སྲོག་རྣམ་པར་གཞོམ་བྱའོ། །ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཧཱུྃ། དཀྱིལ་འཁོར་ཁང་པ་བྱང་གི་སར༴ གནོད་སྦྱིན་གདོན་ཚོགས༴ འུག་གདོང་རབ་འཇིགས་

p. 25

ཁྲོ༴ ཐོས་པ༴ གང་དག༴ ང་ཡི༴ མི་ཕྱེད༴ ལུས་སྲོག༴ དེ་བས༴ མྱུར་བ༴ ཅི་སྟེ་བདེན་པའི༴ དེ་དག་ལུས༴ ཨོཾ་གྷྲྀ་ཧྞ་གྷྲྀ་ཧྞ་ཧུྃ་ཧཱུྃ་ཕཊ། ཧཱུྃ། དཀྱིལ་འཁོར་ཁང་པ་ནུབ༴ ཀླུ་ཡི་གདོན་ཚོགས༴ ཁྱི་གདོང༴ ཐོས་པ༴ གང་དག༴ ང་ཡི༴ མི་ཕྱེད༴ ལུས་སྲོག༴ དེ་བས༴ མྱུར་བ༴ ཅི་སྟེ་བདེན༴ དེ་དག་ལུས༴ ཨོཾ་གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧུྃ་ཧཱུྃ་ཕཊ། ཧཱུྃ། དཀྱིལ་འཁོར་ཁང་པ་ལྷོ་ཡི་སར༴ གཤིན་རྗེའི་གདོན༴ ཕག་གདོང་རབ་འཇིགས༴ ཐོས་པ༴ གང་དག༴ ང་ཡི་རབ༴ མི་ཕྱེད༴ ལུས་སྲོག༴ དེ་བས་རང༴ མྱུར་བ་ཉིད༴ ཅི་སྟེ༴ དེ་དག་ལུས༴ ཨོཾ་ཨ་ན་ཡ་ཧོ་བྷ་ག་ཝན་བཛྲ་ཧུྃ་ཧཱུྃ་ཕཊ། ཧཱུྃ། དཀྱིལ་འཁོར་ཁང་པ་ཤར་ལྷོའི༴ མེ་ལྷའི་གདོན༴ ཁྲོ་གཟུགས་རབ་འཇིགས་གཤིན་རྗེ་བརྟན་མའི་བཀའ། ཐོས་པ༴ གང་དག༴ ང་ཡི་རབ༴ མི་ཕྱེད༴ ལུས་སྲོག༴ དེ་བས་རང༴ མྱུར་བ་ཉིད༴ ཅི་སྟེ༴ དེ་

p. 26

དག་ལུས༴ ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཧཱུྃ། དཀྱིལ་འཁོར་ཁང་པ་ལྷོ་ནུབ༴ སྲིན་པོའི་གདོན༴ ཁྲོ་གཟུགས་རབ་འཇིགས་གཤིན་རྗེ་ཕོ་ཉའི་བཀའ། །ཐོས་པ༴ གང་དག༴ ང་ཡི་རབ༴ མི་ཕྱེད༴ ལུས་སྲོག༴ དེ་བས་རང༴ མྱུར་བ་ཉིད༴ ཅི་སྟེ༴ དེ་དག་ལུས༴ ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧུྃ་ཧཱུྃ་ཕཊ། ཧཱུྃ། དཀྱིལ་འཁོར་ཁང་པ་ནུབ་བྱང༴ རླུང་ལྷའི་གདོན༴ ཁྲོ་གཟུགས་རབ་འཇིགས་གཤིན་རྗེ་མཆེ་མའི་བཀའ། །ཐོས་པ༴ གང་དག༴ ང་ཡི་རབ༴ མི་ཕྱེད༴ ལུས་སྲོག༴ དེ་བས་རང༴ མྱུར་བ་ཉིད༴ ཅི་སྟེ༴ དེ་དག་ལུས༴ ཨོཾ་གྲྀ་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧུྃ་ཧཱུྃ་ཕཊ། ཧཱུྃ། དཀྱིལ་འཁོར་ཁང་པ་བྱང་ཤར༴ དབང་ལྡན༴ ཁྲོ་གཟུགས་རབ་འཇིགས་གཤིན་རྗེ་འཇོམས་མའི་བཀའ། །ཐོས་པ༴ གང་དག༴ ང་ཡི་རབ༴ མི་ཕྱེད༴ ལུས་སྲོག༴ དེ་བས་རང༴ མྱུར་བ་ཉིད༴ ཅི་སྟེ༴ དེ་དག༴ ཨོཾ་ཨ་ནྱ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཧུྃ་ཧཱུྃ་ཕཊ།

p. 27

ཅེས་ཕྱོགས་མཚམས་བརྒྱད་དུ་ཧཱུྃ་ལས་བྱུང་བའི་ཁྲོན་པ་གཏིང་ཟབ་པ་བརྒྱད་ཀྱི་ནང་དུ། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་ང་རྒྱལ་གྱིས་ཁྲོ་མོ་རྣམས་ལ་བཀའ་བསྒོས་པ་ཙམ་གྱིས་བགེགས་རྣམས་བཀུག་ནས་སྤྱི་བོ་ནས་ཕུར་བུས་བསྣུན་པར་བསམས་ཏེ། དེའང་ཤར་གྱི་ཁྭ་གདོང་མ་ལས་སྟེང་དུ་སྤྲོ་ཞིང་། ནུབ་ཀྱི་ཁྱི་གདོང་མ་ལས་འོག་ཏུ་སྤྲོ་བ་ནི་རྒྭ་ལོའི་ཞལ་གདམས་ལས་འབྱུང་བ་བཞིན་ནོ། །ཕུར་བུས་བཏབ་སྔགས་འདིའོ། །ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚན་བིགྷྣན་ཧཱུྃ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་དུཥྚཾ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་མུཏྒ་ར་བཛྲ་ཀཱི་ལི་ཀོ་ཊ་ཡ་ཧཱུྃ་ཕཊ། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་དུ་ཕུག་པར་བསམ། བགེགས་ཚོགས་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་རོ་གཅིག་པར་བསམ། བགེགས་ལྷག་མ་རྣམས་རྒྱང་དུ་བསྐྲད་པར་བསམ། སྒོ་མཚམས་མ་བརྒྱད་རྡོ་རྗེ་ར་བའི་ཁ་ཁྱེར་ལ་ཐིམ་པར་གྱུར་པར་བསམ་ནས་ཆུ་ལ་ཆུ་བཏབ་

p. 28

པ་ལས་ཟེགས་མ་འཐོར་བ་བཞིན་འོད་ཟེར་ཕྱི་རོལ་དུ་འཕྲོས་པས། བཅུ་གསུམ་པ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་བསྒོམ་པ་ནི། ཨོཾ་བཛྲ་པྲ་ཀཱ་ར་ཧཱུྃ། རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པའི་གུར་ཁང་ཟླུམ་པོ་ཞིག་ཏུ་གྱུར། དེའི་ཕྱི་རོལ་དུ། ཨོཾ་བཛྲ་པདྨ་ཀཱ་ར་ཧཱུྃ། པདྨ་དམར་པོ་ཨཱཿཡིས་མཚན་པའི་གུར་ཁང་ཟླུམ་པོ་ཞིག་ཏུ་གྱུར། དེའི་ཕྱི་རོལ་དུ། ཨོཾ་བཛྲ་ཙཀྲ་པྲ་ཀཱ་ར་ཧཱུྃ། འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པའི་གུར་ཁང་ཟླུམ་པོ་ཞིག་ཏུ་གྱུར། དེའི་ཕྱི་རོལ་དུ། ཨོཾ་བཛྲ་ཛྭ་ལ་ཨཱ་ན་ལརྐ་ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་ཀྱི་མེ་རི་ཁ་དོག་ལྔ་དང་ལྡན་པའི་གུར་ཁང་དུ་གྱུར། བཅུ་བཞི་པ་གུར་ཁང་གསལ་གདབ་པ་ནི། རྃ། དྲག་པོ་རབ་འབར་སྔགས་ཀྱི་འཕྲོ་འདུ་ལས། །འཚུབ་ཅིང་འཁྱིལ་བའི་བགེགས་དཔུང་བསྲེགས་པའི་མེ། །རྡོ་རྗེའི་དབྱིབས་ཅན་མེ་སྟག་ཕྱོགས་བཅུར་འཕྲོ། །འབྲུག་སྒྲ་ལྟར་སྒྲོགས་དམར་ནག་གཡོན་དུ་འཁྱིལ། །གནོད་སེམས་དང་ལྡན་འབྱུང་པོ་

p. 29

བསྲེག་པར་བྱེད། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། ཤིན་ཏུ་འཇིགས་པ་དྲག་པོའི་གཞལ་ཡས་ཁང་། །བམ་ཆེན་ཐོད་པ་ཀེང་རུས་སྦྲུལ་གྱིས་བརྒྱན། །ཆུ་འཛིན་ནག་པོ་སྟེང་ན་འཇིགས་པར་གཏིབ། །གཏུམ་དྲག་འབྲུག་སྒྲ་ཕྱོགས་བཞིར་ཆེམས་སེ་ཆེམ། །ལྕེ་འབབ་གློག་གི་ཕྲེང་བ་ཀམས་སེ་ཀམ། །རྡོ་རྗེའི་དབྱིབས་ཅན་མེ་ཡི་སེར་བ་འབེབས། །ཤ་ཆེན་འདམ་རྫབ་ཁྲག་གི་གདེང་ཀས་བརྒྱན། །གཅན་གཟན་འཇིགས་པ་ཕྱོགས་བཞི་དབུས་སུ་རྒྱུག །གནས་འདིར་སྲུང་མའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ། །དེ་ལྟ་བུའི་གནས་ཁང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དང་གཉིས་སུ་མེད་པའི་བསྲུང་བའི་འཁོར་ལོའི་དབུས་སུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཡི་དམ་ལྷ་ཡི་རྣམ་པར་གསལ་བས་གསང་སྔགས་ཀྱི་སྤྱོད་པ་ལ་གནས་པར་

p. 30

གྱུར། བཅོ་ལྔ་པ་བསྲུང་བྱ་སྦ་བ་ནི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་རཀྵ་རཀྵ་ཧུྃ་ཧཱུྃ་ཕཊ། བཅུ་དྲུག་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། བདེ་མཆོག་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་རྒྱན་ལས། དང་པོ་ཕྱི་ཡི་མཆོད་པ་ནི། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་དང་ལྷ་བཤོས་ཆུང་བ་དང་། །རོལ་མོ་སིལ་སྙན་དབྱངས་ཀྱིས་དང་། །ཞེས་གསུངས། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། མཆོད་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་དགྱེས་པ་བསྐྱེད་

p. 31

ནུས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། ཤབྟ་ཨཱཿཧཱུྃ། བར་བརྗོད། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་ཏྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ན་དཱ་སྭ་བྷཱ་ཝ། བཛྲ་དྷརྨཱ་ཧྲཱི་ད་ཡ། སཉྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨཱ་ཁཾ་སྭཱ་ཧཱ་གསུམ་གྱིས་བྱིན་གྱིས་བརླབ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡུལ་དུ་བཛྲ་ས་མཱ་ཛཿ ཕྱག་འཚལ་བ་དང་མཆོད་སོགས། བཅུ་བདུན་པ་སྐྱབས་འགྲོ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་དེང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུའི་རྩ་བཞིའི་འབྱུང་

p. 32

གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །འགྲེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །བཅོ་བརྒྱད་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སོགས་ཚད་མེད་བཞི་བསྒོམ། དངོས་གཞི་རྣམ་གྲངས་བཅོ་ལྔས་བསྟན་ཏེ། རྟེན་བསྐྱེད་པ་དང་བདག་བསྐྱེད་བཟླས་པ་

p. 33

དང་། །ཐུན་བསྡུ་སྐད་ཅིག་ལྷར་ནི་ལྡང་བ་དང་། །གཏོར་མ་བྱིན་རླབས་གཏོར་མགྲོན་སྤྱན་འདྲེན་དང་། །བླ་མ་བརྒྱུད་པར་འབུལ་ཞིང་བྱིན་རླབས་ཞུ། །ཡི་དམ་མཁའ་འགྲོར་འབུལ་ཞིང་དངོས་གྲུབ་ཞུ། །ཕྱི་ནང་གསང་བ་དེ་ཉིད་མཆོད་ཅིང་བསྟོད། །དུར་ཁྲོད་བརྒྱད་འབུལ་ཕྲིན་ལས་བཅོལ་བ་དང་། །ཚོགས་ཀྱི་འཁོར་ལོ་ལྷག་གཏོར་བཏང་བའོ། །དང་པོ་རྟེན་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། སྣོད་བཅུད་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་སྔོན་པོ་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དཔག་ཏུ་མེད་པ་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། ཕྱི་རོལ་ཐམས་ཅད་མདའི་དྲ་བ་དང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཉིས་པ་བདག་བསྐྱེད་ནི། སྲུང་བའི་འཁོར་ལོའི་དབུས་སུ་

p. 34

རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ་ཟུར་བཞི་པའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ཟེའུ་འབྲུ་ལ་གནས་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདག་ཉིད་བཅོམ་ལྡན་འདས་རྗེ་བཙུན་དཔལ་ཧེ་རུ་ཀ་སྐུ་མདོག་ཟར་མའི་མེ་ཏོག་གསར་པ་ལྟ་བུ། ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བརྒྱད་པ་ལས། ཕྱི་རོལ་དང་ནི་ནང་བཅུད་ཀུན། །སྐད་ཅིག་གིས་ནི་སྟོང་པར་བསྒོམ། །དེ་ཡི་ངང་ལས་རང་ཉིད་ནི། །ལྷ་ཡི་སྐུ་རུ་བསྒོམ་པར་བྱ། །ཞེས་གསུངས་པས། བསྐྱེད་རིམ་རྒྱས་བསྡུས་གང་བྱེད་ཀྱང་། རྣམ་པ་གསལ་བ་རྣམ་དག་དྲན་པ། ང་རྒྱལ་བརྟན་པ། ཀུན་རྫོབ་ཏུ་སྣང་བའི་ཆ་མ་སྤངས་པ། སྟོང་པའི་ཆ་མ་དོར་བའི་སྣང་ལ་རང་བཞིན་མེད་པ། ཟུང་འཇུག་སྒྱུ་མ་ཆུ་ཟླ། ཡེ་ཤེས་ཀྱི་སྐུ་ཡི་མཚན་ཉིད་དང་ལྡན་པ་བསྐྱེད་དགོས་པར་གསུངས་པར་སྣང་བས་ཐུགས་ཉམས་སུ་དེ་བཞིན་བཞེས་འཚལ། ཞལ་གཅིག་སྤྱན་གསུམ་ཤེས་རབ་མ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་

p. 35

པས་འཇིགས་བྱེད་དང་དུས་མཚན་མནན་པ་མཆེ་བ་གཙིགས་ཤིང་ཞལ་རྣམ་པར་འགྱུར་བ། རལ་པའི་ཅོད་པན་དང་སྤྱི་གཙུག་ནོར་བུས་བརྒྱན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་དབུ་ལ་སྤྲས་པ་མི་བསྐྱོད་པའི་དབུ་བརྒྱན་ཅན། སུམ་ཁུགས་སུ་འཁྱོག་ཅིང་གྱེས་པའི་ཆ་བྱད་ཅན་གྱི་དར་དཔྱང་གི་ཅོད་པན་གྱིས་མཛེས་པར་བརྒྱན་པ། ཐོད་པའི་ཕྲེང་བའི་ཐོད་ཅན། སྒེག་པ་ལ་སོགས་གར་གྱི་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ན་བཟའ་འཛིན་པའི་མཆོག །མི་མགོ་རློན་པའི་དོ་ཤལ་གྱིས་སྐུ་ལ་བརྒྱན་པ། དྲི་མ་མེད་པའི་འོད་ཀྱི་ཕྲེང་བ་ཅན་ཕྱག་རྒྱ་དྲུག་དང་ལྡན་པའོ། །དེའི་མདུན་དུ་བཅོམ་ལྡན་འདས་མ་དཔལ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་གཞོན་ཞིང་མཛེས་ལ་ལང་ཚོ་དང་ལྡན་མ། ཞལ་གཅིག་སྤྱན་གསུམ་ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་

p. 36

གདུག་པ་ཅན་ཐམས་ཅད་བསྡིག་མ། ཕྱག་གཡོན་ཡབ་ལ་འཁྱུད་ཅིང་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། དཔྲལ་བའི་སྐྲ་མཚམས་སུ་ཐོད་སྐམ་ལྔས་བརྒྱན་པ། དབུ་སྐྲ་ནག་པོའི་ཚོགས་གྲོལ་བ། ནམ་མཁའི་ན་བཟའ་མནབ་པ། ཕྱག་རྒྱ་ལྔ་དང་ལྡན་མ། མི་མགོ་སྐམ་པོའི་ཕྲེང་བ་ཅན། གཡས་ཀྱི་བྱིན་པས་འཁྱུད་ཅིང་གཡོན་བརྐྱང་བས་བདེ་བ་ཆེན་པོའི་བདག་ཉིད་ཅན། དེ་ལྟ་བུ་དང་གཉིས་སུ་མེད་པའི་སྙོམས་པར་ཞུགས་པའི་དགའ་བས་བརྒྱན་པའི་བདག་ཉིད་བཅོམ་ལྡན་འདས་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཆེན་པོ་དང་ལྡན་པའི་བདག་ཉིད་ཅན་དུ་གྱུར་པའི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་གི་མཐའ་གཡོན་བསྐོར་དུ། གསུམ་པ་བཟླས་པ་བྱ་བ་ནི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། རང་བྱིན་གྱིས་རླབས་པའི་

p. 37

མན་ངག་འདི་ལ་ཡེ་ཤེས་པ་འགུགས་གཞུག་དང་། དབང་བསྐུར་རྒྱས་གདབ་ལ་སོགས་པར་མ་ལྟོས་པར། རང་ཡེ་ནས་ཡིན་པ་ལམ་དུ་གསལ་གདབ་ཙ་ན། འདི་ནི་དབང་པོ་ཡང་རབ་ཀྱི་ཆོས་ཡིན་ཞེས་ཨ་བྷྱ་ཡ་ཀ་ར་དང་རྒྭ་ལོ་སོགས་ཀྱིས་གསུངས་པ་ལ་ངེས་ཤེས་བསྐྱེད་པར་བྱ་སྟེ། བདེ་མཆོག་སྡོམ་འབྱུང་གི་ལེའུ་བཅུ་གཅིག་པ་ལས། ཡི་གེ་བདུན་པའི་གསང་སྔགས་ནི། འབུམ་ཕྲག་གསུམ་དུ་བཟླས་པས་འགྲུབ། །ཅེས་དང་། བདེ་མཆོག་སྙན་རྒྱུད་ལས། འཁོར་ལོ་སྡོམ་པའི་གསང་སྔགས་ནི། །འབུམ་ཕྲག་བདུན་དུ་བཟླས་པ་ཡིས། །ས་རྣམས་གཡོ་ཞིང་ལུང་བསྟན་འཐོབ། །ཅེས་དང་། སྔགས་ཀྱི་གྲངས་ལ་ངེས་པ་མེད་པར་ཡང་བཤད་དེ། བདེ་མཆོག་སྡོམ་འབྱུང་གི་ལེའུ་བཅུ་གཅིག་པ་ལས། གྲངས་མེད་སྔགས་ནི་བཟླས་པ་ཡིས། །བླ་ན་མེད་པའི་དགེ་བ་འབྱུང་། །དེ་དག་ངེས་པར་སྤྱོད་པ་ཡིས། །སྒྲུབ་ལ་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས། ཡང་དེ་ཉིད་ཀྱི་ལེའུ་བཅུ་གཅིག་པ་ལས། ཉེ་བའི་སྙིང་པོའི་སྔགས་རྟག་ཏུ། །རྒྱུན་མི་འཆད་པར་བཟླ་ཞིང་བསྒྲུབ། །འཇིག་རྟེན་འཇིག་རྟེན་འདས་དངོས་གྲུབ། །མྱུར་དུ་འགྲུབ་སྟེ་གཞན་དུ་མིན། །ཞེས་གསུངས་སོ། །དེ་ནས་བཟླས་པའི་རིམ་པ་ནི། དངོས་གཞི་ལྷའི་སྐུ་བསྒོམ་པའི་བཟླས་པ་དང་། རྗེས་ཐུན་མཚམས་ཀྱི་བཟླས་པ་དང་གཉིས་སོ། །དང་པོ་ནི། རྡོ་རྗེའི་བཟླས་པ་དང་། འཁོར་བའི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། མཚན་བཅས་ཀྱི་བཟླས་པ་དང་།

p. 38

མཚན་མེད་ཀྱི་བཟླས་པ་རྣམས་སོ། །འཁོར་བའི་བཟླས་པ་ལ། ཞི་བ་ལུགས་འབྱུང་དང་། དྲག་པོ་ལུགས་ལྡོག་གི་བཟླས་པ་རྣམས་བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས། ཤཱཀྱའི་དགེ་སློང་བཀྲ་ཤིས་འབུམ་གྱིས་སྦྱར་བ་ལ་བལྟའོ། །རྗེས་ཐུན་མཚམས་ཀྱི་བཟླས་པ་ནི། ཐུགས་ཀའི་ཧཱུྃ་གི་ཐ་མར་སྔགས་ཀྱི་བསྐོར་་ལ་དམིགས་ནས་བཟླ་གསུངས་པ་དང་། བླ་མ་དཔལ་ཆེན་པོ་ཉིད་ཀྱིས་ནི་རང་ལྷའི་རྣམ་པ་ཉིད་ལ་དམིགས་ནས་བཟླས་པ་མཛད། གསུངས་སོ། །དེ་ཡང་རང་ལུགས་ཀྱི་སློབ་དཔོན་གྱི་གསུང་རྒྱུན་ནི། ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་མཐིང་ནག་ཞབས་ཀྱུ་མདུན་དུ་བསྟན་པའི་མཐའ་གཡོན་བསྐོར་དུ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཅེས་སྔགས་ཕྲེང་དཀར་པོའི་འོད་ཟེར་འཕྲོས། ལུས་ཀྱི་ནང་ཁེངས། སྡིག་སྒྲིབ་དག །ནད་གདོན་ཐམས་ཅད་ཞི་བར་བྱས། འོད་ཟེར་དཀར་པོའི་རྣམ་པར་སྣ་བུག་གཡས་ནས་ཐོན་ཏེ། ཕྱོགས་བཅུར་འཕྲོས་པས་རྒྱལ་བ་ཐམས་ཅད་ཀྱི་སྤྱན་ལམ་དུ་མཆོད་པའི་སྤྲིན་ཕུང་དུ་གྱུར་ནས་མཉེས་པའི་མཆོད་པ་ཕུལ། སླར་ཚུར་འདུས་ཏེ་ཞི་བའི་དངོས་གྲུབ་ཀྱི་ཚུལ་དུ་སྣ་བུག་གཡོན་དུ་ཞུགས། ཞི་བའི་ལས་སྒྲུབ་པའི་ནུས་པ་ཅན་དུ་བསམ། ཡང་འོད་ཟེར་སྣ་བུག་གཡས་ནས་ཐོན་ཏེ་ཕྱོགས་བཅུར་འཕྲོས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྣ་བུག་གཡོན་དུ་ཞུགས། སྡིག་སྒྲིབ་ཐམས་ཅད་སྦྱངས། ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱས། སྐད་ཅིག་གིས་

p. 39

འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུར་ཀྲོང་གིས་གྱུར་ཏེ་སྣ་བུག་གཡོན་ནས་ཚུར་ཐོན། རང་གི་སྣ་བུག་གཡས་སུ་ཞུགས་པས་ནད་གདོན་སྡིག་སྒྲིབ་མི་མཐུན་པ་ཐམས་ཅད་ཞི་བར་བསམས་ལ་མ་ཡེངས་པར་བཟླས་སོ། །དེ་ལ་ཅུང་ཟད་བློ་འབྱོངས་ནས། འོད་ཟེར་དེ་ཉིད་སྔགས་འཁོར་གྱི་རྣམ་པར་སྤྲོ་ཞིང་བསྡུ་བ་ཁྱད་ཆོས་སོ། །ལས་བཞི་ཀ་ལ་འདི་སྦྱར་རོ། །འདི་ནི་ཞི་བའི་དམིགས་པ་ཐུན་དང་པོ་ལ་བྱ་བ་ཉིད་དོ། །དེ་ནས་ཐུན་གཉིས་པ་ལ། རྒྱས་པའི་དམིགས་པ་སྦྱར་བ་ནི། གཞན་ཐམས་ཅད་གོང་དང་མཚུངས་པ་ལས། སྔགས་འཁོར་སེར་པོ་ལས་འོད་ཟེར་སེར་པོའི་རྣམ་པ་འཕྲོས། རྒྱལ་བ་ཐམས་ཅད་མཆོད། རྒྱས་པའི་དངོས་གྲུབ་ཀྱི་ཚུལ་དུ་རང་གི་སྣ་བུག་གཡོན་དུ་ཞུགས། རྒྱས་པའི་ལས་སྒྲུབ་པའི་ནུས་པ་ཅན་དུ་བསམ། སླར་སྣ་བུག་གཡས་ནས་ཐོན་ཏེ་སེམས་ཅན་གྱི་སྣ་བུག་གཡོན་དུ་ཞུགས། སྡིག་སྒྲིབ་སྦྱངས། ཚེ་བསོད་ནམས་ཐམས་ཅད་རྒྱས་པར་བསམ། སྣ་བུག་གཡས་ནས་ཐོན། རང་གི་སྣ་བུག་གཡོན་ཏུ་ཞུགས་པས་ཚེ་བསོད་ནམས་དཔལ་དང་གྲགས་པ་ཉམས་རྟོགས་གཟི་བརྗིད་འབྱོར་པ་མ་ལུས་པར་བསྡུས་པ་ནི་རྒྱས་པའི་ཁྱད་པར་རོ། །བདག་གཞན་གྱི་སྡིག་སྒྲིབ་སྦྱངས་པ་ནི་ལས་བཞི་ཀ་ལ་སྦྱར་རོ། །ཐུན་གསུམ་པ་ལ། དབང་གི་ལས་སྒྲུབ་པ་ནི། གཞན་གོང་ལྟ་བུ་ལ་སྔགས་ཕྲེང་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས་ལུས་ཁེངས། སྡིག་སྒྲིབ་དག །སྣ་བུག་གཡས་ནས་སྤྲོ་ཞིང་རྒྱལ་བ་མཆོད། དབང་གི་

p. 40

དངོས་གྲུབ་ཀྱི་ཚུལ་དུ་བསྡུས། དབང་གི་ལས་སྒྲུབ་པའི་ནུས་པ་ཅན་དུ་བསམ། ཡང་གཡས་ནས་སྤྲོ་ཞིང་སེམས་ཅན་གྱི་སྣ་བུག་གཡོན་དུ་ཞུགས། སྡིག་སྒྲིབ་སྦྱངས། བདེ་མཆོག་གི་སྐུར་གྱུར། ཚེ་བསོད་ནམས་དཔལ་འབྱོར་བ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་སྣ་བུག་གཡས་ནས་ཐོན། རང་གི་སྣ་བུག་གཡོན་ནས་ཞུགས། སྣང་སྲིད་ཐམས་ཅད་དབང་དུ་འདུས་པར་བསམ་པ་ནི་དབང་གི་ཁྱད་པར་རོ། །ཐུན་བཞི་པ་ལ། དྲག་པོའི་འོད་ཟེར་སྤྲོ་བསྡུ་བྱ་བ་ནི། གཞན་གོང་ལྟར་རོ། །སྔགས་ཕྲེང་ནག་པོ་ལས་འོད་ཟེར་ནག་པོ་འཕྲོས། ལུས་ཀྱི་ནང་ཁེངས། སྡིག་སྒྲིབ་ཐམས་ཅད་ཚར་བཅད། སྣ་བུག་གཡས་ནས་འཕྲོས། རྒྱལ་བ་མཆོད། དྲག་པོའི་དངོས་གྲུབ་བསྡུ། དྲག་པོའི་ལས་སྒྲུབ་པའི་མཐུ་དང་ལྡན་པར་བསམ། ཡང་འོད་ཟེར་གྱིས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། བསྟན་པ་དང་སེམས་ཅན་ལ་གནོད་པ་དང་། སྒྲུབ་པའི་བར་ཆད་ཐམས་ཅད་ཚར་བཅད། སླར་ཚུར་འདུས་ཤིང་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཚར་བཅད་པ་ནི་དྲག་པོའི་ཁྱད་པར་རོ། །བཞི་པ་ཐུན་བསྡུ་བ་ནི། ཞེས་དམིགས་པ་གསལ་བས་ཅི་ནུས་བཟླས་པའི་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབས་ནས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བཀའ་དྲིན་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཨོཾ་བཛྲ་ཧེ་རུ་ཀ་སོགས་

p. 41

བརྗོད། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བསྲུང་བའི་འཁོར་ལོ་ལ་ཐིམ། བསྲུང་བའི་འཁོར་ལོ་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཐུགས་ཀའི་ཧཱུྃ་ལ་ཐིམ། ཞབས་ཀྱུ་འ་ལ་ཐིམ། འ་ཧ་ལ་ཐིམ། ཧ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་དའང་དོན་དམ་པའི་སྟོང་པ་ཉིད་དོ། །ལྔ་པ་སྐད་ཅིག་སླར་ལྡང་བ་ནི། སླར་ཡང་དེ་ཉིད་ཀྱི་ངང་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་རང་བཞིན་དུ་གྱུར། དྲུག་པ་གཏོར་མ་བྱིན་གྱིས་བརླབ་པ་ནི། བདེ་མཆོག་སྡོམ་འབྱུང་གི་ལེའུ་བཅུ་གཉིས་པ་ལས། ཆང་དང་གཏོར་མ་མེད་པར་ནི། །ལས་རྣམས་མྱུར་དུ་འགྲུབ་མི་འགྱུར། །དེས་ན་གཏོར་མ་རབ་བསྔགས་ཏེ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །དེ་ཉིད་ཀྱི་ལེའུ་བཅུ་གཉིས་པར། རྣམ་པར་སྦྱང་བར་བྱ་སྟེ། དེ་ལ་མདུན་དུ་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཡི་

p. 42

གེ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར། དེར་ཡི་གེ་ཨཱཿདཀར་པོ་ལས་བྱུང་བའི་པདྨའི་སྣོད་ཐོད་པ་གསུམ་གྱི་སྒྱེད་པུ་ལ་གནས་པ། དེ་ཡི་ནང་གི་བཟའ་བ་ལ་སོགས་པ་རྣམས་ལ་ཨོཾ་ཨཱཿཧཱུྃ་ཏྲཱཾ་ཁཾ་ཧཱུྃ། ལཾ་མཾ་པཾ་ཏཾ་གྱི་ཡི་གེ་ལས་བྱུང་བའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་གཟུགས་ཀྱིས་བྱིན་བརླབ་ལ། རླུང་གིས་བསྐྱོད་པས་མེ་རབ་ཏུ་འབར་ཏེ་བསྐོལ་བ་ལས་ས་བོན་གྱི་ཡི་གེ་ལ་སོགས་པ་ཞུ་སྟེ་ཉི་མ་འཆར་ཁ་ལྟ་བུའི་བཅུད་ཀྱི་གཟུགས་སུ་བལྟས་ལ། དེའི་སྟེང་དུ་དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་བདུད་རྩིའི་རང་བཞིན་ཅན་ཐུར་དུ་བབ་པ་རྣམས་ཞུ་བར་བསམས་ཏེ། དེ་བཅུད་ཀྱི་རང་བཞིན་དུ་རོ་གཅིག་པར་བལྟས་ལ། ཞེས་དང་། རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་དུར་ཁྲོད་རྒྱན་ལས། ཐུན་མཚམས་ལྷ་ཡི་མདུན་ཉིད་དུ། །རཾ་ལས་མེ་དང་ཡཾ་ལས་རླུང་། །སྒྱེད་གསུམ་ཨ་ལས་དུམ་གཅིག་པ། །ནང་དུ་བདུད་རྩི་ཤ་ལྔ་ལས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས། །ལྷ་རྣམས་མཉེས་པར་བྱེད་པ་དང་། །མཁའ་འགྲོ་དགྱེས་པར་བྱེད་པའོ། །ཞེས་གསུངས་པས། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གཏོར་མ་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་

p. 43

ལ་ནང་དམར་བ། དཔྲལ་བ་རང་ལ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དབུས་སུ་ན་ལས་མིའི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་རླུང་གཡོས། མེ་སྦར། ཐོད་པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བའི་སྟེང་གི་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལས་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་ལྟ་བ། དེའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཁ་ཊྭཱཾ་ག་ཡི་གེ་གསུམ་ཟླ་བ་རྣམས་

p. 44

འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཕེཾ་ཕེཾ་ཕེཾ། གཏོར་མགྲོན་སྤྱན་འདྲེན་པ་ལ། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ། སྔགས་ནི་ཕེཾ་གསུམ་བརྗོད་པའོ། །ཕྱག་རྒྱ་ནི། བདེ་མཆོག་སྡོམ་འབྱུང་གི་ལེའུ་བཅུ་གཉིས་པར། མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །དེ་ནི་དཔྲལ་བའི་དབུས་སུ་ངེས་བཞག་ནས། །བསྐོར་ཞིང་བསྐོར་བར་ཡང་ཡང་བསྐོར་བར་བྱ། །ཞེས་དང་། དེ་ཉིད་ཀྱི་ལེའུ་བཅུ་གཉིས་པར། རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕེཾ་གྱིས་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཞེས་གསུངས་སོ། །ཏིང་ངེ་འཛིན་ནི། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་མདུན་གྱི་ནམ་མཁར་འུར་གྱིས་བྱོན་པར་བསམ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྡོམ་འབྱུང་ལས། ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། སྦྱང་བ་དང་ནི་རྟོགས་བྱ་ནི། །ཡི་གེ་ཧས་ནི་ཁ་དོག་ངན་པ་འཕྲོག །ཧོཿཡིས་དྲི་ནི་ངན་པ་འཇོམས་པ་སྟེ། །ཡི་གེ་ཧྲཱིཿཡིས་ནུས་པ་བཅོམ། །བདུད་རྩིའི་རྣམ་པ་བརྟན་པར་བྱ། །བདུན་པ་གཏོར་མགྲོན་སྤྱན་འདྲེན་ནི། གཏོར་མའི་སྟེང་གི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་

p. 45

སྒོ་བཞི་རྒྱན་རྟ་བབ་བང་རིམ་མཚན་ཉིད་ཐམས་ཅད་ཡོངས་སུ་རྗོགས་པའི་དབུས་སུ་ཆུ་སྐྱེས་དང་ཉི་མའི་གདན་ལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ། ལྷ་ཚོགས་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་དང་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ ན་མོ་གུ་རུ། རྟོག་མེད་སྤྲོས་བྲལ་ཆོས་དབྱིངས་ཆོས་ཀྱི་ཕོ་བྲང་ནས། །འདས་དང་མ་བྱོན་ད་ལྟ་

p. 46

དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་བཀའ་དྲིན་ཅན། །ཐུགས་རྗེའི་སྨོན་ལམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་མཆོག །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུད་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་ལྟ་བུར་གར་དམིགས་དེར་གསལ་བ། །བདུད་དཔུང་འཇོམས་མཛད་བཅོམ་ལྡན་ཧེ་རུ་ཀ །བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་རྣམས། །བདག་གི་དད་པས་དེང་འདིར་སྤྱན་འདྲེན་ན། །དམིགས་མེད་ཐུགས་རྗེའི་དབང་གིས་འདིར་གསལ་མཛོད། །བརྒྱད་པ་བླ་མ་བརྒྱུད་པའི་རིམ་པ་ལ་འབུལ་བ་ནི། ན་མོ་གུ་རུ། མཆོད་དོ། །འབུལ་ལོ། །མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་མངའ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་

p. 47

དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ཆེན་པོ་འབའ་རོམ་པ། འགྲོ་བའི་མགོན་པོ་ཏི་ཤྲི་རས་པ། གསང་བ་རས་པ་དཀར་པོ། གསང་བ་ལུས་མེད་རྡོ་རྗེ། བླ་མ་བྱང་ཆུབ་གཞོན་ནུ། རས་པ་བློ་གྲོས་རྡོ་རྗེ། ལྷ་རས་པ་བརྩོན་འགྲུས་དཔལ་བ། འཇམ་དབྱངས་ཀེ་རུ་ཀིརྟི། མཚན་ལྡན་པུཎྱེ་བྷ་དྲ། རཏྣ་བྷ་དྲ། པུཎྱེ་ཤྭ་ར། དྷརྨཱ་རསྨི། ཨ་ནནྟ་གརྦྷ། ཨ་ནནྟ་ས་མུ་དྲ། ཤཱ་ས་དྷཱ་ར་བྷ་དྲ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། སྐྱོ་བྲག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་

p. 48

དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱངས། གསལ་བྱེད་ཆོས་འགྲུས་སེངྒེ། ཀརྨ་ཚོགས་གཉིས་འོད་ཟེར། གསང་བདག་བདུད་འཇོམས་རྡོ་རྗེ། ཀརྨ་བསྟན་འཛིན་ཆོས་འཕེལ། ཀརྨ་བཀའ་བརྒྱུད་བཀྲ་ཤིས། དུང་དཀར་ཐེག་མཆོག་འོད་ཟེར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། བདེ་མཆོག་གི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པཎྜི་ཏ་ཨ་བྷྱ་ཀ་ར་གུཔྟ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ་ཙཱ། བདེ་བར་གཤེགས་པ་ཕག་མོ་གྲུ་པ།

p. 49

འབྲི་གུང་འཇིག་རྟེན་གསུམ་མགོན། མཁན་པོ་ཚུལ་རྡོར། རྒྱལ་བཟང་སྒང་པ། ཛྙཱ་ན་བོ་དྷི། བླ་མ་གཡུང་རི་བ། རྡོ་རྗེ་གདན་པ། རིན་ཆེན་དབང་ཕྱུག །ཏྲེ་བོ་བྱང་ཡེ་བ། བླ་མ་རིན་གཞོན། འབའ་རོམ་སེང་གེ་དཔལ། ཆོས་རྗེ་རིན་ཆེན་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་རྒྱལ་པོ། ཨ་ནནྟ་སེང་ཧ། དྷརྨཱ་རསྨི། ཨ་ནནྟ་གརྦྷ། ཨ་ནནྟ་ས་མུ་དྲ། ཤཱ་ས་དྷཱ་ར་བྷ་དྲ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། འདྲེན་མཆོག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་པའི་སྙིང་པོ་བསྟན་འཛིན་རྣམ་རྒྱལ། དོན་དམ་འཇིགས་བྲལ་དབང་པོ། ཀརྨ་ཆོས་སྐྱོང་འགྱུར་མེད། འཇིགས་མེད་ཞི་

p. 50

བའི་གོ་ཆ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། མགོན་པོའི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། མགོན་པོ་ཀླུ་སྒྲུབ། ཨརྱ་དེ་ཝ། རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་ཆུང་བ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ། བླ་མ་ཨ་སེང་། འགྲོ་མགོན་ཕག་མོ་གྲུ་པ། སྟག་ལུང་ཐང་པ་ཆེན་པོ། སངས་རྒྱས་སྒོམ་པ། བླ་མ་མཁས་པ། ཆོས་རྗེ་མངྒ་ལ་གུ་རུ། སངས་རྒྱས་དཔལ་བཟང་། རཏྣ་གུ་རུ། རཏྣ་ཀ་ར། རིན་ཆེན་དཔལ་བཟང་། འབར་རིན་ཆེན་སེང་གེ། འབར་སྨོན་ལམ་དཔལ་འབྱོར། ཆོས་རྗེ་ངག་དབང་གྲགས་པ། ངག་དབང་

p. 51

ཆོས་ཀྱི་རྒྱལ་པོ། ཞབས་དྲུང་ཀུན་དགའ་བཀྲ་ཤིས། སྐྱོ་བྲག་བསྟན་འཛིན་བཟང་པོ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། འདྲེན་མཆོག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱངས། གསལ་བྱེད་ཆོས་འགྲུབ་སེང་གེ། ཀརྨ་ཚོགས་གཉིས་འོད་ཟེར། འདྲེན་མཆོག་ཤྲཱི་བྷ་དྲ། སྒོམ་ལམ་ས་བཅུའི་འོད་ཟེར། ཀརྨ་བཀའ་བརྒྱུད་བཀྲ་ཤིས། གསལ་བྱེད་ངེས་དོན་བློ་གྲོས་རབ་རྒྱས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་འཁོར་མཐའ་

p. 52

དང་བྲལ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། དཔལ་ལྡན་ལྷ་མོའི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་མ་ཏཾ་གི། རྗེ་བཙུན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། མངའ་བདག་མར་པ་ལོ་ཙཱ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས་པ། སྤྱན་སྔ་ལུས་མེད་རྡོ་རྗེ། ལྷ་ཆེན་ཚུལ་ཁྲིམས་སེང་གེ། ཚུལ་ཁྲིམས་ཡེ་ཤེས། ཚུལ་ཁྲིམས་རྒྱལ་མཚན། ཚུལ་ཁྲིམས་གྲགས་པ། བླ་མ་སངས་རྒྱས་གྲགས་པ། ཀུན་དགའ་སེང་གེ། ཀུན་དགའ་རྒྱལ་མཚན། སྐྱོ་བྲག་བསྟན་འཛིན་བཟང་པོ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། འདྲེན་མཆོག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ།

p. 53

དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱངས། གསལ་བྱེད་ཆོས་འགྲུབ་སེང་གེ། ཀརྨ་ཚོགས་གཉིས་འོད་ཟེར། འདྲེན་མཆོག་ཤྲཱི་བྷ་དྲ། སྒོམ་ལམ་ས་བཅུའི་འོད་ཟེར། ཀརྨ་བཀའ་བརྒྱུད་བཀྲ་ཤིས། གསལ་བྱེད་ངེས་དོན་བློ་གྲོས་རབ་རྒྱས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ། རིག་འཛིན་བརྡ་བརྒྱུད་ཀྱི་བླ་མ། གང་ཟག་སྙན་བརྒྱུད་ཀྱི་བླ་མ། གཏེར་ཆོས་སྨོན་

p. 54

ལམ་བརྒྱུད་པའི་བླ་མ། མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་བླ་མ། གྲུབ་ཐོབ་རྣལ་འབྱོར་བརྒྱུད་པའི་བླ་མ། བཀའ་བརྒྱུད་ཕྱི་ཡི་བླ་མ། སྒྲུབ་བརྒྱུད་ནང་གི་བླ་མ། ཡང་དག་དོན་གྱི་བླ་མ། གཅིག་ལྡན། གཉིས་ལྡན། གསུམ་ལྡན། ཕྱག་ཆེན། གཅོད་ཡུལ། ཞི་བྱེད། རྫོགས་ཆེན། ལམ་འབྲས། ཆོས་དྲུག་ལ་སོགས་དབང་ཁྲིད་ཆོས་གསུམ་ཐོབ་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་བདུད་རྩིའི་མཆོད་པ། མཆོད་པའི་དངོས་པོ་ཕུན་སུམ་ཚོགས་པ་འདི་འབུལ་ལོ། །བཞེས་ནས་བདག་ཅག་གི་རྩ་བ་དང་ཡན་ལག་གི་དམ་ཚིག་ཆག་ཉམས་ཉེས་ལྟུང་དྲི་མའི་ཚོགས་རྣམས་བྱང་ཞིང་དག་པ་དང་། དབང་དང་བྱིན་རླབས་དངོས་གྲུབ་རྣམས་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པའི་རྣམ་པའི་འོད་ཟེར་གྱི་སྦུ་གུས་གསོལ་བར་གྱུར།

p. 55

དགུ་པ་ཡི་དམ་ལ་འབུལ་བའི་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གསུམ། སྔགས་ནི་བཛྲ་ཨ་ར་ལི་ཧོ་སོགས། ཕྱག་རྒྱ་ནི། པད་ཀོར་སྔོན་དུ་འགྲོ་བའི་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི། ཏིང་ངེ་འཛིན་ནི། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱིས་གཙོར་བྱས་པའི་ཡེ་ཤེས་པ་ལ་འབུལ་བར་བསམ་ལ། ཨོཾ་བཛྲ་ཨ་ར་ལི་ཧོ་ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ གསུམ་གྱིས་ཕུལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བྷ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་ནི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ལཱ་མ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ཎི་ཡེ་ཧུྃ་ཧཱུྃ་ཕཊ། ལཾ་མཾ་པཾ་ཏཾ། པཱུ་ཛ་ཨཽ་ཨ་གོ་རཱ་དེ་མཱ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲེ་གྲི་སཽ་སུ་ན་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག །བདེ་ཆེན་གྱི་འཁོར་ལོ། ཐུགས་ཀྱི་འཁོར་ལོ།

p. 56

གསུང་གི་འཁོར་ལོ། དམ་ཚིག་གི་འཁོར་ལོ། འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། གཉིས་མེད་དུས་ཀྱི་འཁོར་ལོ། སྙིང་པོ་ཀྱཻ་རྡོ་རྗེ་རྣམས་ཀྱི་ཞལ་དུ་ཨི་དཾ་སོགས། ཨོཾ་ཨཱཿཧཱུྃ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། རྒྱལ་བ་ཤཱཀྱ་ཐུབ་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨི་དཾ༴ ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ༴ ཨོཾ་ཝཱ་གཱི་ཤྭ་རི་མུཾ། འཕགས་པ་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ལྷ་ཚོགས༴ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ རྒྱལ་བ་རིགས་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ ཨོཾ་གུ་རུ་ཨཱཿཡུ་སིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། མགོན་པོ་ཚེ་དང་ཡེ་ཤེས་

p. 57

དཔག་ཏུ་མེད་པ་འཁོར་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཞལ་དུ༴ ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ། ཡ་མནྟ་ཀ་ཧཱུྃ་ཕཊ། འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ༴ ཨོཾ་ཨཱཿཧཱུྃ་བཾ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ་ཕཊ། མ་ལབ་ཀྱི་སྒྲོན་མ་འཁོར་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དཔལ་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿ རཿཡཿཕཊཿ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ༴ ན་མཿཙཎྜ་མ་ཧཱ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། རྡོ་རྗེ་རྣམ་པར་འཇོམས་པ་ཡེ་ཤེས་ཀྱི་ཁྲོ་བོ་བཅུ། ཕྲིན་ལས་ཀྱི་སྒོ་མ་བཞི། རྡོ་རྗེའི་ཕོ་ཉ་མོ་དྲུག་ཅུ་རྩ་བཞིའི་ལྷ་ཚོགས་

p. 58

རྣམས་ཀྱི་ཞལ་དུ༴ ཧ་ཀྵ་མ་ལ་ཝ་ར་ཡྃ། དཔལ་ལྡན་དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ ཨོཾ་ཨཱཿཧཱུྃ། གཞན་ཡང་ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་སྔགས་གསར་སྙིང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང༴ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་སྩལ་བར་མཛད་དུ་གསོལ། བཅུ་པ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ནི། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་འདོན་པ་བསྒྱུར་ལ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྟ་སོགས་པས་མཆོད། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་

p. 59

ཨཱཿཧཱུྃ། ཨོཾ་ཌཱ་ཀི་ནི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ། ཨོཾ་ལཱ་མ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ། ཨོཾ་རཱུ་པི་ཎི་ཡེ་ཧཱུཾ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ། ལཾ་མཾ་པཾ་ཏཾ། པཱུ་ཛ་ཨོ་ཨ་གོ་རཱ་དེ་མ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲེ་གྲི་སོ་སུ་ན་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཧཱུྃ། ཡབ་ཀྱི་གསང་བའི་གནས་མི་དམིགས་པ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། བུ་ག་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་མི་དམིགས་ཏེ། ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿཡིས་མཚན་པ། བུ་ག་ཕཊ་ཀྱིས་བཀག་པར་བསམ་ལ། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ཆེན་པོ་དང་གཉིས་སུ་མེད་པའི་ཟུང་འཇུག་གི་ཉམས་མྱོང་སྐྱོང་། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་གཉིས་སུ་མེད་པའི་རང་བཞིན་ཅན་ནོ། །བཅུ་གཅིག་པ་བསྟོད་པ་ནི། ཧཱུྃ། གང་གི་དྲིན་

p. 60

གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར། །བླ་མའི་ཞབས་ཀྱི་པདྨོར་འདུད། །འཇིགས་པ་མེད་པ་རྡོ་རྗེའི་སྐུ། །འགག་པ་མེད་པ་རྡོ་རྗེའི་གསུང་། །སྐྱེ་འཇིག་མེད་པ་རྡོ་རྗེའི་ཐུགས། །རྡོ་རྗེའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཨོཾ། བཅོམ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །བསྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །དབུ་ལ་སྤྱན་གསུམ་གཟི་བརྗིད་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ཁ་ཊྭཱཾ་མདུང་རྩེ་བསྣམས། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཁ་བགེགས་འདུལ་མཛད་ལ་

p. 61

འདུད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེའི་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་མ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །སྲིད་དང་ཞི་བ་མཉམ་སྦྱོར་ཀུན་ཏུ་རྟོག་པའི་རླབས་བཅོམ་པ། །དངོས་པོ་ཐ་དད་ནམ་མཁའ་ལྟ་བུར་དེ་ཉིད་ཁོ་ནར་གཟིགས། །མགོན་པོ་ཤིན་ཏུ་ཕུལ་བྱུང་ཐུགས་རྗེའི་ཆུ་རྒྱས་སེམས་ཀྱི་ཆུས། །ལྷ་མོ་རྣམས་ཀྱིས་ཤིན་ཏུ་བརྩེ་བས་བདག་ལ་རྗེས་བརྩེར་མཛོད། །དེ་ཉིད་དུ་ནི་དངོས་ཀུན་མཁའ་ལྟར་གཟིགས་གྱུར་ཅིང་། །ཐུགས་ཀྱི་པདྨོ་དམ་པ་མཆོག་གི་

p. 62

ཆུ་རྒྱས་པ། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་བརྩེར་དགོངས་མཛོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བཅུ་གཉིས་དུར་ཁྲོད་བརྒྱད་ཀྱི་ལྷ་ལ་འབུལ་བ་ནི། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དུར་ཁྲོད་བརྒྱད་ཀྱི་ལྷ་རྣམས་འོད་གསལ་གྱི་ངང་དུ་ཞུ་ནས་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུར་གསལ་བར་གྱུར། ཕེཾ་ཕེཾ་ཕེཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུཏྨ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུ་ཛྫ་ཐ། ཛི་གྷྲ་ཐ། པི་པ་ཐ། མ་ཏི་པྲ་མ་ཐ། མ་མ་སརྦ་ཀརྟ་ཡཱ་སཏྶུ་ཁཾ་བི་ཤུདྡྷེ་ཡེ་ས་ཧ་ཡི་ཀཾ་བྷ་ཝནྟུ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་

p. 63

འབུལ། ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ། བཅུ་གསུམ་པ་ཕྲིན་ལས་བཅོལ་བ་ནི། བླ་མར་བརྒྱུད་པ་འཁོར་དང་བཅས། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དཔའ་བོ་མཁའ་འགྲོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་

p. 64

ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བཅུ་བཞི་པ་ཚོགས་འཁོར་དང་། བཅོ་ལྔ་པ་ལྷག་མ་རྣམས་འོག་ནས་འབྱུང་བ་ལྟར་རོ། །༈ རྗེས་ཆོག་རྣམ་གྲངས་བཅུ་ཡིས་བསྟན་པ་སྟེ། བཟོད་གསོལ་ལྷག་ཆད་བསྐང་ཞིང་དགེ་རྩ་བསྔོ། །གཤེགས་སམ་རྟེན་བཞུགས་བཀྲ་ཤིས་སྨོན་ལམ་འདེབས། །ཁ་ཟས་རྣལ་འབྱོར་འོད་གསལ་འཇུག་དང་ལྡང་། །དང་པོ་རྗེས་ཀྱི་བཟོད་གསོལ་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །གཉིས་པ་ལྷག་ཆད་ཁ་བསྐང་ནི། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན། ཧེ་རུ་ཀ་མ་མེ་མུཉྩ། ཧེ་རུ་ཀོ྅་བྷ་ཝ་མ་ཧཱ་ས་མ་ཡ་ས་

p. 65

ཏྭ་ཨཱཿ གསུམ་པ་དགེ་རྩ་བསྔོ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །འཁོར་ལོ་བདེ་མཆོག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཞི་པ་གཤེགས་གསོལ་ནི། མཆོད་ཡུལ་དུ་སྤྱན་དྲངས་པའི་ལྷ་ཚོགས་རྣམས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ལྔ་པ་བརྟན་བཞུགས་ནི། བྲིས་སྐུ་བླུགས་སྐུ་སོགས་ཡོད་ན། མཆོད་ཡུལ་དུ་སྤྱན་དྲངས་པའི་ལྷ་ཚོགས་རྣམས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་

p. 66

བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། དྲུག་པ་བཀྲ་ཤིས་ནི། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་ཞིང་། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བདུན་པ་སྨོན་ལམ་ནི། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སྲིད་གསུམ་འབར་བའི་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་པ་སྐུ་དང་ཆ་ལུགས་རྗེས་ཆགས་དུལ་བར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །བརྒྱད་པ་ཁ་ཟས་ཀྱི་རྣལ་འབྱོར་ནི།

p. 67

སྐབས་སུ་བཟའ་བཏུང་གི་དུས་སུ་བདག་གི་མགྲིན་པར་རྩ་བརྒྱུད་ཀྱི་བླ་མ། སྙིང་གར་ཡི་དམ་ལྷ་ཚོགས། ལྟེ་བར་མཁའ་འགྲོ་ཆོས་སྐྱོང་། རྩ་ཐམས་ཅད་དཔའ་བོ། ཁམས་ཐམས་ཅད་དཔའ་མོར་བསྒོམས་ཏེ་ལོངས་སྤྱད་པས། ཐམས་ཅད་མཉེས་ཏེ་དབང་དང་དངོས་གྲུབ་ཐོབ་པར་བསམ་མོ། །དགུ་པ་ཉལ་བའི་རྣལ་འབྱོར་ནི། ནུབ་མོ་ཉལ་བའི་ཚེ། རྨི་ལམ་དང་འོད་གསལ་ཟུང་འཇུག་ཏུ་བསྲེ་བའི་མན་ངག་གོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ངང་ནས་ཉལ་ལོ། །བཅུ་པ་ལྡང་བའི་རྣལ་འབྱོར་ནི། ཐོ་རངས་ནམ་མཁའ་ལ་ཌཱ་མ་རུ་ཡི་སྒྲ་ཡི་གེ་བདུན་པར་གྲགས་པས་གཉིད་བསླང་བར་བསམ་སྟེ་ལངས་ནས། སྐད་ཅིག་གིས་ཟུང་འཇུག་གི་སྐུར་ཀྲོང་གིས་བཞེངས་ནས་སྔར་བཤད་པ་རྣམས་བྱ་བ་ཉིད་དོ། །བདེ་མཆོག་ཁོ་ན་བསྒྲུབ་དུས། ས་བཅད་འོག་མའི་ཚོགས་ལྷག་མ། དཀར་གཏོར་རྣམས་ས་བཅད་མ་སྟོང་ཙམ་བྱ། རྒྱས་པར་ནི་མགོན་པོའི་གཞུང་ནས་གསལ་བས་དེ་ལྟར་དགོངས་མཛོད། སརྦ་མངྒ་ལཾ། །དགེའོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ལས་འགྲིགས་བང་མཛོད་ནོར་བུའི་ཕྲེང་བ། སྐྱོ་བྲག་ཀརྨ་ཡེ་ཤེས།

p. 68
p. 69

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ལས་འགྲིགས་བང་མཛོད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

p. 70

བླ་མ་ཧེ་རུ་ཀ་དཔལ་དང་། །ཁྲག་འཐུང་རྒྱལ་པོ་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་འདུད། །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །བསྟན་པ་སྲུང་ཞིང་བར་ཆད་སེལ། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། །གནད་ཀྱི་མན་ངག་བྲི་བར་བྱ། །རྡོ་རྗེ་མགོན་པོ་བྱ་རོག་མཚན་ཅན་གྱི། །ལས་འགྲིགས་བང་མཛོད་ནོར་བུའི་ཕྲེང་བ་ལས། །གནས་ལུགས་རང་བཞིན་མགོན་པོའི་བཞུགས་ཚུལ་དང་། །བསྒྲུབ་བྱ་ལམ་གྱི་མགོན་པོ་འཆད་པ་དང་། །ལྷུན་གྲུབ་འབྲས་བུའི་མགོན་པོ་བསྟན་པའོ། །དང་པོ་ལ་བརྒྱད་དེ། ཐུགས་རྒྱུད་ཡེ་ཤེས་པའི་ཚུལ་དང་། ལམ་རྒྱུད་འཕགས་པས་བསྡུས་ཚུལ་དང་། འཇིག་རྟེན་སྨོན་ལམ་གྱིས་བསྡུས་ཚུལ་དང་། བྱ་རོག་ཅེས་པའི་མཚན་དོན། བཀའ་དག་པ་སངས་རྒྱས་ནས་བརྒྱུད་ཚུལ། བྱིན་རླབས་མཁའ་འགྲོ་ལས་

p. 71

བརྒྱུད་ཚུལ། ལུང་བསྟན་གཏེར་ནས་འབྱུང་ཚུལ་དང་། དུས་གསུམ་བསྟན་པ་སྲུང་ཚུལ་ལོ། །དང་པོ་ནི། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། སྔོན་འདས་པའི་དུས་ན། བསྐལ་པ་དང་པོ་རྣམ་པར་འཁྲུག་པ་ཞེས་བྱ་བ་ལ། སངས་རྒྱས་ཞི་བའི་འོད་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དེ་ཡི་བསྟན་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས། བདུད་ཀྱི་རྒྱལ་པོའི་སྤྲུལ་པ་དབང་ཕྱུག་མ་ཧཱ་དེ་ཝ་དང་། ལྷ་མོ་ཨུ་མ་དེ་བ་སྤྲུལ་ནས། དེ་གཉིས་ཡང་འཇིགས་བྱེད་དང་དུས་མཚན་མ་གཉིས་སུ་སྤྲུལ་ནས། དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་གསོད་པའི་ལས་བྱེད་ཅིང་། བརླག་པར་བྱས་ནས་སྟོངས་པ་ལ་ཐུག་པའི་ཚེ། སངས་རྒྱས་ཞི་བའི་འོད་ཀྱིས་བདུད་པོ་དག་བཏུལ་ཀྱང་མ་ཐུལ་བས། དཔལ་བདེ་བ་ཆེན་པོའི་བདུད་འདུལ་བའི་ཆོ་འཕྲུལ་གྱིས་ལྷ་མོ་ཨུ་མ་དེ་བ་ལ་དགྱེས་པའི་གད་མོ་བཅུ་གཉིས་

p. 72

ཀྱིས་སྦྱོར་བ་བྱས་པས། དེ་དག་ལ་རྡོ་རྗེ་སྲིན་པོ་རབ་ཏུ་འཇིགས་པ་དག་སྐྱེས་པར་གྱུར་ཏེ། དེ་ཡི་ཚེ་ན་འཇིག་རྟེན་ཐམས་ཅད་ལྡེག་ཅིང་འགུལ་བར་གྱུར་པ་ལས། བདུད་དགའ་རབ་དབང་ཕྱུག་ཡིད་འཁྲུགས་པར་གྱུར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་ལ་ཞུགས་ཏེ། ལྷ་མ་ཡིན་གྱི་དམག་བསྡུས་ནས་ཐོག་དང་། སེར་བ་དང་། འབྲུག་དང་། དྲག་པོའི་ཆོ་འཕྲུལ་ཆེན་པོ་བཅུ་དྲུག་གིས་སྲིད་པ་གསུམ་འགུལ་ཤིག་ཤིག་བྱེད་པ་ན། དེ་ཡི་ཚེ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་ལས། བདུད་ཞལ་བཞི་ནས་དྲག་པོའི་སྐུ་ཕྱུང་བས། དེ་འདུལ་བ་ལ་གསང་བའི་ལྷ་མོ་བཞིར་སྤྲུལ། ཁོའི་སྤྱན་ལ་དུག་བཞི་ཡོད་པས། དེ་འདུལ་བ་ལ་ཕྲིན་ལས་ཀྱི་ཕྱག་བཞིར་སྤྲུལ་ནས་དུག་ཞི་བའི་རྒྱལ་པོ་བཞི་སྤྲུལ། སྐྱེ་མཆེད་དྲུག་ལ་མཁའ་འགྲོ་མ་དྲུག །རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་བཀའ་སྡོད་བརྒྱད། རིག་པའི་ཡན་ལག་བཅུ་ལ་ཕྱོགས་སྐྱོང་བཅུ། དབང་གི་བཞིན་འཛུམ་བཅུ་དྲུག་ལ་མགོ་བརྙན་བཅུ་དྲུག །སྐུ་ཡི་བཀོད་པ་བཅོ་བརྒྱད་ལ་གིང་ཆེན་བཅོ་བརྒྱད། ཁྲོས་པའི་གད་མོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉི་ཤུ་རྩ་གཅིག་ཏུ་སྤྲུལ། ཆགས་པའི་ཉམས་གར་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་ཉི་ཤུ་རྩ་བརྒྱད། སྤྱན་གྱི་འགྱུར་ལྡོག་སུམ་ཅུ་ནས་དྲེགས་པ་སུམ་ཅུ། ཕྲིན་ལས་ཀྱི་འོད་ཕུང་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་གདངས་བཞད་བརྒྱ་ལས་རོ་ལངས་བརྒྱ། སྤྱན་གྱི་འགྱུར་ལྡོག་སྟོང་ལས་ནག་པོ་སྟོང་། ཞལ་གྱི་སྟངས་སྟབས་ཁྲི་ལས་གནོད་

p. 73

སྦྱིན་ཁྲི། དབང་གི་གར་སྤྱོད་འབུམ་ལས་མ་མོ་འབུམ། བ་སྤུའི་འོད་ཟེར་བྱེ་བ་ལས་ཤ་ཟ་བྱེ་བ་སྤྲུལ་ནས། དྲག་པོ་འཇིགས་བྱེད་དང་དུས་མཚན་དང་མ་མོ་གཉིས་ཀྱི་ལུས་ལ་དབང་བྱས་ནས་གདན་དུ་བཏིང་། ལྷ་ཆེན་ཡབ་ཡུམ་འཁོར་དུ་བཀོད། འཁོར་ཚོགས་གཞན་ཐམས་ཅད་དབང་དུ་བསྡུས་ནས་དམག་ཚོགས་བརླགས་པར་བྱས་སོ། །དེ་ཡི་ཕ་ནི་ཁྲག་འཐུང་ཆེན་པོ་ཧེ་རུ་ཀ་ཡིན། མ་ནི་ཨུ་མ་དེ་ཝ་ཞེས་བྱ་བ་སྟེ། དེ་དག་ཉིད་ལས་རྡོ་རྗེ་སྲིན་པོ་ཉིད་སྐྱེས་པའོ། །དེ་ནས་རྡོ་རྗེ་སྲིན་པོ་དེས་བདུད་ཐམས་ཅད་དབང་དུ་བསྡུས་ཏེ་ཉིད་ཀྱི་སྐུ་ལ་སྤྲུལ་པ་ཐིམ་པར་གྱུར་ཏོ། །དེ་ཉིད་ཀྱང་དཔལ་ཆེན་པོ་ཧེ་རུ་ཀའི་ཞབས་ལ་ཐིམ་པར་གྱུར་ཏོ། །༧ གཉིས་པ་ལམ་རྒྱུད་འཕགས་པས་བསྡུས་པའི་མགོན་པོ་ནི། སྔོན་ཚེ་བཟང་རྒྱན་བསྐལ་པའི་སངས་རྒྱས་འཁོར། །བདུད་ཀྱིས་བཀྲོང་སྟེ་བསྟན་པ་བསྣུབས་པའི་ཚེ། །བདུད་རྣམས་འདུལ་དང་འཁོར་ཚོགས་བསྡུ་བའི་ཕྱིར། །ཧེ་རུ་ཀ་དཔལ་ཐུགས་ལས། །ཨུ་མ་དེ་ཝའི་བུ་བརྒྱད་ཆུང་བར་སྐྱེས། །སྣང་སྲིད་ཟིལ་གནོན་ཁྲོ་བོའི་རྒྱལ་པོ་དེས། །རང་གི་རང་བསྡུས་སྣང་སྲིད་བྲན་དུ་བསྐོལ། །བདུད་ཚོགས་བཅོམ་ནས་ལངྐའི་གྲོང་ཁྱེར་བཤིགས། །དུས་གསུམ་རྒྱལ་དང་དབྱེར་མེད་ཁྲོ་བོར་གྱུར། །༧ གསུམ་པ་འཇིག་རྟེན་སྨོན་ལམ་གྱི་མགོན་པོ་ནི། བསྐལ་པ་བཟང་སྦྱིན་དེ་ཉིད་ལས། །སངས་རྒྱས་ཞི་བའི་འོད་འཁོར་བཅས། །བྱང་ཕྱོགས་ཨོ་ཏྲར་བྱོན་པའི་ཚེ། །སྡིག་སྤྱོད་རྒྱལ་པོས་གསོད་བཙོན་བྱས། །

p. 74

སངས་རྒྱས་རྫུ་འཕྲུལ་མཁའ་ལ་གཤེགས། །འབུམ་ཕྲག་བྱེ་བའི་དགེ་སློང་གིས། །བདག་ཅག་ཚངས་སྤྱོད་སྔགས་མཐུ་ཡིས། །སྐྱེ་བ་འདི་ལས་གཉིས་པ་ནས། །སྲིད་པ་གསུམ་ན་དབང་ཆེ་བའི། །གནོད་སྦྱིན་སྲིན་པོ་གཤིན་རྗེའི་རིགས། །རྡོ་རྗེ་སྲིན་པོའི་འཁོར་གྱུར་ཏེ། །སྡིག་སྤྱོད་འཁོར་བཅས་བརླག་པར་ཤོག །སྨོན་ལམ་སྟོབས་ཀྱིས་སྐྱེས་ནས་ཀྱང་། །བདུད་རྒྱལ་འཁོར་བཅས་རྡུལ་དུ་བརླགས། །དཀར་ཕྱོགས་བསྟན་པ་སྐྱོང་བར་མཛད། །༧ བཞི་པ་མཚན་དོན་བསྟན་པ་ནི། རྒྱུད་ཆེན་གྲི་གུག་བརྩེགས་པ་ལས། མགོན་པོ་བྱ་རོག་མཚན་ཞེས་བྱ། །སྔོན་ཚེ་ལྷ་མིན་འདུལ་བའི་ཚེ། །བྱ་རོག་དག་ཏུ་སྤྲུལ་ནས་ནི། །དེ་ཡི་ཡང་སྤྲུལ་དུ་མ་ཡིས། །འོད་ཟེར་སྐར་མདའ་ནག་པོ་སྟོང་། །དེ་ཡིས་བདུད་ཚོགས་ཕམ་པར་འགྱུར། །༧ ལྔ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་གིས་དཔལ་ཕྱག་ན་རྡོ་རྗེ་ལ་གསུངས། དེས་རྒྱལ་པོ་ཨིནྟྲ་བྷུ་ཏི་ལ། དེས་རྒྱལ་ལྕམ་ཀླུ་ཡི་བུ་ཐུབ་པ་མོ་ལ། དེས་སློབ་དཔོན་རཱ་ཧུ་ལ་བྷ་དྲ། དེས་ཀླུ་སྒྲུབ་སྙིང་པོ་ལ། དེས་ཀླུའི་བྱང་ཆུབ་ལ། དེས་དུས་འཁོར་བ་ལ། དེས་དུས་འཁོར་ཆུང་བ་ལ། དེས་རྡོ་རྗེ་གདན་པ་ཆེན་པོ་དཔེའུ་རི་པ་ལ། དེས་ཕག་མོ་གྲུ་པ་ལ། དེས་ཁམས་པ་གླང་སྟོན་ལ་གསུངས། དེས་སློབ་དཔོན་བརྩོན་གཞོན་ལ། དེས་སློབ་དཔོན་ཚུལ་ཁྲིམས་སྨོན་ལམ་ལ། དེས་བདག་ལ་གནང་བའོ། །༧ དྲུག་པ་ནི། ཕྱག་ལ་རྡོ་རྗེས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ། དེས་དྷ་ཀི་མ་སུ་ཁ་མ་ཧཱ་སིདྡྷི་ལ།

p. 75

དེས་ལྷ་ལྕམ་ལེགས་སྨིན་ཀཱ་ར་ལ། དེས་ཤིང་ལོ་པ་ལ། དེས་ཀརྞ་རི་པ་ལ། དེས་ཀླུ་སྒྲུབ་ལ། གཞན་འདྲ་བ་ལ། ཨ་སེང་གིས་ཕག་མོ་གྲུ་པ་ལ་བཤད་དོ། །༧ བདུན་པ་ནི་གཏེར་ནས་བྱུང་ཚུལ་གཏེར་ཁ་གསུམ་བྱུང་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་བཟང་སྤྲིན་གྱི་ཡང་རྫོང་ནས། སྤྱིར་མགོན་པོའི་རྒྱུད་རྩ་བརྒྱད། ཁྱད་པར་དུ་མགོན་པོ་འདི་ཡི་རྒྱུད་དྲུག་གཏེར་ནས་ཕྱུང་སྟེ། ཡེ་ཤེས་ཀྱི་མགོན་པོའི་རྒྱུད་གསུམ་ལས། རྩ་བའི་རྒྱུད་སྤུ་གྲི་ཀླད་གཟེར་ནག་པོ་དང་། ཡང་གསང་བ་མན་ངག་སྦས་པའི་རྒྱུད་དང་། ཁྲག་མཚོ་ཁོལ་མའི་རྒྱུད་ཡིན་གསུངས། འཇིག་རྟེན་མགོན་པོའི་རྒྱུད་གསུམ་ལས། དྲག་པོའི་མཚོན་ཆ་བསྣོལ་མའི་རྒྱུད་དང་། ཁ་ཏ་ཏནྟྲ་ལུང་བསྟན་པའི་རྒྱུད། གཞི་སྙིང་སྦས་པའི་སྲོག་གཟེར་གསང་བའི་རྒྱུད་དེ་རྣམས་བཏོན་པའོ། །ཚངས་པ་ཀླུ་འདུལ་གྱི་གཙུག་ལག་ཁང་ནས་མགོན་པོའི་རྒྱུད་རྣམས་དང་། སྙིང་རྗེ་ཁྲོས་པའི་རྒྱུད་དང་། འབྱུང་བ་འཁྲུག་གསོད་ཀྱི་རྒྱུད་དང་། གདོང་མོ་རོ་ཟན་གྱི་རྒྱུད་དང་དྲུག་གོ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་གཏེར་ཁ་ནས། ཡབ་ཡུམ་རྒྱུད་དྲུག་བཏོན་པ་ནི། དུག་རླངས་ཁོལ་མའི་རྒྱུད་དང་། རོ་ལངས་ནག་མོའི་རྒྱུད་དང་། སྒྲོལ་བྱེད་ནག་མོའི་རྒྱུད་དང་། ཐོད་ཕྲེང་ནག་མོའི་རྒྱུད་དང་། རོ་ཤན་ནག་མོའི་རྒྱུད་དང་། ཟླ་གསང་ནག་མོའི་རྒྱུད་དང་། རྒྱུད་སྡེ་དེ་རྣམས་ནི་གཏེར་མར་གྲགས་པའི་རྒྱུད་ཡིན་ནོ། །བླ་མ་དཔལ་ཆེན་པོ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་གཏེར་ནས་བྱུང་བ་ལ་དྲུག །བླ་མ་ཙ་

p. 76

མིའི་གཏེར་ནས་བྱུང་བ་ལ་རྒྱུད་དྲུག །བླ་མ་དཔལ་ཆེན་གྱི་གཏེར་ནས་བྱུང་བ་ལ་རྒྱུད་དྲུག་དང་བཅོ་བརྒྱད་ཡོད་པ་ཡིན་གསུངས། རྒྱུད་དེ་རྣམས་ཀྱི་རྗེས་སུ་འབྲང་བའི་སྒྲུབ་ཐབས་ལ། མཁའ་འགྲོ་མ་ནས་བརྒྱུད་པའི་སྐོར་ཟབ་སྟེ། བླ་མ་དཔལ་ཆེན་པོ་མན་ཆད་བརྒྱུད་པ་རྣམས་སོ་སོར་ཡོད་པ་ལ། བླ་མ་དཔལ་ཆེན་པོ་ཡན་ཆད་བརྒྱུད་པ་རྣམས་འདྲེས་ནས་འདུག་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱི་གཏེར་ཁ་ནི། བླ་མས་ལུང་བསྟན་ཐོབ་པ་ཡིན། བླ་མ་ཙ་མིས་གཏེར་ནས་ཐོན་པ་ནི། ཀླུ་ཡིས་ལུང་བསྟན་ནས་ཐོབ་པ་ཡིན་ནོ། །བླ་མ་དཔལ་གྱིས་གཏེར་ནས་ཐོན་པ་ནི། དམར་མོ་རྩ་འཇིབས་མ་ཉིད་ཀྱིས་ལུང་བསྟན་ནས་ཐོན་པ་ཡིན་ནོ། །༧ བརྒྱད་པ་ནི། མར་མེ་མཛད་ཀྱི་བསྟན་པ་ལ། །བདུད་རྒྱལ་དགའ་རབ་དབང་ཕྱུག་བཏུལ། །རྒྱལ་བ་འཁོར་འཇིག་བསྟན་པ་ལ། །གནོད་སྦྱིན་བརྒྱད་པོ་དབང་དུ་བསྡུས། །སངས་རྒྱས་གསེར་ཐུབ་བསྟན་པ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ཀྱང་བཏུལ། །རྒྱལ་བ་འོད་སྲུང་བསྟན་པ་ལ། །ལྷ་མོ་བརྒྱད་པོ་བྲན་དུ་བཀོལ། །ཤཱཀྱ་སེང་གེའི་བསྟན་པ་ལ། །ཐུབ་ཆེན་མྱ་ངན་འདས་ནས་སུ། །བདུད་རྣམས་གཡོས་ཚེ་རྡུལ་དུ་བརླགས། །མ་ཁོལ་བསྟན་པའི་ལྗོན་ཤིང་བསྒྱུར། །དུར་ཀའི་དམག་གིས་ཉེན་པའི་དུས། །མགོན་པོའི་སྤྲུལ་པའི་ཕོ་ཉ་ནི། །དུར་དམག་ཁྲག་བསྐྱུགས་ཚེ་ལས་འདས། །ཆོས་སྐྱོང་ཆེན་པོ་འདི་ཡིས་ནི། །བསྟན་དགྲ་ལན་གྲངས་མང་དུ་བཏུལ། །བསྟན་པའི་ཆོས་སྐྱོང་ཨེ་མ་ཧོཿ པདྨ་བཛྲ་ཛི་ཏ་རེ། །ནག་འཛིན་

p. 77

དཔལ་འཛིན་ཨ་བྷྱ་སོགས། །ཙ་མི་ལ་སོགས་གྲུབ་ཆེན་ཚོགས། །མགོན་པོའི་ཐུགས་རྗེ་རྨད་བྱུང་གིས། །རྒྱ་གར་ཆོས་དང་གང་ཟག་སྤེལ། །ཧེ་རུ་ཀ་དཔལ་རྒྭ་ལོ་ཡིས། །བསིལ་བའི་ཚལ་དུ་ཟླ་བདུན་དུ། །གཏོར་འབུལ་ལས་མགོན་དམ་ལ་བཞག །མགོན་ཞལ་གཟིགས་ཤིང་རྒྱུད་བཏོན་པས། །བོད་ཡུལ་དབུས་སུ་སྤྱན་དྲངས་ཚེ། །དཔལ་ཆེན་ཕག་མོ་གྲུ་པ་ནས། །ཨ་སེང་འབྲི་སྟག་འབྲུལ་ཚལ་དང་། །སྤྲེལ་དམར་ཉག་སེ་མྱོས་མགར་ཆོས། །དེ་སོགས་གངས་ཅན་སྒྲུབ་བརྒྱུད་འདིར། །བསྟན་པ་འཛིན་སྐྱོང་སྤེལ་བར་བྱས། །གནས་ལུགས་རང་བཞིན་གྱི་མགོན་པོ་བསྟན་ཟིན་ཏོ། །༧བསྒྲུབ་བྱ་ལམ་གྱི་མགོན་པོ་འཆད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ། །སྔོན་འགྲོ་ལས་རིམ་བདུན་གྱིས་བསྟན་པ་སྟེ། གནས་ལུགས་ཡོ་བྱད་རྟེན་གྱི་གང་ཟག་དང་། །མཆོད་པ་བྱིན་རླབས་སྐྱབས་འགྲོ་སེམས་བསྐྱེད་དོ། །དེ་ལ་འདིར་བྱ་རོག་མཚན་ཅན་གྱི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་བསྒྲུབ་པར་གསུངས་ཏེ། དེ་ལ་ཕུན་སུམ་ཚོགས་པ་ལྔ་བསྟན་ཏེ། གནས་ཕུན་སུམ་ཚོགས་པ་ནི། ཆོས་ཀྱི་དབྱིངས་འོག་མིན་དང་། རི་རབ་ཀྱི་སྟེང་དང་། ཁྱད་པར་དཔལ་ལྡན་འབྲས་སྤུངས་སམ། གནས་དེར་སྟོན་པ་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་འཆང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ནས། ཞལ་གསུམ་ཕྱག་བྱེ་བའི་བར་དུ་ཡོད་པས། ཡུམ་རྡོ་རྗེ་རྣལ་འབྱོར་མ་ཞལ་སྦྱོར་བའོ། །འཁོར་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ་ལ་སོགས་དཔའ་བོ་

p. 78

དང་རྡོ་རྗེ་མཁའ་འགྲོ་ལ་སོགས་རྣལ་འབྱོར་མ་དང་། ཡེ་ཤེས་མགོན་པོ་དང་ལྷ་མོ་དང་ལྷ་དང་བཅས་པའི་སྡེ་བརྒྱད་རྣམས་སོ། །ཆོས་ཕུན་སུམ་ཚོགས་པ་ནི། བདེ་མཆོག་རྩ་རྒྱུད་བཤད་རྒྱུད་རྣམས་དང་། མགོན་པོའི་རྩ་རྒྱུད་དང་བཤད་རྒྱུད་རྣམས་སོ། །དུས་ཕུན་སུམ་ཚོགས་པ་ནི། རྫོགས་ལྡན་དང་པོ་དང་གཉིས་པ་དང་གསུམ་པ་དང་། རྩོད་ལྡན་གྱི་དུས་རྣམས་སོ། །དེ་ནི་སྤྱིར་བཤད་པའོ། །དང་པོ་ཁྱད་པར་གནས་ཀྱི་བྱེ་བྲག་བསྟན་ཏེ། དཔལ་བྱ་རོག་ཆེན་པོའི་རྒྱུད་ཀྱི་ལེའུ་བརྒྱད་ལས། མེ་ཏོག་སྣ་ཚོགས་བཀྲ་བ་དང་། །བྲག་རིར་ལྡན་པ་དཔལ་གྱི་རི། །ཞེས་དང་། ཁྲག་མཚོ་ཁོལ་མའི་ལེའུ་བཅོ་ལྔ་ལས། རི་བོ་བྱང་བལྟས་ལྕགས་ཀྱི་མདོག །བྲག་ནག་བྱང་བལྟས་ཆུ་རོང་ཅན། །སྲིན་པོ་ཁྲོས་འདྲའི་ཧཱུྃ་སྒྲ་སྒྲོགས། །འཇིགས་པའི་དུར་ཁྲོད་ཕུང་ཤུལ་དུ། །ཞེས་དང་། དཔལ་གྲི་གུག་བརྩེགས་པའི་ལེའུ་བདུན་པ་ལས། ལྷུན་ཆགས་ནགས་ཁྲོད་རི་བོ་ལ། །མེ་ཏོག་འབྲས་བུ་སྣ་ཚོགས་ཤིང་། །འདབ་ཆགས་གནས་ཤིང་ལོ་འདབ་རྒྱས། །ངོས་བཟང་བྲག་ནག་བླ་གབ་ཆེ། །དུག་ཤིང་སྡོང་པོས་བརྒྱན་པ་དང་། །དུར་ཁྲོད་གཅན་གཟན་དྲག་པོ་རྒྱུ། །ཤ་ཟ་མ་མོ་ལྕེ་སྤྱང་ཚོགས། །དྲག་པོའི་ས་ཕྱོགས་རབ་འཇིགས་པ། །སྲིན་པོ་གཤིན་རྗེ་གནོད་སྦྱིན་ཚོགས། །ཡང་ན་བས་མཐའ་ཤིན་ཏུ་དབེན། །བཀྲ་ཤིས་ཉམས་དགའི་ས་ཕྱོགས་སུ། །ཞེས་དང་། དཔལ་བྱ་རོག་ཆེན་པོའི་ལེའུ་བརྒྱད་ལས། ཙཱ་རི་ཏྲ་དཔལ་པར་པ་ཏ་ཡི་གླིང་། །མཚོ་དང་ཆུ་བོ་རང་བྱུང་རྟེན་གྱི་གནས། །

p. 79

གངས་རི་ནགས་རི་སྨན་གྱི་བྱ་སྐྱིབས་ཅན། །ཉེར་བཞི་ཉེར་བརྒྱད་སུམ་ཅུ་གཉིས་ཀྱི་ཡུལ། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་མ། །ཐ་དད་དུས་ཀྱི་ཡུལ་རྣམས་དང་། །ཞེས་དང་། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ཀྱི་ལེའུ་ལྔར། སོག་པོ་ཁྲོས་འདྲ་ལྕགས་ཀྱི་མདོག །བྲག་ནག་འཇིགས་པ་བྱང་དུ་བསྟན། །རི་བོ་དུར་ཁྲོད་སོགས་ནས་ཀྱང་། །ཞེས་དང་། གསོད་བྱེད་སྲོག་ཟན་ནག་པོའི་རྒྱུད་ཀྱི་ལེའུ་ཉེར་བརྒྱད་པ་ལས། ཡིད་འོང་དབེན་པའི་གནས་དག་དང་། །བྲག་ཕུག་ལྷ་ཁང་སྟོང་པ་དང་། །ཤིང་གཅིག་འདྲེ་གནས་མ་མོའི་ཁྱིམ། །རི་གསུམ་རྩེ་འདུས་བྲག་ནག་སྤུངས། །ནགས་ཚལ་འཐུག་ལ་གཅན་གཟན་འགྲིམ། །དབེན་ཞིང་བྱིན་ཆགས་ལྷ་རྣམས་འགྲིམ། །འདབ་ཆགས་སྐད་སྙན་སྣ་ཚོགས་གཏེར། །མ་རུངས་གཤིན་རྗེ་འཇིགས་རུང་གནས། །དུར་ཁྲོད་ཕུང་ཤུལ་ཤིས་པའི་སར། །ལྷ་ཆེན་མགོན་པོ་བསྙེན་བསྒྲུབ་བྱ། །ཞེས་གསུངས་སོ། །གཉིས་པ་དུས་ནི། ནག་པོ་བདུད་ཀྱི་ཉི་མ་ཤིས་ཏེ། ནག་པོ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་ལེའུ་བཅུ་བཞི་པ་ལས། ཡར་གྱི་བརྒྱད་དང་མར་གྱི་བརྒྱད། །ཉ་དང་གནམ་སྟོང་དུས་དག་ཏུ། །གཏོར་མ་ཆེན་པོ་གཏོང་བར་བྱ། །ཞེས་གསུངས། གསང་བ་མན་ངག་སྦས་པའི་རྒྱུད་ཀྱི་ལེའུ་བརྒྱད་པར། དམ་ཚིག་ལྡན་པའི་སྔགས་པ་ཡིས། །དུས་ཀྱི་ཁྱད་པར་ཟླ་བ་ཡི། །སེང་གེ་སྐྱེས་པ་ལུག་གི་ནི། །གཅིག་དང་བརྒྱད་དང་བཅོ་ལྔ་དང་། །ཉེར་གཉིས་དགུ་སྟོང་དག་ལ་བྱ། །ཞེས་གསུངས་སོ། །གསུམ་

p. 80

པ་ཡོ་བྱད་ནི། བཅོམ་ལྡན་འདས་བདེ་མཆོག་དང་། མགོན་པོ་གཉིས་ཀྱི་བྲིས་སྐུ་དང་བླུགས་སྐུ་ལ་སོགས་རྟེན་ཁྱད་པར་ཅན་བཤམས། གཞན་ཡང་དགོས་པའི་ཡོ་བྱད་རྔ་བོ་ཆེ་དང་། རྐང་གླིང་དང་། ཆ་ལང་དང་། མཁར་རྔ་དང་། གཡབ་དར་དར་ལྕེ་ལྔ་པ་རྣམས་ཚོགས་པར་བྱ། སྐབས་འདིའི་མན་ངག་ནི་བསོད་ནམས་ཅན་གྱི་ལག་ནས། ནས་ནག་འབག་འབྲེལ་མེད་པ། ཕྱེ་དཀར་ལ་ཞིབ་པའི་གཏོར་མ་བརྫི་དུས་ཆང་གིས་བྲན་ཅིང་ཧཱུྃ་སྔོན་པོ་ཉོག་ཉོག་གི་ཕུང་པོར་བསམ་པ་དང་། གུ་གུལ་གྱིས་བདུག་ཅིང་གཞི་མི་ནུབ་པའི་རྒྱལ་མཚན་ནང་མཆོད་ཆུ་ཆང་གིས་བྲན། མི་འགྱུར་བའི་སྲོག་ཤིང་། གཏོར་མ་དེ་ཉིད་ཧཱུྃ་སྔོན་པོ་འོད་འབར་བར་བསྒོམ་སྟེ། འདི་ཉིད་ཀྱིས་གཏོར་མ་ལ་བགེགས་མི་འཇུག་ཅིང་བཀྲ་ཤིས་པའི་མན་ངག་གོ།གཏོར་མའི་ཁ་དོག་གཟུགས་མ་བཤད་ཅེས་སྨྲས་ནའང་། ཁྲག་མཚོ་ཁོལ་མའི་རྒྱུད་ལེའུ་དགུ་པ་ལས། འབྲུ་ནག་ལས་བྱས་དཔལ་ཆེན་ནི། །ཞེས་དང་། མགོན་པོའི་རྒྱུད་ལས། སེམས་ཅན་ཉོན་མོངས་འདུལ་བའི་ཕྱིར། །གཏོར་མའི་དབྱིབས་དང་ཁ་དོག་ནི། །མ་ངེས་ཡིད་དང་མཐུན་པར་བཅའ། །ཞེས་དང་། མཆོག་དང་ཐུན་མོང་དངོས་གྲུབ་ནི། །གཏོར་མ་དག་ལ་བརྟེན་ཏེ་འཐོབ། །ཅེས་དང་། རང་ལ་གཏོར་མགོ་བསྟན་པ་སྟེ། བླ་མ་ཡི་དམ་གྱི་གཏོར་མ། ཆོས་སྐྱོང་ལྷ་མོའི་གཏོར་མ། མཁའ་འགྲོ་སྤྱི་གཏོར་དང་དཀར་གཏོར་ཕྱག་ལེན་ལྟར་བྱ། རང་རང་གི་སྐུ་དང་མདའ་དར་རྣམས་འཛུགས། གཞན་ཡང་ནང་མཆོད་རྣམས་དང་།

p. 81

ནང་མཆོད། རཀྟ། ཕུད་རྒོད། ལས་གཏོར། ཚོགས་རྫས་ལ་སོགས་པ་བཤམས། ༧ བཞི་པ་རྟེན་གྱི་གང་ཟག་ནི། དབང་ཐོབ་ཅིང་ལྟ་བའི་དམ་ཚིག་དང་ལྡན་པ། སློབ་དཔོན་ལ་གུས་པ་གཅིག་དགོས་ཏེ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་མོའི་རྒྱུད་ཀྱི་ལེའུ་བརྒྱད་པར། དབང་གིས་སྨིན་བྱས་དམ་ཚིག་ལྡན། །སློབ་དཔོན་ལ་གུས་སྒྲུབ་ལ་བརྩོན། །བཟོད་ལྡན་མཆོད་སྦྱིན་གཏོང་ལ་བརྩོན། །བསྙེན་རྫོགས་ལྷ་ཡི་གདེང་དང་ལྡན། །ཤེས་རབ་སྙིང་རྗེ་རབ་སྦྱོར་བ། །རྒྱུད་དང་ལྡན་པའི་སྔགས་པ་ཡིན། །ནག་པོ་ཆེན་པོ་བསྒྲུབ་པར་བྱ། །ཞེས་དང་། ༧ དེ་ཉིད་ཀྱི་ལེའུ་བཅུ་དྲུག་པར། བྱང་ཆུབ་སེམས་ལྡན་དམ་ཚིག་སྲུང་། །དབང་བཞི་ཐོབ་ཅིང་དམ་ཚིག་ལྡན། །ལྟ་བ་རྟོགས་ཤིང་བསྒྲུབ་ལ་དཔའ། །དེས་ནི་ངེས་བསྒྲུབ་གཞན་གྱིས་མིན། །ཞེས་དང་། དཔལ་ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ཀྱི་ལེའུ་ལྔར། དང་པོ་རང་ཉིད་ཧེ་རུ་ཀའི། །དབང་གིས་སྨིན་བྱས་དམ་ཚིག་ལྡན། །ཞེས་གསུངས་སོ། །བྱ་རོག་བརྩེགས་པ་དམ་ཚིག་བསྟན་པ་སྤྱི་རྒྱུད་ཀྱི་ལེའུ་བདུན་པར། དད་ལྡན་ཤེས་རབ་སྙིང་རྗེ་དང་། །བླ་མ་ལ་གུས་གཏོང་ལ་དགའ། །ཟབ་དང་བརྟུལ་ཞུགས་ཐོབ་འདོད་པས། །བསྟན་པ་སྲུང་བའི་གང་ཟག་གིས། །ཞེས་གསུངས། ༧ ལྔ་པ་མཆོད་པ་བྱིན་གྱིས་རླབས་པ་ནི། ཁྲག་མཚོ་ཁོལ་མའི་ལེའུ་བཅུ་དྲུག་པ་ལས། ཕྱི་ནང་གསང་བ་དེ་ཁོ་ན། །ཕྱི་རུ་མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་བཤོས་དང་རོལ་མོ་མཆོད། །ཅེས་

p. 82

གསུངས། བྱ་རོག་བརྩེགས་པ་དམ་ཚིག་བསྟན་པའི་སྤྱི་ཡི་ལེའུ་བཅུ་བདུན་པ་ལས། མཆོད་དང་གཏོར་མར་གང་བརྩོན་པར། །དེ་ལ་བར་ཆད་མི་འབྱུང་ཞིང་། །དངོས་གྲུབ་མཆོག་རྣམས་ཐོབ་པར་འགྱུར། །ཕྲིན་ལས་རྣམ་བཞི་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་པོའི་རྒྱུད་ཀྱི་ལེའུ་ཉེར་བརྒྱད་པར། ཌཱ་རུ་ཅང་ཏེའུ་རྔ་དང་བཅས། །དྲིལ་བུ་གླིང་བུ་རྐང་དུང་གིས། །དུས་དང་དུས་རྣམས་ཀུན་ཏུ་མཆོད། །ཅེས་གསུངས་སོ། །དཔལ་མགོན་པོའི་མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། མཆོད་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་དགྲ་བགེགས་མ་ལུས་པ་བསྒྲལ་བའི་ཁྲག་གི་ཨརྒྷཾ། དུག་གི་ཐོར་འཐུང་། ཆང་གི་ཡོན་ཆབ། དབང་པོ་ལྔ་ཡི་མེ་ཏོག །ཤ་ཆེན་གྱི་

p. 83

བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། བདུད་རྩི་ལྔ་ཡི་དྲི་མཆོག །ཤ་ཆེན་ལྔ་ཡི་ཞལ་ཟས། རྐང་གླིང་ཐོད་རྔའི་སྒྲ་ཆེན་རྣམས་དཔལ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་མཆོད་རྫས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྟ་སོགས་བརྗོད། དྲུག་པ་སྐྱབས་འགྲོ། བདུན་པ་བསྟན་པ་སྲུང་བའི་སེམས་བསྐྱེད། ༧ དངོས་གཞི་རྣམ་གྲངས་སུམ་ཅུ་དྲུག་གིས་བསྟན། །མདུན་བསྐྱེད་སྤྱན་འདྲེན་སྙན་གསན་དབབ་པ་དང་། །གདན་འབུལ་མཆོད་པ་ཕྱག་འཚལ་བཞུགས་གསོལ་དང་། །དམ་ཡེ་བསྲེ་དང་དབང་བསྐུར་རྒྱས་གདབ་དང་། །མཆོད་འབུལ་སྨན་རཀ་གཏོར་གསུམ་འབུལ་བ་དང་། །སླར་ཡང་མཆོད་དེ་ཕྲིན་ལས་བཅོལ་བ་དང་། །བསྟོད་ཅིང་འབྲུ་གསུམ་བྱིན་རླབས་བཟླས་པ་དང་། །ཡིག་བརྒྱ་གསོལ་འདེབས་མཆོད་བསྟོད་བཀའ་བསྒོ་དང་། །མགོན་པོ་སྤྱི་བསྔོ་མཁའ་འགྲོའི་སྤྱི་གཏོར་དང་། །ཕྱི་རྒྱུད་ཚོགས་འཁོར་བསྐང་བའི་རིམ་པ་དང་། །ལས་གཏོར་རིམ་པ་བྲོ་མནན་ལྷག་གཏོར་དང་། །རྒྱལ་དབྱངས་གཏང་རག་མཆོད་བསྟོད་མངའ་གསོལ་ལོ། །དེ་ལ་དང་པོ་མདུན་བསྐྱེད་ནི། དེའང་དཔལ་བྱ་རོག་མིང་ཅན་གྱི་མདུན་བསྐྱེད་བསྒྲུབ་པ་ལ། ངེས་ཤེས་ཅུང་ཞིག་བསྐྱེད་པར་བྱ་སྟེ། སངས་རྒྱས་སྟོང་རྩ་གཉིས་མ་རྫོགས་ཀྱི་བར་དུ་བསྟན་པ་བསྲུང་བར་

p. 84

ཞལ་གྱིས་བཞེས་པ་ཡིན། དེའང་དཔལ་བྱ་རོག་བརྩེགས་པའི་དམ་ཚིག་བསྟན་པ་སྤྱི་ཡི་རྒྱུད་ལས། སྟོན་པ་ཤཱཀྱ་ཐུབ་པ་ཡི། །བསྟན་པ་རིན་ཆེན་བསྲུང་མཛད་པ། །བདག་གི་སྤྲུལ་པ་ནག་པོ་ཆེ། །བསྐལ་པ་དཔག་མེད་སྔོན་དུས་ན། །བྲམ་ཟེ་ཚངས་པའི་རྣམ་གྲོལ་གྱིས། །མར་མེ་མཛད་ལ་སེམས་བསྐྱེད་པའི། །བསྟན་སྲུང་སྨོན་ལམ་བཏབ་པ་ཡིས། །ད་ལྟ་དཔལ་ལྡན་ནག་པོ་ཆེ། །སྲིད་པ་གསུམ་ན་དབང་ཆེ་ཞིང་། །རྡོ་རྗེའི་རིགས་ལ་ནག་པོ་ཆེ། །ཧེ་རུ་ཀ་དཔལ་འབར་བའི་སྐུ། །སངས་རྒྱས་རྣམས་ཀྱི་བསྟན་པ་སྲུང་། །ཞེས་སོགས་རྒྱུད་ཚད་ལྡན་ནས་འབྱུང་བ་དང་། ནག་པོ་ཆེན་པོ་ཐོད་པ་སྲོག་གི་སྤུ་གྲིའི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ལས། ཕྱི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ། །ནང་ལྟར་བཅོམ་ལྡན་འཁོར་ལོ་སྡོམ། །གསང་བ་ཡེ་ཤེས་བྱ་རོག་མཚན། །ངོ་བོ་དབྱེར་མེད་ཐ་དད་བྲལ། །དེས་ན་ཤཱཀྱ་སེང་གེ་ཡི། །བསྟན་པ་འདི་ཡི་ཆོས་སྐྱོང་ཡིན། །ཞེས་གསུངས་སོ། །དེ་ལ་སྐུ་བསྐྱེད་པ་ལ་ཡང་། ཡིད་ཆེས་ལུང་དང་མི་ལྡན་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པས་ན། ལུང་ཅུང་ཟད་ཅིག་བརྗོད་དེ། རྒྱུད་ནག་པོ་གསང་བའི་ལེའུ་བཞི་ལས། མདུན་དུ་ཆུ་སྐྱེས་ཉི་མ་ཡི། །སྟེང་དུ་ཧཱུྃ་ལས་གྲི་གུག་སྟེ། །དེ་ལས་འོད་འཕྲོས་སངས་རྒྱས་མཆོད། །དེ་གྱུར་ནག་པོ་ཆེན་པོ་ནི། །ཞལ་གཅིག་ཕྱག་བཞི་གསུས་པོ་ཆེ། །ཡན་ལག་ཐུང་ཞིང་སྦྲུལ་གྱིས་བརྒྱན། །མཐིང་ནག་རབ་འཇིགས་སྟག་ཤམ་ཅན། །ཕྱག་གཡས་དང་པོས་བེ་འབྲས་བསྣམས། །གཉིས་པས་

p. 85

རལ་གྲི་འཛིན་པ་སྟེ། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །གཉིས་པས་ཁ་ཊྭཱཾ་འཛིན་པའོ། །དབུ་སྐྲ་ཁམ་ནག་གྱེན་དུ་འཛིན། །མཐོང་བ་ཙམ་གྱིས་དགྲ་བགེགས་འདུལ། །མི་མགོའི་ཕྲེང་བས་སྐུ་ལ་བརྒྱན། །གད་རྒྱངས་སྒྲོགས་པས་ཐམས་ཅད་གཡོ། །འཇིགས་བྱེད་བྱང་ཆུབ་སེམས་དཔའ་བསྐྱེད། །ཅེས་གསུངས་པ་དང་། གཞན་ཡང་མགར་དམ་པའི་ཐོ་ཡིག་ལས། བདག་བསྐྱེད་རྫོགས་པའི་མདུན་བསྐྱེད་དེ། །བུ་ཡི་ཚུལ་དུ་བསྒོམ་པར་བྱ། །ཞེས་གསུངས། ནག་པོ་ཆེན་པོ་ལས་གསང་བའི་རྒྱུད་ལེའུ་བཅུ་གཅིག་པར། མ་ཧཱ་ཀཱ་ལ་འཇིགས་པའི་གཟུགས། །ནག་པོ་ཆེན་པོ་བསྒོམ་པར་བྱ། །ཞེས་གསུངས་པས། ལྷ་བསྐྱེད་པའི་ཚུལ་ལ་ཡང་། མངོན་བྱང་ལྔ་དང་། སྙིང་པོ་ཚིག་ཙམ་དང་། ཆོ་ག་གསུམ་དང་། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པར་བཤད་དོ། །དེ་ལ་མངོན་བྱང་ལྔ་ནི། མའི་མངལ་སྒོ་སྟོང་པས། ཆོས་ཉིད་སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་ལ། ཐིག་ལེ་དཀར་དམར་གཉིས་གདན་ཉི་ཟླ་ལ་མངོན་པར་བྱང་ཆུབ་པ། ཡི་གེ་ཧཾ་ཨ་ལིའི་རྣམ་པར་ཆགས་པ་གསུང་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པ། རྡོ་རྗེའམ་པདྨ་ལྟར་ཆགས་པས་ཐུགས་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པ། ཟླ་བ་བཅུ་ནས་ཕྱིར་འབྱོན་པས་སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པའོ། །གཞན་རྣམས་ནི་གོ་སླའོ། །མངོན་རྟོགས་ལྷ་བཅུ་གསུམ་མ་འདི་ནི་ཤིན་ཏུ་བསྡུས་པ་ཡིན་ལ། ཙ་མིས་མཛད་པའི་མདུན་བསྐྱེད་དང་། སྐུ་རེག་དར་དམར་ནས་གསུངས་

p. 86

པའི་མདུན་བསྐྱེད་དང་། སྐྱེ་མེད་ཞང་གིས་མཛད་པའི་ཚིགས་བཅད་ར་སྐྱེས་མ་ལ་སོགས་གང་རུང་སྤྲོས་པ་དང་འཚམས་པར་སྦྱར་རོ། །ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ༴ རང་བཞིན་དག་པར་གྱུར་པའི་ངང་ལས། རང་གི་མདུན་དུ་དུར་ཁྲོད་ཀྱི་ས་གཞིར་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་གྲི་གུག་ཕྱི་སྒྲུབ་ལྟར་ན་གནད་ལྔ་ཞེས་པ་སྐུ་བསྐྱེད་པ་ཕྱག་མཚན་གྱི་གནད་ཅེས་སོ། །གཙོ་བོ་བསྐྱེད་པ་འཁོར་གྱི་གནད་ཅེས་པ་སྐུ་རྐྱང་དུའོ། །ཧཱུྃ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཆར་སྤྲིན་ནག་པོའི་སྐུ་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། ལྗགས་རྣམ་པར་སྤྱོད་པའི་ཞལ་ནས་ཧ་ཧ་དང་ཧཱུྃ་ཧཱུྃ་གི་གད་རྒྱངས་སྒྲོགས་པ། དབུ་སྐྲ་དང་སྨིན་མ་སྨ་ར་

p. 87

དམར་སེར་མེ་ལྟར་འབར་བ། ཕྱག་གཡས་ཀྱི་དང་པོ་ན་བེ་ཏའི་འབྲས་བུ་མདོག་དབྱིབས་སྙིང་དང་འདྲ་བ་དང་། གཡོན་གྱི་དང་པོ་ན་ཀ་པཱ་ལ་ཁྲག་གིས་གང་བ། གཅེས་བརྒྱད་ལས། རྒྱན་དང་ཕྱག་མཚན་མེ་རི་སོགས། །འགྱུར་བ་ཡིན་ནོ་ཞལ་ལ་དྲིས། །ཞེས་གསུངས་པས་གཅིག་ཏུ་ངེས་པ་མེད་པས་བསྙེན་སྒྲུབ་ལས་སྦྱོར་སོགས་སུ་མི་འདྲ་བ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །སྐུ་མདོག །ཕྱག་མཚན། རྒྱན་ཆ་ལུགས། མེ་རི། བཞུགས་སྟབས། གཟིགས་སྟངས། ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རྡོ་རྗེ་རལ་གྲི་མེ་འབར་བ་འདེབས་པའི་ཚུལ་གྱིས་འཛིན་པ། གཡོན་འོག་མས་ཏྲི་ཤུ་ལ་དར་དཔྱང་གིས་བརྒྱན་པ་ཕྱར་སྟབས་སུ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། དར་དང་རིན་པོ་ཆེ་དང་སྦྲུལ་དང་རུས་པ་དང་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་ཅིང་སྟག་ལྤགས་གསར་པ་ཁྲག་དང་བཅས་པའི་

p. 88

ཤམ་ཐབས་ཀྱིས་སྨད་གཡོགས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་ཞིང་ཆེན་བསྣོལ་བའི་གདན་ལ་ཞབས་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །དེའི་གཡས་སུ་ཧཱུྃ་ལས་ལས་མགོན་བྱ་རོག་གདོང་ཅན་ནག་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐོགས་པ་ལ་ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། གཡོན་དུ་བྷྱོཿལས་རྩ་འཇིབ་མ་དམར་མོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་ལ་རལ་གྲི་དང་ཏྲི་ཤུ་ལ། གཡོན་གཉིས་ན་མདའ་གཞུ་དང་མི་མགོ་འཛིན་པ་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མདུན་དུ་ཧཱུྃ་ལས་ཤ་ཟ་སེང་གེའི་གདོང་ཅན་ནག་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་ཁྲག་ཐོགས་པ་ལ་ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཧཱུྃ་ལས་ལེགས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་ཙན་དན་གྱི་བེང་

p. 89

བསྣམས་པའི་སྟོད་སྨད་བར་གསུམ་ནས་ལྷ་བཙན་བདུད་ཀྱི་དམག་དགྱེད་ཅིང་དར་གྱི་བེར་ནག་སྐུ་ལ་གསོལ་བ། ཞབས་གཉིས་བརྐྱང་བསྐུམ་གྱིས་དགྲ་བགེགས་མནན་པ། དེ་ལ་མགོན་པོ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི༴ འགྲེས་སོ། །ལྷོར་འུག་པའི༴ ཤར་ལྷོར་ཕག་གི༴ ལྷོ་ནུབ་ཏུ་ཁྱི་ཡི༴ ནུབ་བྱང་དུ་སྤྱང་ཀིའི༴ བྱང་ཤར་དུ་སྟག་གི༴ བརྒྱད་ཀའང་གཅེར་བུ་སྐྲ་གྲོལ་བ། ཞལ་གཉིས་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། འཁོར་ཐམས་ཅད་བཞེངས་པའི་སྟངས་སྟབས་ཀྱིས་བཞུགས་པའོ། །གཙོ་འཁོར་ཐམས་ཅད་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས། རྡོ་རྗེ་གདན། བི་ཀྲ་མ་ལ། ཤྲཱི་ནཱ་ལེནྡྲ། མ་

p. 90

ལ་ཡ། ཡེ་ཤེས་པ་སྤྱན་འདྲེན་པ་མྱུར་བའི་གནད་ཅེས་སོ། །གཉིས་པ་སྤྱན་འདྲེན་པ་ནི། རྒྱུད་སྤུ་གྲི་བརྩེགས་པའི་ལེའུ་བརྒྱད་པ་ལས། ནག་པོ་ཆེན་པོའི་ལྷ་ཚོགས་རྣམས། །དམ་ཚིག་བསྐྱེད་ཅིང་ཡེ་ཤེས་བསྟིམ། །དཀྱིལ་འཁོར་དུར་ཁྲོད་ཡོངས་བསྐོར་བ། །སྤྱན་དྲངས་མཆོད་སྟོད་ཚུལ་བཞིན་བྱ། །ཞེས་གསུངས་པ་དང་། ཐོ་ཡིག་ལས། དཔལ་མགོན་འཁོར་དང་བཅས་པ་རྣམས། །དུས་གཅིག་ཏུ་ནི་བསྒྲུབ་པའི་གནད། །བསིལ་བའི་ཚལ་དང་ནཱ་ལེནྡྲ། །མ་ལ་ཡ་ལ་སོགས་པ་ཡི། །རང་བཞིན་གྲུབ་པའི་གནས་དག་ནས། །དཔལ་ལྡན་མ་ཧཱ་ཀཱ་ལ་གཙོ། །ཡུམ་དང་ལས་ཀྱི་མགོན་པོར་བཅས། །སྡེ་བརྒྱད་ཚོགས་ཀྱིས་བསྐོར་བ་ནི། །བུ་ཡུག་འཚུབ་པ་བཞིན་དུ་བྱོན། །དེ་ཉིད་ཧཱུྃ་གི་འོད་ཟེར་གྱིས། །རླུང་འཚུབ་སྦུར་མ་བསྡུས་པ་བཞིན། །ཕྱི་ནང་གཉིས་ལ་ཐིམ་པར་བསམ། །ཞེས་གསུངས། ཨཱརྱ་དེ་ཝའི་ཕྱི་སྒྲུབ་ཏུ། དེ་བཞིན་རང་གི་ཐུགས་ཀ་ཡི། །ས་བོན་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །ཞེས་སོ། །བསིལ་བའི་ཚལ། དུར་ཁྲོད་ཆེན་པོ་བརྒྱད་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ། སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་ཤ་ཟ་འབུམ། ཐུགས་འཁོར་མ་མོ་བྱེ་བ། གནོད་སྦྱིན་ཁྲི་ལ་སོགས་པ་འཁོར་དམ་ཅན་རྒྱ་མཚོ་དང་

p. 91

བཅས་པ་ཐམས་ཅད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བའི་སླད་དུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ཞེས་འཁོར་བཅས་མདུན་གྱི་ནམ་མཁར་བྱོན་པར་བསམ་མོ། །དེ་ནས་གསུམ་པ་སྙན་གསན་དབབ་པ་ནི། གདུང་བའི་ང་རོས་འདི་སྐད་དོ། །ན་མོ། སྲུང་མའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ། བདག་ཅག་རིག་འཛིན་འཁོར་དང་བཅས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ། དམ་ཚིག་དམོད་པའི་མཐུ་དང་། དད་པས་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་པ་ནི། རབ་ཏུ་འཇིགས་པ་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ། ཟབ་མོ་རྒྱུད་ཀྱི་སྲུང་མ། འགྲོ་སྐྱོབས་ཡེ་ཤེས་ཀྱི་སྤྱན་ཅན། དམ་ཅན་རྣལ་འབྱོར་གྱི་དགྲ་བླ། བར་ཆད་བདུད་འདུལ་གྱི་དབང་ཕྱུག །རྐྱེན་ངན་འཆི་བདག་གི་གཉེན་པོ། གཉན་པོ་དཀྱིལ་འཁོར་གྱི་སྲུང་མ། དངོས་གྲུབ་

p. 92

ཕྲིན་ལས་ཀྱི་རྩ་བ། ཐོད་པ་སངས་རྒྱས་ཀྱི་དབང་རྟགས་སུ་དབུ་ལ་རྫོགས་པ། སྤྱན་ལྡོག །ཞལ་བསྒྲད། ཁྲོ་གཉེར་གྱིས་བརྗིད་པ། ཞལ་རྒྱས་བཞད་པའི་ཉམས་ཀྱིས་ཆ་ལུགས་འཛིན་པ། ཕྱག་བཞིས་ཕྲིན་ལས་ཀྱི་མཚོན་ཆ་བསྣམས་པ། ཞབས་གཉིས་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་རོལ་ཅིང་སྒེག་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་བསྟན་པ་བསྲུང་བའི་ཕྱིར། མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། དེ་ནས་ཚིགས་བཅད་ཀྱིས་སྤྱན་འདྲེན་པ་ནི། གདུང་བའི་དབྱངས་ཀྱིས་འདི་སྐད་དོ། །ཧཱུྃ། རིན་ཆེན་འབར་བའི་གཞལ་ཡས་ཁང་། །མཆོད་པའི་སྤྲིན་ཚོགས་མཛེས་པས་བརྒྱན། །སྣ་ཚོགས་པདྨ་ཉི་མའི་གདན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་སྤྱོན་མགོན་པོའི་ཚོགས། །ནག་པོ་ཆེན་པོ་གཟི་བརྗིད་ཅན། །གནས་

p. 93

འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །བདེ་གཤེགས་འགྲོ་བའི་དོན་དུ་ནི། །ཚད་མེད་ཐུགས་རྗེའི་སྐུར་བསྟན་པ། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཡེ་ཤེས་ཐུགས་རྗེ་རྫུ་འཕྲུལ་ཅན། །གཙོ་བོ་དང་མཚུངས་གཟི་བརྗིད་ཅན། །ལས་ཀྱི་མགོན་པོ་བྱ་རོག་གདོང་། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཚངས་རིས་མགོན་པོ་ཆེན་པོ་སྟེ། །བདུད་དཔུང་མ་ལུས་འཇོམས་མཛད་པ། །ཤ་ཟ་སེང་གེའི་གདོང་པ་ཅན། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཐུགས་རྗེ་ཆེན་པོས་འགྲོ་དོན་དུ། །ཆོས་ཉིད་རྣམ་དག་མཚོན་པའི་ཕྱིར། །ཡུམ་ཆེན་ལྷ་མོ་ཙན་ཏི་ཀ །མ་མོ་བྱེ་བའི་

p. 94

ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། གསལ་སྟོང་ཐུགས་ཀྱི་སྐུ་སྤྲུལ་པ། །ལེགས་ལྡན་རྔམ་བརྗིད་འཇིགས་གཟུགས་ཅན། །ལྷ་ཆེན་བདུད་འདུལ་མཐུ་བོ་ཆེ། །མགོན་པོ་འབུམ་གྱི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཛ། སྟེང་པ་ལོ་ཙཱས་མཛད། དད་པ་དང་ནི་དམ་ཚིག་གིས། །ཁྲག་འཐུང་རྒྱལ་པོ་འཁོར་བཅས་སྤྱན་འདྲེན་ན། །ཚུར་གཤེགས་ཚུར་བྱོན་མ་ཧཱ་ཀཱ་ལའི་ཚོགས། །ལྷ་དམག་འབུམ་འབྱིན་འདིར་གཤེགས་མཆོད་པ་བཞེས། །ལྷ་ཡི་དམག་དཔོན་འདིར་གཤེགས༴ ནག་པོ་མི་བཟད༴ སྲིན་པོའི་གཟུགས་ཅན༴ བྱ་རོག་མིང་ཅན༴ ཚོགས་ཀྱི་བདག་པོ༴ མ་གཡེལ་མ་འདའ་དཔལ་ཆེན་ཐུགས་ཀྱི་སྲས། །མ་ཧཱ་ཀཱ་ལ་ལྷ་ཡི་གཙོ་བོ་སྟེ། །དབྱིངས་ནས་གཤེགས་ཤིང་བཞུད་པ་མི་མངའ་ཡང་། །བྱིན་གྱིས་བརླབ་ཕྱིར་བཤམ་པའི་

p. 95

གནས་འདི་རུ། །འབར་བའི་སྐུར་སྟོན་བསྒྲུབ་ཀྱིས་གཤེགས་སུ་གསོལ། །ཨེ་ཧྱ་ཧི་མ་ཧཱ་ཀཱ་ལ་ཡ་དྲྀ་ཤྱ་ཧོ། བཞི་པ་གདན་འབུལ་བ་ནི། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ལྔ་པ་མཆོད་པ་ལ། ཆུ་གསུམ་འབུལ་བ་ནི། པྲཛྙཱ་པུཎྱེས་མཛད་པ་འདིས་འབུལ། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་དྲག་ཤུལ་ཅན། །བྱ་རོག་མིང་ཅན་འཇིགས་བྱེད་སྲིན་པོའི་གཟུགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས་ནས་ཀྱང་། །འཇིག་རྟེན་པ་རྣམས་མཐུན་འཇུག་མཛད་པའི་ཕྱིར། །ཕྱག་ཞབས་ཞལ་དང་སྐུ་ནི་བསིལ་བར་མཛོད། །ཁྲག་གི་ཨརྒྷཾ་དུག་གི་འཐོར་འཐུང་དང་། །ཆང་གི་ཡོན་ཆབ་དམ་པ་འདི་བཞེས་ཤིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ༴ ཨཱཉྩ་མ་ནཾ༴ དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ། དྲག་པོ་རྒྱན་ཅན་སྐུ་ལ་ཕྱག་འཚལ་བསྟོད། །སྐྲག་བྱེད་འབྲུག་སྟོང་གསུང་ལ་ཕྱག་འཚལ་ལོ། །མཉམ་ཉིད་མི་གཡོའི་

p. 96

ཐུགས་ལ་ཕྱག་འཚལ་ལོ། །དཔལ་མགོན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་ག་ཨ་མྲྀ་ཏེ་ཧཱུྃ་སྤོ་ཏ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་བདུན་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། བསྟན་སྲུང་དྲག་པོའི་ཆ་ལུགས་ཐུགས་རྗེ་ཅན། །དཔག་མེད་ཡོན་ཏན་དབུ་རྫོགས་དགྲ་བགེགས་འདུལ། །པད་ནག་ཉི་མའི་གདན་ལ་མངོན་དགྱེས་པའི། །དམ་ཆོས་བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ། བཛྲ་ཐཱ་བི་ནི་གི་བ་སུ་རཀྟ་ར་ཨ་སུ་ཀ་ནི་ཨ་དྷི་པ་ཏི་བཛྲ་ཨི་དཾ་པི་པཾ། བརྒྱད་པ་དམ་ལ་བཞག་པ་ནི། ཧཱུྃ། ཡེ་ཤེས་མགོན་པོ་འཁོར་དང་བཅས། །སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ། །རྡོ་རྗེ་འཆང་གི་བཀའ་མ་བཅག །གལ་ཏེ་བཀའ་ལས་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་མཆོག་རྡོ་རྗེ་འབར་བ་ཡིས། །འཁོར་བཅས་བརླག་པར་གདོན་མི་ཟ། །བསྡུ་ན་

p. 97

ཚིགས་བཅད་དོར་ཏེ་སྔགས་ཀྱིས་དམ་ལ་བཞག་ཀྱང་རུང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ནོ། །དགུ་པ་དབང་བསྐུར་བ་ནི། རྒྱུད་གྲི་གུག་བརྩེགས་པའི་ལེའུ་ལས། ནམ་མཁར་བཞུགས་པའི་སངས་རྒྱས་ཀྱིས། །དབང་བསྐུར་རིགས་བདག་རྒྱས་གདབ་བྱ། །ཞེས་གསུངས་པས། དཔལ་ནག་པོ་ཆེན་པོ་ལ་སྡིག་སྒྲིབ་མེད་ཀྱང་། སྒྲུབ་པ་པོའི་ཤེས་སྒྲིབ་དང་དམ་ཚིག་གི་ཉམས་ཆག་འདག་པའི་ཆེད་དུ་དགོས་པའི་ཕྱིར་ན།༓ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨཱཉྩ་མཱ་ནཾ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་ག་ཨ་མྲྀ་ཏེ་ཧཱུྃ་སྤོ་ཏ་ནཾ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་བཛྲ་ཐཱ་བི་ནི་གཱི་བ་སུ་རཀྵ་ར་ལ་སུ་ཀ་ནི་ཨ་དྷི་པ་ཏི་བཛྲ་ཨི་དཾ་པི་པཾ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། སླར་ཡང་ཐུགས་ཀའི་སོགས།༓སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་

p. 98

པ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿཛཿ པཉྩ་ཀུ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མདུན་བསྐྱེད་ཀྱི་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པས། བཅུ་པ་རྒྱས་གདབ་པ་ནི། གཙོ་བོ་ལ་འཁོར་ལོ་བདེ་མཆོག་ཉི་མ་འབུམ་གྱི་གཟི་བརྗིད་ཅན། འཁོར་རྣམས་ལ་མི་སྐྱོད་པ་རེ་རེས་དབུ་བརྒྱན་པར་གྱུར། དེ་ནས་བཅུ་གཅིག་པ་ཐུན་མོང་གི་མཆོད་པ་འབུལ་བ་ནི། ཧཱུྃ། དྲི་ངད་དུག་གི་མེ་ཏོག་སྔོན་པོ་འདི། །དྲག་པོ་དཔལ་ལྡན་མགོན་པོ་མཉེས་པའི་རྫས། །བསྟན་སྲུང་དབུ་ལ་འབུལ་ཏེ་རྒྱན་མཛོད་ལ། །བདག་གཞན་སྐུ་དང་མཚན་དཔེ་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་

p. 99

ཀཱ་ལ་ཡ་བཛྲ་པུཥྤེ་ཨཱཿཧཱུྃ། གུ་གུལ་མི་ཤ་ཚིལ་ཆེན་བོང་བུའི་སྦང་། །རྔ་མོང་རིལ་མ་སྦྱར་བའི་བསྲེག་སྤོས་འདི། །བསྟན་སྲུང་ཤངས་ཀྱི་དབང་པོ་ཚིམ་བྱེད་ཅིང་། །ཚུལ་ཁྲིམས་འཆལ་བའི་དམ་ཉམས་བསྒྲལ་དུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཡ། དྷཱུ་པཾ་ཨཱཿཧཱུྃ། མི་དང་ཕག་པ་ར་རོག་ཚིལ་ཞུན་ལ། །ལེགས་པར་སྦྱར་བའི་རོ་རས་སྡོང་བུ་བཙུགས། །གསལ་བྱེད་སྤྱན་ལ་དད་པས་རབ་འབུལ་ན། །ཤེས་རབ་འཆལ་བའི་ཀླད་པ་སྐམ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ། དི་པཾ་ཨཱཿཧཱུྃ། དུག་སྣ་ཁྲག་ཆེན་སྦྱར་བའི་དྲི་ཆབ་འདི། །ཁྲག་འཐུང་བསྟན་སྲུང་ཐུགས་ལ་བདག་འབུལ་ན། །ཏིང་འཛིན་བར་ཆད་བདུད་དང་འབྱུང་པོའི་ཚོགས། །མ་ལུས་ཐལ་བ་རྡུལ་དུ་བརླག་ཏུ་གསོལ། །གནྡྷེ༴ ནས་ནག་ཏིལ་དང་སྲན་ཆེན་བྲ་བོ་དང་། །རམ་བུ་ལས་བྱས་ཟུར་གསུམ་ཁྲག་གིས་བྱུག །ལྷ་བཤོས་ལྗགས་

p. 100

ཀྱི་དབང་པོ་ཚིམ་བྱེད་འདི། །སྟོབས་ལྡན་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །མ་ཕྱཾ༴ རྐང་དུང་གླིང་བུ་བྷནྡྷ་ལྟག་སྤྲོད་རྔ། །ཆ་ལང་ཅང་ཏེའུ་པི་ཝཾ་རོལ་མོའི་སྒྲ། །ནག་པོའི་སྙན་ལ་གུས་པར་བདག་འབུལ་ན། །བསྟན་ལ་སྙན་པར་སྨྲ་བའི་འདུ་བྱེད་བསྐུལ། །བསྟན་ལ་མི་སྙན་གནོད་བྱེད་བསྒྲལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཏྲི་ཀ་ཉ་པཱུ་ཛྙཱ་ཛི་གྲ་པི་པ་མ་མ་རཀྵ་ཀུ་རུ་ཀུ་རུ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཁ་ཅིག་གིས། བདུད་རྩི་རཀྟ་གཏོར་མ་གསུམ་རྙིང་མར་བཤད། འདིར་མ་བཤད་ཅེ་ན། ལུང་རིགས་གཉིས་ལས། དང་པོ་ནི། དུག་རླངས་ཁོལ་མའི་རྒྱུད་ཀྱི་ལེའུ་བཅུ་གཉིས་པའི་བསྐང་བའི་ལེའུ་ལས། མདོས་དང་ཚོགས་དང་གཏོར་མ་དང་། །བདུད་རྩི་སྨན་དང་རཀྟས་བསྐང་། །ཞེས་དང་། ལས་གསང་བ་མན་ངག་སྦས་པའི་ཐུགས་ཀྱི་ལེའུ་བཅུ་གཉིས་པ་ལས། གསང་ཕྱེ་འབྲང་རྒྱས་དཔལ་གཏོར་དང་། །བདུད་རྩི་རཀྟ་མར་མེའི་ཚོགས། །ཞེས་དང་། ཨ་བྷྱས་མཛད་པའི་རིན་ཆེན་ཕྲེང་བ་ལས། རཀྟ་རྣམ་གསུམ་ཁྲག་ཆེན་དང་། །དམར་ཆེན་གཏོར་མ་གསུང་གི་རྟེན། །ཞེས་རཀྟ་རྣམ་གསུམ་དུ་བཤད་པ་དང་། རྒྱུད་ཆེན་སྤུ་གྲི་ཀླད་གཟེར་གྱི་དོན་བརྒྱུད་པའི་ལས་རིམ་གྱི་བསྐང་བ་ཐུགས་ཀྱི་མེ་ལོང་ལས། ཁྲག་ཆེན་འབར་བའི་ཨརྒྷཾ་དང་། །ཨ་མྲྀ་ཏ་ཡི་དྲི་ཆབ་དང་། །སྣང་སྲིད་

p. 101

གཞིར་བཞེངས་གཏོར་མ་དང་། །ཞེས་མགོན་པོའི་རྒྱུད་རྒྱ་གཞུང་མང་པོ་དང་། ཁྱད་པར་འདིའི་ལས་རིམ་ལས། ཚོགས་དང་བདུད་རྩི་རཀྟ་གསང་བ་དུག་ལྔའི་མཆོད་པ། ལས་ཀྱི་གཉེར་གཏད་པ་རྣམས་དགོངས་པ་ཁྱད་པར་ཅན་གྱིས་མཆོད་པའི་ཚིག་རིས་དང་བཅས་པ་མཛད་འདུག་སྟེ། བདུད་རྩིས་ནི་ཐུགས་ཀྱི་ཡེ་ཤེས་དང་ནུས་མཐུ་བསྐྱེད། རཀྟས་ནི་གསུང་གི་ནུས་སྟོབས་བསྐྱེད། གཏོར་མས་སྐུའི་གཟི་བརྗིད་མཐུ་སྟོབས་བསྐྱེད་བྱེད་བླ་ན་མེད་པ་རྒྱུད་གོང་མ་གསུམ་ལས་ཁྱད་པར་དུ་གྱུར་པའི་མཆོད་པ། ཚོགས་ཀྱི་འཁོར་ལོའི་འདོད་ཡོན་ལམ་དུ་བྱེད་པ་ལ། སྤོང་ལེན་མེད་པར་མཆོད་པ་འདི་བླ་མེད་འབའ་ཞིག་གི་སྤྱོད་ཡུལ། མཆོད་པ་རྣམས་ཀྱི་མཆོག །ཚིག་ཙམ་འདྲེས་པས་མི་རུང་ན། ཤ་ལྔ། བདུད་རྩི་ལྔ། དབང་བཞི་དགའ་བ་བཞི་སོགས་ཟབ་ཅིང་དཔག་དཀའ་བའི་འདྲ་ཚིག་བླ་མེད་ཀྱི་རྒྱུད་ཐམས་ཅད་ན་འདུག་པས། དེ་རྣམས་དང་མ་འདྲེས་པའི་ཆོས་ཀྱང་ལེགས་པར་མི་མངོན་ནོ། །སྤྱིར་དབང་གི་འཇུག་ཆོག་དང་། རབ་གནས་སྦྱིན་སྲེག་དང་མཆོད་པ། མདོས་འཕྱོང་རྣམས་ཀྱི་རྒྱུད་སྤྱི་ནོར་དུ་འདུག་པ། ཁ་བསྐང་ཚིག་རིས་བསླད་མར་འགྲོ་ན། ཐམས་ཅད་བསླད་མར་འགྲོ་གསུངས་པས་ཁ་བསྐང་ཙམ་གྱིས་བསླད་མར་མི་མངོན་པར་སྣང་།༓ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དྷཱུ་པཾ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དི་པཾ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་གནྡྷཾ༴ ཨོཾ་

p. 102

བཛྲ་མ་ཧཱ་ཀཱ་ལ་ཡ་ཕྱཾ་ཏེ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཏྲི་ཀཱ་ཉ་པུ་ཛྙཱ་ཛི་གྷྲ་པི་པ་མ་མ་རཀྵ་ཀུ་རུ་ཀུ་རུ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཨོཾ་ཁཎྜ་རོ་ཧེ་སོགས།༓བཅུ་གཉིས་པ་བདུད་རྩི་འབུལ་པ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཨོཾ་ཨཱཿཧཱུྃ། བཅུ་གསུམ་པ་རཀྟ་འབུལ་བ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། རྒྱས་པ་ནི་གཞན་དུ་ལྟོ། འདི་ནི་ཤིན་ཏུ་བསྡུས་པ་སྔགས་ཀྱིས་འབུལ་བའོ། །བཅུ་བཞི་པ་གཏོར་མ་འབུལ་བ་ནི། རྒྱས་པར་ནི་འཁོར་ལོ་བཞི་མར་བལྟ་ཞིང་། གཏོར་མ་བྱིན་གྱིས་རླབས་པ་ནི། བྱ་རོག་བརྩེགས་པ་དམ་ཚིག་བསྟན་པའི་ལེའུ་བཅུ་བདུན་པ་ལས། འབྲུ་ནག་འབྲས་དང་ཤ་ཁྲག་དང་། །ཤ་ལྔ་བདུད་རྩི་ལྔ་དང་ནི། །ཉ་ཤ་ལ་ཕུག་སྒོག་ཙོང་དང་། །བརྒྱན་པའི་གཏོར་མ་ཆེན་པོ་བཤམས། །སྦྱང་དང་སྤེལ་དང་མོས་པས་བསྒྱུར། །མེ་རླུང་ཐོད་པའི་སྦྱོར་བ་ལས། །ཡེ་ཤེས་བདུད་རྩིར་སྦྱངས་ནས་ཀྱང་། །གསང་སྔགས་འདི་དག་རྣམས་ཀྱིས་འབུལ། །ཞེས་དང་། སྤུ་གྲི་ཀླད་གཟེར་དངོས་གྲུབ་འབྱུང་བའི་ལེའུ་བཅུ་གཉིས་པར། ཁྲག་འཐུང་རྒྱལ་པོའི་གཏོར་མ་ལ། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །

p. 103

ཚར་གཅོད་མན་ངག་ལས་སྦྱོར་རོ། །གཏོར་མའི་མན་ངག་འདི་བཞིན་དུ། །ཤེས་པར་བྱས་ལ་འབུལ་བར་བྱ། །སྒྲུབ་པ་པོ་དག་ཚེ་གཅིག་གིས། །ཁྲག་འཐུང་རྒྱལ་པོ་འཐོབ་བྱའི་ཕྱིར། །དེ་ཡི་ལམ་གྱི་བར་ཆད་སེལ། །ནག་པོ་ཆེན་པོས་བསྟན་པ་སྲུང་། །གཏོར་མ་ལེགས་པར་བཤམས་ནས་ནི། །སྟོང་ཉིད་ངང་ལས་ཀ་པཱ་ལ། །ཐོད་སྐམ་སྒྱེད་ཚུལ་མེ་རླུང་བསམ། །སྒྲོན་མ་བདུད་རྩི་ལྔས་གང་བ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །སྦྱང་བསྒྱུར་སྤེལ་བས་གཉིས་མེད་བསྟིམ། །ནག་པོ་ཆེན་པོའི་སྙིང་པོ་ལས། །ཤམ་བུར་བ་ལིང་བཏགས་ལ་འབུལ། །རྡོ་རྗེའི་ལྗགས་ཀྱིས་གསོལ་བས་མཉེས། །འགྲོ་བ་རིགས་དྲུག་ས་གསུམ་པོ། །ཐམས་ཅད་མགོན་པོ་འཁོར་བཅས་བསམ། །དེ་དག་དགྱེས་ཤིང་ཚིམ་གྱུར་ནས། །ཅི་འདོད་དངོས་གྲུབ་སྩོལ་བར་བསམ། །ངག་འདོན་ནི། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔའི་རྒྱུན་དུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞལ་རྒྱུན། ཕུང་པོའི་སྟེང་དུ་དགྲ་བགེགས་ཐམས་ཅད་ཀྱང་ཐུགས་ཀའི་ས་བོན་གྱིས་བཀུག་པར་གྱུར། ཨོཾ་བཛྲ་ཀ་ཝུ་ཝ་མ་

p. 104

ཧཱ་ཀཱ་ལ་ཡ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་མདུན་ནམ་ཉེར་གཅིག་གིས་འབུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པཉྩི། མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྞ་ཏྲ་ཡ་ཡ། ཨ་པ་ཀཱ་རི་ཎཾ། ཡ་ཏི་པྲ་ཏིཛྙཱ། སྨ་ར་སི་ཏ་ད། ཨི་དཾ་དུཥྚན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྷྲྀ་ཧྞ་གྷྲྀ་ཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གཙོ་འཁོར་ཐམས་ཅད་ལ་འབུལ་བའི་སྔགས་སོ། །དེའང་། གཏོར་མའི་ལས་རྒྱུད་ཆེན་མོ་ལས། མགོན་པོ་མ་མོ་མཁའ་འགྲོ་དང་། །བསྟན་པ་སྲུང་ལ་དགའ་བའི་ལྷ། །ཡེ་ཤེས་པ་དང་འཇིག་རྟེན་པ། །ཐམས་ཅད་འདུས་པའི་སྙིང་པོ་སྟེ། །ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་། །མཚམས་མེད་མི་དགེའི་སྡིག་བསགས་འདག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། །དྲེགས་པ་རྣམས་ཀྱི་ཙིཏྟ་འགས། །གདུག་ཅིང་འཚེ་བ་ཐམས་ཅད་ཀྱང་། །མེ་ལྕེ་ཁ་ཡི་སྦྲང་བུ་བཞིན། །སུས་ཀྱང་འདའ་བར་མི་ནུས་སོ། །དགྲ་བགེགས་མིང་ནས་གང་བགྲང་ཡང་། །དེ་མ་ཐག་ཏུ་བརླག་པར་བྱེད། །

p. 105

བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ནི། །གང་ལ་བྱ་བའི་དངོས་པོ་ཀུན། །རང་དབང་མེད་པར་བརླག་པར་འགྱུར། །ཐམས་ཅད་འགྲུབ་པར་གདོན་མི་ཟ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྡོ་རྗེ་ནག་པོ་ཆེན་པོ། ཡོན་ཏན་གྱི་དབང་ཕྱུག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྲིན་ལས་ཀྱི་མངའ་བདག །སངས་རྒྱས་ཀྱི་བསྟན་སྲུང་། ཆོས་སྐྱོང་བའི་སྲུང་མ། རྣལ་འབྱོར་གྱི་དགྲ་བླ། རིག་འཛིན་གྱི་སྲུང་མ། བདུད་འདུལ་ལས་ཀྱི་དམག་དཔོན། བསྟན་པའི་སྲོག་ཤིང་། དགྲ་བགེགས་ཀྱི་སྲོག་བདུད། ལས་ཀྱི་གཤིན་རྗེ། མནའ་ཟན་གྱི་གཤེད་པོ། ཁམས་གསུམ་གྱི་བདག་པོ། ལྷ་ཆེན་ཀུན་གྱི་གཙོ་བོ། སྐུ་ཡི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། བཀའ་ཉན་གྱི་མགོན་པོ། བཀའ་སྡོད་ཀྱི་མགོན་པོ། ཡུམ་ཆེན་གསུམ། བྱ་རོག་གདོང་ཅན་བཞི། ཤ་ཟ་སེང་གེའི་

p. 106

གདོང་པ་ཅན། ཐུགས་མགོན་ལེགས་ལྡན་ནག་པོ། མཁའ་འགྲོ་མ་བརྒྱད། ཌཱ་ཀི་མ་དྲུག །བཀའ་སྡོད་ལེགས་ལྡན་གྱི་མགོན་པོ་བརྒྱད། གཤིན་རྗེ་བཅུ། སྤྲུལ་པའི་མགོ་བརྙན་བཅུ་དྲུག །ལས་ཀྱི་གིང་ཆེན་བཅོ་བརྒྱད། ཕོ་བདུད་ཉེར་གཅིག །དབང་ཕྱུག་ཉེར་བརྒྱད། དྲེགས་པ་སུམ་ཅུ། །དཔལ་མགོན་དོན་གཉིས། །རོ་ལངས་བརྒྱ། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། འཁོར་ཕྱོགས་སྐྱོང་ཞིང་སྐྱོང་གི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་སོགས་ཀྱིས་འབུལ་ལོ། །དེ་ནས་ཤཱ་ས་ནའི་དམིགས་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་གཙོ་འཁོར་བསྐུལ་ཏེ། མགོན་པོ་དེ་ཉིད་ཁྲོས་འཁྲུགས་ཏེ། རྔམ་པའི་ཞབས་ས་ལ་བརྡབ། ཞལ་ནས་ཧཱུྃ་ཕཊ་མཱ་ར་ཡའི་ང་རོ་འབྲུག་ལྟར་སྒྲོགས་ཤིང་། རྣམ་པར་འགྱུར་བའི་སྤྱན་གསུམ་འཁོར་རྣམས་ལ་དྲག་ཏུ་གཟིགས་པས། འཁོར་རྣམས་རང་དབང་མེད་པར་རབ་ཏུ་འཁྲུགས་ནས། ལག་ན་ལྕགས་ཀྱུ་དང་ཞགས་པ་དང་མཚོན་ཆ་སྣ་ཚོགས་ཐོགས་ཏེ་རང་འདྲ་བའི་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་དང་བཅས་ཏེ་ཕྱོགས་བཅུར་སོང་ནས་དགྲ་བགེགས་ཐམས་ཅད་ཞགས་པས་བཅིང་། ལྕགས་ཀྱུས་བཟུང་སྟེ་ཁྲིད་ནས་འོང་སྟེ་བསད་བཅད་གཏུབ། དོན་སྙིང་འབྱིན་པ་

p. 107

ལ་སོགས་བྱས་ཏེ། གཙོ་འཁོར་རྣམས་ཀྱིས་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་ཆེམ་ཆེམ་དམར་ལྗིབ་ལྗིབ་གསོལ་བར་བསམ། རིག་པ་ངར་དང་བཅས་པས་ཤཱ་ས་ན་སྤེལ་ཚིག་དང་བཅས་ཏེ་བཟླས་སོ། །རྨིས་ལྟས་ངན་པ་དང་། མི་ཁ་སོགས་བཟློག་པར་འདོད་ནའང་དམིགས་པ་འདི་ཉིད་དོ། །ཚིགས་བཅད་ཀྱིས་འབུལ་བ་ནི། ཧཱུྃ། ནག་པོ་ཁྱོད་དང་མཐུན་པའི་དམ་རྫས་ནི། །བྷནྡྷ་དུམ་གཅིག་ཐོད་པའི་སྣོད་ནང་དུ། །རྒྱ་ཤུག་ལ་སོགས་འབྲུ་སྣ་སི་ལི་ལི། །ག་པུར་ལ་སོགས་དྲི་ལྔ་ཀྱི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་པྲིངས་སེ་པྲིང་། །རཀྟ་ཁྲག་གི་རྦ་ཀློང་ཀྱི་ལི་ལི། །པཉྩ་རུས་པའི་ཕུང་པོ་ཁྲ་ལ་ལ། །ཤ་ཆེན་བདུད་རྩིའི་ཚོགས་ནི་ཉི་ལི་ལི། །ཉ་ཤ་སྒོག་ཙོང་ཐུག་པ་ནག་པོ་དང་། །ལ་ཕུད་ལ་སོགས་མཐུན་པའི་དམ་རྫས་ནི། །དཔལ་ལྡན་མགོན་པོའི་སྐུ་ལ་མཆོད་པར་འབུལ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་གྱུར་ཅིག །བཅོ་ལྔ་པ་སླར་ཡང་མཆོད་པ་ནི། ཧཱུྃ། ཁྱོད་ལ་མཆོད་པ་

p. 108

འབུལ་བ་ནི། །འཇིག་རྟེན་ཁམས་ཀྱི་མཆོད་པ་དང་། །བསྲེགས་པའི་གསུར་དང་བཙོས་པའི་ཞག །མྱོས་པའི་ཆང་དང་བདུད་རྩི་ལྔ། །རཀྟ་བ་ལིང་ཨ་མྲྀ་ཏ། །ཞལ་དུ་འབུལ་ལོ་ཁ་རཾ་ཁཱ་ཧི། །མགུལ་དུ་སྐྱོངས་ཤིག་ཨ་ལ་ལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །བླ་མའི་སྐུ་དགྲར་གྱུར་པ་དང་། །སེམས་ཅན་ཡོངས་ལ་འཚེ་བ་དང་། །བདག་ལ་བརྙས་བྱེད་དགྲ་བགེགས་རྣམས། །སོད་ཅིག་བཏོག་ཅིག་མཱ་ར་ཡ། །ཙིཏྟ་ཁ་རཾ་ཛ་ཛ་ཛ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་གང་ཡིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དངོས་གྲུབ་རྣམ་གཉིས་འབྱུང་བ་དང་། །གཞན་དོན་མཐར་ཕྱིན་མཛད་ནས་ཀྱང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །བཅུ་དྲུག་པ་ཕྲིན་ལས་བཅོལ་བ་ནི། རྡོ་རྗེ་ནག་པོ་

p. 109

ཆེན་པོ་ཡབ་ཡུམ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་སྨན་རཀ་གཏོར་མ་བཞེད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོ་འདི་བཞེས་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་སྦྱོར་ཕུན་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། དེ་དག་ལ་བར་དུ་གཅོད་པའི་དགྲ་བགེགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་ཚར་གཅོད་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། བཅུ་བདུན་པ་བསྟོད་པའི་བསྔགས་པ་ནི། གསོད་བྱེད་སྲོག་བདུད་ནག་པོའི་རྒྱུད་ལས། གཏོར་མ་འབུལ་ཞིང་བསྟོད་པ་བྱ། །ཞེས་དང་། ཡང་དེ་ཉིད་ལས། དུས་

p. 110

གསུམ་སངས་རྒྱས་བསྟན་པ་ནི། །སྤྱི་བོའི་གཙུག་གིས་ཁུར་མཛད་ཅིང་། །དམ་ཉམས་བསྟན་ལ་སྡང་བ་དང་། མྱུར་དུ་བསྒྲལ་ཞིང་ཚར་གཅོད་པའི། །བྱ་རོག་མིང་ཅན་སྟོབས་པོ་ཆེ། །བསྟན་སྲུང་ཁྱོད་ལ་ཕྱག་འཚལ་སྟོད། །ཅེས་གསུངས་པས། བསྟོད་པ་ཤིན་ཏུ་གལ་ཆེ་བས་ན། མ་ཡེངས་པར་བསྟོད་པའི་ནང་དུ་ཡོད་པ་ལྟར་གསལ་གདབ་པར་བྱ་དགོས་སོ། །བསྟོད་པ་ནི། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྱཥྚ་པ་ད་སྟོ་ཏྲ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ། གྲུབ་པར་གྱུར་ཅིག་ཧཱུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་པའི། །ཧ་ཧ་ཊ་ཊ་ཞེས་བཞད་སྒྲ་ཡིས་གང་ཞིག་དུས་ཀུན་དུ་ནི་ཤིན་ཏུ་འཇིགས་མཛད་ཅིང་། །ཀཾ་ཀཾ་ཀཾ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཐུ་དང་མཚུངས་པའི་སྐུ། །བྷྲཱུཾ་བྷྲཱུཾ་བྷྲཱུཾ་ཞེས་ཁྲོས་པའི་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང་། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་

p. 111

ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུག་ཅིང་བསྒྱུར་མཛད་ཀྲུཾ་ཀྲུཾ་ཀྲུཾ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧཱ་ཧཱ་ཧཱུྃ་དང་ཀཱི་ལི་ཀཱི་ལི་ཞེས་སྒྲོགས་ཕྱག་གཡོན་ཁ་ཊྭཱཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་གསོལ་བ་འཐུང་བ་ལ་དགྱེས་ཤིང་། །ཁཾ་ཁཾ་ཁཾ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲི་བགེགས་རྣམས་ལ་ནི་རོལ་མཛད་པ། །ཌཾ་ཌཾ་ཌཾ་ཞེས་ཌ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྵཱཾ་ཀྵཱཾ་ཀྵཱཾ་ཞེས་བཟོད་པའི་ཐུགས་ཅན་ཅ་ཅོ་སྒྲོག་པར་བྱེད་

p. 112

པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ནས་ཀ་ཧཱ་ཀ་ཧཱ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་བའི་རྒྱན་གྱིས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོའི་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱི་ཀྵིཾ་ཤྲཱིཾ་གི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་སྲེག །རོལ་པས་རོལ་པ་སེལ་ཞིང་མི་ཡིས་གང་བའི་མཚོ་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛད། །ཕེཾ་ཕེཾ་ཕཊ་ཅེས་སྒྲོགས་པ་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་

p. 113

རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙཾ་ཙཾ་ཙཾ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་འོད་ཀྱིས་འཇིག་རྟེན་སྣང་མཛད་པ། །ཀྲིཾ་ཀྲིཾ་ཀྲིཾ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང་། །སཾ་སཾ་སཾ་ཞེས་ཚོགས་པའི་བདག་ཉིད་དག་ཐོས་ཤིང་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བཾ་བཾ་བཾ་ཞེས་གཤིན་རྗེ་ལྟར་འགྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡཾ་ཡཾ་ཡཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླཾ་ཀླིཾ་ཀླུཾ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །པཾ་

p. 114

པཾ་པཾ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་ལུས་ཅན་ཐུགས་ཀྱི་སྔགས་པ་རྣམས་ལ་འབྲས་བུ་བློ་གྲོས་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོ་ཡི་སློབ་དཔོན་འགའ་ཞིག་དམ་ཚིག་ཐོས་འཛིན་གང་ཞིག་བློ་ལྡན་གུས་པ་ཡིས། །ཐུན་གཉིས་སུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་གྱུར་པ་དང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་པ་མེད། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་རྣམས་རྟག་ཏུ་ཉམས་པར་འགྱུར། །དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།

p. 115

རྒྱ་གར་གྱི་མཁན་པོ་ཀོ་ས་ལའི་རྣལ་འབྱོར་པ་ཤྲཱི་བཻ་རོ་ཙ་ན་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་ལྡིང་རི་ཆོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༈ བཅོ་བརྒྱད་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པ་ནི། དེ་ཡང་ཐུན་མགོ་ཐམས་ཅད་དུ་འབྲུ་གསུམ་བྱིན་རླབས་གཅེས་གསུངས་པས། ངེས་ཤེས་འདྲོང་བར་བྱ་སྟེ། དེའང་མགོན་པོའི་ཕྱི་སྒྲུབ་ཨཱརྱ་དེ་བས་མཛད་པའི་རྒྱ་གཞུང་དུ། སྤྱི་བོ་མགྲིན་པ་སྙིང་ག་རུ། །པདྨ་ལ་གནས་ཉི་ཟླ་ཡི། །སྟེང་དུ་ཨོཾ་ཨཱཿཧཱུྃ་རྣམས་ཀྱིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཞེས་དང་། མགར་དམ་པའི་ཐོ་ཡིག་ལས། འབྲུ་གསུམ་གྱི་ནི་སྙིང་པོ་ཡང་། །སུམ་བརྒྱ་ཡན་ཆད་ཅི་རིགས་བཟླ། །དེས་ནི་ནུས་པ་མི་ཉམས་ཤིང་། །དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་པས། བདག་མདུན་གྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཕྱོགས་བཅུ་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་སྐུ་གསུང་ཐུགས་ཕྱག་མཚན། ཡི་གེ། འོད་ཟེར་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ། བདག་མདུན་གྱི་གནས་གསུམ་ལ་ཐིམ་པས་དབྱེར་མེད་པར་གྱུར་ཏེ། ཕྱོགས་བཅུའི་རྒྱལ་བ་ཡང་མགོན་པོ་ལ། མགོན་པོའང་ཕྱོགས་བཅུའི་རྒྱལ་བར་གྱུར། སླར་ཡང་འོད་ཟེར་གྱིས་སྣང་སྲིད་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཐུ་སྟོབས་ཚེ་དཔལ་ཐམས་ཅད་བསྡུས་ཏེ། མགོན་པོའི་ཡི་གེ་གསུམ་ལ་ཐིམ་པས་ཁམས་གསུམ་གྱི་བདག་པོར་

p. 116

བསམ། དེ་ནས་མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་འོད་ཟེར་དང་བཅས་ཏེ་བར་མ་ཆད་པར་བདག་གི་གནས་གསུམ་དུ་ཐིམ་སྟེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་སྟེ། དེ་ནི་བྱིན་གྱིས་བརླབས་པས་དབང་དུ་བསྡུད་པའི་མན་ངག་གོ། །ངག་འདོན་ནི། བདག་དང་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ། དཔྲལ་བའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུའི་བྱིན་རླབས། སྐུའི་ནུས་མཐུ་དཔག་ཏུ་མེད་པ་འཕྲོས་པས། ཨོཾ་ཨཱཿཧཱུྃ། མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་

p. 117

གསུང་གི་བྱིན་རླབས། གསུང་གི་ནུས་མཐུ་དཔག་ཏུ་མེད་པ་འཕྲོས་པས། ཨོཾ་ཨཱཿཧཱུྃ། ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་སྔོན་པོ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས། ཐུགས་ཀྱི་ནུས་མཐུ་དཔག་ཏུ་མེད་པ་འཕྲོས་པས། ཨོཾ་ཨཱཿཧཱུྃ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཚེའི་རིག་འཛིན་བརྙེས་པ། མངོན་པར་ཤེས་པ་མངའ་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཉི་མ་ཟླ་བ། སྨན་ནགས་ཚལ། འབྱུང་བ་བཞིའི་བཅུད་ཐམས་ཅད་ཡི་གེ་གསུམ་གྱི་རྣམ་པར་ཨོཾ་ཨཱཿཧཱུྃ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་བཀྲག་མདངས་མཐུ་སྟོབས་ནུས་མཐུ་ཐམས་ཅད་ཡི་གེ་གསུམ་གྱི་རྣམ་པར་ཨོཾ་ཨཱཿཧཱུྃ། སུམ་བརྒྱའམ་མང་དུ་བརྗོད། ༧ ཕྲེང་བ་བྱིན་རླབས་མང་དུ་བཤད་ཀྱང་།

p. 118

ཐོ་ཡིག་ལས། བསྙེན་སྒྲུབ་བཟླས་པའི་དུས་ཚོད་དུ། །མི་ཐོད་ཕྲེང་བ་བཟུང་བྱས་ལ། །བསྙེན་པའི་དུས་ན་མདོ་འཛིན་དེ། །བཅོམ་ལྡན་ལྷན་ཅིག་སྐྱེས་པར་བསྒོམ། །ཕྲེང་རྡོག་ཡེ་ཤེས་མགོན་པོའི་སྐུ། །བརྒྱ་རྩ་བརྒྱད་དུ་བསྒོམ་པར་བྱ། །བགྲང་བས་རང་ལ་ཐིམ་པར་བསམ། །ལས་སྦྱོར་ཚེ་ན་མདོ་འཛིན་དེ། །མགོན་པོའི་སྐུར་བསམ་ཕྲེང་བ་རྣམས། །བསྒྲུབ་བྱའི་མགོ་བོར་བསམས་ནས་ནི། །མཐེབ་ཆེན་ལས་མགོན་མ་རུངས་པས། །བཅད་ནས་ཞལ་དུ་ཕུལ་བར་བསམ། །དེ་ཡིས་ཕྲིན་ལས་མྱུར་དུ་འགྲུབ། །༧ བཅུ་དགུ་པ་བཟླས་པ་བྱ་བ་ནི། རྒྱུད་ཆེན་སྤུ་གྲི་ཀླད་གཟེར་གྱི་དངོས་གྲུབ་འབྱུང་བའི་ལེའུ་བཅུ་གཅིག་པ་ལས། མགོན་པོའི་ཐུགས་ཀར་ཧཱུྃ་ཡིག་ལས། །དྲག་པོའི་སྔགས་ཀྱིས་བསྐོར་བར་བསམ། །ཞེས་གསུངས་པ་དང་། གསོད་བྱེད་སྲོག་ཟན་ནག་པོའི་རྒྱུད་ཀྱི་ལེའུ་བཅུ་དགུ་པ་ལས། ༀ་ཡེ་ཤེས་ལྔ་ལྡན་ཕཊ་སྐྲད་བྱེད་ཅེས། །ནག་པོ་ཆེན་པོའི་འབྲུ་བཞི་མ་ཧཱ་ཀཱ་ལ་ལས། །སྡུད་བྱེད་རྒྱལ་པོས་ཡང་དག་བསྡུད། །མི་ཤིགས་བཛྲ་རྡོ་རྗེ་ཡང་དག་བརྒྱན། །དེ་ནི་རྩ་བའི་སྔགས་སུ་བཤད། །ཡེ་ཤེས་མགོན་པོའི་བསྙེན་པ་ཡིན། །ཞེས་དང་། གསང་བ་མན་ངག་སྦས་པ་ཐུགས་ཀྱི་རྒྱུད་ཆེན་གསུམ་པར། གསང་སྔགས་ཡིག་འབྲུ་བདུན་པ་ལས། ཡི་གེའི་གྲངས་ཀྱི་འབུམ་ཚོ་རེ། །ཞག་ནི་ཉི་ཤུ་རྩ་གཅིག་བཟླས། །འབུམ་ཚོ་བདུན་དུ་གྲངས་ཐེམ་ནས། །ཞེས་དང་། ནག་པོ་ཆེན་པོའི་ལས་གསང་བའི་ལེའུ་བཅུ་གཉིས་པར། བསྙེན་དང་སྒྲུབ་དང་བསད་པ་དང་། །

p. 119

བསད་པའི་དུས་ཀྱི་མཐའ་རྟེན་དག །སྔགས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཕྱོགས་བཅུའི་རྒྱལ་བ་ཡང་མགོན་པོ་ལ། མགོན་པོ་ཡང་ཕྱོགས་བཅུའི་རྒྱལ་བར་གྱུར། བདག་ཉིད་བཅོམ་ལྡན་འཁོར་ལོ་སྡོམ། །གསལ་བའི་ཐུགས་ཀར་ཉི་མ་ཡི། །དཀྱིལ་འཁོར་དབུས་སུ་ཧཱུྃ་ཡིག་མཐར། །ཡི་གེ་བདུན་པ་རབ་ཏུ་འཁོར། །མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུྃ། །སྔོན་པོ་འོད་ཟེར་འབར་བའི་མཐར། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་པའི་སྔགས་ཕྲེང་འཁོར་བར་གྱུར། །རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་དཔལ་ལྡན་ནག་པོ་ཆེ། །ཐུགས་ཀར་ཕོག་སྟེ་ཐུགས་རྗེ་ཆེ། །བསྐུལ་ཏེ་བྱིན་རླབས་དངོས་གྲུབ་རྣམས། །འོད་ཟེར་ཁ་དོག་སྣ་ཚོགས་པ། །མགོན་པོའི་ཞལ་ནས་བདག་ཉིད་ཞལ། །ཞུགས་ཏེ་ཐུགས་ཀར་ཐིམ་པའི་མོད། །ཡེ་ཤེས་མགོན་པོ་འཁོར་བཅས་ལས། །སྤྲུལ་པའི་ཕོ་ཉ་

p. 120

མང་སྤྲོས་ཏེ། །བདུད་བཞི་བཏུལ་ཞིང་ཕྲིན་ལས་བཞི། །ཐོགས་པ་མེད་པར་འགྲུབ་པར་གྱུར། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་སོ། །བདག་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་འབར་བའི་མཐའ་གཡོན་བསྐོར་དུ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། མགོན་པོའི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་ཡིག་མཐིང་ནག་འབར་བའི་མཐའ་གཡོན་བསྐོར་དུ། དཔལ་བྱ་རོག་བརྩེགས་པའི་ལེའུ་བཅུ་དྲུག་པར། དེ་ནས་སྙིང་པོའི་བསྐུལ་པ་འདི་ལྟ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། རྩ་བའི་སྙིང་པོ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་པ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། སྲོག་གི་སྙིང་པོ། དངོས་གྲུབ་འབྱུང་རྒྱུད་ཀྱི་ལེའུ་བརྒྱད་པར་ཐུན་མོང་མ་ཡིན་པར་གཞན་དུ་མི་འགྱུར་བའི་སྙིང་པོ།

p. 121

ཨོཾ་བཛྲ་ཀ་ཝུ་ཝ་པ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཡབ་ཀྱི་བདག་པོའི་སྲོག །ཨོཾ་བཛྲ་ཀཱ་ཝུ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་སྔགས་ཕྲེང་གིས་བསྐོར་བ་གསལ་གདབ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མགོན་པོའི་ཐུགས་ཀར་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བ་ཁ་དོག་སྣ་ཚོགས་པའི་ཚུལ་དུ་མགོན་པོའི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ཤིང་ཐུགས་ཀར་ཐིམ་པར་བསམ། དེས་མགོན་པོ་འཁོར་བཅས་ལས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་ཅིང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཀྱང་ཇི་ལྟར་བསྒོ་བ་བཞིན་ཐོགས་མེད་དུ་སྒྲུབ་པར་བསམ་ལ། སྔགས་རྐྱང་པའམ། བདེ་མཆོག་གི་ཡི་གེ་བདུན་པ་དང་སྦྲེལ་ནས་སྟོང་ཕྲག་ལ་སོགས་པ་རྩེ་གཅིག་ཏུ་བཟླ་བར་བྱའོ། །དམིགས་པ་དེ་ཉིད་བསྡུས་པ་ཡིན་ཅིང་། རྒྱས་པར་ནི་སྤུ་གྲི་ཀླད་གཟེར་གྱི་ལེའུ་བཅུ་གཅིག་ཏུ་བལྟ་བར་བྱའོ། །དེའང་ཐོ་ཡིག་ལས། འཁོར་ལོ་སྡོམ་པའི་ང་རྒྱལ་གྱིས། །ཡི་གེ་བདུན་པའི་བཟླས་བརྗོད་བྱའོ། །སྐྱོ་བར་གྱུར་ན་དྭངས་མའི་སྲོག །རང་བྱུང་ལྷན་སྐྱེས་ཆོས་ཀྱི་སྐུ། །སྤྲོས་བྲལ་འོད་གསལ་ཕྱག་རྒྱ་ཆེ། །བློ་ལས་འདས་པ་བསྒོམ་པར་བྱ། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། དེ་དག་ཐམས་ཅད་རང་བཞིན་མེད། །ལྟ་བ་རྣམ་

p. 122

པར་དག་པའི་གདེངས། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དོན། །དྭངས་མའི་སྲོག་ཏུ་ཤེས་པར་བྱ། །ཞེས་གསུངས་པས། དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག །ཐུན་མགོ་མཇུག་བར་གསུམ་དུ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོ་ལ་གནད་དུ་བསྣུན་པས། ཡེ་ཤེས་མགོན་པོ་སྒྲུབ་པའི་གནད་ཟབ་མོ་ཡིན་ནོ། །འོན་ཀྱང་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོར་འོང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཡེ་ཤེས་ཀྱི་མགོན་པོ་བྱ་རོག་མཚན་ཅན་བྱ་བ་དེ། ཕྱོགས་མཚམས་སྟེང་འོག་ཀུན་ན་ནག་ཡོར་ཡོར་པོ་གཅིག་ཡོད་སྙམ་ན། དེ་ནི་མ་ཡིན་ཏེ། ཡེ་ཤེས་མགོན་པོ་བྱ་བ་དེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་སེམས་ཉིད་གདོད་ནས་མ་སྐྱེས་པའི་སྟོང་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་གཤིས་སམ་བབ་ཀྱི་འདུག་ཚུལ་ཡིན་གསུངས། དེ་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་གཅིག་གིས་ངོ་སྤྲད་པས་རྒྱུད་ལ་སྐྱེས་པ་ཉམས་སུ་བླང་ན་རྟོགས་པ་མངོན་དུ་གྱུར་ཙམ་ན། ཡེ་ནས་གནས་པའི་ཤེས་པ་དེ་ལ་ཡེ་ཤེས་བྱ་བ་ཡིན་ནོ། །ཡེ་ཤེས་བྱ་བ་ལོགས་སུ་མེད་གསུངས། མགོན་པོ་ཞེས་བྱ་བའི་རྒྱུ་མཚན་ཡང་། འཁོར་འདས་ཀྱི་དཔལ་མགོན་དུ་གྱུར་པས་ན་མགོན་པོ་ཞེས་བྱའོ། །ཆོས་སྐྱོང་ཞེས་བྱ་བའི་རྒྱུ་མཚན་སྤྱིར་མགོན་པོ་བྱ་བ་གསུམ་དུ་འོང་བ་ཡིན་ཏེ། ཡེ་ཤེས་ཀྱི་མགོན་པོ། ཆོས་སྐྱོང་མགོན་པོ། འཇིག་རྟེན་མགོན་པོ། དང་པོ་ནི། ཆོས་སྐུ་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བ་སྟེ། སངས་རྒྱས་རིགས་གསུམ་མམ།

