དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།
བསྐང་བའི་གཟུགས་འགྲོས་བསྐྱེད་ཆོག་དངོས་གྲུབ་ཆར་འབེབས།
༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{ཆོས་སྐྱོང་མགོན་པོའི་བསྐང་མང་སྐོར་ཁ་}བཞུགས་སོ། །
༄༅། །བསྐང་བའི་གཟུགས་འགྲོས་བསྐྱེད་ཆོག་དངོས་གྲུབ་ཆར་འབེབས་བཞུགས་སོ། །
ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་རི་རབ་གྲུ་བཞི་པ། ཤར་ཤེལ་ལས་གྲུབ་པ། ལྷོ་བཻ་ཌཱུརྱ་ལས་གྲུབ་པ། ནུབ་པདྨ་རཱ་ག་ལས་གྲུབ་པ། བྱང་གསེར་ལས་གྲུབ་པའི་རི་བོ་མཆོག་རབ། དེའི་སྟེང་དུ་ཡི་གེ་ཏི་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་
སྦྱངས། སྲིད་པ་གསུམ་གྱི་བཅུད་ནུས་པ་ཐམས་ཅད་བསྡུས་ནས་ཏི་ལ་ཐིམ། དེ་ཉིད་ཡོངས་སུ་གྱུར་པ་ལས་གཟུགས་འགྲོས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྱུང་ཆེན་ལྡིང་བ་ལ་སོགས་པའི་བྱ་རིགས་སྣ་ཚོགས། སེང་གེ་དར་མ་ལ་སོགས་པའི་གཅན་གཟན་སྣ་ཚོགས། རིའི་ཤྭ་བ་ལ་སོགས་པའི་རི་དྭགས་སྣ་ཚོགས། གླང་ཆེན་བརྟན་པ་ལ་སོགས་པའི་དཀོར་ནོར་གཡུང་ཕྱུགས་སྣ་ཚོགས། ཆུ་སྲིན་གྱི་རྒྱལ་པོ་ལ་སོགས་པའི་ལྟོ་འཕྱེ་སྣ་ཚོགས། དེ་རྣམས་ཀྱི་རྭ་ཁྱེར་གྱིས་ནམ་མཁའ་གང་
བ། རྨིག་ཁྱེར་གྱིས་ས་གཞི་གང་བ། ཤ་ཁྱིམ་ཟན་ལ་བྱས་པ། ཁྲག་ཁྱིམ་ཆུ་ལ་བྱས་པ། དབུགས་ཁྱིམ་རླུང་ལ་བྱས་པ། སྤུ་ཁྱིམ་མར་ལ་བྱས་པ། ཐམས་ཅད་དངོས་པོ་ཡག་པ། ཡིད་དུ་འོང་བ། འཕུར་བ། འཇོལ་བ། རྩེ་བ། ལྡིང་བ། ངག་ནས་སྙན་པའི་གླུ་ལེན་པ། རྫུ་འཕྲུལ་གྱི་སྟོབས་དང་ལྡན་པ། རེ་རེ་ལའང་སྤྲུལ་པ་དུ་མ་འཕྲོ་བ། དབང་པོ་རྣམ་པ་ལྔ་དང་ལྡན་པ། མིག་ཏུ་གཟུགས་ཀྱི་ལྷ་མོ་དཀར་མོ། རྣ་བར་སྒྲ་ཡི་ལྷ་མོ་སྔོན་མོ། སྣར་དྲིའི་ལྷ་མོ་སེར་མོ། ལྕེར་རོའི་ལྷ་མོ་དམར་མོ། ལུས་ལ་རེག་བྱའི་ལྷ་མོ་ལྗང་གུ། དེ་རྣམས་ཀྱི་ཕྱག་ན་མཆོད་རྫས་སྣ་ཚོགས་ཐོགས་པ། གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། གཞན་ཡང་རང་རང་གི་ཡིད་དང་མཐུན་པའི་འདོད་ཡོན། ལོངས་སྤྱོད། ཞིང་ཁམས། ཕོ་བྲང་། རྒྱན་ཡོ་བྱད་སྣ་ཚོགས། ཤ་ཆེན་ལྔའི་དམ་
རྫས། དམར་ཆེན་ཁྲག་གི་རྒྱ་མཚོ། ཚིལ་ཆེན་འོད་ཀྱི་ཞུན་མར། ཤ་ཆེན་སྤོས་ཀྱི་དུད་སྤྲིན། དབང་པོ་ལྔའི་མེ་ཏོག །དྲི་ཆེན་དྲི་ཆུའི་བདུད་རྩི། རྐང་དང་ཀླད་པ། ཤ་སྣ་ཁྲག་སྣ། སྙིང་སྣའི་ཚོགས་དང་། མི་རྐང་གི་གླིང་བུ། བྷནྡྷའི་རྔ་ཆེན་ལ་སོགས་རོལ་མོ་སྣ་ཚོགས། ཕྱག་མཚན་རལ་གྲི་གྲི་གུག་ལ་སོགས་མཚོན་ཆ་སྣ་ཚོགས། གོས་དར་གོ་ཁྲབ། འབྲུ་སྨན། གསེར་དངུལ་ལ་སོགས་རིན་པོ་ཆེ་སྣ་ཚོགས། ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ཤིང་ལ་སོགས་པའི་དགོས་འདོད་འབྱུང་བ་ཐམས་ཅད། དར་གདུགས་ནག་པོ། རྒྱལ་མཚན་རྣམ་བཞི། ཞིང་ཆེན་གཡང་གཞི། དེ་མོ་ནག་མོའི་སྒོ་ང་། མི་དབང་འབྲས་བུ། བཀྲ་ཤིས་རྫས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། འགྲིག་(ཁྲི)ཡོལ་ཕྱེ་མའི་ཕུར་མ་ལ་སོགས་པའི་མཆོད་རྫས་སྣ་ཚོགས། འདོད་པའི་ཡོན་ཏན་ལྔ་ལ་
སོགས་པ་ཕྱི་ནང་གསང་གསུམ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ། མདོར་ན་ལྷ་དང་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། སྟེང་གི་ནམ་མཁའ་ལ་མཆོད་པའི་སྤྲིན་སྣ་ཚོགས། བར་སྣང་ལ་འདོད་ཡོན་བདུད་རྩིའི་རྒྱ་མཚོ། ས་གཞི་ལ་དགྲ་བགེགས་བསྒྲལ་བའི། ཤར་དུ་གཏི་མུག་ཤའི་རི་བོ། ལྷོར་ང་རྒྱལ་སྙིང་གི་ཕུང་པོ། ནུབ་ཏུ་འདོད་ཆགས་ཁྲག་གི་རྒྱ་མཚོ། བྱང་དུ་ཞེ་སྡང་རུས་པའི་བྲག་རི། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་རྣམ་འཕྲུལ་ལས་བྱུང་བའི་མཆོད་པ། རི་རབ་ལས་འཕང་མཐོ་ཞིང་། རྒྱ་མཚོ་བས་གཏིང་ཟབ་པ། ལྷོ་སྤྲིན་ལས་རྔམས་འཐུག་ཅིང་། ཉི་ཟླ་བས་མདངས་གསལ་བ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་དང་མཉམ་པ། ཡུན་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་འབྱུང་བར་བྱེད་པ། འཕགས་པ་རྣམས་མཆོད་ཅིང་།
སེམས་ཅན་གྱི་རྒྱུད་ལ་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་། སྡུག་བསྔལ་ལས་གྲོལ་ཏེ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་འཐོབ་པར་བྱེད་པ་འདི་དག །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་རིམ་བཞིན་དུ་འབུལ་ལོ། །བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ནོར་ལྷ་གཏེར་བདག །ཕྱོགས་སྐྱོང་སྡེ་བརྒྱད། ཡུལ་ལྷ་གཞི་བདག །གནས་པོ་དགེ་བསྙེན་རྣམས་ཀྱིས་དམ་ཚིག་གི་ཆག་ཉམས་ཐམས་ཅད་བསྐང་བའི་བསྐང་རྫས་རྟེན་རྫས་སྒྲུབ་རྫས་འདོད་པའི་ཡོན་ཏན་དཔག་ཏུ་མེད་པས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱཿ
ཀརྨ་པས་མཛད་པའི་བསྐང་བ་བཀྲ་ཤིས་སྒོ་མང་ལས་བཀའ་བརྒྱུད་བླ་མའི་བསྐང་བ།
ཀརྨ་པས་མཛད་པའི་བསྐང་བ་བཀྲ་ཤིས་སྒོ་མང་ལས་བཀའ་བརྒྱུད་བླ་མའི་བསྐང་བ་བཞུགས་སོ། །ཧཱུྃ། ཆོས་ཉིད་བདེ་ཆེན་གཞལ་ཡས་ནས། །བྱིན་རླབས་རྒྱ་མཚོ་འབྱུང་བའི་གནས། །འདྲེན་པའི་རྡོ་རྗེ་སློབ་དཔོན་རྣམས། །ཐུགས་དམ་རྒྱུད་ནས་བསྐང་བའི་ཕྱིར། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །རྣམ་དག་ཡེ་ཤེས་གཞལ་ཡས་ནས། །དངོས་གྲུབ་རྒྱ་མཚོ་འབྱུང་བའི་གནས། །ཡི་དམ་རྒྱལ་བའི་ལྷ་ཚོགས་རྣམས། །ཐུགས་དམ་རྒྱུད་ནས་བསྐང་བའི་ཕྱིར། །སྒྲུབ་པའི་
གནས་མཆོག་དམ་པ་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །རང་བྱུང་ཨོ་རྒྱན་གཞལ་ཡས་ནས། །རྟེན་འབྲེལ་རྒྱ་མཚོ་འབྱུང་བའི་གནས། །མ་བཞིན་སེམས་པའི་མཁའ་འགྲོ་རྣམས། །ཐུགས་དམ་རྒྱུད་ནས་བསྐང་བའི་ཕྱིར། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །དུར་ཁྲོད་འབར་བའི་གཞལ་ཡས་ནས། །ཡོན་ཏན་རྒྱ་མཚོ་འབྱུང་བའི་གནས། །དམ་ཅན་ཆོས་སྐྱོང་སྲུང་མ་རྣམས། །ཐུགས་དམ་རྒྱུད་ནས་བསྐང་བའི་ཕྱིར། །སྒྲུབ་པའི་གནས་མཆོག་དམ་པ་འདིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཧཱུྃ། སྒྲུབ་པའི་གནས་མཆོག་དམ་པ་འདིར། །སྒྲུབ་པའི་དཀྱིལ་འཁོར་ཚུལ་བཞིན་བཤམས། །སྐུ་གསུང་ཐུགས་ཀྱི་ལྷ་རྟེན་བཀྲམ། །མཆོད་པའི་སྤྲིན་གྱི་གཏོར་ཚོགས་རྣམས། །ཞིང་ཆེན་བླ་རེ་ལྷབ་མ་ལྷུབ། །སྤོས་
ཆེན་དུད་པ་སྤྲིན་ལྟར་གཏིབ། །བྷནྡྷའི་ཞལ་བུ་ཉལ་མ་ཉིལ། །རཀྟའི་ཨརྒྷཾ་ཀྱི་ལི་ལི། །དུང་དང་རྔ་ཆེན་འུ་རུ་རུ། །དབྱངས་དང་སྒྲ་སྙན་ཏི་རི་རི། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྣལ་འབྱོར་ཡོན་བདག་འཁོར་དང་བཅས། །རྟོགས་པ་གར་གྱི་ཉམས་དགུར་ལྡན། །ན་བཟའ་རྒྱན་དང་བགྲང་ཕྲེང་མཛེས། །དགའ་དང་སྤྲོ་དང་གཟི་མདངས་མཐོ། །ཕྱག་རྒྱ་གར་དང་སྟངས་སྟབས་རྩེ། །རྡོ་རྗེའི་གླུ་དང་དབྱངས་ཀྱིས་འབོད། །ཕེཾ་ཕེཾ་ཨ་ར་ལི་ཡི་སྒྲས། །གདུང་བའི་དབྱངས་དང་ང་རོ་སྙན། །དུས་འདིར་ཐུགས་དམ་གཉན་པོ་བསྐང་། །ཧཱུྃ། ཐུགས་དམ་བསྐང་བའི་དམ་རྫས་ནི། །རང་བྱུང་རྣམ་དག་བདུད་རྩི་སྨན། །རྩ་བརྒྱད་སྟོང་སྦྱར་རིལ་བུ་དང་། །རཀྟ་ཁྲག་དང་དཔའ་བོ་ཆང་། །གསང་གསུམ་གཉེན་པོའི་ལྷ་རྟེན་བཀྲམ། །འདོད་ཡོན་ཚོགས་ཀྱི་འཁོར་
ལོར་མཆོད། །དམ་རྫས་རྨད་བྱུང་གཏོར་མ་དང་། །སྦྱོར་བའི་དམ་རྫས་མཚན་ལྡན་དང་། །སྒྲོལ་བའི་དམ་རྫས་སྲོག་དང་དབུགས། །ཟབ་པའི་ལྟ་སྒོམ་སྤྱོད་འབྲས་དང་། །སྣ་ཚོགས་བརྒྱན་པའི་མཆོད་པ་འདིས། །ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས། །རྡོ་རྗེའི་སྐུ་ཡི་དམ་ཚིག་བསྐང་། །རྡོ་རྗེའི་གསུང་གི་དམ་ཚིག་བསྐང་། །རྡོ་རྗེའི་ཐུགས་ཀྱི་དམ་ཚིག་བསྐང་། །ཧཱུྃ། ཉམས་ཆག་ལྷ་ལ་བསྐང་བ་ནི། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །བཀའ་བརྒྱུད་རྡོ་རྗེ་སློབ་དཔོན་རྣམས། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་འགྲོ་བའི་དོན་མཛད་ཕྱིར། །སྤྲུལ་པ་མི་ཟད་འཁོར་ལོར་ལྡན། །མི་མངོན་དབྱིངས་ན་རྣམ་པར་བཞུགས། །ཐུགས་རྗེས་མ་བཞིན་བདག་ལ་དགོངས། །སྤྱན་གྱིས་བུ་བཞིན་བདག་ལ་གཟིགས། །བྱིན་རླབས་དངོས་གྲུབ་མཆོག་སྩོལ་བའི། །
ཐུགས་རྗེ་ཆེ་ལྡན་འགྲོ་བའི་གཉེན། །སྔ་རབས་འདས་དང་སླད་ཀྱིས་འབྱོན། །ད་ལྟར་བཞུགས་པའི་བཀའ་དྲིན་ཅན། །བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །འོག་མིན་ཆོས་ཀྱི་ཕོ་བྲང་ནས། །རྫོགས་པའི་སངས་རྒྱས་སྐུ་གསུམ་བདག །རྡོ་རྗེ་འཆང་གི་ཐུགས་དམ་བསྐང་། །ཤར་ཕྱོགས་ཟ་ཧོར་དགོན་པ་ན། །སྤྲུལ་པ་བརྒྱ་འགྱེད་རྣལ་འབྱོར་པ། །ཏཻ་ལོ་པ་ཡི་ཐུགས་དམ་བསྐང་། །པུ་ལ་ཧ་རིའི་གནས་མཆོག་ན། །རིག་པ་ལྔ་ལྡན་དངོས་གྲུབ་བརྙེས། ནཱ་རོ་པ་ཡི་ཐུགས་དམ་བསྐང་། །ལྷོ་བྲག་མཁར་ཆུའི་ཕོ་བྲང་ན། །སྦས་པའི་རྣལ་འབྱོར་གསང་སྔགས་བདག །མར་པ་ལོ་ཙཱའི་ཐུགས་དམ་བསྐང་། །གངས་དཀར་ཏི་སེའི་ཕོ་བྲང་ནས། །མཁའ་འགྲོའི་དབང་ཕྱུག་རྣལ་འབྱོར་པ། །རྗེ་བཙུན་མི་ལའི་ཐུགས་དམ་བསྐང་། །དྭགས་ལྷ་དཔལ་གྱི་དགོན་པ་ན། །རྒྱལ་བས་ལུང་བསྟན་
སྤྲུལ་པའི་སྐུ། །དྭགས་པོ་ལྷ་རྗེའི་ཐུགས་དམ་བསྐང་། །སྟོད་ལུང་མཚུར་ཕུའི་གནས་མཆོག་ན། །རླུང་སེམས་དབང་ཐོབ་རིན་པོ་ཆེ། །དུས་གསུམ་མཁྱེན་པའི་ཐུགས་དམ་བསྐང་། །འོག་མིན་ཀརྨའི་གནས་མཆོག་ནས། །དུས་གསུམ་སངས་རྒྱས་ཆོས་ཀྱི་སྐུ། །འགྲོ་མགོན་རས་པའི་ཐུགས་དམ་བསྐང་། །འབྲི་གུང་དཔལ་གྱི་གནས་མཆོག་ན། །རྩེ་གཅིག་ཡིད་འོང་རྣལ་འབྱོར་པ། །བྲམ་ཟེ་ཆེན་པོའི་ཐུགས་དམ་བསྐང་། །སྒོ་མོ་ཆོས་ཀྱི་ཡང་དགོན་ན། །རྩལ་གསུམ་ཡོངས་རྫོགས་རིན་པོ་ཆེ། །རྗེ་ཀརྨ་པ་ཡི་ཐུགས་དམ་བསྐང་། །པུ་ཏྲ་དཔལ་གྱི་གནས་མཆོག་ན། །འགྲོ་བའི་དཔལ་མགོན་ཆོས་ཀྱི་རྗེ། །ཨོ་རྒྱན་མགོན་པོའི་ཐུགས་དམ་བསྐང་། །ཁྱུང་ཚང་དཔལ་གྱི་གནས་མཆོག་ན། །འགྲོ་བ་འདྲེན་མཛད་རིན་པོ་ཆེ། །རང་བྱུང་རྡོ་རྗེའི་ཐུགས་དམ་བསྐང་། །བདེ་ཆེན་རྫོང་གི་གནས་མཆོག་
ན། །གྲུབ་ཐོབ་འགྲན་མེད་རིན་པོ་ཆེ། །གཡུང་སྟོན་ཆེན་པོའི་ཐུགས་དམ་བསྐང་། །ཙཱ་རི་གངས་ཀྱི་གནས་མཆོག་ན། །མཁྱེན་རབ་རྨད་དུ་བྱུང་བའི་མཆོག །ཆོས་ཀྱི་གྲགས་པའི་ཐུགས་དམ་བསྐང་། །གནས་ནང་རྒྱལ་བའི་རི་ཁྲོད་དུ། །ཕྲིན་ལས་ཐོགས་མེད་རིན་པོ་ཆེ། །མཁའ་སྤྱོད་དབང་པོའི་ཐུགས་དམ་བསྐང་། །པོ་ཊ་ལ་ཡི་གནས་མཆོག་ཏུ། །མཐོང་ཐོས་དྲན་རེག་འགྲོ་བའི་མགོན། །དེ་བཞིན་གཤེགས་པའི་ཐུགས་དམ་བསྐང་། །ལྷུན་གྲུབ་དཔལ་གྱི་གནས་མཆོག་ན། །འབྲེལ་ཚད་དོན་ལྡན་རིན་པོ་ཆེ། །རྗེ་ཐམས་ཅད་མཁྱེན་པའི་ཐུགས་དམ་བསྐང་། །གར་བཞུགས་ཆོས་དབྱིངས་ཕོ་བྲང་ན། །མཐོང་བ་དོན་ལྡན་རིན་པོ་ཆེ། །སྤྲུལ་པའི་སྐུ་མཆོག་ཐུགས་དམ་བསྐང་། །སྨིན་གྲོལ་བདེ་ཆེན་ཕོ་བྲང་ན། །བསྟན་དང་འགྲོ་བའི་དོན་མཛད་པ། །འཇམ་དཔལ་བཟང་པོའི་
ཐུགས་དམ་བསྐང་། །རྣམ་དག་དབང་གི་ཕོ་བྲང་ན། །བརྒྱུད་པའི་བྱིན་རླབས་གདམས་པ་འཛིན། །དཔལ་འབྱོར་དོན་གྲུབ་ཐུགས་དམ་བསྐང་། །ཡང་དག་དོན་གྱི་གནས་མཆོག་ན། །འགྲོ་བ་འདྲེན་མཛད་སྤྲུལ་པའི་སྐུ། །ཆོས་གྲགས་རྒྱ་མཚོའི་ཐུགས་དམ་བསྐང་། །དག་སྣང་ཆོས་སྐུའི་ཕོ་བྲང་ནས། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན། །བཀྲ་ཤིས་དཔལ་འབྱོར་ཐུགས་དམ་བསྐང་། །ཀུན་མཁྱེན་རྒྱལ་བའི་ཕོ་བྲང་ན། །མཁྱེན་པ་གཉིས་ལྡན་ཆོས་ཀྱི་རྗེ། །མི་བསྐྱོད་རྡོ་རྗེའི་ཐུགས་དམ་བསྐང་། །སྣང་སྲིད་དག་པའི་ཕོ་བྲང་ན། །ཐུགས་རྗེ་མཚུངས་མེད་འགྲོ་བའི་མགོན། །དཀོན་མཆོག་ཡན་ལག་ཐུགས་དམ་བསྐང་། །ཕྲིན་ལས་རབ་འབྱམས་ཕོ་བྲང་ན། །མཆོག་གི་མཛད་པས་འགྲོ་བ་འདུལ། །དབང་ཕྱུག་རྡོ་རྗེའི་ཐུགས་དམ་བསྐང་། །ཆུ་དབར་སྤྲུལ་པའི་ཞིང་མཆོག་ནས། །གར་དབང་
རྡོ་རྗེ་འཆང་ཆེན་པོ། །ཆོས་ཀྱི་དབང་ཕྱུག་ཐུགས་དམ་བསྐང་། །ལི་ཡུལ་རིག་པའི་ལྷ་ཁང་ནས། །ནམ་མཁའ་རྒྱལ་པོའི་རྣམ་རོལ་པ། །ཆོས་དབྱིངས་རྡོ་རྗེའི༴ སྣང་སྲིད་དག་པ་རབ་འབྱམས་ནས། །ཚེ་སྣང་མཐའ་ཡས་སྒྱུ་མའི་འཕྲུལ། །ཡེ་ཤེས་སྙིང་པོའི༴ གངས་ཅན་གྲུ་འཛིན་གནྡྷོ་ལར། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་མཆོག །ཛྙཱ་ན་བཛྲ༴ ཡངས་ཅན་རྡོ་རྗེ་གདན་ཆེན་པོར། །སྲིད་ཞིའི་དཔལ་མགོན་ཟླ་བྲལ་བ། །ཆོས་ཀྱི་དོན་གྲུབ༴ གར་བཞུགས་ཆོས་སྐུའི་ཞིང་ཁམས་ནས། །འབྲེལ་ཚད་དོན་ལྡན་སྤྲུལ་པའི་སྐུ། །བྱང་ཆུབ་རྡོ་རྗེའི༴ དཔལ་སྤུངས་ཆོས་ཀྱི་གྲྭ་ཆེན་ནས། །ཤེས་བྱ་ཀུན་གཟིགས་ཐམས་ཅད་མཁྱེན། །བསྟན་པའི་ཉིན་བྱེད༴ ཕྲིན་ལས་མཁའ་ཁྱབ་ཕོ་བྲང་ནས། །སངས་རྒྱས་ཀུན་དངོས་འཁོར་ལོའི་མགོན། །བདུད་འདུལ་རྡོ་རྗེའི༴ གཡུ་ལོ་བཀོད་པའི་
གཞལ་མེད་ནས། །མཁས་དང་གྲུབ་པའི་ཁྱབ་བདག་ཆེ། །ཆོས་འགྲུབ་རྒྱ་མཚོའི༴ འགྱུར་མེད་རྡོ་རྗེའི་གདན་སྟེང་ནས། །པདྨའི་རྒྱལ་ཚབ་རྩོད་བྲལ་བའི། །ཉིན་བྱེད་དབང་པོའི་ཐུགས་དམ་བསྐང་། །ཞེས་པ་ཀརྨ་ཚོགས་གཉིས་འོད་ཟེར་ངོར། རྡོ་རྗེ་དྲག་པོས་བརྗོད་པའོ། །སྒྲུབ་གནས་པདྨ་ཁྱུང་རྫོང་ནས། །འཇིག་རྟེན་མིག་གཅིག་འགྲོ་དྲུག་འདྲེན། །ཐེག་མཆོག་རྡོ་རྗེའི་ཐུགས་དམ་བསྐང་། །འོག་མིན་ཀརྨའི་གནས་མཆོག་ནས། །དྭགས་བརྒྱུད་བསྟན་པའི་རྒྱན་གཅིག་པུ། །ཙནྡྲ་བྷ་དྲའི་ཐུགས་དམ་བསྐང་། །ཀརྨ་ཚུལ་ཁྲིམས་བཞེད་ངོར་ཤྲཱི་བྷ་དྲས་འཛུད། སྤྲོས་བྲལ་བདེ་ཆེན་ཡངས་པའི་དཀྱིལ། །གར་བསྒྱུར་སྣ་ཚོགས་འགྲོ་བའི་མགོན། །དྭགས་བརྒྱུད་བསྟན་པའི་སྒྲོན་མེ་མཆོག །པདྨ་དབང་མཆོག་ཐུགས་དམ་བསྐང་། །ཀརྨ་པ་བཅུ་དྲུག་པས་སོ། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དགོས་འདོད་ཀུན་འབྱུང་རིན་པོ་ཆེ། །རྩ་བའི་
བླ་མའི་ཐུགས་དམ་བསྐང་། །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བའི་མཛོད་འཛིན་པ། །བདེ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ཀྱི། །དཔའ་བོ་གཏུམ་དྲག་ཞེས་བྱ་བར། །སྲས་དང་བཙུན་མོ་འཁོར་དང་བཅས། །ཨིནྡྲ་བྷུ་ཏིའི་ཐུགས་དམ་བསྐང་། །ལུས་ངན་འཇིགས་བྱེད་ཞེས་བྱ་བར། །སྤྱོད་པ་ལ་གནས་རྣལ་འབྱོར་པ། །ཀུ་ཀུ་རི་པའི་ཐུགས་དམ་བསྐང་། །ཆུ་བདག་ཐོད་པ་ཅན་ཞེས་པར། །སྤྲོས་བཅས་སྤྱོད་པ་ཡུམ་དང་བཅས། །པདྨ་བཛྲ་ཐུགས་དམ་བསྐང་། །གཤིན་རྗེ་འབར་བའི་ནགས་ཚལ་དུ། །དགེ་སློང་སྤྲོས་མེད་གདམས་ངག་འབོག །ཀླུ་སྒྲུབ་སྙིང་པོའི་ཐུགས་དམ་བསྐང་། །དབང་ལྡན་ཧ་ཧ་དགོད་པ་རུ། །མདའ་འཛིན་སྤྱོད་པ་ཡུམ་དང་བཅས། །ས་ར་ཧ་ཡི་ཐུགས་དམ་བསྐང་། །མེ་མཚམས་དཔལ་
འདྲེན་ཞེས་བྱ་བ། །སྟག་ཞོན་སྦྲུལ་མགོའི་གདེང་ཀ་ཅན། །ཌོཾ་བྷི་པ་ཡི་ཐུགས་དམ་བསྐང་། །བདེན་བྲལ་མུན་ཅན་ཞེས་བྱ་བར། །རྡོ་རྗེ་དྲིལ་སྟབས་མཁའ་ལ་གཤེགས། །དྲིལ་བུ་པ་ཡི་ཐུགས་དམ་བསྐང་། །རླུང་དང་ཅ་ཅོ་སྒྲ་སྒྲོགས་པ། །དགེ་སློང་ཚུལ་འཛིན་ཉ་རྒྱུ་འཛིན། །ལུ་ཧི་པ་ཡི་ཐུགས་དམ་བསྐང་། །གྲུབ་ཆེན་བརྒྱད་ཅུ་ལ་སོགས་པའི། །གྲུབ་ཐོབ་རྒྱ་མཚོའི་ཐུགས་དམ་བསྐང་། །བོད་ཡུལ་གྲུབ་པའི་མངའ་བདག་མཆོག །རྡོ་རྗེ་སློབ་དཔོན་བཞུགས་སོ་འཚལ། །རིག་འཛིན་བླ་མའི་ཐུགས་དམ་བསྐང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། །ཚེ་ལ་དབང་བའི་རིག་འཛིན་དང་། །སྨན་རྣམས་གྲུབ་པའི་རིག་འཛིན་དང་། །སྔགས་ལ་དབང་བའི་རིག་འཛིན་དང་། །ལས་ལ་དབང་བའི་རིག་འཛིན་དང་། །རིག་འཛིན་བརྒྱུད་པའི་བླ་མ་རྣམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །
ཐུགས་རྗེ་མཁའ་ལྟར་ཁྱབ་པ་ཡི། །བྱང་ཆུབ་སེམས་ལྡན་ཐུགས་དམ་བསྐང་། །ཕྲིན་ལས་མུ་མཐར་ཁྱབ་པ་ཡི། །མི་བཟད་འཁོར་ལོའི་ཐུགས་དམ་བསྐང་། །ཤེས་རབ་ཉི་ལྟར་གསལ་བ་ཡི། །ཡེ་ཤེས་སྤྱན་ལྡན་ཐུགས་དམ་བསྐང་། །ཐུགས་རྗེ་ཟླ་ལྟར་གསལ་བ་ཡི། །བྱམས་ལྡན་བླ་མའི་ཐུགས་དམ་བསྐང་། །ལོངས་སྤྱོད་ཟས་ཀྱིས་མཉེས་པའི་ཕྱིར། །ཚོགས་གཉིས་ཆུ་བོའི་ཐུགས་དམ་བསྐང་། །སྒྲུབ་པའི་མཆོད་པས་མཉེས་པའི་ཕྱིར། །བྱང་ཆུབ་སེམས་གཉིས་ཐུགས་དམ་བསྐང་། །མོས་གུས་ཆེན་པོས་མཉེས་པའི་ཕྱིར། །སྒོ་གསུམ་གཡོག་གིས་ཐུགས་དམ་བསྐང་། །དབུལ་བའི་སྡུག་བསྔལ་བསལ་བའི་ཕྱིར། །མི་ཟད་ནོར་གྱིས་ཐུགས་དམ་བསྐང་། །ཕོངས་པའི་སྡུག་བསྔལ་བསལ་བའི་ཕྱིར། །ལོངས་སྤྱོད་ནོར་གྱིས་ཐུགས་དམ་བསྐང་། །གྲང་བའི་སྡུག་བསྔལ་བསལ་
བའི་ཕྱིར། །ལྷ་རྫས་གོས་ཀྱིས་ཐུགས་དམ་བསྐང་། །བཙན་ཞིང་སྟོབས་དང་ལྡན་པའི་ཕྱིར། །མི་འཇིགས་རྡོ་རྗེའི་ཐུགས་དམ་བསྐང་། །དབང་པོའི་ཡུལ་རྣམས་མཉེས་པའི་ཕྱིར། །གཟུགས་དང་སྒྲ་ཡིས་ཐུགས་དམ་བསྐང་། །དྲི་དང་རོ་ཡིས་ཐུགས་དམ་བསྐང་། །རེག་དང་ཆོས་ཀྱིས་ཐུགས་དམ་བསྐང་། །ཆོས་རྣམས་རང་བཞིན་རྣམ་པར་དག །བསྐང་བྱ་སྐོང་བྱེད་བསྐང་བ་རྣམས། །བསྐང་མེད་ཁམས་གསུམ་དབྱིངས་སུ་བསྐང་། །སྦྱོར་མེད་ཁམས་གསུམ་དབྱིངས་སུ་སྦྱོར། །སྒྲོལ་མེད་ཁམས་གསུམ་དབྱིངས་སུ་སྒྲོལ། །བསྐང་བ་ཙམ་གྱིས་སྐོང་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །བདུད་རྩི་སྨན་གྱི་དངོས་གྲུབ་སྩོལ། །ཡེ་ཤེས་སྤྱན་གྱི་དངོས་གྲུབ་སྩོལ། །མཁའ་འགྲོ་མཐུ་ཡི་དངོས་གྲུབ་སྩོལ། །བདུད་འདུལ་སྔགས་ཀྱི་དངོས་གྲུབ་སྩོལ། །རྒྱུད་འཕེལ་
མི་ཡི་དངོས་གྲུབ་སྩོལ། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ། །ཨཱཿ ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །བཀའ་བརྒྱུད་རྡོ་རྗེ་སློབ་དཔོན་རྣམས། །ཚེ་རབས་བསྐལ་པ་གྲངས་མེད་པས། །དམ་ཚིག་ལས་ཀྱིས་འབྲེལ་བ་ཡི། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །འཁོར་བ་ཐོག་མ་མེད་པ་ནས། །ཉོན་མོངས་ལས་ཀྱི་ཆུ་བོས་ཁྱེར། །རྒྱུད་ལུང་འབྲེལ་བའི་ལམ་མ་རྙེད། །གཡར་དམ་ཉམས་དང་ཆག་པ་རྣམས། །ཐུགས་རྗེ་ལྡན་ལ་མཐོལ་ཞིང་བཤགས། །ནོངས་པ་ཐམས་ཅད་བཟོད་པར་གསོལ། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །བྱམས་པའི་ཆུ་རྒྱུན་མ་བཅད་ཅིག །ཐུགས་རྗེས་བདག་ལ་དངོས་གྲུབ་སྩོལ། །གྲུབ་པའི་རྟགས་དང་མཚན་མ་སྟོན། །ནུས་པའི་མཐུ་དང་བྱིན་གྱིས་རློབས། །བསྐོར་བའི་འཁོར་དང་བསྟན་པ་སྲུངས། །གནོད་པའི་རྐྱེན་དང་བར་
ཆད་བཟློག །དགོས་པའི་བསམ་པ་ཡིད་བཞིན་སྒྲུབས། །ཐུགས་དམ་རྒྱུད་བསྐུལ་ཕྲིན་ལས་མཛོད། །རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་བའི་ལེའུ་སྟེ་དང་པོའོ།། །། སརྦ་མངྒ་ལཾ། དགེའོ། །བཀྲ་ཤིས། །
དཔལ་འཁོར་ལོ་སྡོམ་པའི་བསྐང་བ་རིན་ཆེན་ཕྲེང་བ། འཇིགས་མེད་འབྱུང་གནས་སྦས་པ།
༄༅། །དཔལ་འཁོར་ལོ་སྡོམ་པའི་བསྐང་བ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ཧཱུྃ། འཛམ་བུ་གླིང་གི་དབུས་གྱུར་ཚལ། །རྡོ་རྗེ་གདན་གྱི་ཕོ་བྲང་ནས། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས། །དབང་ཕྱུག་ཨུ་མའི་གདན་སྟེང་ན། །བཅོམ་ལྡན་འཁོར་ལོ་སྡོམ་པ་ནི། །སྐུ་མདོག་དུད་ཁ་བགེགས་བསྐྲད་མཛད། །ཞལ་བཞི་མངའ་ཞིང་བཅུ་གཉིས་ཕྱག །བརྡ་ཡི་ཕྱག་མཚན་སྣ་ཚོགས་བསྣམས། །ཟག་མེད་བདེ་བའི་སྐུ་ཉམས་ཅན། །རྡོ་རྗེ་ཕག་མོ་སྐུ་ལ་འཁྲིལ། །གཉིས་མེད་བདེ་བ་ཆེན་པོའི་སྐུ། །ཧེ་རུ་ཀ་དཔལ་ཕྱག་འཚལ་བསྟོད། །ཧཱུྃ། ཤར་དུ་གསང་བའི་ཡུམ་སྤྲུལ་པ། །རྡོ་རྗེ་
རིགས་ཀྱི་མཁའ་འགྲོ་མ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་ནག །ཁ་ཊྭཱཾ་ག་དང་ཐོད་པ་དང་། །ཌཱ་མ་རུ་དང་གྲི་གུག་བསྣམས། །སྤྱན་གསུམ་སྐྲ་གྲོལ་གཅེར་བུར་བཞུགས། །ཕྱག་རྒྱ་ལྔས་བརྒྱན་མཆེ་བ་གཙིགས། །འོད་ཟེར་འབར་ཞིང་སྤྲུལ་པ་འགྱེད། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བྱང་དུ་གསང་བའི་ཡུམ་སྤྲུལ་པ། །ལས་ཀྱི་མཁའ་འགྲོ་ལ་མ་སྟེ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་ལྗང་། །ཁ་ཊྭཱཾ་ག་དང་ཐོད་པ་དང་། །ཌཱ་མ་རུ་དང་གྲི་གུག་བསྣམས། །སྤྱན་གསུམ་སྐྲ་གྲོལ་
གཅེར་བུར་བཞུགས། །ཕྱག་རྒྱ་ལྔས་བརྒྱན་མཆེ་བ་གཙིགས། །འོད་ཟེར་འབར་ཞིང་སྤྲུལ་པ་འགྱེད། །ལ་མ་དེ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ནུབ་ཏུ་གསང་བའི་ཡུམ་སྤྲུལ་པ། །དུམ་སྐྱེས་མ་ནི་པདྨའི་རིགས། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར། །ཁ་ཊྭཱཾ་ག་དང་ཐོད་པ་དང་། །ཌཱ་མ་རུ་དང་གྲི་གུག་བསྣམས། །སྤྱན་གསུམ་སྐྲ་གྲོལ་གཅེར་བུར་བཞུགས། །ཕྱག་རྒྱ་ལྔས་བརྒྱན་མཆེ་བ་གཙིགས། །འོད་ཟེར་འབར་ཞིང་སྤྲུལ་པ་འགྱེད། །དུམ་སྐྱེས་མ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྷོ་རུ་གསང་བའི་ཡུམ་སྤྲུལ་པ། །རིན་ཆེན་མཁའ་འགྲོ་གཟུགས་ཅན་མ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་སེར། །ཁ་ཊྭཱཾ་ག་དང་ཐོད་པ་དང་། །ཌཱ་མ་རུ་དང་གྲི་གུག་བསྣམས། །སྤྱན་གསུམ་སྐྲ་གྲོལ་གཅེར་བུར་བཞུགས། །ཕྱག་རྒྱ་ལྔས་བརྒྱན་མཆེ་བ་གཙིགས། །འོད་ཟེར་འབར་ཞིང་སྤྲུལ་པ་འགྱེད། །གཟུགས་
ཅན་མ་ལ་ཕྱག་འཚལ་བསྟོད། །མཚམས་བཞིར་རིན་ཆེན་བུམ་པ་བཞི། །ཡེ་ཤེས་བདུད་རྩིས་བཀང་ནས་ཀྱང་། །བདེ་ཆེན་མཆོད་པས་མཉེས་མཛད་པ། །རིགས་བཞིའི་ཐབས་ཀྱི་ངོ་བོ་ཉིད། །པད་སྣོད་བདུད་རྩི་ལྔ་དང་ལྡན། །ཐབས་དང་ཤེས་རབ་ངོ་བོ་ཉིད། །མཚམས་བཞིར་བཞུགས་ལ་ཕྱག་འཚལ་ལོ། །ཧཱུྃ། ཡང་དག་གསང་བ་རྨད་བྱུང་བའི། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །བཅོམ་ལྡན་འཁོར་ལོ་བདེ་བའི་མཆོག །དེ་ཡང་ངོ་བོ་དབྱེར་མེད་ཀྱང་། །ཐ་དད་གདུལ་བྱ་འདུལ་བའི་ཕྱིར། །ཤཱཀྱ་སེང་གེ་ལ་སོགས་པའི། །མཆོག་དང་དམན་པ་སྣ་ཚོགས་ཀྱི། །སྤྲུལ་སྐུ་སྣ་ཚོགས་བསྟན་ནས་ཀྱང་། །བདེ་ཆེན་ཧེ་རུ་ཀ་དཔལ་དང་། །ཐ་དད་བྱེ་བྲག་མེད་པ་ཡི། །ཕོ་བྲང་བདེ་ཆེན་དཀྱིལ་འཁོར་ནས། །བཅོམ་ལྡན་འཁོར་ལོ་བདེ་མཆོག་དང་། །དུས་གསུམ་རྒྱལ་བ་སྲས་བཅས་
དང་། །གསང་གསུམ་དཔའ་བོ་དཔའ་མོ་དང་། །བསྟན་པ་གཉན་པོ་སྲུང་བྱེད་ཅིང་། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །དམ་ཚིག་ཅན་རྣམས་བསྲུང་བ་དང་། །བར་ཆད་རྐྱེན་བགེགས་སེལ་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་དང་། །གཞན་དོན་ཕྲིན་ལས་སྒྲུབ་བྱེད་པའི། །ཆོས་སྐྱོང་ཞིང་སྐྱོང་མཁའ་འགྲོའི་ཚོགས། །རྟག་ཏུ་ལུས་དང་གྲིབ་མ་བཞིན། །མི་འབྲལ་རྣལ་འབྱོར་གྲོགས་མཛད་པའི། །མ་བཞིན་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་བསྐང་། །ཧཱུྃ། རང་བྱུང་ལྷུན་གྱིས་གྲུབ་པའི་གནས། །འཛམ་གླིང་གྲུ་གསུམ་ཆོས་འབྱུང་གི །དཀྱིལ་འཁོར་དབུས་ཀྱི་ཕོ་བྲང་ན། །བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་གྱི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ན། །བཞུགས་གནས་ཉི་ཤུ་རྩ་བཞི་ཡོད། །ཤར་ཕྱོགས་པུ་ལི་མ་
ལ་ཡར། །རི་ཟླུམ་སྤྱི་ནི་མཐོ་བ་ན། །ཡབ་ནི་ཐོད་པའི་དུམ་བུ་དང་། །ཡུམ་ནི་རབ་ཏུ་གཏུམ་མོ་བཞུགས། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །བྱང་ཕྱོགས་ཛ་ལེན་དྷ་རའི་ཡུལ། །དུད་འཐུལ་འབར་བ་འཛིན་པ་ནས། །ཡབ་ནི་ཀེང་རུས་ཆེན་པོ་དང་། །ཡུམ་ནི་གཏུམ་པའི་མིག་ཅན་བཞུགས། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །ནུབ་ཕྱོགས་ཨོ་རྒྱན་ཞེས་བྱ་བར། །སྙན་པ་འཛིན་པའི་གནས་ཆེན་ན། །ཡབ་ནི་དཔལ་ལྡན་ཀཾ་ཀ་ལ། །ཡུམ་ནི་རྣལ་འབྱོར་འོད་ལྡན་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །ལྷོ་ཕྱོགས་ཨརྦུ་ཏ་ཡི་
ཡུལ། །གྱེན་ལ་རྡོ་ལེབ་བརྩེགས་པ་ན། །ཡབ་ནི་མཆེ་བ་རྣམ་གཙིགས་དང་། །ཡུམ་ནི་རྡོ་རྗེ་སྣ་ཆེན་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་བསྐང་། །ཤར་ལྷོ་ཀ་ཏ་ཝ་རའི་ཡུལ། །མི་སྙན་ཕྲ་མ་འཛིན་པ་ནི། །ཡབ་ནི་དཔའ་བོ་ཆང་སྒྲ་དང་། །ཡུམ་ནི་དཔའ་མོ་བློ་གྲོས་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་བསྐང་། །ལྷོ་ནུབ་ར་མའི་ཤ་རའི་ཡུལ། །ནགས་ཚལ་འབར་བ་འཛིན་པ་ན། །ཡབ་ནི་སྣང་བ་དཔག་མེད་དང་། །ཡུམ་ནི་རྣལ་འབྱོར་མི་ཐུང་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་བསྐང་། །ནུབ་བྱང་དེ་ཝའི་ཀོ་ཏའི་ཡུལ། །ལྷ་མོ་མཁར་ཏི་མཛེས་པ་ནི། །
ཡབ་ནི་རྡོ་རྗེ་འོད་ཅན་དང་། །ཡུམ་ནི་ལང་ཀའི་དབང་མོ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ བྱང་ཤར་མ་ལ་བ་ཡི་ཡུལ། །མཛེས་པའི་ཕྲེང་བ་འཛིན་པ་ན། །ཡབ་ནི་རྡོ་རྗེ་སྐུ་ཅན་དང་། །ཡུམ་ནི་རྣལ་འབྱོར་ཤིང་གྲིབ་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ མཁའ་སྤྱོད་ཐུགས་ཀྱི་དཀྱིལ་འཁོར་ནས། །མཁའ་སྤྱོད་འདུལ་བའི་རྫུ་འཕྲུལ་ཅན། །སྐུ་མདོག་སྔོན་པོ་རྡོ་རྗེའི་རིགས། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །རྡོ་རྗེ་དང་ནི་དྲིལ་བུ་འཛིན། །ཡུམ་ལ་འཁྱུད་ཅིང་གཉིས་མེད་བཞུགས། །ཌཱ་མ་རུ་དང་ཁ་ཊྭཱཾ་བསྣམས། །ཕྱག་རྒྱ་རྣམ་པ་དྲུག་གིས་བརྒྱན། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །རྡོ་རྗེས་
བསྐོར་བའི་གནས་མཆོག་ན། །ཡབ་ཡུམ་གཉིས་སུ་མེད་པར་བཞུགས། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ གསུང་གི་འཁོར་ལོ་དམར་པོ་ནི། །ཤར་ཕྱོགས་ཀ་མ་རུ་ཡི་ཡུལ། །དྲོད་དང་ལྡན་པའི་གནས་ཆེན་ན། །ཡབ་ནི་དཔའ་བོ་མྱུ་གུ་ཅན། །ཡུམ་ནི་རྗེ་བཙུན་ས་སྲུང་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ བྱང་ཕྱོགས་ཨོ་ཏྲ་ཞེས་བྱའི་ཡུལ། །འོ་མ་འཛིན་པའི་གནས་མཆོག་ན། །ཡབ་ནི་རྡོ་རྗེ་རལ་པ་ཅན། །ཡུམ་ནི་འཇིགས་བྱེད་ཆེན་མོ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ནུབ་ཕྱོགས་ཏྲི་ཤ་ཀུ་ནའི་ཡུལ། །སྤྲུལ་པ་འཛིན་པའི་གནས་ཆེན་ན། །ཡབ་ནི་དཔའ་བོ་ཆེན་པོ་དང་། །ཡུམ་ནི་
རླུང་གི་ཤུགས་ཅན་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ལྷོ་ནུབ་ཀོ་ས་ལ་ཡི་ཡུལ། །ནོར་རྣམས་ཕྱོགས་ནས་སྡུད་པ་ན། །ཡབ་ནི་རྡོ་རྗེ་ཧཱུྃ་མཛད་དང་། །ཡུམ་ནི་དཔའ་མོ་ཆང་འཐུང་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ཤར་ལྷོ་ཀ་ལིང་ཀ་ཡི་ཡུལ། །རྩོད་ཅིང་ཐབས་ལ་དགའ་བ་ནི། །ཡབ་ནི་རབ་ཏུ་བཟང་པོ་དང་། །ཡུམ་ནི་སྔོ་བསང་ལྷ་མོ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ལྷོ་ནུབ་ལམ་པ་ཀ་ཡི་ཡུལ། །ནོར་བུ་འཛིན་པའི་གནས་ཆེན་ན། །ཡབ་ནི་རྡོ་རྗེ་བཟང་པོ་དང་། །ཡུམ་ནི་ཤིན་ཏུ་བཟང་མོ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་
ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ནུབ་བྱང་ཙན་ཏི་ཞེས་བྱ་བར། །དྲན་པ་གསལ་བར་བྱེད་པ་ན། །ཡབ་ནི་འཇིགས་བྱེད་ཆེན་པོ་དང་། །ཡུམ་ནི་རྣལ་འབྱོར་རྡ་རྣ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ བྱང་ཤར་ཧི་ལ་མ་ཡི་ཡུལ། །ཁ་བའི་རི་ཞེས་གྲགས་པ་ན། །ཡབ་ནི་དཔའ་བོ་སྤྱན་མི་བཟང་། །ཡུམ་ནི་མཁའ་འགྲོ་གདོང་མ་ནི། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ས་སྤྱོད་གསུང་གི་འཁོར་ལོ་ནི། །ས་སྟེང་འདུལ་བའི་རྫུ་འཕྲུལ་ཅན། །སྐུ་མདོག་དམར་མོ་པདྨའི་རིགས། །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །རྡོ་རྗེ་དང་ནི་དྲིལ་བུ་འཛིན། །ཁ་ཊྭཱཾ་ག་དང་ཌཱ་མ་རུ། །འོག་མའི་ཕྱག་ན་གནས་པ་སྟེ། །ཕྱག་རྒྱ་རྣམ་པ་དྲུག་གིས་བརྒྱན། །མགོ་བོའི་ཕྲེང་
བའི་དོ་ཤལ་ཅན། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ཡབ་ཡུམ་གཉིས་སུ་མེད་པར་བཞུགས། །པདྨས་བསྐོར་བའི་གནས་མཆོག་ན། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ སྐུ་ཡི་འཁོར་ལོ་དཀར་པོ་ནི། །ཤར་ཕྱོགས་པྲེ་ཏ་པུ་རའི་ཡུལ། །དབང་ཕྱུག་ཆེན་པོའི་ལིང་ག་ན། །ཡབ་ནི་ཁྲོ་བོ་སྟོབས་པོ་ཆེ། །ཡུམ་ནི་འཁོར་ལོ་ཤུགས་ཅན་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ བྱང་ཕྱོགས་གྲི་ཧ་དེ་བའི་ཡུལ། །མི་གཙང་རོ་མྱག་ཆེན་པོ་ན། །ཡབ་ནི་རིན་ཆེན་རྡོ་རྗེ་དང་། །ཡུམ་ནི་དཔའ་མོ་དུམ་སྐྱེས་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ནུབ་ཕྱོགས་སེའུ་ར་ཏའི་ཡུལ། །ལི་ཡི་
ཡུལ་གྱི་རི་བྲག་ན། །ཡབ་ནི་རྟ་མཆོག་རྒྱལ་པོ་དང་། །ཡུམ་ནི་དཔལ་མོ་ཆང་ཚོང་མ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ལྷོ་ཕྱོགས་པུརྞ་དེ་བའི་ཡུལ། །རིན་ཆེན་གསེར་གྱི་གདལ་བ་ན། །ཡབ་ནི་ནམ་མཁའི་སྙིང་པོ་དང་། །ཡུམ་ནི་འཁོར་ལོའི་གོ་ཆ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ཤར་ལྷོ་ནཱ་ག་ར་ཡི་ཡུལ། །ཀླུ་ཡི་གྲོང་ཁྱེར་ཞེས་བྱ་བར། །ཡབ་ནི་དཔལ་ལྡན་ཁྲག་འཐུང་དང་། །ཡུམ་ནི་ཤིན་ཏུ་དཔའ་མོ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ལྷོ་ནུབ་སིནྡྷུ་ཞེས་བྱའི་ཡུལ། །མཐར་སྐྱེས་རིགས་ངན་གནས་པ་ན། །ཡབ་ནི་པདྨ་གར་དབང་ཕྱུག །ཡུལ་ནི་དཔའ་མོ་སྟོབས་ཆེན་མ། །
འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ནུབ་བྱང་མ་རུ་ཞེས་བྱའི་ཡུལ། །བྱིན་རླབས་ཆགས་པའི་བྱ་རྐང་ན། །ཡབ་ནི་དཔལ་ལྡན་རྣམ་སྣང་མཛད། །ཡུམ་ནི་འཁོར་ལོས་བསྒྱུར་མ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ བྱང་ཤར་ཀུ་ལུ་ཏ་ཡི་ཡུལ། །ཨར་མོ་ལི་ཀའི་རྡོ་ལེབ་ན། །ཡབ་ནི་རྡོ་རྗེ་སེམས་དཔའ་དང་། །ཡུམ་ནི་བརྩོན་འགྲུས་ཆེན་མོ་ལ། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ས་འོག་སྐུ་ཡི་འཁོར་ལོ་ན། །ས་འོག་སྐུ་ཡི་རྫུ་འཕྲུལ་ཅན། །སྐུ་མདོག་དཀར་པོ་སངས་རྒྱས་རིགས། །ཞལ་གཅིག་ཕྱག་ནི་བཞི་པ་ལ། །རྡོ་རྗེ་དྲིལ་བུས་འཁྱུད་པ་སྟེ། །ཌཱ་མ་རུ་དང་ཁ་ཊྭཱཾ་བསྣམས། །
ཕྱག་རྒྱ་རྣམ་པ་དྲུག་གིས་བརྒྱན། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ཡབ་ཡུམ་གཉིས་སུ་མེད་པར་བཞུགས། །འཁོར་ལོས་བསྐོར་བའི་གནས་མཆོག་ན། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ཧཱུྃ། འཛམ་བུ་གླིང་གི་ཤར་ཕྱོགས་ན། །ཕོ་བྲང་དཀྱིལ་འཁོར་ཤར་སྒོ་ན། །སྒོ་མ་ཁྭ་ཡི་གདོང་ཅན་བཞུགས། །སྐུ་མདོག་སྔོན་མོ་རྡོ་རྗེའི་རིགས། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ཕོ་བྲང་དཀྱིལ་འཁོར་བྱང་སྒོ་ན། །སྒོ་མ་འུག་པའི་གདོང་ཅན་བཞུགས། །སྐུ་མདོག་ལྗང་གུ་ལས་ཀྱི་རིགས། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱི་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ཕོ་བྲང་དཀྱིལ་འཁོར་ནུབ་སྒོ་ན། །སྒོ་མ་