གཏོར་བཟློག་གི་བསྙེན་སྔགས།

p. 123

གཏོར་བཟློག་གི་བསྙེན་སྔགས་བཞུགས། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཡབ་ཀྱིའོ། །ཨོཾ་ག་རུ་ཊ་ཀཾ་ཀཾ་ཏེ་ཧུྃ་ཧཱུྃ་ཕཊ། བྱ་ཁྱུང་གིའོ། །ཨོཾ་་མ་ཧཱ་ཀཱ་ལ་དཱེ་ཝི་རཱུ་པི་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་རེའུ་རེའུ་ཏྲི་མ་དུ་ཤ་ཤ་ཛཿཛཿ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོ་ཛཿ རྩ་འཇིབ་མའོ། །ཨོཾ་ཀི་ན་ཤྭ་ར་སྙིང་ཁ་རག་ཙིཏྟ་སྲོག་ཏུཾ་ཏུཾ་དུན་དུན་བྲེང་བྲེང་ཛཿཛཿ ཙན་ཏི་ཀའོ། །ཨོཾ་ཡཀྴ་དྷེ་ཝ་མ་ཧཱ་ཀཱ་ལ་དུ་བིཾ་ཧཱུྃ་ཕཊ། ཐུགས་མགོན་ལེགས་ལྡན་ནོ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་

p. 124

ཀཱ་ལ་ཏྲཀྴ་ཛཿ ཨོཾ་བཛྲ་ཙི་ཐུན་ཤ་ཐུན་ཨ་མུ་ཀ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། བྱ་རོག་གདོང་བཞི། ཨོཾ་མ་ཧཱ་ཀཱ་ལ་ཧྲཱི་ཐིཾ། མ་ཧཱ་ཀཱ་ལ་ནི་གབ་བྱ་ལི་རི་ཀྲི་ཡི་ཧྲི་གུར་པ་ཏྲི་བྷ་ཏ་ནི་ཡ་ཨ་ཤག་ཤག །དེ་རུ་ཕྱེ་ཡ་དགྲ་བོ་ཨེ་ཡཾ་ཨེ་ཛཿ ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་གིངྐ་ར་ཧཱུྃ་ཕཊ། སེང་གདོང་གིའི། ཏྲི་ཧྲིཾ་ཛ་ཌཱ་ཀི་ནི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཏྲི་ཧྲིཾ་ཛཿ འཁོར་སྔགས་སོ། །ཨོཾ་གྷྲི་དྷ་སྱ་ཧུྃ་ཧཱུྃ་ཕཊ། བྱ་རྒོད་གདོང་གིའོ། །ཨོཾ་གྷ་རུ་སྱ་ཧུྃ་ཧཱུྃ་ཕཊ། ཁྱུང་གདོང་ངོ་། །ཨོཾ་ཁ་ཁ་སྱ་ཧུྃ་ཧཱུྃ་ཕཊ། ཝ་གདོང་ངོ་། །ཨོཾ་ཧུ་ལུ་སྱ་ཧུྃ་ཧཱུྃ་ཕཊ། འུག་གདོང་ངོ་། །ཨོཾ་བྷ་ར་སྱ་ཧུྃ་ཧཱུྃ་ཕཊ། ཕག་གདོང་ངོ་། །ཨོཾ་ཤྭ་ན་སྱ་ཧུྃ་ཧཱུྃ་ཕཊ། ཁྱི་གདོང་མའོ། །ཨོཾ་ཛམྦུ་ཀ་སྱ་ཧུྃ་ཧཱུྃ་ཕཊ། སྤྱང་གདོང་མའོ། །ཨོཾ་བྷྱ་གྷྲི་སྱ་ཧུྃ་ཧཱུྃ་ཕཊ། སྟག་གདོང་མའོ། །འཁོར་སྤྱིའི་སྔགས་ཤཱ་ས་ནའོ། །གཙོ་བོ་ལ་སུམ་འབུམ། འཁོར་ལ་ཁྲི་ཕྲག་ཟེར་བར་སྣང་སྟེ། སུམ་འགྱུར་བཟླས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི། མ་ཀ་ལོ་ཡཾ། ཨི་དཾ་རཏྣ་

p. 125

ཏྲ་ཡ་ཡ། ཨ་པ་ཀཱ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་ད། ཨི་དཾ་དུཥྚན་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྷྲྀ་ཧྞ་གྷྲྀ་ཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ༈ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལཾ་ཐུཾ་རིལ་རྦད་སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུམ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛཿ ནྲྀ་ཛ་ཙིཏྟ་ལ་ཐུཾ་རིལ་རྦད། ནྲྀ་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར། དགྲ་བགེགས་ཀྱི་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད་སྲོག་རྩ་ཆོད་ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་དགྲ་བོ་ལྷ་ལ་ཤག་ཕྱེས་ཤག་ཕྱེས། མ་མ་ཏྲག་རུ་ཏྲ་དགྲ་བགེགས་མཱ་ར་ཡ་ཕཊ། དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མ་ར་ཡ་རྦད་རྦད།

མགོན་པོ་ཕྱག་བཞི་པའི་ལས་འགྲིགས་མུ་མཐུད།

p. 126
p. 127

རིགས་ལྔར་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོའོ། །ཆོས་སྐྱོང་གི་མགོན་པོ་ནི། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་དང་། བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ། ཆོས་ཚུལ་བཞིན་དུ་བྱེད་པ་རྣམས་ཀྱི་མགོན་དང་གྲོགས་བྱེད་པ། དཔལ་ནག་པོ་ཆེན་པོ་དང་། དཔལ་ལྡན་ལྷ་མོ་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་གཉིས་སམ། རྩ་བརྒྱད་ལྟ་བུའོ། །འཇིག་རྟེན་གྱི་མགོན་པོ་ནི། དེ་དག་གི་འཁོར་དུ་གཏོགས་པའི་དཀར་པོའི་ཆོས་ལ་དགའ་བའི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། ཐ་ན་མཁའ་ལ་རྒྱུ་བའི་ཡི་དྭགས་མཐུ་བོ་ཆེ་ཆོས་ལ་དགའ་བ་ཐམས་ཅད་ཀྱང་ཆོས་བྱེད་པའི་གྲོགས་བྱེད་པས་ན་འཇིག་རྟེན་གྱི་མགོན་པོ་བྱ་བར་གྲགས་པ་ཡིན། དེ་ལ་འདི་ནི་སངས་རྒྱས་སྟོང་གི་བསྟན་པ་སྲུང་བར་ཁས་བླངས་པ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིན་པས། ཆོས་སྐྱོང་མགོན་པོ་ཡང་ཡིན་ལ། གཙོ་བོར་བྱ་རོག་མཚན་ཅན་འདི་ནི། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྤྲུལ་པ་ཁོ་ནར་ཟད་པས་ན་ཡེ་ཤེས་ཀྱི་མགོན་པོ་ཡིན་ནོ། །བདུད་ཚོགས་ཕམ་པར་མཛད་ཅིང་། དཀར་ཕྱོགས་སྐྱོང་བར་མཛད་པས་ན་ཆོས་སྐྱོང་ཡིན་པར་གསུངས། དེ་ལྟ་བུའི་མགོན་པོ་ཆེན་པོ་འདིའི་བཟླས་པ་བྱ་བ་ལ་ཡོན་ཏན་ཇི་ལྟ་བུ་ཡོད་ཅེ་ན། གསོད་བྱེད་སྲོག་ཟན་ནག་པོའི་རྒྱུད་ལེའུ་བཅུ་པར། གསང་བ་ཡང་སྙིང་འདི་ཉིད་ལ། །མོས་ཤིང་དད་པས་བཟླ་བྱེད་པ། །མགོན་པོ་དམ་ཅན་ལས་ལ་འདུ། །གཞན་ཡང་བཟླས་པའི་ཕན་ཡོན་ནི། །

p. 128

སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །མེ་དང་རྒྱལ་པོ་ཆུ་དང་དུག །མ་རུངས་ལྕེ་སྤྱང་ལ་སོགས་པའི། །འཇིགས་པ་རྣམས་ལས་ཡོངས་སུ་ཐར། །ནད་དང་སྡུག་བསྔལ་ཞི་བ་དང་། །ཚེ་དང་དབང་ཐང་ལ་སོགས་པ། །ལོངས་སྤྱོད་འཕེལ་ཞིང་དབུལ་བ་སེལ། །དཔག་བསམ་ལྗོན་ཤིང་རྒྱས་པ་སྟེ། །མི་ནུབ་རྒྱལ་མཚན་འཇིག་རྟེན་དུ། །གྲགས་པ་ཆེན་པོ་བླ་མེད་འགྱུར། །ཚོགས་རྫོགས་སྒྲིབ་པ་རྣམ་དག་ཅིང་། །བླ་མེད་བྱང་ཆུབ་ཆེན་པོར་འགྱུར། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །དགོས་འདོད་ཐམས་ཅད་དེ་ལས་འབྱུང་། །ཡེ་ཤེས་མགོན་པོའི་བསྙེན་པ་ཡིན། །ཞེས་གསུངས། བཟླས་པའི་གྲངས་ཇི་ཙམ་སྙམ་ན། རྒྱུད་ཆེན་དངོས་གྲུབ་འབྱུང་བའི་ལེའུ་བརྒྱད་པ་ལས། གྲངས་ནི་བདུན་འབུམ་དག་དང་ནི། །ཁྲི་ཕྲག་བདུན་དང་སྟོང་ཕྲག་བཅུ། །སྟོང་ཕྲག་བདུན་གྱིས་ཉེ་བར་འགྱུར། །ཐབས་དང་ཤེས་རབ་བཅས་པ་ཡི། །སྔགས་ཀྱི་སྟོང་ཕྲག་བཅུ་དག་གིས། །མངོན་སུམ་གསལ་བའི་ངེས་པ་འཆར། །དུས་ནི་ཟླ་དྲུག་ཞག་བདུན་བར། །རྣལ་འབྱོར་སྨྲ་བ་བཅད་དེ་བཟླ། །མི་ཚིག་བར་མ་ཆོད་པ་ཡིས། །གསང་སྔགས་ཕྲིན་ལས་ངེས་པར་འགྲུབ། །ཐུན་མཚམས་མཆོད་དང་གཏོར་མ་དང་། །བསྟོད་དང་བཅོལ་བསྐུལ་ལས་བསྒྲུབ་བྱ། །དེས་ནི་ཉེ་བར་འགྲུབ་པར་འགྱུར། །ཞེས་དང་། ཡང་རྒྱུད་དེ་ཉིད་ལས། གསང་སྔགས་མཆོག་ཏུ་གྱུར་པ་ནི། །སྟོང་དང་བརྒྱ་པོ་བཅུ་འགྱུར་གྱིས། །རིགས་ནི་དམ་པའི་ས་ལ་གནས། །ཞེས་གསུངས་པས། ཡིད་གཉིས་ཀྱི་དགྲ་སྤངས་ཏེ་

p. 129

བཟླས་པ་ལ་འབད་པར་རིགས་སོ། །ཉི་ཤུ་པ་ལྷག་ཆད་ཁ་བསྐང་བ་ནི། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨཱ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན། བཛྲ་ཧེ་རུ་ཀ་མ་མེ་མུཉྩ། བཛྲ་ཧེ་རུ་ཀོ྅་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ༈ དེ་ནས་ཉེར་གཅིག་པ་གསང་བའི་གསོལ་འདེབས་བྱ་བ་འདི་སྐད་དོ། །དཔལ་རྡོ་རྗེ་མགོན་པོ་འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་ཅིང་། ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་དེད་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ།

p. 130

རིག་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་བ། དམ་ཅན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་བསྡུད་ལས་ཀྱི་རྩལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་བསྲུང་བའི་ལས་ལ་རྩལ་འབྱིན་པ། མཐུ་དང་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་རྩལ་དྲག་བདག་ལ་དགོངས་སུ་གསོལ། རྡོ་རྗེ་འཛིན་པ་བདག་མིང་འདི་བྱ་བའི་རྟེན་འདི་ལ་བཞུགས་ལ། རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་བདེ་བ་ཆེན་པོའི་ཞིང་ཁམས་བགྲོད་པའི་ལམ་གྱི་བར་ཆད་བདུད་བཞིའི་འཇིགས་པ་ལས་སྒྲོལ་བའི་ལམ་གྱི་སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་ལམ་ལ་ཁྲིད་པའི་ཏིང་ངེ་འཛིན་གྱི་སུན་མ་དང་ཕྲད་པར་མཛོད་ཅིག །དེ་ལྟར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་། ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་མི་འཇུག་

p. 131

ཅིང་། ཐར་པ་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་། བཀྲ་ཤིས་དང་བདེ་ལེགས་ཀྱི་གནས་ནས་ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་ཐོབ་ནས་འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི་བྱ་བ་ལ་གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་མཛད་དུ་གསོལ། དཔལ་རྒྭ་ལོས་བསིལ་བའི་ཚལ་དུ་རྡོ་རྗེ་མགོན་པོ་ཞལ་གཟིགས་པའི་དུས་སུ་མཛད་པའི་གསང་བའི་གསོལ་འདེབས་སོ། །༧ ཉེར་གཉིས་པ་མཆོད་པ་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ཐ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། ༧ དེ་ནས་ཉེར་གསུམ་པ་བསྟོད་པ་ནི། ཧཱུྃ། བྱང་ཤར་ནགས་འདབས་དུར་

p. 132

ཁྲོད་ཆེན་པོའི་དབུས། །མ་མོ་རབ་འབར་གཅེར་བུའི་དཀྱིལ་འཁོར་ནས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །སྟོབས་ཆེན་རབ་འབར་འགྱིང་བའི་ཆ་བྱད་ཅན། །ཁྲོ་གཉེར་རབ་འཇིགས་མཐིང་ནག་བརྗིད་པའི་ཞལ། །དམར་ལ་ཟླུམ་པའི་སྤྱན་གསུམ་མེ་འོད་འཕྲོ། །ཤངས་ནས་རླུང་འབྱུང་འཇིག་རྟེན་གཡོ་བར་བྱེད། །རབ་ཏུ་འཇིགས་པའི་ལྗགས་ལ་ཧཱུྃ་སྒྲ་འཁྲིལ། །རྡོ་རྗེ་འབར་བའི་ཚེམས་བསྒྲད་མཆེ་གཙིགས་ནས། །བར་ནས་རྡོ་རྗེ་ཁྲག་གི་སེར་ཆེན་འབེབས། །སྨིན་མ་ཨག་ཚོམ་བསྐལ་པའི་མེ་ལྟར་འབར། །དྲག་པོའི་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཐོད་པ་ལྔས་བརྒྱན་མི་བསྐྱོད་དབུ་ལ་བཞུགས། །སྒེག་པའི་ཉམས་ལྡན་དར་གྱི་ཅོད་པན་མཛེས། །མགུལ་གྱི་བུམ་པས་གསང་བའི་བཤུག་

p. 133

གླུ་ལེན། །རྡོ་རྗེ་དྲག་པོའི་གླུ་སྒྲ་ཏི་རི་རི། །སྐུ་སྟོད་སེང་གེའི་རོ་སྟོད་འགྱིང་བ་ལྟར། །དཔའ་བརྟན་ཆེན་པོ་གྱད་ལས་རབ་ཏུ་འཕགས། །ཐུགས་ཀྱི་དཔལ་བེའུ་གཡུང་དྲུང་འཁྱིལ་པ་ལས། །ཕྱི་ནང་གསང་བའི་ཆོས་ཀྱི་ཆར་ཆེན་འབེབས། །ཐུགས་རྗེའི་ཉི་འོད་སེམས་ཅན་ཡོངས་ལ་གསལ། །གསུས་པ་ཀ་མ་རུ་ཡི་འབྲས་བུ་ལྟར། །འཁྱིལ་ཞིང་བརྗིད་པས་ཁམས་གསུམ་ཡངས་པར་ཤོང་། །ལྟེ་བ་ཟབ་ཅིང་གཡས་སུ་འཁྱིལ་བ་ལ། །ལྷ་དམག་འབུམ་གྱི་རྫོང་ཡང་དེ་ན་བཅའ། །ཨུཏྤལ་སྔོན་པོའི་དྲི་བསུང་ངད་དང་ལྡན། །སྐེད་པ་གཞུ་ཡི་ཆང་བཟུང་ལྟར་འདྲིལ་ཞིང་། །གཞན་གྱིས་མི་ཐུབ་དབང་ཕྱུག་སྲ་མཁྲེགས་ཅན། །བརླ་གཉིས་རབ་བརྟན་གླང་ཆེན་ཟུང་འབྲེལ་འདྲ། །ཁྱད་པར་འཕགས་པའི་དབང་ཕྱུག་སྟོབས་པོ་ཆེ། །གསང་བའི་སྦ་བ་མ་ཉམས་སྦུབས་སུ་ནུབ། །ཅུང་ཟད་མཐོང་

p. 134

བས་འཁོར་བའི་ཁྲི་མུན་སེལ། །རི་དྭགས་རྒྱལ་པོ་ལྟ་བུའི་བྱིན་པ་ནི། །བ་སྤུར་བཅས་ཤིང་དྲང་སྲོང་ཀུན་ཕྱག་འཚལ། །ཞབས་ཀྱི་སོར་མོ་རྩང་དང་སྨྱུག་མ་བཞིན། །དྲང་ལ་མཉེན་ཞིང་འཇམ་པ་ལྷུན་དང་བཅས། །ཕྱག་གི་སོར་མོ་ཀང་ཀའི་བྱ་མཆུ་འདྲ། །དམར་ལ་འདྲིལ་ཞིང་སྙུང་བུས་དགྲ་བགེགས་སྒྲོལ། །བ་སྤུ་སེང་གེའི་སྤུ་ལྟར་འཁྲང་བ་ལ། །རྩེ་མོ་གཅིག་ཏུ་གྱེས་ཤིང་གྱེན་དུ་འཁྱིལ། །ཐལ་བ་ལུས་བྱུགས་ཁྲག་གི་ཐིག་ལེས་བརྒྱན། །ཕ་རོལ་ཕྱིན་དྲུག་དག་པའི་ཕྱག་རྒྱ་དྲུག །འཁོར་བའི་ཉེས་པ་བཅོམ་པས་མགོ་ཕྲེང་འཕྱང་། །རྣམ་རྟོག་སྤངས་པས་རོ་ཡི་གདན་ལ་བཞུགས། །ཀླུ་རྣམས་དབང་བསྡུད་གདུག་པ་སྦྲུལ་གྱིས་བརྒྱན། །བདུད་བཞི་བསྲེགས་པས་མེ་རིའི་འོབས་ཀྱིས་བསྐོར། །ཁམས་གསུམ་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །སྟག་གི་པགས་པས་སྐུ་ཡི་སྨད་དཀྲིས་བྱས། །

p. 135

ཁྱུང་གི་སྤྲུལ་པ་ནམ་མཁའི་མཐར་ཁྱབ་པ། །དཀར་པོ་ལྷ་ཡི་རྒྱལ་སྲིད་སྐྱོང་བར་བྱེད། །གྲི་གུག་རབ་ཏུ་འབར་བས་སྲོག་རྩ་གཅོད། །ཐོད་རློན་རབ་ཏུ་འབར་བས་སྙིང་ཁྲག་འཐུང་། །རལ་གྲི་གློག་ལྟར་འགྱུ་བས་དགྲ་བགེགས་སྒྲོལ། །རྩེ་གསུམ་མྱུར་བས་ལྷ་མིན་གཡུལ་ལས་རྒྱལ། །ཞགས་པ་ཐེའུ་རང་འབྱུང་པོའི་སྐེར་བཏབས་ནས། །བ་སུ་ཏ་ཡི་ལྕགས་སུ་བཅུག་ནས་ཀྱང་། །ཞབས་ཀྱི་འོག་ཏུ་མནན་ཏེ་འགུལ་མི་ནུས། །ཐུགས་ཀྱི་སྤྲུལ་པས་ཙན་དན་བེང་ཆེན་བསྣམས། །བདུད་འདུལ་ཙནྡན་བེང་གི་བེང་ནང་ནས། །སྤྲུལ་པའི་དམག་ཚོགས་མང་པོ་འབྱུང་བ་ནི། །བརྒྱད་ཁྲི་བཞི་སྟོང་སེར་པོ་གསེར་ཁྲབ་ཅན། །བ་དན་ནག་པོ་མུན་ལྟར་འཐིབས་པ་ཐོགས། །ཉི་ཁྲི་ཆིག་སྟོང་དཀར་པོ་དངུལ་ཁྲབ་ཅན། །བ་དན་སྔོན་པོ་རླུང་ལྟར་འཕྱོ་བ་ཐོགས། །སུམ་སྟོང་ལྔ་བརྒྱ་དམར་པོ་ཟངས་

p. 136

ཁྲབ་ཅན། །བ་དན་དཀར་པོ་ཤེལ་ལྟར་འཚེར་བ་ཐོགས། །སུམ་བརྒྱ་དྲུག་ཅུ་སྨུག་པོ་བསེ་ཁྲབ་ཅན། །བ་དན་དམར་པོ་མེ་ལྟར་འབར་བ་ཐོགས། །བརྒྱ་དང་ཉི་ཤུ་ནག་པོ་ལྕགས་ཁྲབ་ཅན། །བ་དན་ཁྲ་བོ་འཇའ་ལྟར་འཁྱིལ་བ་ཐོགས། །ལྕགས་ཀྱི་སྤྱང་ཀི་འབུམ་ནི་སྔོན་ན་རྒྱུག །གླང་ཆེན་སྨྱོན་པ་འབུམ་ནི་ཕྱི་ན་འབྲང་། །གསེར་གྱི་སེང་གེ་འབུམ་ནི་ཟུར་ལ་འགྱིང་། །ལྕགས་ཀྱི་བྱ་ཁྲ་འབུམ་ནི་ཀླད་ན་ལྡིང་། །བསེ་ཡི་བྱ་གླག་འབུམ་ནི་མཆུ་སྡེར་བསྒྲད། །དུང་གི་སྐྱེས་བུ་འབུམ་ནི་མདའ་གཞུ་འགེངས། །བྱི་རུའི་ན་ཆུང་འབུམ་ནི་གཡབ་མོ་རྡེབ། །ལྕགས་ཀྱི་མོན་པ་འབུམ་ནི་ཐོ་བ་སྒྲེང་། །ཁྲོ་ཆུའི་ཁྲོ་བོ་འབུམ་ནི་རལ་གྲི་ཕྱར། །རྡོ་ཡི་བྱི་བ་འབུམ་ནི་ས་གཞི་སློག །ལྕགས་ཀྱི་ཕག་རྒོད་འབུམ་ནི་ངུར་སྒྲ་སྒྲོག །ཤ་ཟ་མ་མོ་བྱ་རོག་འུག་པའི་ཚོགས། །གཅན་གཟན་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར། །

p. 137

ལྷ་ཀླུ་ལ་སོགས་སྡེ་བརྒྱད་བྲན་དུ་འཁོལ། །དེ་ལྟར་འདུས་པའི་དམག་ཚོགས་ཐམས་ཅད་ཀྱང་། །ལ་ལས་མི་བཟད་རྡོ་རྗེ་འཁོར་ལོ་འཕེན། །ལ་ལས་རལ་གྲི་དགྲ་སྟྭ་གཏུན་ཤིང་འཕེན། །ལ་ལས་རྩེ་གསུམ་མདའ་དང་ཐོག་མདུང་འཕེན། །ལ་ལས་གྲི་གུག་མེ་དང་རལ་གྲི་འཕེན། །སྟོབས་ཀྱང་ཆེ་ཞིང་དཔུང་ཡང་རབ་ཏུ་ཆེ། །སྟོབས་ཆེན་གཞན་གྱིས་མི་ཐུབ་ཐུབ་པར་དཀའ། །དཔལ་ལྡན་མགོན་པོ་ནག་པོ་ལྷ་མཆོག་ཁྱོད། །དཀོན་མཆོག་གཙུག་ལག་ཁང་འདི་བསྲུང་སླད་དུ། །དུས་ངན་གདུལ་དཀའི་སེམས་ཅན་འདུལ་བར་བྱེད། །བདག་གིས་ཡུན་རིང་ནག་པོ་ཁྱེད་བསྟེན་ཞིང་། །རྟག་ཏུ་ཕྱག་འཚལ་མཆོད་པ་རབ་ཏུ་འབུལ། །ཐུགས་རྗེས་གཟིགས་ལ་བསྟན་པའི་ཞིང་འདི་སྲུངས། །རྣལ་འབྱོར་དབང་ཕྱུག་ཕུ་ནས་ཀུས་འདེབས་ན། །ཆོས་སྐྱོང་མདའ་ན་བཞུགས་ཀྱང་སྙན་མ་

p. 138

སྲ། །རྣལ་འབྱོར་དབང་ཕྱུག་མདའ་ནས་གཡབ་འདོར་ན། །ཆོས་སྐྱོང་ཕུ་ན་བཞུགས་ཀྱང་སྤྱན་མ་རྟུལ། །བདག་གིས་བཅོལ་བའི་རེ་འདོད་གང་ཡིན་པ། །ནག་པོ་ལྷ་མཆོག་ཁྱོད་ཀྱིས་འགྲུབ་པར་མཛོད། །ཅེས་པ་འདི་ཨཱརྱ་དེ་བས་མཛད་པའོ། །ཧཱུྃ། མི་འགྱུར་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །ཡེ་ཤེས་ཆེན་པོ་ཐུགས་རྗེས་སྐུར་བསྟན་པ། །གདུལ་དཀའ་འདུལ་མཛད་མ་ཧཱ་ཀཱ་ལའི་ཚོགས། །དྲག་པོ་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིར་ལྡན། །ཁྲོ་གཉེར་གསུས་འཕྱང་མཆེ་བ་རྣམ་པར་གཙིགས། །སྨིན་མ་ཨག་ཚོམ་དམར་སེར་མདངས་དང་ལྡན། །གཟི་བརྗིད་རབ་འབར་སྐུ་ལ་ཕྱག་འཚལ་བསྟོད། །ཁྲོས་པའི་ཆ་བྱད་སྤྱན་གསུམ་བསྒྲད་པས་ནི། །འཇིག་རྟེན་ལྷ་ཆེན་མ་ལུས་ཟིལ་གྱིས་གནོན། །ཞལ་གདངས་ལྗགས་འདྲིལ་བགེགས་དཔུང་

p. 139

སྲེག་པར་བྱེད། །ང་རོ་འཇིགས་པའི་གསུང་ལ་ཕྱག་འཚལ་ལོ། །རྟོག་མེད་རྣམ་གྲོལ་མཉམ་པར་ཐུགས་ཆུད་ཅིང་། །ཆགས་མེད་ཐུགས་རྗེས་འགྲོ་དོན་མཛད་པའི་ཕྱིར། །བྱམས་པ་ཆེན་པོའི་སྐུ་མདོག་རབ་ཏུ་གནག །མི་གནས་བདེ་ཆེན་ཐུགས་ལ་ཕྱག་འཚལ་བསྟོད། །རྐྱེན་ལས་ཡོངས་གྲོལ་བདེ་ཆེན་མཐར་ཕྱིན་རྟགས། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་གྱིས་མཛེས། །ཉོན་མོངས་ལོག་རྟོག་ཀླུ་རྣམས་འཇོམས་མཛད་པའི། །སྦྲུལ་གྱི་རྒྱན་དང་སྟག་ལྤགས་ཤམ་ཐབས་གསོལ། །རྫུ་འཕྲུལ་སྟོབས་ཀྱིས་བྱིན་རླབས་ཤུགས་དང་ལྡན། །ཡོན་ཏན་མཆོག་སྟེར་མཛད་ལ་ཕྱག་འཚལ་བསྟོད། །རྟོག་པ་རབ་གཅོད་ཉམས་པའི་སྙིང་འབྱིན་པའི། །གྲི་གུག་རལ་གྲི་གཡས་པའི་ཕྱག་ན་བསྣམས། །ཆོས་ཉིད་བདེན་པ་རྟོགས་ཕྱིར་ཐོད་པ་གཡོན། །བསྡིག་པའི་མཛུབ་མོ་གནམ་དུ་བསྒྲེང་བ་

p. 140

ཡིས། །ལོག་འདྲེན་བགེགས་ཚོགས་མ་ལུས་བསྐྲད་པར་བྱེད། །ཕྲིན་ལས་ཐོགས་མེད་ལྡན་ལ་ཕྱག་འཚལ་བསྟོད། །ཁྲོས་པའི་ཉམས་དང་སྒྲ་སྐད་དྲག་པོ་ཡིས། །ལས་བྱེད་དྲག་པོ་མ་མོ་མཁའ་འགྲོ་དང་། །གིང་དང་གཤིན་རྗེ་ཤ་ཟ་མ་ལུས་ཚོགས། །རང་དབང་མེད་པར་དབང་བསྡུད་ཕོ་ཉར་འགྱེད། །འགལ་བྱེད་ཚོགས་རྣམས་མྱུར་དུ་ཚར་གཅོད་པའི་། །དྲག་པོ་སྒྲོལ་བྱེད་ཚོགས་ལ་ཕྱག་འཚལ་བསྟོད། །ཁ་ཊྭཱཾ་ག་ལས་བདུད་རྩིའི་ཆར་རྒྱུན་འབེབས། །ཚར་གཅོད་རྗེས་འཛིན་སྐུ་གསུམ་དངོས་གྲུབ་སྟེར། །ཁྱད་པར་རིག་འཛིན་སྒྲུབ་པ་པོ་ཡིས་ནི། །བསྙེན་ཅིང་བསྒྲུབས་པའི་འབྲས་བུ་སྨིན་མཛད་ཅིང་། །ཕྲིན་ལས་དབང་དང་དངོས་གྲུབ་ལ་སོགས་པའི། །རབ་སྟེར་དཔལ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་སོགས་རྣལ་འབྱོར་དབང་ཕྱུག་གིས། །བདེ་

p. 141

ཆེན་འབྲས་བུ་སྒྲུབ་པའི་ཚེ། །ཕྱི་ནང་བར་ཆད་བགེགས་ཀྱི་ཚོགས། །གང་ཡིན་ནག་པོ་ཆེན་པོས་སྒྲོལ། །བསྟན་པ་བསྒྲུབ་པར་ཞུགས་པའི་ཚེ། །མཐུན་རྐྱེན་འབྱོར་བའི་སྐལ་མེད་ཀྱང་། །ལོངས་སྤྱོད་རྒྱ་ཆེན་ཕུན་སུམ་ཚོགས། །གང་འདོད་ནག་པོས་བདག་ལ་སྩོལ། །གཞན་ཡང་འཇིག་རྟེན་འཇིག་རྟེན་འདས། །དངོས་གྲུབ་ཚེ་དང་དབང་ཕྱུག་དཔལ། །གང་ཡིན་ནག་པོ་ཆེན་པོ་ཡིས། །རྒྱུན་ཆད་མེད་པར་བདག་ལ་སྩོལ། །གདུལ་བྱའི་སེམས་ཅན་མ་ལུས་པ། །འདུལ་བའི་དུས་ལ་བབ་པའི་ཚེ། །ཕྲིན་ལས་བྱེ་བྲག་སྣ་ཚོགས་པ། །གང་ཡིན་ནག་པོ་ཆེན་པོས་སྒྲུབས། །བླ་མ་ལ་སྡང་གསང་སྔགས་སྨོད། །རྣལ་འབྱོར་སྐུ་ལ་བརྙས་བྱེད་པའི། །དམ་ཉམས་དགྲ་བགེགས་མ་ལུས་ཚོགས། །གང་ཡིན་ནག་པོ་ཆེན་པོས་བསྒྲལ་དུ་གསོལ། །ཅེས་པ་འདི་སློབ་དཔོན་ནག་པོ་སྤྱོད་པས་ཆོས་སྐྱོང་ཞལ་གཟིགས་

p. 142

པའི་དུས་སུ་བསྟོད་པའོ། །ཧཱུྃ། བདེ་གཤེགས་ཐུགས་རྗེའི་སྐུ་སྤྲུལ་པས། །སེམས་ཅན་རྣམས་ལ་མགོན་སྐྱབས་མཛད། །འོག་མིན་གནས་ལ་བཞུགས་པ་ལ། །རབ་ཏུ་བཏུད་དེ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། །འདྲེན་པ་འཇིག་རྟེན་མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །འཇིག་རྟེན་གནས་ཤིང་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །ལྷ་ཆེན་འཇིགས་པའི་སྐུར་བསྟན་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །ཧཱུྃ། བསྐལ་པ་མེ་ལྟར་འབར་བ་ཡི། །དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས། །གདུག་པ་མ་ལུས་འདུལ་བྱེད་པ། །བདུད་འདུལ་མགོན་པོ་ནག་པོ་ཡི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །བྱ་རོག་མིང་ཅན་ནག་པོ་ཆེ། །སྣ་ཚོགས་པདྨ་ཉི་སྟེང་དུ། །དཔལ་བོའི་འདུག་སྟངས་ཙནྡན་

p. 143

འཁྱིལ། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །ཕྱག་གཡས་ཤིང་ཐོག་རལ་གྲི་བསྣམས། །གཡོན་པས་ཐོད་པ་ཁ་ཊྭཱཾ་འཛིན། །སྤྱན་གསུམ་རིན་ཆེན་སྦྲུལ་གྱིས་བརྒྱན། །དབུ་སྐྲ་ཨག་ཚོམ་སྨིན་མ་སེར། །མཆེ་བ་གཙིགས་ཤིང་འཇིགས་པར་བྱེད། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཐོད་རློན་ཕྲེང་བས་དོ་ཤལ་བྱས། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཤ་ཟ་མ་མོ་བྱ་རོག་འུག་པའི་ཚོགས། །གཅན་གཟན་མ་རུངས་མི་སྲུན་ཚོགས་ཀྱིས་བསྐོར། །མ་གཡེལ་མ་འདའ་དཔལ་ཆེན་ཐུགས་ཀྱི་སྲས། །མ་ཧཱ་ཀཱ་ལ་ལྷ་ཡི་གཙོ་བོ་སྟེ། །ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །མ་ཧཱ་ཀཱ་ལ་ཁྱོད་ཡིན་པས། །དམ་ལ་མ་འདའ་ད་ཚུར་བྱོན། །མཐུན་པའི་དམ་རྫས་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །

p. 144

བསྟན་པའི་གཙུག་ལག་སྲུང་མཛོད་ཅིག །ལས་སུ་སངས་རྒྱས་བསྟན་པ་སྲུངས། །ཟས་སུ་ཤ་དང་ཁྲག་ལ་རོལ། །ཁྱོད་ལ་མཆོད་པ་འབུལ་བ་ནི། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེགས་པའི་གསུར་དང་བཙོས་པའི་ཞག །ཁུ་ཁྲག་ལྷ་བ་རྐང་མར་དང་། །ནང་ཁྲོལ་གློ་སྙིང་མཁལ་མར་བཅས། །མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །གསོལ་ལོ་རོལ་ཅིག་དགྱེས་པར་མཛོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བསྟན་པ་གཉན་པོ་བཤིག་པ་དང་། །དམ་ཚིག་གཉན་པོ་བཀྲལ་བ་དང་། །བདག་ལ་བརྙས་བྱེད་འགལ་བ་ཡི། །ལྟ་སྤྱོད་ལོག་པའི་སེམས་ཅན་དང་། །གནོད་པར་བྱེད་པའི་དགྲ་དང་བགེགས། །ཐམས་ཅད་གཅིག་ཏུ་བསྡུས་ནས་ནི། །སོད་ཅིག་སྲོག་དང་ཕྲོལ་ལ་ཐོངས། །དུས་ལ་བབ་བོ་ས་མ་ཡ། །ཕྲིན་ལས་མཛོད་ཅིག་མགོན་པོའི་ཚོགས། །ད་ལྟ་རྡོ་རྗེ་སློབ་དཔོན་

p. 145

དང་། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །རིག་འཛིན་བདག་གི་དམ་མ་བཀྲལ། །ཕྱི་རབས་རྣལ་འབྱོར་སུན་མ་ཕྱུངས། །དམ་རྫས་མཆོད་པ་ཆུད་མ་གསན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་ནི་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའོ། །༈ ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །སྔོན་དུས་གསུམ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པ། །གསང་སྔགས་རྒྱུད་ཀྱི་ཆོས་སྐྱོང་དུ། །བསྟན་པ་སྲུང་བར་མངའ་གསོལ་ནས། །སངས་རྒྱས་ཤཱཀ་ཐུབ་བསྟན་པ་ལ། །ཆོས་སྐྱོང་རྒྱལ་པོར་གཉེར་བསྐོས་པས། །ནཱ་ལེནྡྲ་ཡི་བྱང་ཕྱོགས་སུ། །བསྟན་པ་སྲུང་བར་རྟག་ཏུ་བཞུགས། །མུ་སྟེགས་གནོད་པ་བྱུང་དུས་སུ། །གནས་ལྔ་དག་ལ་མཁས་པ་ཡི། །ལྔ་བརྒྱ་པ་ཡིས་གསོལ་བཏབ་པས། །ཆོས་སྐྱོང་ཁྱོད་ཀྱི་སྤྲུལ་པ་ཡིས། །ཀླུ་སྒྲུབ་ཨཱརྱ་དེ་ཝ་བསྐུལ། །མུ་སྟེགས་

p. 146

རྒོལ་བ་ཚར་ཡང་བཅད། །སངས་རྒྱས་བསྟན་པ་དར་བར་བྱས། །མ་ཁོལ་བསྟན་པའི་ལྗོན་ཤིང་བསྒྱུར། །སངས་རྒྱས་བསྟན་པ་འཛིན་པ་དང་། །དམ་ཚིག་གཉན་པོ་སྲུང་བ་དང་། །རྟག་ཏུ་འགྲོ་དོན་མཛད་པ་ཡི། །རྣལ་འབྱོར་རྣམས་ཀྱི་ཆོས་སྐྱོང་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཆེ། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཟ་བྱེད་རྔམ་པའི་མདངས་དང་ལྡན། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །ཁྲག་འཐུང་འབུམ་གྱི་འཁོར་གྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཁྱེད་ལ་བརྟེན་པའི་དམ་རྫས་ནི། །བྱ་ནག་ལུག་ནག་རྒྱལ་མཚན་ལ། །རིན་ཆེན་གསེར་གྱི་སྲོག་སྙིང་བཏགས། །གྲི་རྒོད་ཙིཏྟའི་སྲོག་སྙིང་ལ། །སྲོག་ཡིག་གསེར་གྱིས་བྲིས་པས་བརྒྱན། །བྱ་རྒོད་མདའ་ལ་བཏགས་ནས་སུ། །

p. 147

དར་ཚོན་སྣ་ལྔ་ལ་སོགས་པའི། །འཁོར་བཅས་བརྟེན་པའི་རྟེན་དུ་བཙུག །དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །སྔོན་གྱི་དམ་བཅས་མི་དྲན་ནམ། །སངས་རྒྱས་བསྟན་པ་མི་སྲུང་ངམ། །རྣལ་འབྱོར་ཆོས་སྐྱོང་མི་མཛད་དམ། །དེང་སང་དུས་ཀྱི་སྙིགས་མ་ལ། །བསྟན་པ་སྲུང་བའི་དུས་ལ་བབ། །དམ་ཉམས་བསྒྲལ་བའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འདི་ནི་དཔལ་ནཱ་ལེནྡྲར་བླ་མ་ཙ་མིས་ཆོས་སྐྱོང་ལ་གསོལ་བ་བཏབ་པའོ། །ཧཱུྃ། ཧཱུྃ་ལས་སྐྱེས་པའི་ནག་པོ་ཆེ། །པདྨ་ཉི་མའི་གདན་ལ་བཞུགས། །གདུག་པ་ཟིལ་གནོན་མེ་དཔུང་ནང་། །མཐུ་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། བྱ་རོག་མིང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་ཁྲོ་བོའི་རྒྱལ། །ཞབས་གཉིས་གྱད་ཀྱི་སྟབས་ཀྱིས་བཞུགས། །སྟོབས་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། ཆ་ལུགས་འཆང་བའི་ནག་པོ་ཆེ། །སྦྲུལ་

p. 148

དང་རིན་ཆེན་ཐོད་པས་བརྒྱན། །སྟག་ལྤགས་ཤམ་ཐབས་སྐུ་ལ་གསོལ། །དཔའ་བོ་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། ཕྲིན་ལས་མཛད་པའི་ནག་པོ་ཆེ། །འབྲས་བུ་ཐོད་ཁྲག་ཞལ་དུ་གསོལ། །གདུག་པའི་མཚོན་ཆ་ཕྱག་ན་བསྣམས། །གསོད་བྱེད་ཁྱེད་ལ་བདག་བསྟོད་དོ། །ཧཱུྃ། གཟི་མདངས་ལྡན་པའི་ནག་པོ་ཆེ། །དབུ་སྐྲ་སེར་པོ་གྱེན་དུ་བརྫིས། །ཨག་ཚོམ་སྨིན་མ་མེ་ལྟར་འབར། །བརྗིད་པ་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། སྙིང་རྗེ་ཁྲོས་པའི་ནག་པོ་ཆེ། །སྤྱན་གསུམ་སྡང་མིག་མེ་ལྟར་འབར། །རབ་ཏུ་འཁྲུག་པའི་ཁྲོ་གཉེར་ཅན། །གཏུམ་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། འཇིགས་པའི་གཟུགས་ཅན་ནག་པོ་ཆེ། །ཞལ་གདངས་མཆེ་བ་རྣམ་པར་གཙིགས། །ལྗགས་འདྲིལ་ང་རོ་ཧཱུྃ་སྒྲ་སྒྲོགས། །ཟ་བྱེད་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། བྱང་ཆུབ་སེམས་ལྡན་ནག་པོ་ཆེ། །སངས་རྒྱས་སྤྱན་སྔར་

p. 149

དམ་བཅས་པ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །དམ་ཅན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། དམ་ལ་མ་འདའ་ནག་པོ་ཆེ། །བསྟན་པ་སྲུངས་ཤིག་ནག་པོ་ཆེ། །རྣལ་འབྱོར་ཆོས་སྐྱོང་ནག་པོ་ཆེ། །བཀའ་བཞིན་སྒྲུབས་ཤིག་ནག་པོ་ཆེ། །གལ་ཏེ་དམ་ལས་ཁྱོད་འདས་ན། །དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བསླུས། །ཁྱོད་ཉིད་ཉམས་པར་འགྱུར་ཏ་རེ། །རང་ཉིད་བརླག་པར་འགྱུར་ཏ་རེ། །དམ་ཚིག་གི་སྒོ་ནས་བསྟོད་པ་ཞེས་བྱ་བ་བླ་མ་རྡོ་རྗེ་གདན་པས་མཛད་པའོ། །ཧཱུྃ། གང་གིས་བདེ་གཤེགས་སྤྱན་སྔར་ཞལ་གྱིས་བཞེས། །འཇིག་རྟེན་ལས་འདས་འཇིགས་བྱེད་ཆེན་པོའི་ཚུལ། །བྱ་རོག་མིང་ཅན་བདུད་འདུལ་བསྟན་པ་སྲུང་། །དམ་ཅན་དགེ་འདུན་སྐྱོང་ལ་བདག་བསྟོད་དོ། །ཤྲཱི་ནཱ་ལེནྡྲ་ཡི་གནས་དང་དགེ་འདུན་སྡེ། །སྟོང་ཉིད་སྒོམ་དང་བདེ་མཆོག་རྣལ་འབྱོར་པ། །ཉེ་བར་སྲུང་མཛད་ནག་པོ་བྱ་

p. 150

རོག་མཚན། །བསིལ་བའི་ཚལ་བཞུགས་མགོན་ལ་ཕྱག་འཚལ་བསྟོད། །སློབ་དཔོན་སྨད་དང་བསྟན་ལ་སྡང་བ་དང་། །སྤུན་ལ་འཁུ་ཞིང་སེམས་ཅན་ཀུན་ལ་འཚེ། །དམ་ཚིག་ཁྱད་དུ་གསོད་པའི་དགྲ་བགེགས་རྣམས། །ཚར་གཅོད་གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །འབྲི་གུང་འཇིག་རྟེན་གསུམ་གྱི་མགོན་པོས་མཛད་པ་རྫོགས་སོ།། །། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧཱུྃ། ཀ་ཝུ་མ་ཧཱ་ཀཱ་ལའི་སྐུ་མདོག་ནི། །ཁ་དོག་མཐིང་ནག་གསུས་པ་རབ་ཏུ་འཕྱངས། །ག་ཤལ་དོ་ཤལ་མི་མགོའི་ཕྲེང་བས་བརྒྱན། །ང་ཞེས་དྲེགས་པའི་འབྱུང་པོའི་ཚོགས་རྣམས་འཇོམས། །ཅ་ཅོ་འབྱིན་པ་རྔམ་པའི་ང་རོ་ནི། །ཆ་ལང་དུང་གི་སྒྲ་ལྟར་ཕྱོགས་བཅུར་སྒྲོགས། །ཇ་ཡི་ཞིང་ལྟར་ཡོན་ཏན་རབ་རྒྱས་ཤིང་། །ཉ་ལྟར་གཅེར་བུ་བརྗིད་པའི་ཆ་ལུགས་ཅན། །ཏ་ལའི་ཤིང་དང་མེ་དང་ནགས་ཚལ་ནི། །ཐ་བ་འཇོམས་མཛད་མཆོད་རྟེན་ཆེན་

p. 151

པོ་བརྒྱད། །ད་ལྟ་རྒྱལ་བའི་བསྟན་པ་སྲུང་མཛད་ཅིང་། །ན་དང་མི་འཆིའི་བདེ་བ་སྟེར་ལ་བསྟོད། །པ་རའི་སྒྲ་ལ་མགོན་པོ་ཁྱོད་གཤེགས་ཚེ། །ཕ་རོལ་བསྒྲལ་བའི་ཞིང་རྣམས་རྡུལ་དུ་རློགས། །བ་གླང་མགོ་ཅན་ལ་སོགས་ཞིང་སྐྱོང་དང་། །མ་མོ་མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད། །ཙ་རི་ཏྲ་ལ་མགོན་པོ་ཁྱོད་གཤེགས་ཚེ། །ཚ་གྲང་འདུ་བའི་ནད་རྣམས་ཞི་བར་མཛད། །ཛཿདང་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །ཝ་དང་སྟག་དང་དོམ་དང་དྲེད་དང་ནི། །ཞྭ་མེད་གོས་དང་བྲལ་བའི་གཅན་གཟན་རྣམས། །ཟ་ཞིང་རྒྱུག་པ་མ་མོ་མཁའ་འགྲོའི་ཚོགས། །འ་འུར་སྒྲ་སྒྲོག་ཕྱོགས་བཅུ་དུ་མར་རྒྱུག །ཡ་ང་མེད་པར་དཔའ་བའི་དཔའ་བོ་ཁྱོད། །ར་ལ་ཞོན་པའི་རྡོ་རྗེ་ལེགས་པ་སོགས། །ལ་ལས་འགྲོ་བ་མང་པོའི་སྲོག་འཕྲོག་ཅིང་། །ཤ་ལ་ཟ་ཞིང་ཁྲག་ལ་འཐུང་བ་ཡི། །ས་སྟེང་འགྲོ་

p. 152

བ་མང་པོ་ཁྱོད་ཀྱི་འཁོར། །ཧ་ཧའི་སྒྲ་སྒྲོགས་མགོན་པོ་ནག་པོ་དང་། །ཨ་ལའི་གད་རྒྱངས་སྒྲོགས་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་ཆོས་རྗེ་རང་བྱུང་རྡོ་རྗེས་ཆོས་སྐྱོང་བྱ་རོག་མིང་ཅན་ཞལ་གཟིགས་དུས་སུ་ཀ་ཁ་སུམ་ཅུ་ལ་སྦྱར་ཏེ་བསྟོད་པའོ། །༧ ཉེར་བཞི་པ་བཀའ་བསྒོ་བ་ནི། ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། བདུད་འདུལ་གྱི་དབང་ཕྱུག །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་པོ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ།

p. 153

བདག་དང་རྣལ་འབྱོར་སྐྱོངས་ཤིག །ཚེ་དང་དབང་ཕྱུག་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །ཅེས་པ་འདི་ནི་རང་འདོད་ཀྱི་བསྲེ་བསླད་མ་ཞུགས་པ། སྤུ་གྲི་ཀླད་གཟེར་གྱི་རྒྱུད་ནས་ཇི་ལྟར་འབྱུང་བ་ལྟར་བྲིས་པ། གཞན་ཡང་བསྐང་གསོ་ཐམས་ཅད་ཀྱི་མཇུག་ཏུའང་འདི་བརྗོད་དོ། །༧ཉེར་ལྔ་པ། མགོན་པོ་གུར་གྱི་གཏོར་ཆོག་དང་། དཔལ་ལྡན་ལྷ་མོའི་གཏོར་ཆོག་སྐབས་འདིར་བྱའོ། །

དཔལ་ལྡན་ཞིང་སྐྱོང་དབང་པོའི་མཆོད་སྤྲིན།

p. 154
p. 155

དཔལ་ལྡན་ཞིང་སྐྱོང་དབང་པོའི་མཆོད་སྤྲིན་བཞུགས་སོ། ། ༈ ཞིང་སྐྱོང་ཤ་ཟ་ནག་པོའི་མཆོད་གཏོར་ནི། བདུད་རྩི་དང་། ཁྲག་དང་། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། རང་ཉིད་ཀྱི་མདུན་དུ་མེ་རླུང་དམར་ནག་འཚུབ་པའི་དབུས་སུ་པདྨ་ཉི་མའི་གདན་ལ་དགྲ་བོ་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུྃ་ནག་པོ་ལས་འོད་ཟེར་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། ལས་མགོན་རྣམས་ཀྱི་མཐུ་སྟོབས་བསྡུས། ཡོངས་སུ་གྱུར་པ་ལས་བདུད་མགོན་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་ཤིང་ཞལ་

p. 156

གདངས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་དམར་ལ་འཁྲུག་པ། གཡུ་རལ་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་མང་པོ་འཕྲོ་བ། དར་ནག་གི་འཇོལ་བེར་གསོལ་བའི་སྟེང་ན། སྟག་དོང་གཟིག་ཤུབས་སྐེད་ལ་བཏགས་ཤིང་། གཡས་ན་མདུང་དར་ནག་པོ་ཕྱར་བ། གཡོན་ན་དམར་གཏོར་བསྣམས་པ། བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ལ་ཞོན་པ། སྤྲུལ་པ་མང་པོ་འགྱེད་པ། ཤིན་ཏུ་མི་སྲུན་ཞིང་གུང་གཉིས་ལ་གླིང་བཞི་ཁྱབ་པར་རྒྱུག་པ། དེའི་གཡོན་དུ་ཏྲི་དམར་ནག་ལས་ཡུམ་བདུད་མོ་སྲོག་གཅོད་མ་སྐུ་མདོག་དམར་ནག་སེང་གེའི་གདོང་པ་ཅན། ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་པ། ཁྲག་གི་རལ་པ་འཁྱིལ་པའི་གསེབ་ནས་ཁྲོ་ཆུང་མང་པོ་འགྱེད་པ། དར་དམར་གྱི་འཇོལ་བེར་གསོལ་ཞིང་གཡས་ན་ཁ་ཊྭཱཾ་ག་རྩེ་གསུམ། གཡོན་ན་

p. 157

དགྲ་བོའི་སྙིང་ཁྲག་བསྣམས་པ། བདུད་རྟ་དམར་ནག་རླུང་གི་གཤོག་པ་ཅན་ལ་བཅིབ་པ། མདུན་དུ་ལས་མཁན་བམ་རོ་མདོག་སེར་སྤྲེའུ་མགོ་ཅན། དུས་མཚན་མོ་ལྕགས་མགོ་ནག་མོ་སྐྲ་མེད་པ། གཉིས་ཀའང་མི་སྡུག་པའི་གཟུགས་ཅན་གཅེར་བུ་གསེར་མིག་འཁྱིལ་བ། ལག་གཉིས་ས་ལ་བཙུག་ནས་རྒྱུག་ཅིང་ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འདྲེན་པ། རྐང་པས་དམར་གཏོར་དགྲ་ལ་འཕེན་པ། མི་མགོའི་དོ་ཤལ་དང་མི་སྤགས་སྐེད་ལ་དཀྲིས་པ། གཞན་ཡང་སྤྲུལ་པ་ལས་མཁན་ཤ་ཟ་ཁྲོ་མོ་བདུད་ཀྱི་དམག་ཚོགས་དུ་མས་བསྐོར་བའོ། །དེའི་ཐུགས་ཀའི་ཧཱུྃ་དང་ཏྲི་ལས་འོད་འཕྲོས། དཔལ་ཙཱ་རི་ཏྲ་ནས་བདུན་མགོན་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། བྷྱོཿ འཇིག་རྟེན་དབང་ཕྱུག་དྲེགས་བྱེད་ཀུན་གྱི་རྒྱལ། །ལོག་འདྲེན་དགྲ་བགེགས་འདུལ་བ་རྣམས་

p. 158

ཀྱི་གཙོ། །ལས་ཀྱི་མཁའ་འགྲོ་རྒྱ་མཚོའི་མངའ་དབང་ཕྱུག །སྲོག་བདུད་ཤ་ཟ་ནག་པོ་སེང་གེའི་གདོང་། །སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ། །སྟོན་པའི་དམ་ཆོས་སྲུང་ཞིང་རྒྱས་པ་དང་། །མ་རུངས་བློ་ལྡན་དགྲ་ཡི་དཔུང་གཞོམ་ཕྱིར། །བསྟན་སྲུང་རྒྱལ་པོ་ཁྱོད་ནི་འདིར་གཤེགས་ཤིག །སྟོབས་ལྡན་སྲིན་པོའི་དབང་པོ་གཤེགས་སུ་གསོལ། །བདུད་ཀྱི་དམག་དཔོན་ཆེན་པོ་གཤེགས༴ དྲེགས་ལྡན་ཞིང་སྐྱོང་ཆེན་པོ་གཤེགས༴ གཏུམ་ཆེན་རྔམ་པའི་སྐུར་སྟོན་གཤེགས་སུ་གསོལ། །བྷྱོ། བསྐལ་མེ་འཐོར་རླུང་འཁྲུག་པའི་དཀྱིལ་འཁོར་ནས། །དབུགས་བྲལ་བསྣོལ་མར་བརྩེགས་པའི་གདན་སྟེང་ན། །བདུད་མགོན་ནག་པོ་ཆེན་པོ་དྲག་ཤུལ་ཅན། །འཁོར་དང་བཅས་པ་བརྟན་པར་བཞུགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཌཱ་ཀི་ནི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ

p. 159

ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཅེས་བཟླས། གཏོར་མ་བསངས་སྦྱངས་བྱས་ལ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། ཨ་ཀཱ་རོ༴ བྷྱོཿ བདུད་ཀྱི་དམག་དཔོན་ཡབ་ཡུམ་འཁོར་བཅས་ལ། །བསྟན་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀྱི། །དམར་ཆེན་ཁྲག་གི་རྒྱ་མཚོའི་ཡོན་ཆབ་དང་། །ཤ་ཁྲག་ཚིལ་བུ་རྐང་དང་ནང་ཁྲོལ་དང་། །དོན་སྙིང་ལྔ་དང་དབང་པོ་རྣམ་པ་ལྔ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །ཚིལ་ཆེན་དུད་པ་ཞུན་ཆེན་མར་མེ་དང་། །རྩ་བརྒྱད་སྟོང་སྦྱར་པཉྩ་ཨ་མྲྀ་ཏ། །ཞལ་ཟས་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང་། །དཀར་གསུམ་མངར་གསུམ་འབྲུ་སྨན་སྣ་ཚོགས་དང་། །ཆང་དང་ཤིང་ཏོག་དར་ཚོན་སྣ་

p. 160

ཚོགས་དང་། །ཐོད་པའི་རྔེའུ་ཆུང་རྐང་གླིང་རོལ་མོའི་སྒྲ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་བྱས་ནས། །འབུལ་གྱི་དམ་ཚིག་དབང་གིས་བཞེས་སུ་གསོལ། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །བདག་གི་ལས་རྣམས་ཐམས་ཅད་བསྒྲུབ་ཏུ་གསོལ། །རྦོད་གཏོང་ཕུར་ཁ་བཟློག་པའི་ཕྲིན་ལས་མཛོད། །ཡིད་ལ་བརྣག་པའི་དགྲ་བོ་ད་སྒྲོལ་ཅིག །བྷྱོཿ ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །ཉེ་བའི་འཐུང་སྤྱོད་དཔལ་གྱི་ཙཱ་རི་ཏྲ། །རབ་འཇིགས་དུར་ཁྲོད་ཆེན་པོར་རྟག་ཏུ་རོལ། །ག་ཡ་དྷ་ར་ཁྱོད་ལ་བདག་བསྟོད་དོ། །རྒྱལ་བས་དབང་བསྐུར་ཀུན་དགའ་གཞོན་ནུ་ཆེ། །ཞིང་སྐྱོང་ཆེན་པོ་ཨ་མྲ་གཙིགས་པའི་ཞལ། །ཤ་ཟ་ཁྲག་འཐུང་ཟ་བྱེད་སེང་གེའི་གདོང་། །སྲོག་བདུད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་ཀྱི་དམག་དཔོན་སྲིན་པོ་ཁྲོས་པའི་གཟུགས། །

p. 161

མཐུ་རྩལ་དྲག་ཤུལ་མྱུར་མགྱོགས་སྟོབས་དང་ལྡན། །བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་ལ་བརྩོན། །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཡུམ་ཆེན་བདུད་མོ་བམ་རོ་ཕོ་མོ་དང་། །ཚར་གཅོད་ཕན་འདོགས་ལས་བྱེད་དྲག་པོའི་འཁོར། །བཀའ་ཉན་བྱེ་བ་སྟོང་ཕྲག་འབུམ་དང་བཅས། །བསྟན་སྐྱོང་འཁོར་དང་བཅས་ལ་བདག་བསྟོད་དོ། །དྲག་ཏུ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་དང་། །མི་སྲུན་དྲག་པོ་འཁོར་དང་བཅས། །སྔོན་གྱི་ཁས་བླངས་དམ་ལ་འདུས། །བདུད་ཀྱི་དམག་དཔོན་སྐུ་བསྐྱོད་འཚལ། །མདོག་ནག་འཇིགས་གཟུགས་སེང་གེའི་གདོང་། །ཞལ་གདངས་མཆེ་གཙིགས་སྤྱན་རྩ་དམར། །གཡུ་རལ་སེང་ཆུང་སྐར་ལྟར་འཁྲུག །དར་ནག་བེར་ཆེན་སྐུ་ལ་གསོལ། །ཕྱག་གཉིས་རུ་དར་དམར་གཏོར་ཁྱེར། །

p. 162

བདུད་དམག་གཡབ་ཅིང་དམ་ཅན་སྡུད། །བདུད་རྟ་ནག་པོ་རླུང་གཤོག་བཅིབ། །སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད། །གུང་གཉིས་རྒྱུ་ཞིང་མེ་རླུང་འཚུབ། །བམ་རོ་ཕོ་མོ་སྤྱི་གཙུག་འགྲོ། །རྐང་པས་གཏོར་ཁྱེར་དགྲ་ལ་འཕེན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ། །བྷྱོཿ ཡུམ་ཆེན་བདུད་མོ་སེང་གེའི་གདོང་། །རབ་འཇིགས་དམར་ནག་ཁྲག་རལ་ཅན། །ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ། །སྤྱན་བསྒྲད་ཁྲག་རལ་ཁྲོ་ཆུང་འགྱེད། །སྐུ་ལ་དར་ནག་བེར་ཆེན་གསོལ། །ཕྱག་གཉིས་ཁ་ཊྭཱཾ་དགྲ་སྙིང་བསྣམས། །དམ་ཉམས་བསྒྲལ་ནས་ཙིཏྟ་གསོལ། །བདུད་རྟ་དམར་ནག་རླུང་གཤོག་བཅིབ། །མེ་རླུང་གསེབ་ནས་གུང་གཉིས་རྒྱུ། །ཁྲག་གི་རྦ་ཀློང་དཀྱིལ་ནས་བཞེངས། །དམར་གྱི་གཏོར་མ་འདི་གསོལ་ལ། །རྣལ་འབྱོར་བཅོལ་བའི་

p. 163

ཕྲིན་ལས་མཛོད། །བྷྱོཿ བདུད་མགོན་ཡབ་ཡུམ་བཀའ་འཁོར་ནས། །ལས་བྱེད་ཤ་ཟ་སྡེ་བརྒྱད་ཚོགས། །མི་སྲུན་མཁའ་འགྲོ་དྲག་རྩལ་ཅན། །ཞུབ་ཆེན་སྟོང་སྒྲ་སི་ལི་ལི། །མཚོན་ཆ་མང་པོ་དགྲ་ལ་འདེབས། །ལྕགས་ཀྱི་བྱ་ཁྲ་དགྲ་ལ་ཡ། །བཀའ་ཉན་དྲག་པོ་འཁོར་དང་བཅས། །དམར་གྱི་གཏོར་མ་འདི་ལོངས་ལ། །དམ་ཉམས་དགྲ་བོ་སྒྲོལ་ལ་ཤོག །དུས་ལ་བབ་བོ་ས་མ་ཡ། །ཨོཾ་སེང་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ སི་ན་ར་མ། ཏྲི་ཧྲིཾ་ཛཿ དགྲ་བོའི་སྲོག་ལ་རྦདཿ དབུགས་ལ་རྦད། ཤ་རུས་ཁྲག་ལ་རྦད། མ་ཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་ཐུམ་རིལ་རྩ་ལ་བྲེང་ཤག །ཙིཏྟ་དུན་རྨུག །ཁྲག་ཐིབ་རྦད། ལིང་ཤག་ནྲྀ་ཧུར་ཛཿཏྲི་རྦད། ཅེས་བསྐུལ་ལོ། །

དཔལ་རྡོ་རྗེ་གུར་གྱི་མཆོད་ཕྲེང་།

p. 164
p. 165

དཔལ་རྡོ་རྗེ་གུར་གྱི་མཆོད་ཕྲེང་བཞུགས་སོ། ། ༈ འདིར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་ལ་གཏོར་མ་འབུལ་བར་འདོད་པས། གཏོར་མ་ཟུར་དུ་བཤམས་ཡོད་ནའང་བྱིན་རླབས་ནི་སྔར་བྱས་ཚར་བྱིན་རླབས་དྲན་པར་བྱ་བའི་ཕྱིར། གཏོར་མ་ལ་ལག་པ་གཡོན་པ་བསྟན་ཏེ། ཨོཾ་ཞེས་བརྗོད་པས་སྟོང་པར་བསམ། ལག་གཡས་པ་བསྟན་ཏེ། ཨཱཿཞེས་བརྗོད་པས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ་དང་། གཉིས་ཀ་བསྟན་ཏེ་ཧཱུྃ་ཞེས་བརྗོད་པས་ཤ་ལྷ་བདུད་རྩི་ལྔ། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་

p. 166

ལས། ཨོཾ་སྟོང་པ་ལ། ཨཱཿཀ་པཱ་ལ། ཧཱུྃ་ཤ་ལྔ་བདུད་རྩི་ལྔ། ཧོཿ ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབས་ནས། མདུན་གྱི་ནམ་མཁའི་གནས་སུ་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་མཐིང་ནག་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཀྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫིས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་

p. 167

པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་ཀླུབ་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་སུ་བྱ་ནག །གཡོན་དུ་ཁྱི་ནག །རྒྱབ་ན་ལྕེ་སྤྱང་། མདུན་ན་མི་ནག །སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ཡི་གཡོན་དུ་ཏྲཾ་ལས་ཨེ་ཀ་ཙ་ཏི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་ལེན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ་ཁྲོ་མོའི་རྣམ་པ་ཅན། དེ་ཡི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ། བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་

p. 168

ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། གཡོན་གྱི་དང་པོ་ན་མདུང་། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེ་ཡི་ཀོ་བས་སྟོད་གཡོགས་ཤིང་། བ་གླང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུ་ཡི་དབང་པོས་སྐེ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་བཞི་གཙིགས་པ། སྙན་གཡས་པ་དུག་སྦྲུལ་གཡོན་པ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ། ཞག་གི་སོར་རིས་དང་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་པ། ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུྃ་

p. 169

དང་བྷྱོ་ཡི་སྒྲ་སྒྲོགས་པ། ལྕམ་དྲལ་དེ་གཉིས་ཀའི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། འོག་མིན་རྣམ་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་། རང་བཞིན་གྱི་གནས་ནས་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མགོན་པོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ། མཛུབ་མོ་གཡབ་པའམ་རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་བྷྱོ། མགོན་པོ་ཀུན་གཤེགས་གདན་ལས་བཞེངས། །ལྷ་མོ་འདིར་གཤེགས་གདན་ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཨེ་ཧྱ་ཧི། ཞེས་པ་དང་། རྡོ་རྗེ་ཐལ་མོ་ཁ་སྦྱར་བས་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་གཡབ་པའམ་རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་མོ་འདིར་གཤེགས་

p. 170

སོགས་དང་། ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ཨེ་ཧྱ་ཧིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་བསྟིམ། པདྨ་ཀཱ་མ་ལ་ཡ་སྟྭཾ་གྱིས་གདན་འབུལ།༓ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་ཧཱ་ཀཱ་ལི་དྷེ་ཝི་ཨེ་ཧྱ་ཧི། ཛཿཧཱུྃ་བཾ་ཧོཿ པདྨ་ཀཱ་མ་ལ་ཡ་སྟྭཾ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་ཧཱ་ཀཱ་ལི་དེ་ཝི་ས་པཱ་རི་ཝ་ར་གྷྲྀ་ཧ་ན་དཾ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་ཧཱ་ཀཱ་ལི་དེ་ཝི་ས་མ་ཡ་སྨ་ར་ས་མ་ཡ་མ་ཏི་ཏྲ་མ་ཐ་ས་མ་ཡ་རཀྵན་ཏུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་སོགས། ༈ ༓ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་ཧཱ་ཀཱ་ལི་དེ་ཝི་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿནས་བ་ལྱ་དེ་སྭཱ་ཧཱ། ལན་གསུམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ཎི་སོགས་ལན་གསུམ། ལྷ་མཆོག་མ་ཧཱ་ཀཱ་ལ། མ་གཅིག་ཨེ་ཀ་ཙ་ཏི། སྲིང་གཅིག་འདོད་ཁམས་དབང་ཕྱུག །ནག་པོ་གནོད་སྦྱིན་ཡབ་ཡུམ། བཀའ་གཉན་རུ་འདྲེན་སྡེ་བཞི།

p. 171

ལས་མཁན་པུ་ཏྲ་མིང་སྲིང་། སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི་ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ་ཧཱུྃ།༓ཧཱུྃ་གི་ཡི་གེ་ལས་བྱུང་སོགས། ཨོཾ་མ་ཧཱ་ཀཱ་ལ་ཡ་གྲྀ་ཧྣེ་དཾ་ཨརྒྷཾ་སྭཱ་ཧཱ། པཱདྱཾ། བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་མགོན་པོ་ལ་མཆོད། མགོན་པོའི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་པར་མོས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ་སོགས་ཀྱིས་མགོན་པོ་དམ་ལ་བཞག །ཡང་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་བཅས་པས་སྤྱི་བོར་བཞག་པར་མོས་ལ། ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ས་མ་ཡ་སྨ་ར་སོགས་ཀྱིས་ལྷ་མོ་དམ་ལ་བཞག་གོ། །བསྡུ་ན་དེ་ཙམ་གྱིས་ཆོག་སྟེ། སྤྲོ་ན་བཀའ་བསྒོ་བ་སྟེ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་

p. 172

དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དང་། བསྟན་པ་འཛིན་པ་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ། གནོད་ཅིང་འཚེ་བ་དང་། བདག་གིས་ལམ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་བར་མ་འཚལ་ནའང་། གང་ལ་འཚམས་པའི་ཆད་པ་བཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། དབྱེ་བ་དང་། བསྡིག་ཅིང་དཔའ་སྐོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཞི་བ་དང་། བསམ་སྦྱོར་ཆོས་མཐུན་

p. 173

ཡིད་བཞིན་དུ་འགྲུབ་ཅིང་། བསྟན་པ་དང་བསྟན་པ་འཛིན་པ་དང་། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛོད། ཅེས་ཕྲིན་ལས་བཅོལ་ནས། མགོན་པོ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤཱ་མུ་ཁེ་བྷྱཿནས་བ་ལྱ་དེ་སྭཱ་ཧཱ། ཞེས་ལྔའམ་བདུན་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན༴ ཞེས་ལན་གསུམ་བརྗོད་ལ། ཕྱག་རྒྱ་དང་བཅས་པས་གཏོར་མ་ཕུལ་ལ། དེ་བཞིན་དུ་ལྷ་མོ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལི་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ ཞེས་གསུམ་མམ་བདུན་གྱིས་ཕུལ་ལ་གོང་ལྟར་མཆོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་མགོན་པོའི་སྙིང་པོ་དང་། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི་ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ་ཧཱུྃ། ཞེས་ལྷ་མོའི་སྙིང་པོས་ནང་མཆོད་ཕུལ། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་གི་ཡི་གེ་ལས་བྱུང་བའི། །ནག་པོ་ཆེན་པོ་ཕྱག་གཉིས་པ། །ཞལ་གཅིག་མདོག་སྔོ་ཆེར་འབར་ཞིང་། །ཟངས་གྲི་ཐོད་པ་བསྣམས་ལ་བསྟོད། །མགོ་བོའི་ཕྲེང་བའི་དོ་ཤལ་བྱས། །

p. 174

མཆེ་བ་གཙིགས་ཤིང་འཇིགས་སུ་རུང་། །བོངས་ཐུང་གཟི་བརྗིད་ཆེན་པོ་སྟེ། །ཞལ་དམར་རྣམ་པར་གཡོ་ལ་བསྟོད། །སློབ་དཔོན་ལ་རྟག་སྡང་བ་དང་། །གང་ཞིག་དཀོན་མཆོག་གསུམ་ལ་གནོད། །སེམས་ཅན་སྣ་ཚོགས་གསོད་པ་རྣམས། །ཟ་བྱེད་ནག་པོ་ཆེ་ལ་བསྟོད། །ཅེས་བསྟོད། དེ་ནས་ལྷ་མོ་ལ། བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་མ། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞག །རྫོང་དང་དཀའ་བཟློག་ནག་མོ་སྟེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱེད་ཀྱིས་ཤེས། །དེ་ལ་འཇིགས་པ་མེད་པར་མཛོད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པའི་ཁམས་ལ་དབང་བསྒྱུར་མ། །སངས་རྒྱས་བསྟན་པ་སྲུང་མཛད་མའི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤྲཱི་མ་ཧཱ་ཀཱ་ལི་ཧཱུྃ་ཕཊ། ཅེས་བསྟོད། སྤྲོ་ན། ཧཱུྃ།

p. 175

སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་གདུག་པའི་ཁྲག་བཀང་གསོལ། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབ་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཅེས་བསྟོད། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡི། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མ་ཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མ་ཧཱ་ཀཱ་ལ་ཡི། །གཤིན་རྗེ་ཡ་བ་ཏི། ཆོས་ཀྱི་རྒྱལ་པོ། ཏེལ་པ། གླང་མགོ་ཅན། རལ་པ་ཚར་དགུ། མིག་དམར། ཆ་བ་གཉིས། དམིགས་པའོ། །མོ་བརྒྱད་ནི། ཕོ་ཉ་མོ། མཆེ་བ་མོ། དུང་

p. 176

མཚམས་མ། ལྕགས་ཀྱུ་མ། ཞགས་པ་མ། ལུ་གུ་རྒྱུད། འབེབས་པ་མོ། རོ་དང་ཉི་མའི་གདན་ལ་འདུག །མདོག་སྔོ། གྲི་ཐོད་འཛིན་པའོ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་སྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཉམས་ཡོངས་ཀྱི་གཤེད་པོ་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་བླ་ནག་པོ་ཆེ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཤ་སྦྱོར། མོན་སྲན། རྡེའུ། ཉ་ཤ །ལ་ཕུག །སྒོག་སྐྱ་རྣམས་ལ་ཞུན་ཆེན་བསྲེས་ནས་ཁུར་བ་བྱ། ཁ་གཅིག་ཛམ་བུ་ཅན། ཏི་བ་གཏོར་མ་སྟེ། ཆན་གྱི་གཏོར་མ་ཞེས་ཀྱང་ཟེར། སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་ཆེན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །

p. 177

སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་དང་། བྷྱོཿ གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་གྱིས་མནན། །འདོད་པའི་ཁམས་ལ་དབང་བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ཤེས་རབ་འབྱུང་གནས་ཀྱིས་མཛད་པའོ། །དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ། །རི་རབ་ལྷུན་པོ་ལྟ་བུར་བརྗིད། །དབང་པོ་སྔོན་པོ་ལྟ་བུར་འབར། །ཉི་མའི་ཟེར་ལྟར་སྤྲུལ་པ་འགྱེད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །མི་རོ་ཁར་བཅུག་མཆེ་བ་གཙིགས། །ཁྲག་གིས་གང་བའི་ཐོད་པ་དང་། །འཇིགས་པའི་མཚོན་ཆས་ཕྱག་རྣམས་འབྲེལ། །མི་མགོ་རིན་ཆེན་རུས་པས་བརྒྱན། །ཀླུ་དབང་

p. 178

སེང་གེ་ལྕགས་སྒྲོག་དང་། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཀོ་རློན་རེ་ལྡེ་གོས་སུ་གྱོན། །བོང་བུ་གྭ་ཞོན་མཚན་མོ་རྒྱུ། །ཤིན་ཏུ་རིང་ཅིང་མི་སྡུག་མ། །འཇིགས་གཟུགས་མ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་གསུང་གི་ང་རོའི་དབྱངས། །འབྲུག་སྟོང་ལྡིར་བའི་སྒྲ་སྒྲོགས་པས། །ཁམས་གསུམ་མ་ལུས་ཟིལ་གྱིས་མནན། །ས་གསུམ་གཡོ་བར་མཛད་ལ་འདུད། །ཁྱོད་ཐུགས་ཞི་ལ་རབ་སྦྱོར་ཡང་། །སྙིང་རྗེའི་དབང་གིས་སྲིད་ལ་བཞུགས། །ཁྲོ་དང་འཁྲུགས་དང་རྔམ་པ་ཡི། །བདུད་དཔུང་ངེས་པར་འཇོམས་ལ་འདུད། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་མཆོད་གཏོར་འདི་བཞེས་ཤིག །ཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔ་བཅོལ་ལས་ཀྱི་

p. 179

གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་ཆེན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གནོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་བསྟོད། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་དང་། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང་། །བསྟན་འཛིན་ཐམས་ཅད་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་ཕྲིན་ལས་

p. 180

རྒྱས་པར་མཛད་དུ་གསོལ། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་བློ་གྲོས་རབ་རྒྱས་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛད་དུ་གསོལ། །དེ་ནས། བྷྱོཿ སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་རྒྱས་ཡུན་རིང་ཞབས་བརྟན་ཤོག །བདག་གིས་འདོད་པའི་ཕྲིན་ལས་ཞུ་བ་ནི། །འཆི་བདག་བདུད་ཀྱི་བར་ཆད་ཀུན་ཞི་ཞིང་། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞིའི། །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །བཀྲ་ཤིས་དགེའོ།། །།

དཔལ་ལྡན་ལྷ་མོའི་གཏོར་ཆོག་ནོར་བུའི་ཕྲེང་བ། རྔོག་ཞེ་སྡང་རྡོ་རྗེ།

p. 181

དཔལ་ལྡན་ལྷ་མོའི་གཏོར་ཆོག་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་ཉིད་ཀྱཻའི་རྡོ་རྗེའི་ང་རྒྱལ་བྱས་ལ། ཀྱཻ་རྡོ་རྗེའི་གཏོར་མ་ཇི་ལྟ་བ་བཞིན་དུ་བཏང་སྟེ། དེ་ཡི་རྗེས་ལ་དུད་སོལ་མ་མཆོད་པ་ནི། དམ་ཚིག་ལྷ་མོ་བསྐྱེད་པ་དང་གཅིག །རྣམ་ཤེས་འོད་དུ་སྦར་བ་དང་གཉིས། གསང་བའི་ལྷ་མོ་བྷ་གར་ཞུགས་པ་དང་གསུམ། ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་པ་དང་བཞི། བསྡིག་ཅིང་གཟིར་བ་དང་ལྔ། དམ་ལ་བཞག་པ་དང་དྲུག །མཆོད་པ་བྱ་བ་དང་བདུན། བསྟོད་པ་བྱ་བ་དང་བརྒྱད། བསྐུལ་ཞིང་ཕྲིན་ལས་བཅོལ་བ་དང་དགུའོ། །དེ་ལ་དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་

p. 182

པའི་ངང་ལས་མདུན་དུ་སྐད་ཅིག་གིས་དུད་སོལ་མར་གྱུར་པའི་ཐུགས་ཀར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་ཨཾ་འོད་ཟེར་དང་བཅས་པ། དེ་ཡི་སྟེང་དུ་ཡི་གེ་རྃ་འོད་ཟེར་དང་བཅས་པ། རྃ་དེ་ལས་མེ་འབར་བས་མེ་དེས་དུད་སོལ་མའི་ལུས་ཐུལ་གྱིས་བསྲེགས་པས་ཐལ་བ་ལྟ་བུ་ཞིག་ཏུ་གྱུར། དེའི་སྟེང་དུ་གོང་གི་ཡི་གེ་ཨཾ་དེ་བསམ། དེའི་སྟེང་དུ་ཡི་གེ་བྃ་དཀར་པོ་གཅིག་བསམ། བྃ་དེ་ཡོངས་སུ་གྱུར་པ་ལས། བུམ་པ་དཀར་པོ་ཁ་ནས་བདུད་རྩིའི་ཆུ་རྒྱུན་དཀར་ལྷུད་ལྷུད་བབས་པ་དེ་ཨཾ་ལ་ཐིམ་པས། ཨཾ་དེ་འོད་ལྷག་ལྷག་པ་གཅིག་ཏུ་གྱུར་པར་བསམས་ལ་ངག་ཏུ། ཨོཾ་ཨཾ་མ་ཧཱ་ཀཱ་ལི་དེ་ཝི་ཀཱ་ལི་བི་ཀྲནྟ་ཀཱ་ལ་ར་ཏྲི་ཙཎྜ་རུ་པི་ནི་ཧཱུྃ་ཕཊ། ཨཾ་དེ་ཡོངས་སུ་གྱུར་པ་ལས། དུད་པའི་སོལ་བ་མར་གྱུར་པ་ནི། དཔལ་ལྡན་ལྷ་མོ་སྐུ་མདོག་ནག་མོ་ནག་པོའི་སྤྲིན་དང་བུང་བ་ལྟར་གནག་པ། ཤིན་ཏུ་ཡང་སྒེག་ཅིང་བསྟོད་པ་

p. 183

ཏིལ་མར་མ་ལ་རྐུབ་ཚོས་ཆེ་ཞེས་པ། འགྱུར་ཁ་ཅིག་ཏུ་སྐུ་སྨད་ཆེ་ཞེས་འབྱུང་བས་གསལ་བར་བསྟན་པའོ། །མཆན། ཀེང་རུས་ཀྱི་ལུས་ཅན་མ། ཞལ་གཅིག་ཕྱག་བཞི་ཞབས་གཉིས་མ། ཕྱག་བཞི་གཡས་ཀྱི་དང་པོ་ན་རལ་གྲི། འོག་མ་ན་བྷནྡྷ་རཀྟ་དམར་གྱིས་བསྐྱིལ་བ་ཁ་འཁྲོལ་བ། གཡོན་གྱི་དང་པོ་ན་ཤག་ཏི། འོག་མ་ན་ཏྲི་ཤུ་ལའི་མགུལ་ནས་དར་དཔྱང་འཕྱང་བ་ཐོགས་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་པོ་ལྡོག་ནས་བལྟ་བ། དབུ་སྐྲ་རལ་པ་གྱེན་དུ་བརྫིས་ཤིང་ལེན་བུ་གཡོན་དུ་འཁྱིལ་བ། སྐྲ་གསེབ་ནས་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ། སྙན་ཆ་གཡས་ན་སྦྲུལ་གྱི་མགུལ་ནས་དྲིལ་བུ་བསིལ་བ། སྙན་ཆ་གཡོན་ན་སེང་གེའི་རལ་པ་དམར་བ། རྣ་ལྟག་གཉིས་ན་མེ་ཏོག་དང་དར་ནག་པོའི་ཅོད་པན་འཕུར་བ། ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་བྱས་པ།

p. 184

གླང་པོ་ཆེ་ཡི་ཀོ་བས་སྟོད་གཡོགས་ཤིང་། བ་ལང་གི་ཀོ་རློན་རྗེན་པར་དྲས་པ་ལ་རེ་ལྡེ་སེར་པོའི་ཤམ་བུ་བཏགས་པས་སྐུ་སྨད་དཀྲིས་པ། སྐུ་ལ་ཁྲག་དང་ཞག་གིས་ཐིག་ལེའི་ཚོམ་བུར་བྲིས་པ། ཀླུ་ཡི་དབང་པོ་གཤིབ་པས་སྐེ་རགས་བྱས་པ། ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན་ཅིང་། བོང་བུ་དམར་གྭའི་སྟེང་ན་བཙན་དཀྱིལ་བརྗིད་པའི་ཚུལ་གྱིས་བཞུགས་པ། དུར་ཁྲོད་བརྒྱད་ཀྱི་དབུས་ན་སྐད་ནི་དུང་དང་འབྲུག་གི་སྒྲ་ལྟར་སྒྲོག་ཅིང་། མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་བསྡུས་པའོ། །གཉིས་པ་རྣམ་ཤེས་འོད་དུ་སྦར་བ་ནི། གཙོ་མོའི་ཐུགས་ཀར་སྒོ་ངའི་དབྱིབས་འདྲ་བའི་མར་མེ་ལྟ་བུའི་འོད་སོར་བཞི་པ་བསམ། དེའི་ནང་དུ་ཧཱུྃ་གཅིག་བསམ། དེ་ལས་འོད་འཕྲོས་ཚུར་འདུས། འོད་ཀྱི་ཐིག་ལེའི་ནང་དུ་ཧཱུྃ་གི་མཐའ་བསྐོར་དུ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཞེས་པས་བསྐོར་བར་བསམ། གསུམ་པ་གསང་བའི་ལྷ་མོ་བྷ་གར་ཞུགས་པ་

p. 185

ནི། དེ་ནས་དེ་ཡི་སྙིང་གའི་ཧཱུྃ་དེ་ལས་ཧཱུྃ་གཅིག་བྱུང་ནས་གཙོ་མོའི་བྷ་གར་ཐིམ་པར་བསམ། ཡང་ན་བདག་གིའམ། མདུན་ནམ། གང་རུང་གི་ཐུགས་ཀ་ནས་ལྷ་མོ་ཚོན་གང་བ་གཅིག་བྱུང་ནས། མདུན་གྱི་ལྷ་མོའི་བྷ་གར་ཐིམ་པར་བསམས་ལ། ངག་ཏུ། བཛྲ་ལཱ་སྱ་ར་ག་ཡ་མི་ཧཱུྃ། ཞེས་བརྗོད། དེ་ལ་འཁོར་གཅེར་བུ་འཇིགས་ཤིང་སྐྲ་ཤལ་བ། ལག་པ་གཡས་ན་མི་སྙིང་དང་། གཡོན་ན་ཐོད་པ་སྐྲ་ཅན་ཁྲག་གིས་བཀང་བ་འཛིན་པ་ནག་མོ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བའོ། །༈ གཙོ་འཁོར་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རི་རབ་ཆེན་པོའི་བྱང་ཤར། གཡུ་མཚོ་མུ་ལེའི་འགྲམ་ཤེད། མཐིང་ཤོག་གི་གུར་ཁང་། མར་རྔོག་གི་གདན་ས་ཆེན་པོ་ནས། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ལ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་ཐམས་ཅད་སངས་རྒྱས་

p. 186

ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བའི་སླད་དུ་བཛྲ་ས་མ་ཡ་ཛཿཛཿ བཞི་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། བདག་ལྷ་མོའི་ང་རྒྱལ་གྱིས་ཐུགས་ཀ་ནས་འོད་འཕྲོས་པས་དུད་སོལ་མ་འཁོར་ནག་མོ་འབུམ་སྡེ་དང་བཅས་པ་སྤྱན་དྲངས་པར་བསམས་ལ། དེ་ནས་མི་ཐོད་ཀྱི་ཌཱ་མ་རུ། མི་རྐང་གི་གླིང་བུ་དུང་རྔ་ཆེན་དང་རོལ་མོའི་ཚོགས་འཁྲོལ་ཞིང་། དབྱངས་སྙན་པོས་འདི་སྐད་དོ། །བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་མཐིང་གི་དབུས། །རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནང་། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་བཅིབ། །འཁོར་ཡང་ནག་མོ་འབུམ་སྡེར་བཅས། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ད་ལྟ་སྙིགས་མ་ལྔ་ཡི་དུས། །དམ་ཅན་འབྱོན་པར་མི་འོས་ཀྱང་། །སྔོན་ཚེ་བྱང་ཆུབ་ཤིང་དྲུང་

p. 187

དུ། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སངས་རྒྱས་བསྟན་པ་སྲུང་བ་དང་། །འགྲོ་ཀུན་དགེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །བྷྱོཿ གཞན་ཡང་གཤིན་རྗེའི་ཕོ་བྲང་དང་། །ལྷ་ཁང་དུར་ཁྲོད་རི་སུལ་ནས། །ཆོས་སྐྱོང་སྲུང་མ་འཁོར་བཅས་ལ། །མཆོད་པ་འབུལ་གྱིས་བཞེས་སླད་དུ། །ད་ལྟ་ཉིད་དུ་བྱོན་ནས་ཀྱང་། །གཉིས་མེད་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཞེས་བརྗོད་པས་ཡེ་ཤེས་སེམས་དཔའི་གཙོ་མོ་དམ་ཚིག་གི་སེམས་དཔའི་གཙོ་མོ་ལ་ཐིམ་པར་བསམ་མོ། །འཁོར་གཅེར་བུ་རལ་པ་ཅན་གཡས་ན་མི་སྙིང་། གཡོན་ན་ཐོད་པ་སྐྲ་ཅན་ཁྲག་གིས་གང་བ་འཛིན་པ་འབུམ་སྡེ་དེ་དག་དམ་ཚིག་སེམས་

p. 188

དཔའ་ལ་བསྐོར་ནས་བཞུགས་པར་བསམ། དེ་ནས་གདན་འབུལ་བ་ནི། བྷྱོཿ རླུང་དམར་དྲག་པོའི་ཤུགས་འཆང་བོང་བུའི་སྟེང་། །དུར་ཁྲོད་བརྒྱད་ལྡན་ཞབས་གཉིས་ལྕགས་སྒྲོག་མཛེས། །ཞལ་གདངས་མཆེ་གཙིགས་ཀཱི་ལི་ཀཱི་ལ་སྒྲོགས། །དཔལ་ལྡན་འདོད་ཁམས་དབང་ཕྱུག་གདན་ལ་བཞུགས། །པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་པས་བཞུགས་པར་བསམ། དེ་ནས་ཕྱག་འཚལ་བ་ནི། བྷྱོཿ ཡང་ཐོག་དྲུག་བརྩེགས་འཕྲུལ་གྱི་ལྡིང་ཁང་ནས། །མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་ནི་མི་འགྱུར་རི་རབ་ལྷུན་པོ་འདྲ། །ཚངས་པའི་འབྲུག་སྒྲ་ནམ་མཁའི་དབྱིངས་སུ་སྒྲོགས། །ཐུགས་ཀྱི་དཔལ་བེའུ་ཡེ་ཤེས་ལྔ་དང་ལྡན། །མགུལ་གྱི་བུམ་པ་རྨ་བྱའི་མགྲིན་པ་འདྲ། །ལྗགས་ནི་པདྨའི་ལེ་བརྒན་གྲི་སོ་འདྲ། །ཕན་འདོགས་མྱུར་དུ་སྒྲུབ་པའི་མཁའ་འགྲོ་མ། །དཔལ་ལྡན་དབང་ཕྱུག་མ་ལ་ཕྱག་འཚལ་བསྟོད། །དེ་ནས་བཞུགས་སུ་གསོལ་བ་ནི།

p. 189

བྷྱོཿ ཐོད་པའི་སྐུ་མཁར་པདྨའི་གཞལ་ཡས་ནས། །རིམས་ནད་ཀུན་ལ་དབང་བསྒྱུར་ལས་མཁན་མོ། །དུར་ཁྲོད་བདག་མོ་དབང་ཕྱུག་དྲིལ་ཞོན་མ། །རྣལ་འབྱོར་ཆེན་མོ་གནས་འདིར་བརྟན་པར་བཞུགས་སུ་གསོལ། །ཞེས་བརྗོད། ལྔ་པ་བསྡིག་ཅིང་གཟིར་བ་ནི། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཁྱོད་ཀྱིས་བདག་ལ་སྐུ་མྱུར་དུ་སྟོན་ཅིག །སྐུ་མི་སྟོན་ན་ཡང་བདག་གི་ཡིད་ལ་གང་འདོད་པ་དེ་ཁྱོད་ཀྱིས་བསྒྲུབ་པར་གྱིས་ཤིག །དེ་ལྟར་མི་བྱེད་ན། ཨོཾ་ཧཱུྃ་ཤྲཱི་ཡ་དཱེ་ཝི་སོགས་དང་། ཨོཾ་ཨེ་ར་ལི་ཧྲིཾ་ཛཿ ཞེས་བརྗོད་པས་རང་དབང་མེད་པར་བྱས་པར་བསམ་མོ། །དྲུག་པ་དམ་ལ་བཞག་པ་ནི། དྲི་ཆབ་འཐོར་ཞིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཧ་ན་ཧ་ན་ས་མ་ཡ་ཨ་ཏི་ཀྲ་མ་ནན་ཧཱུྃ་ཕཊ། ཞེས་པས་དམ་ལ་བཞག་

p. 190

སྟེ། དེ་དྲན་ནས་དམ་ལ་མི་ལྡོག་ཅིང་དམ་ལས་མི་འདའ་བར་བསམ་མོ། །དེས་ནི་བདག་གི་དོན་ཅི་བསྒོ་བ་འགྲུབ་པར་བསམ་མོ། །དེ་ནས་བདུན་པ་མཆོད་པ་བྱ་བ་ནི། ཉེར་སྤྱོད་ལྔས་མཆོད་པ་དང་། གཏོར་མས་མཆོད་པ་དང་། འདོད་ཡོན་ལྔས་མཆོད་པ་དང་། དམ་རྫས་རཀྟ་ཆང་དང་སྦྱར་བས་མཆོད་པ་དང་བཞིའོ། །དང་པོ་ཉེར་སྤྱོད་ལྔས་མཆོད་པ་ནི། བྷྱོཿ ཨུ་དུམ་ཨུཏྤལ་ལ་སོགས་པདྨ་དང་། །དབང་པོ་རྣམ་ལྔ་མཛེས་པའི་མེ་ཏོག་འདི། །དཔལ་ལྡན་ལྷ་མོའི་དབུ་ལ་མཆོད་པ་འབུལ། །བདག་གི་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །ཨོཾ་ཧཱུྃ་ཤྲཱི་ཡ་དཱེ་ཝི་སོགས་ཀུན་ལ་སྦྱར། ཨོཾ་བཛྲ་པུཥྤེ་པཱུ་ཛི་ཏེ་ཨཱཿཧཱུྃ། ཚིལ་ཆེན་སྤོས་ཀྱི་དུད་པ་མཾ་སའི་དྲི། །གུ་གུལ་སྦྱར་བའི་སྤོས་དང་ཨ་ག་རུ། །བདག་གིས་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །དཔལ་ལྡན་ལྷ་མོའི་ཤངས་མཆོག་ཚིམ་གྱུར་ཅིག །ཨོཾ་ཧཱུྃ་ཤྲཱི་ཡ༴ ཨོཾ་བཛྲ་དྷཱུ་པེ༴ ཉི་ཟླ་ལྟར་གསལ་རིན་ཆེན་འོད་འབར་བ། །ཞུན་མར་སྟོང་གསུམ་ཀུན་ཏུ་གསལ་བྱེད་

p. 191

པ། །དཔལ་ལྡན་ལྷ་མོའི་སྤྱན་ལ་མཆོད་ལགས་ན། །བདག་གི་སྒྲིབ་གཉིས་མུན་པ་སེལ་གྱུར་ཅིག །ཨོཾ་ཧཱུྃ་ཤྲཱི་ཡ༴ ཨོཾ་བཛྲ་ཨཱ་ལོ་ཀེ༴ ལེགས་པར་སྦྱར་བའི་དྲི་དང་བདུད་རྩི་ལྔ། །དུ་རུ་ཀ་སོགས་མཆོད་པར་འོས་པ་རྣམས། །དཔལ་ལྡན་ལྷ་མོའི་ཐུགས་ལ་མཆོད་པ་འབུལ། །བདག་གིས་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །ཨོཾ་ཧཱུྃ་ཤྲཱི་ཡ༴ ཨོཾ་བཛྲ་གནྡྷེ༴ དགྲ་བགེགས་བསྒྲལ་བའི་ཤ་དང་རྟ་ཡི་ཤ །བྱ་དང་ཁྱི་ཡི་ཤ་དང་བ་གླང་ཤ །འབྲུ་སྣ་ཚོགས་པའི་འབྲས་ཆན་བཤོས་འདི་དག །དཔལ་ལྡན་ལྷ་མོའི་ལྗགས་ལ་མཆོད་པར་འབུལ། །བདག་གིས་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །ཨོཾ་ཧཱུྃ་ཤྲཱི་ཡ༴ ཨོཾ་བཛྲ་ནཻ་ཝི་དྱ༴ རྔ་ཆེན་འབྲུག་གི་སྒྲ་ལྟར་ཆེར་སྒྲོག་ཅིང་། །མི་རྐང་གླིང་བུ་ཀུན་ནས་སྙན་པའི་སྒྲ། །ཅང་ཏེའུ་ཆོས་ཀུན་སེམས་སུ་སྟོན་པའི་སྒྲ། །དཔལ་ལྡན་ལྷ་མོའི་སྙན་ལ་མཆོད་

p. 192

པར་འབུལ། །བདག་གིས་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །ཨོཾ་ཧཱུྃ་ཤྲཱི་ཡ༴ ཨོཾ་བཛྲ་ཤབྡ༴ ཞེས་པས་མཆོད། དེ་ནས་གཏོར་མས་མཆོད་པ་ནི། ར་རོག་པོའི་ཤ་ཁྲག་དང་། བྱ་མོ་ནག་མོའི་ཤ་ཁྲག་དང་། གཞན་ཡང་ཤ་ཁྲག་འབྱོར་ཚད་དང་། ཆང་ལ་སོགས་པའི་བཟའ་བཏུང་སྣ་ཚོགས་དང་ལྡན་པའི་གཏོར་མ་དཀར་དམར་ཕུད་ཀྱིས་བརྒྱན་པ་འབུལ་བར་བྱས་ཏེ། དེའང་གཏོར་མའི་ནང་དུ། ཧ་ཧོ་ཧྲཱིཿ གསུམ་བསམ་ལ། ཧ་སེར་པོས་གཏོར་མའི་ཁ་དོག་ངན་པ་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པ་གསེར་གྱི་མདོག་ལྟ་བུར་བསམ། ཧོ་དཀར་པོས་དྲི་ངན་པ་བཅོམ་ནས་དྲི་ཕུན་སུམ་ཚོགས་པར་བསམ། ཧྲཱིཿ སྔོན་པོས་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པར་བསམ་མོ། །ངག་ཏུ། ཧ་ཧོ་ཧྲཱིཿསྭཱ་ཧཱ། ཞེས་ལན་གསུམ་བརྗོད། ༈ ༓ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་བཛྲ་པུཥྤེ༴ དྷཱུ་པེ་སོགས་ནས་ཤབྡ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་

p. 193

ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔའི་ཕུང་པོའི་སྟེང་དུ། ཧ་སེར་པོ། ཧོ་དཀར་པོ། ཧྲཱིཿསྔོན་པོ་རྣམས་གཏོར་མའི་སྟེང་དུ་སུམ་བརྩེགས་སུ་གནས་པ་ལས། གཏོར་མའི་ཁ་དོག་དྲི་རོ་ངན་པ་བཅོམ་ནས། གཏོར་མའི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ། མ་ཁྱོད་ལ་མཆོད་པ་འབུལ་བ་ནི། །ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པ་དང་། །དམ་ཉམས་བསྒྲལ་བའི་དོན་སྙིང་མཁལ་མར་བཅས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿཧཱུྃ། དམ་ཉམས་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་

p. 194

ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ཨོཾ་ཨི་དཾ་བ་ལིངྟ་གྷྲྀ་ཧ་ན་གྷྲྀ་ཧ་ན་ས་མ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མོ། སྐུ་སྤྲུལ་དཀར་མོ་འབུམ་སྡེ། གསུང་སྤྲུལ་དམར་མོ་འབུམ་སྡེ། ཐུགས་སྤྲུལ་ནག་མོ་འབུམ་སྡེ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་འབུམ་སྡེ། ཕྲིན་ལས་ཀྱི་སྤྲུལ་པ་ལྗང་ནག་འབུམ་སྡེ། འཁོར་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ་ལ། །གཟུགས་ཀྱི་མཆོད་པ་སོགས།༓༧ གཏོར་མ་བྱིན་གྱིས་བརླབ། དེ་ནས་ལག་པས་གཏོར་མ་ལེན་ཅིང་གཅིག་བཏེག་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ཨོཾ་ཨི་དཾ་བ་ལིང་གྷྲྀ་ཧྞ་གྷྲྀ་ཧྞ་ས་མ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་དུད་སོལ་མ་འཁོར་དང་བཅས་པས་གཏོར་མ་ཧབ་དི་རི་རི་

p. 195

ཟོས་པར་བསམ་མོ། །དེ་ནས། མ་ཁྱོད་ལ་མཆོད་པ་འབུལ་བ་ནི། །ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པ་དང་། །དམ་ཉམས་བསྒྲལ་བའི་དོན་སྙིང་མཁལ་མར་བཅས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད། དེ་ནས་གཏོར་མ་དེ་མདུན་དེར་བཞག་གོ། །དེ་ནི་གཏོར་མའི་མཆོད་པའོ། །དེ་ནས་འདོད་ཡོན་ལྔས་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་བྱེ་བྲག་ནམ་མཁའི་མཐའ་དང་མཉམ་ཞིང་ཐོགས་པ་མེད་པར་བསམ་ལ་འདི་སྐད་དོ། །ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ་ལ། །གཟུགས་ཀྱི་མཆོད་པ་འབུལ་བ་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། །བཟའ་ཤིང་འབྲས་བུ་ཕུན་སུམ་ཚོགས། །བལྟ་བར་བྱ་བའི་གཟུགས་མཆོག་རྣམས། །མ་གཅིག་སྤྱན་ལ་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ༴ སྒྲ་ཡི་མཆོད་པ་

p. 196

སོགས་གོང་གིས་འགྲེའོ། །པི་ཝང་གླིང་བུ་མཁར་རྔ་དང་། །ཆ་ལང་ཅང་ཏེའུ་མི་རྐང་དང་། །དྲིལ་བུའི་སྒྲ་དབྱངས་ཕུན་སུམ་ཚོགས། །མ་གཅིག་སྙན་ལ་མཆོད༴ ཐུགས་མཆོག་དམ་པ༴ ཀྱེ། མ་གཅིག་དཔལ་ལྡན༴ དྲི་ཡི་མཆོད་པ༴ ཨ་ག་རུ་དང་དུ་རུ་ཀ །ཙན་དན་དཀར་དམར་དྲི་ཞིམ་སྤོས། །གུ་གུལ་ཚིལ་ཆེན་ལ་སོགས་རྣམས། །མ་གཅིག་ཤངས་ལ༴ ཐུགས་མཆོག་དམ་པ༴ ཀྱེ། མ་གཅིག་དཔལ༴ རོ་ཡི་མཆོད་པ༴ བསད་པའི་ཤ་དང་མྱོས་པའི་ཆང་། །བཙོས་པའི་ཞག་དང་ཁུ་བ་ཁྲག །བསྲེག་པའི་གསུར་དང་རློན་པའི་ཤ །གློ་སྙིང་ནང་ཁྲོལ་མཁལ་མར་བཅས། །མ་གཅིག་ལྗགས་ལ༴ ཐུགས་མཆོག་དམ་པ༴ ཀྱེ། མ་གཅིག་དཔལ་ལྡན༴ རེག་བྱའི་མཆོད༴ དགྱེས་པའི་ན་བཟའ་སྣ་ཚོགས་དང་། །སྡིག་ཅན་དགྲ་ཡི་གཡང་གཞི་དང་། །དཔལ་ལྡན་སྐུ་ཡི་རེག་བྱའི་མཆོག །མ་གཅིག་སྐུ་ལ་མཆོད་པ་

p. 197

འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི༴ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་བཛྲ་ཨོཾ་ཨཱཿཧཱུྃ། ཞེས་པས་མཆོད་དོ། །ད་ནི་དམ་རྫས་རཀྟ་ཆང་དང་སྦྱར་ནས་མཆོད་པ་ནི། ཆང་དང་རཀྟ་སྦྱར་ཏེ། དེ་ལ་མ་མོ་དང་མཐུན་པའི་དམ་རྫས་བསྲེས་ལ་བྱིན་གྱིས་བརླབས་ཏེ་སྦྲེང་ཞིང་འདི་སྐད་དོ། །ཧཱུྃ། རང་བྱུང་དམ་རྫས་བདུད་རྩི་ལྔ། །གདོད་ནས་དག་པའི་བདུད་རྩི་མཆོག །རྩ་བ་བརྒྱད་ལ་ལོ་མ་སྟོང་། །དམར་ཆེན་མཚོ་དང་མཾ་སའི་དྲི། །ག་པུར་ཤེལ་གྱི་སྤོག་ཕོར་དྲི། །སངས་རྒྱས་སྟོང་གི་ཐུགས་དམ་སྟེ། །རྣལ་འབྱོར་ཡོངས་ཀྱི་དམ་ཚིག་མཆོག །དམ་ཚིག་སྦྱིན་པ་ཆེན་པོ་སྟེ། །སྦྱིན་ནོ་བཏབ་བོ་གསོལ་ལོ་བསྐུལ། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །གདུང་བའི་ལྷ་མོ་མཐུ་མོ་ཆེ། །དུས་ལ་རུབ་ཅིང་དམ་ལ་ཕྲེང་། །དབང་ཕྱུག་ཆེན་མོ་ཀུན་གྱི་སྲིང་། །རྣལ་འབྱོར་ཡོངས་ཀྱི་སྲུང་མ་སྟེ། །མཚན་བཟང་ནག་མོ་དུད་སོལ་

p. 198

མ། །མ་ཚོགས་སྟོང་གི་འཁོར་བཅས་ལ། །རྣམ་དག་དམ་རྫས་བདུད་རྩི་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཅེས་བརྗོད། བརྒྱད་པ་བསྟོད་པ་བྱ་བ་ནི། ལག་པས་དྲིལ་བུ་དང་ཌཱ་མ་རུ་བརྡུང་ཞིང་། ཨོཾ་ཧཱུྃ་ཤྲཱི་ཡ༴ སོགས་བརྗོད་ཅིང་། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རྔ་བོ་ཆེ་གསུམ་བརྡེག་ཏུ་བརྡུང་སྟེ་དབྱངས་རོལ་སྙན་པའི་གླུ་དང་བཅས་ཏེ་འདི་སྐད་དོ། །བྷྱོཿ དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལས་གཞོལ་ཀྱང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷ་མོའི་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །ཤིན་ཏུ་སྒེག་ཅིང་ཀེང་རུས་ལུས་ཅན་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་པ་གྱེན་བསྒྲེང་ལན་བུ་གཡོན་དུ་འཁྱིལ། །སྐྲ་སྐེད་སྦྲུལ་

p. 199

དང་ཐོད་པའི་ཕྲེང་བས་བརྒྱན། །རྣ་ལྟག་མེ་ཏོག་དར་ནག་ཅོད་པན་འཕུར། །ཁྲག་དང་ཆང་གིས་ར་རོ་སྤྱན་རྩ་དམར། །མི་རོ་རེངས་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཁྲག་ལ་ཤིན་ཏུ་དགྱེས། །སྙན་གཡས་སྦྲུལ་གྱི་མགུལ་ནས་དྲིལ་བསིལ་ཞིང་། །གདུག་པ་བཏུལ་ནས་ཚངས་པའི་སྒྲ་སྒྲོགས་མ། །སྙན་ཆ་གཡོན་ན་སེང་གེའི་རལ་པ་དམར། །དཔའ་མོ་ཁམས་གསུམ་སེང་གེའི་སྒྲ་སྒྲོགས་མ། །བྷྱོཿ ཕྱག་བཞི་གཡས་ཀྱི་དང་པོས་རལ་གྲི་ཕྱར། །འོག་མས་བྷནྡྷ་རཀྟ་དམར་བསྐྱིལ་འཛིན། །གཡོན་གྱི་དང་པོས་ཤག་ཏི་མཚོན་ཆ་འཛིན། །འོག་མས་ཏྲི་ཤུའི་མགུལ་ནས་དར་དཔྱངས་འཕྱངས། །ཤག་ཏི་རལ་གྲི་མཚོན་གྱིས་བསད་པ་ཡི། །ལྷ་མ་ཡིན་སོགས་ཐོད་པས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་བས་སྟོད་གཡོགས་འཇིགས། །སྨད་ནི་བ་གླང་ཀོ་རློན་དྲས་པ་ལ། །

p. 200

ཕྱེད་ནི་རེ་ལྡེ་སེར་པོའི་ཤམ་བུ་དཀྲིས། །ཀླུ་ཡི་དབང་པོ་བཤིབས་པས་སྐ་རགས་བཅིངས། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞག་མང་པོའི་ཚོམ་བུས་ཐིག་ལེར་བྲིས། །བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །བོང་བུའི་རྨིག་པ་གློག་གི་ཤུགས་ཅན་གྱིས། །ཁམས་གསུམ་སྐད་ཅིག་དག་གིས་བསྐོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟར་སྒྲོགས། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །བྷྱོཿ ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །དམ་པའི་སར་གནས་གཟུགས་སྐུ་ཉིད་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་མ། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡོངས་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །སུམ་ཅུ་རྩ་གསུམ་ཚལ་དུ་བྱོན་པའི་ཚེ། །ལྷ་རྣམས་

p. 201

དབུགས་དབྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕུང་བར་བྱས་པའི་ཚེ། །ལྷ་མིན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་ཆེ་དང་འཁྲིལ་བའི་ཚེ། །ལྟེ་བའི་ཐད་ཀྱི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །རྒྱ་མཚོའི་ཀློང་ནས་མེ་འབར་མཚོ་སྐེམ་ནུས། །ས་འོག་དབང་པོ་ཀུན་གྱིས་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱིས་ཆོ་འཕྲུལ་དེ་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུ། །མ་མོ་སྲིན་མོའི་ཚོགས་རྣམས་རྔམ་ཞིང་དགོད། །བྷྱོཿ ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ཁང་། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་འོད་ཟེར་འབར། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །དུག་གི་རླངས་པ་ནག་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་

p. 202

སློང་བར་བྱེད། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །བདུད་རྩིའི་རླངས་པ་དཀར་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་རྟག་ཏུ་བདག་གིས་བསྟོད། །ཆོས་སྐྱོང་ཁྱོད་ལ་རྟག་ཏུ་བདག་གིས་བསྟོད། །སྲུང་མ་ཁྱོད་ལ་རྟག་ཏུ་བདག་གིས་བསྟོད། །བྷྱོཿ བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས། །ལྷ་མོ་ནག་མོ་མཐུ་དང་རྫུ་འཕྲུལ་ཅན། །དབང་ཕྱུག་སྲིད་པ་གསུམ་གྱི་བདག་མོ་སྟེ། །ཁྱེད་ནི་ཁམས་གསུམ་ཀུན་གྱིས་མཆོད་ཅིང་བསྟོད། །ཚངས་པའི་རྒྱལ་པོས་རྨ་བྱའི་ཐུལ་པ་ཕུལ། །ཁྱབ་འཇུག་ཆེན་པོས་

p. 203

ཉི་ཟླ་རྒྱན་དུ་ཕུལ། །རྣམ་ཐོས་སྲས་ཀྱིས་སེང་གེའི་རྣ་ཆ་ཕུལ། །ནམ་མཁའི་ལྷ་བྲན་གསེར་གྱི་དྲིལ་བུ་ཕུལ། །ཀླུ་ཡི་རྒྱལ་པོས་སྦྲུལ་གྱི་གདེངས་ཀ་ཕུལ། །ལྷ་དབང་བརྒྱ་བྱིན་གླང་ཆེན་ཀོ་རློན་ཕུལ། །མ་མོ་རྣམས་ཀྱིས་རེ་ལྡེའི་ཤམ་བུ་ཕུལ། །ཤ་ཟ་རྣམས་ཀྱིས་ཁྲག་གི་ཐིག་ལེ་ཕུལ། །མཁའ་འགྲོ་རྣམས་ཀྱིས་རུས་པའི་རྒྱན་ཆ་ཕུལ། །གཤིན་རྗེའི་རྒྱལ་པོས་ཐོད་པའི་ཕྲེང་བ་ཕུལ། །སྲིན་པོའི་རྒྱལ་པོས་ལྕགས་སྒྲོག་སྔོན་པོ་ཕུལ། །འཁོར་ལོས་བསྒྱུར་རྒྱལ་ལྷ་ཡི་རྒྱལ་སྲིད་ཕུལ། །རྣལ་འབྱོར་བདག་གིས་བརྒྱན་པའི་གཏོར་མ་ཕུལ། །དེ་ལྟར་རྒྱན་གྱི་རྣམ་པ་དུ་མ་ཡིས། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད་ལགས་ན། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཚེ་དང་བསོད་ནམས་ལ་སོགས་རྒྱས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །བདག་ལ་རྟག་ཏུ་སྡང་

p. 204

བའི་སེམས་ལྡན་པའི། །དམ་ཉམས་དགྲ་བོའི་སྲོག་རྩ་མྱུར་དུ་ཆོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་ལྡན་ལྷ་མོའི་རྒྱན་བསྟོད་མ། ༧ དགུ་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། བྷྱོཿ མ་གཡེལ་མ་གཡེལ་སོགས་ནས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་རུ་རུ་རོ་རུ་བྷི་ཏིཥྛ་བྷ་ཏོ་སི་ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ལ་ཆང་ཕུད་ལ་སོགས་གཏོར་མར་བླུགས། གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གི་མཐའ་མར། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཞེས་པས་གཡས་བསྐོར་དུ་དམིགས་ནས་བཟླས། གཙོ་འཁོར་ཐམས་ཅད་ཀྱིས་བཟླས་པར་བསམ་ཉི་ཤུ་རྩ་གཅིག་གམ། བརྒྱ་བརྒྱད་ལ་སོགས་པ་ཅི་ནུས་བཟླས་སོ། །བསྙེན་པའི་དུས་སུ་སྔགས་ཀྱིས་བསྐོར་བར་བསམ་པ་ཡིན་གྱི། འགལ་མེའི་འཁོར་ལོ་ལྟར་མ་བསམ་པར་བཤད། མཆན། དེ་ནས་གཏོར་མ་བཏང་བ་ནི། ལག་པ་གཉིས་རྡོ་རྗེའི་ཁུ་ཚུར་བཅིང་། མཛུབ་མོ་གཉིས་བསྒྲེང་སྟེ་ཁ་

p. 205

འགྲམ་གཡས་གཡོན་དུ་མཆེ་བ་ལྟར་བྱས་ལ། གཏོར་མ་ལ་བདུད་རྩིའི་ཁ་ཕྲུ་བཏབ་སྟེ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿཧཱུྃ། བཟླས་མཐར། ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། བཏགས་པ་ཅུང་བཟླས་མཐར། ཨོཾ་རུ་རུ་རོ་རུ་བྷི་ཏིཥྛ་བྷ་ཏོ་སི་ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ་ཧཱུྃ། དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། མཆན་བུའོ། །ཨོཾ་བྷ་ཝ་བྷ་ཏ་ལི་བྷ་ཏ་ལི་ཚེ་ཚེ། ཞེས་གསུམ་མམ་བདུན་བརྗོད། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀཱ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱེད་ཀྱིས་བསྒྲུབ་པར་མཛོད། །བདག་གིས་ལས་ནི་ཅི་

p. 206

བྱེད་ཀྱང་། །དེ་ལ་ཁྱོད་ཀྱིས་གྲོགས་གྱིས་ཤིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་མཐུ་རྩལ་ཆེ། །བདག་གིས་ཁྱེད་ལ་བསྟོད་ལགས་ན། །བཀྲ་ཤིས་མཆོག་སྒྲུབ་སེམས་བདེར་གནས། །ཡིད་མྱུར་རྫུ་འཕྲུལ་མཐུ་སྟོབས་ཅན། །མ་མོར་བྱེད་ཅིང་འཇིག་རྟེན་སྐྱོང་། །དཔལ་ལྡན་རྟག་སྤྱོད་བརྩོན་འགྲུས་ཅན། །འཐབ་མོའི་གཡུལ་ལས་ཤིན་ཏུ་རྒྱལ། །གཤིན་རྗེའི་སྲིང་མོ་ཡིན་པར་སྟོན། །གོས་སུ་ཞིང་ཆེན་རེ་ལྡེ་གསོལ། །སྤྱན་རྩ་དམར་ལ་སྡང་མིག་ཅན། །སྤྱན་རྩ་མཐོང་ན་ཀུན་ཀྱང་དངངས། །དད་ཅིང་འཇིགས་པ་རྣམས་བསྡུད་ཅིང་། །དྲང་སྲོང་བདེན་པའི་ཚིག་གིས་ནི། །ལྷ་མོ་ཁྱོད་ལ་བདག་གིས་བསྟོད། །རྨ་བྱའི་སྒྲོ་ནི་རྒྱལ་མཚན་བྱས། །རྟག་ཏུ་འཇིག་རྟེན་སྡུད་པར་བྱེད། །སེང་གེ་སྟག་དང་སྤྱང་ཀིའི་གདོང་། །ཕག་གདོང་འུག་པ་བྱ་རོག་

p. 207

གདོང་། །རྟག་ཏུ་ཀུན་ནས་བསྐོར་བར་བྱེད། །རྡོ་རྗེ་དྲིལ་ཆེན་འཁྲོལ་བར་བྱེད། །ཁྱེད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་དངོས་གྲུབ་འབྱུང་རྒྱུད་ལས་གསུངས་སོ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལིའི་སྔགས་ཀྱི་མཐར། གྷྲྀ་ཧྞ་གྷྲྀ་ཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ་ཕྲེཾ་ཕྲེཾ་ཕྲུཾ་ཕྲུཾ་ཕྲཾ་ཕཊ་སྭཱ་ཧཱ། དེ་ནི་ཁྱོད་ཀྱིས་སྒྲུབ་པར་མཛོད། །ཅེས་པ་ཡན་གདན་བཞིའི་བཤད་རྒྱུད་དཀྱིལ་འཁོར་ཆོ་ག་དང་། འཕགས་པ་ལྷ་དང་རྣལ་རྒྱལ་དབང་པོའི་སྡེས་མཛད་པའི་སྒྲུབ་ཐབས་ཀྱི་ནང་ནའང་བཞུགས་ཤིང་། ལྷ་མོ་ནག་མོ་མཐུ་མོ་ཆེ་མན་མེ་ལྕེ་འབར་བའི་བསྟོད་པའི་ལེའུར་གྲགས་ལ། བྲམ་ཟེ་མཆོག་སྲིད་ཀྱིས་ཀུན་རྫོབ་བདེན་པ་ལ་བརྟེན་ནས་མཛད་པའང་བཤད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། མཁའ་འགྲོ་མ་དུད་པའི་སོལ་བ་མ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དམ་པ། དྲི་དམ་པ། རོ་དམ་པ་དང་ལྡན་པ་འདི་བཞེས་ལ། རྣལ་འབྱོར་པ་བདག་འཁོར་དང་བཅས་པའི་ནད་ཀྱི་རིགས་སུ་གྱུར་པ།

p. 208

རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་མཛད་དུ་གསོལ། གདོན་གྱི་རིགས་སུ་གྱུར་པ། ལྷ་ཡི་གདོན་དང་། ཀླུ་ཡི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། རྒྱལ་པོའི་གདོན་དང་། དྲི་ཟའི་གདོན་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། གཞན་ཡང་རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། རྣལ་འབྱོར་པ་བདག་ཅག་གི་ལུས་དང་གྲིབ་མའི་ཚུལ་བཞིན་མཛོད་ཅིག །སྔོན་ནས་བསུས། ཕྱི་ནས་སྐྱོར། བསམ་པ་སྒྲུབས། བསམ་པའི་དོན་ཐམས་ཅད་མཐར་ཕྱིན་དུ་ཆུགས་ཤིག །མཆན་བུའོ། །ཞེས་གསོལ་བ་བཏབ་པས་དེ་ལྟར་བགྱིའོ་ཟེར་ནས་མཁའ་འགྲོ་མ་འཁོར་བཅས་ཐམས་ཅད་ཤྭ་ཏིར་གྱིས་དགྱེས་པར་བསམ་མོ། །དེ་ནས་བཟོད་གསོལ་བསྔོ་

p. 209

བ་སྨོན་ལམ་བཀྲ་ཤིས་བྱའོ། །དེ་ནས་ཡི་དམ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །དཔལ་ལྡན་ལྷ་མོའི་མཆོད་འགྲིགས་ཉུང་ངུར་བསྡེབས་པ། ༧ རྔོག་ཞེ་སྡང་རྡོ་རྗེས་མཛད་པའོ། །སརྦ་མངྒ་ལཾ། །

མགོན་པོ་ཕྱག་བཞི་པའི་ལས་འགྲིགས་མུ་མཐུད།

p. 210
p. 211

དེའི་མཇུག་ཏུ། ཆོས་སྐྱོང་སྤྱི་ལ་གཏོར་མ་འབུལ་བ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི། རྣམ་པ་འདོད་པའི་ཡོན་ཏན་ལྔ་ལ། ངོ་བོ་ཟག་མེད་ཀྱི་བདུད་རྩིས་གང་བ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཨོཾ་སརྦ་མ་ཧཱ་ཀཱ་ལ་སརྦ་མ་ཧཱ་ཀཱ་ལི་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿཛཿ ཨོཾ་སརྦ་མ་ཧཱ་ཀཱ་ལ་སརྦ་མ་ཧཱ་ཀཱ་ལི་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་འབུལ། མགོན་པོ་ཚོགས་ཀྱི་བདག་པོ། གྲི་གུག་ཅན། བྱ་རོག་མིང་ཅན། བེང་མ་སེང་ཞོན། སྟག་ཞོན་གླང་པོ་ཆེ་ལ་ཞོན་པ། མགོན་པོ་ཕྱག་དྲུག་པ། བེར་

p. 212

ནག་ཅན། རང་བྱུང་རྒྱལ་མོ། སྔགས་སྲུང་ཨེ་ཀ་ཛ་ཊི། སྲོག་བདུད་མ་ནིང་ནག་པོ། དམ་ཅན་རྡོ་རྗེ་ལེགས་པ། ཏྲག་ལས་གཤིན་ནག་པོ། སྲོག་སྒྲུབ་ནག་མོ་ལ་སོགས་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སློབ་དཔོན་རྒྱུད་ཀྱི་བསྟན་པའི་སྲུང་མ། ཕ་མྱེས་རྒྱུད་ཀྱི་བསྟན་པའི་སྲུང་མ། རྣལ་འབྱོར་བདག་གི་བསྟན་པའི་སྲུང་མ། ཚེ་རབས་ལས་ཀྱི་བསྟན་པའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ།

རྒྱལ་ཆེན་རྣམ་སྲས་ཀྱི་མཆོད་གཏོར།

p. 213

དེ་ལ་རྒྱལ་ཆེན་རྣམ་སྲས་ཀྱི་མཆོད་གཏོར། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཡི་གེ་བཻ་སེར་པོ་གཅིག་འཕྲོས་ནས་མདུན་དུ་བཞུགས་པ་ལས། འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕྲོས། ལྷ་དང་བཅས་པའི་ལོངས་སྤྱོད་ཐམས་ཅད་ཚུར་བསྡུས་ནས་བཻ་ལ་ཐིམ། ཨོཾ་བཻ་སྭཱ་ཧཱ། བཻ་འོད་དུ་ཞུ་བ་ལས། པདྨ་ཉི་མའི་སྟེང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་བ་གསེར་བཙོ་མའི་མདོག་འདྲ་བ་སྐུ་ཤ་ཤིན་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས།

p. 214

ཕྱག་གཡས་ན་ཟ་འོག་དང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་རྒྱལ་མཚན་ཕྱར་བ། གཡོན་ན་ནེའུ་ལེའི་རྐྱལ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་འཛིན་ཅིང་སེང་གེའི་སྟེང་དུ་བརྐྱང་བསྐུམ་གྱིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་རིན་པོ་ཆེ་སྣ་ཚོགས་ཆར་བཞིན་དུ་འབེབས་ཤིང་། གནོད་སྦྱིན་བྱེ་བ་འབུམ་གྱིས་གང་བའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་བཞུགས་པའི་ཐུགས་ཀར། མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ། པདྨ་ཉི་མའི་སྟེང་ནས་བཻ་སེར་པོའི་འོད་ཟེར་བྱང་ཕྱོགས་སུ་འཕྲོས། རྣམ་ཐོས་སྲས་གནོད་སྦྱིན་བྱེ་བ་འབུམ་དང་བཅས་པ་སྤྱན་དྲངས། ཧཱུྃ། རི་རབ་བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་ཐོས་སྲས། འདོད་ཡོན་ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབས།

p. 215

ཁྱོད་ཀྱིས་དངོས་གྲུབ་ཆེན་པོ་སྒྲུབ་ཅིང་རེ་འདོད་བསྐང་བའི་ཕྱིར། །ཐུགས་རྗེའི་དབང་གིས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་བ་ཎ་ཡ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ཡ་ཨཱ་ཀརྵ་ཡ་ཛཿ ཧཱུྃ། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་ནས། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་ཕྱིར་གནས་འདིར་གཤེགས་ནས་ཀྱང་། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །མཆོད་ཡོན་ཞབས་བསིལ་ཡོན་ཆབ་དང་། །མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་སིལ་སྙན་སྒྲ་ཡི་ཚོགས། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཧཱུྃ། གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །རིན་ཆེན་ནོར་ལ་དབང་

p. 216

བསྒྱུར་འདོད་ཡོན་ཆར་དུ་འབེབས། །དབུལ་བའི་སྡུག་བསྔལ་སེལ་མཛད་མགོན་པོ་ཐུགས་རྗེ་ཅན། །རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བསྟོད་པ་རྒྱས་པར་སྤྲོ་ན། ཛམྦྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་བསྟོད། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །བུམ་པ་བསྣམས་ལ་ཕྱག་འཚལ་བསྟོད། །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །ནོར་བུ་བསྣམས་ལ་ཕྱག་འཚལ་བསྟོད། །ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །རལ་གྲི་བསྣམས་ལ་ཕྱག་འཚལ་བསྟོད། །ཡང་དག་ཤེས་ནི་སྐུ་མདོག་

p. 217

སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །གསེར་གྲི་བསྣམས་ལ་ཕྱག་འཚལ་བསྟོད། །འབྲོག་གནས་སྐུ་མདོག་ནག་པོ་ལ། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །མདུང་དམར་བསྣམས་ལ་ཕྱག་འཚལ་བསྟོད། །ལྔ་ཙེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །ཁང་བརྩེགས་བསྣམས་ལ་ཕྱག་འཚལ་བསྟོད། །པི་ཙི་ཀུཎྜ་ལི་ནི་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །གྲི་ཕུབ་བསྣམས་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་ལེ་ལ། །གཡས་པས་མཚོན་ཆ་སྣ་ཚོགས་འཛིན། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །

p. 218

གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་འཁོར་བཅས་ཐམས་ཅད་ཀྱིས། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །ཁྱོད་ནི་ནོར་བདག་ཆེན་པོ་སྟེ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་འཁོར་གྱི་བསྟོད་པ་འདི་བྱའོ། །ཛཿཧཱུྃ་བཾ་ཧོཿ དབྱེར་མེད་པར་གསལ་བར་བསྒོམ་ཞིང་། བཟླས་པ་བྱ་བ་ནི། བདག་གིས་གསོལ་བ་བཏབ་པའི་ཚུལ་དུ་འོད་ཟེར་སྤྲོ་བསྡུའི་རྒྱུན་ལ་བཟླས་པར་བྱའི། སྔགས་དང་བཀའ་བསྒོ་བ་ཙམ་གྱིས་རིན་པོ་ཆེ་སྣ་ཚོགས་པ་སྟེང་གི་ཕྱོགས་ནས་ཆར་བཞིན་དུ་འབེབས། འོག་གི་ཕྱོགས་ནས་ན་བུན་བཞིན་དུ་ཕྱུར་ཞིང་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྒོམ། ཨོཾ་བཻ་སྭཱ་ཧཱ། སྐུ་བསྐྱེད་པ་ཉེ་བའི་སྙིང་པོ་ཡིན་པས་བརྒྱ་རེ་ཙམ་འདོན་པར་བྱའོ། །ཨོཾ་བཻ་ཤྲ་བ་ཎ་ཡ་སྭཱ་ཧཱ། སྙིང་པོ་ཡིན་པས་རྒྱུན་ཆད་མེད་པར་བཟླའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། སྲས་གཏེར་བདག་གི་སྙིང་པོ་ཡིན་པས་ཆུ་སྦྱིན་བྱས་ཤིང་མང་དུ་

p. 219

བཟླས་ན་དངོས་གྲུབ་མྱུར་དུ་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་ཎ་ཡ། མ་ཧཱ་རཱ་ཛ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙྪིནྡྷ་ཙྪིནྡྷ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ས་དྷ་ཨ་ཧ་ར། མ་ནཾ་ནིར་ཡ་ཏ་ཡ་དྷ་ར་ད་དུ་ཡེ་སྭཱ་ཧཱ། གཏེར་བདག་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དོ་གལ་ཆེ་བའི་དུས་སུ་མང་བར་བགྲང་ན་གནོད་སྦྱིན་ཐམས་ཅད་ཀྱིས་དགོས་འདོད་མྱུར་དུ་བསྒྲུབ་པར་འགྱུར་རོ། །ནོར་མྱུར་དུ་འགྲུབ་པར་བྱེད་པའི་གནོད་སྦྱིན་སྤྱི་བསྡུས་ཀྱི་སྒྲུབ་སྔགས་ནི། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱ་ཧི། ཏིཥྛ་ཏིཥྛ་སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱ་ཐཱ། སུ་དྷ་ནེ། སུ་ར་སེ། སུ་མ་ཏི།

p. 220

སུ་པུ་ཥེ་ཧི་ལི་མི་ལི་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ཡ་སྭཱ་ཧཱ། གཏོར་མ་འབུལ་བར་འདོད་ན། རང་གི་མདུན་དུ་སྟེགས་ཀྱི་ཐོག་ཏུ་སྣོད་གང་ཡང་རུང་བའི་ནང་དུ་དཀར་གསུམ་མངར་གསུམ་ལ་སོགས་པ་འབྱོར་ཚད་བླུགས་ནས་མདུན་དུ་བཞག །ཨོཾ་ཨཱཿཧཱུྃ། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་བསྒོམ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེ་བས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་བ་ཎ་ཡ། ཨི་དཾ་བ་ལིཾ་གྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། འཁོར་རྣམས་ལ་རང་རང་གི་སྔགས་ཀྱི་མཐར་ཨི་དམ་མན་ཆད་བཏགས་ལ་འབུལ། ཨོཾ་ཨཥྚ་ན་ག་ཤ་དྷུ་ཏ་ས་ཧ་སྲ་ཀོ་ཊི་ཡཀྵ་རཀྵ་ས་སྭཱ་ཧཱ། ཞེས་པ་ལ་ཨི་དཾ་མན་ཆད་བཏགས་ལ། ཀླུ་བརྒྱད་དང་། གནོད་སྦྱིན་དང་སྲིན་པོ་བྱེ་བའི་ཚོགས་ལ་འབུལ། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་གྲྀ་སོགས། ཡང་ན། ཨ་ཀཱ་རོས་འབུལ། ཁྱད་པར་ཉའི་དུས་སུ་དཀར་གཏོར་ཟླུམ་པོ་ལ་མར་གྱིས་རིན་པོ་ཆེ་

p. 221

བརྒྱན་ཅིང་དར་སྣ་ཚོགས་བཙུགས་ལ་འབུལ་ཞིང་། བསྙེན་པ་ལ་བཀའ་བསྒོ་དཔག་ཏུ་མེད་པ་བྱས་ན་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབེབས་པར་འགྱུར་རོ། །དེ་ནས་བསྟོད་པ་ནི། ཧཱུྃ། མི་འཇིགས་སེང་གེའི་ཁྲི་སྟེང་ནས། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤོག །འདོད་དགུ་ཡིད་བཞིན་བསྒྲུབ་པ་དང་། །གཞན་དོན་ལྷུན་གྱིས་འགྲུབ་མཛད་གསོལ། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་། །

p. 222

བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་དོ། །འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། གཏོར་མ་གཙང་སར་ཕུལ་བའམ་དངོས་གྲུབ་ཏུ་རོལ་བར་བྱའོ། །ཡེ་ཤེས་པ་བྱང་ཕྱོགས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ་བའམ་མི་དམིགས་པར་བསམ། ཨོཾ་བཻ་ཤྲ་བ་ཎ་ཡེ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿཛཿ ཨོཾ་བཻ་ཤྲ་བ་ཎ་ཡེ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གནོད་སྦྱིན་གྱི་རྒྱལ་པོ་རྣམ་

p. 223

ཐོས་སྲས། གང་བ་བཟང་པོ། ལྷ་མོ་ནོར་རྒྱུན་མ། སྲས་ཛམྦྷ་ལ་མཆེད་བརྒྱད། གཏེར་བདག་གནོད་སྦྱིན་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། རྟ་ལྷ་ཨཱརྱ་རེ་མནྟ། །རྟ་བདག་རྒྱལ་པོ་ཀུ་བེ་ར། །བདག་ལ་དངོས་གྲུབ་སྟེར་བའི་ཕྱིར། །སྤྱན་འདྲེན་ཕེཾ་ཕེཾ་བདག་གིས་འབོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རྔོག་ཆགས་ཀུན་གྱི་མགོན་སྐྱབས་དང་། །རྐང་བཞི་འཕེལ་བའི་ཕྲིན་ལས་མཛོད། །ཨོཾ་ཨཱརྱ་རེ་མནྟ་སྭཱ་ཧཱ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་བེ་ར་སྭཱ་ཧཱ། ཨི་དཾ་བ་ལིང༴ ཨརྒྷཾ༴ ཧཱུྃ། རེ་མནྟ་དང་ཀུ་བེ་ར། །མནའ་དགུ་བཞག་པའི་ཤག་པོ་ཡིན། །ཕ་མ་བྱས་ཀྱང་དེ་རང་ཡིན། །དཔོན་གཡོག་བྱས་ཀྱང་དེ་རང་ཡིན། །ཚ་ཞང་བྱས་ཀྱང་དེ་རང་ཡིན། །

p. 224

ཁྱོད་བསྟེན་ཁྱོད་མཆོད་ཁྱོད་རྦད་ན། །རྔོག་ཆགས་གོད་ཁ་བཟློག་པ་དང་། །རྔོག་ཆགས་མ་ལུས་བསྲུང་དུ་གསོལ། །རྒྱུན་དུ་གཟའ་སྤྱན་འདྲེན་པས་མི་ལེགས། ནམ་མཁའ་གཟའི་རང་བཞིན་ཡིན་པས་གཏོར་མ་བསྔོས་ན་བར་ཆད་སེལ་བས། ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུས་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་། །དུག་གི་ཟོར་ཁ་དགྲ་ལ་བསྒྱུར། །གདུག་པའི་ཁ་རླངས་དགྲ་ལ་བསྒྱུར། །བདག་ཅག་དཔོན་སློབ་མི་ཕྱུགས་བཅས། །ཁྱོད་ཀྱི་བུ་སྤུན་ཚ་བོ་བཞིན། །རྟག་ཏུ་སྲུང་སྐྱོང་མ་གཡེལ་ཅིག །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨི་དཾ༴ ཨརྒྷཾ༴ ཧཱུྃ། དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་

p. 225

དགུ་སྤྱན་སྟོང་འབར། །ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས། །བསྐལ་པའི་མེ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཁྱོད་ཀྱི་སྲིང་མོ་གདོང་མོ་བཞི། །གཟའ་དང་སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། །ཁྱི་དང་ལྕེ་སྤྱང་བདུད་བྱ་ལ་སོགས་པ། །ཕོ་ཉ་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །སྡང་བའི་དགྲ་ལ་ཆོ་འཕྲུལ་རྒྱུན་ཏུ་ཕོབ། །འཁོར་བཅས་སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོ། །ཞེས་མཆོད་པ་བཞེས་ནས་སོང་བར་བསམ།

ཟུར་དེབ།

p. 226
p. 227

དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་ཟད་མི་ཤེས་པ་ནམ་མཁའི་མཐའ་དང་མཉམ་པའི་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་ཐུལ། ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ།

p. 228

ཨོཾ་ཨཱཿཧཱུྃ། སྟོན་པའི་བསྟན་པ་རིན་པོ་ཆེ། །སྟོན་པ་ཉིད་ཀྱི་ཞབས་དྲུང་དུ། །ཇི་ལྟར་བསྲུང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །མི་འཇིགས་སེང་གེའི་ཁྲི་སྟེང་དུ། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་བསྟོད། །

p. 229

ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། སོ་སོར་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས། དེ་བཞིན་བཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། བདག་ཉིད་ཡི་དམ་དུ་གསལ་སོགས།

དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པའི་མཆོད་འགྲིགས།

p. 230
p. 231

དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པའི་མཆོད་འགྲིགས་བཞུགས་སོ། །ཤམཐཏྭརྒྱཐཱ༔ གསང་བདག་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕུར་པའི་བཀའ་སྲུང་གདང་ལྷའི་གཏེར་མ༔ བདག་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ལས་ཡི་གེ་ཏྲི་ནག་པོ་གཅིག་འཕྲོས་པ་ལས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཏྲི་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་གིས་དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་སྐུ་མདོག་དམར་པོ་ཞལ་ནས་ཁྲག་འཛག་པ༔ ཤངས་ནས་རླུངས་འཚུབ་པ༔

p. 232

མིག་ནས་མེ་འབར་བ༔ ཕྱག་གཡས་རྡོ་རྗེ་དགྲ་ལ་ཕྱར་བ༔ ཕྱག་གཡོན་དགྲ་སྙིང་དམར་པོ་འཛིན་པ༔ སྐུ་ལ་ཟ་འོག་གི་བེར་གསོལ་བ༔ དབུ་ལ་སྭག་ཞུ་སྨུག་པོ་གསོལ་བ༔ ཆིབས་སུ་སེང་གེ་གངས་སྔོན་ལ་བཅིབས་པ༔ སྤྲུལ་པ་ལྕགས་ཀྱི་སྤྱང་ཀི་འགྱེད་པ༔ སྒྲོལ་གིང་ཤན་པ་བཞི་བཅུ་རྩ་གཉིས་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ༔ སྦྱོར་ཡུམ་བརྟན་མ་བཅུ་གཉིས་གཡས་མི་ལྤགས་ཀྱི་གཡབ་མོ་རྡེབ་པ། གཡོན་ཐམས་ཅད་ཀྱིས་མིའི་སྙིང་ཁྲག་ཞལ་དུ་གསོལ་བ༔ བཙན་དམག་སུམ་བརྒྱ་དྲུག་ཅུ་རྟ་པ་ཞུབ་ཆེན་མདུང་དམར་ཐོགས་པ༔ དེ་ཐམས་ཅད་ཀྱིས་ཀི་སྒྲ་བསྭོ་སྒྲ་ཧ་ཧའི་སྒྲ་སྒྲོགས་པ༔ དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཕ་བོང་ལོང་བུའི་སྐུ་མཁར༔ འཇའ་ཚོན་སྣ་ལྔའི་ཕོ་བྲང་༔ རྒྱ་བོད་མདོ་གཙང་ཀུན་ནས་དམ་ཅན་སྐྱེས་བུ་

p. 233

ཆེན་པོ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་བཅས་པ་ཐམས་ཅད་སྤྱན་དྲངས༔ མཆོད་པའི་གནས་སུ་བཛྲ་ཏྲཱི་ཤུ་ལ་བཛྲ་ས་དྷཱུ་ས་མ་ཡ་ཛཿཛཿ དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་ཀ་རཏྣ་གླིང་པའི་གཏེར་མའོ། །༔ཨཇགམཏིརྨ༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ལ༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ སྐྱེས་བུ་ཆེན་པོའི་གསོལ་ཁ་ནི༔ བསེ་ཕོར་ཟངས་གཞོང་དག་ཏུ་ནི༔ བཤོས་བུ་མཁར་ཐབ་ཁྲུ་གང་ལ༔ བཙན་བཤོས་སྨན་ལེབ་ཕྱི་བ་དང་། །ཆང་ཕུད་ལྕགས་ཐོ་འབྲང་རྒྱས་བཅས། །སུ་ར་ར་མགོ་ཙིཏྟས་བརྒྱན༔ ར་ཡི་ཁྲག་དང་གསུར་ཆེན་དང་༔ ཕུད་དང་གསེར་སྐྱེམས་སྤྱན་གཟིགས་བཤམས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སྤྱན་འདྲེན་པ་འདི་སྐད་དོ༔ ཧཱུྃ༔ རྒྱལ་བ་ཤཱཀ་ཐུབ་བསྟན་པ་ལ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བསྟན་པ་བསྲུང་བའི་མཐུ་རྩལ་ཅན༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ ཉི་མ་ནུབ་ལ་དབང་མཛད་པ༔ གནམ་ས་ཕྱེད་ཀྱི་བདག་པོ་སྟེ༔ འཛམ་བུ་གླིང་གི་སྐྱེས་གཅིག་པོ༔ དགྲ་ལྷ་ཆེན་པོ་གཤེགས་སུ་གསོལ༔

p. 234

འོ་ཡུག་ཤངས་ཀྱི་གནས་མཆོག་ནས༔ སྐྱེས་མཆོག་འཁོར་བཅས་དགྲ་རྒྱལ་པོ༔ རྒྱ་བོད་མདོ་གཙང་ཀུན་གྱི་གཤེད༔ བཙན་རྒོད་ཆེན་པོ་གཤེགས་སུ་གསོལ༔ གཙུག་ལག་ཆོས་འཁོར་དབེན་གནས་དང་༔ གནས་མཆོག་དམ་པ་གར་བཞུགས་ཀྱང་༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་དྷུ་ས་མ་ཡ་ཏྲི་ཤུ་ལ་ཛཿ ཛཿཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི་འདི་སྐད་དོ༔ ཧཱུྃ༔ དམ་ཅན་སྐྱེས་བུ་འཁོར་བཅས་རྣམས༔ དེང་གི་གནས་མཆོག་དམ་པ་འདིར༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དམ་རྫས་སྨན་གཏོར་རཀྟ་དང་༔ ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ དམ་ཅན་འཁོར་དང་བཅས་ལ་འབུལ༔ སྐྱེས་མཆོག་ཐུགས་དམ་བསྐང་གྱུར་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་སཱ་དྷུ་ས་

p. 235

མ་ཡ་ཏྲི་ཤུ་ལ་མ་ཧཱ་པཉྩ་བ་ལིངྟ་རཀྟ་སརྦ་པཉྩ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་མཆོད༔ དམ་ཅན་སྐྱེས་བུ་ཆེན་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ༴ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། གསང་བདག་ཕྱག་ན་རྡོ་རྗེ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་གཉན་པོའི་དམ་ལ་མ་འདའ། གསུང་གཉན་པོ་ཁྱད་དུ་མ་གསོད། སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་བཟློག །མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། ཨོཾ་བཛྲ་ས་དྷུ་ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་

p. 236

ནས་བསྟོད་པ་བྱ་བ་ནི༔ ཧཱུྃ། དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ ལྷ་མིའི་འཇིག་རྟེན་ཁམས་ན་དབང་ཕྱུག་བཙན༔ དབང་རྟགས་རྡོ་རྗེ་དགྲ་ཡི་ཙིཏྟ་བསྣམས༔ དགེ་བསྙེན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སེང་གེ་དང་ནི་ར་སྐྱེས་བཅིབས་ནས་ཀྱང་༔ དར་དམར་གསོལ་ཞིང་རྫུ་འཕྲུལ་སྣ་ཚོགས་འགྱེད༔ བཙན་དང་བསྟན་མའི་འཁོར་ཚོགས་བསམ་མི་ཁྱབ༔ མཐུ་སྟོབས་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་འཇིག་རྟེན་སྐྱོང་༔ སྡེ་དཔོན་བརྟན་མ་དགེ་བསྙེན་དང་༔ གཏེར་སྲུང་དམ་ཅན་རྫུ་འཕྲུལ་ཅན༔ ཡུལ་ལྷ་གཞི་བདག་སྲུང་མའི་ཚོགས༔ དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཕྱོགས་ཕྱོགས་དག་ནི་ཕ་ཀི་ན༔ སོགས། ཛཿཧཱུྃ་བཾ་ཧོཿ སྤྲུལ་སྐུ་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

p. 237

ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ལས་གཏོར་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་དགྲ་བགེགས་ཀྱི་ཤ་ཁྲག་ལ་སོགས་པ་དགེ་བསྙེན་ཆེན་པོ་རྡོ་རྗེ་དགྲ་འདུལ་འཁོར་དང་བཅས་པ་ཇི་ལྟར་དགྱེས་པའི་བཟའ་བཏུང་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿ ལན་གསུམ།

ལས་བྱེད་ཤན་པ་དམར་པོའི་མཆོད་འགྲིགས།

p. 238
p. 239

ལས་བྱེད་ཤན་པ་དམར་པོའི་མཆོད་འགྲིགས་བཞུགས་སོ། །འགྲོ་བའི་གཉེན་གཅིག་ཨུ་རྒྱན་པདྨར་འདུད། །དགེ་བསྙེན་ཆེན་པོ་རྡོ་རྗེ་དགྲ་འདུལ་ལ་གཏོར་མ་འབུལ་བར་འདོད་པས། སྣོད་གཙང་མར་གཏོར་མ་ཟུར་གསུམ་སྦྲུལ་གྱིས་དཀྲིས་པ། འཁོར་གསུམ་དང་གཞན་ཡང་སྨན་རཀ་མདའ་དར་དམར་པོ། སྤྱན་གཟིགས་རྒྱ་ཆེན་པོ་བཤམས་ཏེ་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་ནས་དྲི་ཞིམ་སྤོས་ཀྱི་དུད་པ་དང་བཅས་ཏེ། རང་ཉིད་ཡི་དམ་ལྷར་གསལ་བའི་ང་རྒྱལ་དང་ལྡན་པས་མདུན་དུ་ཁྲག་གི་རྒྱ་མཚོ་དམར་ནག་རབ་ཏུ་འཁྲུག་ཅིང་མེ་རླུང་འཚུབ་པའི་དབུས་སུ། ཧྲཱིཿལས་ལས་བྱེད་ཤན་པ་

p. 240

དམར་པོ་རྔམ་ཞིང་ཁྲོས་པའི་གཟུགས་ཅན་ཕྱག་གཡས་རུ་མཚོན་དམར་པོ་ནམ་མཁའ་ལ་ཕྱར་ཞིང་། གཡོན་དམ་ཉམས་ཀྱི་ཙིཏྟ་བཟུང་ནས་ཞལ་དུ་གསོལ་བ། སྐུ་ལ་བསེ་ཁྲབ་དང་བསེ་རྨོག་གྱོན་པ་རླུང་ལྟར་མགྱོགས་པའི་རྟ་དམར་ལ་ཞོན་པ། དེ་ཡི་རྒྱབ་ཏུ་ཤིན་ཏུ་མཛེས་པའི་སྨན་མོ་གསེར་གཡུའི་རྒྱན་དང་ལྡན་པ་མདའ་དར་དང་མེ་ལོང་འཛིན་པ། མདུན་དུ་འགུགས་བྱེད་བཙན་གྱི་ཤན་པ་དམར་པོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ། གཡས་སུ་སྒྲོལ་བྱེད་བདུད་ཀྱི་ཤན་པ་ནག་པོ་གཡས་རལ་གྲི་དང་གཡོན་བདུད་ཞགས་འཛིན་པ། གཡོན་དུ་སྲོག་གཅོད་གཤིན་རྗེའི་ཤན་པ་དམར་ནག་གཡས་མི་སྙིང་དང་གཡོན་ཟངས་གྲི་འཛིན་པ། དེ་གསུམ་ཀའང་ཞབས་གཉིས་བརྐྱང་བསྐུམ་བསྒྲད་པའི་ཚུལ་གྱིས་བཞུགས་པ། སྐུ་ལ་སྦྲུལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། འཇིགས་

p. 241

པའི་གཟུགས་ཅན། དེ་རྣམས་ཀྱི་ཕྱི་རོལ་དུ་བཙན་གྱི་དམག་ཚོགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ཀྱང་མཚོན་ཆ་སྣ་ཚོགས་ཐོགས་པས་གདུག་པ་ཅན་སྒྲོལ་བ་ལ་རིངས་པར་གཏུམ་ཞིང་རྔམ་པ། ཧ་སྒྲ་དང་བསྭ་སྒྲ་ཆེན་པོས་གནམ་ས་གཡོ་བ། དྲག་ཤུལ་གྱི་ནུས་པ་ཐོགས་པ་མེད་པ། ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པའི་སྙིང་གར་ཏྲི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཐིང་ཡུལ་བདེ་ཆེན་ཕུག་དང་རང་བཞིན་གྱི་གནས། ཁྱད་པར་བླ་མ་གོང་མའི་གདན་ས་རྣམས་ནས་དམ་ཅན་ཆེན་པོ་ཇག་པ་མེ་ལེན་འཁོར་དང་བཅས་པ་སྐད་ཅིག་གིས་བཛྲ་ས་མཱ་ཛཿ སྤོས་དཀར་ཚིལ་གྱི་གསུར་དང་བཅས་པས་སྤྱན་འདྲེན་པ་ནི། ཀྱེ། སངས་རྒྱས་བསྟན་པ་བསྲུང་བའི་ཕྲིན་ལས་པ། །དམ་ཉམས་དགྲ་བོ་སྒྲོལ་བའི་ཤན་པ་སྟེ། །གང་བཅོལ་ཕྲིན་ལས་སྒྲུབ་པའི་ཕོ་ཉ་བ། །དགེ་

p. 242

བསྙེན་ཆེན་པོ་དམ་ཚིག་བརྩེ་གདུང་ཅན། །མཐིང་ཡུལ་བདེ་ཆེན་ཕུག་གི་གནས་མཆོག་ནས། །འཁོར་བཅས་མཆོད་པའི་གནས་འདིར་སྤྱན་འདྲེན་གྱི། །དབྱངས་སྙན་རོལ་མོར་བཅས་པས་ཁྱོད་འབོད་ན། །ཐོགས་མེད་རྫུ་འཕྲུལ་ལྡན་པས་འདིར་གཤེགས་ཤིག །ཨོཾ་ཧྲཱིཿཤྭ་ཏྲི་གུར་ལང་ཨ་ར་བཛྲ་བྷྱོ་ཛ་ཛཿ དམ་ལ་བཞག་པ་ནི། ཀྱེ། སྔོན་ཚེ་ཤན་པ་དམར་པོ་ཁྱོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དམ་ཚིག་རྡོ་རྗེ་སྤྱི་བོར་བཞག །དགེ་བསྙེན་ཆེན་པོར་དམ་ལ་བཏགས། །མཁས་གྲུབ་འཇམ་དབྱངས་ཆོས་རྗེ་ཡིས། །དབེན་གནས་སྲུང་བར་བཀའ་བསྒོས་ཤིང་། །ཡོངས་འཛིན་ངག་གི་དབང་པོ་ཡིས། །སྒྲུབ་རྒྱུད་བསྟན་པའི་གཉེར་ཁ་གཏད། །རྗེ་བཙུན་ཆོས་ཀྱི་མགོན་པོ་ཡིས། །ཇི་ལྟར་དམ་ལ་བཞག་པ་བཞིན། །ཁྱོད་ཀྱང་དམ་ལ་མ་འདའ་བར། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབས། །

p. 243

དེ་ནས་སྭ་བྷཱ་ཝས་སྦྱང་། གཏོར་མ་འབུལ་བ་ནི། ཀྱེ། ཁྱོད་ཀྱི་དགྱེས་པ་བསྐྱེད་པའི་ཕྱིར། །མཆོད་རྫས་སྤྱན་གཟིགས་སྣ་ཚོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་བྱས་ནས། །མྱུར་མགྱོགས་སྲུང་མ་ཁྱོད་ལ་འབུལ། །བཤོས་བུ་ཟུར་གསུམ་རི་ལྟར་བརྩེགས། །དཀར་དམར་ཤ་ཁྲག་རྒྱན་གྱིས་བརྒྱན། །དམ་རྫས་བདུད་རྩིས་བྲན་པ་འདི། །རྡོ་རྗེ་དགྲ་འདུལ་ཁྱོད་ལ་འབུལ། །དམ་ཉམས་དགྲ་བོའི་ཤ་དང་ཁྲག །ནང་ཁྲོལ་དོན་སྙིང་ཞག་དང་བཅུད། །སྲོག་དབུགས་དབང་པོ་རྣམ་ལྔར་བཅས། །ཤན་པ་དམར་པོས་དགྱེས་པར་རོལ། །ཨོཾ་སརྦ་སུཾ་ཏྲི་རི་ཏྲི་ཏ་ན་ན་ཁ་རེ་བྷྲཱུྃ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་ལམ་བདུན་གྱིས་གཏོར་མ་ཕུལ། དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཚིམ་ཞིང་དགྱེས་པར་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་

p. 244

སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་སྲིངས། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ཞིང་། མཐུན་རྐྱེན་བསམ་པའི་དོན་མ་ལུས་པ་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། གཞན་ཡང་གང་འདོད་ཕྲིན་ལས་བཅོལ། བསྟོད་པ་ནི། ཀྱེ། དགེ་བསྙེན་རྡོ་རྗེ་དགྲ་འདུལ་ནི། །སྐུ་མདོག་དམར་པོ་གཟི་བརྗིད་ཅན། །རབ་འཇིགས་ཁྲོ་གཏུམ་རྔམ་པའི་ཞལ། །མི་ཤིགས་གོ་ཁྲབ་སྐུ་ལ་གསོལ། །ཕྱག་གཡས་མདུང་དར་དགྲ་ལ་བསྣུན། །གཡོན་པས་དམ་ཉམས་ཙིཏྟ་གསོལ། །གསེར་སྒ་གཡུ་ཡི་ཕྲ་ཚོམ་ཅན། །སྲབ་འཇམ་དར་ལ་བརྒྱུས་པ་དང་། །རིན་ཆེན་དོ་ཤལ་མགུལ་དུ་འཆང་། །མྱུར་མགྱོགས་རྟ་དམར་རླུང་བཞིན་རྒྱུག །འགུགས་བྱེད་

p. 245

བཙན་གྱི་ཤན་པ་དང་། །སྒྲོལ་བྱེད་བདུད་ཀྱི་ཤན་པ་དང་། །སྲོག་གཅོད་གཤིན་རྗེའི་ཤན་པ་དང་། །འཁོར་དུ་ཤན་པ་འབུམ་གྱིས་བསྐོར། །བཀའ་སྲུང་ཆེན་པོ་དམ་ཚིག་ཅན། །བསྟོད་དོ་བདག་གིས་ཁྱོད་ལ་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །རྒྱབ་ནས་སྐྱོར་ལ་མདུན་ནས་བསུས། །ལེགས་དང་སྤྲོད་ལ་ཉེས་དང་སྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཤ་ཁྲག་བརྒྱན་པའི་གཏོར་མ་དང་། །དམ་རྫས་བདུད་རྩི་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད། ཐུགས་དམ་བསྐང་བའི་རིམ་པ་འདི་ལྟར་རོ། །ཀྱེ། དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་བཅས་ཀྱིས། །སོགས་ནས། དེ་དག་མ་ལུས་ཁྱོད་ཀྱིས་འགྲུབ་པར་མཛོད། །ཇག་པ་མེ་ལེན་གྱི་བསྐུལ་པ་ནི། ཧཱུྃ། ཕྱོ་ཕྱོ་དེ་ནི་དགྲ་ལ་ཕྱོ། །ཞེས་པ་ནས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བསྐུལ་ཞིང་འཁོར་བཅས་དགྲ་

p. 246

ཕྱོགས་སུ་སོང་བར་བསམ་མོ། །དགྲ་བོ་འཁོར་བཅས་ཐལ་བ་རླུང་གིས་ཁྱེར་བ་ལྟར་སོང་བར་བསམ་མོ། །གཏོར་མ་དགྲ་ཕྱོགས་སུ་འཕངས་པས་ལས་གྲུབ་པ་ལ་ཐེ་ཚོམ་མེད་དོ། །སརྦ་མངྒ་ལམ།། ཀྱེ། ཤན་པ་དམར་པོ་མཐུ་དང་རྩལ་མ་ཞན། །རྣལ་འབྱོར་ཐུགས་དཀྲུག་དམ་ལོག་དཀོར་རྐུན་རྣམས། །ལོ་ཟླར་མ་བཞག་ལུས་སྲོག་རྟེན་དང་ཕྲོལ། །ཤ་ཁྲག་ཤན་པའི་ཚོགས་ཀྱིས་ཧབ་ཤ་རོལ། །དམ་ལས་མ་འདའ་ལས་འདི་མྱུར་དུ་སྒྲུབས། །

སེམས་དཔའ་ཀླུ་ཡི་རྒྱལ་པོའི་མཆོད་གསོལ་དགོས་འདོད་ཀུན་འབྱུང་། ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན།

p. 247

སེམས་དཔའ་ཀླུ་ཡི་རྒྱལ་པོའི་མཆོད་གསོལ་དགོས་འདོད་ཀུན་འབྱུང་བཞུགས་སོ། །སྐྱབས་གནས་རྩ་གསུམ་ལྷ་ཚོགས་དང་། །ཨོ་རྒྱན་རྗེ་ལ་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ལ་འགོད་ཕྱིར་དུ། །ཀླུ་ཡི་སེམས་དཔའ་བསྒྲུབ་པར་བགྱི། །རྃ་ཡྃ་ཁྃ། མཆོད་རྫས་མི་གཙང་དངོས་པོ་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ངོ་བོ་རོ་མཆོག་བརྒྱ་དང་ལྡན། །ལོངས་སྤྱོད་ཟད་མི་ཤིས་པ་སྩོལ། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །རང་ཉིད་པདྨ་འོད་འབར་གསལ། །སྐུ་ལ་བེར་ཆེན་སུམ་བརྩེགས་དང་། །ཆོས་

p. 248

གོས་དམར་པོ་མཛེས་པར་གསོལ། །རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས། །སྐུ་མདོག་དཀར་ལ་དམར་མདངས་དང་། །སྤྱན་གསུམ་ཞི་མ་ཁྲོ་ཡི་ཚུལ། །པད་ཞྭ་རིན་ཆེན་རྒྱན་ལྡན་གསོལ། །མཁའ་འགྲོ་རྣམ་གཉིས་གསལ་བར་བསྐྱེད། །མདུན་དུ་རྒྱ་མཚོ་ཆེན་པོའི་སྟེང་། །ཕུཿཡིག་ཡོངས་སུ་གྱུར་པ་ལས། །སེམས་དཔའ་ཀླུ་ཡི་དགེ་བསྙེན་ནི། །མི་ལུས་ཉ་ཡི་མགོ་བོ་ཅན། །སྐུ་མདོག་སྔོན་པོ་འོད་ཟེར་འཕྲོ། །སྐུ་ལ་ཆུ་དར་སྔོན་པོ་གསོལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་གཡས་རྡོ་རྗེ་གཡོན་གཏེར་བུམ། །ཡུམ་མཆོག་ཀླུ་མོ་མཛེས་ལྡན་མ། །རྡོ་རྗེ་གཏེར་བུམ་གཡས་གཡོན་འཛིན། །ཞལ་གཅིག་དཀར་ལ་དམར་མདངས་ཅན། །རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན། །ཞབས་གཉིས་གར་སྟབས་འགྱིངས་བཅས་བཞུགས། །ཕྱོགས་བཞི་སྨན་བཙུན་བཞི་ཡིས་བསྐོར། །དཀར་སེར་དམར་ལྗང་

p. 249

མཛེས་ལྡན་མ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཕྱག་གཡས་མདའ་དར་གཡོན་གཏེར་བུམ། །འཁོར་ཚོགས་གཟའ་སོགས་སྡེ་བརྒྱད་བསྐོར། །དཔག་མེད་ཁྲོམ་ཚོགས་ལྟ་བུས་བསྐོར། །བདག་མདུན་ཐུགས་ལས་འདོད་འཕྲོས་པས། །ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་གྱུར། །འོག་མིན་མཚུར་ཕུའི་གནས་ནས་སྐུ་བཞེངས་ཚེ། །རྡོ་རྗེ་རྒྱལ་པོ་འཁོར་བཅས་སྤྱན་འདྲེན་གཤེགས། །ལྷོ་བྲག་མཁར་ཆུའི་ཕྱོགས་ནས་སྐུ་བཞེངས་ཚེ། །མཁའ་རི་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །ཀོང་ཡུལ་ཕྱོགས་ནས་སྤྱན་དྲངས་སྐུར་བཞེངས་ཚེ། །མཐུ་སྟོབས་ཆེན་པོ་འཁོར་བཅས་གཤེགས་སུ་གསོལ། །ཁ་ལ་རོང་གནས་ཕྱོགས་ནས་སྐུ་བཞེངས་ཚེ། །ཞི་བ་རྡོ་རྗེ་འཁོར་བཅས་སྤྱན་འདྲེན་གཤེགས། །སེང་རྫོང་རྒྱ་མཚོའི་དབུས་ནས་སྐུ་བཞེངས་ཚེ། །རྦ་ནག་དགེ་བསྙེན་

p. 250

འཁོར་བཅས་སྤྱན་འདྲེན་གཤེགས། །ཧཱུྃ་ཕུཿནཱ་ག་རཱ་ཛ་བཛྲ་རཱ་ཛ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ རང་རང་སོ་སོའི་གདན་ལ་བཞུགས། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཀླུ་རྒྱལ་འཁོར་བཅས་ཕྱག་འཚལ་བསྟོད། །དངོས་གྲུབ་དམ་པ་མ་ལུས་སྩོལ། །མཆོད་ཡོན་མེ་ཏོག་བདུག་སྤོས་མེ། །དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །མཆོད་རྫས་རྣམ་ལྔ་གང་མཆིས་པ། །དགེ་བསྙེན་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཱུ་ཛ་ཧོཿ ཧཱུྃ། སྨན་རཀ་གཏོར་མ་ནང་གི་མཆོད། །དགེ་བསྙེན་འཁོར་དང་བཅས་ལ་འབུལ། །ཧཱུྃ་ནཱ་ག་རཱ་ཛ་རཀྟ་ཨ་མྲྀ་ཏ་བ་ལིངྟ་ཁཱ་ཧི། ཧཱུྃ། ཁམས་གསུམ་མ་རིག་ཉོན་མོངས་རྣམས། །ཤེས་རབ་ཡེ་ཤེས་ངང་དུ་སྒྲོལ། །བསྒྲལ་བའི་མཆོད་པ་དམ་པ་འདི། །ལྷ་ཆེན་འཁོར་དང་བཅས་ལ་འབུལ། །མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་པྲ་ཝེ་ཤ་ཡ་ཁཱ་ཧི། བཅུ་དྲུག་ཡིད་འཕྲོག་

p. 251

ཕྱག་རྒྱ་ཆེ། །འཕོ་མེད་བདེ་བའི་མཆོད་པ་ཆེ། །སྐུ་ལུས་བདེ་བ་དགྱེས་བསྐྱེད་ཕྱིར། །དགེ་བསྙེན་འཁོར་དང་བཅས་ལ་འབུལ། །པདྨ་ཡོ་གི་ནི་ཧོ་མ་ཧཱ་སུ་ཁ་ཧོ། དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། ཤཱཀ་ཐུབ་སྤྱན་སྔར་བྱང་ཆུབ་ཐུགས་བསྐྱེད་པ། །སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་སྟེ། །འགྲོ་བའི་དོན་དུ་འཇིག་རྟེན་དྲེགས་པའི་ཚུལ། །ཀླུ་ཡི་དགེ་བསྙེན་འཁོར་དང་བཅས་ལ་བསྟོད། །པདྨའི་ཕྲིན་ལས་སྤྲུལ་པའི་བསྟན་སྲུང་ཆེ། །ཟབ་གཏེར་སྐྱོང་མཛད་མི་བཟད་རིན་ཆེན་བདག །སྒྲུབ་མཆོག་བུ་བཞིན་སྐྱོང་བ་ཀླུ་ཡི་རྒྱལ། །ཕྲིན་ལས་སྒྲུབ་མཛད་ཁྱོད་ལ་བསྟོད་པར་བགྱི། །ཁྱོད་ཀྱི་ཆ་ལུགས་མ་ངེས་སྣ་ཚོགས་ཀྱིས། །རང་རང་དངོས་གྲུབ་འབྱུང་བ་ལ་དགོངས་ནས། །ལོངས་སྤྱོད་སྣ་ཚོགས་འབྱུང་གནས་དམ་པ་མཆོག །དངོས་གྲུབ་རྣམ་གཉིས་སྟེར་ལ་བསྟོད་པར་བགྱི། །ཆོས་ཉིད་

p. 252

མི་འགྱུར་མཐིང་གསལ་ནམ་མཁའི་མདོག །དོན་དམ་འགྱུར་མེད་རྡོ་རྗེའི་སྐུ་མངའ་བ། །དམ་ཚིག་ལ་གནས་རྡོ་རྗེ་གཡས་ན་འཛིན། །དངོས་གྲུབ་སྩོལ་མཛད་བུམ་པ་རབ་མཛེས་པ། །སྣ་ཚོགས་བརྒྱན་མཛད་ཁྱོད་ལ་བདག་བསྟོད་དོ། །ཐུགས་ཀར་ཕུཿཡིག་གསལ་བ་ལ། །སྔགས་ཀྱི་ཕྲེང་བས་གཡས་སྐོར་གསལ། །ཕུཿནཱ་ག་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཕུཿནཱ་གི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨ་ཡ་མ་དུ་རུ་ཙ་ཤ་ན་བསྟན་དགྲ་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊཿ ཀླུ་རྒྱལ་དངོས་གྲུབ་ཀུན་གྱི་བདག །མཆོག་ཐུན་མ་ལུས་བསྩལ་དུ་གསོལ། །བཻ་ཌཱུར་མདོག་ལ་འོད་འབར་བ། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །ཞལ་གཅིག་སྤྱན་གསུམ་འཛུམ་མདངས་ལྡན། །དུས་གསུམ་གསལ་སྟོན་བདག་ལ་སྩོལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས་པ་ཡིས། །རྡོ་རྗེ་དྲག་པོས་ལམ་སྣ་འདྲེན་ལ་བསྟོད། །གཡོན་

p. 253

པས་བུམ་པ་རབ་མཛེས་བསྣམས་པ་ཡིས། །ཚེ་ཡི་དངོས་གྲུབ་སྩོལ་ལ་བདག་བསྟོད་དོ། །སྐུ་ལ་ཆུ་དར་སྔོན་པོ་གསོལ་བ་ནི། །དར་ཟབ་ལྷུབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་སྣ་ཚོགས་སྐུ་ལ་གསོལ་བ་ནི། །མི་ཟད་རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ། །ཀླུ་རྒྱལ་ཁྱོད་ནི་དངོས་གྲུབ་ཀུན་གྱི་བདག །ཡུམ་མཆོག་ཀླུ་སྨན་དངོས་གྲུབ་འབྱུང་བའི་གནས། །ལོོངས་སྤྱོད་སྣ་ཚོགས་བདག་ལ་བསྩལ་དུ་གསོལ། །གཟའ་སོགས་སྡེ་བརྒྱད་འཁོར་གྱིས་བསྐོར་བ་ཡིས། །དགྲ་བོ་ཐལ་བར་བརླག་ལ་བདག་བསྟོད་དོ། །ཟུ་ར་རྭ་སྐྱེས་པདྨའི་ཕོ་ཉ་བ། །རྡོ་རྗེ་ཚེ་དང་མི་ཟད་རིན་ཆེན་ལྔ། །དར་ཟབ་གོས་དང་སྟག་གཟིག་གཅན་གཟན་སོགས། །རྟ་ནོར་ལུག་དང་ར་སོགས་རྐང་བཞི་ཡི། །ཅི་འདོད་དངོས་གྲུབ་འབྱུང་ལ་བདག་བསྟོད་དོ། །སེམས་དཔའ་ཀླུ་ཡི་རྒྱལ་པོ་དང་། །ཡུམ་སྲས་འཁོར་

p. 254

དང་བཅས་རྣམས་ལ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཀྱི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །ཐུགས་མཆོག་རབ་ཏུ་ཚིམ་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཤགས་པ་ནི། ཧོ། ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ། །བདག་སོགས་མ་རིག་སེམས་ཅན་གྱིས། །ས་གཉན་བརྐོས་དང་ཆུ་གཉན་སློག །དཀར་ཐབ་བྱས་དང་དམར་ཐབ་ཤོར། །ཆོས་སྐྱོང་ཨར་ལ་གཏད་པ་སོགས། །མི་གཙང་ཉམས་གྲིབ་གང་མཆིས་པ། །ཁྱོད་ཀྱི་ཐུགས་འགལ་མཆིས་ན་བཤགས། །གཏོར་འབུལ་ནི། རིན་ཆེན་སྣོད་མཆོག་ཡངས་པའི་སྣོད་ཡངས་ནས། །བྷྲཱུྃ་ལས་གཏོར་མ་རོ་བརྒྱ་ལྡན་པ་འདི། །ཟུ་ར་རྭ་སྐྱེས་ཡུམ་འཁོར་བཅས་ལ་འབུལ། །འདོད་པའི་ལས་འབྲས་མྱུར་དུ་མཆིས་པར་མཛོད། །དྲག་བསྐུལ་ནི། ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་མཁའ་རི་མི་དཀར་སོགས་ནས། ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །བཀྲ་ཤིས་ནི།

p. 255

པདྨ་འབྱུང་གནས་རྩ་བརྒྱུད་བླ་མ་དང་། །རིག་འཛིན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཀའ་བརྒྱད་ཕུར་པ་གུ་རུ་དྲག་པོ་སོགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རྡོ་རྗེ་ཕག་མོ་སེང་གདོང་མ་ལ་སོགས། །མ་བརྒྱུད་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །མ་ནིང་ཕྱག་བཞི་ཏྲཀྵད་མགོན་པོ་སོགས། །ཆོས་སྐྱོང་བསྟན་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །ཀླུ་ཡི་རྒྱལ་པོ་ཕྱོགས་སྐྱོང་དཀར་ཕྱོགས་སྐྱོང་། །འཛམ་གླིང་བདེ་ལ་འགོད་པའི་བཀྲ་ཤིས་ཤོག །འཇིག་རྟེན་པ་རྣམས་རང་རང་གནས་གཤེགས། །བཛྲ་མུཿ དེ་ལྟར་མཆོད་གསོལ་བགྱིས་པའི་བསོད་ནམས་ཀྱིས། །པད་འབྱུང་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དེར་འཛིན་སྐྱེས་བུ་སྐུ་ཚེ་ཞབས་བརྟན་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་སར་འགོད་ཤོག །ཅེས་པ་འདི་ཡང་། ཁོ་བོའི་ལུང་ཟིན་འགྲན་གྱི་ཟླ་བྲལ་༧བསྟན་སྙིང་

p. 256

རིན་པོ་ཆེ་སྤྲུལ་སྐུ་ཀརྨ་བསྟན་འཛིན་རྣམ་རྒྱལ་གྱིས་བཀས་བསྐུལ་པ་དང་། བླ་མ་གསལ་བྱེད་སྤྲུལ་སྐུ་དང་། རྡོ་རྗེ་འཛིན་པ་༧ཀརྨ་ཚོགས་གཉིས་སོགས་དམ་པ་རྣམས་ཀྱིས་བསྐུལ་པ་དོན་ཡོད་ཕྱིར། ཀརྨ་རྣམ་རྒྱལ་རྡོ་རྗེ་རབ་བརྟན་གྱིས་བྲིས་ནས་ཕུལ་བ་སརྦ་མངྒ་ལཾ། །དགེའོ།། །།

ལྷོ་བྲག་མཁར་ཆུའི་གཞི་བདག་དགེ་བསྙེན་བསྙོ་ཁའི་མཆོད་འགྲིག་གདུག་པ་འཇོམས་བྱེད། རཏྣ་གླིང་པ།

p. 257

ལྷོ་བྲག་མཁར་ཆུའི་གཞི་བདག་དགེ་བསྙེན་བསྙོ་ཁའི་མཆོད་འགྲིག་གདུག་པ་འཇོམས་བྱེད་བཞུགས་སོ། །༔ཤམཐྭམཧ།ཐཛ༔ གསང་བདག་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གཏེར་སྲུང་ཆེན་པོ་དགེ་བསྙེན་བསྙོ་ཁ་སྒྲུབ་ཅིང་བསྟོད་བསྐུལ་གྱི་རིམ་པ་བསྟན་པར་བྱ་སྟེ༔ བསྐང་གསོལ་མཆོད་བསྟོད་གཏོང་བའི་དུས་སུ་སྣོད་གཙང་མ་ཟངས་སམ་ལྕགས་སོགས་སུ་གཏོར་མ་སྒྲུབ་སྐོར་ནས་འབྱུང་བ་ལྟར༔ བཤོས་བུ་ནག་པོ་ཁྲུ་གང་ལ་སྟོད་དུ་སྦྲུལ་འཁྲིལ་བ༔ སྨད་དུ་གཡག་རོག་པོ༔ ལུག་ནག༔ ཁྱི་ནག༔ རྟ་ནག༔ རྩེ་ལ་བྱ་ནག་པོ༔ ཤ་ཁྲག་གིས་བརྒྱན་པ་བཤམ༔ རང་ཉིད་ཡི་དམ་གྱི་ཏིང་ངེ་འཛིན་གསལ་བས་གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་

p. 258

ལ༔ ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཁཾ་ལས་གཏོར་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། དགྲ་བགེགས་ཀྱི་ཤ་ཁྲག་ལ་སོགས་པ་གཏེར་སྲུང་དགེ་བསྙེན་ནག་པོ་ཏི་པ་ར་ཙ་འཁོར་དང་བཅས་པ་ཇི་ལྟར་དགྱེས་པའི་བཟའ་བཏུང་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཨོཾ་ཨཱཿཧཱུྃ་ཨ་ཀཱ་རོ་སོགས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སོགས། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སོགས། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ མདུན་དུ་རྒྱ་མཚོ་རྦ་ཀློང་འཁྲུག་ཅིང་འཁྱིལ་བའི་དབུས་སུ༔ གཏེར་སྲུང་དགེ་བསྙེན་ནག་པོ་ཏི་པ་ར་ཙ། སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ་དུ་འཁྱིལ་བ༔ སྐུ་མདོག་དུད་ཁ་མགོ་ལུས་མེད་པར་མིག་གིས་

p. 259

གང་བ༔ ཞལ་ནས་དུག་གི་རླངས་པ་འཐུལ་ཞིང་སྤྱན་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ༔ སྦྲུལ་གྱི་རལ་པའི་འགེང་ཐོད་དང་སྦྲུལ་གྱི་གདེང་ཀ་སྲིད་པའི་རྩེ་མོར་སླེབ་པ༔ ཕྱག་གཡས་གསེར་གྱི་འཁོར་ལོ་དང་། གཡོན་སྦྲུལ་ནག་གི་ཞགས་པ་འཛིན་པ༔ ཆིབས་སུ་བདུད་རྟ་ནག་པོ་ལ་བཅིབ་པ༔ གོང་ཐག་གློ་རྨེད་སྦྲུལ་ལས་བྱས་པ༔ རྔ་རྔོག་གསེབ་ནས་སྦལ་སྦྲུལ་འཕྲོ་བ༔ དེ་ལ་འཁོར་དུ་ཀླུ་བདུད་ནག་པོ་འབུམ་གྱིས་བསྐོར་བ༔ གཙོ་འཁོར་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གཞན་ཡང་གཏེར་གནས་ཆེན་པོ་ཐམས་ཅད་དང་༔ གཡུ་མཚོ་འཁྱིལ་བའི་གནས་མཆོག་རོལ་མཚོ་བདུན་གྱི་གཞལ་ཡས་གནས་བརྒྱད་ཀླུ་ཡི་ཕོ་བྲང་ནས་གཏེར་སྲུང་དགེ་བསྙེན་ཆེན་པོ་འཁོར་དང་བཅས་པ་མཆོད་པའི་གནས་འདིར་སྤྱན་

p. 260

འདྲེན་གཤེགས་སུ་གསོལ༔ སྤྱན་འདྲེན་པ་ནི་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ བསྟན་སྲུང་ཆེན་པོ་མཐུ་བོ་ཆེ༔ ཀླུ་སྲིན་བཤོས་པའི་བུ་གཅིག་པོ༔ གཏེར་སྲུང་ཆེན་པོ་སྐུ་བཞེངས་ཤིག༔ རོལ་མཚོ་བདུན་གྱི་གཞལ་ཡས་དང་༔ བླ་མཚོ་ནག་པོའི་ཕོ་བྲང་ནས༔ འཇིགས་བྱེད་ཆེན་པོ་དྲག་ཤུལ་ཅན༔ ཀླུ་བདུད་ཆེན་པོ་གཤེགས་སུ་གསོལ༔ ནཱ་ག་རཀྵ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ དགེ་བསྙེན་བསྙོ་ཁའི་གནས་བརྒྱད་ཀྱི་བསྟོད་པ་ནི། ཧཱུྃ། ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་ར་ཙ་ཁྱོད༔ བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་བསྟན་པ༔ གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་འཁོར་དང་བཅས་པ་ཡི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ སྤྱི་ཤོད་ཀླུང་དུ་ཆེ་བའི་སྐུར་སྟོན་པ༔ གཉན་ཆེན་མཁར་

p. 261

ནག་ཅེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན༴ བདག་ཅག་རིག་འཛིན༴ མི་མཐུན་རྐྱེན་སོལ༴ ཕོ་མ་རྫོང་རིང་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ ཀླུ་བདུད་མགོ་དགུ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན༴ བདག་ཅག་རིག་འཛིན༴ མི་མཐུན་རྐྱེན་སོལ༴ ལྷོ་སྟོད་དབུ་རིའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ སྐུ་ལྷ་མཁའ་རི་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན༴ བདག་ཅག་རིག་འཛིན༴ མི་མཐུན་རྐྱེན་སོལ༴ སྒོ་ཆུས་ལྷ་རྒྱབ་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ བདུད་པོ་ཟླ་བའི་གདོང་ཅན་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན༴ བདག་ཅག་རིག་འཛིན༴ མི་མཐུན་རྐྱེན་སོལ༴ མོན་ཁ་རིང་མོའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ བདུད་པོ་སྐྲག་མེད་ཅེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན༴ བདག་ཅག་རིག་འཛིན༴ མི་མཐུན་རྐྱེན་སོལ༴ སེང་གེ་རྫོང་

p. 262

གསུམ་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ ཟུ་ར་རྭ་སྐྱེས་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན༴ བདག་ཅག་རིག་འཛིན༴ མི་མཐུན་རྐྱེན་སོལ༴ ལྷོ་བྲག་མཁར་ཆུའི་ཕྱོགས་སུ་ཆེ་བའི་སྐུར་སྟོན་པ༔ དགེ་བསྙེན་བསྙོ་ཁ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་འཁོར་དང་བཅས་པ་ཡི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ སྤྲུལ་པའི་སྐུ་མཆོག་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གཏེར་ནས་བཏོན༔ ༈ ནག་པོ་ཏི་པ་ར་ཙ་ནཱ་ག་རཀྵ་ཀྲོ་ཏ་པ་ཙ་ལ་ཏི་དགྲ་འདྲེ་བྱད་གསུམ་གྱི་ཤ་ཁྲག་རུས་གསུམ་སྲོག་དབུགས་དོན་སྙིང་དང་བཅས་པ་དགེ་བསྙེན་བསྙོ་ཁ་མཆེད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་བཀའ་ཡི་གཏོར་མ་འདི་དང་མཉམ་དུ་བསྟབ་བོ། །འབུལ་ལོ། །བཞེས་ཤིག །རོལ་ཅིག །ཁ་རཾ་ཁཱ་ཧི། ཨི་དཾ་བ་ལིངྟ་སརྦ་པཱུ་ཛ་ཨ་

p. 263

མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༈ དེ་ནས་བསྟོད་པ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ བསྟན་སྲུང་ཆེན་པོར་དམ་ལ་བཏགས༔ དེ་ནས་བར་གྱི་བསྐལ་པ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དཔལ་གྱི་ཕུག་རིང་དཀྱིལ་འཁོར་དུ༔ བཀའ་དང་དམ་ལ་བཏགས་པའི་ཚེ༔ རང་རྟགས་སྲོག་གི་སྙིང་པོ་ཕུལ༔ ངག་ཏུ་དམ་རྫས་བདུད་རྩི་བྱིན༔ སྤྱི་བོར་རྡོ་རྗེ་བཞག་ནས་ཀྱང་༔ གཏེར་སྲུང་ཆེན་པོར་དབང་ཡང་བསྐུར༔ དགེ་བསྙེན་བསྙོ་ཁ་མཚན་ཡང་གསོལ༔ འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན༔ སྐུ་མདོག་མཐིང་ནག་འབར་བ་ལ༔ སྦྲུལ་ནག་འབར་བའི་གདེངས་ཀ་ཅན༔ འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར༔ བཀའ་ཉན་ལས་བྱེད་ཕོ་ཉར་འགྱེད༔ བསྟན་པ་སྲུང་མཛད་ཁྱོད་ལ་བསྟོད༔ དེ་ནས་བསྐང་བ་ནི༔ ཧཱུྃ༔ གཞན་ཡང་སོགས་ནས་མཛོད༔ བར། དེ་ནས་

p. 264

བསྐུལ་ཞིང་ལས་ལ་རྦད་པ་ནི་འདི་ལྟར་རོ༔ ཧཱུྃ་ཕྱོགས་ཕྱོགས་དེ་ནི་ཕ་ཀི་སོགས་ནས་ཕྲིན་ལས་མཛོད༔ ཅེས་བསྐུལ༔། དགེ་བསྙེན་བསྙོ་ཁའི་བསྟོད་བསྐུལ་ཨོ་རྒྱན་པདྨས་མཛད་པའོ༔ གཏེར་སྟོན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ༔ སརྦ་མངྒ་ལཾ། །དགེའོ།། །།

གཉན་ཆེན་ཐང་ལྷའི་གཏོར་བསྔོས་བསྡུས་པ། མཁས་གྲུབ་ཀརྨ་ཆགས་མེད།

p. 265

གཉན་ཆེན་ཐང་ལྷའི་གཏོར་བསྔོས་བསྡུས་པ་བཞུགས་སོ། །ཨོཾ་ཨ་ཀཱ་རོ་སོགས་བྱིན་རླབས་ལན་གསུམ་བྱ། ཨོཾ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་ཕྱུག་མོར་བཅས་པས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་། །བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེན་ལྡན། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང་། །ཐམས་ཅད་བདེ་དགར་སྤྱོད་པའི་བཀའ་དྲིན་སྩོལ། །ཨོཾ་ཨ་

p. 266

ཨ་ནུ་ཥེ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཧཱུྃ། ཡང་གཅིག་བཞེངས་ཤིག་ནག་པོ་ཏི་པ་ར་ཙ་ཁྱོད༔ བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་བསྟན་པ༔ གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་རིག་འཛིན་འཁོར་དང་བཅས་པ་ཡི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་བསྒྲུབ༔ སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང་༔ ལྕགས་སྡིག་མགོ་དགུའི་ཚུལ་དུ་འདིར་བྱོན་ལ༔ གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློགས༔ དམ་བཅས་དམ་ལ་མ་འདའ་ས་མ་ཡ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་འབར་བ་རྩལ་བྷིག་ནན་རཱ་ཙ་མཱ་ར་ཡ་ཕཊ༔ ཅེས་སྔགས་ཕྲེང་བསྐོར་ཙམ་ཅི་འགྲུབ་བྱའོ༔ ཞེས་གཏེར་ཁ་གསར་རྙིང་ལྔ་ཙམ་གྱི་དོན་བསྡུས། དྲིན་ཅན་རྩ་བའི་བླ་མ་༧རཱ་ག་ཨ་སྱས་མཛད་པའོ།། །།

ལྟས་ངན་དམག་གི་རྒྱལ་མོའི་ལས་བྱང་མདོར་བསྡུས། དུང་སྤྲུལ་ཤྲཱི་བྷ་དྲ།

p. 267

ལྟས་ངན་དམག་གི་རྒྱལ་མོའི་ལས་བྱང་མདོར་བསྡུས་བཞུགས་སོ། །༈ མཆོད་པ་ཡོད་བཞིན་གཏོར་རྫས་གང་འབྱོར་བཤམས། རང་ལྷར་གསལ་བཏབ་བྱིན་རླབས་ནི་གཞུང་བཞིན་འདོན་པར་བྱའོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཉམས་དགྲ་བོ་བསྒྲལ་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི། དགྲ་བོའི་དོན་སྙིང་ནང་ཁྲོལ་རླངས་པ་མ་ཡལ་བར་ཟག་མེད་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སྟོང་པའི་ངང་ལས་རང་མདུན་རཀྟའི་མཚོ། །ཡཾ་

p. 268

ལས་རླུང་ནག་དགུ་ཀློང་འཁྲུག་པའི་ཀློང་། །སུཾ་ལས་རྔ་མོང་ཐལ་མདོག་སྒ་སྲབ་མཛེས། །དེ་སྟེང་མ་ཡིག་ཡོངས་སུ་གྱུར་པ་ལས། །དྲེགས་བྱེད་དམག་གི་རྒྱལ་པོ་སྐུ་མདོག་ཁམ། །སྐུ་ཆེ་ལྷུ་ཚིགས་རགས་པ་ཤིན་ཏུ་གསལ། །སྤྱན་གཅིག་ཞལ་གདངས་མཆེ་བ་ཟླ་གམ་གཙིགས། །བྲང་ན་ནུ་གཅིག་རྒྱབ་ན་རླུང་གཤོག་ཅན། །གཡས་པས་སྦྲུལ་ནག་ཞགས་པ་མགོ་གསུམ་ཕྱར། །གཡོན་ན་སྦལ་མཁར་ནག་པོ་ཐུགས་ཀར་བསྣམས། །རལ་དམར་མཁའ་ལ་ཁྱབ་པ་སྦྲུལ་གྱིས་བརྒྱན། །སྟོང་གསུམ་ཁྱབ་པ་ལྟ་བུར་གསལ་བར་བསྐྱེད། །གཡས་སུ་བཙན་མོ་དམར་ནག་ཞལ་ཕྱག་གཉིས། །གཡས་ན་སྤྲེའུ་བླ་སྐྱ་གཡོན་ཞགས་འཛིན། །གཡོན་དུ་ཀླུ་མོ་ཤནྟི་དམར་ནག་སྐུ། །ཞལ་གཅིག་ཕྱག་གཉིས་ཕུག་ཤུད་སྦྲུལ་ཞགས་འཛིན། །མདུན་དུ་སནྟི་སྤྲེའུ་བླ་སྐྱ་ཞོན། །རྒྱབ་ཏུ་ཤནྟི་རི་བོང་ཝ་ལ་བཅིབ། །

p. 269

སྙིང་ལྡོག་དམར་མོ་ཕོ་རོག་འུག་པ་ཞོན། །གློག་འཁྲུག་མ་མོ་སྦུར་པ་སྟག་ལ་ཁྱེར། །གློག་མོ་སྲིན་རྡོལ་སྲེ་མོང་བྱི་བ་བཅིབ། །སྐང་འཁྲུག་མ་མོ་སྦལ་བ་སྨིགས་བུར་བཅིབ། །མ་ནི་བུད་མེད་སྡིག་པ་རྟེའུ་མོར་ཞོན། །འཇིགས་གཟུགས་སྐུ་ལ་སྤྲུལ་པ་མང་པོས་བསྐོར། །རང་འདྲ་བཙན་བདུད་མ་སྲིང་གིང་ལྷ་སྲིན། །ལྟས་ངན་མང་པོས་བསྐོར་བ་བསྐྱེད་པའི་ཐུགས། །རང་ལྷར་ཐུགས་ཀའི་འོད་ཀྱིས་བྷྱོ་ཡིག་བསྐུལ། །གཙོ་འཁོར་ཡོངས་རྫོགས་རྣམས་ལས་འོད་འཕྲོས་པས། །བྱང་ཤར་མེ་རླུང་འཚུབ་མའི་ཕོ་བྲང་ནས། །དམག་གི་རྒྱལ་མོ་འཁོར་བཅས་བསྐྱེད་པ་བཞིན། །བདག་གི་མདུན་དུ་སྐད་ཅིག་གཤེགས་གྱུར་ཅིག །མ་མོ་རུ་ལུ་མ་ཛཿཧཱུྃ་བཾ་ཧོཿ རོལ་མོ་སྤོས་དབྱངས་ཀུན་གྱིས་འབོད། བྷྱོཿ རྒྱལ་བའི་བསྟན་སྲུང་མ་མོ་དམག་གི་རྒྱལ། །ཉི་མ་བྱང་ཤར་ཕྱོགས་མེད་ཕོ་བྲང་ནས། །ལྟས་ངན་

p. 270

གནས་བདག་མ་མོའི་དཀྱིལ་འཁོར་ནས། །འཇིགས་བྱེད་དྲེགས་པའི་རྒྱལ་མོ་གཤེགས་སུ་གསོལ། །འཁོར་ཚོགས་མ་མོ་འབུམ་སྡེ་ད་ཚུར་གཤེགས། །བསྟན་པའི་ལས་ལ་སྒྲུབ་པའི་མ་མོ་གཤེགས། །འབོད་ཡིག་བསྐུལ་བའི་དབྱངས་ལ་སྙན་མ་སྲ། །དམ་ཚིག་དགོངས་ལ་གནས་འདིར་གཤེགས་སུ་གསོལ། །དབུགས་བྲལ་དམ་ཚིག་བསྣོལ་བའི་གདན་སྟེང་ལ། །མ་མོ་འཁོར་བཅས་བརྟན་པར་བཞུགས་སུ་གསོལ། །འདིར་བཤམས་དམ་རྫས་གཏོར་མའི་སྤྲིན་ཚོགས་དང་། །རབ་འབྱམས་དཔག་པར་དཀའ་བ་འདི་དག་བཞེས། །མ་མ་རུ་ལུ་མ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡ་ཏྲི་ཛཿ ཤུ་ལ་ར་ཙ་ཏྲི་ཡཾ་ཛཿ ཨི་དཾ་བ་ལིང་ཏ༴ ནཱ་ག་ཤུ་མ་མ་རཀྵ་ཨི་དཾ་བ་ལིང༴ མ་མོ་ཆེན་མོ་དམག་གི་རྒྱལ་མོ། འཁོར་མ་མོ་འབུམ་དང་བཅས་པའི་ཞལ་དུ་འབུལ་ལོ། །དྲག་བྱེད་བཙན་མོ་འབུམ་སྡེའི་ཞལ་དུ་འབུལ་

p. 271

ལོ། །མྱུར་མཛད་ཀླུ་མོ་འབུམ་སྡེའི་ཞལ་དུ་འབུལ་ལོ། །དགྲ་བོའི་རིགས་རྒྱུད་ཆོད། སྐྱེ་རྒྱུད་ཕྱུངས། ལོ་ཟླ་ཞག་དུས་སུ་མ་བཞག་པ་ས་མཱ་ཡ། ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་བཛྲ་ཨོཾ་ཨཱཿཧཱུྃ། བྷྱོཿ བྱང་ཤར་གཡུ་མཚོ་འཁྱིལ་པའི་དབུས། །རིན་ཆེན་སྣ་ལྔའི་སྐུ་མཁར་ནས། །སངས་རྒྱས་བསྟན་པའི་སྲུང་མ་ཆེ། །མ་མོ་ཆེན་མོ་དམག་གི་རྒྱལ། །བཙན་དང་ཀླུ་ཡི་རྒྱལ་མོར་བཅས། །ཡང་འཁོར་མ་མོ་བྱེ་བའི་ཚོགས། །རྣལ་འབྱོར་བུ་བཞིན་སྐྱོང་མཛད་པའི། །མ་གཅིག་འཁོར་དང་བཅས་ལ་བསྟོད། །ཕྱི་ལྟར་དམག་གི་རྒྱལ་མོ་ཆེན་མོ་ནི། །ནང་ལྟར་ཨེ་ཀ་ཛ་ཊི་ཞེས་སུ་གྲགས། །གསང་བ་དཔལ་ལྡན་ལྷ་མོ་དུད་སོལ་མ། །མ་མོ་ཀུན་འདུས་མཐུ་ཆེན་ཁྱོད་ལ་བསྟོད། །ཁྱོད་ལ་ཕྲིན་ལས་དངོས་གྲུབ་ཞུ་བ་ནི། །དཀོན་མཆོག་གསུམ་གྱི་དབུ་འཕང་

p. 272

དགུང་ལ་བསྟོད། །ཆོས་སྲིད་བསྟན་གསུམ་ཉི་ལྟར་གསལ་བར་མཛོད། །བཤད་སྒྲུབ་སྒོམ་པའི་གེགས་རྣམས་སེལ་ཞིང་བཟློག །དམ་ཆོས་སྒྲུབ་པའི་བར་ཆད་ཁྱོད་ཀྱིས་སྲུངས། །ཡང་དག་འཁོར་ལོས་བསྒྱུར་བའི་བླ་མ་རྗེ། །སྐུ་ཚེ་མཛད་ཕྲིན་ནམ་ཡང་མི་ནུབ་ཅིང་། །སངས་རྒྱས་བསྟན་པ་ཡར་ཟླ་བཞིན་དུ་སྤེལ། །ཆོས་ཆར་རིས་མེད་གླིང་བཞི་ཡོངས་སུ་ཕོབས། །རྒྱལ་བསྟན་སངས་རྒྱས་ཆོས་ཀྱི་རྔ་ཆེན་རྡུངས། །སངས་རྒྱས་བསྟན་པའི་རྒྱལ་སྲིད་ཕྲག་པར་བཞེས། །བསྟན་པ་མི་ནུབ་བསྐལ་བརྒྱར་སྲུང་མ་མཛོད། །རྣལ་འབྱོར་བདག་ཅག་བྲན་ནོར་ཀ་ཆ་དང་། །ཤག་རོགས་སྤུན་ཟླ་མ་ལུས་འཁོར་བཅས་ལ། །ཁྱོད་ཀྱིས་ཉིན་མཚན་མེད་པར་སྲུང་སྐྱོབ་མཛོད། །དམ་ལོག་མ་ཤོར་སྲོག་རྩ་དབུགས་རྒྱུད་ཁུམས། །ཕ་རོལ་བྱད་རྦད་སྡང་དགྲ་དམིགས་མེད་རློགས། །རེ་བའི་ཡོན་ཏན་འབད་མེད་ཀུན་

p. 273

འགྲུབ་ཤོག །ཅེས་པ་བསྟན་སྲུང་དམག་གི་རྒྱལ་མོའི་མཆོད་ཕྲེང་ཞེས་བྱ་བ་གཞུང་དུ་མཐུན་པ་ཞིག་བྲིས་ཞེས་ཕྲིན་ལས་ཤྲཱི་ནན་ཏས་ལྷ་རྫས་ཟེལ་ཟླའི་བརྒྱུད་ནས་ཡང་ཡང་བསྐུལ་ནས། འདོད་བློས་བླུན་ཚིག་འདྲེས་པ།༧ཤྲཱི་བྷ་དྲའི་མིང་ཞེས་ཤེས་མེད་དྲེད་པོ་ཁོ་ཡིས་བྲིས་པས་སྒྲུབ་བསྟན་དར་རྒྱས་བསྟན་པའི་དགྲ་བོ་ཚར་ཆོད་པར་གྱུར་ཅིག །སརྦ་མངྒ་ལཾ། །བྷ་ཝནྟུ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་རྒྱུད་ཟབ་མོའི་སྐོར་ལས་ལྷ་སྨན་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་མཁའ་དབྱིངས་ཀུན་ཁྱབ་སྙན་པའི་འབྲུག་སྒྲ། གནམ་ཆོས་མི་འགྱུར་རྡོ་རྗེ།

p. 274
p. 275

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་རྒྱུད་ཟབ་མོའི་སྐོར་ལས་ལྷ་སྨན་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་མཁའ་དབྱིངས་ཀུན་ཁྱབ་སྙན་པའི་འབྲུག་སྒྲ་བཞུགས་སོ། ། ༈ དཀར་གཏོར་ཟླུམ་པོ་གཅིག་ལ་ནི༔ ཨ་ཀཱ་རོ་ཡིས་བྱིན་གྱིས་རླབས༔ རང་ཉིད་ཡི་དམ་གསལ་བ་ཡི༔ སྐད་ཅིག་མདུན་དུ་སྤྱན་དྲངས་ཏེ༔ ཧཱུྃ༔ བདེ་གཤེགས་མ་ལུས་འདུས་པའི་སྐུ༔ ཀུན་གཞི་རང་བཞིན་ཡེ་ཤེས་ཐུགས༔ རང་ཉིད་མི་ལ་རས་པ་ནི༔ སྐུ་མདོག་སྨུག་པོ་གྲུབ་ཐོབ་གཟུགས༔ རང་གི་ཐུགས་ལས་འོད་ཟེར་འཕྲོས༔ ཚེ་རིང་མཆེད་ལྔ་སྤྱན་དྲངས་གྱུར༔ ཧཱུྃ༔ ལྷ་སྨན་བཀྲ་ཤིས་ཚེ་རིང་མ༔ དཀར་མོ་ཞལ་

p. 276

གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་བུམ་པ༔ བུམ་པའི་སྟེང་ན་རིན་ཆེན་སྤུངས༔ ཆིབས་སུ་སེང་གེ་དཀར་མོ་བཅིབ༔ འཇའ་ཚོན་སྣ་ལྔའི་ཀློང་ན་བཞུགས༔ ལྷབ་ལྷུབ་ན་བཟའ་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ རིགས་རྒྱུད་ཆོས་གསུམ་འཕེལ་བ་དང་༔ བཀྲ་ཤིས་ཚེ་ཡི་དངོས་གྲུབ་སྩོལ༔ ཤར་དུ་མཐིང་གི་ཞལ་བཟང་མ༔ སྐུ་མདོག་སྔོན་མོ་ཞལ་གཅིག་མ༔ ཕྱག་མཚན་མེ་ལོང་ནོར་བུ་འཛིན༔ རྐྱང་བུ་ཁ་དཀར་ལ་བཅིབ་པ༔ འཇའ་ཚོན་སྣ་ལྔའི་ཀློང་ན་བཞུགས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ ནད་དང་གནོད་པ་ཞི་བ་དང་༔ སྣང་གསལ་

p. 277

པྲ་ཡི་དངོས་གྲུབ་སྩོལ༔ ལྷོ་རུ་མི་གཡོ་བློ་བཟང་སེར༔ མདའ་དར་ནེའུ་ལེ་ཕྱག་ན་འཛིན༔ ཆིབས་སུ་རྒྱ་སྟག་ཁྲ་བོ་བཅིབ༔ འཇའ་ཚོན་སྣ་ལྔའི༴ ལྷབ་ལྷུབ་ན་བཟའི༴ སིལ་སྙན་རོལ༴ བྲན་གཡོག་མང་པོའི༴ འདིར་བྱོན་གཙང་མའི༴ དཔལ་དང་འབྱོར་པ་རྒྱས་པ་དང་༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ ནུབ་ཏུ་ཅོད་པན་མགྲིན་བཟང་དམར༔ ཞལ་གཅིག་ཕྱག་གཉིས་མཆོད་རྟེན་དང་༔ ཟས་ཀྱིས་བཀང་བའི་སྒྲོམ་བུ་འཛིན༔ ཆིབས་སུ་ཤྭ་བ་ཡུ་མོ་བཅིབ༔ འཇའ་ཚོན་སྣ་ལྔའི༴ ལྷབ་ལྷུབ་ན་བཟའི༴ སིལ་སྙན་རོལ་མོའི༴ བྲན་གཡོག་མང་པོའི༴ འདིར་བྱོན་གཙང་མའི༴ སྣང་སྲིད་དབང་དུ་སྡུད་པ་དང་༔ བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ༔ བྱང་དུ་གཏད་དཀར་འགྲོས་བཟང་ལྗང་༔ ཞལ་གཅིག་ཕྱག་གཉིས་ὰརྦ་ཡི༔ སྟེང་ན་ནོར་བུ་བཞག་པ་དང་༔ སྦྲུལ་ཞགས་གཡོན་པས་

p. 278

འཛིན་པའོ༔ ཆིབས་སུ་གཡུ་འབྲུག་ལྗང་གུ་བཅིབ༔ འཇའ་ཚོན་སྣ་ལྔའི་ཀློང་ན་བཞུགས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ དགྲ་བགེགས་གནོད་བྱེད་ཚར་ཆོད་ཅིག༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ སྒྲུབ་པ་མཐའ་རུ་ཕྱིན་པ་དང་༔ གསང་སྔགས་བསྟན་པ་དར་བར་ཤོག༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་བཛྲ་ཧ་རི་ནི་ས་མ་མ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་ཨ་མྲྀ་ཏ་སརྦ་པཱུ་ཙ་ཁཱ་ཧི༔ མཾ་ཙཾ་ཨཾ་ཨཾ་ཏྲཾ་པཉྩ་ཨི་དཾ་བ་ལིངྟ་ཁཱ་ཧིཿ དེ་ནས་གཏོར་མ་གསར་དུ་བཤམ་པའི་གཏོར་མ་ཡིན་ན་ཕུལ༔ རྒྱུན་གཏོར་ལ་བསྔོས་པ་ཡིན་ན་བཞག་གོ༔ འཁོར་གྱི་ཐུགས་ཀར་ཆོས་འབྱུང་བསྣོལ་མའི་སྟེང་དུ༔ ཧ་རི་ནི་ས་རྣམས་ནི་བསྒོམ་པ་སྟེ༔ འབྲུ་བཅོ་ལྔ་བཟླ་བ་སྟེ༔ ཞིབ་པར་གཞུང་ལས་ཤེས་སོ༔ འདི་གནམ་ཆོས་

p. 279

ལས་འདོན་ཆ་བསྡུས་སོ༔ དགེའོ།། །།

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་ལྟས་ངན་དམག་རྒྱལ་སྤུན་གསུམ་ཟེར་བའི་བཀའ་སྲུང་ངན་ནེ་མ་ཡི་བསྒྲུབ་ལུགས། མཁས་གྲུབ་ཀརྨ་ཆགས་མེད།

p. 280
p. 281

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་ལྟས་ངན་དམག་རྒྱལ་སྤུན་གསུམ་ཟེར་བའི་བཀའ་སྲུང་ངན་ནེ་མ་ཡི་བསྒྲུབ་ལུགས། ༈ ཐུགས་རྗེ་ཆེན་པོའི་དཀོར་སྲུང་ངན་ནེ་མའི་གཏོར་མ་སྒྲུབ་གཏོར་ནི་དཀར་གཏོར་མར་ཐུད་འོ་མས་བྲན་པའོ། །ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་དགྲ་རྐུན་ཇག་གསུམ་བསྒྲལ་བ་ལས་བྱུང་བའི་གཏོར་མ་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བར་གྱུར། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབ། མདུན་དུ་བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་། །པད་ཟླའི་སྟེང་དུ་བྷྱོ་ཡིག་ཡོངས་གྱུར་ལས། །

p. 282

དུར་ཁྲོད་མཁའ་འགྲོ་རྡོ་རྗེ་ངན་ནེ་མ། །དཀར་མོ་འཛུམ་མདངས་ནོར་བུ་ནེའུ་ལེ་འཛིན། །གཟིག་ཤམ་དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །རྫུ་འཕྲུལ་ཤུགས་ལྡན་བོང་བུ་དམར་གྭ་བཅིབ། །འོད་འཕྲོས་དུར་ཁྲོད་གནས་ནས་སྤྱན་དྲངས་གྱུར། །བྷྱོཿ ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་རབ་འཇིགས་བསིལ་བའི་ཚལ། །བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་དང་། །གནས་མཆོག་མཁར་ཆུ་ཉེ་བའི་ཚནྡྷོ་ཧ། །དེར་བཞུགས་མ་མོ་དགའ་བྱེད་དབང་ཕྱུག་མ། །དཀོར་གྱི་སྲུང་མ་ཁྲོ་མོ་དུང་རྣ་ཅན། །དམར་མོ་ཁྲག་མདོག་སྲོག་སྒྲུབ་ངན་ནེ་མ། །བདག་གིས་གདུང་བས་མ་གཅིག་ཁྱེད་འབོད་ན། །གློག་དམར་བང་དང་བཅས་ཏེ་ད་ཚུར་བྱོན། །མ་གཅིག་ཁྱོད་ལ་འབོད་པ་བརྒྱ་ཡོད་ཀྱང་། །དམ་ཚིག་སྲུང་མཁན་རྣལ་འབྱོར་ང་བས་མེད། །དམ་ཚིག་གཉན་ལ་དགོངས་ཏེ་ད་

p. 283

ཚུར་བྱོན། །སྤྱི་སེར་རླུང་དང་སྐར་མདའ་ཇི་བཞིན་དུ། །སྐད་ཅིག་ཡུད་ཀྱིས་གནས་འདིར་གཤེགས་སུ་གསོལ། །རིན་ཆེན་ཕོ་བྲང་པད་ཟླའི་གདན་ལ་བཞུགས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡི། །བསྟན་པ་སྲུང་བར་སུས་ནུས་བཀའ་སྩལ་ཚེ། །ང་ཡིས་ནུས་ཞེས་ཁྱོད་ཀྱིས་ཁས་བླངས་ཕྱིར། །མཁའ་འགྲོ་ངས་ནུས་མ་ཞེས་མཚན་གསོལ་བའི། །སྔོན་གྱི་དམ་ཚིག་རྗེས་སུ་དྲན་མཛོད་ལ། །ཐུགས་རྗེ་ཆེན་པོ་སྒྲུབ་པའི་བར་ཆད་སོལ། །མཐུན་རྐྱེན་སྒྲུབ་ཅིང་དཀོར་ནོར་བསྲུང་བར་མཛོད། །ཁྱོད་ལ་མཐུན་པའི་མཆོད་པ་འབུལ་བ་ནི། །མེ་ཏོག་སྣ་ཚོགས་སྤོས་དཀར་དུད་པ་དང་། །གསེར་དངུལ་བྱི་རུ་མུ་ཏིག་ཤེལ་གྱི་འོད། །ཇ་ཆང་ཕུད་རྒོད་དཀར་གསུམ་མངར་གསུམ་བཤོས། །རྔ་དུང་ཌཱ་རུ་དྲིལ་བུ་པི་ཝཾ་སྒྲ། །བདུད་རྩི་ར་ཁྲག་

p. 284

དམར་གཏོར་ར་ཤས་བརྒྱན། །མདའ་མོ་རྒོད་སྒྲོ་དར་སྣ་སྟག་གཟིག་རས། །དངུལ་དཀར་མེ་ལོང་རྦ་སྙུག་གླིང་བུ་སོགས། །དངོས་འབྱོར་ཡིད་སྤྲུལ་དུ་མས་ཐུགས་དམ་བསྐང་། །ཁྱད་པར་དགྲ་ཇག་རྐུན་པོའི་ཤ་ཁྲག་རུས། །རྣམ་པ་དཀར་གསུམ་བདུད་རྩིར་བྱིན་བརླབས་ནས། །དུར་ཁྲོད་བདག་མོ་ངས་ནུས་མ་ལ་འབུལ། །དམར་མོ་ཁྲག་མདོག་སྔོན་མོ་གཡུ་མདོག་མ། །སེར་མོ་གསེར་མདོག་སྔོན་མོ་ལྕགས་མདོག་མ། །ནག་མོ་སོལ་མདོག་སྔོ་སྐྱ་ཐལ་མདོག་མ། །དབུ་ལྔ་དྲེད་མགོ་ལ་སོགས་འཁོར་བཅས་ལ། །འབུལ་ལོ་རབ་ཏུ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ར་ལི་པྲ་མ་ཡ་ཛཿ ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་རཀྟ་པཱུ་ཛ་ཧོཿ བྷྱོ། དུར་ཁྲོད་བདག་མོ་མཁའ་འགྲོ་ངས་ནུས་མ། །སྨན་གྱི་གཙོ་མོ་མཛད་ཚེ་སྨན་བཙུན་གཟུགས། །རབ་མཛེས་དཀར་མོ་བྱི་རུའི་ཐོར་ཚུགས་

p. 285

ཅན། །དར་དམར་གོ་ཟུ་གསེར་གཡུ་རིན་ཆེན་བརྒྱན། །ལྕགས་ཀྱུ་མདའ་དར་མེ་ལོང་ནེའུ་ལེ་བསྣམས། །སྙན་པའི་གསུང་དབྱངས་སྒྲ་ཡིས་ནམ་མཁའ་གང་། །དྲི་བཟང་ངད་འཐུལ་བརྐྱང་བསྐུམ་གར་སྟབས་འཁྱུག །རེས་འགའ་ཁྲོ་མོ་དུང་གི་རྣ་རྒྱན་ཅན། །ཁྲོ་འཛུམ་རིན་ཆེན་ནེའུ་ལེས་དངོས་གྲུབ་སྟེར། །གཟིག་གི་ཤམ་ཐབས་རིན་ཆེན་དར་དཔྱང་འཕུར། །རེས་འགའ་དམར་མོ་སྲིན་མོ་ཁྲོས་པའི་གཟུགས། །གྲི་གུག་སྤུ་གྲི་ཐན་གྱི་རྐྱལ་པ་འཛིན། །མི་ཐོད་སྐྱ་བོ་རོ་དང་ཝ་མོ་ཞོན། །རེས་འགའ་ནག་མོ་བདུད་མོ་འཇིགས་པའི་གཟུགས། །ལྕགས་ཀྱུ་སྤུ་གྲི་ཐན་རྐྱལ་ལྕགས་དྲྭ་ཐོགས། །རལ་པ་ཐོར་ཚུགས་ལྷག་མ་ཐུར་དུ་གྲོལ། །ཡར་མར་མཆེ་བཞི་བྲང་དང་སྨིན་མཚམས་བསླེབས། །སྤྱན་གསུམ་ཁྲག་འཛག་ཞལ་གདངས་བདུད་རྩི་འབེབས། །ཕྱག་ཞབས་སོར་མོ་ཟངས་སྦར་

p. 286

ལྕགས་ཀྱུས་འགུགས། །དུར་ཁྲོད་རྒྱན་ལྡན་བོང་བུ་གྭ་དམར་བཅིབས། །འདོད་དགུར་བསྒྱུར་བའི་ལུས་འཆང་མཁའ་འགྲོ་མ། །རྡོ་རྗེ་ངས་ནུས་མ་ལ་བདག་གིས་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །མཁས་བཙུན་ཡོངས་ཀྱི་དཀོར་བདག་བྱེད་པ་དང་། །ཁྱད་པར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །དཀོར་སྲུང་བྱེད་པར་ཁས་བླངས་དམ་བཅས་ལྟར། །རྣལ་འབྱོར་བདག་གིས་དཀོར་སྲུང་ཁྱེད་ལ་བཅོལ། །གཞི་བྱེས་ལམ་གསུམ་ཀ་ཆ་ཟས་དང་ནོར། །བྱིན་པ་མ་གཏོགས་གཞན་ལ་མ་ཤོར་ཅིག །དགྲ་རྐུན་ཇག་གསུམ་ལག་ཏུ་མ་བཏང་ཞིག །གཞི་བྱེས་ཀུན་ཏུ་གཞན་ལ་གཏད་པ་སོགས། །ས་ཐག་ཉེ་རིང་མེད་པར་ཐུབ་པར་སྲུངས། །ཉིན་མཚན་ཐང་ལྷོད་མེད་པར་རྒྱུན་ཏུ་སྲུངས། །ལྕགས་མཁར་དགུ་རིམ་ནང་དུ་ཚུད་པ་ལྟར། །མ་གཅིག་དཀོར་དད་ཅན་གྱིས་དཀོར་སྲུང་མཛོད། །

p. 287

རྩྭ་འཇག་གཅིག་དང་ཆུ་ཕོར་གང་གི་ཡང་། །རྩད་གཅོད་རྗེས་འབྲང་བྱེད་པའི་མ་མོ་ཁྱེད། །དེང་ནས་བདག་གི་དཀོར་གཉེར་མ་གཡེལ་ཅིག །མ་བྱིན་དགྲ་དང་རྐུན་པོས་ཁྱེར་སོང་ན། །དེ་མ་ཐག་ཏུ་ཆོ་འཕྲུལ་སྣ་ཚོགས་ཐོངས། །རྒྱ་མཚོའི་སྟེང་དུ་ཁྱེར་ན་མྱུར་དུ་ལོངས། །རང་གི་གྲྭ་འཁོར་ནོར་ཕྱུགས་འཕེལ་བ་དང་། །རྟ་ཕྱུགས་རྒབ་སྤེལ་གོད་ཁ་མེད་པར་མཛོད། །རྣལ་འབྱོར་བདག་དང་ཞལ་ཏ་པ་རྣམས་ཀྱིས། །གཞན་ལ་ཕུལ་དང་བྱིན་དང་བཙོངས་པ་ཡི། །ནོར་ལ་སེར་སྣ་མ་བྱེད་བཟོད་པར་གསོལ། །དེ་རྗེས་མ་འབྲང་དེ་ལྷག་རང་ནོར་སྲུངས། །པདྨས་བཀའ་བསྒོས་རང་གིས་དམ་བཅས་རྣམས། །མ་གཡེལ་ཐུགས་རྗེ་ཆེན་པོའི་བསྟན་པ་སྲུངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཏེར་གཞུང་ཐམས་ཅད་ལས། སངས་རྒྱས་བསྟན་པའི་དཀོར་སྲུང་མ། །ཞེས་དང་། དེ་

p. 288

ཕྱིར་མོ་ཉིད་ནོར་ཕྱིར་འབྲངས། །དཔེར་ན་ཁྱི་བཟང་འབྲང་དང་མཚུངས། །དེ་ཕྱིར་ནོར་ལ་ཤིན་ཏུ་ངན། །དེ་ཕྱིར་ངན་ནེ་མ་ཞེས་བྱ། །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ཆེན་མོ་ཞེས་བྱ་གསུངས། །འདི་ཡི་རྒྱ་གཞུང་གཅིག་ལས། མཁས་བཙུན་རྣམས་ཀྱི་དཀོར་ནོར་སྲུང་བར་ཞལ་གྱིས་བཞེས། ནོར་སྲང་གཅིག་གི་རྗེས་གཅོད་མ། །རྩྭ་འཇག་གཅིག་གི་ཤུལ་སྙག་མ། །ཡང་རྒྱ་གཞུང་གཅིག་ལས། ནོར་སྲང་གཅིག་གི་རྗེས་གཅོད་མ། །རྩྭ་འཇག་གཅིག་གི་རྗེས་གཅོད་མ། །ཞེས་དང་། འདི་ཡི་རྒྱ་གཞུང་ཡིག་རྙིང་ལས། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་གང་བས་ཀྱང་ལྷ་མོ་འདི་ཕྲིན་ལས་མྱུར་མགྱོགས་ཆེ་བས། ཆོས་སྐྱོང་གཞན་ལས་སྙིང་ཉེ་བ། རྒྱུ་ཟས་དང་དཀོར་སྲུང་བ་ལ་ཉིན་མཚན་མེད་པར་སྒྲུབ་སླ་བ། ར་མདའ་ལ་མྱུར་བ། མགྱོགས་ལ་རེམ་པ། དངོས་གྲུབ་ཆེ་བ། མྱུར་ལ་ཡུན་རིང་བ། རྒྱུ་ཟས་དང་དཀོར་ནོར་སྲུང་བ་ལ་ཉིན་མཚན་མེད་པར་སྲུང་བ། ཐང་ལྷོད་མེད་པར་སྲུང་བ། ས་ཐག་ཉེ་རིང་མེད་པར་སྲུང་བ། སྐྱོབ་པ། མི་རྟ་ནོར་ལུག་བ་ར་ཐམས་ཅད་རྒབ་འཕེལ་བ་ལ་བརྩོན་པ། ལོ་ལེགས་པ། བསམ་པའི་དོན་ཐམས་ཅད་ཅི་བསམ་འགྲུབ་པ། བདག་ཏུ་བཟུང་བ་རྣམས་ནི། ལྕགས་མཁར་དགུ་རིམ་དུ་ཚུད་པ་ལྟར་སྲུང་ངོ་། །རྦད་ན་དགོན་སྡེ་ཆེ་ནའང་འགྲོ། སྔགས་པ་མང་ན་ཡང་འགྲོ། སྔགས་པ་ནུས་པ་ཆེ་ཡང་འགྲོ་བར་ཐེ་ཚོམ་མེད་དོ། །ཆོས་སྐྱོང་གཞན་གང་བས་ཀྱང་མཐུ་ཆེ་ལ་མྱུར་མགྱོགས་ཆེ་བ། རྒྱུད་

p. 289

རྒྱལ་བ་དགོངས་པ་འདུས་པ་དང་། ཕྱག་རྡོར་རྒྱུད་ཆེན་འདུས་པ་དང་། ཕག་མོའི་རྒྱུད་ལས་ཀྱང་གསུངས་སོ། །ཞེས་འབྱུང་ངོ་། །ཞེས་པ་འདི་ཡང་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ། ༧ཀརྨ་ཨ་རཱ་ག་ཞེས་བགྱི་བས་སྦྱར་བ་མངྒ་ལམ། དགེའོ།། །།

མགོན་པོ་ཕྱག་བཞི་པའི་ལས་འགྲིགས་མུ་མཐུད།

p. 290
p. 291

ཉེར་དྲུག་པ་མཁའ་འགྲོ་སྤྱི་གཏོར་བསྔོ་བ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སོ་སོར་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གིས་མེ་སྦར། ཐོད་པ་དྲོས་པས་རྫས་རྣམས་ཞུ། ཉེས་པའི་སྐྱོན་

p. 292

རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན༴ པདྨ༴ ལས་ཀྱི༴ སྣ་ཚོགས༴ འཇིག་རྟེན་མཁའ་འགྲོ། གནས་ལས་སྐྱེས་པ། རིགས་ལས༴ ཞིང་ལས༴ སྔགས་ལས༴ ལས་ལས་སྐྱེས་པ༴ ལྷན་ཅིག་སྐྱེས་པའི་ལྷ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་དྷོ་དང་ཉེ་བའི་ཚན་དྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་དཔའ་བོ་

p. 293

མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྱོགས་སྐྱོང་བཅུ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ༴ རྒྱ་གར་རྡོ་རྗེ་གདན། རྒྱ་ནག་རི་བོ་རྩེ་ལྔ། ནུབ་ཕྱོགས་ཨོ་རྒྱན་ཡུལ། བྱང་ཤམ་བྷ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ལྷོ་ཕྱོགས་དཔལ་གྱི་རི་བོ། ཤྲཱི་ནཱ་ལེནྡྲ། བི་ཏྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ལ་སོགས་པ་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ༴ ལྷོ་གྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། ཤར་དྭགས་ལྷ་དཔལ་གྱི་སྒམ་པོ། སྟོད་ལུང་མཚུར་ཕུ། ཀཾ་པོ་གནས་ནང་། ཀརྨ་རི་གླིང་། ཤར་ཕྱོགས་སྤུངས་རི། ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། གངས་དཀར་གྱི་རྒྱལ་པོ་ཏི་སེ། མཚོ་མ་ཕམ། བལ་ཡུལ་འཕགས་པ་ཤིང་ཀུན། ཤིང་ཀི་རིའི་མཆོད་རྟེན། རོང་བཙན་ཁ་བ་

p. 294

དཀར་པོ། ཆོས་འཁོར་ལྷ་ས། དཔལ་གྱི་བསམ་ཡས་ལ་སོགས་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་བྱིན་རླབས་ཅན་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ༴ སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས། སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། མི་ནད་དང་ཕྱུགས་ནད་དང་། ཡམས་ནད་དང་འཁྲུགས་རྩོད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ༈ ཉེར་བདུན་པ་ནོར་ལྷ་དང་། ཕྱི་རྒྱུད་པ་ནི། ཨོཾ་ཁཎྜ་རོ་ཧེ་སོགས་ནས། ཨོཾ་བཻ་ཤྲཱ་བ་ཎ་ཡེ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛཿཛཿ ཨོཾ་བཻ་ཤྲཱ་བ་ཎ་ཡེ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། གང་བ་བཟང་པོ། ལྷ་མོ་ནོར་རྒྱུན་མ། སྲས་ཛཾ་བྷ་ལ་མཆེད་བརྒྱད།

p. 295

གཏེར་བདག་གནོད་སྦྱིན་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨི་དཾ༴ ཨོཾ་ཁཎྜ་རོ་ཧེ་སོགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། པཾ་ལས་པད་གཞོང་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཁཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་མིའི་ཞལ་ཟས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཁཾ་ལྗང་གུ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཙམ་དུ་སྤེལ་ལོ། །ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་པས་འདོད་པའི་ཡོན་ཏན་ལྔ་དང་བདུད་རྩི་ཅི་འདོད་པར་བསམ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ། ཛ་སེར་པོ་ལས་འོད་ཟེར་འཕྲོས་པས་ཐམས་ཅད་ཀྱི་ཆེ་ཆུང་ཕམ་རྒྱལ་མེད་པར་ཐོབ་པར་བསམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་

p. 296

ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བཾ་དཀར་པོ་ལས་འོད་ཟེར་འཕྲོས་པས་བདུད་རྩི་ཐམས་ཅད་འདོད་ཡོན་ལྔ་དང་ལྡན་པའི་བདུད་རྩིར་བསམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་སོ་སོ་རང་རང་གི་འདོད་པ་ལྟར་ལོངས་སྤྱད་པར་བསམ། ཨོཾ་ཨཱཿཧཱུྃ། སྣོད་རིན་པོ་ཆེའི་འཁོར་ཡུག་ཙམ་དུ་གྱུར་པ་ལ། བཅུད་བདུད་རྩིའི་རྒྱ་མཚོ་ཙམ་དུ་གྱུར་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨཱ་ཀརྵ་ཡ་ཛཿཛཿ བྷུ་མི་པ་ཏི་ས་པཱ་རི་ཝ་ར་པདྨ་ཀཱ་མ་ལ་ཡ་སྟྭཾ། སྟེང་ཚངས་པ་བརྒྱ་བྱིན། འོག་ས་ཡི་ལྷ་མོ་བརྟན་མ། བར་དུ་རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོང་བའི་གཉན་པོ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད། དཔལ་མགོན་བདུན་ཅུའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མི་མཇེད་ཀྱི་

p. 297

བདག་པོ་ཚངས་པ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས། མིའམ་ཅིའི་རྒྱལ་པོ་ལྗོན་པ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། ལྟོ་འཕྱེའི་རྒྱལ་པོ་སྦྲུལ་མགོ་ཅན། གྲུལ་བུམ་གྱི་བདག་པོ་སྟག་མགོ་ཅན། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ། ཀླུའི་རྒྱལ་པོ་ནོར་རྒྱས། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ །ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྱིའི་ལྷ་མ་སྲིན་སྡེ་བརྒྱད། ནང་གི་ལྷ་མ་སྲིན་སྡེ་བརྒྱད། གསང་བའི་ལྷ་མ་སྲིན་སྡེ་བརྒྱད། སྦས་པའི་ལྷ་མ་སྲིན་སྡེ་བརྒྱད། བསྟན་པ་སྐྱོང་བའི་ལྷ༴ དྲག་པོ་སྔགས་ཀྱི་ལྷ༴ ལས་བྱེད་མྱུར་མགྱོགས་ཀྱི་ལྷ༴ འཇིག་རྟེན་རྟག་ཆགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱི་ཞལ་དུ༴ སྐྱོ་བྲག་བྲག་དཀར། སེང་གེ་གནམ་མཆོང་། རྦ་ནག་དགེ་

p. 298

བསྙེན་ཆེན་པོ། ལ་དམར། རི་དམར་གཉན་པོ། སྤྱི་འདུ་བྲག་དཀར་སོགས་ནས་གང་འདོད་རྣམས་དང་། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི་རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུལ་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི༴ གྲོང་གི༴ གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ༴ གཞན་ཡང་ས་བདག་པའི་ལྷ་མོ་བརྟན་མ།

p. 299

ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པའི་དེ་རིང་གི་ཉི་མ། གཟའ་རྒྱུ་སྐར་དུས་ཚོད་ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ༴ མདོར་ན་རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ༴ གཞན་ཡང་ཕ་རི། ཚུར་རི། གཡས་རི། གཡོན་རི། མདུན་རི། རྒྱབ་རི། གྲྭ་ས། སྒྲུབ་གནས། མཚེར་ས། བྲང་ཁང་ལ་གནས་པའི་གཞི་བདག་རྣམས་ཀྱི་ཞལ་དུ༴ འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟན་པ་མཁར་ལ་སོགས་པ་ས་ཕྱོགས་ཡུལ་ཕྱོགས། དབེན་གནས་སྒྲུབ་གནས་འདི་ཉིད་ལ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་བྱང་

p. 300

ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ༴ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་རྐྱེན་ཕྱི་ནང་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །འགྲོ་ན་མ་བཀག །འདུག་ན་མ་སྡང་། བསམ་པ་མ་ངན། སྦྱོར་བ་མ་རྩུབ། ཁ་གདུག་པ་ཅན་གྱིས་མ་སྨྲ། ལག་གདུག་པ་ཅན་གྱིས་མ་རེག །བསམ་པ་གདུག་པ་ཅན་མ་འཆང་། ཉིན་གྱི་དུས་སུ་བྱ་ར་གྱིས། མཚན་གྱི་དུས་དུ་མེལ་རྩེ་གྱིས། ལུས་དང་གྲིབ་མ་བཞིན་དུ་འགྲོགས། ཡག་དང་སྤྲོད། ཉེས་དང་བསྣོལ། བསམ་པ་སྒྲུབས། རེ་བ་སྐོངས། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །

p. 301

ཉེར་བརྒྱད་པ་ཚོགས་འཁོར་ནི། དེ་ཡང་ཟབ་མོ་གསང་ལམ་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ། ངོ་བོ་ནི། བདེ་སྟོང་ལྷན་ཅིག་སྐྱེས་པ་ཟབ་མོ་གསང་བ་བསམ་གྱིས་མི་ཁྱབ་པ། ཆོས་ཐམས་ཅད་ཀྱི་གནས་ལུགས། ངེས་ཚིག་ནི། ཟབ་མོ་ཞེས་པ་ནི། གནས་ལུགས་ཀྱི་དོན་ཟབ་ཅིང་ཕྲ་ལ་གཏིང་དཔག་དཀའ་བའི་ཕྱིར་དང་། གསང་ཞེས་བྱ་བ་ནི། གསང་སྔགས་གསང་ཞེས་བྱ་བ་དེ། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །བློ་ཆུང་ཐེག་པ་དམན་ལ་གསང་། །ཞེས་པའི་དོན་ནོ། །ལམ་ཞེས་བྱ་བ་ནི། གསང་སྔགས་རྡོ་རྗེ་ཐེག་པ་ནི་ཚེ་གཅིག་ལ་བྱང་ཆུབ་སྒྲུབ་པའི་ལམ་ཡིན་པའི་ཕྱིར་དང་། ཚོགས་ཀྱི་ཞེས་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་སྒྲུབ་པའི་ཕྱིར་དང་། འཁོར་ལོ་ཞེས་བྱ་བ་ནི། རྒྱུན་མི་འཆད་དུ་བསྐོར་བ་དང་། གཟུང་འཛིན་ཀུན་ཏུ་རྟོག་པའི་འཆིང་བ་གཅོད་པའི་ཕྱིར་དང་། གཞན་ཡང་དཔའ་བོ་རྣལ་འབྱོར་མ་དུ་

p. 302

མའི་ཚོགས་པ་དང་། བཟའ་བཏུང་ཡོ་བྱད་ཕུན་སུམ་ཚོགས་བསགས་པ་དང་། དེ་ལྟ་བུ་རྒྱུན་དུ་བསྐོར་བའི་ཕྱིར་དང་། རྒྱུད་ལས། བསོད་ནམས་མཐར་ཐུག་ཚོགས་འཁོར་ཡིན། །ཞེས་དང་། བཟའ་བ་ཕུན་སུམ་ཚོགས་པས་ཚོགས་ཞེས་བྱ། རྣམ་རྟོག་གཅོད་པའི་འཁོར་ལོ་ཡིན། །ཞེས་གསུངས་སོ། །དབྱེ་བ་ལ་གསུམ། དང་པོ་ཆོས་འདི་ཉིད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་གསུངས་ཚུལ་དང་། གཉིས་པ་ཇི་ལྟར་བརྒྱུད་པའི་རིམ་པ། གསུམ་པ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དངོས་དང་གསུམ་ལས། དང་པོ་ལ་ལྔ། སྟོན་པ་གང་གིས་གསུངས། གནས་གང་དུ་གསུངས། འཁོར་གང་ལ་གསུངས། དུས་ནམ་གྱི་ཚེ། ཆོས་གང་གསུངས། དེ་ལ་དང་པོ་སྟོན་པ་ནི། སྐུ་དྲུག་ཡེ་ཤེས་ཡན་ལག་བདུན་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའི་བདག་ཉིད་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་དེ་ཉིད་ཀྱིས་གསུངས། གནས་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་བཙུན་མོའི་བྷ་གའི་ཀློང་དུ་གསུངས། འཁོར་ནི་དཔའ་བོ་ཐོད་པའི་དུམ་བུ་དང་། དཔའ་མོ་རབ་གཏུམ་མ་ལ་སོགས་པའི་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་གསུངས། དུས་ནི། ཐོག་མ་དང་ཐ་མ་མེད་པ་རྒྱུན་མི་འཆད་དུ་གསུངས། ཆོས་ནི་སྟོན་པ་སངས་རྒྱས་ཀྱིས་གདུལ་བྱའི་དབང་པོ་དང་འཚམས་པར་ཆོས་སྒོ་བརྒྱད་ཁྲི་བསམ་གྱིས་མི་ཁྱབ་པ་གསུངས་པ་ལས། མདོར་བསྡུས་པ་ཐེག་པ་ཆེ་ཆུང་གཉིས་ཀྱི་ནང་ནས་ཐེག་པ་ཆེན་པོ། དེ་ལའང་། ཕ་

p. 303

རོལ་ཏུ་ཕྱིན་པ་དང་། གསང་སྔགས་གཉིས་ལས། གསང་སྔགས་ཏེ། དེ་ལའང་བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པ་བཞི་ལས། བླ་མེད་དེ་ལ་ཕ་རྒྱུད་དང་། མ་རྒྱུད་དང་། གཉིས་མེད་གསུམ་ལས། འདི་ནི་གཉིས་སུ་མེད་པ་ཡང་གསང་མཐར་ཐུག་པ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དོ། །གཉིས་པ་ཇི་ལྟར་བརྒྱུད་པའི་རིམ་པ་ནི། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས། ཆོས་སྐུ་རྡོ་རྗེ་ཕག་མོ་ནས་རིམ་བཞིན་དུ་བརྒྱུད་པའོ། །ཚོགས་ཀྱི་ཡོ་བྱད་ལ་མང་དུ་བཤད་ཀྱང་མདོར་བསྡུ་ན། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་འཚོགས་ནས། ཚོགས་ལ་ལོངས་སྤྱོད་པས་ཚོགས་ཞེས་བྱའོ། །དེ་ཡང་། རྣལ་འབྱོར་པ་རྣམས་འདུས་ན་དཔའ་བོའི་དགའ་སྟོན་དང་། རྣལ་འབྱོར་ཕོ་མོ་གཉིས་ཀ་འདུས་ན་ཚོགས་ཀྱི་འཁོར་ལོའོ། །རྗེ་བཙུན་མར་པའི་ཞལ་ནས། སྨིན་ལམ་དབང་བཞི་ཞུ་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །རྒྱུད་སྡེ་ཉན་བཤད་བྱེད་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །གདམས་ངག་ཟབ་མོ་ཞུ་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཉམས་དང་རྟོགས་པ་སྤེལ་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །དམ་ཚིག་བཤགས་སྡོམ་བྱེད་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཕྲིན་ལས་རྣམ་བཞི་ཞུ་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །ཚོགས་འཁོར་བསྐོར་བའི་ཕན་ཡོན་ནི། ས་གཞི་བྱིན་གྱིས་རླབས་པ་དང་། ཡུལ་ཕྱོགས་བཀྲ་ཤིས་པ་

p. 304

དང་། མི་ནད་ཕྱུགས་ནད་རྒྱུན་ཆད་པ་དང་། དུས་ཀྱི་འཁྲུགས་པ་ཞི་བ་དང་། ཆོས་དར་བ་དང་། སྒྲུབ་པ་པོ་རྣམས་སྐུ་ཚེ་རིང་བ་ལ་སོགས་ཏེ་དགོས་པ་དུ་མ་ཡོད་དོ། ༈ ཚོགས་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། ཚོགས་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ལ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མིའི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོ་མུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །

p. 305

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར། ཐོད་པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བའི་སྟེང་གི་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལ་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་ལྟ་བ་དེའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཁ་ཊྭཱཾ་ག་ཡི་གེ་གསུམ་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་ཚོགས་རྫས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཕེཾ་ཕེཾ་ཕེཾ། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །འཁོར་ལོ་སྡོམ་པ་སྐུ་བསྐྱོད་

p. 306

འཚལ། །དཔའ་བོ་དཔའ་མོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །རྡོ་རྗེ་ཕག་མོ་སྐུ་བསྐྱོད་འཚལ། །ཨོ་རྒྱན་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །ཡེ་ཤེས་མགོན་པོ་སྐུ་བསྐྱོད་འཚལ། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །བྱ་རོག་མཚན་ཅན་སྐུ་བསྐྱོད་འཚལ། །ལས་ཀྱི་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །འཁོར་ཚོགས་རྒྱ་མཚོ་སྐུ་བསྐྱོད་འཚལ། །རང་རང་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་

p. 307

ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། བཞེངས་ཤིག་ཞིང་སྐྱོང་རྣམས་བཞེངས་ཤིག །གྷ་ཡ་དྷ་ར་སྐུ་བསྐྱོད་འཚལ། །ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་ལ། །འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །སྒྲུབ་ལ་བར་དུ་གཅོད་པ་ཡི། །དགྲ་བགེགས་ཐམས་ཅད་ཞི་བར་མཛོད། །ཅེས་པ་རྒྱལ་བ་ཞྭ་དམར་དྲུག་པ་རྗེ་བཙུན་ཆོས་ཀྱི་དབང་ཕྱུག་གིས་ཞལ་སྔ་ནས་བསྩལ་བའོ། །ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་མཚན་ཉིད་

p. 308

རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི༴ རྟེན་འབྲེལ་གྱི་རྩ་བ་མ་ཚོགས་མཁའ་འགྲོ་རྣམས་ཀྱི༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཚོགས་ཕྱག་ལེན་ལྟར་ཚོགས་ཕུད་ཀྱིས་གོང་གཏོར་རྣམས་གསོའོ། །དེ་ནས་ལས་གཏོར་རྣམས་གསོའོ། །༈ ཉེར་དགུ་པ་དེ་ནས་བསྐང་བའི་རིམ་པ་ཐུགས་དམ་བསྐང་བ་ནི། འཕགས་པ་སྤུ་གྲི་ཀླད་གཟེར་དངོས་གྲུབ་འབྱུང་བའི་ལེའུ་ལས། བསྐང་ཞིང་བཤགས་པ་འདི་ལྟར་བྱ། །ཕྱི་རུ་གཡག་དང་ལུག་གིས་བསྐང་། །ནང་དུ་ཟན་ལུག་དཔལ་བཤོས་དང་། །སྤྱན་གཟིགས་གཏོར་མས་ཐུགས་དམ་བསྐང་། །གསང་བའི་དམ་ཚིག་གཉན་པོ་བསྐང་། །དེ་ཁོ་ན་ཉིད་དུ་བསྐང་བ་ནི། །ནག་པོའི་སྐུ་དང་དམ་རྫས་ལ། །ཚིག་འདིས་རབ་ཏུ་བསྐང་བཤགས་བྱ། །ཧཱུྃ། མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སོགས་དང་། ཐུགས་ཀྱི་འགལ་འཁྲུལ་བྱུང་ན་འདི་ལྟར་བཤགས། ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོལ། །སོགས་གསུངས་པ་དང་། དཔལ་གྲི་གུག་བརྩེགས་པའི་ལེའུ་བཅུ་དགུ་པ་ལས། རྣལ་འབྱོར་དམ་ཚིག་བསྐང་བ་དང་། །

p. 309

དངོས་གྲུབ་མྱུར་དུ་བསྐུལ་པ་དང་། །མགོན་པོ་འཁོར་བཅས་དགྱེས་པ་ཡི། །དམ་ཚིག་གཏོར་མས་ཐུགས་དམ་བསྐང་། །ཞེས་དང་། ཡང་དེ་ཉིད་ཀྱི་ལེའུ་བཅོ་བརྒྱད་པ་ལས། གལ་ཏེ་ལོ་ཟླ་དུ་མར་ཡང་། །བསྒྲུབས་ཀྱང་ནུས་པ་མ་བྱུང་ན། །ཐུགས་དམ་མ་སྐོང་འགྱང་པས་ན། །རྩལ་འདོན་ཐབས་ནི་མཆོད་གཏོར་དང་། །བསྐང་བཤགས་དམ་ཚིག་སྡོམ་གནས་པ། །ཞེས་དང་། ལས་གསང་བ་མན་ངག་སྦས་པའི་རྒྱུད་ཀྱི་ལེའུ་བཅུ་གཉིས་པར། ཐུགས་དམ་བསྐང་བ་བཞི་ཡིན་ཏེ། །གཏོར་མས་བསྐང་དང་ཚོགས་ཀྱིས་བསྐང་། །མདོས་ཀྱིས་བསྐང་དང་སྦྱིན་བསྲེག་གོ། །ཞེས་དང་། གཞི་སྙིང་སྦས་པའི་ལེའུ་བཅུ་བཞི་པ་ལས། ཟླ་བ་ཟུང་ངོ་ཅོག་གི་དུས། །བརྒྱད་དང་བཅོ་ལྔ་ཉི་ཤུ་དགུ། །ཚོགས་དང་གཏོར་མས་རྒྱུན་དུ་མཆོད། །བསྐང་དང་བཤགས་པ་ལོ་དུས་བཟུང་། །ཞེས་དང་། སྲོག་ཟན་ནག་པོའི་རྒྱུད་ཀྱི་ལེའུ་བཅུ་བཞི་ལས། མཆོད་པ་རྣམ་ལྔས་ལྷ་སྲུང་མཆོད། །མི་ཤའི་སྙིང་གིས་མགོན་པོ་བསྐང་། །བསྐང་ཞིང་བསྔོས་ལ་མཆོད་གཏོར་དང་། །མཚེ་དང་ཡུངས་ཀར་ཕུད་ཀྱིས་མཆོད། །བསྐང་ཞིང་བཤགས་པ་རྟག་ཏུ་བྱ། །ཞེས་སོགས་འབྱུང་ཚད་ལྡན་ནས། སྐུ་གསུང་ཐུགས་ཀྱི་འགལ་འཁྲུལ་སོགས་བྱུང་ན་བསྐང་བཤགས་ཀྱིས་ཐུགས་དམ་བསྐང་བར་བཤད་དོ། །དེ་ནས་བསྐང་གཏོར་དེ་ལ་འགུགས་གཞུག་བྱ་བ་ནི་འདི་སྐད་དོ། །ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཨེ་

p. 310

ལས་གཏོར་སྣོད་བྷནྡྷ་རློན་པ་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། གཏོར་མ་ཁ་ཊྭཱཾ་ག་ནག་པོ་ཁ་གྱེན་དུ་བལྟ་བ་དེའི་མགུལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཅོད་པའི་སོ་རྣོ་བའི་དབལ་དང་ལྡན་པ་གཡོན་དུ་སྒ་ར་ར་འཁོར་བའི་རྩིབས་བར་དུ། ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས། གནོད་པར་བྱེད་པའི་དགྲ་བགེགས་རྣམས་ཀྱི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་གསལ་བར་གྱུར། འཁོར་ལོའི་རྩིབས་སྟེང་དུ་ལས་མགོན་བརྒྱད་བསྒོམ་པ་དང་། རྩིབས་བར་དུ་བསྒྲུབ་བྱ་རྣམས་ཀྱི་སྤྱི་བོ་ཐུར་དུ་བསྟན་ཞིང་ཡན་ལག་བརྒྱང་སྟེ་གནས་པ་རྣམས་མན་ངག་བཞིན་ཤེས་པར་བྱའོ། །ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་པ་ནས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འགུགས་གཞུག་ལན་གསུམ་བྱས་པའི་མཐར། ལྷ་དབྱེ་བའི་

འགུགས་ཆོག

p. 311

༓ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ། སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་

p. 312

བདག་བྱ་རོག་གདོང་ཅན། གནོད་སྦྱིན་བྱ་རོག་གདོང་ཅན། བདུད་པོ་བྱ་རོག་གདོང་ཅན། བདུད་མོ་རྩ་འཇིབས་མ། འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མྱུར་མགྱོགས་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་ལྟ་བ་རྣམས་དང་། ཚེ་བསོོད་ནམས་ཉམས་རྟོགས་པ་གདུལ་བྱ་ཕྲིན་ལས་ཐོས་བསམ་སྒོམ་གསུམ་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་ཕོ་མོ།

p. 313

རྦད་འདྲེ་རྦོད་གཏོང་། བྱད་མ་གནོད་བྱེད་ཤ་ལ་ན་བ། རུས་ལ་གཟེར་བ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། མཆོག་ཐུན་མོང་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ༈ ན་མོ་རྗེ་བཙུན་རྩ་བ་དང་སོགས་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཁེ་ཚོལ་བ། གླགས་ལྟ་བ། ཡེངས་རྒབ་པ། ཆོས་སྤྱོད་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་། མི་དགེ་བ་བཅུའི་སྣ་འདྲེན་པར་བྱེད་པ་རྣམས་དང་། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོད་གཙུག་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུག་པ། མི་ལ་ལྷ་མེད་བཟློ་བ།

p. 314

ལྷ་ལ་མཐུ་མེད་བཟློ་བ། མཐུ་བུ་ལོན་བཞིན་དུ་སྙོག་པ། ལུས་སྲོག་འབེན་དུ་བཙུག་པའི་དགྲ་བགེགས་རྣམས་དཀོན་མཆོག་གསུམ་གྱི་བདེན་པས་སྐད་ཅིག་རང་དབང་མེད་པར་དྲག་པོ་ཐུན་གྱི་གཏོར་མར་ཁུག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ༴ ཛཿཧཱུྃ་བཾ་ཧོཿ ༈ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་སོགས་ནས་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་ནད་བདག །ཡམས་བདག །རིམས་བདག །གང་གནོད། གང་བསྒྲེན། ཟ་འདྲེ་ཤི་གཤེད། རོ་བག་གཤེད་འཁྱམས། ཉེ་བའི་བགོས་འདྲེ། ཕུ་ནུའི་རུས་འདྲེ། ཁྱིམ་མཚེས་ཀྱི་འབག་འདྲེ། ཤ་ཁྲག་གི་བསྒྲེན་འདྲེ། དོང་སྟོང་བཞིན་དུ་གློ་ན་ཐོགས་པ། རྟ་རྔ་བཞིན་དུ་སྒྱིད་ལ་འཁྲིལ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་

p. 315

ཡིད་གསུམ། བླ་ཡིད་སེམས་གསུམ་ཐམས་ཅད་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ལྕགས་རིའི་ཕྱི། བྲོས་པའི་རི། གབ་པའི་རྫོང་། ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར༴ ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ གསུམ་པ་བསྒྲལ་ཞིང་རྣམ་ཤེས་སྤར་བ་ནི། ཨོཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ན་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལཾ་ཐུམ་རིལ་རྦད། སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུམ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛ། ནྲྀ་ཛ་ཙིཏྟ་ཡ། ཐུམ་རིལ་རྦད། ནྲྀ་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་

p. 316

ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་སྙིང་ཁྲག་ལྗིབ་ལྗིབས། ཆོད་ཆོད་སྲོག་རྩ་ཆོད། ཐུམ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ། མ་མ་ཏྲག་རུ་ཏྲ་དགྲ་བགེགས་མཱ་ར་ཡ་ཕཊ། དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མ་ར་ཡ་རྦད་རྦད།༓

མགོན་པོ་ཕྱག་བཞི་པའི་ལས་འགྲིགས་མུ་མཐུད།

p. 317

ཚིག་བརྗོད་ནས་ལྷ་དང་དབྱེའོ། །གཞི་སྙིང་དྲག་ཏུ་བཟླས་པའི་ཚེ་འཁོར་ལོ་བསྐོར་བས་རྩིབས་བར་གྱི་བསྒྲུབ་བྱ་རྣམས་ཀྱི་ཤ་ཁྲག་དམར་ཉིལ་གྱིས་གཏོར་སྣོད་དུ་ལྷུང་བས་ངོ་བོ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལ། རྣམ་པ་བདུད་རྩིའི་རྒྱ་མཚོ་དང་། སྐུ་གསུང་ཐུགས་ཀྱི་ཉམས་ཆག་མ་ལུས་པ་བསྐང་བའི་འདོད་ཡོན་སྣ་ཚོགས་ཐུགས་དམ་བསྐང་བའི་ཡོ་བྱད་དུ་བསྐྱེད་ནས་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་དབུས་སུ། རི་རབ་གྲུ་བཞི་པ། ཤར་ཤེལ་ལས་གྲུབ་པ། ལྷོ་བཻ་ཌཱུརྱ་ལས་གྲུབ་པ། ནུབ་པདྨ་རཱ་ག་ལས་གྲུབ་པ། བྱང་གསེར་ལས་གྲུབ་པའི་རི་བོ་མཆོག་རབ། དེའི་སྟེང་དུ་ཡི་གེ་ཏི་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སྲིད་པ་གསུམ་གྱི་བཅུད་ཐམས་ཅད་བསྡུས་ནས་ཏི་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས། གཟུགས་འགྲོས་རིན་

p. 318

པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྱུང་ཆེན་ལྡིང་བ་ལ་སོགས་པའི་བྱ་རིགས་སྣ་ཚོགས། སེང་གེ་དར་མ་ལ་སོགས་པའི་གཅན་གཟན་སྣ་ཚོགས། རིའི་ཤྭ་བ་ལ་སོགས་པའི་རི་དྭགས་སྣ་ཚོགས། གླང་ཆེན་བརྟེན་ལ་སོགས་པའི་དཀོར་ནོར་གཡུང་ཕྱུགས་སྣ་ཚོགས། ཆུ་སྲིན་གྱི་རྒྱལ་པོ་ལ་སོགས་པའི་ལྟོ་འཕྱེ་ཆུ་གནས་སྣ་ཚོགས། ཐམས་ཅད་ཀྱང་དངོས་པོ་ཡག་པ། ཡིད་དུ་འོང་བ། འཕུར་བ། རྩེ་བ། ལྡིང་བ། ངག་ནས་སྙན་པའི་གླུ་ལེན་པ། རྫུ་འཕྲུལ་གྱི་སྟོབས་དང་ལྡན་པ། རེ་རེ་ལ་ཡང་སྤྲུལ་པ་དུ་མ་འཕྲོ་བ། གཞན་ཡང་། རང་རང་གི་ཡིད་དང་མཐུན་པའི་ལོངས་སྤྱོད་ཞིང་ཁམས་ཕོ་བྲང་རྒྱན་ཡོ་བྱད་སྣ་ཚོགས། ཤ་ཆེན་ལྔའི་དམ་རྫས། དམར་ཆེན་ཁྲག་གི་རྒྱ་མཚོ། ཚིལ་ཆེན་འོད་ཀྱི་ཞུན་མར། ཤ་ཆེན་སྤོས་ཀྱི་དུད་སྤྲིན། དབང་པོ་ལྔའི་མེ་ཏོག །དྲི་ཆེན་དྲི་ཆུའི་བདུད་རྩི། རྐང་དང་ཀླད་པ། ཤ་སྣ་

p. 319

ཁྲག་སྣ། སྙིང་སྣ་ཚོགས། མི་རྐང་གི་གླིང་བུ། བྷནྡྷ་རྔ་ཆེན་ལ་སོགས་པའི་རོལ་མོ་སྣ་ཚོགས། ཕྱག་མཚན་གྲི་གུག་རལ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས། གོས་དར་གོ་ཁྲབ་འབྲུ་སྨན་གསེར་དངུལ་ལ་སོགས་རིན་པོ་ཆེ་སྣ་ཚོགས། ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ཤིང་ལ་སོགས་པ་དགོས་འདོད་འབྱུང་བ་ཐམས་ཅད་དང་། གདུགས་རྒྱལ་མཚན། ཁྲི་ཡོལ་བ། ཕྱེ་མའི་ཕུར་མ་ལ་སོགས་པའི་མཆོད་རྫས་སྣ་ཚོགས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ཕྱི་ནང་གསང་གསུམ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ། མདོར་ན་ལྷ་དང་མི་ལ་སོགས་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། ནམ་མཁའ་ལ་སྤྲིན་བཞིན་དུ་གཏིབ་པ། བར་སྣང་ལ་ཆར་བཞིན་དུ་འབབ་པ། ས་གཞི་ལ་གཅལ་དུ་བཀྲམ་པ། འཕགས་པ་ཀུན་

p. 320

ཏུ་བཟང་པོའི་མཆོད་སྤྲིན་དང་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པ། རི་རབ་བས་འཕང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ལྷོ་སྤྲིན་བས་རྔམ་མཐུག་པ། ཉི་ཟླ་བས་མདངས་གསལ་བ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་འབྱུང་བར་བྱེད་པ་ལས་འཕགས་པ་རྣམས་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་རྫོགས་ཤིང་སྡུག་བསྔལ་ལས་སྒྲོལ་ཏེ། བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས། ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་བརྗོད་ནས་གཟི་མདངས་དང་ལྡན་པར་བྱིན་གྱིས་བརླབ་བོ། །ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ནོར་ལྷ་གཏེར་བདག །ཕྱོགས་སྐྱོང་སྡེ་བརྒྱད། ཡུལ་ལྷ་གཞི་བདག །གནས་པོ་དགེ་བསྙེན་རྣམས་ཀྱིས་དམ་ཚིག་གི་ཉམས་

p. 321

ཆག་ཐམས་ཅད་བསྐང་བའི་བསྐང་རྫས་བརྟེན་རྫས་སྒྲུབ་རྫས་འདོད་པའི་ཡོན་ཏན་དཔག་ཏུ་མེད་པས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་བརྗོད། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །དག་པ་འཕྲུལ་གྱི་གཞལ་ཡས་ནས། །མ་དང་མཁའ་འགྲོ་གཤེགས་སུ་གསོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །བླ་མ་ཡི་དམ་མཁའ་འགྲོ་ཡིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་སྣ་ཚོགས་དང་། །ནང་གི་མཆོད་པ་རྒྱ་ཆེན་དང་། །གསང་བའི་མཆོད་པ་དམ་པ་དང་། །ཡང་

p. 322

དག་དོན་གྱི་མཆོད་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་ཀློང་དུ་བསྐང་། །འགག་པ་མེད་པའི་དབྱིངས་སུ་བསྐང་། །སྐྱེ་འགག་མེད་པའི་ཀློང་དུ་བསྐང་། །ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི༴ དཔའ་བོ་མཁའ་འགྲོ་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ནོར་ལྷ་གཏེར་བདག་རྣམས་ཀྱི༴ ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ཀྱི༴ ཡུལ་ལྷ་གཞི་བདག་རྣམས་ཀྱི༴ ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ། རིན་ཆེན་

p. 323

འབར་བའི་གཏོར་སྣོད་ཡངས་པ་རུ། །ཤ་ཁྲག་དམར་གྱི་གཏོར་མ་རི་རབ་ཙམ། །སྣ་ཚོགས་དར་གྱི་ཕྲེང་བས་མཛེས་པར་བརྒྱན། །འབྲུ་གསུམ་རྣམ་དག་སྔགས་ཀྱིས་བྱིན་བརླབས་པས། །བླ་མ་ཡི་དམ་ཐུགས་དགོངས་རྫོགས་པ་དང་། །རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་པ་དང་། །མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་བ་དང་། །རིགས་དྲུག་འབྱུང་པོ་གཏོར་མས་ཚིམ་པ་དང་། །དགྲ་བགེགས་ལན་ཆགས་བུ་ལོན་འཁོར་བར་མཛོད། །ཨོཾ་ཨཱཿཧཱུྃ། སྣོད་ཀྱི་འཇིག་རྟེན་གཏོར་སྣོད་ཡངས་པ་རུ། །བཅུད་ཀྱི་སེམས་ཅན་མ་ལུས་གཏོར་མའི་རྒྱུ། །བཀྲག་དང་གཟི་བརྗིད་ཐམས་ཅད་གཏོར་མའི་རྒྱུ། །འབྲུ་གསུམ་རྣམ་དག་སྔགས་ཀྱིས༴ གོང་ལྟར་འདྲེས། བླ་མ་ཡི་དམ༴ རྒྱལ་བ་རྒྱ་མཚོ་མཆོད༴ མཁའ་འགྲོ་ཆོས་སྐྱོང༴ རིགས་དྲུག་འབྱུང་པོ༴ དགྲ་བགེགས་ལན་ཆགས་བུ་ལོན༴ ཨོཾ་

p. 324

ཨཱཿཧཱུྃ། པདྨ་རྒྱས་པའི་གཏོར་སྣོད་ཡངས་པ་རུ། །བྱང་སེམས་དཀར་དམར་མ་ལུས་གཏོར་མའི་རྒྱུ། །སྙོམས་འཇུག་བདེ་བ་ཆེན་པོ་གཏོར་མའི་རྒྱན། །འབྲུ་གསུམ་རྣམ་དག༴ བླ་མ་ཡི་དམ༴ རྒྱལ་བ་རྒྱ་མཚོ༴ མཁའ་འགྲོ་ཆོས་སྐྱོང༴ རིགས་དྲུག་འབྱུང་པོ༴ དགྲ་བགེགས་ལན་ཆགས་བུ༴ ཨོཾ་ཨཱཿཧཱུྃ། ཆོས་ཉིད་ཡངས་པའི་གཏོར་སྣོད་ཡངས་པ་རུ། །ཆོས་ཅན་རིག་པ་ཚོགས་དྲུག་གཏོར་མའི་རྒྱུ། །རིག་སྟོང་དབྱེར་མེད་མཐའ་དག་གཏོར་མའི་རྒྱན། །འབྲུ་གསུམ་རྣམ་དག༴ བླ་མ་ཡི་དམ༴ རྒྱལ་བ་རྒྱ་མཚོ༴ མཁའ་འགྲོ་ཆོས་སྐྱོང༴ རིགས་དྲུག་འབྱུང་པོ༴ དགྲ་བགེགས་ལན་ཆགས་བུ༴ ཨོཾ་ཨཱཿཧཱུྃ། རང་བྱུང་རྒྱུ་ལས་བྱུང་བའི་གཏོར་མ་འདི། །ཤ་ལྔ་བདུད་རྩི་ལྔས་སྦྱོར་གཏོར་མའི་ཚོགས། །དངོས་པོ་རྫས་དང་མཚན་མར་མི་དམིགས་ཀྱང་། །སྤྲོས་བྲལ་ཡེ་ཤེས་ཆེན་པོའི་གཏོར་མ་འདི། །བྱིན་

p. 325

རླབས་རྩ་བ་བཀའ་བརྒྱུད་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས་མཆོད། །རྟེན་འབྲེལ་རྩ་བ་མ་རྒྱུད་མཁའ་འགྲོ་མཆོད། །ཕྲིན་ལས་རྩ་བ་ཆོས་སྐྱོང་སྲུང་མ་མཆོད། །ཅེས་པ་ཏི་ཤྲི་རས་པས་མཛད་པའོ། །ཨོཾ་ཨཱཿཧཱུྃ། ཧཱུྃ། འོག་མིན་སྟུག་པོ་ལྷུན་གྱིས་གྲུབ། །རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་འཁྲིགས། །ཕྱི་ནང་གསང་གསུམ་མཆོད་རྫས་རྣམས། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །འོག་ཏུ་བདུད་རྩིའི་རྒྱ་མཚོ་འཁྱིལ། །སྟེང་དུ་བྱིན་རླབས་ཆར་པ་འབབ། །བར་དུ་དྲི་བཟང་དུད་པ་འཐུལ། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །སྒྱུ་མ་མཁན་གྱིས་བཀོད་པའི་ཞིང་། །བྱིན་གྱིས་བརླབས་པའི་ཕོ་བྲང་འདིར། །བླ་མ་བརྒྱུད་པ་ཐམས་ཅད་དང་། །ཡི་དམ་ལྷ་ཚོགས་བྱིན་རླབས་ཅན། །བར་ཆད་

p. 326

སེལ་བའི་ཆོས་སྐྱོང་རྣམས། །བླུན་པོས་མོས་གུས་སྤྱན་འདྲེན་ན། །སངས་རྒྱས་བསྟན་པའི་ཞབས་ཏོག་དང་། །སེམས་ཅན་ལམ་སྣ་འདྲེན་པའི་ཕྱིར། །བདག་གི་བསམ་པ་རྣམ་དག་ལས། །སྨོན་ལམ་དབང་གིས་གནས་འདིར་གཤེགས། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་གྱི། །ཞེན་ཆགས་མེད་པར་མཆོད་པར་འབུལ། །མི་མངོན་དབྱིངས་ནས་ཐུགས་རྗེས་བཞེས། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །མཐའ་དབུས་མེད་པ་ཆོས་ཀྱི་ཀློང་། །གསལ་འགྲིབ་མེད་པའི་འོད་ཟེར་རྒྱས། །ཉིན་སྲིབ་མེད་པར་རེ་འདོད་སྐོང་། །བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཁ་གཏིང་མེད་པར་ཡོན་ཏན་མཚོ། །ཕྱོགས་རིས་མེད་པར་ཀུན་ལ་འབབ། །འགྲོ་དྲུག་ཡོངས་ཀྱི་དགོས་འདོད་ཚིམ། །བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །འགྱུར་བ་མེད་པ་ཆོས་

p. 327

ཀྱི་སྐུ། །གདོད་ནས་རང་བཞིན་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་མཚན་དཔེས་བརྒྱན། །བཛྲ་དྷྲིཀ་གི་ཐུགས་དམ་བསྐང་། །ཐུགས་ཀྱི་སྤྲུལ་པ་མི་གཟུགས་ཅན། །རིན་ཆེན་སྣ་ཚོགས་གཏེར་ཁ་ཕྱེས། །སྐར་ཚོགས་དབུས་ཀྱི་ཟླ་བ་ལྟར། །པྲཛྙཱ་ཕ་ལའི་ཐུགས་དམ་བསྐང་། །ཞལ་ནས་བབ་པའི་བདུད་རྩིའི་མཚོ། །དཀའ་སྤྱད་བཅུ་གཉིས་སྐྱོ་བྲལ་མཛད། །ཐམས་ཅད་སྙན་བརྒྱུད་ཆར་པ་ཕབ། །ཛྙཱ་ན་སིདྡྷིའི་ཐུགས་དམ་བསྐང་། །རྒྱལ་ཚབ་བསྐོས་ནས་བོད་དུ་བསྒྱུར། །མུན་པའི་ཞིང་རྣམས་འོད་ཀྱིས་བསྐང་། །སྙན་པའི་རྒྱལ་མཚན་ཕྱོགས་བཅུར་ཁྱབ། །དྷརྨཱ་མ་ཏིའི་ཐུགས་དམ་བསྐང་། །བླ་མའི་གསུང་ངག་བཀའ་བཞིན་བསྒྲུབས། །མཁའ་འགྲོའི་རི་ཁྲོད་གནས་མཆོག་བསྟེན། །སྙིང་རུས་གྲུབ་རྟགས་མངོན་སུམ་བསྟན། །བཛྲ་དྷྭ་ཛའི་ཐུགས་དམ་བསྐང་། །བོད་ཁམས་ཡོངས་ལ་

p. 328

སྒྲོན་མེ་བཀྱག །སངས་རྒྱས་བསྟན་པ་ཕྱོགས་བཅུར་བསྐྱེད། །སེང་གེ་ཁྱུང་གི་ཕྲུ་གུ་རྡོལ། །པུཎྱེ་རཏྣའི་ཐུགས་དམ་བསྐང་། །མཐུ་སྟོབས་ཡོན་ཏན་འགྲན་ཟླ་མེད། །ཉམས་རྟོགས་བྱིན་རླབས་ཐམས་ཅད་རྒྱས། །བརྒྱུད་པ་འདི་ཡི་སྲོག་ཤིང་གསལ། །པུཥྚ་ཤྭ་རའི་ཐུགས་དམ་བསྐང་། །སྤྲིན་ཐག་ཆད་པའི་ནམ་མཁའ་ལ། །ཕྱོགས་རིས་མེད་པའི་ཁྲི་གདུགས་ཤར། །ཚ་ཟེར་འགྲོ་དྲུག་མུན་པ་བསལ། །པྲཛྙཱ་སེང་ཧའི་ཐུགས་དམ་བསྐང་། །རྗེ་ཡི་སྲོལ་འཛིན་བསྟན་པ་རྒྱས། །སྙན་བརྒྱུད་ཟབ་མོའི་གཏེར་ཁ་ཕྱེས། །གྲུབ་ཐོབ་བོད་ཁམས་ཡོངས་ལ་ཁྱབ། །པྲཛྙཱ་བོ་དྷིའི་ཐུགས་དམ་བསྐང་། །བླ་མའི་བཀའ་བཞིན་སྒྲུབ་པ་ལ། །འབྱུང་བཞིའི་བར་སྣང་ཀློང་དུ་ཐིམ། །འཇའ་འོད་སྐུ་ཡིས་འགྲོ་དོན་མཛད། །བྷོ་དྷི་ཤྲཱི་ཡི་ཐུགས་དམ་བསྐང་། །བྱིན་རླབས་ཆུ་བོའི་གཞུང་བཞིན་འཕྱོ། །བྱེད་ལས་གཞན་དོན་

p. 329

དབང་པོ་ཚིམ། །མ་སྒྲུབ་དོན་གཉིས་ལྷུན་གྱིས་གྲུབ། །བྷོ་དྷི་ཀུ་མ་ར་ཡི་ཐུགས་དམ་བསྐང་། །ཆུ་རྒྱུན་མགོ་བོ་གངས་ལ་ཐུག །སྒྲུབ་བརྒྱུད་ཀུན་གྱི་གཙོ་བོ་སྟེ། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །མ་ཏི་བཛྲ་ཐུགས་དམ་བསྐང་། །དཀའ་ཐུབ་སྒྲུབ་སྲན་ཚེ་དང་མཉམ། །རྩ་ཐིག་རླུང་གསུམ་དབང་དུ་འདུས། །གཞན་རྒྱུད་མངོན་ཤེས་ལག་མཐིལ་སྟེར། །བཱིརྱ་ཤྲཱི་ཡི་ཐུགས་དམ་བསྐང་། །སྤྱི་གཙུག་བདེ་ཆེན་ཕོ་བྲང་ནས། །སྐུ་བཞི་གདོད་ནས་ལྷུན་གྱིས་གྲུབ། །སྐུ་དང་ཞིང་ཁམས་ཕྱོགས་བཅུར་རྒྱས། །ཀེ་རུ་ཀིརྟིའི་ཐུགས་དམ་བསྐང་། །རིན་ཆེན་འདབ་བརྒྱད་ཙིཏྟའི་དབུས། །གཉུག་མ་འོད་གསལ་མཐའ་དབུས་མེད། །རྟགས་དང་སྤྲུལ་པ་བསམ་མི་ཁྱབ། །པུཎྱེ་བྷ་དྲའི་ཐུགས་དམ་བསྐང་། །འདི་ཕྱིན་གདུང་རབས་ཀྱི་རིམ་པའོ། །འདིའི་ཤོ་ལོ་ཀ་གསུམ་ཀུན་དགའ་སྙིང་པོས་མཛད་པའོ། །ཞིང་ཁམས་རྣམ་དག་ལྷོ་

p. 330

རྒྱལ་སེང་གེའི་ཁྲི། །མོས་པ་དུ་མས་འགྲོ་རྣམས་གཞན་དོན་མཛད། །ཆོས་རྣམས་ཐམས་ཅད་དུ་མ་གཅིག་ཏུ་རྟོགས། །རཏྣ་བྷ་དྲའི་ཐུགས་དམ་བསྐང་། །ནམ་མཁའི་ཀློང་ནས་གཏེར་ཁ་རྡོལ། །ཕོངས་པ་རྣམས་ཀྱི་དགོས་འདོད་ཚིམ། །གསོལ་བ་གང་བཏབ་དངོས་གྲུབ་སྩོལ། །པུཎྱེ་ཤྭ་རའི་ཐུགས་དམ་བསྐང་། །སྤྱི་གཙུག་བདེ་ཆེན་ཕོ་བྲང་ནས། །སྐད་ཅིག་འབྲལ་མེད་རྡོ་རྗེ་འཆང་། །དབྱིངས་ཀྱི་ཡེ་ཤེས་རྒྱུན་ཆད་མེད། །དྷརྨཱ་རསྨིའི་ཐུགས་དམ་བསྐང་། །འདིའི་ཤོ་ལོ་ཀ་བཞི་ཀརྨ་ཡེ་ཤེས་ཀྱིའོ། །སྐྱེ་མེད་རྣམ་དག་སྟོང་པ་ཆོས་སྐུར་གྲོལ། །སྟོང་པ་རྣམ་དག་གསལ་བ་ལོངས་སྐུར་གྲོལ། །འགགས་མེད་རྣམ་དག་སྣ་ཚོགས་སྤྲུལ་སྐུར་གྲོལ། །ཨ་ནནྟ་གརྦྷའི་ཐུགས་དམ་བསྐང་། །རིམ་གཉིས་དབྱེར་མེད་སྣང་སྲིད་སྒྱུ་མར་ཤར། །བདེན་གཉིས་དབྱེར་མེད་རང་བཞིན་གཅིག་ཏུ་རྟོགས། །ཚོགས་གཉིས་དབྱེར་

p. 331

མེད་མཐར་ཕྱིན་སྤྲུལ་སྐུར་བསྟན། །ཨ་ནན་ཏ་ཐཱ་མུ་དྲའི་ཐུགས་དམ་བསྐང་། །ཕྱག་རྒྱ་ཆེར་རྟོགས་འགྲོ་བའི་དཔལ་དུ་གྲུབ། །སྒྲུབ་པའི་སྲོལ་བཙུགས་འགྲོ་བའི་བདེ་སྐྱིད་གྲུབ། །རིག་སྟོང་ངང་གནས་འགྲོ་དོན་ལྷུན་གྱིས་གྲུབ། །ཤཱ་ས་དྷ་ར་བྷ་དྲའི་ཐུགས་དམ་བསྐང་། །ཆོས་དབྱིངས་བདེ་ཆེན་མཉམ་རྗེས་གཅིག་ཏུ་རྟོགས། །གསང་སྔགས་བདེ་ཆེན་རིམ་གཉིས་ཟུང་དུ་འཇུག །ལོག་འདྲེན་གནོད་བྱེད་ཚོགས་རྣམས་ཐབས་ཀྱིས་འདུལ། །ཀརྨ་ཛྙཱ་ནའི་ཐུགས་དམ་བསྐང་། །རིམ་གཉིས་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་དཔལ། །རླུང་དང་སེམས་ཉིད་དབྱེར་མེད་གཅིག་ཏུ་འདྲེས། །འཁྲུལ་པ་རང་གྲོལ་འབྲེལ་ཚད་དོན་ལྡན་པ། །ཀརྨ་ཨཱཿཡུ་ཏིཥྛའི་ཐུགས་དམ་བསྐང་། །ངོ་བོ་མཉམ་རྗེས་དུ་མ་རོ་གཅིག་རྟོགས། །ཆོས་སྐུའི་རྩལ་ལས་གཟུགས་སྐུའི་རྫུ་འཕྲུལ་བསྟན། །རླུང་

p. 332

སེམས་དབང་བསྡུས་དྲེགས་ལྡན་ཟིལ་གྱིས་མནན། །ཀརྨ་ཤངྑ་མ་ཧཱའི་ཐུགས་དམ་བསྐང་། །ཤྲཱི་བྷ་དྲས་འཛུད་པའོ། །ཧྲཱིཿ བྱང་སེམས་མཁའ་ལྟར་ཁྱབ་པའི་ཀློང་ཡངས་ནས། །ཐུགས་རྗེ་དངོས་གྲུབ་བྱིན་རླབས་སྤྲིན་ལྟར་འཁྲིགས། །མཆོག་ཐུན་ཆར་འབེབས་མཐོང་ཐོས་སྨིན་ཅིང་གྲོལ། །ཤཱ་ས་ན་གརྦྷའི་ཐུགས་དམ་བསྐང་། །དམིགས་མེད་ཆོས་དབྱིངས་མཉམ་རྗེས་འདྲེས་པའི་ཀློང་། །ཐུགས་བསྐྱེད་དམ་བཅས་སྨོན་ལམ་ཕ་རོལ་ཕྱིན། །བྱིན་རླབས་ཐུགས་རྗེས་འགྲོ་བའི་རེ་འདོད་སྐོང་། །བིརྱ་ས་ག་ར་ཡི་ཐུགས་དམ་བསྐང་། །ཞེས་ཤོ་ལོ་ཀ་གཉིས་པོ་འདི་༧ཀརྨ་རབ་འབྱོར་གྱིས་མཛད་པའོ། །སྨོན་ལམ་དམ་བཅའ་སྒྲུབ་པ་མཐའ་རུ་ཕྱིན། །དོན་དམ་གཉུག་མའི་ཡེ་ཤེས་འཁོར་ལོར་འབྱམས། །འགྲོ་ལ་སྟོང་ཉིད་སྙིང་རྗེའི་ཉི་མ་ཤར། །ཨཱཿཡུ་མ་ར་ད་མའི་ཐུགས་དམ་བསྐང་། །ཆོས་སྐུ་ཉག་གཅིག་མ་བསྒོམ་ལྷུན་གྱིས་

p. 333

གྲུབ། །མ་རྟོགས་ཉོན་མོངས་བདུད་དགྲའི་ཚོགས་རྣམས་འཇོམས། །བསིལ་བ་ཚལ་བཞུད་ཤུལ་ལ་ལུང་བསྟན་སྩལ། །ཀརྨ་དར་རྒན་བྷོ་གའི༴ འགྲོ་བའི་ནད་སེལ་དྲང་སྲོང་རིག་པ་འཛིན། །ཆོས་དབྱིངས་རྣལ་མའི་རིག་པ་ཡེ་ཤེས་འབྱོར། །བདེ་གཤེགས་སྙིང་པོ་མ་ནོར་མངོན་སུམ་རྟོགས། །ཀརྨ་དྷརྨཱ་དྷཱ་རའི་ཐུགས་དམ་བསྐང་། །ཡེ་ཤེས་འོད་ལྔའི་ཀློང་ནས་ཤེས་རབ་རྒྱས། །ཟག་མེད་མཁྱེན་པས་དུས་གསུམ་སྒྲིབ་གཡོགས་བྲལ། །གང་ལ་གང་འདུལ་ཐུགས་བསྐྱེད་འགྲོ་ཕན་མཛད། །ཀརྨ་ཤཱ་ས་བི་ཛའི་ཐུགས་དམ་བསྐང་། །རྩ་རླུང་ཐིག་གསུམ་དབྱེར་མེད་རང་དབང་ཆུབ། །སེམས་ཉིད་བདེ་སྟོང་རླུང་སེམས་དབུ་མར་ཚུད། །ལམ་རྟགས་ཡོན་ཏན་གོང་འཕེལ་སྦས་པའི་ཚུལ། །ཀརྨ་དྷརྨཱ་པཱ་ལའི༴ བློ་འདས་རྫོགས་ཆེན་ལྟ་བ་གཏན་ལ་ཕེབས། །ཡེ་ཤེས་མཆོག་གི་ཕྱག་རྒྱ་

p. 334

མངོན་དུ་གྱུར། །སྙིང་རྗེས་གདུལ་བྱའི་ཁ་ལོ་གྱེན་དུ་བསྒྱུར། །ཀརྨ་དྷརྨཱ་སིདྡྷིའི༴ སྨིན་གྲོལ་ཟབ་དོན་དབང་བཞིའི་ཆུ་བོ་རྡོལ། །བཤད་དང་སྒྲུབ་པས་བསྟན་པའི་རྒྱལ་མཚན་སྤེལ། །ཚུལ་ཁྲིམས་རྣམ་དག་སྟོང་ཉིད་མཉམ་རྗེས་འདྲེས། །ཀརྨ་ག་ཎ་རསྨིའི་ཐུགས་དམ་བསྐང་། །མགོན་བླ་མ་ཚེ་རྒྱལ་གྱིས་རྟེན་གྱི་རྒྱུད་ནས་བསྐུལ་ངོར། ཤྲཱི་བྷ་དྲའི་མིང་གིས་བཙུད་པའོ། །རྫོགས་སྨིན་སྦྱངས་གསུམ་ཡོན་ཏན་མཐར་ཕྱིན་ནས། །འོད་གསལ་ཆོས་སྐུའི་དགོངས་པ་མངོན་བྱང་ཆུབ། །འབྲེལ་ཚད་དོན་ལྡན་ངེས་དོན་བསྟན་པའི་མགོན། །འདྲེན་མཆོག་ཤྲཱི་བྷ་དྲའི་ཐུགས་དམ་བསྐང་། །གསལ་སྤྲུལ་པས། རྣམ་དག་ཁྲིམས་ཀྱི་ཟླ་བ་ཉ་བ་ལ། །བྱང་ཆུབ་སེམས་ཀྱི་བསིལ་ཟེར་འབུམ་གྱིས་མཛེས། །སྨིན་བྱེད་དབང་བཞིའི་བདུད་རྩི་འབེབས་པའི་གཉེན། །ཀརྨ་བསྟན་འཛིན་ཆོས་འཕེལ་ཐུགས་དམ་བསྐང་། །མཐའ་བྲལ་དབུ་མ་ཆེན་

p. 335

པོའི་ནམ་མཁའ་ལ། །ངེས་དོན་ཕྱག་རྒྱ་ཆེན་པོའི་ཉི་གཞོན་འབུམ། །སྣང་བཞི་མཐར་ཕྱིན་འཛུམ་ཟེར་བྱེ་བའི་གར། །ཀརྨ་མངྒ་ལ་ཡི༴ ཆོས་སྐུ་སྐྱེ་མེད་ལྷན་སྐྱེས་རྡོ་རྗེ་འཆང་། །ལོངས་སྐུ་འགགས་མེད་བཅོམ་ལྡན་གསང་བ་འདུས། །གང་འདུལ་མ་ངེས་སྤྲུལ་པའི་ཟློས་གར་མཁན། །ཐེག་མཆོག་ཆོས་ཀྱི་འོད་ཟེར༴ ཨེ་ཡི་རང་མདངས་ཆོས་ཉིད་གཉུག་མའི་གཤིས། །ཝཾ་གྱི་ལང་ཚོ་བརྗོད་མེད་ནཱ་དའི་དབྱིངས། །མཱ་ཡའི་རྣམ་འཕྲུལ་མཚན་དཔེའི་འོད་རིས་བཀྲ། །དྲིན་ཅན་རྩ་བའི་བླ་མའི་ཐུགས་དམ་བསྐང་། །ཤོ་ལོ་ཀ་བཞི་པོ་འདི་མི་འགྱུར་པས་གསབ། ནམ་མཁས་ཁྱབ་པའི་ཞིང་རྣམས་སུ། །སངས་རྒྱས་བསྟན་པ་ཕྱོགས་བཅུར་འཁྲུངས། །འོད་གསལ་ངང་དུ་དགོངས་པ་གཅིག །བཀའ་བརྒྱུད་རྣམས་ཀྱི་ཐུགས་དམ་བསྐང་། །འོ་མ་མར་གྱི་སྙིང་པོ་བཞིན། །སྔོན་ལས་འཕྲལ་རྐྱེན་རྟེན་

p. 336

འབྲེལ་འཛོམས། །ཞི་རྒྱས་དབང་དྲག་གྲུབ་རྟགས་རྫོགས། །གྲུབ་ཐོབ་རྣམས་ཀྱི་ཐུགས་དམ་བསྐང་། །ཚུལ་ཁྲིམས་གཙང་མའི་ཞིང་ས་ལ། །དམ་ཚིག་བདུད་རྩིའི་ཆུ་རྒྱུན་བྲན། །དོན་གཉིས་ལྷུན་གྲུབ་འབྲས་བུ་སྨིན། །ཆོས་མཛད་ཡོངས་ཀྱི་ཐུགས་དམ་བསྐང་། །འཇམ་དབྱངས་ཁྲོས་པ་གཤིན་རྗེ་གཤེད། །རུ་ཏྲ་འདུལ་ཕྱིར་ཁྲོ་བོའི་གཟུགས། །ཞལ་ཕྱག་འཇིགས་པའི་གར་དགུར་ལྡན། །རྡོ་རྗེ་འཇིགས་བྱེད་ཐུགས་དམ་བསྐང་། །ཆོས་དབྱིངས་འགྱུར་བ་མེད་པའི་སྐུ། །རྟག་ཆད་མཐའ་བྲལ་ནམ་མཁའི་མདངས། །ཐབས་དང་ཤེས་རབ་དབྱེར་མེད་པ། །འཁོར་ལོ་བདེ་མཆོག་ཐུགས་དམ་བསྐང་། །བཅོམ་ལྡན་འདས་ཀྱི་སྐུ་ཚབ་ཏུ། །ཁ་བ་ཅན་གྱི་འགྲོ་དྲུག་འདྲེན། །སྐུ་མདོག་དམར་གསལ་ཉི་འོད་འབར། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །འཆི་མེད་

p. 337

བདུད་འཇོམས་ཐོད་ཕྲེང་རྩལ། །པདྨ་འབྱུང་གནས་སྐྱེ་འཆི་བྲལ། །མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་། །བར་སྣང་ལྡང་ལ་ཞི་རྒྱས་སྐུ། །རང་རང་མོས་པའི་ལྷ་རུ་སྤྲུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར། །ཞི་ཁྲོ་རྣམས་ཀྱི་ཐུགས་དམ་བསྐང་། །དུར་ཁྲོད་གནས་མཆོག་ཐམས་ཅད་ནས། །ཚོགས་དང་དངོས་གྲུབ་བྱིན་རླབས་བདག །མ་དང་མཁའ་འགྲོ་སྤྲིན་ལྟར་འཐིབ། །བསྟན་སྐྱོང་སྲུང་མའི་ཐུགས་དམ་བསྐང་། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །བདེ་མཆོག་ཐུགས་ཀྱི་སྤྲུལ་པ་སྟེ། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །སྤྱན་གསུམ་དྲག་པོའི་མཆེ་བ་གཙིགས། །གཡས་པས་ཤིང་ཐོག་རལ་གྲི་བསྣམས། །གཡོན་པས་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །ཐོད་སྦྲུལ་རྒྱན་ལྡན་སྟག་ཤམ་ཅན། །བྱ་རོག་མིང་ཅན་ཐུགས་དམ་བསྐང་། །སངས་རྒྱས་བསྟན་པའི་མཐོ་

p. 338

དམན་ལ། །དྲང་ཤན་སྲོག་ཐིག་རྒྱག་པའི་ལྷ། །བསྟན་བཤིག་དམ་ཉམས་བསྒྲལ་བའི་སྐུ། །གུར་གྱི་མགོན་པོའི་ཐུགས་དམ་བསྐང་། །མེ་རླུང་འཚུབ་མ་བོང་བུའི་ཁྲི། །སྐུ་མདོག་དམར་ནག་མུན་པའི་མདོག །མི་མགོ་ཁྲག་འཛག་དགྲ་སྙིང་གསོལ། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །དགྲ་བགེགས་དྲག་པོ་མ་ཧེའི་གདན། །རྡོ་རྗེ་འཇིགས་བྱེད་ཐུགས་ཀྱི་ལྷ། །བཀའ་སྲུང་ཆེན་པོ་མཐུ་རྩལ་ཅན། །ལས་གཤིན་ནག་པོའི་ཐུགས་དམ་བསྐང་། །སློབ་དཔོན་པདྨའི་དམ་ཚིག་གིས། །ཁྲ་མོ་བྲག་ལ་གཏེར་བདག་བསྐོས། །བསྟན་དགྲ་དམ་ཉམས་རྡུལ་དུ་བརླགས། །སྲོག་སྒྲུབ་ནག་མོའི་ཐུགས་དམ་བསྐང་། །ནག་པོ་ཆེན་པོ་ལྕམ་དྲལ་གྱི། །བསྟན་སྲུང་ལས་མཁན་འཁོར་དུ་གཏོགས། །ལྷ་སྲིན་སྡེ་བརྒྱད་བཀའ་བཞིན་སྒྲུབ། །ལས་མགོན་རྣམས་ཀྱི་ཐུགས་དམ་བསྐང་། །བསྟན་བདག་ནམ་

p. 339

མཁའི་མཐའ་དང་མཉམ། །བསྟན་སྲུང་གང་ལ་གང་འདུལ་སྤྲུལ། །ཁས་བླངས་དམ་ཚིག་ལྡན་པ་ཡི། །བསྟན་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །བསྐང་མཆོད་རྒྱ་ཆེན་ཚོགས་སུ་འབུལ། །དམ་རྫས་གཏོར་མས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་གསོས། །དམ་ཚིག་ཆག་ཉམས་ཐམས་ཅད་བསྐང་། །དུས་ངན་སྙིགས་མའི་གང་ཟག་གིས། །བསྙེན་སྒྲུབ་ལག་ལེན་གཞུང་དང་འགལ། །དམ་རྫས་མ་ཚང་སེར་སྣས་སྦགས། །ཐུགས་དང་ཅི་འགལ་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་འབྱོར་པ་ཆུང་། །སྔགས་དང་ཕྱག་རྒྱ་བརྡ་མ་ཁྲོལ། །བདུད་རྩི་འོད་དུ་མ་ཐིམ་པས། །འགལ་བ་ཅི་མཆིས་བཟོད་པར་གསོལ། །བསྐང་བཤགས་རྒྱ་ཆེན་ལྷ་ལ་འབུལ། །ཞི་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །སངས་རྒྱས་

p. 340

བསྟན་པ་དར་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །དམ་ཆོས་ཆར་པ་འབབ་པ་དང་། །དགེ་འདུན་ཆོས་དང་མཐུན་པ་དང་། །ཆོས་མཛད་སྐུ་ཚེ་རིང་བ་དང་། །སེམས་ཅན་བདེ་ལ་བཀོད་པའི་ཕྱིར། །བསྟན་པ་རྒྱས་པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཕྱི་ནང་བར་ཆད་དགྲ་བགེགས་བཟློག །མི་ནད་ཕྱུགས་ནད་ཡམས་ནད་བཟློག །ལོ་ཡི་བཙའ་སད་སེར་གསུམ་བཟློག །མོ་ངན་ལྟས་ངན་ལོ་སྐག་བཟློག །སྐུ་ཚེ་སྲིངས་ལ་ལོངས་སྤྱོད་སྤེལ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི། །ཅི་བྱེད་ཆོས་སུ་འགྲོ་བ་དང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི། བླ་མ་བསོད་ནམས་དབང་ཕྱུག་པས་ཏི་ཤྲིས་མཛད་པའི་བླ་མ་བརྒྱུད་པའི་བསྐང་བ་རིན་

p. 341

ཆེན་ཕྲེང་བ་ལ་མ་དཔེ་མཛད་ལ། བླ་མ་ཡི་དམ་གྱི་བསྐང་བ་གཅིག་གྱིས་གསུངས་པས། བླུན་པོའི་སྐད་དོད་དུ་གསུང་མ་ཆོག་པས། བླ་མ་ཡི་དམ་གྱི་བརྒྱུད་བསྐང་བྱིན་རླབས་བདུད་རྩི་འོད་ཀྱི་ཆུ་རྒྱུན་ཞེས་བྱ་བ་འདི་ཉིད་མཁའ་འགྲོའི་གནས་མཆོག་དམ་པ་ཤུག་ཁྲིའི་ཟུར་དུ་པུཎྱེ་བྷ་དྲས་བགྱིས་པའོ།། །།

p. 342
p. 343

ཚོགས་བསྐང་ནི། ཧཱུྃ། ཕྱག་རྒྱ་ཆེན་པོའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། གསང་བའི་དུར་ཁྲོད་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དང་བསྐངས་ལ་ཚངས་པའི༴ ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོ་ནས། །འཁོར་ལོ་བདེ་མཆོག་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴

p. 344

ཐུགས་དམ་བསྐངས་ལ་ཚངས༴ ཧཱུྃ། ཨོ་རྒྱན་རང་བྱུང་གཞལ་ཡས་ནས། །གསང་བ་ཡེ་ཤེས་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐངས་ལ་ཚངས༴ ཧཱུྃ། ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐངས་ལ་ཚངས༴ ཧཱུྃ། བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལཱ་མ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐངས་ལ་ཚངས༴ ཧཱུྃ། ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། །ཁཎྜ་རོ་ཧེ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐངས་ལ་ཚངས༴ ཧཱུྃ། ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །གཟུགས་ཅན་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐངས་ལ་ཚངས༴ ཧཱུྃ། གནས་མཆོག་ཉི་

p. 345

ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐངས་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། འཇིག་རྟེན་སྣ་ཚོགས་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས༴ ཐུགས་དམ་བསྐངས་ལ་ཚངས༴ ཧཱུྃ། བདུད་འདུལ་ཆེན་པོའི་ཕོ་བྲང་ནས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། ཆོས་སྐུ་གདོད་ནས་སྐྱེ་འགག་མི་མངའ་ཡང་། །དག་སྣང་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའི་རང་བཞིན་བཅོམ་ལྡན་ཧེ་རུ་ཀ །ལྷན་སྐྱེས་བདེ་ཆེན་སྐུ་ཡི་ཐུགས་དམ་བསྐང་། །སྐུ་མདོག་མཐིང་ནག་མི་འགྱུར་ཐུགས་ཀྱི་རིགས། །ཞལ་གཅིག་ཕྱག་གཉིས་སྟག་གི་ཤམ་ཐབས་ཅན། །

p. 346

ཤེས་རབ་རང་བཞིན་རྡོ་རྗེ་ཕག་མོ་དང་། །གཉིས་ལྡན་ཞལ་སྦྱོར་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །དབུ་ཡི་ཐོར་ཚུགས་ཡིད་བཞིན་ནོར་བུས་སྤྲས། །མ་རིག་མུན་སེལ་ཟླ་ཚེས་གཡོན་དུ་མཛེས། །ཡེ་ཤེས་ལྔ་ལྡན་བཅུ་ཕྱེད་ཐོད་ཕྲེང་བརྒྱན། །མི་བསྐྱོད་དབུ་བརྒྱན་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །སྒེག་ཅིང་དཔའ་བ་མི་སྡུག་སྐུ་ཡི་ཉམས། །རྒོད་ཅིང་དྲག་ཤུལ་འཇིགས་རུང་གསུང་གི་ཉམས། །སྙིང་རྗེ་རྔམ་དང་ཞི་བ་ཐུགས་ཀྱི་ཉམས། །གར་གྱི་ཉམས་དགུ་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །ཆུ་སྐྱེས་ཉི་མའི་གདན་ལ་འགྱིང་ཞིང་བརྗིད། །བརྐྱངས་བསྐུམ་ཞབས་ཀྱིས་འཇིགས་བྱེད་དུས་མཚན་མནན། །མ་རུངས་འདུལ་ཕྱིར་ཐོད་པའི་ཕྲེང་བས་བརྒྱན། །དྲེགས་པ་ཀུན་འདུལ་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །རྒྱན་དྲུག་ཕ་རོལ་ཕྱིན་དྲུག་རྫོགས་པའི་རྟགས། །སྤྱན་གསུམ་བསྒྲད་པས་དུས་གསུམ་

p. 347

མཁྱེན་པའི་བརྡ། །ཡེ་ཤེས་མེ་དཔུང་ནང་བཞུགས་བརྗིད་པའི་སྐུ། །གཟི་བརྗིད་མཚུངས་མེད་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །སྲིད་གསུམ་ཟིལ་གནོན་རྣོ་དཀར་མཆེ་བ་གཙིགས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པའི་ཕྱིར། །སྣ་ཚོགས་རྡོ་རྗེའི་དབུ་རྒྱན་འོད་ཟེར་འཕྲོ། །དངོས་གྲུབ་འབྱུང་གནས་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །དཔའ་བོ་དཔའ་མོ་སུམ་ཅུ་རྩ་བདུན་དང་། །ཉི་ཤུའི་རྩ་བཞིའི་གནས་དང་ཉེ་བའི་གནས། །བཅོམ་ལྡན་སྐུ་ལ་དབྱེར་མེད་བཞུགས་པའི་ཕྱིར། །མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །ནམ་མཁའ་དང་མཉམ་ཆོས་སྐུ་བསམ་མི་ཁྱབ། །མཚན་དཔེས་རབ་བརྒྱན་ལོངས་སྐུ་བསམ་མི་ཁྱབ། །ཆུ་ཟླ་དང་མཉམ་སྤྲུལ་སྐུ་བསམ་མི་ཁྱབ། །སྐུ་གསུམ་དབྱེར་མེད་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །ལྷ་མཆོག་ཁྱོད་ལ་བསྟོད་པའི་

p. 348

བསོད་ནམས་ཀྱིས། །ཚེ་འདིར་སྒྲུབ་པའི་བར་ཆད་ཞི་བ་དང་། །སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ་ཐོབ་ནས། །མ་འོངས་དུས་སུ་འགྲོ་བ་འདྲེན་པར་ཤོག །ཧཱུྃ། མ་ཧཱ་ཀ་ལ་མཐུ་བོ་ཆེ། །ནག་པོ་ཆེན་པོ་ལྕམ་དྲལ་དང་། །བྱ་རོག་མིང་ཅན་དཔོན་དང་གཡོག །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །གཤེགས་ཤིང་བུ་ཡི་གནས་འདིར་གཤེགས། །བུ་ཡི་གནས་མཆོག་དམ་པ་འདིར། །ཁྱོད་དང་མཐུན་པའི་དམ་རྫས་ནི། །གཡག་ལུག་ནག་པོ་མར་གྱིས་བྱུགས། །དར་ནག་རུ་མཚོན་རྭ་ལ་བརྒྱན། །ཕྲག་པར་དགྲ་བགེགས་ལིང་ག་བསྐྱོན། །གསེར་སྐྱེམས་བདུད་རྩིས་བྲན་པ་འདིས། །ནག་པོ་ཆེན་པོའི་ཐུགས་དམ་བསྐང་། །བྱ་རོག་གདོང་ཅན་ལ་སོགས་པའི། །འཁོར་གྱི་མ་དང་མཁའ་འགྲོའི་ཚོགས། །སྣང་གསལ་འོད་ཀྱི་ཞུན་མར་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་གྱིས། །ནག་པོ་ཆེན་པོ་ཐུགས་བསྐུལ་ཏེ། །

p. 349

མཁའ་ལ་སྤྲིན་ལྟར་གཏིབ་ནས་ཀྱང་། །སྒྲུབ་པ་པོ་རྣམས་བུ་བཞིན་སྐྱོངས། །དར་ནག་ལྕགས་ཀྱི་རུ་མཚོན་གྱིས། །བྱ་རོག་མིང་ཅན་དཔོན་དང་གཡོག །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །མྱུར་དུ་བྱོན་ཅིག་མཁའ་འགྲོའི་ཚོགས། །རོ་ལངས་ལིང་འདུ་གཅན་གཟན་སྣ་ཚོགས་དང་། །བསྟན་སྲུང་བཀའ་ཡི་བྱ་ར་བྱེད་པ་རྣམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སྐོང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་རིག་འཛིན་སྒྲུབ་པ་པོ། །མ་ཧཱ་ཀཱ་ལའི་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་ཀའི་དམ་ཚིག་གཉན་པོ་བསྲུང་རྒྱུ་ཡི། །བཀའ་ལྟར་མ་གྱུར་གཞུང་བཞིན་རྔོ་མ་ཐོག །བསྙེན་སྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག །རྩ་བ་ཡན་ལག་དམ་ཚིག་ཉམས་

p. 350

པ་ཀུན། །རྡོ་རྗེ་སྲིན་པོའི་དུར་ཁྲོད་ཚོགས་ལ་བཤགས། །ལུག་ནག་གཅན་གཟན་བཀའ་ཡི་ལས་མཁན་རྣམས། །བྱ་རོག་གདོང་ཅན་འཁོར་དང་བཅས་ལ་བཤགས། །བསྟན་སྲུང་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །གཞན་ཡང་བཤགས་ཆེན་མཆོག་ལ་ལྟར་བཟུང་ནས། །དུས་བཞིར་ཕུད་དང་ནངས་ནུབ་མཆོད་རྒྱུ་ལ། །མཆོད་པའི་འབྱོར་ཚོགས་ཆུང་སྟེ་སྐུ་མ་མཉེས། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྔགས་དང་སྙིང་པོ་རྒྱུན་ཆད་མེད་རྒྱུ་ལ། །སྙིང་པོ་མ་དག་ལོང་གཏམ་བར་དུ་ཆུད། །ནག་པོའི་སྲོག་སྙིང་གནད་ནས་མ་ཁོལ་ཏེ། །བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་ཀུན། །མགོན་པོ་འཁོར་བཅས་གསུང་ལ་མཐོལ་ལོ་བཤགས། །ཡི་དམ་རྩེ་གཅིག་གཞུང་བཞིན་བསྒོམ་རྒྱུ་ལ། །ཏིང་འཛིན་རྩེ་གཅིག་མ་གསལ་ནག་པོ་གཡེལ། །ཐུགས་ཀྱི་དམ་ཚིག་ཉམས་

p. 351

པར་གྱུར་པ་ཀུན། །མགོན་པོ་འཁོར་བཅས་ཐུགས་ལ་མཐོལ་ལོ་བཤགས། །དར་ནག་རཀྟ་བྷནྡྷའི་དམ་རྫས་ཚོགས། །རྟེན་རྫས་མ་ཚོགས་ཡན་ལག་དམ་ཚིག་ཉམས། །མགོན་པོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །གནོང་ངོ་འགྱོད་དོ་མ་དང་མཁའ་འགྲོའི་ཚོགས། །མཐོལ་ལོ་བཤགས་སོ་དག་ཅིང་བྱང་བར་མཛོད། །དེ་ལྟར་བཤགས་པས་ཉེས་ལྟུང་དག་ནས་ཀྱང་། །ཚངས་པའི་དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །འཇིགས་བྱེད་ཐོད་པའི་ཕྲེང་བ་ཅན། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །ལས་མཛད་ནག་པོ་གཟི་མདངས་ཅན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །གསང་སྔགས་རྒྱུད་ཀྱི་བཀའ་གཉེར་མཛོད། །ཁྱོད་ཀྱི་འཁོར་ནི་མི་བསྲུན་པ། །བྱ་རོག་གདོང་ཅན་བསྟན་པ་སྲུངས། །ཤ་ཟ་སྟག་དང་སྤྱང་ཀིའི་

p. 352

གདོང་། །ཟིལ་གནོན་སེང་གེའི་མགོ་བོ་ཅན། །དུར་བྱ་ཁྭ་ཏ་འུག་པའི་མགོ། །ཤ་ཟ་འཇིགས་བྱེད་མཐུ་རྩལ་ཅན། །ཡིད་འཕྲོག་མཁའ་འགྲོ་ཆེན་མོ་དྲུག །སྐྱེས་བུ་ཆེན་པོ་གིང་གི་ཚོགས། །ལྷ་སྲིན་སྡེ་བརྒྱད་ཁྱེད་ཀྱི་འཁོར། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་དང་། །མཐིང་ནག་དར་གྱི་རྒྱལ་མཚན་དང་། །དམར་ཆེན་ཙིཏྟའི་ཕྲེང་བ་དང་། །བྱ་ནག་གཡག་ནག་ལུག་ནག་གིས། །ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བདག་གིས་ཁྱོད་ལ་མངའ་གསོལ་པ། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །རྦོད་གཏོང་ཐམས་ཅད་བཟློག་ཏུ་གསོལ། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །བདག་གི་མཐུན་རྐྱེན་བསམ་པ་སྒྲུབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །བཀའ་དང་བསྟན་པ་ཁྱོད་ཀྱིས་སྲུངས། །འཁོར་དང་ལོངས་སྤྱོད་

p. 353

ཁྱོད་ཀྱིས་སྤེལ། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཡག་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི་མགོན་པོའི་རྒྱུད་སྤུ་གྲི་ཀླད་གཟེར་ནས་པྲ་ཛྙཱ་པུནྱེས་བཏུས་ཟེར། ཁ་ཅིག་གིས་ཙ་མི་ལོ་ཙཱ་བས་བཏུས་ཟེར། ༈ དཔལ་རྡོ་རྗེ་གུར་གྱི་མགོན་པོའི་བསྐང་བ་ནི། ཧཱུྃ། དུས་གསུམ་བདེ་གཤེགས་འགྲོ་བའི་མགོན། །བསྟན་པ་རྒྱས་པའི་ལས་ལ་སྤྱོན། །རྡོ་རྗེ་ནག་པོ་ཆེན་པོ་ལ། །མཐུན་པའི་དམ་རྫས་འདི་འབུལ་གྱིས། །ཉམས་ཆག་བསྐང་ཕྱིར་བཞེས་སུ་གསོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །རྣམ་དག་མཆོག་གི་གཏོར་མ་འདི། །དགའ་བཞི་དང་བའི་སེམས་ཀྱིས་ནི། །དཔལ་ལྡན་མགོན་པོའི་ཚོགས་ལ་འབུལ། །ཉམས་ཆག་བསྐང་ཕྱིར་བཞེས་སུ་གསོལ། །བསྟན་པ་རྒྱས་པའི༴ བྱ་ནག་གསེར་མིག་བཻ་

p. 354

ཌཱུརྱའི། །མཛེས་པའི་སྤུ་སྡུག་མཁའ་ལ་ལྡིང་། །དཔལ་ལྡན་མགོན་པོའི༴ ཉམས་ཆག༴ བསྟན་པ་རྒྱས༴ རྟ་མཆོག་ནག་པོ་སྤྲིན་གྱི་ཤུགས། །མྱུར་མགྱོགས་མཛེས་པའི་སྒ་སྲབ་ཅན། །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ འབྲོང་ནག་ལྕགས་རྨིག་ཁྲོ་ཆུའི་རྨིག །མཛེས་པའི་རྭ་དང་རྔ་ཡབ་ཅན། །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ ཁྱི་ནག་དུང་གི་མཆེ་བ་ཅན། །སེང་གེའི་སྟོབས་ལྡན་རྔམ་ལ་རྒྱུག །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ ལུག་ནག་ལྕག་རུ་དར་གྱིས་བརྒྱན། །བདུད་ཀྱི་སྤུ་ནོར་མཛེས་རྒྱན་འདི། །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ མི་ནག་གིང་པོ་སྲོག་གི་བདུད། །ལས་ལ་ཁོལ་བའི་སྟོབས་ལྡན་འདི། །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ དཔལ་གྱི་ཞལ་ཟས་འབྲང་རྒྱས་མཆོག །རཀྟའི་ཐིག་ལེས་བརྒྱན་པ་འདི། །དཔལ་ལྡན༴

ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་བསྐང་བ་ཧ་ཧ་སྒྲོགས་པ། སློབ་དཔོན་ནག་པོ་པ།

p. 355

༓ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་བསྐང་བ་ཧ་ཧ་སྒྲོགས་པ་བཞུགས་སོ། །ཧཱུྃ། ཧ་ཧ་སྒྲོགས་པའི་དུར་ཁྲོད་ནས། །དུར་ཁྲོད་བདག་པོ་དམ་ལ་ཤོག །གྲུ་གསུམ་འབར་བའི་གཞལ་ཡས་ནས། །ནག་པོ་ཆེན་པོ་དམ་ལ་ཤོག །ནཱ་ལེནྡྲ་ཡི་གཙུག་ལག་ནས། །བྱ་རོག་མིང་ཅན་དམ་ལ་ཤོག །རྡོ་རྗེ་བྲག་གི་གདན་སྟེང་ནས། །ལེགས་ལྡན་ནག་པོ་དམ་ལ་ཤོག །གནོད་སྦྱིན་འཚོགས་པའི་ཕོ་བྲང་ནས། །ཚོགས་བདག་ཆེན་པོ་དམ་ལ་ཤོག །ལྷ་སྲིན་སྡེ་བརྒྱད་ཕོ་བྲང་ནས། །ཁྱབ་འཇུག་ཆེན་པོ་དམ་ལ་ཤོག །ཀླུ་འབུམ་

p. 356

ཚོགས་པའི་ཕོ་བྲང་ནས། །རྡོ་རྗེ་ལེགས་པ་དམ་ལ་ཤོག །སྲིན་མོ་འབུམ་གྱི་ཕོ་བྲང་ནས། །ལྷ་མོ་ནག་མོ་དམ་ལ་ཤོག །གཤིན་རྗེ་འབུམ་གྱི་ཕོ་བྲང་ནས། །ཤན་པ་དམར་པོ་དམ་ལ་ཤོག །གནམ་སྨན་འབུམ་གྱི་ཕོ་བྲང་ནས། །ཚེ་འཛིན་མ་བཞི་དམ་ལ་ཤོག །རོ་ལངས་འབུམ་གྱི་ཕོ་བྲང་ནས། །ཕོ་ཉ་ནག་པོ་དམ་ལ་ཤོག །འཇིགས་བྱེད་འབུམ་གྱི་ཕོ་བྲང་ནས། །ཞིང་སྐྱོང་ཆེན་པོ་དམ་ལ་ཤོག །ཧཱུྃ། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །བྱ་རོག་མིང་ཅན་ནག་པོ་ཆེ། །བསྟན་པའི་བཀའ་སྲུང་ཚོགས་ཀྱི་བདག །དམ་ཉམས་སྲོག་གཅོད་ལས་ཀྱི་གཙོ། །རིག་འཛིན་སྲོག་ཤིང་གཏེར་གྱི་བདག །རྣལ་འབྱོར་དགྲ་ལྷ་ཐུགས་དམ་ཅན། །དུག་གསུམ་སྨན་པ་མཐུ་བོ་ཆེ། །གཙུག་ལག་གཉན་སྲུང་གཏེར་གྱི་བདག །མ་ཧཱ་ཀཱ་ལ་ཁྲག་འཐུང་རྒྱལ། །ཞལ་གཅིག་ཕྱག་

p. 357

བཞི་རྔམ་པའི་ཞལ། །བེ་ཏའི་ཤིང་ཐོག་ཞལ་དུ་གསོལ། །གློག་འདྲ་རལ་གྲི་ཞགས་པ་ཡིས། །སྡང་རྒྱུད་དགྲ་བོའི་སྐྱེ་རྒྱུད་གཅོད། །ཐོད་ཁྲག་ཁ་ཊྭཱཾ་རྩེ་གསུམ་གྱིས། །དགྲ་བོའི་སྙིང་ཁྲག་བྲབ་ཅིང་གསོལ། །ཐོད་སྐམ་འབར་བའི་དབུ་རྒྱན་ཅན། །རིགས་ལྔའི་ཆེ་བཙན་དབང་བསྐུར་ཐོབ། །སྤྱན་གསུམ་མེ་དཔུང་སྡང་མིག་གིས། །དགྲ་དང་བགེགས་ལ་འབུར་ཚུགས་བལྟ། །ཞབས་གཉིས་ས་ལ་བརྡབ་པ་ཡིས། །འཇིག་རྟེན་གཡོ་འགུལ་བརྡེག་པར་བྱེད། །ཞལ་ནས་ཧཱུྃ་ཕཊ་སྒྲ་སྒྲོགས་པས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །སྟག་ལྤགས་རློན་པའི་ཤམ་ཐབས་ཀྱིས། །མ་མོ་མཁའ་འགྲོ་བྲན་དུ་བཀོལ། །མི་མགོ་རློན་པའི་དོ་ཤལ་གྱིས། །ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན། །སྐུ་དང་ཡན་ལག་སྦྲུལ་གྱིས་བརྒྱན། །ས་བདག་ཀླུ་གཉན་དམ་ལ་འདོག །རིན་ཆེན་སྣ་ཚོགས་སྐུ་ལ་སྤྲས། །

p. 358

རྣལ་འབྱོར་བདག་གི་དགོས་འདོད་བསྐང་། །དཔལ་གྱི་དུར་ཁྲོད་ཆས་བརྒྱད་ཅན། །འཇིག་རྟེན་ཁམས་ན་འགྲན་ཟླ་བྲལ། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །དམ་ལ་གནས་པའི་གང་ཟག་དང་། །བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་སྐྱོང་། །བདུད་དང་དྲེགས་པ་བྲན་དུ་བཀོལ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས། །ཚོགས་བདག་མྱུར་དུ་དམ་ལ་ཤོག །ཕོ་བྲང་མཛེས་པའི་གཞལ་ཡས་ཁང་། །མི་རོ་རྟ་རོ་བཅལ་དུ་བཀྲམ། །འབྲུ་ཟན་སྣ་དགུའི་བཤོས་བུ་བརྩེགས། །དར་ཟབ་མང་པོ་རྒྱན་དུ་འབུལ། །འབྲུ་བཅུད་ངར་མ་སྐྱེམས་སུ་འབུལ། །གཟུགས་འགྲོས་མང་པོ་འཁོར་དུ་འབུལ། །དགྲ་བགེགས་སྡིག་ཅན་གདན་དུ་འབུལ། །གསེར་དངུལ་མང་པོ་རྟེན་དུ་འབུལ། །རྟ་དང་རྔ་མོང་ཆིབས་སུ་འབུལ། །ལྷ་བྱ་མང་པོ་དཀོར་བྱང་འབུལ། །ཤ་ཆང་མང་པོ་ཚོགས་

p. 359

སུ་འབུལ། །དཀར་དམར་གཏོར་མ་མཆོད་པར་འབུལ། །གསོལ་ལོ་རོལ་ཅིག་དགྱེས་པར་མཛོད། །ཧཱུྃ། དམ་རྫས་འཚོགས་པའི་མཆོད་པ་དང་། །སྤྱན་གཟིགས་འཚོགས་པའི་སྐུ་གླུད་དང་། །འབྲུ་བཟང་འཚོགས་པའི་ལྷ་བཤོས་དང་། །ཤ་ཆེན་སྤོས་ཀྱི་དམ་རྫས་དང་། །ཚིལ་ཆེན་སྣང་གསལ་མར་མེ་དང་། །སྒྲ་སྙན་ཚོགས་པའི་རོལ་མོ་དང་། །རོ་བརྒྱ་ལྡན་པའི་ཞལ་ཟས་དང་། །ཕུན་སུམ་ཚོགས་པའི་ཚོགས་མཆོད་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །རྨད་དུ་བྱུང་བའི་བདུད་རྩི་དང་། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། །རྒུན་ཆང་འབྲས་ཆང་ཆན་ལ་སོགས། །ལ་དུ་ལ་ཕུད་ཁུར་བ་སོགས། །དམ་རྫས་བརྒྱན་པའི་གཏོར་མ་ཡིས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ནག་པོ་ཆེན་པོའི་ཐུགས་དམ་བསྐང་། །ཁྲག་འཐུང་རྒྱལ་པོའི་ཐུགས་དམ་བསྐང་། །བྱ་རོག་མིང་ཅན་

p. 360

ཐུགས༴ དུར་ཁྲོད་བདག་པོའི༴ ཞིང་སྐྱོང་ཆེན་པོའི༴ ཚོགས་བདག་ཆེན་པོའི༴ ནག་པོ་སྟོང་གི༴ ཤ་ཟ་འབུམ་གྱི༴ མ་མོ་བྱེ་བའི༴ བསྟན་པའི་བཀའ་སྲུང༴ དམ་ཉམས་སྲོག་གཅོད༴ རིག་འཛིན་སྲོག་ཤིང༴ རྣལ་འབྱོར་དགྲ་ལྷའི༴ དུག་གསུམ་སྨན་པའི༴ གཙུག་ལག་སྲུང་མའི༴ དཀྱིལ་འཁོར་བདག་པོའི༴ ཐུགས་དམ་གཉན་པོ་སྐོང་མཛོད་ལ། །བདག་ཅག་འཁོར་དང་བཅས་པ་ཡི། །ཕུར་ཁ་བཟློག་པའི་དུས་ལ་བབས། །ཟོར་ཁ་བཟློག་པའི་དུས༴ བྱད་ཁ་བཟློག་པའི༴ དལ་ཁ༴ ནད་ཁ༴ རིམས་ཁ༴ ཀླུ་གདོན༴ ཡམས་ཁ་བཟློག་པའི་དུས་ལ་བབ། །བསིལ་བའི་ཚལ་ནས་ཀུ་ཡིས་ཐོབས། །ནག་པོ་སྟོང་གི་དམག་ཡར་སྡུས། །དུར་ཁྲོད་བརྒྱད་ནས་ཀུ༴ ཤ་ཟ་འབུམ་གྱི་དམག༴ རྒྱ་མཚོའི་སྟེང་ནས་ཀུ༴ མ་མོ་བྱེ་བའི་དམག༴ རི་རབ་རྩེ་ནས་བསྭ་ཡི་ཐོབ། །ལྷ་དམག་མང་པོའི་དམག༴ ལྷ་སྲིན་

p. 361

སྡེ་བརྒྱད་དམག་ལ་ཆོས། །ནག་པོ་ཆེན་པོས་དམག་དཔོན་མཛོད། །ལྷ་མོ་ནག་མོས་དམག་སྣ་དྲོངས། །དགྲ་བགེགས་སྟེང་དུ་དམག་སྣ་དྲོངས། །འུར་འུར་ཆེམ་ཆེམ་དམག་སྣ་དྲོངས། །ལས་མཁན་བྱ་རོག་གདོང་གིས་མཛོད། །ཡིད་ལ་གནག་པའི་དགྲ་བོ་འདི། །ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག །མོ་རྒྱུད་མངལ་ནས་སྐེམ་ལ་ཤོག །མཱ་ར་ཡ་ཡིས་བཟློག་ཏུ་གསོལ། །བྱ་རོག་མིང་ཅན་ལས་ལ་ཡ། །ནག་པོ་ཆེན་པོ་ལས༴ ཁྲག་འཐུང་རྒྱལ་པོ་ལས༴ ནག་པོ་སྤྲིན་ཚོགས་ལས༴ དུར་ཁྲོད་བདག་པོ་ལས༴ ནག་པོ་སྟོང་ཚོགས་ལས༴ ཤ་ཟ་འབུམ་ཕྲག༴ མ་མོ་བྱེ་བ༴ ལྷ་དམག་དུང་ཕྱུར༴ ལྷ་སྲིན་སྡེ་བརྒྱད༴ ནག་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །ད་ལྟ་ཉིད་དུ་ལས་འདི་མཛོད། །ཧཱུྃ། ཁྲག་འཐུང་རྒྱལ་པོའི་བཀའ་ཉན་པའི། །ལས་ཀྱི་མགོན་

p. 362

པོ་བྱ་རོག་གདོང་། །ཞལ་གཅིག་ཕྱག་གཉིས་བརྗིད་པའི་སྐུ། །ཆར་སྤྲིན་གཏིབ་པ་ལྟ་བུའི་མདོག །ཐོད་ཕྲེང་རློན་པའི་དོ་ཤལ་ཅན། །ཕྱག་གཡས་གྲི་གུག་འབར་བ་ཡིས། །དགྲ་སྙིང་དམར་པོ་ཚལ་བར་འགེམ། །ཕྱག་གཡོན་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བོའི་ཀླད་ཁྲག་དྲོན་མོ་གསོལ། །ཞབས་གཉིས་ས་ལ་བརྡབ་པ་ཡིས། །དགྲ་བོའི་ནང་ཁྲོལ་ཁོང་དུ་སྐྱེས། །ལྷ་མོ་ནག་མོ་རེ་མ་ཏི། །མ་མོ་བྱེ་བའི་འཁོར་དང་བཅས། །ཡིད་ལ་གནག་པའི་དགྲ་བོ་ལ། །ནད་ཁ་བསྒྱུར་ལ་ཡམས་ཁ་ཐོངས། །སྲོག་བདག་རྒྱལ་པོ་ལི་བྱིན་ཧར། །ཤ་ཟ་གིང་ཆེན་འབུམ་གྱིས་བསྐོར། །ཡིད་ལ་གནག་པའི་དགྲ་བོ་ལ། །འོད་དང་ཐུགས་ཆོམ་སྨྱོ་འབོག་ཐོངས། །རྨི་ལམ་ཐམས་ཅད་འཆོར་བར་ཐོངས། །རྡོ་རྗེ་ལེགས་པས་སྟོང་གསུམ་ཉུལ། །ཐེའུ་རང་འགོང་པོའི་ཚོགས་དང་བཅས། །ཡིད་ལ་གནག་པའི་
དགྲ་བོ་ལ། །རྒྱུག་རྒྱུག་ལ་འུར་ལྟས་ངན་ཐོངས། །ཚོགས་ཀྱི་བདག་པོ་གླང་སྣ་ཅན། །བི་ན་ཡ་ཀ་བགེགས་ཀྱིས་བསྐོར། །དགྲ་བོའི་ལུས་སེམས་རྟེན་དང་ཕྲོལ། །མ་གཡེལ་ཤ་ཟ་དམ་ཅན་ཚོགས། །བདུད་དཔུང་ཤིགས་ལ་དགྲ་དཔུང་ཆོམས། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །ཆུང་བདུད་དལ་ཁ་ཐད་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མགོན་པོའི་བསྐང་བཟློག་སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །།