ཁྱི་ཡི་གདོང་ཅན་བཞུགས། །སྐུ་མདོག་དམར་མོ་པདྨའི་རིགས། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ཕོ་བྲང་དཀྱིལ་འཁོར་ལྷོ་སྒོ་ན། །སྒོ་མ་ཕག་གི་གདོང་ཅན་བཞུགས། །སྐུ་མདོག་སེར་མོ་རིན་ཆེན་རིགས། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ སྒོ་མ་ཆེན་མོ་ཁྱེད་བཞི་ཡང་། །ཀུན་ཀྱང་འཇིགས་པའི་ཆ་བྱད་ཅན། །ཞལ་གཅིག་ཕྱག་ནི་བཞི་མ་སྟེ། །གྲི་གུག་དང་ནི་ཐོད་ཁྲག་དང་། །ཌཱ་མ་རུ་དང་ཁ་ཊྭཱཾ་བསྣམས། །གཅེར་བུ་སྐྲ་གྲོལ་ཐོད་ཕྲེང་ཅན། །ཕྱག་རྒྱ་ལྔ་ཡིས་རབ་ཏུ་བརྒྱན། །འོད་ཟེར་འབར་ཞིང་སྤྲུལ་པ་འགྱེད། །འཁོར་དུ་དཔའ་བོ་དཔའ་མོ་དང་། །ཆོས་སྐྱོང་ཞིང་སྐྱོང་ཚོགས་ཀྱིས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ ཕོ་བྲང་དཀྱིལ་འཁོར་ཤར་ལྷོ་
ན། །མཚམས་མ་གཤིན་རྗེ་སྲོག་མ་བཞུགས། །ཕོ་བྲང་དཀྱིལ་འཁོར་ལྷོ་ནུབ་ན། །མཚམས་མ་ཡ་མ་དྷཱུ་ཏི་བཞུགས། །ཕོ་བྲང་དཀྱིལ་འཁོར་ནུབ་བྱང་ན། །མཚམས་མ་གཤིན་རྗེ་ཕོ་ཉ་བཞུགས། །ཕོ་བྲང་དཀྱིལ་འཁོར་བྱང་ཤར་ན། །མཚམས་མ་གཤིན་རྗེ་འཇོམས་མ་བཞུགས། །མཚམས་མ་ཆེན་མོ་ཁྱེད་བཞི་ཡང་། །སྐུ་མདོག་ཕྱག་གཉིས་འཛིན་མ་སྟེ། །ཞལ་གཅིག་པ་ལ་ཕྱག་བཞི་མ། །གཅེར་བུ་སྐྲ་གྲོལ་ཐོད་ཕྲེང་ཅན། །ཁ་ཊྭཱཾ་ག་དང་ཌཱ་མ་རུ། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །ཕྱག་རྒྱ་རྣམ་པ་ལྔས་བརྒྱན་ཅིང་། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །འོད་ཟེར་འབར་ཞིང་སྤྲུལ་པ་འགྱེད། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །བར་ཆད་སེལ་ཞིང་བདུད་དཔུང་འཇོམས། །འཁོར་བཅས་ཁྱོད་ཀྱི༴ ཧཱུྃ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །དུར་ཁྲོད་ཆེན་པོ་བརྒྱད་ཡོད་དེ། །འཛམ་བུ་
གླིང་གི་ཤར་ཕྱོགས་ན། །རབ་ཏུ་གཏུམ་དྲག་དུར་ཁྲོད་ན། །ཕྱོགས་སྐྱོང་ལྷ་དབང་བརྒྱ་བྱིན་ནི། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །གླང་ཆེན་སྟེང་ན་རྡོ་རྗེ་བསྣམས། །ལྷ་སོགས་དྲི་ཟ་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ འཛམ་གླིང་དཀྱིལ་འཁོར་བྱང་ཕྱོགས་ན། །ཚང་ཚིང་འཁྲིགས་པའི་དུར་ཁྲོད་ན། །ཕྱོགས་སྐྱོང་གནོད་སྦྱིན་རྒྱལ་པོ་ནི། །འོད་དང་ལྡན་ཞིང་གཟི་བརྗིད་འབར། །དཔལ་ལྡན་བུ་དང་ཆུང་མར་བཅས། །རྟ་མཆོག་སྟེང་ན་བེ་ཅོན་བསྣམས། །གནོད་སྦྱིན་ཚོགས་རྣམས་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ འཛམ་གླིང་དཀྱིལ་འཁོར་ནུབ་ཕྱོགས་ན། །འུར་འུར་འབར་བའི་དུར་ཁྲོད་ན། །ཕྱོགས་སྐྱོང་རྒྱལ་པོ་ཆུ་བདག་ནི། །
འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །ཆུ་སྲིན་སྟེང་ན་སྦྲུལ་ཞགས་བསྣམས། །ཀླུ་ཡི་ཚོགས་རྣམས་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ འཛམ་གླིང་དཀྱིལ་འཁོར་ལྷོ་ཕྱོགས་ན། །འཇིགས་སུ་རུང་བའི་དུར་ཁྲོད་ན། །ཕྱོགས་སྐྱོང་གཤིན་རྗེའི་རྒྱལ་པོ་ནི། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །མ་ཧེའི་སྟེང་ན་ཐོད་དབྱུག་བསྣམས། །གཤིན་རྗེའི་ཚོགས་རྣམས་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ འཛམ་གླིང་དཀྱིལ་འཁོར་ཤར་ལྷོ་ན། །ནགས་ཚལ་འབར་བའི་དུར་ཁྲོད་ན། །ཕྱོགས་སྐྱོང་མེ་ལྷའི་རྒྱལ་པོ་ནི། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །ར་སྐྱེས་སྟེང་ན་ཧོཾ་གཟར་
བསྣམས། །གཟའ་དང་དྲང་སྲོང་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས་ཁྱོད་ཀྱི༴ འཛམ་གླིང་དཀྱིལ་འཁོར་ལྷོ་ནུབ་ན། །བདེན་བྲལ་མུན་ཅན་ཞེས་བྱ་བར། །ཕྱོགས་སྐྱོང་སྲིན་པོའི་རྒྱལ་པོ་ནི། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །མི་རོའི་སྟེང་ན་རལ་གྲི་བསྣམས། །སྲིན་པོའི་ཚོགས་རྣམས་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས༴ འཛམ་གླིང་དཀྱིལ་འཁོར་ནུབ་བྱང་ན། །ཀི་ལི་ཀི་ལ་སྒྲོགས་པ་ན། །ཕྱོགས་སྐྱོང་རླུང་ལྷའི་རྒྱལ་པོ་ནི། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །ཤྭ་བའི་སྟེང་ན་བ་དན་བསྣམས། །རླུང་ལྷའི་འདྲེ་གདོན་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས༴ འཛམ་གླིང་དཀྱིལ་འཁོར་
བྱང་ཤར་ན། །དབང་ལྡན་ཧ་ཧ་དགོད་པ་རུ། །ཕྱོགས་སྐྱོང་འབྱུང་པོའི་རྒྱལ་པོ་ནི། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །ཁྱུ་མཆོག་སྟེང་ན་རྩེ་གསུམ་བསྣམས། །འབྱུང་པོའི་ཚོགས་རྣམས་འདུལ་བྱེད་པ། །འཁོར་དུ་ཞིང་སྐྱོང་མཁའ་འགྲོས་བསྐོར། །འཁོར་བཅས༴ སྟེང་གི་ལྷ་ཚོགས་ཐམས་ཅད་ལ། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ཡང་། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །སྟེང་གི་ལྷ་གདོན་འདུལ་བྱེད་པ། །རང་རང་འཁོར་དང་བཅས་པ་སྟེ། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ༴ འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་བདག་ཀླུ་གཉན་འཁོར་དང་བཅས། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །འོག་ཕྱོགས་ཀླུ་གདོན་འདུལ་བྱེད་པ། །འཁོར་དང་
བཅས་པ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །འཁོར་བཅས་ཁྱོད༴ ཤར་ཕྱོགས་ཤིང་ཆེན་ཏ་པ་ལ། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །གླང་པོའི་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་པ་འཛིན། །ཤར་ཕྱོགས་གདོན་བགེགས་འདུལ་བྱེད་པའི། །འཁོར་བཅས་ཁྱོད༴ བྱང་ཕྱོགས་ཤིང་ཆེན་ཨ་ཤྭཏྠ། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །རྟ་ཡི་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་པ་འཛིན། །བྱང་ཕྱོགས་གདོན་བགེགས་འདུལ་བྱེད་པ། །འཁོར་བཅས་ཁྱོད༴ ནུབ་ཕྱོགས་ཤིང་ཆེན་ཀོ་ཀ་
ལི། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །ཆུ་སྲིན་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་པ་འཛིན། །ནུབ་ཕྱོགས་གདོན་བགེགས་འདུལ་བྱེད་པ། །འཁོར་བཅས་ཁྱོད༴ ལྷོ་ཕྱོགས་ཤིང་ཆེན་ཙུ་ཏ་ན། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །མ་ཧེའི་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་པ་འཛིན། །ལྷོ་ཕྱོགས་གདོན་བགེགས་འདུལ་བྱེད་པ། །འཁོར་བཅས་ཁྱོད༴ ཤར་ལྷོ་ཤིང་ཆེན་ཀ་རན་ཛ། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །
ར་ཡི་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་ཁྲག་འཛིན། །ཤར་ལྷོའི་གདོན་བགེགས་འདུལ་བྱེད་པ། །འཁོར་བཅས༴ ལྷོ་ནུབ་ཤིང་ཆེན་ལ་བ་ཏ། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །སྲིན་པོའི་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་པ་འཛིན། །ལྷོ་ནུབ་གདོན་བགེགས་འདུལ་བྱེད་པ། །འཁོར་བཅས༴ ནུབ་བྱང་ཤིང་ཆེན་པར་ཏི་པ། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །ཤྭ་བའི་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་པ་འཛིན། །ནུབ་བྱང་གདོན་བགེགས་འདུལ་བྱེད་པ། །འཁོར་བཅས༴ བྱང་
ཤར་ཤིང་ཆེན་བྷ་ཏ་སྟེ། །ལོ་མ་མེ་ཏོག་འབྲས་བུར་ལྡན། །རླུང་གིས་བསྐྱོད་པའི་ཤིང་ལོ་ལས། །གསང་སྔགས་ཟབ་མོའི་ཆོས་སྒྲ་སྒྲོགས། །དེ་ལ་གནས་པའི་ཞིང་སྐྱོང་ནི། །ཁྱུ་མཆོག་གདོང་ཅན་འཇིགས་པའི་གཟུགས། །ལག་ན་གྲི་གུག་ཐོད་པ་འཛིན། །བྱང་ཤར་གདོན་བགེགས་འདུལ་བྱེད་པ། །འཁོར་བཅས༴ ཕྱག་འཚལ་བསྙེན་བསྐུར་མཆོད་པ་འབུལ། །དེ་ལས་ཆུ་བརྒྱད་འབབ་པ་ནི། །ཟབ་ཅིང་རྒྱ་ཆེར་བགྲོད་པར་དཀའ། །དེ་ལ་གནས་པའི་ཀླུ་ཆེན་བརྒྱད། །ནོར་རྒྱས་བུ་དང་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་པདྨ་དང་། །པདྨ་ཆེན་པོ་ཧུ་ལུ་ཀ །རིགས་ལྡན་དང་ནི་དུང་སྐྱོང་སྟེ། །ཀླུ་ཆེན་རྣམ་པ་བརྒྱད་པོ་ཡང་། །འོད་དང་ལྡན་ཞིང་གཟི་བརྗིད་ལྡན། །དཔལ་ལྡན་བུ་དང་ཆུང་མར་བཅས། །ཀླུ་གདོན་བར་ཆད་སེལ་མཛད་ཅིང་། །སྒྲུབ་པ་པོ་ཡི་གྲོགས་མཛད་པའི། །འཁོར་དང་བཅས་པ་
ཐམས་ཅད་ལ། །བསྙེན་བསྐུར་མཆོད་པ་རྒྱ་ཆེན་འབུལ། །འཁོར་བཅས༴ དེ་ན་གྲུབ་པ་ཐོབ་པ་ཡི། །རྣལ་འབྱོར་ཆེན་པོ་བརྒྱད་བཞུགས་ཏེ། །སོ་སོའི་མཛད་སྤྱོད་མཐའ་ཡས་པས། །རིགས་ཅན་གདུལ་བྱ་སྨིན་མཛད་ཅིང་། །ཕྲིན་ལས་རྒྱུན་ཆད་མེད་པ་ཡི། །འགྲོ་དོན་རྒྱུན་ཆད་མི་མངའ་བའི། །རེ་རེའི་འཁོར་དུ་བཞུགས་པ་ཡང་། །རྣལ་འབྱོར་གྲུབ་ཐོབ་ཕོ་མོའི་ཚོགས། །འབུམ་ཕྲག་བྱེ་བ་བསམ་མི་ཁྱབ། །འཁོར་དང་བཅས་པ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །འཁོར་བཅས༴ དེ་ན་སྤྲིན་ཆེན་བརྒྱད་ཡོད་དེ། །སྒྲ་གྲགས་དང་ནི་རྨུགས་པ་དང་། །མུན་པ་ཅན་དང་ཀུན་ཏུ་འཁྱིལ། །འཁྲིགས་པ་དང་ནི་གང་བ་དང་། །འབབ་པ་དང་ནི་དྲག་པོ་སྟེ། །འབྲུག་སྒྲོག་གློག་འབྱིན་ཐོག་སེར་འབེབས། །དགྲ་བགེགས་གནོད་བྱེད་བརླག་པར་བྱེད། །
སྤྲིན་བདག་འཁོར་དང་བཅས་རྣམས་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་ཅིང་འབུལ། །འཁོར་བཅས༴ དེ་ན་མཆོད་རྟེན་བརྒྱད་ཡོད་དེ། །དད་ཅན་གདུལ་བྱ་ཐམས་ཅད་ཀྱི། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང་། །དེ་ལ་གནས་པ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །གཞན་ཡང་མེ་བརྒྱད་ཆུ་བརྒྱད་དང་། །མཁའ་འགྲོ་ཤ་ཟ་ཕྲ་མེན་ལ། །འཇིག་རྟེན་དཔའ་བོ་མཁའ་འགྲོའི་ཚོགས། །བྱེ་བ་འབུམ་ཕྲག་བསམ་ཡས་རྣམས། །སྒྲུབ་པ་པོ་ཡི་གྲོགས་མཛད་ཅིང་། །མ་བཞིན་སེམས་པ་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཧཱུྃ། བཅོམ་ལྡན་འཁོར་ལོ་བདེ་བའི་མཆོག །འཁོར་དང་བཅས་པ་མ་ལུས་ཀུན། །ཕྱི་ཡི་མཆོད་པ་འབུལ་བ་ནི། །ཀུན་བཟང་མཆོད་སྤྲིན་བླ་མེད་པའི། །འདོད་ཡོན་
རིག་མ་བཅུ་དྲུག་དང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །ཉེ་བའི་རིན་ཆེན་སྣ་བདུན་སོགས། །གདུགས་དང་རྒྱལ་མཚན་བ་དན་དང་། །རོལ་མོ་སིལ་སྙན་བླ་རེ་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་མཆོག་ཞལ་ཟས་ལ་སོགས་ཀྱི། །ཀུན་བཟང་བླ་མེད་མཆོད་སྤྲིན་རྣམས། །དཀྱིལ་འཁོར་གསང་བའི་ལྷ་ཚོགས་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །གཞན་ཡང་རབ་འབྱམས་ཕྱོགས་བཅུ་ཡི། །སངས་རྒྱས་ཞིང་ཁམས་མཐའ་ཡས་ནས། །བདག་པོས་བཟུང་དང་མ་བཟུང་བའི། །མཆོད་སྤྲིན་ཉི་ཤུ་རྩ་ལྔ་དང་། །མཆོད་པར་འོས་པ་ཐམས་ཅད་ཀུན། །ཐམས་ཅད་བློ་ཡིས་བླངས་ནས་ནི། །དཀྱིལ་འཁོར་གསང་བའི་ལྷ་ལ་འབུལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །དངོས་སུ་ཇི་ལྟར་འབྱོར་བ་ཡི། །མཆོད་
ཚོགས་ཇི་སྙེད་ཡོད་པ་ཀུན། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །མཆོག་གི་མཆོད་པར་བྱིན་བརླབས་ནས། །དཀྱིལ་འཁོར་གསང་བའི་ལྷ་ལ་འབུལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །ཐུགས་རྗེ་ཆེན་པོ་དང་ལྡན་པའི། །མགོན་པོ་ཆེན་པོ་ཁྱོད་རྣམས་ལ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་བསགས་པའི་དགེ་བ་དང་། །ཁ་རྗེ་དབང་ཐང་འཁོར་དང་སྡེ། །ཐམས་ཅད་མ་ལུས་མཆོད་པར་འབུལ། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །ཧཱུྃ། དཀྱིལ་འཁོར་གསང་བའི་ལྷ་ཚོགས་ལ། །ནང་གི་མཆོད་པ་འབུལ་བ་ནི། །ཐབས་དང་ཤེས་རབ་ལས་བྱུང་བའི། །བྷ་ལ་ཆེ་མཆོག་མ་ད་ན། །བདུད་རྩི་སྒྲོན་མར་བཅས་པ་ཡི། །ཚོགས་ཀྱི་ཡོ་བྱད་སྣ་ཚོགས་ནི། །བཟའ་བཅའ་ལྡག་གཞིབ་བཏུང་བའི་ཚོགས། །ཁ་དང་མངར་དང་སྐྱུར་
བ་དང་། །ཚ་དང་རྩུབ་དང་ལན་ཚྭའི་རོ། །བདུད་རྩི་སྨན་གྱི་བཏུང་བའི་ཚོགས། །རོ་མཆོག་བརྒྱད་ལྡན་ཇི་སྙེད་པ། །རྨད་དུ་བྱུང་བའི་གཏོར་མའི་ཚོགས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེ་ཆེན་པོས་བརྩེར་དགོངས་ནས། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །ཧཱུྃ། དཀྱིལ་འཁོར་གསང་བའི་ལྷ་ཚོགས་ལ། །གསང་བའི་མཆོད་པ་འབུལ་བ་ནི། །ཐབས་དང་ཤེས་རབ་གཉིས་མེད་པའི། །བདེ་ཆེན་ཟུང་དུ་འཇུག་པ་ཡི། །གཉིས་མེད་བདེ་བ་ཆེན་པོས་མཆོད། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །ཧཱུྃ། དཀྱིལ་འཁོར་གསང་བའི་ལྷ་ཚོགས་ལ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། །སྐྱེ་མེད་ཕྱག་རྒྱ་ཆེན་པོ་ཡི། །ཉམས་རྟོགས་གཉིས་མེད་དོན་གྱི་མཆོག །ཐུགས་དམ་གཉན་པོ་སྐོང་
གྱུར་ཅིག །ཧཱུྃ། བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་ཚིག་ཉམས་ནི་མ་ཉམས་ཏེ། །ཉམས་ན་བདུད་རྩི་སྨན་གྱིས་བསྐང་། །ཉམས་པར་གྱུར་ན་ཚོགས་ཀྱིས་བསྐང་། །དམ་ཚིག་ཉམས་ན་མཆོད་པས་བསྐང་། །དམ་ཚིག་ཉམས་ན་གཏོར་མས་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །དེ་ལྟར་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །འདུ་བ་རྣམ་བཞིའི་ནད་རྣམས་སོལ། །ནད་པ་ཡོད་ན་བསླང་དུ་གསོལ། །སྲིའུ་ཚང་ནས་གསོ་རུ་གསོལ། །ཆགས་ཆེན་ཉམ་ང་བཟློག་ཏུ་གསོལ། །ལོ་སྐག་ཟླ་སྐག་བཟློག་ཏུ་གསོལ། །གློ་བུར་ཡེ་འདྲོགས་བཟློག་ཏུ་གསོལ། །ཚེ་ཡི་བར་ཆད་ཞི་མཛད་གསོལ། །སྲོག་གི་བར་ཆད་ཞི་མཛད་གསོལ། །བདུད་ཀྱི་
ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཞོར། །མོ་ངན་སོགས་སྡིག་བཟློག་ཏུ་གསོལ། །ལྟས་ངན་ཡུལ་སྡིག་བཟློག་ཏུ་གསོལ། །ལྟོག་འགོངས་དབུལ་སྲི་བཟློག་ཏུ་གསོལ། །འདྲེ་ངན་བྱུར་ངན་བཟློག་ཏུ་གསོལ། །མཁའ་འགྲོའི་བཀའ་ཆད་བཟློག་ཏུ་གསོལ། །ཕས་ཀྱི་རྒོལ་བ་བཟློག་ཏུ་གསོལ། །བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །མི་ནད་ཕྱུགས་ནད་བཟློག་ཏུ་གསོལ། །སད་སེར་ལོ་ཉེས་བཟློག་ཏུ་གསོལ། །སྐལ་ངན་མུ་གེ་བཟློག་ཏུ་གསོལ། །འཁྲུགས་རྩོད་དམག་དཔུང་བཟློག་ཏུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །དཔལ་དང་གྲགས་པ་སྒྲུབ་མཛད་གསོལ། །མངའ་རིས་ཕྱོགས་རིས་འཕེལ་མཛད་གསོལ། །ཚེ་དང་ལོངས་སྤྱོད་རྒྱས་མཛད་གསོལ། །འཁོར་དང་བུ་སློབ་འཕེལ་མཛད་གསོལ། །ཆོས་
མཐུན་བསམ་པ་འགྲུབ་མཛད་གསོལ། །བདག་ནི་གང་གིས་མཐོང་བ་དང་། །ཐོས་དང་དྲན་པར་གྱུར་པ་རྣམས། །མཉེས་པ་གསུམ་གྱིས་མཉེས་མཛད་པའི། །བུ་སློབ་ཡོན་བདག་འཁོར་བཅས་ལ། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱང་། །ཚེ་འདི་དང་ཚེ་རབས་ཐམས་ཅད་དུ། །རྟག་ཏུ་བདེ་དང་ལྡན་པ་དང་། །སྡུག་བསྔལ་ཀུན་དང་བྲལ་གྱུར་ནས། །བླ་མེད་བྱང་ཆུབ་རིན་པོ་ཆེ། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །༈ ད་ནི་ནང་གི་བདེ་མཆོག་གི་བསྐང་བ་ནི། ཧཱུྃ། བཅོམ་ལྡན་འཁོར་ལོ་སྡོམ་པ་ནི། །ཡེ་ནས་རང་བྱུང་གྲུབ་པའི་ལྷ། །ཕྱི་ནང་སྣོད་བཅུད་ཁྱབ་པར་གནས། །ཐམས་ཅད་བདག་ཉིད་ཡིན་ན་ཡང་། །མ་རྟོགས་དབང་གིས་འཁོར་བར་འཁྱམས། །བླ་མ་རྗེ་བཙུན་བཀའ་དྲིན་གྱིས། །རྟོགས་ལམ་ཟབ་མོའི་དབང་བསྐུར་བས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ལུས་ངག་ཡིད་གསུམ་