བདུད་མགོན་སེང་གདོང་ཡབ་ཡུམ་གྱི་བསྐང་བ།

p. 363

༈ བདུད་མགོན་སེང་གདོང་ཡབ་ཡུམ་གྱི་བསྐང་བ་བཞུགས་སོ། །ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཆོས་སྐྱོང་མགོན་པོ་སེང་གེའི་གདོང་༔ དཔའ་བོ་དར་ནག་འཇོལ་བེར་ཅན༔ ལས་མཛད་ནག་པོ་གཟི་མདངས་ཅན༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ གསང་སྔགས་རྒྱུད་ཀྱི་བཀའ་

p. 364

གཉེར་མཛད༔ ཁྱོད་ཀྱི་འཁོར་ནི་མི་བསྲུན་པ༔ སྲིན་མོ་དམར་མོ་ཁྲག་རལ་ཅན༔ ལས་མཁན་བཾ་རོ་ཕོ་མོ་དང་༔ ཤན་པ་སྡེ་བརྒྱད་ཁྱོད་ཀྱི་འཁོར༔ ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ མཐིང་ནག་དར་གྱི་རྒྱལ་མཚན་དང་༔ མདའ་མདུང་རལ་གྲི་རྩེ་གསུམ་དང་༔ དམར་ཆེན་ཙིཏྟའི་ཕྲེང་བ་དང་༔ བྱ་ནག་མི་ནག་རྟ་ནག་དང་༔ དྲིལ་ནག་གཡག་ནག་ལུག་ནག་དང་༔ ཁྱི་ནག་དོམ་བུ་སྦལ་སྦྲུལ་དང་༔ བཤོས་ནག་ནམ་མཁའ་ནག་པོ་སོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ དགྱེས་པའི་མཐུན་རྫས་སྣ་ཚོགས་ཀྱིས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ བདག་གིས་ཁྱེད་ལ་འདི་གསོལ་གྱི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བཀའ་དང་བསྟན་པ་བསྲུང་དུ་གསོལ༔ ཚེ་དང་བསོད་ནམས་སྤེལ་དུ་གསོལ༔ དཔལ་དང་གྲགས་པ་བསྒྲུབ་ཏུ་

p. 365

གསོལ༔ འཁོར་དང་ལོངས་སྤྱོད་བསྐྱེད་དུ་གསོལ༔ བདུད་དང་བར་ཆད་བཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ། ཞིང་སྐྱོང་སེང་གདོང་ཡབ་ཡུམ་དང་༔ བཀའ་ཉན་དྲག་པོའི་ཚོགས་བཅས་རྣམས༔ རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱེད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན༔ བདག་ནི་མ་རིག་དབང་གྱུར་ལུས་ངག་སེམས༔ མཆོད་པའི་དམ་རྫས་མ་ཚོགས་གཏོར་མ་ལ༔ རྒྱུ་ཆུང་ཕུད་ཉམས་ལྷག་མ་བསྲེས་པ་དང་༔ དམ་རྫས་མ་ཚང་བསྙེན་སྒྲུབ་གཡེལ་བ་དང་༔ དུས་ཀྱི་གཏོར་མ་ཆགས་ཤིང་གཡེལ་བ་སོགས༔ ཁྱེད་ཀྱི་ཐུགས་དང་འགལ་བའི་ཉེས་པ་རྣམས༔ ནོངས་པ་ཅི་མཆིས་ཐམས་ཅད་བཟོད་པར་གསོལ༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་ཏྭ་ཧཱུྃ་ཨཱཿ ཡིག་བརྒྱ་བརྗོད༔ ས་མ་ཡ༔

p. 366

ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ཆོས་རྒྱལ་རཏྣ་གླིང་པའི་གཏེར་མའོ།། །།༓

མགོན་པོ་ཕྱག་བཞི་པའི་ལས་འགྲིགས་མུ་མཐུད།

p. 367

ཉམས་ཆག༴ བསྟན་པ་རྒྱས༴ རཀྟའི་མཆོད་ཡོན་རྒྱ་མཚོ་འཁྱིལ། །སྲོག་རྩའི་ལམ་ནས་བཏོན་པ་འདི། །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ འབྲུ་བཅུད་མ་ཉམས་སྟོང་དང་སྦྱར། །ཆེ་བའི་ངར་ཆེམ་རྒྱ་མཚོ་འཁྱིལ། །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ ནམ་མཁའ་རྒྱང་བུ་སྐུ་ཡི་རྟེན། །མཛེས་པའི་འཕན་གདུགས་དཀོར་དང་བཅས། །དཔལ་ལྡན༴ ཉམས་ཆག༴ བསྟན་པ་རྒྱས༴ ཧཱུྃ། ལྷ་མཆོག་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །མ་གཅིག་ཨེ་ཀ་ཛ་ཏིའི་ཐུགས་དམ་བསྐང་། །སྲིང་གཅིག་འདོད་ཁམས་དབང་ཕྱུག་ཐུགས་དམ་བསྐང་། །ནག་པོ་གནོད་སྦྱིན་ཡབ་ཡུམ༴ བཀའ་ཉན་རུ་འདྲེན་སྡེ་བཞིའི༴ ལས་མཁན་པུ་ཏྲ་མིང་སྲིང༴ སྲུང་མ་དམ་ཅན་རྒྱ་མཚོའི༴ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ཆོས་རྒྱལ་འཕགས་པས་མཛད་པའོ། །བྷྱོ།

p. 368

དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་མངའ་གསོལ་བའི། །ཆོས་སྐྱོང་སྲུང་མ་དུད་སོལ་མ། །ཁྱེད་ཀྱི་ཐུགས་དམ་གཉན་པོ་དེ། །རིག་འཛིན་རྣལ་འབྱོར་བདག་གིས་བསྐང་། །དམ་ཅན་སྲུང་མ་འདིར་བྱོན་ཅིག །རྣལ་འབྱོར་དགྲ་བླ་འདིར་བྱོན་ཅིག །སྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །རྟག་གཏོར་ཆེན་པོའི་ཐུགས་དམ་བསྐང་། །མ་ལྟར་མི་འབྲལ་འགྲོགས་པའི་ཕྱིར། །རྒྱུན་གྱི་གཏོར་མས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །དགྲ་བགེགས་ཤ་དང་ནལ་བུའི་ཤ །མཾ་སའི་བྱེ་བྲག་དཔག་མེད་ཀྱིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ར་ནག་ཁྲག་དང་བྱ་ནག་ཁྲག །དགྲ་བགེགས་ཁྲག་ལ་སོགས་པ་ཡི། །རཀྟའི་རྒྱ་མཚོས་ཐུགས་

p. 369

དམ་བསྐང་། །དགྲ་བགེགས་གསུར་ལ་རྔམ་པའི་ཕྱིར། །ཚིལ་ཆེན་དུད་པས་ཐུགས་དམ་བསྐང་། །ཆུ་དང་ཚལ་སྐྱེས་མེ་ཏོག་དང་། །ཙནྡན་ཨ་ག་རུ་སྤོས་དང་། །དྲི་བཟང་སྦྱར་བའི་ཡོན་ཆབ་ཀྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །གྲོ་ནས་འབྲས་ཀྱི་བཤོས་གཙང་དང་། །འབྲུ་རྩི་ཞུན་ཆེན་སྣང་གསལ་གྱི། །ཕྱི་ཡི་མཆོད་པ་རྣམ་ལྔ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་པ། །རོ་མངར་རེག་བྱ་འཇམ་པ་ཡི། །འདོད་པའི་ཡོན་ཏན་རྣམ་ལྔ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །མི་རྟ་གླང་སོགས་ཤ་ལྔ་དང་། །བྱང་སེམས་རཀྟ་གཞོང་པ་དང་། །བདུད་རྩི་ལྔ་ལ་སོགས་པ་ཡི། །གསང་བའི་མཆོད་པས་ཐུགས་དམ་བསྐང་། །བཟའ་བའི་དམ་ཚིག་གསོ་བའི་ཕྱིར། །བཤོས་གཙང་མར་གྱིས་བརྒྱན་པ་དང་། །ཤ་ཆང་ཁུ་བ་སྒོག་ཙོང་

p. 370

སོགས། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །ཕྱི་ཡི་རྟེན་རྫས་ཡིན་པའི་ཕྱིར། །བོང་བུ་གྭ་དམར་ལུག་ནག་དང་། །དར་ནག་བ་དན་མ་རལ་གྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ནང་གི་རྟེན་རྫས་ཡིན་པའི་ཕྱིར། །རྨ་བྱ་ནོར་བུའི་རྒྱལ་མཚན་དང་། །ནལ་བུའི་རྒྱལ་མཚན་བྷནྡྷ་ཡིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །གསང་བའི་རྟེན་རྫས་ཡིན་པའི་ཕྱིར། །ཨ་མྲྀ་ཏ་དང་མྱོས་བྱེད་བཅུད། །གྲི་སྙིང་དགྲ་བགེགས་ནལ་བུའི་སྙིང་། །ཙིཏྟ་སྙིང་གིས་ཐུགས་དམ་བསྐང་། །སྐུ་ཡི་རྟེན་རྫས་ཡིན་པའི་ཕྱིར། །བླུགས་སྐུ་བཏག་སྐུ་བྲིས་སྐུ་དང་། །དར་སྐུ་སྐུ་འབག་ལ་སོགས་ཀྱིས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །གསུང་གི་རྟེན་རྫས་ཡིན་པའི་ཕྱིར། །རྔ་དང་ཟོམ་རྔ་རྔ་ཆེན་དང་། །འཁར་རྔ་དུང་དང་ཆ་ལང་དང་། །གདུང་བའི་དབྱངས་ཀྱིས་ཐུགས་དམ་བསྐང་། །དམ་ཚིག་

p. 371

གཉན་པོ་བསྲེ་བའི་ཕྱིར། །དམ་ཚིག་དྲིལ་བུས་ཐུགས་དམ་བསྐང་། །ཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །ཅང་ཏེའུ་སྒྲ་ཡིས་ཐུགས་དམ་བསྐང་། །འཇིག་རྟེན་དབང་དུ་སྡུད་པའི་ཕྱིར། །གསང་བའི་རྔེའུ་ཆུང་ཐུགས་དམ་བསྐང་། །ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །ཕྱག་རྒྱ་སྔགས་དང་ཏིང་འཛིན་དང་། །སྙིང་པོ་འཛབ་ཀྱི་བཟླས་པ་ཡིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བྷྱོ། གཞན་ཡང་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་འདིས། །འགུགས་བྱེད་མ་དང་གསོད་བྱེད་མ། །ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ཕྲིན་ལས་རྣམ་བཞི་སྒྲུབ་བྱེད་པའི། །མཁའ་འགྲོ་བཞི་ཡི་ཐུགས་དམ་བསྐང་། །དགྲ་བགེགས་མ་ལུས་སྒྲོལ་བྱེད་པའི། །གདོང་ཅན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཉམས་པའི་ཤ་ཁྲག་ཟ་བྱེད་པའི། །སྒོ་མ་བཞི་ཡི་ཐུགས་དམ་

p. 372

བསྐང་། །དྲག་པོའི་ལས་ལ་འགྱེད་པའི་ཕྱིར། །ནག་མོ་འབུམ་གྱི་ཐུགས་དམ་བསྐང་། །གཞན་ཡང་སྤྲུལ་པའི་ཕོ་ཉ་ནི། །དཀར་མོ་སེར་མོ་དམར་མོ་དང་། །ལྗང་ནག་ལ་སོགས་འབུམ་སྡེའི་ཚོགས། །བསྐང་ངོ་ཁྱོད་ཀྱི༴ བདུད་ཀྱི་དམག་དཔུང་བཟློག་པའི་ཕྱིར། །ཡང་སྤྲུལ་བྱེ་བའི༴ མཉེས་པའི་རྟེན་དང་མ་ཉམས་ཕུད། །ཚོགས་དང་མཆོད་གཏོར་རྒྱ་ཆེན་འདིས། །བོད་ཁམས་མ་མོ་ཀུན་གྱི་གཙོ། །འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །དེ་ལྟར་ལྷ་མོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རིག་འཛིན་རྣལ་འབྱོར་འཁོར་བཅས་ལ། །མཁའ་འགྲོའི་ཉམས་ཆག་བྱུང་བ་བསྐང་། །འཇིག་རྟེན་མཁའ་འགྲོའི་གནོད་པ་བཟློག །མ་མོའི་དལ་ཡམས་བྱུང་བ་བཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་བཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །བན་དེའི་བྱད་ཁ་དགྲ་ལ་

p. 373

བསྒྱུར། །སྡེ་བརྒྱད་གནོད་པ་ཐམས་ཅད་བཟློག །གཞན་གྱི་རྦད་འདྲེ་ཕུར་ཁ་བསྒྱུར། །རྨིས་ལྟས་མཚན་མ་ངན་པ་བསྒྱུར། །ལོ་སྐག་ཟླ་སྐག་ཐམས་ཅད་བསྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བ་རྡུལ་དུ་རློགས། །བདག་ཅག་རྣལ་འབྱོར་དམ་ཅན་གྱི། །དམ་ཚིག་ཉམས་པ་སྐོང་གྱུར་ཅིག །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་ནི་ཁྱོད་ཀྱིས་བསྒྲུབ་པར་མཛོད། །ཅེས་ཐུགས་དམ་བསྐང་། དེ་ནས་བཟོད་པར་གསོལ་བ་ནི། ཧཱུྃ། འགྲོ་བའི་དོན་དུ་སྐུ་

p. 374

མཆོག་འཇིགས་པ་ལ། །མ་ལུས་ཁྱབ་པར་གསལ་བར་མཛད་པ་ཡི། །ང་རྒྱལ་དྲེགས་པ་ཅན་རྣམས་འཇོམས་མཛད་པ། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གཉེར་མཛད། །སྲུང་བར་དམ་བཅས་སྐུ་ཡི་དམ་ཚིག་ལས། །སྐུ་ཡི་སྤྱོད་པ་ཚུལ་བཞིན་མ་རྟོགས་ཏེ། །ཁམས་གསུམ་མ་ལུས་ཁྱབ་ལ་བཟོད་པར་གསོལ། །རྣལ་འབྱོར་གདུང་འཚོབ་བདག་ཅག་འདིར་འདུས་རྣམས། །སྤྱི་དང་ཁྱད་པར་དམ་ཚིག་མི་གཏོང་ཡང་། །ཀློང་དུ་མ་གྱུར་གོམས་ཤས་རྩལ་ཆུང་བ། །མ་གཅིག་ལྷ་མོའི་སྐུ་ལ་བཟོད་པར་གསོལ། །ཐུགས་རྗེས་ངེས་པར་གཟིགས་པའི་ལྷ་མོ་ལ། །དམ་རྫས་གཙང་མའི་མཆོད་པ་མ་བཤམས་ཏེ། །ཕངས་སེམས་དབང་གིས་མཆོད་པ་རྒྱུན་ཆག་པ། །རྫོ་མོ་བཀའ་སྡོད་སྐུ་ལ་བཟོད་པར་གསོལ། །མ་གཅིག་སྐུ་མདོག་ཕྱག་མཚན་རྒྱན་ཆ་

p. 375

ལུགས། །དོན་དང་མཚུངས་པར་ཚུལ་བཞིན་མ་བྲིས་ཏེ། །འཕགས་མའི་ཐུགས་རྗེས་གཡེལ་བར་གྱུར་པ་རྣམས། །བདུད་ལས་རྒྱལ་བའི་སྐུ་ལ་བཟོད་པར་གསོལ། །བུ་ཡི་ཚུལ་གྱི་རྒྱུ་ཡི་དམ་ཚིག་ལས། །ལེ་ལོ་གཉིད་མང་གཡེང་བའི་གཏམ་ལ་སོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །ཐུགས་རྗེ་ཆེ་མངའི་སྐུ་ལ་བཟོད་པར་གསོལ། །ཞེས་དངོས་གྲུབ་འབྱུང་བའི་རྒྱུད་ནས་གསུངས་སོ། །བྷྱོ། ཐོད་པ་དགུ་བརྩེགས་སྲིད་པའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །རང་ལ་རིག་པའི་ཡེ་ཤེས་རྒྱུན་ལྡན་ཡང་། །འཕྲལ་བྱུང་གཡུལ་བཟློག་ཤིན་ཏུ་དབང་ཆེ་བས། །ལོག་རྟོག་མཚན་མ་གཉིས་ཀྱི་དབང་གྱུར་ནས། །ཏིང་འཛིན་ཡི་དམ་རྩེ་གཅིག་མི་གསལ་ཞིང་། །དཔལ་ལྡན་ལྷ་མོའི་སྐུ་ལས་འདས་གྱུར་པ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་

p. 376

གསོལ། །འབད་པ་རྩལ་ཆུང་བཟླས་བརྗོད་བསྙེན་པ་ཆག །མན་ངག་གཞུང་དང་འགལ་བ་བཟོད་པར་གསོལ། །འཆལ་ལ་གཡེང་བས་གསང་བའི་ཚིག་མ་ཐུབ། །ཟབ་མོའི་དོན་དང་འགལ་བ་བཟོད་པར་གསོལ། །ཐལ་མོ་རྔ་གླིང་དུས་སུ་མ་ཚོགས་ཏེ། །བརྡ་ཡི་མཆོད་པ་ཆག་པ་བཟོད་པར་གསོལ། །བདུད་ཡུམ་ཡེ་ནས་གནག་པའི་ཚུལ་སྟོན་ཡང་། །བློ་ཞན་དོན་མ་རྟོགས་པ་བཟོད་པར་གསོལ། །འབྱོར་པ་ཡེ་ནས་ལྷ་མོའི་ཆོས་སྤྱོད་ཀྱང་། །འབྱོར་པའི་མཆོད་པ་ཆག་པ་བཟོད་པར་གསོལ། །བོང་བུ་ཡེ་ནས་ལྷ་མོའི་ཆིབས་ཡིན་ཡང་། །མ་བརྟེན་བརྡེག་པར་གྱུར་པ་བཟོད་པར་གསོལ། །གཤིན་རྗེ་ཡེ་ནས་ལྷ་མོའི་ཁྱོ་ཡིན་ཡང་། །ངན་སེམས་བཤགས་སེམས་སྐྱེས་པ་བཟོད་པར་གསོལ། །རླུང་ནག་ཡེ་ནས་ལྷ་མོའི་སྤྲུལ་པ་ཡིན། །ངན་པའི་སེམས་ཀྱིས་སྨད་པ་བཟོད་པར་གསོལ། །ལེ་ལོ་

p. 377

སྙོམས་ལས་གྱུར་པ་བཟོད་པར་གསོལ། །མཆོད་པ་ལོ་ཟླར་འདས་པ༴ ཞག་དང་ཞག་དུས་ཆགས་པ༴ ཉ་ཤི་དུས་དྲུག་ཆག་པ་བཟོད་པར༴ སྔོན་ནས་རང་གི་བག་ཆགས་མ་སྦྱངས་པས། །དམ་རྫས་བརྟུལ་ཞུགས་ཆུང་བ་བཟོད་པར་གསོལ། །སྔོན་འདས་སེར་སྣའི་དབང་དུ་གྱུར་ལགས་པས། །ཚོགས་ལ་གཡོ་སྒྱུ་ཞུགས་པ་བཟོད་པར༴ སྔོན་འདས་ཤིན་ཏུ་གསང་དབང་མ་ཐོབ་པས། །འདོད་ཆགས་ཆོས་ལ་སྤྱད་པ་བཟོད་པར་གསོལ། །མཐར་ཐུག་ལྟ་བ་ཟབ་མོ་མ་རྟོགས་པས། །རྣམ་སྨིན་མཐོང་ནས་མ་བསྒྲལ༴ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་པས། །ཕུད་དང་ལྷག་མ་མ་ཕྱེད་བཟོད༴ ཞེ་སྡང་དབང་ལས་ང་རྒྱལ་དཀྲིས་གྱུར་པས། །རྡོ་རྗེ་ནང་དམེ་བྱས་པ༴ ང་རྒྱལ་དབང་ལས་ཕྲག་དོག་དཀྲིས་གྱུར་པས། །སློབ་དཔོན་སྐུ་ལ་བསྡོས་པ༴ སྔོན་ནས་རང་སེམས་ལྟ་བ་སྤང་སྨད་པས། །

p. 378

རྣལ་འབྱོར་ཉེས་སྤྱོད་བྱས་པ་བཟོད་པར་གསོལ། །ལྟ་སྤྱོད་ཟབ་མོའི་མན་ངག་མ་རྟོགས་པས། །བློ་ཡི་ཁུ་འཕྲིག་ཞུགས་པ༴ ལྟ་བ་དྲོད་ཀྱི་མན་ངག་མ་རྟོགས་པས། །ཉམས་ཀྱི་དྲོད་མ་སྐྱེས་པ་བཟོད་པར་གསོལ། །ཨོཾ། ཡེ་ཤེས་ལྷ་དང་ལྷ་མོ་མི་ཕམ་བདག །དང་པོ་སྒྲུབ་དང་བསྒྲུབ་ཏུ་བྱས་ནས་ནི། །མཐུན་པའི་དམ་རྫས་གཞུང་བཞིན་མ་ཚོགས་ཏེ། །དཔལ་ལྡན་ལྷ་མོའི་ཐུགས་དང་འགལ་གྱུར་ཏེ། །བཀའ་ཡི་ཆད་པའི་གནས་སུ་གྱུར་ནས་སུ། །དམ་ཉམས་ཁྲིམས་རལ་གཅིག་ཏུ་གྱུར་ལགས་ན། །ཡེ་ཤེས་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །ཐུགས་དང་འགལ་བར་གྱུར་པ་བཟོད་པར་གསོལ། །དམ་ཚིག་ཉམས་པར་གྱུར་པ་སྐོང་གྱུར་ཅིག །དེ་ནས་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་ཅི་ནུས་བཟླས་སོ། །དེ་ནས། ཧཱུྃ། དུར་ཁྲོད་རབ་འཇིགས་འབར་བའི་དཀྱིལ་འཁོར་དུ། །ཀེང་རུས་གསར་རྙིང་ཚོགས་ནི་

p. 379

རི་ལྟར་སྤུངས། །བྷནྡྷ་མང་པོའི་ཚོགས་ནི་རྫ་ལྟར་ལྷགས། །ཙིཏྟ་མང་པོའི་ཚོགས་ནི་འབྲུམ་ལྟར་བརྩེགས། །རཀྟ་མང་པོའི་ཚོགས་ནི་མཚོ་ལྟར་བསྐྱིལ། །ཞིང་ཆེན་གསར་རྙིང་ཚོགས་ནི་སྤྲིན་ལྟར་གཏིབ། །མཁའ་འགྲོ་མང་པོའི་ཚོགས་ནི་སྐར་ལྟར་འཁྲུགས །བདུད་དང་གཤིན་རྗེའི་ཚོགས་ནི་བྲན་ལྟར་ཁོལ། །མ་སྲིང་བྱམས་པའི་ཚོགས་རྣམས་གཤེགས་སུ་གསོལ། །དཔལ་ལྡན་ལྷ་མོ་མི་ཕམ་གཤེགས་སུ་གསོལ། །དམར་ཆེན་ཁྲག་ལ་རོལ་ཏེ་མཆོད་པར་བཞེས། །རུས་ཆེན་རྐང་ལ་རོལ་ཏེ་མཆོད་པར་བཞེས། །སྣུམ་ཆེན་ཚིལ་ལ་རོལ་ཏེ་མཆོད་པར་བཞེས། །༈ གསུམ་པ་གྲྭ་འཛུམ་སྟག་མོ་ལས། མ་མོ་འཁྲུགས་བསྐང་མདོར་བསྡུས་བཞུགས། དམར་གཏོར་ཟས་སྣ་ཅི་འབྱོར་དང་བདུད་རྩི་བཤམ། བྷྱོཿ དུས་ངན་སྙིགས་མའི་མཐར་ཐུག་ལ། །བནྡྷེ་བླ་མའི་དམ་ཚིག་ཉམས། །སྐྱེ་བོ་ཁྲེལ་དང་ངོ་ཚ་བོར། །དེ་ཚེ་མ་

p. 380

མོ་ཐུགས་ཁྲོས་ནས། །ནད་མུག་འཁྲུགས་གསུམ་སྤྲིན་ལྟར་གཡོ། །དེ་དག་ཁྱོད་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་དམ་རྫས་གཏོར་བདུད་རྩི། །རྟེན་བསྐང་སྒྲུབ་པ་གསུམ་གྱི་རྫས། །མ་མོ་འཁྲུགས་པ་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་མཐུས། །བདག་སོགས་མཁའ་མཉམ་འགྲོ་ཚོགས་ཀྱི། །ནད་གདོན་བར་ཆད་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ཀུན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་འགྲུབ་པར་མཛོད། །བདག་གཞན་མི་ཤེས་ལེ་ལོ་ཡིས། །ས་ལམ་བགྲོད་ལ་འགལ་བ་རྣམས། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །བཅུ་གསུམ་པས་སོ། །༈ ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུ་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་

p. 381

ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་། །བསྐངས་ནས་ཕྲིན་ལས་འགྲུབ་པར་མཛོད། །དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་གསོལ་བཞུགས་སོ༔ ཀྱེ༔ གསོན་ཅིག་རྡོ་རྗེ་ལེགས་པའི་ཚོགས༔ གསོན་ཅིག་སུམ་བརྒྱ་དྲུག་ཅུའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དེ༔ དོ་ནུབ་རྣལ་འབྱོར་བདག་གིས་བསྐང་༔ དོ་ནུབ་མཉེས་པའི་ཟས་གཅིག་འདྲེན༔ དོ་ནུབ་སྔ་མའི་གཏང་རག་གཏོང་༔ དོ་ནུབ་ཕྱི་མའི་ཞུ་དོན་འབུལ༔ དོ་ནུབ་ཆད་པའི་གཞུང་གཅིག་བསྲང་༔ དོ་ནུབ་གྲོགས་ཀྱི་མནའ་ཐོ་བྱེད༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ སྔོན་གྱི་དམ་རྫས་ཡིན་པའི་ཕྱིར༔ མཁར་ཐབ་བཤོས་བུས་ཐུགས་དམ་བསྐང་༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ རྟག་གཏོར་ཆེན་པོའི་ཐུགས་དམ་བསྐང་༔ རྒྱུན་དུ་ཕྲིན་ལས་བཅོལ་བའི་

p. 382

ཕྱིར༔ རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་༔ བཏུང་བའི་དམ་རྫས་ཡིན་པའི་ཕྱིར༔ ཨ་མྲྀ་བདུད་རྩིའི་ཐུགས་དམ་བསྐང་༔ རྔམ་པའི་དམ་རྫས་ཡིན་པའི་ཕྱིར༔ རཀྟ་དམར་གྱིས་ཐུགས་དམ་བསྐང་༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ ར་ཤ་ཁྲག་གིས་ཐུགས་དམ་བསྐང་༔ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ ར་ཡི་གསུར་གྱིས་ཐུགས་དམ་བསྐང་༔ སྤྱན་གྱི་དབང་པོ་ཚིམ་བྱའི་ཕྱིར༔ སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང་༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ ཙ་ར་གཡང་གཞི་གཡབ་གཡོབ་དང་༔ དར་དམར་གཡབ་དར༴ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ ར་ཡི་རྒྱལ་མཚན་བརྗིད་པ་དང་༔ སྙུག་རྒོད་ཁྲབ་བྱང་རྔ་ཁྲབ་དང་༔ སྟག་རས་གཟིག་རས་དར་སྣ་དང་༔ རིན་ཆེན་སྣ་ལྔས་ཐུགས་དམ་བསྐང་༔ རྫུ་འཕྲུལ་སྟོང་གསུམ་བསྐོར་བའི་ཕྱིར༔ སེང་གེ་སྟག་སྤྱང་བྱ་ཁྲ་དང་༔

p. 383

ར་སྐྱེས་ལ་སོགས་ཆིབས་ཀྱིས་བསྐང་༔ རྣལ་འབྱོར་ཕྲིན་ལས་མྱུར་འགྲུབ་ཕྱིར༔ རྡོ་རྗེ་ཐོ་བ་མདུང་ཐུང་དང་༔ དར་ནག་རུ་མཚོན་ལ་སོགས་པའི༔ ཕྱག་མཚན་མང་པོས༴ གསང་བའི་དམ་རྫས་ཡིན་པའི་ཕྱིར༔ ཙིཏྟ་རྩ་ལག་མ་ཉམས་པ༔ བླ་རྡོ་སྲོག་འཁོར་བཅས་པ་ཡིས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ སྐྱེས་བུ་དགྱེས་པ་བསྐྱེད་པའི་ཕྱིར༔ དགྱེས་སྡེ་བརྟན་མས་ཐུགས་དམ་བསྐང་༔ ཁྱད་པར་ཐུགས་དམ་བསྐང་བ་ནི༔ ར་ཡི་ཙིཏྟ་དབང་པོ་ལྔས༔ སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་༔ ར་ཡི་རྒྱུ་མ་ནང་ཁྲོལ་གྱིས༔ འཛིང་གིང་བཞི་བཅུའི་ཐུགས་དམ་བསྐང་༔ ཤ་ཁྲག་རུས་དང་པགས་པ་ཡིས༔ སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་༔ རྔ་གླིང་དུང་དང་རོལ་མོའི་སྒྲ༔ སྙན་པའི་དབྱངས་ཀྱིས་ཐུགས་དམ་བསྐང་༔ འབྱོར་ལྡན་ལོངས་སྤྱོད་འདོད་ཡོན་གྱིས༔ རྣལ་འབྱོར་

p. 384

ལོངས་སྤྱོད་སྤེལ་བའི་ཕྱིར༔ སྐྱེས་བུ་འཁོར་བཅས་ཐུགས་དམ་བསྐང་༔ གསང་བའི་མདོས་དང་དཀོར་ཆའི་ནོར༔ མཐུན་རྫས་དུ་མས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཅེས་དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་གསོལ་སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མའོ༔ རྒྱ་རྒྱ་རྒྱ༔ ༈ དགེ་བསྙེན་རྡོ་རྗེ་དགྲ་འདུལ་གྱི་བསྐང་བ་ནི། ཀྱེ། དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང་བ་ནི། །བསམ་པ་ཙམ་གྱིས་སྟོང་གསུམ་བསྐོར་བའི་ཕྱིར། །རྟ་དམར་རླུང་གིས་མགྱོགས་པས་ཐུགས་དམ་བསྐང་། །སངས་རྒྱས་བསྟན་པའི་ཁུར་ཆེན་འཁུར་བའི་ཕྱིར། །གླང་དམར་རི་ལྟར་འགྱིང་བས་ཐུགས་དམ་བསྐང་། །དབེན་གནས་གཙུག་ལག་ཁང་རྣམས་བསྲུང་བའི་ཕྱིར། །ཁྱི་དམར་རབ་ཏུ་འཇིགས་པས་ཐུགས་དམ་བསྐང་། །དཔའ་བོ་ཁྱོད་ཀྱི་བརྟེན་རྫས་ཡིན་པའི་ཕྱིར། །ར་དམར་སྤུ་

p. 385

ཞོལ་བརྗིད་པས་ཐུགས་དམ་བསྐང་། །རྒྱལ་བའི་བསྟན་ལ་བྱ་ར་བྱེད་པའི་ཕྱིར། །བྱ་དམར་ཀླད་ལ་ལྡིང་བས་ཐུགས་དམ་བསྐང་། །བཀའ་བཞིན་ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར། །ཕོ་ཉ་བྲན་གཡོག་འབུམ་གྱིས༴ གང་ལ་བཞུགས་ཀྱང་མྱུར་དུ་འབོད་པའི་ཕྱིར། །རྒྱ་གོས་གཡབ་དར་དམར་པོས་ཐུགས་དམ༴ ལྗགས་ཀྱི་དབང་པོ་རབ་ཏུ་ཚིམ་པའི་ཕྱིར། །བཤོས་བུ་ཤ་ཁྲག་བརྒྱན་པས༴ དཔའ་བོའི་སྟོབས་དང་གཟི་བརྗིད་བསྐྱེད་པའི་ཕྱིར། །འབྲུ་བཅུད་དམ་རྫས་བདུད་རྩིས༴ དྲག་པོའི་ལས་ལ་ཁྲོ་ཞིང་རྔམ་པའི་ཕྱིར། །དམར་ཆེན་ཁྲག་གི་རྒྱ་མཚོས་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་མ་ལུས་མཛད་པའི་ཕྱིར། །བཟའ་བཏུང་འབྱོར་པ་རྒྱ་མཚོས༴ སྙན་གྲགས་ཚངས་པའི་དབྱངས་ལྟར་སྒྲོག་པའི་ཕྱིར། །སྣ་ཚོགས་དབྱངས་སྙན་རོལ་མོས༴ མཆོད་པའི་རྫས་རྣམས་མ་ལུས་

p. 386

སྤེལ་བའི་ཕྱིར། །ཏིང་འཛིན་སྔགས་དང་ཕྱག་རྒྱས༴ འཁོར་བཅས་བཞེད་དགུ་ཡོངས་སུ་བསྐང་བའི་ཕྱིར། །ར་དམར་དོན་སྙིང་རྣམ་ལྔས༴ ཁྱད་པར་དགྱེས་པ་མཆོག་ཏུ་བསྐྱེད་པའི་ཕྱིར། །བཅུད་ལྡན་བཅུད་ཤ་ངར་མས༴ ཟག་མེད་བདེ་བས་མཉེས་པར་བྱ་བའི་ཕྱིར། །ཡིད་འཕྲོག་སྨན་གྱི་བུ་མོས་ཐུགས་དམ་བསྐང་། །རྒྱལ་བའི་བསྟན་པ་གཙུག་ཏུ་འཁུར་བའི་ཕྱིར། །དར་དམར་རྒྱལ་མཚན་མཛེས་པས༴ གང་ལ་དམིགས་པ་བསྲུང་ཞིང་བསྐྱབ་པའི་ཕྱིར། །རིན་ཆེན་གོ་ཁྲབ་འཁྲིགས་པས་ཐུགས་དམ་བསྐང་། །དྲེགས་པ་སྡེ་བརྒྱད་དམག་དཔོན་མཛད་པའི་ཕྱིར། །མདུང་དམར་རུ་མཚོན་ཕྱར་བས༴ ཉམས་པའི་ཤ་ཁྲག་ཞལ་དུ་གསོལ་བའི་ཕྱིར། །དམ་རྫས་མི་སྙིང་དམར་པོས༴ དམ་ཉམས་དགྲ་བོའི་སྙིང་ལ་གཟིར་བའི་ཕྱིར། །ཕྱག་མཚན་ལྕགས་མདའ་ལྕགས་གཞུས༴ གནོད་བྱེད་དགྲ་བོ་

p. 387

མྱུར་དུ་འགུགས་པའི་ཕྱིར། །ཞགས་དམར་གློག་ལྟར་འཁྱུགས་པས༴ རྣལ་འབྱོར་བདག་གི་དགྲ་བླ་མཛད་པའི་ཕྱིར། །ཚིགས་གསུམ་རྒོད་སྒྲོ་ལྟོང་དམར༴ ལོག་འདྲེན་དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར། །གནམ་ལྕགས་མཚོན་ཆ་མང་པོས༴ ཕ་རོལ་དགྲ་དཔུང་མ་ལུས་འཇོམས་པའི་ཕྱིར། །གཤེད་མའི་དམག་ཚོགས་འབུམ་གྱིས༴ མཐུན་པའི་རྫས་རྣམས་ཚང་བར་བཤམས་པ་འདིས། །འཁོར་བཅས་དགྱེས་པ་མཆོག་ཏུ་གང་གྱུར་ཅིག །དངོས་གྲུབ་མ་ལུས་དགྱེས་ཤིང་སྩལ་དུ་གསོལ། །ཁྱེད་ཀྱི་ཐུགས་དང་འགལ་བའི་ཉེས་པ་རྣམས། །བཟོད་པར་བཞེས་ཤིག་དམ་ཅན་སྲུང་མའི་ཚོགས། །ཞི་རྒྱས་དབང་དྲག་བཅོལ་བའི་ཕྲིན་ལས་རྣམས། །རྣལ་འབྱོར་བདག་གི་ཡིད་ལ་གང་འདོད་པ། །དེ་དག་མ་ལུས་ཁྱོད་ཀྱིས་འགྲུབ་པར་མཛོད། །མངྒ་ལཾ། །༈ དགེ་བསྙེན་སྨྱོ་ཁའི་བསྐང་བ་ནི། ཧཱུྃ།

p. 388

གཞན་ཡང་འཇིག་རྟེན་བོད་ཁམས་ན། །སློབ་དཔོན་པདྨའི་བཀའ་བཞིན་དུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །ནག་པོ་ཏི་པ་ར་ཙ་ཉིད། །ངོ་བོ་གཅིག་ཏུ་མ་ངེས་ཀྱང་། །ཐ་དད་དུ་མར་སྤྲུལ་མཛད་པའི། །གནས་བརྒྱད་དགེ་བསྙེན་འཁོར་དང་བཅས། །སློབ་དཔོན་པདྨའི་བཀའ་ཉན་ཚོགས། །དགེ་བསྙེན་ཆེན་པོ་འཁོར་བཅས་རྣམས། །སྤོས་དང་མར་མེས་ཐུགས་དང་བསྐང་། །སྨན་གཏོར་རཀྟས་ཐུགས་དམ་བསྐང་། །དངོས་འབྱོར་ཡིད་སྤྲུལ་ལ་སོགས་པའི། །མཐུན་རྫས་དུ་མས༴ བསྐང་ནས་ཕྲིན་ལས་འགྲུབ་པར་མཛོད། །གསེར་མངལ་ཅན་དང་དཔལ་མོའི་དཔལ། །མགྲིན་སྔོན་གྲགས་པ་མུ་ཁྱུད་སོགས། །འཇིག་རྟེན་དྲེགས་ལྡན་མ་ལུས་པས། །འདུད་པའི་ལྷ་ཆེན་རྡོ་རྗེ་འབར། །ལྷ་མོ་མཚོ་དང་གཡུ་ཡི་སྒྲོན། །སྲས་དང་བློན་པོ་འཁོར་ཚོགས་བཅས། །དགྱེས་བསྐྱེད་མཆོད་

p. 389

པའི་དམ་ཚིག་རྫས། །དངོས་བཤམས་བློ་ཡིས་བཟུང་བ་ཡི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་མཆོག །རྔ་གླིང་རོལ་སྙན་བརྡུང་བའི་དབྱངས། །སྒྲོ་ལྡན་གཡབ་མོས་ཐུགས་དམ་བསྐང་། །བླ་བྲེ་གདུགས་དང་འཕན་རྒྱལ་མཚན། །ཕྱོགས་མཚམས་དར་གྱི་ལྷབ་ལྷུབ་དང་། །ཁྲབ་རྨོག་མདའ་གཞུ་གྲི་མདུང་སོགས། །སྤྱན་གཟིགས་རྒྱ་མཚོས་ཐུགས་དམ་བསྐང་། །ལྷ་རྟ་ངང་ཞུར་རྒྱན་སྤྲས་དང་། །གཡག་ལུག་ར་སྐྱེས་འདོད་འཇོའི་བ། །བ་འབྲི་ཕྱུགས་ཁྱུ་ནོར་སྐྱོང་བཅས། །མཐུན་རྫས་དུ་མས༴ བདུད་རྩི་གསེར་ཕྱེ་སྦྱར་བ་དང་། །ལྷ་མིན་ཁྲག་གི་ཞུ་སྐྱེམས་དང་། །རྒྱ་ཇ་དཀར་གསུམ་མངར་གསུམ་སོགས། །བཟའ་དང་བཏུང་བས་ཐུགས་དམ་བསྐང་། །སྨན་དང་རཀྟ་བཤོས་གཙང་དང་། །འདོད་ཡོན་དྲུག་དང་རིན་ཆེན་བདུན། །བཀྲ་ཤིས་རྫས་

p. 390

རྟགས་བརྒྱད་བརྒྱད་སོགས། །ཁྱད་པར་མཆོད་པས་ཐུགས་དམ་བསྐང་། །སྐུ་འབག་བླ་རྡོ་སྲོག་འཁོར་དང་། །ཤེལ་མཁར་མཚོན་པའི་རྟེན་གཏོར་མཆོག །སྦ་ལྕག་ཤེལ་ཕྲེང་རཏྣའི་རྒྱན། །མི་འབྲལ་རྫས་ཀྱིས༴ གཞན་ཡང་སྲིད་ན་དགེ་བ་ཡི། །ཉེར་སྤྱོད་དཀོར་ནོར་མཆིས་སོ་ཅོག །འཁོར་འདས་ཕུན་ཚོགས་མ་ལུས་པས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །དེ་ལྟར་ཐུགས་དམ་བསྐང་བའི་མཐུས། །བདག་ཅག་མ་རིག་ལས་ཉོན་དབང་། །ཁྱོད་ཐུགས་འགལ་དང་གསང་སྔགས་ཀྱི། །དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རྒྱལ་འགོང་གནོད་པ་ཞི་བ་དང་། །ཞི་རྒྱས་དབང་དྲག་གང་བཅོལ་བའི། །ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །ཅེས་པ་འདི་བླ་མ་ཟབ་ཡང་ངོར་རྡོ་རྗེ་དྲག་པོས་བྲིས་པའོ། །༈ དམག་གི་རྒྱལ་མོའི་བསྐང་བ་ནི། ཧཱུྃ་བྷྱོ། རྒྱལ་བའི་

p. 391

བསྟན་པ་སྲུང་བའི་དམ་ཚིག་ཅན། །རྣལ་འབྱོར་དམ་ལྡན་རྣམས་ཀྱི་གྲོགས་མཛད་པའི། །མ་གཅིག་དམག་གི་རྒྱལ་མོ་འཁོར་བཅས་ལ། །དགྱེས་མཆོད་ཐུགས་དམ་བསྐང་བའི་མཐུན་རྫས་དང་། །ཕྱི་ནང་གསང་གསུམ་མཆོད་རྫས་རྟེན་པའི་རྫས། །ནམ་མཁའ་རབ་འབྱམས་གང་བར་མངོན་སྤྲུལ་ཏེ། །གླིང་བཞི་རི་རབ་འདོད་ཡོན་གཟུགས་འགྲོས་ཚོགས། །རྒྱལ་སྲིད་བདུན་དང་རིན་ཆེན་རྣམ་པ་ལྔ། །རྟ་དང་རྔ་མོང་ཞོན་པ་དུ་མའི་ཚོགས། །མི་ཤིགས་གོ་མཚོན་དར་ཆེན་ཟ་འོག་བེར། །བཀོད་ལེགས་ཡིད་འཕྲོག་མཆོད་སྤྲིན་འདི་འབུལ་གྱི། །ཉམས་ཆག་བསྐང་ཞིང་འགལ་འཁྲུལ་བྱུང་ན་བཤགས། །ཧཱུྃ། མཾ་ས་རཀྟ་ཛ་གད་དཔའ་བོའི་ཆང་། །བསྒྲལ་བའི་དམ་རྫས་དམིགས་བྱའི་ལིངྒ་ལ། །བཀྲག་མདངས་དྲོད་དབུགས་སྒོ་ལྔ་སྐྱེ་མཆེད་ཚང་། །ཞིང་བཅུའི་སྡིག་ཅན་བསྒྲལ་བར་ཁྱོད་

p. 392

བསྐུལ་ཚེ། །དམ་བཅས་བཞིན་དུ་མངོན་སྤྱོད་ལས་འདི་ལ། །དྲག་པོའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་ནི་པཎ་ཆེན་བི་མ་ལ་མི་ཏྲའི་སྤྲུལ་པ་རྣལ་འབྱོར་གྱི་དབང་ཕྱུག་རས་པ་ཆེན་པོས་མཛད་པའོ། །མངྒ་ལཾ། །༈ ཡན་ལག་བདུན་པ་ཙ་མི་སངས་རྒྱས་གྲགས་པས་མཛད་པ་བཞུགས་སོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ། །ཧཱུྃ་ལས་བྱུང་བའི་མགོན་པོ་ཆར་སྤྲིན་མདོག །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མེ་ལྟར་འབར། །ཕྱག་གཡས་བཻ་ཏའི་ལྒང་བུ་རལ་གྲི་བསྣམས། །གཡོན་པས་ཐོད་ཁྲག་ཁ་ཊྭཱཾ་རྩེ་གསུམ་འཛིན། །དབུ་སྐྲ་གྱེན་བརྫེས་རྣོ་དཀར་མཆེ་བ་གཙིགས། །ཐོད་པ་རིན་ཆེན་སྦྲུལ་གྱིས་རྣམ་པར་བརྒྱན། །དཔའ་བོ་སྟག་གི་ཤམ་ཐབས་སྐུ་ལ་གསོལ། །སྣ་ཚོགས་པདྨ་ཉི་མའི་གདན་སྟེང་དུ། །ཙན་དན་འཁྱིལ་བ་དཔའ་བོའི་སྟབས་ཀྱིས་བཞུགས། །ཞབས་

p. 393

གཉིས་བརྡབ་པས་དགྲ་བགེགས་རྡུལ་དུ་རློགས། །སྐུ་ཡི་སྤྲུལ་པས་ཁམས་གསུམ་དབང་དུ་བསྡུད། །གསུང་གི་ང་རོས་དམ་ཉམས་ཀླད་པ་འགེམས། །ཐུགས་ཀྱི་མཛད་པས་རྣལ་འབྱོར་རེ་བ་སྐོང་། །ལས་སུ་དུས་གསུམ་སངས་རྒྱས་བསྟན་པ་སྲུང་། །ཤ་ལ་དགའ་ཞིང་ཁྲག་ལ་རོལ་པ་ཡི། །ཤིན་ཏུ་གཏུམ་རྔམ་དྲག་པོའི་ཚོགས་ཀྱིས་བསྐོར། །བསྟན་པའི་བཀའ་སྲུང་ནག་པོ་ཆེན་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་ཚོགས་དང་། །མཐུན་པའི་དམ་རྫས་དམར་ཆེན་གཏོར་མར་བཅས། །སྤྲོས་བྲལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་པར། །བསྟན་པ་སྲུང་ཞིང་གདུག་པ་ཚར་གཅོད་ཕྱིར། །ཟབ་ཅིང་རྒྱ་ཆེན་མཆོད་པས་མཆོད་པར་བགྱི། །ཇི་ལྟར་འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །བདག་གིས་ཐོག་མེད་དུས་

p. 394

ནས་བསགས་པའི་སྡིག །རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང་། །དམ་རྫས་མ་ཚང་ཁས་བླངས་འདས་པ་རྣམས། །ཁྲག་འཐུང་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི། །ཡེ་ཤེས་སྤྱན་ལྡན་སྐུ་ལ་མཐོལ་ལོ་བཤགས། །སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔར་ཁྱོད། །འཁོར་བའི་རྒྱ་མཚོ་སྟོང་པར་མ་གྱུར་ཚེ། །བསྟན་པ་སྲུང་ཞིང་ཕྲིན་ལས་སྒྲུབ་བོ་ཞེས། །སྲོག་གི་སྙིང་པོ་ཕུལ་ནས་དམ་བཅས་ཏེ། །རྩོད་པའི་དུས་འདིར་སེམས་ཅན་མགོན་སྐྱབས་མཛད། །མཛད་པ་རྨད་དུ་བྱུང་ལ་ཕྱག་འཚལ་ལོ། །ཞིང་བཅུ་བསྒྲལ་སོགས་དྲག་པོའི་ལས་གཞན་རྣམས། །སྡུག་བསྔལ་མཚོར་བྱིང་བདེ་བས་ཕོངས་པ་རྣམས། །རྨད་དུ་བྱུང་བའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཚར་བཅད་རྗེས་བཟུང་ལས་ངན་རྒྱུན་བཅད་ནས། །ཕན་བདེའི་རིན་ཆེན་གླིང་དུ་འཁྲིད་

p. 395

མཛད་ཕྱིར། །རྣམ་བཞི་ལས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཁྱོད་ནི་ཞི་བ་ཆེན་པོར་གཤེགས་གྱུར་ཀྱང་། །བྱམས་པའི་ཡིད་ཀྱིས་འགྲོ་ལ་རབ་གཟིགས་ནས། །ཐུགས་རྗེས་ཁྲོས་ཤིང་གར་དགུ་ལྡན་པའི་སྐུ། །ཁྲག་འཐུང་སྤྱན་སྔར་དམ་བཅས་མ་བསྙེལ་བར། །བསྟན་པ་སྲུང་ཞིང་འགྲོ་བ་བསྒྲལ་སླད་དུ། །ཞིང་རྡུལ་བསྐལ་པར་མི་འདའ་བཞུགས་སུ་གསོལ། །དེ་ལྟར་ལྷ་མཆོག་དཔལ་ལྡན་ཁྲག་འཐུང་ལ། །བསོད་ནམས་རྒྱ་ཆེན་བསགས་པའི་དགེ་བ་དེས། །བསྟན་པ་དར་ཞིང་ཡུན་རིང་གནས་པ་དང་། །བདག་སོགས་བསྟན་པ་འདི་ལ་ཞུགས་པ་རྣམས། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །བདེ་ལེགས་ཐམས་ཅད་བསམ་བཞིན་འགྲུབ་པ་དང་། །ཚོགས་གཉིས་ཡོངས་རྫོགས་སྒྲིབ་གཉིས་རྣམ་དག་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཐོབ། །འགྲོ་

p. 396

ཀུན་སྡུག་བསྔལ་རྦ་རླབས་དྲག་པོ་ཡི། །ཁྲག་མཚོ་ཁོལ་མའི་གྲུ་ལས་སྒྲོལ་བར་ཤོག །རྡོ་རྗེ་ནག་པོ་ཆེན་པོ་ཁྱོད་ཀྱིས་སྔོན་རྡོ་རྗེ་འཆང་དེའི་སྤྱན་སྔར་དམ་བཅས་པ་བཞིན་དུ་དམ་ལ་མ་འགལ་བར། དཀོན་མཆོག་གསུམ་ལ་གནོད་པ་རྣམས་སྒྲོལ་བར་དམ་བཅས་པས། ད་སྒྲོལ་ལ་གཏོར་མ་འདི་བཞེས་ཤིག །ཤྲཱི་མ་ཧཱ་ཀཱ་ལ་སོགས་གོང་ལྟར་དང་། གཞན་ཡང་བསྐང་གསོལ་ཐམས་ཅད་ཀྱི་མཇུག་ཏུ་འདི་སྐད་བརྗོད་དོ། །ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །བཀའ་བརྒྱུད་ཀྱི་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྙན་གྱིས་གསོན། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས་སུ་གསོལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་། དགོས་སྒྲུབ་བརྒྱུད་ཀྱི་སྐྱེས་བུ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བ་དང་། ཁྱད་པར་དུ་

p. 397

ལོག་པར་ལྟ་བའི་དགྲ་བགེགས་ལོག་འདྲེན་རྣམས་ཚར་གཅོད་པའི་ཕྱིར་དུ། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་བསྐལ་པ་ནས་བསྐལ་པའི་བར་དུ་ཡང་ནས་ཡང་དུ་བསྐང་བར་གྱུར་ཅིག །ཐུགས་དམ་གཉན་པོའི་རྒྱུད་བསྐང་ནས། དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །ལྷ་མཉེས་པར་གྱུར་ཅིག །བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་རྫོགས་པར་གྱུར་ཅིག །ཁྱད་པར་དུའང་སྔ་བཅོལ་ལས་ཀྱི་གཏང་རག །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས། ད་བཅོལ་ལས་ཀྱི་གཉེར་ཟན་དུ་འབུལ་ལོ། །རྣལ་འབྱོར་པ་བདག་གི་བཀའ་དང་དམ་ལས་མ་འདའ་བར་བྱིན་པའི་ཟས་ཟོ། བསྒོས་པའི་ངག་ལ་ཉོན། བཅོལ་བའི་ལས་སྒྲུབས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་

p. 398

ཐམས་ཅད་ཀྱི་སྔོན་གྱི་ལས་ལས་གྱུར་པ། འཕྲལ་གྱི་རྐྱེན་ལས་གྱུར་པ། འབྱུང་པོ་མི་དང་མི་མ་ཡིན་པའི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། སུམ་ཅུ་པ་ལས་གཏོར་ནི། འདིར་མ་ཧཱ་ཀཱ་ལའི་དགྲ་བགེགས་བསྒྲལ་བའི་མན་ངག་ལ། སྟོད་ལས་བྱང་ཆུབ་ལམ་ཁྱེར་གྱི་བྱ་བ་ཐམས་ཅད་རྫོགས་ནས། སྨད་ལས་དགྲ་བགེགས་ལམ་ཁྱེར་སྤུ་གྲི་རེག་འཇོམས་ཀྱི་སྐོར་ལ། ལས་གཏོར་ལ་བརྟེན་ནས་དགྲ་བགེགས་བསྒྲལ་བའི་ཐབས་ལ་ལྔ་སྟེ། ཡེ་ཤེས་པ་བསྐུལ་པ། འཇིག་རྟེན་པ་རྦད་ཅིང་དགྲ་བགེགས་བཀུག་པ། དེ་ཉིད་བསྒྲལ་ཞིང་རྣམ་ཤེས་སྤར་བ། གཟུགས་ཕུང་མཆོད་པར་འབུལ་ཞིང་དམོད་བཅོལ་བྱ་བ། གཏོར་མ་ཟོར་དུ་འཕེན་ཞིང་ལས་མཁན་མྱ་ངན་འདའ་བའི་གནད་དང་ལྔའོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་བསྟོད་པ་ཡན་ལག་བདུན་པ། ཙ་མི་སངས་རྒྱས་གྲགས་པས་མཛད་པའོ།། །། ༈ ཧཱུྃ། བླ་མ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་སྤྱན་ལམ་

p. 399

དུ། །དམ་ཆོས་ཚུལ་བཞིན་མ་བགྱིས་མཐོལ་ལོ་བཤགས། །དུས་གསུམ་སངས་རྒྱས་རྣམས་ཀྱི་སྤྱན་ལམ་དུ། །བཀའ་དང་གཞུང་ལ་འགལ་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །བསྙེན་སྒྲུབ་དུས་ལས་ཡོལ་བ་མཐོལ་ལོ་བཤགས། །མ་དང་མཁའ་འགྲོ་རྣམས་ཀྱི་སྤྱན་ལམ་དུ། །ཚོགས་དང་གཏོར་མ་གཡེལ་བ་མཐོལ་ལོ་བཤགས། །དཔལ་མགོན་ཆོས་སྐྱོང་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླངས་དམ་ལས་འགལ་བ༴ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལན་ལེན་གྱིས་མ་ལོན་མཐོལ་ལོ་བཤགས། །མཐའ་ཡས་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ༴ སྐུ་ཡི་དམ་ཚིག་ཉམས་པ༴ གསུང་གི་དམ་ཚིག༴ ཐུགས་

p. 400

ཀྱི་དམ་ཚིག༴ ཚོར་བ་མདུན་ནས་ཉམས་པ་མཐོལ༴ མ་ཚོར་རྒྱབ་ནས་ཉམས་པ༴ ཞར་དང་ཞོར་ལ་ཉམས་པ༴ དང་པོ་ཁས་ལེན་ཆེ་བ་མཐོལ༴ བར་དུ་ཉམས་ལེན་ཆུང་བ༴ ཐ་མ་སྤྱོད་ལམ་རྩིང་བ༴ མཐོལ་བཤགས་ཕུལ་ནས་ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་བཤགས་པ་ནི། ཧཱུྃ། དཔལ་ཆེན་འཁོར་བཅས་སྤྱན་སྔ་རུ། །ནོངས་པ་མཆིས་ཚད་བཤགས་པར་བགྱི། །འདིར་ནི་བདག་ཅག་འཁོར་བཅས་ཀྱིས། །ལས་ཉོན་དབང་གྱུར་མི་ཤེས་དང་། །མ་གུས་པ་དང་བག་མེད་པས། །ཁ་ན་མ་ཐོ་བགྱིས་པ་དང་། །དམ་ཚིག་མི་ལྡན་མ་དག་དང་། །ཚོགས་འདྲེས་སྤྱོད་ཡུལ་གཅིག་ཏུ་གྱུར། །བསྙེན་དང་སྒྲུབ་ལ་མ་བརྩོན་དང་། །སྲུང་མ་ཁྱད་པར་ཅན་རྣམས་ལ། །དུས་སུ་མ་མཆོད་མ་གསོལ་ཞིང་། །ལོ་དམ་ལོ་ལས་འདས་པ་དང་། །ཟླ་དམ་ལས་འདས་ཞག་དམ་ཆག །སྒྲུབ་པའི་གཞུང་

p. 401

ཉམས་བཟླས་བརྗོད་ཉུང་། །མི་དགེ་བཅུ་ཡི་ལས་དབང་གིས། །ངན་སོང་སྐྱེ་བའི་ལས་བསགས་པ། །ལྷ་མ་གསལ་ཞིང་སྔགས་མ་དག །བསྐྱེད་རིམ་འཕྲོ་འདུ་མ་གསལ་ཞིང་། །ཁས་བླངས་ཐོག་ཏུ་མ་ཁེལ་བ། །ཐུགས་དང་འགལ་བ་ཐམས་ཅད་ནི། །སྤྲོས་མེད་རྣམ་པར་མི་རྟོག་པའི། །ངང་ནས་ཐུགས་རྗེའི་མཐུ་སྟོབས་ཀྱིས། །དབང་ཕྱུག་ཁྱེད་རྣམས་སྤྱན་སྔ་རུ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་ཏྭ་སོགས་ཡིག་བརྒྱ་བཟླའོ། །༈ གང་ཡང་བདག་ཅག་སྙིགས་མའི་སེམས་ཅན་དུ་གྱུར་པས་མཆོད་པའི་ཡོ་བྱད་རྒྱ་ཆེར་མ་ཚོགས་ཏེ། མཆོད་པ་དང་ཡོ་བྱད་ཆུང་ཞིང་ངན་ལ་གཙང་སྦྲ་མི་བྱེད་པ། འབག་བཙོག་དང་། སེར་སྣ་དང་། སྲིས་འཕང་ལ་སོགས་པ་མཆོད་སྦྱིན་མ་དག་པའི་ཉེས་པ་དང་། དྲི་མ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གང་ཡང་བདག་ཅག་

p. 402

ལས་དང་པོ་པའི་སེམས་ཅན་དུ་གྱུར་པས་ཏིང་ངེ་འཛིན་ལ་དབང་མ་ཐོབ་སྟེ། བྱིང་བ་དང་། རྨུགས་པ་དང་། སྒོ་གསུམ་གཡེང་བ་དང་། འཁྲུལ་པས་ཏིང་འཛིན་མ་གསལ་ཏེ། བསྐྱེད་རྫོགས་ཀྱི་ཆོ་ག་ལ་ཇི་སྐད་དུ་གསུངས་པ་ལྟར། ཚིག་ཙམ་ལ་རྔོ་མ་ཐོག་སྟེ། མཆོད་གཏོར་བྱིན་གྱིས་མ་རློབ་པ་སྤྱན་དྲངས་ཤིང་མཆོད་གཏོར་བཟླས་པ་བསྐང་བཤགས་ལ་སོགས་ཀྱི་ཆོ་ག་ལྷག་ཆད་ནོར་འཁྲུལ་ཉམས་ཆག་ཏུ་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཚངས་པར་གསོལ་ཞིང་བརྩེ་བ་ཆེན་པོས་བཞེས་ནས། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་འཕྲལ་གྱི་རྐྱེན་དང་ཡུན་གྱི་སྒྲིབ་པར་མི་འགྱུར་བར་མཛད་དུ་གསོལ། མཐོལ་བཤགས་བཟོད་གསོལ་ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། ༈ བསྐང་བཤགས་བྱེད་ཚེ་ཐུན་མོང་མ་ཡིན་པའི་དམིགས་རིམ་ནི། ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་དང་། ཡི་དམ་

p. 403

བདེ་མཆོག་གི་གནས་གསུམ་ཡི་གེ་གསུམ་ལ། ཨོཾ་བཛྲ་ས་ཏྭ་ཨོཾ། ཨོཾ་བཛྲ་ས་ཏྭ་ཨཱཿ ཨོཾ་བཛྲ་ས་ཏྭ་ཧཱུྃ། དཀར་དམར་མཐིང་གསུམ་གྱིས་བསྐོར་བ་དང་། དེའི་འོད་ཟེར་མགོན་པོ་འཁོར་བཅས་ལ་ཕོག་པས་གྲིབ་དང་མི་གཙང་ཐམས་ཅད་དག །མགོན་པོའི་ཐུགས་ཀ་ནས་བདག་ཅག་དང་བསྲུང་བྱ་ཐམས་ཅད་ལ་ཕོག་པས་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བར་བསྒོམ། ཡང་མགོན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་བས་སྐུ་ལུས་གང་སྟེ་གཞན་གྱི་ཉམས་གྲིབ་ཕོག་པ་ཐམས་ཅད་དག་པར་བསྒོམ། རྒྱས་པར་མཇུག་གི་བཤགས་པ་ཡང་འདིར་སྦྱར་ལ་ཡིག་བརྒྱ་ཡང་བརྗོད། ཞེས་གསུངས་སོ། །དེ་ནས་རང་ལུགས་བདེ་མཆོག་དང་མགོན་པོ་ལྷ་མོ་ཆོས་སྐྱོང་སོགས་ཀྱི་བསྐང་བཤགས་མཐར་ཡིག་བརྒྱའི་གོང་དུ། ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཤྲཱི་ཡ་དཱེ་ཝི་ཀཱ་ལི་ཀ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ཤྲཱི་བཛྲ་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝ་ར། ཨོཾ་བཛྲ་ས་ཏྭ་ས་མ་ཡ་

p. 404

སོགས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། ཚེ་རབས་ཀུན་ནས་རྒྱལ་བས་དབང་བསྐུར་ཅིང་། །ཚེ་རབས་ཀུན་ཏུ་བསྟན་པ་སྲུང་མཛད་པའི། །མགོན་པོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཨ་ཀྲི་ནི། ན་མོ་ཡོ་ཀྲི་ནི། ན་མོ་ཏ་ཀྲི་ནི། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི། ཀི་ཏི་ཙི་ཏི་ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ལན་གསུམ། ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །རྒྱལ་བའི་བསྟན་པ་བསྲུང་བར་དམ་བཅས་པ། །ད་ལྟ་དེང་འདིར་བསྟན་པ་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བར་ཤོག །མགོན་པོ་བེར་ཅན་མཚལ་མ་ནས་སོ། །དྲིན་ཅན་ཟླ་བ་བཟང་པོས་གསུངས་པ་ལྟར་རོ། །

དཔལ་ལྡན་མགོན་པོའི་མདོས་ཀྱི་ཆད་ལྷག་ཁ་བསྐང་། སྐྱེ་མེད་ཞང་ཚལ་པ།

p. 405

དཔལ་ལྡན་མགོན་པོའི་མདོས་ཀྱི་ཆད་ལྷག་ཁ་བསྐང་བཞུགས་སོ། ། ཧཱུྃ། དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། །ཁྱོད་ནི་ནག་པོ་ཆེན་པོ་སྟེ། །དེ་རིང་ཆད་གཅོད་ཁྲིམས་ལ་བྱོན། །ཁྱོད་ལ་མཆོད་པ་འབུལ་བ་ནི། །རིན་ཆེན་གསེར་གྱི་ས་གཞི་ལ། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །གསེར་གྱི་རི་བདུན་རོལ་པའི་མཚོ་དང་ནི། །དགོས་འདོད་

p. 406

ཐམས་ཅད་འབེབ་པ་ཡི། །ཅི་བསམ་ལྷུན་གྲུབ་འབྱུང་བའི་མདོས་དག་གི །བདག་ནི་ཏིང་འཛིན་དད་པ་བསྐྱེད། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། །བདག་ནི་ཉམས་ཆག་བསྐང་གྱུར་ཅིག །ཧཱུྃ། དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །སྲིད་པའི་མདོས་ཀྱིས་ཐུགས་དམ་བསྐང་། །འདིར་བྱོན་མདོས་ཀྱིས་ཐུགས་དམ་བསྐང་། །འདིར་སྤྱོན་མདོས་ཀྱིས་ཆག་ཉམས་སྐོང་། །ཉམས་ཆག་སྐོངས་ལ་བར་ཆད་བཟློག །བྱད་ཁ་དལ་ཁ་དགྲ་ལ་བསྒྱུར། །རིག་འཛིན་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྣལ་འབྱོར་བདག་གི་དགྲ་བླ་ཁྱོད། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ཧཱུྃ། རི་རབ་ལྷུན་པོ་གསེར་འོད་འཕྲོ། །ཤར་གླིང་ཟླུམ་པོ་དུང་འོད་འཕྲོ། །ལྷོ་གླིང་སྔོན་པོ་གཡུ་འོད་འཕྲོ། །ནུབ་གླིང་ཟླ་གམ་དམར་ལ་དྭངས། །

p. 407

བྱང་གླིང་གྲུ་བཞི་གསེར་འོད་འཕྲོ། །གླིང་ཕྲན་བཞི་དང་བརྒྱད་ཀྱིས་བསྐོར། །གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དང་། །རཏྣ་བདུན་དང་རིན་ཆེན་བདུན་རྣམས་དང་། །གཡའ་རི་གངས་རི་འབབ་ཆུ་དང་། །ནགས་ཚལ་འབྲས་དང་མེ་ཏོག་དང་། །བུ་རམ་ཀ་ར་སྦྲང་རྩི་སྨན། །བཟང་དྲུག་ལ་སོགས་སྨན་ངད་ཆི་ལི་ལི། །གྲོ་ནས་ལ་སོགས་འབྲུ་ཡི་ཕུང་པོ་སྤུངས། །དར་ཟབ་ལ་སོགས་ན་བཟའ་བཅལ་དུ་བཀྲམ། །རྔ་ཆེན་ལ་སོགས་སྒྲ་ཆེན་སྣ་ཚོགས་བསྒྲགས། །འདི་ལྟར་ཅི་འདོད་མཆོད་པ་སྤྲིན་ལྟར་གཏིབས། །དམར་ཆེན་ཤ་ཡི་ཚོགས་ནི་རི་ལྟར་སྤུངས། །རཀྟ་དམར་གྱི་ཚོགས་ནི་མཚོ་ལྟར་བསྐྱིལ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །ཧཱུྃ། རི་རབ་ཆེན་པོའི་སྟེང་ཤེད་ནས། །རྣམ་པར་རྒྱལ་བའི་ཁང་བཟང་འདིར། །ཡིད་འོང་བཀྲ་ཡང་འོད་མདངས་ལམས་སེ་ལམ། །

p. 408

བདག་གི་ཏིང་འཛིན་དད་པས་བསྐྱེད། །ཆོས་སྐྱོང་ཁྱོད་ལ་ཕོ་བྲང་འབུལ། །མེ་ཏོག་དཔག་བསམ་ལྗོན་ཤིང་ལ། །ཡལ་ག་ནོར་བུ་རིན་པོ་ཆེ། །འདོད་ཡོན་མཆོད་པ་སི་ལི་ལི། །དཔག་བསམ་ཤིང་གི་དྲ་བ་སི་ལི་ལི། །ལོ་མ་དར་ཟབ་ལྷ་ཡི་གོས། །འབྲས་བུ་ལྷ་ཡི་ཞལ་ཟས་འབྱུང་། །ལོ་འདབ་འདོད་ཡོན་སྣ་ཚོགས་ལ། །ལྷ་ཡི་བུ་དང་བུ་མོ་རོལ། །ཧཱུྃ། བདག་གི་ཏིང་འཛིན་དད་པས་བསྐྱེད། །དངོས་སུ་བཤམས་དང་ཡིད་ཀྱིས་འབུལ། །ཡབ་གཅིག་མགོན་པོ་ཁྱོད་ལ་འབུལ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །ཕོ་ཉ་ཡང་འཁོར་བཅས་པ་རྣམས། །མདོས་ཆེན་འདི་ཡིས་མཉེས་པར་མཛོད། །མཉེས་ནས་བདག་ལ་དངོས་གྲུབ་སྩོལ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །ལན་གཅིག་མདོས་ལ་སྤྱན་གཟིགས་དང་། །རི་རབ་ཁ་ཁྱེར་དང་

p. 409

པོ་ལ། །ལྷ་བྱ་མང་པོ་འཇོལ་ཞིང་ལྡིང་། །ཁ་ནས་སྙན་པའི་གསུང་སྒྲ་སྒྲོགས། །མགོན་པོའི་ཐུགས་དམ་བསྐང་བའི་སྒྲ། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །རི་རབ་བང་རིམ་དང་པོ་ལ། །སེང་གེ་དཀར་མོ་ལ་སོགས་པའི། །གཅན་གཟན་མང་པོས་རྩལ་མཆོང་བྱེད། །ཁ་ནས་རྔམ་པའི་ངར་སྒྲ་སྒྲོགས། །མགོན་པོའི་ཐུགས་དམ་བསྐང་བའི་སྒྲ། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །ཧཱུྃ། རི་རབ་བང་རིམ་བར་མ་ལ། །ཤྭ་བ་རྒོ་གཙོད་ལ་སོགས་པའི། །རི་དྭགས་མང་པོ་རྒྱུག་དང་པྲེངས་སེ་པྲེང་། །ཁ་ནས་སྙན་པའི་སྒྲ་སྒྲོགས་དི་རི་རི། །མགོན་པོའི་ཐུགས་དམ་བསྐང་བའི་སྒྲ། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །ཧཱུྃ། རི་རབ་བང་རིམ་ཐ་མ་ལ། །ཅང་ཤེས་རྟ་ཕོ་ལ་སོགས་པའི། །མི་ནོར་མང་པོ་ཀྱི་ལི་ལི། །གདུག་པའི་སྒྲ་སྙན་དི་རི་རི། །མགོན་པོའི་

p. 410

ཐུགས་དམ་བསྐང་བའི་སྒྲ། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །རི་རབ་གླིང་བཞིའི་ཤར་ཕྱོགས་ན། །ལུག་ནག་དཔྱི་དཀར་འབའ་སྐད་དི་རི་རི། །དབུ་ལ་རྭ་ཁྱེར་ཁྲ་ལ་ལ། །རྒྱབ་ལ་བལ་ཁྱེར་ཡེངས་སེ་ཡེང་། །འབའ་སྐད་ཏིར་ཏིར་མགོན་པོ་དགྱེས། །མགོན་པོ་ནག་པོའི་ཐུགས་དམ་བསྐང་། །རི་རབ་གླིང་བཞིའི་ལྷོ་ཕྱོགས་ན། །རྟ་ནག་མང་པོ་རྒྱུག་དང་པྲེངས་སེ་པྲེང་། །ལྟག་པར་རྔོག་ཁྱེར་ཡོ་ལོ་ལོ། །མཚེར་སྐད་ཙེར་ཙེར་མགོན་པོ་དགྱེས། །མགོན་པོ་ནག་པོའི་ཐུགས་དམ་བསྐང་། །རི་རབ་གླིང་བཞིའི་ནུབ་ཕྱོགས་ན། །ར་ནག་མང་པོ་སྦྲིད་དང་ཤ་ར་ར། །ཞབས་ཀྱི་རྨིག་སྒྲ་ཤ་ར་ར། །གསུང་སྐད་ལམ་ལམ་མགོན་པོ་དགྱེས། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །རི་རབ་གླིང་བཞིའི་བྱང་ཕྱོགས་ན། །ཁྱི་ནག་མང་པོ་རྒྱུག་དང་དྲལ་སེ་དྲལ། །མཆེ་བ་ཙེར་ཙེར་དགྲ་ཤ་ཟ། །

p. 411

ཟུག་སྐད་ཀང་ཀང་མགོན་པོ་དགྱེས། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །རི་རབ་གླིང་ཕྲན་ཤར་ལྷོ་ནས། །མི་ནག་མང་པོ་བྲོ་ཡང་རྡུང་། །རྐང་པས་ཕྱག་འཚལ་རུགས་སེ་རུག །གླུ་ལེན་ཙེར་ཙེར་མགོན་པོ་དགྱེས། །མགོན་པོ་ནག་པོའི་ཐུགས་དམ་བསྐང་། །རི་རབ་ལྷོ་ནུབ་གླིང་ཕྲན་ལ། །མགོན་གཡག་རོག་པོ་ངར་དང་ལྷབས་སེ་ལྷབ། །མགོ་ལ་རྭ་ཁྱེར་ཡེངས་སེ་ཡེང་། །ཞོལ་ཁྱེར་ས་ལ་མེ་རེ་རེ། །ངར་སྐད་ལྷབ་ལྷབ་མགོན་པོ་དགྱེས། །མགོན་པོ་ནག་པོའི་ཐུགས་དམ་བསྐང་། །རི་རབ་གླིང་ཕྲན་ནུབ་བྱང་ན། །རྔ་མོང་མང་པོ་འགེམ་དང་ཡུགས་སེ་ཡུག །གསུང་སྐད་ཁྲོལ་ཁྲོལ་མགོན་པོ་དགྱེས། །མགོན་པོ་ནག་པོའི་ཐུགས་དམ་བསྐང་། །རི་རབ་གླིང་ཕྲན་བྱང་ཤར་ན། །དྲེལ་ནག་མང་པོ་འདུར་དང་ཞུངས་སེ་ཞུང་། །དབུ་ལ་རྣ་མཆོག་རུགས་སེ་རུག །ལྟག་པར་རྔོག་མ་

p. 412

སྤུན་ནེ་སྤུན། །གསུང་སྐད་ཏོང་ཏོང་མགོན་པོ་དགྱེས། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །རི་རབ་ཞོལ་གྱི་ས་གཞི་ལ། །བ་དང་གླང་དང་གླང་པོ་ཆེ། །མི་ནོར་མང་པོ་ཆི་ལི་ལི། །ཆུ་སྲིན་ངང་པ་ངུར་པ་དང་། །ཉ་དང་དུང་དང་མ་ཧེ་དང་། །ཆུ་ལ་གནས་པ་བསམ་མི་ཁྱབ། །བསྐང་ངོ་མགོན་པོའི་ཐུགས་དམ་བསྐང་། །མཐའ་ཡི་ལྕགས་རི་མུ་ཁྱུད་ལ། །ཆས་ལྡན་ངར་མི་བརྒྱ་རྩ་བརྒྱད། །སྐྱེས་པ་ཆས་ལྡན་འཁོར་གསུམ་ཅན། །རྒྱབ་ན་ཕུབ་ཆུང་ལྡེམས་སེ་ལྡེམ། །གླུ་ལེན་གསུང་སྙན་ཧཱུྃ་སྒྲ་ཅན། །རྐང་པས་བྲོ་རྡུང་འཆམ་སྟབས་ཁྲབས་སེ་ཁྲབ། །མགོན་པོ་དགྱེས་སོ་ཐུགས་དམ་བསྐང་། །ཟློག་ཅིག་བན་བྱད་བོན་བྱད་བཟློག །སྒྱུར་ཅིག་དུས་མིན་འཆི་བ་བསྒྱུར། །ཧཱུྃ། རི་རབ་ལྷུན་པོ་ལྡེམས་སེ་ལྡེམ། །གླིང་བཞི་གླིང་ཕྲན་བཀྲག་མདངས་ཡ་ལ་ལ། །གསེར་གྱི་རི་བདུན་ཧྲུགས་སེ་ཧྲུག །རོལ་པའི་

p. 413

མཚོ་བདུན་ཀྱི་ལི་ལི། །ལྕགས་རི་ནག་པོ་སྒ་ར་ར། །བླ་གབ་མཐིང་ནག་དར་གྱི་གདུགས། །སྟེང་དུ་འཁོར་ཞིང་ཀྱི་ལི་ལི། །དར་དང་ཟ་འོག་སྤུ་རུ་རུ། །སྟག་གཟིག་གཡི་སྤྱང་ན་ར་ར། །བལ་ཚོན་ལྷོ་སྤྲིན་ཐིབས་སེ་ཐིབ། །མཛེས་པའི་རྒྱང་བུ་ལྡེམས་སེ་ལྡེམ། །འཕེན་ཀ་གསུམ་ལྡན་ཉོན་མོངས་དུག་གསུམ་སེལ། །རྩེ་ལ་སྣ་ཚོགས་བྱ་སྤུས་བརྒྱན་པ་ནི། །བྱ་རིགས་སྣ་ཚོགས་སྙན་པ་སྒྲོགས་པར་བྱེད། །ཤིང་རིས་འདོད་ཡོན་ཁྲིགས་སེ་ཁྲིག །མཚོན་ཆ་སྣ་ཚོགས་རྩུབ་དང་ཀྱི་ལི་ལི། །དགྲ་བགེགས་ཤ་ཁྲག་དོན་སྙིང་འབུལ། །མདའ་བཀྲ་སྐྱེས་པ་དར་མ་སྟེ། །ཐང་དུ་མདའ་འཕེན་ཤ་ར་ར། །བྲོ་རྡུང་དེ་ནི་ཁྲིགས་སེ་ཁྲིག །འཕང་བཀྲ་མོ་བཙུན་སྒེག་མོ་ནི། །གླུ་ལེན་དེ་ནི་ཀྱུ་རུ་རུ། །བྲོ་རྡུང་དེ་ནི་ཁྲིགས་སེ་ཁྲིག །ནམ་མཁའ་འཇའ་རིས་བཀྲ་དང་ཁྱུགས་སེ་ཁྱུག །མར་མེ་རྣམས་ནི་མཛེས་

p. 414

པས་བརྒྱན་པ་ནི། །མ་རིག་མུན་པ་སེལ་དང་ལམས་སེ་ལམ། །རྩང་ནི་སྲིན་མོ་འདྲ་བའི་འགྲོས། །ཉི་ཤུ་རྩ་བརྒྱད་ཟངས་སེ་ཟང་། །ཤ་ཆེན་པན་དར་ན་ར་ར། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་མཐུན་པའི་རྫས། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །འདོད་ཡོན་མདོས་ལ་སྤྱན་གཟིགས་ན། །བལྟས་ན་མཛེས་པ་བཀྲ་དང་ཡ་ལ་ལ། །བསྣོམ་ན་དྲི་ཞིམ་སྤོས་ཀྱི་དྲི། །ཉན་ན་སྙན་སྒྲ་སི་ལི་ལི། །ཆས་ན་བརྗིད་སྒྲ་ལྷུབས་སེ་ལྷུབ། །ཕུལ་ན་སྤང་བཀྲ་ཡེ་རེ་རེ། །བཟློག་ཅིག་དགྲ་བགེགས་རྐྱེན་དབང་བཟློག །སྒྱུར་ཅིག་ལྟས་ངན་སྣ་ཚོགས་བསྒྱུར། །ལྷ་འདྲེའི་དམག་སྣ་བསྒྱུར་དུ་གསོལ། །ཧཱུྃ། འདོད་ཡོན་ལྔ་ལྡན་མདོས་འབུལ་ན། །ནམ་མཁའ་གང་བའི་མཆོད་སྤྲིན་གྱིས། །བླ་མ་དཀོན་མཆོག་མཉེས་གྱུར་ཅིག །ཡེ་ཤེས་ལྔ་ལྡན་བདུད་རྩི་ཡིས། །ཡི་དམ་ལྷ་ཚོགས་མཉེས་གྱུར་ཅིག །ཤ་ཁྲག་དམར་
གྱི་གཏོར་མ་ཡིས། །ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག །སོ་སོར་མཐུན་པའི་དམ་རྫས་ཀྱིས། །དྲེགས་བྱེད་གདུག་པ་ཞི་གྱུར་ཅིག །འཇིག་རྟེན་འདོད་པའི་ཡོན་ཏན་གྱིས། །ལན་ཆགས་ཤ་འཁོན་བྱང་གྱུར་ཅིག །ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡིས། །རིགས་དྲུག་སྡུག་བསྔལ་ཞི་གྱུར་ཅིག །མགོན་པོའི་མདོས་ཀྱི་ཆད་ལྷག་ཁ་བསྐང་བའི་འཕྱོང་ཞེས་བྱ་འདི། ༧སྐྱེ་མེད་ཞང་ཚལ་པས་མཛད་པ་རྫོགས་སོ།། །།

དགོངས་གསོལ།

p. 415

༈ ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་ཡོངས་སུ་བསྐང་བར་བགྱིའོ། །ཐུགས་དམ་གཉན་པོའི་རྒྱུད་ཡོངས་སུ་བསྐངས་ནས། སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་སོར་ཆུད་པར་མཛད་དུ་གསོལ།

p. 416

དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་གནས་དམ་པ་རྣམས་ཀྱིས་སྲུང་བ་དང་། སྐྱབས་པ་དང་། སྦ་བར་མཛད་དུ་གསོལ། འཇིགས་པ་བརྒྱད་ལ་སོགས་པ་ནད་གདོན་སྡིག་སྒྲིབ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། འབྱོར་པ་དྲུག་ལ་སོགས་པ་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཁམས་གསུམ་སྲིད་གསུམ་སྣང་སྲིད་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོས་བསྒྲལ་ཞིང་ཚར་གཅོད་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐམས་ཅད་དུས་ཕྱི་མ་ལ་ལྟོས་མི་འཚལ་བར་ད་ལྟ་ཉིད་དུ་སྩོལ་བར་མཛད་དུ་གསོལ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་ས་ཐོབ་ནས་འགྲོ་བ་སེམས་

p. 417

ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་མཛད་དུ་གསོལ། མངྒ་ལཾ། དགེའོ།། །།

ཀ་བསྟོད་ཀྱི་བཟློག་བསྒྱུར་ཆེན་མོ།

p. 418
p. 419

ཀ་བསྟོད་ཀྱི་བཟློག་བསྒྱུར་ཆེན་མོ་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧཱུྃ། ཀ་གདུང་གོང་ཤིང་ཆག་པའི་ལྟས་ངན་རྣམས། །ང་ལ་སྔ་དགྲ་བྱས་པ་རྣམས་ལ་བསྒྱུར། །ཁ་ཤས་རྒྱུག་འགྲིམ་ཁ་མཆུ་ནག་པོ་རྣམས། །ང་ལ་ཕྱི་དགྲ་ཤོམ་པ་རྣམས་ལ་བསྒྱུར། །ག་ནས་ལང་བའི་འདྲེ་སྲིན་གདུག་པ་རྣམས། །ང་ལ་ད་དགྲ་བསྡོ་བ་རྣམས་ལ་བསྒྱུར། །ང་བདག་ངར་འཛིན་འབྱུང་པོའི་གནོད་པ་རྣམས། །ང་ལ་གནོད་སེམས་འཆང་བའི་སྟེང་དུ་བསྒྱུར། །ཅ་ཅོ་མི་སྙན་གཏམ་ངན་སྣ་ཚོགས་རྣམས། །ང་ལ་ངན་

p. 420

སེམས་བཟུང་བ་རྣམས་ལ་བསྒྱུར། །ཆ་དང་མཆེ་གཙིགས་གཤིན་ལས་ངན་པ་རྣམས། །ང་ལ་ལྷ་མེད་ཟེར་བའི་སྟེང་དུ་བསྒྱུར། །ཇ་ཆང་འདོད་ཡོན་མི་བྱེད་འགོང་འདྲེ་རྣམས། །ང་ལ་མཐུ་མེད་ཟེར་བའི་སྟེང་དུ་བསྒྱུར། །ཉ་མོ་རྔ་འཛིང་ཀླུ་བདུད་ཆོ་འཕྲུལ་རྣམས། །ང་ལ་བརྙས་བཙུག་བྱེད་པའི་སྟེང་དུ་བསྒྱུར། །ཏ་ལར་ཁུང་བུག་ལྟས་ངན་སུམ་བརྒྱ་རྣམས། །ང་ལ་སྨྲ་ངན་བརྗོད་པ་རྣམས་ལ་བསྒྱུར། །ཐ་སྙད་ལོག་ལྟའི་གཡོ་འཕེན་སྣ་ཚོགས་རྣམས། །ང་ལ་ལོག་ལྟ་བྱེད་པའི་སྟེང་དུ་བསྒྱུར། །ད་ལྟའི་དུས་འཁྲུགས་ནད་མུག་མཚོན་གསུམ་རྣམས། །ང་ལ་ཐད་དུ་ལང་བའི་སྟེང་དུ་བསྒྱུར། །ན་ཚ་སྡུག་བསྔལ་མི་དགེ་སྣ་ཚོགས་རྣམས། །ང་ལ་ཕྱོགས་དགྲ་བྱེད་པ་རྣམས་ལ་བསྒྱུར། །པ་རིའི་མཐུ་བྱེད་ཆག་ཆེ་ཉམ་ང་རྣམས། །ང་ལ་རྦོད་གཏོང་གཏོང་བ་རྣམས་ལ་བསྒྱུར། །ཕ་རོལ་གནོད་སེམས་

p. 421

བསམ་ངན་སྦྱོར་རྩུབ་རྣམས། །ང་ལ་སྦྱོར་བ་རྩུབ་པའི་སྟེང་དུ་བསྒྱུར། །བ་གླང་མགོ་ཅན་ཡེ་འདྲོག་གཏོང་བ་རྣམས། །ང་ལ་ནད་ཡམས་གཏོང་བའི་སྟེང་དུ་བསྒྱུར། །མ་མོ་མཁའ་འགྲོ་འཁྲུགས་པའི་ནད་རིམས་རྣམས། །ང་ལ་ནད་རིམས་གཏོང་བའི་སྟེང་དུ་བསྒྱུར། །རྩྭ་འཇག་གླང་མའི་ལུས་གཏོང་གང་གནོད་རྣམས། །ང་ལ་མི་ཁ་གཏོང་བ་རྣམས་ལ་བསྒྱུར། །ཚ་བའི་རིགས་སོགས་ནད་རིགས་བཞི་བརྒྱ་རྣམས། །ང་ལ་བྲ་མཆུ་གཏོང་བ་རྣམས་ལ་བསྒྱུར། །ཛ་ཁྲམ་འདེབས་དང་ཛོ་དམར་ཐུན་ཟོར་རྣམས། །ང་ལ་རྦོད་གཏོང་གཏོང་བ་རྣམས་ལ་བསྒྱུར། །ཝ་མོ་ནམ་ཕྱེད་བརྒྱལ་བའི་ལྟས་ངན་རྣམས། །ང་ལ་ཞེ་ངན་བྱེད་པ་རྣམས་ལ་བསྒྱུར། །ཞ་ལོང་ལྐུག་ནད་བཙའ་སད་སེར་གསུམ་རྣམས། །ང་ལ་མཐོ་ནོན་བྱེད་པ་རྣམས་ལ་བསྒྱུར། །ཟ་བྱེད་བརྗོད་བྱེད་གདོན་ཆེན་བཅོ་ལྔ་རྣམས། །

p. 422

ང་ལ་ཁ་འཇམ་ཁོང་རྩུབ་བྱེད་ལ་བསྒྱུར། །འ་འུར་སྒྲ་སྒྲོགས་སྡེ་བརྒྱད་དམག་དཔུང་རྣམས། །ང་ལ་དམག་སྣ་སྟོན་པའི་སྟེང་དུ་བསྒྱུར། །ཡ་བྲལ་བར་ཆད་བྱེ་བྲལ་གློ་བུར་རྣམས། །ང་ལ་ཇག་སྣ་སྟོན་པའི་སྟེང་དུ་བསྒྱུར། །ར་ལ་ཞོན་པའི་ཐེའུ་རང་སྤུན་དགུ་རྣམས། །ང་ལ་རྐུན་སྣ་སྟོན་པའི་སྟེང་དུ་བསྒྱུར། །ལ་ལས་འགྲོ་བའི་སྲོག་གཅོད་རྒྱལ་བསེན་རྣམས། །ང་ལ་ཁྲམ་ཁ་སྟོན་པ་རྣམས་ལ་བསྒྱུར། །ཤ་ཟ་ཁྲག་འཐུང་སྲིན་པོའི་དམག་ཚོགས་རྣམས། །ང་ལ་དགྲ་སྣ་སྟོན་པ་རྣམས་ལ་བསྒྱུར། །ས་འོག་ས་བླའི་སྡེ་བརྒྱད་གནོད་པ་རྣམས། །ང་ལ་ཐབས་ཀྱིས་སྨད་པ་རྣམས་ལ་བསྒྱུར། །ཧ་ཧའི་ཞེས་སྒྲོགས་མགོན་པོའི་དམག་ཚོགས་རྣམས། །ང་ལ་གདུག་རྩུབ་གཏོང་བ་རྣམས་ལ་བསྒྱུར། །ཨ་ར་རའི་ཆོ་ངེས་བྲང་བརྡུང་རྣམས། །ང་ལ་རིམས་སྣ་གཏོང་བ་རྣམས་ལ་བསྒྱུར། །ལེ་གུ་ལྷ་ལོག་སྟེང་དུ་བསྒྱུར། །

p. 423

སློབ་མ་དམ་ལོག་སྟེང་དུ་བསྒྱུར། །ཆུང་མ་བྲང་ལོག་སྟེང་དུ་བསྒྱུར། །དོ་ནུབ་བཟློག་བསྒྱུར་དུས་ལ་བབ། །དཀོན་མཆོག་བླ་མའི་བདེན་པ་དང་། །བདེ་མཆོག་འཁོར་ལོའི་བདེན་པ་དང་། །བྱ་རོག་མཚན་ཅན་བདེན་པ་དང་། །བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །བསྒྱུར་བ་བཞིན་དུ་ད་སྒྱུར་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀ་བསྟོད་གྱི་བཟློག་བསྒྱུར་ཆེན་མོ་ཞེས་བྱ་བ། ཧོར་ཟླ་བཅུ་གཅིག་པའི་བཅུ་དགུ་ལ། སྐྱོ་བྲག་བླ་མ་ཀརྨ་ཡེ་ཤེས་ཀྱིས་བསྡེབས་པའོ། །༈ ཧཱུྃ། བདག་ཅག་འཁོར་དང་བཅས་ལ་གནོད་བྱེད་པའི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་བསྒྱུར། །ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམ་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། །མཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་བཟློག །ས་བདག་ཀླུ་ཡིས་བྱད་དུ་བཅུག་པ་དང་། །

p. 424

ཐེའུ་རང་འབྱུང་པོས་སྲི་རྐུན་ཐམས་ཅད༴ གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་། །མུ་སྟེགས་ངན་པས་བར་ཆད་བྱེད་པ་དང་། །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོགས་གཏོང་བ་དང་། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་བཟློག །ཞང་ཞུང་ཛོ་དམར་སུམ་པས་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་རྟ་ཟོར་འཕེན་པ་བཟློག །བན་དེའི་སྔགས་ཟོར་སྐྱེས་པས་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་བཟློག །བདུད་ཀྱི་གཤེད་ཁ་རོ་ལངས་འབྱུང་པོ་དང་། །མཁའ་འགྲོ་རྣམས་ཀྱིས་ཁྲག་ནད་གཏོང་བ༴ མོ་རྩིས་ངན་པ་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་རྩ་བརྒྱད་བཟློག །བཞི་བརྒྱ་རྩ་བཞིའི་མི་ནད་ཕྱུགས་ནད་དང་། །གདོན་རིགས་ཉི་ཁྲི་བརྒྱད་སྟོང་གནོད་པ་བཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་པ། །ཡེ་འདྲོག་ཆེན་པོ་སུམ་བརྒྱ་

p. 425

དྲུག་ཅུ་བཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག །མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་བསྒྱུར། །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་བསྒྱུར། །ཨེ་ཀ་དུ་ན་བཟློག །ས་མ་དུ་ན་བཟློག །ནཱ་ག་དུ་ན་བཟློག །ར་ཙ་དུ་ན་བཟློག །སུ་ཏྲི་རཀྵ་ཟློག །ཙ་ཏུར་སྙིང་ལ་བཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་དགྲ་ལ་བྷྱོ་བྷྱོ་བཟློག །མ་ཧཱ་ཀཱ་ལ་ཧེ་དུན་བྷྱོ། མ་ཧཱ་ཀཱ་ལི་པྲ་མོ་ཧཱ། ནད་གདོན་དགྲ་བགེགས་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག་མ་མ་དུར་སོབ་ནན། སརྦ་དུར་མི་ནི་ཨ་མཾ་ག་ལ་བཟློག་བྷྱོ། དགེའོ།། །།

བསྐང་བཟློག་གདུག་པ་ཚར་གཅོད།

p. 426
p. 427

བསྐང་བཟློག་གདུག་པ་ཚར་གཅོད་བཞུགས་སོ། །ཧཱུྃ། ཆོས་སྐྱོང་མགོན་པོ་འཁོར་བཅས་ལ། །གཞན་ཡང་ཕྲིན་ལས་བཅོལ་བ་ནི། །རྒྱལ་བའི་བསྟན་པ་བཤིགས་པ་དང་། །བླ་མའི་སྐུ་ལ་སྡོ་བ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །བསམ་སྦྱོར་ངན་པ་བྱེད་པ་རྣམས། །གང་ཡིན་ནག་པོ་ཆེན་པོས་སྒྲོལ། །ཧཱུྃ། ལྷ་ཆེན་དཔལ་འབར་མཐུ་མ་ཆུང་། །མ་མོ་མཁའ་འགྲོ་བང་མ་བུལ། །ཕོ་ཉ་ལས་མཁན་རྩལ་མ་ཞན། །དཔལ་འབར་མ་ཧཱ་ཀཱ་ལ་ནི། །ཁྲམ་

p. 428

ཁ་བསྒྱུར་བའི་མཐུ་བོ་ཆེ། །བདུད་ཁ་བསྒྱུར་བའི་ང་རོ་ཆེ། །དོ་ནུབ་བཟློག་བསྒྱུར་དུས་ལ་བབ། །སྲིན་པོའི་ཁྲམ་ཁ་དགྲ་ལ་བསྒྱུར། །ལྷ་འདྲེའི་དམག་སྣ་དགྲ་ལ་དྲོངས། །གཞན་གྱི་བསམ་སྦྱོར་ངན་པ་དང་། །བྱད་མའི་ཕུར་ཁ་བསྟན་པ་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ༴ གཤིན་རྗེས་འཁོར་ལོ་བསྐོར་བ༴ ཀླུ་ཡིས་བྱད་དུ་བཅུག་པ༴ ཐེའུ་རང་སྲི་ལ་རྐུ་བ༴ མུ་སྟེགས་བར་ཆད་བྱེད་པ༴ རྒྱལ་པོའི་སྨྱོ་འབོག་གཏོང་བ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ ལོ་སྐག་ཟླ་སྐག་ཞག་སྐག༴ དྲང་སྲོང་གཟའ་ཡི་ཀིང་ཀང༴ ཞང་ཞུང་ཛོ་དམར་འཕེན་པ༴ སུམ་པས་གླང་ཟོར་འཕེན་པ༴ བནྡེས་གཏད་ཟོར་འཕེན་པ༴ སྔགས་པས་གཏོར་ཟོར་འཕེན་པ༴ བོན་པོས་དབའ་ཟོར་འཕེན་པ༴ སྐྱེས་པས་མདའ་

p. 429

ཟོར་འཕེན་པ༴ བུད་མེད་དམོད་ཟོར་འཕེན་པ༴ གཙུག་གི་གཤེད་བཞི་ཚང་བ༴ མོ་རྩིས་ངན་པ་ཐམས་ཅད༴ ཤ་ཟ་མཁའ་འགྲོས་དམོད་པ༴ རྒྱལ་བསེན་འཚོགས་པའི་བྱད་སྟེམ༴ དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ཐམས་ཅད་རྦོད་གཏོང་སྟེང་དུ་བྷྱོ། །ཐམས་ཅད་གནོད་བྱེད་ཐོག་ཏུ་བྷྱོ། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །ཕྲིན་ལས་དྲག་པོ་མི་བཟད་པ། །སོད་ཅིག་ཐུལ་ཅིག་དགྲ་དང་བགེགས། །དམ་ཉམས་སྡང་དགྲ་གནོད་བྱེད་ལ། །རྟགས་དང་མཚན་མ་མྱུར་དུ་ཕྱུངས། །མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད། །གཏད་དོ་གཉེར་རོ་ཐུགས་དམ་ཅན། །ལེ་ལོའི་གཡེལ་བ་མ་མཛད་པར། །བདག་གི་དཔལ་དང་གྲོགས་མཛོད་ཅིག །བདག་གི་འཁོར་དང་ནོར་ཕྱུགས་ཀུན། །རྟག་ཏུ་བསྲུང་བའི་གཉེར་མཛོད་ཅིག །ཁྱོད་ཐུགས་གསང་བ་དམ་

p. 430

པའི་མཛོད། །དགྱེས་པའི་ཚེ་ཡི་སྒོ་ཕྱེས་ལ། །དངོས་གྲུབ་ཕྲིན་ལས་བདུད་རྩི་ཡི། །རྒྱུན་གྱིས་བདག་རྒྱུད་གང་བར་མཛོད། །ཧཱུྃ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །གཉན་གྱི་བྱད་སྟེམ་ཕུར་ཁ་བཟློག །དྲི་ཟས་ཁྱོས་བྱེད་འཚུབ་པ་བཟློག །མ་མོས་ཁྲག་ཟོར་བལ་ཡམས་བཟློག །རྒྱལ་པོས་སྨྱོ་འབོག་བཏང་བ༴ གཤིན་རྗེས་འཁོར་ལོ་བསྐོར་བ༴ སྲིན་པོའི་ཤེད་ཁ་སྟོན་པ༴ ཀླུ་ཡིས་བྱད་དུ་བཅུག་པ༴ བདུད་ཀྱིས་ཁྲམ་ལ་བཏབ་པ༴ བཙན་གྱིས་ཞགས་པ་འཕེན་པ༴ གནོད་སྦྱིན་རྩིས་ལ་འདེབས་པ༴ འབྱུང་པོས་ཐོད་ཟོར་འཕེན་པ༴ མཚེ་ཟོར་ཉུང་ཟོར་འཕེན་པ༴ མུ་སྟེགས་སྔགས་རྒོད་འཕེན་པ༴ མ་མོའི་ངན་སྔགས་བྱེད་པ༴ རྒྱལ་སྲིན་བར་ཆད་བྱེད་པ་བཟློག །ཐེའུ་རང་ཚེ་ལ་རྐུ་བ༴ ཕ་མྱེས་འཚོགས་པའི་འདྲེ་ཐན༴ ཞང་ཞུང་ཛོ་དམར་འཕེན་པ༴ སུམ་པས་གླང་ཟོར་འཕེན་པ༴ འགོང་པོས་

p. 431

འགོང་འདྲེ་བྱེད་པ༴ བསེ་རག་སྲི་ལ་རྐུ་བ༴ བནྡེས་སྔགས་ཟོར་འཕེན་པ༴ སྐྱེས་པས་མདའ་ཟོར་འཕེན་པ༴ བུད་མེད་དམོད་ཟོར་འཕེན་པ༴ མཐུ་སྒྲུབ་བྱད་སྟེམས་ཐམས་ཅད༴ ནད་རིགས་བཞི་བརྒྱ་རྩ་བཞི༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གློ་བུར་བརྒྱད་ཅུ་རྩ་གཅིག༴ ལྟས་ངན་བརྒྱ་དང་བརྒྱད་ཅུ༴ རྨིས་ལྟས་མཚན་ལྟས་ངན་པ༴ ལོ་སྐག་དུས་སྐག་མཆིས་པ༴ དུས་ཀྱི་གཤེད་བཞི་ཚང་བ༴ ཐམས་ཅད་སྡང་བའི་དགྲ་ལ༴ ཐམས་ཅད་གནོད་པའི་བགེགས་ལ་བྷྱོ། །ཐམས་ཅད་བྱད་མའི་ཐོག་ཏུ་བྷྱོ། །ཕུར་ཁ་ཟོར་ཁ་ཐམས་ཅད་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །ཟློག་ཟློག་བྱད་མའི་ཐོག་ཏུ་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་དང་བཅས། །ཁྱོད་ཀྱི་ཐུགས་དམ་བདག་གིས་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དལ་ཁ་ཟློག་ལ་ཡམས་ཁ་སྒྱུར། །ཕོ་

p. 432

བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །བདུད་ཁ་བཟློག་ལ་ཁྲམ་ཁ་སྒྱུར། །ཆགས་ཆེན་ཉམ་ང་བཟློག་ཏུ་གསོལ། །ཡས་ཀྱི་བདུད་གཡོས་བཟློག་ཏུ་གསོལ། །མས་ཀྱི་སྲི་ལངས༴ ལྷ་ཡི་ཆད་པ་བཟློག་ཏུ་གསོལ། །ཀླུ་ཡི་གདུག་པ་བཟློག་ཏུ་གསོལ། །བཙན་གྱི་སྦྱོར་བ་ངན་པ་བཟློག་ཏུ་གསོལ། །ཕོ་བརྒྱས་གཡས་ནས་མདའ་བདར་བཟློག །མོ་བརྒྱས་གཡོན་ནས་དུག་སྤྱོད་བཟློག །སྡང་དགྲ་ངན་པ་ཐམས་ཅད་བཟློག །བོན་གྱི་ལྟ་སྤྱོད་ངན་པ༴ འགྲོ་ན་ལ་ཉེ་ངན་པ༴ ཉལ་ན་རྨི་ལམ་ངན་པ༴ ཟོས་ན་ཟས་ངན་ཐམས་ཅད༴ འགྲོ་ན་འགྲོ་ཕྱོགས་ངན་པ༴ བནྡེ་ཉམས་པའི་སྔགས་ཟོར་བཟློག །བོན་པོ་ཉམས་པའི་རྦོད་ཟོར་བཟློག །འབངས་མོ་ཉམས་པའི་ཐལ་ཟོར་བཟློག །སྐྱེ་བོ་ཉམས་པའི་མདའ་ཟོར༴ ཉམས་པ་ཀུན་གྱི་བྷྱོ་

p. 433

ཟོར་བཟློག །ཡུངས་ཐུན་རྦབ་ལྟར་འདྲིལ་བ་བཟློག །ཁྲག་ཟོར་གློག་ལྟར་འཁྱུག་པ་བཟློག །འཁོར་ལོའི་རྩིབས་ལ་བསྐྱོན་པ༴ གསང་བའི་མདོས་སྒྲུབ་བྱེད་པ༴ ས་བདག་ཀླུ་ཡི་གཏད་ཁྲམ་བཟློག །དྲག་པོའི་ཧོམ་ནག་བསྐོར་བ་བཟློག །ཕུར་ཁ་ཟོར་ཁ་ངན་པ༴ ཡས་ཀྱི་བདུད་གཡོས་ཁྱོད་ཀྱིས༴ མས་ཀྱི་སྲི་ལངས་ཁྱོད་ཀྱིས༴ ཕ་མཚན་རྒྱབ་འདྲེ་ཁྱོད་ཀྱིས༴ ཕུ་ནུའི་སྟོང་འབོག་ཁྱོད་ཀྱིས༴ བྱོལ་སོང་ལོ་སྐག་ཁྱོད་ཀྱིས༴ ཟླ་སྐག་ངན་པ་ཁྱོད་ཀྱིས༴ ཞག་སྐག་ངན་པ་ཁྱོད་ཀྱིས༴ བོན་པོའི་བོན་ཟོར་ཁྱོད་ཀྱིས༴ རྒྱ་གར་ངན་སྔགས་ཁྱོད་ཀྱིས༴ མུ་སྟེགས་རུ་མཐུན་ཁྱོད་ཀྱིས༴ མར་པའི་ཕྲ་མན་ཁྱོད་ཀྱིས༴ སུམ་པའི་གླང་ཟོར་ཁྱོད་ཀྱིས༴ ཞང་ཞུང་ཛོ་དམར་གཏོར་མས༴ གིང་གི་མདའ་ཟོར་གཏོར་མས༴ གཤིན་རྗེའི་ཁྲམ་ཁ་གཏོར་མས༴ བདུད་ཀྱི་དལ་ཁ་གཏོར་མས༴ ཕུར་པའི་

p. 434

དབལ་ཁ་གཏོར་མས༴ འབང་མོའི་རྨིས་ལྟས་གཏོར་མས༴ རྒྱལ་པོའི་བཀའ་ཆད་གཏོར་མས༴ བྲ་སོགས་ངན་པ་གཏོར་མས༴ ཕ་རོལ་གཏོར་ཟོར་འཕེན་པ༴ ཁྲག་ཟོར་འཕེན་པ་སླར་ལ་བཟློག །ཐོད་ཟོར་འཕེན་པ་སླར་ལ་བཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གློ་བུར་བརྒྱ་དང་བརྒྱད་ཅུ༴ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །ཟློག་ཟློག་གནོད་པའི་བགེགས་ལ་བཟློག །སྡང་དགྲ་གནོད་བྱེད་ཐོག་ཏུ་བཟློག །ཧཱུྃ་བྷྱོ། དཔལ་ལྡན་ལྷ་མོ་རེ་མ་ཏི། །ནམ་མཁའི་ཆོ་འཕྲུལ་སྐག་བསྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་ཀྱི་དལ་ཁ་བཅད་ལ་རེ། །གློ་བུར་ཡེ་འདྲོག་ཤོར་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །བྷྱོ། གསོད་བྱེད་མ་མོ་བཅུ་གཉིས་དང་། །ཕྱི་ནང་ཆོས་སྐྱོང་སྲུང་མའི་ཚོགས། །བཀའ་ཡི་གཏོར་

p. 435

མ་འདི་ལོངས་ལ། །བརྒྱན་གྱི་གཏོར་མ་འདི་བཞེས་ཤིག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྒོ་ཕྱེས་འབྱུང་པོ་དལ་ལ་རེ། །ཡེ་འདྲོག་གློ་བུར་ཤོར་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར། །ཤྭ་ཕོ་རུ་འཛིང་དྲི་ཟའི་ཐན། །དྲི་ཟའི་འདྲེ་ཐན་གཏོར་མས༴ ཐོ་རངས་ཁྱི་ངུ་སྲིན་པོའི་ཐན། །སྲིན་པོའི་འདྲེ་ཐན་གཏོར་མས༴ སྦྲུལ་ནག་བྱི་ཟན་ཀླུ་ཡི་ཐན། །ཀླུ་ཡི་འདྲེ་ཐན་གཏོར་མས་བཟློག །ནམ་ཕྱེད་འཛོ་ངུར་གནོད་སྦྱིན་ཐན། །གནོད་སྦྱིན་འདྲེ་ཐན་གཏོར༴ སྦྲུལ་ནག་མགོ་དཀར་བདུད་ཀྱི་ཐན། །བདུད་ཀྱི་འདྲེ་ཐན་གཏོར་མས༴ སྲོད་ལ་བྱ་གྲགས་དམུ་ཡི་ཐན། །དམུ་ཡི་འདྲེ་ཐན༴ རྟ་ཕོ་རྡོག་སྡེབ་གྲུལ་བུམ་ཐན། །གྲུལ་བུམ་འདྲེ་ཐན༴ བླ་ཐན་ནག་པོ་བཙན་གྱི་ཐན། །བཙན་གྱི་འདྲེ་ཐན༴ བྱི་བ་མཁུན་པ་ས་བདག་ཐན། །ས་བདག་

p. 436

འདྲེ་ཐན༴ ཁང་པ་འཚག་པ་འགོང་པོའི་ཐན། །འགོང་པོའི་འདྲེ་ཐན༴ འུག་པ་རྒོད་པ་སྲིན་པོའི་ཐན། །སྲིན་པོའི་འདྲེ་ཐན༴ ཡས་ཀྱི་བདུད་གཡོས་གཏོར༴ མས་ཀྱི་སྲི་ལངས་གཏོར༴ ཐད་ཀྱི་བཙན་འདྲེ་གཏོར༴ ཕ་ཚན་རྒྱབ་འདྲེ༴ ཕུ་ནུའི་སྟོང་འདྲེ༴ བྱོལ་སོང་ལོ་ཀག༴ ཟླ་ཀག་ངན་པ༴ ཞག་ཀག་ངན་པ༴ རྨི་ལམ་ངན་པ༴ མཚན་ལྟས་ངན་པ༴ ལྟ་ལོག་ངན་པ༴ ཆོས་ཀྱི་ཆོས་ཟོར༴ བོན་གྱི་བོན་ཟོར༴ རྒྱ་གར་ངན་སྔགས༴ མུ་སྟེགས་རུ་མཐུན༴ མར་པའི་ཕྲ་མན༴ སུམ་པའི་གླང་ཟོར༴ ཞང་ཞུང་ཛོ་དམར༴ གིང་གི་མདའ་ཟོར༴ མ་མོའི་ཐུན་ཟོར༴ གཤིན་རྗེའི་ཁྲམ་ཁ༴ བདུད་ཀྱི་དལ་ཁ༴ ཕུར་པའི་དབལ་ཁ༴ འབངས་མོའི་རྨི་ལྟས༴ རྒྱལ་པོའི་བཀའ་ཆད༴ བྲ་སོགས་ངན་པ༴ ཕ་རོལ་དམ་ཉམས་གང་ཡིན་ཀྱང་། །གཏོར་ཟོར་འཕེན་པ་སླར་ལ་བཟློག །ཐུན་ཟོར་འཕེན་པ༴ དུག་ཟོར་འཕེན་པ༴ རྡོ་ཟོར་

p. 437

འཕེན་པ༴ ལྷ་འདྲེའི་རྦོད་གཏོང་གཏོར་མས༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག །མོ་ངན་རྨིས་ལྟས་ངན་པ་ཐམས་ཅད་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །ཧཱུྃ་བྷཀྵ་ཡ་བྷཀྵ་ཡ། ལོ་ཀག་བྷཀྵ་ཡ། ཧ་ས་ཐུན། ཧ་ས་ཐུན། སརྦ་ཟློག་ཟློག་གནོད་པར་བྱེད་པ་ཐུཾ་རིལ་རྦད། སྡང་དགྲ་གནོད་བྱེད་ཀྱི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛ་ཛཿ ནྲྀ་ཐུཾ་རིལ་རྦད་ཙིཏྟ་ཁ་རག་ཛ་ཛཿ ཙིཏྟ་ལ་ཐུཾ་རིལ་རྦད། ནྲི་ཤག་རྦད། དགྲ་བོའི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར། སྲོག་ལ་ཡ་ཡ། སྙིང་ལ་ཡ་ཡ། རུ་རུ་རྩ་ལ་ཡ་ཡ། མ་ཧཱ་ཀཱ་ལ་བྷྱོ། མ་ཧཱ་ཀཱ་ལ་ཡ་ཏྲག་རུ་ཏྲ་མཱ་ར་ཡ། སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད་སྲོག་རྩ་ཆོད་ཆོད། ཐུཾ་རིལ་རྦད། ལྷ་དང་ཕྱེས། ལྷ་དང་ཕྲོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེས། མ་མ་རུ་ཏྲ་མཱ་ར་ཡ་ཛ་ཛཿ ཤེལ་གཉེར་ཅིག་

p. 438

དྲིལ་ཅིག །དགྲ་བགེགས་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག་ལས་ཀྱི་རྒྱཿ སློབ་དཔོན་པདྨས་མི་མཐུན་པའི་ཕྱོགས་ཐམས་ཅད་བསལ་ཕྱིར་བསྐང་བཟློག་མཛད་པ་འདི་སྣོད་མིན་དམ་ཉམས་རྣམས་ལ་སྤེལ་བར་མི་བྱའོ། །ས་མ་ཡ། རྒྱ་རྒྱ་རྒྱ༔ མངྒ་ལཾ། །དགེའོ།། །། ༈ རང་ཡེ་ཤེས་མགོན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ནག་ལ་རྩུབ་པ་འཕྲོས་པས། ལས་མགོན་བརྒྱད། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། བཀའི་ལྷ་མ་སྲིན་སྡེ་བརྒྱད་ལ་ཕོག་པས། དེ་རྣམས་ཁྲོས་འཁྲུགས་ནས་དགྲ་བགེགས་གནོད་བྱེད་ཐམས་ཅད་བཀུག་ནས་འཁོར་ལོ་ལ་བརྒྱབས་པས་གྲི་གུག་གཡོན་དུ་འཁོར། རལ་གྲི་གཡས་སུ་འཁོར། ཁ་ཊྭཱཾ་གཡོན་དུ་འཁོར། མཚོན་ཆ་སྣ་ཚོགས་གཡས་སུ་འཁོར། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་དང་བཅས་པ་དམར་ཐ་ར་ར་སོང་ནས་ལྷག་མ་རྡུལ་ཕྲན་ཙམ་ཡང་མེད་པར་བསམ། སླར་

p. 439

གཞན་ཡང་རྦོད་གཏོང་དང་། བྱད་ཁ་ཁྲམ་ཁ་མཐུ་ནུས་པ་ཐམས་ཅད་ཁོ་རང་ལ་བཟློག་པར་བསམ། ངག་འདོན་བཟློག་སྔགས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དྷེ་ཝི་ཀ་ཁ་མུ་ཁ་པ་ར་བི་དན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། གྱེར་རྩེ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་ཟློག་ཟློག །དུན་ཚེ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་ཟློག་ཟློག །ཏིར་ཏི་ཀ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་ཟློག་ཟློག །མ་མ་རཀྴ་ཟློག་ཟློག །ཡ་མ་རཀྴ་ཟློག་ཟློག །ཀཱི་ལ་ཡ་དུན་ཏི་ཟློག་ཟློག །ཡཀྴ་རཀྴ་ཟློག་ཟློག །ཙན་དྷ་རཀྴ་ཟློག་ཟློག །ན་ག་རཀྴ་ཟློག་ཟློག །དྷེ་ཝ་རུ་ཏི་ཟློག་ཟློག །ཙ་ཏུར་པྲ་མ་ཟློག་ཟློག །རྣ་ཐ་རྒ་ཤ་ཟློག་ཟློག །མ་ཧཱ་རཀྴ་དུན་ཏྲི་ཟློག་ཟློག །ཧྲི་ཏྲིང་རཀྴ་ཟློག །བྷུ་ཏ་པ་རིས་ཁྲཾ་ཁ་ཐམས་ཅད་ཟློག་ཟློག །དྷེ་ཝ་རུ་ཏྲ་ཙ་ནི། ཨེ་ཀ་ཙ་ཏི། ར་ཙ་དུ་ན། ཡ་མ་ར་ཙ། ཏྲིའུ་ཏྲིའུ། ནཱ་ག་པ་ལ་བྱད་མ་དམ་ཉམས་ཨ་

p. 440

ཀརྵ་ཡ་ཛ་ཛཿ བདེན་སྟོབས་ཐལ་བརྡེབ། བྱང་བུ་སོ་གཅིག་ཚན། བཟློག་སྔགས། མཁའ་འགྲོ་ཆོས་སྐྱོང་འབར་བའི་སོགས་ནས་དབྱིངས་སུ་སྒྲོལ། ཧེ་རུ་ཀའི་ཡིག་བརྒྱ། གསང་བའི་གསོལ་འདེབས། བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟས་མཆོད། འཇིགས་མཛད་དཔའ་བོ་སོགས་ཤོ་ལོ་ཀ་གསུམ་གྱིས་བསྟོད། གཏོར་ཟློག་སྐབས་འཁོར་མང་བསྟོད་པ་བཀའ་བསྒོ། གདོང་ལྔ་སྐབས། ཐུན་གཏོར་ལ་འགུགས་གཞུག །བཞི་སྙིང་། སྤར་བ། བྱིན་རླབས་ཁཱ་ཧི་སོགས་གཏོར་བསད་སྐབས་ལྟར་བྱས་ཏེ་བསིལ་ཚལ་མས་ཕུལ་མཐར་བཀའ་བསྒོ། མཆན་བུའོ།།

དཔལ་མགོན་པོ་ཆེན་པོའི་བཟློག་པའི་སྔགས་བྱང་མན་ངག་ཏུ་བཀོལ་བ།

p. 441

༓དཔལ་མགོན་པོ་ཆེན་པོའི་བཟློག་པའི་སྔགས་བྱང་མན་ངག་ཏུ་བཀོལ་བ་བཞུགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཙཀྲ་མ་ཧཱ་ཀཱ་ལ་ཡ༴ ཨོཾ་རཏྣ་མ་ཧཱ་ཀཱ་ལ་ཡ། ཨོཾ་པདྨ་མ་ཧཱ་ཀཱ་ལ་ཡ། ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཡ་གུ་ཎ་ཧྲི་ཏ་ཟློག་ཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གྷ་ན་པ་ཏི་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཟློག་ཟློག་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྵད་ཛཿ སོགས་འགྲེས་སོ། །སུ་ཏྲི་ཡ་མ་དུ་ཛཿ ཧ་ཧ་ཧཱུྃ་ཧཱུྃ་ཀི་ལི་ཀི་ལི། ཕེཾ་ཕེཾ་ཕཊ་ཕཊ། ཀྲཾ་ཀྲཾ་ཀྲཾ། ཏྲཾ་ཀྵིཾ་ཤྲཱིཾ། ཀ་ཧ་ཀ་ཧ། ཧྲིཾ་ཧྲིཾ་ཀྲིཾ། པ་ཙ་

p. 442

པ་ཙ། ཧ་ཧ་ཊ་ཊ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཧ་ཧ་ཧ་ཧ། ཧྲིཾ་ཧྲིཾ་ཀྲིཾ། ཏྲཾ་ཏྲཾ་ཧཱུྃ། རཾ་རཾ་དྷཾ། རུ་རུ་རུ། ཀྵ་ཀྵ་ཀྵཾ། ཁཾ་ཁཾ་ཁཾ། རྔཾ་རྔཾ་རྔཾ། དེཾ་དེཾ་དེཾ། ཀྵིཾ་ཀྵིཾ་ཀྵིཾ། ཀཾ་ཀཾ་ཀཾ །ཙཾ་ཙཾ་ཙཾ། ཡཾ་ཡཾ་ཡཾ། སཾ་སཾ་སཾ། ཕེཾ་ཕེཾ་ཕཊ། བྷཾ་བྷཾ་བྷཾ། བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཀྵོཾ་ཀྵོཾ་ཀྵོཾ། ཀྲུཾ་ཀྲུཾ་ཀྲུཾ། པཾ་པཾ་པཾ། ཛ་ཛ་ཆོཾ་ཟློག་ཟློག །བྷྱོ་བྷྱོ། རྦད་ཆོཾ་ཟློག་ཟློག་བྷྱོ་བྷྱོ།

མགོན་པོ་ཕྱག་བཞི་པའི་ལས་འགྲིགས་མུ་མཐུད།

p. 443

ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཆྒཻ་མོ་དགྲ་བགེགས་བྱད་མ་ཟློག་ཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཙཀྲ་མ་ཧཱ་ཀཱ་ལ་ཡ་ཆྒཻ་མོ་ཟློག་ཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། འགྲེས་སོ། །ཨོཾ་རཏྣ་མ་ཧཱ་ཀཱ་ལ་ཆྒཻ་མོ༴ ཨོཾ་པདྨ་མ་ཧཱ་ཀཱ་ལ༴ ཨོཾ་ཀརྨ་མ་ཧཱ་ཀཱ་ལ༴ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་༴ ཨོཾ་མ་ཧཱ་ཀཱ་ལ་ག་ན་ཏི༴ ཨོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛ་ཆྒཻ་མོ་ཟློག་ཟློག་བྷྱོ་བྷྱོ། འདི་མན་ལ་བྷྱོ་སྦྱར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཧ་ཧ་ཧཱུྃ་ཧཱུྃ་ཀི་ལི་ཀི་ལི་དགྲ་བགེགས་བྱད་མ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཕེཾ་ཕེཾ་ཕཊ་ཕཊ༴ ཨོཾ་མ་ཧཱ་ཀཱ་ལ་ཀྲཾ་ཀྲཾ་ཀྲཾ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཾ་ཀྵིཾ་ཤུ་ཀ་ཧ་ཀ་ཧ༴ ཨོཾ་མ་ཧཱ་ཀཱ་ལ་ཧྲིཾ་ཧྲིཾ་ཀྲིཾ༴ ཨོཾ་མ་ཧཱ་ཀཱ་ལ་པ་ཙ་པ་ཙ་ཧཱུྃ་ཧཱུྃ༴ ཨོཾ་མ་ཧཱ་ཀཱ་ལ་ཧ་ཧ་ཕཊ་ཕཊ་ཧ་ཧ༴ ཨོཾ་མ་ཧཱ་ཀཱ་ལ་རཾ་རཾ་རཾ༴ ཨོཾ་མ་ཧཱ་ཀཱ་ལ་ཀྵཾ་ཀྵཾ་ཀྵཾ༴ ཨོཾ་མ་ཧཱ་ཀཱ་ལ་ཁཾ་ཁཾ་ཁཾ༴ ཨོཾ་མ་ཧཱ་ཀཱ་ལ་རྔཾ་རྔཾ་རྔཾ༴ ཨོཾ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵིཾ་ཀྵིཾ༴ ཨོཾ་མ་ཧཱ་ཀཱ་ལ་ཀཾ་ཀཾ་ཀཾ་དགྲ་བགེགས་བྱད་མ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་

p. 444

ལ་ཙཾ་ཙཾ་ཙཾ༴ ཨོཾ་མ་ཧཱ་ཀཱ་ལ་ཡཾ་ཡཾ་ཡཾ༴ ཨོཾ་མ་ཧཱ་ཀཱ་ལ་སཾ་སཾ་སཾ༴ ཨོཾ་མ་ཧཱ་ཀཱ་ལ་ཕེཾ་ཕེཾ་ཕཊ༴ ཨོཾ་མ་ཧཱ་ཀཱ་ལ་བཾ་བཾ་བཾ༴ ཨོཾ་མ་ཧཱ་ཀཱ་ལ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༴ ཨོཾ་མ་ཧཱ་ཀཱ་ལ་ཀྵོཾ་ཀྵོཾ་ཀྵོཾ༴ ཨོཾ་མ་ཧཱ་ཀཱ་ལ་ཀླཾ་ཀླཾ་ཀླཾ༴ ཨོཾ་མ་ཧཱ་ཀཱ་ལ་ཧྲི་ཛ་པཾ་པཾ་པཾ༴ ཨོཾ་མ་ཧཱ་ཀཱ་ལ་ཡོ་གི་ཤྭ་རི་རྦད་རྦད་དགྲ་བགེགས་བྱད་མ་ཟློག་ཟློག་བྷྱོ་བྷྱོ། ཞེས་ཐུན་རེ་རེ་ལ་ལན་ལྔ་ལྔས་བསྐུལ་ཞིང་བཟློག་པ་བྱ་གསུངས།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསོལ་ཁ་ཀུན་བཟང་མཆོད་སྤྲིན།

p. 445

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསོལ་ཁ་ཀུན་བཟང་མཆོད་སྤྲིན་བཞུགས་སོ། །

p. 446

ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། །རྃ་ལས་མེ་དང་ཀྃ་ལས་ནི། །མི་མགོ་གསུམ་གྱི་སྒྱེད་པུའི་སྟེང་། །ཨ་ལས་ཡེ་ཤེས་ཀ་པཱ་ལ། །ཤ་ལྔ་བདུད་རྩི་ལྔ་པོ་དང་། །བདུད་དགྲའི་ཤ་རུས་སྤུངས་པ་ལ། །ཨོཾ་ཨཱཿཧཱུྃ་ལག་པ་གཡོན་གཡས་གཉིས་ཀ་བསྟན། ལན་གསུམ་བརྗོད། གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྗགས། །འོད་ཀྱི་སྦུ་གུས་བདུད་རྩི་རྣམས། །དྲངས་ཤིང་གསོལ་བས་མཉེས་

p. 447

པར་གྱུར། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་སཾ་བྷ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡབ་ཡུམ་འཁོར་ལོ་ལྔའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པཉྩི། མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡ་ཡ། ཨ་པ་ཀཱ་རི་ཎི། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་ཧྞ་གྲྀ་ཧྞ། བྷིནྡྷ་བྷིནྡྷ། ཧ་ན་ཧ་

p. 448

ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ལན་གསུམ་མམ་ལྔ་ཡིས་གཏོར་མ་འབུལ་ཏེ། ཧཱུྃ། འཇིགས་མཛད་དཔའ་བོ་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་པའི་མདོག །ལྷན་ཅིག་སྐྱེས་པའི་རང་བཞིན་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འཁོར་ལོ་སྡོམ་པ་ཡི། །ཐུགས་ལས་སྤྲུལ་པའི་ནག་པོ་ཆེ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །དྲག་པོའི་ཕྲིན་ལས་མཛད་ལ་འདུད། །ཧཱུྃ། ཆོས་སྐྱོང་མགོན་པོ་ནག་པོ་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་མངའ་གསོལ་བས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ༴ དཀོན་མཆོག་གསུམ་གྱིས༴ ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །དེ་བཞིན༴ ཆོས་སྐྱོང༴ རིགས་གསུམ་མགོན་པོས༴ ཞལ་གྱི་མདངས་

p. 449

བཞད་གསུམ་དང་ལྡན། །དེ་བཞིན༴ ཆོས་སྐྱོང༴ རིགས་གསུམ་ཁྲོ་བོས༴ ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །ཆོས་སྐྱོང༴ དྲང་སྲོང་རྣམས་ཀྱིས༴ སྐུ་ཡི་ཆ་ལུགས་གསུམ་དང་ལྡན། །ཆོས་སྐྱོང༴ ནོར་ལྷ་མགོན་པོས༴ ཕྱག་གཡས་དང་པོས་ཤིང་ཐོག་བསྣམས། །ཆོས་སྐྱོང༴ དཔའ་བོ་གིང་གིས༴ གཡས་འོག་གཅོད་པའི་རལ་གྲི་བསྣམས། །ཆོས་སྐྱོང༴ མ་མོ་རྣམས༴ གཡོན་པས་བྷནྡྷ་ཁྲག་ཆེན་གསོལ། །ཆོས་སྐྱོང༴ དབང་ཕྱུག་ཆེན་པོས༴ གཡོན་འོག་ཁ་ཊྭཱཾ་རྩེ་གསུམ་བསྣམས། །ཆོས་སྐྱོང༴ ཁྲོ་རྒྱལ་རྣམས་ཀྱིས་མངའ་གསོལ་བས། །གསུས་ཁྱིམ་ཆེ་ལ་ཐུར་དུ་འཕྱངས། །ཆོས་སྐྱོང༴ ལྷ་མོ་ཨུ་མས༴ པདྨ་ཉི་མའི་གདན་ལ་བཞུགས། །ཆོས་སྐྱོང༴ མཁའ་འགྲོ་རྣམས་ཀྱིས༴ མི་རོ་བམ་གྱི་གདན་ལ་བཞུགས། །ཆོས་སྐྱོང༴ ཞིང་སྐྱོང་རྣམས་ཀྱིས༴ མི་མགོ་རློན་པའི་དོ་ཤལ་བྱས། །དེ་

p. 450

བཞིན༴ ཆོས་སྐྱོང༴ ལྷ་ཆེན་བརྒྱད་ཀྱིས༴ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཆོས་སྐྱོང༴ ཀླུ་ཆེན་བརྒྱད་ཀྱིས༴ ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །ཆོས་སྐྱོང༴ གཟའ་ཆེན་བརྒྱད་ཀྱིས༴ སྨ་ར་སེར་པོ་མེ་ལྟར་འབར། །ཆོས་སྐྱོང༴ རྒྱུ་སྐར་རྣམས་ཀྱིས༴ སྐུ་སྨད་སྨེ་བའི་ཐིག་ལེས་བརྒྱན། །ཆོས་སྐྱོང༴ གནོད་སྦྱིན་རྣམས་ཀྱིས༴ རིན་ཆེན་འབར་བའི་དབུ་བརྒྱན་ཅན། །ཆོས་སྐྱོང༴ ས་བདག་རྣམས་ཀྱིས༴ སྦྲུལ་ནག་འབར་བས་སྐུ་རགས་བྱས། །ཆོས་སྐྱོང༴ སྲིན་པོ་རྣམས་ཀྱིས༴ ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཆོས་སྐྱོང༴ གཅན་གཟན་རྣམས་ཀྱིས༴ དཔའ་བོ་སྟག་གི་ཤམ་ཐབས་གསོལ། །ཆོས་སྐྱོང༴ དམན་མོ་རྣམས་ཀྱིས༴ དྲིལ་བུ་གཡེར་ཁའི་སྒྲ་སྒྲོགས་པ། །ཆོས་སྐྱོང༴ གཤིན་རྗེ་རྣམས་ཀྱིས༴ མེ་དཔུང་འབར་བའི་ནང་ན་བཞུགས། །ཆོས་སྐྱོང༴ ལྷ་རྣམས་ཀུན་གྱིས༴ འདོད་པའི་

p. 451

ལོངས་སྤྱོད་བསམ་མི་ཁྱབ། །ཆོས་སྐྱོང༴ སྒྲུབ་པ་པོ་ཡིས༴ ནག་པོ་འཇིགས་བྱེད་སྲོག་གི་བདག །ཆོས་སྐྱོང༴ རྣལ་འབྱོར་བདག་གིས་མངའ་གསོལ་བས། །ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད། །ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ན་འཛིན། །དམིགས་པའི་ནང་ཁྲོལ་འགྲད་ཅིང་ཟ། །དེ་ཡི་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་བཏོག་ཅིང་འཆའ། །ཁྱོད་ལ་མཆོད་ཅིང་མངའ་གསོལ་ལོ། །ཧཱུྃ། ཁྱོད་ཀྱི་དགྱེས་བསྐྱེད་ཡུམ་གསུམ་ལེགས་ལྡན་དང་། །བཀའ་སྡོད་ལས་མགོན་གསུམ་དང་སེང་གེའི་གདོང་། །ལས་ཀུན་སྒྲུབ་མཛད་མཁའ་འགྲོ་བརྒྱད་དྲུག་སོགས། །སྤྲུལ་པའི་འཁོར་ཚོགས་རྣམས་ལ་མངའ་གསོལ་ལོ། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་ལོ། །བསྟན་པ་སྲུང་བར་མངའ༴

p. 452

དགྲ་བགེགས་འདུལ་བར་མངའ་གསོལ་ལོ། །རྣལ་འབྱོར་དགྲ་བླར༴ རིག་འཛིན་སྲུང་མར༴ བར་ཆད་བཟློག་ཕྱིར༴ མཐུན་རྐྱེན་བསྒྲུབ་ཕྱིར༴ མཐུ་དང་དྲག་རྩལ་མ་ཆུང་ཞིག །བསྟན་པ་བསྲུང་བའི་ལས་འདི་ལ། །ལེ་ལོ་སྙོམས་ལས་མ་མཛད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གསོལ་ལོ་མཆོད་དོ། །དཔལ་ལྡན་བདུད་འདུལ་ཁྲག་འཐུང་གི་རྒྱལ་པོ། བྱ་རོག་གི་མཚན་ཅན། སྲིད་གསུམ་གྱི་ཟིལ་གནོན། ཡེ་ཤེས་ཀྱི་སྤྱན་ཅན། བསྟན་པ་སྤྱི་ཡི་སྲུང་མ། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་པོ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ། ཡུམ་མཆོག་དགའ་བྱེད་དབང་ཕྱུག་མ། ཞི་བྱེད་དཀར་མོ། སྲུང་བྱེད་དམར་མོ། འགུགས་

p. 453

བྱེད་མཐིང་ཀ །བྱ་ཡུམ་ནག་མོ། སྒྲོལ་བྱེད་ལྗང་གུ། དམར་པོ་རྩ་འཇིབས། ཙན་ཏི་ནག་མོ། སྐུ་ཡི་སྤྲུལ་པ་བྱ་ཁྱུང་ག་རུ་ཊ། ཐུགས་ཀྱི་སྤྲུལ་པ་ལེགས་ལྡན་ནག་པོ། སྤྲུལ་པའི་ལྷ་དམག་ཉི་ཁྲི་ཆིག་སྟོང་། ཁྲབ་ཅན་བྱེ་བ་འབུམ་རྒྱུག །བཀའ་སྡོད་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན། སྲོག་བདག་བྱ་རོག་གི་གདོང་པ་ཅན། བདུད་མགོན་བྱ་རོག་གི་གདོང་པ་ཅན། གཤིན་རྗེ་བྱ་རོག་གི་གདོང་པ་ཅན། བཙན་མགོན་བྱ་རོག་གི་གདོང་པ་ཅན། གནོད་སྦྱིན་བྱ་རོག་གི་གདོང་པ་ཅན། ཁྲག་གི་རལ་པ་ཅན། གིང་མགོན་བྱ༴ བདུད་པོ་བྱ༴ བདུད་མོ་བྱ༴ དགེ་བསྙེན་བྱ་གདོང་ཅན། ཕྱག་བརྙན་ཀྵེ་ཏྲ་པ་ལ། ལས་མགོན་ཐོད་ཕྲེང་ནག་པོ། གསོད་བྱེད་ལས་ཀྱི་མ་མོ་བརྒྱད། ཡང་འཁོར་མ་མོ་འབུམ། ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ཚངས་རིགས་མགོན་པོ་འབུམ། ལྕམ་

p. 454

གཅིག་རབ་གཏུམ་མ། མཁའ་འགྲོ་དྲུག་ཅུའི་འཁོར་ཚོགས། ནང་འཁོར་མཁའ་འགྲོ་མ་བརྒྱད། ཌཱ་ཀི་མ་དྲུག །བཀའ་སྡོད་ལེགས་ལྡན་གྱི་དམག་དཔོན་བརྒྱད། གཤིན་རྗེ་བཅུ། སྤྲུལ་པའི་མགོ་བརྙན་བཅུ་དྲུག །ལས་ཀྱི་གིང་ཆེན་བཅོ་བརྒྱད། ཕོ་བདུད་ཉེར་གཅིག །དབང་ཕྱུག་ཉེར་བརྒྱད། དྲེགས་པ་སུམ་ཅུ། དཔལ་མགོན་དོན་གཉིས། རོ་ལངས་བརྒྱ། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། འཁོར་ཕྱོགས་སྐྱོང་ཞིང་སྐྱོང་། དམ་ཅན་རྒྱ་མཚོ་དང་བཅས་པ་ཐམས་ཅད་ལ་གསོལ་ལོ། །མཆོད་དོ། །ཕྱི་ནང་གསང་བའི་མཆོད་པ་དམ་པ་འབུལ་ལོ། །བདུད་རྩི་སྨན་གྱིས་གསོལ་ལོ། །རཀྟ་དམར་གྱིས་གསོལ་ལོ། །བ་ལིང་གཏོར་མས་གསོལ་ལོ། །བསྟན་དགྲ་གནོད་བྱེད་སྒྲོལ་ཅིག །བསྟན་དགྲ་བསྒྲལ་བའི་རྣམ་ལྔ། ཤ་ཡི་རི་བོས་གསོལ་ལོ། །ཁྲག་གི་རྒྱ་མཚོས་

p. 455

གསོལ་ལོ། །གསུར་ཆེན་དུད་སྤྲིན་གྱིས་གསོལ་ལོ། །དབང་པོའི་མེ་ཏོག་གིས་གསོལ་ལོ། །དོན་སྙིང་རྣམ་ལྔ་བཞེས་ཤིག །དུག་ལྔའི་རྟེན་དང་ཕྲོལ་ཅིག །མྱུར་དུ་སྲོག་དབུགས་ཆོད་ཅིག །རིག་པ་དབྱིངས་སུ་སྤོར་ཅིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོ་འབུལ་ལོ། །ད་བཅོལ་འདོན་དོན་ཕྲིན་ལས་ཞུ་བ་ནི། རྣལ་འབྱོར་པ་བདག་དང་བརྒྱུད་འཛིན་བུ་སློབ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་སྩོལ། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་སྒྲུབས། །ཚེ་བསྲིང་སྒྲུབ་པ་མཐའ་རུ་ཕྱིན་པར་མཛོད། །བསྟན་པ་མི་ནུབ་ཡུན་དུ་གནས་པ་དང་། །ཕྲིན་ལས་ཕྱོགས་མཐར་ཁྱབ་པའི་བཀའ་དྲིན་སྩོལ། །༈ ཧཱུྃ། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། །བླ་མ་དཀོན་མཆོག་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་

p. 456

གྲུབ་བསྩལ་དུ་གསོལ། །དག་པ་རབ་འབྱམས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན༴ མངའ་གསོལ༴ བྱིན་རླབས༴ གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་སྤྱན་འདྲེན༴ མངའ་གསོལ༴ བྱིན་རླབས༴ དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་སྤྱན་འདྲེན༴ མངའ་གསོལ༴ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བྱ་རོག་མཚན་ཅན་སྤྱན་འདྲེན༴ མངའ་གསོལ༴ ཕྲིན་ལས༴ རབ་འཇིགས་དུར་ཁྲོད་གནས་མཆོག་ནས། །ཀུན་དགའ་གཞོན་ནུ་སྤྱན་འདྲེན༴ མངའ་གསོལ༴ ཕྲིན་ལས༴ རང་རང་སོ་སོའི་གནས་མཆོག་ནས། །ཡུལ་ལྷ་གཞི་བདག༴ མངའ་གསོལ༴ རྣལ་འབྱོར་འདོད་དོན་བསྒྲུབ་པར་མཛོད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། །དམར་ཆེན་རཀྟ་གཏོར་མ་དང་། །བདུད་རྩི་སྨན་དང་རྩི་བཅུད་

p. 457

དང་། །རིན་ཆེན་སྨན་སྣ་མཐུན་རྫས་སོགས། །དངོས་འབྱོར་ཡིད་ཀྱི་སྤྲུལ་པ་ཡིས། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས༴ དཔའ་བོ་མཁའ་འགྲོ༴ ཆོས་སྐྱོང་སྲུང་མ༴ དཔལ་ལྡན་མགོན་པོ༴ མ་ཧཱ་ཀཱ་ལ༴ བྱ་རོག་མཚན་ཅན༴ སེང་གེའི་གདོང་ཅན༴ ཞིང་སྐྱོང་ཡབ་ཡུམ༴ རྡོ་རྗེ་གུར་མགོན༴ དཔལ་ལྡན་ལྷ་མོ༴ ཨེ་ཀ་ཙ་ཏི༴ མགོན་མང་འཁོར་ཚོགས༴ རྣམ་སྲས་སྐྱ་བརྒྱད༴ རྟ་ལྷའི་རྒྱལ་པོ༴ གཟའ་མཆོག་ཡབ་ཡུམ༴ སྐྱེས་བུ་ཆེན་པོ༴ རྡོ་རྗེ་དགྲ་འདུལ༴ ཉ་ཡི་མགོ་བོ༴ དགེ་བསྙེན་སྨྱོ་ཁ༴ ཐང་ལྷའི་རྒྱལ་པོ༴ དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཚེ་རིང་མཆེད་ལྔ༴ རྡོ་རྗེ་ངས་ནུས༴ མགོན་དཀར་ཡབ་ཡུམ༴ དམག་དཔོན་དབྱི་རྒྱལ༴ སྤྲག་གི་བཙན་རྒོད༴ ཤྲཱི་བྷ་དྲས་བཙུད་པའོ། །དྲེགས་པའི་གཙོ་བོ༴ སྡེ་བརྒྱད་མཐུ་ཆེན༴ ཡུལ་ལྷ་གཞི་བདག༴ མཆོད་འོས་རྒྱ་

p. 458

མཚོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་རྒྱས་པར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་ཀུན་བསྒྲུབ་པར་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། ། ༈ དེ་ནས་དཔལ་མགོན་ཕྱག་བཞི་པའི་མངའ་གསོལ་ལ། གཏོར་མ་བྱིན་གྱིས་བརླབ་པ་ནི། བིགྷྣན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སྟེ། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། དྲི་རོ་ཕུན་སུམ་ཚོགས་པའི་གཟི་བརྗིད་མཐའ་ཡས་པར་གྱུར། ཨ་ཀཱ་རོ་ལན་གསུམ། དེ་ནས་མངའ་གསོལ་ནི། ཧཱུྃ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །མ་རུངས་འདུལ་སླད་ཐུགས་རྗེའི་མཐུ་སྟོབས་ཀྱིས། །དཔལ་ལྡན་ནག་པོ་

p. 459

ཆེན་པོའི་སྐུར་བསྟན་པ། །བསྟན་སྲུང་གཙོ་བོ་ཁྱོད་ཉིད་མངའ་གསོལ་ལོ། །གདུག་པའི་ཚོགས་ལ་རབ་ཁྲོས་རྔམ་པའི་ཞལ། །བདུད་འཇོམས་མཆེ་གཙིགས་གྱེན་རྫིས་དབུ་སྐྲ་སེར། །སྨིན་མ་སྨ་ར་འབར་ཞིང་དུས་གསུམ་ཀུན། །རབ་གཟིགས་སྤྱན་གསུམ་ལྡན་པར་མངའ་གསོལ་ལོ། །ཁྱོད་ཀྱི་ཕྱག་གཡོན་ཐོད་པའི་སྣོད་ཡངས་པར། །འཆི་མེད་བདུད་རྩིའི་བཅུད་ཀྱིས་ཡོངས་བཀང་བས། །ནད་གདོན་འཆི་བདག་བགེགས་རྣམས་མ་ལུས་པ། །ཞི་བའི་ཕྲིན་ལས་སྒྲུབ་མཛད་མངའ་གསོལ་ལོ། །གཡོན་གྱི་འོག་མས་ཕྱག་གི་ཏྲི་ཤུ་ལ། །རྒྱལ་བའི་སྐུ་གསུམ་ཡོན་ཏན་ཀུན་རྫོགས་པ། །རབ་ཏུ་འཛིན་པས་ཐུན་མོང་མཆོག་རྣམས་ཀྱི། །རྒྱས་པའི་དངོས་གྲུབ་སྩོལ་མཛད་མངའ་གསོལ་ལོ། །ཁྱོད་ཀྱི་ཕྱག་གཡས་བེ་ཏའི་འབྲས་བུ་ནི། །རྗེས་སུ་ཆགས་པས་ཁ་དོག་དམར་བ་དང་། །ནོར་

p. 460

བུ་འབར་བ་ལྟ་བུའི་དབྱིབས་ལྡན་པ། །སྲིད་གསུམ་སེམས་ཅན་དབང་བསྡུད་མངའ་གསོལ་ལོ། །གཡས་ཀྱི་འོག་མས་རྣོ་ངར་ཕུན་ཚོགས་པའི། །མི་བཟད་མེ་ལྕེ་མངོན་པར་འཕྲོ་བ་ཡི། །ཡེ་ཤེས་རལ་གྲི་གདེང་བས་དགྲ་བགེགས་ཚོགས། །སྒྲོལ་བའི་ནུས་ལྡན་དྲག་པོར་མངའ་གསོལ་ལོ། །རིགས་ལྔའི་རང་བཞིན་ཐོད་པ་སྐམ་པོ་ལྔ། །ཕ་རོལ་ཕྱིན་དྲུག་དག་པའི་ཕྱག་རྒྱ་དྲུག །སེམས་བྱུང་ལྔ་བཅུ་རྣམ་དག་ཐོད་རློན་སོགས། །སྤངས་རྟོགས་ཡོན་ཏན་རྒྱན་གྱིས༴ མཐའ་གཉིས་མི་གནས་དཔའ་བོའི་འདུག་སྟངས་ཅན། །དཔའ་བོའི་མཚན་མ་སྟག་གི་ཤམ་ཐབས་མཛེས། །ཕྱོགས་བཅུར་འཇིགས་དུས་བསྐལ་པའི་མེ་ལྕེ་ཡིས། །ཕྲིན་ལས་སྣ་ཚོགས་སྒྲུབ་པར༴ ཁྱད་པར་ལས་མགོན་ནག་པོ་སྟོང་གི་དབུས། །སེང་གེའི་གདོང་ཅན་ཤ་ཟ་གཏུམ་པོ་འབུམ། །དུད་པའི་སོལ་བ་མ་མོ་བྱེ་བའི་ཚོགས། །གནོད་

p. 461

སྦྱིན་ཁྲི་ཡི་འཁོར་ལྡན༴ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡུམ་དང་བཅས། །མཁའ་འགྲོ་བརྒྱད་དྲུག་ཕོ་རྒྱུད་མོ་རྒྱུད་འཁོར། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་རྣམས། །མཆོད་གཏོར་རྒྱ་མཚོའི་ཚོགས་ཀྱིས་མངའ་གསོལ་ལོ། །འཁོར་དང་བཅས་ལ་མཆོད་ཅིང་བསྟོད་པ་དང་། །ཐུགས་དམ་བསྐང་ཞིང་ཉེས་པ་ཀུན་བཤགས་ནས། །རྟེན་རྫས་མ་ཚང་མེད་པ་འདི་དག་གིས། །མངའ་གསོལ་དགྱེས་པའི་འདོད་དོན་ཀུན་འགྲུབ་མཛོད། །ཅེས་པ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་མངའ་གསོལ་མདོར་བསྡུས་པ། ༧ཞྭ་དམར་ཅོད་པན་འཛིན་པ་བཞི་པས་མཛད་པའོ།། ༈ ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་གི །བདུད་རྩི་རབ་འབར་འོད་ཉིད་ཀྱིས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་

p. 462

མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་བརླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་

p. 463

རཀྟའི་ཡོན་ཆབ་མཆོད་པར་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་གདབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡིས་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་རྡུལ་བཞིན་བརླག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་བསྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མར་གྱུར་

p. 464

འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་པ་འདི་དད་པའི་ནོར་ཅན་རིན་ཆེན་དཔལ་མོས་བསྐུལ་ངོར།༧ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའོ།། ༈ ཕྱག་བཞི་པའི་གསོལ་ཀ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པ་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། །གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་། །དེ་ཁོ་ན་ཉིད་ཐུགས་དམ་གཅིག་སྡོམ་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །དགྱེས་པ་ཆེན་པོར་བཞེས་ལ་བྱིན་གྱིས་རློབས། །དབང་བཞི་ཐོབ་ནས་ཕྲིན་ལས་རྣམ་བཞི་སྒྲུབས། །མཁའ་མཉམ་སེམས་ཅན་བདེ་ལ་འགོད་

p. 465

ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྟན་ཐོག་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཞྭ་དམར་དྲུག་པས་མཛད་པའོ།། ༈ ཨོཾ་བེ་ཏ་ལི་བེ་ཏ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་ག་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་བསྒྲུབ་པར་མཛོད། །བདག་གིས་ལས་

p. 466

ནི་ཅི་བྱེད་ཀྱང་། །དེ་ལ་ཁྱོད་ཀྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མར་པའི་སྙན་རྒྱུད་ཤོག་དྲིལ་ལོ། །༈ ཞིང་སྐྱོང་གསོལ་ཁ་བཞུགས་སོ། །ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བ་རྣམས་སུ་གྱུར། ཨོཾ་ཨ་ཀཱ་རོ་སོགས་བརྗོད། ཧཱུྃ། འོག་མིན་དུར་ཁྲོད་ཆེན་པོ་ནས། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །དམ་ཚིག་གཉན་པོ་དྲན་མཛོད་ལ། །མངའ་གསོལ་ཞིང་འདིར་གཤེགས་སུ་གསོལ། །ཤ་ཁྲག་བརྒྱན་པའི་གཏོར་མ་དང་། །བདུད་རྩི་

p. 467

སྨན་གྱི་མཆོད་པ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །དར་ཚོན་སྤྲིན་ལྟར་གཏིབ་པ་འདིས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །ཞིང་སྐྱོང་ཆེན་པོ༴ རྣལ་འབྱོར་དགྲ་བླ༴ དམ་ཉམས་སྲོག་གཅོད༴ ཀུན་དགའ་གཞོན་ནུ༴ སྲོག་བདུད་ཆེན་པོ༴ གྷ་ཡ་དྷ་ར༴ ལྷ་བཙན་ནག་པོ༴ བདུད་པོ་ནག་པོ༴ བྷྱོ། ལྷ་མོ་ཆེན་མོ་མངའ༴ དྲི་ཟའི་གཙོ་མོ༴ ཕྲ་མན་བརྒྱད་པོ༴ སྲོག་བདུད་ཆེན་པོ༴ འཁོར་གྱི་སྡེ་བརྒྱད༴ ལྷ་ཆེན་བརྒྱད་པོ༴ ཀླུ་ཆེན་བརྒྱད་པོ༴ གཟའ་ཆེན་བརྒྱད་པོ༴ སྲས་མཆོག་བརྒྱད་པོ༴ ཡུམ་ཆེན་བརྒྱད་པོ༴ སྲིན་པོ་བརྒྱད་པོ༴ ཀེང་རུས་མ་བརྒྱད༴ བམ་རོ་ཕོ་མོ༴ འབྱུང་པོ་བརྒྱད་པོ༴ བརྟན་མ་བརྒྱད་པོ༴ སྤྲུལ་པ་ཡང་སྤྲུལ་མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཀ་མ་

p. 468

བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར། །མ་མོའི་ཐུན་ཟོར་བཟློག་ཏུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །མི་མཐུན་རྐྱེན་དང་བར་ཆད་གསོལ། །ཟློག་ཅིག་སྒྱུར་ཅིག་ཞི་བར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་འདོད་དོན་ཕྲིན་ལས་བཅོལ་བ་ལ། གསེར་སྐྱེམས་འབུལ་བ་ནི། གསོལ་ལོ། །མཆོད་དོ། །དཔལ་ལྡན་ཞིང་སྐྱོང་དབང་པོ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ཡུམ་ཆེན་སི་ན་ར་མ། གསང་ཡུམ་སྟག་གི་གདོང་ཅན། མྱུར་མགྱོགས་ལས་བྱེད་ཕོ་མོ། ལྷ་ཆེན་གདོང་ཅན་བརྒྱད་པོ། སྒོ་སྲུང་སྒོ་བ་བཞི་པོ། ནང་བློན་སྲས་མཆོག་བརྒྱད་པོ། བཀའ་སྡོད་སྡེ་

p. 469

དཔོན་ཉི་ཤུ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། ཕྱོགས་ཀྱི་རུ་འདྲེན་སྡེ་བཞི། ཕྱི་ཡི་སྒོ་སྲུང་བཞི་པོ། སྲོག་འཕྲོག་བདུད་དམག་སྟོང་སྡེ། ཞུབ་ཆེན་སྟོང་གི་དམག་ཚོགས། མ་མོ་བྱེ་བའི་འཁོར་བཅས། གཞན་ཡང་སྤྲུལ་པ་ཡང་སྤྲུལ་ལ་སོགས་དཔལ་ལྡན་ཞིང་སྐྱོང་དབང་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་དང་། བླ་མ་དམ་པ་འཚོ་ཞིང་བཞེས་པ་རྣམས་ཡུན་རིང་དུ་ཞབས་པད་བརྟན་པ་དང་། བདག་ཅག་སློབ་འབངས་འཁོར་དང་བཅས་པ་རྣམས་ཆོས་བསྒྲུབ་པའི་ཕྱི་ནང་གི་འགལ་རྐྱེན་མི་དང་མི་མ་ཡིན་གྱི་འཚེ་བ་ལས་སྲུང་བ་དང་། སྐྱོབ་པ་དང་། སྦ་བ་དང་། ནད་དང་གདོན་རྣམས་ལས་ཐར་བར་མཛད་དུ་གསོལ། རྦོད་གཏོང་ངན་པ་ཐམས་ཅད་ཕྱིར་

p. 470

བཟློག་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་དབང་དུ་སྡུད་པ་དང་ཚར་གཅོད་པའི་ཕྲིན་ལས་ཐོགས་པ་མེད་པ་ཡིན་བཞིན་དུ་བསྒྲུབ་ཏུ་གསོལ། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད། ཅེས་པ་ནི་༧ཞྭ་དམར་བཞི་པས་མཛད་པའི་ཞིང་སྐྱོང་གི་གསོལ་ཁ་ལགས་སོ། །སྐབས་འདིར་ཆོས་སྐྱོང་གཞན་གྱི་གསོལ་མཆོད་རྟེན་འཛུགས་སོགས་བྱེད་དགོས་བྱུང་ན་བྱ། མཆན། ༈ དཔལ་རྡོ་རྗེ་གུར་གྱི་མགོན་པོ་ལྕམ་དྲལ་གྱི་མངའ་གསོལ་ཡན་ལག་བདུན་པ་ནི། ཧཱུྃ། དུས་མཐའི་མེ་ལྟར་རབ་འབར་འཁྱིལ་བའི་དབུས། །རྡོ་རྗེའི་བྲག་སྟེང་པདྨ་ཉི་རོའི་སྟེང་། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་སྤྲུལ་པ། །དཔལ་ཆེན་ནག་པོ་ཆེན་པོ་ཆེར་འབར་བ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། །སྤྱན་གསུམ་སྡང་མིག་སྲིད་གསུམ་ཟིལ་གྱིས་གནོན། །ཞབས་གཉིས་མིའུ་ཐུང་གི་འགྱིང་ཞིང་

p. 471

བརྗིད། །རྣལ་འཕྲུལ་གཎྜིས་ལྷ་དམག་སྟོང་གསུམ་ཁེངས། །ཨེ་ཀ་ཛ་དང་འདོད་ཁམས་དབང་ཕྱུག་སོགས། །གནོད་སྦྱིན་ཡབ་ཡུམ་རུ་འདྲེན་པུ་ཊར་བཅས། །འཇིག་རྟེན་འཇིག་རྟེན་འདས་པའི་འཁོར་ཚོགས་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ། །མཐུན་པའི་དམ་རྫས་བ་ལིང་ཨ་མྲྀ་ཏ། །མཾ་ས་རཀྟ་ཙིཏྟ་སྲོག་དང་དབུགས། །ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་པའི་སྤྲིན། །རབ་འབྱམས་ཞིང་ཀུན་དམིགས་ཏེ་མཆོད་པར་འབུལ། །བདག་སོགས་རྣལ་འབྱོར་སྒྲུབ་ལ་གཡེལ་བ་དང་། །མ་རིག་དབང་གིས་རྩ་བ་ཡན་ལག་གི། །འགལ་འཁྲུལ་ཉམས་ཆག་ནོངས་པ་མཆིས་ལགས་ན། །རབ་ཏུ་བཤགས་པས་སྒྲིབ་གཉིས་མངོན་པར་སྦྱོངས། །ཁྱོད་ནི་སྔོན་གྱི་རྒྱལ་བའི་སྤྱན་སྔ་རུ། །དམ་བཅས་ཐུགས་དམ་གནད་ནས་བདག་བསྐུལ་ན། །ཞལ་བཞེས་མི་འདའ་བསྟན་

p. 472

དགྲ་མ་ལུས་ཀུན། །དེ་མ་ཐག་ཏུ་ཚར་བཅད་རྗེས་ཡི་རང་། །ཁ་བའི་ལྗོངས་འདིར་རྒྱལ་བསྟན་རིན་ཆེན་ཀྱང་། །ལྷག་མའི་གཟུགས་བརྙན་ཅུང་ཟད་ནུབ་པར་ཉེ། །ལོག་པའི་ལམ་སྟོན་ཆོས་མིན་ཆོས་ལྟར་བརྫུ། །བདུད་སྡེ་དཔུང་དང་བཅས་ཏེ་བསྒྲལ་བར་བསྐུལ། །མ་གཡེལ་མ་འདའ་དཔལ་ལྡན་ནག་པོ་ཆེ། །བདག་ཉིད་གཅིག་པུའི་ཕྱིར་མིན་བསྟན་པའི་ཆེད། །དམ་སྲི་འགོང་པོ་མཐའ་ཡི་དམག་དཔུང་རྣམས། །ལྷག་མ་མེད་པར་བཞེས་ཤིག་བཞུགས་གསོལ་འདེབས། །སྨོན་པའི་དོན་འདི་དཀོན་མཆོག་གསུམ་གྱི་བཀའ། །བདེན་པའི་ཚིག་གི་ཕྲེང་བ་རྣོན་མཚོན་དེས། །བསྟན་དགྲ་ལྷག་མེད་དུག་ལྔའི་ཕུང་པོ་སྒྲོལ། །ཚར་བཅད་རྗེས་འཛིན་བྱང་ཆུབ་བསྒྲུབ་ཕྱིར་བསྔོ། །སྨོན་ལམ་མཐུ་ལས་སྒྲུབ་བརྒྱུད་རིན་ཆེན་གྱི། །བསྟན་པའི་རྒྱལ་མཚན་མྱུར་དུ་བསྒྲེང་བར་ཤོག །མཁའ་ལྟར་རབ་

p. 473

བརྟན་ཉི་ཟླ་ལྟར་གསལ་ཞིང་། །འགྲོ་རྣམས་འཁོར་བའི་གྲུ་ལས་སྒྲོལ་བར་ཤོག །༈ རྡོ་རྗེ་གུར་གྱི་མངའ་གསོལ་ནི། ལྷ་མཆོག་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་དབང་ཕྱུག་འཁོར་བཅས་ལ། །མངའ་གསོལ་དགྱེས་པའི་མཆོད་པ་ནི། །ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས། །མྱོས་བྱེད་སྟོང་གི་བཅུད་བསྡུས་པ། །ལྕགས་ཀྱུ་ལྔ་དང་ཡང་དག་ལྡན། །བདུད་རྩི་ལྔ་དང་རབ་སྦྱར་ཏེ། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །ཁ་དོག་དྲི་རོ་ནུས་པར་ལྡན། །དངོས་གྲུབ་དཔལ་མོ་འབྱུང་བའི་གནས། །མཁའ་འགྲོ་ངང་གིས་འདུ་བའི་གཞི། །གསང་བའི་བདུད་རྩིའི་རྒྱ་མཚོ་འདིས། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་དབང་ཕྱུག་མངའ་གསོལ་ལོ། །དམ་ཚིག་དབང་གིས་བཞེས་ནས་ཀྱང་། །བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །དགྲ་བགེགས་རྣམས་ཀྱི་ཤ་དང་རུས། །བཟའ་བ་

p. 474

ཁྲག་གི་བཏུང་བར་ལྡན། །རཀྟའི་རྒྱ་མཚོ་རབ་བསྐྱིལ་བ། །ལྦུ་བའི་ཕྲེང་བ་རྣམ་འཁྲིགས་པའི། །རི་དང་རྒྱ་མཚོར་མཉམ་པ་ཡི། །རོ་བརྒྱ་ལྡན་པའི་མཆོད་པ་འདིས། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་དབང་ཕྱུག་མངའ་གསོལ་ལོ། །དམ་ཚིག་དབང་གིས་བཞེས་ནས་ཀྱང་། །བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །དགྲ་བགེགས་རྣམས་ཀྱི་ཤ་དང་ཁྲག །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །བཟའ་དང་བཏུང་བ་སྣ་ཚོགས་བཅས། །སྣ་ཚོགས་རྒྱན་གྱིས་མཛེས་བྱས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བཞེད་དགུ་འབྱུང་བའི་རྒྱ་མཚོ་ནི། །མངོན་པར་བྱིན་གྱིས་བརླབས་ནས་ཀྱང་། །དམ་ཚིག་བཞིན་དུ་བདག་འབུལ་གྱིས། །ཐུགས་དམ་བཞིན་དུ་བཞེས་མཛོད་ལ། །དམ་ཚིག་བཞིན་དུ་བཞེས་དགོངས་ནས། །རྣལ་འབྱོར་བདག་གིས་མངའ་གསོལ་བའི། །ལས་རྣམས་ཐམས་ཅད་

p. 475

འགྲུབ་པར་མཛོད། །མ་ཧཱ་ཀཱ་ལ་དཱེ་ཝི་ཡ། མ་ཧཱ་མཾ་ས་མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིངྟ་པཱུ་ཛི་ཏེ་ཨཱཿཧཱུྃ། རྡོ་རྗེ་རྒྱལ་པོ་རབ་ཁྲོས་པའི། །ཁྲོ་བོ་ཁྲོ་མོ་མཉེས་བྱེད་མ། །གསང་བའི་མཆོད་གཏོར་རིམ་པ་འདི། །རྡོ་རྗེ་འཛིན་པ་འཕགས་པས་སྦྱར། །༈ དཔལ་ལྡན་ལྷ་མོའི་མངའ་གསོལ་ནི། ཧཱུྃ་བྷྱོཿ ཡིད་བཞིན་འདོད་དགུ་ཀུན་སྩོལ་རྗོགས་སངས་རྒྱས། །ཕྱོགས་བཅུ་དུས་གསུམ་ཞིང་ཀུན་ན་བཞུགས་པ། །ཀུན་གྱི་མཁྱེན་བརྩེ་ནུས་མཐུ་དཔུང་བསྐྱེད་དེ། །དཔལ་ལྡན་ལྷ་མོའི་མཐུ་སྟོབས་བསྐྱེད་དུ་གསོལ། །སྤྱི་བོར་ཨོཾ་ལས་སྐུ་ཡི་རྡོ་རྗེ་དཀར། །མགྲིན་པར་ཨཱཿལས་གསུང་གི་རྡོ་རྗེ་དམར། །ཐུགས་ཀར་ཧཱུྃ་ལས་ཐུགས་ཀྱི་རྡོ་རྗེ་མཐིང་། །ལྟེ་བར་ཧོཿལས་ཡེ་ཤེས་རྡོ་རྗེ་སེར། །གསང་བར་ཀྵཿལས་ཕྲིན་ལས་རྡོ་རྗེ་ལྗང་། །འབྱུང་བ་རྣམ་དག་སྤྱན་སོགས་ལྷ་མོ་ལྔ། །སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མའི་ཚོགས། །ལས་དབང་ཡུམ་བཅས་

p. 476

ཁྲོ་བོ་ཁྲོ་མོའི་སྤྲིན། །རྩ་བརྒྱུད་བླ་མ་ཀུན་འདུས་རིགས་ཀྱི་བདག །འོད་ཟེར་སྤྲིན་གྱིས་ཆོས་ཀྱི་དབྱིངས་ཀུན་འགེངས། །ཞི་རྒྱས་དབང་དྲག་སྣ་ཚོགས་ལས་སྒྲུབ་པ། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ལྷ་མོའི་ཚོགས། །བསམ་གྱིས་མི་ཁྱབ་ས་གསུམ་སྤྲིན་ལྟར་གཡོ། །ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་ཐམས་ཅད་ཀྱང་། །སྤྱི་བོའི་བཏུད་དེ་མདུན་ནས་བཀའ་སྡོད་བྱེད། །ཚངས་དང་བརྒྱ་བྱིན་བདུད་དང་རྒྱལ་ཆེན་བཞི། །ཀླུ་རྒྱལ་ཐམས་ཅད་འཁོར་གྱི་ཡང་བྲན་དང་། །ཉིང་བྲན་སུམ་བྲན་ཕོ་ཉར་བསྐུལ་བྱེད་ན། །ལྷ་སྲིན་སྡེ་བརྒྱད་གཞན་རྣམས་ལྟ་ཅི་སྨོས། །གསུང་གི་ང་རོས་ཚངས་དབྱངས་ཟིལ་གྱིས་གནོན། །སངས་རྒྱས་ཀུན་གྱིས་ཕྲིན་ལས་བསྐུལ་མཛད་མ། །ཁྱོད་ཀྱི་ཡོན་ཏན་རྒྱལ་བ་ཀུན་གྱིས་ཀྱང་། །དཔག་པར་མི་ནུས་མགྲིན་གཅིག་བསྔགས་པ་བརྗོད། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་

p. 477

དབང་བསྐུར་བའི། །འོད་ཟེར་མཆོག་གིས་ཀུན་ནས་དབང་བསྐུར་བའི། །རིགས་རྣམས་ཀུན་གྱི་བདག་མོར་མངའ་གསོལ་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་སྣང་སྲིད་འདིར། །མཐུ་ལྡན་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པའི། །ཁྱོད་ཀྱི་བ་སྤུའི་མཐར་ཡང་མི་དོ་བའི། །གཟི་བྱིན་མཐུ་སྟོབས་ལྡན་པར་བྱིན་བརླབས་ཏེ། །རྒྱལ་བ་ཀུན་གྱིས་མངའ་གསོལ་དེ་བཞིན་དུ། །དམ་ཚིག་ལྡན་པའི་རྣལ་འབྱོར་བདག་གིས་ཀྱང་། །བཀའ་སྲུང་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཕོ་རྒྱུད་མོ་རྒྱུད་གཙོ་མོར་མངའ༴ རིགས་རྣམས་ཀུན་གྱི་བདག་མོར༴ དཀྱིལ་འཁོར་ཀུན་གྱི་གཙོ་མོར༴ རྒྱལ་བ་ཀུན་གྱི་ཡུམ་དུ༴ བདུད་སྡེའི་ཚོགས་ཀྱི་གཤེད་མར༴ རྣལ་འབྱོར་བདག་གི་དགྲ་བླར༴ དགྲ་བགེགས་རྩད་ནས་གཅོད་པར༴ སྣང་སྲིད་ལྷ་འདྲེའི་རྒྱལ་མོར༴ བསྟན་སྲུང་ཀུན་གྱི་བདག་

p. 478

མོར༴ མ་སྲིང་གྲོགས་ཀྱི་མཆོག་ཏུ༴ མཐུ་སྟོབས་ཕ་མཐའ་ཡས་པར༴ གཟི་བྱིན་མཚུངས་པ་མེད་པར༴ བཅོལ་བའི་ཕྲིན་ལས་མཛད་ཕྱིར༴ བཀྲ་ཤིས་བདེ་ལེགས་མཛད་ཕྱིར་མངའ་གསོལ་ལོ། །ཁྱེད་ཀྱི་མཐུ་སྟོབས་མཐའ་ཡས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ནི། །ཁྱོད་ཉིད་ཁོ་ནར་ལྟོས་པ་སྟེ། །གནས་སྐབས་མཐར་ཐུག་འགལ་རྐྱེན་ཀུན། །སོལ་ལ་རྣམ་པར་དཀར་བ་ཡིས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །དཔལ་ལྡན་ལྷ་མོའི་མངའ་གསོལ་ཚིགས་སུ་བཅད་པ་དཀྱིལ་འཁོར་ཐམས་ཅད་ཀྱི་རིག་པ་འཛིན་པ་བདུད་ལས་རྣམ་པར་རྒྱལ་བའི་རྡོ་རྗེས་ས་ག་ཟླ་བའི་ཚེས་གཅིག་ལ་སྲས་མཁར་དགྱེས་པ་རྡོ་རྗེའི་ཕོ་བྲང་དུ་ཡུད་ཙམ་ལ་སྦྱར་བའོ། །༈ གསོལ་ལོ། །མཆོད་དོ་མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་འགུགས་བྱེད་མ་གསོད་བྱེད་མ་ལ་སོགས་པའི་ལས་མཁན་མ་བཞི། མཁའ་འགྲོ་མ་བཞི། གདོང་ཅན་

p. 479

བརྒྱད། སྒོ་མ་བཞི། ཤ་ཟ་འབུམ། ཡང་སྤྲུལ་བྱེ་བ། བསྟན་པ་སྤྱི་ཡི་བཀའ་སྲུང་། ཆོས་འཁོར་ཡོངས་ཀྱི་སྲུང་མ། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་དགྲ་བླ། དཔལ་མགོན་དམ་ཅན་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ༴ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ་བདག་གི་གནས་དཔུང་འཁོར་དང་བཅས་པ་འདི་གཏད་པས་སྲུངས་ཤིག །མཉེས་པའི་རྟེན་རྫས་འདི་རྣམས་ལ་བརྟན་པར་བཞུགས་ལ། ཇི་སྲིད་བསྟན་པ་འདི་གནས་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས་ཤིག །དཀོན་མཆོག་གི་ཆེ་བ་ཕྱུངས་ཤིག །བླ་མ་དམ་པའི་ཕྲིན་ལས་ཡུན་རིང་དུ་གནས་པར་མཛོད་ལ་སེམས་ཅན་གྱི་བདེ་སྐྱིད་སྤེལ་ཅིག །ཁྱད་པར་དུ་ཡང་སྔགས་འཆང་སྒྲུབ་པ་པོ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་བདུད་དང་

p. 480

བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛོད་ཅིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པར་མཛོད་ཅིག །ལྷ་དང་མི་ལ་སོགས་པ་ཐམས་ཅད་དབང་དུ་འདུ་བར་མཛོད་ཅིག །དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་དྲག་པོའི་ལས་ཀྱིས་ཐལ་བ་རྡུལ་དུ་རློགས་ཤིག །ཁྱད་པར་དུ་ཡང་བདག་ཅག་ལ་སྡང་བའི་སེམས་དང་ལྡན་པའི་དགྲ་བགེགས་འཁོར་དང་བཅས་པ་མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད་ཅིག །༈ དཔལ་ལྡན་ནཱ་རོ་པའི་བཀའ་སྲུང་དུད་སོལ་མའི་མངའ་གསོལ་བཞུགས་སོ། །བྷྱོཿ དཔལ་ལྡན་དུད་སོལ་ལྷ་མོ་ལ། །འདས་པའི་སངས་རྒྱས་ཡིན་པའི་ཕྱིར། །མར་མེ་མཛད་ཀྱིས་མངའ་གསོལ་བས། །དམ་ཆོས་མི་ནུབ་སྒྲོན་མེ་སྦར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ད་ལྟར་སངས་རྒྱས་ཡིན་པའི་ཕྱིར། །ཤཱཀྱ་ཐུབ་པས་མངའ་གསོལ་བས། །བསྟན་པ་

p. 481

སྲུང་བའི་ལས་ལ་བརྩོན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མ་བྱོན་སངས་རྒྱས་ཡིན་པའི་ཕྱིར། །བྱམས་པ་མགོན་པོས་མངའ་གསོལ་བས། །ཐུགས་ཉིད་མི་གཡོ་བྱམས་པའི་ངང་། །དཔལ་ལྡན་དུད་སོལ༴ དུས་གསུམ་སངས་རྒྱས་མངའ༴ མི་བསྐྱོད་པ་ཡིས་དབུ་ལ་རྒྱན། །དཔལ་ལྡན་དུད་སོལ༴ རྒྱལ་བ་རིགས་ལྔས༴ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །དཔལ་ལྡན་དུད་སོལ༴ རིགས་གསུམ་མགོན་པོས་མངའ་གསོལ་བས། །སྤྱན་གསུམ་དམར་ལ་སྡང་མིག་བསྒྲད། །དཔལ་ལྡན་དུད་སོལ༴ ལྷ་ཆེན་བརྒྱད་ཀྱིས༴ དབུ་སྐྲ་དམར་སེར་གྱེན་དུ་འབར། །དཔལ་ལྡན་དུད་སོལ༴ ཀླུ་ཆེན་བརྒྱད་ཀྱིས༴ སྦྲུལ་ཆེན་བརྒྱད་ཀྱི་སྐེ་རགས་བྱས། །དཔལ་ལྡན་དུད་སོལ༴ གཟའ་ཆེན་བརྒྱད་ཀྱིས༴ སྨིན་མ་ཁམ་སེར་གྱེན་དུ་འབར། །དཔལ་ལྡན་དུད་སོལ༴ དྲང་སྲོང་རྣམས་ཀྱིས༴ སྐུ་མདོག་

p. 482

སྔོ་ལ་ཀེང་རུས་གཟུགས། །དཔལ་ལྡན་དུད་སོལ༴ དཔའ་བོ་རྣམས་ཀྱིས༴ ཕྱག་གཡས་དང་པོས་རལ་གྲི་ཕྱར། །དཔལ་ལྡན་དུད་སོལ༴ དཔའ་མོ་རྣམས་ཀྱིས༴ འོག་མས་ཐོད་ཁྲག་ཐུགས་ཀར་བསྣམས། །དཔལ་ལྡན༴ ལྷ་མིན་རྣམས་ཀྱིས༴ ཕྱག་གཡོན་དང་པོས་མདུང་དར་ཕྱར། །དཔལ་ལྡན༴ དབང་ཕྱུག་ཆེན་པོས༴ འོག་མས་ཁ་ཊྭཱཾ་རྩེ་གསུམ་འཛིན། །དཔལ་ལྡན༴ མགོན་པོ་རྣམས་ཀྱིས༴ གསུས་ཁྱིམ་ཆེ་ལ་ཐུར་དུ་འཕྱངས། །དཔལ་ལྡན་དུད་སོལ༴ ནོར་ལྷ་རྣམས་ཀྱིས༴ རིན་ཆེན་འབར་བས་དབུ་ལ་བརྒྱན། །དཔལ་ལྡན་དུད་སོལ༴ དུར་ཁྲོད་ཤ་ཟ་རྣམས་ཀྱིས༴ མི་མགོ་རློན་པའི་དོ་ཤལ་བྱས། །དཔལ་ལྡན་དུད་སོལ༴ གཤིན་རྗེ་རྣམས་ཀྱིས༴ གླང་ཆེན་ཀོ་རློན་སྐུ་ལ་གསོལ། །དཔལ་ལྡན༴ དམན་མོ་རྣམས་ཀྱིས༴ ཐལ་ཆེན་ཚོམ་བུ་ལུས་ལ་བྱུག །དཔལ་ལྡན༴ མ་མོ་རྣམས་ཀྱིས༴ ཁྲག་

p. 483

ཆེན་ཐིག་ལེ་སྐུ་ལ་བཀོད། །དཔལ་ལྡན༴ དྲི་ཟ་རྣམས་ཀྱིས༴ ཞག་གི་ཟོ་རིས་སྐུ་ལ་བརྒྱན། །དཔལ་ལྡན་དུད་སོལ༴ མཁའ་འགྲོ་རྣམས་ཀྱིས༴ བཾ་ཆེན་རོ་ཡི་གདན་ལ་བཞུགས། །དཔལ་ལྡན༴ སྲིན་པོ་རྣམས་ཀྱིས༴ ཞབས་གཉིས་ལྕགས་སྒྲོག་འབར་བས་བརྒྱན། །དཔལ་ལྡན༴ སྲིན་མོ་རྣམས་ཀྱིས༴ རླུང་གི་བོང་བུ་གྭ་དམར་བཅིབས། །དཔལ་ལྡན༴ ཁྲོ་བོ་རྣམས་ཀྱིས༴ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །དཔལ་ལྡན༴ མེ་ལྷ་རྣམས་ཀྱིས་མངའ་གསོལ་བས། །སྐུ་ལ་བསྐལ་པའི་མེ་རི་འབར། །དཔལ་ལྡན༴ རླུང་ལྷ་རྣམས་ཀྱིས༴ རླུང་ནག་འཚུབ་མའི་ཀློང་ན་བཞུགས། །དཔལ་ལྡན༴ ས་བདག་རྣམས༴ རིན་ཆེན་འབར་བའི་མཁར་ན་བཞུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་བས། །དགྲ་ལ་རྦད་ན་ལས་ལ་མྱུར། །བཅོལ་བའི་ཕྲིན་

p. 484

ལས་བསྒྲུབ་པར་མཛོད། །༈ དཔལ་ལྡན་ནཱ་རོའི་བརྒྱུད་འཛིན་བསྟན་པ་སྲུང་། །ཆོས་སྐྱོང་ཀུན་གྱི་མཆོག་གྱུར་སྲུང་མའི་གཙོ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་མཛོད་ལ། །དེང་འདིར་བདག་གིས་བསྒྲུབ་པའི་གྲོགས་མཛོད་ཅིག །༈ དཔལ་ལྡན་ལྷ་མོའི་གསོལ་ཀ་ནི། བྷྱོཿ བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུ་ཤིང་ལ་རྟེན་བཅས་ཤིང་། །རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་འཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ་མངའ་གསོལ་ལོ། །ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམ། །ཟ་བྱེད་ཆེན་མོ་མངའ་གསོལ་ལོ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་

p. 485

གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་མོ་མངའ་གསོལ་ལོ། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་སྲིན་མོའི་ཚུལ། །འཇིགས་བྱེད་ཆེན་མོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །ཡིད་ལ་བརྣག་པའི་དགྲ་བོ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །བསམ་པའི་དོན་རྣམས་འགྲུབ་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའོ། །༈ སྔགས་སྲུང་མའི་གཏོར་བསྔོས་ནི། བྷྱོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མ་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་མ། །འཁོར་དུ་ཡེ་ཤེས་མཁའ་འགྲོ་འབུམ་

p. 486

གྱིས་བསྐོར། །ལས་སུ་སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །ཟས་སུ་དམ་ཉམས་དགྲ་བོའི་ཤ་ཁྲག་ཟ། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་བསྲུང་བའི་དུས་ལ་བབས། །དཀོན་མཆོག་དབུ་འཕང་བསྟོད་པའི་དུས་ལ་བབས། །བླ་མའི་སྐུ་ཚེ་བསྲིང་བའི་དུས་ལ་བབས། །རྣལ་འབྱོར་བར་ཆད་བསལ་བའི་དུས་ལ་བབས། །ཆོས་སྐྱོང་ཕྲིན་ལས་སྒྲུབ་པའི་དུས་ལ་བབས། །དེ་བས་མ་མོ་མཁའ་འགྲོ་འཁོར་བཅས་རྣམས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དྲུང་རྨ་སེས་མཛད་པའོ། །༈ འཁྲུགས་བསྐང་བསྡུས་པ་ནི། བྷྱོཿ དུས་ངན་སྙིགས་མའི་མཐར་ཐུག་ལ། །བནྡེ་བླ་མའི་དམ་ཚིག་ཉམས། །སྐྱེ་བོ་ཁྲེལ་དང་ངོ་ཚ་བོར། །དེ་ཚེ་མ་མོ་ཐུགས་ཁྲོས་ནས། །ནད་མུག་འཁྲུགས་གསུམ་སྤྲིན་ལྟར་གཡོ། །དེ་དག་ཁྱོད་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་

p. 487

དམ་རྫས་གཏོར་བདུད་རྩི། །བརྟེན་བསྐང་སྒྲུབ་པ་གསུམ་གྱི་རྫས། །མ་མོ་འཁྲུགས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐངས་པའི་མཐུས། །བདག་སོགས་མཁའ་མཉམ་འགྲོ་ཚོགས་ཀྱི། །ནད་གདོན་བར་ཆད་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ཀུན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདག་གཞན་མི་ཤེས་ལེ་ལོ་ཡིས། །ས་ལམ་བགྲོད་ལ་འགལ་བ་རྣམས། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །བདུད་འདུལ་རྡོ་རྗེས་སོ། །༈ རྟ་ལྷའི་མངའ་གསོལ་བཞུགས་སོ། །ན་མོ་ཧྱ་གྲྀ་ཝ་ཡེ། རྟ་ལྷའི་མངའ་གསོལ་བྱེད་ན། བསང་གི་དུས་སམ་གསོལ་ཀའི་དུས། ཤ་ཁྲག་མ་འདྲེས་པའི་གཏོར་མ་རིན་པོ་ཆེའི་དབྱིབས་ཅན་བྲན་ལ། ཕྱེ་མར་དང་ཤུག་དུད་བཏང་། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། རྔ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། སུམ་རྩེན་ལྕང་ལོ་ཅན་དང་དགུང་

p. 488

སྔོན་དབུས། །རང་བཞིན་གར་བཞུགས་གནས་མཆོག་དམ་པ་ནས། །རྡོ་རྗེ་ཁྲོ་བོ་ཨཱརྱ་རེ་མནྟ། །ནོར་ལྷ་གནོད་སྦྱིན་བྱེ་བ་འབུམ་དང་བཅས། །རླུང་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ། །དངོས་འབྱོར་ཡིད་སྤྲུལ་མངའ་གསོལ་མཆོད་པ་བཞེས། །ཞུ་མར་སྤོས་སྤྲིན་དཀར་གསུམ་མངར་གསུམ་དང་། །དར་ཟབ་འབྲུ་སྨན་མཆོད་པས་མངའ་གསོལ་ལོ། །འགྲོ་བ་རྐང་འཁྱམས་སྡུག་བསྔལ་སྐྱོབ་མཛད་པ། །འགྲོ་བའི་མགོན་གྱུར་མགོན་པོ་རྟ་མང་ཞེས། །འཕགས་མཆོག་སར་གནས་སེམས་དཔའ་རེ་མནྟ། །བདག་གི་རྟ་ཡི་མགོན་དུ་མངའ་གསོལ་ལོ། །ལྷ་རྣམས་ཡོངས་ཀྱི་སོ་པ་སྤྱན་རྣོན་པོ། །ཤར་ཕྱོགས་སྐྱོང་བའི་མགོན་པོ་དཔལ་རབ་འཆང་། །བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་ཀུན། །སྲུང་ཞིང་སྐྱོབ་པའི་སོ་པར༴ རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མནྟ། །རྔོག་ཆགས་ཐམས་ཅད་

p. 489

འཕེལ་ཞིང་རྒྱས་མཛད་པའི། །ནོར་ལྷ་ཆེན་པོ་འཕགས་པ་རེ་མནྟ། །རྣལ་འབྱོར་བདག་གིས་ནོར་ལྷར༴ ལྷ་དམག་བྱེ་བ་འབུམ་གྱིས་ལམ་མཁན་ཏེ། །ཉི་མའི་སྲས་པོ་རླུང་རྟ་བདུན་གྱི་བདག །ལམ་ལྷ་ཆེན་པོ་ཨཱརྱ་རེ་མནྟ། །རྣལ་འབྱོར་བདག་གི་ལམ་ལྷར༴ རབ་ཁྲོས་གནོད་སྦྱིན་བྱ་གཅན་སྤྲུལ་པ་འགྱེད། །རྔོག་ཆགས་ལ་གནོད་དགྲ་བགེགས་བརླག་མཛད་པའི། །ཆོས་སྐྱོང་སྲུང་མ་ཁྲོ་བོ་རེ་མནྟ། །བདག་གི་རྟ་ཡི་སྲུང་མར༴ སྲིད་གསུམ་དབང་བསྒྱུར་གནོད་སྦྱིན་གང་བ་བཟང་། །རྟ་བདག་ཆེན་པོ་དཔལ་དང་འབྱོར་བའི་བདག །རྟ་རྣམས་སྲུང་ཞིང་སྐྱོབ་པར་དམ་བཅས་པ། །བདག་གི་རྟ་ཡི་སྲུང་མར༴ བྱང་ཆུབ་སེམས་དཔའ་གསེར་འདྲ་སེངྒེ་ཞོན། །རྡོ་རྗེ་རྣམ་ཐོས་སྲས་པོ་ནོར་གྱི་བདག །རྟ་ནོར་རྔོག་ཆགས་ཐམས་ཅད་འཕེལ་མཛད་པ། །བདག་གི་རྟ་ལྷ་མཆོག་ཏུ༴ གཙུག་

p. 490

ལག་ཁང་དང་དཀྱིལ་འཁོར་སྲུང་མ་ཆེ། །རྣལ་འབྱོར་དགྲ་བླ་དུག་གསུམ་ནད་ཀྱི་སྨན། །དགྲ་བགེགས་འདུལ་མཛད་མ་ཧཱ་ཀཱ་ལ་ཆེ། །རྟ་འདྲེ་གནོད་བྱེད་འདུལ་བར༴ རྟ་བདག་གནོད་སྦྱིན་ཆེན་པོ་ཀུ་བེ་ར། །རང་འདྲའི་སྤྲུལ་པ་འཁོར་ཚོགས་འབུམ་དང་བཅས། །རྔོག་ཆགས་སྲུང་ཞིང་མེལ་ཚེ་མཛད་པའི་ལྷ། །བདག་གི་རྟ་ཡི་རྫི་བོར༴ སྤྲུལ་པའི་གནོད་སྦྱིན་ཨཱརྱ་རེ་མནྟ། །ལྔ་བརྒྱ་དང་བཅས་ནོར་ལྷ་བྱེ་བ་འབུམ། །བདག་གི་རྟ་དྲེལ་རྔོག་ཆགས་འཕེལ་བའི་ཕྱིར། །རྟ་དང་ནོར་གྱི་ལྷ་རུ་མངའ་གསོལ་ལོ། །གསོལ་ལོ་མཆོད་དོ། །རྟ་ལྷ་ཆེན་པོ། གསོལ་ལོ། །མཆོད་དོ། །རྡོ་རྗེ་རེ་མནྟ༴ དཔལ་རབ་འཆང་བའི་མགོན་པོ༴ ཨཱརྱ་རེ་མནྟ༴ ཉི་མའི་སྲས་པོ༴ ཁྲོ་བོ་ཆེན་པོ་རེ་མནྟ༴ རང་འདྲའི་འཁོར་ཚོགས་ལྔ་བརྒྱ༴ དཔལ་འབྱོར་གང་བ་བཟང་པོ༴ རྡོ་རྗེ་རྣམ་ཐོས་སྲས༴ རྟ་ལྷ་མགོན་པོ་ནག་

p. 491

པོ༴ རྟ་བདག་ཀུ་བེ་ར༴ ནོར་ལྷ་བྱེ་བ་འབུམ་དང་བཅས་པ་ལ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས་ལ་ཚེ་སྲོག་བརྟན་པའི་ཕྲིན་ལས་མཛོད་ཅིག །རྟ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། རྟ་འདྲེ་རྟེའུ་སྲི་ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་གཏོར་མ་བསང་ནང་དུ་འབུལ་ལོ། །༈ ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུས་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་མངའ་གསོལ་ལོ། །དུག་གི་ཟོར་ཁ་དགྲ་ལ་བསྒྱུར། །གདུག་པའི་ཁ་རླངས་དགྲ་ལ་བསྒྱུར། །བདག་ཅག་དཔོན་སློབ་མི་ཕྱུགས་

p. 492

བཅས། །ཁྱོད་ཀྱི་བུ་སྤུན་ཚ་བོ་བཞིན། །རྟག་ཏུ་བསྲུང་སྐྱོབ་མ་གཡེལ་ཅིག །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨི་དཾ༴ ཨརྒྷཾ་སོགས། ༈ ནམ་མཁའ་མཐིང་གི་གུར་ཁང་ནས། །འཇའ་འོད་འཐིབས་པའི་ཀློང་དཀྱིལ་ན། །འཛམ་གླིང་ཡོངས་ཀྱི་དགྲ་བླ་ཆེ། །པདྨའི་ཕྲིན་ལས་སྤྲུལ་པ་སྟེ། །ཁྲི་སྲོང་ལྡེའུ་བཙན་སྒྱུ་འཕྲུལ་གར། །ནག་ཕྱོགས་བདུད་སྡེ་བརླག་པ་དང་། །བསྟན་དགྲའི་གཤེད་མ་རྫུ་འཕྲུལ་ཅན། །སེང་ཆེན་ནོར་བུ་དགྲ་འདུལ་ནི། །མི་སྨུག་གཡུ་ཡི་སྨིན་མ་ཅན། །ཡང་སྨུག་བྱི་རུའི་མིག་རྩ་ཅན། །སྐུ་ལ་ཟིལ་པའི་ཐོག་སྡུག་བརྗིད། །དབུ་ལ་དངུལ་གྱི་རྨོག་ཞུ་གསོལ། །སྒྲོ་དར་ཟ་བེར་ཚུབས་སེ་ཚུབ། །དགྲ་བླའི་ཚེ་མདུད་སྤུངས་སེ་སྤུང་། །སྟག་གདོང་གཡས་ལ་གཟིག་ཤུབས་གཡོན། །བཏབ་པ་ལན་མེད་སྐེད་ལ་བསྐོར། །སྦ་ལྕག་ཕྱར་ཞིང་མདུང་དར་འཛིན། །རྐྱང་རྒོད་འཕེན་པོ་ཆིབས་སུ་ཆིབ། །དགྲ་

p. 493

བླ་ཝེར་མའི་འཁོར་གྱིས་བསྐོར། །འདིར་གཤེགས་མཐུན་རྫས་མཆོད་སྤྲིན་བཞེས། །ནག་ཕྱོགས་བདུད་ཀྱིས་བརྫུ་བ་ཡི། །གཟུགས་ཅན་གཟུགས་མེད་དགྲ་བགེགས་རྣམས། །མྱུར་དུ་ཚར་གཅོད་ཕྲིན་ལས་མཛོད། །༈ དམ་ཆོས་ཀློང་གསལ་སྙིང་ཐིག་ལསཿ དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པའི་བསྐང་གསོལ་ཆེན་མོ་བཞུགས་པའི་དབུ་ཕྱོགས་ལགས་སོ། །༔ ཤམཐཐྭཐ།མ༔ དྲེགས་པའི་བདག་ཉིད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྟེན་གྱི་གང་ཟག་རྣལ་འབྱོར་པས༔ དམ་ཅན་ལས་ལ་བསྐུལ་པ་དང་༔ ཉམས་ཆག་བསྐང་དང་དངོས་གྲུབ་བླངས༔ དགྲ་བོ་ཆམ་ལ་དབབ་པའི་ཕྱིར༔ བསྐང་གསོལ་དག་ལ་འབད་པར་བྱ༔ དེ་ཡང་དུས་ཀྱི་བསྐང་གསོལ་དང་༔ མྱུར་བར་དགྲ་ལ་རྦད་པ་དང་༔ བསྒྲུབས་ནས་གཏང་རག་བཏང་བ་དང་༔ དོན་ཆེན་སྒྲུབ་དང་ཤུལ་རིང་འགྲོ༔ དམ་ཅན་བསྐང་གསོལ་འདི་ཉིད་བྲི༔ ཡིད་དང་མཐུན་པའི་གནས་དག་ཏུ༔ ཕྱགས་དར་བྱས་ཏེ་སྟེགས་བུའི་སྟེང་༔ ཕྱེ་གཙང་རིན་ཆེན་ལྔ་བདར་ཏེ༔ བསེ་ཕོར་རིན་ཆེན་སྣོད་ནང་དུ༔ བཤོས་བུ་མཁར་ཐབ་གྲུ་བཞིའི་སྟེང་༔ བཙན་བཤོས་ཟུར་གསུམ་ར་ཁྲག་བྱུགས༔ ཕྱོགས་བཞིར་བཙན་བཤོས་བད་དང་མཉམ༔ ར་དང་སྨན་ལེབ་འབྲང་རྒྱས་བཤོས༔ ཕྱི་བ་ཏིང་ལོ་ལྕགས་ཏི་དང་༔ དར་དང་སྤྱན་གཟིགས་ལ་སོགས་བཤམ༔ རྒྱས་པར་གྲུབ་ན་བཙན་

p. 494

བཤོས་དང་༔ ར་དང་ལྕགས་ཏི་མཁར་ཐབ་རྣམས༔ རིམ་པ་བཞིན་དུ་དྲུག་ཅུར་བཤམ༔ ཆང་ཕུད་རིན་ཆེན་བདར་བ་དང་༔ ར་ཡི་གཟུགས་སམ་བརྟེན་ར་དང་༔ སྤོས་དང་རའི་གསུར་དུད་དང་༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ གསོལ་ཁ་གཞུང་བསྲང་རྒྱས་པར་བྱ༔ དེ་ནས། བདག་ཉིད་དབང་ཆེན་དུ་གསལ་བའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་དུ་ཏྲིཿལས་སྐྱེས་བུ་སེང་གེ་ལ་ཆིབས་པའམ་ར་སྐྱེས་ལ་ཆིབས་པ༔ དར་དམར་པོའི་བེར་གསོལ་བ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་དང་གཡོན་པས་དགྲ་སྙིང་བསྣམས་པ༔ བཙན་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར་བ་ཞིག་བསྐྱེད་ལ་སྤྱན་དྲངས་པ་ནི༔ ཛཿཧཱུྃ་བཾ་ཧོཿ བཛྲ་ས་དྷུ་ས་མ་ཡ༔ རྡོ་རྗེ་འབར་བ་ཧས་བྱ་ཧུས་བྱ་སླེ་གད་ཀྱེ་ཀྱེད་ད་ཚུར་བྱོན་བཛྲ་ཨངྐུ་ཤ་ཛ་ཛཿ རང་རྒྱུད་པ་བཀུག་རང་གི་སྐུ་ལ་གཉིས་སུ་མེད་པར་བསྟིམ༔ དེ་ནས་དར་ལེ་རྒན་གཡབ་ཅིང་གསེར་སྐྱེམས་འཐོར་ལ་འདི་སྐད་དོ༔ ཧོཿ དགོངས་སུ་གསོལ་ལོ༔ སྐྱེས་བུ་ཆེན་པོ༔ དགྲ་བླ་ཆེན་པོ༔

p. 495

དམག་དཔོན་ཆེན་པོ༔ ཨ་ཇོ་ཆེན་པོ༔ དགེ་བསྙེན་ཆེན་པོ༔ ཚོང་དཔོན་ཆེན་པོ༔ ཇག་དཔོན་ཆེན་པོ༔ དམ་ཅན་ཆེན་པོ༔ མགར་བ་ནག་པོ༔ མོན་པ་ནག་པོ༔ སེར་སྐྱ་ནག་པོ༔ དུག་མདའ་རེག་གཅོད༔ སྒྲོལ་གིང་ཆེན་པོ༔ སྐུ་མཆེད་སུམ་བརྒྱ་དྲུག་ཅུའི་རྗེ་བོ༔ འཇིག་རྟེན་ཀུན་ལ་དབང་བསྒྱུར་བའི་མཐུ་བོ་ཆེ༔ མ་ངེས་སྤྲུལ་པ་སྣ་ཚོགས་བསྒྱུར་བའི་རྫུ་འཕྲུལ་ཅན༔ དཔྱིད་ཟླ་གསུམ་ལ་རླུང་ནག་འཚུབས་པའི་སྣ་འདྲེན་པ༔ དབྱར་ཟླ་གསུམ་ལ་སྤྲིན་ནག་དུད་ཁ་ལ་གནས་བྱས་ནས་ཆར་པ་འབེབས་པའི་མཐུ་བོ་ཆེ༔ སྟོན་ཟླ་གསུམ་ལ་བར་སྣང་ལ་གནས་བྱས་ནས་ཐོག་དང་སེར་བ་འབེབས་པ༔ དགུན་ཟླ་གསུམ་ལ་སྐྱེ་བོ་ཡོངས་ཀྱི་ཚོང་ཁང་འགྲིམས་པ༔ སྐྱེ་བའི་རྒྱུད་གཅོད་ཅིང་བུད་མེད་ཀྱི་སྲིད་ལ་བརྐུ་བ༔ ཆོས་བཟང་ལྷའི་མདུན་སར་ལྷ་ཆེན་པོ་བརྒྱད་ཀྱི་མདུན་བསྐུལ་མཛད་ཅིང་ལྷ་

p. 496

དམག་གི་རུ་སྣ་འདྲེན་པ༔ གཟའ་ཆེན་པོ་རཱ་ཧུ་ལ་དབང་བསྒྱུར་ནས་གཟའ་ཆེན་བརྒྱད་ཀྱི་དམག་དཔོན་མཛད་ཅིང་རྒྱུ་སྐར་རྣམས་ལ་དབང་མཛད་པ༔ ཀླུའི་རྒྱལ་པོ་དགའ་བོ་ལ་དབང་བསྒྱུར་བས་ས་བདག་ཀླུ་རྣམས་ལ་དབང་བསྒྱུར་བ༔ ས་བདག་འཇིགས་པར་བསྒྱུར་ཞིང་རྒྱུ་སྐར་རྣམས་ལ་དབང་མཛད་པ༔ ནག་པོ་བདུད་ཀྱི་བུ་ལ་འཆི་བདག་བདུད་ཀྱི་ཚ་བོ༔ ཉམས་པ་ཅན་ཆམས་ལ་འབེབས་ཤིང་དགྲ་བོའི་སྲོག་ལ་དབང་མཛད་པ༔ གནོད་སྦྱིན་རྣམས་ལ་དབང་བསྒྱུར་ནས་མཐུ་རྩལ་དང་ལྡན་པ༔ སྤྱན་རྩ་དམར་པོ་ནམ་མཁའི་དཀྱིལ་ན་གཟིགས་པ༔ ཕྱག་ན་རྡོ་རྗེས་དབང་བསྐུར་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བ༔ རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་སྤྲུལ་པ་ཅིར་ཡང་འགྱེད་པ༔ སྨོན་ལམ་སྟོབས་ཀྱིས་འཇིག་རྟེན་གྱི་ཕུད་ལ་མཉེས་པ༔ ཆིབས་སུ་ཤེལ་གྱི་ར་སྐྱེས་ཁམས་པ་ཆིབས་

p. 497

པ༔ སྐུ་ལ་དར་དམར་གྱི་ངུར་སྨྲིག་གསོལ་བ༔ དབུ་ལ་ཞྭ་སྐྱ་ལེ་རྒན་གྱིས་བརྒྱན་པ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ༔ གཡོན་པས་དགྲ་སྙིང་དམར་པོ་འཛིན་པ༔ དགྱེས་སྡེ་སྨན་དང་བརྟན་མས་བྱེད་པ༔ བཙན་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར་བ༔ འཛིང་གིང་བཞི་བཅུ་རྩ་གཉིས་དང་བཅས་པ་ཁྱེད་རྣམས༔ རི་རབ་ཀྱི་སྟེང་ན་བཞུགས་སམ༔ རྒྱ་མཚོའི་སྟེང་ན་བཞུགས་སམ༔ ཛམྦུའི་གླིང་ན་བཞུགས་སམ༔ ཤར་གྱི་ལུས་འཕགས་པོ་ན་བཞུགས་སམ༔ བྱང་གི་སྒྲ་མི་སྙན་ན་བཞུགས་སམ༔ ནུབ་བ་ལང་སྤྱོད་ན་བཞུགས་སམ༔ རྒྱ་གར་གྱི་ཡུལ་ན་བཞུགས་སམ༔ རྒྱ་ནག་གི་ཡུལ་ན་བཞུགས་སམ༔ དུ་ནག་གི་ཡུལ་ན་བཞུགས་སམ༔ མདོ་ཁམས་སྨད་ན་བཞུགས་སམ༔ ཤུན་གྱི་བྲག་ལ་བཞུགས་སམ༔ དབུ་རུ་ཞྭ་ཡི་གནས་ལ་བཞུགས་སམ༔ སྒྲང་ཡུལ་རིན་ཆེན་གླིང་

p. 498

དུ་བཞུགས་སམ༔ འོ་ཡུག་བྲེ་མོ་ལུང་ན་བཞུགས་སམ༔ ཤང་གི་ཟམ་བུ་ལུང་ལ་བཞུགས་སམ༔ རྒྱ་བོད་ཀྱི་གཙུག་ལག་ཁང་ན་བཞུགས་སམ༔ ལ་ལུང་མདོ་གཙང་ན་བཞུགས་སམ༔ གཙང་གི་ཆོས་འཁོར་ཚོང་འདུས་ན་བཞུགས་སམ༔ འོན་ཏེ་གནས་མཆོག་དམ་པ་གང་ན་བཞུགས་ཀྱང་༔ དེང་གི་གནས་མཆོག་དམ་པ་འདིར་སྤྱན་འདྲེན་གྱི༔ ཐུགས་དམ་དབང་གིས་འདི་རུ་བྱོན་ལ༔ མཆོད་སྦྱིན་གྱི་གཏོར་མ་རྒྱན་དང་ལྡན་པ་འདི་བཞེས་ལ༔ སྔོན་གྱི་སློབ་དཔོན་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་པདྨའི་སྤྱན་སྔར་ཞལ་གྱིས་བཞེས་པ་བཞིན་དུ༔ ཐུགས་དམ་གཉན་པོ་དགོངས་ལ་ཕྲིན་ལས་གཉན་པོ་ཁྱོད་ཀྱིས་མཛོད་ཅིག༔ ཀྱེ༔ ཡང་གཅིག་གསན་ཅིང་དགོངས་སུ་གསོལ༔ སྐྱེས་མཆོག་བཛྲ་ས་དྷུ་ཁྱོད་ནི༔ སྣ་ཚོགས་རྫུ་འཕྲུལ་ཀུན་ལ་ཁྱབ་ཅིང་༔ བོད་ཡུལ་དབུས་ན་བྱོན་ཚེ༔ ཤང་གི་བྱེ་མ་

p. 499

རྫོང་ལ་གནས་པ༔ རྒྱ་ནག་ཡུལ་ན་བྱོན་ཚེ་གསེར་མཁར་སེར་པོའི་ཡང་རྩེ་ལ་གནས་པ༔ སྟག་གཟིག་ཡུལ་དུ་བྱོན་ཚེ༔ ཤེལ་མཁར་རྩེ་དགུ་ལ་གནས་པ༔ རྒྱ་གར་ཡུལ་དུ་བྱོན་ཚེ་རྡོ་རྗེ་རྫོང་མཁར་ལ་གནས་པ༔ བལ་ཡུལ་དུ་བྱོན་ཚེ་ཤེལ་མཁར་ཉི་མའི་སྒྲོན་མེ་ལ་གནས་པ༔ གཞན་ཡང་གཡས་ཀྱི་མདའ་ར་བ་ནི་འོད་དཀར་སྐྱེས་བུ་དྲུག༔ གཡོན་གྱི་མདུང་ཁྱིམ་པ་ནི་ཟངས་རི་དམར་པོ་དྲུག༔ ཕྱིའི་བློན་པོ་པདྨ་དབང་ཕྱུག་འབར༔ ནང་གི་བློན་པོ་བུ་དཀར་རྡོ་རྗེ་དབང་༔ གཞན་ཡང་སྐྱེས་བུ་ཁྱེད་ཀྱི་འཁོར་དུ་གནས་ཤིང་དགྲ་བགེགས་འདུལ་བར་ཞལ་གྱིས་བཞེས་པའི་འཛིང་གིང་བཞི་བཅུ་རྩ་གཉིས༔ རྡོ་རྗེ་ཁྱུང་དྲག་རྩལ༔ རྡོ་རྗེ་ཐིག་ལེ་རྩལ༔ རྡོ་རྗེ་གྲུབ་པ་རྩལ༔ རྡོ་རྗེ་བསམ་འགྲུབ་རྩལ༔ སེར་སྐྱ་ནག་པོ༔ སྟོབས་ལྡན་ནག་པོ༔ བཛྲ་ས་དྷུ༔ གཤིན་རྗེ་ཆེའི་བདག་པོ༔ བྱེས་ལྷ་

p. 500

དཀར་པོ༔ ཤངས་ཀྱི་ཆེ་བཙན༔ གཡས་རུའི་སྐྱེས་གཅིག་པོ༔ ཀླུ་བདུད་ཆེན་པོ༔ གཟེད་ཀྱི་ངར་ལྷ༔ སྔོན་དམར་གྱི་དགྲ་བླ༔ སྐྱེས་བུ་ཆེན་པོ༔ འཛིང་གིང་བཞི་བཅུའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ༔ འབུལ་ལོ་མཆོད་དོ་འདྲེན་ནོ་བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ རྡོ་རྗེ་ལེགས་པ་གསན་དུ་གསོལ༔ དམ་ཅན་ཁྱེད་ཀྱི་བཀའ་ཉན་ལས་བྱེད་པ༔ གཡས་ཀྱི་རུ་འདྲེན་གཉན་པོ་གང་གི་བཙན༔ གཡོན་གྱི་རུ་འདྲེན་གུར་གྱི་ཐེབ་རྒོད་བཙན༔ སྔོན་གྱི་ཤུལ་སེལ་སྟོད་ལུང་མགུལ་གྱི་བཙན༔ ཕྱིའི་རྗེས་ཉུལ་བྲང་ཡུལ་སྟོང་པོ་བཙན༔ གཡས་ཀྱི་མདའ་ར་བ་ཤུགས་རྗེ་ཆེན་པོ༔ གཡོན་གྱི་མདུང་ཁྱིམ་པ་ར་ཐོད་དཀར་པོ༔ ཕྱིའི་བློན་པོ་བྲང་ནག༔ ནང་གི་བློན་པོ་ཐོད་ནག༔ བཀའ་ཡི་ཕྱག་ཚང་མགར་བ་ནག་པོ༔ སྐུ་ཡི་ཕྱག་གཉན་བྲག་ལ་སྐྱེས་ཀྱི་བོ་རྒོད༔ གསུང་གི་ཕྱག་

p. 501

བརྙན་མཚམས་གསང་གདོང་༔ ཐུགས་ཀྱི་སྤྲུལ་པ་རྒྱ་བགྲོད་ཀྱི་གྷོ་ཁྲི༔ ཡོན་ཏན་གྱི་སྤྲུལ་པ་ངང་པ་བྱང་བ༔ ཕྲིན་ལས་ཀྱི་སྤྲུལ་པ་ཕོ་ཉ་བཛྲ་ས་དྷུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ། འབུལ་ལོ་འདྲེན་ནོ་བསྔོའོ་མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་མཆེད་ཟླ་སུམ་བརྒྱ་དྲུག་ཅུ༔ ཤར་ནས་མི་དཀར་རྟ་དཀར་ཅན་བརྒྱ་ནི་འབྲིང་ཡུལ་སྟོད་ན་མངའ་མཛད་པ༔ བྱང་ནས་མི་སྔོན་རྟ་སྔོན་ཅན་བརྒྱ་ནི་འཆིང་ཡུལ་སྟོད་ལ་མངའ་མཛད་པ༔ ནུབ་ནས་མི་དམར་རྟ་དམར་ཅན་བརྒྱ་ནི་རྒྱ་གར་ཡུལ་ལ་མངའ་མཛད་པ༔ ལྷོ་ན་མི་སེར་རྟ་སེར་ཅན་དྲུག་ཅུས་བོད་ཡུལ་དབུས་ན་མངའ་མཛད་པ༔ ལྷ་ཁང་བརྒྱ་དང་རྩ་བརྒྱད༔ སྒྲུབ་གནས་བརྒྱ་དང་རྩ་བརྒྱད༔ བཀའ་དང་གཏེར་གྱི་སྲུང་མ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ༔ བོད་ཁམས་ཡོངས་ལ་ཁྱབ་པ༔

p. 502

བཙན་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་བསྔོའོ༔ མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་སྐྱེས་བུ་ཁྱོད་ཀྱི་འཁོར་ན་གནས་པ༔ མདུན་ན་ལྕགས་ཀྱི་སྤྱང་མོ་དགུ་རྒྱུག་པ༔ གཡས་ན་དུང་ཁྱི་དཀར་པོ་དགུ་རྒྱུག་པ༔ གཡོན་ན་ལྕགས་ཀྱི་དོམ་དྲེད་དགུ་རྒྱུག་པ༔ རྒྱབ་ན་ཟངས་ཀྱི་འཕར་བ་དགུ་རྒྱུག་པ༔ མཚམས་ན་ཕོ་ཉ་གནོད་སྦྱིན་དང་སྲིན་པོ་དགུ་དགུ་འགྱེད་པ༔ འཁོར་དུ་སྐྱེས་པ་སྟག་ཆས་ཅན་སུམ་བརྒྱ་དྲུག་ཅུས་བསྐོར་བ༔ དགྱེས་སྡེ་བསྟན་མ་བཅུ་གཉིས་ཀྱིས་མཛད་པ༔ སྲོད་ཀྱི་དགྱེས་སྡེ་མོ་ནི་ཁ་རག་ཁྱུང་བཙན་དཔལ་མོ་བཙུན༔ ཐོ་རངས་ཀྱི་དགྱེས་སྡེ་མོ་ཤ་མེད་གངས་དཀར་མ༔ སྟན་གྱི་དགྱེས་སྡེ་མོ་ནི་ཀོང་བཙུན་དེ་མོ་སྐྱོང་༔ སྐྱེས་བུའི་ལས་བྱེད་འཁོར་དང་བཅས་པ་ཁྱེད་རྣམས་ལ༔ སྤྱན་གཟིགས་སྣ་ཚོགས་

p. 503

དང་༔ རའི་སྤུ་གཟུགས་དང་༔ བཤོས་བུ་རི་རབ་གསེར་སྐྱེམས་གཙང་མས་གསོལ་ལོ་མཆོད་དོ་འདྲེན་ནོ་བསྔོའོ་མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ༔ འཇིག་རྟེན་སྐྱོང་བའི་མཐུ་བོ་ཆེ༔ བདུད་ཀྱི་ཚ་ལ་དམུ་ཡི་བུ༔ ཐེའུ་རང་གི་རིགས་ལ་རྫུ་འཕྲུལ་ཅན༔ ཐ་ཚིག་བོན་ལ་མངའ་ཞིང་འབྲེལ་བ་ཆོས་ལ་མངའ་བ༔ གནམ་རལ་ཕྱེད་ཀྱི་བདག་པོ༔ གཙང་ཆུ་ཕྱེད་ཀྱི་བདག་པོ༔ མི་མགོ་ནག་གི་རྗེ་བོ༔ བདུད་རྔོག་ཆག་གི་རྐྱེན་གཅིག༔ རིག་པ་ཅན་གྱི་རྒྱལ་པོ༔ འོལ་རྒོད་ཚེའི་སྐྱེས་གཅིག༔ ཉང་རོང་བྱང་གི་བཙན་རྒོད༔ གཡས་རུ་ངོས་ཀྱི་དགྲ་བླ༔ འོ་ཡུག་ཤངས་ཀྱི་རྗེ་བོ༔ ཆེ་ཀ་ལྷ་སྟེ་ཆེ་ཀ་བདུད༔ ཆེ་ཀ་བཙན་ཏེ་ཆེ་ཀ་གཉན༔ སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ༔ རྡོ་རྗེ་ཁྱུང་གཤོག་འབར་བ༔ ཅིར་ཡང་སྤྲུལ་པས་རྫུ་འཕྲུལ་ཅན༔

p. 504

འཇིགས་པའི་སྐུ་ལ་ཁྲོས་པའི་ཐུགས༔ གཅན་སྤྱང་འདུར་བ་ཕྱི་ན་ཁྲིད་པ༔ སྐྱེ་བོའི་དགྲ་བླ༔ བན་བོན་གྱི་སྲུང་མ༔ སྟེང་འདོད་གཉིས་ཀྱི་ཕོ་ལྷ༔ ཡ་རབས་ཀྱི་མགོ་བཙུན༔ ཉི་མ་ནུབ་ཕྱོགས་ཀྱི་སྲོག་བདག༔ འཁོར་དུ་རུ་ཊ་དྲུག་ཅུ༔ འཛིང་གིང་བཞི་བཅུ་རྩ་གཉིས༔ བཙན་རྒོད་བྱ་ར་བ་སྟོང་གིས་བསྐོར་བ༔ ལེགས་ཉེས་ཀྱི་སྟངས་འཛིན་ཅིང་༔ དམ་ཚིག་གི་རྗེས་གཅོད་པ༔ དམ་ཉམས་དགྲ་བོའི་གཤེད་མ་མཛད་པ༔ སྐུ་ལ་གསང་བའི་སྟོང་དཔོན་མཆེད་བཞི༔ ཕྱིའི་དུས་ན་དགེ་བསྙེན་སུམ་བརྒྱ་དྲུག་ཅུའི་དམག་དཔོན༔ ཕུང་བྱེད་བརྒྱད་ཅུའི་སྣ་འདྲེན༔ གཅིག་ནི་པཎྜི་ཏ་ལྔ་བརྒྱའི་ཧ་རི༔ གཅིག་ནི་ཧ་ཤང་བརྒྱ་དང་དྲུག་ཅུའི་གཙོ་བོ༔ གཅིག་ནི་ཨ་ཙ་ར་དྲུག་ཅུའི་གྲལ་དཔོན༔ གཅིག་ནི་དགེ་སློང་ཉིས་བརྒྱ་ལྔ་བཅུའི་གཞི་འཛིན་པ་ཁྱེད་རྣམས་ལ༔ སྤྱན་གཟིགས་དཀོར་ཆ་གསེར་སྐྱེམས་དང་

p. 505

བཅས་པས་གསོལ་ལོ་མཆོད་དོ་འདྲེན་ནོ་བསྔོའོ་མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ གཞན་ཡང་དམ་ཅན་ཆེན་པོ་ཁྱོད་ནི༔ སྲོག་གཅོད་ཤན་པ་ཀླུའི་ཚ་ལ་དམུ་བདུད་ཆེན་པོ༔ དབུ་ལ་དར་ནག་གི་འཐིབ་ཞུ་གསོལ་བ༔ རལ་པ་ཐོར་ཚུགས་གནམ་དུ་བསྒྲེང་བ༔ རལ་པའི་རྩེ་ལ་དུ་བ་འཐུལ་བ༔ སྤྱན་མིག་གཡས་པ་ཉི་མ་ལ་བྱས་པ༔ སྤྱན་མིག་གཡོན་པ་ཟླ་བ་ལ་བྱས་པ༔ སྨ་ར་སེར་པོའི་རྩེ་ལ་མེ་སྟག་འཕྲོ་བ༔ ཞལ་ནས་གདུག་པའི་སྔགས་ཟོར་བཟླ་བ༔ ལྗགས་ནི་གློག་དམར་སྟོང་དུ་འཁྱུགས་པ༔ རྣོ་གདུག་མཆེ་བ་དགྲ་ལ་གཙིགས་པ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ༔ གཡོན་པས་དགྲ་སྙིང་དམར་པོ་ཐོགས་ནས་སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ་བ༔ མི་བཟད་སེང་གེ་དཀར་མོ་ལ་བཅིབས་ནས་སྐུ་ལ་མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ འཁོར་དུ་བཙན་

p. 506

བདུད་གིང་དང་བརྟན་མ་སྲོག་གཅོད་སུམ་བརྒྱ་དྲུག་ཅུས་བསྐོར་བ༔ རོལ་དུ་ཁྱི་སྤྱང་དོམ་དྲེད་འབྲང་བ༔ མགར་བ་ནག་པོ༔ ལྷ་སྨན་དཀར་མོ༔ བརྡལ་ལྷ་རྩེ་མོ༔ གྲངས་ལུང་གུར་སྨན༔ ཐུགས་ཀྱི་དགྱེས་སྡེ་བརྟན་མ་དང་བཅས་པ༔ སྐྱེ་བོ་ཡོངས་ལ་བདུད་ཁ་འབེབས་པ༔ དམ་ཉམས་དགྲ་བོའི་ཤ་ཟ་ཁྲག་འཐུང་བྱེད་པ༔ མནའ་ཟན་རྣམས་ཀྱི་གཤེད་པོ༔ དུག་གསུམ་ནད་ཀྱི་སྨན་པ༔ དབུལ་ཕོངས་རྣམས་ཀྱི་གྲོགས་བྱེད༔ དར་དམར་སྟོང་གི་བདག་པོ༔ ས་གཞི་ཡོངས་ལ་དབང་བསྒྱུར་ཞིང་༔ དམ་ཚིག་ལྷ་ཡི་བྱ་ར་མཛད་པ༔ མི་སྙིང་དང་རྟ་སྙིང་ལ་མངའ་མཛད་པ་འཁོར་དང་བཅས་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་བསྔོའོ་མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ ཧོཿ གསོན་ཅིག་དགོངས་ཤིག་དམ་ཅན་སྲོག་བདག་ཤན་པ་ནག་པོ༔ གཡས་ན་བདུད་ཀྱི་སྟྭ་རེ་བསྣམས་

p. 507

ཤིང་གཡོན་ན་བཙན་ཞགས་མདའ་ལྟར་འཕེན་པ༔ བདུད་དང་གཟའ་སྨན་ལ་སོགས་བུད་མེད་འབུམ་ནི༔ ཁྲག་གི་རྒྱུ་མ་ཟ་ཞིང་ནད་ཀྱི་རྐྱལ་པ་འདེབས་པ༔ ལྕགས་ཀྱི་སྤུ་གྲིས་དགྲ་བོའི་སྲོག་སྙིང་གཅོད་ཅིང་༔ དགྲ་ལྷ་སྲོག་ལྷའི་ཤན་འབྱེད་པ༔ ཁམས་ཀྱི་གནོད་སྦྱིན་ནག་པོ་ལྕགས་ཀྱི་བེར་ག་ཐོགས་ཤིང་ལྕགས་ཀྱི་རྨོག་ཞུ་གསོལ་བ༔ ཁྲམ་ཤིང་ཀླད་ལ་བསྐོར་ཞིང་མི་མགོ་རློན་པས་བརྡུང་བ༔ སྟོང་གསུམ་ཁྲམ་ལ་འདེབས་ཤིང་བཙན་གྱི་ཤྭ་རྡིལ་འདྲེན་པ༔ སྐྱེས་བུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་བསྔོའོ་མཉེས་པ་ཆེན་པོ་དང་ལྡན་པར་གྱུར་ཅིག༔ འོ༔ སྐྱེས་བུ་ཆེན་པོ་སྐུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི༔ སྔོན་ཚེ་ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་དུ་ད་ལྟ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་

p. 508

ཐམས་ཅད་ལ༔ མཐོ་སར་ཉིན་གྱི་བྱ་ར་གྱིས་ཤིག༔ དམའ་སར་མཚན་གྱི་མེལ་ཚེ་གྱིས་ཤིག༔ འཇིགས་སར་ལམ་གྱི་སྐྱེལ་མ་གྱིས་ཤིག༔ ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག༔ ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག༔ དམག་ལ་འགྲོ་ན་དམག་དཔོན་གྱིས་ཤིག༔ རྒྱབ་ཀྱི་གོ་ཁྲབ་གྱིས་ཤིག༔ མདུན་གྱི་མཁར་བ་གྱིས་ཤིག༔ ཕོ་ཉ་དང་མངག་གཞུག་གྱིས་ཤིག༔ སྡང་བའི་དགྲ་སོད་ཅིག༔ གནོད་པའི་བགེགས་ཐུལ་ཅིག༔ ལོག་པར་ལྟ་བ་སྒྲོལ་ཅིག༔ བར་ཆད་ངན་པ་ཐམས་ཅད་བཟློག་ཅིག༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་མི་ཕྱུགས་ནོར་དང་བཅས་པའི་སྲུང་མ་མཛོད་ཅིག༔ ཡུལ་མཁར་ཁྱིམ་དང་བཅས་པའི་བདག་པོ་གྱིས་ཤིག༔ ཁྱོད་འབྱོར་ལྡན་ནོར་གྱི་བདག་པོ་ཡིན་པས་ནོར་ཕྱུག་པར་གྱིས་ཤིག༔ གནས་པ་ཚེ་ཡི་བདག་པོ་ཡིན་པས་ཚེ་རིང་བར་གྱིས་ཤིག༔ བཀྲ་

p. 509

ཤིས་རིགས་རྒྱུད་ཀྱི་བདག་པོ་ཡིན་པས་བདག་གི་རིགས་རྒྱུད་སྤེལ་ཅིག༔ སྙན་གྲགས་མཐུ་ཡི་བདག་པོ་ཡིན་པས་བདག་མཐུ་ཆེ་བར་གྱིས་ཤིག༔ རྟ་ལ་དར་ཐོགས་ཤིག༔ ཁྲོམ་ལ་དུང་བུས་ཤིག༔ འགྱེལ་ན་སློངས་ཤིག༔ བརྗེད་ན་བསྐུལ་ཅིག༔ དགྲ་བྱུང་ན་བྱ་ཐོངས་ཤིག༔ དུག་བྱུང་ན་རྩི་ཐོངས་ཤིག༔ མཉམ་གཉིས་ཀྱི་ཤག་འདེབས་ན་ལྕེ་བདེའོ༔ ཤག་ཁ་ཁྱོད་ཀྱིས་ཐོབ་ཅིག༔ མཉམ་གཉིས་ཀྱི་རྒྱན་འགྱེད་ན་རྒྱན་གྱི་སྡོང་གྲོགས་ལ་རེའོ༔ རྒྱལ་ཁ་ཁྱོད་ཀྱིས་ཟུངས་ཤིག༔ མཉམ་གཉིས་ཀྱི་དཔལ་འགྲན་ན་དཔལ་གྱི་རུ་དར་ཕྱོར་ཅིག༔ དཔལ་ཁ་ཁྱོད་ཀྱིས་བསྟོད་ཅིག༔ ཕྱིའི་དགྲ་བགེགས་ནང་དུ་མ་བཏང་ཞིག༔ ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག༔ གཞན་ཡང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ༔ སྟེང་གི་མི་ལ་ན་ཚ་མ་བཏང་ཞིག༔ འོག་གི་ཕྱུགས་ལ་གོད་

p. 510

ཟག་མ་བཏང་ཞིག༔ ཁ་སྨྲས་དང་གླེང་བརྗོད་མ་བཏང་ཞིག༔ དེ་ལེན་དང་དེ་ཉེས་མ་བཏང་ཞིག༔ མི་མང་སར་སྨ་མ་འབེབས༔ བྱ་མང་སར་སྤུ་མ་བཏོག་ཅིག༔ རང་གི་གཞན་པས་བརྙས་སུ་མ་བཅུག་ཅིག༔ བཀའ་དང་བསྟན་པ་སྲུངས་ཤིག༔ དགྱེས་པའི་ཞལ་སྟོན་ཅིག༔ སྒྲུབ་པའི་རྟགས་ཕྱུངས་ཤིག༔ འདོད་པའི་དོན་སྒྲུབས་ཤིག༔ བཅོལ་བའི་ཕྲིན་ལས་སྒྲུབས་ཤིག༔ འཁོར་དང་ལོངས་སྤྱོད་སྤེལ་ཅིག༔ སྙན་པ་དང་གྲགས་པ་སྒྲོགས་ཤིག༔ ལེགས་པ་བརྗོད་ཅིག༔ ཉེས་པ་ཟློགས་ཤིག༔ བསམ་པ་བསྒྲུབ་ལ་རེ་བ་སྐོངས་ཤིག༔ བདག་ལ་གཡང་ཅན་གྱི་ནོར་སྐྱོལ་ཅིག༔ བརྗིད་ཅན་གྱི་གོས་བཀོན་ཅིག༔ བཅུད་ཅན་གྱི་ཟས་བསྡུས་ཤིག༔ གཞུ་གང་ལས་འཕང་མ་མཐོ་ཞིག༔ འབེན་གང་ལས་རྒྱང་མ་རིང་ཞིག༔ བདག་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིག༔ ༈ ཀྱེ། དམ་ཅན་སྐྱེས་བུ་

p. 511

ཆེན་པོ། མཐུ་དང་རྫུ་འཕྲུལ་གྱི་བདག་པོ། བདག་ལ་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་དང་། ཁྱོད་སྒྲུབ་ཅིང་མཆོད་པའི་ཡོ་བྱད་དུ་མ་དང་མི་ལྡན་པས། མི་སྙིང་བསྒུལ་ཅིག །མི་སེམས་གཡོས་ཤིག །སྣང་བ་བསྒྱུར་ཅིག །ལག་ཞབས་ཁྱོགས་ཤིག །མི་ནོར་ཟས་གསུམ་དབང་དུ་བསྡུས་ཤིག །འབྲུ་དང་ནོར་གྱི་ཆར་ཕོབ་ཅིག །སྐྱེས་བུ་ཆེན་པོ་རེམས་ཤིག །མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ཅི་འདུག་ད་བལྟའོ། །ཞེས་འདོད་གསོལ་འདི་རཱ་ག་ཨ་སྱས་སྦྱར་བའོ། །དེ་ལྟར་མཛད་ན་ཁྱོད་ལ་བརྔན་པ་དང་གཏང་རག་གཉན་པོ་གཏོང་ངོ་༔ བདག་གིས་ཅི་ནུས་ཀྱིས་ཁྱོད་ལ་མཆོད༔ ཅི་རེ་ཁྱོད་ལ་རེའོ༔ རྒྱལ་མཚན་དུ་ཁྱོད་ཕྱར་རོ༔ ཕྲག་པར་ཁྱོད་ཁུར་རོ༔ རེ་བའི་དོན་སྒྲུབས་ལ་སུན་མ་ཕྱུངས་ཤིག༔ དེ་ལྟར་མཆོད་ཅིང་ཐུགས་དམ་བསྐང་ཡང་བདག་གིས་རེ་བའི་དོན་མ་འགྲུབ་ན༔ དམ་ཅན་བསྟེན་

p. 512

པའི་དོན་མ་མཆིས་པས༔ སྙིང་ནས་སྙིང་གི་གྲོགས་སུ་སོམས་ལ༔ བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་སྒྲུབས་ཤིག༔ རྣལ་འབྱོར་པའི་སྐུ་ཚེ་སྲིངས་ཤིག༔ ཕྱི་ནང་གི་བར་ཆད་ཟློགས་ཤིག༔ བཀྲ་ཤིས་བདེ་ལེགས་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག༔ ཅེས་གསེར་སྐྱེམས་གཏོར། རའི་དབང་པོ་རྣམ་ལྔ་དང་༔ སྙིང་ཚིལ་དུ་སྦྱར་གསུར་དུད་བཏང་༔ ར་སྐྱེས་ཡོད་ན་རྟེན་དུ་བཅངས༔ གང་དགོས་ཀྱི་བཅོལ་གཏམ་དྲག་ཏུ་བྱའོ༔ དར་དམར་གཡབ༔ འོ་དོད་འབོད༔ དེ་ནས་དུང་འབུད༔ རྔ་བོན་ཐབས་སུ་བརྡུང་ཞིང་ཐུགས་དམ་བསྐང་༔ ༈ དེ་ནས་བསྟོད་པས་ཐུགས་དམ་བསྐང་བ་ནི༔ ཀྱེ། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ༔ བསྟན་པ་སྲུང་ཞིང་ལེགས་ཉེས་སྟངས་འཛིན་པ༔ དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པའི་མཚན༔ འཇིག་རྟེན་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཁྱོད་ནི་དམུ་བདུད་ཡབ་ཡུམ་ཚོགས་པའི་སྲས༔ སྣ་ཚོགས་འབྲེལ་བས་སངས་རྒྱས་ཆོས་ལ་དགྱེས༔ ལྷ་མི་ཀུན་གྱི་དབང་

དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་ཁ་ནོར་བུ་བརྩེགས་པ།

p. 513

༓དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་ཁ་ནོར་བུ་བརྩེགས་པ་བཞུགས་སོ། །ཧོ༔ འཛམ་བུ་གླིང་གི་སྐྱེས་མཆོག༔ རིག་པ་ཅན་གྱི་རྒྱལ་པོ༔ ཉི་མ་ནུབ་ཀྱི་སྲོག་བདག༔ བདག་དང་རྣལ་འབྱོར་ཡོངས་ཀྱི་སྲུང་མ༔ རིན་ཆེན་གཏེར་གྱི་བདག་པོ༔ རྡོ་རྗེ་ལེགས་པ༔ རྡོ་རྗེ་བདེ་ལྡན༔ རྡོ་རྗེ་འབར་བ༔ རྡོ་རྗེ་ཁྱུང་གཤོག་རྩལ༔ རྡོ་རྗེ་ཐིག་ལེ་རྩལ༔ སྐུ་མདོག་དམར་ནག་འཇིགས་སུ་རུང་བ༔ རལ་པའི་རྩེ་ནས་དུ་བ་འཐུལ་བ༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས་པ༔ སྨ་ར་ཨག་ཚོམ་མེ་ལྟར་འབར་བ༔ མཆེ་བ་ཟངས་

p. 514

ཡག་ཧ་ཧ་རྒོད་པ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར་བ༔ ཕྱག་གཡོན་དགྲ་སྙིང་ཞལ་དུ་གསོལ་བ༔ སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་གི་ཤམ་ཐབས་གསོལ་བ༔ སྦྲུལ་དང་ཐོད་པས་སེ་རལ་འཕྱང་བ༔ ཆིབས་སུ་སེང་གེ་དཀར་མོ་ལ་ཆིབས་པ༔ ཐུགས་ཀྱི་དགྱེས་སྡེ་བཙུན་མོས་བསྐོར་བ༔ བཀའ་བློན་ལྷ་སྲིན་སྡེ་བརྒྱད་དང་བཅས་པ༔ སྒྲོལ་གིང་བྱེ་བ་འབུམ་གྱིས་བསྐོར་བ༔ ཕོ་ཉ་ལྕགས་སྤྱང་དོམ་དྲེད་འགྱེད་པ༔ རྒྱ་ཡི་ཨ་བསེ་ཆེན་པོ༔ བོད་ཀྱི་ཨ་ཇོ་ཆེན་པོ༔ ཁམས་ཀྱི་གནོད་སྦྱིན་ཆེན་པོ༔ མགར་བ་ནག་པོ༔ མོན་པ་ནག་པོ༔ གའུ་ནག་པོ༔ སེར་སྐྱ་ནག་པོ༔ དུག་མདའ་ཆེན་པོ༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུའི་གཙོ་བོ༔ སྐྱེ་བོ་ཡོངས་ཀྱི་དགྲ་བླ༔ བན་བོན་ཡོངས་ཀྱི་སྲུང་མ༔ དམག་དཔོན་ཆེན་པོ༔ ཇག་དཔོན་ཆེན་པོ༔ ཚོང་དཔོན་ཆེན་པོ༔ སྟོང་དཔོན་ཆེན་པོ༔

p. 515

མཁན་དཔོན་ཆེན་པོ༔ གྲལ་དཔོན་ཆེན་པོ༔ ལས་མཁན་ཆེན་པོ༔ སྒྲོལ་གིང་ཆེན་པོ༔ ཕོ་ཉ་ཡང་སྤྲུལ་ལས་མཁན་དང་བཅས་པ་ཁྱེད་རྣམས་ལ་གཙང་མ་ཕུད་ཀྱི་གསེར་སྐྱེམས༔ སྨན་རཀ་གཏོར་མའི་མཆོད་པ༔ དམ་རྫས་བདུད་རྩི་འབར་བའི་མཉེས་མཆོད་དམ་པ་འབུལ་ལོ༔ གསོལ་ལོ་མཆོད་དོ༔ སྡང་བའི་དགྲ་ཐུལ་ཅིག༔ གནོད་པའི་བགེགས་སོལ་ཅིག༔ ཉེས་པ་ཟློགས་ཤིག༔ བསམ་པ་སྒྲུབས་ཤིག༔ རེ་བ་སྐོངས་ཤིག༔ བཅོལ་བའི་ལས་གྱིས་ཤིག༔ སྒྲུབ་པའི་རྟགས་ཕྱུངས་ཤིག༔ དགྱེས་པའི་ཞལ་སྟོན་ཅིག༔ མཐུ་དང་རྫུ་འཕྲུལ་སྐྱེད་ཅིག༔ མངའ་ཐང་འབྱོར་པ་སྤེལ་ཅིག༔ སྙན་པ་དང་གྲགས་པ་སྒྲོགས་ཤིག༔ བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད༔ ཅེས་པ་འདི་ནི་རིག་འཛིན་རྫོགས་པ་ཆེན་པོའི་རྣལ་འབྱོར་མཚན་ལྡན་བསོད་ནམས་རྡོ་རྗེས་པི་ཤོད་དྲ་ནང་རི་ཁྲོད་དུ་སྦྱར་བའོ།། །།༓

གསོལ་ཁ་ཀུན་བཟང་མཆོད་སྤྲིན་མུ་མཐུད།

p. 516
p. 517

ཕྱུག་རྫུ་འཕྲུལ་ཅན༔ དམུ་བདུད་དཀར་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཆོས་བཤིག་མནའ་ཟན་དམ་ཉམས་ཀུན་གྱི་བདུད༔ སྔགས་ཀྱི་སྲུང་མ་དགྲ་ཡི་གཤེད་མ་སྟེ༔ གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་བཞེས་པའི༔ ལེགས་ཉེས་སྟངས་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད༔ དོན་དམ་ངེས་པའི་བདེན་པ་མ་མཐོང་ཡང་༔ སྐྱེས་མཆོག་ཁྱད་པར་ཅན་གྱི་གང་ཟག་གིས༔ དབང་བསྐུར་མིང་བཏགས་གསང་བའི་མཚན་གསོལ་བ༔ ཆོས་སྐྱོང་སྲུང་མ་ཁྱོད་ལ་ཕྱག་འཚལ་བསྟོད༔ རང་གི་ལས་དང་རྫུ་འཕྲུལ་མཐུ་སྟོབས་ཀྱིས༔ ལྷོ་ཡི་འཛམ་གླིང་ཁྱབ་ཅིང་ཀུན་རྒྱུ་ཡང་༔ ཁྱད་པར་བཞུགས་ས་བོད་ཡུལ་དབུས་ཡིན་པས༔ ཡུལ་ལྷ་གཉན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྔོན་ཚེ་ཐོག་མར་རང་གི་བག་ཆགས་ཀྱིས༔ སྨོན་ལམ་དམ་བཅའ་ཉིད་ཀྱིས་ཞལ་བཞེས་པའི་༔ རྒྱ་བོད་མདོ་

p. 518

གཙང་བགྲོད་པའི་སྣ་འདྲེན་མཛད༔ ཚོང་དཔོན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐྱེ་བོ་འཐབ་རྩོད་གཡུལ་ཆེན་འགྱེད་པའི་ཚེ༔ བདག་གིས་ཁྱོད་ལ་གསོལ་བ་བཏབ་པ་ན༔ དམག་གིས་དཔུང་བཟློག་ཕ་རོལ་གཡུལ་འཇོམས་པའི། །དམག་དཔོན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་འདི་ན་ལྟ་བ་ལོག་པ་ཡི༔ མུ་སྟེགས་མཁན་རྣམས་ཐོག་མར་རབ་འདུལ་ཞིང་༔ དེང་འདིར་མཐུན་པར་འཇིག་རྟེན་སྐྱོང་མཛད་པའི༔ མཐུ་ཆེན་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྟན་སྲུང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་འདི་ན་མཐུ་ཆེན་མང་མཆིས་ཀྱང་༔ བཅོལ་བའི་ལས་རྣམས་མྱུར་དུ་མི་འགྲུབ་པས༔ ཁྱོད་ནི་གང་གིས་བསྙེན་ཅིང་སྒྲུབ་པ་ལ༔ མྱུར་དུ་འགྲུབ་པར་མཛད་ལ་ཕྱག་འཚལ་བསྟོད༔ འཁོར་བའི་གནས་ནས་ལྷ་སྲིན་གཞན་བསྟེན་ཡང་༔ དགྲ་བོ་བསད་ཀྱང་བདག་

p. 519

ལ་གནོད་པ་འབྱུང་༔ ཁྱོད་ནི་གང་གིས་འབྲེལ་བས་རྟག་ཏུ་སྐྱོང་༔ ཡུན་དུ་འགྲོགས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་འདི་ན་མ་རབས་གཞན་བསྟེན་ཡང་༔ ཟུང་དུ་རག་ཅིང་སྟོབས་ཀྱང་རབ་ཏུ་ཆུང་༔ ཁྱོད་ནི་ལས་ངན་སྐྱེ་བོས་སྒྲུབ་ཀྱང་མྱུར༔ མཐུ་བདག་གཏེར་འབྱེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཁྱོད་ནི་གསང་སྔགས་ནང་གི་དམ་ཚིག་ཅན༔ བདག་ནི་དམ་ཅན་དམ་ཚིག་གཉན་པོ་སྲུང་༔ དམ་ལ་གནས་མཛད་དམ་ཚིག་གཉན་པོས་འབྲེལ༔ དམ་ཅན་ཚངས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ དམ་ཚིག་དབང་གིས་ར་ཡི་ཤ་ལ་དགྱེས༔ ར་ཤ་ར་ཚིལ་རྟག་པར་ཟས་སུ་ཟ༔ ར་ཡི་པགས་པ་ཉིད་ཀྱི་སྐུ་ལ་གསོལ༔ ཐེའུ་རང་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད༔ སྤྱིར་ནི་རྫུ་འཕྲུལ་ཉིད་ཀྱི་སྟོབས་ཀྱིས་ནི༔ སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཏེ༔ སྔགས་ཀྱི་ཕྱག་མཚན་

p. 520

རྡོ་རྗེ་རྩེ་དགུ་བསྣམས༔ རྡོ་རྗེ་ལེགས་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྤྱིར་ནི་ཉིད་ཀྱི་ཡོན་ཏན་སྤྲུལ་པ་ནི༔ གཅིག་ཏུ་མ་ངེས་གནས་སྐབས་ཐ་དད་དུ༔ བཀའ་དང་བསྟན་པ་སྲུང་བར་ཞལ་བཞེས་པའི༔ གཙུག་ལག་ཁང་སྐྱོང་ཁྱོད་ལ་ཕྱག་འཚལ་བསྟོད༔ དད་པའི་སེམས་ཀྱིས་གདུང་བའི་ཤུགས་ཕྱུང་སྟེ༔ གུས་པའི་སེམས་དང་སྤྲོ་བའི་ཡིད་བཏུད་དེ༔ ཡོན་ཏན་རབ་ཏུ་བསྟན་པའི་རྡུལ་ཙམ་ཞིག༔ རབ་གུས་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ གསང་བའི་དམ་ཚིག་བཀའ་ལ་གནས་པའི་ཚེ། །ལྷ་ཀླུ་གནོད་སྦྱིན་མང་པོས་ཁྱོད་ལ་བསྟོད༔ མཐུ་ཆེན་སྤྱན་རྩ་ནམ་མཁའི་དབྱིངས་སུ་གཟིགས༔ དབུ་སྐྲ་རལ་པའི་ཅོད་པན་གཟིང་བའི་ཚེ༔ ཀླུ་རྒྱལ་ཀུན་ཀྱང་རང་བཞིན་གནས་ནས་འགུགས༔ འཚལ་བུ་རྟིང་དཀར་ཆིབས་སུ་ཆིབས་པའི་ཚེ༔ འཇིག་རྟེན་གསུམ་ཡང་སྐད་ཅིག་ཡུད་ལ་བསྐོར༔ སྟོང་

p. 521

གསུམ་སྲིད་གསུམ་ཉུལ་བའི་བྱ་ར་ལྟ༔ སུ་ཡི་གཤེད་ཀྱང་རྣལ་འབྱོར་བདག་གི་མགོན༔ གྲོགས་ཀྱི་དོན་དུ་ཤག་རོགས་མནའ་ཐོ་བྱས༔ དམ་ཚིག་དུས་ལ་བབ་བོ་སྙིང་གི་གྲོགས༔ སྐྱེས་བུ་ཁྱོད་ལ་མཐུན་པའི་དམ་རྫས་ཀྱིས༔ སྐྱེས་བུ་ཆེན་པོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཁྱོད་ཀྱང་དམ་ཚིག་གཉན་ལ་སོམས༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྟོད་པའོ༔ ༈ རྒྱ་གར་སྐད་དུ༔ བཛྲ་ས་དྷུ་ཏྲིཿ གུ་ཡ༔ ས་མ་ཡ༔ ན་མ་དྷཱ་ར་ཎི༔ བོད་སྐད་དུ༔ རྡོ་རྗེ་ལེགས་པ་གསང་བ་དམ་ཚིག་གི་གཟུངས༔ བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ན༔ འཁོར་གྱི་ཚོགས་དཔག་ཏུ་མེད་

p. 522

པས་བསྐོར་ནས་བཞུགས་སོ༔ དེའི་ཚེ་གནོད་སྦྱིན་རྡོ་རྗེ་ལེགས་པ་སྟན་ལས་ལངས་ཏེ༔ གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ༔ བདག་གི་རིག་པ་འདི་འབུལ་གྱིས་བཅོམ་ལྡན་འདས་ཀྱིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ གནོད་སྦྱིན་ཆེན་པོ་ཁྱོད་སྨྲོས་ཤིག༔ ངས་བྱིན་གྱིས་བརླབ་བྱིན་ཏོ༔ རྡོ་རྗེ་ལེགས་པ་རང་གིས་རིག་པ་འདི་གསོལ་ལོ༔ ཨོཾ་ན་མ་ཏྲེ་ཡ༔ ཏི་ཀི་ཏི་ཀ་ནན༔ ཏ་ཐཱ་ག་ཏ་ནན༔ སརྦ་བཛྲ་དྷཱ་ར་ནན༔ ཙན་དྷ་ཙན་དྷ༔ བ་ལ་བ་ལ༔ བྷ་བ་ཏྲ་བྷ་བ་ཏྲ༔ ཤན་ཏ་ཤནྟ༔ ཧ་ལ་ཧ་ལ༔ མ་ར་ན་མ་ར་ན༔ བཛྲ་ད་ར་ན་ཡ༔ མ་ག་མ་ག༔ ཡེར་ཡེར༔ ཙེར་ཙེར༔ ཐུལ་ཐུལ་སྭཱ་ཧཱ༔ ཞེས་གདོང་གསོལ་དུ་ཕུལ་ཏེ་དྲུང་དུ་འཁོད་དོ༔ བཅོམ་ལྡན་འདས་ཀྱིས་རིག་སྔགས་དྲག་པོ་ཅི་ལ་ཡང་ཐོགས་པ་མེད་པར་བྱིན་གྱིས་བརླབས་སོ༔ གནོད་

p. 523

སྦྱིན་དམ་ལ་མི་ལྡོག་པའི་གཟུངས་འདི་ཟླ་བ་ཡར་ངོ་ལ་ཉེར་གཅིག་བཟླས་ན༔ གནོད་སྦྱིན་རྡོ་རྗེ་ལེགས་པ་དམ་ལ་གནས་ཏེ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་འགྱུར་རོ༔ གང་གིས་འདི་འཛིན་པ་དེ་ཁྲོས་པ་ཙམ་གྱིས་དགྲ་འཆི་བར་འགྱུར་རོ༔ ཕ་རོལ་གྱི་བྱད་ཁ་དང་ཟོར་ཁ་བཟློག་པར་འགྱུར་རོ༔ རྨི་ལམ་ངན་པ་དང་ཕྱོགས་ངན་པ་ཞི་བར་འགྱུར་རོ༔ གང་གིས་འདི་འཛིན་པ་ཙམ་གྱིས་དེའི་དགོས་པ་བསྒྲུབ་པར་འགྱུར་རོ༔ བར་ཆད་སྲུང་ཞིང་སྐྱོབ་པར་བྱེད་དོ༔ རྡོ་རྗེ་ལེགས་པ་གསང་བ་དམ་ཚིག་གི་གཟུ༷ངས་ཞེ༷ས་བྱ༷འོ༔ ས་མ་ཡ༔ ཁ་ཐཾ༔ ཞེས་སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མའོ༔ ཨོཾ་བཛྲ་ས་དྷུ་ས་མ་ཡཿ བྷག་ཏྲཾ་ཏྲཾ་ཤྲི་ནི༔ ཀྲ་མ་ནི་ས་མ་ཡ་ས་དྷུ་ཏྲི་ཛཿ ཛཿཧཱུྃ་བཾ་ཧོ༔ བསྙེན་པའོ༔ ཨོཾ་ཤོག་ཏྲཾ༔ དགྲ་བོ་ཧ་ར་ཧ་ར༔ དུ་ལིང་རྦུད་ཡ༔ རྡོ་རྗེ་འབར་བ་ཧས་བྱ་ཧུས་བྱ༔ རི་ལི་རི་ལི༔ སྲོག་ལ་རྦུད་ཡ༔

p. 524

ཆྒཻ་མོ་ལ་ཡཾ་ཡཾཿ ཡུཾ་ཡུཾ༔ ཙིར་ཙིར༔ ཟུང་ཟུང་༔ སྲོག་རྩ་བྲོབ་ཡ༔ ནག་པོ་ལ་ལ་ཡན་ཏེ༔ དགྲ་བོ་སོད་ཡ༔ ཞེས་པ་ཉིད་ནས་འདིར་བྲིས་སོ༔ ༈ དམ་ཅན་རྒྱུ་དུས་ནི། ཚེས་བརྒྱད། བཞི། གཅིག །བཅོ་བརྒྱད། ཉེར་གཉིས། ཉེར་བདུན། ཉེར་དགུ། གནམ་གང་རྣམས་ལ་རྒྱུའོ། །༈ དམ་ཅན་གྱི་གསོལ་ཀ་ནི། ཧཱུྃ། རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །རྡོ་རྗེ་ལེགས་པ་འདིར་གཤེགས་ཤིག །མགར་བ་ནག་པོ་འདིར་གཤེགས་ཤིག །དམག་དཔོན་ཆེན་པོ༴ ཚོང་དཔོན་ཆེན་པོ༴ འཁོར་དུ་གནས་པའི་གིང་ཆེན་བཞི། །དམ་ཅན་ཐུགས་ཀྱི་དགྱེས་སྡེ་མོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ། །གཞན་ཡང་ཁ་རག་ཁྱུང་བཙུན་སོགས། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ལྷ་བཙན་བདུད་ཀྱི་དགེ་བསྙེན་ནི། །སུམ་བརྒྱ་དྲུག་ཅུར་བཅས་པ་རྣམས། །ཕོ་ཉ་གཅན་གཟན་

p. 525

གདུག་པའི་ཚོགས། །ཟ་བྱེད་མཆེ་བ་ཅན་རྣམས་ཀུན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ཕྱི་ནང་གསང་བའི་མཆོད་པ་དང་། །འདོད་ཡོན་མཆོད་པ་གཏོར་མ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །བདུད་རྩི་སྨན་དང་རིན་ཆེན་འབྲུ། །སྙིང་པོ་ལྔ་དང་དར་ཚོན་ལྔ། །གསུར་ཆེན་སྤོས་དང་གསེར་སྐྱེམས་བཅས། །རོལ་མོ་སིལ་སྙན་སྒྲ་དབྱངས་ཀྱིས། །རྡོ་རྗེ་ལེགས་པ་མངའ་གསོལ་ལོ། །གིང་ཆེན་སྡེ་བཞི་མངའ༴ བརྟན་མ་བཅུ་གཉིས༴ མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་སོགས། །དམ་ཅན་འཁོར་དུ་གནས་པ་ཡི། །ཕོ་ཉ་གཅན་གཟན་བྱ་ཁྲའི་ཚོགས། །ཟ་བྱེད་ཚོགས་རྣམས་མངའ་གསོལ་ལོ། །གསོལ་དང་མཆོད་པ་ལ་བརྟེན་ནས། །སྔོན་གྱི་དམ་ཚིག་གཉན་པོ་ལྟར། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །བདག་ཅག་དཔོན་

p. 526

སློབ་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །ཕྱི་མའི་མུ་མཐར་ཐུག་གི་བར། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པ་མཐའ་དག་སོལ། །དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག །ཅེས་པ་འདི་ཀུན་མཁྱེན་༧ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཉག་རོང་མཚོ་ཁ་ཨཱརྱ་གླིང་དུ་མཛད་པའོ། །༈ དེ་ནས་རོལ་མོ་དང་བཅས་པས་གཏོར་མ་དང་ཆང་ཕུད་ནམ་མཁར་འབུལ་ཞིང་། གསོལ་ལོ། །མཆོད་དོ། །དམ་ཅན་སྐྱེས་བུ་ཆེན་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། གནམ་རལ་གཅིག་གི་བདག་པོ། ས་གྲུ་གཅིག་གི་རྗེ་བོ། འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་མེ་རུ་རྩེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡཾ་ཤུད་དམར་པོ།

p. 527

དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་རྡོ་རྗེ་དཔལ་དང་ལྡན་པ་ལ་སོགས་པ་གསང་བའི་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོང་ལག་དཀར་ཐལ་མོ་རྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་པ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུ་ཡི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་

p. 528

འབུམ་ཕྲག་བཞི་ལ་སོགས་པ་དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་ཆོས། སྡོད་ན་བརྟེན་ས་གྱིས། ཉིན་གྱི་བྱ་ར་དང་། མཚན་གྱི་མེལ་ཚེ་མཛོད། སྔོན་ནས་བསུ་བ་དང་། རྒྱབ་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་། རྡོ་རྗེའི་བཀའ་སྡོད་མཛོད། རྣལ་འབྱོར་པ་བདག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ལ་ཉོན། དགོས་པའི་དོན་སྒྲུབས། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་བཟློག །སྡོད་སའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། རྒྱུད་འཛིན་གྱི་སློབ་མ་སྲུངས། ལུས་དང་

p. 529

གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ། བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། ༈ དམ་ཅན་རྡོ་རྗེ་ལེགས་པའི་མངའ་གསོལ་བྱེད་པར་སྤྲོ་ན། བཙན་བཤོས་ར་མགོས་བརྒྱན་པ་སོགས་མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལའི་ནང་དུ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ཤ་ལྔའི་རང་བཞིན་གྱི་གཏོར་མ་དང་། འདོད་ཡོན་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་ས་དང་བར་སྣང་གང་བར་གྱུར། ཧཱུྃ། ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །རྡོ་རྗེ་ལེགས་པ་མཐུ་བོ་ཆེ། །གསང་མཚན་བཛྲ་ཐིག་ལེ་རྩལ། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །རྡོ་རྗེ་དང་ནི་དགྲ་སྙིང་འཛིན། །སག་ཞུ་བེར་གསོལ་ཆས་ཀྱིས་བརྗིད། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །ཡུམ་ཆེན་དགྱེས་སྡེ་བཅུ་གཉིས་སོགས། །འཁོར་དང་ཡང་འཁོར་མང་པོ་བཅས། །འོག་མིན་གནས་དང་མི་མཇེད་

p. 530

ཞིང་། །ཁྱད་པར་འོ་ཡུག་གོང་སྔོན་ནས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །དངོས་སུ་འབྱོར་དང་ཡིད་སྤྲུལ་གྱི། །འདོད་ཡོན་མཆོད་པ་སྣ་ཚོགས་ཀྱིས། །རྡོ་རྗེ་ལེགས་པ་མངའ་གསོལ་ལོ། །སྐྱེས་བུ་ཆེན་པོ༴ ཚོང་དཔོན་ཆེན་པོ༴ དམག་དཔོན་ཆེན་པོ༴ ཇག་དཔོན་ཆེན་པོ༴ ལིང་དཔོན་ཆེན་པོ༴ ཨ་ཇོ་ཆེན་པོ༴ ལྷ་བཙན་བདུད་ཀྱི་དགེ་བསྙེན་ནི། །སུམ་བརྒྱ་དྲུག་ཅུ༴ བརྟན་མ་བཅུ་གཉིས༴ སྤྲུལ་པའི་ཕོ་ཉ༴ ཡང་འཁོར་དམག་ཚོགས་མངའ་གསོལ་ལོ། །འཁོར་བཅས་གསོལ་ཞིང་མཆོད་པའི་མཐུས། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །རྣལ་འབྱོར་བདག་གི་བར་ཆད་སོལ། །གཞི་ལ་འདུག་ན་གཞི་དཔོན་མཛོད། །བྱེས་སུ་འགྲོ་ན་བྱེས་དཔོན་མཛོད། །དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །

p. 531

ཚེ་དང་བསོད་ནམས་རྒྱས་པར་མཛོད། །མདོར་ན་ཆོས་ལྡན་བསམ་སྦྱོར་ཀུན། །བདེ་བླག་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ཅིང་གཏོར་མ་འབུལ་ནས་གཤེགས་སུ་གསོལ་བས་འཐུས་སོ། །ཞེས་པ་འདི་སི་ཏུ་པས། བསྟན་འཛིན་ཕུན་ཚོགས་ཀྱི་འདོད་ངོར་ཆུ་ཟླའི་ངོགས་སུ་སྦྱར་བའོ། །༈ ཇག་མེའི་གསོལ་ཀ་ནི། ཧཱུྃ། མཐོ་བ་སྲིད་པའི་ཡང་སྟེང་གི །རྩུབ་གྱུར་ཚལ་དུ་རུ་མཚོན་ཅན། །དཀར་པོ་ལྷ་ཡི་དབང་ཕྱུག་གི །དམག་དཔོན་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། དམའ་བ་ས་འོག་རིམ་པ་དགུའི། །གྲོང་ཁྱེར་མཆོག་ན་སྲོག་བདག་དམར། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡི། །ལས་མཁན་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། བར་གྱི་བདུད་ཡུལ་ཁ་རག་གླིང་། །གདོང་དམར་ཡུལ་ན་ཨབ་ཟེ་རྒྱལ། །ཞང་ཞུང་བོན་གྱི་སྐྱོང་བ་ཆེ། །དགྲ་བླའི་རྒྱལ་པོ་གཤེགས་སུ་གསོལ། །ཧཱུྃ། ལྷག་པར་མོན་ཁམས་ཐིངས་པོ་ཡི། །བདེ་ཆེན་

p. 532

གནས་ནས་བཙན་རྒོད་གྱད། །རིག་འཛིན་བླ་མའི་བཀའ་ཉན་མཆོག །ཇག་པ་མེ་ལེན་གཤེགས་སུ་གསོལ། །མཆོད་པ། ཧཱུྃ། བསད་པའི་དམར་ཆོལ་ལྦུ་གསར་ཅན། །དགྲ་བོའི་སྙིང་རྩ་ནས་བབས་དང་། །སྣ་ཚོགས་འབྲུ་ཡི་ཛ་གད་ནི། །གསེར་ག་གཡུ་ཁས་བརྒྱན་ཏེ་འབུལ། །ཧཱུྃ། དགྲ་མགོ་བྲེག་པའི་ཕྲེང་བ་གཏིབས། །ཤ་དྲི་གསར་པའི་ན་བུན་འཐུལ། །རྒྱལ་བའི་རུ་མཚོན་སྣང་བ་སྦར། །དཔའ་བའི་འབྲུག་སྒྲ་ལྡིར་བ་འབུལ། །ཧཱུྃ། ཡི་གར་འོང་བ་སྒྲུབ་པའི་རྒྱན། །སྡང་བའི་དགྲ་བོ་འཇོམས་པའི་ཆས། །གནབ་འོས་འཁྱིལ་གྱི་གནང་ཆེན་ནོར། །ཕྱུགས་ཀྱི་འགྲོ་བ་ཀུན་ཀྱང་འབུལ། །ཧཱུྃ། རྟ་དམར་གླང་དམར་ར་དག་གི །ཤ་ནི་ངར་བཅས་བ་ལིང་ཏ། །སྙིང་དང་ནང་ཁྲོལ་སྣ་ཚོགས་ཀྱི། །རྒྱ་མཚོ་ཆེན་པོར་བྱས་པ་འབུལ། །བསྟོད་པ་ནི། ཧཱུྃ། གདུག་པ་ཁྱོད་ཀྱི་གཟུགས་ཀྱི་བྱིན། །མ་རུངས་ཇག་

p. 533

པའི་ཚ་ངད་ཀྱིས། །བར་ཆད་བགེགས་ཀྱི་ཕྱེ་མ་ལེབ། །ཐམས་ཅད་གཞོབ་ཀྱང་མེད་པར་བསྲེགས། །ཧཱུྃ། གཟིར་བའི་སྤྱན་གྱིས་མི་ནོན་བགེགས། །ཁྲོས་པའི་ཞལ་གྱིས་མཆེ་བ་གཙིགས། །མེ་ལེན་དམ་ཚིག་ཉམས་པའི་སྲོག །འཇིག་རྟེན་ཁམས་ན་ཅང་མེད་དོ། །ཧཱུྃ། རྡོ་རྗེའི་རྨོག་ཞུ་ཁྲབ་ཆེན་ཕུབ། །མདུང་དམར་ཞགས་བཟུང་མདོ་དྲུག་ཆས། །ཞུབ་ཆེན་རྟར་ཞོན་དཔའ་རྐྱེན་གདོང་། །སུས་ཀྱང་ཚུགས་པར་མི་ནུས་སོ། །ཧཱུྃ། སྲིན་བྱ་ཁུས་འདེབས་འཕར་ཁྱི་དམར། །བཙན་དམག་ཅོ་སྒྲས་ཁོལ་བ་རྣམས། །མེ་རུ་འབར་ཞིང་རླུང་དུ་འཚུབ། །དགྲ་བོའི་སྲོག་ལ་དུག་ཏུ་གྱུར། །བསྐུལ་པ་ནི། ཧཱུྃ། སྲིད་གསུམ་འཇོམས་པའི་ཇག་པ་ནི། །ཞེ་སྡང་མེ་ལྟར་འབར་བ་རྣམས། །དགྲ་བོའི་སྲོག་རྩ་ལེན་ལ་སོགས། །སྲོག་དང་དབུགས་ལ་རྔམ་ཟས་གྱིས། །ཧཱུྃ། མི་སྡུག་གཟུགས་དགུའི་ཆོ་འཕྲུལ་བདག །

p. 534

དགྲ་དང་བགེགས་ཀྱི་སྟེང་དུ་བསྒྱུར། །མི་སྙན་ངག་གིས་དམོད་པའི་མེ། །ལེན་མཁན་དགྲ་འདི་ཡིན་པས་བསྐུལ། །ཧཱུྃ། ལྷ་སྲིན་དྲེགས་པའི་ཇག་དཔོན་ཁྱེད། །ཐུབ་པའི་ལྷ་འདྲེ་གང་ཡང་མེད། །མི་བོ་ཟས་སྐལ་ཡིན་པའི་ཕྱིར། །དགྲ་བོར་མེ་འདྲར་སྲོག་ལེན་མཛོད། །ཧཱུྃ། ཇག་དམར་རལ་དགུ་བརྡབ་ནས་ཁྱོད་རྦད་དོ། །དམ་བསྐུལ་མེ་དཔུང་སྦར་ནས་ཁྱོད་རྦད་དོ། །ལན་རྩའི་རྩ་བ་བཤད་ནས་ཁྱོད་རྦད་དོ། །དགྲ་བོ་ཚར་གཅོད་ལས་འདི་མྱུར་དུ་སྒྲུབས། །དམ་ཅན་ཇག་པ་མེ་ལེན་ཞེས། །གྲུབ་པའི་བཀའ་ཉན་དེ་མཆོད་པའི། །ཆོ་ག་ཧཱུྃ་སྒྲ་བཅུ་དྲུག་པ། །པད་མ་དཀར་པོ་བདག་གིས་སྦྱར། །༈ ཧཱུྃ། སློབ་དཔོན་པདྨས་དབང་བསྐུར་དམ་ཚིག་ཅན། །རྡོ་རྗེ་དགྲ་འདུལ་ཞེས་སུ་མཚན་གསོལ་བའི། །གསང་བའི་གཉེར་གཏད་བཀའ་ཡི་སྲུང་མར་བསྐོས། །སྒྲུབ་བརྒྱུད་བསྟན་པའི་སྲུང་མ་དམ་ཚིག་ཅན། །སྔོན་གྱི་རིག་འཛིན་རྣམས་ཀྱིས་

p. 535

མངའ་གསོལ་ལྟར། །སྒྲུབ་མཆོག་བདག་གི་སྲུང་མར་མངའ་གསོལ་ལོ། །ཞི་བའི་དངོས་གྲུབ་རྒྱས་པའི་སྟོབས་འབྱོར་དང་། །དབང་གི་ལས་སྒྲུབ་དྲག་པོས་ལོག་འདྲེན་རྣམས། །བསྒྲལ་བར་མངའ་གསོལ་དོན་ཀུན་འགྲུབ་པར་མཛོད། །རིག་འཛིན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་དང་། །བར་དུ་གཅོད་པའི་དགྲ་བགེགས་མ་ལུས་ཀུན། །སྐད་ཅིག་ཉིད་ལ་བསྒྲལ་བའི་ཕྲིན་ལས་མཛོད། །ཨོཾ་སརྦ་སོགས། གསོལ་ལོ། །མཆོད་དོ། །དགེ་བསྙེན་ཆེན་པོ་རྡོ་རྗེ་དགྲ་འདུལ། ཇག་པ་མེ་ལེན། ཤན་པ་དམར་པོ། སྒྲོལ་བྱེད་བདུད་ཀྱི་ཤན་པ། སྲོག་གཅོད་གཤིན་རྗེའི་ཤན་པ། འགུགས་བྱེད་བཙན་གྱི་ཤན་པ། ཡུམ་མཆོག་སྨན་མོ་ཆེན་མོ། འཁོར་ཤན་པ་འབུམ་སྡེ། སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་

p. 536

བ་ལིང་ཏ༴ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་སྲིངས། ཁྱད་པར་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཞེས་དུང་དཀར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་གིས་སྦྱར་བའོ། །༈ ཀླུ་བདུད་ཆེན་པོ་དགེ་བསྙེན་སྙོ་ཁའི་གསོལ་མཆོད་འདོད་དགུ་ཆར་འབེབས་བཞུགས་སོ། །ཧཱུྃ། རྫོགས་ལྡན་དང་པོར་རྡོ་རྗེ་འཛིན་པ་ཡིས། །ཁྱོད་ལ་དབང་བསྐུར་སེམས་བསྐྱེད་བྱིན་རླབས་པ། །མ་འོངས་སྙིགས་མར་བསྟན་པའི་གཉེར་གཏད་ཅིང་། །དམ་ཚིག་སེམས་དཔའ་ཉིད་དུ་མངའ་གསོལ་མཛད། །རྩོད་ལྡན་གཉིས་པ་བར་གྱི་བསྐལ་པར་ཡང་། །སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས། །དབང་བསྐུར་ཡེ་ཤེས་

p. 537

སེམས་དཔར་མངའ་གསོལ་བའི། །དྲེགས་པའི་གཙོ་བོ་གཏེར་གྱི་སྲུང་མར་བསྐོས། །རྩོད་ལྡན་ཐ་མར་སྙིགས་མ་ལྔ་བརྒྱའི་མཐར། །རྒྱལ་བསྟན་རིན་ཆེན་ཁྱེད་ཀྱིས་སྐྱོང་བར་མཛད། །ཁས་བླངས་དམ་བཅས་མ་གཡེལ་དྲན་མཛོད་ལ། །སྒྲུབ་མཆོག་བསྟན་པ་སྐྱོང་བར་མངའ་གསོལ་ལོ། །དབང་དྲག་པདྨས་དམ་ལ་བཞག་པ་ཡི། །གནས་བརྒྱད་དགེ་བསྙེན་གཅིག་དང་ཐ་དད་མེད། །རོལ་མཚོ་བདུན་དང་བླ་མཚོ་ནག་པོའི་བདག །ཀླུ་ཆེན་བརྒྱད་ཀྱི་གཙོ་བོར་མངའ་གསོལ་ལོ། །སྲིད་གསུམ་འདི་ན་འགྲན་ཟླ་མ་མཆིས་པའི། །སྦྲུལ་ནག་གདེང་ཀ་སྲིད་པའི་རྩེ་མོར་སླེབས། །མགོ་ལུས་མེད་པ་མིག་གིས་གང་བ་ཁྱོད། །བསྟན་པའི་བྱ་ར་གཟིགས་པར་མངའ་གསོལ་ལོ། །ཀླུ་བདུད་འབུམ་གྱི་འཁོར་གྱི་ཡང་འཁོར་བའི། །ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ་བོར་བཞུགས། །ཁྱོད་ལ་

p. 538

བདག་གིས་མངའ་གསོལ་ཞུ་བ་ནི། །དམ་ཉམས་སྲོག་གི་གཤེད་མར༴ སྒྲུབ་པའི་འགལ་རྐྱེན་སོལ་ཅིག༴ མཐུན་རྐྱེན་བསམ་པ་སྒྲུབས་ཤིག༴ འདོད་དོན་ཕྲིན་ལས་མཛོད་ཅིག༴ དམིགས་པའི་དགྲ་བགེགས་སྒྲོལ་ཅིག༴ བསྟན་པའི་སྒྲོན་མེ་ཁྱོགས་ཤིག༴ སྔར་བཅོལ་ལས་ཀྱི་བཏང་རག་གཉན་པོ། ད་བཅོལ་ལས་ཀྱི་ཞུ་སྐྱེམས་དམ་པ། མེ་ཏོག་བདུག་སྤོས་ཕྱི་ཡི་མཆོད་པ། འདོད་ཡོན་རྣམ་ལྔ་སྤྱི་ཡི་མཆོད་པ། རྒྱལ་སྲིད་སྣ་བདུན་རང་གི་དམ་རྫས། བ་ལིང་རྣམ་ལྔ་དགྱེས་པའི་དམ་རྫས། བདུད་རྩི་སྨན་རཀ་གསང་བའི་དམ་རྫས། མཾ་ས་རྣམ་ལྔ་དབང་པོའི་མེ་ཏོག །དགྲ་བགེགས་བསྒྲལ་བའི་སྲོག་དབུགས་དང་བཅས་པ་འདིས་གསོལ་ལོ། །མངའ་གསོལ་ལོ། །མཆོད་དོ། །སྒྲུབ་པ་པོ་བདག་གིས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་བ་ཐོགས་པ་མེད་པར་སྒྲུབས་ཤིག །མངྒ་ལཾ། །༈ ཧཱུྃ།

p. 539

སྔོན་ཚེ་གསང་བདག་རྡོ་རྗེ་འཛིན་པའི་དྲུང་། །སེམས་བསྐྱེད་དབང་བསྐུར་བསྟན་པའི་སྲུང་མར་བསྐོས། །བྱིན་གྱིས་བརླབས་པའི་སྲུང་མ་དམ་ཚིག་ཅན། །དམ་ཚིག་དགོངས་ལ་བརྩེ་བས་གནས་འདིར་གཤེགས། །ཨོ་རྒྱན་ཆེན་པོས་གཏེར་གྱི་སྲུང་མར་བསྐོས། །ལྷོ་བྲག་མཁར་ཆུར་རང་རྟགས་སྲོག་སྙིང་ཕུལ། །དགེ་བསྙེན་བསྙོ་ཁར་མཚན་གསོལ་དམ་ཚིག་ཅན། །སྔོན་གྱི་ཞལ་བཞེས་དུས་འདིར་དྲན་མཛོད་ལ། །འདིར་གཤེགས་མངའ་གསོལ་ཕུད་དང་གཏོར་མ་བཞེས། །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བོ་སྒྲོལ། །རྣལ་འབྱོར་སྒྲུབ་པའི་བར་ཆད་བསལ་བ་དང་། །བསྟན་པ་མི་ནུབ་ཡུན་དུ་གནས་པར་མཛོད། །ཁྱོད་ལ་མཐུན་པའི་མཆོད་རྫས་འབུལ་བ་ནི། །བཤོས་བུ་ནག་པོ་ཤ་དང་ཁྲག་གིས་སྦག །གཡག་ལུག་ཁྱི་རྟ་རྩེ་ལ་བྱ་ནག་དང་། །དཀར་དང་དམར་

p. 540

གྱིས་བརྒྱན་པའི་བ་ལིང་ཏ། །ཕུད་རྒོད་བདུད་རྩིའི་རང་བཞིན་རྒྱ་མཚོ་ཙམ། །སྔགས་དང་ཕྱག་རྒྱས་སྤེལ་ཞིང་སྦྱངས་པ་འདི། །བཞེས་ཤིག་བཞེས་ཤིག་སྲུང་མ་དམ་ཚིག་ཅན། །བཀའ་གཏེར་བསྟན་པ་སྲུང་ཕྱིར་མངའ་གསོལ་ལོ། །དེང་སང་དུས་ཀྱི་སྙིགས་མར་གྱུར་པའི་ཚེ། །བསྟན་དང་གང་ཟག་ཉམ་ཆུང་གྱུར་པ་ན། །བསྟན་སྲུང་རྣམས་ཀྱིས་མཐུ་རྩལ་དཔུང་བསྐྱེད་ལ། །དགྲ་བགེགས་རྩད་ནས་གཅོད་པར༴ བསྟན་ལ་སྡང་བའི་ལས་ངན་འདི་དག་ལ། །བསྟན་སྲུང་རྣམས་ཀྱིས་མཐུ་རྩལ་མི་སྤྲུག་ན། །དཔའ་རྩལ་ཆེ་ཡང་དོན་ཆུང་ཅི་ཞིག་བྱ། །དཔའ་རྩལ་མཐུ་སྟོབས་བསྐྱེད་ཕྱིར་མངའ་གསོལ་ལོ། །གསོལ་ལོ་མཆོད་དོ། །ཐང་ལྷ་གཉན་པོ། དགེ་བསྙེན་མཁར་ནག །ཀླུ་བདུད་མགོ་དགུ། སྐུ་ལ་མཁའ་རི། ཟླ་བའི་གདོང་ཅན། བདུད་པོ་སྐྲག་མེད། ཟུ་ར་ར་སྐྱེས། དགེ་བསྙེན་བསྙོ་ཁ། དགེ་

p. 541

བསྙེན་ཉི་ཤུ་རྩ་གཅིག་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ཁྱེད་རྣམས་ལ་དམ་རྫས་བརྒྱན་པའི་གཏོར་མ། བདུད་རྩི་སྨན་གྱི་མཆོད་པ། རཀྟ་དམར་གྱི་ཨརྒྷཾ་དང་བཅས་པ་འདིས་གསོལ་ལོ། །མངའ་གསོལ་ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་ཕྲིན་ལས་སུ་བཅོལ་བ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། སྒོས་རིག་འཛིན་གྱི་ཕྲིན་ལས་སྤེལ། ལོངས་སྤྱོད་ཀྱི་གཏེར་ཁ་བསྐྱེད། གཞན་དོན་འདུན་གྱི་སྣང་བ་བསྒྱུར། མི་ནོར་ཟས་གསུམ་དབང་དུ་བསྡུས། དམིགས་པའི་དགྲ་བགེགས་ཡིད་ལ་བརྣག་པ་རྣམས་ཞག་དང་ཟ་མར་ཡང་མ་ཐོགས་མྱུར་དུ་སྒྲོལ་ཅིག །ནག་པོ་ཏི་པ་ར་ཙཱ་ན་གི་རཀྴ་ཀྲོ་ཏ་པ་ཙ་ལ་ཏི། དགྲ་འདྲེ་བྱད་གསུམ་གྱི་ཤ་ཁྲག་རུས་གསུམ་བཀའི་གཏོར་མ་འདི་དང་མཉམ་དུ་བསྟབ་བོ། །འབུལ་ལོ། །བཞེས་ཤིག་རོལ་ཅིག་ཁ་རྃ་ཁ་ཧཱི། ཨི་དམ་བ་ལིངྟ་

p. 542

སརྦ་བུདྡྷ་ཁ་ཁ་ཁྷི་ཁྷི། ༈ སྐྱབས་གནས་རྩ་གསུམ་ཀུན་འདུས་རྗེ། །ཨོ་རྒྱན་སློབ་དཔོན་པདྨ་ལ། །མི་ཕྱེད་དད་པས་ཕྱག་འཚལ་བསྟོད། །རང་སེམས་གསལ་བའི་རང་མདངས་ལས། །གུ་རུ་པད་འབྱུང་སྐུར་གསལ་བའི། །མདུན་དུ་ཀླུ་ཡི་དགེ་བསྙེན་ནི། །བྲ་ནག་སྟེང་དུ་དར་སྟན་དང་། །བསེ་སྒ་གསེར་སྲབ་གཡུ་མཐུར་སྤྲས། །དངུལ་ཡོབ་རིན་ཆེན་རྒྱན་གྱིས་མཛེས། །དགེ་བསྙེན་ཆེན་པོའི་ཆ་ལུགས་ནི། །མི་སྨུག་སྔགས་པའི་ཆས་དང་ལྡན། །རལ་པས་སྐུ་སྟོད་ཁེབས་པ་ལ། །སྔགས་པའི་ཞྭ་ནག་མཛེས་པར་གསོལ། །ཕྱག་གཉིས་རྡོ་རྗེ་ཕུར་པ་འཛིན། །ཞབས་གཉིས་སག་ལྷམ་རྒྱན་ལྡན་གསོལ། །ཡུམ་སྲས་སྨན་མོ་འབུམ་གྱིས་བསྐོར། །གཟའ་སོགས་སྡེ་བརྒྱད་ཡང་འཁོར་བཅས། །དམ་རྫས་གཏོར་མ་གསེར་སྐྱེམས་འབུལ། །སངས་རྒྱས་པད་འབྱུང་བསྟན་པ་སྤེལ། །བདག་ཅག་

p. 543

དཔོན་སློབ་འཁོར་བཅས་ལ། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཁྱོད་ཀྱི་ཆ་ལུགས་མ་ངེས་ཤིང་། །ལྷ་ཀླུ་བདུད་སོགས་ཅིར་ཡང་སྤྲུལ། །ཡུལ་ཉིད་གནས་པའི་སྐྱེ་འགྲོ་ལ། །དགྲ་བོ་ཕྱོགས་བཞི་གར་འདུག་ཀྱང་། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ལྷག་པར་འབའ་རོམ་དགོན་སྡེ་ལ། །བཤད་སྒྲུབ་བསྟན་པ་འཕེལ་བ་དང་། །ཡུལ་ཕྱོགས་ཀུན་ཏུ་བདེ་བ་དང་། །ལོ་ལེགས་རྩྭ་ཁ་ལེགས་པ་དང་། །འཛམ་གླིང་ཕྱོགས་བཅུར་བདེ་བར་མཛོད། །བཀྲ་ཤིས་ཕྱོགས་མཐར་ཀུན་ཁྱབ་ཤོག །ཅེས་པ་དགེ་བསྙེན་དགྱེས་པའི་ལྟས་ཅུང་ཙམ་བྱུང་བར་སྔགས་འཆང་རྣམ་རྒྱལ་རྡོ་རྗེས་ཕུལ་བའོ། །༈ ཨོཾ་ཨཱཿཧཱུྃ། མཚོ་ནག་རྦ་ཀློང་འཁྲུགས་པའི་ཀློང་དཀྱིལ་ནས། །རྦ་བ་ནག་པོ་རྣལ་འབྱོར་བདག་གི་གྲོགས། །དབང་གི་ལས་སྒྲུབ་མདོག་དམར་ཁྲོ་ཞིང་གཏུམ། །བསེ་རྨོག་བསེ་ཁྲབ་དར་བེར་བརྗིད་ལྡན་

p. 544

གསོལ། །ཕྱག་གཉིས་མདུང་དར་ཡིད་བཞིན་ནོར་རྐྱལ་འཛིན། །དགྱེས་ཤིང་བརྩེ་བའི་ཉམས་ལྡན་དེང་འདིར་ནི། །མཆོད་གཏོར་ལེགས་བཞེས་བསམ་དོན་ཡིད་བཞིན་སྒྲུབས། །རིག་འཛིན་རྒྱལ་བའི་གདུང་འཚོབ་བསྟན་འགྲོའི་མགོན། །དཔལ་ལྡན་བླ་མའི་སྐུ་ཚེ་མཛད་ཕྲིན་སྤེལ། །མི་མཐུན་ཆོས་ལོག་བྱེད་པའི་སྐྱེ་བོ་རྣམས། །ཚར་གཅོད་དྲག་པོའི་ཕྲིན་ལས་དུས་ཀུན་མཛོད། །རྣལ་འབྱོར་གྲོགས་མཆོག་ཁྱོད་ཀྱིས་ཕལ་རྒོལ་མཛོད། །བྱད་ཁ་རྦོད་གཏོང་རིགས་སྔགས་རྡུལ་དུ་རློགས། །ཚེ་དཔལ་བསོད་ནམས་ལེགས་རྒྱས་ཕྲིན་ལས་སྤེལ། །མོས་བཞིས་སྐྱེ་འགྲོ་དྲེགས་ཚོགས་དབང་དུ་བསྡུས། །གཞི་བྱེས་ཀུན་ཏུ་འབྲལ་མེད་ཁ་འཛིན་མཛོད། །ཅེས་རྦ་ནག་དགེ་བསྙེན་དབང་གི་ལས་སྒྲུབ་འདི་བཞིན་རང་གི་རྨི་ལྟས་སུ་བྱུང་བར་བརྟེན་མཆོད་གཏོར་འབུལ་བའི་འདོད་གསོལ་དུ་རྡོ་རྗེ་འཛིན་པས་བྲིས། སརྦ་མངྒ་ལཾ། །༈ ཨོཾ། དྲི་ཟའི་རྒྱལ་

p. 545

པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་ཕྱུག་མོར་བཅས་པས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་། །བསྟན་པ་འཕེལ་ཞིང་འདོད་རྒུ་རྒྱ་ཆེར་ལྡན། །གདུག་འདྲེ་ནད་དང་གནོད་པ་ཞི་བ་དང་། །ཐམས་ཅད་བདེ་གར་སྤྱོད་པའི་བཀའ་དྲིན་སྩོལ། །ཨོཾ་ཨ་མ་ནུ་ཥེ་རཱ་ཛ་ས་པཱ་རི་ཝ་རི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི། ཞེས་སོ། །ཀྱེ། འཛམ་གླིང་སྐྱོང་བའི་སྐྱེས་གཅིག་པུ། །དྲི་ཟའི་རྒྱལ་པོ་མཐུ་བོ་ཆེ། །གསང་མཚན་ཐང་ལྷ་རྡོ་རྗེ་འབར། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཁྱོད་ལ་མཆོད་པ་འབུལ་བ་ནི། །མེ་ཏོག་སྣ་ཚོགས་སྤོས་མཆོག་རིགས། །མར་མེའི་ཕྲེང་བ་དྲི་ཆབ་མཚོ། །རོ་བརྒྱའི་ཞལ་ཆུ་རོལ་མོའི་སྒྲ། །བདུད་རྩིའི་གསེར་སྐྱེམས་རྒྱ་ཇའི་ཕུད། །

p. 546

དཀར་གསུམ་མངར་གསུམ་འབྲུ་ཡི་མཛོད། །ཕྱེ་མར་འོ་བསྐོལ་ཤིང་སྣའི་བསངས། །དར་ཟབ་གོ་མཚོན་རྟ་ནོར་ཕྱུགས། །འདོད་ཡོན་ལྔ་ལྡན་གཏོར་མ་འབུལ། །ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ། བིགྷྣན་རཱ་ཛ་ཏྲི་མ་ར་ཡ་ཕཊ། ཧཱུྃ། པདྨ་ཧེ་རུ་ཀ་ཡི་ནི། །དམ་ཚིག་རྡོ་རྗེ་ལེགས་འཆང་བའི། །དྲི་ཟའི་རྒྱལ་པོ་རྫུ་འཕྲུལ་ཅན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྐུ་ལ་དར་དཀར་བེར་ཆེན་གསོལ། །དབུ་ལ་དར་ཐོད་པྲོག་ཞུས་མཛེས། །ཕྱག་གཡས་སྦ་ལྕག་ནམ་མཁར་ཕྱར། །གཡོན་པས་དར་མདུང་མེ་འབར་འཛིན། །རིན་ཆེན་དུ་མས་སྐུ་ལ་བརྒྱན། །ཆིབས་སུ་རྟ་དཀར་གཡུ་རྔོག་ཆིབས། །སྤྲུལ་པ་དུང་གི་བྱ་ཁྲ་དང་། །དུང་གཡག་སྡིག་རྒོད་མགོ་དགུ་འགྱེད། །ཐང་ལྷ་རྡོ་རྗེ་འབར་བ་ཆོས། །བདག་ལ་

p. 547

གནོད་ཅིང་འཚེ་བ་ཡི། །རྒྱལ་འགོང་གདུག་འདྲེ་རྦད་ཀྱིས་ཐུལ། །སོད་ཅིག་ཐུལ་ཅིག་མཐུ་རྩལ་ཅན། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མཛད་དུ་གསོལ། །ཆུ་རྟའི་ལོ་ཡི་ལོ་མཇུག་ཏུ། །རྒྱལ་གདོན་གཅོད་པ་ཟླ་བ་དེས། །བདག་ལ་ཐོ་འཚམས་བྱེད་དུ་འོང་། །ཨོ་རྒྱན་ཆེན་པོར་གསོལ་བཏབ་པས། །ངོ་བོ་ཨོ་རྒྱན་ཡིན་མོད་ཀྱང་། །རྣམ་པ་བདུད་འདུལ་རྒྱལ་པོའི་ཚུལ། །ཐང་ལྷར་ཕྲིན་ལས་བསྐུལ་ཅིག་གསུངས། །དེ་མ་ཐག་ཏུ་ཐང་ལྷ་དེས། །རྒྱལ་གདོན་དེད་ནས་བྲོས་པར་མཐོང་། །དེ་ཕྱིར་ཡིད་ཆེས་སྲུང་མར་བསྐོས། །ཤྲཱི་ཐུགས་ཀྱི་རྡོ་རྗེ་ཡིས། །ཚེས་དགུར་བྲིས་པ་དགེ་གྱུར་ཅིག །སརྦ་མངྒ་ལཾ། །༈ དམག་རྒྱལ་མའི་གཏོར་བསྔོ་གསོལ་ཀ་ནི། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི། དགྲ་བོའི་ནང་གྲོལ་དོན་སྙིང་རླངས་པ་མ་ཡལ་བ། ཟག་མེད་འཇིག་རྟེན་གྱི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད། མ་མ་རུ་ལུ་མ་ཨི་དཾ་བ་

p. 548

ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། མ་གཅིག་དམག་གི་རྒྱལ་མོ་འཁོར་དང་བཅས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །དམར་ཆེན་གཏོར་མ་བསྟན་དགྲ་དངོས་ཀྱི་གཟུགས། །བདུད་རྩི་སྨན་རཀ་མཆོད་པ་རྣམ་པ་ལྔས། །མ་གཅིག་དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཇ་ཆང་ཕུད་རྒོད་མདའ་དར་ནག་པོའི་རྫས། །གསོད་པའི་མཚོན་ཆེན་གྲི་ལྕགས་གྲི་སྙིང་དང་། །རྟེན་པའི་དམ་རྫས་ས་སྟེང་ཀུན་བཀོད་ནས། །མ་གཅིག་དམག་གི་རྒྱལ་མོ་མངའ་གསོལ་ལོ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་བླ་ཚེ་བཀུག །སྲོག་རྩ་སྙིང་ཁྲག་དབང་པོ་རྣམ་ལྔའི་གསུར། །ཤ་ཁྲག་ནང་གྲོལ་རླངས་པ་མ་ཡལ་གཅིག །མ་གཅིག་དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཁྱོད་ལ་འདོད་གསོལ་ཕྲིན་ལས་བཅོལ་བ་ནི། །རྣལ་འབྱོར་བདག་ལ་འཚེ་བའི་བྱད་མ་དང་། །བསྟན་དགྲ་གང་ལ་དམིགས་པའི་དགྲ་བོ་

p. 549

རྣམས། །ལོ་ཟླར་མ་བཞག་ཁྱོད་ཀྱི་ཟས་སྐལ་གྱིས། །སྤྲུལ་པ་ལྟས་ངན་ཐོངས་ལ་དགྲ་བགེགས་སྒྲོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི།༧སྐྱོ་བྲག་བླ་མ་ཀརྨ་ཆོས་འཛིན་གྱིས་དམག་རྒྱལ་མ་ཞལ་གཟིགས་པའི་དུས་སུ་མཛད་པའོ། །༈ གནམ་ཆོས་ལས་དཀོར་སྲུང་ངས་ནུས་མའི་གསོལ་ཀ་ཞི་སྒྲུབ་བསྟན་དགྲའི་གཤེད་མ་བཞུགས་སོ། །བྷྱོཿ དུར་ཁྲོད་མཁའ་འགྲོ་ངས་ནུས་མ། །ཤིན་ཏུ་ཞི་ཞིང་རབ་ཏུ་ཞི། །སྐུ་མདོག་དཀར་མོ་གཡས་གྲི་གུག །གཡོན་པས་ཐོད་པ་བདུད་རྩི་འཛིན། །དབུ་སྐྲ་ཐོར་ཅོག་རིན་ཆེན་བརྒྱན། །མ་ཡི་ནང་ནས་མ་གཅིག་མ། །སྲིང་གི་ནང་ནས་སྙིང་ཉེ་མ། །ཁྱོད་ལ་འབོད་པ་བརྒྱ་ཡོད་ཀྱང་། །དམ་ཚིག་སྲུང་མི་ང་བས་མེད། །རླུང་དམར་སྐར་མདའི་བང་དང་བཅས། །མུན་པ་ཅན་གྱི་དུར་ཁྲོད་དང་། །ཉེ་བའི་ཚནྡྷོ་ཧ་ནས་བྱོན། །ཀ་ཆ་དཀོར་ལ་བརྟེན་པར་བཞུགས། །དམ་རྫས་མཆོད་

p. 550

གཏོར་འདི་བཞེས་ལ། །དཀོར་རྣམས་སྲུང་ཞིང་སྤེལ་བར་མཛོད། །དཀོར་བདག་ཆེན་མོ་ཞི་བའི་སྐུ། །སྐུ་མདོག་དཀར་ལ་ནག་མདངས་ཅན། །དེ་ཡི་གཡས་པས་གྲི་གུག་འཛིན། །གཡོན་པས་བྷནྡྷའི་ནང་དུ་ནི། །ཁྲག་དང་བདུད་རྩི་བསྲེས་ལ་འཛིན། །ཞབས་གཉིས་མདོར་ཐབས་བྱས་ནས་ཀྱང་། །ཐོར་ཅོག་རིན་པོ་ཆེ་ཡིས་བརྒྱན། །མཆན་གཡོན་མཚོན་གྱི་གྲུ་གུ་བཅུག །ཞལ་ནི་ཞི་ལ་སྤྱན་ནི་ཁྲོ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཀ་ཆ་དཀོར་ནོར་ཐུབ་པར་སྲུང་། །ཀ་ཆ་མ་བྱིན་ཁྱེར་བའི་ཚེ། །ལྷ་མོ་ཅུང་ཞིག་ཁྲོས་པ་ནི། །ཞལ་གཅིག་ཕྱག་བཞི་རིན་ཆེན་བརྒྱན། །དང་པོ་གཉིས་ཀྱིས་གྲི་གུག་དང་། །ཐོད་ཁྲག་འཛིན་ཏེ་དེ་འོག་གཉིས། །ལྕགས་དྲྭ་དང་ནི་ནད་རྐྱལ་འཛིན། །ཞབས་བསྒྲད་འོག་ཏུ་མི་རོ་མནན། །ཞལ་ནི་ཞི་བ་ཁྲོས་པའི་ཞལ། །སྟོད་གཡོགས་སྔོན་པོ་སྐུ་མདོག་སྔོ། །

p. 551

བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱ་མཚོའི་སྟེང་དུ་ཁྱེར་ན་ཡང་། །རྐུས་པའི་ཀ་ཆ་ཚུར་ལོངས་ཤིག །དགྲ་དང་ཇག་པ་བྱུང་ཙ་ན། །ལྷ་མོ་ཤིན་ཏུ་ཁྲོས་པ་ནི། །ཞལ་གཅིག་ཕྱག་ནི་དྲུག་པ་སྟེ། །དང་པོ་གཉིས་ཀྱིས་གྲི་གུག་དང་། །བྷནྡྷ་ཀླད་ཁྲག་བཀང་བ་གསོལ། །དེ་འོག་གཉིས་ཀྱིས་ནད་རྐྱལ་དང་། །མཚོན་གྱི་གྲུ་གུ་འཛིན་པའོ། །འོག་མ་གཉིས་ཀྱིས་ལྕགས་དྲྭ་དང་། །ཁྲམ་ཤིང་འཛིན་པས་དྲེལ་དམར་ཞུར། །ལ་ཆིབས་ཁྲག་གི་རལ་པ་བསྲེགས། །སེན་མོ་ཐམས་ཅད་ཁྲག་གི་མདོག །ཉིན་ལམ་གཅིག་འཕྱང་གནོད་བྱེད་འགུགས། །ཞལ་ཁུག་གཉིས་ནས་ཁྲག་རྣག་འབབས། །གཡས་པའི་མཆན་ཁུང་གསུམ་པོ་ན། །མཚོན་གྱི་གྲུ་གུ་ཁྲ་གསུམ་བཅུག །མཆན་ཁུང་གཡོན་ནི་གསུམ་པོ་ན། །ནད་ཀྱི་རྐྱལ་པ་རེ་རེ་བཅུག །སྤྱན་ནི་དམར་པོ་ཁྲག་གི་མདོག །ནུ་མའི་རྩེ་ནས་ཁྲག་

p. 552

རྒོད་འབབས། །ཞལ་ནི་སྲིན་མོ་ཁྲོས་པའི་གཟུགས། །སྡང་བའི་དགྲ་བོ་ལས་ངན་གྱི། །ཤ་ཁྲག་སྲོག་དབུགས་ཁྱོད་ཀྱིས་ཟོ། །ཆོ་འཕྲུལ་མ་རུངས་སྣ་ཚོགས་ཐོངས། །རྟག་ཏུ་ཕྲིན་ལས་མཛད་པའི་ཚེ། །དཀར་མོ་ཁྲོ་འཛུམ་གཟིག་ཤམ་ཅན། །དུང་གི་རྣ་ཆ་རིན་ཆེན་ཅན། །གཟིག་ཤམ་གསོལ་ཞིང་བོང་དམར་ཆིབས། །ཕྱག་ན་གྲི་གུག་ཐོད་པ་འཛིན། །མཆོད་གཏོར་བདུད་རྩི་འདི་གསོལ་ལ། །དེང་ནས་བདག་གི་དཀོར་དང་ནོར། །ལྷ་མོ་ཁྱོད་ཀྱིས་བདག་ཏུ་ཟུངས། །དགྲ་རྐུན་ལག་ཏུ་མ་ཤོར་ཅིག །བདག་དང་ཞལ་ཏ་པ་རྣམས་ཀྱིས། །བྱིན་དང་ཚོང་ལ་ཕྲག་མ་དོག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་རཱ་ལི་པྲ་མ་ཡ་ཛཿ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་སརྦ་པཱུ་ཛ་ཁཱ་ཧི། འདི་ལའང་ཞི་སྒྲུབ་དཀར་གཏོར་འོ་མས་བྲན་ན་ལེགས་པ་ཡིན། དཀོར་སྲུང་འདི་ཟབ་ཅིང་རྣོ༔ གཞུང་དུ་ཤེས་སོ། །ཞེས་པ་འདི་རཱ་ག་ཨ་སྱས་སྨྲས་

p. 553

པའོ། །༈ བྷྱོ། དཀོར་སྲུང་དུར་ཁྲོད་བདག་མོ་འཁོར་བཅས་ལ། །དགྱེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི། །མེ་ཏོག་སྣ་ཚོགས་སྤོས་དཀར་དུད་པ་དང་། །གསེར་དངུལ་བྱི་རུ་མུ་ཏིག་ཤེལ་གྱི་འོད། །ཇ་ཆང་ཕུད་རྒོད་དཀར་གསུམ་མངར་གསུམ་དང་། །རྔ་དུང་ཌཱ་རུ་དྲིལ་བུ་པི་ཝང་སྒྲ། །བདུད་རྩི་ར་ཁྲག་དམར་གཏོར་ར་ཤས་བརྒྱན། །མདའ་མོ་རྒོད་སྒྲོ་དར་སྣ་སྟག་གཟིག་རས། །དངུལ་དཀར་མེ་ལོང་སྦ་སྨྱུག་གླིང་བུ་སོགས། །དངོས་འབྱོར་ཡིད་སྤྲུལ་དུ་མས་ཐུགས་དམ་བསྐང་། །ཁྱད་པར་དགྲ་ཇག་རྐུན་པོའི་ཤ་ཁྲག་རུས། །རྣམ་པ་དཀར་གསུམ་བདུད་རྩིར་བྱིན་བརླབས་ནས། །དུར་ཁྲོད་བདག་མོ་ངས་ནུས་མ་ལ་འབུལ། །དམར་མོ་ཁྲག་མདོག་སྔོན་མོ་གཡུ་མདོག་ལ། །སེར་མོ་གསེར་མདོག་སྔོན་མོ་ལྕགས་མདོག་མོ། །ནག་མོ་སོལ་མདོག་སྔོ་སྐྱ་ཐལ་མདོག་མ། །དབུ་

p. 554

ལྔ་དྲེད་མགོ་ལ་སོགས་འཁོར་བཅས་ལ། །འབུལ་ལོ་རབ་ཏུ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ར་ལི་པྲ་མ་ཡ་ཛཿ ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི། ༈ དབྱི་རྒྱལ་རིན་ཆེན་གྱི་གསོལ་མཆོད་ནི། རྒྱལ་དབང་སྟོབས་བཅུའི་མངའ་བདག་ཐམས་ཅད་མཁྱེན། །ཟླ་བྲལ་འདྲེན་པ་མཚུངས་མེད་སྟག་ལུང་པའི། །རྗེ་བཙུན་སངས་རྒྱས་དབོན་པོ་རྡོ་རྗེའི་བཀའ། །མི་འདའ་དམ་ཚིག་མཆོག་ལ་རབ་གནས་པའི། །དྲག་པོའི་སྟོབས་ལྡན་དགེ་བསྙེན་མྱུར་མགྱོགས་ཅན། །བསྟན་པའི་བཀའ་སྲུང་དཀར་ཕྱོགས་སྐྱོང་བའི་ལྷ། །དབྱི་རྒྱལ་རིན་ཆེན་ཁྱོད་ལ་དུས་ཀུན་ཏུ། །མཆོད་པའི་འབྱོར་ཚོགས་དག་གིས་རབ་མཆོད་ཅིང་། །བསྔགས་ཚིག་བསྟོད་པའི་གསོལ་བའི་དོན་ཀུན་གྱིས། །རྣལ་འབྱོར་བདག་གིས་འདོད་པའི་དོན་རྣམས་ཀུན། །ཇི་བཞིན་ད་ལྟ་ཉིད་དུ་འགྲུབ་པར་མཛོད། །གངས་ཅན་ལྗོངས་ཀྱི་ལུང་གི་

p. 555

བསྟན་པའི་བདག །བཤད་སྒྲུབ་ཤིང་རྟའི་བརྒྱུད་འཛིན་འབའ་རོམ་པའི། །ཆོས་སྲིད་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། །སྲིད་གསུམ་ནམ་མཁའི་ཁྱོན་ཀུན་ཁྱབ་པ་དང་། །ཕྲིན་ལས་མཆོག་རྣམས་སྟོབས་ལྡན་ཁྱོད་ཀྱིས་སྒྲུབས། །ཁྱོད་ནི་རྫུ་འཕྲུལ་མྱུར་མགྱོགས་ཆེན་པོ་སྟེ། །སྐད་ཅིག་རེ་རེར་སྤྲུལ་པ་སྣ་ཚོགས་འགྱེད། །ལོག་འདྲེན་མི་སྲུན་དགྲ་སྡེའི་དཔུང་འཇོམས་པ། །རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་ཚེ། །མི་སྲུན་ཁྲོས་པའི་ཆ་བྱད་འཇིགས་རུངས་པ། །གང་གིས་བལྟ་བར་མི་ནུས་ཁྲོས་པའི་སྐུ། །དྲག་ཤུལ་མ་རུངས་བཤན་པའི་ཚུལ་དུ་སྟོན། །སྲོག་གཅོད་སྒྲོལ་བའི་ལས་ལ་མངའ་མཛད་པ། །ལས་མཁན་དྲག་རྩལ་ལྡན་པ་ཁྱོད་ལ་བསྟོད། །ཞི་བའི་ཕྲིན་ལས་བསྟན་པ་རྒྱས་པ་དང་། །དབང་གི་ཕྲིན་ལས་སྲིད་གསུམ་གདུལ་བྱར་བསྡུས། །རྒྱས་པའི་ཕྲིན་ལས་དཔལ་

p. 556

འབྱོར་མངའ་ཐང་སྤེལ། །དྲག་པོའི་ཕྲིན་ལས་དགྲ་བགེགས་རྡུལ་དུ་རློགས། །ཡུལ་ཁམས་རྒྱལ་ཁམས་ས་ཕྱོགས་འདི་དག་ཀུན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །༈ ཀྱེ། སྲིའུ་གསོ་བའི་ཁ་དྲོན་པོ། །དགྲ་བགེགས་འདུལ་བའི་མཐུ་རྩལ་ཅན། །བཙན་བཤོས་རི་རབ་མཉམ་པ་དང་། །མཛེས་ཤིང་བརྗིད་པའི་དར་མདུང་དང་། །འོ་མའི་གཙང་ཆབ་སྨན་དང་བཅས། །ལྷ་བཙན་འཁོར་དང་བཅས་ལ་འབུལ། །བཞེས་ཤིག་རོལ་ཅིག་མཉེས་མཛོད་ལ། །བདག་ལ་སྡང་བའི་དགྲ་བོ་རྣམས། །མཐུ་རྩལ་རྫུ་འཕྲུལ་འཕྲོག་པའི་ཕྱིར། །བཙན་རྒོད་རྒྱལ་པོ་དམག་ལ་ཆོས། །བཙན་ཁྲོམ་མང་པོའི་དམག་སྡེ་བསྐུལ། །དགྲ་བགེགས་རྣམས་ཀྱི་ནུས་པ་ཆོམས། །དཀར་པོའི་ཕྱོགས་ཀྱི་བསྟན་པ་སྤེལ། །ལེགས་ཉེས་ལས་ཀྱི་སྟངས་འཛིན་མཛོད། །

p. 557

མཛེས་པ་ལྷ་ཡི་བཤོས་གཙང་འདི། །སྔ་མ་ལེགས་པའི་གཏང་རག་ཡིན། །ད་ཡང་ཕྲིན་ལས་ཞུ་འབུལ་བཞེས། །བདག་སོགས་དར་ཞིང་རྒྱས་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོས་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱའི་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམས་པར་མཛོད། །ཁྱོད་

p. 558

གསོལ་ཁྱོད་མཆོད་ཁྱོད་བསྟེན་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་རྒྱས། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་པའི་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །སྲིད་ཞི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེར་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིན་ཞབས་བརྟན་ཤོག །བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་བཅས་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །

p. 559

དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་སྩོལ་བར་མཛད་པ་ཡི། །སྲུང་མ་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་ཅག་བསམ་དོན་མ་ལུས་འགྲུབ་པར་མཛོད། །དགེའོ།། །། ༈ ཧོ། དགོངས་ཤིག་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །བདག་དང་འདྲེན་མཆོག་རྩ་བའི་བླ་མ་ལ། །གནོད་ཚེ་དགྲ་ཇག་ཆོམ་རྐུན་གྲོས་ངན་འཆང་། །མཚོན་དུག་སྦྱོར་ངན་ཤོམ་ཞིང་མི་ཁ་བརྗོད། །གྲྭ་འཁོར་སྙིང་རིང་འགྲོ་མགོ་བུད་མཇུག་བསྟན། །ངོ་ཤག་ལྐོག་ལབ་གསང་འཆལ་ངོ་དམ་ལོག །བྲུངས་རྐུན་མནའ་ཟན་ཁས་བླངས་དོར་བྱེད་དང་། །བྱད་མ་རྦོད་གཏོང་ཕུང་སེལ་རླུང་འཁོར་དང་། །སྦྱིན་སྲེག་ཧོམ་ཟོར་སྐམ་གཤེར་རོ་གསོན་གཏད། །ཕྲ་མན་ངན་སྔགས་རྫས་

p. 560

མཐུ་བྱེད་པ་ཡི། །ནུས་པ་ཕྱིར་བཟློག་རང་གཤེད་རང་ལ་ཕོབས། །ཚེ་སྲོག་ལོ་ཟླར་མ་འགྱང་ཞག་ཟ་མར། །དུས་ཐོག་ཆོད་ཅིག་བྲང་ཤོགས་སྙིང་ལོངས་ལ། །སྙིང་ཁྲག་རླངས་པ་མ་ཡལ་འཇིབས་ལ་སོད། །དམ་ཅན་དམ་ལ་མ་མདའ་ཕྲིན་ལས་མཛོད། །ཁྱད་པར་བདག་ནི་སངས་རྒྱས་མ་ཐོབ་བར། །སྐྱེ་བ་ཀུན་ཏུ་དམ་ཅན་ཁྱེད་རྣམས་ཀྱིས། །བདུད་དང་མུ་སྟེགས་ཀླ་ཀློ་ཟིན་ཤིང་ཚོགས། །གྲུབ་མཐའ་ངན་པའི་དབང་དུ་མི་གཏོང་བར། །སངས་རྒྱས་བསྟན་པ་ལ་ཞུགས་མཚན་ལྡན་གྱི། །བླ་མ་མཆོག་དང་འཕྲད་མཛོད་ཐུགས་བརྩེས་གཟིགས། །དམ་ཚིག་སེལ་མེད་གདམས་པའི་བུམ་བཟང་གཏམས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཕྲིན་ལས་མཛོད། །ཅེས་རྒྱལ་ཁམས་པ་ཚེ་དབང་ནོར་བུ་དགེ་ལེགས་དཔལ་བཟང་པོས་སྦྱར་བ་དགེ་ལེགས་འཕེལ། །༈ ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །

p. 561

གཟིགས་སུ་གསོལ་ལོ། །བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་ཐམས་ཅད་ཀྱི་སྙན་གྱིས་གསོན། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས་སུ་གསོལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་། སྒོས་སྒྲུབ་བརྒྱུད་ཀྱི་སྐྱེས་བུ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བ་དང་། ཁྱད་པར་དུ་ལོག་པར་ལྟ་བའི་དགྲ་བགེགས་ལོག་འདྲེན་རྣམས་ཚར་གཅོད་པའི་ཕྱིར་དུ། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་བསྐལ་པ་ནས་བསྐལ་པའི་བར་དུ་ཡང་ནས་ཡང་དུ་བསྐང་བར་གྱུར་ཅིག །ཐུགས་དམ་གཉན་པོའི་རྒྱུད་བསྐངས་ནས། དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །ལྷ་མཉེས་པར་གྱུར་ཅིག །

p. 562

བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་རྫོགས་པར་གྱུར་ཅིག །ཁྱད་པར་དུ་ཡང་སྔ་བཅོལ་ལས་ཀྱི་གཏང་རག །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས། ད་བཅོལ་ལས་ཀྱི་གཉེར་ཟན་དུ་འབུལ་ལོ། །རྣལ་འབྱོར་པ་བདག་གི་བཀའ་དང་དམ་ལ་མ་འདའ་བར། བྱིན་པའི་ཟས་ཟོ། བསྒོས་པའི་ངག་ལ་ཉོན། བཅོལ་བའི་ལས་གྱིས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད། སྔོན་གྱི་ལས་ལས་གྱུར་པ། འཕྲལ་གྱི་རྐྱེན་ལས་གྱུར་པ། འབྱུང་པོ་མི་དང་མི་མ་ཡིན་པའི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། བྷ་ཝནྟུ། །

གཏོར་འབུལ་བྱིན་རླབས།

p. 563

༓གཏོར་མ་འབུལ་བའི་ཐོག་མར་བདེ་མཆོག་གི་གོང་དུ། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ལྷ་ལྔ་ལྷ་དྲུག་ཅུ་རྩ་གཉིས། རབ་ཏུ་འཇིགས་པའི་དུར་ཁྲོད་ནས། འཁོར་མཁའ་འགྲོ་མ་བྱེ་བ་

p. 564

འབུམ་གྱི་ཞལ་དུ་ཨི་དཾ༴ མ་ཡུམ་མཆོག་རྡོ་རྗེ་ཕག་མོ་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཞལ་དུ༴ མཁའ་དབྱིངས་བདེ་བ་ཆེན་པོ་ནས་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཞལ་དུ༴ གནས་མཆོག་ཉི་ཤུ་རྩ་བཞི་ནས་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདེ་མཆོག་ལ་ཕུལ་ནས། འགུགས་གཞུག་བྱས་ལ་ཁཱ་ཧི་འདི་ལྟར་རོ། །ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་

p. 565

བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ༴ ཡུམ་ལ། ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་རུ་པི་ནི་ཧུྃ་ཧཱུྃ་ཕཊ། ཡུམ་དམར་མོ་རྩ་འཇིབས་མ་མཁོར་མ་མོ་བྱེ་བའི་ཚོགས་དང་བཅས་པའི་ཞལ་དུ༴ ལས་མགོན་ལ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧུྃ་ཧཱུྃ་ཕཊ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་འཁོར་ནག་པོ་སྟོང་གི་ཚོགས་དང་བཅས་པའི་ཞལ་དུ༴ སེང་གདོང་ལ། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧུྃ་ཧཱུྃ་ཕཊ། ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་ཤ་ཟ་འབུམ་གྱི་ཚོགས་དང་བཅས་པའི་ཞལ་དུ༴ ཐུགས་མགོན་ལ། ཨོཾ་སརྦ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཐུགས་མགོན་ལེགས་ལྡན་ནག་པོ་འཁོར་མགོན་པོ་འབུམ་དང་བཅས་པའི་ཞལ་དུ༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་ཨཿཡཿམཿདུཿརུཿཙཿཤཿནཿརུཿདྲའི་རུ་པ་ཁཱ་ཧི་ཧཱུྃ་ཕཊ། ཞིང་སྐྱོང་སེང་གདོང་ཡབ་ཡུམ་འཁོར་དྲེགས་

p. 566

པ་སྡེ་བརྒྱད་འཁོར་དང་བཅས་པའི་ཞལ་དུ༴ གུར་མགོན་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། རྡོ་རྗེ་གུར་མགོན་འཁོར་དང་བཅས་པའི་ཞལ་དུ༴ དཔལ་ལྡན་ལྷ་མོ་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་ཧཱུྃ་བྷྱོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མོ་འཁོར་ནག་མོ་འབུམ་གྱི༴ གཟའ་ལ། ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། གཟའ་མཆོག་ཆེན་པོ་ར་ཧུ་ལ་འཁོར་གཟའ་བདུད་འབུམ་དང་བཅས་པའི་ཞལ་དུ༴ དམ་ཅན་ལ། ཨོཾ་བཛྲ་ས་དྷུ་ཏྲི་ཤུ་ལ་ཛཿ དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཞལ་དུ༴ ཇག་མེ་ལ། ཨོཾ་སརྦ་གྲྀ་རི་ནི་ཁ་རེ་བྷྲཱུྃ། དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་ཤན་པ་འབུམ་གྱི་ཞལ་དུ༴ དགེ་བསྙེན་ལ། ནཱ་ག་ར་ཙ་ཀྲོ་ཏ་པ་ཙ་ལ་ཏི། གཏེར་བདག་དགེ་བསྙེན་སྨྱོ་ཁ་འཁོར་ཀླུ་བདུད་འབུམ་གྱི་ཞལ་དུ༴ ཐང་ལྷ་ལ། ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི། གཉན་ཆེན་ཐང་ལྷ་འཁོར་ལྷ་དམག་འབུམ་

p. 567

གྱི་ཞལ་དུ༴ དམག་རྒྱལ་མ་ལ། མ་མ་རུ་ལུ་མ་ཤུ་ལ་ར་ཙ་ཏྲི་ཡང་ཛ་ནཱ་ག་ཤུ། མ་མོ་ཆེན་མོ་དམག་གི་རྒྱལ་མོ་འཁོར་མ་མོ་འབུམ་དང་བཅས་པའི་ཞལ་དུ༴ ངས་ནུས་མ་ལ། ཨོཾ་ར་ལི་པྲ་མ་ཡ་ཛ་ས་པཱ་རི་ཝ་ར་ས་མ་ཡ་ཛ་ཛཿ དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངས་ནུས་མ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་མི་ཟད་པ་ནམ་མཁའི་མཐའ་དང་མཉམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་བཟློག །ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ༓