འཁོར་འདས་ཆོས། །ཐམས་ཅད་དུས་གསུམ་རྒྱལ་བ་ཡི། །སྐུ་གསུང་ཐུགས་སུ་རྟོགས་གྱུར་ཀྱང་། །གཉིད་རྨུགས་ལེ་ལོའི་དབང་གིས་ནི། །གོམས་ལམ་བསྐྱེད་རྫོགས་མན་ངག་ལ། །གོམས་པ་ཀློང་དུ་མ་གྱུར་པས། །ནང་ཏིང་འཛིན་ལྷ་ཡི་དཀྱིལ་འཁོར་ལ། །གསལ་ཞིང་བརྟན་པ་མ་ཐོབ་ཅིང་། །ཞལ་གྱི་ཟེར་ཡང་མ་མཐོང་བས། །ཡོན་ཏན་བྱིན་རླབས་མ་བྱུང་བའི། །ནོངས་པ་ཅི་མཆིས་བཟོད་པར་གསོལ། །བདག་ནི་ཐོག་མ་མེད་པ་ནས། །ཐ་མལ་ལུས་ལ་གོམས་གྱུར་པས། །ལུས་ཀྱི་མི་དགེ་རྣམ་གསུམ་སྤྱད། །བསྐྱེད་པའི་རིམ་པ་ཡལ་བར་དོར། །ཐ་མལ་ལུས་ཀྱི་དབང་གྱུར་པས། །སྐུ་ཡི་དམ་ཚིག་ཉམས་གྱུར་པ། །བཅོམ་ལྡན་སྐུ་ལ་མཐོལ་ལོ་བཤགས། །བདག་ནི་ཐོག་མ་མེད་པ་ནས། །ཐ་མལ་ངག་གི་དབང་གྱུར་པས། །གསང་སྔགས་བཟླས་བརྗོད་ཡལ་བར་དོར། །
རྫུན་དང་ཚིག་རྩུབ་ངག་འཁྱལ་གྱིས། །ངག་གི་བྱིན་རླབས་ནུས་པ་ཤོར། །ཟབ་མོའི་ཆོས་ལ་སྐུར་པ་བཏབ། །ངག་ཉེས་མི་དགེའི་དབང་སོང་བས། །གསུང་གི་དམ་ཚིག་ཉམས་གྱུར་པ། །བཅོམ་ལྡན་གསུང་ལ་མཐོལ་ལོ་བཤགས། །བདག་ནི་ཐོག་མ་མེད་པ་ནས། །ཐ་མལ་ཡིད་ཀྱི་དབང་སོང་བས། །ནང་གི་ཏིང་འཛིན་ཡལ་བར་དོར། །བརྣབ་སེམས་གནོད་སེམས་ལོག་ལྟ་ཡི། །ཉམས་མྱོང་རྟོགས་པ་འགྲིབ་གྱུར་ནས། །ཐ་མལ་ཀུན་རྟོག་དབང་སོང་བས། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་པ། །བཅོམ་ལྡན་ཐུགས་ལ་མཐོལ་ལོ་བཤགས། །ཧཱུྃ། བདག་ཅག་འདོད་ཆགས་དབང་གྱུར་པས། །ཕྱི་ནང་དམན་པའི་ཡུལ་རྣམས་ལ། །ཆགས་ཞེན་ཉོན་མོངས་སྤྱད་གྱུར་པས། །རྩ་བའི་ལྟུང་བ་བྱུང་བ་དང་། །ཡན་ལག་ཉམས་པར་གྱུར་པ་རྣམས། །རྡོ་རྗེ་རྣལ་འབྱོར་མ་ལ་བཤགས། །བཅོམ་ལྡན་འཁོར་
ལོ་སྡོམ་ལ་བཤགས། །དཀྱིལ་འཁོར་གསང་བའི་ལྷ་ལ་བཤགས། །ཆོས་སྐྱོང་མཁའ་འགྲོའི་ཚོགས་ལ་བཤགས། །བདག་ནི་ཞེ་སྡང་དབང་གྱུར་པས། །བླ་མ་རྡོ་རྗེའི་སྤུན་རྣམས་དང་། །སེམས་ཅན་རྣམས་ལ་བྱམས་པ་སྤངས། །ཁྲོ་འཁྲུགས་ཚིག་ངན་བརྡེག་བཙོག་བྱས། །མནར་སེམས་རིམ་དགུའི་མདུད་པ་བསྡམས། །ཉོན་མོངས་སྡིག་པའི་དབང་སོང་བས། །རྩ་བའི་ལྟུང་བ་བྱུང་བ་དང་། །ཡན་ལག་ཉམས་པར་གྱུར་པ་རྣམས། །རྡོ་རྗེ་རྣལ་འབྱོར་མ་ལ་བཤགས། །བཅོམ་ལྡན་འཁོར་ལོ་སྡོམ་ལ་བཤགས། །དཀྱིལ་འཁོར་གསང་བའི་ལྷ་ལ་བཤགས། །ཆོས་སྐྱོང་མཁའ་འགྲོའི་ཚོགས་ལ་བཤགས། །བདག་ནི་གཏི་མུག་དབང་གྱུར་པས། །སྤང་བྱ་བླང་བྱ་མ་ཤེས་ཤིང་། །དམ་ཚིག་ཁྱད་དུ་བསད་པ་དང་། །གཉིད་རྨུགས་ལེ་ལོ་སྙོམས་ལས་ཀྱིས། །བསྙེན་སྒྲུབ་བཟླས་པ་ཡལ་བར་
དོར། །ཚེ་འདིའི་རྟོག་པས་གཡེན་སྤྱོས་པས། །རྩ་བའི་ལྟུང་བ་བྱུང་བ་དང་། །ཡན་ལག་ཉམས་པར་གྱུར་པ་རྣམས། །རྡོ་རྗེ་རྣལ་འབྱོར་མ་ལ་བཤགས། །བཅོམ་ལྡན་འཁོར་ལོ་སྡོམ་ལ་བཤགས། །དཀྱིལ་འཁོར་གསང་བའི་ལྷ་ལ་བཤགས། །ཆོས་སྐྱོང་མཁའ་འགྲོའི་ཚོགས་ལ་བཤགས། །བདག་ནི་ང་རྒྱལ་དབང་གྱུར་པས། །བདག་བསྟོད་གཞན་ལ་སྨོད་པ་དང་། །ཕ་མ་མཁན་པོ་སློབ་དཔོན་དང་། །དྲིན་ཅན་མཆེད་གྲོགས་ཐམས་ཅད་ཀྱི། །བྱས་པ་དྲིན་དུ་མི་བཟོ་ཞིང་། །བཟང་བྱས་ངན་གྱིས་རླན་པ་དང་། །དམ་པ་གཞན་ལ་མི་འདུད་ཅིང་། །གསང་སྔགས་ཟབ་མོའི་ཆོས་རྣམས་ལ། །རང་དགའ་གཟུ་ལུམ་རས་ཆོད་བྱས། །ང་རྒྱལ་དྲེགས་པའི་དབང་གྱུར་པས། །རྩ་བའི་ལྟུང་བ་བྱུང་བ་དང་། །ཡན་ལག་ཉམས་པར་གྱུར་པ་རྣམས། །རྡོ་རྗེ་རྣལ་འབྱོར་མ་ལ་བཤགས། །བཅོམ་ལྡན་
འཁོར་ལོ་སྡོམ་ལ་བཤགས། །དཀྱིལ་འཁོར་གསང་བའི་ལྷ་ལ་བཤགས། །ཆོས་སྐྱོང་མཁའ་འགྲོའི་ཚོགས་ལ་བཤགས། །བདག་ནི་ཕྲག་དོག་དབང་གྱུར་པས། །རང་བས་མཐོ་བའི་གང་ཟག་མཆོག །ཉི་ཟླ་ལྟ་བུར་གྱུར་པ་ཡི། །འགྲོ་བའི་མགོན་པོ་ཐམས་ཅད་ལ། །ཚིག་ངན་བཟླས་ཤིང་སྐུར་པ་བཏབ། །ཐེག་ཆེན་ཆོས་ལ་ཡ་ཀ་སྨྲས། །འཕགས་པའི་དགེ་འདུན་ཐམས་ཅད་ལ། །ཁྱད་གསོད་སྐུར་འདེབས་སྡིག་པ་བསགས། །མི་དགེ་ཉོན་མོངས་དབང་སོང་བས། །རྩ་བའི་ལྟུང་བ་བྱུང་བ་དང་། །ཡན་ལག་ཉམས་པར་གྱུར་པ་རྣམས། །རྡོ་རྗེ་རྣལ་འབྱོར་མ་ལ་བཤགས། །བཅོམ་ལྡན་འཁོར་ལོ་སྡོམ་ལ་བཤགས། །དཀྱིལ་འཁོར་གསང་བའི་ལྷ་ལ་བཤགས། །ཆོས་སྐྱོང་མཁའ་འགྲོའི་ཚོགས་ལ་བཤགས། །དེ་ལྟར་སྔར་བྱས་ཉེས་ལྟུང་རྣམས། །ད་ནི་མི་འཆབ་མི་སྦེད་དོ། །ད་ནི་མི་
བྱེད་མི་སྤེལ་ལོ། །གནོང་ངོ་འགྱོད་དོ་མཐོལ་ལོ་བཤགས། །དག་གོ་ཚངས་སོ་སོར་ཆུད་དོ། །སླན་ཆད་སྡོམ་པར་བགྱིད་ལགས་པས། །གསང་སྔགས་གསང་བའི་ལྷ་ཚོགས་རྣམས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཀུན་འདུས་གཟུགས་ཀྱི་ཕུང་པོ་ཡིས། །རྣམ་པར་སྣང་མཛད་ཐུགས་དམ་བསྐང་། །རྣམ་གསུམ་ཚོར་བའི་ཕུང་པོ་ཡིས། །རྡོ་རྗེ་ཉི་མའི་ཐུགས་དམ་བསྐང་། །འདུ་ཤེས་འཛིན་པའི་ཕུང་པོ་ཡིས། །པདྨ་གར་དབང་ཐུགས་དམ་བསྐང་། །འདུ་བྱེད་སྡུད་པའི་ཕུང་པོ་ཡིས། །རྡོ་རྗེ་རྒྱལ་པོའི་ཐུགས་དམ་བསྐང་། །རྣམ་ཤེས་དྲན་པའི་ཕུང་པོ་ཡིས། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །ལྟ་བྱེད་མིག་གི་དབང་པོ་ཡིས། །གཏི་མུག་རྡོ་རྗེའི༴ ཉན་བྱེད་རྣ་བའི་དབང་པོ་ཡིས། །ཞེ་སྡང་རྡོ་རྗེའི༴ སྣོམ་བྱེད་སྣ་ཡི་དབང་པོ་ཡིས། །སེར་སྣ་རྡོ་རྗེའི༴ མྱོང་བྱེད་ལྕེ་ཡི་དབང་པོ་ཡིས། །
འདོད་ཆགས་རྡོ་རྗེའི༴ རེག་བྱེད་ལུས་ཀྱི་དབང་པོ་ཡིས། །ཕྲག་དོག་རྡོ་རྗེའི༴ སྐྱེ་མཆེད་ཐམས་ཅད་འདུས་པ་ཡི། །དབང་ཕྱུག་རྡོ་རྗེའི་ཐུགས་དམ་བསྐང་། །སྲ་བ་ས་ཡི་ཁམས་ཀྱིས་ནི། །ལྟུང་བྱེད་མ་ཡི༴ གཤེར་བ་ཆུ་ཡི་ཁམས་ཀྱིས་ནི། །གསོད་བྱེད་མ་ཡི༴ དྲོ་བ་མེ་ཡི་ཁམས་ཀྱིས་ནི། །འགུགས་བྱེད་མ་ཡི༴ བསྐྱོད་པ་རླུང་གི་ཁམས་ཀྱིས་ནི། །གར་གྱི་དབང་མོའི༴ སྟོང་པ་ནམ་མཁའི་ཁམས་ཀྱིས་ནི། །པདྨ་དྲ་བའི༴ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཅིག་ཏུ་གྱུར་པ་བཅོམ་ལྡན་འདས། །ཧེ་རུ་ཀ་དཔལ༴ ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །ཡང་དག་ཏིང་འཛིན་བསྒོམ་པ་ཡིས། །གཙོ་བོ་ཡབ་ཡུམ༴ ལུས་རྗེས་དྲན་པ་ཉེར་བཞག་པས། །མཁའ་འགྲོ་མ་ཡི༴ ཚོར་བ་དྲན་པ་ཉེར་བཞག་
པས། །རྗེ་བཙུན་ལཱ་མའི༴ ཆོས་རྗེས་དྲན་པ་ཉེར་བཞག་པས། །དུམ་སྐྱེས་མ་ཡི༴ སེམས་རྗེས་དྲན་པ་ཉེར་བཞག་པས། །གཟུགས་ཅན་མ་ཡི༴ འདུན་པའི་རྫུ་འཕྲུལ་རྐང་པ་ཡིས། །རབ་ཏུ་གཏུམ་མོའི༴ བརྩོན་འགྲུས་རྫུ་འཕྲུལ་རྐང་པ་ཡིས། །གཏུམ་མིག་མ་ཡི༴ སྤྱོད་པ་རྫུ་འཕྲུལ་རྐང་པ་ཡིས། །འོད་ལྡན་མ་ཡི༴ སེམས་ཀྱི་རྫུ་འཕྲུལ་རྐང་པ་ཡིས། །སྣ་ཆེན་མ་ཡི༴ དད་པའི་དབང་པོ་བསྒོམ་པ་ཡིས། །དཔའ་བློ་མ་ཡི༴ བརྩོན་འགྲུས་དབང་པོ་བསྒོམ་པ་ཡིས། །མི་ཐུང་མ་ཡི༴ དྲན་པའི་དབང་པོ་བསྒོམ་པ་ཡིས། །ལང་ཀའི་དབང་མོའི༴ ཏིང་ངེ་འཛིན་གྱི་དབང་པོ་ཡིས། །ཤིང་གྲིབ་མ་ཡི༴ ཤེས་རབ་དབང་པོ་བསྒོམ་པ་ཡིས། །ས་སྲུང་མ་ཡི༴ དད་པའི་སྟོབས་ཆེན་བསྐྱེད་པའི་ཕྱིར། །འཛིང་བྱེད་ཆེན་མོའི༴ བརྩོན་འགྲུས་སྟོབས་ཆེན་བསྐྱོད་པ་ཡིས། །རླུང་ཤུགས་མ་ཡི༴ དྲན་པའི་སྟོབས་
ཆེན་བསྐྱེད་པ་ཡིས། །ཆང་འཐུང་མ་ཡི༴ ཏིང་འཛིན་སྟོབས་ཆེན་བསྐྱེད་པ་ཡིས། །སྔོ་བསང་ལྷ་མོའི༴ ཤེས་རབ་སྟོབས་ཆེན་བསྐྱེད་པ་ཡིས། །ཤིན་ཏུ་བཟང་མོའི༴ ཏིང་འཛིན་བྱང་ཆུབ་ཡན་ལག་གིས། །རྟ་རྣ་མ་ཡི༴ བརྩོན་འགྲུས་བྱང་ཆུབ་ཡན་ལག་གིས། །མཁའ་འགྲོ་གདོང་མའི༴ དགའ་བ་བྱང་ཆུབ་ཡན་ལག་གིས། །འཁོར་ལོའི་ཤུགས་མའི༴ ཤིན་ཏུ་སྦྱངས་པ་ཡང་དག་པས། །དུམ་སྐྱེས་མ་ཡི༴ ཆོས་རྣམས་རབ་འབྱེད་ཡང་དག་པས། །སྣ་ཆེན་མ་ཡི༴ ཡང་དག་དྲན་པ་བསྒོམ་པ་ཡིས། །ཙཀྲ་ཝརྨའི༴ བཏང་སྙོམས་བྱང་ཆུབ་ཡན་ལག་གིས། །ཤིན་ཏུ་དཔའ་མོའི༴ ཡང་དག་ལྟ་བ་བསྒོམ་པ་ཡིས། །སྟོབས་ཆེན་མ་ཡི༴ ཡང་དག་རྟོག་པ་བསྒོམ་པ་ཡིས། །འཁོར་ལོས་བསྒྱུར་མའི༴ ཡང་དག་གསུང་ངག་སྨྲས་པ་ཡིས། །བརྩོན་འགྲུས་ཆེན་མོའི༴ ཡང་དག་ལས་མཐའ་རྟོགས་པ་
ཡིས། །ཁྭ་གདོང་མ་ཡི༴ ཡང་དག་འཚོ་བ་རྣམ་དག་པས། །འུག་གདོང་མ་ཡི༴ ཡང་དག་པ་ཡི་རྩོལ་བ་ཡིས། །ཁྱི་གདོང་མ་ཡི༴ ཡང་དག་དྲན་པ་བསྒོམ་པ་ཡིས། །ཕག་གདོང་མ་ཡི༴ དགེ་ཆོས་མ་སྐྱེས་སྐྱེད་བྱེད་པའི། །གཤིན་སྲེག་མ་ཡི༴ དགེ་ཆོས་སྐྱེས་པ་སྲུང་བྱེད་པའི། །ཡ་མ་དྷུ་ཏིའི༴ མི་དགེ་སྐྱེས་པ་སྤོང་བྱེད་པས། །ཡ་མ་དཥྚིའི་ཐུགས་དམ་བསྐང་། །མི་དགེ་མ་སྐྱེས་མི་བསྐྱེད་པས། །གཤིན་རྗེ་འཇོམས་མའི༴ ཧཱུྃ། བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་ཚིག་ཉམས་ནི་མ་ཉམས་ཏེ། །ཉམས་ན་བདུད་རྩི་སྨན་གྱིས་བསྐང་། །དམ་ཚིག་ཉམས་ན་གཏོར་མས་བསྐང་། །དམ་ཚིག་ཉམས་ན་མཆོད་པས་བསྐང་། །ཉམས་པར་གྱུར་ན་ཚོགས་ཀྱིས་བསྐང་། །ཏིང་འཛིན་སྙིང་པོ་བཟླས་པ་ཡིས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །དེ་ལྟར་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་
རྣལ་འབྱོར་འཁོར་ཅས་ཀྱི། །ཕྱི་ཡི་བར་ཆད་ཕྱི་ནས་སོལ། །ནང་གི་བར་ཆད་ནང་ནས་སོལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །ནད་པ་ཡོད་ན་བསླང་དུ་གསོལ། །སྲིའུ་ཚང་ནས་གསོ་རུ་གསོལ། །ཆགས་ཆེན་ཉམ་ང་བཟློག་ཏུ་གསོལ། །ལོ་སྐག་ཟླ་སྐག་བཟློག་ཏུ་གསོལ། །གློ་བུར་ཡེ་འདྲོགས་བཟློག་ཏུ་གསོལ། །ཚེ་ཡི་བར་ཆད་ཞི་མཛད་གསོལ། །སྲོག་གི་བར་ཆད་ཞི་མཛད་གསོལ། །བདུད་ཀྱི་ཞགས་པ་ནག་པོ་ཆོད། །ལས་ཀྱི་གཤིན་རྗེའི་ཁྲམ་ལ་ཞོར། །མོ་ངན་སོགས་སྡིག་བཟློག་ཏུ་གསོལ། །ལྟས་ངན་གཡུལ་སྡིག་བཟློག་ཏུ་གསོལ། །ལྟོག་འགོངས་དབུལ་སྲི་བཟློག་ཏུ་གསོལ། །འདྲེ་ངན་བྱུར་གསུམ༴ མཁའ་འགྲོའི་བཀའ་ཆད༴ ཕས་ཀྱི་རྒོལ་བ༴ བྱད་ཁ་ཕུར་ཁ༴ མི་ནད་ཕྱུགས་ནད༴ སད་སེར་ལོ་ཉེས༴ སྐལ་ངན་མུ་གེ༴ འཁྲུགས་རྩོད་མུ་གེ་བཟློག་ཏུ་གསོལ། །
བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་འཕེལ་མཛད་གསོལ། །དཔལ་དང་གྲགས་པ་བསྒྲུབ་མཛད་གསོལ། །མངའ་རིས་ཕྱོགས་རིས་འཕེལ་མཛད་གསོལ། །ཆོས་དང་ལོངས་སྤྱོད་རྒྱས་མཛད་གསོལ། །འཁོར་དང་བུ་སློབ་འཕེལ་མཛད་གསོལ། །ཆོས་མཐུན་བསམ་པ་འགྲུབ་མཛད་གསོལ། །བདག་ནི་གང་གིས་མཐོང་བ་དང་། །ཐོས་ནས་དྲན་པར་གྱུར་པ་དང་། །མཉེས་པ་གསུམ་གྱིས་མཉེས་མཛད་པའི། །བུ་སློབ་ཡོན་བདག་འཁོར་དང་བཅས། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱང་། །ཚེ་འདི་དང་ཚེ་རབས་ཐམས་ཅད་དུ། །རྟག་ཏུ་བདེ་དང་ལྡན་པ་དང་། །སྡུག་བསྔལ་ཀུན་དང་བྲལ་གྱུར་ནས། །བླ་མེད་བྱང་ཆུབ་རིན་པོ་ཆེ། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ད་ནི་གསང་བའི་བདེ་མཆོག་གི་བསྐང་བ་ནི། །ཧཱུྃ། རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ། །རྩ་རླུང་ཐིག་ལེའི་གནས་
ལུགས་ཀྱི། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །གཉིས་མེད་བདེ་བ་ཆེན་པོ་ཡི། །བདུད་རྩིའི་རོ་ཡིས་ཚིམས་མཛད་པའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །འདབ་བརྒྱད་པདྨའི་གེ་སར་དབུས། །ཉི་ཟླ་འབར་བའི་གདན་སྟེང་དུ། །ཧཱུྃ་ཡིག་གཞོམ་དུ་མེད་པར་བཞུགས། །ཐབས་ཀྱི་རང་བཞིན་ཧེ་རུ་ཀ །ལུས་ཅན་ཀུན་ལ་བདེ་སྟེར་བས། །དཔྱིད་ཀྱི་རྒྱལ་མོ་ཞེས་ཀྱང་བྱ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །སེམས་ཀྱི་རང་བཞིན་བདེ་ཆེན་པོས། །བཅོམ་ལྡན་ཧེ་རུ་ཀ་དཔལ་ཐུགས་དམ་བསྐང་། །རྒོད་མ་ཁ་ཡི་མེ་འདྲ་བ། །ཕག་མོའི་ཐིག་ལེར་བརྗོད་པ་སྟེ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་འབར། །དཔྱིད་ཐོབ་པས་ནི་ལེགས་ཚིམས་ཤིང་། །སྙོམ་ལས་སྙོམ་པར་འཇུག་པར་གནས། །གཉིས་
མེད་བདེ་བ་ཆེན་པོ་ཡིས། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང་། །ཕྱོགས་བཞིར་རྣམ་པར་གནས་པའི་རྩ། །ཤར་ཕྱོགས་གནས་པའི་རྩ་འདབ་ནི། །ས་ཡི་ཁམས་ཀྱི་རང་བཞིན་པས། །མཁའ་འགྲོ་མ་ཡི་ཐུགས་དམ་བསྐང་། །བྱང་ཕྱོགས་གནས་པའི་རྩ་འདབ་ནི། །རླུང་གི་ཁམས་ཀྱི་རང་བཞིན་པས། །རྗེ་བཙུན་ལཱ་མའི་ཐུགས་དམ་བསྐང་། །ནུབ་ཕྱོགས་གནས་པའི་རྩ་འདབ་ནི། །འབྱུང་བ་ཆུ་ཡི་རང་བཞིན་པས། །དུམ་སྐྱེས་མ་ཡི་ཐུགས་དམ་བསྐང་། །ལྷོ་ཕྱོགས་གནས་པའི་རྩ་འདབ་ནི། །འབྱུང་བ་མེ་ཡི་རང་བཞིན་པས། །གཟུགས་ཅན་མ་ཡི༴ མཚམས་བཞིར་གནས་པའི་རྩ་འདབ་ནི། །བདུད་རྩི་རྣམ་པ་ལྔ་འབབ་ཅིང་། །མཆོད་པའི་ངོ་བོར་གནས་པ་སྟེ། །དངོས་པོ་དེ་ཡི་རང་བཞིན་གྱི། །བདེ་ཆེན་མཆོད་པ་ཆེན་པོ་ཡིས། །བདེ་ཆེན་འཁོར་ལོའི་ཐུགས་དམ་བསྐང་། །ཧཱུྃ། བདག་
དང་སེམས་ཅན་ཐམས་ཅད་ཀྱི། །སྤྱི་བོར་པུ་ལི་མ་ལ་ཡར། །རྩ་ནི་རབ་ཏུ་གཏུམ་མོ་དང་། །སོ་དང་སེན་མོ་དག་གིས་ནི། །ཐོད་པའི་དུམ་བུའི་ཐུགས་དམ་བསྐང་། །སྤྱི་གཙུག་ཛ་ལན་དྷ་ར་ན། །རྩ་ནི་གཏུམ་པའི་མིག་ཅན་དང་། །སྐྲ་དང་བ་སྤུའི་ཚོགས་དག་གིས། །ཀེང་རུས་ཆེན་པོའི་ཐུགས་དམ་བསྐང་། །ཨོ་རྒྱན་རྣ་བ་གཡས་པ་རུ། །རྩ་ནི་དཔའ་མོ་འོད་ལྡན་དང་། །ལུས་ཀྱི་པགས་པ་དྲི་མ་ཡིས། །དཔའ་བོ་ཀེང་རུས་ཐུགས་དམ་བསྐང་། །ཨར་བུ་ཏ་ཡི་ལྟག་ཁུང་དུ། །རྩ་ནི་དཔའ་མོ་སྣ་ཆེན་དང་། །ལུས་ཀྱི་ཤ་ཡི་ཚིལ་རྣམས་ཀྱིས། །མཆེ་བ་རྣམ་གཙིགས༴ ཀོ་ཏ་ཝ་ར་རྣ་བ་གཡོན། །རྩ་ནི་དཔའ་བོའི་བློ་གྲོས་དང་། །ཆུ་བ་ཆུ་རྒྱུས་ཚིག་རྣམས་ཀྱིས། །དཔའ་བོ་ཆང་སྒྲའི༴ ར་མའི་ཤ་རི་སྨིན་མཚམས་སུ། །རྩ་ནི་དཔའ་མོ་མི་ཐུང་དང་། །ལུས་ཀྱི་རུས་པའི་ཚོགས་རྣམས་ཀྱིས། །སྣང་བ་
དཔག་མེད༴ དེ་ཝའི་ཀོ་ཊ་མིག་གཉིས་ན། །རྩ་ནི་ལང་ཀའི་དབང་མོ་དང་། །མཆིན་པ་མཆིན་དྲིར་བཅས་པ་ཡི། །རྡོ་རྗེའི་འོད་ཀྱི༴ མ་ལ་ཝ་ནི་ཕྲག་པ་ན། །རྩ་ནི་དཔའ་མོ་ཤིང་གྲིབ་དང་། །བསམ་པའི་རྟེན་ནི་སྙིང་ཡིན་པས། །རྡོ་རྗེའི་སྐུ་ཡི༴ མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ཡིས། །དཔའ་བོ་དཔའ་མོའི༴ ཐུགས་མཉེས་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀ་མ་རུ་པའི་མཆན་ཁུང་ན། །རྩ་ནི་རྗེ་བཙུན་ས་སྲུང་མ། །མིག་དང་མིག་གི་དབང་པོ་ཡིས། །མྱུ་གུ་ཅན་གྱི༴ ཨོ་ཏྲ་ཞེས་བྱ་ནུ་མ་ལ། །རྩ་ནི་འཇིགས་བྱེད་ཆེན་མོ་དང་། །ཁམས་ནི་མཁྲིས་པའི་རང་བཞིན་ལས། །རྡོ་རྗེ་རལ་པ་ཅན་གྱི༴ ཏྲི་ཤ་ཀུ་ནི་ལྟེ་བ་རུ། །རྩ་ནི་རླུང་གི་ཤུགས་ཅན་ལ། །གློ་བ་དབུགས་ཀྱི་རང་བཞིན་པས། །དཔའ་བོ་ཆེན་པོའི༴ ཀོ་ས་ལ་ནི་སྣ་ཡི་རྩེར། །རྩ་ནི་དཔའ་མོ་ཆང་འཐུང་དང་། །རྒྱུ་མ་རྒྱུ་ཕྲེང་ཐམས་ཅད་ཀྱིས། །རྡོ་རྗེ་ཧཱུྃ་མཛད༴
ཀ་ལིང་ཀ་ནི་སྙིང་ཡིན་ཏེ། །རྩ་ནི་སྔོ་བསང་ལྷ་མོ་དང་། །གཉེ་མ་གུ་ན་པ་ནི་ཡིས། །རབ་ཏུ་བཟང་མོའི༴ ལ་པ་ཀ་ནི་མགུལ་པ་ན། །རྩ་ནི་ཤིན་ཏུ་བཟང་མོ་དང་། །གྲོད་པ་ལོང་ཀ་དག་གིས་ནི། །རྡོ་རྗེ་བཟང་མོའི༴ ཀན་ཙི་ཞེས་བྱའི་སྙིང་ག་ན། །རྩ་ནི་དཔའ་མོ་རྟ་རྣ་དང་། །བཤང་པ་དྲི་མ་ཆེན་པོ་ཡིས། །འཇིགས་བྱེད་ཆེན་པོའི༴ ཧི་མ་ལ་ཡ་ལྒང་པ་ན། །རྩ་ནི་མཁའ་འགྲོ་གདོང་མ་དང་། །ལྒང་པ་དྲི་ཆུར་བཅས་པ་ཡིས། །མིག་མི་བཟང་གི༴ ས་སྤྱོད་གསུང་གི་འཁོར་ལོ་ཡི། །དཔའ་བོ་དཔའ་མོའི༴ གསུང་མཉེས་གསུང་གི་དངོས་གྲུབ་སྩོལ། །པྲེ་ཏ་པུ་ར་མཚན་མ་ན། །རྩ་ནི་འཁོར་ལོའི་ཤུགས་ཅན་དང་། །ལུས་ཀྱི་བད་ཀན་ཐམས་ཅད་ཀྱིས། །སྟོབས་པོ་ཆེ་ཡི༴ གཤང་ལམ་གྷྲི་ཧ་དེ་བ་རར། །རྩ་ནི་དཔའ་མོ་དུམ་སྐྱེས་དང་། །ལུས་ཀྱི་རྣག་དང་རྣག་ཆུ་ཡིས། །རིན་ཆེན་རྡོ་རྗེའི༴