གཏོར་འབུལ་གྱི་རིམ་པ་སྒྲིག་རིམ་དུ་བསྡེབས་པ། མཁས་གྲུབ་ཀརྨ་ཆགས་མེད།

p. 568
p. 569

གཏོར་འབུལ་གྱི་རིམ་པ་སྒྲིག་རིམ་དུ་བསྡེབས་པ་རྣམས་བཞུགས་སོ། །ཧཱུྃ། ཁྲག་གི་རྒྱ་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས། །ཀེང་རུས་འཇིགས་སུ་རུང་བའི་ཁྲི་སྟེང་དུ། །བདུད་འདུལ་ཧཱུྃ་ལས་ཁྲོ་ཆེན་སྐུར་སྤྲུལ་པ། །འཇིགས་བྱེད་ཧེ་རུ་ཀ་དཔལ་རྒྱལ་ཆེན་པོ། །སྐུ་མདོག་མཐིང་ནག་འོད་ཟེར་འབར་བས་བརྗིད། །ཨཥྚ་ཧ་ཡི་སྒྲ་སྐད་དྲག་པོས་ཀྱང་། །ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་གནོན། །རལ་པ་ཁམས་ནག་གྱེན་དུ་བརྫིས་པ་ལས། །འཇིགས་བྱེད་ཁྲོ་བོའི་སྤྲུལ་པ་ཅི་ཡང་སྟོན། །སྤྱན་རྩ་

p. 570

དམར་པོ་གློག་སྟོང་འཁྱུག་པ་ལ། །སྟོང་གསུམ་དུས་གཅིག་འགེངས་པའི་ངར་དང་ལྡན། །རྔམ་པའི་ཁྲོ་གཉེར་གྱེན་དུ་འཕགས་པ་ལ། །བསྐལ་པའི་མེ་དཔུང་འབར་བ་སྟོང་གིས་བརྒྱན། །ཆུ་ཀླུང་ལྟ་བུར་འགྱུར་བའི་ཞལ་གདངས་པ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཤོང་བའི་ཞལ། །ཞལ་ནས་རྔམ་ཆེན་རྦ་ཀློང་འཁྲུགས་པས་རྔམ། །ཤངས་ཀྱི་རྡོ་རྗེའི་འཚུབ་མས་ཁམས་གསུམ་གཏོར། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་སྒྲོགས་ཐོག་འབེབས་ཤིང་། །འཇིགས་བྱེད་ཁྲོ་བོའི་སྤྲུལ་པ་སྤྲིན་ལྟར་འཁྲིགས། །སོ་དང་སེན་མོ་བ་སྤུའི་བུ་ག་ནས། །འཇིགས་བྱེད་སྤྲུལ་པ་དུ་མར་སྣང་བ་ནི། །ལ་ལ་ཚངས་པ་སྟོང་བས་ལྷག་པར་ཞི། །ལ་ལས་གཤིན་རྗེ་སྟོང་བས་རྔམ་པར་བྱེད། །ལ་ལས་དབང་ཕྱུག་སྟོང་བས་འཇིགས་པར་བྱེད། །ལ་ལས་ཁྱབ་འཇུག་སྟོང་བས་དྲག་པོར་སྟོན། །ཁྱེད་ནི་ཟ་བྱེད་ཆེན་པོ་འཇིགས་

p. 571

པའི་གཟུགས། །ཁྱོད་ནི་ཁྲག་འཐུང་རྒྱལ་པོ་རྔམ་པའི་བདག །གདུག་པའི་དགྲ་བགེགས་མ་ལུས་འཇོམས་མཛད་པ། །བདེ་མཆོག་རྒྱལ་པོའི་ཐུགས་དམ་དབྱིངས་ནས་བསྐུལ། །བདག་གི་བར་ཆད་ཐམས་ཅད་རབ་ཞི་ནས། །འདོད་པའི་དོན་རྣམས་ཕུན་སུམ་ཚོགས་པར་མཛོད། །ཨིནྡྲ་བོ་དྷིས་མཛད་པའོ། །༈ བདེ་མཆོག་གི་བསྐུལ་པ་ནི། ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཁྲག་འཐུང་རྒྱལ་པོ་བཅོམ་ལྡན་འདས། །འཁོར་ལོ་བདེ་མཆོག་ལྷ་ཡི་གཙོ། །དྲུག་ཅུ་རྩ་གཉིས་དབུས་ནས་བཞེངས། །དཔའ་བོ་དཔའ་མོ་བདེ་བའི་ཉམས། །ཡབ་ཡུམ་འཁོར་དང་བཅས་པའི་དུས་ལ་བབ། །དགྲ་བགེགས་བྱད་མ་འདུལ་བའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བྷྱོ། རབ་ཏུ་འཇིགས་པའི་དུར་ཁྲོད་ནས། །

p. 572

འཇིག་རྟེན་མཁའ་འགྲོ་མཐུ་མོ་ཆེ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །བུད་མེད་ལུས་ལ་མགོ་བརྙན་ཅན། །ཐོད་པ་བཟུང་ཞིང་ཁྲག་ཆེན་འཐུང་། །མི་རོ་ཟ་ཞིང་བཤུག་གླུ་ལེན། །ཏིང་འཛིན་ཉུལ་ཞིང་ཚོགས་ཁང་འགྲིམ། །དེ་དག་མ་ལུས་ཐམས་ཅད་ཀྱིས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་བཅའ་ཇི་བཞིན་དུ། །དམ་ཚིག་སྲུངས་ལ་ཕྲིན་ལས་མཛོད། །༈ རྡོ་རྗེ་ཕག་མོའི་བསྐུལ་པ་ནི། ཧཱུྃ་བྷྱོ། ཕྱོགས་ཕྱོགས་དག་ནི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །རྡོ་རྗེ་གདན་གྱི་ནུབ་བྱང་མཚམས། །ཨོ་རྒྱན་ཡུལ་གྱི་དུར་ཁྲོད་ནི། །རི་བོ་ཐམས་ཅད་རུས་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་མདུང་། །ཆུ་རྣམས་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་མོའི་སྒྲ། །ཕྱག་ན་རྡོ་རྗེ་འཇིགས་པའི་ས། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་། །རིགས་ལྔའི་སངས་རྒྱས་བྱོན་པའི་གནས། །

p. 573

དེ་ན་སུ་བཞུགས་སུ་མི་བཞུགས། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །རྡོ་རྗེ་ཕག་མོ་དེ་ན་བཞུགས། །འཁོར་གྱི་ལྷ་མོ་དེ་ན་བཞུགས། །མ་གཡས་ཀྱི་ཕག་ཞལ་ནག་པོ་ཁྲོས་པ་ལ། །ཆོས་ཉིད་འགྱུར་བ་མེད་པའི་མཁའ་འགྲོ་འབུམ། །གཡོན་གྱི་ཁྲོ་ཞལ་དམར་པོ་བརྗིད་པ་ལ། །བདེ་གཤེགས་ལས་ལ་འགྱེད་པའི་མཁའ་འགྲོ་འབུམ། །ཞལ་གདངས་མཆེ་བ་རབ་ཏུ་གཙིགས་པ་ལ། །བདུད་བཞི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །སྤྱན་དྲུག་དམར་ཞིང་རབ་ཏུ་འཁྲུགས་པ་ལ། །མངོན་ཤེས་དྲུག་དང་ལྡན་པའི་མཁའ་འགྲོ་འབུམ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །དབུ་སྐྲ་སིལ་མས་སྐུ་རྒྱབ་གྲོལ་བ་ལ། །ཐུགས་རྗེ་ཆར་ལྟར་འབེབས་པའི་མཁའ་འགྲོ་འབུམ། །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ་ལ། །

p. 574

སྲོག་གཅོད་དབུགས་ལེན་བྱེད་པའི་མཁའ་འགྲོ༴ ཕྱག་གཡོན་ཐོད་པ་ཁྲག་གིས་བསྐང་བ་ལ། །ཁྲག་ནད་རྒྱུ་གཟེར་གཏོང་བའི་མཁའ་འགྲོ༴ ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་འབར་བ་ལ། །ཁམས་གསུམ་དབང་དུ་སྡུད་པའི༴ ཡུ་བ་དྲང་ཞིང་དཀར་པོ་ལྡེམ་པ་ལ། །ལྷ་མིན་གཡུལ་ལས་རྒྱལ་བའི༴ རྡོ་རྗེ་རྩེ་ལྔས་རབ་ཏུ་བརྒྱན་པ་ལ། །སྐུ་ལྔ་ཡེ་ཤེས་ལྡན་པའི༴ ཐོད་པ་སུམ་བརྩེགས་རབ་ཏུ་བརྒྱན་པ་ལ། །སྲིད་གསུམ་ཟིལ་གྱིས་གནོན་པའི༴ དར་གྱི་འཕུར་ལྕེས་རབ་ཏུ་བརྒྱན་པ་ལ། །བདུད་ཀྱི་རྒྱལ་མཚན་སྙིལ་བའི༴ ཌཱ་རུ་གསེར་གྱི་དྲིལ་ཆུང་བརྒྱན་པ་ལ། །སྙན་རྒྱུད་གདམས་པ་འཛིན་པའི༴ བདུད་རྩིའི་བུམ་པས་རབ་ཏུ་བརྒྱན་པ་ལ། །ཡོན་ཏན་ཡོངས་སུ་རྫོགས་པའི་མཁའ་འགྲོ༴ སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བརྒྱན་པ་ལ། །ཕྲིན་ལས་ཐོགས་པ་མེད༴ མི་མགོ་ལྔ་བཅུས་དོ་ཤལ་བྱས་པ་ལ། །འདུ་བྱེད་ལྔ་

p. 575

བཅུ་དག་པའི་མཁའ་འགྲོ་འབུམ། །རུས་པའི་རྒྱན་དྲུག་རབ་ཏུ་བརྒྱན་པ་ལ། །ཕ་རོལ་ཕྱིན་དྲུག་རྫོགས་པའི༴ གཅེར་བུ་བརྐྱང་སྐུམ་གར་གྱིས་རོལ་པ་ལ། །བདེ་ཆེན་ཉམས་དང་ལྡན་པའི༴ རྟོག་མེད་རོ་ཡི་གདན་ལ་བཞུགས་པ་ལ། །འགྲོ་དྲུག་གནས་ནས་འདྲེན་པའི༴ པདྨ་ཉི་མའི་གདན་ལ་བཞུགས་པ་ལ། །ཐབས་ཤེས་ཟུང་དུ་འཇུག་པའི༴ བསྐལ་པའི་མེ་རི་རབ་ཏུ་འབར་བ་ལ། །ཐ་དད་རྟོག་པ་བསྲེ་བའི་མཁའ་འགྲོ༴ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ༴ བྱང་ཕྱོགས་ལས་ཀྱི་རིགས་ཀྱི༴ ནུབ་ཕྱོགས་པདྨ་རིགས་ཀྱི༴ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི༴ སྐུ་ཡི་རིགས་ཀྱི་མཁའ་འགྲོ་དཀར་མོ་འབུམ། །གསུང་གི་རིགས་ཀྱི་མཁའ་འགྲོ་དམར་མོ༴ ཐུགས་ཀྱི་རིགས་ཀྱི་མཁའ་འགྲོ་ནག་མོ་འབུམ། །ཡོན་ཏན་རིགས་ཀྱི་མཁའ་འགྲོ་སེར་མོ༴ ཕྲིན་ལས་རིགས་ཀྱི་མཁའ་འགྲོ་ལྗང་

p. 576

ནག༴ བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པ། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །སྐལ་མེད་རྣམས་ལ་མོས་པ་སྐྱེད། །ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོད། །བྷྱོ། མཁའ་དབྱིངས་བདེ་བ་ཆེན་པོ་ནས། །ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ། །རྡོ་རྗེ་མཁའ་འགྲོ་བདུད་འདུལ་མ། །རིན་ཆེན་མཁའ་འགྲོ་དངོས་གྲུབ་དཔལ། །པདྨ་མཁའ་འགྲོ་བདེ་ཆེན་མ། །ལས་ཀྱི་མཁའ་འགྲོ་ཕྲིན་ལས་བདག །ཀུན་ཀྱང་མི་བཟད་འདི་འདྲ་སྟེ། །སྐུ་མདོག་གཅིག་ཏུ་མ་ངེས་པས། །དཀར་སེར་དམར་དང་ལྗང་གུའི་མདོག །ལ་ལ་མཐིང་ནག་མུན་པའི་མདོག །ལ་ལ་སྔོ་བསང་ནམ་མཁའི་མདོག །ཕྱག་མཚན་གཅིག་ཏུ་མ་ངེས་པ། །ལ་ལས་གྲི་གུག་ཐོད་པ་བསྣམས། །ལ་ལས་ཁ་ཊྭཱཾ་རྔེའུ་ཆུང་བསྣམས། །ལ་ལས་རྡེག་པའི་མཚོན་ཆ་བསྣམས། །ལ་ལས་བདུད་རྩིའི་བུམ་པ་

p. 577

བསྣམས། །ལ་ལས་མཛེས་པའི་མེ་ཏོག་བསྣམས། །དུར་ཁྲོད་རྒྱན་ཆས་མཛེས་པའི་སྐུ། །སྐེ་རགས་དྲིལ་བུ་གཡེར་ཁས་བརྒྱན། །སྙན་པའི་སྒྲ་སྒྲོགས་སི་ལི་ལི། །དབུ་རྒྱན་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །རྐང་པ་རྡོ་རྗེའི་འགྲོས་སྟབས་ཅན། །མཁའ་ལ་ཐོགས་མེད་པུན་ནེ་པུན། །ལག་པ་མཉེན་ལྕུགས་གདུབ་བུ་ཅན། །སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པར། །སྐལ་ལྡན་རྣམས་ལ་ཡེ་ཤེས་སྤོར། །སྐལ་མེད་རྣམས་ལ་མོས་པ་བསྐྱེད། །ཉམས་པའི་དགྲ་བགེགས་རྣམས་ལ་ཆད་པ་ཆོད། །བྷྱོ། གནས་མཆོག་ཉི་ཤུ་རྩ་བཞི་ནས། །མཁའ་འགྲོ་གཙོ་མོ་ཉི་ཤུ་བཞི། །མཁའ་འགྲོ་བྱེ་བའི་ཚོགས་དང་བཅས། །གཙོ་མོ་མི་མངོན་དབྱིངས་སུ་བཞུགས། །འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ། །ལ་ལ་

p. 578

བུད་མེད་སྒེག་མོ་ལ། །རོ་ཆས་རྙིང་པའི་ན་བཟའ་གསོལ། །སྐུ་ལ་ཁྲག་གི་ཐིག་ལེས་བརྒྱན། །ཐལ་ཆེན་བསྐུས་པས་སྔོ་སྐྱའི་མདོག །དབུ་སྐྲ་སེར་པོ་ལྟག་པར་བཅིངས། །མེ་ཏོག་རྙིང་པའི་དབུ་རྒྱན་ཅན། །ཁ་ན་སོ་མེད་ཧ་ཧ་རྒོད། །རྐང་པ་ས་ལ་འཁྱོར་ཞིང་འགྲོ། །དེ་འདྲའི་ཆ་བྱད་སྟོན་པ་རྣམས། །སྐལ་ལྡན་རྣམས་ལ་བརྡ་ཆོས་སྟོན། །འཕྲད་པ་ཙམ་གྱིས་བྱིན་གྱིས་རློབས། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་པ། །ཉམ་ང་མེད་པའི་བརྟུལ་ཞུགས་སྤྱོད། །རྣམ་རྟོག་མེད་པའི་ཉམས་མྱོང་སྤོར། །ལ་ལ་བུད་མེད་གཞོན་ནུ་མ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་མོ། །རིགས་ཀྱི་ཁ་དོག་སོ་སོ་ལ། །སྤྱོད་པ་སོ་སོའི་རིགས་དང་མཐུན། །ལ་ལ་དཀར་མོ་མདངས་བཟང་མ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་མོ། །བྱང་ཆུབ་སེམས་ལ་བསྐུལ་མ་འདེབས། །ལ་ལ་སེར་སྐྱ་དཔལ་

p. 579

འདྲེན་མ། །རིན་ཆེན་རིགས་ཀྱི་ཕྱག་རྒྱ་མོ། །མཆོག་གི་དངོས་གྲུབ་བསྐུལ་མ་འདེབས། །ལ་ལ་དམར་མོ་དབྱིབས་ལེགས་མ། །པདྨ་རིགས་ཀྱི་ཕྱག་རྒྱ་མོ། །ཟག་མེད་བདེ་བའི་བསྐུལ་མ་འདེབས། །ལ་ལ་སྔོ་བསང་ཁྲོ་གཉེར་ཅན། །ལས་ཀྱི་རིགས་ཀྱི་ཕྱག་རྒྱ་མོ། །འགྲོ་བའི་དོན་ལ་བསྐུལ་མ་འདེབས། །ལ་ལ་དཀར་ཤམ་ནམ་མཁའི་མདོག །དེ་བཞིན་རིགས་ཀྱི་ཕྱག་རྒྱ་མོ། །ཡང་དག་དོན་ལ་བསྐུལ་མ་འདེབས། །ཀུན་ཀྱང་མི་བཟད་འདི་འདྲ་སྟེ། །མཛེས་པའི་ཞལ་གྱི་གཟི་མདངས་ཅན། །གཞོན་ནུའི་ལུས་ལ་འགྱིང་བག་ཅན། །དབུ་ལ་རིན་ཆེན་ཅོད་པན་ཅན། །རང་རང་དཔའ་བོ་ཡབ་ལ་འཁྱུད། །སྐེད་པ་གསེར་གྱི་དྲིལ་ཆུང་ཅན། །སིལ་སིལ་འཁྲོལ་ཞིང་སྐུ་ལ་སྦྱོར། །ཞལ་ནི་པད་མའི་དུང་སོ་ཅན། །འཛུམ་པའི་གསུང་ནི་སྙན་པར་སྨྲ། །སྐད་སྙན་ཚངས་པའི་དབྱངས་ཀྱིས་

p. 580

ནི། །རྡོ་རྗེའི་གླུ་ལེན་ཡིད་འཕྲོག་མ། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཀྱང་། །ཟག་བཅས་ལུས་ལ་བདེ་བ་སྐྱེད། །ཟག་མེད་སེམས་ཀྱི་ཉམས་མྱོང་སྤོར། །ལ་ལ་བུད་མེད་ཐ་མལ་གཟུགས། །འཇིག་རྟེན་སྤྱོད་པ་སྣ་ཚོགས་ལ། །ཁྱོད་ཀྱིས་མི་སྤྱོད་གང་ཡང་མེད། །ལ་ལ་སྒྱུར་བྱེད་ཚོས་མཁན་མ། །ཐ་མལ་ཤེས་པ་མདོག་སྒྱུར་མ། །ལ་ལ་མྱོས་བྱེད་ཆང་ཚོང་མ། །ལོག་པའི་ཤེས་པ་མྱོས་བྱེད་མ། །ལ་ལ་སྦྱོར་བྱེད་སྨད་ཚོང་མ། །ཐབས་དང་ཤེས་རབ་སྦྱོར་བྱེད་མ། །ལ་ལ་དག་བྱེད་ཁྲུས་མཁན་མ། །བག་ཆགས་དྲི་མ་དག་བྱེད་མ། །ལ་ལ་གནོད་བྱེད་ཤན་པ་མོ། །རྣམ་རྟོག་དབྱིངས་སུ་གསོད་བྱེད་མ། །ལ་ལ་གནོད་བྱེད་ཆོམ་རྐུན་མ། །གཞན་སེམས་རང་དབང་སྡུད་བྱེད་མ། །ལ་ལ་དཀའ་ཐུབ་བྲམ་ཟེ་མོ། །འཁོར་བའི་རྒྱུན་ཐག་གཅོད་བྱེད་མ། །དེ་ལ་སོགས་ཏེ་

p. 581

མཐའ་ཡས་པ། །རི་རབ་ལྷོ་ཡི་འཛམ་བུ་གླིང་། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །འགྲོ་བའི་དོན་ལ་བཞུགས་པ་ཡང་། །ཐབས་རྣམས་སྣ་ཚོགས་དུ་མ་ཡི། །སྤྱོད་པ་སྣ་ཚོགས་ཐབས་ཀྱིས་འདུལ། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཕྲིན་ལས་གཅིག་ཏུ་མ་ངེས་ཀྱང་། །བདག་ཅག་རྣལ་འབྱོར་ལ་སོགས་པའི། །སྒྲུབ་པ་བྱེད་པའི་གང་ཟག་ལ། །འཇིག་རྟེན་ཆོས་བརྒྱད་མཉམ་པ་དང་། །འགྲོ་དོན་ཕྱོགས་མེད་ལྷུན་འགྲུབ་ཤོག །༈ མགོན་པོའི་བསྐུལ་པ་ནི། ཧཱུྃ། སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་ཚེ། །དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པའི་ཚེ། །རྣལ་འབྱོར་བདག་གིས་དགྲ་ལ་རྦད་པའི་ཚེ། །ལེགས་ལྡན་ནག་པོ་ལས་བྱེད་ཕོ་ཉའི་ཚོགས། །དམར་མོ་རྩ་འཇིབ་ཞལ་ནས་ཁྲག་མཚོ་ཁོལ། །བྱ་རོག་གདོང་ཅན་ཉམས་པའི་ཤ་ལ་དགྱེས། །རྒྱལ་ཆེན་བཞི་ཡིས་རུ་དར་པུ་རུ་རུ། །

p. 582

ཕྱོགས་སྐྱོང་བཅུ་ནི་ནམ་མཁའི་སྤྲིན་ལྟར་གཏིབ། །ལྷ་སྲིན་སྡེ་བརྒྱད་བསྭ་སྒྲ་ཏི་རི་རི། །ནག་པོ་སྟོང་གི་ལས་བྱེད་ཁྱུགས་སེ་ཁྱུག །མོན་མོ་གླུ་ལེན་མང་པོ་ཀྱུ་རུ་རུ། །བཞད་དང་ཀང་ཀ་དུར་བྱ་སྤུངས་སེ་སྤུང་། །བྱ་རོག་ཁྭ་ཏ་མང་པོ་ཐིབས་སེ་ཐིབ། །མ་ཧཱ་ཀཱ་ལའི་ལས་བྱེད་ཕོ་ཉའི་ཚོགས། །ལ་ལ་མཁའ་ལ་ལྡིང་ཞིང་དགྲ་ཤ་ཟ། །ལ་ལ་དུར་ཁྲོད་དག་ལ་འགྱིང་ཞིང་འཆམ། །བདག་གི་དགྲ་བགེགས་དམ་ཉམས་ལས་ངན་རྣམས། །ལོ་དང་ཟླ་བར་བཞག་པའི་སྐལ་མེད་པས། །ཞག་དང་ཟ་མར་མ་བཞག་ད་སོད་ལ། །སྐུ་གསུང་ཐུགས་ལ་གཏད་དོ་མ་གཡེལ་ཅིག །ཁྱོད་ནི་ཆོས་སྐྱོང་སྲུང་མ་ཐུགས་དམ་ཅན། །སྔོན་གྱི་དམ་ཚིག་གཉན་པོ་དགོངས་མཛོད་ལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྲིན་ལས་མཛོད། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །

p. 583

བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་རྒྭ་ལོས་མཛད་པའོ། །ཧཱུྃ། རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །འཇིགས་བྱེད་ཁྲོ་བོ་ཆེན་པོའི་ཚུལ་བཟུང་ནས། །བསྟན་པ་སྐྱོང་ཞིང་ཕྲིན་ལས་སྒྲུབ་མཛད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་འདིར་དགོངས་ཤིག །ནག་པོ་ཆེན་པོ་ཡུམ་གཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་ཆེན་རྩ་འཇིབ་མ། །སྤྲུལ་པ་ལས་མགོན་ཆེན་པོ་བྱ་རོག་གདོང་། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་མ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་དང་བཅས། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །བདེ་གཤེགས་བསྟན་པ་གཉན་པོ་སྲུང་བར་མཛོད། །བསྟན་དང་རྣལ་འབྱོར་བདག་ལ་གནོད་བྱེད་པའི། །དམ་ཉམས་སྡིག་ཅན་དགྲ་

p. 584

བགེགས་མ་རུངས་པ། །བསམ་སྦྱོར་ངན་པ་འཆང་བ་འདི་དག་ཀུན། །ལོ་ཟླར་མ་འགྱང་ཐལ་བའི་རྡུལ་དུ་རློགས། །དམ་ཉམས་དགྲ་བོ་ད་ལྟ་ཉིད་དུ་སྒྲོལ། །སྲོག་རྩ་ཆོད་ལ་དོན་སྙིང་ཁྱེར་ལ་ཤོག །ཤ་ཟོ་ཁྲག་འཐུང་རུས་མུར་དཔལ་མདངས་ཕྲོགས། །དབུགས་ལོངས་སེམས་སྤོར་རྗེས་ཤུལ་མེད་པར་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བཀའ་དང་དམ་ལ་མ་འདའ་མ་གཡེལ་ཅིག །རྟགས་དང་མཚན་མ་སྟོན་ལ་གནོད་བྱེད་སྒྲོལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་འབར་བ་ནས། །མི་ཤའི་ས་གཞི་ལྷུ་དུམ་གྲམ་ཁྲོད་ཅན། །འདོད་ཆགས་ཆུ་འབྲུབ་ཞེ་སྡང་མེ་ཆེན་འབར། །ང་རྒྱལ་བྲག་གཏམ་ཕྲག་དོག་རླུང་ལྟར་འཚུབས། །གཏི་མུག་མུན་པ་ནག་པོས་ཕྱོགས་མཚམས་གཏམས། །དུག་གི་སྤྲིན་འདུས་ནད་ཀྱི་ན་བུན་

p. 585

འཐུལ། །མཚོན་ཆའི་ཆར་འབེབས་དྲག་པོའི་སྒྲ་རྣམས་སྒྲོགས། །ཞིང་སྐྱོང་མཁའ་འགྲོ་གདུག་པའི་ཚོགས་ཀྱིས་བསྐོར། །རྫུ་འཕྲུལ་དུ་མ་འདུས་པའི་ཆོམ་སྒྲ་ནི། །ཧཱུྃ་ཧཱུྃ་ཕཊ་ཅེས་གཅེར་བུས་འུར་སྒྲ་སྒྲོགས། །དུར་བྱས་གཤོག་རྡེབ་བྱ་རོག་རྔམ་སྒྲ་དང་། །གཅེར་བུ་གར་བྱེད་རོ་ལངས་ཕེཾ་ཕེཾ་སྒྲོག །འཆི་བདག་སྟངས་སྟབས་ལྕེ་སྤྱང་ང་རོ་འབྱིན། །ཤན་པས་གྲི་བརྡར་རྔམ་ཞིང་མཆེ་བ་གཙིགས། །སྡང་མིག་བསྒྲད་ཅིང་ཁ་གདངས་མི་རོ་ཟ། །དུར་ཁྲོད་ཉུལ་ཞིང་ཕྱོགས་མཚམས་ཀུན་ཏུ་རྒྱུག །གཤིན་རྗེ་མ་མོ་གནོད་སྦྱིན་བདུད་རྣམས་དང་། །མཁའ་འགྲོ་མ་དང་སྲིན་མོ་ཀླུ་བདུད་དང་། །བཙན་དང་རྒྱལ་པོ་སྲོག་བདག་ཤ་ཟའི་ཚོགས། །ཀེང་རུས་གཞལ་ཡས་མེ་དཔུང་དཀྱིལ་ན་བཞུགས། །རླུང་ལ་ཞོན་ནས་ནམ་མཁའི་དཀྱིལ་ན་རྒྱུག །རྒྱ་མཚོ་སྐེམ་ཞིང་ཚིལ་ཆེན་གསུར་ལ་སྣོམ། །

p. 586

ཚེ་ལ་དབང་བྱེད་དམ་ཅན་རྒྱ་མཚོའི་ཚོགས། །དམ་ཉམས་སྡིག་ཅན་འདི་ཡི་སྲོག་རྩ་ཆོད། །གདུག་པ་མ་རུངས་ཁྱོད་ཀྱི་མཚན་ཉིད་ནི། །སྟག་དང་སེང་གེ་ཆུ་སྲིན་སྤྱང་ཀིའི་གདོང་། །ཝ་དང་བྱ་རྒོད་འུག་པ་བྱ་རོག་གདོང་། །ཀཾ་ཀ་འབྲུག་དང་ལྕེ་སྤྱང་མི་ཡི་གདོང་། །འཇིགས་སུ་རུང་བའི་དུར་ཁྲོད་ཀློང་དཀྱིལ་ནས། །བྱ་རོག་མིང་ཅན་དཔའ་བོའི་བཀའ་བྱུང་གིས། །ལ་ལས་ཁུག་ལ་ལ་ལས་ལྷ་དང་ཕྲོལ། །ལ་ལས་ཆིངས་ལ་ལ་ལས་སྲོག་རྩ་ཆོད། །ལ་ལས་ཤ་ཟོ་ལ་ལས་ཁྲག་ལ་འཐུང་། །ལ་ལས་རྐང་རྡུང་ལ་ལས་ལྷ་བ་འཇིབས། །ལ་ལས་རྐང་ཟོ་ལ་ལས་པགས་པ་གྱོན། །གལ་ཏེ་ཁྱེད་རྣམས་ལས་ལ་གཡེལ་བ་ན། །ཚེ་འདིར་མི་བཟད་ལུས་ཀྱི་སྡུག་བསྔལ་དང་། །ཕྱི་མར་དམ་ཉམས་དམྱལ་བའི་སྡུག་བསྔལ་མྱོང་། །དེ་བས་དམ་ཚིག་གཉན་ལ་མ་འདའ་ཞིག །མཆོད་སྦྱིན་རྒྱན་གྱི་གཏོར་མ་འདི་

p. 587

བཞེས་ལ། །ཁྲག་འཐུང་རྒྱལ་པོ་དཔའ་བོའི་བཀའ་བཞིན་དུ། །དམ་ལས་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་པྲཛྙཱ་པུཎྱེས་མཛད་པའོ། །༈ ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །བྱ་རོག་གདོང་ཅན་ནག་པོ་འཁོར་དང་བཅས། །ལེགས་ལྡན་ནག་པོ་སྤྲུལ་པ༴ སེང་གེའི་གདོང་ཅན་ཤ་ཟ༴ མ་མོ་ཆེན་མོ་ནག་མོ༴ ཞིང་སྐྱོང་ཆེན་པོ་བསྟན་སྲུང༴ དམག་དཔོན་ཆེན་པོ་རུ་འདྲེན༴ ནག་པོ་སྟོང་དང་ཤ་ཟ་བྱེ་བའི་ཚོགས། །མ་མོ་དུང་ཕྱུར་སྤྲུལ་པ་ཡང་སྤྲུལ་ཚོགས། །ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི༴ ཛམྦུ་ཏི་བའི་ཞལ་ཟས་འདི༴ སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་

p. 588

ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ ཡུམ་གྱི་བསྐུལ་པ་ནི། བྷྱོ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དུག་རླངས་སྤྲིན་ལྟར་འཁྲིགས་པའི་གཞལ་ཡས་སུ། །གདུག་པའི་བུ་མོ་མི་བཟད་ཁྲོ་ཚུལ་ཅན། །ཐུགས་ཡུམ་དམར་མོ་སྲོག་གི་ལས་བྱེད་མ། །དམར་མོ་རྩ་འཇིབ་ཁྲག་འཐུང་རྐང་ལྡག་མ། །ཞལ་གཅིག་ཕྱག་ནི་བཞི་མ་སྟེ། །ཞལ་གདངས་རྔམ་པའི་མཆེ་བ་གཙིགས། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་ལྡན། །

p. 589

དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །རལ་པའི་ཅོད་པན་རེ་རེ་ལ། །འཇའ་ཚོན་སྣ་ཚོགས་ཀྱི་ལི་ལི། །ཕྱག་གཡས་དང་པོས་རལ་གྲི་བསྣམས། །འོག་མས་ཏྲི་ཤུ་དགྲ་ལ་འདེབས། །གཡོན་གྱི་དང་པོས་མདའ་གཞུ་ཐོགས། །དམ་ཉམས་དགྲ་བོའི་སྙིང་ལ་གཟེར། །འོག་མས་མི་མགོ་ཁྲག་འཛག་པ། །ཞལ་དུ་གསོལ་ཞིང་ཕྱོགས་བཅུར་འཐོར། །ཤིན་ཏུ་རིད་ཅིང་ཀེང་རུས་ལུས། །ཐོད་སྐམ་འབར་བས་དབུ་ལ་བརྒྱན། །ཐོད་རློན་ཕྲེང་བས་དོ་ཤལ་བྱས། །གཅེར་བུ་སྐྲ་གྲོལ་འགྱིང་བག་ཅན། །གཅན་གཟན་གདུག་པའི་ཤམ་ཐབས་དཀྲིས། །སྐུ་ལ་གདུག་པའི་འོད་ཟེར་འཕྲོ། །མཁའ་འགྲོ་སྟོང་གི་དབུས་ན་བཞུགས། །རོ་ལངས་འབུམ་ནི་འཁོར་ན་འགྱིངས། །མ་མོ་བྱེ་བའི་འཁོར་གྱིས་བསྐོར། །ཤ་ཟ་མང་པོ་ལས་ལ་རྦད། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་འུ་རུ་རུ། །ལེགས་གཉིས་སྟངས་

p. 590

འཛིན་ཕོ་ཉ་ཤ་ར་ར། །རུ་མཚོན་དར་གྱི་བ་དན་ལྷབས་སེ་ལྷབ། །སོད་དང་ཆོད་ཀྱི་ང་རོ་ཏི་རི་རི། །གཅན་སྤྱང་རྐན་རྡེབ་མང་པོ་འུ་རུ་རུ། །བཞད་དང་ཀཾ་ཀ་མང་པོ་སྤུངས་སེ་སྤུང་། །བྱ་རོག་ཁྭ་ཏ་མང་པོ་ཐིབས་སེ་ཐིབ། །མོན་མོ་གླུ་ལེན་མང་པོ་ཀྱུ་རུ་རུ། །བལ་མོ་གར་བྱེད་མང་པོ་ལོགས་སེ་ལོག །སྨན་མོ་བྲོ་རྡུང་མང་པོ་ཁྲིགས་སེ་ཁྲིག །རིན་ཆེན་འབར་བའི་གདུ་བུ་སི་ལི་ལི། །དུང་ཆེན་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །སྐལ་ལྡན་རྣལ་འབྱོར་བདག་གིས་ལས་ལ་མངག་པའི་ཚེ། །མཆི་མ་ཐུལ་ཐུལ་མྱུར་དུ་གནས་འདིར་བྱོན། །བཀའ་ལས་འདས་པའི་དམ་ཉམས་དགྲ་བོ་འདི། །སྙིང་ཁྲག་འཇིབ་ལ་མ་ཡི་ཞལ་དུ་གསོལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་གསོལ་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་ཀླུ་སྒྲུབ་ཀྱིས་མཛད་པའོ། །༈ ཐུགས་ཡུམ་གྱི་བསྐུལ་པ་ནི། བྷྱོ། བཞེངས་

p. 591

ཤིག་བཞེངས་ཤིག་སྐུ་བཞེངས་ཤིག །ཐུགས་ཡུམ་ཙཎྜི་ཁྲག་འཐུང་མ། །ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །རྩེ་གསུམ་མདའ་གཞུ་དགྲ་ལ་སྣུན། །ཁྲག་འཛག་མི་མགོ་ཞལ་དུ་གསོལ། །སྤྱན་གསུམ་སྐྲ་གྲོལ་སྐམ་རིད་ཅིང་། །མི་མགོ་སྟག་ལྤགས་སྐུ་ལ་བརྒྱན། །འཇིགས་པའི་དཔའ་མོ་མི་བཟད་མ། །དལ་ཡམས་ཁ་ཕྲུ་དགྲ་ལ་འབེབས། །སྲོག་དབུགས་ཀུན་ལ་མངའ་མཛད་མ། །རྦད་པའི་དྲག་སྔགས་འདྲེ་དཔུང་ཤིག །འབྱུང་པོ་འབྱུང་མོ་ཚར་གཅོད་མ། །ཁྱོད་ཀྱི་གཡས་གཡོན་ཕོ་ཉ་མོ། །རོ་ལངས་ཤ་ཟ་གཅེར་བུ་མ། །ཕྱག་གཡས་མི་རྐང་ཐོ་བ་བསྣམས། །ཕྱག་གཡོན་རོ་ཐོགས་ཤ་ཟ་མོ། །སྐྲ་གྲོལ་ཁ་གདངས་ཁྲོ་གཉེར་བསྡུས། །མཚན་མ་ཁྲག་འཛག་ཞབས་བསྒྲད་མ། །རིག་འཛིན་བཅོལ་བའི་ལས་རྣམས་སྒྲུབས། །སངས་རྒྱས་བསྟན་པའི་བྱ་ར་མ། །བརྒྱན་པའི་གཏོར་མ་འདི་

p. 592

བཞེས་ལ། །མ་གཡེལ་མ་མདའ་ཕྲིན་ལས་མཛོད། །བྷྱོ། བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །ན་ཆུང་སྒེག་མོ་ཀེང་རུས་ལུས་ཅན་མ། །མི་ཟད་གཏུམ་མོ་འཛིན་རྟེན་མཁའ་འགྲོའི་གཙོ། །ཐུགས་དམ་དབང་གིས་དམ་ཉམས་སྙིང་ཁྲག་འཐུང་། །ཞལ་གཅིག་ཕྱག་བཞི་རྔམ་ཞིང་རོ་ལ་ཟ། །ཞབས་གཉིས་བརྐྱང་བསྐུམ་གྱད་ཀྱི་འདོར་ཐབས་ཅན། །དམར་མོ་རྩ་འཇིབ་སྲོག་ལ་ཟན་བྱེད་མ། །ཚོགས་རྗེ་དཔའ་མོ་དྲག་ལྡན་ཕྱག་འཚལ་བསྟོད། །གཡས་པས་རལ་གྲི་འོག་མས་ཏྲི་ཤུ་ལ། །གཡོན་པས་དགྲ་སྙིང་འོག་མས་མདའ་གཞུ་བསྣམས། །སྤྱན་གསུམ་ཞལ་གདངས་ཁྲོ་གཉེར་གློག་ལྟར་འཁྱུགས། །ཁྲོ་ཞིང་རྒོད་མཛད་མཆེ་བ་ཟླ་གམ་འདྲ། །ཐོད་པ་སྦྲུལ་དང་རུས་པའི་རྒྱན་དྲུག་འཛིན། །ཞལ་གདོང་སྔོ་དམར་དུག་གི་ཁ་རླངས་འཐུལ། །ཤངས་ནས་རླུང་འབྱུང་མིག་ནས་མེ་སྟག་འཕྲོ། །

p. 593

སྟག་གི་ཤམ་ཐབས་ཁྲག་གི་ཐིག་ལེས་བརྒྱན། །ཐུགས་དམ་དགྱེས་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །༈ ལས་མགོན་བསྐུལ་པ་ནི། ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་དང་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ཧཱུྃ་ལས་བྱུང་བའི་ནག་པོ་ཆེ། །ཐུང་ལ་སྦོམ་པའི་གསུས་པོ་ཆེ། །ཧ་ཧ་ཞེས་སྒྲོགས་འཇིགས་པར་བྱེད། །དུག་སྦྲུལ་གདུག་པས་སྐུ་ལ་བརྒྱན། །གཏུམ་པོ་སྤྱན་གསུམ་འབར་བ་སྟེ། །ཕྱག་གཡས་འབར་བའི་གྲི་གུག་ཕྱར། །དམ་ཉམས་དོན་སྙིང་ཚལ་པར་འགེམ། །གཡོན་པས་ཐོད་པ་ཁྲག་བཀང་འཛིན། །རྡོ་རྗེ་སྲིན་པོའི་སྙིང་ཁྲག་འཐུང་། །རལ་པ་སེར་པོ་གྱེན་དུ་འབར། །མི་མགོ་རློན་པས་དོ་ཤལ་བྱས། །རྡོ་རྗེ་གནོད་སྦྱིན་དགྲ་ལ་ཕོབ། །ཁ་གདངས་ཁྲག་གི་རྒྱུན་འཛག་ཅིང་། །རྣོ་ལ་འཁྱུགས་པའི་མཆེ་

p. 594

བ་གཙིགས། །རྟག་ཏུ་ཤ་དང་ཁྲག་ལ་དགྱེས། །དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །ཞལ་ནས་དམ་ཉམས་མཱ་ར་ཡ། །ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །ཀླུ་གདོན་ནག་པོའི་འཁོར་གྱིས་བསྐོར། །རྐང་པ་ས་ལ་བརྡབས་པ་ཡིས། །དམ་ཉམས་བསྒྲལ་ཞིང་རྡུལ་དུ་རློགས། །ཁྱོད་ཀྱི་སྤྲུལ་པས་བར་སྣང་ཁེངས། །བྱ་རོག་གདོང་ཅན་ཕྲིན་ལས་མཛོད། །སོ་རྣོན་ལག་པ་དམར་པོ་དང་། །མཆུ་ནི་ཁྲག་གིས་བསྐུས་པ་སྟེ། །ལུས་ཕྱེད་དག་ནི་ཟོས་པ་ཡི། །མཁལ་མ་སྙིང་དང་ནང་ཁྲོལ་གྱིས། །སྙེམ་པ་ཤིན་ཏུ་བཀང་ནས་ནི། །ཟ་ཞིང་དུ་ནི་རྒྱུག་པ་ཡི། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །བསྟན་པ་བསྲུང་བར་ཞལ་བཞེས་པ། །བསྟན་ལ་སྡང་བ་ཕུང་བར་མཛོད། །སྟོབས་ཆེན་ཐུགས་དམ་དུས་

p. 595

ལ་བབ། །མ་གཡེལ་མ་གཡེལ་ཕུར་བུས་ཐོབ། །ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །འུར་འུར་ཆེམ་ཆེམ་སྤྲིན་ནག་འཁྲིགས། །མ་རུངས་འབྲུག་སྒྲ་ཏི་རི་རི། །མི་བཟད་གློག་དམར་སྐེམས་སེ་སྐེམ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །རྡོ་རྗེ་མེ་ཡི་སེར་ཆེན་འབེབས། །དཔྲལ་བར་ཁྱུང་གི་ཁྱུང་ཆར་ཕོབས། །དམ་ཉམས་ཐལ་བ་རྡུལ་དུ་རློགས། །བླ་མ་ལ་སྡང་གསང་སྔགས་སྨོད། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུང་། །སངས་རྒྱས་བསྟན་ལ་ར་མདར་རྒྱུགས། །ནག་པོ་ཆེན་པོ་ལས་ལ་བྷྱོཿ བསྟན་ལ་སྡང་བའི་དམ་ཉམས་ཀྱིས། །རང་གིས་རང་བྱས་རང་ལ་སྨིན། །མ་ཧཱ་ཀཱ་ལས་ཕྲིན་ལས་མཛོད། །གནམ་ལྕགས་འབར་བའི་མཆུ་སྡེར་གྱིས། །དམ་ཉམས་སྲོག་རྩ་མྱུར་དུ་ཆོད། །བྱ་རོག་གདོང་གི་དུས་ལ་བབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དུས་ལ་བབ་བོ་ས་མ་ཡ། །སྔོན་གྱི་ཐུགས་

p. 596

དམ་དགོངས་མཛོད་ལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་རྒྭ་ལོ་དུར་ཁྲོད་བསིལ་བའི་ཚལ་དུ་བཞུགས་དུས་མཛད་པའོ། །༈ ལས་མགོན་བསྐུལ་པ་ནི། ཧཱུྃ། ལས་མཁན་ནག་པོ་ཕོ་ཉའི་ཚོགས། །བདུད་པོ་བདུད་མོ་སྲོག་གི་བདག །བྱ་རོག་གདོང་ཅན་མི་སྲུན་པ། །ཞབས་གཉིས་གར་སྟབས་མཁའ་ལ་རྒྱུ། །ཕྱག་གཉིས་གྲི་ཐོད་སྤྱན་གསུམ་འཁྲུགས། །ཞལ་གདངས་མཆེ་གཙིགས་སྐན་སྒྲ་གཏོག །དཔའ་བོ་ཐོད་ཕྲེང་འགྱིང་བག་ཅན། །དགྲ་བགེགས་ཀུན་གྱི་གཤེད་མ་མཛོད། །ཙིཏྟ་སྙིང་གི་རྟེན་ལ་འདུ། །མི་རྐང་གླིང་བུའི་སྒྲ་ལ་ཆགས། །ཚིལ་ཆེན་གསུར་གྱི་དྲི་ལ་སྣོམ། །སྲོག་རྩ་དམར་པོའི་ཁྲག་ལ་དགྱེས། །གཡབ་དར་ནག་པོས་བྱ་ར་བྱེད། །མཐུན་རྐྱེན་དངོས་གྲུབ་ཆར་བཞིན་འབེབས། །འགལ་རྐྱེན་དགྲ་བོའི་ཁྱིམ་དུ་སྐྱེལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །

p. 597

བྱ་རོག་གདོང་ཅན་ཕྲིན་ལས་མཛོད། །མ་གཡེལ་མ་འདའ་ཕྲིན་ལས་མཛོད། །༈ དེ་ནས་སེང་གདོང་བསྐུལ་པ་ནི། ཧཱུྃ། དུར་ཁྲོད་ཆེན་པོ་ཞེས་བྱ་ན། །གྲུ་གསུམ་མཐིང་ནག་འབར་བ་ཡི། །རབ་ཏུ་འཇིགས་པའི་གཞལ་ཡས་ནས། །པད་ནག་ཉི་མའི་གདན་སྟེང་དུ། །བསྟན་སྲུང་སེང་གེའི་གདོང་པ་ཅན། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཕྱག་གཡས་ཞིང་སྒྲོལ་རལ་གྲི་བསྣམས། །གཡོན་པས་ཁྲག་གི་ཐོད་པ་བསྣམས། །དམ་ཉམས་སྙིང་ཁྲག་དྲོན་མོ་འཐུང་། །ལྕགས་ཀྱི་གཉའ་རལ་སྔོན་པོས་བརྒྱན། །ཞལ་ནས་དུག་དང་ནད་རྣམས་འཕྲོ། །དམ་ཉམས་དགྲ་བོ་ཕུང་བར་བྱེད། །སེང་གེའི་སྐད་ནི་འབྲུག་ལྟར་སྒྲོགས། །དམ་ཉམས་དོན་སྙིང་ཚལ་པར་འགེམ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་

p. 598

མནན། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཅན། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །དུས་མཚན་གཅེར་བུ་སྲིན་པོ་སྟེ། །ལྕགས་ཀྱི་དབུ་ལ་གསེར་གྱི་སྤྱན། །ལྕགས་ཀྱི་སྡེར་མོ་རྣོན་པོ་ཡིས། །ས་ལ་བཙུགས་ནས་སྤྱི་གཙུག་འགྲོ། །རྐང་པ་གྱེན་བསྟན་དམར་གཏོར་འཛིན། །མི་ལྤགས་རློན་པས་སྐེད་དཀྲིས་བྱས། །གཡས་གཡོན་གཉིས་ནས་ཕོ་ཉར་འགྱེད། །གཞན་ཡང་སྤྲུལ་པའི་ཕོ་ཉ་ནི། །མི་སྡུག་གཟུགས་ཅན་ཅིར་ཡང་སྟོན། །མཚོན་ཆ་སྣ་ཚོགས་ཅིར་ཡང་བསྣམས། །སྒྲ་སྐད་སྣ་ཚོགས་ཅིར་ཡང་སྒྲོག །སྤྲུལ་པ་སྣ་ཚོགས་ཅིར་ཡང་འགྱེད། །ཤ་ཟ་འབུམ་སྟོང་འཁོར་བཅས་ལ། །ཤ་དང་རྐང་དང་ཚིལ་བུ་དང་། །རཀྟ་ཆང་དང་བདུད་རྩི་དང་། །བ་ལིང་དམ་རྫས་སྣ་ཚོགས་དང་། །དགྲ་བོའི་ཤ་ཁྲག་གཏོར་མས་མཆོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིགས་

p. 599

པ་ཡི། །སྡིག་ཅན་དམ་ཉམས་དགྲ་བོ་འདིས། །དཀོན་མཆོག་གསུམ་གནོད་བླ་མ་བརྙས། །ཆོས་ལ་ལོག་ལྟ་སེམས་ཅན་འཚེ། །རྣལ་འབྱོར་བདག་ལ་བརྙས་གྱུར་པས། །ཆོས་སྐྱོང་ཁྱོད་ཀྱིས་མྱུར་དུ་སྒྲོལ། །ཆོས་སྐྱོང་ཁྱོད་ཀྱིས་མ་བསྒྲལ་ན། །ལས་ཀྱི་དུས་བྱས་དམྱལ་བར་འགྲོ། །དེ་བས་མྱུར་དུ་བསྒྲལ་དུ་གསོལ། །རྫུ་འཕྲུལ་སྣ་ཚོགས་ཕོ་ཉའི་ཚོགས། །རིངས་པར་རྒྱུག་ལ་མྱུར་དུ་ཁུགས། །ཞགས་པའི་ཚོགས་ཀྱིས་དམ་དུ་ཆིངས། །མཚོན་ཆའི་ཚོགས་ཀྱིས་དུམ་བུར་གཏུབས། །ཧུབ་ཧུབ་དགྲ་བོའི་ཁྲག་ལ་འཐུང་། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །སྐད་ཅིག་ཉིད་ལ་མེད་པར་མཛོད། །ཅེས་པ་འདི་པྲཛྙཱ་པུཎྱེས་མཛད་པའོ། །༈ ཧཱུྃ། ཚངས་རིགས་མགོན་པོ་སེང་གེའི་གདོང་། །མདོག་ནག་ལྕགས་ཀྱི་རལ་པ་ཅན། །ཁ་རླངས་དུག་དང་ནད་རླངས་འཚུབ། །ཞབས་གཉིས་འདོར་སྟབས་དགྲ་

p. 600

བགེགས་མནན། །ཕྱག་གཉིས་ཐོད་ཁྲག་རལ་གྲི་ཡིས། །དམ་ཉམས་སྲོག་རྩ་གནད་ནས་བཀུམ། །དཔའ་བོ་ཆེན་པོའི་བཀའ་ཉན་པ། །ཁྱོད་ཀྱི་གཡས་གཡོན་ཕོ་ཉ་ནི། །ཤ་ཟ་སྲིན་མོ་ལྕགས་མགོ་མ། །གཅེར་བུ་གསེར་མིག་འཁྱིལ་པ་ལ། །ཁ་གདངས་མི་ལྤགས་སྐེད་ལ་དཀྲིས། །ལྕགས་སྦར་སར་བཙུགས་འབྲེད་ཅིང་རྒྱུག །སྤྱི་གཙུག་དམར་གཏོར་དགྲ་ལ་འཕེན། །ཉམས་པའི་དགྲ་ལ་ལྟས་ངན་འགྱེད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །སེང་གེའི་གདོང་ཅན་ཕྲིན་ལས་མཛོད། །མ་གཡེལ་མ་མདའ་ཕྲིན་ལས་མཛོད། །༈ ཐུགས་མགོན་གྱི་བསྐུལ་པ་ནི། ཧཱུྃ། ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། །མགོན་པོ་བེང་ཐོགས་སྔོན་ནས་རྒྱུག །སྐུ་ལ་དར་ནག་བེར་ཆེན་གསོལ། །གསེར་སྐེད་རིན་ཆེན་སྐེད་ལ་བཅིངས། །ཞབས་ལ་སག་ཏིའི་ལྷམ་མཛེས་གསོལ། །སྟོང་གསུམ་བདུད་འདུལ་རྟ་ནག་རྟིང་དཀར་

p. 601

ཆིབས། །ཕྱག་ན་ཙན་དན་བེང་ཆེན་བསྣམས། །ཙནྡན་བེང་གི་སྟེང་ཤེད་ནས། །སྤྲུལ་པའི་ཕོ་ཉ་སྟོང་འགྱེད་པས། །སྟེང་གི་ལྷ་ཚོགས་དབང་དུ་བསྡུད། །ཙནྡན་བེང་གི་བར་ཤེད་ནས། །སྤྲུལ་པའི་ཕོ་ཉ་སྟོང་འགྱེད་པས། །བར་གྱི་དགྲ་བགེགས་རྡུལ་དུ་བརླགས། །ཙནྡན་བེང་གི་སྨད་ཤེད་ནས། །སྤྲུལ་པའི་ཕོ་ཉ་སྟོང་འགྱེད་པས། །འོག་གི་ཀླུ་རྣམས་རྡུལ་དུ་བརླགས། །ལྷ་དམག་བྱེ་བའི་འཁོར་གྱིས་བསྐོར། །ལྷ་དམག་སྟོབས་ཆེན་མེ་རེ་རེ། །དྲག་པོའི་བསྭ་སྒྲ་དི་རི་རི། །ང་རྒྱལ་ཆམ་སྒྲ་ཁྲ་ལ་ལ། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །དམ་ཉམས་བསྒྲལ་བའི་ཕྲིན་ལས་མཛོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་ཅག་འཁོར་དང་བཅས་པ་ལ། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་། །ཁ་རུ་ལག་ཆུགས་

p. 602

ཁོག་པའི་སྙིང་ཁྲག་ཕྱུངས། །སྲོག་རྩ་དམར་པོ་ཆོད་ལ་ཤོག །ར་དང་ལུག་དང་བོང་བུ་གསུམ། །བླ་རྟགས་ཡིན་པས་ཁྱེར་ལ་ཤོག །སོ་དང་སེན་མོ་པགས་པ་གསུམ། །ཕྱི་རྟགས་ཡིན་པས་ཁྱེར་ལ་ཤོག །རྣ་བ་མིག་དང་ལྕེ་དང་གསུམ། །དབང་པོ་ཡིན་ཕྱིར་ཁྱེར་ལ་ཤོག །གློ་བ་སྙིང་དང་མཆིན་པ་གསུམ། །དོན་སྙིང་ཡིན་པས་ཁྱེར་ལ་ཤོག །གཉེ་མ་རྒྱུ་མ་མཁལ་མ་གསུམ། །ནང་ཁྲོལ་ཡིན་ཕྱིར་ཁྱེར་ལ་ཤོག །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། གསལ་སྟོང་ཐུགས་ཀྱི་དབྱིངས་ནས་སྤྲུལ་པ་ནི། །བསྟན་པའི་བཀའ་སྲུང་ལེགས་ལྡན་ནག་པོ་སྟེ། །མི་བཟད་དཔལ་འབར་ལྷ་ཆེན་འཇིགས་པའི་སྐུ། །སྐུ་མདོག་མཐིང་ནག་ཁམས་གསུམ་དབང་དུ་སྡུད། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །སྨ་ར་སེར་པོ་མེ་ལྟར་འབར་བས་བརྗིད། །

p. 603

སྤྱན་གསུམ་སྡང་མིག་བསྟན་པའི་བྱ་ར་མཛད། །དབུ་སྐྲ་དམར་སེར་ཐོད་ཕྲེང་ཉི་ཟླས་བརྒྱན། །ལེ་བརྒན་དར་གྱི་ཅོད་པན་རླུང་གིས་བསྐྱོད། །རབ་འཇིགས་སྐུ་ལ་བརྗིད་པའི་བེར་ཆེན་གསོལ། །གསེར་སྐེད་རིན་ཆེན་འབར་བ་སྐེད་ལ་བཅིངས། །རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ་བ་བཅིབས། །མགྱོགས་པའི་དབང་གིས་སྲིད་གསུམ་སྐད་ཅིག་བསྐོར། །བསྐལ་པའི་མེ་རླུང་འཚུབ་མས་སྟོང་གསུམ་གང་། །ཕྱག་ན་ཙནྡན་བེང་ཆེན་བསྣམས་པ་ལས། །སྤྲུལ་པའི་ལྷ་དམག་ཉི་ཁྲི་གཅིག་སྟོང་འགྱེད། །དམག་དཔོན་སེང་སྟག་སྤྱང་དོམ་གཟིག་གི་གདོང་། །སྤྲེའུ་དྲེད་དང་ཆུ་སྲིན་གདོང་ཅན་བརྒྱད། །སྐུ་མདོག་མ་ངེས་བེར་ཆེན་སྣ་ཚོགས་དང་། །རིན་ཆེན་དུ་མ་ལས་གྲུབ་བེང་ནང་ནས། །ཚངས་རིགས་བདུད་རིགས་གཉན་རིགས་གཟའ་ལ་སོགས། །ལྷ་རིགས་རྒྱལ་རིགས་

p. 604

གཤིན་རྗེ་ཀླུ་བདུད་སོགས། །གསེར་ཁྲབ་དངུལ་ཁྲབ་ཟངས་ཁྲབ་བསེ་ཁྲབ་གསོལ། །བ་དན་དཀར་སེར་དམར་ལྗང་ཁྲ་བོ་ཐོགས། །སྤྲུལ་པའི་དམག་དཔུང་འཁོར་དང་བཅས་པ་ལ། །ཕྱི་ནང་གསང་གསུམ་བ་ལིང་བདུད་རྩིར་བཅས། །མཐུན་རྫས་རབ་འབྱམས་གང་བའི་མཉེས་མཆོད་འབུལ། །བསྟན་དགྲ་གནོད་བྱེད་སྟེང་དུ་ལས་ལ་བསྐུལ། །བཀའ་སྡོད་ལེགས་ལྡན་འཁོར་བཅས་དགྲ་ལ་བྷྱོ། །ལྷ་དམག་དུང་ཕྱུར་སྡང་བའི་དགྲ་ལ་ཡ། །དམ་ཉམས་དགྲ་བགེགས་འདི་ཡི་སྲོག་རྩ་ཆོད། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་སྐྱོ་བྲག་ཀརྨ་ཡེ་ཤེས་ཀྱིས་མཛད་པའོ། །༈ ཆད་མདོ་ནི། ཧཱུྃ་བྷྱོ། ཕྱོགས་ཕྱོགས་དག་ནི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གནས་ཀྱི་མིང་ནི་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །མཆོད་རྟེན་མིང་ནི་ཀ་ལིང་ཀ །

p. 605

ཤིང་གི་མིང་ནི་ནྱ་གྲོ་ཏ། །སངས་རྒྱས་མིང་ནི་བསྟན་པའི་གཙོ། །ཆོས་སྐྱོང་མིང་ནི་ཁྲག་འཐུང་རྒྱལ། །བཀའ་ཉན་མིང་ནི་བྱ་རོག་གདོང་། །ཕྱོགས་སྐྱོང་མིང་ནི་གིང་སོགས་བཞི། །མ་མོའི་མིང་ནི་རབ་འབར་མ། །མཁའ་འགྲོའི་མིང་ནི་ཤ་ཟ་འབུམ། །ལས་མཁན་མིང་ནི་ར་ཧུ་ལ། །སྔོན་གྱི་བསྐལ་པའི་དང་པོ་ལ། །བླ་མ་དཔལ་ཆེན་རྒྭ་ལོ་ཡིས། །འཁོར་ལོ་བདེ་མཆོག་ཞལ་གཟིགས་ཚེ། །ནམ་གྱི་སྲོད་ཀྱི་ཉུལ་ལེ་མ། །ཞིང་སྐྱོང་མཁའ་འགྲོ་ཆེན་མོ་བདུན། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་སྒྲོགས་ཤིང་། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །དགྲ་བོ་བསྒྲལ་བར་དམ་ཡང་བཅས། །དམ་ཚིག་ཆེན་པོའི་དུས་ལ་བབ། །ནམ་གྱི་གུང་ཐུན་དབུས་མ་ལ། །ཤར་ཕྱོགས་རྒྱལ་པོ་གིང་ཆེན་གྱིས། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །

p. 606

དགྲ་བགེགས་བསྒྲལ་བར་དམ་ཡང་བཅས། །སྲོག་བདག་ཆེན་པོའི་དུས་ལ་བབ། །ནམ་གྱི་ཐོ་རངས་ཐ་མ་ལ། །ཆོས་སྐྱོང་བྱ་རོག་གདོང་ཅན་གྱིས། །གཞི་སྙིང་གཅིག་ཏུ་དྲིལ་བའི་ཚེ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །དགྲ་བོ་བསྒྲལ་བར་དམ་ཡང་བཅས། །ཕྲིན་ལས་དྲག་པོ་བསྟན་དུ་གསོལ། །དེ་ཡི་བསྐལ་པའི་ཕྱི་མ་ལ། །བླ་མ་རྗེ་བཙུན་ཞང་ཚལ་གྱིས། །ཁྱོད་ལ་གསོལ་བཏབ་ཕྲིན་ལས་བཅོལ། །ད་ལྟ་རྣལ་འབྱོར་བསྟེན་ནས་སུ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་མགོན་པོའི་ཆད་མདོ་བསྐུལ་པ་ནི། བླ་མ་དཔལ་རྒྭ་ལོ་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཞུགས་པའི་དུས་སུ་མཛད་པའོ། །༈ ཧཱུྃ། གཞན་ཡང་མགོན་པོའི་བཀའ་འཁོར་ན། །ནག་པོའི་དམག་ཚོགས་ཉེ་རེ་རེ། །ཤ་ཟ་རང་སྐད་ཏི་རི་རི། །མ་མོས་ཟོར་འཕེན་ཤ་ར་ར། །མཁའ་འགྲོའི་བཤུག་པ་

p. 607

ཀྱུ་རུ་རུ། །ཀེང་རུས་གར་བྱེད་ཁྱུགས་སེ་ཁྱུག །རོ་ལངས་གར་བྱེད་ཤིགས་སེ་ཤིག །བྱ་རོག་མང་པོ་ཐིབས་སེ་ཐིབ། །གཅན་སྤྱང་ངུ་འབོད་ལྷངས་སེ་ལྷང་། །དམར་གྱི་གཏོར་མ་འདི་བཞེས་ལ། །བསྟན་པ་བཤིགས་པའི་དགྲ་བོ་འདི། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ལས་ཀྱི་མེ་ལོང་སྟོན་ལ་ཤོག །བདུད་ཀྱི་ཁྲམ་ལ་ཐོབས་ལ་ཤོག །ཤོ་རྡིལ་དཀར་ནག་ཁྲོམས་ལ་ཤོག །ཞགས་པ་དམར་པོ་ཐོབས་ལ་ཤོག །བྱུར་གྱིས་གཏོད་ལ་ནོན་ལ་ཤོག །ལོ་དང་ཟླ་བར་མ་བཞག་ཅིག །ཞག་དང་ཟ་མར་མ་བཞག་པར། །ཨོཾ་མ་ཧཱ་ཀཱ་ལ་ཏེ་ཤང་ཀུ་རུ་གིང་ཀ་ར་རྒྱུག་རྒྱུག་བྲེང་བྲེང་བྷྱོ་བྷྱོ། ཞང་རིན་པོ་ཆེས་མཛད་པའོ། །༈ ཉིན་རེ་རེ་བཞིན། ཧཱུྃ། མི་སྲུན་དྲག་པོ་བདུད་ཀྱི་རྗེ༔ ཤ་ཟ་ནག་པོ་སེང་གེའི་གདོང་༔ ཡུམ་གཅིག་བདུད་མོ་ཆེན་མོ་དང་༔ བམ་རོ་ཕོ་མོ་སྡེ་བརྒྱད་སོགས༔ དྲག་གཏུམ་རྔམ་བརྗིད་

p. 608

འབར་བ་ཡི༔ ལྷ་ཚོགས་འཁོར་དང་བཅས་རྣམས་མཆོད༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གཏོར་མ་འདི་དང་ཉམས་པའི་དགྲ༔ དབྱེར་མེད་ཉིད་དུ་བཞེས་སུ་གསོལ༔ སེང་ཧ་མུ་ཁ་སི་ན་ར་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་རུ་དྲའི་རུ་པ་ལ་ཁཱ་ཧི༔ ༈ རྡོ་རྗེ་གུར་གྱི་བསྐུལ་པ་ནི། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །སྟེང་ནས་སྤྲུལ་པའི་ཕོ་ཉ་ནི། །ཁྱུང་ཆེན་སྔོན་པོ་ལྡིང་ཞིང་འབབ། །གཡས་ནས་སྤྲུལ་པའི་ཕོ༴ བྱ་ནག་མང་པོ་ལྡིང་ཞིང་འབབ། །གཡོན་ནས་སྤྲུལ་པའི་ཕོ༴ ཁྱི་ནག་མང་པོ་ཟུག་ཅིང་རྒྱུག །རྒྱབ་ནས་སྤྲུལ་པའི་ཕོ་ཉ༴ ལྕགས་སྤྱང་མང་པོ་ཡར་ཅིང་རྒྱུག །མདུན་ནས་སྤྲུལ་པའི༴ མི་ནག་འོ་དོད་གནམ་དུ་འབོད། །བྷྱོ་བྷྱོ་དེ་ནི་དགྲ་ལ་བྷྱོ། །ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །སྡང་བའི་དགྲ་ལ་རྟགས་ཕྱུངས་ལ། །གནོད་པའི་བགེགས་ལ་ལས་མཛོད་ཅིག །

p. 609

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྣམ་འཕྲུལ་གཎྜིས་སྤྲུལ་པའི་ཕོ་ཉ་ནི། །ཁྲོ་ཆེན་འབར་བའི་ཚོགས་ཀྱིས་འཇིག་རྟེན་གང་། །སྤྲུལ་པ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །འདི་ཡི་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བ་ཀུན་དང་ཕྲོལ་ལ་ཐོངས། །བདག་གི་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་

p. 610

ལྷ་སྲིན་སྡེ་བརྒྱད༴ དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕེ་སྤྱང༴ པུ་ཏྲ་ལ་སོགས་ལས་མཁན༴ མི་ནག་ལ་སོགས་སྤྲུལ་པ༴ སྲུང་མ་རྒྱ་མཚོའི་དམག་ཚོགས༴ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་བརྒྱན་པའི་གཏོར་མ༴ ཛམྦུ་ཏི་བའི་ཞལ་ཟས་འདི༴ སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་འབུལ། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ ལྷ་མོ་རྦད་པ་མེ་ལྕེ་གློག་ཕྲེང་བཞུགས་སོ། །

p. 611

ཧཱུྃ་བྷྱོ། བྱང་ཤར་ཐོད་པའི་སྐུ་མཁར་ལྡེམ་པ་ན། །ཉིན་མོ་དུད་འཐུལ་མཚན་མོ་མེ་དཔུང་འབར། །དུར་ཁྲོད་བསྐལ་པའི་མེ་རླུང་འཚུབ་མ་ནས། །མ་གཅིག་དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །མ་གཅིག་དཔལ་ལྡན་ལྷ་མོ་གཤེགས་ཙ་ན། །སྟེང་ན་སྤྲུལ་པའི་བྱ་ཚོགས་ཐིབས་སེ་ཐིབ། །མདུན་ན་གནམ་ལྕགས་ཐོག་སེར་ཉི་ལི་ལི། །རྒྱབ་ན་ཤན་པས་གྲི་བརྡར་ཡུགས་སེ་ཡུག །ལོགས་ལ་མ་མོ་གད་རྒྱངས་ལྷགས་སེ་ལྷག །ཟུར་ལ་དུར་བྱ་རྐང་འགྲོས་ལིངས་སེ་ལིང་། །རྒྱབ་ན་ལྕགས་སྤྱང་མཆེ་བ་ཐམས་སེ་ཐམ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་དགྲ་རྩད་ནས་གཅོད་པའི་ཕྲིན་ལས་མཛོད། །བྷྱོ། སྔོན་ཚེ་སངས་རྒྱས་སྤྱན་སྔར་ཁས་བླངས་པའི། །བསྟན་པ་སྲུང་དང་བསྟན་འཛིན་རྣལ་འབྱོར་སྐྱོང་། །བསྟན་ལ་སྡང་བྱེད་ལོག་ལྟའི་དགྲ་

p. 612

བགེགས་སྒྲོལ། །བསྟན་སྐྱོང་མ་མོ་ཆེན་མོ་དགྲ་ལ་བྷྱོ། །བྷྱོ། བཀའ་ཉན་ལས་བྱེད་གཅེར་བུ་ཤན་པའི་གཟུགས། །སྙིང་ཟན་མ་མོ་མཐུ་ཆེན་རྫུ་འཕྲུལ་ཅན། །བོང་བུ་ཞོན་ནས་རྣལ་འབྱོར་ཕོ་ཉ་བྱེད། །སྲོག་གཅོད་ཤན་པ་མ་གསུམ་དགྲ་ལ་བྷྱོ། །ཕྱོགས་བཞི་བཀའ་སྲུང་མཁའ་འགྲོ་རིགས་བཞིའི་གཙོ། །ཕྲིན་ལས་བཞི་སྒྲུབ་བསྟན་པའི་བྱ་ར་བྱེད། །ལྷ་མོའི་བཀའ་ཉན་སྒྲུབ་པའི་སྡོང་གྲོགས་བྱེད། །རྣལ་འབྱོར་བར་ཆད་བདུད་འཇོམས་དགྲ་ལ་བྷྱོ། །ཕྱོགས་བཞི་མཚམས་བརྒྱད་ཕྲ་མེན་ལས་མཁན་ཚོགས། །གར་རྦད་སྡང་བའི་དགྲ་ལ་ཐོག་བས་མྱུར། །གནོད་བྱེད་རྒྱལ་བསེན་བགེགས་ལ་མེ་བས་བཤོར། །དུག་ཐུན་ནག་མོ་འཁོར་བཅས་དགྲ་ལ་བྷྱོ། །སྒོ་བཞི་བསྲུང་བའི་ཀང་ཀ་སྒོ་མ་བཞི། །སྲོག་གཅོད་ནད་གཏོང་དགྲ་བགེགས་ཐལ་བར་བརླག །ཕྱོགས་བཞིའི་བདུད་འདུལ་རྣལ་འབྱོར་དྲོད་

p. 613

རྟགས་ཉུལ། །མགོ་བརྙན་གདོང་ཅན་ཚོགས་རྣམས་དགྲ་ལ་བྷྱོ། །ཕྱི་རིམ་མུ་ཁྱུད་མེ་རླུང་འཚུབ་མའི་ཀློང་། །ཕོ་ཉ་མཁའ་འགྲོ་ནག་མོ་གྲི་ཐོད་ཅན། །གཅེར་བུ་འཇིགས་པའི་སྟབས་ཀྱིས་སྤྲུལ་པ་འགྱེད། །བདུད་ཕོ་བདུད་མོའི་ཚོགས་རྣམས་དགྲ་ལ་བྷྱོ། །གཤིན་རྗེ་ཤ་ཟ་མ་མོ་ཀེང་ལ་སོགས། །ལས་བྱེད་སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་ཀུན། །བཀའ་ཉན་གསུང་སྒྲུབ་སངས་རྒྱས་བསྟན་པ་སྲུང་། །དམ་ཉམས་སྲོག་ལ་རྔམ་བྱེད་དགྲ་ལ་བྷྱོ། །མ་གཅིག་ཆོས་སྐྱོང་ལྷ་མོ་འཁོར་བཅས་ཀྱིས། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །གནོད་བྱེད་རྒྱལ་བསེན་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་པ་འདི་སྐྱེ་མེད་

p. 614

ཞང་བླ་མ་རིན་པོ་ཆེ་རྔོག་སྟོན་གྱིས་ས་ག་ཟླ་བའི་ཉི་ཤུ་དགུའི་སྲོད་ལ་དུད་སོལ་ལྷ་མོ་ཞལ་རས་གཟིགས་པའི་དུས་སུ། རྦད་པ་མེ་ལྕེའི་གློག་ཅེས་བྱ་བ་འདི་མཛད་པའོ། །འདི་ཤིན་ཏུ་གཉན་པས་བསྟན་པ་དང་སློབ་དཔོན་གྱི་དོན་དུ་མ་གཏོགས་གར་ཐོད་ཐོད་དུ་མི་བྱའོ། །༈ བྷྱོ། མ་གཡེལ་མ་གཡེལ་དམ་ཅན་ཚོགས། །བོས་པའི་ཚེ་ན་སྙན་མ་སྲ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །ཤ་ཁྲག་གཟན་དུ་བོར་ནས་ཁྱེད་སྒྲུབ་ན། །ལུས་སྲོག་འབེན་དུ་བཙུགས་ནས་ཁྱེད་སྒྲུབ་ན། །དམ་རྫས་རྟེན་དུ་བཙུགས་ནས་ཁྱེད་སྒྲུབ་ན། །ཕུག་པ་ཞྭ་ལྟར་གྱོན་ནས་ཁྱེད་སྒྲུབ་ན། །རྣལ་འབྱོར་བདག་ནི་གཙང་ཤོད་ཉ་བཞིན་ཉལ། །དམ་ཉམས་དགྲ་ནི་གངས་གོང་སེང་བཞིན་རྒྱུག །ས་སྟེང་འདི་ན་བདག་ལ་མགོན་མེད་པས། །མ་གཅིག་དམ་ཅན་ཐུགས་རྗེས་མི་དགོངས་སམ། །འཁོར་གྱི་ཚོགས་ལ་བཀའ་ནན་མི་མཛད་དམ། །

p. 615

དམ་ཉམས་དགྲ་ལ་ཕྲིན་ལས་མི་མཛད་དམ། །ལྷ་མོ་མི་ཕམ་སྲོག་གི་ལྷ། །རྣལ་འབྱོར་ཀུན་གྱི་དགྲ་བླ་མ། །ནག་མོ་ཆེན་མོ་ཆར་སྤྲིན་མདོག །དཔལ་ལྡན་ལྷ་མོ་ཐུགས་དམ་ཅན། །རྡོ་རྗེའི་ལྕམ་གཅིག་ལས་མཁན་མོ། །སྲོག་གཅོད་ནག་མོ་བོང་ཞོན་མ། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །དམ་ཉམས་ཀུན་གྱི་སྲོག་གཅོད་མ། །དམ་ཚིག་ཅན་གྱི་ཚེ་འཛིན་མ། །ལེགས་ཉེས་ཀུན་གྱི་གཏང་སྤྱོད་མ། །འཁོར་རྣམས་ཕོ་ཉར་ད་ཐོངས་ལ། །བསྟན་པ་བཤིགས་པའི་དམ་ཉམས་ནི། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་ནི་དེང་ནས་འཁོར་བ་ཇི་སྲིད་བར། །དཀར་པོའི་ཕྱོགས་ཀྱི་ནད་

p. 616

དང་སྡུག་བསྔལ་སོགས། །ཞི་བར་བྱ་ཕྱིར་ཚེ་དང་བསོད་ནམས་འཕེལ། །ནག་པོའི་ཕྱོགས་རྣམས་འགུག་ཅིང་དབང་དུ་སྡུད། །སྨྱོ་འབོག་གསོད་པ་ལ་སོགས་ལས་འདི་དག །བསྟན་པ་བསྲུང་ཕྱིར་ལས་འདི་མྱུར་དུ་སྒྲུབས། །འདི་ལས་འདས་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེས་མགོ་འགེམ་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་ཁས་བླངས་པའི། །དམ་བཅའ་བཞིན་དུ་བཅོལ་བའི་ཕྲིན་ལས་མཛོད། །བྷྱོ། རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །ཞལ་ནས་བདུད་རྩིའི་ཆར་པའི་རྒྱུན་ཕོབས་ལ། །ནད་ལ་སོགས་པའི་སྡུག་བསྔལ་ཞི་བར་མཛོད། །ཚེ་དང་དབང་ཐང་ལོངས་སྤྱོད་རྒྱས་པར་མཛོད། །ཟང་ཟིང་ལོ་ཏོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །བྷྱོ། གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བླ་མ་སྨོད་ཅིང་

p. 617

དཀོན་མཆོག་དབུ་འཕང་སྨད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །ཉེས་པར་བྱེད་པའི་ལས་ངན་སྡིག་ཅན་འདི། །ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློངས། །པགས་བཞི་ས་ལ་ལྷུང་ནས་སྡེབས་སུ་ཆུགས། །དོན་སྙིང་རྣམ་ལྔའི་ཁོང་ཁྲག་སྐྱུགས་སུ་ཆུགས། །ལས་ངན་འཁོར་བཅས་བྲང་ཆེན་བརྡུང་དུ་ཆུགས། །སྨྲེ་སྔགས་ཆོ་ངེ་གནམ་དུ་འབོད་དུ་ཆུགས། །འཆི་བའི་དུས་འདའ་སྨྱོ་འབོག་བསད་པར་མཛོད། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཐོངས། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ དྲང་སྲོང་བསྐུལ་ཐུང་ནི། ཧཱུྃ། སངས་རྒྱས་བསྟན་པ་སྲུང་མཛད་པའི། །ལེགས་ཉེས་ཀུན་གྱི་ཤན་འབྱེད་པ། །བླ་མེད་བཀའ་ཡི་བྱ་ར་བ། །དྲང་སྲོང་འཁོར་

p. 618

བཅས་གཏོར་མ་ལོངས། །སྡང་བ་དགྲ་ཡི་སྟེང་དུ་བྷྱོ། །ཞེས་ཨ་རཱ་གས་བསྒྲིགས་པའོ། །༈ ཧཱུྃ། གཡས་ན་ཡབ་ཀྱི་ཚོགས་དང་བཅས། །གཡོན་ན་ཡུམ་གྱི་ཚོགས་དང་བཅས། །སྲིང་མོ་གདོང་མོ་མཆེད་བཞི་དང་། །ནང་བློན་གཟའ་ཆེན་བརྒྱད་པོ་དང་། །ཕྱི་བློན་རྒྱུ་སྐར་ཉི་ཤུ་དང་། །གསང་བའི་ལྷ་སྲིན་སྡེ་བརྒྱད་དང་། །སྲིད་གསུམ་འབྱུང་པོའི་ཚོགས་བཅས་ལ། །འཁོར་བཅས་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟན་པ་བཤིགས་པའི་དགྲ་བོ་ལ། །ཐོག་སེར་འབེབས་པའི་དུས་ལ་བབ། །བསྟན་པ་བསྲུང་བའི་དུས་ལ་བབ། །ཤར་ཕྱོགས་བྱི་ནུ་ར་ཙ་དང་། །ཤར་ལྷོ་རྭ་ཧུ་ལ་ཡིན་ཏེ། །ལྷོ་ན་ཁྱབ་འཇུག་ཆེན་པོ་སྟེ། །ལྷོ་ནུབ་བྷི་ཏྲི་བྷ་ཏྲ་དང་། །ནུབ་ཏུ་ལྗང་སྔོན་ཆེན་པོ་སྟེ། །ནུབ་བྱང་དུ་བ་མཇུག་རིང་སྟེ། །བྱང་དུ་རོག་ཏི་མཐིང་ནག་སྟེ། །བྱང་ཤར་བི་ན་ཡ་ཀ་སྟེ། །

p. 619

ཕྱོགས་མཚམས་བརྒྱད་ཀྱིས་དགྲ་བགེགས་སྒྲོལ། །༈ དྲང་སྲོང་བསྟོད་བསྐུལ་བཞུགས་སོ། །ཧཱུྃ། སངས་རྒྱས་བསྟན་པ་སྐྱོང་མཛད་པའི༔ ལེགས་ཉེས་ཀུན་གྱི་སྟངས་འཛིན་ཅིང་༔ བླ་མེད་བཀའ་ཡི་བྱ་ར་བ༔ དྲང་སྲོང་འཁོར་བཅས་གཤེགས་སུ་གསོལ༔ འབར་བའི་གདན་ལ་བཞུགས་ནས་ཀྱང་༔ མཐུན་པའི་དམ་རྫས་མཆོད་གཏོར་བཞེས༔ དམ་ཚིག་གཉན་གྱི་ལྷ་ཆེན་པོ༔ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ འཇིགས་པའི་ལུས་ཅན་འབར་བའི་སྐུ༔ འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །སྤྲུལ་པ་ཆེན་པོ་མི་བསྲུན་པ༔ གནམ་ལྕགས་ཐོག་གི་བདག་པོ་སྟེ༔ སྐྱིན་མདངས་སེར་བ་དབབ་མཛད་པའི༔ དྲང་སྲོང་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་ནས་ལྷ་ཡི་གཙོ༔ རྒྱ་མཚོའི་སྟེང་ན་ཀླུ་ཡི་བདག༔ བར་སྣང་ཁམས་སུ་བསྐྱོད་ཙ་ན༔ ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ༔ ལུས་གཅིག་མགོ་དགུ་

p. 620

སྲིད་གསུམ་བདག༔ མགོ་གཅིག་ལྷ་མིན་ཁྲོ་བོའི་ཞལ༔ ཉི་ཟླ་གཉིས་ཀྱང་གྲིབ་ཀྱིས་ནོན༔ གཅིག་ནི་བཞད་ཅིང་རྒོད་པོའི་ཞལ༔ དགྱེས་པ་བཀའ་ཡི་བྱ་ར་བྱེད༔ གཅིག་ནི་ཁྲོས་པ་སྲིན་པོའི་གདོང་༔ གདུག་པའི་དགྲ་བགེགས་ཟས་སུ་ཟ༔ གཅིག་ནི་རྔམ་བྱེད་ཟ་བྱེད་གདོང་༔ གནམ་ལྕགས་མེ་ཡི་ཐོག་ཆེན་འབེབས༔ གཅིག་ནི་གཙིགས་བྱེད་མ་རུངས་པ༔ ཚ་གྲང་འཐབ་པའི་སྐན་སྒྲ་སྒྲོག༔ གཅིག་ནི་འཁྲུགས་བྱེད་འཇིགས་པའི་ཞལ༔ གཡོ་འགུལ་ཆེན་པོས་སེར་བ་འབེབས༔ གཅིག་ནི་གཏུམ་ཆེན་ཡེ་ཤེས་ཞལ༔ མངོན་ཤེས་ནུས་མཐུ་ཕྱོགས་མེད་སྟོན༔ གཅིག་ནི་ལས་སྟོབས་རྫུ་འཕྲུལ་ཅན༔ སངས་རྒྱས་བསྟན་པ་སྲུང་བར་བྱེད༔ གཅིག་ནི་ཞི་བ་ལྷ་ཡི་ཞལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ ཁྱེད་ནི་ཆོས་སྐྱོང་ཆེན་པོ་སྟེ༔ སྟེང་གི་ཕྱོགས་ནི་བྱ་རོག་ཞལ༔ དཀོན་མཆོག་དབུ་འཕང་བསྟོད་

p. 621

པར་བྱེད༔ རལ་གྲི་མདའ་གཞུ་བསྣམས་པ་ནི༔ སྡང་བྱེད་དགྲ་བོ་སྒྲོལ་བའི་རྟགས༔ ཆུ་སྲིན་སྦྲུལ་ཞགས་འཛིན་པ་ནི༔ ས་བདག་ཀླུ་གཉན་འདུལ་བའི་རྟགས༔ སྐུ་ལུས་མིག་གིས་གང་བ་ནི༔ ཕྱོགས་བཅུར་བསྟན་པ་སྐྱོང་བའི་རྟགས༔ ཁྱོད་ནི་བདུད་འདུལ་ཆེན་པོ་སྟེ༔ དཔལ་ཆེན་པོ་ཡི་ལས་མཁན་མཆོག༔ རེ་མ་ཏི་ཡི་ཕོ་ཉ་སྟེ༔ ཨེ་ཀ་ཙ་ཏིའི་བཀའ་སྡོད་ཆེ༔ རྡོ་རྗེ་འཛིན་པའི་སྤྲུལ་པ་ཉིད༔ ཧེ་རུ་ཀ་ཡིས་དབང་བསྐུར་ནས༔ དལ་དུ་བཅུག་ཅིང་དམ་ལ་རྟགས༔ བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ ཁྱོད་ཀྱི་ལས་བྱེད་ཕོ་ཉ་ནི༔ སྲིང་མོ་གདོང་མོ་མཆེད་བཞི་བཅས༔ ཀིང་ཀང་རྔམ་པའི་ལས་བྱེད་མ༔ ཆོ་འཕྲུལ་འགྱེད་ཅིང་བསྟན་པ་སྲུང་༔ གསང་སྔགས་གཉན་གྱི་དམ་ཚིག་ཅན༔ རྫོགས་ཆེན་བཀའ་ཡི་བྱ་ར་བ༔ དམར་གཏོར་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་བསྒྲལ་བའི་དུས་ལ་

p. 622

བབ༔ བསྟན་པ་བཤིགས་པའི་དགྲ་བོ་ལ༔ ཐོག་སེར་འབེབས་པའི་དུས་ལ་བབ༔ བདག་ལ་སྡང་བའི་དམ་ཉམས་འདི༔ མྱུར་དུ་སྒྲལ་བའི་དུས་ལ་བབ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རཏྣ་གླིང་པའི་གཏེར་མའོ༔ ༈ དམ་ཅན་བསྐུལ་པ་ནི། ཧཱུྃ། ཕ་ཝང་ལོང་བུའི་སྐུ་མཁར་ནས། །སྐྱེས་བུ་ཆེན་པོ་འཁོར་དང་བཅས། །འདིར་གཤེགས་བཀའ་ཡི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟན་དང་རྣལ་འབྱོར་བདག་ཅག་ལ། །གནོད་ཅིང་འཚེ་བར་བྱེད་པའི་དགྲ། །ཕྱོགས་མཚམས་སྟེང་འོག་གར་གནས་ཀྱང་། །རང་དབང་མེད་པར་འདིར་ཁུག་ཅིག །སྐྱོབས་པའི་ལྷ་སྲུང་རྣམས་དང་ཕྲོལ། །སྲོག་གཅོད་ཤན་པའི་ཚོགས་དང་སྤྲོད། །སྲོག་རྩ་ཆོད་ལ་དགྲ་སྙིང་དྲོངས། །མི་ནོར་རྫས་དང་ཕྲོལ་ལ་ཤོག །དེ་རིང་ཉིན་གུང་མཚན་གུང་ལ། །

p. 623

དམ་ཅན་འཁོར་བཅས་དགྲ་ལ་ཆོས། །མི་མཁར་དམར་པོ་རྩད་ནས་ཆོམས། །ས་མཁར་སྐྱ་བོ་རྨིང་ནས་སྒྱེལ། །མཚོན་དང་ཐུན་རྫས་དུ་མས་གཟིར། །མགོ་མཇུག་ལྡོག་ལ་ས་དང་སྲེས། །དགྲ་བོའི་ཁོང་ཁྲག་ཐང་ལ་ཕོས། །ཁྱོད་ལ་གཏད་དོ་མ་ཤོར་ཅིག །སྔོན་གྱི་ཁས་བླངས་དྲན་མཛོད་ལ། །དགྲ་བོ་བསྒྲལ་བའི་དུས་ལ་བབ། །ད་རེས་ནུས་པ་མི་སྤྲུག་ན། །དཔལ་རྩལ་ཆེ་ཡང་ཅི་ལ་ཕན། །མཐུ་དང་ནུས་པ་ཅི་འདུག་བལྟ། །རྟགས་དང་ཆོ་འཕྲུལ་དུ་མ་ཐོངས། །ལྟས་ངན་མི་རུང་སྣ་ཚོགས་ཐོངས། །བདུན་རྒྱུད་མི་རབས་རྩད་ནས་ཆོད། །སྨྱོ་འབོག་ནད་རིམ་སྣ་ཚོགས་ཐོངས། །ནང་དམེ་ཕུགས་ཤིག་དུ་མ་ཐོངས། །དགྲ་བོའི་ཁོང་དཀྲུག་ཚང་ཤིགས་ལ། །རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །ལས་འདི་ཁྱེད་ཀྱིས་མི་སྒྲུབ་ན། །དམ་ཅན་བསྟེན་པ་དོན་རེ་ཆུང་། །དེ་ཕྱིར་དམ་རྫས་

p. 624

འདི་ལོངས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༧གཏོར་གདོང་སྐད་ཅིག་མཚོན་ཆར་གྱུར། །བཀའ་སྲུང་ཕོ་ཉ་ལས་མཁན་གྱིས། །དགྲ་ཡུལ་དམག་དྲོངས་ཕོ་བྲང་ཐོབ། །རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །ཅེས་པ་འདི་ཀརྨ་པ་དགུ་པ་བཛྲ་ཤྭ་རས་མཛད་པའོ། །༈ ཀྱེ། ཕ་ནི་བདུད་ལ་མ་ནི་དམུ། །དམ་ཅན་མགར་བ་རྫུ་འཕྲུལ་ཅན། །སློབ་དཔོན་ཕྱག་ན་རྡོ་རྗེ་ཡིས། །མཐུ་རྩལ་ཅན་ལ་དབང་ཡང་བསྐུར། །གསང་མཚན་བཛྲ་ས་དྷུར་བཏགས། །དམ་ཚིག་དགོངས་ལ་ད་ཚུར་བྱོན། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་ཡི་སྲུང་མར་མངའ་གསོལ་ནས། །མཐུ་རྩལ་ཅན་དུ་དབང་ཡང་བསྐུར། །མཚན་ནས་འབོད་དོ་ད་ཚུར་བྱོན། །དམུ་བདུད་བཙན་རྒོད་འཁོར་དང་བཅས། །དུས་ལ་བབ་བོ་ས་མ་ཡ། །རྡོ་རྗེ་ལེགས་པའི་དུས་ལ་བབ། །མགར་བ་ནག་པོའི་དུས་ལ་བབ། །དམུ་བཙན་རོ་ལངས་

p. 625

དུས་ལ་བབ། །ལྕགས་སྤྱང་ནག་པོའི་དུས་ལ་བབ། །སུམ་བརྒྱ་དྲུག་ཅུའི་དུས་ལ་བབ། །ར་ཤ་ར་ཁྲག་ར་སྙིང་དང་། །ར་ཡི་དབང་པོ་རྣམ་ལྔ་ཡི། །གསུར་དང་རྫས་ཀྱི་མཆོད་པ་འབུལ། །བདག་ལ་སྡང་བའི་དགྲ་བོ་འདི། །ཁྱོད་ལ་གཏད་དོ་མྱུར་དུ་སྒྲོལ། །ལོ་དང་ཟླ་བར་མ་བཞག་ཅིག །དགྲ་བོ་དོ་ནུབ་གཉིད་ལོག་ཚེ། །ནམ་གྱི་ཕར་མ་ཚུར་ཕྱེད་ལ། །བླ་རྐུན་ཇག་པ་ལས་ལ་ཆོས། །དགྲ་བོའི་བླ་འཁྱམ་ཁྲིད་ལ་ཤོག །སྲོག་རྩ་གློ་རྩ་ཆོད་ལ་ཤོག །སྙིང་ཁྲག་ཐང་ལ་ཕོས་ལ་ཤོག །ལྟས་ངན་སྣ་དགུ་དགྲ་ལ་ཐོངས། །ཁྲག་སྐྱུག་རྦབ་གྲིར་སོད་ལ་ཤོག །རླངས་ཐབ་ནད་གྲིར་སོད་ལ་ཤོག །རྣལ་འབྱོར་བདག་གི་བཀའ་མ་བཅག །གཞན་མིའི་ངག་ལ་མ་ཉན་ཞིག །གདོལ་ཚིག་སྨྲ་ལ་མ་ཉན་ཞིག །ཇི་སྙེད་རྫས་རྣམས་མ་ལེན་ཞིག །སྔོན་གྱི་ཨོ་རྒྱན་བཀའ་མ་བཅག །དམ་ཚིག་ཉམས་ན་

p. 626

རླག་པར་བྱེད། །དེ་བས་དམ་ལ་མ་འདའ་ཞིག །སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །དེ་རིང་ནམ་མཁའ་དར་གྱིས་ཁོངས། །དེ་རིང་ས་གཞི་དམག་གིས་ཁོངས། །ལོངས་སྤྱོད་དགྲ་བོའི་ཤ་ལ་གྱིས། །བཛྲ་ས་དྷུ་དགྲ་བོའི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི། ཞེས་བསྐུལ་ལོ། །༈ བྷྱོ། དམིགས་པའི་དགྲ་ལ་རྦད་ཅིང་བསྐུལ་ཙ་ན། །སྐུ་མདོག་ཕྱག་མཚན་མ་ངེས་ཅིར་ཡང་སྟོན། །བན་ནག་བརྒྱ་ཡིས་ཕུར་ཟོར་རུབས་སེ་རུབ། །བོན་ནག་བརྒྱ་ཡིས་རྔ་སྒྲ་ཆིམས་སེ་ཆིམ། །བཙུན་པ་བརྒྱ་ཡིས་ཕྱག་བརྡབ་དི་རི་རི། །གཙང་བྲོ་བརྒྱ་ཡིས་བྲོ་བརྡུང་ཁྲིགས་སེ་ཁྲིག །ལྕགས་ཀྱི་མོན་པས་གར་བྱེད་ཁྱུགས་སེ་ཁྱུག །སྟག་སྤྱང་ཁ་གདངས་དགྲ་ལ་ཞུངས་སེ་ཞུང་། །འབྱུང་པོའི་བྱ་རྣམས་མི་སྙན་ལྷངས་སེ་ལྷང་། །དམ་ཉམས་དགྲ་བགེགས་སྡིག་ཅན་ལས་ངན་ལ། །ཟླ་ཟེར་ཞོན་ལ་ཕོ་རྒྱུད་རྩད་ནས་ཆོད། །ཉི་ཟེར་ཞོན་

p. 627

ལ་མོ་རྒྱུད་དྲུང་ནས་ཕྱུངས། །བླ་སྲོག་རྣམ་ཤེས་རྟེན་དང་ད་ཕྲོལ་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མྱུར་འགྲུབ་མཛོད། །བདུད་ནག་བརྒྱ་དང་ཉི་ཤུ་ཡང་། །དོ་ནུབ་སྡང་བའི་དགྲ་ལ་རྒྱུག །བཙན་དམར་བརྒྱ་དང་ཉི་ཤུ་ཡང་། །དོ་ནུབ༴ ལྷ་ཆེན་བརྒྱ་དང་ཉི་ཤུ་ཡང་། །དོ་ནུབ་སྡང་བའི༴ མཐུན་རྫས་དམ་རྫས་འདི་བཞེས་ལ། །བདག་གིས་དམིགས་པའི་དགྲ་ཡུལ་དེར། །ཁྱེད་ཀྱི་ཞིང་ཁམས་དེ་ན་བཟང་། །འཁོར་གྱི་ནོར་ཕྱུགས་དེ་ན་ཕྱུག །བདེན་པའི་བསྟོད་ཚིག་འདི་ཉོན་ལ། །བན་བོན་ངན་པའི་མདོས་མ་ལེན། །མི་ནོར་རྒྱུ་ཡི་གླུད་མ་ལེན། །སྣང་སྣང་བསགས་པའི་ཡས་མ་སྡུད། །གལ་ཏེ་དགྲ་བོའི་གླུད་ལེན་ན། །ཁྱོད་ཀྱི་དམ་ཚིག་གཏན་མེད་འགྱུར། །དེ་བས་རྒྱལ་བའི་བཀའ་བཞིན་དུ། །བདག་ལ་བརྣག་པའི་དགྲ་བོ་ལ། །ལྟས་ངན་ཕོབ་ལ་ཕུང་ཐལ་ཐོངས། །སྐད་ཅིག་ཙམ་ལ་

p. 628

འདིར་ཁུགས་ལ། །སེང་གེ་ཤ་ལ་རུབ་པ་བཞིན། །ཕུད་དང་ལྷག་མ་མེད་པར་གྱིས། །ཚེ་སྲོག་དབང་པོ་གློ་སྙིང་ཀུན། །ཐལ་བ་འཚུབ་མས་ཁྱེར་བ་བཞིན། །རྗེས་དང་ཤུལ་ཡང་མེད་པར་གྱིས། །དམ་བཅས་དམ་ལས་མ་འདའ་བར། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཞིང་བཅུའི་དགྲ་བགེགས་ཐལ་བར་རློགས། །བདག་གིས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་དྲག་ཏུ་བསྐུལ་ལོ། །༈ དམ་ཅན་གྱི་བསྐུལ་པ་ནི། ཧཱུྃ། ཕྱོགས་ཕྱོགས་དག་ནི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །འོ་ཡུག་ཤང་གི་བྲན་མོ་ན། །ལྕགས་མཁར་གནམ་དུ་ཟངས་སེ་ཟང་། །ཕོ་བྲང་དེ་ཡི་ནང་ཤེད་ན། །ཕ་ནི་བདུད་ལ་མ་ནི་དམུ། །དམུ་བདུད་བཤོས་པའི་མཐུ་བོ་ཆེ། །དམ་ཅན་རྡོ་རྗེ་ལེགས་པ་ནི། །མངོན་ཤེས་རྫུ་འཕྲུལ་སྟོབས་ཀྱི་བདག །ཆིབས་སུ་སེང་གེ་དཀར་མོ་ཆིབས། །སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར། །སྐུ་ལ་དར་

p. 629

དམར་བེར་ཆེན་གསོལ། །དབུ་ལ་སག་ཞུ་སྨུག་པོ་གསོལ། །སྐུ་མདོག་དམར་ནག་ཁྲོས་པའི་ཞལ། །རྣོ་གཏུམ་མཆེ་བ་རབ་ཏུ་གཙིགས། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་པས་དགྲ་སྙིང་ཞལ་དུ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །བཙན་མདུང་དམར་པོ་ཕྱ་ར་ར། །གཡས་ན་སུམ་བརྒྱ་དྲུག་ཅུས་བསྐོར། །རྟ་པ་ཞུབ་ཆེན་སི་ལི་ལི། །གཡོན་ན་དགེ་བསྙེན་ཉི་ཤུ་གཅིག །ལྷ་དམག་བསྭ་སྒྲ་དི་རི་རི། །ཕྱི་ན་བརྟན་མ་སྨན་བཙུན་ཚོགས། །ཀླུ་སྨན་ཤོ་ན་ཀོ་རོ་རོ། །མདུན་ན་འཛིང་གིང་བཞི་བཅུ་གཉིས། །མཚོན་ཞགས་དགྲ་ལ་རུབས་སེ་རུབ། །ཕྱི་འཁོར་བཙན་རྒོད་སྟོང་གིས་བསྐོར། །བཙན་གྱི་ཀུ་སྒྲ་ཏི་རི་རི། །སྔོན་ན་ལྕགས་ཀྱི་སྤྱང་ཀི་དགུ། །དགྲ་བོའི་སྲོག་ལ་ཞུངས་སེ་ཞུང་། །ཕྱི་ན་ཟངས་ཀྱི་འཕར་བ་དགུ། །དགྲ་བོའི་བླ་འཁྱམ་འདེད་ཅིང་འགུག །

p. 630

སྐྱེས་བུ་འཁོར་དང་བཅས་པ་ལ། །རབ་ཏུ་གུས་པས་བདག་གིས་བསྟོད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཞག་ནས་ཀྱང་། །དབང་བསྐུར་གསང་བའི་མཚན་ཡང་བཏགས། །གསང་སྔགས་བཀའ་ཡི་སྲུང་མར་བསྐོས། །གཏེར་སྲུང་ཆེན་པོ་ཁྱོད་ལ་བསྟོད། །སྔོན་ཚེ་ཞལ་བཞེས་དམ་བཅའ་བཞིན། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་ས་དྷུ་ས་མ་ཡ། ཝཀ་ཀྲམ་ཀྲམ་ཤྲི་ནི་ཀྲ་མ་ནི་ས་དྷུ་ཀྲི་ཀྲི་ཛ་ཛཿ ཞེས་བསྐུལ་ཞིང་གཙང་སར་བསྐྱལ་ལོ། །ས་མ་ཡ་རྒྱ་རྒྱ་རྒྱཿ ༈ དགེ་བསྙེན་རྡོ་རྗེ་དགྲ་འདུལ་གྱི་བསྐུལ་པ་ནི། ཧཱུྃ། ཕྱོ་ཕྱོ་དེ་ནི་དགྲ་ལ་ཕྱོ། །ཤན་པ་དམར་པོ་དགྲ་ལ་བསྐུལ། །འགུག་བྱེད་བཙན་གྱི་ཤན་པ་དང་། །སྒྲོལ་བྱེད་བདུད་ཀྱི་ཤན་པ་དང་། །སྲོག་གཅོད་གཤིན་

p. 631

རྗེའི་ཤན་པ་དང་། །གཡོག་དང་འཁོར་དང་བཅས་པ་རྣམས། །གོ་གྱོན་མཚོན་ཐོགས་རྟ་དམར་ཞོན། །དམ་རྫས་བདུད་རྩི་འདི་གསོལ་ལ། །ཅ་ཅོའི་བསྭ་སྒྲ་ད་རྒྱོབས་ཤོག །ལ་ལ་ནམ་མཁའི་ཐོག་སེར་བཞིན། །སིལ་སིལ་ཆེམ་ཆེམ་དགྲ་ལ་རྒྱུགས། །ལ་ལ་ས་ཡི་དྲེག་པ་བཞིན། །ཉེར་ཉེར་ཁྲིག་ཁྲིག་དགྲ་ལ་རྒྱུག །ལ་ལ་བར་སྣང་རླུང་བཞིན་དུ། །འུར་འུར་ཆེམ་ཆེམ་དགྲ་ལ་རྒྱུག །ཕྱག་གཡོན་ཞགས་པ་དམར་པོ་ཡིས། །གནོད་བྱེད་དམ་སྲི་དགྲ་བོ་འདི། །ས་སྟེང་གནམ་འོག་གར་གནས་ཀྱང་། །མྱུར་བ་ཉིད་དུ་འདིར་ཁུག་ཅིག །ཕྱག་གཡས་མདུང་དམར་དགྲ་ལ་བསྣུན། །ལུས་ཕུང་དོན་སྙིང་ཚལ་པར་འགེམ། །ཤམ་ཤམ་སྙིང་ཁྲག་ཐང་ལ་ཕོས། །ལུས་སེམས་གཉིས་པོ་ད་ཕྲོལ་ལ། །ལ་ལས་ཡན་ལག་ལྷུ་དུམ་ཕྲོལ། །ལ་ལས་ནང་གྲོལ་ཐོབ་ཤ་བྱེད། །ལ་ལས་ཤ་ཟའི་ཅག་སྒྲ་འབྱིན། །

p. 632

ལ་ལས་ཁྲག་འཐུང་ཧུབ་སྒྲ་འབྱིན། །ལ་ལས་རུས་པ་ཆེམ་ཆེམ་མུར། །ཟོ་ཞིག་འཐུང་ཞིག་དམག་ཚོགས་རྣམས། །དམ་ཉམས་དགྲ་བོ་འཁོར་བཅས་འདི། །ལྷག་མ་མིང་ཡང་མེད་པར་གྱིས། །མི་རབས་རྩད་ནས་ད་ཆོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བསྐུལ་ཞིང་འཁོར་བཅས་དགྲ་ཕྱོགས་སུ་སོང་བར་བསམ་མོ། །དགྲ་བོ་འཁོར་བཅས་ཐལ་བ་རླུང་གིས་ཁྱེར་བ་ལྟར་སོང་བར་བསམ་མོ། །གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །བདུད་ལས་གྲོལ་བར་ཐེ་ཚོམ་མེད་དོ། །༈ བཙན་རྒོད་ཇག་པ་མེ་ལེན་གྱི་བསྐུལ་པ་དགྲ་བགེགས་ཚར་གཅོད་ནི། ཀྱེ། ཤན་པ་དམར་པོ་མཐུ་དང་རྩལ་མ་ཞན། །རྣལ་འབྱོར་ཐུགས་དཀྲུག་དམ་ལོག་དཀོར་རྐུན་རྣམས། །ལོ་ཟླར་མ་བཞག་ལུས་སྲོག་རྟེན་དང་ཕྲོལ། །ཤ་ཁྲག་ཤན་པའི་ཚོགས་ཀྱིས་ཧབ་ཤ་རོལ། །དམ་ལ་མ་འདའ་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ དགེ་བསྙེན་

p. 633

སྨྱོ་ཁའི་བསྐུལ་པ་ནི། ཧཱུྃ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །གཏེར་སྲུང་ཆེན་པོ་སྐུ་བཞེངས་ཤིག །ཕ་ནི་བདུད་ལ་མ་ནི་ཀླུ། །ཀླུ་བདུད་འཚོགས་པའི་མཐུ་བོ་ཆེ། །ཁྱོད་ནི་ལྟས་ངན་བདག་པོ་སྟེ། །མགོ་ལུས་མེད་པར་མིག་གིས་གང་། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །སྐུ་མདོག་དུད་ཁ་ཆེན་པོ་ལ། །གཡས་ན་གསེར་གྱི་འཁོར་ལོ་བསྣམས། །གཡོན་ན་སྦྲུལ་ཞགས་ནག་པོ་བསྣམས། །འཇིགས་བྱེད་ཆེན་པོ་མི་སྲུན་པ། །རྒྱ་མཚོའི་སྟེང་ན་རྒྱུག་ཙ་ན། །སྐྱ་རེངས་དང་པོའི་འོད་ལ་རྒྱུག །ནམ་མཁའི་ཁམས་ལ་རྒྱུག་ཙ་ན། །དམར་ཐག་ཉི་མའི་ཟེར་ལ་རྒྱུག །སྐྱེ་འགྲོའི་སྲོག་ལ་རྒྱུག་ཙ་ན། །ཟླ་ཟེར་མུན་པའི་སྨག་ལ་རྒྱུག །ནག་པོ་ཁྲོས་མདོག་སྲོག་གཤེད་བདུད། །ཆིབས་སུ་བྲག་ནག་རྟིང་དཀར་ཆིབས། །གོང་ཐག་གློ་རྨེད་སྦྲུལ་ལས་བྱས། །རྔ་རྔོག་གསེབ་ནས་སྡིག་སྦལ་འཕྲོ། །ཕྱག་གཉིས་

p. 634

སྦྲུལ་ནག་ཞགས་པ་ཐོགས། །ཁྱོད་ནི་སྲོག་གི་བདག་པོ་སྟེ། །མི་བདུད་ཁྱོད་ལས་ལྷག་པ་མེད། །ཆོས་ཆོས་སྡང་བའི་དགྲ་ལ་ཆོས། །ཆོས་ཆོས་གནོད་པའི་བགེགས་ལ་ཆོས། །ཆོས་ཆོས་ཕུང་བའི་བགེགས་ལ་ཆོས། །ཁྱོད་ནི་དམ་ཚིག་བདག་པོ་སྟེ། །དམ་ཉམས་དགྲ་བོའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་སྡོང་གྲོགས་བྱེད། །ཁྱོད་ཀྱི་བཞུགས་པའི་གནས་དག་ནི། །ཕོ་བྲང་བསྙོ་ཁའི་མཚོ་ལ་གནས། །རྒྱུ་ནི་འཛམ་གླིང་ཀུན་ཏུ་རྒྱུ། །གླིང་བཞི་ཐམས་ཅད་འོད་ཀྱིས་འགེངས། །འོད་ཀྱི་གསེབ་ནས་མེ་སྟག་འཕྲོ། །སྐྱོང་ནི་དམ་ཅན་སྒྲུབ་མཆོག་སྐྱོང་། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཨོ་རྒྱན་པདྨའི་བཀའ་བཞིན་དུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །༈ ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་མཁའ་རི་མི་དཀར་རྟ་དཀར་

p. 635

བཞེངས། །བཞེངས་ཤིག་ཡུམ་མཆོག་ཤེལ་བཟའ་སྨན་གཅིག་བཞེངས། །བཞེངས་ཤིག་སྲས་འཁོར་བྲན་གྱི་ཚོགས་རྣམས་བཞེངས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཨོ་རྒྱན་བསྟན་དང་དྭགས་བརྒྱུད་བསྟན་འཛིན་གྱི། །སྐུ་ཚེ་མཛད་ཕྲིན་ནམ་མཁའི་མཐའ་མཉམ་མཛོད། །དགྲ་བགེགས་ལོག་འདྲེན་གཡུལ་ངོ་བཟློག་ཏུ་གསོལ། །བྱད་མ་དམ་སྲིའི་སྙིང་ཁྲག་ཞལ་དུ་བཞེས། །ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་བསྟན་སྲུང་ཟུ་ར་རྭ་སྐྱེས་བཞེངས། །ཡུམ་མཆོག་སྲས་འཁོར་སྡེ་བརྒྱད་ཚོགས་རྣམས་བཞེངས། །རྣལ་འབྱོར་བདག་གི་ལྷ་མཆོག་ཁྱོད། །པད་འབྱུང་སྤྱན་སྔར་དམ་ཚིག་དགོངས། །ང་ཡི་ཕྲིན་ལས་ཁྱོད་ཀྱིས་སྒྲུབས། །དུས་ངན་སྙིགས་མ་ལྔ་ཡི་དུས། །ནག་ཕྱོགས་འབྱུང་པོ་ཁ་དར་ཚེ། །མི་རྣམས་གདོན་གྱིས་བསླད་པའི་དུས། །དམ་ཚིག་ཚུལ་བཞིན་མི་སྲུང་

p. 636

བ། །འདི་ལ་བཀའ་ཡི་ཆད་པ་ཆོད། །བསྟན་འཛིན་སྐྱེས་བུ་དམ་པ་ཡི། །བཀའ་བཅག་ཐུགས་དཀྲུག་དཀོར་ནོར་རྐུ། །ཆོས་བྱེད་རྣལ་འབྱོར་རྣམས་ལ་སྡང་། །བསྟན་སྲུང་ཁྱོད་ལ་མཐུ་མེད་ཟེར། །དེ་རྣམས་སྙིང་ཁྲག་ཞལ་དུ་བཞེས། །དགོན་སྡེ་གྲྭ་ཚང་བཅས་པ་ལ། །ཁ་འབར་ཞུ་ཞིང་ཞེ་ཡིས་བརྙས། །དཔོན་སྡེ་སྦྱིན་བདག་འཁོར་བཅས་ལ། །རྐུ་འཕྲོག་བཅོམ་ཞིང་བསམ་ངན་བྱས། །རྩྭ་ཁ་ལོ་ཏོག་བཅོམ་པ་དང་། །དེ་ལ་བཀའ་ཆད་མི་མཛད་ན། །ཁྱོད་ཀྱང་དམ་ཚིག་མི་འགལ་ལམ། །དེ་བས་གཏོར་མ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །༈ དགེ་བསྙེན་བསྐུལ་པ་ནི། ཧཱུྃ། ཕྱོགས་ཕྱོགས་དག་ནི་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །མཚོ་ནག་རྦ་ཀློང་འཁྲུགས་པའི་ཀློང་དཀྱིལ་ནས། །རིན་ཆེན་རི་རབ་བརྩེགས་པའི་གཞལ་ཡས་ནས། །ཕ་ནི་བདུད་ལ་མ་ནི་ཀླུ། །ཀླུ་བདུད་

p. 637

ཚོགས་པའི་མཐུ་བོ་ཆེ། །དགེ་བསྙེན་ནག་པོ་ཏི་པ་ཙ། །ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ལས། །གཉན་གདོན་ཆེན་པོ་གསུམ་དུ་བྱུང་། །ཀླུ་བདུད་སྦྲུལ་གྱི་མགོ་བོ་ཅན། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །སྐུ་ལ་བེར་ནག་དགུ་བརྩེགས་གསོལ། །སྦྲུལ་གྱི་རལ་པས་གདེང་ཐོད་བྱས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཕྱག་གཡས་སྦྲུལ་གྱི་ཁྲམ་ཤིང་ཐོགས། །ཕྱག་གཡོན་ཆུ་སྲིན་ཞགས་པ་འཛིན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །དར་ནག་རུ་དར་བརྗིད་པ་ཕྱར། །ཁྱོད་ཀྱི་གཡས་ན་སྟར་ཐོགས་བརྒྱ། །གཅོད་པ་སྟར་ཐོགས་ཕྲིན་ལས་མཛོད། །ཁྱོད་ཀྱི་གཡོན་ན་ཟོར་ཐོགས་བརྒྱ། །འབྲེག་པ་ཟོར་ཐོགས་ཕྲིན་ལས་མཛོད། །ཁྱོད་ཀྱི་ཕྱི་ན་བྱང་ཐོགས་བརྒྱ། །རྩིས་པ་བྱང་ཐོགས་ཕྲིན་ལས་མཛོད། །དཔྲལ་བའི་དཀྱིལ་ན་མིག་གཅིག་པོ། །བདུད་པོ་མིག་གཅིག་ཕྲིན་ལས་

p. 638

མཛོད། །གཉན་བདུད་སྡིག་པའི་མགོ་བོ་ཅན། །ཁྱོད་ཀྱི་རྭ་རུ་གཡས་པ་ལ། །གཉན་གྱི་ཆུ་ཁོལ་སི་ལི་ལི། །ཁྱོད་ཀྱི་རྭ་རུ་གཡོན་པ་ལ། །གཉན་གྱི་མེ་འབར་ལྷབས་སེ་ལྷབ། །བདུད་ནག་མེ་ཡི་ཁ་རླངས་ཅན། །ནག་པོ་ཆེན་པོའི་ཕྲིན་ལས་མཛོད། །སྦལ་མིག་ཁྲག་གི་མིག་དགུ་ཅན། །ས་བདག་ཀླུ་གཉན་ཆོ་འཕྲུལ་འགྱེད། །བདུད་པོ་མིག་དགུས་ཕྲིན་ལས་མཛོད། །དགེ་བསྙེན་སྨྱོ་ཁ་འཁོར་དང་བཅས། །ཨོ་རྒྱན་པདྨའི་བཀའ་མ་བཅག །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ཞིང་ཕྲིན་ལས་བཅོལ། ༈ ཐང་ལྷའི་བསྐུལ་པ་ནི། ཧཱུྃ། བཞུགས་ཡུལ་འདམ་ཤོད་སྣར་མོ་ནས། །ཡར་བཞུད་གཉེན་པོ་སྐུ་བཞེངས་ཤིག །བླ་མཚོ་འཁྱིལ་བའི་ནང་ཤེད་ནས། །གཉེན་ཆེན་ཐང་ལྷ་སྐུ་བཞེངས་ཤིག །བྲག་དཀར་གཉན་པོའི་རྩེ་མོ་ནས། །དྲི་ཟའི་རྒྱལ་

p. 639

པོ་སྐུ་བཞེངས་ཤིག །གངས་དཀར་གཉན་པོའི་རྩེ་མོ་ནས། །ཡུལ་ལྷ་གཉན་པོ་སྐུ་བཞེངས་ཤིག །སྤྲིན་དང་ན་བུན་ནང་ཤེད་ནས། །ཟུར་ཕུད་ལྔ་པ་སྐུ་བཞེངས་ཤིག །ཀྱེ། དྲག་པོའི་ལས་ལ་མྱུར་དུ་བསྐུལ་བའི་ཚེ། །སྔོན་གྱི་དམ་ཚིག་རྗེས་སུ་དྲན་མཛོད་ལ། །སྲ་བརྟན་ཡ་ལད་འཇིགས་མེད་གོ་བགོས་ཏེ། །རྟ་མཆོག་ངང་ཞུར་རླུང་གི་ཤུགས་ཅན་སོགས། །སྤྲུལ་པའི་ཞོན་པ་འབུམ་གྱི་དཔུང་དག་ནི། །གཞན་རྒོལ་འཇོམས་པའི་རྡོ་རྗེའི་མཚོན་ཐོགས་ཤིང་། །སྡང་དགྲ་གནོད་བྱེད་སྨྱོ་འདྲེ་རྒྱལ་འགོང་སོགས། །དམ་སྲི་འགོང་པོ་མཐའ་མིའི་དམག་དཔུང་བཟློག །སྐད་ཅིག་ཉིད་ལ་རྗེས་ཤུལ་མེད་པར་མཛོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྒྱལ་འགོང་གི་གནོད་པ་དང་འཚུབ་ཆ་ཆེ་ན་འདི་འདོན། ཧཱུྃ་ཧཱུྃ་ཧཱུྃ། བཞུགས་ཡུལ་འདམ་

p. 640

ཤོད་སྣར་མོ་ནས། །ཡར་བཞུད་གཉན་པོ་སྐུ་བཞེངས་ཤིག །བླ་མཚོ་འཁྱིལ་བའི་ནང་ཤེད་ནས། །གཉེན་ཆེན་ཐང་ལྷ་སྐུ་བཞེངས་ཤིག །བྲག་དཀར་གཉན་པོའི་རྩེ་མོ་ནས། །དྲི་ཟའི་རྒྱལ་པོ་སྐུ་བཞེངས་ཤིག །གངས་དཀར་མཐོན་པོའི་རྩེ་མོ་ནས། །ཡུལ་ལྷ་གཉན་པོ་སྐུ་བཞེངས་ཤིག །སྤྲིན་དང་ན་བུན་གསེབ་ཤོད་ནས། །ཟུར་ཕུད་ལྔ་པ་སྐུ་བཞེངས་ཤིག །སྡང་བའི་དགྲ་འདུལ་སྐུ་བཞེངས་ཤིག །གནོད་པའི་བགེགས་འདུལ་སྐུ་བཞེངས་ཤིག །སྨྱོ་བའི་འདྲེ་འདུལ་སྐུ་བཞེངས་ཤིག །སྤྲུལ་པའི་ཚུལ་དུ་སྐུ་བཞེངས་ཤིག །སྤྲུལ་པ་འཇིགས་པའི་ལུས་པོ་འདི། །ལྷ་གཡག་དཀར་པོ་གཅིག །དུང་རུ་གནམ་དུ་གཡུག །དུང་རུ་དཀར་པོ་གཅིག །གནམ་གྱི་བདུད་ལ་བསྒྱུར། །རྨིག་གཞི་ས་ལ་འཁྲབ། །དུང་རྨིག་དཀར་པོ་ཡིས། །ལྷ་སྲིན་དམྱལ་ཐག་གཅོད། །རྔ་མ་ནམ་མཁར་གཡུག །རྔ་དཀར་སྤྲུག་པ་

p. 641

ཡིས། །ལྷ་བཙན་བྲན་དུ་ཁོལ། །ངར་སྐད་ཐེངས་གསུམ་ངར། །ཁམས་གསུམ་དབང་དུ་སྡུད། །རུ་བསིག་ལན་གསུམ་བསིག །སྲིད་གསུམ་དབང་དུ་སྡུད། །མཐོན་པོའི་གངས་གསུམ་ནས། །དུང་ཁྲ་མེལ་ཚེ་བཞིན། །དུང་ཁྲ་དཀར་པོ་གཅིག །ལ་ཉུལ་ཕྲི་ལི་ལི། །རང་དང་འཕྲང་སྒོ་ནས། །དུང་སྤྱང་དཀར་པོ་གཅིག །དགྲ་བགེགས་བླ་ལ་ཏུག །དྲག་ཏུ་བསྐུལ་བའི་ཚེ། །སྡང་བའི་དགྲ་བོ་སོད། །གནོད་པའི་བགེགས་རྣམས་ཐུལ། །རྒྱལ་འགོང་དམ་སྲི་ཐུལ། །སྡུག་འདྲེ་འགོང་པོ་ཐུལ། །སྨྱོ་འབོགས་རྒྱལ་ནད་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ལོ། །༈ དམག་རྒྱལ་མའི་བསྐུལ་པ་ནི། བྷྱོ། ཉི་མ་ཕྱོགས་ཕྱོགས་ཕ་གི་ན། །ཉི་མ་བྱང་ཤར་ཕ་ཀི་ན། །ཁྲག་མཚོ་འཁྱིལ་བའི་ནང་ཤེད་ན། །ཁྲག་གི་བུད་མེད་རལ་པ་ཅན། །རྔ་མོང་གྭ་པ་ཆིབས་སུ་བཅིབ། །ལག་ན་སྦལ་མཁར་

p. 642

སྦྲུལ་ཞགས་བསྣམས། །ལྟས་ངན་མང་པོའི་དཀྱིལ་ན་བཞུགས། །ལྟས་ངན་མང་པོ་ཀྱི་ལི་ལི། །ནག་མོ་ཆེན་མོ་རྫུ་འཕྲུལ་ཅན། །སྡིག་ཅན་དགྲ་བོའི་ཁྱིམ་སྒོ་རུ། །ལྟས་ངན་སྤྲུལ་པ་སྣ་ཚོགས་ཐོངས། །ནག་མོ་ཆེན་མོ་ཁྱོད་ཀྱིས་ཐོངས། །གཡས་སུ་ཀླུ་མོ་ཤན་ཏི་མ། །སྐུ་མདོག་དམར་ནག་འབར་བ་ལ། །ཕྱག་ན་ཐན་བྱ་པུ་ཤུད་བསྣམས། །དམ་ཉམས་དགྲ་བོའི་ཁྱིམ་སྒོ་རུ། །ལྟས་ངན་སྤྲུལ་པ་སྣ་ཚོགས་ཐོངས། །གཡོན་དུ་བཙན་མོ་མུ་ཁ་མ། །སྐུ་མདོག་དམར་ནག་འཇིགས་པ་ལ། །ཕྱག་ན་སྤྲེའུ་གློ་སྐྱ་བསྣམས། །དམ་ཉམས་དགྲ་བོའི་ཁྱིམ་སྒོ་རུ། །ལྟས་ངན་སྤྲུལ་པ་སྣ་ཚོགས་ཐོངས། །སྲོད་ལ་ཁྱིམ་བྱས་འབོད་དུ་ཆུགས། །ནམ་ཕྱེད་འོག་རྟ་འཚེར་དུ་ཆུགས། །ཐོ་རངས་སྒོ་ཁྱི་ངུ་རུ་ཆུགས། །ཉིན་ཕྱེད་འུག་པ་རྒོད་དུ་ཆུགས། །དུར་སར་ཝ་མོ་བརྒྱལ་དུ་ཆུགས། །སྤྱང་ཀི་སྒོ་ནས་འབྲད་དུ་ཆུགས། །དགྲ་

p. 643

བོའི་མིང་ནས་འབོད་དུ་ཆུགས། །བཟའ་ཚང་ཉེ་རིང་འཐབ་ཏུ་ཆུགས། །དམ་ཉམས་དགྲ་བོ་འཐབ་ཏུ་ཆུགས། །འོད་དང་སྒྲ་སྐད་ཐུག་ཆོམ་ཐོངས། །སྤྲེའུ་གླུ་ལེན་གར་བྱེད་ཆུགས། །བྱ་ནག་སྡེར་འཛིང་བྱེད་དུ་ཆུགས། །སྤྲེའུ་མོན་པས་རན་ཐག་ཐོགས། །སྦལ་མཁར་ནག་པོ་ཁྱིམ་དུ་བརྩེགས། །སྦྲུལ་ནག་མགོ་གསུམ་སྐེད་ལ་དཀྲིས། །དམ་ཉམས་དགྲ་བོའི་ཁྱིམ་སྒོ་རུ། །ལྟས་ངན་བརྒྱད་ཅུ་གྱ་གཅིག་ཐོངས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ནག་མོ་ཆེན་མོ་དགྲ་ལ་ཡ། །ཀླུ་མོ་བཙན་མོ་དགྲ་ལ་ཡ། །མ་མོ་བདུད་མོ་ཆས་ཙ་ན། །སྤྲེལ་དམར་གླ་བ་ཞོན་པ་དགྲ་ལ་ཡ། །རི་བོང་ཝ་ལ་ཞོན་པ་དགྲ་ལ་ཡ། །ཕོ་རོག་འུག་པར་ཞོན་པ་དགྲ་ལ་ཡ། །སྦུར་པ་སྟག་ལ་ཞོན༴ སྲེ་མོང་བྱི་བ་ཞོན༴ སྦལ་པ་སྨྲིགས་བུར་ཞོན་པ༴ སྡིགས་པ་རྟེའུ་ལོར་

p. 644

ཞོན་པ༴ ལས་ངན་སྡང་བའི་དགྲ་བོ་ཡི། །བཟའ་དཔོན་ཁྲག་ཏུ་སྐྱུགས་སུ་ཆུགས། །འོག་རྟ་ཆུང་མ་སྨྱོ་རུ་ཆུགས། །བུ་ཚ་རིགས་རྒྱུད་རྩད་ནས་ཆོད། །བྲན་ཕོ་བྲན་མོ་བརྒྱལ་དུ་ཆུགས། །སྒོ་ཁྱི་ངུ་ཟུག་བྱེད་དུ་ཆུགས། །སྒོ་ནོར་ལས་ཀྱི་རླུང་ལ་སྐུར། །ཕུག་ཏུ་ཐན་གྱི་ཕོ་བྲང་ཆོས། །རིགས་དང་རྒྱུད་ནས་དེད་ལ་ཤོག །དམ་ལ་མ་འདའ་ས་མ་ཡ། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ རྡོ་རྗེ་མཁའ་འགྲོ་ངན་ནེ་མའི་བསྐུལ་པ་ནི། བྷྱོ། དུར་ཁྲོད་གནས་ནས་དཀོར་སྲུང་དམ་ཚིག་ཅན། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །མཁས་བཙུན་ཡོངས་ཀྱི་དཀོར་བདག་བྱེད་པ་དང་། །ཁྱད་པར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །དཀོར་སྲུང་བྱེད་པར་ཁས་བླངས་དམ་བཅས་ལྟར། །རྣལ་འབྱོར་བདག་གི་དཀོར་སྲུང་ཁྱོད་ལ་བཅོལ། །གཞི་བྱེས་ལམ་

p. 645

གསུམ་ཀ་ཆ་ཟས་དང་ནོར། །བྱིན་པ་མ་གཏོགས་གཞན་ལ་མ་ཤོར་ཅིག །དགྲ་རྐུན་ཇག་གསུམ་ལག་ཏུ་མ་བཏང་ཞིག །གཞི་བྱེས་ཀུན་ཏུ་གཞན་ལ་གཏད་པ་དང་། །ས་ཐག་ཉེ་རིང་མེད་པར་ཐུབ་པར་སྲུངས། །མ་གཡེལ་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། མ་མོ་ནག་མོ་མཐུ་སྟོབས་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་ཅན། །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་མ་ཁྱོད་ནོར་ལ་བཙའ། །དཀོར་བདག་ཆེན་མོ་ཁྱོད་སོང་ལ། །དམ་ཉམས་དགྲ་བོའི་མིང་ནས་བོས། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས། །བདག་གི་ཀ་ཆ་ཅི་ཤོར་བ། །སྐད་ཅིག་ཉིད་ལ་རྗེས་གཅོད་མ། །མ་ཐོགས་མྱུར་དུ་སྲོག་ཕྲོགས་ཤིག །མ་གཡེལ་མ་འདའ་ཕྲིན་ལས་མཛོད། །ཨ་རཱ་གས་སོ། །

གནོད་ཟློག

p. 646
p. 647

བྷྱོ། དོ་ནུབ་གནོད་པ་ཟློག་ཏུ་གསོལ། །བདུད་ཁ་དགྲ་ལ་བསྒྱུར་དུ་གསོལ། །ཟློག་ཅིག་སྒྱུར་ཅིག་ས་མ་ཡ། །བྷྱོ། རེ་ལྟོས་གཞན་ལ་མ་བཅས་སོ། །ཟློག་ཅིག་མ་མོའི་སྔགས་ཟོར་བཟློག །དུ་ན་གཤིན་རྗེའི་འཁྲུལ་འཁོར༴ ཕུར་པའི་དབལ་ཟོར་ཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་ཟློག་ཏུ་གསོལ། །གནོད་སྦྱིན་གཟེར་ནད༴ རྒྱལ་པོའི་སྨྱོ་འབོག༴ ཀླུ་ཡི་བཅིངས་བ༴ བཙན་གྱི་རྐྱང་རྒྱུག༴ མོན་པའི་གཅེར་རྒྱུག༴ བལ་མོའི་དུག་མཚོན༴ རོ་ལངས་གནོད་པ༴ མ་ཧཱ་དེ་བ་ལ་སོགས་པའི། །ལྷ་ཆེན་

p. 648

བརྒྱད་པོ་ཟིལ་གྱིས་མནན། །བི་ན་ཡ་ཀ་ལ་སོགས་པའི། །བགེགས་ཆེན་བརྒྱད་པོ་བྲོས་ཀྱང་འདེད། །གདོན་རིགས་ཐམས་ཅད་ཞི་བར་མཛོད། །ཐེའུ་རང་འགོང་པོ་གཞོབ་ཏུ་སྲེག །དགྲ་བགེགས་རང་གཤེད་རང་ལ་རྒྱོབས། །དམ་ཉམས་རང་མཚོན་རང་ལ་རྒྱོབས། །ཁས་བླངས་དམ་བཅའ་མ་བསྙེལ་ཅིག །མ་ཧཱ་ཀཱ་ལའི་དུས་ལ་བབ། །ཡུམ་ཀ་ལི་ནག་མོའི་དུས་ལ་བབ། །བཀའ་སྡོད་ལས་མཁན༴ ཕོ་ཉ་ལ་སོགས་ཌཱ་ཀིའི༴ ནག་པོ་སྟོང་གི༴ ཤ་ཟ་འབུམ་གྱི༴ མ་མོ་བྱེ་བའི༴ ལྷ་སྲིན་སྡེ་བརྒྱད་དུས་ལ་བབ། །སྡང་བའི་དགྲ་རྣམས་བརླག་པར་མཛོད། །གནོད་པའི་བགེགས་རྣམས་ཞི་བར་མཛོད། །མ་མ་དུར་ས་ན་བ་ནི་སརྦ་དུར་མི་ཏེ་ཨ་མཾ་ག་ལ་ཟློག་བྷྱོ། ཞེས་བརྗོད་པས་བཀྲ་མི་ཤིས་པ་དང་མོ་ངན་པ་དང་རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བྱད་ཁ་ཕུར་ཁ་དགྲ་ལ་ཟློག་པར་བསམ་མོ། །

མགོན་པོ་ཕྱག་བཞི་པའི་ལས་འགྲིགས་མུ་མཐུད།

p. 649

དེ་ནས་སོ་གཅིག་པ་གཏོར་བྲོ་བརྡུང་བ་ནི། འགའ་ཞིག་གི་བྲོ་མནན་སོགས་རྙིང་མར་བཤད། འདིར་མ་བཤད་ཅེ་ན། ནག་པོ་ཆེན་པོ་གསང་བའི་རྒྱུད་ལས་མནན་རྫོགས་ཁྲོ་བོའི་རྟིང་པས་བརྫིས། །ཞེས་གསུངས་པས། རྒྱུད་དུ་གསལ་ཞིང་སྔར་ནས་ཕྱག་ལེན་དུའང་ཡོད་པས་རང་བཟོ་ལྟ་བུ་ནི་མ་ཡིན་ནོ། །དེ་ནས་ས་གཞི་གྲུ་གསུམ་བྲིས་པའི་སྟེང་དུ་གཏོར་སྣོད་རྣམས་ཁ་སྦུབས་སུ་བཞག་པ་ལ། ཨོཾ་ཁཎྜ་རོ་ཧེ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ལྕགས་ལས་གྲུབ་པའི་ཁང་པ་གྲུ་གསུམ་མེ་རབ་ཏུ་འབར་བའི་ནང་དུ་ནྲི་ཏྲི་ཛ་ཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་

p. 650

ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་དང་། མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་གྱིས། བདག་ཅག་དཔོན་སློབ་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྒབ་ལ་འཁྲི་བའི་དམ་སྲི་མི་མིན་མི་རུ་བརྫུ་བ་ལྷ་མིན་ལྷ་རུ་བརྫུ་བ། མགོ་གཡོགས་མགོ་བསྐོར། འགྱུ་ལོག་འཕར་སྡང་བྱེད་པའི་དགྲ་བགེགས་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག །རྒྱ་མཚོ་ཆེན་པོའི་གཏིང་། སྡིག་པ་ནག་པོའི་ལྟོ་བར། ཆུ་སྲིན་གདུག་པའི་གྲེ་བར་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ དགྲ་བགེགས་ཐམས་ཅད་མནན་པའི་སྟེང་དུ་སུམ་ལས་སྐྱེས་པའི་རི་རབ་དང་། ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེས་མནན་པས་བསྐལ་པའི་བར་དུ་ཐར་པའི་སྐབས་མེད་པར་གྱུར་པར་བསམ་ལ་འདི་སྐད་དོ། །ཧཱུྃ། རྡོ་རྗེ་

p. 651

འབར་བའི་དཀྱིལ་འཁོར་དུ། །དམ་ཉམས་ལོག་པར་ལྟ་བ་ཡི། །ཞེ་སྡང་གནས་སུ་བསྒྲལ་བའི་ལས། །འདི་ནི་ཞི་བའི་ཕྲིན་ལས་མཛོད། །ནག་པོ་ཆེན་པོ་ལྕམ་དྲལ་རྣམས། །ཞི་བའི་ལས་ལ་མངའ་མཛད་དེ། །ཞི་བས་ཐམས་ཅད་གནས་སུ་བསྒྲལ། །ཞི་བར་མ་གྱུར་གང་ཡང་མེད། །ཧཱུྃ། མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ལས་མཁན་སྲུང་མས་བྲོ་གཅིག་བརྡུང་། །ཞབས་སྤྱོད་ས་ལ་བརྡབ་པ་ཡིས། །དམ་ཉམས་ཐལ་བ་རྡུལ་དུ་རློགས། །དེ་ནས་རྡོ་རྗེ་གཤོག་པའི་གར། །ལོག་འདྲེན་འབྱུང་པོ་བུན་གྱིས་འདེབས། །ལག་གཉིས་རྡོ་རྗེའི་གྲི་གུག་བསྣམས། །དམ་ཉམས་སྲོག་ཆོད་སྙིང་ཁྲག་འཐུང་། །འདི་ནས་འོག་ཕྱོགས་སྟོང་ཕྲག་ཉི་ཤུ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། །དེ་ལ་ཁྱོད་ཀྱིས་ཆོས་ཉོན་ལ། །ཇི་སྲིད་བྱང་སེམས་མ་སྐྱེས་བར། །ཆོས་སྐྱོང་སྲུང་མས་རྒྱས་བཏབ་པས། །རྒྱ་

p. 652

ལས་འདའ་བར་མ་བྱེད་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཡ་ཤ་ཏྲུཾ་དམ་སྲི་ན་ཤ་ཡ། སྟྭཾ་བྷ་ཡ། སྟྭཾ་བྷ་ཡ། མཱ་ར་ཡ། མཱ་ར་ཡ། ལཾ་ནན་ནན་ཧཱུྃ། ཞེས་བྲོ་བརྡུང་ངོ་། །དེ་ནས་གཏོར་སྣོད་ཁ་གྱེན་དུ་བསྟན་ནས། རྣལ་འབྱོར་བདག་ཅག་བྱང་ཆུབ་སེམས། །བླ་མེད་སྒྲུབ་ཅིང་དེང་འདིར་ཡང་། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །བདེ་ལེགས་ཆེན་པོས་གང་གྱུར་ཅིག །ཅེས་བརྗོད་ནས་ཆོས་སྐྱོང་ལ་གཏང་རག་གི་མཆོད་པ་ཕུལ་ལ་མཆོད་བསྟོད་མངའ་གསོལ་རྒྱས་པར་བྱའོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ལ་དགྲ་བགེགས་བསྒྲལ་བའི་གཏང་རག་ཏུ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་མཆོད་དོ་འབུལ་ལོ། །མཉེས་ཤིང་ཚིམས་ནས་ངོ་སོ་བཅོ་ལྔའི་ཟླ་བ་ལྟར་རྒྱས་པར་གྱུར་ཅིག །ཀྱེ། མངོན་སྤྱོད་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཞེ་སྡང་

p. 653

དགྲ་ཡི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །དཀྱིལ་འཁོར་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཕུང་པོ་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ༴ དུག་ལྔ་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཉོན་མོངས་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ༴ རོ་སྙོམས་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ལྷ་ཡི་བུ་ཡི་བདུད་དཔུང་ལས། །ད་ནི་རྒྱལ་ལོ༴ བདུད་བཞི་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །འཆི་བདག་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་

p. 654

བཀའ༴ གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི༴ ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པ། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། བཀའ་སྲུང་དམ་ཅན་རྒྱ་མཚོ། གཏེར་སྲུང་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ཐམས་ཅད་ནས། གཟུགས་ཅན་མི་ཡི་བྱད་ཁ་བཟློག །གཟུགས་མེད་ལྷ་འདྲེའི་བྱད་ཁ༴ བན་བྱད༴ བོན་བྱད༴ ལོ་རྒྱལ་པོའི་སྐག༴

p. 655

ཟླ་བ་བློན་པོའི་སྐག༴ ཞག་དམག་མིའི་སྐག༴ དུས་ཚོད་མཚོན་ཆའི་སྐག༴ སྐག་རིགས་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི༴ མི་ཡི་ན་ཚ༴ ཕྱུགས་ཀྱི་གོད་ཁ༴ བསམ་པའི་བར་ཆད༴ ན་བྱུར་གདོན་བྱུར་མི་ཁ་བྲ་མཆུ་ཆགས་ཆེན་ཉམ་ང་ཐམས་ཅད་དམ་ཉམས་པའི་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །སྟེང་གདོན་གཟའ་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག །འོག་གདོན་ཀླུ་ས་བདག་གི་གནོད་པ་ཐམས་ཅད༴ བར་གདོན་བཙན་ཐེའུ་རང་གི་གནོད་པ་ཐམས་ཅད༴ འབྱུང་པོ་མི་དང་མི་མ་ཡིན་གྱི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་དམ་ཉམས་པའི་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །ཅེས་ཟློག་སྔགས་བརྗོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དྷེ་ཝི་ཀ་ཁ་མུ་ཁ་པ་ར་བྷི་དན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། གྱེར་རྩེ་ཉམས་པའི་ནུས་པ་བྱད་མ་ཁོ་རང་

p. 656

ལ་ཟློག་ཟློག །དུན་རྩེ་ཉམས་པའི་བྱད་མ་ཁོ་རང་ལ༴ ཏིར་ཏ་ཀ་ཉམས་པའི་ནུས་པ་བྱད་པ་ཁོ་རང་ལ༴ མ་མ་རཀྴ༴ ཡ་མ་རཀྴ༴ ཀཱི་ལ་ཡ་དུན་ཏིང༴ ཡཀྴ་རཀྴ༴ ཙནྡྷ་རཀྴ་ཟློག་ཟློག །ནཱ་ག་རཀྴ༴ དྷེ་ཝ་རུ་ཏྲི༴ ཙ་ཏུར་པྲ་མ༴ རྣ་ཐ་རྒ་ཤ༴ མ་ཧཱ་རཀྴ་དུན་ཏྲི༴ ཧྲི་ཏྲིང་རཀྴ༴ བྷུ་ཏ་པ་རིས་ཁྲཾ་ཁ་ཐམས་ཅད་དམ་ཉམས་པའི་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །དྷེ་ཝ་རུ་ཙི་ཙ་ནི། ཨེ་ཀ་ཙ་ཏི་ར་ཙ་དུ་ན་ཡ་མ་ར་ཙ། ཏྲིའུ་ཏྲིའུ་ན་ག་པ་ལ་བྱད་མ་དམ་ཉམས་ཨཱ་ཀརྵ་ཡ་ཛ་ཛཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧ་རི་ནི་སོགས་ནས། མཱ་ར་ཡ་ཧཱུྃ་ཕཊ། དགྲ་འདྲེ་བྱད་གསུམ། ནད་ཡམས་རིམས་གསུམ། ཆགས་ཆེན་ཉམ་ང་ཐམས་ཅད་དམ་ཉམས་པའི་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །མཁའ་འགྲོ་ཆོས་སྐྱོང་འབར་བའི་ཚོགས་རྣམས་ཀྱིས། དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་

p. 657

རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཡེ་ཤེས་ལས་དང་འཇིག་རྟེན་མགོན། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །ཆོས་སྐྱོང་ཚོགས་ལ་ཕྱག་འཚལ་བསྟོད། །༈ བདག་གིས་བཤམས་པའི་ཚོགས་ཀྱི་འཁོར་ལོ་འདི། །ཟད་པ་མེད་པ་ཡོན་ཏན་ཀུན་ལྡན་ཞིང་། །བླ་མ་རྣམས་དང་དཀྱིལ་འཁོར་ལྷ་ཚོགས་དང་། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས་བཅས་ལ། །རབ་གུས་དང་བའི་ཡིད་ཀྱིས་འབུལ་ལགས་ན། །སྡིག་དང་ལྟུང་བའི་ཚོགས་ཀུན་མཐོལ་ལོ་བཤགས། །དམན་པའི་ཡུལ་ལས་རབ་འདས་ཤིང་། །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཕུད་གོང་གཏོར་དུ་འབུལ། མཆོད་གཡོག་པ་གཅིག་གིས་ཀ་པཱ་ལ་ཆང་གིས་བཀང་བ་ལག་པ་གཡོན་པས་འོག་ཏུ་བཟུང་། ཤ་ཟན་སྡེར་དུ་བཞག་པ་གཡས་པས་སྟེང་དུ་བཟུང་ལ། གྷ་ཎ་ཙཀྲ་ཁཱ་ཧི། ཀྱེ། རྡོ་རྗེ་

p. 658

སློབ་དཔོན་དགོངས་སུ་གསོལ། །གཟིགས་ཤིག་མཛེས་ལྡན་སོགས་ནས། དགོངས་ཏེ་རོལ། །བར། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །སོགས་ནས། ཨ་ལ་ལ་ཧོ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཕུད་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །རང་བཞིན་གསལ་བས་དམ་ཚིག་དང་མི་འགལ་བས་བཟའ་བཏུང་ལ་ལོངས་སྤྱོད་དོ། །དེ་ནས་སོ་གཉིས་པ་ནི་ཕུད་དང་ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། བཤལ་ཆུ་དང་བཅས་པ་བཤམས་ཏེ། ཨོཾ་ཨ་ཀཱ་རོ་༴ ཞེས་པས་སྦྱངས་ཤིང་བྱིན་བརླབས་ནས་མང་པོར་སྤེལ་ལོ། །རོལ་མོ་དང་བཅས་ཏེ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་ལ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཧཱུྃ། ཤར་གྱི་དུར་ཁྲོད་ཆེན་པོ་ནས། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ། །དོན་དུ་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་

p. 659

ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷོ་ཡི་དུར་ཁྲོད༴ རིན་ཆེན་མཁའ་འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི༴ འདིར་གཤེགས༴ བཅོལ་བའི༴ ཧཱུྃ། ནུབ་ཀྱི་དུར་ཁྲོད༴ པདྨ་མཁའ་འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི༴ འདིར་གཤེགས༴ བཅོལ་བའི༴ ཧཱུྃ། བྱང་གི་དུར་ཁྲོད༴ ལས་ཀྱི་མཁའ་འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི་ཚུལ་དུ༴ འདིར་གཤེགས༴ བཅོལ་བའི་ཕྲིན་ལས༴ ཧཱུྃ། དབུས་ཀྱི་དུར་ཁྲོད༴ སངས་རྒྱས་མཁའ་འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི་ཚུལ༴ འདིར་གཤེགས༴ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང་། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ལ་ལ་རི་བོའི་རྩེ་ལ་གནས། །ལ་ལ་རྒྱ་མཚོའི་གཏིང་ལ་གནས། །ལ་ལ་བར་སྣང་ཁམས་ལ་གནས། །ལ་ལ་དཔག་བསམ་

p. 660

ཤིང་ལ་གནས། །ཕལ་ཆེར་དུར་ཁྲོད་བརྒྱད་ལ་གནས། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང་། །དོན་དུ་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམ་རྫས་ལྷག་མའི་གཏོར་མ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་རྣམས་ཀྱི་དཀྱིལ་འཁོར་གྱི་མུ་རན་སྐྱོང་བའི་མཁའ་འགྲོ་ཤུགས་འགྲོ། བརྟན་མ་སྐྱོང་མ། ཤ་ཟ། རོ་ལངས། གིང་ལ་སོགས་པའི་ལྷག་མའི་གཏོར་མ་ལ་དབང་ཞིང་དགྱེས་པ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་ལྷག་མའི་གཏོར་མ་འདི་བཞེས་ལ། ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་

p. 661

དུ་བཀའ་དང་དམ་ལས་མ་འདའ་བར། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་བཟློག །ཁྱད་པར་དུ་ཡང་ཕྱིའི་དགྲ་བགེགས་ནང་དུ་མ་བཏང་ཞིག །ནང་གི་དངོས་གྲུབ་ཕྱི་རུ་མ་བཏང་ཞིག །རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཤིན་ཏུ་བསྡུས་ན་སྤེལ་སྦྱང་སོགས་མེད་པར་སྔགས་རྐྱང་པས་ཆོག་སྟེ། ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུཙྪིཥྚ་བ་ལིང་ཨུཙྪིཥྚ་བྷཀྵ་བྷྱཿསྭཱ་ཧཱ། ཞེས་བརྗོད་ནས་འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་དོར་རོ། །སོ་གསུམ་པ་རྒྱལ་དབྱངས་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་ནས། རྒྱས་པར་གྱུར་ཅིག །ཀྱེ། མངོན་སྤྱོད་ལམ་དུ་བྱེད་པ་ཡི། །སོགས་ནས་རྣམ་པར་རྒྱལ། །ཞེས་བརྗོད། སོ་བཞི་པ་གཏང་རག་གཏོང་བ་དང་། སོ་ལྔ་པ་མཆོད་བསྟོད་རྒྱས་བསྡུས་གང་འོས་ཀྱི་རྗེས་སུ། སོ་དྲུག་པ་མངའ་གསོལ་བྱ་བ་ནི། ཧཱུྃ། ཆོས་སྐྱོང་མགོན་པོ་ནག་པོ་ལ། །སོགས་ནས། རྗེ་བཙུན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་བྱ་རོག་

p. 662

མིང་ཅན་གྱི་བསྟོད་པ། མཁས་པ་ཆེན་པོ་སངས་རྒྱས་གྲགས་པས་བྱ་རོག་གསང་བ་ཆེན་པོའི་རྒྱུད་ནས་བསྡུས་པ། སཾ་ལོཙྪ་བས་སཾ་ཀྲི་ཏ་ཡི་སྐད་ལས་བོད་དུ་བསྒྱུར་བའོ། །༈ རྗེས་ཀྱི་བྱ་བ་བཅུ་གཉིས་རིམ་པས་བསྟན། མཆོད་བསྟོད་བཟོད་གསོལ་ཡིག་བརྒྱ་བརྗོད་པ་དང་། །དགེ་རྩ་བསྔོ་དང་བཀྲ་ཤིས་སྨོན་ལམ་དང་། །ཡེ་ཤེས་པ་རྣམས་གཤེགས་སམ་རྟེན་བཞུགས་བྱ། །འཇིག་རྟེན་པ་གཤེགས་དམ་ཚིག་རང་ལ་བསྡུ། །ཐུན་མཚམས་སྲུང་འཁོར་བསྒོམ་པའི་རིམ་པའོ། །དེ་ལ་དང་པོ་མཆོད་པ་ནི། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་ཛྙཱ་ན་ནཱ་ཐ་མཎྜ་ལ་ཙཀྲ་ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་སོགས་ནས་ཤབྡའི་བར་མཆོད། གཉིས་པ་བསྟོད་པ་བྱ་བ་ནི། ཧཱུྃ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །འཇིགས་མཛད་

p. 663

དཔའ་བོ་བསྐལ་པའི་མེ་ལྟར་འབར། །སོགས་ནས། འཁོར་ལོ་ཁྱོད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འཁོར་ལོ་སྡོམ་པ༴ སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་སྲུང་བར་ཞལ་བཞེས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལས་དང་འཇིག་རྟེན་མགོན། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས། །ཆོས་སྐྱོང་ཚོགས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ནས། དད་པས་བསྟོད་པར་བགྱི། །གསུམ་པ་བཟོད་གསོལ་ནི། མ་འབྱོར་པ་དང་ཉམས་པ་དང་། །སོགས་ནས། མགོན་པོས་བཟོད་པར་

p. 664

གསོལ། །བཞི་པ་ཡིག་བརྒྱ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས། ལྔ་པ་དགེ་རྩ་བསྔོ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དང་མ་ཧཱ་ཀཱ་ལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དང་ནག་པོ་ཆེན་པོ༴ ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་མཆོག་རྣམས་ཀྱིས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སྲིད་གསུམ་འབར་བའི་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་བརྗིད་ཆགས་དུལ་བར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་

p. 665

བྱེད་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་ཞིང་། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །དྲུག་པ་བཀྲ་ཤིས་ནི། ཧཱུྃ། དྲི་མ་རབ་སྤངས་ཡོན་ཏན་ཕུན་ཚོགས་པའི། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་གྱུར་པའི། །བཀྲ་ཤིས་མཆོག་མངའ་ཐུགས་རྗེ་ཕུན་སུམ་ཚོགས། །དཀོན་མཆོག་གསུམ་གྱིས་དེང་འདིར་བཀྲ་ཤིས་ཤོག །ཀླུ་སྒྲུབ་ལ་སོགས་བླ་མ་བརྒྱུད་པ་ཡི། །བསྙེན་སྒྲུབ་ཚད་དུ་སྐྱོལ་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་ཀུན་ལ་བྱིན་རླབས་དངོས་གྲུབ་ཐོབ། །བླ་མ་རྣམས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་དབྱིངས་ལེགས་གྲུབ་པའི། །ཧེ་རུ་ཀ་དཔལ་ཡབ་ཡུམ་གཉིས་མེད་སྐུ། །འཁོར་ལོ་ལྔ་ཡི་བདག་ཉིད་བཅོམ་

p. 666

ལྡན་འདས། །ཡི་དམ་ལྷ་ཡིས་དེང་འདིར་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་བཀའ་སྡོད་བྱ་རོག་མཚན། །ཞལ་གཅིག་ཕྱག་བཞི་ཕྲིན་ལས་རྣམ་བཞི་གྲུབ། །མཐུ་སྟོབས་མངའ་མཛད་དགྲ་བགེགས་ཚར་གཅོད་པའི། །ཡེ་ཤེས་མགོན་པོས་དེང་འདིར་བཀྲ་ཤིས་ཤོག །ཁྱོད་ཀྱི་ལས་བྱེད་སྤྲུལ་པའི་ཕོ་ཉ་ནི། །བྱ་རོག་གདོང་དང་ཁྱུང་དང་སེང་གེའི་གདོང་། །ནག་པོ་སྟོང་དང་ཤ་ཟ་བྱེ་བའི་ཚོགས། །ལས་བྱེད་ཕོ་ཉས་དེང་འདིར་བཀྲ་ཤིས་ཤོག །ཙན་ཏི་ཀ་དང་དུས་མཚན་ལྷ་མོ་བརྒྱད། །ལས་བྱེད་མཁའ་འགྲོ་མ་མོ་བྱེ་བའི་ཚོགས། །མཐུན་རྐྱེན་སྒྲུབ་ཅིང་དམ་ཉམས་རྩད་ནས་གཅོད། །མོ་རྒྱུད་རྣམས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །ནག་པོ་ཆེན་པོ་མཆོད་ཅིང་བསྙེན་བྱས་ཏེ། །མངའ་གསོལ་དམ་ཚིག་ཅན་ལ་ཉེར་དགོངས་པའི། །བྱིན་རླབས་མཆོག་གི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དེས་ཀྱང་དེང་

p. 667

འདིར་བདེ་ལེགས་ཤོག །བདུན་པ་སྨོན་ལམ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་རྣམས་ཐམས་ཅད་དུ། །སེམས་ཅན་ལེགས་དོན་སྒྲུབ་པ་དང་། །སངས་རྒྱས་བསྟན་པ་རྒྱས་པའི་ཕྱིར། །བར་ཆད་བདུད་དགྲ་ཞི་ནས་ཀྱང་། །བགེགས་ཀྱི་གནོད་པ་དེང་བར་ཤོག །གདུལ་བྱའི་སེམས་ཅན་འདུལ་བའི་ཕྱིར། །ཞི་རྒྱས་དབང་དྲག་ལས་རྣམས་དང་། །ལོངས་སྤྱོད་འབྱོར་པ་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་ཡིད་བཞིན་འགྲུབ་པར་ཤོག །རྟ་དང་གླང་ཆེན་མ་ཧེ་དང་། །སྣ་ཚོགས་འབྲུ་ཡི་ལོངས་སྤྱོད་ལྡན། །གསེར་དངུལ་མུ་ཏིག་མན་ཤེལ་དང་། །གཡུ་དང་བྱུ་རུ་བཻ་ཌཱུར་སོགས། །རིན་ཆེན་སྣ་བདུན་གཏེར་རྣམས་དང་། །རྟག་ཏུ་ལོངས་སྤྱོད་ལྡན་པར་ཤོག །ཕ་མ་བུ་སྤུན་གཉེན་བཤེས་རྣམས། །

p. 668

བདེ་ཞིང་ཚེ་ལ་ནད་མེད་ཤོག །འགྲོ་བ་ཐམས་ཅད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ཏེ། །དགྲ་དང་གདོན་བགེགས་ཐུལ་བར་ཤོག །རྒྱལ་པོ་མྱ་ངན་མེད་པ་དེས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་ཡང་། །ཕྱོགས་དུས་ཀུན་ཏུ་དར་བར་ཤོག །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །བདུད་རྩིའི་སྣོད་དུ་འགྱུར་བར་ཤོག །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་དང་། །ཡོན་བདག་ལ་སོགས་སེམས་ཅན་རྣམས། །ལོངས་སྤྱོད་རྣམ་གཉིས་ཚོགས་པར་ཤོག །བདག་ཀྱང་དུས་འདིར་ཚེ་རིང་ཞིང་། །སངས་རྒྱས་བསྟན་པ་བསྲུང་བ་ལ། །མཐུ་སྟོབས་རྫུ་འཕྲུལ་ལྡན་པར་ཤོག །ལོག་པར་ལྟ་བའི་དགྲ་བགེགས་རྣམས། །བདུན་རྒྱུད་རྩད་ནས་བཅད་ནས་ཀྱང་། །སངས་རྒྱས་བསྟན་པ་དར་བར་ཤོག །བརྒྱད་པ་ཡེ་ཤེས་པ་

p. 669

གཤེགས་པ་ནི། ༓༈ མཆོད་ཡུལ་དུ་སྤྱན་དྲངས་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་མཆོད་པའི་གནས་ཁང་འདི་ཉིད་དུ་བརྟན་པར་བཞུགས་སུ་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི༴ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མཆོད་སྦྱིན་གནས་འདིར༴ ཞེས་པ་ནས། བཛྲ་མུཿ དགུ་པ་རྟེན་བཞུགས་བྱ་བ་ནི། བྲིས་སྐུ་བླུགས་སྐུ་ཞེས་པ་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཅུ་པ་འཇིག་རྟེན་པ་གཤེགས་པ་ནི། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་པྲེ་ཏ་གཙྪ། བཅུ་གཅིག་པ། དམ་ཚིག་པ་རྣམས་བདག་ལ་ཛཿཧཱུྃ་བཾ་ཧོཿ བཅུ་གཉིས་པ་ཐུན་མཚམས་སྲུང་འཁོར་ནི། གཏོར་མའི་སྲུང་འཁོར་དང་རང་གི་སྲུང་འཁོར་རོ། །གཏོར་མའི་སྲུང་

p. 670

འཁོར་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་གནས་ཁང་འདི་ཉིད་དུ་བཞུགས་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་རྣམས་ལ་ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ་ཀ་པཱ་ལ་ཙཀྲ་ཧཱུྃ་བྷྲཱུྃ། ཐོད་པ་ཡངས་ཤིང་རྒྱ་ཆེ་བ་ཁ་སྦྱོར་དུ་གྱུར། དེའི་སྟེང་དུ་ལས་ཀྱི་མགོན་པོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཨོཾ་ཀརྨ་ནཱ་ཐ་བ་ལིངྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ལྷ་ཚོགས་དེ་རྣམས་ཀྱི་ཕྱི་རོལ་དུ་ཨོཾ་ལས་འཁོར་ལོ་དཀར་པོའི་གུར་ཁང་། ཨཱཿལས་པདྨ་དམར་པོའི་གུར་ཁང་། ཧཱུྃ་ལས་རྡོ་རྗེ་སྔོན་པོའི་གུར་ཁང་། སྭཱ་ལས་རིན་པོ་ཆེ་སེར་པོའི་གུར་ཁང་། ཧཱ་ལས་སྣ་

p. 671

ཚོགས་རྡོ་རྗེ་རྒྱ་གྲམ་གྱི་གུར་ཁང་། ཛྭ་ལ་རཾ་ལས་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་གཡོན་དུ་འཁྱིལ་ཞིང་འབར་བའི་གུར་ཁང་དུ་གྱུར། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ། ཧེ་དུནྟེ་ཥཱནྟ་ཐཱ་ག་ཏོ། ཧྱ་ཝ་དཏ་ཏེ་ཥཱཉྩ་ཡོ། ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ། ཐུན་མཚམས་སུ། ཨོཾ་ཀ་པཱ་ལ་ཙཀྲ་ཤཀ་ཕྱེས། དེ་ནས་གཏོར་མའི་བྱ་བ་ལ་འཇུག་པར་བྱའོ། །རང་སྲུང་ནི། ཨོཾ་མེ་དི་ནཱི་བཛྲ་བྷཱ་ཝ་བཛྲ་བྷནྡྷ་ཧཱུྃ། འོག་སྣ་ཚོགས་རྡོ་རྗེའི་ས་གཞི་གྲུ་བཞི་པར་གྱུར། ཨོཾ་བཛྲ་པྲ་ཀཱ་ར་ཧཱུྃ་བཾ་ཧཱུྃ། ལོགས་རྡོ་རྗེ་རྩེ་ལྔ་པ་དམར་པོའི་ར་བ་གྲུ་བཞི་པར་གྱུར། ཨོཾ་བཛྲ་པྲཉྫ་ར་ཧཱུྃ་བཾ་ཧཱུྃ། སྟེང་རྡོ་རྗེའི་གུར་གྲུ་བཞི་པ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པར་གྱུར། ཨོཾ་བཛྲ་བི་ཏཱ་ནཱ་ཧཱུྃ་བཾ་ཧཱུྃ། གུར་གྱི་ནང་དུ་རྡོ་རྗེའི་བླ་རེ་གྲུ་བཞི་པར་གྱུར། ཨོཾ་བཛྲ་ཤྭ་ར་ཛྭཱ་ལ་ཏྲཾ་སཾ་ཏྲཾ། སྟེང་དང་ཕྱི་རོལ་ཐམས་ཅད་རྡོ་རྗེ་མདའ་ཡི་དྲྭ་བ་

p. 672

མདེའུ་ཐམས་ཅད་རྡོ་རྗེ་རྩེ་ལྔ་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་ཀྱི་མེ་རི་ཁ་དོག་སྣ་ལྔ་གཡོན་དུ་འཁྱིལ་བའི་གུར་ཁང་དུ་གྱུར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་སོགས་བསྲུང་བའི་འཁོར་ལོ་འདི་རྣམས་ཀྱང་སྲ་བ་བརྟན་པ་མཁྲེགས་པ་རྒྱུ་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པ་སུས་ཀྱང་གཞོམ་གཞིག་མི་ནུས་པ་རླུང་བསེར་བུའང་མི་ཐར་བར་བསམ་པའོ། །བསྒྲུབ་བྱ་ལམ་གྱི་མགོན་པོ་བཤད་ཟིན་ཏོ། །༈ གསུམ་པ་ལྷུན་གྲུབ་འབྲས་བུའི་མགོན་པོ་ནི། སྤྱིར་མགོན་པོ་ཆེན་པོ་འདིས་ཏདྱ་ཐཱ་བཟློ་ཤེས་པ་ཡན་གྱི་གྲོགས་བྱེད་ལ། ཁྱད་པར་བདེ་མཆོག་གི་རྣལ་འབྱོར་པ་དང་། སྟོང་ཉིད་སྒོམ་པའི་རྣལ་འབྱོར་སྐད་ཅིག་ཀྱང་གཡེལ་བ་མེད་པར་སྐྱོང་ངོ་། །གང་ཞིག་གིས་མགོན་པོ་ཆེན་པོ་འདི་ལ་གསོལ་བ་བཏབ་ན་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐུགས་རྗེ་འབྱུང་བའི་ལེའུ་བཅུ་གཅིག་པ་ལས། ཞི་དང་རྒྱས་དང་དབང་གི་ལས། །ཚེ་དང་དཔལ་གྲགས་གཟི་བརྗིད་དང་། །མཐུ་སྟོབས་འབྱོར་ལྡན་སྲུང་བ་དང་། །ས་སྟེང་མཐོ་རིས་དག་ཏུ་ཡང་། །དེ་ཡིས་བགེགས་ཚོགས་སྲུང་བར་བྱེད། །ཅེས་པ་ནས། དག་པ་ལམ་གནས་བཅུའི་དབང་ཕྱུག་ཡིན། །སྤྲུལ་དང་ལོངས་སྤྱོད་ཟག་པ་མེད་པར་ཐོབ། །དགའ་བའི་ཤུགས་ཅན་སྟོབས་ལྡན་དེ་ཡི་ཞིང་། སྐྱེ་ཞིང་མགོན་པོ་དེ་དང་མཚུངས་པར་འགྱུར། །ཞེས་དང་།

p. 673

བྱ་རོག་གསང་བའི་རྒྱུད་ཆེན་ལས། མ་འོངས་དུས་ན་འཇིག་རྟེན་ཁམས་གྱུར་གང་ཡིན་ན། །བཀོད་པ་ཆེན་པོ་ཞེས་བྱའི་ཞིང་ཁམས་དག་པ་དེར། །དེ་བཞིན་གཤེགས་པ་ཐུགས་རྗེས་རྣམ་པར་འཕྲུལ་བའི་མཆོག །དྲི་མེད་རྒྱལ་པོ་ཞེས་བྱར་མངོན་པར་སངས་རྒྱས་ལུང་བསྟན་འཐོབ། །ཅེས་གསུངས་པས། མཆོག་ཐུན་མོང་གི་དངོས་གྲུབ་ཐོགས་མེད་དུ་སྩོལ་བར་ནུས་པའི་མགོན་པོ་དེས། ལྷུན་གྲུབ་འབྲས་བུའི་མགོན་པོ་བཤད་ཟིན་ཏོ། །དེ་ལྟར་ས་དཔྱད་གསུམ་གྱི་ནང་དུ། དཔལ་ནག་པོ་ཆེན་པོའི་ཐུན་མོང་མ་ཡིན་པའི་མན་ངག་གྲུབ་བོ། །འདིར་སྨྲས་པ། བདེ་མགོན་མཆོད་ཕྲེང་ནོར་བུའི་ཕྲེང་བ་འདི། །ཕྱི་རབས་བུ་སློབ་རྣམས་ལ་ཕན་ཕྱིར་བྲིས། །གསང་སྔགས་ཆོས་ལ་གཟུ་ལུམ་བྱས་པ་མིན། །མཁས་འདོད་ཁེངས་པའི་དྲེགས་པ་རྒྱས་པ་མིན། །བདག་བསྟོད་གཞན་སྨོད་འདོད་ཕྱིར་བྲིས་པ་མིན། །ལེགས་ལེགས་འགྲིག་འགྲིག་བློ་བཟོ་བྱས་པ་མིན། །མིན་ཕྱིར་ཆོས་ལ་རས་ཆོད་བྱས་པ་མིན། །མིན་མིན་ལོག་པའི་བསྟན་བཅོས་བསྒྲིག་པ་མིན། །སྔོན་གྱི་སློབ་དཔོན་ངག་ཕྲེང་སྒྲིག་པ་ཡིན། །ཡིན་མིན་ཐེ་ཚོམ་བསལ་བའི་མིག་གསལ་ཡིན། །ཕྱི་རབས་དོན་ལ་ཕན་སེམས་བསྒྲུབས་པ་ཡིན། །ཚུལ་འདིར་ཞུགས་ལ་ཕན་པའི་ལྡེ་མིག་ཡིན། །མིག་གི་ལིང་ཐོག་བསལ་བའི་གསེར་ཐུར་ཡིན། །རྒྱུད་དང་རྒྱ་གཞུང་སྒྲུབ་ཐབས་བལྟས་པ་ཡིན། །དེ་དང་བསྟུན་ཏེ་མཆན་རྣམས་བཏབ་པ་ཡིན། །ཡིན་ཕྱིར་གསང་སྔགས་ཆོས་བསྟན་སྤེལ་ཕྱིར་ཡིན། །

p. 674

ཡིན་མིན་ཚུལ་གྱི་གསུང་རྒྱུན་བཀོད་པ་ཡིན། །གསང་སྔགས་སྒྲུབ་ལ་ཅུང་ཟད་མོས་ཐོབ་པའི། །སྐྱོ་བྲག་ཀརྨ་ཡེ་ཤེས་ཞེས་བྱ་བས། །ལྕགས་ཕོ་བྱི་བའི་རྒྱལ་ཉའི་ཡར་ངོ་ལ། །རང་ལོ་ཉི་ཤུ་རྩ་ལྔར་བབས་པའི་ཚེ། །སེམས་ཀྱི་རྩལ་ལས་འཁྲུངས་ཏེ་བྲིས་པ་ལགས། །ཉེས་ལྟུང་འགལ་འཁྲུལ་ཚོགས་རྣམས་ཅི་མཆིས་པ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི །སྤྱན་སྔར་མཐོལ་བཤགས་སྒྲིབ་གཉིས་བྱང་བར་མཛོད། །དགེ་བས་བསོད་ནམས་འབྲས་བུ་གང་ཐོབ་པ། །ཕ་མས་གཙོར་བྱས་མཁའ་ཁྱབ་སེམས་ཅན་རྣམས། །སྐུ་གསུམ་རྡོ་རྗེ་འཛིན་རྒྱལ་མྱུར་འགྲུབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།