སེའུ་ར་ཏ་བླ་ཟུང་ནས། །རྩ་ནི་དཔའ་མོ་ཆང་ཚོང་དང་། །ལུས་ཀྱི་ཁྲག་དང་ཆུ་སེར་གྱིས། །དཔའ་བོ་རྟ་མགྲིན༴ བྱིན་པ་པུརྞ་དི་པ་རུ། །རྩ་ནི་འཁོར་ལོའི་གོ་ཆ་དང་། །ལུས་ཀྱི་རྡུལ་གྱི་ཚོགས་རྣམས་ཀྱིས། །ནམ་མཁའི་སྙིང་པོའི༴ ན་ག་ར་ནི་སོར་མོ་ལ། །རྩ་ནི་ཤིན་ཏུ་དཔའ་མོ་དང་། །ཚིལ་དང་ཚིལ་གྱི་རྒྱ་ཡིས་ནི། །དཔལ་ལྡན་ཁྲག་འཐུང༴ སིནྡྷུ་རྐང་པའི་བོལ་གོང་ན། །རྩ་ནི་དཔའ་མོ་སྟོབས་ཆེན་དང་། །མིག་ཆུ་མཆིལ་མ་དག་གིས་ནི། །པདྨ་གར་དབང༴ མ་རུ་མཐེ་བོང་བཞི་པོ་ལ། །རྩ་ནི་འཁོར་ལོའི་སྒྱུར་མ་དང་། །མཆིལ་མ་ཁ་ཆུ་དག་གིས་ནི། །རྣམ་པར་སྣང་མཛད༴ ཀུ་ལུ་ཏ་ཡི་པུས་མོ་ལ། །རྩ་ནི་བརྩོན་འགྲུས་ཆེན་མོ་དང་། །སྣབས་དང་ངར་སྣབས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའི༴ ས་འོག་སྐུ་ཡི་འཁོར་ལོ་ཡི། །དཔའ་བོ་དཔའ་མོའི༴ སྐུ་མཉེས་སྐུ་ཡི་དངོས་གྲུབ་སྩོལ། །ཁ་ནི་
ཤར་གྱི་སྒོ་ཡིན་པས། །ཁྭ་གདོང་མ་ཡི༴ སྣ་ནི་བྱང་གི་སྒོ་ཡིན་པས། །འུག་གདོང་མ་ཡི༴ ནུབ་སྒོ་གསང་བའི་གནས་ཡིན་པས། །ཁྱི་གདོང་མ་ཡི༴ གཤང་ལམ་ལྷོ་ཡི་སྒོ་ཡིན་པས། །ཕག་གདོང་མ་ཡི༴ ཤར་ལྷོ་རྣ་བ་གཡས་པ་རུ། །གཤིན་རྗེ་བརྟན་མའི༴ ལྷོ་ནུབ་རྣ་བ་གཡོན་པ་རུ། །གཤིན་རྗེ་ཕོ་ཉའི༴ མིག་གཡས་ནུབ་བྱང་མཚམས་སུ་ནི། །ཡ་མ་དཥྚིའི༴ མིག་གཡོན་བྱང་ཤར་མཚམས་སུ་ནི། །གཤིན་རྗེ་འཇོམས་མའི༴ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ། །རྡོ་རྗེ་རྣལ་འབྱོར་མ་ཚོགས་ཀུན། །རྩ་རླུང་ཐིག་ལེའི་གཟུགས་ཀྱིས་བཞུགས། །ཡང་དག་གསང་བའི་དཀྱིལ་འཁོར་དུ། །བསྐང་ངོ་བསྐལ་པར༴ གསང་བའི་བདེ་མཆོག༴ ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །རྟག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །གོ་ཆའི་དཔའ་བོ་དཔའ་མོ་
རྣམས། །བདག་གི་ལུས་དང་མི་འབྲལ་ཞིང་། །རྟག་ཏུ་བསྲུང་ཞིང་བསྐྱབ་ཏུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ལ་བྱིན་གྱིས་རློབས། །དཔའ་མོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་གནས་ལ་བྱིན་གྱིས་རློབས། །ཁྱོད་ཀྱི་བྱིན་རླབས་ནུས་མཐུ་ཡིས། །སྒོ་དགུ་སྲུང་ཞིང་བྱིན་གྱིས་རློབས། །ཧེ་རུ་ཀ་དཔལ་རྒྱལ་ཆེན་པོས། །ཐམས་ཅད་ཀུན་ལ་བྱིན་གྱིས་རློབས། །ཁྱོད་ཀྱི་བྱིན་རླབས་ནུས་མཐུ་ཡིས། །ནང་གི་རྣལ་འབྱོར་གསལ་བ་དང་། །གསང་བའི་དཀྱིལ་འཁོར་ཞལ་མཐོང་ཞིང་། །གནས་དང་ཉེ་བའི་གནས་ལ་སོགས། །ས་བཅུ་རིམ་པར་བསྒྲོད་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཚེ་འདི་ཉིད་ལ་བསྩལ་དུ་གསོལ། །ད་ནི་དེ་ཁོ་ན་ཉིད་ཀྱི་བདེ་མཆོག་གི་བསྐང་བ་ནི། ཧཱུྃ། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་
རྟག་ཏུ་བཞུགས། །སྐྱེ་འཇིག་མེད་པར་རྟག་ཏུ་བཞུགས། །འགྲོ་འོང་མེད་པར་རྟག་ཏུ་བཞུགས། །སུས་ཀྱང་མ་བྱས་ལྷུན་གྱིས་གྲུབ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲ་བ་བདེ་བའི་མཆོག །སྨྲ་བསམ་བརྗོད་ལས་འདས་པ་ཡིན། །བྱ་བྱེད་སྤྲོས་དང་བྲལ་བ་ཡིན། །རྟག་ཆད་མཐའ་ལས་འདས་པ་ཡིན། །སྐྱེ་མེད་འོད་གསལ་ཆེན་པོ་ཡིན། །གཉིས་མེད་ཟུང་འཇུག་ཆེན་པོ་ཡིན། །འཁོར་འདས་གཉིས་མེད་བདེ་ཆེན་ཡིན། །རང་བྱུང་ཕྱག་རྒྱ་ཆེན་པོ་ཡིན། །བསྒོམ་མེད་བློ་འདས་ཆེན་པོ་ཡིན། །བྱར་མེད་རྩོད་བྲལ་གཉུག་མ་ཡིན། །དཔའ་བོ་མཁའ་འགྲོའི་སྲོག་སྙིང་ཡིན། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །དེ་ལས་འདའ་བ་མེད་པས་ན། །མི་འདའ་ཕྱིར་ན་དམ་ཚིག་
ཡིན། །མཚན་ལྡན་བླ་མའི་བཀའ་དྲིན་གྱིས། །དེ་དོན་རྟོགས་ན་བདེ་མཆོག་མཐོང་། །དེ་ལྟར་རྟོགས་ན་སྡིག་དམ་སྐོང་། །དེ་ལྟར་རྟོགས་ན་སྡིག་སྒྲིབ་སྦྱངས། །དེ་ལྟར་རྟོགས་ན་ཉེས་ལྟུང་དག །དེ་ལྟར་རྟོགས་ན་དམ་ཚིག་རྫོགས། །ཧཱུྃ། ཡང་དག་དོན་གྱི་བདེ་མཆོག་ལ། །བསྐང་བྱ་སྐོང་བྱེད་མ་མཆིས་ཀྱང་། །མ་རྟོགས་སེམས་ཅན་དོན་གྱི་ཕྱིར། །བསྐང་བ་མེད་པའི་ཚུལ་གྱིས་བསྐང་། །ཡང་དག་རྟོགས་པའི་དོན་གྱིས་བསྐང་། །བསྒོམ་བྱ་སྒོམ་བྱེད་མ་མཆིས་ཀྱང་། །རྟོགས་པ་གོམས་པའི་དོན་གྱིས་བསྐང་། །བར་ཆད་རྣམ་རྟོག་བདུད་བགེགས་རྣམས། །སེམས་ཉིད་ངང་ལས་མ་གཡོས་ཀྱང་། །འདི་དག་རང་བཞིན་མི་དམིགས་པ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །གཉིས་མེད་ངང་དུ་བཅོམ་ནས་ཀྱང་། །དཔལ་ཆེན་ཧེ་རུ་ཀ་དཔལ་གྱི། །ཞལ་དུ་བསྟིམ་པའི་དོན་གྱིས་བསྐང་། །དེ་ལྟར་བསྐང་
མཆོད་བྱིན་རླབས་ཀྱིས། །ཐོག་མེད་དུས་ནས་བསགས་པ་ཡི། །སྒྲིབ་གཉིས་བག་ཆགས་ཕྲ་བ་རྣམས། །བདེ་ཆེན་ངང་དུ་དག་ནས་ཀྱང་། །བླ་མེད་མཆོག་གི་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་པར་ཤོག །དབང་པོའི་སྟོབས་ཀྱིས་མ་ཐོབ་ཀྱང་། །རྣལ་འབྱོར་བདག་ཅག་འཆི་བའི་ཚེ། །དཔལ་ལྡན་ཁྲག་འཐུང་ཞལ་མཐོང་ཞིང་། །ཡེ་ཤེས་མཁའ་འགྲོ་མ་རྣམས་དང་། །ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས། །མེ་ཏོག་སྣ་ཚོགས་ཆར་འབེབ་ཅིང་། །གདུགས་དང་རྒྱལ་མཚན་བ་དན་དང་། །བླ་རེ་མཆོད་སྤྲིན་སྣ་ཚོགས་དང་། །དྲི་ཞིམ་བདུག་སྤོས་སྣ་ཚོགས་དང་། །རོལ་མོ་སིལ་སྙན་སྣ་ཚོགས་དང་། །གླུ་ཡི་མཆོད་པ་ལ་སོགས་པ། །འདོད་པའི་ཡོན་ཏན་མཐའ་ཡས་དང་། །འགྲོགས་ནས་མཁའ་སྤྱོད་ཁྲིད་པར་ཤོག །སྤྲུལ་སྐུའི་བདེ་མཆོག་ཕྱི་རུ་རྫོགས་པ་དང་། །ལོངས་སྐུའི་བདེ་མཆོག་
ལུས་ལ་རྫོགས་པ་དང་། །ཆོས་སྐུའི་བདེ་མཆོག་སེམས་ལ་རྫོགས་གྱུར་ནས། །དབྱེར་མེད་བདེ་མཆོག་དོན་དང་མི་འབྲལ་བར། །རྒྱལ་བའི་དཀྱིལ་འཁོར་རྟག་ཏུ་གཟིགས་གྱུར་ནས། །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པར་ཤོག །ཅེས་གསོལ་བ་བཏབ་པ་དང་། ཚོགས་དང་གཏོར་མས་བསྐང་བ་ལ་སོགས་ཚུལ་བཞིན་བྱའོ། །དེ་ལྟར་དུས་རྟག་ཏུ་མ་འགྲུབ་ཀྱང་ལོ་དུས་ཟླ་དུས་ཞག་དུས་རྣམས་སུ་མ་ཆགས་པར་བྱས་ན། རྣལ་འབྱོར་པ་ཚེ་རིང་བ་དང་། བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་སྣ་ཚོགས་འབྱུང་བ་དང་། ལུས་ངག་ཡིད་གསུམ་གྱི་ནུས་པ་སྣ་ཚོགས་ཐོན་པ་དང་། ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། བླ་མ་ཡི་དམ་མཁའ་འགྲོ་བསྟན་སྐྱོང་ཐམས་ཅད་མཉེས་པར་འགྱུར་རོ། །ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམ་པར་བྱའོ། །དཔལ་འཁོར་ལོ་བདེ་མཆོག་གི་བསྐང་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་འཇིགས་མེད་འབྱུང་གནས་སྦས་པའམ་པཎྜི་ཏ་ཨ་བྷྱ་ཀ་ར་གུཔྟས་མཛད་ཅིང་། བོད་ཀྱི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སརྦ་མངྒ་ལཾ།
དཔལ་མགོན་ཕྱག་བཞི་པའི་བསྐང་བ་རིན་ཆེན་ཕྲེང་བ། ཤྲཱི་གུབྟ་བཛྲ་ཨ་བྷྱ་ཀ་ར།
༄༅། །དཔལ་མགོན་ཕྱག་བཞི་པའི་བསྐང་བ་རིན་ཆེན་ཕྲེང་བ་བཞུགས་སོ། །
བླ་མ་དམ་པ་རྣམས་དང་། ཁྲག་འཐུང་ཧེ་རུ་ཀ་དཔལ་དང་། བཀའ་སྲུང་བདུད་འདུལ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྲག་འཐུང་གི་རྒྱལ་པོ་བྱ་རོག་མཚན་ཅན་གྱི་བསྐང་གསོལ་བྱ་བར་འདོད་ན། མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་དང་། གཏོར་མ་གཞུང་བཞིན་བཤམས་ཏེ། རྣལ་འབྱོར་པ་ཏིང་ངེ་འཛིན་དང་ལྡན་པས་སྤྱན་དྲངས་པ་ལ་སོགས་པ་མཆོད་བསྟོད་རིམ་པར་བྱས་པའི་སྟེང་ལ་འདི་སྐད་དོ། །ཧཱུྃ། ཆོས་སྐུ་གདོད་ནས་སྐྱེ་འགག་མི་མངའ་ཡང་། །དག་སྣང་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའི་རང་བཞིན་བཅོམ་ལྡན་ཧེ་རུ་ཀ །ལྷན་
སྐྱེས་བདེ་ཆེན་སྐུ་ཡི་ཐུགས་དམ་བསྐང་། །སྐུ་མདོག་མི་འགྱུར་མཐིང་ནག་ཐུགས་ཀྱི་རིགས། །ཞལ་གཅིག་ཕྱག་གཉིས་སྟག་གི་ཤམ་ཐབས་ཅན། །ཤེས་རབ་རང་བཞིན་རྡོ་རྗེ་ཕག་མོ་དང་། །གཉིས་མེད་ཞལ་སྦྱོར་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །དབུ་ཡི་ཐོར་ཚུགས་ཡིད་བཞིན་ནོར་བུས་སྤྲས། །མ་རིག་མུན་སེལ་ཟླ་ཚེས་གཡོན་དུ་མཛེས། །ཡེ་ཤེས་ལྔ་ལྡན་བཅུ་ཕྱེད་ཐོད་ཕྲེང་ཅན། །མི་བསྐྱོད་དབུ་རྒྱན་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །སྒེག་ཅིང་དཔའ་བ་མི་སྡུག་སྐུ་ཡི་ཉམས། །རྒོད་ཅིང་
དྲག་ཤུལ་འཇིགས་རུང་གསུང་གི་ཉམས། །སྙིང་རྗེ་རྔམས་དང་ཞི་བ་ཐུགས་ཀྱི་ཉམས། །གར་གྱི་ཉམས་དགུ་ཧེ་རུ་ཀ་ཡི༴ ཆུ་སྐྱེས་ཉི་མའི་གདན་ལ་འགྱིང་ཞིང་བརྗིད། །བརྐྱང་བསྐུམ་ཞབས་ཀྱིས་འཇིགས་བྱེད་དུས་མཚམས་མནན། །མ་རུངས་འདུལ་ཕྱིར་ཐོད་པའི་ཕྲེང་བས་བརྒྱན། །དྲེགས་པ་ཀུན་འདུལ་ཧེ་རུ་ཀ་ཡི༴ རྒྱན་དྲུག་ཕ་རོལ་ཕྱིན་དྲུག་རྫོགས་པའི་རྟགས། །སྤྱན་གསུམ་བསྒྲད་པས་དུས་གསུམ་མཁྱེན་པའི་བརྡ། །ཡེ་ཤེས་མེ་དཔུང་ནང་བཞུགས་བརྗིད་པའི་སྐུ། །གཟི་བརྗིད་མཚུངས་མེད་ཧེ་རུ་ཀ་ཡི༴ སྲིད་གསུམ་ཟིལ་གནོན་རྣོ་དཀར་མཆེ་བ་གཙིགས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པའི་ཕྱིར། །སྣ་ཚོགས་རྡོ་རྗེས་དབུ་བརྒྱན་འོད་ཟེར་འཕྲོ། །དངོས་གྲུབ་འབྱུང་གནས་ཧེ་རུ་ཀ་ཡི༴ དཔའ་བོ་དཔའ་མོ་སུམ་ཅུ་རྩ་བདུན་དང་། །ཉི་ཤུ་རྩ་བཞིའི་གནས་དང་ཉེ་བའི་གནས། །
བཅོམ་ལྡན་སྐུ་ལ་དབྱེར་མེད་བཞུགས་པའི་ཕྱིར། །མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་ཡི༴ ནམ་མཁའ་དང་མཉམ་ཆོས་སྐུ་བསམ་མི་ཁྱབ། །མཚན་དཔེས་རབ་བརྒྱན་ལོངས་སྐུ་བསམ་མི་ཁྱབ། །ཆུ་ཟླ་དང་མཉམ་སྤྲུལ་སྐུ་བསམ་མི་ཁྱབ། །སྐུ་གསུམ་དབྱེར་མེད་ཧེ་རུ་ཀ་ཡི༴ ལྷ་མཆོག་ཁྱེད་ལ་བསྟོད་པའི་བསོད་ནམས་ཀྱིས། །ཚེ་འདིར་སྒྲུབ་པའི་བར་ཆད་ཞི་བ་དང་། །སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ་ཐོབ་ནས། །མ་འོངས་དུས་སུ་འགྲོ་བ་འདྲེན་པར་ཤོག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ཐ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། སུམ་བརྡུང་གིས། མཆན།ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཁྱད་འཕགས་མི་བསྐྱོད་རྡོ་རྗེའི་རིགས། །ཚད་མེད་བཞི་ལྡན་བདུད་བཞི་འཇོམས་མཛད་རྡོ་རྗེའི་སྐུ། །རྣམ་ཐར་བཞི་ལྡན་དཔའ་བོ་ཆེན་པོ་སྟེ། །ཐུགས་རྗེས་
དབྱིངས་ནས་བཞེངས་པའི་སྐུ་མཆོག་ནི། །རབ་འཇིགས་ཞལ་ནས་ཧ་ཧའི་སྒྲ་སྒྲོག་ཅིང་། །མ་རུངས་དུར་ཁྲོད་ཆེན་པོའི་གནས་མཆོག་ན། །ཡེ་ཤེས་མེ་རླུང་འཚུབ་མའི་ཀློང་ན་བཞུགས། །ཞལ་གཅིག་ཕྱག་བཞི་མཐིང་ནག་འབར་བའི་སྐུ། །འགྲོ་དོན་རྫོགས་མཛད་ཕྲིན་ལས་རྣམ་བཞིའི་བདག །བདུད་འདུལ་ནག་པོ་ཆེན་པོ་ཆེ། །དཔའ་བོ་ཆེན་པོའི༴ ཁྲག་འཐུང་བྱ་རོག་མཚན་ཅན་ནི། །རབ་འཇིགས་དཔའ་བོ་བསྐལ་པའི་མེ་ལྟར་འབར། །ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འཁྱུག །སྒེག་པ་ལ་སོགས་གར་གྱི་ཉམས་དང་ལྡན། །ཁྲག་འཐུང་རྒྱལ་པོའི་ཐུགས་དམ་བསྐང་། །ཨག་ཚོམ་དམར་སེར་མེ་ལྟར་འབར། །སྐྱེ་ཤི་རྩད་གཅོད་རྣོ་དཀར་མཆེ་བ་གཙིགས། །སྙིང་རྗེས་ཁྲོས་པའི་སྤྱན་གསུམ་དམར་ལ་འཁྲུགས། །མེ་ལྟར་འབར་བས་ཕྱོགས་བཅུར་ཁྱབ་པར་གཟིགས། །ཡེ་ཤེས་སྤྱན་
ལྡན་ཁྱོད་ཀྱི༴ ལྗགས་ནི་དྲག་པོའི་གློག་ལྟར་རབ་ཏུ་འཁྲུགས། །ཞལ་ནས་ཧ་ཧ་ཧཱུྃ་དང་ཕཊ་ཀྱི་སྒྲ། །བཞད་པའི་གད་རྒྱངས་ཆེན་པོ་རབ་ཏུ་སྒྲོགས། །སྟོབས་ཆེན་རབ་འབར་འགྱིང་བའི་ཆ་བྱད་ཅན། །སྲིད་གསུམ་ཟིལ་གནོན་མགོན་པོའི༴ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །དུག་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཐལ་ཆེན་རཀྟའི་ཐིག་ལེས་སྐུ་ལ་བརྒྱན། །ཞིང་སྐྱོང་ཆེན་པོ་ཁྱོད་ཀྱི༴ རྒྱལ་རིགས་སྦྲུལ་གྱིས་དབུ་སྐྲ་བཅིངས་པས་བརྗིད། །རིན་ཆེན་དབུ་རྒྱན་དར་གྱི་ཅོད་པན་འཕུར། །རྡོ་རྗེའི་རིགས་མཚོན་མི་བསྐྱོད་དབུ་ལ་བཞུགས། །བསྟན་པའི་བཀའ་སྲུང་ཆེན་པོ་སྟེ། །རྡོ་རྗེ་མགོན་པོའི༴ གཏེར་བདག་ཡིད་བཞིན་ནག་པོ་ཆེན་པོ་ནི། །ཕྱག་བཞི་དང་པོས་བེ་ཏའི་འབྲས་བུ་བསྣམས། །གཏེར་དང་ལོངས་སྤྱོད་ནོར་གྱི་ཆར་པ་འབེབས། །
གཏེར་བདག་མགོན་པོའི༴ དམ་ཉམས་རྩད་ནས་གཅོད་མཛད་ནག་པོ་ཆེན་པོ་ནི། །གཡས་ཀྱི་འོག་མས་གནམ་ལྕགས་རལ་གྲི་བསྣམས། །གློག་ལྟར་འཁྱུག་པས་དགྲ་བགེགས་རྩད་ནས་གཅོད། །ཉམས་པའི་སྲོག་གཅོད་མགོན་པོའི༴ །སྟོབས་ཆེན་དབང་སྡུད་མགོན་པོ་ནག་པོ་ནི། །གཡོན་གྱི་དང་པོས་བདུད་བཞིའི་ཁྲག་བཀང་ཐོད་པ་བསྣམས། །ཁམས་གསུམ་དབང་སྡུད་མ་ཚོགས་མཁའ་འགྲོས་བསྐོར། །སྣང་སྲིད་དབང་སྡུད་མགོན་པོའི༴ སྐུ་གསུམ་ཡོན་ཏན་ལྔ་ལྡན་ནག་པོ་ཆེན་པོ་ནི། །གཡོན་གྱི་འོག་མས་ཁ་ཊྭཱཾ་རྩེ་གསུམ་བསྣམས། །ལྷ་ཡི་དགྲ་ལྷ་ལྷ་མིན་གཡུལ་ངོ་ཟློག །ལྷ་ཡི་དེད་དཔོན་མགོན་པོའི༴ དུག་གསུམ་ནད་སེལ་ནག་པོ་ཆེན་པོ་ནི། །མཚན་དང་དཔེ་བྱད་རྒྱན་གྱིས་རབ་ཏུ་མཛེས། །ཕ་རོལ་ཕྱིན་དྲུག་རྫོགས་པའི་ཕྱག་རྒྱ་དྲུག་དང་ལྡན། །དུག་གསུམ་ནད་སེལ་མགོན་
པོའི༴ འབྱུང་པོ་བསྔགས་བྱེད་ཐོད་པའི་ཕྲེང་བ་ནི། །ལྔ་བཅུ་རྩ་གཉིས་ཁྲག་འཛག་དོ་ཤལ་ཅན། །འདུ་བྱེད་རབ་སྤངས་གཙུག་ལག་དཀྱིལ་འཁོར་སྲུང་། །བདུད་འདུལ་མཐུ་རྩལ་དཔའ་བོ་ཆེན་པོ་སྟེ། །བསྟན་སྲུང་ཆེན་པོ་ཁྱོད་ཀྱི༴ ཡན་ལག་སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན། །སྟག་ལྤགས་རློན་པའི་ཤམ་ཐབས་རབ་ཏུ་བརྗིད། །སྐ་རགས་དྲིལ་བུ་གཡེར་ཁའི་སྒྲ་སྒྲོགས་ཤིང་། །རིག་འཛིན་སྲུང་མ་ཆེན་པོའི༴ གྲུ་གསུམ་མཐིང་ནག་འབར་བའི་སྟེང་། །སྣ་ཚོགས་པདྨ་ཉི་མའི་གདན། །ཞིང་ཆེན་སྟེང་དུ་དཔའ་བོ་ཆེན་པོ་ནི། །རབ་འཇིགས་ཙནྡན་འཁྱིལ་པའི་ཚུལ་དུ་བཞུགས། །རྣལ་འབྱོར་དགྲ་བླ་ཆེན་པོའི༴ ཡབ་གཅིག་དཔལ་ལྡན་ནག་པོ་ཆེན་པོ་ནི། །ཁྲག་འཐུང་མ་རུངས་ཀུན་གྱི་གཤེད་པོ་སྟེ། །ལོག་འདྲེན་བགེགས་དང་དགྲ་བོ་ཆམ་ལ་འབེབས། །བདུད་འདུལ་བྱ་
རོག་མཚན་ཅན༴ ཐུགས་རྗེས་ལུས་ཅན་མི་འདོར་ཡེ་ཤེས་སྤྱན་དང་ལྡན། །ཐུགས་དམ་སྨོན་ལམ་མི་འདོར་འགྲོ་རྣམས་བདེ་ལ་འགོད། །མཐུ་སྟོབས་ཕྲིན་ལས་རྨད་བྱུང་རྫུ་འཕྲུལ་ལྡན། །ཁྲག་འཐུང་ཡེ་ཤེས་མགོན་པོའི༴ ཧཱུྃ། ཁྱོད་ཀྱི་ཡུམ་མཆོག་ལྷ་མོ་ནི། །དགའ་བྱེད་འདོད་པའི་དབང་ཕྱུག་མ། །འདོད་རྒུར་སྒྱུར་བའི་འཕྲུལ་མོ་ཆེ། །མཁའ་འགྲོ་ཆེན་མོའི༴ ཁྱོད་ལ་མཆོད་པ་འབུལ་བ་ནི། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་སིལ་སྙན་དང་། །ན་བཟའ་གདུགས་དང་རྒྱལ་མཚན་དང་། །བ་དན་འཕན་དང་ཕྱར་དར་དང་། །རྟ་མཆོག་གླང་པོ་གཡུ་དྲེལ་སོགས། །འདོད་ཡོན་ཕྱི་ཡི་མཆོད་པས༴ ཁྲག་ཆེན་འབར་བའི་མཆོད་པ་ཤ་ཆེན་སྤོས། །ཞུན་ཆེན་སྣང་གསལ་ཚིལ་ཆེན་གསུར་དུད་དང་། །དབང་པོ་ལྔ་ཡི་མེ་ཏོག་མཆོད་པ་དང་། །བདུད་རྩི་ལྔ་ཡི་རོ་མཆོག་བཏུང་བ་
དང་། །ཤ་ཆེན་ལྔ་ཡི་ཞལ་ཟས་རྒྱ་ཆེན་དང་། །ཐོད་རྔེའུ་རྔ་དུང་དུར་ཁྲོད་རྒྱན་ལ་སོགས། །ནང་གི་མཆོད་པས་མགོན་པོའི་ཐུགས་དམ་བསྐང་། །དཔལ་ལྡན་མགོན་པོ་ནག་པོ་ལ། །གསང་བའི་མཆོད་པ་འབུལ་བ་ནི། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །དམ་རྫས་སྣ་ཚོགས་གཏོར་མས༴ ཧཱུྃ། དཔལ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །གནས་འགྱུར་ཕྲིན་ལས་ཀུན་གྱི་བདག །གཏི་མུག་རྣམ་དག་ཆོས་དབྱིངས་ངོ་བོ་ཉིད། །མཚན་དང་དཔེ་བྱད་མ་ལུས་ཀུན་དང་ལྡན། །སྣང་སྟོང་སྐུ་ཡི་མགོན་པོའི༴ འདོད་ཆགས་རྣམ་དག་ཀུན་རྟོག་ངོ་བོ་ཉིད། །གསུང་གི་ང་རོའི་འབྲུག་སྟོང་ཡོངས་ལ་ཁྱབ། །ཁམས་སུམ་མ་ལུས་དབང་སྡུད་མགོན་པོ་སྟེ། །གྲགས་སྟོང་གསུང་གི་མགོན་པོའི༴ ཞེ་སྡང་རྣམ་དག་མེ་ལོང་ངོ་བོ་ཉིད། །དུག་གསུམ་
འཇོམས་མཛད་ཕྲིན་ལས་དྲག་པོའི་བདག །གསལ་སྟོང་ཐུགས་ཀྱི་མགོན་པོའི༴ ང་རྒྱལ་རྣམ་དག་མཉམ་ཉིད་ངོ་བོ་ཉིད། །ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་བདག །ཚད་མེད་ཡོན་ཏན་མགོན་པོའི༴ ཕྲག་དོག་རྣམ་དག་བྱ་གྲུབ་ངོ་བོ་ཉིད། །མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀུན་གྱི་བདག །ཕྲིན་ལས་སྣ་ཚོགས་མགོན་པོའི༴ ཧཱུྃ། གཟི་བརྗིད་འབར་བའི་སྐུ་ཡིས་ཁམས་སུམ་ཟིལ་གྱིས་གནོན། འབྲུག་སྟོང་གསུང་གི་ང་རོས་ཁམས་གསུམ་དབང་དུ་སྡུད། ཡེ་ཤེས་ཟང་ཐལ་ཐུགས་ཀྱིས་རྣམ་རྟོག་འཇོམས། ཡོན་ཏན་ཀུན་ལྡན་དངོས་གྲུབ་འབྱུང་བའི་གནས། ཕྲིན་ལས་ཀུན་མཛད་རྣལ་འབྱོར་ཡོངས་ཀྱི་དཔལ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་མགོན་པོ་སྟེ། །ས་བཅུའི་དབང་ཕྱུག་མགོན་པོའི༴ ཡོན་ཆབ་མེ་ཏོག་བདུག་སྤོས་སོགས། །ཕྱི་ཡི་མཆོད་པས༴ ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་
སོགས། །ནང་གི་མཆོད་པས༴ ཤ་ལྔ་བདུད་རྩི་ལྔ་ལ་སོགས། །གསང་བའི་མཆོད་པས༴ ཧཱུྃ། ཞི་བྱེད་དཀར་མོ་སྐུ་ཡི་ཡུམ། །ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན། །སྐུ་ཡི་ཡུམ་གྱི༴ སྲུང་བྱེད་དམར་མོ་གསུང་གི་ཡུམ། །ཕྱག་གཉིས་རིན་ཆེན་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན། །གསུང་གི་ཡུམ་གྱི༴ འགུགས་བྱེད་མཐིང་ཀ་ཐུགས་ཀྱི་ཡུམ། །ཕྱག་གཉིས་ལྕགས་ཀྱུ་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན། །ཐུགས་ཡུམ་ནག་མོའི༴ བྱ་ཡུམ་ནག་མོ་ཡོན་ཏན་ཡུམ། །ཕྱག་གཉིས་བཻ་འབྲས་རལ་གྲི་བསྣམས། །གཡོན་པས་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན། །ཡོན་ཏན་ཡུམ་གྱི༴ སྒྲོལ་བྱེད་ལྗང་གུ་ཕྲིན་ལས་བདག །ཕྱག་གཉིས་རལ་གྲི་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས༴
ཕྲིན་ལས་ཡུམ་གྱི༴ རྩ་འཇིབ་དམར་མོ་སྦྱོར་བའི་ཡུམ། །གཡས་པས་རལ་གྲི་ཏྲི་ཤུ་ལ། །གཡོན་པས་མི་མགོ་མདའ་གཞུ་བསྣམས། །ཐོད་ཕྲེང་རུས་པའི་རྒྱན་གྱིས་བརྒྱན། །སྦྱོར་བའི་ཡུམ་གྱི༴ ཙན་ཏི་ནག་མོ་སྒྲོལ་བའི་ཡུམ། །གཡས་པས་གྲི་གུག་ཏྲི་ཤུ་ལ། །ཉམས་པའི་སྐྱེ་རྒྱུད་གཅོད་པར་བྱེད། །གཡོན་པས་འབིགས་བྱེད་མདའ་གཞུ་དང་། །དགྲ་ཡི་མགོ་བཅད་ཁྲག་འཛག་བལྡག །སྒྲོལ་བའི་ཡུམ་གྱི༴ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་། །ཕྲིན་ལས་སྣ་ཚོགས་ཐོགས་མེད་ཡུམ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །སྦྱོར་དང་སྒྲོལ་བས་མཛེས་མཛད་ཕྱི་ནང་གི །ཡུམ་མཆོག་མཁའ་འགྲོ་རྣམས་ཀྱི༴ །ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་གྱིས། །ཕྱི་ནང་གསང་གསུམ་ཡུམ་གྱི༴ ཧཱུྃ། ཁྲག་འཐུང་བྱ་རོག་
མཚན་ཅན་གྱི། །བསྟན་སྲུང་ཕྲིན་ལས་མཛད་པའི་ཕྱིར། །སྐུ་གསུང་ཐུགས་ལས་སྤྲུལ་པ་ནི། །སྣང་སྟོང་སྐུ་ཡི་དབྱིངས་ལས་སྤྲུལ་པ་ནི། །ལྕགས་ཀྱི་བྱ་ཁྱུང་ནག་པོ་ལ། །དུང་གི་མཆེ་བ་བཞི་གཙིགས་ཤིང་། །སྤྱན་གསུམ་ཁྲག་མདོག་རྡོ་རྗེའི་རྭ། །རིན་ཆེན་འབར་བའི་ཚྭ་ཚྭ་འཕྲོ། །ཟླ་ཚེས་ནོར་བུས་དབུ་རྒྱན་ཅན། །མཐིང་གི་གཤོག་པ་རབ་བརྡེབ་ཅིང་། །ཁྲོཾ་ཁྲོཾ་ཧིང་གི་སྒྲ་སྒྲོགས་ཏེ། །ཟངས་ཀྱི་སྡེར་མོ་ལྕགས་ཀྱུ་ཡིས། །དགྲ་བགེགས་གློ་སྙིང་ཞལ་དུ་འདྲེན། །སྤྲུལ་པས་ནམ་མཁའི་མཐར་ཁྱབ་ཅིང་། །ལྷ་ཡི་སྲིད་སྐྱོང་ལྷ་མིན་འདུལ་བར་བྱེད། །སྐུ་ཡི་སྤྲུལ་པ་ཁྱུང་གི༴ ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་དང་། །ཚོགས་དང་གཏོར་མ་མཐུན་པའི་རྫས། །སྤྲུལ་པ་ཁྱུང་གི་ཐུགས་དམ་བསྐང་། །ས་བདག་ཀླུ་གཉེན་གདོན་ཚོགས་སྡང་བའི་དགྲ་ལ་བསྒྱུར། །ཧཱུྃ། གྲགས་སྟོང་གསུང་
གི་དབྱིངས་ལས་སྤྲུལ་པ་ནི། །དམར་མོ་རྩ་འཇིབ་ཁྲག་འཐུང་རྐང་བལྡག་མ། །སྒེག་ཅིང་འགྱིང་བག་ལང་ཚོ་རྒྱས་པའི་སྐུ། །སྤྱན་གསུམ་རལ་པའི་ཐོར་ཚུགས་དབུ་ལ་མཛེས། །ཐོད་པ་རིན་ཆེན་དར་གྱིས་བརྒྱན། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །རལ་གྲི་ཏྲི་ཤུ་དགྲ་ལ་བརྡེག །གཡོན་པས་མདའ་གཞུ་ཐོད་ཁྲག་སྟེ། །ཞལ་དུ་གསོལ་ནས་ཕྱོགས་བཅུར་འཐོར། །སྐུ་སྨད་སྟག་ལྤགས་འོད་ཕུང་དམར་པོ་འཕྲོ། །མཁའ་འགྲོ་སྟོང་གིས་ཁྱོད་ནི་རབ་བསྐོར་ཞིང་། །མ་མོ་བྱེ་བའི་ཚོགས་རྣམས་ལས་ལ་འགྱེད། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཕྱིར། །གསུང་ལས་སྤྲུལ་པའི་ལྷ་ཚོགས༴ ཕྱི་ནང་གསང་བའི་དམར་གྱི་གཏོར་མ་དང་། །མི་དབང་རྒྱལ་མཚན་རྨ་བྱའི་གདུགས་དང་བཅས། །ཞིང་དང་དུར་ཁྲོད་རྒྱན་ཚོགས་དུ་མ་དང་། །བྱ་ནག་ལུག་ནག་གཡུ་དྲེལ་གཡབ་དར་དང་། །བྷནྡྷ་
ལྕང་ལོ་རཀྟ་བདུད་རྩིས་བསྐང་། །མ་ཚོགས་མཁའ་འགྲོ་རྣམས་ཀྱི༴ ཁྲག་ནད་རྒྱུ་གཟེར་སྡང་བའི་དགྲ་ལ་བསྒྱུར། །ཧཱུྃ། གསལ་སྟོང་ཐུགས་ཀྱི་དབྱིངས་ནས་སྤྲུལ་པ་ནི། །བསྟན་པའི་བཀའ་སྲུང་ལེགས་ལྡན་ནག་པོ་སྟེ། །མི་བཟད་དཔལ་འབར་ལྷ་ཆེན་རྔམ་པའི་སྐུ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །སྨ་ར་སེར་པོ་མེ་ལྟར་འབར་བས་བརྗིད། །སྤྱན་གསུམ་སྡང་མིག་བསྟན་པའི་བྱ་ར་མཛད། །དབུ་སྐྲ་དམར་སེར་ཐོད་ཕྲེང་ཉི་ཟླས་བརྒྱན། །ལེ་རྒན་དར་གྱི་ཅོད་པན་རླུང་གིས་བསྐྱོད། །རབ་འཇིགས་སྐུ་ལ་བརྗིད་པའི་བེར་ཆེན་གསོལ། །གསེར་སྐེད་རིན་ཆེན་འབར་བ་སྐེད་ལ་བཅིངས། །ཞབས་གཉིས་བརྐྱང་བསྐུམ་ཉི་ཟླའི་གདན་ལ་བཞུགས། །ཕྱག་ན་ཙནྡན་བེང་ཆེན་བསྣམས་པ་ནི། །སྤྲུལ་པའི་ལྷ་དམག་ཉི་ཁྲི་ཆིག་སྟོང་འགྱེད། །མདུན་ན་ཁྱུང་ཆེན་བྱ་
ཁྲ་མང་པོ་ལྡིང་། །རྒྱབ་ན་སྟག་གཟིག་དོམ་དྲེད་མང་པོ་འགྲིལ། །ལྷ་དམག་འབུམ་གྱི་དབུས་ན་རབ་འཇིགས་འགྱིང་། །བཀའ་སྡོད་ཕྱག་བརྙན་ཕོ་ཉ་ལས་མཁན་ཚོགས། །སྤྲུལ་པ་ཡང་སྤྲུལ་ལེགས་ལྡན་ནག་པོ་ལ། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་འདིས། །ལེགས་ལྡན་ནག་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །ལྷ་དམག་དུང་ཕྱུར་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། ཁྲག་འཐུང་ནག་པོ་ཆེན་པོ་སྟེ། །བདུད་འདུལ་བྱ་རོག་མཚན་ཅན་ལ། །བཀའ་སྡོད་མགོན་པོས་བསྐོར་བ་ནི། །མདུན་ན་ལྷ་ཆེན་བྱ་རོག་གདོང་། །ཆེ་བདག་འཇིགས་བྱེད་མུན་པའི་མདོག །ཁྲོས་པའི་སྐུ་ལ་དུག་སྦྲུལ་ཐོད་ཕྲེང་ཐོགས། །རྔམ་པའི་ཞལ་ནས་ཧ་ཧའི་སྒྲ་སྒྲོགས་པས། །ལྷར་བཅས་འཇིག་རྟེན་ཀུན་ཀྱང་གཡོ་ཞིང་ལྡེག །ཁྲོ་གཉེར་སྨིན་མ་གློག་ལྟར་ཕྱོགས་བཅུར་འཁྱུག །སྡང་མིག་
སྤྱན་གསུམ་གདུག་པའི་མེ་སྟག་འཕྲོ། །ལྗགས་འདྲིལ་སྨ་ར་སེར་པོ་མེ་ལྟར་འབར། །གནམ་ལྕགས་མཆུ་སྡེར་དགྲ་བགེགས་ཤ་ལ་རོལ། །ཁྱོད་ཀྱི་རལ་པ་དམར་སེར་གྱེན་འབར་བས། །སྟེང་གི་ལྷ་རྣམས་མ་ལུས་དབང་དུ་སྡུད། །ཐོད་སྐམ་རྡོ་རྗེ་བྱ་ཁྱུང་དབུ་ལ་བརྒྱན། །དར་ནག་ཅོད་པན་ནམ་མཁའི་དབྱིངས་སུ་འཕུར། །བར་སྣང་གནོད་སྦྱིན་ཕོ་མོ་ལས་ལ་འགྱེད། །ཕྱག་གཡས་གཤིན་རྗེའི་གྲི་གུག་འབར་བ་ཡིས། །དམ་ཉམས་སྙིང་འབྱིན་སྐྱེ་རྒྱུད་རྩད་ནས་གཅོད། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་འཛིན། །ལྷ་ཆེན་ཕོ་མོའི་སྙིང་ཁྲག་འཐུང་བར་བྱེད། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྟག་ལྤགས་རློན་པའི་ཤམ་ཐབས་སྐུ་ལ་གསོལ། །གཅན་གཟན་གདུག་པའི་ཚོགས་རྣམས་ཕོ་ཉར་འགྱེད། །གྲུ་གསུམ་མཐིང་ནག་འབར་བའི་གདན་སྟེང་དུ། །ཞབས་གཉིས་བརྐྱང་
བསྐུམ་དགྲ་བགེགས་གདན་ལ་བཞུགས། །ལྷ་ཆེན་འབུམ་གྱི་དམག་ཚོགས་དཔུང་དང་བཅས། །རང་འདྲ་ནག་པོ་སྟོང་གི་འཁོར་གྱིས་བསྐོར། །ཤ་ཟ་འབུམ་གྱི་ཚོགས་ནི་ཕོ་ཉར་འགྱེད། །ཁྲག་འཐུང་མ་མོ་བྱེ་བ་ལས་ལ་བསྐུལ། །བྱ་རོག་འུག་པ་འབུམ་ནི་ཀླད་ན་ལྡིང་། །ཁྲག་འཐུང་སྟག་གཟིག་འབུམ་ནི་ལོགས་ན་འགྱེད། །ཁྱོད་ནི་མདུན་གྱི་བཀའ་སྡོད་དེ། །ལྷ་ཆེན་བྱ་རོག་གདོང་གི་ཐུགས་དམ་བསྐང་། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །དར་གདུགས་ནག་པོ་རྒྱལ་མཚན་རྣམ་བཞི་དང་། །གཡག་ལུག་ནག་པོ་རྟ་ནག་བྱ་རྒོད་མདའ། །གྲི་རྒོད་སྙིང་དང་བརྟེན་པའི་དམ་རྫས་ཀྱིས། །ལྷ་ཆེན་བྱ་རོག་གདོང་གི༴ བཀའ་སྡོད་མགོན་པོའི༴ རྣལ་འབྱོར་དགྲ་ལྷའི༴ རིག་འཛིན་སྲུང་མའི༴ ལྷ་ཆེན་ཆད་པ་སྡང་བའི་དགྲ་ལ་བྷྱོ། །བཀའ་སྡོད་སྟོབས་ཀྱིས་
བདུད་འདུལ་བསྟན་པ་སྐྱོང་། །གཟི་བརྗིད་སྟོབས་ཀྱིས་དྲེགས་པ་ཟིལ་གྱིས་གནོན། །དཔའ་བརྟུལ་སྟོབས་ཀྱིས་སངས་རྒྱས་བསྟན་པ་སྲུང་། །ཕྲིན་ལས་སྟོབས་ཀྱིས་དགྲ་བགེགས་ཟིལ་གྱིས་གནོན། །རབ་འཇིགས་རྔམ་པའི་སྟོབས་ཀྱིས་ཤ་ཁྲག་ཞལ་དུ་གསོལ། །བཀའ་སྡོད་ཚོགས་བཅས་མགོན་པོའི་ཐུགས་དམ་བསྐང་། །ཧཱུྃ། གཡས་ན་བདུད་པོ་བྱ་རོག་གདོང་། །རྔམ་པའི་སྒྲ་སྒྲོགས་ཆར་སྤྲིན་ནག་པོའི་མདོག །ཁྲོས་པའི་སྐུ་ལ་དུག་སྦྲུལ་ཐོད་པས་བརྒྱན། །ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པས། །ལྷ་དང་བཅས་པའི་འཇིག་རྟེན་གཡོ་བར་བྱེད། །ཁྲོ་གཉེར་སྨིན་མ་གློག་ལྟར་འཁྱུགས། །སྤྱན་གསུམ་སྡང་མིག་གདུག་པའི་མེ་སྟག་འཕྲོ། །ལྗགས་འདྲིལ་ཨག་ཚོམ་མེ་ལྟར་འབར། །གནམ་ལྕགས་མཆུ་སྡེར་དགྲ་བགེགས་ཤ་ལ་རོལ། །རལ་པ་དམར་སེར་འབར་བས་བདུད་དཔུང་
འདུལ། །ཐོད་སྐམ་རྡོ་རྗེ་བྱ་ཁྱུང་དབུ་ལ་བརྒྱན། །དར་ནག་ཅོད་པན་རབ་ཏུ་འཕུར། །བར་སྣང་བདུད་རྣམས་ལས་ལ་འགྱེད། །ཕྱག་གཡས་འབར་བ་གྲི་གུག་ཕྱར། །དམ་ཉམས་དོན་སྙིང་ཚལ་པར་འགེམས། །གཡོན་པས་ཐོད་པ་ཁྲག་བཀང་འཛིན། །ལོག་འདྲེན་བདུད་ཀྱི་སྙིང་ཁྲག་འཐུང་། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྟག་ལྤགས་རློན་པའི་ཤམ་ཐབས་གསོལ། །གཅན་གཟན་གདུག་པ་ཕོ་ཉར་འགྱེད། །གྲུ་གསུམ་མཐིང་ནག་འབར་བའི་གདན་སྟེང་ན། །ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་གདན་ལ་བཞུགས། །རང་འདྲ་ནག་པོ་སྟོང་གི་འཁོར་གྱིས་བསྐོར། །ཤ་ཟ་འབུམ་དང་བཅས་པ་ཕོ་ཉར་འགྱེད། །མ་མོ་བྱེ་བའི་ཚོགས་ནི་ལས་ལ་བསྐུལ། །བྱ་རོག་འུག་པ་འབུམ་ནི་ཀླད་ན་ལྡིང་། །ཁྲག་འཐུང་སྟག་གཟིག་འབུམ་ནི་ཕྱོགས་བཅུར་འགྱེད། །སྲོག་བདག་ནག་པོ་འབུམ་
ནི་འཁོར་དུ་འདུས། །བདུད་པོ་ནག་པོས་དགྲ་བོའི་སྙིང་ཁྲག་འཐུང་། །གཡས་ཀྱི་བཀའ་སྡོད་ཡིན་པའི་ཕྱིར། །བདུད་པོ་བྱ་རོག་གདོང་གི༴ ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །གཡག་ལུག་རྟ་དང་བྱ་རོག་ཁྱི་ནག་དང་། །བྱ་རྒོད་མདའ་དང་གྲི་རྒོད་སྙིང་ཆེན་གྱིས། །བདུད་པོ་བྱ་རོག་གདོང་གི༴ བདུད་པོའི་དམག་ཚོགས་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། གཡོན་ན་སྲོག་བདག་བྱ་རོག་གདོང་། །ལོག་འདྲེན་སྲོག་ལ་དབང་བྱེད་དུ་བའི་མདོག །ཁྲོས་པའི་སྐུ་ལ་དུག་སྦྲུལ་ཐོད་པས་བརྒྱན། །རྔམ་པའི་ཞལ་ནས་ཕཊ་ཕཊ་སྒྲ་སྒྲོགས་པས། །ལྷ་དང་བཅས་པའི་འཇིག་རྟེན་སྔངས་པར་བྱེད། །ཁྲོ་གཉེར་སྨིན་མ་གློག་སྟོང་འཁྱུག་པ་འདྲ། །སྡང་མིག་སྤྱན་གསུམ་གདུག་པའི་མེ་སྟག་འཕྲོ། །ལྗགས་འདྲིལ་ཨག་ཚོམ་དམར་སེར་མེ་ལྟར་འབར། །གནམ་
ལྕགས་མཆུ་སྡེར་སྡང་བའི་དགྲ་ལ་རོལ། །རལ་པ་དམར་སེར་འབར་བས་བགེགས་དཔུང་འདུལ། །ཐོད་སྐམ་རྡོ་རྗེ་བྱ་ཁྱུང་དབུ་ལ་བརྒྱན། །དར་ནག་ཅོད་པན་རབ་ཏུ་འཕུར། །བར་སྣང་སྲོག་བདག་ལས་ལ་འགྱེད། །ཕྱག་གཡས་འབར་བའི་གྲི་གུག་ཕྱར། །དམ་ཉམས་དོན་སྙིང་ཚལ་པར་འགེམས། །གཡོན་པས་བྷནྡྷ་ཁྲག་བཀང་འཛིན། །སྲོག་བདག་ནག་པོ་དགྲ་བོའི་སྙིང་ཁྲག་འཐུང་། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྟག་ལྤགས་རློན་པའི་ཤམ་ཐབས་ཅན། །གཅན་གཟན་གདུག་པ་ཕོ་ཉར་འགྱེད། །གྲུ་གསུམ་མཐིང་ནག་གདན་སྟེང་ན། །ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་གདན་ལ་བཞུགས། །རང་འདྲ་ནག་པོ་སྟོང་གིས་བསྐོར། །ཤ་ཟ་འབུམ་ནི་ཕོ་ཉར་འགྱེད། །མ་མོ་བྱེ་བ་ལས་ལ་བསྐུལ། །ཤ་ཟ་བྱ་གླག་འབུམ་ནི་ཀླད་ན་ལྡིང་། །ཁྲག་འཐུང་སྟག་གཟིག་དོམ་དྲེད་
འབུམ་ནི་ལོགས་ན་འགྱེད། །གཡོན་གྱི་བཀའ་སྡོད་ཡིན་པའི་ཕྱིར། །སྲོག་བདག་བྱ་རོག་གདོང་གི་ཐུགས་དམ་བསྐང་བ་ནི། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །གཡག་ལུག་རྟ་དང་བྱ་ནག་ཁྱི་ནག་དང་། །བྱ་རྒོད་མདའ་དང་གྲི་རྒོད་སྙིང་ཆེན་གྱིས། །བཀའ་སྡོད་མགོན་པོའི༴ བཀའ་སྡོད་སྟོབས་ཀྱིས་བདུད་འདུལ་བསྟན་པ་སྐྱོང་། །གཟི་བརྗིད་སྟོབས་ཀྱིས་དྲེགས་པ་ཟིལ་གྱིས་གནོན། །དཔའ་བརྟུལ་སྟོབས་ཀྱིས་སངས་རྒྱས་བསྟན་པ་སྲུང་། །མྱུར་མགྱོགས་སྟོབས་ཀྱིས་དགྲ་བགེགས་རྩད་ནས་གཅོད། །རྔམ་པའི་སྟོབས་ཀྱིས་ཤ་ཁྲག་ཞལ་དུ་གསོལ། །སྲོག་བདག་མགོན་པོའི་ཐུགས་དམ་བསྐང་བ་ནི། །སྡང་བའི་དགྲ་བགེགས་བདུན་རྒྱུད་བཅད་པ་ཡི། །དོན་སྙིང་སྲོག་དབུགས་རྣམས་ཀྱིས་ཐུགས་དམ་བསྐང་། །ཧཱུྃ། བཀའ་སྡོད་སྦས་
པའི་མགོན་པོ་ནི། །རྒྱབ་ཀྱི་གནོད་སྦྱིན་བྱ་རོག་གདོང་། །སྡོམ་བྱེད་མི་སྲུན་ལྗང་ནག་འཁྱིལ་པའི་མདོག །ཁྲོས་པའི་སྐུ་ལ་དུག་སྦྲུལ་ཐོད་པས་བརྒྱན། །རྔམ་པའི་ཞལ་ནས་ཛ་ཛའི་སྒྲ་སྒྲོགས་པས། །བར་སྣང་གནོད་སྦྱིན་གདོན་ཚོགས་འཁྲུག་ཅིང་འདུལ། །ཁྲོ་གཉེར་སྨིན་མ་གློག་ལྟར་རབ་ཏུ་འཁྱུགས། །སྤྱན་གསུམ་སྡང་མིག་གདུག་པའི་མེ་འོད་འཕྲོ། །ལྗགས་འདྲིལ་ཨག་ཚོམ་མེ་ལྟར་འབར། །གནམ་ལྕགས་མཆུ་སྡེར་དགྲ་བགེགས་ཤ་ལ་རོལ། །རལ་པ་དམར་སེར་འབར་བས་བགེགས་དཔུང་འཇོམས། །ཐོད་པ་རྡོ་རྗེ་བྱ་ཁྱུང་དབུ་ལ་བརྒྱན། །དར་ནག་ཅོད་པན་འབར་བ་རླུང་གིས་བསྐྱོད། །བར་སྣང་གནོད་སྦྱིན་མང་པོ་ལས་ལ་འགྱེད། །ཕྱག་གཡས་གྲི་གུག་འབར་བ་དགྲ་ལ་ཕྱར། །གནོད་བྱེད་འབྱུང་པོའི་སྲོག་རྩ་གཅོད། །གཡོན་པས་ཐོད་པ་ཁྲག་བསྐང་བསྣམས། །དམ་ཉམས་སྙིང་
ཁྲག་ཞལ་དུ་གསོལ། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྟག་ལྤགས་རློན་པའི་ཤམ་ཐབས་གསོལ། །གྲུ་གསུམ་མཐིང་ནག་གདན་སྟེང་ན། །ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་གདན་ལ་བཞུགས། །གནོད་སྦྱིན་ནག་པོ་སྟོང་གིས་བསྐོར། །ཤ་ཟ་འབུམ་ནི་ཕོ་ཉར་འགྱེད། །མ་མོ་བྱེ་བ་ལས་ལ་བསྐུལ། །ཤ་ཟ་བྱ་ཁྲ་འབུམ་ནི་ཀླད་ན་ལྡིང་། །ཁྲག་འཐུང་ཁྱི་ནག་འབུམ་ནི་ཕྱི་ན་འགྲོལ། །བཀའ་སྡོད་སྟོབས་ཀྱིས་བདུད་འདུལ་དམ་ཅན་སྐྱོང་། །གཟི་བརྗིད་སྟོབས་ཀྱིས་དྲེགས་པ་ཟིལ་གྱིས་གནོན། །དཔའ་བརྟུལ་སྟོབས་ཀྱིས་སངས་རྒྱས་བསྟན་པ་སྲུང་། །བཀའ་སྡོད་སྦས་པའི་མགོན་པོ་ཡི། །ཐུགས་དམ་གཉན་པོ་བསྐང་བ་ནི། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །མཾ་ས་ཙིཏྟ་བྱ་རྒོད་མདའ་ཡིས་ཐུགས་དམ་བསྐང་། །ནག་པོའི་