འབའ་རོམ་བཀའ་བརྒྱུད་བླ་མ་དང་བདེ་མཆོག་དང་མ་ཧཱ་ཀཱ་ལའི་གསོལ་འདེབས་སྨོན་ལམ་བྱིན་རླབས་ཆར་ཆེན། དུང་སྤྲུལ་ཤྲཱི་བྷ་དྲ

p. 675

༄༅། །འབའ་རོམ་བཀའ་བརྒྱུད་བླ་མ་དང་བདེ་མཆོག་དང་མ་ཧཱ་ཀཱ་ལའི་གསོལ་འདེབས་སྨོན་ལམ་བྱིན་རླབས་ཆར་ཆེན་བཞུགས་སོ། །

p. 676

ན་མོ་གུ་རུ་ཤྲཱི་ཙཀྲ་སམྦྷ་ར། རྒྱལ་བའི་དབང་ཕྱུག་དྲུག་པ་རྡོ་རྗེ་འཆང་། །རྒྱུད་སྡེའི་ཡང་རྩེ་བཅོམ་ལྡན་འཁོར་ལོ་སྡོམ། །དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས། །མ་ལུས་བརྩེ་བས་བདག་ལ་གཟིགས་སུ་གསོལ། །བདག་གི་སྨོན་ལམ་བཟང་པོ་འདིས་མཚོན་ནས། །དུས་གསུམ་དགེ་ཚོགས་རྒྱལ་རྣམས་ཐུགས་བསྐྱེད་དང་། །རྣམ་དག་དགེ་བའི་ཡོན་ཏན་ཇི་སྙེད་ཚོགས། །གཅིག་སྡོམ་འགྲོ་བའི་དོན་དུ་ལེགས་བསྔོ་བས། །སེམས་བསྐྱེད་

p. 677

སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་མི་དྭགས་པོ་འབའ་རོམ་བཀའ་བརྒྱུད་པ། །རྟོགས་པ་དོན་བརྒྱུད་ཏི་ཤྲི་རས་པ་དང་། །རས་དཀར་ལུས་མེད་རྡོ་རྗེ་བྱང་ཆུབ་གཞོན། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཉམས་རྟོགས་ཕྱག་ཆེན་དགོངས་པ་རབ་འཕེལ་ནས། །འཕོས་ཚེ་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །མ་ཏི་བཛྲ་བརྩོན་འགྲུས་དཔལ་བ་དང་། །ཀེ་རུ་ཀིརྟི་བསོད་ནམས་བཟང་པོ་མཆོག །རཏྣ་བྷ་དྲ་པུཎྱེ་དབང་

p. 678

ཕྱུག་དང་། །བཀྲ་ཤིས་ཤྭ་རི་དྷརྨ་འོད་ཟེར་ཞབས། །གསོལ་བ༴ ཉམས་རྟོགས༴ འཕོས་ཚེ༴ ཀུན་དགའ་སྙིང་པོ་ཀུན་དགའ་རྒྱ་མཚོ་དང་། །བསྟན་འཛིན་བཟང་པོ་ཀརྨ་ཡེ་ཤེས་ཞབས། །དོན་དམ་སྙིང་པོ་ཨཱཿཡུ་ཏིཥྛ་སོགས། །འབའ་རོམ་རྟོགས་པ་དོན་བརྒྱུད་གྲུབ་བརྙེས་ཚོགས། །བྱིན་རླབས་ཆར་ཆེན་གཞན་རྒྱུད་འཕོ་ནུས་ལ། །གསོལ་བ༴ ཉམས་རྟོགས༴ འཕོས་ཚེ༴ ཐུགས་རྗེའི་སྤྲིན་ཕུང་སྣ་ཚོགས་འཁྲིགས་པ་ཡི། །དུས་མཁྱེན་ཕག་གྲུ་སྟག་ལུང་ཐང་པ་དང་། །ཆོས་སྐུ་ཡར་བྱོན་རྗེ་བཙུན་སངས་རྒྱས་དབོན། །ཨོ་རྒྱན་མགོན་པོ་རཏྣ་ཀ་ར་སོགས། །དོན་བརྒྱུད་བླ་མ་བཀའ་བརྒྱུད་ཡ་བཞི་ལ། །གསོལ་བ༴ ཉམས་རྟོགས༴ འཕོས་ཚེ༴ ཁྱེད་རྣམས་མཁྱེན་བརྩེ་ཡོན་ཏན་རྒྱ་མཚོ་ཡིས། །ཐུགས་བསྐྱེད་ནམ་མཁའི་ནོར་བུ་འོད་འབར་བས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །ཆུ་ཟླའི་

p. 679

རོལ་གར་སྤྲུལ་པ་མཐའ་ཡས་ཀྱིས། །གོ་འཕང་གཏན་བདེར་བདག་གཞན་བསྐྱང་དུ་གསོལ། །ཁྱད་པར་རྨད་བྱུང་རྡོ་རྗེ་ཐེག་པའི་མཆོག །རྣལ་འབྱོར་གྲུབ་ཐོབ་བསམ་འདས་བགྲོད་པའི་ལམ། །རྒྱུད་སྡེའི་དབང་ཕྱུག་དཔལ་ཆེན་འཁོར་ལོ་སྡོམ། །ཉེར་བཞི་སོ་གཉིས་དཔའ་བོ་མཁའ་འགྲོའི་སྡེ། །མ་ལུས་འཁོར་དང་བཅས་ལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །ལྷ་མཆོག་ཁྱོད་ལ་འབྲལ་བ་མེད་པ་དང་། །རིམ་གཉིས་ལྟ་སྤྱོད་ཟབ་མོ་མ་ནོར་བའི། །དབང་བཞིས་རྒྱུད་བཞི་སྨིན་གྲོལ་མཐར་སོན་ཏེ། །སྐུ་བཞིའི་དབང་ཕྱུག་དཔལ་ལ་སྤྱོད་གྱུར་ཅིག །ཐུན་མོང་ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །བདག་ལུས་ཡན་ལག་བདུན་ལྡན་རྒྱལ་བ་ཡི། །སྐུ་བཞི་འཁོར་ལོ་ལྔ་ཡི་དཀྱིལ་འཁོར་མཆོག །གནས་གསུམ་དབྱེར་མེད་ཆོས་སྐུའི་ངོ་བོ་ཉིད། །བཟླས་བརྗོད་

p. 680

བསྟོད་བཞེས་དངོས་གྲུབ་རྣམ་གཉིས་ཐོབ། །གདོད་མའི་ཧེ་རུ་ཀ་དཔལ་མངོན་འགྱུར་ཤོག །གྲོལ་ལམ་སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡིས། །སྟེང་སྒོ་རྣམ་གྲོལ་འོག་སྒོ་ཕོ་ཉའི་ལམ། །གསང་ཆེན་བདེ་འཁོར་གཉིས་ནས་ཨ་ཧཾ་གར། །ཉེར་བཞིའི་རྩ་གནས་འཁོར་ལོའི་དཔའ་མོ་ལ། །དཔའ་བོ་ཉེར་བཞིས་ཞུ་བདེའི་ཟློས་གར་གྱིས། །མདུད་གྲོལ་བཅུ་གསུམ་ཟག་མེད་བདེ་བས་རོལ། །གཞི་འབྲས་གཉིས་མེད་བདེ་ཆེན་བདེ་བའི་མཆོག །འཁོར་ལོ་སྡོམ་པའི་གོ་འཕང་མྱུར་ཐོབ་ཤོག །རྩ་རྣམས་དྭངས་པ་དྷུ་ཏིར་ཡེ་ཤེས་རྩ། །ལས་རླུང་དག་པ་གཞོམ་མེད་རྡོ་རྗེའི་རླུང་། །ཐིག་ལེ་དག་པ་ཟག་མེད་དགའ་བདེའི་དཔལ། །འཇའ་ལུས་རྡོ་རྗེའི་སྐུ་མཆོག་འགྲུབ་པར་ཤོག །འཁོར་འདས་སྒྱུ་མར་རྟོགས་པའི་ཤེས་རབ་ཀྱིས། །སྣང་སེམས་སྐྱེ་མེད་རྡོ་རྗེ་གསུམ་གྱི་གདངས། །ཕྱི་ནང་གཞན་གསུམ་

p. 681

དབྱེར་མེད་བདེ་བའི་མཆོག །སྒྱུ་མའི་ཏིང་འཛིན་མཆོག་ལ་དབང་འབྱོར་ཤོག །གང་སྣང་ཟིན་སྦྱངས་སྤེལ་བསྒྱུར་ཐོགས་མེད་ཀྱིས། །རྨི་ལམ་འཁྲུལ་པའི་སྒྲིབ་བྲལ་རྡོ་རྗེའི་སྐུ། །གདོད་མའི་མགོན་པོ་དཔལ་ཆེན་བཅོམ་ལྡན་འདས། །སྒྱུ་མའི་ཏིང་འཛིན་ཆོས་སྐུར་རྟོགས་པར་ཤོག །ཀུན་རྟོག་རླུང་གི་འགྱུ་བ་དྷུ་ཏིར་དྭངས། །སྒྲིབ་བྲལ་འོད་གསལ་ནམ་མཁའི་ཆོས་ཉིད་ངང་། །གཏི་མུག་རྣམ་དག་གཤིས་ལུགས་མངོན་གྱུར་ཏེ། །མཐའ་བྲལ་ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །སྣང་སྲིད་བདེ་བ་ཆེན་པོའི་རང་མདངས་ལས། །འཕོ་བྱ་འཕོ་བྱེད་བྲལ་བ་ཆོས་ཀྱི་སྐུ། །འཆི་མེད་འོད་གསལ་མ་བུ་ཞལ་མཇལ་ཏེ། །མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་ཤོག །སྦྱངས་པ་དབེན་པས་སྲིད་པའི་རྟགས་དྲུག་གི །འཁྲུལ་སྣང་ཤར་ཚེ་ངོས་ཟིན་གནས་ལུགས་རྟོགས། །བསྐྱེད་རྫོགས་དག་

p. 682

སྣང་རྣམ་དག་ལུང་བསྟན་གྱིས། །བར་དོར་ལོངས་སྐུའི་ཞིང་དེར་སངས་རྒྱས་ཤོག །ཇི་བཞིན་དོན་དེ་མངོན་དུ་མ་གྱུར་ན། །སྒྱུ་འཕྲུལ་སྒྱུ་མའི་གར་གྱི་རྣམ་རོལ་པས། །གྲོང་འཇུག་འབེན་ལ་ཐོགས་མེད་སྤྲུལ་པའི་སྐུ། །རྡོ་རྗེ་འཆང་དབང་གོ་འཕང་མྱུར་ཐོབ་ཤོག །འོག་སྒོ་རྣམ་དག་བདེ་བ་ཆེན་པོའི་ལམ། །དབབ་བཟུང་བསྐྱིལ་ལྡོག་བཀྲམ་འབེབས་གནས་བརྒྱད་ཀྱིས། །ཐེག་ཆེན་མྱུར་ལམ་སྙན་བརྒྱུད་ཟབ་མོའི་དོན། །ཟུང་འཇུག་བདེ་ཆེན་ཆོས་སྐུ་མངོན་གྱུར་ཤོག །ངེས་མེད་ཟུང་འཇུག་ལམ་མཆོག་རིན་ཆེན་གྱིས། །ཕྱག་རྒྱ་བཞི་དང་ཐབས་བཞིས་རྩལ་སྦྱངས་ནས། །གཉིས་མེད་བདེ་ཆེན་ལམ་མཆོག་མངོན་གྱུར་ཤོག །ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །དམ་ཚིག་ཡིད་བཞིན་ནོར་བུ་རིན་ཆེན་གྱིས། །སྤྱི་དང་ཁྱད་པར་དམ་ཚིག་རྣམ་པ་བརྒྱད། །བསྲེ་འཕོ་དགུ་སྐོར་སྤྱོད་པ་

p. 683

རྣམ་བཞི་ཡིས། །རྣམ་དག་ལམ་འདི་མྱུར་དུ་མཐར་ཕྱིན་ཤོག །གནས་ལུགས་ཇི་བཞིན་ནོར་བུ་རིན་པོ་ཆེ། །དྲི་མེད་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །མཆོག་ཏུ་འགྱུར་མེད་བདེ་བ་ཆེན་པོའི་དབྱིངས། །འཁོར་འདས་དབྱེར་མེད་ཐོག་མའི་མགོན་པོ་ཉིད། །བདེ་ཆེན་འཁོར་ལོའི་བདེ་མཆོག་མངོན་གྱུར་ཤོག །སྐད་ཅིག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །སྐུ་ལྔ་ཡན་ལག་བདུན་ལྡན་དབང་ཕྱུག་བརྒྱད། །རབ་འབྱམས་རྒྱལ་བའི་མཛད་ཕྲིན་མཐའ་ཡས་ཀྱི། །འགྲོ་རྣམས་རང་བཞིན་དཔལ་ལྡན་ཧེ་རུ་ཀ །དུག་ལྔ་རྣམ་དག་རིགས་ལྔ་མངོན་གྱུར་ཤོག །དེ་ལྟའི་ལམ་མཆོག་ཚེ་འདིར་འགྲུབ་ནས་ཀྱང་། །ས་ལམ་བར་ཆད་འཇིགས་བརྒྱད་བཅུ་དྲུག་དང་། །མི་མཐུན་རྐྱེན་ངན་ཆོས་སྒྲུབ་གེགས་རྐྱེན་ཚོགས། །དཔལ་མགོན་དྲག་ཁྲོས་ཡེ་ཤེས་མགོན་པོ་དང་། །སྐུ་མགོན་དཀར་པོ་གསུང་མགོན་

p. 684

དམར་པོ་སོགས། །ཡོན་ཏན་མགོན་སེར་ཕྲིན་ལས་མགོན་པོ་ལྗང་། །བྱ་རོག་གདོང་ཅན་ནག་པོ་སྟོང་དང་བཅས། །ཤ་ཟ་འབུམ་སྡེ་མ་མོ་བྱེ་བ་དང་། །གནོད་སྦྱིན་ཁྲི་དང་མ་གཅིག་དཔལ་ལྷ་མོ། །བསྟན་སྲུང་དམ་ཅན་རྒྱལ་མཚོའི་གཡར་དམ་དགོངས། །སྔོན་ཚེ་དཔལ་གྱི་བཀའ་བཞིན་རྐྱེན་ཚོགས་སོལ། །འདི་ནས་བཟུང་སྟེ་བསྐལ་མང་རྫོགས་སངས་བར། །ས་ལམ་བར་ཆད་བཟློག་ཅིང་བདེ་ཆེན་ཞིང་། །ཁྲིད་ཅིང་སྨོན་ལམ་དམ་བཅའ་མ་གཡེལ་ཅིག །འདི་ཕྱིའི་གཏན་འདུན་གང་བསམ་མྱུར་འགྲུབ་མཛོད། །རྣལ་འབྱོར་དབང་པོ་སྤྱོད་ལམ་དམན་པ་ཡིས། །ཚེ་གཅིག་ཡེ་ཤེས་མངོན་གྱུར་མ་ཐོབ་ཀྱང་། །འཆི་བའི་ཚེ་ན་བཅོམ་ལྡན་འཁོར་ལོ་སྡོམ། །རྒྱལ་རྣམས་ཡུམ་མཆོག་གནས་གསུམ་མཁའ་འགྲོའི་སྡེ། །དཔལ་ལྡན་ཕྱག་བཞི་མགོན་པོ་འཁོར་ཚོགས་ཀྱིས། །སྣ་ཚོགས་མཆོད་སྤྲིན་

p. 685

ནམ་མཁའི་མཐར་སོན་ཏེ། །ཐུགས་རྗེ་བྱིན་རླབས་གཟི་བྱིན་ཆེར་བསྐྱེད་ནས། །རྡོ་རྗེའི་གླུ་དང་རོལ་མོས་མདུན་བསུས་ནས། །བརྩེ་བས་རྗེས་བཟུང་ལྷ་ཚོགས་རྒྱབ་ནས་སྐྱོལ། །འོག་མིན་རྒྱལ་བའི་ཞིང་མཆོག་བདེ་བ་ཅན། །མེ་ཏོག་པདྨའི་སྦུབས་སུ་ལམ་སྣ་དྲོངས། །ནམ་ཡང་རིགས་དྲུག་མངལ་དུ་མ་བཏང་ཞིག །འོག་མིན་འཐུག་པོ་བཀོད་དང་མངོན་པར་དགའ། །ཞིང་མཆོག་བདེ་བ་ཅན་དུ་གནས་གྱུར་ཅིག །དུས་འདི་ནས་བཟུང་རྡོ་རྗེ་འཆང་གི་བར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ལམ་གྱི་མཆོག་གྱུར་འཁོར་ལོ་བདེ་མཆོག་གི །བསྙེན་སྒྲུབ་ཏིང་འཛིན་ཟབ་མོ་རྩ་རླུང་ཐིག །སྐད་ཅིག་ཙམ་ཡང་འབྲལ་མེད་ཉམས་ལེན་ཤོག །གནས་གསུམ་དཔའ་བོ་མཁའ་འགྲོས་རྟག་ཏུ་སྐྱོང་། །འདི་དོན་ཇི་བཞིན་སྨོན་ལམ་འཆད་ཙམ་གྱིས། །བསྟན་ཞབས་གཏེར་

p. 686

སྐྱོང་རྡོ་རྗེ་ཐེག་པ་ཡི། །མཛོད་འཆང་པདྨའི་ཟློས་གར་ད་ལྟ་དང་། །མ་འོངས་འབྱོན་པ་ལ་སོགས་ལུང་ཟིན་ཀུན། །གང་འདུལ་དེར་སྟོན་ཨོ་རྒྱན་སྤྲུལ་པའི་སྐུ། །བཀའ་བརྒྱུད་ཡ་བཞིའི་བསྟན་པའི་སྒྲོན་མེ་མཆོག །སྐྱེས་ཆེན་རྣམས་ཀྱི་མཛད་ཕྲིན་གེགས་མེད་ཤོག །དཔལ་ལྡན་འབའ་རོམ་བསྟན་འཛིན་སྐྱོ་བྲག་པའི། །བསྟན་པའི་རྒྱལ་མཚན་གོང་ནས་གོང་དུ་འཕེལ། །བཤད་སྒྲུབ་ཐོས་བསམ་སྒོམ་སྟོབས་སྨིན་ཞིང་རྒྱས། །ཕྱོགས་རྣམས་ཀུན་ཏུ་ཁྱབ་ཅིང་དར་བར་ཤོག །ཀུན་བཟང་འཇམ་དཔལ་སངས་རྒྱས་བྱང་ཆུབ་སེམས། །པདྨ་འབྱུང་གནས་གྲུབ་ཆེན་བརྒྱད་ཅུ་དང་། །སྔོན་བྱོན་ད་ལྟ་མ་འོངས་འབྱོན་རྣམས་ཀྱི། །ཐུགས་བསྐྱེད་སྨོན་ལམ་མཛད་སྟོབས་དེ་བཞིན་དུ། །བདག་གིས་དུས་གསུམ་དགེ་ཚོགས་བསགས་རྣམས་ཀུན། །བདག་གཞན་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྔོ། །བསྔོས་

p. 687

པས་འགྲོ་བ་མཁའ་ཁྱབ་སེམས་ཅན་རྣམས། །དཔལ་ཆེན་ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག །བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་། །བླ་མེད་རྡོ་རྗེ་ཐེག་པའི་བྱིན་རླབས་དང་། །ཟླ་བྲལ་དྲིན་ཅན་རྩ་བརྒྱུད་བླ་མ་དང་། །དབྱེར་མེད་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །བདེན་པ་གྲུབ་པའི་སྨོན་ལམ་བདེན་མཐུ་ཡིས། །སྨོན་ལམ་བཟང་པོའི་འབྲས་བུ་མྱུར་འགྲུབ་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །ཧེ་རུ་ཀ་ཡི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་དཔལ་ལྡན་རི་བོ་ཆེའི་བསྟན་པའི་རྒྱལ་མཚན་བསྒྲེང་བའི་སྐྱབས་མགོན་རྗེ་འཕགས་ཟུང་གི་གཟིམ་སྤྱིལ་དུ་གཏང་རག་ལོངས་སྤྱོད་ཟང་ཟིང་གི་དཔལ་འབྱོར་མཐའ་ཀླས་གནང་སྩོལ་སྐབས་འདི་ལྟར་དགོས་ཞེས་བཀའ་ཡི་མེ་ཏོག་སྤྱི་བོར་ཕེབས་པས་གསུང་ངོ་མ་ལྡོག་ཙམ་དང་། ལྷག་པར་གསར་མའི་བླ་མ་དཔལ་མཆོག་དང་

p. 688

ངག་དབང་བསྟན་པ་རྣམ་རྒྱལ་ཟུང་གིས་དེ་ལྟར་རྒྱུན་དུ་འཚོགས་པའི་ཞལ་འདོན་དང་། སྐལ་ལྡན་ཐམས་ཅད་ཀྱང་བདེ་ལྡན་ཞིང་བགྲོད་ཀྱི་སྨོན་ལམ་དགོས་ཞེས་པའི་བཀའ་ནན་ལྷ་རྫས་རབ་དཀར་ཤོག་བུ་བཅས་པའི་རྒྱུད་ནས་ཡང་ཡང་བསྐུལ་པ་ལ་བརྟེན་ནས་སྐྱོ་བྲག་དུང་སྤྲུལ་ཤྲཱི་བྷ་དྲའི་མིང་ཞེས་དཔལ་ཆེན་ཆེ་མཆོག་ཐུགས་ཀྱི་རྡོ་རྗེ་ཕྲིན་ལས་འདུས་པ་ལས་རབ་བདུད་འཇོམས་རྩལ་ལམ་ཀརྨ་མི་ཕམ་ཆོས་ཀྱི་དབང་པོ་རབ་ཏུ་དགའ་བའི་དཔལ་གྱིས་སྤྱི་འབྱམས་གདན་ས་འཁོར་ལོ་གསུམ་གྱི་གནས་མཆོག་དགོན་སར་དར་རྒྱས་གླིང་གི་མཁའ་འགྲོ་འདུ་གླིང་ནས་བྲིས་པས་ཇི་བཞིན་དོན་དང་ལྡན་པར་གྱུར་ཅིག །མངྒ་ལཾ། དགེའོ།། །།

རྡོ་རྗེ་ཕུབ་རྫོང་གི་སྲུང་འཁོར། རྒྭ་ལོ།

p. 689

རྡོ་རྗེ་ཕུབ་རྫོང་གི་སྲུང་འཁོར་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རང་སྲུང་རྡོ་རྗེ་ཕུབ་རྫོང་དང་། གཞན་སྲུང་མཚོན་ཆའི་དྲྭ་བ་གཉིས་ལས། དང་པོ་ནི་བདེ་མཆོག་ལྟར་དཀར་བགེགས་མཚམས་བཅད་སྲུང་འཁོར་སྐྱབས་འགྲོ་སེམས་བསྐྱེད་བྱ། བདེ་མཆོག་བདག་བསྐྱེད་བསྙེན་པ་ཕྲེང་སྐོར་ཙམ། ཐུན་བསྡུ། མགོན་པོའི་མཆོད་པ་བྱིན་གྱིས་བརླབས། དེ་ནས་བདག་བསྐྱེད་སྲུང་འཁོར་འདི་ལྟར་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ལཾ་ལས་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་སུཾ་ལས་རི་རབ། ཤར་ཀེ་ཀེ་རུ་ལས་གྲུབ་པ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་ཨིནྡྲ་ནི་ལ་ལས་གྲུབ་

p. 690

པ། རི་རབ་དེའི་ནང་དུ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་ལ་འཕང་མཐོ་བ་གཏིང་ཟབ་པའི་ནང་དུ་འདོད་ཆགས་ཀྱི་ཆུ་ཁོལ་བ། ཞེ་སྡང་གི་མེ་འབར་བ། གཏི་མུག་གི་མུན་པ་འཐིབ་པ། ཕྲག་དོག་གི་རླུང་འཚུབ་པ། ང་རྒྱལ་གྱི་བྲག་རི་ཉིལ་བ། གྲུ་གསུམ་དེ་ཡི་ནང་དུ་ནྲྀ་ཏྲི་ཛ་ཡོངས་སུ་གྱུར་པ་ལས་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་གསལ་བར་གྱུར། འདིར་བདེན་པ་ལན་གསུམ་བརྡར། མ་ཧཱ་ཀཱ་ལ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ དེའི་ཁ་ཆོད་དུ་བྷྲཱུྃ་ལས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གདན་ཐབས་སུ་ཡོད་པ། དེའི་ལྟེ་བར་བྷྲཱུྃ་སེར་པོ་ཡོངས་སུ་གྱུར་པ་ལས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྣོ་བའི་ངར་དང་ལྡན་པ་ཁོང་སྟོང་གུར་ཐབས་སུ་ཡོད་པ། དེའི་དབུས་སུ་པྃ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར། ཨཱཿལས་ཟླ་བ།

p. 691

རྃ་ལས་ཉི་མ། དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་དང་བྷྱོ་མཐིང་ནག་གཉིས། འཁོར་ལོའི་ནང་དུ་ཕྱོགས་མཚམས་བརྒྱད་དུ། པད་ཉི་རོ་གདན་བརྒྱད་ཀྱི་སྟེང་དུ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་བརྒྱད་དང་། དེ་རྣམས་ཀྱི་མདུན་དུ་བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ་མཐིང་ནག་བརྒྱད། དེ་ཡང་དབུས་ཀྱི་གཉིས་དང་། དེ་རྣམས་ལས་འོད་ཟེར་འཕྲོས་པས། དགྲ་བགེགས་ཐམས་ཅད་ཚར་བཅད་ཅིང་བསྲེགས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བླ་མ་ཧེ་རུ་ཀ་དང་མཁའ་འགྲོ་ཆོས་སྐྱོང་ལ་ཕོག །དེ་རྣམས་ཀྱི་ཡོན་ཏན་བཅུད་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་འདུས་ནས་ཡིག་འབྲུ་ལ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས་རལ་གྲི་དང་གྲི་གུག་རྣམས་སུ་གྱུར། དབུས་སུ་རང་ཉིད་དང་། ཕྱོགས་མཚམས་བརྒྱད་

p. 692

དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫིས་པ་ལ་ཐོད་སྐམ་དང་རིན་པོ་ཆེའི་རྩེ་བྲན་ལྔས་སྐྲ་མཚམས་སུ་སྤྲས་པ། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་རལ་གྲི། གཡོན་གཉིས་ཐོད་ཁྲག་དང་རྩེ་གསུམ་འཛིན་པ། མི་མགོ་རློན་པ་ལྔ་བཅུ་སེ་རལ་ཁར་ཁུར་བ། སྦྲུལ་རིགས་བཞིས་སྐུ་དང་ཡན་ལག་བརྒྱན་པ། རུས་པའི་རྒྱན་དྲུག་དང་རིན་ཆེན་སྣ་ཚོགས་པས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཞབས་གཉིས་འདོར་སྟབས་སུ་བཞུགས་པ། དེའི་སྤང་དུ་ཡུམ་ཙན་ཏི་ཀ་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ་ཡབ་ལ་འཁྱུད་པ། སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ནག་པོ་ཐུར་དུ་གྲོལ་བ་ཐོད་སྐམ་དང་རུས་པའི་རྒྱན་ཆ་ལྔ་དང་། གཟིག་གི་པགས་པའི་ཤམ་

p. 693

ཐབས་ཅན། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་སྦྱོར་བ། རང་ཉིད་ཀྱི་དབུ་ཐོག་ཏུ་པད་ཉི་དང་འཇིགས་བྱེད་དུས་མཚན་གྱི་སྟེང་དུ། ཧཱུྃ་ལས་བདེ་མཆོག་ལྷན་སྐྱེས་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་བཟུང་ནས་ཡུམ་ལ་སྦྱོར་བ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་དྲུག་དང་སྟག་ཤམ་ཅན་ཞབས་གཉིས་བརྐྱང་བསྐུམ་གྱིས་བཞུགས་པའོ། །ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ཐོད་སྐམ་དང་རུས་པས་བརྒྱན་པ། དབུ་སྐྲ་གྲོལ་བ་ཞབས་གཉིས་བརྐྱང་བསྐུམ་གྱིས་སྦྱོར་བ། མགོན་པོ་རྣམས་ཞལ་ནང་དུ་གྱུ་ནས་བསྲུང་བའི་ལས་མཛད་པར་གྱུར། འཁོར་ལོའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ། པད་ནག་ཉི་མ་ཟུར་གསུམ་རོ་ཡི་སྟེང་དུ། ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ།

p. 694

ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་བརྒྱད་ཡོངས་སུ་གྱུར་པ་ལས་ལས་མགོན་བྱ་རོག་གདོང་ཅན་བརྒྱད། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞལ་རྡོ་རྗེའི་བྱ་མཆུ་ཅན། སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བ། ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ། ཕྱག་གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ། སྦྲུལ་ནག་གིས་བརྒྱན་པ། སྟག་གི་ཤམ་ཐབས་དཀྲིས་པ། ཞབས་གཉིས་བསྐྱང་བསྐུམ་འདོར་སྟབས་ཀྱིས་བཞེངས་པའོ། །ལས་མགོན་རྣམས་ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་པར་གྱུར། དེའི་ཕྱི་རོལ་དུ་འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མགོ་བརྙན་འབྱུང་པོ་ས་ཡས་ཞལ་ཕྱིར་གཟིགས་ནས་བཟློག་པའི་སྒྲ་སྒྲོགས་པར་གྱུར། དེའི་ཕྱི་རོལ་དུ་ལྷ། གཤིན་རྗེ། མ་མོ། བདུད། བཙན། རྒྱལ་

p. 695

པོ། གནོད་སྦྱིན་ཀླུ་ལ་སོགས་སྡེ་བརྒྱད་ཀྱི་དམག་ཚོགས་ཐམས་ཅད་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ནས་བཟློག་པའི་ལས་མཛད་པར་གྱུར། ༧ རང་ཉིད་ཀྱི་སྙིང་དེ་མི་དམིགས་པ་ལས། ཐུགས་ཀར་ཤེལ་གྱི་མཆོད་རྟེན་དཀར་པོ་བང་རིམ་གསུམ་པ་བུམ་པ་བྲེ་བཅུ་གསུམ་འཁོར་ལོ་གདུགས་ཏོག་དང་བཅས་པ། བུམ་པའི་ནང་དུ་ཡེ་ཤེས་སེམས་དཔའ་བདེ་མཆོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་ཅན་གྱིས་འཁྱུད་པ། ཞབས་གཉིས་འདོར་སྟབས་ཀྱིས་བཞེངས་པ། དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་པའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་སེམས་ཉིད་ཧཱུྃ་མཐིང་ནག་ལས་འོད་ཟེར་ལྔ་འཕྲོས་པས། བསྲུང་བྱ་རྣམས་ཀྱི་མིང་གི་ཡི་གེ་དང་

p. 696

པོར་གྱུར། རང་དང་བསྲུང་བྱ་ཐམས་ཅད་ཀྱི་རྒྱབ་ཏུ་མ་ལྷ་སྐུ་མདོག་དཀར་མོ། ཕོ་གཡས་མོ་གཡོན་མདུན་དུ་ཟས་ནོར་རྒྱབ་ཏུ་བྲན་འཁོར། ཞབས་སུ་ཡུལ་ཞིང་བྲང་ཁང་། སྟེང་དུ་བླ་མ། མཆན། དར་དཀར་གྱི་ན་བཟའ་ཅན། དར་གྱི་ཐོད་བཅིང་བ། དངུལ་དཀར་གྱི་མེ་ལོང་འཛིན་པ། གཡས་སུ་ཞང་ལྷ་དུང་གི་ལྷ་གཡག །གཡུ་ཡི་ཞོལ་རྩིད་དུང་གི་རྨིག་པ་ཅན། དུང་གི་རྭ་ལ་ཤེལ་གྱི་ཁུ་འཕང་འབབ་པ། གཡོན་དུ་ཕོ་ལྷ་སྐུ་མདོག་དཀར་པོ་སྤྱང་དཀར་གྱི་ཐུལ་པ་གསོལ་བ། སྦ་དཀར་རྩེ་རྒྱས་འཛིན་པ། མདུན་དུ་ཚེ་ལྷ་མི་དཀར་རྟ་དཀར་ཅན་དར་མདུང་དཀར་པོ་འཛིན་པ། རྒྱབ་ཏུ་སྲོག་ལྷ་ལྕགས་ཀྱི་བྱ་ཁྲ་བདུན་འགྲོལ་བར་གྱུར། ཧཱུྃ་གི་མཐའ་གཡོན་བསྐོར་དུ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཉི་ཟླ་གའུ་ཡི་ཕྱི་ནས་ཨ་ལི་ཀ་ལིའི་ཡི་གེ་རྣམས་གྲུ་གུ་ལྟར་དཀྲིས་པ། ཨ་ཨཱཿསོགས། འོག་ཟླ་བའི་ཕྱི་ནས་

p. 697

གཡས་བསྐོར་དུ་འཁོར་བར་གྱུར། ཀ་ཁ་ག་སོགས། སྟེང་ཉི་མའི་ཕྱི་ནས་གཡོན་བསྐོར་དུ་འཁོར་བར་གྱུར། ༈ ལྷ་ཚོགས་དེ་ཐམས་ཅད་ཀྱི་ཕྱི་རོལ་དུ་ཐོད་རློན་གྱི་གུར་ཁང་། དེའི་ཕྱི་རོལ་དུ་ཐོད་པ་རྙེད་པའི་གུར་ཁང་། དེའི་ཕྱི་རོལ་དུ་ཐོད་སྐམ་གྱི་གུར་ཁང་། དེའི་ཕྱི་རོལ་དུ་རང་གི་ཐུགས་ཀྱི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གསེར་གྱི་རྡོ་རྗེའི་གུར་ཁང་། དེའི་ཕྱི་རོལ་དུ་ཧཱུྃ་ལས་གྲི་གུག་གི་གུར་ཁང་། དེའི་ཕྱི་རོལ་དུ་ཧཱུྃ་ལས་རལ་གྲིའི་གུར་ཁང་། དེའི་ཕྱི་རོལ་དུ་ཧཱུྃ་ལས་ཁ་ཊྭཱཾ་རྩེ་གསུམ་གྱི་གུར་ཁང་། དེའི་ཕྱི་རོལ་ཏུ་འཁོར་ལོ་མདའ་ལ་སོགས་པ་མཚོན་ཆ་སྣ་ཚོགས་པའི་གུར་ཁང་། དེའི་ཕྱི་རོལ་ཏུ་ཛྭ་ལ་རཾ་ལས་ཡེ་ཤེས་ཀྱི་མེ་དམར་ནག་གཡོན་དུ་འཁྱིལ་ཞིང་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་སྟོང་ཉིད་སྒྲ་ཡི་གུར་ཁང་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་བཟློག་པའི་སྒྲ་སྒྲོགས་པའི་གུར་ཁང་། མཚོན་

p. 698

ཆ་རྣམས་ཡུ་བ་ནང་དུ་བསྟན་པ། མར་དཀར་གྱི་ཞ་ལ་བྱས་པ་ལྟ་བུ་སོ་ཕྱིར་བསྟན་པ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྒོ་ངའི་དབྱིབས་ལྟ་བུ་སྲུབས་དང་གོ་སྐབས་མེད་པ། སྲ་ལ་བརྟན་པ། རྔམས་ལ་འཐུག་པ། རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གུར་ཁང་དུ་གྱུར། ཨོཾ་ཡེ་དྷརྨ་སོགས། ༈ རང་དང་ལྷ་ཚོགས་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས། རྡོ་རྗེ་གདན། ནཱ་ལེནྡྲ། བསིལ་བའི་ཚལ། དུར་ཁྲོད་བརྒྱད་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ། ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་འཁོར་བཅས། སྲུང་བའི་འཁོར་ལོ་དང་བཅས་པ་སྤྱན་དྲངས། ཤྲཱི་ཙཀྲ་སཾ་བྷ་ར་ཛྙཱ་ན་ནཱ་ཐ་མཎྜ་ལ་ཙཀྲ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿཛཿ ཨརྒྷཾ་སོགས་ཤབྡའི་བར་དང་། ཛཿཧཱུྃ་

p. 699

བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་མི་བསྐྱོད་པ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ཨཀྵོ་བྷྱ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿཛཿ ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག་དབང་བཞི་ཐོབ། ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་འཁོར་ལོ་བདེ་མཆོག །འཁོར་རྣམས་ལ་ཡེ་ཤེས་ཀྱི་མགོན་པོ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ལ་ལས་མགོན་རེ་རེས་དབུ་བརྒྱན་པར་གྱུར། སྐུ་གསུང་ཐུགས་བྱིན་རླབས་ཨོཾ་ཨཱཿཧཱུྃ་འདིར་བྱེད་པ་ཀུན་ལས་བཤད་པས་འབྲུ་གསུམ་བགྲང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་

p. 700

ཐ་ས་པཱ་རི་ཝ་ར་ཨརྒྷཾ་སོགས། འཇིགས་མཛད་སོགས། བཅོམ་ལྡན་འཁོར་ལོ་སྡོམ་པ་ཡི། །སོགས། ཨོཾ། འགྲུབ་པར་གྱུར་ཅིག་སོགས་བསྐང་བརྒྱད་བྱེད་ན། ༧ དེ་ནས་ཨོཾ་ཨཱཿཧཱུྃ་གིས་འབྲུ་གསུམ་བྱིན་རླབས་སུམ་བརྒྱ། དེ་ནས་སྔགས་ཀྱི་བཟླས་པ་ནི། ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་གི་མཐའ་བསྐོར་དུ་ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་ཅི་མང་བཟླས། ༧ དེ་ནས་སྲུང་བ་ནི། ཨོཾ་ཙནྡྷ་མ་ཧཱ་ཀཱ་ལ། གྷ་ན་པ་ཏི་ཡེ་ཧཱ་ན་བཛྲ་ན། ཡན་ཊ། མཎ་ཊ། དནྜ། སརྦ་བྷིག་པ། པ་ར་བྷིག་ནན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། བྷི་ཛུར་ན་ཡ། བྷི་ཛུར་ན་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀཾ་པ་ཡ་ཀཾ་པ་ཡ། བྷི་དན་ས་ཡ་བྷི་དན་ས་ཡ། ས་ཏ་ས་ཏ། པྲ་ཏ་པྲ་ཏ། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། རཾ་རཾ། ཡུཾ་ཡུཾ། བཾ་བཾ། ཙོཾ་མུཾ་རཾ། ཧ་ལུ་ཧ་ལུ། སརྦ་དུཥྚན་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་

p. 701

ལ་ཡ་ཧུྃ་ཧཱུྃ་ཕཊ། མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནི་རང་གཞན་སྲུང་བའོ། །སྔ་དྲོ་ཅི་མང་བཟླ། ༈ རང་དང་རྩིབས་བརྒྱད་ཀྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྲུལ་པ་དང་ཡང་སྤྲུལ་ལྷ་མ་སྲིན་སྡེ་བརྒྱད་སྒོ་མ་བཞི་ལ་སོགས་པ་འཕྲོས་པས། རང་དང་བསྲུང་བྱ་ཐམས་ཅད་ཀྱི་ཚེ་སྲོག་ངོ་བོ་མིང་ཡིག་ནྲི་དང་བཅས་པ། རྒྱ་མཚོའི་གླིང་བར། རི་རབ་བརྩེགས་མར། སྤྲིན་གྱི་གོ་བར། ཉི་ཟླའི་ཐེམ་བར། འཆི་བདག་གཤིན་རྗེའི་ལག་གར་ཡོད་ཀྱང་རང་དབང་མེད་པར་བླངས་ནས་རང་དང་བསྲུང་བྱའི་ཐུགས་ཀར་ཐིམ་པར་གྱུར། དེས་ཚེ་དང་བསོད་ནམས་རྒྱས་པར་བསམ། ཡང་འོད་ཟེར་ཕར་འཕྲོས་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་ཐམས་ཅད་ཀྱི་བྱིན་རླབས་ལྷ་མིའི་བཅུད་བསོད་ནམས་ཐམས་ཅད་བཀུག་ནས་རང་གི་ཐུགས་ཀར་ཐིམ་པར་གྱུར། ངག་ཏུ། ཧཱུྃ་བྷྲཱུྃ། བརྗོད་གསུངས་པ་

p. 702

ལགས། ༈ རང་ཡེ་ཤེས་མགོན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ནག་ལ་རྩུབ་པ་འཕྲོས་པས་ལས་མགོན་བརྒྱད། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ལ་ཕོག་པས། དེ་རྣམས་ཁྲོས་འཁྲུག་ནས་དགྲ་བགེགས་གནོད་བྱེད་ཐམས་ཅད་བཀུག་ནས་འཁོར་ལོ་ལ་བརྒྱབས་པས་གྲི་གུག་གཡོན་དུ་འཁོར། རལ་གྲི་གཡས་སུ་འཁོར། ཁ་ཊྭཱཾ་གཡོན་དུ་འཁོར། མཚོན་ཆ་སྣ་ཚོགས་གཡས་སུ་འཁོར་ནས་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་དང་བཅས་པ་དམར་ཐ་ར་ར་སོང་ནས་ལྷག་མ་རྡུལ་ཕྲན་ཙམ་ཡང་མེད་པར་བསམ། སླར་གཞན་ཡང་རྦོད་གཏོང་དང་བྱད་ཁ་ཁྲམ་ཁ་མཐུ་ནུས་པ་ཐམས་ཅད་ཁོ་རང་ལ་བཟློག་པར་བསམ། ཟློག་སྔགས་འདོན། བཟློག་པ་ལགས། ༧ དེ་ནས་ཟློག་པ་ནི། མཚོན་ཆའི་འཁོར་ལོ་རྣམས་གཡོན་དུ་འཁོར་བས་བྱད་མ་གནོད་བྱེད་རྣམས་ལ་བརྒྱབ་པས་ལུས་སྲོག་

p. 703

དམར་ཐ་ར་ར་སོང་ནས། མཐར་རྡུལ་ཕྲན་ཙམ་མེད་པར་བསམ་ལ་སྔགས་འདི་བཟླ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་དྷེ་ཝི་ཀ་ཁ་མུ་ཁ་པ་ར་བྷི་དན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། གྱེར་རྩེ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་ཟློག་ཟློག །དུན་རྩེ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་ཟློག་ཟློག །ཏིར་ཏི་ཀ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་ཟློག་ཟློག །མ་མ་རཀྵ་ཟློག་ཟློག །ཀི་ལ་ཡ་དུན་ཏི་ཟློག་ཟློག །ཡཀྴ་རཀྴ་ཟློག་ཟློག །ཙན་དྷ་རཀྴ་ཟློག་ཟློག །ནཱ་ག་རཀྴ་ཟློག་ཟློག །དྷེ་ཝ་རུ་ཏྲི་ཟློག་ཟློག །ཙ་ཏུར་པྲ་མ་ཟློག་ཟློག །རྣ་ཐ་རྒ་ཤ་ཟློག་ཟློག །མ་ཧཱ་རཀྴ་དུན་ཏྲི་ཟློག་ཟློག །ཧྲི་ཏྲིང་རཀྴ་ཟློག་ཟློག །བྷུ་ཏ་པ་རིས་ཁྲམ་ཁ་ཐམས་ཅད་ཟློག་ཟློག །འདི་ཕྱི་དྲོ་བཟླ། དམིགས་པ་ནི་རང་མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཇིག་རྟེན་གྱི་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་ལ་ཕོག་པར་བསམ་ལ་སྐབས་སྐབས་སུ། དྷེ་ཝ་རུ་ཏྲ་ཙ་ནི། ཨེ་ཀ་ཙ་ནི། ཨེ་ཀ་ཙ་ཏི། ར་ཙ་དུ་ཏི། ཡ་

p. 704

མ་ར་ཙ། ཏྲིའུ་ཏྲིའུ། ནཱ་ག་པ་ལ་བྱད་མ་དམ་ཉམས་ཨཱ་ཀརྴ་ཡ་ཛ་ཛཿ ཞེས་བརྗོད། དེ་ནས་ལས་ལས་སྐྱེས་པས་གཞན་ཡང་རྦོད་སྟོང་དང་བྱད་ཁ་ཁྲམ་ཁ་མཐུ་ནུས་པ་ཐམས་ཅད་ཁོ་རང་ལ་ཕོག་པར་བསམ་མོ། །ཐལ་མོ་བརྡབ། བསྐང་བཤགས་ཡང་ཡང་བྱ། མ་ཉེས་པའི་གཟུ་དཔང་དང་བདེན་པ་བརྡར་རོ། །གྲུབ་པར་གྱུར་ཅིག །མངྒ་ལཾ། །༧ ཧཱུྃ། དུས་གསུམ་སངས་རྒྱས་བསྟན་པ་ནི། །སྤྱི་བོའི་གཙུག་ཏུ་ཁུར་མཛད་ཅིང་། །དམ་ཉམས་བསྟན་ལ་སྡང་བ་རྣམས། །མྱུར་དུ་སྒྲོལ་ཞིང་ཚར་གཅོད་པའི། །བྱ་རོག་མིང་ཅན་སྟོབས་པོ་ཆེ། །བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད། །འདི་རྒྱལ་ཆེན་སྡེ་བཞིས་བསྟོད། ༧ ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་བོས་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་རྒྱན་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རྒྭ་ལོས་བསྟོད་པའོ། །མངྒ་ལཾ། དགེའོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཞལ་ཡས་ཁང་བསྐྱེད།

p. 705

༓དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཞལ་ཡས་ཁང་བསྐྱེད་བཞུགས་སོ། །ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའ་མཐིང་ནག་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་མེ་དཔུང་ཆེན་པོ་རབ་ཏུ་འབར་བ། དེའི་སྟེང་དུ་བཾ་ལས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྱིལ་ཅིང་འཁྲུགས་པ་ལས་མི་རོ་དང་རྟ་རོ་སྣས་འཕྱོ་བ། དེའི་སྟེང་དུ་ལཾ་ལས་ཤ་ཆེན་གྱི་

p. 706

ས་གཞིའི་སྟེང་དུ་རོ་རུལ་བ་དང་མ་རུལ་བ་དང་། ཐོད་པ་ལ་བྱ་གཅན་མང་པོ་ལྡིང་བ། གཅན་གཟན་མང་པོ་རྒྱུག་འགྲིལ་བྱེད་པ། ལྷ་སྲིན་སྡེ་བརྒྱད་དང་ཞིང་སྐྱོང་དང་། མ་མོའི་ཚོགས་ཀྱིས་ཀི་སྒྲ་དང་བསྭ་སྒྲ་སྒྲོགས་པ། དེའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕྱི་རིན་པོ་ཆེ་སྣ་ཚོགས་ལ་ནང་ཐོད་མཁར་གྲུ་བཞི་པ། ཤར་དྲི་ཟའི་ཐོད་པ་སྐམ་རློན་གྱི་བརྩེགས་པ། ལྷོར་གཤིན་རྗེའི་ཐོད་པ་སྐམ་རློན་གྱི་བརྩེགས་པ། ནུབ་ཏུ་གྲུལ་བུམ་གྱི་ཐོད་པ་སྐམ་རློན་གྱི་བརྩེགས་པ། བྱང་དུ་གནོད་སྦྱིན་གྱི་ཐོད་པ་སྐམ་རློན་གྱི་བརྩེགས་པ། སྲ་བརྟན་གནམ་ལྕགས་འབར་བའི་འཛེར་གྱིས་བསྡམས་པ། ཁྲོ་ཆུ་ཁོལ་མའི་སྤྱིན་གྱིས་སྦྱར་བ། མིའི་ཀླད་པ་དང་མི་ཁྲག་དང་། རྟ་ཁྲག་གི་ཞ་ལ་བྱས་པ། ལོགས་བཞི་ལ་མེ་

p. 707

འབར་བ། ཟུར་བཞི་ལ་དུད་པ་འཐུལ་བ། ལྷ་ཆེན་པོ་བརྒྱད་ཀྱིས་ཀ་བ་བྱས་པ། ཉི་ཟླ་གཉིས་ཀྱིས་ཀ་ཞུ་བྱས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་ཀ་གདན་བྱས་པ། གཟའ་ཆེན་པོ་བརྒྱད་ཀྱིས་གདུང་མ་བྲིས་པ། གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་ཀ་རྒྱན་བྱས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་གྲལ་གྲབ་བྱས་པ། ཁྱུང་ནག་གིས་ཡ་ཐེམ་བྱས་པ། སྦྲུལ་ནག་གིས་མ་ཐེམ་བྱས་པ། འབྲུག་དང་ཆུ་སྲིན་གྱིས་སྒོའི་སྐྱེས་བུ་གཡས་གཡོན་བྱས་པ། ལྷ་མ་ཡིན་ཀུན་རྡ་ལའི་སོགས་སྒོ་ལེབ་བྱས་པ། ཞིང་ཆེན་གྱི་བླ་བྲེ་བྲིས་པ། ཞིང་ཆུང་གི་འཕན་གདུགས་བྱས་པ། རྒྱུ་མའི་ཅོད་པན་འཕུར་བ། ཙིཏྟའི་ཕོ་ལོང་གིས་བརྒྱན་པ། ཤ་ཆེན་གྱི་ནག་ལེབ་བྱས་པ། གསུར་ཆེན་གྱི་དུད་སྤྲིན་འཁྲིག་པ། ཞེ་སྡང་གི་མེ་འབར་བ། ང་རྒྱལ་གྱི་བྲག་ཉིལ་བ། འདོད་ཆགས་ཀྱི་ཆུ་འབྲུབ་པ། གཏི་མུག་གི་མུན་པ་འཐིབ་

p. 708

པ། ཕྲག་དོག་གི་རླུང་འཚུབ་པ། དེའི་སྟེང་གི་ནམ་མཁའ་ལ་སྤྲིན་ནག་པོ་འུར་སྒྲ་དང་བཅས་པའི་གསེབ་ནས་གནམ་ལྕགས་རལ་གྲི་འཁོར་ལོ་སྐྱི་ཚ་བའི་ཆར་འབེབ་པ། བར་སྣང་གཏུམ་དྲག་གི་འབྲུག་སྒྲ་སྒྲོགས་ཤིང་གྲི་གུག་མཚོན་ཆའི་གློག་འཁྱུག་པ། ས་གཞི་ལྕགས་བསྲེག་གི་འཁོར་ལོ་ལ་མེ་འབར་བ། ཤིན་ཏུ་འཇིགས་ཤིང་ཡ་ང་བ། དེའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རབ་ཏུ་འབར་བའི་ནང་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས། གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་གསལ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སོགས་འགུགས་གཞུག་ལན་གསུམ་མཚམས། དེའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་

p. 709

མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་གྲི་གུག་ཡུ་བ་ཧཱུྃ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཆར་སྤྲིན་ནག་པོའི་སྐུ་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་འབུར་ཚུགས་སུ་གཟིགས་པ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། ལྗགས་རྣམ་པར་བསྐྱོད་པའི་ཞལ་ནས་ཧ་ཧ་དང་ཧཱུྃ་ཧཱུྃ་གིས་གད་རྒྱངས་སྒྲོགས་པ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་མེ་ལྟར་འབར་བ། ཕྱག་བཞི་གཡས་ཀྱི་དང་པོ་ན་གྲི་གུག་སྔོན་པོ་རྣོ་དབལ་ཅན་རྡོ་རྗེའི་ཡུ་བ་ཅན་འཛིན་པ། གཡོན་གྱི་དང་པོ་ན་ཐོད་པ་དུག་ཁྲག་གིས་གང་བ་ལྟེ་འོག་ཏུ་འཛིན་པ། གཡས་འོག་མས་རྡོ་རྗེ་རལ་གྲི་མེ་འབར་བ་སྣུན་པའི་ཚུལ་དུ་འཛིན་པ། གཡོན་འོག་

p. 710

མས་ཏྲི་ཤུ་ལ་དར་དཔྱང་གིས་བརྒྱན་པ་ཕྱར་སྟབས་སུ་འཛིན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། དར་དང་རིན་པོ་ཆེ་དང་རུས་པ་དང་སྦྲུལ་དང་དྲིལ་བུ་གཡེར་ཁའི་ཕྲེང་བས་བརྒྱན་ཅིང་སྟག་ལྤགས་གསར་པ་ཁྲག་དང་བཅས་པའི་ཤམ་ཐབས་ཀྱིས་སྐུ་སྨད་གཡོགས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རི་དམར་ནག་མེ་ལྕེ་ཐུར་དུ་འཁྱིལ་བ། ཞིང་ཆེན་བསྣོལ་བའི་གདན་ལ་ཞབས་གཉིས་གྱད་ཀྱི་འདུག་སྟངས་ཀྱིས་བཞུགས་པའོ། །དེའི་གཡས་སུ་ཧཱུྃ་ལས་ལས་མགོན་བྱ་རོག་གདོང་ཅན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐོགས་པ་ལ་ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། གཡོན་དུ་བྷྱོ་ལས་ཡུམ་རྩ་འཇིབ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་རལ་གྲི་དང་ཏྲི་ཤུ་ལ། གཡོན་གཉིས་ན་མདའ་གཞུ་དང་

p. 711

མི་མགོ་འཛིན་པ་ལ་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མདུན་དུ་ཧཱུྃ་ལས་ཤ་ཟ་སེང་གེའི་གདོང་པ་ཅན་ནག་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་ཁྲག་ཐོགས་པ་ལ་ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཧཱུྃ་ལས་ལེགས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་ཙནྡན་གྱི་བེང་བསྣམས་པའི་སྟོད་སྨད་བར་གསུམ་ནས་ལྷ་བཙན་བདུད་ཀྱི་དམག་འགྱེད་ཅིང་དར་གྱི་བེར་ནག་སྐུ་ལ་གསོལ་བ། ཞབས་གཉིས་བརྐྱང་བསྐུམ་གྱིས་དགྲ་བགེགས་མནན་པ། དེ་ལ་མགོན་པོ་འབུམ་གྱི་ཚོགས་ཀྱིས་བསྐོར་བའོ། །ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི་གདོང་པ་ཅན། ལྷོར་འུག་པའི་གདོང༴ ཤར་ལྷོར་ཕག་གི་གདོང༴ ལྷོ་ནུབ་ཏུ་ཁྱིའི་གདོང༴ ནུབ་བྱང་དུ་སྤྱང་ཀིའི་གདོང༴ བྱང་ཤར་དུ་སྟག་གི་གདོང་པ་ཅན། བརྒྱད་ཀའང་

p. 712

གཅེར་བུ་སྐྲ་གྲོལ་བ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། འཁོར་ཐམས་ཅད་བཞེངས་ནས་སྟངས་སྟབས་སྣ་ཚོགས་ཀྱིས་བཞུགས་པའོ། །སྟེང་ནམ་མཁའ་ལ་བྱ་ཤ་ཟན། འོག་ས་གཞི་ལ་གཅན་གཟན་ཁྲག་འཐུང་། ནམ་མཁའ་ལྷ་དམག་གིས་གང་བ། བར་སྣང་གཉན་དམག་གིས་གང་བ། ས་གཞི་ཀླུ་དམག་གིས་གང་བར་གྱུར། གཙོ་འཁོར་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས། རྡོ་རྗེ་གདན། བི་ཀྲ་མ་ལ། ཤྲཱི་ནཱ་ལེནྡྲ། མ་ལ་ཡ། བསིལ་བའི་ཚལ། དུར་ཁྲོད་ཆེན་པོ་བརྒྱད་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་ཤ་ཟ་འབུམ། ཐུགས་འཁོར་མ་མོ་བྱེ་བ། གནོད་སྦྱིན་

p. 713

ཁྲི་ལ་སོགས་པ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་དགྲ་བསྒྲལ་བའི་སླད་དུ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿཛཿ ༓

བདེ་མཆོག་མགོན་པོ་དང་བཀའ་སྲུང་རྣམས་ཀྱི་བསྐང་ཐུང་རིན་ཆེན་ཕྲེང་བ།

p. 714
p. 715

བདེ་མཆོག་མགོན་པོ་དང་བཀའ་སྲུང་རྣམས་ཀྱི་བསྐང་ཐུང་རིན་ཆེན་ཕྲེང་བ་བཞུགས་སོ། ༈ །ད་ནི་རྣལ་འབྱོར་པ་ཆག་ཆེ་ཞིང་ཕྱི་ནང་གི་རྐྱེན་ཆག་སློངས་སྐབས་ཉམས་ཆག་བསྐང་བའི་ཕྱིར། བསྐང་བ་རྒྱུན་དུ་བྱ་བར་འདོད་ན། གཏོར་མ་ཕུན་སུམ་ཚོགས་པ་ཉེར་སྤྱོད་སྤྱན་གཟིགས་སྣ་ཚོགས་བཅས་བཤམས་ནས། ཨོཾ་སྭ་བྷཱ་ཝས་སྦྱང་། ཨ་ལས་ཀ་པཱ་ལ་ཡི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད་ནས་འདི་སྐད་དོ། །སྦྱངས་རྟོགས་འོད་འབར་བར་བྱས་ཏེ། དྲི་རོ་ཕུན་སུམ་ཚོགས་པ་གཟི་བརྗིད་མཐའ་ཡས་པར་གྱུར། ཨོཾ་ཨ་ཀཱ་རོ་

p. 716

སོགས་ལན་གསུམ་བརྗོད། སྐད་ཅིག་གིས་བདག་སོགས་ཉོན་མོངས་པ་དང་། མ་གུས་པ་དང་། མ་ཤེས་པ་དང་། བག་མ་མཆིས་པ་རྣམས་ཀྱིས་རྒྱུད་མ་རུངས་པ། འདུལ་དཀའ་བ་རྣམས་ཀྱི་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་གང་མཆིས་བཤགས་ནས་ཕྱིན་ཆད་སྒྲིབ་པར་མི་འགྱུར་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་དང་། ནག་པོ་ཆེན་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མ་ཛཿ ཕྱག་འཚལ་བ་དང་སོགས། ཨརྒྷཾ་ནས་ཤབྡའི་བར་བརྗོད། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས༴ དག་པ་འཕྲུལ་གྱི་གཞལ་ཡས་ནས། །མ་དང་མཁའ་འགྲོ༴ བླ་མ་ཡི་དམ་མཁའ་འགྲོ་ཡིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་

p. 717

བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་སྣ་ཚོགས་དང་། །ནང་གི་མཆོད་པ་རྒྱ་ཆེན་དང་། །གསང་བའི་མཆོད་པ་དམ་པ་དང་། །ཡང་དག་དོན་གྱི་མཆོད་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་ཐུགས་དམ་བསྐང་། །དངོས་པོ་ཆོས་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ༴ སྐྱེ་བ་མེད་པའི་མཁའ་ལ༴ འགགས་པ་མེད་པའི་དབྱིངས་སུ་༴ སྐྱེ་འགགས་གཉིས་མེད་ཀློང་དུ་༴ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི༴ དཔའ་བོ་མཁའ་འགྲོ་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ནོར་ལྷ་གཏེར་བདག་རྣམས་

p. 718

ཀྱི༴ ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ཀྱི༴ ཡུལ་ལྷ་གཞི་བདག་རྣམས༴ ཐུགས་དམ་བསྐང་ལ་ཚངས་པའི་དངོས་གྲུབ་སྩོལ། །༈ བདེ་མཆོག་བསྐང་བ་ནི། ཧཱུྃ། མེ་དང་མཚོན་ཆ་འབར་བའི་དཀྱིལ་འཁོར་ནས། །དྲག་ཤུལ་གཏུམ་དྲག་དུར་ཁྲོད་ཆེན་པོའི་དབུས། །ཡེ་ཤེས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །འཁོར་ལོ་བདེ་མཆོག་ཁྲག་འཐུང་འབར་བའི་སྐུ། །དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ། །འབྱུང་བཞི་གནས་འགྱུར་ཡེ་ཤེས་མཁའ་འགྲོ་མ། །སྐུ་གསུང་ཐུགས་ཀྱི་དཔའ་བོ་ཉི་ཤུ་བཞི། །དགྱེས་འཁྲིལ་དཔའ་མོ་ཉི་ཤུ་རྩ་བཞི་དང་། །བདུད་འདུལ་ཕྲ་མེན་སྒོ་མཚམས་མ་མོ་བརྒྱད། །དུར་ཁྲོད་སྐྱོང་བའི་ཕྱོགས་སྐྱོང་ཞིང་སྐྱོང་དང་། །རྒྱུད་སྲུང་མཁའ་འགྲོའི་ཚོགས་དང་བཅས་པ་ལ། །དུག་ལྔ་མ་སྤངས་ཡེ་ཤེས་ལྔ་ཡི་དངོས། །རྣམ་རྟོག་སྤོང་བྱེད་ཤ་ལྔ་བདུད་རྩི་ལྔ། །དབང་པོ་ཚིམ་བྱེད་འདོད་

p. 719

ཡོན་རྣམ་ལྔར་བཅས། །ཚོགས་དང་གཏོར་མ་རྒྱ་ཆེན་མཆོད་པ་འདིས། །བཅོམ་ལྡན་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི། །ཐུགས་དམ་བདེ་སྟོང་དབྱིངས་ནས་བསྐང་མཛོད་ལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོངས་མཛོད་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །༈ དེ་ནས་དཔལ་ཡེ་ཤེས་མགོན་པོའི་བསྐང་བ་ནི། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །བདེ་མཆོག་ཐུགས་ཀྱི་སྤྲུལ་པ་སྟེ། །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །སྤྱན་གསུམ་དྲག་པོའི་མཆེ་བ་གཙིགས། །གཡས་པས་ཤིང་ཐོག་རལ་གྲི་བསྣམས། །གཡོན་པས་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །ཐོད་སྦྲུལ་རྒྱན་ལྡན་སྟག་ཤམ་ཅན། །བྱ་རོག་མིང་ཅན་ཐུགས་དམ་བསྐང་། །སྤྲུལ་པ་གསུམ་དང་མ་མོ་དྲུག །མཁའ་འགྲོ་བརྒྱད་དང་གདོང་ཅན་དགུ། །དམག་དཔོན་བརྒྱད་དང་ཕྱོགས་སྐྱོང་བཅུ། །ནག་པོ་སྟོང་དང་

p. 720

ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཉམས་ཆག་བསྐང་ལ་གནོད་བྱེད་དགྲ་བགེགས་སྒྲོལ། །ཧཱུྃ། གཡག་ལུག་ཙ་ར་བྱ་རྟ་ཁྱི་ནག་དང་། །ཕྱག་མཚན་ཙིཏྟ་རྟེན་རྫས་འབྲུ་སྨན་དང་། །ཤ་ཁྲག་བདུད་རྩི་གཏོར་མ་འདོད་ཡོན་ཚོགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །འདོད་པའི་གཟུགས་སྒྲ་རྣམ་དག་རྡོ་རྗེའི་ཡུམ། །ཁམས་ཀྱི་དྲི་རོ་རྣམ་དག་ཞི་བའི་དབྱིངས། །ས་ཡི་རེག་བྱ་ཆོས་ཁམས་རྣམ་དག་པའི། །བདུད་རྩི་འོད་ཟེར་འབར་བའི་མཆོད་པ་བཞེས། །བདག་རྒྱུད་ཉེས་པ་གང་མཆིས་མཐོལ་ལོ་བཤགས། །ཕྱིན་ཆད་མི་སྒྲིབ་སྡོམ་པ་སླར་ཡང་ལེན། །སྔོན་ཆད་སྡིག་པའི་ལས་ལ་འགྱོད་པར་བགྱི། །འདི་ཕྱི་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །བསྐང་ངོ་རྩ་བརྒྱུད་བླ་

p. 721

མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་བསྐང་ལ་ཉམས་ཆག་སོར་ཆུད་མཛོད། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་སུ་གསོལ། །ནག་པོ་ཆེན་པོ་ཡུམ་གཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་གཅིག་རྩ་འཇིབ་མ། །སྤྲུལ་པ་ལས་མགོན་ཆེན་པོ་བྱ་རོག་གདོང་། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་མ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་དང་བཅས། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱི། །ཐུགས་རྗེ་ཆེན་པོས་དགོངས་ཤིག་བཅོམ་ལྡན་གྱི། །བཀའ་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་སྐོངས། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེན་ཉམས་ང་བཟློག་ཏུ་

p. 722

གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །༈ ཞིང་སྐྱོང་བསྐང་བ་བཞུགས་སོ། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཆོས་སྐྱོང་མགོན་པོ་སེང་གེའི་གདོང་། །དཔའ་བོ་དར་ནག་འཇོལ་བེར་ཅན། །ལས་མཛད་ནག་པོ་གཟི་མདངས་ཅན། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གསང་སྔགས་རྒྱུད་ཀྱི་བཀའ་གཉེར་མཛོད། །ཁྱེད་ཀྱི་འཁོར་ནི་མི་བསྲུན་པ། །སྲིན་མོ་དམར་མོ་ཁྲག་རལ་ཅན། །ལས་མཁན་བམ་རོ་ཕོ་མོ་དང་། །ཤན་པ་སྡེ་བརྒྱད་འཁོར་གྱིས་བསྐོར། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་དང་། །མཐིང་ནག་དར་གྱི་རྒྱལ་མཚན་དང་། །མདའ་མདུང་རལ་གྲི་རྩེ་གསུམ་དང་། །དམར་ཆེན་ཙིཏྟའི་ཕྲེང་བ་དང་། །བྱ་ནག་མི་ནག་རྟ་ནག་དང་། །དྲེལ་ནག་གཡག་ནག་ལུག་ནག་དང་། །ཁྱི་ནག་དོམ་བུ་སྦལ་

p. 723

སྦྲུལ་དང་། །བཤོས་བུ་ནམ་མཁའ་ནག་པོ་སོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །དགྱེས་པའི་མཐུན་རྫས་སྣ་ཚོགས་ཀྱིས། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བདག་གིས་ཁྱོད་ལ་འདི་གསོལ་གྱི། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བཀའ་དང་བསྟན་པ་སྲུང་དུ་གསོལ། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་ལོངས་སྤྱོད་སྤེལ་དུ་གསོལ། །བདུད་དང་བར་ཆད་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་བསྒྲུབ་ཏུ་གསོལ། །དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ། ཞིང་སྐྱོང་སེང་གདོང་ཡབ་ཡུམ་དང་། །བཀའ་ཉན་དྲག་པོའི་ཚོགས་བཅས་རྣམས། །རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ། །ཁྱོད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན། །བདག་ནི་མ་རིག་དབང་གྱུར་ལུས་ངག་སེམས། །མཆོད་པའི་དམ་

p. 724

རྫས་མ་ཚོགས་གཏོར་མ་ལ། །རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས་པ་དང་། །དམ་རྫས་མ་ཚང་བསྙེན་སྒྲུབ་གཡེལ་བ་དང་། །དུས་ཀྱི་གཏོར་མ་ཆགས་ཤིང་གཡེལ་བ་སོགས། །ཁྱོད་ཀྱི་ཐུགས་དང་འགལ་བའི་ཉེས་པ་རྣམས། །ནོངས་པ་ཅི་མཆིས་ཐམས་ཅད་བཟོད་པར་གསོལ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་ཏྭ་ཧཱུྃ་ཨཱཿ ཡིག་བརྒྱ་བརྗོད། ༈ རྡོ་རྗེ་གུར་གྱི་བསྐང་བ་ནི། ཧཱུྃ། ནག་པོ་ཆེན་པོ་ལྷ་ཡི་གཙོ། །མ་མོ་མཁའ་འགྲོ་འབུམ་གྱིས་བསྐོར། །ཤིན་ཏུ་འཇིགས་པའི་སྐུར་སྟོན་པ། །ལྟོ་འགྲོའི་རིགས་ཀྱིས་ཡན་ལག་བརྒྱན། །དབུ་སྐྲ་ཁམ་ནག་གྱེན་དུ་འབར། །སྟེང་གི་ལྷ་རྣམས་འདར་ཞིང་འདུ། །ལྗགས་འདྲིལ་དྲག་པོའི་གློག་སྟོང་འཁྱུག །སྟོང་གསུམ་འོད་ཀྱིས་འགེང་བྱེད་ཅིང་། །མཆེ་བ་རྣོན་པོས་དམ་ཉམས་སྙིང་ལ་གཟེར། །གུར་གྱི་མགོན་པོ་འཁོར་བཅས་ཐུགས་

p. 725

དམ་བསྐང་། །ཧཱུྃ། གཡག་ལུག་ཙ་ར་བྱ་གཅན་དང་། །འབྲུ་སྨན་མེ་ཏོག་གསང་བའི་རྫས། །ཤ་ཁྲག་བདུད་རྩི་གཏོར་མའི་ཚོགས་འདི་ཡིས། །ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །༈ དཔལ་ལྡན་ལྷ་མོའི་བསྐང་བ་ནི། བྷྱོ། མེ་རི་དམར་ནག་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །རལ་པའི་ཅོད་པན་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཡས་རལ་གྲི་དང་ནི་ཐོད་ཁྲག་བསྣམས། །གཡོན་པས་ཤཀྟི་དང་ནི་རྩེ་གསུམ་འཛིན། །དུར་ཁྲོད་བརྒྱད་དང་ཐོད་སྦྲུལ་རེ་ལྡེས་སྤྲས། །བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་ཉུལ། །སྒྲུབ་མཆོག་རྣམས་ལ་བུ་བཞིན་སྐྱོང་མཛད་ཡུམ། །ལྷ་མོ་དུད་སོལ་མ་ཡི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས༴ ཐུགས་དམ་རྒྱུད་བསྐུལ་གནོད་བྱེད་ཐུལ། །ཧཱུྃ། མཁའ་ལྡིང་ཤེལ་སྒོང་ཙ་ར་

p. 726

ཞུན་ཆེན་མདངས། །ཤ་ཁྲག་བདུད་རྩི་གཏོར་མའི་ཚོགས་མཆོད་འདིས། །ཡེ་ཤེས་མ་མོ་རྣམས་ཀྱི་ཐུགས༴ ཧཱུྃ། ཐུགས་དམ་བསྐང་བའི་མཐུ་སྟོབས་ཀྱིས། །སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །གསང་སྔགས་ཐེག་ལ་བརྙས་པ་དང་། །སྒྲུབ་པ་པོ་ལ་བསྡོ་བ་དང་། །སེམས་ཅན་ཡོངས་ལ་འཚེ་བ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་སྔགས་འཆང་རང་བྱུང་རྡོ་རྗེས་མཛད་པའོ། །༈ གཟའ་ཡི་བསྐང་བ་ནི། ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུས་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་

p. 727

སྲོང་འཁོར་བཅས་ཐུགས་དམ་བསྐང་། །བསྐང་ནས་ཕྲིན་ལས་འགྲུབ་པར་མཛོད། །༈ དམ་ཅན་བསྐང་བ་ནི། ཧཱུྃ། དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །མཁར་ཐབ་བཤོས་བུ་ར་ཡིས་མཚན། །ཤ་ཁྲག་དམར་གཏོར་རཀྟ་དང་། །མཾ་ས་ར་ཡི་གསུར་ཆེན་དང་། །སྙུག་རྒོད་ཁྲབ་བྱང་རྔ་ཁྲ་དང་། །སྟག་རས་གཟིག་རས་དར་སྣ་དང་། །མཛེས་པའི་གླུ་གར་རོལ་མོའི་དབྱངས། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །༈ ཇག་མེའི་བསྐང་བ་ནི། དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང་བ་ནི། །མཐུན་པའི་རྫས་རྣམས་ཚང་བར་བཤམས་པ་འདིས། །འཁོར་བཅས་དགྱེས་པ་མཆོག་ཏུ་བསྐང་གྱུར་ཏེ། །དངོས་གྲུབ་མ་ལུས་དགྱེས་ཤིང་སྩལ་དུ་གསོལ། །ཁྱེད་ཀྱི་ཐུགས་དང་

p. 728

འགལ་བའི་ཉེས་པ་འདི། །བཟོད་པར་བཞེས་ཤིག་དམ་ཅན་སྲུང་མའི་ཚོགས། །ཞི་རྒྱས་དབང་དྲག་བཅོལ་བའི་ཕྲིན་ལས་རྣམས། །རྣལ་འབྱོར་བདག་གི་ཡིད་ལ་གང་འདོད་པ། །དེ་དག་མ་ལུས་ཁྱེད་ཀྱིས་འགྲུབ་པར་མཛོད། །

འཁོར་ཐུང་།

p. 729

ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཁྲག་འཐུང་རྒྱལ་པོ་བཅོམ་ལྡན་འདས། །འཁོར་ལོ་བདེ་མཆོག་ལྷ་ཡི་གཙོ། །དྲུག་ཅུ་རྩ་གཉིས་དབུས་ནས་བཞེངས། །དཔའ་བོ་དཔའ་མོ་བདེ་བའི་ཉམས། །ཡབ་ཡུམ་འཁོར་དང་བཅས་པའི་དུས་ལ་བབས། །དགྲ་བགེགས་བྱད་མ་འདུལ་བའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བྷྱོ། རབ་ཏུ་འཇིགས་པའི་དུར་ཁྲོད་ནས། །འཇིག་རྟེན་མཁའ་འགྲོ་མཐུ་

p. 730

མོ་ཆེ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །བུད་མེད་ལུས་ལ་མགོ་བརྙན་ཅན། །ཐོད་པ་བཟུང་ཞིང་ཁྲག་ཆེན་འཐུང་། །མི་རོ་ཟ་ཞིང་བཤུག་གླུ་ལེན། །ཏིང་འཛིན་ཉུལ་ཞིང་ཚོགས་ཁང་འགྲིམ། །དེ་དག་མ་ལུས་ཐམས་ཅད་ཀྱིས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་བཅའ་ཇི་བཞིན་དུ། །དམ་ཚིག་སྲུང་ལ་ཕྲིན་ལས་མཛོད། །ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །བྱ་རོག་གདོང་ཅན་ནག་པོ་འཁོར་དང་བཅས། །ལེགས་ལྡན་ནག་པོ་སྤྲུལ་པ་འཁོར་དང་བཅས། །སེང་གེའི་གདོང་ཅན་ཤ་ཟ༴ མ་མོ་ཆེན་མོ་ནག་མོ༴ ཞིང་སྐྱོང་ཆེན་པོ་བསྟན་སྲུང་འཁོར༴ དམག་དཔོན་ཆེན་པོ་རུ་འདྲེན་འཁོར་དང་བཅས། །ནག་པོ་སྟོང་དང་ཤ་ཟ་བྱེ་བའི་ཚོགས། །མ་མོ་དུང་ཕྱུར་སྤྲུལ་པ་

p. 731

ཡང་སྤྲུལ་ཚོགས། །ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞལ་ཟས་འདི༴ སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མི་སྲུན་དྲག་པོ་བདུད་ཀྱི་རྗེ། །ཤ་ཟ་ནག་པོ་སེང་གེའི་གདོང་། །ཡུམ་གཅིག་བདུད་མོ་ཆེན་མོ་དང་། །བམ་རོ་

p. 732

ཕོ་མོ་སྡེ་བརྒྱད་ཚོགས། །དྲག་གཏུམ་རྔམ་བརྗིད་འབར་བ་ཡི། །ལྷ་ཚོགས་འཁོར་དང་བཅས་རྣམས་ཀྱིས། །གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གཏོར་མ་འདི་དང་ཉམས་པའི་དགྲ། །དབྱེར་མེད་ཉིད་དུ་བཞེས་སུ་གསོལ། །སེང་ཧ་མུ་ཁ་སི་ན་ར་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་རུ་དྲའི་རུ་པ་ཁཱ་ཧི། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད༴ དྲེགས་པ་ཕོ་རྒྱུད་མོ་རྒྱུད༴ མཁའ་ལྡིང་བྱ་ཁྱི་ལྕེ་སྤྱང༴ པུ་ཏྲ་ལ་སོགས་ལས་མཁན༴ མི་ནག་ལ་སོགས་སྤྲུལ་པ༴ སྲུང་མ་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི༴ ཛམྦུ་ཏི་བའི་ཞལ་ཟས་འདི༴

p. 733

སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི༴ སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས༴ འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། དཔལ་ལྡན་ལྷ་མོ་དུད་སོལ་མ། །འཁོར་བཅས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བསྟན་ལ་རབ་དད་དཀར་ཕྱོགས་རྣམས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བདུད་རྩིའི་ཆར་འབེབ་གདོན་ཞི་ནས། །བཤད་སྒྲུབ་ཚེ་དཔལ་རྒྱས་པར་མཛོད། །གདུག་པའི་སེམས་འཆང་ནག་ཕྱོགས་པ། །དུག་རླངས་

p. 734

ནད་རིམས་ཀུན་གྱིས་གཟིར། །ཁྲག་སྐྱུག་ཆོ་ངེས་འབེབས་སུ་ཆུགས། །སྨྱོ་ཞིང་བདུན་རྒྱུད་རྩད་ནས་ཆོད། །བདུད་དགྲ་འབྱུང་པོ་རྡུལ་དུ་རློགས། །བསྟན་པ་བསྲུང་བའི་ལས་མཛོད་ཅིག །ཧཱུྃ། སངས་རྒྱས་བསྟན་པ་སྲུང་མཛད་པའི། །ལེགས་ཉེས་ཀུན་གྱི་ཤན་འབྱེད་པ། །བླ་མེད་བཀའ་ཡི་བྱ་ར་བ། །དྲང་སྲོང་འཁོར་བཅས་གཏོར་མ་ལོངས། །སྡང་བ་དགྲ་ཡི་སྟེང་དུ་བྷྱོ། །སྐྱེས་བུ་དམ་ཅན་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བགེགས་མ་ལུས་ལ། །འཕྲལ་དུ་རྟགས་དང་མཚན་མ་སྟོན། །འགྱོད་ཚངས་སྐྱེད་པའི་ལས་མཛོད་ཅིག །བཅོལ་བའི་ལས་འདི་མ་བྱས་ན། །དུས་གསུམ་རྒྱལ་བའི་བཀའ་ཡང་བཅག །རྡོ་རྗེ་ཐེག་པའི་དམ་ཚིག་ཉམས། །མ་གཡེལ་མ་འདའ་ཕྲིན་ལས་མཛོད། །ཀྱེ། ཤན་པ་དམར་པོ་མཐུ་དང་རྩལ་མ་ཞན། །རྣལ་འབྱོར་ཐུགས་དཀྲུག་དམ་ལོག་དཀོར་རྐུན་རྣམས། །

p. 735

ལོ་ཟླར་མ་བཞག་ལུས་སྲོག་རྟེན་དང་ཕྲོལ། །ཤ་ཁྲག་ཤན་པའི་ཚོགས་ཀྱིས་ཧབ་ཤ་རོལ། །དམ་ལ་མ་འདའ་ལས་འདི་མྱུར་དུ་སྒྲུབས། །ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་མཁའ་རི་མི་དཀར་རྟ་དཀར་བཞེངས། །བཞེངས་ཤིག་ཡུམ་མཆོག་ཤེལ་བཟའ་སྨན་གཅིག་བཞེངས། །བཞེངས་ཤིག་སྲས་འཁོར་བྲན་གྱི་ཚོགས་རྣམས་བཞེངས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཨོ་རྒྱན་བསྟན་དང་དྭགས་བརྒྱུད་བསྟན་འཛིན་གྱི། །སྐུ་ཚེ་མཛད་ཕྲིན་ནམ་མཁའི་མཐའ་མཉམ་མཛོད། །དགྲ་བགེགས་ལོག་འདྲེན་གཡུལ་ངོ་བཟློག་ཏུ་གསོལ། །བྱད་མ་དམ་སྲིའི་སྙིང་ཁྲག་ཞལ་དུ་བཞེས། །ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་བསྟན་སྲུང་ཟུ་ར་རྭ་སྐྱེས་བཞེངས། །ཡུམ་མཆོག་སྲས་འཁོར་སྡེ་བརྒྱད་ཚོགས་རྣམས་བཞེངས། །རྣལ་འབྱོར་བདག་གི་ལྷ་མཆོག་ཁྱེད། །པད་འབྱུང་སྤྱན་སྔར་དམ་ཚིག་དགོངས། །

p. 736

ང་ཡི་ཕྲིན་ལས་ཁྱེད་ཀྱིས་སྒྲུབས། །དུས་ངན་སྙིགས་མ་ལྔ་ཡི་དུས། །ནག་ཕྱོགས་འབྱུང་པོ་ཁ་དར་ཚེ། །མི་རྣམས་གདོན་གྱིས་བསླད་པའི་དུས། །དམ་ཚིག་ཚུལ་བཞིན་མི་སྲུང་བ། །འདི་ལ་བཀའ་ཡི་ཆད་པ་ཆོད། །བསྟན་འཛིན་སྐྱེས་བུ་དམ་པ་ལ། །བཀའ་བཅག་ཐུགས་དཀྲུག་དཀོར་ནོར་བརྐུ། །ཆོས་བྱེད་རྣལ་འབྱོར་རྣམས་ལ་སྡང་། །བསྟན་སྲུང་ཁྱོད་ལ་མཐུ་མེད་ཟེར། །དེ་རྣམས་སྙིང་ཁྲག་ཞལ་དུ་བཞེས། །དགོན་སྡེ་གྲྭ་ཚང་བཅས་པ་ལ། །ཁ་འབར་ཞུ་ཞིང་ཞེ་ཡིས་བརྙས། །དཔོན་སྡེ་སྦྱིན་བདག་འཁོར་བཅས་ལ། །རྐུ་འཕྲོག་བཅོམ་ཞིང་བསམ་ངན་བྱས། །རྩྭ་ཁ་ལོ་ཏོག་བཅོམ་པ་དང་། །དེ་ལ་བཀའ་ཆད་མི་མཛད་ན། །ཁྱོད་ཀྱང་དམ་ཚིག་མི་འགལ་ལམ། །དེ་བས་གཏོར་མ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཧཱུྃ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །གཏེར་སྲུང་

p. 737

ཆེན་པོ་མཐུ་བོ་ཆེ། །ཀླུ་དང་སྲིན་པོ་བཤོས་པའི་བུ། །གཏེར་སྲུང་ཆེན་པོ་ལས་ལ་ཆོས། །ཉི་ཟེར་ཆིབས་དང་ཟླ་ཟེར་ཆིབས། །སྐྱ་རེངས་ཆིབས་དང་བྲ་ནག་ཆིབས། །ཆིབས་བཞིའི་མངའ་བདག་ལས་ལ་ཆོས། །ཨོ་རྒྱན་པདྨའི་བཀའ་མ་བཅག །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡང་གཅིག་བཞེངས་ཤིག་ནག་པོ་ཏི་པ་ར་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ། །གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང་། །ལྕགས་སྡིགས་མགོ་དགུའི་ཚུལ་དུ་འདིར་བྱོན་ལ། །གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློགས། །དམ་

p. 738

བཅས་དམ་ལ་མ་འདའ་ས་མ་ཡ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། སློབ་དཔོན་པདྨའི་བཀའ་ཉན་པ། །མ་མོ་ཆེན་མོ་དམག་གི་རྒྱལ། །ཀླུ་བཙན་དྲེགས་པ་སྲོག་གི་བདག །མེ་ག་དུན་ཏི་ལ་སོགས་པ། །ལས་མཁན་སྲོག་གི་ཤན་པ་བདུན། །འཁོར་བཅས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་མ་གཡེལ་གཅིག །བཀའ་དང་དམ་ལས་མ་འདའ་བར། །བསྟན་དགྲ་བསྒྲལ་བའི་ཕྲིན་ལས་མཛོད། །བྷྱོ། དུར་ཁྲོད་གནས་ནས་དཀོར་སྲུང་དམ་ཚིག་ཅན། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །མཁས་བཙུན་ཡོངས་ཀྱི་དཀོར་བདག་བྱེད་པ་དང་། །ཁྱད་པར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི། །དཀོར་སྲུང་བྱེད་པར་ཁས་བླངས་དམ་བཅས་ལྟར། །རྣལ་འབྱོར་བདག་གི་དཀོར་སྲུང་ཁྱེད་ལ་

p. 739

བཅོལ། །གཞི་བྱེས་ལམ་གསུམ་ཀ་ཆ་ཟས་དང་ནོར། །བྱིན་པ་མ་གཏོགས་གཞན་ལ་མ་ཤོར་ཅིག །དགྲ་རྐུན་ཇག་གསུམ་ལག་ཏུ་མ་བཏང་ཞིག །གཞི་བྱེས་ཀུན་ཏུ་གཞན་ལ་གཏད་པ་སོགས། །ས་ཐག་ཉེ་རིང་མེད་པར་ཐུབ་པར་སྲུངས། །མ་གཡེལ་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །

བཅོམ་ལྡན་འདས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཆོས་སྐོར་ལས་ཨ་མུ་ཀཾ་བསྒྲལ་བའི་ལས་བཅུ་གཉིས་པ་བསད་པ་སྲོག་གི་སྤུ་གྲི།

p. 740
p. 741

༄༅། །བཅོམ་ལྡན་འདས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཆོས་སྐོར་ལས་ཨ་མུ་ཀཾ་བསྒྲལ་བའི་ལས་བཅུ་གཉིས་པ་བསད་པ་སྲོག་གི་སྤུ་གྲི་བཞུགས་སོ། །

p. 742

དབང་ཕྱུག་བརྒྱད་ལ་མངའ་བརྙེས་རྡོ་རྗེ་འཆང་། །བདེ་གཤེགས་རྒྱལ་པོ་འཁོར་ལོ་སྡོམ་པའི་སྐུ། །གདུག་པ་འདུལ་མཛད་བྱ་རོག་མིང་ཅན་ལ། །སྒོ་གསུམ་རྡོ་རྗེའི་དབྱིངས་སུ་ཕྱག་འཚལ་ལོ། །རྒྱུད་ཀྱི་རྒྱལ་པོ་མཐུ་སྟོབས་ནོར་བུས་གང་། །མན་ངག་རལ་གྲི་གདུག་པའི་ངར་དང་ལྡན། །བསྟན་དགྲ་རྩད་ནས་གཅོད་པའི་ཚྭ་ཚྭ་ཁོལ། །དགྲ་བོ་ཞིང་བཅུ་བསྒྲལ་བའི་ཐོག་རྒོད་འདྲིལ། །བསད་པའི་ལས་རིམ་བཅུ་གཉིས་བྲི་བར་བྱ། །དེ་ལ་སྟོད་ལས་སྨད་ལས་གཉིས། །རེ་རེ་ལ་ཡང་དྲུག་དྲུག་སྟེ། །གཟུ་དཔང་མ་ཉེས་གཟུགས་པ་ལ། །ཉེས་བསྒྲགས་ལྷ་དབྱེ་ཕོ་ཉ་བཀྱེ། །བྱད་གཞུག་དྲུག་པོ་སྟོད་ཀྱི་ལས། །ཆོས་བཤད་ཐུན་གདབ་ཕུར་བསྐོར་བྱ། །གནས་སྤར་ཞལ་བསྟབ་ལིང་རོ་སྤར། །དྲུག་པོ་སྨད་ཀྱི་ལས་སུ་འདོད། །དེ་ལ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྒོ་ནས་དགྲ་བསད་པའི་ལས་བྱ་བ་ནི། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས། ལྷ་དང་ཕྲལ་ཞིང་

p. 743

ཉེས་པ་བསྒོ། །དེ་ཡང་མ་ཉེས་པ་ཡང་བསྒྲགས། །གཟུ་དཔང་ལས་ལ་བཅོལ་བསྐུལ་བྱ། །དེས་ནི་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གོང་དུ་མཆོད་གཏོར་རྣམས་ལས་བྱེད་ཀྱི་གཏོར་མ་ལྔ་བརྒྱན་བཤམ་ལ། ནང་མཆོད་ཆུ་ཆང་གིས་བྲན་ལ། རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་ལྷ་བསྒོམས་ནས། ཞྭ་གོས་ནག་པོ་གྱོན་ནས་དར་ཕྱར་དུང་འབུད། གསུར་ཆེན་དང་མགོན་སྤོས་བསྲེགས། གྲི་ཕུར་པ་དར་སྣ་ལྔས་བརྒྱན་པ་དང་། ཐུན་དང་རྔ་རྣམས་སྟ་གོན་བྱ། མདོས་ཡོད་ན་རུ་པ་མདོས་ལུགས་བྱ། མེད་ན་ལིངྒ་སྟ་གོན་བྱ། བདག་སེམས་དཔའ་གསུམ་བརྩེགས། འོད་ཟེར་སྤྲོ་བསྡུ། རྔ་བྱིན་རླབས། བྲུབ་ཁུང་གསལ་གདབ་རྣམས་བྱའོ། །གཞན་རྣམས་ནི་ལོགས་སུ་ཤེས་པར་བྱའོ། །ཕུར་པ་བྱིན་རླབས་ནི། རྒྱུད་ཆེན་བྱ་རོག་ཆེན་པོའི་ལེའུ་ཞེ་གཅིག་པར། སྐུ་སྨད་ཟུར་གསུམ་དབལ་དུ་བྱས། །སྐུ་སྟོད་བྱ་རོག་གདོང་ཅན་ནི། །འཇིགས་པའི་གྲི་

p. 744

གུག་ཐོད་པ་ཅན། །ཟུར་གསུམ་ལོགས་ལ་དབལ་གསུམ་ལྡན། །རྩེ་མོ་འབར་བའི་ཕུང་པོ་ཅན། །ཞེས་གསུངས་ཏེ། ཕུར་སྐུ་ཡོད་ན་རབ། མེད་ན་ཟངས་ལྕགས་ཤིང་སོགས་ཀྱིས་ཕུར་པ་བརྒྱན་ལ། ཐོད་པའི་ནང་དུ་ཉ་བོའམ་རུ་པའི་གདན་ལ་བཞག་སྟེ། བདུད་རྩི་དང་། སྭ་བྷཱ་ཝས་སྦྱང་། ཕུར་པ་སྟོང་པར་གྱུར། སྟོང་པའི་ངང་ལས་རུ་དྲ་ནག་པོ་བསྒྱེལ་བའི་སྙིང་གར། ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་ནག་པོའི་ཚོགས་འཕྲོས། བསྟན་དགྲ་ཐམས་ཅད་རྡུལ་དུ་བརླགས། །བསྟན་སྲུང་དྲེགས་བྱེད་ཀྱི་ནུས་མཐུ་དང་བཅས་པ་ཚུར་འདུས་ཧཱུྃ་ལ་ཐིམ་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་མདོག་ནག་ཅིང་བཞིན་སྡུག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། རྡོ་རྗེའི་བྱ་མཆུ་ལ་གདུག་པའི་ཚྭ་ཚྭ་འཕྲོ་བ། ཕྱག་གཡས་སྒྲོལ་བྱེད་ཀྱི་རལ་གྲི་དང་། གཡོན་འགུགས་བྱེད་ཀྱི་ལྕགས་ཀྱུ་ཐོགས་པ། སྡོམ་བྱེད་ཀྱི་ལྕགས་སྒྲོག་དང་། འཆིང་བྱེད་ཀྱི་ཞགས་པ་

p. 745

དང་། མྱོས་བྱེད་ཀྱི་དྲིལ་བུས་བརྒྱན་ཅིང་། སྦྲུལ་ནག་པོས་དབུ་རྒྱན། སྙན་རྒྱན། ཕྱག་གདུབ་བྱས་པ། མི་མགོ་སྐམ་པོ་ལྔས་ཐོད་བྱས་ཤིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་འཕྱང་འཕྲུལ་ཅན། དར་ནག་གི་ཅོད་པན་འཕུར་བ། སྐྲ་སེར་པོ་གྱེན་དུ་འབར་ཞིང་ཕྱེད་ཐུར་དུ་འཕྱང་བ་ལས་གནམ་ལྕགས་ཐོག་གི་བུ་ཡུག་འཚུབ་པ། སྨིན་མ་དང་སྨ་ར་ཨག་ཚོམ་རྣམས་དུས་མཐའི་མེ་ལྟར་འབར་བ། དུར་ཁྲོད་ཀྱི་ཆས་ཆེན་པོ་བརྒྱད་ཀྱིས་བཀླུབས་ཤིང་། དུག་དང་མཚོན་ཆའི་སྤུ་སྐྱེས་པ། སྐུ་སྨད་གནམ་ལྕགས་ལས་གྲུབ་པའི་ཕུར་བུ་ཟུར་གསུམ་པ། མེ་རབ་ཏུ་འབར་བ། རྣོ་ངར་གདུག་པའི་དབལ་དང་ལྡན་པ། རྡོ་རྗེའི་མཚོན་གྱི་ཚྭ་ཚྭ་ཁོལ་བ། ཟུར་གསུམ་ལ་ཕཊ་གསུམ། ལོགས་གསུམ་ལ་ཧཱུྃ་གསུམ། རྩེ་ཛཿ ཡིས་མཚན་ཅིང་ཐོག་རྒོད་འདྲིལ་བ། སྦྲུལ་སྔོ་དམར་གཉིས་ཀྱིས་དཀྲིས་པའི་

p. 746

རྒྱན་དང་ལྡན་པར་གྱུར། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་བཛྲ་ཀཱི་ལི་ཀཱི་ལ་ཧུྃ་ཧཱུྃ་ཕཊ། ཅེས་ཡི་གེ་གསུམ་གྱིས་རྒྱས་གདབ། ཡེ་ཤེས་པ་སྤྱན་དྲངས་མཆོད་བསྟོད་བྱས་ནས་བཞག་གོ། །དེ་ནས་བྲུབ་ཁུང་ནི། རུ་པ་མདོ་ལུགས་ཡིན་ན་བསྐྱེད་པ་ལྟར་བྱའོ། །མིན་ན་བྲུབ་ཁུང་དེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་དེ་ཉིད་ལ་རང་གི་ཐུགས་ཀ་ནས་ཧཱུྃ་ལས་རྃ་དམར་ནག་འཕྲོས། དེ་ཡོངས་སུ་གྱུར་པ་ལས་མདུན་དུ་སྲིད་པ་གསུམ་ལས་ཀྱི་བཙོན་ཁང་ཆེན་པོ། གནམ་ལྕགས་འབར་བའི་ཁང་སྒྲོམ། ཚ་བ། རྩུབ་པ། ཡ་ང་བ། སྐྱི་བུང་བ། དགྲ་བོ་དུག་གསུམ་གྱི་རང་གཟུགས། གྲུ་གསུམ་མཐིང་ནག་ཁ་རུབ་ལ་གཏིང་ཟབ་པ། ཕྱི་ན་གཏི་མུག་གི་མུན་པ་ནག་པོ་འཁྲིགས་ཤིང་། ནང་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། བར་ན་ཞེ་སྡང་གི་མེ་འབར་ཅིང་མཚོན་ཆའི་བུ་ཡུག་འཚུབ་པ། སྟེང་ན་དུག་གི་

p. 747

རླངས་པ་འཕྱུར་ཞིང་གནམ་ལྕགས་ཐོག་གི་ཆར་འབབ་པ། གཤིན་རྗེའི་བཤའ་ར། བདུད་ཀྱི་བཙོན་ཁང་། བཙན་གྱི་བསྒྲལ་ས། ཤན་པའི་ཁྲག་སྣོད། མ་མོའི་ཐུན་ཁང་། ཕོ་ཉ་ལས་ཀྱི་རྒྱུག་ལམ། དགྲ་བགེགས་ཀྱི་བྲུབ་ཁུང་། དེའི་ནང་དུ་བསྒྲུབ་བྱའི་ལས་སྣང་ལས་གྲུབ་པའི་ཐོག་གི་བུ་ཡུག་འཚུབ་པ། དུག་གི་རླངས་པ་འཕྱུར་བ། མེ་དཔུང་དམར་ནག་འབར་ཞིང་ཚ་ཚྭ་སྐར་ལྟར་འཁྲུགས་པ། ཟུར་གསུམ་དུ་ལས་བྱེད་ཀྱི་ཤན་པ་སྐུ་མདོག་དམར་ནག་འཁྲུགས་ཤིང་རྔམས་པ། མཚོན་ཆ་སྣ་ཚོགས་ཐོགས་པ། སྲོག་གཅོད་གདུག་པའི་ཆ་སྒྲ་འབྲུག་གི་སྒྲ་ལྟར་སྒྲོགས་པ། དེའི་ནང་དུ་ཏྲི་དང་ནྲྀ་ཡོངས་སུ་གྱུར་པ་ལས་གནོད་བྱེད་ཆྒཻ་མོ་ཚུད་ནས། འབྲོས་པ་དང་། ཐར་པའི་གོ་སྐབས་མེད་པ། ཤ་སྐྱ་བ། བརླམ་པ། རིད་པ། སྐམ་ཞིང་སྔོ་ལ་ཧཾ་པ། མྱ་ངན་གྱིས་ནོན་པ། བུ་ག་དགུ་ནས་

p. 748

ཁྲག་འཛག་པ། མགོན་སྐྱབས་བྱེད་པའི་ལྷ་དང་བྲལ་བ། ཁ་ནས་བཤུས་འདེབས་ཤིང་མིག་རེག་རེག་ཏུ་གྱུར་པ། འབྲོས་པའི་དབང་མེད་ཅིང་སྐྲ་བཤིག་པ། ཡན་ལག་ལྕགས་སྒྲོག་གིས་བསྡམས་ནས་བྱིའུ་ཤ་མེད་རླུང་གིས་བསྐྱོད་པ་ལྟར་ཀྱུ་རུ་རུ་གནས་པར་གྱུར་པར་བསམས་ལ། བདག་མདུན་གཉིས་ཀྱི་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལས་མགོན་ཕོ་མོ་དང་འོད་ཟེར་གྱི་ཚོགས་འཕྲོས་པས། ནམ་མཁའ་བར་སྣང་ས་འོག་ས་སྟེང་ས་བླ་གར་གནས་ཀྱང་རང་དབང་མེད་པར། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་སྡུད་པ་ལྟར་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་རྣམས་ཀྱིས་སྒོ་བ་བཞིའི་ཕྱག་མཚན་དང་མཚོན་ཆ་སྣ་ཚོགས་ཐོགས་ནས། དམིགས་བྱ་བཀུག་སྟེ་གཉིས་མེད་གཟུགས་ལ་ཐིམ་པར་བསམ་ལ་བདེན་པ་བརྡར། དེ་ནས་སྟོད་ལས་དྲུག་གི་དང་པོ་ནི། གསལ་བ་གསུམ་དང་ལྡན་པས་རང་ཉིད་རྡོ་རྗེའི་གོ་ཁྲབ་ཏུ་བྱས་ཏེ་འཁོར་ལོ་བདེ་མཆོག་ཞུ་བ་

p. 749

སོགས་ཀྱིས་སེམས་དཔའ་སུམ་བརྩེགས་བྱས་ནས། དང་པོ་བདེན་པ་བརྡར་བ་ནི། ཧཱུྃ། རྡོ་རྗེ་འཆང་ཆེན་དཔལ་ཆེན་ཧེ་རུ་ཀ །ཁམས་གསུམ་སྲིད་ལ་མངའ་མཛད་ཡོངས་ཀྱི་རྗེ། །བདག་ནི་མ་ཉེས་མ་ཡོ་གཟུ་དང་དཔང་། ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་དཀྱིལ་འཁོར་ནས། སྟོན་པ་སངས་རྒྱས་དཀོན་མཆོག་གཟུ་དང་དཔང་། །མ་སྐྱེས་མ་འགགས་སྤྲོས་བྲལ་དཀྱིལ་འཁོར་ནས། །སྐྱོབ་པ་དམ་ཆོས་དཀོན་མཆོག་གཟུ་དང་དཔང་། །སོ་སོ་རང་རིག་ཡེ་ཤེས་དཀྱིལ་འཁོར་ནས། །འདྲེན་པ་དམ་ཆོས་དཀོན་མཆོག་གཟུ་དང་དཔང་། །ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་བཅས་སྲུང་མ་གཟུ་དང་དཔང་། །སེམས་ཉིད་སྤྲོས་དང་བྲལ་བའི་དཀྱིལ་འཁོར་ནས། །སུམ་ལྡན་བླ་མ་དམ་པ་གཟུ་དང་དཔང་། །རྣལ་འབྱོར་དབང་ཕྱུག་ཡུམ་གྱི་དཀྱིལ་འཁོར་ནས། །ལྷུན་གྲུབ་ཡི་

p. 750

དམ་ལྷ་ཚོགས་གཟུ་དང་དཔང་། །ཁས་བླངས་དམ་བཅས་རྒྱལ་བའི་དཀྱིལ་འཁོར་ནས། །དམ་ཅན་ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །དུར་ཁྲོད་འཇིགས་སུ་རུང་བའི་དཀྱིལ་འཁོར་ནས། །ཆོས་སྐྱོང་མ་ཧཱ་ཀཱ་ལ༴ རང་བཞིན་གནས་མཆོག་ཡོངས་འདུས་ཕོ་བྲང་ནས། །སྲུང་མ་དཔལ་ལྡན་ལྷ་མོ༴ རྫུ་འཕྲུལ་ནུས་མཐུ་གྲུབ་པའི་ཕོ་བྲང་ནས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད༴ སྲིད་པའི་ལྷ་འདྲེ་གཟུ་དང་དཔང་། །སྟེང་གི་ལྷ་ཡང༴ འོག་གི་ཀླུ་ཡང༴ བར་གྱི་གཉན་ཡང༴ ཡུལ་རིས་ས་བདག༴ དབེན་རིའི་སྲུང་མ་གཟུ་དང་དཔང་། །ཞལ་ལྕེ་སྣང་སྲིད་ཡོངས་ཀྱིས་ཆོད། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །ཆོས་སྐྱོང་སྲུང་མའི་ནུས་མཐུ་ཡིས། །རིག་འཛིན་རྣལ་འབྱོར་བདག་ཅག་ལ། །ཞིང་བཅུ་བསྒྲལ་བའི་དབང་བསྐུར་སྩོལ། །ཅེས་

p. 751

རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། གཉིས་པ་མ་ཉེས་པའི་གཟུ་དཔང་ནི། ཧཱུྃ། ང་ནི་མ་ཉེས་མ་ལེན་གྱི། །ཉེས་བྱེད་དམ་ཉམས་སྡིག་ཅན་འདིས། །དང་པོ་བདག་ལ་ཁས་ཀྱང་བརྒྱབ། །བར་དུ་བདག་ནི་ལག་ཀྱང་བཤལ། །ཐ་མ་བདག་ལ་སེམས་ཀྱང་བརྣགས། །བྱས་པ་མེད་པ་དགྲ་ལྟར་བསྡོས། །ཆགས་པ་མེད་པར་བུ་ལོན་བསྙགས། །བྱས་པ་མེད་པར་སྲོག་ལ་རྒོལ། །དེ་བས་གནོད་བྱེད་གཟུགས་ལ་ཁུག །ཁོ་ཡི་ཉེས་པ་བསྒྲག་པ་ནི། ཧཱུྃ། སྡིག་ཅན་རྨད་དུ་བྱུང་བ་འདིས། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །དཀོན་མཆོག་དབུ་འཕང་འདི་ཡིས་སྨད། །དགེ་འདུན་སྡེ་ཡང་འདི་ཡིས་དཀྲུགས། །དམ་ཆོས་ཁྱད་དུ་འདི་ཡིས་བསད། །དཀོན་མཆོག་དཀོར་ལ་རྐུ་འཕྲོག་བྱས། །རྒྱལ་བའི་སྐུ་ལ་ངན་ཁྲག་ཕྱུང་། །བླ་མ་རྣམས་དང་ལྷ་ལ་བརྙས། །སློབ་དཔོན་སྐུ་དགྲ་འདི་ཡིས་བྱས། །སེམས་ཅན་

p. 752

ཡོངས་ལ་འདི་ཡིས་འཚེ། །དད་ཅན་མང་པོ་སྡིག་ལ་སྦྱར། །མ་ཉེས་བསྟན་ལམ་འདི་ཡིས་གཅད། །ཉེས་པ་ལྐོག་བྱས་མནའ་ཡང་ཟོས། །སྔགས་འཆང་བདག་ལ་དམ་མེད་ཟེར། །ཆོས་སྐྱོང་ཁྱོད་ལ་ཕོད་དུ་བཙུག །ལྷ་འདྲེ་རྣམས་ལ་དོ་རུ་བསྡོས། །ནག་པོ་རྣམས་ཀྱི་ཁ་འཛིན་བྱས། །མཚམས་མེད་ལྔ་བྱས་སྡིག་ཅན་འདི། །ངན་སོང་གསུམ་དུ་ལྟུང་དོགས་པས། །སྙིང་རྗེའི་བསྒྲལ་བའི་ལས་ཤིག་བརྩམ། །མཐུ་སྟོབས་ལྡན་པའི་དུས་ལ་བབ། །བཞི་པ་ལྷ་དབྱེ་བ་ནི། བྱ་རོག་འུག་པའི་སྒྲོ་ལ་སྔགས་བཏབ་ལ་ཕྱར། གཏོར་མ་གཅིག་ཤ་ཆང་གིས་བྲན་ནས་ཁོ་ཡི་ལྷ་ལ་བསྔོ་བ་འདི་སྐད་དོ། །ཧཱུྃ། ཁ་ཁ་མུ་ཁ་མཐུ་བོ་ཆེ། །ཉིན་བཞིན་ལས་བྱེད་ཁ་ཁ་མོ། །མཚན་བཞིན་ལས་བྱེད་ཧུ་ལུ་མ། །ཟླ་མེད་ཟས་སུ་ཤ་ཟ་ཞིང་། །གཡོ་མེད་མྱུར་བར་ཁྲག་འཐུང་མ། །དེ་གཉིས་གཅིག་གཤེད་གཅིག་གིས་བྱེད། །ཤག་ལོག་བྱེད་ཅིང་སྡང་མིག་བལྟ། །མཁའ་འགྲོ་

p. 753

འཐབ་པའི་འགྱེད་བར་དུ། །ཆུ་ཡི་ཉ་བསད་ཇི་བཞིན་དུ། །དམ་ཉམས་དགྲ་བགེགས་ལྷ་དང་ཕྱེས། །གུ་གུལ་རྫས་ཀྱིས་ལྷ་དང་ཕྱེས། །གདུག་པའི་དྲག་སྔགས་སྣ་ཚོགས་ཀྱིས། །འགོ་བར་བྱེད་པའི་ལྷ་དང་ཕྱེས། །སྲུང་བར་བྱེད་པའི་ལྷ་དང་ཕྱེས། །སྐྱོབ་པར་བྱེད་པའི་ལྷ་དང་ཕྱེས། །མཆོད་པར་བྱེད་པའི་ལྷ་དང་ཕྱེས། །ཕྲག་པ་གཡས་སུ་ཕོ་ལྷ་ཕྱེས། །ཕྲག་པ་གཡོན་དུ་མོ་ལྷ་ཕྱེས། །སྤྱི་བོའི་གཙུག་ཏུ་སྲོག་ལྷ་ཕྱེས། །རྒྱབ་ཏུ་ཞང་པོའི་ལྷ་དང་ཕྱེས། །མདུན་དུ་ཡུལ་གྱི་ལྷ་དང་ཕྱེས། །མགོན་སྐྱབས་བྱེད་པའི་མཐུ་བོ་ཆེ། །སྡིག་ཅན་གདོང་གྲོགས་བྱེད་པ་རྣམས། །གཏོར་མ་གསེར་སྐྱེམས་འདི་བཞེས་ལ། །དམ་ཉམས་ལས་ངན་དགྲ་བགེགས་ཀྱི། །མཐུ་དཔུང་རྒྱབ་བརྟེན་མ་བྱེད་པར། །ཁམས་དང་སྐྱེ་མཆེད་རྣམས་ལ་མ་གནས་པར། །བསྲུང་བར་མ་བྱེད་གཞན་དུ་དེངས། །གལ་ཏེ་

p. 754

བསྲུང་བར་བྱེད་པ་ན། །ཁྱོད་ཀྱང་བསྒྲལ་བའི་ཞིང་དུ་བྱེད། །དེ་བས་བདག་གི་དཔུང་མཛོད་ཅིག །ཅེས་ཁ་སྦྱོར་བཞིས་དབྱེ་བར་བྱའོ། །སུམྦྷ་ནི་བརྗོད་ཅིང་རང་གི་ལྷ་ལ་བསྟིམ། ལྔ་པ་ཕོ་ཉ་འགྱེད་ཅིང་གཟུགས་ལ་གཞུག་པ་ནི། རང་ཉིད་ཀྱི་གནས་བཞི་ནས་སྒོ་བ་རེ་རེ་ལས་ཀྱང་གྲངས་མེད་པ་སྤྲོས་ནས། བསྒྲུབ་བྱ་འགུགས་པའི་དམིགས་པ་དྲག་པོ་དང་བཅས་ནས་འདི་སྐད་དོ། །ཧཱུྃ། ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལས། །མ་སྐྱེས་མི་འགགས་གཟུགས་སྐུ་གཉིས་སུ་སྣང་། །ནམ་མཁར་འཇའ་ཚོན་ཤར་བ་བཞིན། །དབྱིངས་ནས་སངས་རྒྱས་སྐུར་བཞེངས་ཤིག །ལོངས་སྐུའི་ངང་ནས་སྤྲུལ་སྐུ་བཞེངས། །སྤྲུལ་པའི་སྐུ་ལས་ཁྲོ་བོ་བཞེངས། །ཁྲོ་བོ་ཕོ་ཉ་ལས་ལ་བཞེངས། །དགྲ་བགེགས་འགུགས་པའི་དུས་ལ་བབ། །ཧཱུྃ། དཔལ་འབར་ཁྲོས་པའི་ཐུགས་ཀ་ནས། །ཡི་གེ་འབར་བ་ཛཿ གཅིག་འཕྲོས། །ཡི་གེ་ཛཿཡི་འཕྲོ་འདུ་ལས། །ཛཿལས་རྡོ་རྗེ་ལྕགས་ཀྱུ་མ། །སྟོང་གསུམ་གང་

p. 755

བ་ཕོ་ཉའི་ཚོགས། །དགྲ་བགེགས་འགུགས་པའི་དུས་ལ་བབ། །ཟུངས་ལ་ཆིངས་ལ་ཁྲིད་ལ་ཤོག །གཟུགས་ཀྱི་ལིང་ག་འདི་ལ་ཁུག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཧཱུྃ། དཔལ་ཆེན་ཁྲོས་པའི་ཐུགས་ཀ་ནས། །ཡི་གེ་འབར་བ་ཧཱུྃ་གཅིག་འཕྲོས། །ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས། །ཧཱུྃ་ལས་རྡོ་རྗེ་ཞགས་པ་མ། །སྟོང་གསུམ་གང་བ་ཕོ་ཉའི་ཚོགས། །དགྲ་བགེགས་འགུགས་པའི་དུས་ལ་བབ། །ཟུངས་ལ་ཆིངས་ལ་ཁྲིད་ལ་ཤོག །གཟུགས་ཀྱི་ལིང་ག་འདི་ལ་ཁུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཧཱུྃ། དཔལ་ཆེན་ཁྲོས་པའི་ཐུགས་ཀ་ནས། །ཡི་གེ་འབར་བ་བཾ་གཅིག་འཕྲོས། །ཡི་གེ་བཾ་གྱི་འཕྲོ་འདུ་ལས། །བཾ་ལས་རྡོ་རྗེ་ལྕགས་སྒྲོག་མ། །སྟོང་གསུམ་གང་བ་ཕོ་ཉའི་ཚོགས། །དགྲ་བགེགས་འགུགས་པའི་དུས་ལ་བབ། །ཟུངས་ལ་ཆིངས་ལ་ཁྲིད་ལ་ཤོག །གཟུགས་ཀྱི་ལིང་ག་འདི་ལ་ཁུག །ཨོཾ་བཛྲ་སྥོ་ཊ་བཾ། ཧཱུྃ། དཔལ་

p. 756

ཆེན་ཁྲོས་པའི་ཐུགས་ཀ་ནས། །ཡི་གེ་འབར་བ་ཧོཿགཅིག་འཕྲོས། །ཡི་གེ་ཧོཿཡི་འཕྲོ་འདུ་ལས། །ཧོཿལས་རྡོ་རྗེ་དྲིལ་བུ་མ། །སྟོང་གསུམ་གང་བ་ཕོ་ཉའི་ཚོགས། །དགྲ་བགེགས་འགུགས་པའི་དུས་ལ་བབ། །ཟུངས་ལ་ཆིངས་ལ་ཁྲིད་ལ་ཤོག །གཟུགས་ཀྱི་ལིང་ག་འདི་ལ་ཁུག །ཨོཾ་བཛྲ་གནྜེ་ཧོཿ འབྲོས་པ་དགག་པ་ནི། ཛཿ དམ་ཉམས་དགྲ་བགེགས་སྡིག་ཅན་ཁྱོད། །སྟེང་འོག་ཕྱོགས་བཅུར་མ་འབྲོས་ཤིག །སྟེང་འོག་ཕྱོགས་བཅུར་བྲོས་པས་ན། །ཁྲོ་བོ་བཅུ་ཡི་དཀྱིལ་འཁོར་བཞུགས། །དེ་ཡང་ང་ཡི་ལྷ་ཡིན་པས། །བྲོས་པས་ཐར་བར་མི་འགྱུར་རོ། །གབ་མཚང་རྡོལ་བ་ནི། ཛཿ དམ་ཉམས་སྡིག་ཅན་དགྲ་བགེགས་ཁྱོད། །འབྱུང་བ་ས་ཡི་ནང་དེར་མ་གབ་ཅིག །ས་ཡི་ནང་དེར་གབ་པ་ན། །ས་ནི་སངས་རྒྱས་སྤྱན་མ་སྟེ། །དེ་ཡང་ང་ཡི་ལྷ་ཡིན་པས། །གབ་ཀྱང་ང་ཡི་དབང་དུ་འདུས། །ཛཿ དམ་ཉམས་དགྲ་

p. 757

བགེགས་སྡིག་ཅན་ཁྱོད། །འབྱུང་བ་ཆུ་ཡི་ནང་དེར་མ་གབ་ཅིག །ཆུ་ཡི་ནང་དེར་གབ་པ་ན། །ཆུ་ནི་ལྷ་མོ་མཱ་མ་ཀི །དེ་ཡང་ང་ཡི་ལྷ་ཡིན་པས། །གབ་ཀྱང་ང་ཡིས་དབང་དུ་འདུས། །ཛཿ དམ་ཉམས་དགྲ་བགེགས་སྡིག་ཅན་ཁྱོད། །འབྱུང་བ་མེ་ཡི་ནང་དེར་མ་གབ་ཅིག །མེ་ཡི་ནང་དེར་གབ་པ་ན། །མེ་ནི་ལྷ་མོ་གོས་དཀར་མོ། །དེ་ཡང་ང་ཡི་ལྷ་ཡིན་པས། །གབ་ཀྱང་ང་ཡི་དབང་དུ་འདུས། །ཛཿ དམ་ཉམས་དགྲ་བགེགས་སྡིག་ཅན་ཁྱོད། །འབྱུང་བ་རླུང་གི་ནང་དེར་མ་གབ་ཅིག །འབྱུང་བ་རླུང་གི་ནང་དེར་གབ་པ་ན། །རླུང་ནི་དམ་ཚིག་སྒྲོལ་མ་སྟེ། །དེ་ཡང་ང་ཡི་ལྷ་ཡིན་པས། །གབ་ཀྱང་ང་ཡི་དབང་དུ་འདུས། །ཛཿ དམ་ཉམས་དགྲ་བགེགས་སྡིག་ཅན་ཁྱོད། །ནམ་མཁའི་ཁམས་སུ་མ་གབ་ཅིག །ནམ་མཁའི་ཁམས་སུ་གབ་པ་ན། །ནམ་མཁའ་ཆོས་ཀྱི་དབྱིངས་ཕྱུག་མ། །དེ་

p. 758

ཡང་ང་ཡི་ལྷ་ཡིན་པས། །གབ་ཀྱང་ང་ཡི་དབང་དུ་འདུས། །ཞེས་གབ་མཚང་རྡོལ་ལོ། །ཡང་འགུགས་ལས་ནི། ཧཱུྃ། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །སྔོན་གྱི་ཁས་བླངས་མ་གཡེལ་བར། །དྲག་ཤུལ་རྔམ་པའི་སྟོབས་ཀྱིས་ནི། །མྱུར་མགྱོགས་རྫུ་འཕྲུལ་གློག་བཞིན་དུ། །དམ་ཉམས་དགྲ་བགེགས་ལས་ངན་འདི། །སྲིད་པའི་རྩེ་མོ་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་ཀྱི། །གླིང་བཞི་གླིང་ཕྲན་གར་གནས་ཀྱང་། །གདོས་དྲག་ཆེན་པོས་དེད་ལ་ཤོག །འཇིག་རྟེན་མཁའ་འགྲོས་ཁུགས་ལ་ཤོག །མགྱོགས་བྱེད་ཕོ་ཉས་ཁྲིད་ལ་ཤོག །མི་ལྤགས་གཡང་གཞིས་གཡོབ་ལ་ཤོག །ལས་ཀྱི་རླུང་གིས་དེད་ལ་ཤོག །བསྐལ་པའི་མུན་པས་བསྡུས་ལ་ཤོག །རྡོ་རྗེའི་དབྱུག་པས་བརྡུང་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཐོབས་ལ་ཤོག །ལྕགས་སྒྲོག་གིས་ཡན་ལག་ཆིངས་ལ་

p. 759

ཤོག །ཐོ་བས་རྒྱབ་ནས་བརྡུང་ལ་ཤོག །དྲིལ་བུས་དབང་པོ་མྱོས་སུ་ཆུགས། །མ་ཐོགས་དུས་སུ་ཁུགས་ལ་ཤོག །དཀར་བྱང་འདི་ལ་བྲིས་ལ་ཤོག །དམར་བྱང་འདི་ལ་བཏབ་པ་དང་། །ལིང་གའི་གཟུགས་སུ་བྲིས་པ་ལ། །མ་ཐོགས་མྱུར་དུ་ཁུགས་ལ་ཤོག །འཁྲུལ་འཁོར་འདི་ལ་རབ་ཏུ་སྒོམས། །མིང་དང་མིང་འདྲ་བརྒྱ་ཡོད་ཀྱང་། །མིང་དང་མིང་འདྲ་མ་ནོར་ཅིག །མཁན་དང་མཁན་འདྲ་བརྒྱ་ཡོད་ཀྱང་། །མཁན་དང་མཁན་འདྲ་མ་ནོར་ཅིག །མ་ཉེས་ཆད་པ་མ་བཅད་ལ། །ཉེས་བྱེད་སྟབས་སུ་མ་བཞག་ཅིག །ཅེས་བརྗོད་ལ། ཡི་དམ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་བསྐུལ་པ་རྣམས་བྱ་ཞིང་དམིགས་པ་དང་བཅས་པས་བསྐུལ་ལོ། །དྲུག་པ་བྱད་དུ་བཅུག་ནས་མི་འཆོར་བར་བྱ་བ་ནི། ཛཿ བཀའ་འདས་དམ་ཉམས་སྡིག་ཅན་ཁྱོད། །ས་ཡི་ནང་དེར་བྲོས་པ་ན། །ལུག་ཐོང་སྤྱང་ཀིས་དེད་པ་བཞིན། །རང་དབང་མེད་པར་ཁུགས་ལ་ཤོག །

p. 760

ཆུ་ཡི་ནང་དེར་བྲོས་པ་ན། །སྲམ་གྱིས་ཉ་དེད་ཇི་བཞིན་དུ། །རང་དབང་མེད་པར་ཁུགས་ལ་ཤོག །མེ་ཡི་ནང་དེར་བྲོས་པ་ན། །ཕྱེ་ལེབ་མེ་རུ་མཆོང་བ་བཞིན། །རང་དབང་མེད་པར་ཁུགས་ལ་ཤོག །རླུང་གི་ནང་དེར་བྲོས་པ་ན། །གཅེར་བུ་ལྷགས་པས་གཙིར་བ་བཞིན། །རང་དབང་མེད་པར་ཁུགས་ལ་ཤོག །ནམ་མཁའི་ཁམས་སུ་བྲོས་པ་ན། །བྱིའུ་ཆུང་ཁྲ་ཡིས་དེད་པ་བཞིན། །རང་དབང་མེད་པར་ཁུགས་ལ་ཤོག །ཕོ་ཉས་རྒྱུག་ལོག་མ་བྱེད་ཅིག །ལས་པས་ལས་ལ་མ་འགྱངས་ཤིག །ཤན་པས་སྨྱོ་བརྫུ་མ་བྱེད་ཅིག །གནོད་བྱེད་སྡིག་ཅན་མྱུར་དུ་ཁུག །ཅེས་བརྗོད་ཅིང་། འདིར་དགྲ་བོ་ལམ་བསད་ཀྱི་དམིགས་པ་དང་བཅས་པས་ཧཱུྃ་སྡུད་བྱའོ། །དེ་ནས་གཟུགས་ལ་བསྟིམ་པ་ནི། ཧཱུྃ། བཀའ་འདས་དམ་ཉམས་སྡིག་ཅན་ལ། །དཀོན་མཆོག་གསུམ་གྱིས་དབུ་གཡབ་ཐོངས། །ཆོས་ཀྱི་དབྱིངས་ནས་ཕོ་ཉས་རྒྱོབས། །ནད་ཀྱི་རྒྱལ་མོས་

p. 761

ནད་ཡམས་ཐོངས། །རིམས་ཀྱི་རྒྱལ་མོས་རིམས་ནད་ཐོངས། །སྣང་སྲིད་རྒྱལ་མོས་ཆོ་འཕྲུལ་ཐོངས། །དམག་གི་རྒྱལ་མོས་དམག་སྣ་དྲོངས། །ཧཱུྃ། དམ་ཉམས་སྡིག་ཅན་དགྲ་བགེགས་ལ། །གནམ་ལྕགས་ཐོག་དང་སེར་བ་ཕོབས། །གྲོང་ཁྱེར་དཀྲུགས་དང་ཡུམ་ཁམས་རྡུལ། །དུག་ལྔའི་ཕུང་པོ་མྱུར་དུ་ཤིགས། །དབང་མེད་བྲུབ་ཁུང་འདི་རུ་ཁུགས། །ཞེས་བརྗོད་ཅིང་སྒོ་བ་བཞིའི་ཕྱག་རྒྱས་བསྡམ། དེ་ནི་སྟོད་ཀྱི་ལས་དྲུག་གོ། །གཉིས་པ་སྨད་ལས་དྲུག་ནི། དང་པོ་ལིང་ག་ལ་ཆོས་བཤད་པ་ནི། ཧཱུྃ། ལིང་གའི་གདན་ལ་འདུག་པའི་ཚེ། །ཆོས་དབྱིངས་གཞལ་ཡས་ཁང་དུ་བསྒོམ། །ཡུངས་ཀར་ཐུན་གྱིས་ཕོག་པའི་ཚེ། །ལས་ངན་སྡིག་དང་བྲལ་བར་བསྒོམ། །ཡེ་ཤེས་ཕུར་པས་གདབ་པའི་ཚེ། །ངན་སོང་གསུམ་ནས་ཐར་བར་བསྒོམ། །ཡེ་ཤེས་མཆེ་བས་བཏབ་པའི་ཚེ། །དུག་ལྔའི་རྐྱེན་དང་བྲལ་བར་བསྒོམ། །སྔོ་དམར་

p. 762

ཐག་པས་དཀྲིས་པའི་ཚེ། །འཇའ་ཚོན་སྣ་ལྔ་ཤར་བར་བསྒོམ། །ཡེ་ཤེས་བྲོ་ཡིས་སྦྱོར་ཙམ་ན། །སྔོན་གྱི་ལས་ངན་དག་པར་བསྒོམ། །རྡོ་རྗེའི་སྐུ་ལ་གུས་ཕྱག་འཚལ། །རྡོ་རྗེའི་གསུང་ལ་གུས་ཕྱག་འཚལ། །རྡོ་རྗེའི་ཐུགས་ལ་དད་པར་གྱིས། །ལུས་ངག་ཡིད་གསུམ་ཡོན་དུ་ཕུལ། །གསང་བའི་གཉེར་གཏད་ཐུབ་པར་བྱོས། །ཞེས་བརྗོད་དོ། །གཉིས་པ་ཐུན་གདབ་པ་ལ་གཉིས། དང་པོ་ནི། ཧཱུྃ། གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཐ་བ་བཞི་ལ་ཡུངས་དཀར་རྨོས། །ཡེ་ཤེས་ཁྲོ་བོ་སྤྲིན་ཕུང་གཏིབ། །ཤེས་རབ་དབྱིངས་ནས་ཆར་དུ་བབས། །ཡུངས་དཀར་ལྒང་བུ་བཅུ་རུ་སྐྱེས། །ཡུངས་ཀར་ལྒང་བུ་རེ་རེ་ལ། །ཁྲོ་ཆུང་མཚོན་ཐོགས་རེ་རེ་སྤྲུལ། །དམ་ཉམས་སྤྱི་བོར་བརྒྱབ་པ་ཡིས། །རྐང་པའི་མཐིལ་དུ་ཀཱི་ལ་ཡ། །ཐུན་ཐམས་ཅད་བསྡུས་པ་ནི། དམིགས་པ་དང་བཅས་པས། ཧཱུྃ། ཡུངས་དཀར་ཐུན་དང་ཡུངས་ནག་ཐུན། །ས་ཕྱེའི་ཐུན་དང་

p. 763

རྡོ་ཕྱེའི་ཐུན། །རྐེ་ཚེའི་ཐུན་དང་ཤངས་ཚེའི་ཐུན། །ལྕགས་ཕྱེའི་ཐུན་དང་ཟངས་ཕྱེའི་ཐུན། །ཁྲག་གི་འབབ་ཆུ་ཙ་ར་ར། །ཧེ་རུ་ཀ་ཡིས་སྤྲུལ་པ་ཡིན། །འགུགས་བྱེད་རྣམས་ཀྱིས་ཉོས་པ་ཡིན། །དབང་ཕྱུག་མ་ཡིས་བསྔགས་པ་ཡིན། །གིང་བདུད་མང་པོའི་ངོ་བོ་ཡིན། །ཕོ་ཉ་རྣམས་ཀྱིས་སྤུངས་པ་ཡིན། །ཆོས་ཀྱི་དབྱིངས་སུ་སྨིན་པ་ཡིན། །དམ་ཉམས་དགྲ་བགེགས་གསོད་པ་ཡིན། །ལྕགས་ཀྱི་རི་རབ་བཤིག་ནུས་ན། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ནད་དང་དུག་གི་དགྲ་བགེགས་ནི། །དབང་མེད་མྱོས་ནས་བརྒྱལ་བར་གྱུར། །ཨོཾ་བྷི་ཤ་མུ་རུ་མུ་རུ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཐུན་གདབ་བོ། །ཐུན་རྒྱས་པར་ན། ལས་བཅུ་མ་ལྟར་བྱའོ། །གསུམ་པ་ཕུར་པའི་བྱུང་ཚུལ་བརྗོད་ཅིང་། ཕུར་བསྐོར་བྱེད་པའི་ལྕགས་ལ་སོགས་པའི་ཕུར་པ་ལག་ཏུ་ཐོགས་ལ་འདི་སྐད་དོ། །ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སོ་ཀ་ལི་ཡི་

p. 764

བྲག་ཕུག་ཏུ། །མགར་བ་ཨ་ཤྭ་རྒྱལ་བ་ཡིས། །ལྕགས་སྣ་དྲུག་ལ་མགར་ཞིག་བགྱིས། །རོ་ལངས་ལྕགས་ཀྱི་འཛེར་དང་གཅིག །གྲི་རྒོད་འབར་བའི་རྣོ་སོ་གཉིས། །ཡུགས་ས་མ་ཡི་གཡབ་ལག་གསུམ། །རབས་ཆད་ནག་མོའི་བྱོལ་ཤིང་བཞི། །ཕུང་པོ་བསྲེགས་པའི་གཞོབ་ལྕགས་ལྔ། །གནམ་ལྕགས་འབར་བའི་ཐོག་ལྕགས་དྲུག །སྲིན་མོ་གདུག་པའི་རོ་མལ་དུ། །ཞིང་ཆེན་ཁོལ་མོ་མཚོ་ལྟར་རླབས། །དུར་ཁྲོད་སོལ་བའི་ཚྭ་ཚྭ་འཕྲོ། །ལྕགས་ཀྱི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཤེས་རབ་སྐམ་པ་ཁྲ་ལྟར་འཇུམས། །ཐབས་མཆོག་ཐོ་བས་བྱིལ་ལྟར་བརྡུངས། །མ་མོའི་ཀླད་ཁྲག་ཞོ་ལྟར་དཀྲུག །ཁྲོ་རྒྱལ་མདའ་གཞུ་སྐར་ལྟར་འཁྲུགས། །མགོ་བོ་རྒྱ་མདུད་ཆེན་པོར་བརྡུང་། །ལོགས་བརྒྱད་རྣམ་ཐར་བརྒྱད་དུ་བརྡུང་། །རྒྱ་མདུད་གཞལ་ཡས་ཁང་དུ་བརྡུང་། །ཟུར་གསུམ་སྐུ་གསུང་ཐུགས་སུ་བརྡུང་། །

p. 765

ལོགས་གསུམ་རིགས་གསུམ་མགོན་པོར་བརྡུང་། །ཟུར་གསུམ་འདུས་པའི་རྩེ་མོ་ནི། །དམ་ཉམས་བསྒྲལ་བའི་རྣོ་སོར་བརྡུང་། །ཡེ་ཤེས་ཕུར་པས་ཀཱི་ལ་ཡ། །རྫས་ཀྱི་ཕུར་པས་ས་མ་ཡ། །མངོན་སྤྱོད་དྲག་པོའི་ཕུར་པ་འདི། །བརྡར་ནི་དྲག་བྱེད་འབར་བས་བརྡར། །རྟེན་འབྲེལ་བཅུ་གཉིས་མཱུ་ལ་རཀྟ་དང་། །མཁའ་དབྱིངས་ཡུམ་གྱི་པདྨ་རཀྟ་དང་། །ཞིང་བཅུ་བསྒྲལ་བའི་མ་ཧཱ་རཀྟ་དང་། །འདོད་ཆགས་ཁྲག་གི་རྒྱ་མཚོ་ལ། །གདུག་པའི་མཚོན་གྱིས་ངར་བླུད་དོ། །ངར་འདི་ཚུར་ལ་མ་ལྡོག་ཅིག །གདུག་པའི་མཚོན་ཆ་མ་བརྟུལ་ཞིག །ཧཱུྃ། རྒྱ་མདུད་རྩེ་ནས་འབྲུག་སྟོང་ལྡིར། །སྐེད་པའི་ལོགས་ལ་གློག་དམར་འཁྱུག །ཆུ་སྲིན་ཁ་ནས་ཚྭ་ཚྭ་འཕྲོ། །ཟུར་གསུམ་རྩེ་ནས་ཐོག་རྒོད་འདྲིལ། །བཏབ་པས་དགྲ་བགེགས་མ་ལུས་བསྒྲལ། །དེ་ནས་ཕུར་པ་བསྐོར་བ་ནི། ཧཱུྃ། ང་ནི་ཁྲོ་རྒྱལ་ཧེ་རུ་ཀ །

p. 766

ང་ནི་ནམ་མཁའི་ཕུར་པ་སྟེ། །གཟུགས་གཅིག་སྟོང་པའི་ངང་དུ་སྦྱོར། །ང་ནི་ཡེ་ཤེས་རྒྱ་མཚོ་སྟེ། །འཁོར་བ་ཀུན་ཀྱང་རྩད་ནས་གཅོད། །ལྟ་བ་རྒྱ་མཚོའི་ངང་དུ་སྦྱོར། །དབྱིངས་དང་ཡེ་ཤེས་འབྲེལ་བ་པོ། །ང་ནི་ཡེ་ཤེས་མེ་ལྕེ་སྟེ། །ཁམས་གསུམ་སྒྲོལ་ཞིང་དུག་གསུམ་བསྲེགས། །ངས་ནི་ཕུར་པའི་མདའ་འཕེན་ནོ། །ཕུར་པའི་མདའ་ལ་ཉེ་རིང་མེད། །དམིགས་པའི་འབེན་ལ་ཉེ་རིང་མེད། །ངས་ནི་ཡུངས་ཀར་རྦབ་བསྒྲིལ་ལོ། །ཡུངས་ཀར་རྦབ་ལ་གྱེན་མཐུར་མེད། །ངས་ནི་དམ་ཅན་ཕོ་ཉར་འགྱེད། །ཕོ་ཉའི་ལས་ལ་མི་འགྲུབ་མེད། །བཀའ་ལས་འདས་པའི་སྡིག་ཅན་ཁྱོད། །ལུས་ངག་ཡིད་གསུམ་འབེན་དུ་བཙུགས། །ཕྲིན་ལས་བཞི་ལྡན་སྔགས་འཆང་གིས། །དྲག་པོ་ལས་ཀྱི་ཕུར་པ་འདི། །ཧཱུྃ་གིས་བསྐྱེད་ཅིང་ཛཿཡིས་བསྡུད། །གཡས་སུ་བསྐོར་ཞིང་གཡོན་དུ་འདེབས། །དམ་ཉམས་སྙིང་ལ་

p. 767

ཀཱི་ལ་ཡ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་ཧཱུྃ་ཕཊ། དེ་ནས་ཕུར་པ་གདབ་པ་ནི། རང་ཉིད་ཡི་དམ་དུ་གསལ་བ། ཕུར་པ་ལས་མགོན་དུ་གསལ་བ། བསྒྲུབ་བྱའི་སྙིང་གར་ཨ་དང་བཅས་པ་གསལ་བར་བྱས། འདིར་མོན་མོ་དྲུག་བསྐུལ་ནས། ཧཱུྃ། ལས་བྱེད་ཁྲོ་རྒྱལ་དགྲ་བགེགས་གཤེད། །སྐུ་སྟོད་ཁྲོ་ཆེན་འབར་བ་ལ། །སྤྱན་གསུམ་རྡོ་རྗེའི་མཆུ་སྡེར་ཅན། །སྐུ་སྨད་གནམ་ལྕགས་ཕུར་པ་ལས། །གདུག་རྩུབ་འབྲུག་གློག་ཐོག་རྒོད་འདྲིལ། །སྟེང་གི་ལྷ་ལ་མི་གདབ་བོ། །འོག་གི་ཀླུ་ལ་མི་གདབ་བོ། །བར་གྱི་གཉན་ལ་མི་གདབ་བོ། །མངོན་སྤྱོད་དྲག་པོའི་ཕུར་པ་འདིས། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་གཅིག་ཏུ་བསྡུས་ནས་ནི། །དང་པོ་ཞེ་སྡང་ཕ་ཡི་སྐེད། །ཕ་ཡི་སྐེད་དུ་ཀཱི་ལ་ཡ། །བར་དུ་འདོད་ཆགས་མ་ཡི་མངལ། །མ་ཡི་མངལ་དུ་ཀཱི་ལ་ཡ། །ཐ་མ་དྲི་ཟ་ལྟེ་བར་འཁོར། །ལྟེ་བའི་དཀྱིལ་

p. 768

དུ་ཀཱི་ལ་ཡ། །དེ་ནི་ཉོན་མོངས་ལྔ་ཡི་གཟུགས། །དབང་པོ་ལྔ་ལ་ཀཱི་ལ་ཡ། །ཕུང་ལྔ་རྩད་ནས་གཅོད་པའི་ཕྱིར། །དུག་ལྔའི་རྟེན་ལ་ཀཱི་ལ་ཡ། །དབང་པོའི་རྟེན་ས་མགོ་ཡིན་པས། །ཀླད་པའི་དཀྱིལ་དུ་ཀཱི་ལ་ཡ། །བདུད་ཀྱི་གནས་ས་ལྟག་པ་ཡིན། །ལྟག་པའི་ཁུང་དུ་ཀཱི་ལ་ཡ། །བསམ་པར་བྱེད་པ་སྙིང་ཡིན་པས། །དཀར་ནག་མཚམས་སུ་ཀཱི་ལ་ཡ། །ལུས་ཀྱི་རྟེན་དང་ཕྲལ་བའི་ཕྱིར། །བཤུལ་རྩ་གཉིས་ལ་ཀཱི་ལ་ཡ། །བལྟ་བར་བྱེད་པ་མིག་ཡིན་པས། །མིག་འབྲས་གཉིས་ལ་ཀཱི་ལ་ཡ། །ཉན་པར་བྱེད་པ་རྣ་བ་སྟེ། །སྒྲ་ཐོས་རྩ་ལ་ཀཱི་ལ་ཡ། །བསྣོམ་པར་བྱེད་པ་སྣ་ཡིན་པས། །དྲི་ཚོར་རྩ་ལ་ཀཱི་ལ་ཡ། །སྨྲ་བར་བྱེད་པ་ལྕེ་ཡིན་པས། །ཚིག་འབྱིན་རྩ་ལ་ཀཱི་ལ་ཡ། །སྟོབས་ཀྱི་རྒྱལ་པོ་དཔུང་པ་སྟེ། །སོག་དྲུག་སྙིང་ལ་ཀཱི་ལ་ཡ། །འགྲོ་བར་བྱེད་པ་རྐང་པ་སྟེ། །ལོང་བུ་གཉིས་ལ་ཀཱི་ལ་ཡ། །ཁྲག་

p. 769

རྣམས་མཆིན་པས་བསྐྱེད་པ་སྟེ། །མཆིན་པའི་དཀྱིལ་དུ་ཀཱི་ལ་ཡ། །དབུགས་རྒྱུ་གློ་བས་བྱེད་པ་སྟེ། །གློ་སྒང་གཉིས་ལ་ཀཱི་ལ་ཡ། །གནམ་གྱི་འཇུ་ཐག་གཅོད་པའི་ཕྱིར། །སྤྱི་བོའི་གཙུག་ཏུ་ཀཱི་ལ་ཡ། །ས་ཡི་རྟེན་ཕུར་འབུད་པའི་ཕྱིར། །རྐང་མཐིལ་གཉིས་ལ་ཀཱི་ལ་ཡ། །སྐྱེ་རྒྱུད་རྩད་ནས་གཅོད་པའི་ཕྱིར། །མཚན་མའི་དཀྱིལ་དུ་ཀཱི་ལ་ཡ། །ཞེས་བརྗོད་ཅིང་གནས་རྣམས་སུ་གདབ་སྟེ། རྡོ་རྗེའི་ཐོ་བས་བརྡུང་བ་ནི། ཧཱུྃ། རྡུངས་ཤིག་རྡོ་རྗེ་ཐོ་བས་བརྡུང་། །ལུས་ངག་ཡིད་གསུམ་ཐལ་བར་རློགས། །པདྨ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་བོ་འབར་བའི་གཏུན་ཁུང་དུ། །བརྡུང་ན་ལྷ་ཡང་བརླགས་པར་འགྱུར། །སྡིག་ཅན་ཁྱོད་ལ་སྨོས་ཅི་དགོས། །ཨོཾ་བཛྲ་མུད་ཀ་ར་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྡུང་། བཞི་པ་གནས་སྤར་བ་ནི། བདག་ཉིད་བདེ་མཆོག་གི་ཏིང་

p. 770

ངེ་འཛིན་གྱིས། ཧཱུྃ། བཀའ་འདས་དམ་ཉམས་སྡིག་ཅན་ཁྱོད། །འཁོར་བའི་ལམ་ལྔ་སྒོ་བཅད་པས། །འོག་མིན་གནས་མཆོག་དམ་པ་འདིར། །རྡོ་རྗེ་འཆང་གི་ཐུགས་ཀ་ན། །ལེགས་པར་ལན་གསུམ་གྱི་བར་དུ་བཀུག་ནས། ཕུར་པའི་ཁོང་གསེང་བརྒྱུད་དེ། གནས་བཞིའི་སྒྲིབ་སྦྱངས་དབང་བསྐུར་སོགས་གཞན་ནས་འབྱུང་བ་ལྟར་མ་དྲངས་ན་བསྒྲུབ་བྱ་དང་རང་ཉིད་གཉིས་ཀ་ངན་སོང་དུ་འཕེན་པ་ཡིན་པས་གནས་སྤར་བ་ཤིན་ཏུ་གལ་ཆེ། ལུས་དང་སེམས་སུ་སྦྱར་བ་ཡི། །ཕཊ་ཀྱིས་སྤར་ཞིང་ཧཱུྃ་གིས་སྡུད། །ཨ་སྥ་ར་ན་ཕཊ་ཅེས་རྣམ་པར་ཤེས་པ་ཨ་དེ་སྙིང་ག་ནས་ཕུར་པའི་རྩེར་བཏོན་ཏེ། འོག་མིན་དུ་རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ་པར་གྱུར་པར་བསམ་མོ། །ལྔ་པ་ཞལ་དུ་བསྟབ་པ་ནི། དགྲ་བགེགས་ཀྱི་ཕུང་པོ་དེ་དྲག་སྔགས་བརྗོད་ཅིང་གཏུབས་ནས། བླ་མ་ཡི་དམ་ཆོས་སྐྱོང་ཕོ་ཉ་རྣམས་ཀྱི་ཞལ་དུ་བསྟབ་པར་བྱ་བ་ནི། ཧཱུྃ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འབྲས་བུ་ངན་སོང་གསུམ་དུ་འཁོར། །དུག་གསུམ་རྒྱུ་

p. 771

འབྲས་ཕྲལ་བའི་ཕྱིར། །ཡི་དམ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །གཏུམ་ཆེན་མི་བཟད་རྔམ་པའི་ཚོགས། །བཀའ་འདས་དམ་ཉམས་སྡིག་ཅན་འདི། །གདུག་པའི་མཚོན་ཆ་སྣ་ཚོགས་ཀྱིས། །བསྒྲལ་ནས་ཤ་ཁྲག་དོན་སྙིང་རྣམས། །སྟོབས་ཆེན་ཁྱོད་ཀྱི་ཞལ་དུ་བསྟབ། །གསོལ་ལོ་རོལ་ཞིག་ཁ་རཾ་ཁཱ་ཧི། རོལ་ཞིག་སྤྲུལ་ཅིག་དགྱེས་པར་མཛོད། །ཅེས་བསྟབ་བོ། །རྒྱས་པར་ནི་སྐབས་གཞན་ནས་འབྱུང་བ་ལྟར་བྱའོ། །དྲུག་པ་ལིང་རོ་གནམ་དུ་བསྟབ་པ་ནི། ཧཱུྃ། ཞིང་བཅུ་ཚང་བའི་སྡིག་ཅན་འདི། །མེ་ལྕེ་འབར་བའི་ཁང་པ་ན། །དམྱལ་བའི་སྒོ་སྲུང་ཆེན་པོ་ནི། །རྩུབ་པར་རཀྴ་སྲིན་པོ་སྟེ། །མི་བཟད་འབར་བའི་ལས་རྣམས་བྱེད། །དམྱལ་བའི་སྒོ་སྲུང་ཆེན་པོ་ལ། །བཀའ་འདས་གཏད་དོ་མ་ནོར་ཅིག །རྒྱ་མཚོའི་ནང་ན་གནས་པ་ཡི། །རུས་སྦལ་ནག་པོ་ལྟོ་འགྲོ་ནི། །རྐང་མེད་

p. 772

བྲང་གིས་ནུར་ཞིང་འགྲོ། །རུས་སྦལ་ནག་པོ་ལྟོ་འགྲོ་ལ། །བཀའ་འདས་གཏད་དོ་མ་ཤོར་ཅིག །མཚན་ལ་ཤན་པ་ནག་པོ་ནི། །འཇིགས་པའི་གཤིན་རྗེ་གླང་མགོ་ཅན། །མགོ་གསུམ་ལག་དྲུག་རྣ་འཆང་བ། །ཁ་གདངས་མིག་ཟློག་གསུས་པོ་ཆེ། །གཡས་པས་མདུང་རྩེ་གསུམ་པོ་ལ། །གཡོན་པས་ཁྲག་དང་ཞགས་པ་ཐོགས། །ལས་ཀྱི་ཤན་པ་ནག་པོ་ལ། །བཀའ་འདས་གཏད་དོ་མ་ཤོར་ཅིག །དུད་པ་ནག་པོ་གཏུམ་བག་ཅན། །དགྲ་སྟྭ་རལ་གྲི་ཞགས་པ་བསྣམས། །དུད་པ་ནག་པོ་གཏུམ་བག་ཅན། །བཀའ་འདས་གཏད་དོ་མ་ཤོར་ཅིག །ཅེས་པས་དགྲ་བགེགས་གཏད་པར་བསམ་མོ། །དེ་ནས་མདོས་དང་འབྲེལ་ན་བརྒྱ་རྩ་དང་སྦྲག །མི་འབྲེལ་ན་སྦྱིན་སྲེག་གམ་གཏོར་མ་ཉ་བོ་ཕུལ། ལིང་ག་ཡིན་ན་བསྲེགས། རྗེས་ཀྱི་ལས་སྤྱི་དང་མཐུན། བཅོམ་ལྡན་དཔལ་ཆེན་ཡེ་ཤེས་མགོན་པོ་ཡི། །ལས་རིམ་མན་ངག་རྒྱ་མཚོའི་རྦ་རླབས་ཅན། །ཡིད་བཞིན་ནོར་བུ་དྲག་པོས་མན་ངག་ཤར། །དྲག་བྱེད་ལས་

p. 773

ཀྱང་དྲག་པོའི་ཐོག་ཆེན་ལས། །རྣོ་ངར་ལྡན་པའི་དྲག་སྔགས་གཟི་བརྗིད་འབར། །འདི་བྲིས་བསོད་ནམས་གནམ་ལྕགས་རལ་གྲི་དེས། །བསྟན་དགྲ་མ་ལུས་རྩད་བཅད་རྗེས་བཟུང་ཤོག །གོང་འོག་འགལ་འཁྲུལ་རྒྱུད་དང་འགལ་བ་རྣམས། །བཅོམ་ལྡན་ཡེ་ཤེས་མགོན་པོ་ཉིད་ལ་བཤགས། །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་བྱེད་པའི། །མཐུ་སྟོབས་ཕུན་ཚོགས་དོན་གཉིས་ལྷུན་འགྲུབ་ནས། །བསྟན་སྲུང་བྲན་བསྐོལ་བདུད་ཚོགས་ཟིལ་མནན་པའི། །རྒྱལ་བའི་བསྟན་པའི་བདག་པོར་འགྱུར་བར་ཤོག །ཅེས་པ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྒོ་ནས་ཨ་མུ་ཀཾ་བསྒྲལ་བའི་ལས་བཅུ་གཉིས་པ་གསང་བ་དྲག་པོ་སྲོག་གི་སྤུ་གྲི་ཞེས་བྱ་བ་ནི། དེ་ཉིད་ཀྱི་བསད་ལས་རྣམས་ཀྱི་ནང་ནས་ཉུང་ངུར་བསྡུས་ཏེ་སྦྱར་བའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་ནུས་པར་གྱུར་ཅིག །དཔེ་འདི་དམ་ཉམས་སློབ་དཔོན་བསད་དང་གདམས་ངག་རྐུ། །བོན་དང་བོན་འདྲ་མི་ནག་ཆོས་རྒྱུས་མཁན། །བསྟན་དགྲ་དཔེ་རྐུན་དག་ལ་ཤོར་གྱིས་དོགས། །ཤོར་ན་ཌཱ་ཀི་དྲུག་གིས་སྙིང་ཁྲག་འཐུང་། །བཀའ་ཆད་ཕོབས་ལ་རྣམ་ཤེས་དབྱིངས་སུ་ཐོངས། །ཞེས་བསད་ལས་དང་། དྲག་ལས་རྣམས་བསྟན་པ་དང་། བླ་མའི་སྐུ་རིམ་མ་གཏོགས་པ་གར་ཡིན་དུ་བྱས་ན། འཁུ་ལྡོག་གིས་རང་སྲོག་དང་བྲལ་ཞིང་རྒྱུ་འབྲས་ཚིག་ནས་རུ་དྲར་སྐྱེ། ལྷ་འདྲེས་སྐྱེ་བ་བདུན་ཚུན་སྙིང་ཤ་ལེན་ནོ། །དེ་བས་དཔེ་

p. 774

ལ་དམ་པ་ལ་གར་ཡིན་དུ་མི་བྱའོ། །འདིའི་སྐབས་ཀྱི་མན་ངག་རྣམས། །དྲག་པོ་ཁོལ་བྱུང་ལ་སོགས་པའི། །ཨུ་པ་དེ་ཤ་གསུམ་ལ་གབ། །འདི་མེད་གཅེར་བུ་གཡུལ་ཞུགས་འདྲ། །མངོན་སྤྱོད་ཟུག་རྔུ་འབྱིན་པའི་ལས། །བསྟན་དང་པུཎྱེའི་ངོར་སྦྱར་རོ། །དགེ་བས་བདག་གཞན་སངས་རྒྱས་ཤོག །ཨོཾ་སྭ་སྟི། གང་གིས་བདུད་བཞི་འཇོམས་པའི་ལམ་བཟང་འདིར། །འཇུག་པར་འདོད་པ་ཀུན་གྱི་འཇུག་ངོགས་འདི། །རྣམ་དཔྱོད་ལྡན་པས་སྙིགས་མའི་དུས་ཚོད་འདིར། །བརྩོན་འགྲུས་ལྡན་པས་བསྟན་དགྲ་བསྒྲལ་སླད་དུ། །ཙ་ཧུར་ཧ་ཏའི་སྒྲུབ་པ་འདིར་འབད་པས། །མངོན་སྤྱོད་བརྟུལ་ཞུགས་སྤྱོད་པ་ཐོགས་མེད་འགྱུར། །ཁྱད་པར་མཆོག་དང་ཐུན་མོང་རྣམ་གཉིས་འཐོབ། །དེ་བས་བསྟན་འཛིན་རྣམས་ཀྱིས་ཐུགས་ཉམས་བཞེས། །མངྒ་ལཾ། །དགེའོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྒོ་ནས་བསད་པ་ལས་བཞི།

p. 775

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྒོ་ནས་བསད་པ་ལས་བཞི་བཞུགས་སོ། །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་ཆེན་པོའི་གཏོར་ཆེན་བྱ་བར་འདོད་པས། ཡི་དམ་གཞུང་བཞིན་པ་ལས། མགོན་པོའི་བཟླས་པའི་སྐབས་སུ་འདི་སྐད་དོ། །ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་ལྕགས་བསྲེག་གི་ས་གཞིའི་སྟེང་དུ། ཨེ་ལས་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་པ། རྒྱ་ཆེ་ལ་གཏིང་ཟབ་པ། ཕྱི་ནང་མཚོན་ཆའི་སྤུ་སྐྱེས་པ། ནང་དུ་འདོད་ཆགས་ཀྱི་ཁྲག་ཁོལ་བ། ཞེ་སྡང་གི་མེ་འབར་བ། གཏི་མུག་གི་མུན་པ་

p. 776

འཐིབ་པ། དུག་ལྔའི་སྤྲིན་ཕུང་འཁྲིགས་པ། ང་རྒྱལ་གྱི་གློག་འཁྱུག་པ། མཚོན་ཆའི་ཆར་འབབ་པ། ཕྲག་དོག་གི་རླུང་འཚུབས་པ། ནད་ཀྱི་ན་བུན་འཐུལ་བ། ནང་དུ་གབ་པའི་གནས་མེད་པ། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ། ཕྱི་ན་བྲོས་པའི་དབང་མེད་པ་ཁྲོ་བོ་ཁྲོ་མོ་མེ་རི་མཚོན་ཆ་དཔག་ཏུ་མེད་པ་ཐོགས་པས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་སྒྲོགས་པ། བདུད་ཀྱི་བཤའ་ར། གཤིན་རྗེའི་བཙོན་ཁང་དེ་ལྟ་བུའི་ནང་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས། སངས་རྒྱས་ཀྱི་བསྟན་དགྲ། ཡིད་ལ་བརྣག་པའི་དགྲ་བགེགས། དུག་ལྔ་འཁྲུགས་པའི་རང་བཞིན་ཅན། ལུས་རིད་ཅིང་སྐྲ་འཛིངས་པ། གདོང་མཆི་མས་གཡོགས་པ། ལུས་ལ་འཛེ་དང་ཕོལ་མིག་གིས་གང་བ། དྲི་མི་ཞིམ་པ། ལག་པ་མྱ་ངན་གྱི་ཕྱག་རྒྱ་བྱས་པ། མགོན་སྐྱབས་ཐམས་ཅད་དང་བྲལ་བ། ཤྭ་བཙོན་ལྷག་པས་དེད་པ་ལྟ་བུ་འདར་ཞིང་

p. 777

སྔངས་བར་གྱུར། བདག་མདུན་དབྱེར་མེད་པའི་ཐུགས་ཀ་ནས། སྤྲུལ་པའི་འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། གཞན་ཡང་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་སྐུ་ལ་བསྐལ་པའི་མེ་འབར་བ། མཚོན་ཆའི་ཆར་འབབ་པ། དུག་ལྔའི་རླངས་པ་འཐུལ་བ། དགྲ་འདྲེ་བྱད་མ་གནོད་བྱེད་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་ལྷ་དང་ཕྲལ་ཞིང་བརྒྱལ་བ། ཕོ་ཉ་ཐོག་ལྟར་དྲག་ཅིང་ཡང་རྩལ་གློག་ལྟར་མྱུར་བ། གནོད་བྱེད་ཐམས་ཅད་འགུགས་པའི་ལས་བྱེད་པར་གྱུར། འགུགས་གཞུག་དྲག་ཏུ་བྱས་ནས་གཟུ་དཔང་བྱ་བ་ནི། ཧཱུྃ། འཕགས་པ་དཀོན་མཆོག་གསུམ་པོས་གཟུ་དང་དཔང་མཛོད་ཅིག །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག །ཆོས་སྐྱོང་སྲུང་མས་གཟུ་དང་དཔང་མཛོད་ཅིག །མ་མོ་མཁའ་འགྲོས་གཟུ་དང༴ སྟེང་གི་ལྷས་ཀྱང་གཟུ༴ བར་གྱི་གཉན་

p. 778

ཀྱང་གཟུ༴ ལྷ་སྲིན་སྡེ་བརྒྱད༴ ཡུལ་ལྷ་བཞི་བདག༴ ཕོ་ཉ་དགྲ་ལྷ༴ མ་ལྷ་སྲོག་ལྷ་ཞང་ལྷས་གཟུ་དང་དཔང་མཛོད་ཅིག །ང་ཡིས་མ་ཉེས་ཁོ་ཡིས་ཉེས། །ང་ཡིས་མ་ལེན་ཁོ་ཡིས་ལེན། །སངས་རྒྱས་བསྟན་པ་བཤིག་དགོས་ཟེར། །དཀོན་མཆོག་དབུ་འཕང་སྨད་དགོས་ཟེར། །སློབ་དཔོན་སྐུ་ལ་བསྡོ་དགོས་ཟེར། །རྣལ་འབྱོར་བར་དུ་གཅོད་དགོས་ཟེར། །སྲུང་མ་ཁྱོད་ལ་བསྡོ་དགོས་ཟེར། །གསང་སྔགས་ཆོས་ནི་མ་ཡིན་ཟེར། །ང་ལ་ནུས་སམ་ཕོད་དམ་ཟེར། །འདི་ཞེ་སྡང་མེ་ལྟར་འབར་དང་གཅིག །གཏི་མུག་མུན་ལྟར་གཏིབ་སྟེ་གཉིས། །འདོད་ཆགས་ཆུ་ལྟར་འབྲུབ་སྟེ་གསུམ། །ང་རྒྱལ་བྲག་ལྟར་གཏམས་ཏེ་བཞི། །སེར་སྣ་རྫ་ལྟར་ཉིལ་ཏེ་ལྔ། །ཕྲག་དོག་རླུང་ལྟར་འཚུབ་སྟེ་དྲུག །ཁྲོ་གཏུམ་ཁྲོ་ཆུ་འདྲ་སྟེ་བདུན། །རློམ་སེམས་གཤིན་རྗེ་འདྲ་སྟེ་བརྒྱད། །བསད་བསད་སྲིན་པོ་འདྲ་སྟེ་དགུ། །