དམག་ཚོགས་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། ལས་ཀྱི་ཡུམ་ཆེན་མི་བཟད་མ། །གསོད་བྱེད་རྩ་འཇིབ་ལས་ཀྱི་མཁའ་འགྲོ་མ། །ནག་མོ་རབ་འཇིགས་མུན་པའི་མདོག །ཁྲག་ཞག་རུས་པས་སྐུ་ལ་བརྒྱན། །སྤྱན་གསུམ་སྐྲ་གྲོལ་མཆེ་བ་གཙིགས། །ཁྲག་གི་དྲི་ཚོར་རྐན་རྡེབ་མ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །རང་འདྲ་མཁའ་འགྲོ་བདུན་གྱིས་བསྐོར། །མ་མོ་འབུམ་གྱི་ཚོགས་དང་བཅས། །བཀའ་སྡོད་ལས་ཀྱི་མགོན་པོ་ཡིས། །སྦྱོར་དང་སྒྲོལ་བའི་ཡུམ་ཡིན་ཕྱིར། །གསོད་བྱེད་མཁའ་འགྲོ་བརྒྱད་ཀྱི༴ ཡང་འཁོར་མ་མོ་འབུམ་གྱི༴ ཤ་ཁྲག་དམར་གྱི་གཏོར་མས་ཐུགས་དམ་བསྐང་། །ཧཱུྃ། ཁྲག་འཐུང་བྱ་རོག་མཚན་ཅན་གྱི། །ཕྱག་བརྙན་ནག་པོ་མ་རུངས་པ། །རབ་འཇིགས་ཤ་ཟ་སེང་གེའི་གདོང་། །རབ་གཏུམ་ཁྲོས་པ་མུན་པའི་མདོག །གཟུགས་ཆེ་ཡན་ལག་རགས་པ་སྟེ། །ཁྲག་ཞག་
ཐིག་ལེས་ལུས་བྱུག་ཅིང་། །དུག་སྦྲུལ་ཐོད་རློན་དོ་ཤལ་ཅན། །ཞལ་གདངས་ལྗགས་འདྲིལ་རྔམ་པའི་གད་རྒྱངས་སྒྲོགས། །སྤྱན་གསུམ་སྡང་མིག་གདུག་པའི་མེ་སྟག་འཕྲོ། །རལ་པ་ཁམ་ནག་སྤྲུག་པའི་སྐྲ་གསེབ་ནས། །དགྲ་བགེགས་ཕུང་བྱེད་གནམ་ལྕག་ཐོག་སེར་འབེབས། །ལྕགས་ཀྱི་སྨ་ར་གདུག་པའི་ཚྭ་ཚྭ་འཕྲོ། །རྣོ་ལ་འཁྱོག་པའི་མཆེ་བས་དགྲ་སྙིང་འདྲེན། །དགྲ་བགེགས་ཤ་ཁྲག་བརྟོད་ཅིང་ཤ་ཟ་ཞིང་སྐྱོང་གི། །སྤྲུལ་པས་དམ་ཉམས་སྔངས་ཤིང་སྒྲོལ་བར་བྱེད། །གཡས་པས་འབར་བའི་གྲི་གུག་ཕྱར། །སྡིག་ཅན་དགྲ་བོ་རྩད་ནས་གཅོད། །གསོད་བྱེད་རྔམ་པའི་ཆ་ལུགས་ཅན། །གཡོན་པས་ཐོད་པ་ཁྲག་རྐང་འཐུང་། །ཤ་ཟ་ནག་པོ་དམ་ཉམས་སྲོག་ལ་བརྩོན། །སྟག་གི་ལྤགས་པའི་ཤམ་ཐབས་ལ། །དུག་སྦྲུལ་གདུག་པའི་སྐ་རག་ཅན། །གཅན་གཟན་གདུག་པའི་
འཁོར་ཚོགས་ཀྱིས། །དགྲ་བགེགས་འགུགས་བྱེད་ཁྲག་འཐུང་ང་རོ་འབྱིན། །འཇིགས་རུང་མེ་དཔུང་དམར་ནག་འཁྲུགས་པའི་ཀློང་། །པད་ཉིའི་གདན་ལ་བརྐྱང་བསྐུམ་དགྲ་བགེགས་གནོན། །ཚངས་རིགས་མགོན་པོ་འབུམ་གྱི་འཁོར་གྱིས་བསྐོར། །བསྟན་པའི་བཀའ་སྲུང་སྤྲུལ་པ་སྣ་ཚོགས་འགྱེད། །ཁྱོད་ནི་ཤ་ཟ་འབུམ་གྱི་ཚོགས་དང་བཅས། །སྨྱོ་བྱེད་འབུམ་གྱིས་བརྒྱལ་ནད་སྨྱོ་འབོག་གཏོང་། །འཇིག་རྟེན་མཁའ་འགྲོ་འབུམ་གྱིས་ཁྲག་ནད་གཏོང་། །སྟག་གཟིག་གཅན་གཟན་འབུམ་ནི་ཕྱི་ན་འགྲོལ། །བདུད་ཁྱི་བྱ་ནག་འབུམ་ནི་ཀླད་ན་ལྡིང་། །བདུད་ཁྱི་ནག་པོ་འབུམ་ནི་ལོགས་ན་ཟུག །ཚུབ་ནག་འོད་དཔུང་ཝ་སྤྲེལ་དོམ་དྲེད་དང་། །ཆོ་འཕྲུལ་མ་ངེས་སྣ་ཚོགས་སྨྱོ་འབོག་འགྱེད། །ཁྱོད་ཀྱི་སྤྲུལ་པས་བར་སྣང་ཡོངས་ལ་ཁྱབ། །ཤན་པ་མི་ནག་མོན་པ་ནག་པོའི་ཚོགས། །ལ་ལས་སྤུ་གྲིས་
དགྲ་ཡི་གློ་སྙིང་འབྱིན། །ལྕགས་སྤྱང་ལྕེ་སྤྱང་དོམ་དྲེད་ཚོགས་རྣམས་ཀྱིས། །དགྲ་ཡི་བླ་གནས་མྱུར་དུ་འགུགས་པར་བྱེད། །བྱ་རོག་སྲིན་བྱ་འུག་པ་ལ་སོགས་ཀྱིས། །དགྲ་བོ་ཉམས་པ་ལྷ་དང་ཕྲལ་བར་བྱེད། །སྲིན་པོ་འཇིགས་བྱེད་དུས་མཚན་ཨ་ཙ་རས། །ལྟས་ངན་སྨྱོ་འབོགས་ཆོ་འཕྲུལ་སྣ་ཚོགས་གཏོང་། །དམན་མོ་འཇིག་རྟེན་མཁའ་འགྲོ་ཐམས་ཅད་དང་། །དུར་ཁྲོད་བརྒྱད་ཀྱི་མགོ་བརྙན་ཅན་སོགས་ཀྱིས། །དགྲ་བགེགས་ཤ་ཁྲག་ཞལ་དུ་སྟོབ་པར་བྱེད། །ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། །ཕྱག་བརྙན་མྱུར་མགྱོགས་ཆེན་པོ་སྟེ། །ཕྱག་བརྙན་མྱུར་མགྱོགས་མགོན་པོའི་ཐུགས་དམ་བསྐང་། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །དར་གདུགས་ནག་པོ་རྒྱལ་མཚན་རྣམ་བཞི་དང་། །གཡག་ལུག་ནག་པོ་རྟ་ནག་དང་། །བྱ་རྒོད་མདའ་
དང་གྲི་རྒོད་སྙིང་ཆེན་གྱིས། །ཕྱག་བརྙན་སེང་གདོང་ནག་པོའི་ཐུགས་དམ་བསྐང་། །བསྟན་སྲུང་དྲེགས་པ་ཅན་གྱི༴ ལས་མཁན་མྱུར་མགྱོགས་ཅན་གྱི༴ བསྟན་སྲུང་འཁོར་དང་བཅས་པའི༴ སྨྱོ་འབོག་ཆོ་འཕྲུལ་སྡང་བའི་དགྲ་ལ་བསྒྱུར། །ཧཱུྃ། ཕྱག་བརྙན་ཤ་ཟ་ནག་པོ་ཡི། །ལྕམ་གཅིག་དུར་ཁྲོད་མ་མོའི་གཙོ། །རབ་གཏུམ་ཁྲོ་མོ་སྟག་གདོང་མ། །རྔམ་པའི་ཚུལ་ཅན་གད་མོ་སྒྲོགས། །དམར་མོ་ཁྲག་མདོག་མི་ལྤགས་གཡང་བཞི་གྱོན། །དུར་ཁྲོད་རོལ་པའི་རྒྱན་གྱིས་རབ་ཏུ་མཛེས། །སྤྱན་གསུམ་ཆགས་བཅས་གཙོ་ལ་གཟིགས་མཛད་མ། །ཕྱག་གཡས་རལ་གྲི་དང་ནི་ཏྲི་ཤུ་ལ། །ཕྱག་གཡོན་ཐོད་ཁྲག་དང་ནི་ཞགས་པ་བསྣམས། །རོ་ཡི་གདན་ལ་གར་སྟབས་ཚུལ་གྱིས་བཞུགས། །མཁའ་འགྲོ་དྲུག་ཅུའི་འཁོར་གྱིས་ཡོངས་བསྐོར་བའི། །ཁྱོད་ནི་མགོན་པོའི་སྲིང་གཅིག་ཡིན་པའི་ཕྱིར། །རབ་
གཏུམ་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །ཚོགས་དང་གཏོར་མ་མཐུན་པའི་ཕྱིར། །ཕྱི་ནང་གསང་བའི་མཆོད་པ་དང་། །འདོད་པའི་དམ་རྫས་ལོངས་སྤྱོད་ཀྱིས། །ལྕམ་གཅིག་རབ་གཏུམ་མ་ཡི་ཐུགས་དམ་བསྐང་། །འཁོར་བཅས་ཁྱོད་ཀྱི༴ ཤ་ཟ་འཁོར་བཅས་སྡང་བའི་དགྲ་ལ་ཡ། །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ནང་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ནི། །བྷྱོ། ཤར་ཕྱོགས་མ་མོ་བྱ་རྒོད་གདོང་། །རབ་གཏུམ་ཁྲོ་མོ་འཇིགས་པའི་གཟུགས། །སྐུ་ལ་ཐོད་རློན་རུས་པས་བརྒྱན། །ཕྱག་ན་གྲི་གུག་ཐོད་པ་བསྣམས། །རོ་ཡི་གདན་ལ་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །མ་མོ་བྱ་རྒོད་གདོང་གི་ཐུགས་དམ་བསྐང་། །བྷྱོ། བྱང་ཕྱོགས་མ་མོ་ཁྱུང་གི་གདོང་། །རབ་གཏུམ་བཞད་པའི་གད་རྒྱངས་ཅན། །གྲི་གུག་ཐོད་ཁྲག་ཕྱག་
ན་བསྣམས། །ཐོད་ཕྲེང་དོ་ཤལ་རུས་པས་བརྒྱན། །རོ་ཡི་གདན་ལ་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །མ་མོ་ཁྱུང་གདོང་མ་ཡི༴ བྷྱོ། ནུབ་ཕྱོགས་མ་མོ་ཁྭ་གདོང་མ། །གདུག་པའི་གད་རྒྱངས་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །ཐོད་ཕྲེང་རུས་པའི་རྒྱན་གྱིས་མཛེས། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །རོ་ཡི་གདན་ལ་བརྐྱང་བསྐུམ་གར་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །ཁྭ་གདོང་མ་ཡི་ཐུགས་དམ་བསྐང་། །བྷྱོ། ལྷོ་ཕྱོགས་མ་མོ་འུག་གདོང་མ། །དབང་སྡུད་ཧཱུྃ་གི་སྒྲ་སྒྲོགས་ཤིང་། །ཐོད་ཕྲེང་རུས་པས་སྐུ་ལ་བརྒྱན། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །རོ་ཡི་གདན་ལ་བསྐྱང་བསྐུམ་གར་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །འུག་གདོང་མ་ཡི༴ བྷྱོ། ཤར་ལྷོ་མཚམས་ཀྱི་མ་མོ་ནི། །མི་བཟད་ལྷ་མོ་ཁྱི་གདོང་མ། །བྷྱོ་ཡི་ང་རོས་སྒྲ་སྒྲོགས་ཤིང་། །སྐུ་ལ་
ཐོད་ཕྲེང་རུས་པས་བརྒྱན། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །རོ་ཡི་གདན་ལ་བརྐྱང་བསྐུམ་གར་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །ཁྱི་གདོང་མ་ཡི༴ བྷྱོ། ལྷོ་ནུབ་མཚམས་ཀྱི་ལྷ་མོ་ནི། །རྟོག་འཇོམས་ལྷ་མོ་ཕག་གདོང་མ། །ཧ་ཧ་ཞེས་སྒྲོགས་འཇིགས་པར་བྱེད། །ཐོད་ཕྲེང་རུས་པས་སྐུ་ལ་བརྒྱན། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །རོ་ཡི་གདན་ལ་བརྐྱང་བསྐུམ་གར་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །ཕག་གདོང་མ་ཡི༴ ཧཱུྃ། ནུབ་བྱང་མཚམས་ཀྱི་ལྷ་མོ་ནི། །ཤ་ཁྲག་ཟ་བྱེད་སྤྱང་གདོང་མ། །ཧུ་ལུ་ཞེས་བྱའི་སྒྲ་སྒྲོགས་མ། །སྐུ་ལ་ཐོད་ཕྲེང་རུས་པས་བརྒྱན། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །རོ་ཡི་གདན་ལ་བརྐྱང་བསྐུམ་གར་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །སྤྱང་གདོང་མ་ཡི༴ བྷྱོ། བྱང་ཤར་མཚམས་ཀྱི་ལྷ་མོ་ནི། །
རབ་གཏུམ་མཁའ་འགྲོ་སྟག་གདོང་མ། །རུ་ལུའི་སྒྲ་སྒྲོགས་ལྷ་མོ་ནི། །སྐུ་ལ་ཐོད་ཕྲེང་རུས་པས་བརྒྱན། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །རོ་ཡི་གདན་ལ་བསྐྱང་བསྐུམ་གར་གྱིས་བཞུགས། །རང་འདྲ་མ་མོ་བྱེ་བས་བསྐོར། །སྟག་གདོང་མ་ཡི༴ ཕྱོགས་མཚམས་དབང་དུ་སྡུད་པའི་ཕྱིར། །ནང་འཁོར་ལྷ་མོ་བརྒྱད་ཀྱི༴ སྣ་ཚོགས་མཆོད་པ་དམར་གྱི་གཏོར་མ་དང་། །ཤ་སྣ་ཁྲག་སྣ་སྙིང་སྣ་ཡིས། །ཕྱོགས་མཚམས་ལྷ་མོ་བརྒྱད་ཀྱི༴ ཕྱོགས་རྣམས་མ་ལུས་དབང་དུ་སྡུད་པའི་ཕྱིར། །མཁའ་འགྲོ་བརྒྱད་ཀྱིས་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ལས་མཛད་མཁའ་འགྲོ་དྲུག་གིས་བསྐོར་བ་ནི། །བར་ཆད་འབྱུང་པོའི་ཚོགས་རྣམས་འདུལ་བ་དང་། །དགྲ་བགེགས་སྲོག་ལ་དབང་བྱེད་མཁའ་འགྲོ་མ། །འཇིག་རྟེན་འདས་དང་མ་འདས་མཁའ་མགྲོ་དྲུག །སྐུ་
མདོག་ནག་མོ་མུན་པའི་མདོག །སྤྱན་གསུམ་སྐྲ་གྲོལ་གཅེར་བུ་སྟེ། །ཐལ་ཆེན་རཀྟས་ལུས་བྱུག་ཅིང་། །རུས་རྒྱན་ཐོད་ཕྲེང་དོ་ཤལ་འཕྱང་། །ཕྱག་གཡས་སྲོག་གི་སྤུ་གྲི་དང་། །གདུག་པའི་མཚོན་ཆ་གྲི་གུག་བསྣམས། །གཡོན་ན་ཁྲག་གི་ཐོད་པ་འཛིན། །ཞལ་དུ་གསོལ་ཞིང་དགྲ་ལ་འཐོར། །ངན་སྔགས་གདུག་པའི་སྔགས་སྒྲ་ཏི་རི་རི། །འཇིགས་པའི་གར་སྟབས་ཤམས་སེ་ཤམ། །རང་འདྲ་མ་མོ་བྱེ་བས་བསྐོར། །བླ་འཕྲོག་བརྡ་ཡི་བཤུག་པ་ཤ་ར་ར། །ཡིད་འཕྲོག་སྙན་པའི་གླུ་ལེན་ཀྱུ་རུ་རུ། །བྱ་ནག་གདུག་པའི་ང་རོ་ཏི་རི་རི། །བར་ཆད་འབྱུང་པོའི་ཚོགས་རྣམས་འདུལ་བ་དང་། །དམ་ཉམས་དགྲ་བགེགས་མྱུར་དུ་བསྒྲལ་བའི་ཕྱིར། །ལས་མཁན་མཁའ་འགྲོ་དྲུག་གི༴ ཤ་ཁྲག་དམར་གྱི་གཏོར་མ་སྙིང་སྣ་དང་། །ཤ་སྣ་ལ་སོགས་དམ་རྫས་གཏོར་མ་ཡིས། །ལས་མཛད་མཁའ་འགྲོ་
དྲུག་གི༴ མཁའ་འགྲོའི་ནད་ཡམས་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། ཁྲག་འཐུང་བྱ་རོག་མཚན་ཅན་གྱི། །ཕྲིན་ལས་སྐུ་ཡི་འཁོར་ཚོགས་ནི། །མགོན་པོ་སྟོང་གི་འཁོར་གྱིས་བསྐོར། །བསྟན་སྲུང་རབ་འཇིགས་དཔའ་བརྟུལ་རྔམ་སྟབས་ཅན། །ཕྲིན་ལས་སྐུ་མདོག་མ་ངེས་ཏེ། །དཀར་སེར་ལྗང་ནག་མཐིང་ཀ་མུན་པའི་མདོག །ལ་ལ་སྔོ་སྐྱ་སེར་ནག་དུ་བའི་མདོག །ལ་ལ་དམར་ནག་ཁྲག་མདོག་སྨུག་ནག་པ། །ལ་ལ་ལྗང་ནག་ཨུཏྤལ་ལྟ་བུའི་མདོག །སྔོ་ནག་ཆར་སྤྲིན་མདོག་དང་དམར་ནག་བསེ་ཡི་མདོག །སྣ་ཚོགས་མ་ངེས་མགོན་པོའི་ཐུགས༴ བཅུ་དྲུག་རོལ་པའི་ཕྱག་ནི་སྣ་ཚོགས་ལ། །མི་བཟད་གདུག་པའི་མཚོན་ཆ་ཆ་ལ་ལ་། །ལྗགས་འདྲིལ་ཁྲོ་གཉེར་རབ་སྡུད་པས། །ཚངས་པ་ལ་སོགས་ལྷ་ཆེན་བརྒྱལ་བར་བྱེད། །ལྷ་དབང་ཟིལ་གནོན་མགོན་པོའི༴ ལ་ལ་ཞལ་བཞི་ཕྱག་བརྒྱད་དེ། །
ཞལ་བཞི་བཞད་པའི་གད་རྒྱངས་ཧ་ཧ་སྒྲོགས། །རབ་འཇིགས་རོལ་པའི་ཕྱག་བརྒྱད་བརྡེག་པའི་མཚོན་ཆ་ནི། །སྣ་ཚོགས་ཐོད་རློན་ཁྲག་འཛག་ཐོད་ཁྲག་བསྣམས། །རབ་འཇིགས་གར་གྱི་ལྷ་མིན་དབང་པོ་བརྒྱལ། །ལྷ་མིན་ཟིལ་གནོན་མགོན་པོའི༴ ལ་ལ་ཞལ་གསུམ་ཕྱག་དྲུག་སྟེ། །རྔམ་པའི་ཞལ་ནས་ཧཱུྃ་གི་འབྲུག་སྒྲ་སྒྲོགས། །ཕྱག་དྲུག་རབ་འཇིགས་མཚོན་ཆ་གློག་ལྟར་འཁྱུག །ཁྲོ་གཉེར་ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་ཡིས། །བར་སྣང་གནོད་སྦྱིན་དབང་པོ་བརྒྱལ་བར་བྱེད། །གནོད་སྦྱིན་ཟིལ་གནོན་མགོན་པོའི༴ ལ་ལ་ཞལ་གཅིག་ཕྱག་གཉིས་གཏུམ་པའི་གཟུགས། །ཞལ་ནས་ཕཊ་ཀྱི་ང་རོ་འབྲུག་ལྟར་སྒྲོགས། །ཕྱག་གཉིས་མཚོན་ཆ་མི་བཟད་སྣ་ཚོགས་བསྣམས། །མི་བཟད་ལྗགས་འདྲིལ་མཆེ་བ་རབ་གཙིགས་པས། །ས་འོག་ཀླུ་རྣམས་དབང་པོ་བརྒྱལ་བར་བྱེད། །ཀླུ་
རྣམས་ཟིལ་གནོན་མགོན་པོའི༴ སངས་རྒྱས་བཀའ་ཡི་བསྟན་སྲུང་མགོན་པོའི་ཚོགས། །ཆ་ལུགས་གཅིག་ཏུ་མ་ངེས་ཏེ། །ལ་ལ་རིན་ཆེན་དུར་ཁྲོད་རྒྱན་གྱིས་མཛེས། །ལ་ལ་ཐོད་ཕྲེང་སྦྲུལ་དང་ཐལ་བས་བརྒྱན། །ལ་ལ་ཁྲག་ཞག་ཐིག་ལེ་གཡང་གཞིས་བརྒྱན། །ལ་ལས་གླང་ཆེན་ཀོ་རློན་སྟག་ལྤགས་སྐུ་ལ་གསོལ། །ལ་ལ་རྒྱུ་མ་རུས་པའི་རྒྱན་གྱིས་བརྒྱན། །ཕྲིན་ལས་སྣ་ཚོགས་སྒྲུབ་བྱེད༴ ལ་ལས་ཞིང་ཆེན་ན་བཟའ་དང་། །ལ་ལས་ནམ་མཁའི་ན་བཟའ་དང་། །ལ་ལ་དར་ནག་འཇོལ་བེར་ཅན། །ལ་ལས་གསེར་ཁྲབ་སྐུ་ལ་གསོལ། །སྣ་ཚོགས་རབ་འཇིགས་མགོན་པོའི༴ ཕྱག་མཚན་གཅིག་ཏུ་མ་ངེས་སྣ་ཚོགས་ཏེ། །རྔ་དང་ཅང་ཏེའུ་གྷཱུ་ཏེ་དྲིལ་ཆེན་དང་། །ལ་ལས་མྱོས་བྱེད་རོལ་ཆ་སྣ་ཚོགས་བསྣམས། །ལ་ལས་འགུགས་བྱེད་ལྕགས་ཀྱུ་ཞགས་པ་བསྣམས། །ལ་ལས་སྡོམ་བྱེད་ལྕགས་
སྒྲོག་དྲིལ་ཆེན་བསྣམས། །ལ་ལས་གྲི་གུག་རལ་གྲི་འཁོར་ལོ་བསྣམས། །ལ་ལས་རྡོ་རྗེ་མདུང་དང་ཐོ་བ་བསྣམས། །ལ་ལས་རྒྱ་གྲམ་ཕུར་བུ་གཏུན་ཤིང་བསྣམས། །ལ་ལས་རྡོ་རྗེའི་བྲག་ཆེན་བེང་དབྱུག་བསྣམས། །ལ་ལས་འབིག་བྱེད་མདའ་གཞུ་ལག་ཏུ་འགེངས། །ལ་ལས་ཐོད་ཁྲག་དགྲ་བགེགས་སྙིང་ཁྲག་གསོལ། །ལ་ལས་མེ་དཔུང་འབར་བ་ཕྱག་ན་བསྣམས། །ཞེ་སྡང་འཇོམས་མཛད་མགོན་པོའི་ཐུགས་དམ་བསྐང་། །རྣམ་འཕྲུལ་གཅིག་ཏུ་མ་ངེས་སྣ་ཚོགས་ཏེ། །ལ་ལ་རྫུ་འཕྲུལ་སྟོབས་དང་ལྡན། །ལ་ལས་འབྱུང་བའི་རྟ་ལ་བཅིབས། །ལ་ལས་གླང་ཆེན་འགྱིང་བ་བཅིབས། །ང་རྒྱལ་འཇོམས་མཛད་མགོན་པོའི་ཐུགས་དམ་བསྐང་། །ལྷ་ཡི་དེད་དཔོན་མགོན་པོའི་ཐུགས་དམ་བསྐང་། །ལ་ལས་སྟག་དང་སེང་གེ་བཅིབས། །ལ་ལས་སྤྱང་ཀི་འཕར་བ་བཅིབས། །ཕྲག་
དོག་འཇོམས་མཛད་མགོན་པོའི་ཐུགས་དམ་བསྐང་། །ལ་ལས་དོམ་དང་དྲེད་མོང་བཅིབས། །ལ་ལས་གླང་ཆེན་ཕག་རྒོད་བཅིབས། །གཏི་མུག་འཇོམས་མཛད་མགོན་པོའི༴ ལ་ལས་རྒོད་དང་བྱ་གླག་བཅིབས། །ལ་ལས་གདུག་པའི་བྱ་ཁྲ་བཅིབས། །ལ་ལས་བྱ་རོག་སོག་བྱ་འུག་པ་བཅིབས། །འདོད་ཆགས་འཇོམས་མཛད་མགོན་པོའི༴ འཇིག་རྟེན་དབང་བྱེད་མགོན་པོའི༴ གཟི་བརྗིད་དཔུང་གིས་བདུད་ཚོགས་ཟིལ་གྱིས་གནོན། །སྣ་ཚོགས་རྫུ་འཕྲུལ་ཕྲིན་ལས་ཐབས་ཀྱི་གཙོ། །བསྟན་པའི་བཀའ་སྲུང་རྣལ་འབྱོར་དམ་ཅན་སྐྱོང་། །སྐུ་ཡི་འཁོར་ཚོགས་མགོན་པོའི༴ ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །རཀྟ་དམར་དང་བདུད་རྩི་སྨན་རྣམས་ཀྱིས། །སྐུ་འཁོར་ནག་པོ་སྟོང་གི་ཐུགས་དམ་བསྐང་། །ནག་པོའི་དམག་ཚོགས་སྡང་བའི་
དགྲ་ལ་བསྒྱུར། །ཧཱུྃ། ཁྲག་འཐུང་བྱ་རོག་མཚན་ཅན་ལ། །གསུང་འཁོར་ཤ་ཟ་འབུམ་གྱིས་བསྐོར་བ་ནི། །སངས་རྒྱས་བསྟན་པ་སྲུང་བྱེད་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་། །ཁྲག་འཐུང་ཕྲིན་ལས་སྒྲུབ་བྱེད་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་། །ཁམས་གསུམ་དབང་སྡུད་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་། །དམ་ཅན་ཕྲིན་ལས་སྒྲུབ་བྱེད་ཤ་ཟ་འབུམ་གྱི༴ དམ་ཉམས་སྲོག་གཅོད་ཤ་ཟ་འབུམ་གྱི༴ ཤ་ཁྲག་ཞལ་དུ་སྟོབ་བྱེད་ཤ་ཟ་འབུམ་གྱི༴ ཉམས་པའི་སྲོག་ལ་དབང་བྱེད་ཤ་ཟ་འབུམ་གྱི༴ དགྲ་བོའི་སྐྱེ་རྒྱུད་གཅོད་བྱེད་ཤ་ཟ་འབུམ༴ སྨྱོ་འབོགས་གཏོང་བྱེད་ཤ་ཟ་འབུམ་གྱི༴ ལྟས་ངན་ཆོ་འཕྲུལ་གཏོང་བྱེད་ཤ་ཟ་འབུམ་གྱི༴ ཁྱོད་ནི་སྣ་ཚོགས་རྫུ་འཕྲུལ་སྟོབས་དང་ལྡན། །ཞལ་གདངས་རྔམ་པའི་གད་རྒྱངས་སྣ་ཚོགས་སྒྲོགས། །གདུག་པའི་སྤྱན་ནི་ཁྲག་མདོག་རབ་ཏུ་དམར། །མི་