ཟུར་དེབ།

p. 779

༓ ༈ འདར་ཧད་ཧད་བྱེད་པ། དེའི་སྟེང་གི་བར་སྣང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གདན་ཐབས་སུ་ཡོད་པ། རྩིབས་བརྒྱད་དབུས་དང་དགུར་ཏྲི་ལྗང་ནག་དགུ་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་དགུ། སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་ནམ་མཁར་ཕྱར་བ། གཡོན་དགྲ་སྙིང་དམར་རྩེ་རེ་བ་འཛིན་པ། དེ་རེ་རེ་ལ་ཡང་འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། གཞན་ཡང་བཀའི་ལྷ་མ་སྲིན་

p. 780

སྡེ་བརྒྱད་ཐམས་ཅད་ཀྱང་སྐུ་ལ་བསྐལ་པའི་མེ་འབར་བ། མཚོན་ཆའི་ཆར་འབབ་པ། དུག་གི་རླངས་པ་འཐུལ་བ། ཐམས་ཅད་ཀྱང་ཁྲོ་ཞིང་འཁྲུགས་པ། མྱུར་ཞིང་མགྱོགས་པ། དགྲ་འདྲེ་གནོད་བྱེད་འགུགས་པའི་ལས་བྱེད་པར་གྱུར། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལས་མགོན་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ལས་མགོན་རྣམས་ལས་འོད་ཟེར་འཕྲོས་པས་འཁོར་རྣམས་ལ་ཕོག་པས་མ་བཟོད་ནས། དགྲ་བགེགས་ཐམས་ཅད་འགུགས་པའི་ལས་བྱེད་པར་གྱུར།༓

བསད་པ་ལས་བཞི་མུ་མཐུད།

p. 781

ཆོས་ལ་ལོག་ལྟ་བྱེད་དང་བཅུ། །སྔོན་ནས་བསྒྲལ་བའི་ཞིང་བཅུ་འདི། །ཁྱོད་ཀྱིས་མཆོད་པ་དམ་པར་བཞེས། །ཡང་ན། ཧཱུྃ་བྷྱོཿ ཕྱོགས་བཅུ་ནམ་མཁའ་མཉམ་པའི་དཀྱིལ་འཁོར་ནས། །བླ་མ་རིགས་ལྔ་རིགས་གསུམ་ཞི་ཁྲོའི་ལྷ། །རྒྱལ་བ་སྲས་བཅས་སྲུང་མ་ཐུགས་དམ་ཅན། །དུས་འདིར་སྒྲུབ་མཆོག་བདག་ལ་སྙན་གསོན་ཅིག །འཇིག་རྟེན་བྱ་བ་བཏང་ནས་རྩེ་གཅིག་ཏུ། །བླ་མ་ལ་གུས་བསྐྱེད་རྫོགས་ཟབ་མོ་བསྒོམས། །སྡོམ་གསུམ་ལ་གནས་བསྙེན་སྒྲུབ་ཚུལ་བཞིན་སྤྱད། །བདེ་གཤེགས་བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་ལ། །ཞིང་བཅུ་དགྲ་བོས་བྱེད་དུ་མ་སྟེར་རོ། །ཡེ་ཤེས་སྤྱན་ཅན་གཟུ་དང་དཔང་མཛོད་ཅིག །ལེགས་ཉེས་བཏང་འཛིན་བདེན་བརྫུན་ཤན་ཕྱེས་ལ། །བསྟན་པའི་དགྲ་ལ་དྲག་པོའི་ཕྲིན་ལས་མཛོད། །སླར་ཡང་ཕོ་ཉ་སྤྲོ་བའི་དམིགས་པ་བྱས་ལ། ཧཱུྃ་བྷྱོཿ དཔལ་

p. 782

ཆེན་ཁྲག་འཐུང་རྔམ་པའི་ནག་པོ་ཆེ། །འཇིགས་སུ་རུང་བའི་ཐུགས་ཀ་ནས། །ཧཱུྃ་ཛཿདགྲ་བཞི་སྤྲོས་ནས་ནི། །ཊཱ་ཀི་རཱ་ཛས་མྱུར་དུ་ཁུགས། །རྡོ་རྗེ་ལྕགས་ཀྱུའི་ཚོགས་འཕྲོས་པས། །ཁུགས་ཤིག་བཛྲ་ཨཾ་ཀུ་ཤ་ཛཿ རྡོ་རྗེ་ཞགས་པའི་ཚོགས་འཕྲོས་པས། །ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །རྡོ་རྗེ་ལྕགས་སྒྲོག་ཚོགས་འཕྲོས་པས། །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །རྡོ་རྗེ་དྲིལ་བུའི་ཚོགས་འཕྲོས་པས། །ཕོབ་ཅིག་བཛྲ་གྷཎྡེ་ཧོཿ རྡོ་རྗེ་ཐོ་བའི་ཚོགས་འཕྲོས་པས། །རྡུངས་ཤིག་བཛྲ་མརྐ་ར། །རྡོ་རྗེ་དགྲ་སྟའི་ཚོགས་འཕྲོས་པས། །ཁོས་ཤིག་བཛྲ་པ་ར་ཤུ། །རྡོ་རྗེ་རྩེ་གསུམ་ཚོགས་འཕྲོས་པས། །བཟེད་ཅིག་བཛྲ་ཏྲི་ཤུ་ལ། །རྡོ་རྗེ་ཕུར་པའི་ཚོགས་འཕྲོས་པས། །ཐོབས་ཤིག་བཛྲ་ཀཱི་ལ་ཡ། །རྡོ་རྗེ་རལ་གྲིའི་ཚོགས་འཕྲོས་པས། །གཏུབས་ཤིག་བཛྲ་ཁདྒ་ཧོཿ ཞེས་པའམ་ཡང་ན། ཧཱུྃ་བྷྱོཿ དཔལ་ཆེན་ཁྲག་འཐུང་རྡོ་རྗེ་སྲིན་པོ་ཡི། །

p. 783

སྤྲུལ་པའི་ཕོ་ཉ་ཁྲོ་ཚོགས་སྐར་ལྟར་འཁྲུགས། །ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས། །ཞགས་པ་སེར་མོའི་ཚོགས་ནི་རླུང་ལྟར་འཚུབ། །ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འཁྱུག །དྲིལ་བུ་ལྗང་གུའི་ཚོགས་ནི་ཐོག་ལྟར་འབེབས། །དམ་ཉམས་དགྲ་བགེགས་སྡིག་ཅན་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་སྙིང་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲི་བུ་ཅན་གྱིས་མྱོས་སུ་ཆུགས། །ཐོ་བ་ཅན་གྱིས་རྒྱབ་ནས་རྡུངས། །དབྱུག་ཏོ་ཅན་གྱིས་རྒྱབ་ནས་དེད། །ཕུར་བུ་ཅན་གྱིས་སྙིང་ལ་ཐོབས། །རལ་གྲི་ཅན་གྱིས་དུམ་བུར་གཏུབས། །མདའ་མདུང་ཅན་གྱིས་ཟང་ཐལ་གྱིས། །འཁོར་ལོ་ཅན་གྱིས་དུམ་བུར་གཏུབས། །རིང་པར་ཁུགས་ལ་བྱད་དུ་ཆུགས། །ལྷ་དང་ཕྲོལ་ལ་སྨྱོ་འབོག་ཐོངས། །མྱུར་དུ་ཁུགས་ལ་

p. 784

ཞལ་དུ་བཞེས། །སླར་ཡང་ཕོ་ཉ་སྤྲོ་ན་འདི་སྐད་དོ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས། །ལྷོ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས། །ནུབ་ཕྱོགས་འུར་འུར་འབར་བའི་དུར་ཁྲོད་ནས། །བྱང་ཕྱོགས་ཀཱི་ལི་ཀཱི་ལ་སྒྲོགས་པའི་དུར་ཁྲོད་ནས། །གྲུ་གསུམ་མཐིང་ནག་འབར་བའི་ནང་། །ཐོད་ཆེན་སྐམ་རློན་བརྩེགས་པའི་མཁར། །མེ་རླུང་འཚུབ་མའི་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་ན། །མིང་སྤྲུལ་སྲོག་བདག་བྱ་རོག་གདོང་། །མིང་སྤྲུལ་གཤིན་རྗེ་བྱ་རོག་གདོང་། །མིང་སྤྲུལ་བཙན་མགོན་བྱ་རོག་གདོང་། །མིང་སྤྲུལ་གནོད་སྦྱིན་བྱ་རོག་གདོང་། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །དབུ་སྐྲ་རལ་པ་གྱེན་དུ་བསྐྱོད། །ཁམ་ནག་རལ་པའི་སྐྲ་གསེབ་ནས། །ཐོག་དང་སེར་བའི་སྐར་མདའ་འཕྲོ། །གཡས་པས་གཅོད་བྱེད་གྲི་གུག་བསྣམས། །ཉམས་

p. 785

པའི་སྲོག་རྩ་དམར་པོ་གཅོད། །གཡོན་པས་ཐོད་པ་ཁྲག་བཀང་བསྣམས། །ཉམས་པའི་སྙིང་ཁྲག་དྲོན་མོ་གསོལ། །སྤྲུལ་པའི་ཕོ་ཉ་ནག་པོ་སྟོང་། །ནག་པོ་སྟོང་ཚོགས་འབུམ་སྡེ་ཡང་། །ལ་ལས་ལག་ན་ལྕགས་ཀྱུ་ཐོགས། །ལ་ལས་ལག་ན་ལྕགས་སྒྲོག་ཐོགས། །ལ་ལས་ལག་ན་ཞགས་པ་ཐོགས། །ལ་ལས་ལག་ན་འཁོར་ལོ་ཐོགས། །ལ་ལས་ལག་ན་ཐོ་བ་ཐོགས། །ལ་ལས་ལག་ན་དྲིལ་བུ་ཐོགས། །ལ་ལས་ལག་ན་མེ་དཔུང་ཐོགས། །དོ་ནུབ་དྲག་པོའི་ལས་ལ་རྦད་པའི་ཚེ། །བཀའ་ལས་འདས་པའི་དམ་ཉམས་སྡིག་ཅན་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །ཞགས་པ་ཅན་གྱིས་སྐེ་ནས་ཆིངས། །འཁོར་ལོ་ཅན་གྱིས་རྩིབས་ལ་སྐྱོན། །ཐོ་བ་ཅན་གྱིས་སྤྱི་ནས་ཆུམས། །དྲིལ་བུ་ཅན་གྱིས་གཟུགས་ལ་ཕོབ། །མེ་དཔུང་འབར་བའི་

p. 786

ནང་དུ་སྲེགས། །ཁུགས་ཤིག་ཁུགས་ཤིག་ཛ་ཛ་ཛཿ ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ་ཧཱུྃ། སོད་ཅིག་རྒྱོབས་ཤིག་མ་ར་ཡ། །ཕྲིན་ལས་བཅོལ་ལོ་མགོན་པོའི་ཚོགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་མཁའ་འགྲོ་མ་བརྒྱད་ཀྱི་འགུགས་ལས་སོགས་རྒྱས་བསྡུས་སྐབས་དང་སྦྱར་རོ། །༈ ཨོཾ་ཁཎྜ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། དགྲ་བོ་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་རྣམས་ཀྱིས་དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་གི་བཀའ་དང་དམ་ལས་མ་འདའ་བར། སྡིག་ཅན་གནོད་བྱེད་དགྲ་བགེགས་འདི་མྱུར་དུ་སྤོང་བར་གྱིས་ཤིག །

ཟུར་དེབ།

p. 787

༓ ༈ རང་ཉིད་ཡི་དམ་གསལ་བཏབ་ནས། མདུན་དུ་ལིངྒ་བྲན་ལ་བཀུག་གཞུག་བྱས་ནས། ཧཱུྃ་བྷྱོ། ཤར་གྱི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་བྱ་རྒོད་གདོང་པ་ཅན། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །འཁོར་བཅས་ཁྱེད་ཀྱིས་དགྲ་འདི་ཁུགས་ལ་ཤོག །ཧཱུྃ་བྷྱོ། བྱང་གི་ཕྱོགས་ནས་སོགས་འགྲེས་སོ། །མཁའ་འགྲོ་ཆེན་མོ་ཁྱུང་གི༴ འཁོར་བཅས་ཁྱེད་ཀྱི་ཐུགས༴ འཁོར་བཅས་ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། ནུབ་ཀྱི་ཕྱོགས༴ མཁའ་འགྲོ་ཆེན་མོ་ཁྭ་ཏའི༴ འཁོར་བཅས་ཁྱེད་ཀྱི་

p. 788

ཐུགས༴ འཁོར་བཅས་ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། ལྷོ་ཡི་ཕྱོགས༴ མཁའ་འགྲོ་ཆེན་མོ་འུག་པའི༴ འཁོར་བཅས་ཁྱེད་ཀྱི་ཐུགས༴ འཁོར་བཅས་ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། ཤར་ལྷོ་མཚམས་ནས༴ མཁའ་འགྲོ་ཆེན་མོ་ཕག་གི༴ འཁོར་བཅས་ཁྱེད་ཀྱི་ཐུགས༴ འཁོར་བཅས་ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། ལྷོ་ནུབ་ཕྱོགས༴ མཁའ་འགྲོ་ཆེན་མོ་ཁྱི་ཡི༴ འཁོར་བཅས་ཁྱེད་ཀྱི་ཐུགས༴ འཁོར་བཅས་ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། ནུབ་བྱང་མཚམས་ནས༴ མཁའ་འགྲོ་ཆེན་མོ་སྤྱང་ཀིའི༴ འཁོར་བཅས་ཁྱེད་ཀྱི་ཐུགས༴ འཁོར་བཅས་ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། བྱང་ཤར་མཚམས་ནས༴ མཁའ་འགྲོ་ཆེན་མོ་སྟག་གི༴ འཁོར་བཅས་ཁྱེད་ཀྱི་ཐུགས༴ འཁོར་བཅས་ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། སྟེང་གི་ཕྱོགས་ནས༴ ཁྱུང་ནག་གསེར་མིག་ལྕགས་ཀྱི་མཆུ་སྡེར་ཅན། །འཁོར་བཅས་ཁྱེད་ཀྱི་ཐུགས༴ འཁོར་བཅས་

p. 789

ཁྱེད་ཀྱིས་དགྲ་འདི༴ ཧཱུྃ་བྷྱོ། འོག་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །ཀླུ་བདུད་ནག་པོ་དུག་གི་ཁ་རླངས་ཅན། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །འཁོར་བཅས་ཁྱེད་ཀྱིས་དགྲ་འདི་ཁུགས་ལ་ཤོག །ཧཱུྃ་བྷྱོ། དམ་ཉམས་དགྲ་བགེགས་སྡིག་ཅན་འདི། །སྟེང་འོག་ཕྱོགས་བཅུར་མ་འབྲོས་ཤིག །སྟེང་འོག་ཕྱོགས་བཅུར་བྲོས་གྱུར་ན། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་སྐེ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་བསྡོམ། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས། །ཐོ་བ་ཅན་གྱིས་རྒྱབ་ནས་རྡུངས། །དབྱུག་ཏོ་ཅན་གྱིས་རྒྱབ་ནས་དེད། །ཕུར་བུ་ཅན་གྱིས་སྙིང་ལ་ཐོབས། །རལ་གྲི་ཅན་གྱིས་དུམ་བུར་གཏུབ། །མདའ་མདུང་ཅན་གྱིས་ཟང་ཐལ་གྱིས། །འཁོར་ལོ་ཅན་གྱིས་དུམ་བུར་གཏུབ། །རིངས་པར་ཁུག་ལ་བྱད་དུ་ཆུགས། །ལྷ་

p. 790

དང་ཕྲོལ་ལ་སྨྱོ་འབོག་ཐོངས། །དམ་ཉམས་དགྲ་བགེགས་མྱུར་དུ་ཁུགས། །བཀུག་གཞུག་ལན་གསུམ་བྱས་ནས་གཏོར་མ་བཤམ། ཐུན་སྔགས་བསྒྲང་། གཞུང་ལྟར་འདོན། འགུགས་སྔགས་དྲག་ཏུ་བརྗོད་ཅིང་། རྣམ་ཤེས་གཟུགས་ལ་དབབ་པའི་དམིགས་པ་དྲག་པོ་བྱའོ། །དེ་ཉིད་བསྒྲུབ་བྱ་དངོས་སུ་བསམ། ལྷ་དང་དབྱེ་བ་ནི། གཏོར་མ་ཟུར་གསུམ་གཅིག་བྲན་ལ་བཞག་སྟེ། བདག་མདུན་དབྱེར་མེད་པའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་རྣམས་ཀྱིས་བསྒྲུབ་བྱའི་ལུས་ལ་གནས་པའི་ལྷ་སྲུང་ཡེ་ཤེས་པ་རྣམས་རྡོ་རྗེ་སེམས་དཔའ་དང་། འཇིག་རྟེན་པ་རྣམས་ལས་མགོན་གྱི་སྐུར་གསལ་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་མཆོད། ཨོཾ་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ།༓

བསད་པ་ལས་བཞི་མུ་མཐུད།

p. 791

གལ་ཏེ་མ་སྤངས་ན་སངས་རྒྱས་ཀྱི་བཀའ་དང་འགལ་ཞིང་ཁྱོད་ཀྱང་བསྒྲལ་བའི་ཞིང་དུ་འགྱུར་བས། དེ་བས་མྱུར་དུ་སྤང་བར་གྱིས་ཤིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཤག་ཕྱེས་ཤག་ཕྱེས་མ་མ་ཏྲག་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ་བྷྱོ། བསྟན་པ་འཇིགས་པར་བྱེད་པ་ཡི། །དགྲ་བོ་བསྲུང་བའི་ལྷ་ཁྱོད་ཉོན། །གདུག་པའི་སེམས་འཆང་དགྲ་བོ་འདིས། །དཀོན་མཆོག་བླ་མ་ལ་སྨད་ཅིང་། །རྣལ་འབྱོར་ལ་སྡང་སེམས་ཅན་འཚེ། །སྒྲུབ་པ་པོ་རྣམས་བརྙས་གྱུར་པས། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །དམྱལ་བའི་སྡུག་བསྔལ་མྱོང་གྱུར་པས། །བདག་གིས་མྱུར་དུ་བསྒྲལ་ནས་ནི། །གཟུགས་ཀྱིས་ལྷ་རྣམས་མཆོད་པ་ཡིན། །ཁྱོད་ཀྱིས་བསྲུང་བར་མ་བྱེད་ཅིག །སྡིག་ཅན་དགྲ་འདི་མྱུར་དུ་སྤོངས། །གདོང་ལྔ་སྐབས་ཕོ་ལྷ་ཕྲག་པ་སོགས་ལ་འཇུག །དམ་ཚིག་ཉམས་པའི་དགྲ་བོ་འདི། ཕོ་ལྷ་དང་ཕྱེས་ཤིག །ཕོ་སྲི་དང་སྤྲོད་ཅིག །

p. 792

མ་ལྷ་དང་ཕྱེས་ཤིག །མོ་སྲི་དང་སྤྲོད་ཅིག །ཞང་ལྷ་དང་ཕྱེས་ཤིག །ཞང་འདྲེ་དང་སྤྲོད་ཅིག །ཚེ་ལྷ་དང་ཕྱེས་ཤིག །ཚེ་བདུད་དང་སྤྲོད་ཅིག །སྲོག་ལྷ་དང་ཕྱེས་ཤིག །སྲོག་བདུད་དང་སྤྲོད་ཅིག །དགྲ་བླ་དང་ཕྱེས་ཤིག །དགྲ་སྲི་དང་སྤྲོད་ཅིག །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས་ཤིག །མཉམ་པར་འོང་བའི་བདུད་དང་སྤྲོད་ཅིག །ལེ་གུའི་ལྷ་དང་ཕྱེས་ཤིག །སྲོག་གཅོད་ཀྱི་བདུད་དང་སྤྲོད་ཅིག །ཡུལ་ལྷ་དང་ཕྱེས་ཤིག །ཡུལ་འདྲེ་དང་སྤྲོད་ཅིག །མཁར་གྱི་རྩེ་ལྷ་དང་ཕྱེས་ཤིག །མཁར་བདུད་དང་སྤྲོད་ཅིག །འདི་གདོང་ལྔ་སྐབས་མ་གཏོགས་མི་དགོས། ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །མ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །ཞང་ལྷ་ལྟེ་བའི་དཀྱིལ་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །དགྲ་བླ་སྤྱི་བོའི་གཙུག་ནས་ཕྲོལ། །བན་བོན་སྐྱེ་བོ་ལ་སོགས་པའི། །འགོ་བའི་ལྷ་སྲུང་རྣམས་དང་ད་ཕྲོལ་ཅིག །འཇིག་རྟེན་སྲུང་

p. 793

སྐྱོབ་ཁ་འཛིན་རྣམས་དང་ད་ཕྲོལ་ཅིག །༈ ན་མོ། དགྲ་བོའི་ཙིཏྟ་ཤག་ཕྱེས། དྷེ་ཝ་ཕྱེས། ཤག་ཕྱེས། དགྲ་ལ་འགོ་བའི་ལྷ་ཐམས་ཅད་པྲ་ཝེ་ཤ་ཡ་ཕཊ། ཨུ་ཙ་ཏ་ཡ་ཕཊ། ཡེ་ཤེས་པ་རྣམས་རང་ཉིད་ལ་བསྟིམ། འཇིག་རྟེན་པ་རྣམས་ཁོ་ཡི་གཤེད་མར་ཕབ་བོ། །གཏོར་མ་ཕྱི་རོལ་དོར། དེ་ནས་ཐུན་དབབ་པ་ནི། ཐུན་རྫས་རྣམས་གྲི་ཁྲག་གིས་ངར་གླུད་ལ། སྔོན་དུ་བསྒྲུབ་པའི་ཐུན་རྫས་རྣམས་ཐོགས་ཏེ་འདི་སྐད་དོ། །ཧཱུྃ་བྷྱོ། དཔལ་ཆེན་ཁྲག་འཐུང་སྤྲུལ་པ་ནི། །ཕོ་ཉ་ཐུན་གྱི་ཚོགས་འཕྲོས་པས། །ཁྲག་སྣ་དུག་སྣའི་ཐུན་རྣམས་ནི། །གནམ་ལྕགས་ཐོག་དམར་ཁྱུགས་སེ་ཁྱུག །ཀེ་ཚེ་ཤང་ཚེའི་ཐུན་རྣམས་ནི། །རི་རབ་སྒྱོགས་ཆེན་ཆེམས་སེ་ཆེམ། །དམིགས་པའི་འབེན་ལ་ཆེ་ཆུང་མེད། །ཕོ་ཉའི་ལས་ལ་དཀའ་སླ་མེད། །ཡུངས་དཀར་རྦབ་ལ་གྱེན་ཐུར་མེད། །ཕུར་པའི་མདའ་ལ་ཉེ་རིང་མེད། །དམ་ཉམས་དགྲ་བགེགས་སྡིག་ཅན་འདིས། །དང་པོ་སངས་

p. 794

རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ཐ་མར་རྣལ་འབྱོར་བདག་ལ་བསྡོས། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །དམིགས་པའི་འབེན་ལ་ལིངྒ་བྲིས། །ནོར་དུ་མེད་པའི་གཟུགས་བརྙན་ལ། །བསྙོན་དུ་མེད་པའི་མིང་རུས་བཏབ། །བྱོལ་དུ་མེད་པའི་ལས་ཀྱིས་མནར། །འཆོར་དུ་མེད་པའི་ཕོ་ཉས་བཀུག །འགྱུར་དུ་མེད་པའི་ཕྱག་རྒྱས་བཅིངས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །བཞི་སྙིང་དང་། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀུ་རུ་རྦད་ཀུན་བྷྱོ། པྲ་མོ་ཧ་ཐུན་བྷྱོ། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀ་ར་ལི་ཐུན་བྷྱོ། ཀཾ་ཀ་ལི་ཐུན་བྷྱོ། ཀ་ལ་ར་ཏྲི་ཐུན་བྷྱོ། ཞེས་ཐུན་གདབ་བོ། །དེ་ནས་ཕུར་པ་གདབ་པ་ནི། རང་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་ལས་མགོན་གྱི་ང་རྒྱལ་དུ་འཕོས་ལ། ཤིན་ཏུ་ཁྲོས་པའི་སེམས་ཀྱིས་གྲི་ལྕགས་ཀྱི་ཕུར་བུ་བསང་སྦྱང་བྱས་ལ། སྟོང་པའི་ངང་ལས་ཧཱུྃ་ལས་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་སྐུ་མདོག་མཐིང་ནག་ཞལ་

p. 795

གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པ། ལྟེ་བ་མན་ཆད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ་རྣོ་ངར་དང་ལྡན་པ། ཚྭ་ཚྭ་དམར་ཆི་ལི་ལི་ཁོལ་བ་དགྲ་བགེགས་བསྒྲལ་བའི་ལས་བྱེད་པར་གྱུར། ཧཱུྃ་བྷྱོ། དཔལ་ཆེན་ཁྲག་འཐུང་སྤྲུལ་པ་ནི། །ཕོ་ཉ་ཕུར་བུའི་ཚོགས་འཕྲོས་པས། །སྐུ་སྟོད་ཁྲོ་ཞལ་བྱ་རོག་གདོང་། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །སྐེད་པ་རྒྱ་མདུད་ལྕེམ་བཞོག་ཅན། །ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར། །དབལ་གྱི་རྩེ་ལ་གློག་དམར་འཁྱུག །ཕྱར་བ་ཙམ་གྱིས་དགྲ་རྣམས་བསྔངས། །གསོར་བ་ཙམ་གྱིས་གཉན་རྣམས་འདར། །གཟིར་བ་ཙམ་གྱིས་བདུད་དཔུང་འཇོམས། །སྟེང་གི་ལྷ་ལ་མི་འདེབས་སོ། །འོག་གི་ཀླུ་ལ་མི་འདེབས་སོ། །བར་གྱི་བཙན་ལ་མི་འདེབས་སོ། །བསྟན་པ་བཤིག་པའི་དགྲ་བགེགས་འདི། །དང་པོ་ཞེ་སྡང་ཕ་ཡི་རྒྱུད། །

p. 796

བར་དུ་འདོད་ཆགས་མ་ཡི་མངལ། །ཐ་མ་ཉོན་མོངས་དུག་ལྔའི་གཟུགས། །དུག་ལྔ་རྩད་ནས་གཅོད་པའི་ཕྱིར། །དགྲ་བགེགས་གཟུགས་ལ་ཕུར་བུས་ཐོབས། །མཚམས་མེད་ལྔ་ལུས་སྡིག་ཅན་གྱི། །སྤྱི་མགྲིན་སྙིང་ག་ལྟེ་གསང་དང་། །ཡན་ལག་རྣམས་ལ་ཀཱི་ལ་ཡ། །ལུས་ངག་ཡིད་ལ་ཀཱི་ལ་ཡ། །དབང་པོ་ལྔ་ལ་ཀཱི་ལ་ཡ། །སྐྱེ་མཆེད་དྲུག་ལ་ཀཱི་ལ་ཡ། །རྣམ་ཤེས་བརྒྱད་ལ་ཀཱི་ལ་ཡ། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཨོཾ་ཀརྨ་མ་ཧཱ་ཀཱ་ལ་དགྲ་བགེགས་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ་སོགས། ཕུར་བུས་གདབ་བོ། །བཏབ་པའི་ལག་པའི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། བྱང་སེམས་དཀར་དམར་བབས་ནས་ཁོ་ཡི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། ཕུར་བུ་གནས་གསུམ་དུ་རེག་པས་ཁོ་རང་གི་ཚེ་བསོད་ནམས་སྟོབས་བཀྲག་གཟི་བརྗིད་ཡི་གེ་གསུམ་གྱི་རྣམ་པར་བསྡུས་ནས། རང་ཉིད་ཀྱི་ཡི་གེ་གསུམ་ལ་ཐིམ་པས། རང་ཉིད་གཟི་བརྗིད་བཀྲག་མདངས་དང་ལྡན་པར་བསམ། ཁོ་མེ་

p. 797

ཏོག་སད་ཀྱིས་ཁྱེར་བ་ལྟར་སོང་བར་བསམ། ནྲྀ་ཏྲི་སྥ་ར་ན་ཕཊ། རྣམ་པར་ཤེས་པ་སྤར་རོ། །དེ་ནས་གྲི་ལྕགས་ཀྱི་གྲི་གུག་རལ་གྲི་མགོན་པོའི་ཕྱག་མཚན་དུ་མོས་ལ་འདི་སྐད་དོ། །ཧཱུྃ་བྷྱོ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡི། །རྡོ་རྗེ་རབ་ཏུ་འབར་བ་དང་། །འཁོར་ལོ་རབ་ཏུ་རྩུབ་པ་དང་། །པདྨ་འོད་ཟེར་འཁྲུགས་པ་དང་། །གཡུ་དྲུང་རིས་དང་མདུང་རྩེ་གསུམ། །མཆེ་བ་དང་ནི་མདུང་ཐུང་དང་། །འཕེན་པའི་ཁ་ཊྭཱཾ་མདའ་བོ་ཆེ། །གསོད་པའི་རལ་གྲི་ཀཱ་མ་ལ། །གཏུབ་པའི་ཆུ་གྲི་ཡ་ར་ན། །གཤག་པའི་ཤཀྟི་ཚིནྡ་ན། །གསོད་པའི་དགྲ་སྟྭ་ཁ་བོ་ཆེ། །འཇུག་པའི་གདུང་དང་བརྡུང་བའི་ཐོ་བ་ནི། །དྲག་ཅིང་ཕ་རོལ་འཇོམས་པར་བྱེད། །དམ་ཉམས་དགྲ་བོ་སྡིག་ཅན་ལ། །མཚོན་ཆ་ལྔ་ཡི་ཆར་ཕོབ་ཅིག །ཕོ་བདུད་རྐང་པ་གཡས་ནས་གཏུབ། །མོ་བདུད་རྐང་པ་གཡོན་ནས་

p. 798

གཏུབ། །དགྲ་བགེགས་མ་ལུས་ཐམས་ཅད་ཀྱི། །དུག་གསུམ་རྩད་ནས་འཇོམས་མཛད་ཅིང་། །ལོག་རྟོག་འཁོར་བའི་རྒྱུན་ཆོད་ཅིག །དཔལ་ཆེན་འཁོར་ལོའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་རྡོ་རྗེའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་རཏྣའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་པདྨའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་རྒྱ་གྲམ་ཐོག་སེར་ཆེན་པོ་ཕོབས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན་དུ་བརྡུང་། །ཁྲོ་བོ་འབར་བའི་དཀྱིལ་འཁོར་དུ། །ཁྲོ་མོ་འབར་བའི་གཏུན་ཚོགས་སུ། །བརྡུང་ན་ལྷ་ཡང་བརླག་པར་བྱེད། །སྡིག་ཅན་ཁྱོད་ལ་སྨོས་ཅི་དགོས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །དེ་ནས་གྲི་ལྕགས་ཀྱི་གྲི་གུག་གམ་རལ་གྲི་མགོན་པོའི་ཕྱག་མཚན་དུ་མོས་ལ། ཉ་བོ་རྣམས་བསྒྲུབ་བྱ་དངོས་སུ་བསམ་ལ། རྐང་པ་གཡོན་པ་ནས་བརྩམ་སྟེ་གཏུབ་བོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཀྱི་སྙིང་ལ་ཐུམ་རིལ་རྦད། རྩ་ལ་

p. 799

པི་ཤག་རྦད། སྲོག་ལ་ཉོབ་ཆོད། སྙིང་ལ་ཚལ་པ་རྦད། དབུགས་ལ་མཱ་ར་ཡ་ཧཱུྃ་ཕཊ། བཞི་སྙིང་བཟླས་ཏེ་གཏུབ་བོ། །སྐབས་འདིར་ཚོགས་རྫས་དང་དགྲ་བགེགས་ཤ་ཁྲག་བྱིན་གྱིས་བརླབས་ཏེ། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ་འདོད་པའི་ཡོན་ཏན་དུ་མ་དང་ལྡན་པ་འདི་དག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་བསྟབ་བོ། །བཞེས་ཤིག་རོལ་ཅིག་ཁཱ་ཧི། ཧཱུྃ། དགྲ་བགེགས་བསྒྲལ་བའི་ཕུང་པོ་འདི། །ཁྲག་འཐུང་ཡེ་ཤེས་མགོན་པོའི་ཞལ་དུ་བསྟབ། །སྲོག་བདག་བྱ་རོག་

p. 800

གདོང་བཞིའི་ཞལ་དུ་བསྟབ། །ཡུམ་ཆེན་ལྷ་མོ་བཞི་ཡི༴ ཤ་ཟ་སེང་གེའི་གདོང་ཅན༴ ཐུགས་མགོན་ལེགས་ལྡན་ནག་པོའི༴ ལས་མཛད་མཁའ་འགྲོ་དྲུག་གི༴ བཀའ་སྡོད་ལེགས་ལྡན་བརྒྱད་ཀྱི༴ ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཞལ་དུ༴ མ་མོ་བྱེ་བའི་ཚོགས་དང་གནོད་སྦྱིན་ཁྲི་ཡི་ཞལ༴ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡ། །ཡང་ན། ཁྱོད་ཀྱི་ལྔ་ཕུང་ཡན་ལག་ལ། །ཤ་ཟ་ལྕེ་སྤྱང་ལ་སོགས་པ། །གཅན་གཟན་འཇིགས་པའི་ཚོགས་རྣམས་ཧབས་སེ་ཧབ། །ཁྱོད་ཀྱི་ཤ་རུས་ཀིང་ཀང་ལ། །བྱ་རོག་ཁྭ་ཏ་ལ་སོགས་པའི། །ཀླུ་ཡི་ཆོ་འཕྲུལ་མང་པོ་ཤིགས་སེ་ཤིག །ཁྱོད་ཀྱི་རྣམ་ཤེས་གྱ་གྱུ་ལ། །མདའ་མདུང་རལ་གྲི་ལ་སོགས་པ། །མཚོན་ཆའི་ཚོགས་རྣམས་ཐིབས་སེ་ཐིབ། །ཁྱོད་ཀྱི་དབང་པོའི་ལྷག་རོལ་ལ། །དུག་ཐུན་ཁྲག་ཐུན་ལ་སོགས་པ། །

p. 801

ཡུངས་ཀར་སེར་ཆེན་ཤ་ར་ར། །ཁྱོད་ཀྱི་དོན་སྙིང་ཞམ་ཞུམ་ལ། །རྡོ་རྗེ་དབྱུག་ཐོ་སྟྭ་རེ་ལ་སོགས་པའི། །རྩང་ཕུར་གཏུམ་པོ་མང་པོ་ཆེམས་སེ་ཆེམ། །ཕུང་པོ་བསྒྲལ་བའི་རྗེས་ཤུལ་ལ། །འཁོར་གྱི་མཁའ་འགྲོ་རྣམས་ཀྱང་རོལ། །དགྲ་བགེགས་ཤ་ནི་ཟན་བས་ཞིམ། །དགྲ་བགེགས་ཁྲག་ནི་ཆང་བས་བསྒྲེ། །ལྷ་བ་རྐང་རྣམས་མར་བས་ཞིམ། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། །ཆེམ་ཆེམ་ཁྲོལ་ཁྲོལ་བཞེས་སུ་གསོལ། །ཤ་ཁྲག་མཆོད་པ་འདི་བཞེས་ལ། །བཀའ་དང་བསྟན་པ་བསྲུང་དུ་གསོལ། །འཁོར་དང་གང་ཟག་བསྐྱང་དུ་གསོལ། །བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ། །ཤ་ཁྲག་མཆོད་པ་འདི་བཞེས་ལ། །བར་ཆད་འབྱུང་པོ་འདུལ་དུ་གསོལ། །ནག་པོ་ཆེན་པོ་འཁོར་བཅས་རྣམས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །བཅོལ་

p. 802

བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཤཱ་ས་ན་སྤེལ་ཚིག་དང་བཅས་པས་འབུལ་དམོད་པ་དང་ཐལ་མོ་བརྡབ་བོ། །དེ་ནས་ལིངྒ་གཏོར་ཆུང་ཤ་དུམ་ཆངས་བུ་རྣམས་རེ་རེ་དྲག་པོའི་སྣོད་ནང་དུ་བཤམ་ལ། ༈ ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ལྕགས་ཁང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས་གནོད་པར་བྱེད་པའི་དགྲ་བགེགས་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་གྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་བྱེད་དགྲ་བགེགས་འདིར་ཁུག་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཀྱི་སྲོག་ལ་ཕྱེས་ཤག་ཕྱེས་མ་མ་ཏྲག་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། ལྷ་དང་ཕྱེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཐུན་བྷྱོ། ཐུན་གདབ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་དགྲ་

p. 803

བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད། ནྲྀ་ཏྲི་སྥ་ར་ཎ་ཕཊ། རྣམ་ཤེས་སྤར་ནས་བསང་སྦྱང་། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་དོན་སྙིང་ནང་ཁྲོལ་རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། དང་པོ་ཤར་ནས། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །ཞེས་སོགས་ཀྱི་ཤོ་ལོ་ཀ །ཧཱུྃ། ཁྲག་འཐུང་མ་ཧཱ་ཀཱ་ལ་འཁོར་དང་བཅས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་ཕྱེས་ཤིག །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བསྟབ། །བཞེས་ཤིག་རོལ་ཅིག་ལྷག་མ་མེད་པར་རོལ། །ཅེས་ཞལ་དུ་བསྟབ་བོ། །

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བཟློག་གི་འདོན་འགྲིགས་སྟབས་བདེ།

p. 804
p. 805

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བཟློག་གི་འདོན་འགྲིགས་སྟབས་བདེ་བཞུགས་སོ། །

p. 806

ན་མ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། གཏོར་བཟློག་དུས་ལིངྒ་བཅུ་བདུན་བཤམས་ནས་བྲན་ལ། བསད་པ་ལས་བཞི་གཞུང་ལྟར་བྱས་ནས་ཞལ་བསྟབ་མཇུག་ནས། ཕྱོགས་བཞིར་ལིངྒ་བཞི་རེ་ཚན་བཞིར་བཤམས་ནས། དང་པོ་ཤར་གྱི་ལིངྒ་བཞི་པོའི་ནང་ནས་གཅིག་ཟུར་དུ་བཤམས་ནས། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ལྕགས་ཁང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས། གནོད་པར་བྱེད་པའི་དགྲ་བགེགས་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཧཱུྃ། བླ་མ་ཡི་དམ་

p. 807

བཀའ་བདེན་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་གྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་བྱེད་དགྲ་བགེགས་འདིར་ཁུག་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་དགྲ་བགེགས་བྱད་མ་ལྷ་དང་ཤག་ཕྱེས་ཤག་ཕྱེས་མ་མ་རུ་ཊ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ལྷ་དང་དབྱེའོ། །ཨོཾ་མ་ཧཱ་ཀཱ་ལ་ཐུན་བྷྱོ། ཞེས་པས་ཐུན་དབབ་བོ། །ཨོཾ་མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད། ནྲྀ་ཏྲི་སྥ་ར་ཎ་ཕཊ། རྣམ་ཤེས་སྤར་བའོ། །བསངས་སྦྱངས་ནས། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་

p. 808

གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་དོན་སྙིང་ནང་ཁྲོལ་རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ་གི་བར་བརྗོད། དང་པོ་ཤར་ནས། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ཤར་དུ་བྱོན་པའི་ཚེ། །ཡུལ་འཁོར་སྲུང་ཡང་ཟིལ་གྱིས་གནོན། །དྲི་ཟ་རྣམས་ཀྱང་དབང་དུ་སྡུད། །ལས་སུ་སངས་རྒྱས་བསྟན་པ་སྲུངས། །ཟས་སུ་ཤ་དང་ཁྲག་ལ་ཟོ། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའི་མཐར། ཧཱུྃ། ཁྲག་འཐུང་མ་ཧཱ་ཀཱ་ལ་འཁོར་དང་བཅས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་ཕྱེས་ཤིག །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བསྟབ། །བཞེས་ཤིག་རོལ་ཅིག་ལྷག་མ་མེད་

p. 809

པར་བཞེས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་ཀྱིས་ལིངྒ་གཅིག་དེ་མདོས་ནང་དུ་ཕུལ། དེ་འཕྲོའི་ལིང་ཆུང་གསུམ་ལ། ཨོཾ་ཁཎྜ་རོ་ཧེ༴ འགུགས་ཆུང་། ལྷ་དབྱེ་ཐུན་གདབ་རྣམ་ཤེས་སྤར་བ་བྱིན་རླབས་བཅས། རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཤྲཱི་མ་ཧཱ་ཤཱ་ས་ན་སོགས། དེ་འདྲ་ལན་གསུམ་གྱིས་ལིངྒ་གསུམ་པོ་མདོས་ནང་དུ་ཕུལ་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་བསྟབ་བོ། །བཞེས་ཤིག །རོལ་ཅིག་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་མི་ཟད་པ་ནམ་མཁའི་མཐའ་དང་མཉམ་པ་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་ཟློགས། ཁྱད་པར་དུ་རྦད་འདྲེ་རྦད་གཏོང་བྱད་མ་གནོད་བྱེད་

p. 810

ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ཐ་ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་ཨཱཿཧཱུྃ། བསྟོད་པ་ནི། ཧཱུྃ། མི་འགྱུར་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེའི་སྐུར་སྟོན་པ། །གདུག་པ་འདུལ་མཛད་མ་ཧཱ་ཀཱ་ལའི་ཚོགས། །དྲག་པོ་སྟོབས་ལྡན་ཁྱོད་ལ་བདག་བསྟོད་དོ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིར་ལྡན། །ཁྲོ་གཉེར་གསུས་འཕྱང་འཆེ་བ་རབ་ཏུ་གཙིགས། །སྨིན་མ་ཨག་ཚོམ་དམར་སེར་མདངས་དང་ལྡན། །གཟི་བརྗིད་རབ་འབར་སྐུ་ལ་ཕྱག་འཚལ་བསྟོད། །ཁྲོས་པའི་ཆ་བྱད་སྤྱན་གསུམ་བསྒྲད་པ་ནི། །འཇིག་རྟེན་ལྷ་ཆེན་མ་ལུས་ཟིལ་གྱིས་གནོན། །ཞལ་གདངས་ལྗགས་འདྲིལ་བགེགས་དཔུང་བསྲེགས་པར་བྱེད། །ང་རོ་འཇིགས་པའི་གསུང་ལ་ཕྱག་འཚལ་བསྟོད། །རྟོག་མེད་རྣལ་

p. 811

གྲོལ་མཉམ་པ་ཐུགས་ཆུད་ཅིང་། །ཆགས་མེད་ཐུགས་རྗེས་འགྲོ་དོན་མཛད་པའི་ཕྱིར། །བྱམས་པ་ཆེན་པོའི་སྐུ་མདོག་རབ་ཏུ་གནག །མི་གནས་བདེ་ཆེན་ཐུགས་ལ་ཕྱག་འཚལ་བསྟོད། །རྐྱེན་ལས་ཡོངས་གྲོལ་བདེ་ཆེན་མཐར་ཕྱིན་མཛད། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་གྱིས་མཛེས། །ཉོན་མོངས་ལོག་རྟོག་ཀླུ་རྣམས་འཇོམས་མཛད་པའི། །སྦྲུལ་གྱི་རྒྱན་དང་སྟག་ལྤགས་ཤམ་ཐབས་གསོལ། །རྫུ་འཕྲུལ་སྟོབས་ཀྱིས་བྱིན་རླབས་ཤུགས་དང་ལྡན། །ཡོན་ཏན་མཆོག་གཏེར་ཁྱོད་ལ་ཕྱག་འཚལ་བསྟོད། །རྟོག་པ་རབ་གཅོད་ཉམས་པའི་སྙིང་འབྱིན་པའི། །གྲི་གུག་རལ་གྲི་གཡས་པའི་ཕྱག་ན་བསྣམས། །ཆོས་ཉིད་བདེན་པ་རྟོགས་ཕྱིར་ཐོད་པ་གཡོན། །སྡིགས་པའི་མཛུབ་མོ་གནམ་དུ་བསྒྲེངས་པ་ཡིས། །ལོག་འདྲེན་བགེགས་ཚོགས་མ་ལུས་བསྐྲད་པར་བྱེད། །ཕྲིན་ལས་ཐོགས་

p. 812

མེད་ལྡན་ལ་ཕྱག་འཚལ་བསྟོད། །ཁྲོས་པའི་ཉམས་དང་སྒྲ་སྐད་དྲག་པོ་ཡིས། །ལས་བྱེད་དྲག་པོ་མ་མོ་མཁའ་འགྲོ་དང་། །གིང་དང་གཤིན་རྗེ་ཤ་ཟ་མ་ལུས་ཚོགས། །རང་དབང་མེད་པར་དབང་སྡུད་ཕོ་ཉར་འགྱེད། །འགལ་བྱེད་ཚོགས་རྣམས་མ་ལུས་ཚར་བཅད་ནས། །དྲག་པོ་བསྒྲལ་བྱེད་ཚོགས་ལ་ཕྱག་འཚལ་བསྟོད། །ཁ་ཊྭཱཾ་ག་ལས་བདུད་རྩིའི་ཆར་རྒྱུན་འབེབས། །ཚར་གཅོད་རྗེས་འཛིན་སྐུ་གསུམ་དངོས་གྲུབ་སྟེར། །ཁྱད་པར་རིག་འཛིན་སྒྲུབ་པ་པོ་ཡིས་ནི། །བསྙེན་ཅིང་སྒྲུབ་པའི་འབྲས་བུ་སྨིན་མཛད་ཅིང་། །ཕྲིན་ལས་དབང་དང་མངོན་སྤྱོད་ལ་སོགས་པའི། །རབ་སྟེར་དཔལ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་སོགས་རྣལ་འབྱོར་དབང་ཕྱུག་གིས། །བདེ་ཆེན་འབྲས་བུ་སྒྲུབ་པའི་ཚེ། །ཕྱི་ནང་བར་ཆད་བགེགས་ཀྱི་ཚོགས། །གང་ཡིན་

p. 813

ནག་པོ་ཆེན་པོས་སྒྲོལ། །བསྟན་པ་བཞུགས་པར་སྒྲུབ་པའི་ཚེ། །མཐུན་རྐྱེན་འབྱོར་པའི་སྐལ་མཛད་ཅིང་། །ལོངས་སྤྱོད་རྒྱ་ཆེན་ཕུན་སུམ་ཚོགས། །གང་འདོད་ནག་པོས་བདག་ལ་སྩོལ། །གཞན་ཡང་འཇིག་རྟེན་འཇིག་རྟེན་འདས། །དངོས་གྲུབ་ཚེ་དང་དབང་ཕྱུག་དཔལ། །གང་ཡིན་ནག་པོ་ཆེན་པོ་ཡིས། །རྒྱུན་ཆད་མེད་པར་བདག་ལ་སྩོལ། །གདུལ་བྱའི་སེམས་ཅན་མ་ལུས་པ། །འདུལ་བའི་དུས་ལ་བབ་པའི་ཚེ། །ཕྲིན་ལས་བྱེ་བྲག་སྣ་ཚོགས་པ། །གང་ཡིན་ནག་པོ་ཆེན་པོས་སྒྲོལ། །བླ་མ་ལ་སྡང་གསང་སྔགས་སྨོད། །རྣལ་འབྱོར་སྐུ་ལ་བརྙས་བྱེད་པའི། །དམ་ཉམས་དགྲ་བགེགས་མ་ལུས་ཚོགས། །གང་ཡིན་ནག་པོ་ཆེན་པོས་བསྒྲལ་དུ་གསོལ། །ཞེས་པ་འདི་སློབ་དཔོན་ནག་པོ་སྤྱོད་པས་ཆོས་སྐྱོང་ཞལ་གཟིགས་པའི་དུས་སུ་མཛད་པའོ། །ཡང་གོང་བཞིན་ལྷོའི་ལིངྒ་བཞི་པོའི་ནང་ནས་གཅིག་ཟུར་དུ་བཤམས་ཏེ། ཨོཾ་ཁཎྜ་རོ་

p. 814

ཧེ་སོགས་ནས། བསྒྲལ་ཆུང་རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། བར་བརྗོད། དེ་ནས། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ལྷོ་རུ༴ འཕགས་སྐྱེས་པོ་ཡང་ཟིལ༴ དྲི་ཟ་རྣམས་ཀྱང་དབང་དུ༴ ལུས་སུ་སངས་རྒྱས༴ ཟས་སུ་ཤ་དང༴ དམ་ཉམས་དགྲ་བོའི༴ གཏོར་མའི༴ བཅོལ་བའི༴ དེའི་མཐར། ཧཱུྃ། ཁྲག་འཐུང་མ་ཧཱ་ཀཱ་ལ་འཁོར་དང་བཅས། །གྲུ་གསུམ་མཐིང་ནག་འབར་བ་ཞལ་ཕྱེས་ཤིག །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བསྟབ། །བཞེས་ཤིག་རོལ་ཅིག་ལྷག་མ་མེད་པར་བཞེས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་ཀྱིས་ལིངྒ་གཅིག་དེ་མདོས་སུ་འབུལ། གོང་ལྟར་དེ་འཕྲོའི་ལིང་ཆུང་གསུམ་ལ། ཨོཾ་ཁཎྜ་རོ་ཧེ་སོགས་ནས། རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཤཱ་ས་ན་སོགས། དེ་འདྲ་ལན་གསུམ་གྱིས་ལིངྒ་གསུམ་པོ་མདོས་སུ་ཕུལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་

p. 815

པ་རྣམས་ཀྱི་ཞལ་དུ་བསྟབ་བོ། །བཞེས་ཤིག །རོལ་ཅིག་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་སོགས། དམོད་བཅོལ། བརླག་པའི་ཕྲིན་ལས་མཛོད་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་སོགས། མཆོད་པར་བྱའོ། །བསྟོད་པ་ནི། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །སྔོན་དུས་གསུམ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །གསང་སྔགས་རྒྱུད་ཀྱི་ཆོས་སྐྱོང་དུ། །བསྟན་པ་སྲུང་བར་མངའ་གསོལ་བའི། །སངས་རྒྱས་ཤཱཀྱ་ཐུབ་བསྟན་པ་ལ། །ཆོས་སྐྱོང་རྒྱལ་པོར་གཉེར་བརྐོས་པ། །ན་ལེནྡྲ་ཡི་བྱང་ཕྱོགས་སུ། །བསྟན་པ་བསྲུང་བར་རྟག་ཏུ་བཞུགས། །མུ་སྟེགས་གནོད་པ་བྱུང་དུས་སུ། །གནས་ལྔ་དག་ལ་མཁས་པ་ཡི། །ལྔ་བརྒྱ་པ་ཡིས་གསོལ་བཏབ་པས། །ཆོས་སྐྱོང་ཁྱོད་ཀྱི་སྤྲུལ་པ་ཡིས། །ཀླུ་སྒྲུབ་ཨཱརྱ་དེ་ཝ་བསྐུལ། །མུ་སྟེགས་རྒོལ་བ་ཚར་ཡང་བཅད། །

p. 816

སངས་རྒྱས་བསྟན་པ་དར་བར་བྱས། །མ་ཁོལ་བསྟན་པའི་ལྗོན་ཤིང་བསྒྱུར། །སངས་རྒྱས་བསྟན་པ་འཛིན་པ་དང་། །དམ་ཚིག་གཉན་པོ་བསྲུང་བ་དང་། །རྟག་ཏུ་འགྲོ་དོན་མཛད་པ་ཡི། །རྣལ་འབྱོར་རྣམས་ཀྱི་ཆོས་སྐྱོང་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཟ་བྱེད་རྔམ་པའི་མདངས་དང་ལྡན། །ནག་པོ་སྟོང་གི་འཁོར་གྱིས་བསྐོར། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །མ་མོ་བྱེ་བའི་འཁོར༴ ཁྲག་འཐུང་འབུམ་གྱི་འཁོར༴ ལྷ་སྲིན་སྡེ་བརྒྱད་འཁོར༴ ཁྱོད་ལ་བརྟེན་པའི་དམ་རྫས་ནི། །བྱ་ནག་ལུག་ནག་རྒྱལ་མཚན་ལ། །རིན་ཆེན་གསེར་གྱི་སྲོག་སྙིང་བཏགས། །གྲི་རྒོད་ཙིཏྟའི་སྲོག་སྙིང་ལ། །སྲོག་ཡིག་གསེར་གྱིས་བྲིས་པས་བརྒྱན། །བྱ་རྒོད་མདའ་ལ་བཏགས་ནས་སུ། །དར་ཚོན་སྣ་ལྔ་ལ་སོགས་པའི། །འཁོར་བཅས་བརྟེན་པའི་རྟེན་དུ་

p. 817

བཙུགས། །དཔལ་ལྡན་མགོན་པོ་ནག་པོ་ཁྱོད། །སྔོན་གྱི་དམ་བཅའ་མི་དྲན་ནམ། །སངས་རྒྱས་བསྟན་པ་མི་བསྲུང་ངམ། །རྣལ་འབྱོར་ཆོས་སྐྱོང་མི་མཛད་དམ། །དེང་སང་དུས་ཀྱི་ཐ་མ་ལ། །བསྟན་པ་བསྲུང་བའི་དུས་ལ་བབ། །དམ་ཉམས་བསྒྲལ་བའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འདི་ནི་དཔལ་ནཱ་ལེནྡྲའི་བླ་མ་ཙ་མིས་ཆོས་སྐྱོང་ལ་གསོལ་བ་བཏབ་པའོ། །༈ དེ་ནས་ཡང་ནུབ་ཀྱི་ལིངྒ་བཞི་བཤམས་ལ་དེའི་ནང་ནས་གཅིག་ཟུར་དུ་བཤམས་ལ། ཨོཾ་ཁཎྜ་རོ་ཧེ་སོགས་ནས་འགུགས་ཆུང་། རླངས་པ་མ་ཡལ་བར་གྱུར། བར་བརྗོད། དེ་ནས། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ནུབ་ཏུ༴ སྤྱན་མའི་བཟང་ཡང༴ ཀླུ་རིགས་རྣམས་ཀྱང༴ ལས་སུ་སངས་རྒྱས༴ ཟས་སུ་ཤ་དང༴ དམ་ཉམས་དགྲ་བོའི༴ གཏོར་མའི་བདག༴ བཅོལ་བའི་ཕྲིན་ལས༴ དེའི་མཐར། ཧཱུྃ། ཁྲག་འཐུང་མ་ཧཱ་ཀཱ་ལ་འཁོར་དང་བཅས། །གྲུ་

p. 818

གསུམ་མཐིང་ནག་འབར་བ་ཞལ་ཕྱེས་ཤིག །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བསྟབ། །བཞེས་ཤིག་རོལ་ཅིག་ལྷག་མ་མེད་པར་བཞེས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་ཀྱིས་ལིངྒ་གཅིག་དེ་མདོས་སུ་འབུལ། གོང་ལྟར་དེ་འཕྲོའི་ལིང་ཆུང་གསུམ་ལ། ཨོཾ་ཁཎྜ་རོ་ཧེ་སོགས་ནས། རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཤ་ས་ནཱ་སོགས། དེ་འདྲ་ལན་གསུམ་གྱིས་ལིངྒ་གསུམ་པོ་མདོས་སུ་ཕུལ་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་བསྟབ་བོ། །བཞེས་ཤིག་རོལ་ཅིག་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་སོགས་དམོད་བཅོལ་ལ། བརླག་པའི་ཕྲིན་ལས་མཛོད་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་སོགས་ཀྱིས་མཆོད་པར་བྱའོ། །བསྟོད་པ་ནི། ཧཱུྃ། ཧཱུྃ་ལས་སྐྱེས་པའི་ནག་པོ་ཆེ། །པདྨ་ཉི་མའི་གདན་ལ་བཞུགས། །གདུག་པ་ཟིལ་གནོན་མེ་དཔུང་ནས། །མཐུ་

p. 819

ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། བྱ་རོག་མིང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་ཁྲོ་བོའི་རྒྱལ། །ཞབས་གཉིས་གྱད་ཀྱི་སྟབས་ཀྱིས་བཞུགས། །སྟོབས་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། ཆ་ལུགས་འཆང་བའི་ནག་པོ་ཆེ། །སྦྲུལ་དང་རིན་ཆེན་ཐོད་པས་བརྒྱན། །སྟག་ལྤགས་ཤམ་ཐབས་སྐུ་ལ་གསོལ། །དཔའ་བོ་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། ཕྲིན་ལས་མཛད་པའི་ནག་པོ་ཆེ། །འབྲས་བུ་ཐོད་ཁྲག་ཞལ་དུ་གསོལ། །གདུག་པའི་མཚོན་ཆ་ཕྱག་ན་བསྣམས། །གསོད་བྱེད་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། གཟི་མདངས་ལྡན་པའི་ནག་པོ་ཆེ། །དབུ་སྐྲ་སེར་པོ་གྱེན་དུ་བརྫིས། །ཨག་ཚོམ་སྨིན་མ་མེ་ལྟར་འབར། །བརྗིད་པ་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། སྙིང་རྗེ་ཁྲོས་པའི་ནག་པོ་ཆེ། །སྤྱན་གསུམ་སྡང་མིག་མེ་ལྟར་འབར། །རབ་ཏུ་འཁྲུག་པའི་ཁྲོ་གཉེར་ཅན། །གཏུམ་ཆེན་

p. 820

ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། འཇིགས་པའི་གཟུགས་ཅན་ནག་པོ་ཆེ། །ཞལ་གདངས་མཆེ་བ་རྣམ་པར་གཙིགས། །ལྗགས་འདྲིལ་ང་རོ་ཧཱུྃ་སྒྲ་སྒྲོགས། །ཟ་བྱེད་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། བྱང་ཆུབ་སེམས་ལྡན་ནག་པོ་ཆེ། །སངས་རྒྱས་སྤྱན་སྔར་ཁས་བླངས་པ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །དམ་ཅན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། དམ་ལ་མ་འདའ་ནག་པོ་ཆེ། །བསྟན་པ་སྲུངས་ཤིག་ནག་པོ་ཆེ། །རྣལ་འབྱོར་ཆོས་སྐྱོང་ནག་པོ་ཆེ། །བཀའ་བཞིན་སྒྲུབས་ཤིག་ནག་པོ་ཆེ། །གལ་ཏེ་དམ་ལས་ཁྱོད་འདའ་ན། །དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བསླུས། །ཁྱོད་ཉིད་ཉམས་པར་འགྱུར་ཏ་རེ། །རང་ཉིད་བརླག་པར་འགྱུར་ཏ་རེ། །དམ་ཚིག་སྒོ་ནས་བསྟོད་པ་ཞེས་བྱ་བ་བླ་མ་རྡོ་རྗེ་གདན་པས་མཛད་པའོ། །དེ་ནས་བྱང་གི་ལིངྒ་བཞི་པོ་བཤམས་པའི་ལིངྒ་གཅིག་ཟུར་དུ་བཤམས་ལ། ཨོཾ་ཁཎྜ་རོ་ཧེ་སོགས་ནས་འགུགས་ཆུང་ཚང་བར།

p. 821

རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ་བར་བརྗོད། དེ་ནས། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་བྱང༴ རྣམ་ཐོས་སྲས་ཀྱང༴ གནོད་སྦྱིན་རྣམས་ཀྱང༴ ལས་སུ་སངས་རྒྱས༴ ཟས་སུ་ཤ་དང༴ དམ་ཉམས་དགྲ་བོའི༴ གཏོར་མའི༴ བཅོལ་བའི་ཕྲིན་ལས༴ དེ་ནས། ཧཱུྃ། ཁྲག་འཐུང་མ་ཧཱ་ཀཱ་ལ་འཁོར་དང་བཅས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་ཕྱེས་ཤིག །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བསྟབ། །བཞེས་ཤིག་རོལ་ཅིག་ལྷག་མ་མེད་པར་བཞེས། །ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་ཀྱིས་ལིངྒ་གཅིག་དེ་མདོས་སུ་ཕུལ། དེ་འཕྲོའི་ལིངྒ་གསུམ་ལ། ཨོཾ་ཁཎྜ་རོ་ཧེ་སོགས་ནས་འགུགས། རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན༴ ལན་གསུམ་གྱིས་ལིངྒ་གསུམ་པོ་མདོས་སུ་ཕུལ་ནས། དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་

p. 822

བཅས་པ་རྣམས་ཀྱི་ཞལ་དུ་བསྟབ་བོ། །བཞེས་ཤིག་རོལ་ཅིག་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་སོགས་དམོད་བཅོལ་བྱ། བརླག་པའི་ཕྲིན་ལས་མཛོད་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་སོགས་མཆོད་པ་བྱ། བསྟོད་པ་ནི། ཧཱུྃ། གང་ཞིག་བདེ་གཤེགས་སྤྱན་སྔར་ཞལ་བཞེས་པའི། །འཇིག་རྟེན་ལས་འདས་འཇིགས་བྱེད་ཆེན་པོའི་ཚུལ། །བྱ་རོག་མིང་ཅན་བདུད་འདུལ་བསྟན་པ་སྲུངས། །དམ་ཅན་དགེ་འདུན་སྐྱོང་ལ་བདག་བསྟོད་དོ། །ཤྲཱི་ནཱ་ལེནྡྲ་ཡི་གནས་དང་དགེ་འདུན་སྡེ། །སྟོང་ཉིད་སྒོམ་དང་བདེ་མཆོག་རྣལ་འབྱོར་པ། །ཉེ་བར་སྲུང་མཛད་ནག་པོ་བྱ་རོག་མཚན། །བསིལ་བའི་ཚལ་བཞུགས་མགོན་ལ་ཕྱག་འཚལ་བསྟོད། །སློབ་དཔོན་སྨད་དང་བསྟན་ལ་སྡང་བ་དང་། །སྤུན་ལ་འཁུ་ཞིང་སེམས་ཅན་ཡོངས་ལ་འཚེ། །དམ་ཚིག་ཁྱད་དུ་གསོད་པའི་དགྲ་བགེགས་རྣམས། །ཚར་གཅོད་གཏུམ་པོ་ཁྱོད་ལ་

p. 823

ཕྱག་འཚལ་བསྟོད། །འབྲི་གུང་འཇིག་རྟེན་གསུམ་མགོན་གྱིས་མཛད་པའོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀ་ཝུ་མ་ཧཱ་ཀཱ་ལའི་སྐུ་མདོག་ནི། །ཁ་དོག་མཐིང་ནག་གསུས་པ་རབ་ཏུ་འཕྱང་། །ག་ཤལ་དོ་ཤལ་མི་མགོའི་ཕྲེང་བས་བརྒྱན། །ང་ཞེས་དྲེགས་པའི་འབྱུང་པོའི་ཚོགས་རྣམས་འཇོམས། །ཅ་ཅོ་འབྱིན་པ་རྔམ་པའི་ང་རོ་ནི། །ཆ་ལང་དུང་གི་སྒྲ་ལྟར་ཕྱོགས་བཅུར་སྒྲོགས། །ཇ་ཡི་ཞིང་ལྟར་ཡོན་ཏན་རབ་རྒྱས་ཤིང་། །ཉ་ལྟར་གཅེར་བུ་བརྗིད་པའི་ཆ་ལུགས་ཅན། །ཏ་ལའི་ཤིང་དང་མེ་དང་ནགས་དང་ནི། །ཐ་བ་འཇོམས་མཛད་མཆོད་རྟེན་ཆེན་པོ་བརྒྱད། །ད་ལྟ་རྒྱལ་བའི་བསྟན་པ་སྲུང་མཛད་པ། །ན་དང་མི་འཆི་བདེ་བ་སྟེར་ལ་བསྟོད། །པ་རིའི་དགྲ་ལ་མགོན་པོ་ཁྱོད་གཤེགས་ཚེ། །ཕ་རོལ་བསྒྲལ་བའི་རྣམ་ཤེས་རྡུལ་དུ་རློགས། །བ་ལང་མགོ་ཅན་ལ་སོགས་ཞིང་སྐྱོང་རྣམས། །མ་མོ་མཁའ་

p. 824

འགྲོའི་ཚོགས་རྣམས་དབང་དུ་སྡུད། །ཙཱ་རི་ཏྲ་སོགས་མགོན་པོ་ཁྱོད་གཤེགས་ཚེ། །ཚ་གྲང་འདུ་བའི་ནད་རྣམས་ཞི་ལ་སོགས། །ཛ་དང་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པའི། །ཝ་དང་སྟག་དང་དོམ་དང་དྲེད་དང་ནི། །ཞྭ་མེད་གོས་དང་བྲལ་བའི་གཅན་གཟན་རྣམས། །ཟ་ཞིང་རྒྱུག་པ་མ་མོ་མཁའ་འགྲོའི་ཚོགས། །འ་འུའི་སྒྲ་སྒྲོགས་ཕྱོགས་རྣམས་དུ་མར་རྒྱུག །ཡ་ང་མེད་པར་དཔའ་བའི་དཔའ་བོ་ཁྱོད། །ར་ལ་ཞོན་པའི་རྡོ་རྗེ་ལེགས་པ་སོགས། །ལ་ལས་འགྲོ་བ་མང་པོའི་སྲོག་འཕྲོག་ཅིང་། །ཤ་ལ་ཟ་ཞིང་ཁྲག་ལ་འཐུང་བ་ཡི། །ས་སྟེང་འགྲོ་བ་མང་པོ་ཁྱོད་ཀྱི་འཁོར། །ཧ་ཧའི་སྒྲ་སྒྲོགས་མགོན་པོ་ནག་པོ་ཁྱོད། །ཨ་ལིའི་གད་རྒྱངས་སྒྲོགས་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་ཆོས་རྗེ་རང་

p. 825

བྱུང་རྡོ་རྗེས་ཆོས་སྐྱོང་བྱ་རོག་མིང་ཅན་ཞལ་གཟིགས་དུས་ཀ་ཁ་སུམ་ཅུ་ལ་སྦྱར་ཏེ་བསྟོད་པའོ།། །།བསྟོད་པ་འོག་མ་གཉིས་འདོན་རེས་གསུངས་ཀྱང་ཕྱག་བཞེས་ལ་གཉིས་ཀ་མཉམ་དུ་འདོན་སྲོལ་འདུག །ཕྱོགས་རེར་བཞི་པོ་དེ་ཕུལ་བས་ལིངྒ་བཅུ་དྲུག་རྫོགས་མཚམས། འགུགས་ཆུང་བྱིན་རླབས། པད་སྨུག་འཕྱོང་འདོན། ཤཱ་ས་ནས་ཕུལ། ལིང་ཆུང་གཅིག་ལ་གོང་ལྟར་བསྒྲལ་ཆུང་བྱས་ལ་རྩང་གྱེར་འདོན། ཤཱ་ས་ནས་ཕུལ། དེ་ནས་བསྐང་བཟློག་གདུག་པ་ཚར་གཅོད་འདོན། མཚོན་ཆ་འཁོར་བའི་དམིགས་པ་དང་བཟློག་སྔགས་བཟླས། བཟླས་པ་ཚར་ནས་བདེན་སྟོབས་བརྗོད་ལ་ཐལ་བརྡབ། བྱང་བུ་སོ་གཅིག་བསྒྲགས་ལ་ཐལ་མོ་བརྡབ། ཡིག་བརྒྱ་གསང་བའི་གསོལ་འདེབས། མཆོད་བསྟོད། འཁོར་མང་གིས་བསྟོད་པ་བྱས། བཀའ་བསྒོ་བྱ། དང་པོའི་ཉིན་ཚོགས་འདིར་བྱའོ། །དེ་མིན་དཀར་གཏོར་མཚམས་ལ། མཆན།

པདྨ་སྨུག་ནག་གི་འཕྱོང་། སློབ་དཔོན་ནཱ་ག་ཛུ་ན།

p. 826
p. 827

༄༅། །པདྨ་སྨུག་ནག་གི་འཕྱོང་བཞུགས་སོ། །

p. 828

མགོན་པོའི་ལྷ་ཚོགས་དགྲ་ལ་རྦད་པ་འདི་སྐད་དོ། །ཧཱུྃ། འོག་མིན་གནས་མཆོག་དམ་པ་ན། །རྡོ་རྗེ་བྲག་ཆེན་བལྟམས་པའི་ས་གཞི་ལ། །པདྨ་སྨུག་ནག་འབུམ་གྱིས་ཁྱབ་བརྡལ་ཞིང་། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་རྩིབས་སྟོང་ལྡན། །བྷནྡྷ་དམར་ཆེན་གཞལ་ཡས་ཕྱུ་རུ་རུ། །རྡོ་རྗེ་ཞིང་ཆེན་གདུང་ཕྱམ་ཤ་ར་ར། །སྦྲུལ་ནག་སྟོང་གི་དྲལ་གྲབ་སི་ལི་ལི། །ཡེ་ཤེས་མེ་རི་དམར་ནག་འུ་རུ་རུ། །རྡོ་རྗེའི་སྐུ་ལ་དཔལ་གྱི་སྐུ་སྤྲུལ་ཞིང་། །དྭངས་པའི་མཚོ་ལས་རླབས་ཆེན་འཕར་བ་བཞིན། །ཀུན་ཀྱང་མི་ཟད་རྡོ་

p. 829

རྗེའི་བྲག་སྟེང་ན། །དཔལ་ལྡན་མགོན་པོ་མི་བཟད་འཇིགས་པའི་སྐུ། །བསྐལ་པའི་མེ་རི་སྲིད་པའི་རྩེ་མོར་འབར། །སྦྲུལ་ནག་ཐོད་ཕྲེང་མང་པོའི་གཞལ་ཡས་ནས། །བལྟ་ནར་གྲགས་པའི་གནས་མཆོག་དམ་པ་ནས། །ཐུགས་དམ་བཞིན་དུ་མ་ལུས་གཤེགས་སུ་གསོལ། །ཧཱུྃ། ཞི་བྱེད་དཀར་མོ་ཡུམ་གྱི་གཞལ་ཡས་ནས། །རཀྟ་མཚོ་ལྟར་འཁྱིལ་ནས་འོད་འཕྲོ་བ། །དཔལ་ཆེན་ནག་པོའི་ཚོགས་རྣམས་དབྱིངས་སུ་བསྐྱོད། །ཡུམ་ཆེན་དམར་མོ་རྩ་འཇིབ་ཚོགས་ནི་མུན་ལྟར་གཏིབ། །

p. 830

ནག་མོ་ཙན་ཏིའི་ཚོགས་ནི་སྐར་ལྟར་འཁྲུགས། །རྡོ་རྗེ་མཁའ་འགྲོའི་ཚོགས་ནི་གློག་སྟོང་འཁྱུད། །མ་མོ་འབར་མ་བརྒྱད་ནི་མེ་ལྟར་འབར། །རོ་ལངས་ཕོ་མོའི་ཚོགས་ནི་འབྲུག་སྟོང་ལྡིར། །ནག་པོ་སྟོང་གི་ཚོགས་ནི་ཚོམ་བུར་བཅས། །གནོད་སྦྱིན་མང་པོའི་ཚོགས་ནི་མཁའ་ལ་སེར་ལྟར་འགྲིལ། །མ་མོ་འབུམ་གྱི་ཚོགས་ནི་སྤྲིན་ལྟར་གཏིབ། །ཤ་ཟ་བྱེ་བའི་ཚོགས་ནི་ཧཱུྃ་དང་ཕཊ་སྒྲ་སྒྲོགས། །ཞིང་ཆེན་གསར་རྙིང་ཚོགས་ནི་མཁར་དུ་བརྩེགས། །དམར་ཆེན་རཀྟའི་ཚོགས་ནི་མཚོ་ལྟར་འཁྱིལ། །ཐོད་པ་སྐམ་རློན་ཚོགས་ནི་རྫ་ལྟར་ལྷགས། །ནང་ཁྲོལ་ཙིཏྟའི་ཚོགས་ནི་བྲུངས་ལྟར་བརྩེགས། །མི་ལྤགས་སྟག་ལྤགས་ཚོགས་ནི་ཐང་ལྟར་བཀྲམ། །སྒྲུབ་པ་པོ་ཡིས་གནས་འདིར་སྤྱན་འདྲེན་གྱི། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་

p. 831

ནི། །རབ་ཏུ་འཇིགས་པའི་དུར་ཁྲོད་བསིལ་བ་ཚལ། །ནཱ་ལེནྡྲ་ཡི་གནས་མཆོག་དམ་པ་ནས། །གནམ་ལྕགས་ངུར་མོ་རབ་ཏུ་གཏམས་པ་ལ། །ཁྲག་དང་ཞག་གི་རྒྱ་མཚོ་འཁྱིལ་བའི་དབུས། །མི་རོ་ཀེང་རུས་ལྷུ་དུམ་འཆོལ་བའི་ས། །འདབ་ཆགས་ཤ་ཟ་མང་པོ་འཕུར་ཞིང་ལྡིང་། །ཀཾ་ཀ་གཅན་སྤྱང་ཤ་ལ་བསྟོད་ཅིང་རྔམ། །དེ་འདྲའི་གནས་མཆོག་རབ་འཇིགས་ནས། །བདུད་འདུལ་མ་ཧཱ་ཀཱ་ལ་ནག་པོ་ཆེ། །ལས་ཀྱི་མགོན་པོ་ནག་པོ་བྱ་རོག་གདོང་། །སྒྲོལ་གིང་གཙོ་བོ་ཆེན་པོ་སྲོག་གི་བདག །འཁོར་བཅས་ཕོ་ཉ་བདུད་འདུལ་མང་པོར་བཅས། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །དཔལ་ལྡན་ཁྲག་འཐུང་འཇིག་པའི་གཟུགས། །

p. 832

བྱ་རོག་མིང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་མཐིང་ནག་འཇིགས། །སྨ་ར་སྨིན་མ་དབུ་སྐྲ་སེར། །སྙན་ཆ་མགུལ་ཆུན་མི་ཐོད་སྐམ་རློན་བྱས། །དུར་ཁྲོད་ཆས་བརྒྱད་གདུག་པ་སྦྲུལ་གྱིས་བརྒྱན། །གཡས་པའི་ཕྱག་ན་མདུང་དང་རལ་གྲི་ཕྱར། །གསོར་ཞིང་དགྲ་བགེགས་ཀླད་པ་རྒྱས་སུ་འདེབས། །གཡོན་ན་གློ་སྙིང་ཁ་ཊྭཱཾ་འཛིན། །དགྲ་བགེགས་སྙིང་ཁྲག་ཞལ་དུ་རྔུབ། །རྔམ་ཞིང་འཇིགས་པར་བསྒྲལ་བའི་དུས་ལ་བབ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ཡུམ་ཆེན་ཚོགས་ཀྱིས་བསྐོར་བ་ནི། །གློག་ཕྲེང་དཀར་མོ་མཁའ་འགྲོ་དཔལ་འབར་མ། །ཁམས་གསུམ་སྲིད་ལ་དབང་བསྒྱུར་ཞིང་། །དབང་ཕྱུག་ཚོགས་ཀྱི་གཙོ་མོ་སྟེ། །སྲིད་གསུམ་སྒྲོལ་བའི་གིང་མཛད་མོ། །སེམས་ཅན་གསོད་ལ་དགའ་བ་མོ། །ཤན་པ་སྤུ་གྲི་རྣོན་པོ་འཛིན། །རོ་ལ་རྔམ་པའི་ཁ་ཊྭཱཾ་ག །ཐོད་ཁྲག་སྙིང་དང་

p. 833

བཅས་པ་གསོལ། །སྡང་བའི་དགྲ་ལ་དམག་དཔུང་ཆོས། །དམར་མོ་རྩ་འཇིབ་ཁྲག་འཐུང་རྐང་ལྡག་མ། རལ་གྲི་ཁ་ཊྭཱཾ་མདའ་གཞུ་ཐོགས། །དུག་ནད་གཏོང་བའི་སྲོག་བདག་མོ། །སྲིད་པ་གསུམ་ལ་དབང་བསྒྱུར་མ། །སྡང་བའི་དགྲ་ལ་དམག་དཔུང་ཆོས། །ཙན་ཏི་ནག་མོ་གསོད་བྱེད་མཆེ་གཙིགས་མ། །སྨྱོ་འབོག་གཏོང་བའི་འཕྲུལ་མོ་ཆེ། །ལག་ན་གྲི་དང་ཁྲམ་ནག་ཐོགས། །སྐྱེ་འགྲོ་རྩིས་འདེབས་བཟློག་བསྒྱུར་མ། །སྡང་བའི་དགྲ་ལ་དམག་དཔུང་ཆོས། །སྲུང་ཟློག་ཆེན་མོ་ཆུ་སྲིན་ཁ། །དབུགས་འཕྲོག་སྲོག་གཅོད་ཤན་པ་མོ། །ལོ་ཟླ་ཞག་ལ་དབང་བསྒྱུར་མ། །ལག་ན་ཞགས་པ་ནད་རྐྱལ་ཐོགས། །གློ་འཕྲོག་ཤན་པ་སྙིང་ཁྲག་འཐུང་། །སྡང་བའི་དགྲ་ལ་དམག་དཔུང་ཆོས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །སྤྲུལ་པའི་ལས་བྱེད་མགོན་པོ་ནི། །བྱ་རོག་གདོང་ཅན་

p. 834

མཆེད་བཞི་པོ། །སྲོག་བདག་གཤིན་རྗེ་བྱ་རོག་གདོང་། །བདུད་པོ་གནོད་སྦྱིན་བྱ་རོག་གདོང་། །གཏུམ་པོ་སྤྱན་གསུམ་མཐིང་ནག་འཇིགས། །སོ་རྣོ་ལག་པ་དམར་པོ་ཡི། །སྤྲུ་གྲིས་སྙིང་འབྱིན་ཁྲག་ལ་འཐུང་། །གདུག་པ་འདུལ་བའི་དཔའ་བོ་ཁྱོད། །སྡང་བའི་དགྲ་ལ་དམག་དཔུང་ཆོས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །མཁའ་འགྲོ་དྲུག་གིས་བསྐོར་བ་ནི། །ཌཱ་ཀི་སྔོན་མོས་སྟྭ་རེ་ཕྱར། །ཞིང་གི་གཡང་གཞི་ཐོད་ཕྲེང་དང་། །སྦྲུལ་དང་སྟག་ལྤགས་གུང་གིས་བརྒྱན། །ཐོད་ཁྲག་སྙིང་གིས་བཀང་བ་གསོལ། །ཆོས་ཉིད་དབྱིངས་ཀྱི་མཁའ་འགྲོ་མ། །སྲུང་བྱེད་སེར་མོ་མདའ་གཞུ་འགེངས། །ཞིང་གི་གཡང་གཞི་ཐོད་ཕྲེང་དང་། །སྦྲུལ་དང་སྟག་ལྤགས་གུང་གིས་བརྒྱན། །ཐོད་ཁྲག་སྙིང་གིས་བཀང་བ་གསོལ། །ཐུགས་རྗེ་ཆེན་པོས་ལས་མཛད་མ། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །ཞི་

p. 835

བྱེད་དཀར་མོས་ཆུ་སྲིན་ཕྱར། །ཞིང་གི་གཡང་གཞི་ཐོད་ཕྲེང་དང་། །སྦྲུལ་དང་སྟག་ལྤགས་གུང་གིས་བརྒྱན། །ཐོད་ཁྲག་སྙིང་གིས་བཀང་བ་བསྣམས། །ཤེས་རབ་དབྱིངས་ཀྱི་མཁའ་འགྲོ་མ། །ཚོར་གསང་ནག་མོ་སྲོག་གཟན་མ། །ཞིང་གི་གཡང་གཞིའི་སྟོད་གཡོགས་བྱས། །སྦྲུལ་དང་སྟག་དང་གུང་གིས་བརྒྱན། །ཐོད་ཁྲག་སྙིང་གིས་བཀང་བ་གསོལ། །སྐྱེ་ཤི་རྩད་ནས་གཅོད་པའི་མཁའ་འགྲོ་མ། །འགུགས་བྱེད་ནག་མོ་བདུད་གཅོད་མ། །ཞིང་གི་གཡང་གཞིའི་སྟོད་གཡོགས་བྱས། །སྦྲུལ་དང་སྟག་དང་གུང་གིས་བརྒྱན། །ཐོད་ཁྲག་སྙིང་གིས་བཀང་བ་གསོལ། །ཉོན་མོངས་སྦྱོང་བའི་མཁའ་འགྲོ་མ། །གསོད་བྱེད་ནག་མོ་ཤན་པ་མོ། །སྙིང་འབྱིན་ཆེན་མོ་ཁྲག་ལ་རོལ། །ཞིང་གི་གཡང་གཞི་ཐོད་ཕྲེང་ཅན། །སྦྲུལ་དང་སྟག་དང་གུང་གིས་བརྒྱན། །ཐོད་ཁྲག་སྙིང་གིས་བཀང་

p. 836

བ་གསོལ། །དུག་གསུམ་འཇོམས་པའི་མཁའ་འགྲོ་མ། །སྡང་བའི་དགྲ་ལ་དམག་ལ་རྒྱུགས །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ལྷ་མོའི་ཚོགས་ཀྱིས་བསྐོར་བ་ནི། །མི་སྲུན་མོ་དང་ཚངས་མ་དང་། །ཁྲོ་མོ་དང་ནི་འཇུག་སྲིད་མ། །གཞོན་ནུ་མོ་དང་དབང་མོ་དང་། །རྡོ་རྗེ་དམར་མོ་བདུད་རྩི་མ། །ཞི་བ་མོ་དང་བེ་ཅོན་མོ། །སྲིན་མོ་དང་ནི་ཟ་བ་མོ། །ཤིན་ཏུ་ར་རོ་ཁྲག་འཐུང་མ། །གཅིག་ཏུ་གཅོད་དང་ཡིད་འཕྲོག་མ། །གྲུབ་མ་དང་ནི་རླུང་མོ་དང་། །རྡོ་རྗེ་ཡང་སྟེ་གསོད་ཆེན་མོ། །མི་མོ་ཕག་མོ་རྒན་བྱེད་མོ། །ཆུ་ལྷ་མོ་དང་རྣ་ཆ་མོ། །རྡོ་རྗེ་ནག་མོ་ནག་ཆེན་མོ། །རྡོ་རྗེ་རལ་ཆེན་དམར་ཆེན་མོ། །རྡོ་རྗེ་སྔོ་ནག་བུམ་རྣ་མ། །རྡོ་རྗེ་ནག་མོ་ཆང་འཐུང་མ། །མ་མོ་དྲུག་ཅུའི་གཙོ་མོ་སྟེ། །ཤ་ཟ་ཁྲག་འཐུང་སྙིང་འབྱིན་མ། །གྲི་གུག་ཐོད་ཁྲག་ཞལ་དུ་རྔུབ། །ལྷ་མོ་ཆེན་མོ་གཙོ་འཁོར་བཅས། །སྡང་

p. 837

བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ཕྱོགས་སྐྱོང་བཅུ་ཡིས་བསྐོར་བ་ནི། །བརྒྱ་བྱིན་དཀར་པོ་བ་གླང་གདོང་། །མེ་ལྷ་ཨགྣེ་དྲང་སྲོང་ཚུལ། །གཤིན་རྗེ་སྔོ་ནག་བེ་ཅོན་འཕྱར། །བདེན་བྲལ་སྲིན་པོ་མི་ལ་ཞོན། །ཆུ་ལྷ་མདོག་དཀར་ཆུ་སྲིན་ཐོགས། །རླུང་ལྷ་དུད་ཁ་ཤྭ་བ་བཅིབ། །གནོད་སྦྱིན་ནོར་ལྷ་དེད་དཔོན་ཚུལ། །འབྱུང་པོ་དབང་ལྡན་དར་མདུང་ཐོགས། །ཉི་ཟླ་ས་བདག་ཆ་ལང་འགྲིལ། །ཕྱོགས་སྐྱོང་ཆེན་པོ་ཁྱོད་རྣམས་ཀྱང་། །སྡང་བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །མགོ་བརྙན་ཚོགས་ཀྱིས་བསྐོར་བ་ནི། །སེང་ཧ་གསོད་བྱེད་སེང་གེའི་གདོང་། །རོ་ལ་ཟ་བའི་མཁའ་འགྲོ་མ། །བྷྱཿརི་མགོ་གཅོད་སྟག་གི་གདོང་། །ཀླད་ཁྲག་གཅོད་པའི་མཁའ་འགྲོ་མ། །སྲི་ཀ་དུར་རྐུན་ཝ་ཡི་གདོང་། །པགས་

p. 838

ཆེན་ལྡག་པའི་མཁའ་འགྲོ་མ། །ཤྭ་ན་ཤ་འགྲད་སྤྱང་ཀིའི་གདོང་། །ཤ་ལ་ཟ་བའི་མཁའ་འགྲོ་མ། །ཀྲི་ཀ་ཁྲག་འཐུང་བྱ་རྒོད་གདོང་། །ཚིལ་ཆེན་འཇིབ་པའི་མཁའ་འགྲོ་མ། །ཀཾ་ཀ་སྣར་མགོ་དུར་བྱའི་གདོང་། །རྩ་ཁྲག་འཐུང་བའི་མཁའ་འགྲོ་མ། །ཁ་ཁ་ནག་མོ་བྱ་རོག་གདོང་། །ནང་ཁྲོལ་འབྱིན་པའི་མཁའ་འགྲོ་མ། །ཧུ་ལུ་སྣ་ཚོགས་འུག་པའི་གདོང་། །གློ་སྙིང་འབྱིན་པའི་མཁའ་འགྲོ་མ། །རྟ་གདོང་དཀར་མོ་བདུད་གཅོད་མ། །དབུགས་ལ་རྒྱུག་པའི་མཁའ་འགྲོ་མ། །ཕག་གདོང་སྔོན་མོ་དུག་སློང་མ། །བླ་སྲོག་འགུགས་པའི་མཁའ་འགྲོ་མ། །སྦྲུལ་གདོང་དམར་མོ་རྗེས་གཅོད་མ། །མཐའ་ནས་སྡུད་པའི་མཁའ་འགྲོ་མ། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང་། །སྡང་བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །དྲེགས་པ་ཕོ་རྒྱུད་ཚོགས་ཀྱིས་བསྐོར་བ་ནི། །

p. 839

ཕྱག་བརྙན་ལེགས་ལྡན་སེང་གེའི་གདོང་། །ཚངས་རིས་འབུམ་གྱི་མགོན་པོ་དང་། །རྡོ་རྗེ་ཆེན་པོ་གིང་ཀ་ར། །གནོད་སྦྱིན་ནག་པོ་ཁྲག་མིག་ཅན། །གཤིན་རྗེ་ནག་པོ་ཤ་ཟ་དང་། །འབྱུང་པོ་ཆེན་པོ་སྣ་ཡོན་དང་། །རྡོ་རྗེ་སྤྱང་ཀི་ཆེན་པོ་དང་། །རོ་ལངས་ཆེན་པོ་བང་རྒྱུག་དང་། །སྲིན་པོ་ནག་པོ་མཆུ་འཕྱང་དང་། །འཆི་བདག་ནག་པོ་མགོ་དགུ་དང་། །འབར་ཚོགས་ནག་པོ་ཁ་མང་དང་། །དུས་འཛིན་ནག་པོ་བང་རྒྱུག་དང་། །ཕོ་བདུད་དྲེགས་པ་ནག་པོའི་ཚོགས། །གསོད་གཅོད་སྲོག་ལ་དབང་བྱེད་པ། །ལག་ན་མདའ་དར་མདུང་གྲི་ཐོགས། །ཤ་ཟ་ཁྲག་འཐུང་ཁྱེད་རྣམས་ཀྱང་། །སྡང་བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །མཁའ་འགྲོ་སྒྲོལ་བྱེད་ལ་སོགས་ཚོགས་ཀྱིས་བསྐོར་བ་ནི། །སྲིན་མོ་དམར་ནག་རྡོ་རྗེ་ཐོད་རློན་ཟ། །ཚངས་པ་དཀར་སེར་རྡོ་རྗེ་གྲི་

p. 840

གུག་ཕྱར། །ལྷ་ཆེན་དཀར་ལྗང་རྡོ་རྗེ་ཏྲི་ཤུ་ལ། །གཏོག་འདོད་སྔོ་ནག་རྡོ་རྗེ་འཁོར་ལོ་བསྐོར། །གཞོན་ནུ་དམར་མོས་རྡོ་རྗེའི་མདུང་ཐུང་རྒྱག །བརྒྱ་བྱིན་དཀར་མོས་གསེར་གྱི་ཟོར་བ་ཕྱར། །གཤིན་རྗེ་སེར་མོས་བེ་ཅོན་བརྡུང་བར་བྱེད། །བདུད་རྩི་དམར་མོས་ནད་ཀྱི་པར་བུ་བསྣམས། །ཟླ་འོད་དམར་མོས་རྡོ་རྗེ་ཀླད་ལ་འཕེན། །བེ་ཅོན་སྔོན་མོས་ཐོད་དབྱུག་ཕྱག་ན་བཀལ། །འབྱུང་མོ་ནག་མོས་ཐོད་ཁྲག་ཞལ་དུ་གསོལ། །ཟ་བྱེད་ལྗང་ནག་རྒྱུ་མ་ཁོང་ནས་འདྲེན། །རྒན་བྱེད་དམར་མོས་ཁ་ཊྭཱཾ་ཀླད་ལ་བསྐོར། །སྟོབས་ཆེན་དཀར་མོས་རྡོ་རྗེ་ཐོང་བཤོལ་འདྲེན། །རྡོ་རྗེ་སེར་མོས་སྤུ་གྲིས་སྲོག་རྩ་གཅོད། །འདོད་པ་དམར་མོས་རྒྱག་པའི་མདའ་གཞུ་འགེངས། །ནོར་སྲུང་དཀར་མོས་ལྕགས་ཀྱུ་འདེབས་པའི་ཚུལ། །རླུང་ལྷ་ལྗང་མོས་རླུང་གི་བ་དན་ཕྱར། །གསོད་བྱེད་ནག་མོས་རལ་གྲི་ཀླད་

p. 841

ལ་བསྐོར། །མི་མོ་དམར་མོས་གསལ་ཤིང་རྩེ་ལ་བསྐོར། །ཕག་ཞལ་ནག་མོས་མཆེ་བ་སྤུ་གྲི་འཛིན། །རྒན་བྱེད་ནག་མོས་རོ་ལ་ཟས་སུ་ཟ། །སྣ་ཆེན་དཀར་མོས་ཐོད་ཁྲག་ཞལ་དུ་རྔུབ། །ཆུ་ལྷ་སྔོན་མོས་སྦྲུལ་ཞགས་དགྲ་ལ་འཕེན། །རྡོ་རྗེ་ནག་མོས་ལྕགས་སྒྲོགས་རྐང་ལ་བསྐོར། །འདོད་ལྷ་སྔོན་མོས་ཁོང་གི་སྙིང་འབྱིན་མ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱང་། །སྡང་བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །དྲེགས་པ་སུམ་ཅུས་བསྐོར་བ་ནི། །གང་པོ་མཛེས་པོ་ཀླུ་རྒྱལ་ཆེན། །ཚངས་པ་བརྒྱ་བྱིན་ལྷ་ཡི་གཙོ། །གང་བ་བཟང་པོ་ནོར་འཛིན་རྒྱལ། །ལྷ་མོ་མ་མོ་སྲིད་པའི་རྒྱལ། །དྲི་ཟ་གྲུལ་བུམ་སྔགས་ཀྱི་རྒྱལ། །བི་ན་ཡ་ཀ་བགེགས་ཀྱི་རྒྱལ། །ཡམ་རྗེ་སྐོས་རྗེ་བདུད་ཀྱི་རྒྱལ། །ཕྱི་སངས་ཏིལ་པ་གཤིན་རྗེའི་རྒྱལ། །གནོད་སྦྱིན་སྲིན་པོ་གདུག་པའི་རྒྱལ། །ཉི་ཟླ་

p. 842

གཟའ་སྐར་གླིང་བཞིའི་རྒྱལ། །འཆི་བདག་མ་རུངས་སྲིད་པའི་རྒྱལ། །ལང་ཀ་ཤ་ཟ་ཡི་དྭགས་རྒྱལ། །མཁའ་འགྲོ་ཤུགས་འགྲོ་གསོད་བྱེད་རྒྱལ། །ཕྲ་མན་རུ་དྲ་སྐོས་ཀྱི་རྒྱལ། །དེད་དཔོན་དཀར་ནག་ལས་ཀྱི་རྒྱལ། །དྲེགས་པའི་རྒྱལ་ཆེན་སུམ་ཅུ་ནི། །མི་སྡུག་འཇིགས་པའི་རྫུ་འཕྲུལ་ཅན། །སྲོག་གཅོད་དབུགས་ཀྱི་བདག་པོ་རྣམས། །ལག་ན་མདུང་ཞགས་དབལ་དར་ཕྱར། །སྡང་བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །དཔལ་མགོན་བདུན་ཅུས་བསྐོར་བ་ནི། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གནོད་སྦྱིན་བརྒྱད་དང་གཟའ་ཆེན་བརྒྱད། །རྒྱུ་སྐར་ལྷ་མོའི་ཉི་ཤུ་བརྒྱད། །དཔལ་མགོན་ཆེན་པོ་ཁྱེད་རྣམས་ཀྱང་། །གསོད་པའི་མཚོན་ཆ་སྣ་ཚོགས་བཅས། །སྡང་བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་

p. 843

པོ་ནག་པོ་ལ། །རོ་ལངས་ཚོགས་ཀྱིས་བསྐོར་བ་ནི། །དྲག་པོ་སྨྱོན་པ་དམར་ནག་འཇིགས་པའི་གཟུགས། །ཕྱག་བརྙན་གཏུམ་ཆེན་ཁྲག་འཐུང་མ། །དབང་ཕྱུག་ཡིད་འཕྲོག་གཅེར་བུ་ནུ་མ་ཅན། །བསྐལ་པའི་མེ་དཔུང་དམར་ནག་དབང་དུ་སྡུད། །རོ་ལངས་ཕོ་མོའི་ཚོགས་རྣམས་ནི། །ལ་ལ་མི་སྡུག་སྲིན་པོ་ཕོ་མོའི་གཟུགས། །ལ་ལ་མཛེས་པའི་ཆ་ལུགས་སྲོག་ལ་འཇབ། །ལ་ལ་ཤ་ཟ་གསུས་པོ་ཆེ། །ལ་ལ་ཁྲག་འཐུང་མཆུ་དམར་པོ། །ལ་ལ་མཐའ་འགུགས་གཤོག་རྒྱང་ཅན། །ལ་ལ་རུས་འཆའ་མཆེ་གཙིགས་མ། །ལ་ལ་ལག་རིང་ཉུ་ལེ་མ། །ལ་ལ་ལྤགས་ཀྲད་གཉེར་སློང་མ། །རྒྱལ་པོ་བྲམ་ཟེ་རྗེ་རིགས་དང་། །གདོལ་པ་དམངས་རིགས་དགེ་སློང་ཚུལ། །སྔགས་པ་ཁྱེའུ་བུད་མེད་དང་། །ཀེང་རུས་རྒྱུད་པ་ཕོ་མཚན་སྒྲེང་། །ལག་ན་ཕུར་བུ་འདྲིལ་ཞིང་གློ་སྙིང་ཟ། །སྤྲུལ་པའི་དམ་

p. 844

ཅན་ཁྱེད་རྣམས་ཀྱང་། །སྡང་བའི་དགྲ་ལ་དམག་ལ་བྷྱོ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ནག་པོ་སྟོང་གིས་བསྐོར་བ་ནི། །མགྱོགས་བྱེད་ནག་པོ་བྱ་ནག་ཞོན་པ་བརྒྱ། །ལག་ན་ཐོག་དང་སེར་བ་ཐོགས། །དགྲ་ཡུལ་ལོ་ཏོག་ཆོམས་ལ་ཤོག །མོན་པ་ནག་པོ་ཕག་ལ་ཞོན་པ་བརྒྱ། །ལག་ན་རལ་གྲི་ཐོ་བ་ཐོགས། །དགྲ་བོའི་ཚེ་སྲོག་ཕྲོལ་ལ་ཤོག །སྒྲོལ་གིང་ནག་པོ་དོམ་ནག་ཞོན་པ་བརྒྱ། །ལག་ན་སྤུ་གྲི་ཞགས་པ་ཐོགས། །དགྲ་བོའི་སྲོག་རྩ་རྩད་ནས་ཆོད་ལ་ཤོག །གསེར་སྐྱོང་ནག་པོ་སྦྲུལ་ནག་ཞོན་པ་བརྒྱ། །ལག་ན་མདུང་དང་སྦྲུལ་ཞགས་ཐོགས། །དགྲ་བོའི་བླ་གཤེད་ཆོད་ལ་ཤོག །བདུད་པོ་ནག་པོ་རྟ་ནག་ཞོན་པ་བརྒྱ། །ལག་ན་ལྕགས་ཀྱུ་ཁ་ཊྭཱཾ་ཐོགས། །དགྲ་བོའི་གཟུགས་ཕུང་གཟི་མདངས་ཕྲོལ་ལ་ཤོག །རོ་ཟན་ནག་པོ་འབྲོང་ནག་ཞོན་པ་བརྒྱ། །ལག་ན་དར་ནག་རལ་གྲི་ཐོགས། །

p. 845

དགྲ་བོའི་ཤ་ཁྲག་རུས་ལ་རོལ། །ཁྱབ་པ་ནག་པོ་ལུག་ནག་ཞོན་པ་བརྒྱ། །ལག་ན་ཕུར་པ་ཞིང་དབྱུག་ཐོགས། །དགྲ་ཡུལ་ཕྱི་ནང་སྟེང་འོག་ལྡོག་ལ་ཐོངས། །བོན་པོ་ནག་པོ་དྲིལ་ནག་ཞོན་པ་བརྒྱ། །ལག་ན་རྔ་གཤང་ཐོད་དབྱུག་ཐོགས། །དགྲ་ལ་ལྟས་ངན་སྣ་ཚོགས་ཕོབས། །དགོ་བ་ནག་པོ་རླུང་ལ་ཞོན་པ་བརྒྱ། །ལག་ན་བེང་དང་གློ་སྙིང་ཐོགས། །དགྲ་མགོ་ཀླད་ནས་ཆོད་ལ་ཤོག །ཤན་པ་ནག་པོ་ཁྱི་ནག་ཞོན་པ་བརྒྱ། །ལག་ན་སྤུ་གྲི་ཞིང་དབྱུག་ཐོགས། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །གནོད་བྱེད་འབྱུང་པོས་བསྐོར་བ་ནི། །མི་རིང་ནག་པོ་ལྕགས་ཀྱི་རལ་པ་ཅན། །ཆིབས་སུ་བདུད་རྟ་ཁམ་ནག་ཆིབས། །ལག་ན་ལྕགས་ཀྱུ་བདུད་ཞགས་ཐོགས། །དགྲ་བོའི་བླ་སྲོག་འགུགས་པའི་གནོད་སྦྱིན་ཤ་ཟ་

p. 846

འབྱུང་པོ་སྟོང་། །གཅེར་བུ་བོང་ཞོན་གླིང་བུ་འབུད། །དགྲ་ལ་མི་ཁ་གླེང་གཞི་གཏོང་བའི་གནོད་སྦྱིན་འབྱུང་པོ་སྟོང་། །ནག་པོ་རལ་གཅིག་གློག་ལ་ཞོན། །ལག་ན་ཐོག་སེར་རི་རབ་འཕེན། །དགྲ་བོའི་ལོ་ཏོག་རྩི་བཅུད་འཇོམས་པའི་གནོད་སྦྱིན་འབྱུང་པོ་སྟོང་། །ནག་པོ་ལག་མང་དོམ་ལ་ཞོན། །ལག་ན་ནད་རྐྱལ་ཁྲམ་ཤིང་ཐོགས། །དགྲ་ལ་མི་ནད་ཕྱུགས་ནད་གཏོང་བའི་གནོད་སྦྱིན་འབྱུང་པོ་སྟོང་། །མི་རིང་དམར་པོ་སྟག་ལ་ཞོན། །ལག་ན་ཤྭ་རྡིལ་མཚོན་གྲུག་ཐོགས། །སྐྱེ་འགྲོ་རྩིས་ལ་འདེབས་པའི་གནོད་སྦྱིན་འབྱུང་པོ་སྟོང་། །སེར་པོ་སྐྲ་རིང་སྤྲེལ་ལ་ཞོན། །ལག་ན་སྦུད་པ་ཐོ་བ་ཐོགས། །དབུགས་ལེན་སྲོག་ལ་འཇབ་པའི་གནོད་སྦྱིན་འབྱུང་པོ་སྟོང་། །དམར་པོ་སྟྭར་ཐོགས་གཟིག་ལ་ཞོན། །ཤ་ཟ་སྐོས་ལ་འདེབས་པའི་གནོད་སྦྱིན་འབྱུང་པོ་སྟོང་། །སྔོ་ནག་ཕག་ཞོན་སྦྲུལ་ནག་ཐོགས། །བདུན་

p. 847

རྒྱུད་རྩད་ནས་གཅོད་པའི་གནོད་སྦྱིན་འབྱུང་པོ་སྟོང་། །ནག་པོ་སྦྲུལ་ཞོན་མདའ་གཞུ་ཐོགས། །རྗེས་བཞི་དུར་རྣམས་སློང་བའི་གནོད་སྦྱིན་འབྱུང་པོ་སྟོང་། །ནག་པོ་རླུང་ཞོན་དར་ནག་ཕྱར། །གནམ་ས་སྐོས་ཀྱིས་འདེབས་པའི་གནོད་སྦྱིན་འབྱུང་པོ་སྟོང་། །གནོད་སྦྱིན་འབྱུང་པོ་ཁྲི་ཁྲག་གཅིག །སྡང་བའི་དགྲ་ལ་དམག་ལ་བྷྱོ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །མ་མོ་འབུམ་གྱིས་བསྐོར་བ་ནི། །འབར་བ་གཏུམ་ཆེན་སེང་གེ་བཅིབ། །དགྲ་སྲོག་རྩད་ནས་གཅོད་པའི་མཆེ་རྒྱང་ཅན། །དྲི་ཟ་འདུལ་བའི་མོ་ཉ་མོ། །བསླུ་བྲིད་གར་ཕྲེང་བྱེད་པའི་མ་མོ་ནག་མོ་ཁྲི། །གསོད་བྱེད་ནག་མོ་འབྲུག་ལ་བཅིབ། །བང་ནི་གློག་གིས་བསྐྱོད་དུ་མེད། །དྲང་སྲོང་འདུལ་བའི་ཕོ་ཉ་མོ། །མདངས་འཕྲོག་བཅུད་ལ་འཇིབ་པའི་མ་མོ་ནག་མོ་ཁྲི། །ཟ་བྱེད་ནག་མོ་ཁྱུང་ལ་བཅིབ། །སྐར་མདའ་

p. 848

གཏོང་ཞིང་ཁྲམ་ལ་འདེབས། །གཤིན་རྗེ་འདུལ་བའི་ཕོ་ཉ་མོ། །ཤྭ་རྡིལ་ཁྲམ་ལ་འདེབས་པའི་མ་མོ་ནག་མོ་ཁྲི། །སྒྲོལ་བྱེད་ནག་མོ་འབྲི་ལ་ཞོན། །འཐུང་བྱེད་བདུད་བཞི་རྩད་ནས་གཅོད། །འདྲེ་སྲིན་འདུལ་བའི་ཕོ་ཉ་མོ། །དགྲ་བོའི་ལུས་སྲོག་ཚེ་ལ་འཇབ་པའི་མ་མོ་ནག་མོ་ཁྲི། །མ་མོ་དྲེལ་ཞོན་མེ་དཔུང་འཕེན། །གནམ་ལྕགས་ཐོག་གི་སྒྲ་ཆེན་འབེབས། །ཀླུ་བདུད་འདུལ་བའི་ཕོ་ཉ་མོ། །ནད་རྐྱལ་མཚོན་དྲུག་འཕེན་པའི་མ་མོ་ནག་མོ་ཁྲི། །ནག་མོ་ཆགས་ཆེན་རླུང་ལ་ཞོན། །སྨྱོ་བྱེད་བསླུ་བྱེད་སྲོག་བདག་མོ། །རླུང་ལྷ་འདུལ་བའི་ཕོ་ཉ་མོ། །གླིང་བཞི་སྟོང་གསུམ་འདུལ་བའི་མ་མོ་ནག་མོ་ཁྲི། །གནོད་སྦྱིན་ནག་མོ་བ་གླང་བཅིབས། །རྩད་ནས་གཅོད་པའི་མིག་དགུ་མ། །གནོད་བྱེད་འདུལ་བའི་ཕོ་ཉ་མོ། །དབུགས་འཕྲོག་རེ་ལ་རྒྱུག་པའི་མ་མོ་ནག་མོ་ཁྲི། །འཇིགས་བྱེད་ནག་མོ་རྔ་མོང་ཞོན། །

p. 849

མཐའ་ནས་འགུགས་པའི་རྩལ་མོ་ཆེ། །བགེགས་ཆེན་འདུལ་བའི་ཕོ་ཉ་མོ། །ཤ་ཟ་སྐོས་ལ་འདེབས་པའི་མ་མོ་ནག་མོ་ཁྲི། །ནག་མོ་གསལ་བྱེད་ཉི་ཟླ་ཞོན། །ཉི་ཟླའི་མཛོད་ཀྱིས་འཛམ་གླིང་གསལ། །ལྷ་གདོན་འདུལ་བའི་ཕོ་ཉ་མོ། །སྣང་སྲིད་ཟིལ་གྱིས་གནོན་པའི་མ་མོ་ནག་མོ་ཁྲི། །ནག་མོ་ཤ་ཟ་རོལ་པའི་སྟག་ལ་ཞོན། །རོ་ལ་ཟ་བའི་གཏུམ་མོ་ནག །ས་སྲིན་འདུལ་བའི་ཕོ་ཉ་མོ། །ཁྲག་འཐུང་རྐང་ལ་བལྡག་པའི་མ་མོ་ནག་མོ་ཁྲི། །ནག་མོ་བྲག་ཐོགས་རི་རབ་ཞོན། །སྟོང་གསུམ་གཡོ་བར་བྱེད་པའི་རྩལ་མོ་ཆེ། །བདུད་བཞི་རྩད་ནས་གཅོད་པའི་ཕོ་ཉ་མོ། །ཁམས་གསུམ་བརླག་པར་བྱེད་པའི་མ་མོ་ནག་མོ་ཁྲི། །མ་མོ་ནག་མོ་འབུམ་ཚོགས་ཀྱང་། །སྡང་བའི་དགྲ་ལ་དམག་ལ་རྒྱུགས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ཤ་ཟ་བྱེ་བས་བསྐོར་བ་ནི། །ཁྱབ་བྱེད་ནག་པོ་ཁྱུང་

p. 850

གི་མགོ། །བར་སྣང་རོ་ལ་ལྡིང་བའི་བྱ་རྒོད་འབུམ་གྱིས་བསྐོར། །མཐའ་ནས་འགུགས་པའི་རླབས་པོ་ཆེ། །འཛིན་བྱེད་མགྱོགས་པ་ཁྲ་ཡི་མགོ། །ཤ་ཟ་ཁྲག་ལ་འཐུང་བའི་ལྕེ་སྤྱང་འབུམ་གྱིས་བསྐོར། །སྣ་ཚོགས་དབང་དུ་སྡུད་པའི་སྟོབས་པོ་ཆེ། །གདུག་བྱེད་ནག་མོ་སྦྲུལ་གྱི་མགོ། །ནང་ཁྲོལ་དོན་སྙིང་ཟ་བའི་སྡིག་སྦྲུལ་འབུམ་གྱིས་བསྐོར། །རྒྱ་མཚོ་གཏིང་ནས་འདྲེན་པའི་ཤུགས་མོ་ཆེ། །གསོད་བྱེད་ཆེན་མོ་སྲེ་མོང་མགོ། །རོ་ལ་གྱུར་མིད་བྱེད་པའི་སྟག་གཟིག་འབུམ་གྱིས་བསྐོར། །སྲོག་གཅོད་ལས་ལ་རྒྱུག་པའི་དབང་མོ་ཆེ། །རྐུ་བྱེད་ཆེན་མོ་བྱི་ལའི་མགོ། །པགས་འདྲད་རྒྱུ་མ་འདྲེན་པའི་ཝ་ཁྱི་འབུམ་གྱིས་བསྐོར། །དགྲ་བོའི་དོན་སྙིང་རྐུ་བའི་འཕྲུལ་མོ་ཆེ། །འཕྲོག་བྱེད་ཆེན་མོ་ཕ་ཝང་མགོ། །རྐང་རུས་རྗེས་ལ་བསྙག་པའི་བཞད་ལྡིང་འབུམ་གྱིས་བསྐོར། །ཐབས་མཁས་སྲོག་ལ་འཇབ་

p. 851

པའི་དབང་བསྒྱུར་མ། །རྫུ་འཕྲུལ་ཆེན་མོ་བྱ་རོག་མགོ། །སྐད་དང་དྲི་ལ་རྒྱུག་པའི་ཁྭ་ཏ་འབུམ་གྱིས་བསྐོར། །མཐོང་རིག་མངོན་ཤེས་ཆེ་བའི་མངའ་བདག་མོ། །སྨྱོ་བྱེད་ཆེན་མོ་སྨྲིག་བུས་མགོ། །ཁྲག་འཐུང་ཤ་རུས་མུར་བའི་འཕར་སྤྱང་འབུམ་གྱིས་བསྐོར། །ས་འོག་གཡོ་བའི་ངུར་མོ་ཆེ། །འཇོམས་བྱེད་ཆེན་མོ་བོང་བུའི་མགོ། །རོ་ཟས་རོ་གོས་གྱོན་པའི་སྲིན་མོ་འབུམ་གྱིས་བསྐོར། །བརླག་པར་བྱེད་པའི་གསུས་མོ་ཆེ། །རྒན་བྱེད་ཆེན་མོ་འུག་པའི་མགོ། །མདུན་བསུ་ཕྱི་ན་འབྲང་བའི་ཡི་དྭགས་འབུམ་གྱིས་བསྐོར། །སྟོང་གསུམ་ཀུ་ཅོ་འདེབས་པའི་སྐད་མོ་ཆེ། །ཤ་ཟ་སྤྲུལ་པ་ཁྱེད་རྣམས་ཀྱང་། །ཀེང་རུས་དཀར་པོའི་ལུས་འཛིན་ཞིང་། །ཁྲོས་པས་མི་རུས་ཕྲེང་བ་བགྲང་། །སོ་རྣོན་ལག་པ་དམར་པོ་དང་། །མཆུ་ནི་ཁྲག་གིས་བྱུག་པ་སྟེ། །ལུས་ཕྱེད་དག་ནི་ཟོས་པ་དང་། །མཁལ་མ་

p. 852

སྙིང་དང་ནང་ཁྲོལ་གྱིས། །སྙིམ་པ་ལག་པ་ནང་བཀང་ནས། །ཟ་ཞིང་གཞན་དུ་རྒྱུག་པ་ཡི། །ཤ་ཟ་བྱེ་བའི་ཚོགས་རྣམས་ནི། །ལྟོ་འཕྱང་མང་པོ་གསུས་པོ་ཆེ། །ཕན་ཚུན་འཐབ་ཅིང་གསོད་ལ་དགའ། །དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱང་། །སྡང་བའི་དགྲ་ལ་དམག་ལ་ཆོས། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །འཇིག་རྟེན་འདས་དང་མ་འདས་པའི། །དཀོན་མཆོག་བསྟན་པ་བསྲུང་བར་བྱས། །སྒྲུབ་པ་པོ་ཡི་ལས་བྱོས་ཞེས། །རྡོ་རྗེ་བྱིན་ནས་མིང་བཏགས་ཚེ། །རང་སྲོག་ཕུལ་ནས་ཁས་བླངས་པ། །དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །སྔོན་ཚེ་དཔལ་ཆེན་བཀའ་མ་བཅག །རིག་འཛིན་བདག་གི་དམ་མ་བཀྲལ། །ཕྱི་རབས་རྣལ་འབྱོར་སུན་མ་ཕྱུངས། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །བསད་བཟློག་བྱ་ཕྱིར་མདོས་འདི་འབུལ། །རི་རབ་ལྷུན་པོའི་

p. 853

ཕོ་བྲང་ནི། །གྲུ་བཞི་རིན་ཆེན་ལྕགས་ལས་གྲུབ། །ལོགས་བཞི་རིན་ཆེན་སེར་པོ་གསེར། །ཟུར་བཞི་མི་བཟད་རིན་ཆེན་དངུལ། །རྒྱ་ཕིབས་བཻ་ཌཱུར་སྔོན་མོ་གཡུ། །རིན་ཆེན་ཤེལ་གྱི་འགན་འཇི་ར། །དུང་དང་བྱུ་རུའི་ཀ་གདུང་ལ། །ཡིད་བཞིན་ནོར་བུའི་རྒྱལ་མཚན་བཙུགས། །ཕོ་བྲང་མཛེས་པའི་རྩེ་མོ་ལ། །མཐིང་ནག་ནམ་མཁའ་དགུ་ཐོག་པ། །རྩེ་ལ་རིན་ཆེན་དྲྭ་བས་སྦྲེལ། །དར་ཆེན་མཐིང་ནག་འཕན་ལག་འཕུར། །རིན་ཆེན་སྣ་ཚོགས་དྲྭ་ཕྱེད་འཕྱང་། །དེ་འདྲའི་ཕོ་བྲང་དམ་པ་འབུལ། །སྡང་བའི་དགྲ་ལ་དམག་ཁ་བསྒྱུར། །འབྲུ་ནག་ཤ་ཁྲག་ལས་བྱས་སྐུ། །འཇིགས་པའི་གར་བཅས་ཞལ་བྲིས་ལྷ། །དཔལ་མགོན་ལྷ་དང་གཉིས་སུ་མེད། །མདའ་ནག་རལ་གྲི་ཐོད་ཁྲག་གིས། །བསད་ཡིག་སྔགས་ལོགས་བཀོད་པ་དང་། །གྲི་གུག་ནག་པོ་གྲི་ཁྲག་མཚོན། །ལྷ་ཆེན་སྐུ་གསུང་ཐུགས་

p. 854

ཀྱི་རྟེན། །དྲག་པོའི་རྩང་དམར་ཉི་ཤུ་གཅིག །སྐེད་པ་རྒྱ་མདུད་བྱས་པ་ཡིས། །དགྲ་བོའི་རྣམ་ཤེས་ཚོགས་བརྒྱད་འཇོམས། །རྩེ་མོ་ཟུར་གསུམ་བྱས་པ་ཡིས། །དགྲ་བོའི་ལུས་ངག་ཡིད་གསུམ་འཇོམས། །རྩ་བ་བཅུམ་གཞོག་བྱས་པ་ཡིས། །དགྲ་བོའི་ལྷ་སྲུང་དབང་དུ་སྡུད། །རྩེ་མོར་དུག་ཁྲག་བྱུག་པ་ཡིས། །དགྲ་ལ་རིམས་ནད་སྣ་ཚོགས་འབེབས། །སྲིན་མོའི་འགྲོས་སུ་བསྐོར་བ་ཡིས། །རྦོད་གཏོང་དྲག་པོ་བཟློག་ཏུ་གསོལ། །དུག་གི་སྤུ་གྲི་ཉི་ཤུ་གཅིག །དུག་གི་ཁྲག་གིས་ངར་བླུད་ནས། །དགྲ་བོའི་ལུས་སྲོག་བྲལ་བ་དང་། །རྦོད་གཏོང་དྲག་པོ་བཟློག་ཏུ་གསོལ། །མཐིང་ནག་དར་མདུང་རྩེ་ལ་ནི། །བྱ་ནག་རྒོད་པོ་འཕྱོ་ཞིང་ལྡིང་། །ལོགས་ན་དར་ནག་བ་དན་ཕྱར། །རྩེ་ལ་ཕོ་ཉ་ཡུངས་དཀར་རྒྱུག །འཁྲིན་བལ་ཡང་ཆུང་མཐིང་ནག་ལ། །ཤིང་རིས་མཐིང་ནག་ལྷ་ཡི་ཞལ། །མཚན་བཟང་སུམ་

p. 855

ཅུ་རྩ་གཉིས་ལ། །དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །མཚན་དང་དཔེ་བྱད་རབ་ཏུ་ལྡན། །ལྷ་ཆེན་སྐུ་གསུང་ཐུགས་ཀྱི་རྟེན། །བ་དན་འཕན་དང་རྒྱལ་མཚན་གདུགས། །སྟག་གཟིག་དོམ་དྲེད་རྟ་གཡག་ལུག །ཁྱི་ནག་དྲེལ་ནག་ཕག་པའི་ཚོགས། །ལྷ་ཆེན་སྐུ་གསུང་ཐུགས་ཀྱི་རྟེན། །ལ་ཕུག་སྒོག་སྐྱ་ཁུར་བ་དང་། །འབྲུ་ཆན་སྲན་ཆན་ཤ་སྣའི་ཚོགས། །བསད་པའི་ཤ་ཁྲག་མྱོས་པའི་ཆང་། །དཀར་གསུམ་མངར་གསུམ་སྣ་ཚོགས་སྨན། །ཁུར་བ་བཤོས་གཙང་སྡོང་བའི་ཚོགས། །འབྲུ་ཡི་ཕུང་པོ་སྣ་ཚོགས་དང་། །སྣ་ཚོགས་མེ་ཏོག་ཤིང་ཐོག་ཚོགས། །རིན་ཆེན་སྣ་ཚོགས་དར་ཟབ་སོགས། །མཉེས་པའི་སྤྱན་གཟིགས་སྣ་ཚོགས་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དགྲ་བོའི་ལྔ་ཕུང་ཡན་ལག་ཆོམས། །མཉེས་པའི་སྤྱན་གཟིགས་སྣ་ཚོགས་རྣམས། །དཔལ་ལྡན་མགོན་པོའི་

p. 856

ཚོགས་ལ་འབུལ། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །ཕས་ཀྱི་གཡུལ་ངོ་རྦོད་གཏོང་ཟློགས། །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློགས། །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློགས། །ཉེ་བའི་བྱོལ་དང་ཕ་ཚན་རྒྱབ་འདྲེ་ཟློགས། །ལྷ་ཆེན་མགོན་པོ་དགྲ་ལ་བྷྱོ། །དགྲ་བོའི་ཡུལ་དུ་དམག་ལ་ཆོས། །ཧཱུྃ། རི་རབ་ཆེན་པོའི་རྩེ་མོ་ནས། །གདུག་པའི་མེ་དཔུང་དམར་ནག་འབར། །དུག་དང་ནད་ཀྱི་ན་བུན་འཐིབ། །མགོན་པོའི་དམག་ཚོགས་སྤྲིན་དུ་འཐིབ། །མཚོན་ཆ་སྣ་ཚོགས་ཆར་ལྟར་འབབ། །ཡུངས་ཀར་དུག་གི་བུ་ཡུག་འཚུབ། །ཕུར་པའི་དབལ་ནི་སྐར་ལྟར་འཕྲོ། །བྲུབ་ཁུང་ལྕགས་ཀྱི་ཁང་སྒྲོམ་ནང་། །དམ་ཉམས་དགྲ་བགེགས་སྐད་ངན་འདོན། །གཅན་གཟན་མང་པོ་ཤ་ལ་བསྟོད། །འདབ་ཆགས་མང་པོ་འཕུར་ཞིང་ལྡིང་། །ཤ་ཟ་མང་པོ་རྒྱུག་ཅིང་འདུར། །ལྷ་འདྲེ་མང་པོ་ཁྲོམ་དུ་འཁྲིགས། །

p. 857

དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མདོས་འདི་བཞེས་ལ་དགྲ་སྲོག་ཆོད། །རྦོད་གཏོང་བཟློག་ལ་དམ་ཉམས་སོད། །མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་ལ། མདོས་འདི་མི་ལོ་དྲག་པོ་ཡོད་པ་རྣམས་ཀྱིས་བཏེགས་ལ། དར་པོ་ཆེ་དང་། ཟངས་དུང་དང་། ཆ་ལང་དང་། རྔ་བོ་ཆེ་དང་། གླིང་བུ་དང་བཅས་པས། དྲག་པོའི་ཕྲིན་ལས་དང་བཅས། གཟའ་ཡི་ཐེབ་ལྡོག་རྩིས་ལ་དགྲ་ཡུལ་དུ་བསྐྱལ་ལོ། །མེ་འབུད་གཡབ་མོ་དོར། བཟློག་བསད་ཀྱི་སྔགས་རྒོད་དྲིལ་ལ་བཟླས་སོ། །དེ་ལྟར་བྱས་ན་སྡིག་ཅན་དང་། །བསྟན་ལ་སྡང་བ་ཕུང་བར་འགྱུར། །བསད་བཟློག་གང་ཡང་ཐོགས་རྡུགས་མེད། །ཀ་མ་ལ་ཤྲཱི་ལའི་གཙུག་ལག་ཁང་དུ། །མུ་སྟེགས་སྟོན་པ་མ་ཁོལ་གྱིས། །ནང་པའི་བསྟན་པ་སྨད་པའི་ཚེ། །ལས་འདི་བྱས་པས་ནང་པའི་བསྟན་པར་ཚུད། །དམག་དང་བསད་རང་བཟློག་པ་དེངས། །ལྷ་འདྲེའི་དལ་ཁ་གཡོས་པ་ན། །དཔལ་ལྡན་མགོན་པོའི་ལྷ་ཚོགས་ཀྱིས། །དྲག་པོ་གསང་བའི་མདོས་འདི་བྱ། །དཔལ་ནག་པོ་ཆེན་པོ་དྲག་པོ་གསང་བའི་མདོས་སྒྲུབ་ཀྱིས་དགྲ་བོ་ཁ་ཕུང་དུ་བསད་པའི་ཆོ་ག་ཞེས་བྱ་བ། སློབ་དཔོན་ནཱ་ག་ཛུ་ནས་ཆུ་བོ་གང་གཱའི་རྡོ་སྐུའི་རྩར་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་རྡོ་རྗེ་གདན་པ་དང་། བོད་ཀྱི་ལོ་ཙཱ་བ་ཙ་མི་ཟླ་བ་གྲགས་པས་བསྒྱུར་བའོ། །དུས་ཕྱིས་རྒྱ་གར་གྱི་པཎྜི་ཏ་བཻ་རོ་ཙཱ་ན་དང་། བོད་ཀྱི་ལོ་ཙྭ་བ་ཞང་རིན་ཆེན་

p. 858

རྒྱལ་མཚན་གྱིས་བསྒྱུར་བ་ལས་སྔར་དང་མཐུན་པར་འགྱུར་རོ། །བླ་མ་རིན་པོ་ཆེ་རྒྭ་ལོས་ཨ་སེང་དབང་ཕྱུག་ལ་གནང་བའོ། །ཁོང་ལ་དཔལ་ཕག་མོ་གྲུ་པས་ཞུས་སོ། །གཉིས་ཞུས་བགྱིས་པས་དག་པར་གཏུག་གོ། །བསྟན་པ་དང་སེམས་ཅན་ལ་ཕན་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །

དཔལ་མགོན་པོའི་རྩང་གྱེར། སྟེང་པ་ལོ་ཙཱ།

p. 859

དཔལ་མགོན་པོའི་རྩང་གྱེར་བཞུགས་སོ། །ཧཱུྃ་བྷྱོ། ཤར་ཕྱོགས་རྡོ་རྗེ་མ་བདུན་ནི། །མིང་པོ་ཚངས་པ་ལ་སོགས་ཏེ། །རྣལ་འབྱོར་ཀུན་གྱི་ཡུམ་གཅིག་མ། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པའི་རྩང་དང་དབྱེར་མེད་དུ། །དགྲ་བགེགས་སྲོག་གི་གཤེད་མ་མཛོད། །ཧཱུྃ། ལྷོ་ཕྱོགས་རིན་ཆེན་མ་བདུན་ནི། །མིང་པོ་གཤིན་རྗེ་ལ་སོགས་པ། །རྣལ་འབྱོར་ཀུན་གྱི་མཛའ་གཅིག་མ། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པ་རྩང་དང་གཉིས་མེད་དུ། །དགྲ་བགེགས་སྲོག་གི་གཤེད་མ་མཛོད། །

p. 860

ཧཱུྃ། ནུབ་ཕྱོགས་པདྨ་མ་བདུན་ནི། །མིང་པོ་ཀླུ་དབང་ལ་སོགས་པ། །རྣལ་འབྱོར་ཀུན་གྱི་སྲིང་གཅིག་མ། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པ་རྩང་དང་གཉིས་མེད་དུ། །དགྲ་བགེགས་སྲོག་གི་གཤེད་མ་མཛོད། །ཧཱུྃ། བྱང་ཕྱོགས་ལས་ཀྱི་མ་བདུན་ནི། །མིང་པོ་གནོད་སྦྱིན་ལ་སོགས་པ། །རྣལ་འབྱོར་ཀུན་གྱི་བྲན་གཅིག་མ། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པ་རྩང་དང་གཉིས་མེད་དུ། །དགྲ་བགེགས་སྲོག་གི་གཤེད་མ་མཛོད། །ཧཱུྃ། རྣལ་འབྱོར་དབང་ཕྱུག་ཉི་ཤུ་བརྒྱད། །བུད་མེད་ལུས་ལ་མགོ་བརྙན་ཅན། །གཅེར་བུའི་ལུས་ལ་དུར་ཁྲོད་ཆས། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པ་རྩང་དང་གཉིས་མེད་དུ། །དགྲ་བགེགས་སྲོག་གི་གཤེད་མ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ང་ནི་དཔལ་ཆེན་

p. 861

ཁྲག་འཐུང་སྐུ། །སྐུ་ཡི་མངའ་བདག་འགྲོ་བའི་མགོན། །དུས་གསུམ་སངས་རྒྱས་བསྟན་པ་སྲུང་། །གསུང་གི་དབང་ཕྱུག་འགྲོ་བའི་མགོན། །བཀའ་ལ་མི་ཉན་གང་ཡང་མེད། །ཐུགས་ནི་ཕྱི་ནང་ཀུན་ལ་ཁྱབ། །ང་ཡིས་མི་འདུལ་གང་ཡང་མེད། །ཧཱུྃ། དྲག་པོ་ལས་ཀྱི་ཕྲིན་ལས་མཛད་ཙམ་ན། །དྲག་པོ་རྩང་གི་ཕུར་པ་འདི། །དང་པོ་རྩང་བྱུང་གང་ནས་བྱུང་། །མུ་སྟེགས་ཡུལ་གྱི་ལྷོ་ནུབ་ན། །དུར་ཁྲོད་ཆེན་པོའི་ས་མཚམས་ན། །གདུག་པའི་སྐྱེར་ཚེར་ཕུང་གཅིག་སྐྱེས། །ལྷ་འདྲེ་མང་པོ་དེ་ན་གནས། །སྔགས་འཆང་ཁྲག་འཐུང་སྤྲུལ་པ་ཡིས། །སྤུ་གྲི་ངར་མ་ཕྱག་ན་བསྣམས། །གདུག་པའི་སྐྱེར་ཆེན་རྩད་ནས་བཅད། །གདུག་རྩུབ་དྲག་པོའི་ཤིང་དག་ལ། །རྩ་བཅད་རྩེ་གཞོག་གཉིས་ཀ་བྱས། །ཚད་ནི་གྲུ་གང་ཚད་དུ་གཞོགས། །རྩེ་མོ་ཟུར་གསུམ་དག་ཏུ་གཞོགས། །རྩ་བ་དབལ་

p. 862

ཕུར་ཟུར་གསུམ་བྱས། །ཛཿདང་བྷྱོ་ཡི་ཡི་གེ་བྲིས། །དྲག་པོའི་ལས་ཀྱིས་དབང་ཡང་བསྐུར། །སྤྲུལ་པའི་ཕོ་ཉས་བྱིན་བརླབས་ནས། །གདུག་པའི་དགྲ་བགེགས་འདུལ་བའི་ཕྱིར། །རྩང་ཕུར་རྩེ་མོ་དབལ་དང་ལྡན། །ཡར་གྱི་རྩེ་མོ་རྣོ་ངར་དབལ་དང་ལྡན། །མར་གྱི་རྩེ་མོ་གདུག་ལ་རྩུབ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །ཡར་གྱི་རྩེ་མོ་ཆོས་ཉིད་དབྱིངས་སུ་སླེབས། །མར་གྱི་རྩེ་མོ་ངན་སོང་རྒྱུད་དྲུག་གནོན། །སྐེད་པ་རྒྱ་མདུད་ཁམས་གསུམ་དབང་དུ་སྡུད། །ཡར་གྱི་རྩེ་ལ་ཞེ་སྡང་མེ་ལྟར་འབར། །མར་གྱི་རྩེ་ལ་འདོད་ཆགས་ཆུ་ལྟར་ཁོལ། །སྐེད་པ་རྒྱ་མདུད་ཕྲག་དོག་རླུང་ནག་འཚུབ། །ཡར་གྱི་རྩེ་ལ་དྲག་པོའི་འབྲུག་སྒྲ་སྒྲོགས། །མར་གྱི་རྩེ་ལ་སྤྲུལ་པའི་གློག་འོད་འཁྱུག །སྐེད་པ་རྒྱ་མདུད་གནམ་ལྕགས་ཐོག་སེར་འབེབས། །ཡར་གྱི་རྩེ་ལ་རཾ་གྱི་བུ་ཡུག་འཚུབ། །མར་གྱི་རྩེ་

p. 863

ལ་ཛ་ཡི་ཆུ་རྒྱུན་འབྲུབ། །སྐེད་པ་རྒྱ་མདུད་ཧཱུྃ་ཕཊ་ང་རོ་སྒྲོགས། །དགྲ་བགེགས་བྱད་མ་རྣམས་ཀྱི་སྙིང་ལ་བཏབ། །ལས་མཁན་ཕོ་ཉ་རྣམས་ཀྱི་རྟེན་དུ་བཙུགས། །དགྲ་བགེགས་སྒྲོལ་ལ་རྐྱེན་ངན་ཟློགས། །མི་མཐུན་རྐྱེན་རྣམས་ཞི་བར་མཛོད། །ཧཱུྃ། དབང་དྲག་ལྡན་པའི་ཕུར་བུ་འདི། །ཡར་གྱི་རྩེ་ལ་གཡུ་བྱ་ཁྱུ་བྱུག་གྲགས། །མར་གྱི་རྩེ་ལ་དུར་བྱ་ཀཾ་ཀ་འཇུམས། །སྐེད་པ་རྒྱ་མདུད་གཡུ་ཡི་སྤྱང་མོ་ངུ་། །ཡར་གྱི་རྩེ་ལ་ལྕགས་སྤྱང་དམར་པོ་རྒྱུག །མར་གྱི་རྩེ་ལ་དུར་ཁྲོད་ཝ་མོ་བརྒྱལ། །སྐེད་པ་རྒྱ་མདུད་འཇིགས་པའི་དོམ་དྲེད་རྔམ། །ཡར་གྱི་རྩེ་ལ་ཞེ་སྡང་སྦྲུལ་ནག་འཁྱུད། །མར་གྱི་རྩེ་ལ་གདུག་པའི་ཆུ་སྲིན་རྔམ། །སྐེད་པ་རྒྱ་མདུད་གསེར་གྱི་སྦལ་པ་འཁུན། །ཡར་གྱི་རྩེ་ལ་ལྕགས་ཀྱི་བུང་བ་ལྡིང་། །མར་གྱི་རྩེ་ལ་སྲིན་པོའི་གྲོང་ཁྱེར་འཁོར། །སྐེད་པ་རྒྱ་མདུད་གྲོག་མ་དམར་

p. 864

ནག་རྒྱུག །ཕྱི་རིམ་ལྕགས་རི་ནག་པོ་ལ། །རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་ཁྲོ་མོ་ལམས་སེ་ལམ། །རྩང་ཕུར་གར་ཐབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྕིབས་སེ་ལྕིབ། །རྩང་ཕུར་ཁྲག་འཐུང་སྐྱུ་རུ་རུ། །རྩང་ཕུར་རུས་འཆའ་ཀྲུམས་སེ་ཀྲུམ། །རྩང་ཕུར་མཆེ་བ་ཟངས་སེ་ཟང་། །རྩང་ཕུར་ལས་ཀྱི་ཕོ་ཉའི་ཚོགས། །དམར་ནག་སྲིན་མོ་འགྲོས་ཀྱི་དྲྭ་མིག་ན། །ལྷ་སྲིན་སྡེ་བརྒྱད་རྒྱུག་པའི་སྲང་། །གནོད་བྱེད་ཐལ་བར་བརླག་པར་བྱེད། །སྔོ་དམར་སྣལ་མས་དཀྲིས་པ་ནི། །མི་ནད་ཕྱུགས་ནད་ཡམས་ནད་དང་། །ཁྲག་ནད་རྒྱུ་གཟེར་བཟློག་པའི་ཕྱིར། །དྲག་པོ་རྩང་གིས་ཕྲིན་ལས་མཛོད། །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་འདི། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །སེམས་ཅན་ཡོངས་ལ་འཚེ་བ་

p. 865

དང་། །བདག་ལ་སྡང་བྱེད་དགྲ་དང་བགེགས། །དམར་ནག་རྩང་གིས་བཟློག་ཏུ་གསོལ། །ལྷག་མ་རྗེས་ཤུལ་མེད་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྟེང་པ་ལོ་ཙཱའི་རྩང་འཕྱོང་བྲག་གསེར་སྒྲོ་མའི་གཏེར་མའོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་འཁོར་མང་གི་བསྟོད་པ།

p. 866
p. 867

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་འཁོར་མང་གི་བསྟོད་པ་བཞུགས་སོ། །ཧཱུྃ། འོག་མིན་གནས་མཆོག་དམ་པ་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །བཅོམ་ལྡན་འཁོར་ལོ་བདེ་མཆོག་ནི། །འཁོར་དུ་དཔའ་བོ་དཔའ་མོས་བསྐོར། །ཟ་བྱེད་རྔམ་པའི་ཁྲོ་གཏུམ་ཅན། །བདུད་དཔུང་མ་ལུས་འཇོམས་མཛད་པ། །ཁྲག་འཐུང་རྒྱལ་པོར་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་སྐུ་སྤྲུལ་པ། །བཀའ་སྡོད་བྱ་རོག་མཚན་ཅན་ནི། །ནག་པོ་ཆེན་པོ་ཁྲོ་བོའི་རྒྱལ། །ཀེང་རུས་སྐམ་རློན་ཁྲི་ལ་བཞུགས། །གཅེར་བུ་སྐུ་མདོག་

p. 868

ནག་པོ་ལ། །ཐལ་བའི་མཚན་མས་ལུས་བྱུག་ཅིང་། །དགྲ་བགེགས་འཇོམས་ལ་ཕྱག་འཚལ་བསྟོད། །ཕྱག་བཞི་པ་ནི་སྐུར་བསྟན་པ། །ཕྲིན་ལས་རྣམ་བཞི་འགྲུབ་པའི་རྟགས། །ཕྱག་གཡས་དང་པོས་བེ་ཏ་ཡི། །འབྲས་བུ་དམར་པོ་འཛིན་མཛད་པ། །ལོངས་སྤྱོད་དངོས་གྲུབ་སྟེར་བའི་རྟགས། །རིན་ཆེན་གཏེར་གྱི་ཆར་འབེབས་པ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་འོག་མས་རལ་གྲི་འཛིན། །དགྲ་བགེགས་སྲོག་རྩ་གཅོད་པའི་རྟགས། །ཕྱག་གཡོན་དང་པོས་ཐོད་ཁྲག་བསྣམས། །བདུད་ཁྲག་དྲོན་མོ་གསོལ་བའི་རྟགས། །ཕྱག་གཡོན་འོག་མས་རྩེ་གསུམ་བསྣམས། །སྐུ་གསུམ་ཡོན་ཏན་མཐོང་བའི་རྟགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་བསྟོད། །མཆེ་བཞི་གཙིགས་པས་བདུད་བཞི་འཇོམས། །འབྱུང་པོའི་ཤ་ལ་རོལ་པའི་རྟགས། །སྤྱན་གསུམ་སྡང་མིག་ཕྱོགས་

p. 869

བཅུར་གཟིགས། །སྤྲུལ་པའི་ཕོ་ཉ་འགྱེད་པའི་རྟགས། །ཁྲོ་གཉེར་དཔྲལ་བའི་དབྱིངས་སུ་བསྡུས། །གནོད་བྱེད་ཚེ་སྲོག་བསྐུམ་པའི་རྟགས། །དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །བསྐལ་པའི་མེ་ལྟར་གྱེན་དུ་འབར། །ལྷ་རྣམས་དབང་དུ་སྡུད་པའི་རྟགས། །སྦྲུལ་རིགས་བཞི་ཡིས་དབུ་ཞབས་བརྒྱན། །ཀླུ་རྣམས་དབང་དུ་བསྡུད་པའི་རྟགས། །ཨག་ཚོམ་ཁམ་ནག་འཁྱིལ་པ་ནི། །ལྷ་མིན་གཡུལ་ངོ་བཟློག་པའི་རྟགས། །བྱ་རོག་མིང་ཅན་ཁྱོད་ལ་བསྟོད། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །རིགས་ལྔའི་རྒྱན་དང་ལྡན་པའི་རྟགས། །ཐོད་རློན་ཕྲེང་བས་དོ་ཤལ་བྱས། །དགྲ་བགེགས་སྲོག་རྩ་གཅོད་པའི་རྟགས། །ཉི་ཟླ་པདྨའི་གདན་སྟེང་ན། །ཉོན་མོངས་མ་རིག་སེལ་བྱེད་ཅིང་། །འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །དཔའ་བོའི་འདུག་སྟངས་

p. 870

ཀྱིས་བཞུགས་པ། །བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །གཅན་གཟན་འཁོར་གྱིས་བསྐོར་བའི་རྟགས། །དྲིལ་བུ་གཡེར་ཁའི་སྒྲ་སྒྲོགས་པའི། །ཕྱོགས་བཅུར་སྙན་པ་སྒྲོགས་པའི་རྟགས། །མེ་དཔུང་འབར་བའི་ནང་བཞུགས་པ། །ཉོན་མོངས་རྣམ་རྟོག་བསྲེག་པའི་རྟགས། །བྱ་རོག་མཚན་ཅན་ཁྱོད་ལ་བསྟོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །དཔྲལ་བའི་དབྱིངས་ནས་སྤྲུལ་པ་ནི། །ལྕགས་ཀྱི་བྱ་ཁྱུང་ནག་པོ་ལ། །དུང་གི་མཆེ་བ་རབ་ཏུ་གཙིགས། །སྤྱན་ནི་ཁྲག་མདོག་བསེ་ཡི་སྤྱན། །རྭ་ནི་རྡོ་རྗེ་ཕ་ལམ་འདྲ། །རིན་ཆེན་འབར་བའི་ཚྭ་ཚྭ་འཕྲོ། །མཐིང་གཤོག་འབར་བ་ལྡིང་ཞིང་གཡབ། །ཀཾ་ཀཾ་ཏྲིང་ཀྲིང་སྒྲ་འབྱིན་ཅིང་། །ཟངས་ཀྱི་སྡེར་མོ་དམར་པོ་ཡིས། །དགྲ་བགེགས་གློ་སྙིང་ཕྱུངས་ནས་ནི། །རྔམ་ཞིང་རྔམ་ཞིང་ཞལ་དུ་གསོལ། །ཁྱུང་ནག་སྐུ་ལ་

p. 871

ཕྱག་འཚལ་བསྟོད། །ཧཱུྃ། ནག་པོ་ཁྱོད་ལས་སྤྲུལ་པ་ནི། །བྱ་རོག་གདོང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་པས་གདུག་པའི་གྲི་གུག་ཕྱར། །གཡོན་པས་ཐོད་ཁྲག་དྲོན་མོ་གསོལ། །མི་མགོ་རློན་པའི་དོ་ཤལ་ཅན། །སྐུ་སྨད་སྟག་གི་ཤམ་ཐབས་ཀྱིས། །འགྱིང་ཞིང་འགྱིང་ཞིང་དགྲ་ལ་རོལ། །རྔམ་ཞིང་རྔམ་ཞིང་དགྲ་ཤ་ཟ། །སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག །རྒྱུ་མའི་ག་ཤས་ལུས་བརྒྱན་ཅིང་། །ཁྲོ་ཞིང་ཁྲོ་ཞིང་བགེགས་ལ་རོལ། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་སྒྲོགས་ཤིང་། །ལྷ་མིན་ཐམས་ཅད་འབྲོས་པར་བྱེད། །ལེགས་ལྡན་ནག་པོ་ཁྲོ་བོའི་གཟུགས། །བྱ་རོག་བགེགས་འཇོམས་ཕྱག་འཚལ་བསྟོད། །དམ་ཅན་ཡོངས་ཀྱི་སྲུང་མ་ཁྱོད། །དམ་ཉམས་ཡོངས་ཀྱི་གཤེད་པོ་ཁྱོད། །མནའ་ཟན་ཡོངས་ཀྱི་ཤ་ཟན་པོ། །རྣལ་འབྱོར་ཡོངས་ཀྱི་དགྲ་བླ་ཁྱོད། །བདུད་

p. 872

འདུལ་ཡོངས་ཀྱི་དབང་ཕྱུག་པོ། །དུག་གསུམ་ནད་ཀྱི་སྨན་པ་ཁྱོད། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །བྱ་རོག་མཚན་ཅན་ཁྱོད་ལ་བསྟོད། །ལྷ་དམག་ཀུན་གྱི་དབུགས་འབྱིན་ཅིང་། །ནམ་མཁའི་བུ་མོ་གློག་མ་སྤྲིན། །འདུལ་བར་ཞལ་གྱིས་བཞེས་མཛད་པའི། །རྡོ་རྗེ་དུར་ཁྲོད་རོ་ལངས་འདུལ། །བདུད་འདུལ་དབང་ཕྱུག་ཕྱག་འཚལ་བསྟོད། །ཧཱུྃ། ནག་པོ་ཁྱོད་ཀྱི་ཕྱག་བརྙན་པ། །ལེགས་ལྡན་ནག་པོ་སེང་གེའི་གདོང་། །ཚངས་རིགས་མགོན་པོ་ཆེན་པོ་སྟེ། །བདུད་དཔུང་མ་ལུས་འཇོམས་མཛད་པ། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །རྣལ་འབྱོར་བདག་གིས་ཁྱོད་བསྒྲུབ་ཀྱི། །བོས་པའི་དུས་ན་སྙན་མ་སྲ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྦད་པའི་དུས་སུ་མཐུ་མ་ཆུང་། །རྣལ་འབྱོར་ལུས་དང་གྲིབ་བཞིན་འགྲོགས། །ལེགས་དང་སྤྲོད་ལ་ཉེས་དང་སྣོལ། །བསམ་པ་ཡིད་བཞིན་

p. 873

འགྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ཤར་ནས་སྤྲུལ་པའི་ཕོ་ཉ་ནི། །མཁའ་འགྲོ་བྱ་རྒོད་གདོང་ཅན་ལ། །སྐུ་མདོག་མཐིང་ནག་མུན་པའི་མདོག །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །ཕྱག་གཡས་འབར་བའི་གྲི་གུག་ཕྱར། །གཡོན་པས་ཐོད་པ་ཁྲག་ཅན་བསྣམས། །ཟངས་ཀྱི་མཆེ་བ་རབ་ཏུ་གཙིགས། །རྒོད་ཅིང་རྒོད་ཅིང་རོ་ལ་ཤད། །བྱ་རྒོད་མགོ་ཅན་ཁྱོད་ལ་བསྟོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །བྱང་ནས་སྤྲུལ་པའི་ཕོ་ཉ་ནི། །མཁའ་འགྲོ་ཁྱུང་གི་མགོ་ཅན་ལ། །སྐུ་མདོག་ནག་མོ་ཆར་སྤྲིན་མདོག །རལ་པའི་ཟར་བུ་ས་ལ་དྲུད། །གཡས་གཡོན་འབར་བའི་གྲི་ཐོད་འཛིན། །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །བསེ་ཡི་མཆེ་བ་བཞི་གཙིགས་ནས། །འཕྱོང་ཞིང་འཕྱོང་ཞིང་བགེགས་ལ་རོལ། །ཁྱུང་གི་མགོ་ཅན་ཁྱོད་ལ་བསྟོད། །ཧཱུྃ། དཔལ་ལྡན་

p. 874

མགོན་པོ་ནག་པོ་ལ། །ནུབ་ནས་སྤྲུལ་པའི་ཕོ་ཉ་ནི། །མཁའ་འགྲོ་ཁྭ་ཏའི་མགོ་ཅན་ལ། །སྐུ་མདོག་ནག་མོ་དུད་པའི་མདོག །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །ཕྱག་གཉིས་འབར་བའི་གྲི་གུག་ཕྱར། །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །ཤེལ་གྱི་མཆེ་བ་རབ་ཏུ་གཙིགས། །ལྡིང་ཞིང་ལྡིང་ཞིང་དགྲ་རྣམས་གསོད། །ཁྭ་ཏའི་མགོ་ཅན་ཁྱོད་ལ་བསྟོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ལྷོ་ནས་སྤྲུལ་པའི་ཕོ་ཉ་ནི། །མཁའ་འགྲོ་འུག་པའི་མགོ་ཅན་ལ། །སྐུ་མདོག་ནག་མོ་མཐིང་གི་མདོག །རལ་པའི་ཟར་བུ་གཡོན་དུ་འཁྱིལ། །ཕྱག་གཉིས་འབར་བའི་གྲི་ཐོད་འཛིན། །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་མ། །ལྕགས་ཀྱི་མཆེ་བ་རབ་ཏུ་གཙིགས། །རྒྱུག་ཅིང་རྒྱུག་ཅིང་དམ་ཉམས་སྒྲོལ། །འུག་པའི་མགོ་ཅན་ཁྱོད་ལ་བསྟོད། །ཧཱུྃ། ཁྱོད་ཀྱི་སྤྲུལ་པའི་ཕོ་ཉ་ནི། །ཤར་ལྷོ་མཚམས་ནས་ཕག་གདོང་མ། །

p. 875

ཕག་རྒོད་འབུམ་ནི་ཕོ་ཉར་འགྱེད། །ལྷོ་ནུབ་མཚམས་ནས་ཁྱི་གདོང་མ། །བདུད་ཁྱི་འབུམ་ནི་ཕོ་ཉར་འགྱེད། །ནུབ་བྱང་མཚམས་ནས་སྤྱང་གདོང་མ། །སྤྱང་མོ་འབུམ་ནི་ཕོ་ཉར་འགྱེད། །བྱང་ཤར་མཚམས་ནས་སྟག་གདོང་མ། །སྟག་མོ་འབུམ་ནི་ཕོ་ཉར་འགྱེད། །བདག་ལ་གནོད་བྱེད་ལོག་ལྟ་ཅན། །དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས། །དགྲ་བགེགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཆོས་སྐྱོང་མགོན་པོ་ནག་པོ་ལ། །མཁའ་འགྲོ་བརྒྱད་ཀྱིས་རབ་བསྐོར་ནས། །གར་གྱི་ཚུལ་གྱིས་རོལ་མཛད་པའི། །ནག་པོ་ཆེན་པོའི་སྐུ་ལ་བསྟོད། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཁས་བླངས་བཞིན་དུ་དམ་ལ་འདུས། །ཀླུ་སྒྲུབ་སྙིང་པོའི་སྤྱན་སྔ་རུ། །ཁས་བླངས་བཞིན་དུ་དམ་ལ་འདུས། །དཔལ་ཆེན་རྒྭ་ལོའི་སྤྱན་སྔ་རུ། །ཁས་བླངས་བཞིན་དུ་དམ་ལ་འདུས། །བརྒྱན་པའི་གཏོར་མ་

p. 876

འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །

ཟུར་དེབ།

p. 877

དེ་ནས་བསྐང་བ་བྱིན་གྱིས་བརླབས་ལ་དཔལ་འབར་བཙུག་ལ་འདི་སྐད་དོ། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ཤར་དུ་བྱོན་པའི་ཚེ། །ཡུལ་འཁོར་སྲུང་ཡང་ཟིལ་གྱིས་གནོན། །དྲི་ཟ་རྣམས་ཀྱང་དབང་དུ་སྡུད། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་ཟ། །ཉམས་པའི་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ལྷོ་རུ་བྱོན་པའི་ཚེ། །འཕགས་སྐྱེས་པོ་ཡང་ཟིལ་

p. 878

གྱིས་གནོན། །གྲུལ་བུམ་རྣམས་ཀྱང་དབང་དུ་སྡུད། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་ཟ། །ཉམས་པའི་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ནུབ་ཏུ་བྱོན་པའི་ཚེ། །སྤྱན་མི་བཟང་ཡང་ཟིལ་གྱིས་གནོན། །ཆུ་ལྷ་རྣམས་ཀྱང་དབང་དུ་སྡུད། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་ཟ། །ཉམས་པའི་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགསས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་བྱང་དུ་བྱོན་པའི་ཚེ། །རྣམ་ཐོས་སྲས་ཀྱང་ཟིལ་གྱིས་གནོན། །གནོད་སྦྱིན་རྣམས་ཀྱང་དབང་དུ་སྡུད། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་ཟ། །

p. 879

ཉམས་པའི་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ༴ རི་རབ་འོག་ཏུ་བྱོན་པའི་ཚེ། །ས་བདག་རྣམས་ཀྱང་ཟིལ་གྱིས་གནོན། །ཀླུ་བྲན་རྣམས་ཀྱང་དབང་དུ་སྡུད། །ལས་སུ་སངས་རྒྱས་བསྟན༴ ཟས་སུ་ཤ་དང༴ ཉམས་པའི་དགྲ་བོའི༴ གཏོར་མའི་བདག་པོའི༴ བཅོལ་བའི་ཕྲིན་ལས༴ ཧཱུྃ། དཔལ་འབར་མ་ཧཱ༴ རི་རབ་སྟེང་དུ་བྱོན༴ ལྷ་དབང་བརྒྱ་བྱིན་ཟིལ་གྱིས་གནོན། །ལྷ་ཕྲན་རྣམས་ཀྱང་དབང་དུ་སྡུད། །ལས་སུ་སངས་རྒྱས་བསྟན༴ ཟས་སུ་ཤ་དང༴ ཉམས་པའི་དགྲ་བོའི༴ གཏོར་མའི་བདག་པོའི༴ བཅོལ་བའི་ཕྲིན་ལས༴ དེ་ནས་བསིལ་བའི་ཚལ་བཅས་བསྐུལ་ཏེ། ཀ་ལའི་ནག་མོའི་གསང་སྔགས་གཞུང་བཞིན་བྱས་ལ་སྟེགས་ཀྱི་ཁར་འབུལ་ལོ། །

དམ་ཅན་བསྐང་བ།

p. 880
p. 881

དམ་ཅན་བསྐང་བ་ནི། ཀྱེ། དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །མཁར་ཐབ་བཤོས་བུ་ར་ཡིས་མཚན། །ཤ་ཁྲག་དམར་གཏོར་རཀྟ་དང་། །མཾ་ས་ར་ཡི་གསུར་ཆེན་དང་། །སྙུག་རྒོད་ཁྲབ་བྱང་རྔ་ཁྲ་དང་། །སྟག་རས་གཟིག་རས་དར་སྣ་དང་། །མཛེས་པའི་གླུ་གར་རོལ་མོའི་དབྱངས། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །

ཟུར་དེབ།

p. 882
p. 883

༓ ༈ གཞན་ཡང་གནས་དཔོན་ཆེན་པོ་སྐྱོ་བྲག་བྲག་དཀར། སེང་གེ་གནམ་མཆོང་། རྦ་ནག་དགེ་བསྙེན། ཆབ་ཏི་བྲག་དཀར། སྤྱི་འདུ་བྲག་དཀར། རྨ་རྒྱལ་སྤོམ་ར། གཉན་ཆེན་ཐང་ལྷ། ཟླ་རྒྱལ་འབྲི་བྱེད། མོ་ཧད་ལྷ་རྩེ། སྐྱོང་བྱེད་འཕེན་པོ། །རྨི་ཐི་དམག་དཔོན། སྤུངས་རི་དཔལ་ཆེན། པདྨ་སྡོང་ཕུག །འགྱིང་རྒྱལ་རི་བོ་ཆེ། སྤྱི་འབྱམས་དཔལ་རྩེ། སྡོང་ལ་རྒྱལ་མཚན། དཀར་ཡུ་ཡང་སྙིང་། བེལ་ཇོ་རྨོག་ཕུར། ཁྲོ་བོ་དབུ་དགུ། སྤྱིར་རྩི་ཤེལ་ཁྲོམ། རྒྱལ་རྒྱམ་ཤེལ་ཁྲོམ། མྱེ་མྱག་ཤེལ་ཁྲོམ།

p. 884

སྙི་ནག་གཡག་ཐོད། ཇོ་བོ་སྦོམ་ཤེ །ཇོ་བོ་སྤ་དཀར་ནག །ཇོ་མོ་ཤེར་སྙིང་། དབེན་ནེ་གཉན་པོ། གཙོ་ཕུ་བྲག་དམར། འོ་ཕུ་རྫོང་དམར། ལ་དམར་རི་དམར་གཉན་པོ། སྐུ་རྒྱལ་ཤེ་ནེ། གསོ་ནེ་ཁམ་པ། རྡོ་ཕྲུག་རྒྱལ་པོ་ལ་སོགས་པ་གཞན་ཡང་ཡུལ་ལྷ་མཚན་ནས་མ་ཐོན་པ་ལྷ་ཀླུ་བཙན་བདུད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དགོས་འདོད་ཐམས་ཅད་སོགས།

p. 885

༓ ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལྷ་ཀླུ་གཞི་བདག་རྣམས་ལ་འདོད་ཡོན་ཚོགས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པ་འབྱུང་བར་ཤོག །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མནྡྷ་མ་ཡེ་སྭཱ་ཧཱ། ས་བདག་ཀླུ་གཉན་གྱི་ནད་དང་གདུག་པ་ཐམས་ཅད་ཞི་བར་གྱུར་ཅིག །ཨ་ལས་སུ་རཀཱ་འདུ། ཨ་ལ་

p. 886

མ་རཀཱ་འདུ། ཧུྃ་ཧཱུྃ་དྷ་དྷ་དྷུ་དྷུ་མ་ཡེ་ཏ་ཀེ་ཙ་ཀེ་ཧཱུྃ་ཕཊ། ཨོཾ་ཡེ་དྷརྨ་སོགས། ༡ ༡ ༡ ༢ ༣ ༡ ༢ ༣ ༡ ༢ ༣ ༡ ༡ ༢ ༣ ༤ ༥ ༡ ༢ ༣ ༤ ༥ ༡ ༢ ༣ ༤ ༥ ༡ ༡ ༢ ༣ ༤ ༥ ༦ ༧ ༡ ༢ ༣ ནས་འབེབས་མཐར། ༡ ༡ ༢ ༣ ༡ ༢ ༣ འཇོག །གདོང་ལྔའི་སྐབས་བཀུགས་བཞུགས་ལན་གསུམ། ཆམ་རྒྱག་གིས་གཞི་སྙིང་སྤར། གསུམ་འཇོག་གིས། བསྐང་བསྐྱེད་བསྐང་མང་ལ་འཇུག་མཆན་བུ། གཏོར་བཟློག་སྐབས་བཞི་འཇོག །འཚོགས་ཐེངས། ཡར་འཚོགས་བསད་པ་ལས་བཞི་ལ་འཇུག །ཞྭ་བཞེས། སྒྲུབ་ཁང་ནས། ཚོགས་འདོན་མཐར། བཀྲུགས། ཆམ་རྒྱག་བཞི་སྙིང་སྤར། བསྐང་བ་འདོན། ༓

p. 887

༓ ཧཱུྃ། འཇིགས་མཛད་དཔའ་བོ་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་པའི་མདོག །ལྷན་ཅིག་སྐྱེས་དགའི་རང་བཞིན་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འཁོར་ལོ་སྡོམ་པ་ཡི། །ཐུགས་ལས་སྤྲུལ་པའི་ནག་པོ་ཆེ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །དྲག་པོའི་ཕྲིན་ལས་མཛད་ལ་འདུད། །༈ ཧཱུྃ། དུས་གསུམ་སངས་རྒྱས་བསྟན་པ་ནི། །སྤྱི་བོའི་གཙུག་ཏུ་ཁུར་མཛད་ཅིང་། །དམ་ཉམས་བསྟན་ལ་སྡང་བ་རྣམས། །མྱུར་

p. 888

དུ་སྒྲོལ་ཞིང་ཚར་གཅོད་པའི། །བྱ་རོག་མིང་ཅན་སྟོབས་པོ་ཆེ། །བསྟན་སྲུང་ཁྱོད་ལ་ཕྱག་འཚལ་སྟོད། །༓

འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།

p. 889

༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

p. 890

འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག

Pecha page