བཟད་སྡུག་པའི་འོད་ཀྱིས་དམ་ཉམས་སྲེག །ཤ་ཁྲག་དྲི་ཚོར་རྐན་རྡེབ་མཆེ་བ་གཙིགས། །ལ་ལ་ཐལ་ཆེན་རཀྟས་ལུས་བྱུག་ཅིང་། །ལྗགས་འདྲིལ་ཁ་གདང་ཟ་བྱེད་འཇིགས་པ་མོ། །ཞལ་ནས་ཧ་ཧའི་སྒྲ་སྒྲོགས་མ་མོའི་ཚོགས་བཅས་རྣམས། །ཤ་ཁྲག་ཐིག་ལེས་ལུས་བྱུག་འཇིགས་པར་བྱེད། །ལ་ལས་འཇིགས་པའི་གར་བསྒྱུར་རྒྱུ་མས་སྦྲེལ་བ་ཡི། །མི་མགོའི་ཕྲེང་བས་ལུས་བརྒྱན་ཅིང་། །ལ་ལས་མཁའ་འགྲོའི་གར་བསྒྱུར་ཅིང་། །མི་ཡི་གཡང་གཞི་གོས་སུ་གྱོན། །ལ་ལ་གཅེར་བུ་རྔམ་པའི་གཟུགས། །ལ་ལ་རྒྱུ་མའི་གདུ་བུ་ཅན། །ལ་ལ་གཅེར་བུ་ཁྲོས་པའི་གཟུགས། །ལ་ལས་གཅན་གཟན་གདུག་པའི་ང་རོ་འབྱིན། །ལ་ལ་ལྕགས་ཀྱུ་ཤ་བཟུང་མ་རུངས་པ། །དགྲ་བགེགས་འགུགས་ཅིང་གསོད་པར་བྱེད། །ལ་ལས་གདུག་པའི་ཁྲ་སྤྱང་བསྣམས། །ཉམས་པ་ལྷ་དང་ཕྲལ་བར་བྱེད། །ལ་ལས་དྲག་
ཤུལ་མཚོན་ཆ་ཡིས། །སྲོག་དང་བྲལ་ཞིང་ཡན་ལག་གཅོད། །ལ་ལས་སྤུ་གྲི་ཆུ་གྲི་ཡིས། །ཁོག་པ་གཤག་ཅིང་དོན་སྙིང་འབྱིན། །ལ་ལས་ཐོད་པ་བྷནྡྷ་རུ། །དོན་སྙིང་ཁྲག་གིས་རབ་བཀང་ནས། །གཙོ་བོ་ཡབ་ཡུམ་ཞལ་དུ་སྟོབ། །ལ་ལས་གྲི་གུག་རལ་གྲི་ཡིས། །ཡན་ལག་གཅོད་ཅིང་གཏོར་བར་བྱེད། །ལ་ལས་དགྲ་སྟྭ་ཤག་ཏི་ཡིས། །དགྲ་བགེགས་སྲོག་རྩ་གཅོད་པར་བྱེད། །ལ་ལས་ཕྱོགས་མཚམས་ཐམས་ཅད་དུ། །ཤ་ཁྲག་ཟ་ཞིང་རྒྱུག་པ་སྟེ། །བང་ནི་སྐད་ཅིག་གློག་ལྟར་འཁྱུག །འཇིགས་པའི་གཟུགས་ཀྱིས་དགྲ་བགེགས་སྒྲོལ། །འཇིགས་གཟུགས་གསུང་གི་ལྷ་ཚོགས་དགྲ་བགེགས་འཇོམས། །ཤ་ཟ་ཚུལ་གྱིས་བསྟན་སྲུང་གདུག་པ་འདུལ། །གསུང་གི་འཁོར་ཚོགས་ཐུགས་དམ་བསྐང་བ་ནི། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །འདོད་
ཡོན་ལོངས་སྤྱོད་མཆོད་པ་རྒྱ་ཆེན་གྱིས། །ལས་མཁན་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་། །ཤ་ཟའི་དམག་ཚོགས་སྡང་བའི་དགྲ་ལ་བསྒྱུར། །ལས་མཁན་སྤྲུལ་པ་གནོད་པའི་བགེགས་ལ་བྷྱོ། །ཧཱུྃ། དུར་ཁྲོད་གནས་བརྒྱད་ཁྲག་མཚོ་འཁྱིལ་བའི་དབུས། །ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ཐུགས་འཁོར་མ་མོ་བྱེ་བས་བསྐོར་བ་ནི། །གནམ་སྨན་འབུམ་གྱི་ཕོ་བྲང་གཞལ་ཡས་ནི། །ཚེ་འཛིན་མ་བཞིའི་ཐུགས་དམ་གཉན་པོ་བསྐང་། །ཤར་ཕྱོགས་ཞི་བའི་ལས་མཛད་དཀར་མོ་འབུམ། །ཞི་མཛད་ཞི་གྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །ཞི་རྟགས་ལྷ་མོ་སྐུ་མདོག་དཀར་མོར་བསྟན། །དཀར་མོ་མཁའ་ལ་བཞད་པ་ཕོ་ཉའི་ཚོགས། །ཤར་ཕྱོགས་མ་ཚོགས་ཡོངས་ཀྱི་ཐུགས་དམ་བསྐང་། །མི་མཐུན་གནོད་པའི་ཕྱོགས་རྣམས་ཞི་བར་མཛོད། །ལྷོ་ཕྱོགས་
རྒྱས་པའི་ལས་མཛད་སེར་མོ་བདུན། །རྒྱས་བྱེད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྒྱས་པའི་རྟགས་སུ་སྐུ་མདོག་སེར་མོར་བསྟན། །ལྷོ་ཕྱོགས་སེར་མོ་འབུམ་གྱི་ཐུགས་དམ་བསྐང་། །ཚེ་དབང་ལོངས་སྤྱོད་ཕྲིན་ལས་རྒྱས་མཛད་གསོལ། །ནུབ་ཕྱོགས་དབང་གི་ལས་མཛད་དམར་མོ་འབུམ། །དབང་བྱེད་དབང་གྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །དབང་རྟགས་སྐུ་མདོག་དམར་ཞིང་འོད་ཟེར་འབར། །ནུབ་ཕྱོགས་དམར་མོ་འབུམ་གྱི་ཐུགས་དམ་བསྐང་། །གདུག་པའི་དགྲ་བགེགས་དབང་དུ་སྡུད་མཛད་གསོལ། །བྱང་ཕྱོགས་དྲག་པོའི་ལས་བྱེད་མཐིང་ནག་འབུམ། །དྲག་བྱེད་དྲག་གྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །དྲག་པོའི་རྟགས་
སུ་སྐུ་མདོག་ནག་ལ་འཁྲུག །བྱང་ཕྱོགས་ནག་མོ་འབུམ་གྱི་ཐུགས་དམ་བསྐང་། །སྡང་དགྲ་གནོད་བགེགས་རྡུལ་དུ་བརླག་མཛོད་ལ། །ཤར་ལྷོར་ཞེ་སྡང་ཚར་གཅོད་མ་མོ་སྔོ་ནག་འབུམ། །ལྷོ་ནུབ་ང་རྒྱལ་ཚར་གཅོད་མ་མོ་སེར་ནག་འབུམ། །ནུབ་བྱང་འདོད་ཆགས་ཚར་གཅོད་མ་མོ་སྨུག་ནག་འབུམ། །བྱང་ཤར་ཕྲག་དོག་ཚར་གཅོད་མ་མོ་ལྗང་ནག་འབུམ། །ནམ་མཁར་གཏི་མུག་ཚར་གཅོད་མ་མོ་མཐིང་ནག་འབུམ། །ས་གཞིར་ཕྲིན་ལས་སྒྲུབ་བྱེད་མ་མོ་བྱེ་བ་འབུམ། །སྐུ་ལ་དུར་ཁྲོད་རབ་འཇིགས་ཆས་དང་ལྡན། །གླང་ཆེན་ཀོ་རློན་ཞིང་གི་གཡང་གཞི་དང་། །བ་ལང་གཡང་གཞི་སྟག་གི་གཡང་གཞི་དང་། །རེ་ལྡེ་སྦྲུལ་ནག་དར་ནག་གོ་ཟུ་དང་། །དབང་གི་བསེ་ཁྲབ་བྱི་རུའི་ལྡིང་རལ་དང་། །རྨ་བྱའི་ཐུལ་པ་ལ་སོགས་སྐུ་ལ་གསོལ། །མ་མོ་རབ་འཇིགས་ཁམས་གསུམ་ཟིལ་གནོན་པའི། །བྱེ་
བ་བསམ་གྱིས་མི་ཁྱབ་ཐུགས་དམ་བསྐང་། །ཕྱག་མཚན་རྣམ་པ་སྣ་ཚོགས་མ་ངེས་ཏེ། །རིགས་ཀྱི་རང་རྟགས་ཕྱག་ན་རྡོ་རྗེ་དང་། །རལ་གྲི་ཁ་ཊྭཱཾ་རྩེ་གསུམ་ཆུ་གྲི་དང་། །སྤུ་གྲི་གྲི་གུག་མདུང་དང་ཤག་ཏི་དང་། །བེ་ཅོན་ཏྲི་ཤུ་བདུད་ཀྱི་ཁྲམ་བམ་དང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་ཐོད་དབྱུག་དང་། །ཞིང་དབྱུག་ཙནྡན་དབྱུག་ཏོ་རྔེའུ་ཆུང་དང་། །གསེར་གྱི་རྔེའུ་ཆུང་ཐོད་ཁྲག་བྷནྡྷ་དང་། །ནེའུ་ལེའི་རྐྱལ་པ་རྩིས་བྱང་ནད་རྐྱལ་དང་། །མཚོན་གྱི་གྲུ་གུ་ལ་སོགས་ཕྱག་མཚན་ཏེ། །བདུད་ཁྱི་ལ་སོགས་འབྲུག་དང་གླང་པོ་དང་། །བོང་བུ་རྔ་མོ་དྲེའུ་རྟ་བྱ་ཁྱུང་དང་། །སོ་བྱ་བྱ་རྒོད་སེང་སྟག་དོམ་དྲེད་དང་། །ལྕགས་སྤྱང་ལ་སོགས་ཞོན་པ་སྣ་ཚོགས་བཅིབས། །ལ་ལ་མེ་རླུང་འཚུབ་མའི་དབུས་ན་བཞུགས། །སྣ་ཚོགས་རྫུ་འཕྲུལ་ཕྲིན་ལས་ཀུན་མཛད་མ། །ལེགས་ཉེས་སྟངས་འཛིན་
དམ་ཚིག་རྗེས་གཅོད་ཕྱིར། །ཐུགས་ཀྱི་འཁོར་ཚོགས་མ་མོ་བྱེ་བ་སྟེ། །ཕྲིན་ལས་བསྒྲུབ་ཕྱིར་ཐུགས་དམ་གཉན་པོ་བསྐང་། །མཆོད་པའི་ཡོ་བྱད་སྣ་ཚོགས་གཏོར་མ་དང་། །ཞལ་ཟས་ཚོགས་གཏོར་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་སྨན་རཀ་དང་། །ཞུན་ཆེན་མར་མེ་ཚིལ་ཆེན་གསུར་དུད་དང་། །ཙནྡན་སྤོས་དང་རྐང་ཆེན་དུང་རྣམས་ཀྱིས། །ཐུགས་འཁོར་མ་མོ་བྱེ་བའི་ཐུགས་དམ་བསྐང་། །མ་མོའི་ནད་ཡམས་སྡང་བའི་དགྲ་ལ་བསྒྱུར། །མཐུ་བྲུབ་བྱད་སྟེམ་གནོད་པའི་བགེགས་ལ་བྷྱོ། །དོ་ནུབ་ཐམས་ཅད་བཟློག་བསྒྱུར་དུས་ལ་བབ། །ཧཱུྃ། ཁྲག་འཐུང་བྱ་རོག་མཚན་ཅན་ལ། །ཡོན་ཏན་འཁོར་ཚོགས་མཁའ་འགྲོས་བསྐོར་བ་ནི། །དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་བྱེ་བ་འབུམ། །བདུད་དཔུང་འདུལ་ཕྱིར་རྡོ་རྗེ་མཁའ་འགྲོ་བྱེ་བ་འབུམ། །དངོས་གྲུབ་དཔག་མེད་རིན་ཆེན་
མཁའ་འགྲོ་བྱེ་བ་འབུམ། །གཟི་བརྗིད་བདེ་ཆེན་པདྨ་མཁའ་འགྲོ་བྱེ་བ་འབུམ། །ཕྲིན་ལས་དཔལ་འབར་ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ། །སྔགས་བསྐྱེད་དམ་ཚིག་མཁའ་འགྲོ་བྱེ་བ་འབུམ། །ཞིང་སྐྱོང་དུར་ཁྲོད་གནས་ཉུལ་མཁའ་འགྲོ་བྱེ་བ་འབུམ། །ལས་རྣམས་ཀུན་སྒྲུབ་སྣ་ཚོགས་མཁའ་འགྲོ་བྱེ་བ་འབུམ། །འཇིག་རྟེན་སྟོང་གསུམ་ཉུལ་བྱེད་མཁའ་འགྲོ་བྱེ་བ་འབུམ། །དགྲ་བགེགས་སྲོག་གཅོད་མཁའ་འགྲོ་བྱེ་བ་འབུམ། །མཁའ་འགྲོ་བསམ་གྱིས་མི་ཁྱབ་ཐུགས་དམ་བསྐང་། །སྣ་ཚོགས་ཕྲིན་ལས་སྐུ་མདོག་འདི་ལྟ་སྟེ། །དཀར་མོ་ཞི་བྱེད་སྔོན་མོ་བདུད་དཔུང་འཇོམས། །སེར་མོ་རྒྱས་མཛད་དམར་མོ་དབང་སྡུད་མ། །ལྗང་གུ་ཕྲིན་ལས་ནག་མོ་ཁྲོས་པའི་གཟུགས། །སྔོ་སྐྱ་ནམ་མཁའི་མདོག་དང་དམར་མོ་ཁྲག་གི་མདོག །སེར་ནག་དུ་བའི་མདོག་དང་སྨུག་ནག་མུན་པའི་
མདོག །སྣ་ཚོགས་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཕྱག་མཚན་རྣམ་པ་སྣ་ཚོགས་མ་ངེས་ཏེ། །གྲི་གུག་ཐོད་ཁྲག་རྔེའུ་ཆུང་དང་། །འཛིན་བྱེད་ཤ་ཟུང་འགུག་བྱེད་ལྕགས་ཀྱུ་དང་། །དབང་སྡུད་ཞགས་པ་བརྡེག་པའི་མཚོན་ཆའི་ཚོགས། །བསྟན་སྲུང་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །སྐུ་ཡི་ཆ་ལུགས་མ་ངེས་སྣ་ཚོགས་ཏེ། །ལ་ལ་གར་བསྒྱུར་བརྡ་ཡི་ཕྱག་རྒྱ་ཅན། །ལ་ལ་མེ་ཏོག་ཕྲེང་བའི་རྒྱན་ཆ་ཅན། །ལ་ལ་འཇིགས་པའི་གར་སྒྱུར་ཞིང་། །ལ་ལ་སྣ་ཚོགས་རྒྱན་གྱིས་བརྒྱན། །ལ་ལ་རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ལ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ལ་ལ་སྣ་ཚོགས་གར་དང་ལྡན། །ལ་ལ་རབ་འཇིགས་རྫུ་འཕྲུལ་ཅན། །དབུ་རྒྱན་ཐོར་ཚུགས་དར་གྱིས་བརྒྱན། །རྐང་པ་རྡོ་རྗེའི་འགྲོས་སྟབས་ཅན། །ལ་ལ་གསོད་བྱེད་རྔམ་སྟབས་ཅན། །ཞིང་ལྤགས་གཡང་གཞི་གོས་
སུ་གྱོན། །དམ་ཉམས་དགྲ་བོ་རྩད་ནས་གཅོད། །རླུང་ནག་འཚུབ་མ་དགུ་སྐོར་ཆིབས་སུ་བཅིབས། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་རྒྱུ། །འདོད་རྒུར་བསྒྱུར་བའི་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཡོན་ཏན་འཁོར་ཚོགས་ཕྱི་ནང་མཁའ་འགྲོ་ཡི། །ཐུགས་དམ་གཉན་པོ་ཡོན་ཏན་ཆེ་བས་བསྐང་། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་། །མཁའ་འགྲོའི་རྒྱུ་གཟེར་སྡང་བའི་དགྲ་ལ་བྷྱོ། །མ་མོའི་ནད་ཡམས་གནོད་པའི་བགེགས་ལ་བསྒྱུར། །ཧཱུྃ། དཔལ་ལྡན་ཁྲག་འཐུང་བྱ་རོག་མཚན་ཅན་ལ། །སྤྲུལ་པ་དཔལ་མགོན་བདུན་ཅུས་བསྐོར་བ་ནི། །གསང་སྔགས་ཕྱི་ནང་བསྟན་པ་སྲུང་མཛད་པའི། །ཆོས་སྐྱོང་དཔལ་ལྡན་མགོན་པོ་ནག་པོ་ཆེ། །ཙནྡན་བེང་བསྣམས་སྐུ་ལ་བེར་ཆེན་
གསོལ། །ལྷ་མིན་གཡུལ་ཟློག་ལྷ་དམག་འབུམ་གྱིས་བསྐོར། །དབང་ཕྱུག་ལྷ་མོ་དཔལ་ལྡན་ལྕམ་གཅིག་མ། །སྐུ་མདོག་མཐིང་ནག་རལ་པ་མུན་ལྟར་གཏིབས། །རལ་གྲི་གཏེར་འཆང་བོང་བུ་གྭ་པ་བཅིབས། །ལྷ་མིན་ཁྲག་འཇིབ་སྲིན་མོ་འབུམ་གྱིས་བསྐོར། །ལྷ་ཆེན་ལྕམ་དྲལ་ཐུགས་དམ་གཉན་པོ་ནི། །ཤ་ལྔ་བདུད་རྩི་ལྔ་ཡི་མཆོད་པས་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་བདུད་འདུལ་བྱ་རོག་མཚན་ཅན་ལ། །དཔལ་ལྡན་རྒྱལ་ཆེན་བཞི་ཡིས་བསྐོར་བ་ནི། །ཤར་ཕྱོགས་ཡུལ་འཁོར་དཀར་པོ་པི་ཝང་བསྣམས། །ལྷོ་ཕྱོགས་འཕགས་སྐྱེས་སྔོན་པོ་རལ་གྲི་བསྣམས། །ནུབ་ཕྱོགས་སྤྱན་བཟང་དམར་པོས་སྦྲུལ་ཞགས་བསྣམས། །བྱང་ཕྱོགས་རྣམ་སྲས་སེར་པོས་དབྱུག་ཏོ་བསྣམས། །རྡོ་རྗེའི་གོ་མཚོན་ལྷ་དམག་འབུམ་དང་བཅས། །དཔལ་ལྡན་རྒྱལ་ཆེན་བཞི་ཡི་ཐུགས་དམ་བསྐང་། །འགྲོ་ཀུན་
ཚད་མེད་ཡོངས་ཀྱི་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །ཕྱོགས་སྐྱོང་བཅུ་ཡིས་ཁྱོད་ནི་ཡོངས་བསྐོར་ནི། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །བརྒྱ་བྱིན་རྡོ་རྗེ་རྩེ་ལྔས་ལྷ་གདོན་འདུལ། །དྲང་སྲོང་དམར་པོས་ཐབས་ཀྱིས་མེ་གདོན་འདུལ། །གཤིན་རྗེ་ནག་པོས་ཐོད་དབྱུག་འཆི་བདག་འདུལ། །བདེན་བྲལ་སྔོ་སྐྱས་རལ་གྲིས་སྲིན་པོ་འདུལ། །ཆུ་ལྷ་སྔོན་པོས་སྦྲུལ་ཞགས་ཀླུ་གདོན་འདུལ། །རླུང་ལྷ་དུད་ཁས་བ་དན་རིགས་སྔགས་འདུལ། །ཀུ་བེར་ལྗང་གུས་དབྱུག་ཏོས་གནོད་སྦྱིན་འདུལ། །དབང་ལྡན་དཀར་པོས་རྩེ་གསུམ་འབྱུང་པོ་འདུལ། །སྟེང་གི་ཚངས་པ་ཉི་ཟླས་ཡ་བདུད་འདུལ། །འོག་གི་ས་བདག་བུམ་པས་མ་བདུད་འདུལ། །སོ་སོར་མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །གནོད་
སྦྱིན་བརྒྱད་ཀྱིས་བསྐོར་བ་ནི། །ནོར་བུ་བཟང་དང་གང་བ་བཟང་པོ་དང་། །ཡང་དག་ཤེས་དང་ཡང་དག་རྒྱལ་བ་དང་། །རྒྱལ་བ་ཁྱུ་མཆོག་ལྔས་ཙན་ཤེས་བྱའི་སྒྲོན། །ནོར་ལྷའི་རྒྱལ་པོ་ཨཱརྱ་ཛཾ་བྷ་ལ། །སྣ་ཚོགས་མདོག་ཅན་ཡིད་དུ་འོང་བའི་ཞལ། །ཕྱག་གཡས་རིན་ཆེན་དབྱུག་ཏོ་བསྣམས་པ་ནི། །མི་མཐུན་ཕྱོགས་འཇོམས་དངོས་གྲུབ་སྟེར་བར་བྱེད། །གཡོན་པས་ནེའུ་ལེའི་རྐྱལ་པ་བསྣམས་པ་ནི། །ཕོངས་པ་ཀུན་གྱི་དགོས་འདོད་རེ་བ་སྐོང་། །བདུད་འདུལ་རེ་སྐོང་སེང་གེ་བུམ་པའི་གདན། །ནོར་ལྷ་བྱེ་བ་བརྒྱ་སྟོང་འཁོར་གྱིས་བསྐོར། །ནོར་སྲུང་ཆེན་པོ་བརྒྱད་ཀྱི་ཐུགས་དམ་བསྐང་། །འདོད་པའི་ཡོན་ཏན་ལྔ་ཡིས་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་བདུད་འདུལ་ཆེན་པོའི་བཀའ་འཁོར་ན། །ལྷ་ཆེན་དཀར་དམར་ཕྱག་ན་རྩེ་གསུམ་བསྣམས། །ཁྱབ་འཇུག་མཐིང་ནག་ཕྱག་ན་འཁོར་
ལོ་བསྣམས། །བྷི་ནུ་ནག་པོའི་ཕྱག་ན་གཤོལ་མདའ་བསྣམས། །དགའ་བྱེད་དམར་མོའི་ཕྱག་ན་མདའ་གཞུ་བསྣམས། །ཚོགས་བདག་དཀར་པོ་ཕྱག་ན་ལ་ཕུག་བསྣམས། །ལེགས་ལྡན་སྨུག་ནག་ཕྱག་ན་བེང་ཆེན་བསྣམས། །གཞོན་ནུ་མདོག་དཀར་ཕྱག་ན་བུམ་པ་བསྣམས། །བྷྲིང་གི་རི་ཏི་ཕྱག་ན་པདྨ་བསྣམས། །བཀའ་ཉན་ལྷ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །བཀའ་ཉན་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་ནི། །མཐའ་ཡས་མདོག་དཀར་ཕྱག་ན་རིན་སྡོང་བསྣམས། །ནོར་རྒྱས་མདོག་སེར་ཕྱག་ན་གསེར་ཕྲེང་བསྣམས། །འཇོག་པོ་མདོག་སྔོན་ཕྱག་ན་ཨུཏྤལ་བསྣམས། །སྟོབས་རྒྱུ་སྔོ་ནག་ཕྱག་ན་སྤྲིན་ཕུང་བསྣམས། །ཆུ་ལྷ་མདོག་དཀར་ཕྱག་ན་སྦྲུལ་ཞགས་བསྣམས། །པདྨ་དམར་པོ་ཕྱག་ན་མེ་ཏོག་བསྣམས། །རིགས་ལྡན་ལྗང་སེར་
ཕྱག་ན་ཕྲེང་བ་བསྣམས། །དུང་སྐྱོང་དཀར་པོ་ཕྱག་ན་དུང་ཆེན་བསྣམས། །བཀའ་གཉན་ཀླུ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །དཀར་གསུམ་མངར་གསུམ་མཆོད་པས་ཐུགས་དམ་བསྐང་། །ཧཱུྃ། བདུད་འདུལ་ཁྲག་འཐུང་ནག་པོ་ལ། །བཀའ་གཉན་གཟའ་ཆེན་བརྒྱད་ཀྱིས་བསྐོར་བ་ནི། །པ་སངས་མདོག་དཀར་ཕྱག་ན་པདྨ་བསྣམས། །ཕུར་བུ་མདོག་སྔོན་ཕྱག་ན་ཨུཏྤལ་བསྣམས། །ལག་པ་ལྗང་སེར་ཕྱག་ན་མཆོད་སྦྱིན་མཛད། །སྤེན་པ་མདོག་སེར་ཕྱག་ན་དབྱུག་ཏོ་བསྣམས། །མིག་དམར་ཟངས་མདོག་ཕྱག་ན་སྒྲོན་མེ་བསྣམས། །སྒྲ་གཅན་དུད་ཁའི་ཕྱག་ན་ལྷུང་བཟེད་བསྣམས། །ཉི་མ་དམར་སེར་ཕྱག་ན་པདྨ་བསྣམས། །ཟླ་བ་དཀར་པོའི་ཕྱག་ན་ཀུ་མུ་ཏ། །བཀའ་ཉན་གཟའ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་
པས་ཐུགས་དམ་བསྐང་། །ཧཱུྃ། བདུད་འདུལ་བྱ་རོག་མཚན་ཅན་ལ། །རྒྱུ་སྐར་ལྷ་མོ་རྣམས་ཀྱིས་བསྐོར་བ་ནི། །སྨིན་དྲུག་སྣར་མ་མགོ་ལག་ནབས་སོ་དང་། །རྒྱལ་སྐག་ལ་སོགས་ཤར་གྱི་མ་བདུན་བསྐང་། །མཆུ་གྲེ་དབོ་དང་མེ་བཞི་ནག་པ་དང་། །ས་རི་ས་ག་ལྷོ་ཡི་མ་བདུན་བསྐང་། །ལྷ་མཚམས་སྣྲོན་སྣུབས་ཆུ་སྟོད་ཆུ་སྨད་དང་། །བྱི་ཞུན་གྲོ་བཞིན་ནུབ་ཀྱི་མ་བདུན་བསྐང་། །མོན་གྲེ་མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་ཐ་སྐར་བྲ་ཉེ་བྱང་ཕྱོགས་ཀྱི། །བཀའ་ཉན་བསྟན་སྲུང་ཕྱིར་ན་མ་བདུན་བསྐང་། །རྒྱུ་སྐར་ལྷ་མོ་ཉི་ཤུ་རྩ་བརྒྱད་ལ། །སོ་སོའི་གཏོར་ཚོགས་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །དམ་རྫས་མཆོད་པའི་ཚོགས་ཀྱིས་ཐུགས་དམ་བསྐང་། །ཧཱུྃ། སངས་རྒྱས་བསྟན་པ་བསྲུང་མཛད་པའི། །དཔལ་མགོན་བདུན་ཅུའི་ཐུགས་དམ་
བསྐང་བ་ནི། །དཀར་གསུམ་མངར་གསུམ་མེ་ཏོག་ཤིང་ཏོག་དང་། །འབྲུ་སྣ་སྨན་སྣ་རིན་ཆེན་སྣ་ལྔ་ཡིས། །དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང་བར་མཛོད། །རྣལ་འབྱོར་འཁོར་སྲུངས་རྐྱེན་དང་བར་ཆད་སོལ། །མི་མཐུན་གནོད་པའི་ཕྱོགས་རྣམས་ཞི་བར་མཛོད། །དགྱེས་ཤིང་གནང་བར་མཛད་པའི་ཕྱིར། །མི་བརྗེད་སྔགས་དང་ཕྱག་རྒྱས་ཐུགས་དམ་བསྐང་། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་དྷ་ར། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བདུད་བཏུལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་ཞིག་ན། བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་ཚེ། ལྷ་ཡི་དེད་དཔོན་ཆེན་པོ་ཚོགས་ཀྱི་བདག་པོ་དང་།
དཔལ་མ་ཧཱ་ཀཱ་ལ་འདོད་པའི་ཁམས་ལ་དབང་བསྒྱུར་བའི་ནག་པོ་ཆེན་པོས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཙུན་པ་བཅོམ་ལྡན་འདས། བདག་གིས་རིག་པ་འདི་འབུལ་གྱིས་བཞེས་སུ་གསོལ། ཨོཾ་ཤྲཱི་ན་མ་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཏི་སྭཱ་ཧཱ། ཨོཾ་ཤྲཱི་ན་མ་མ་ཧཱ་ཀཱ་ལ་གྷ་ན་ཤ་ཡ། ན་མོ་ཡོ་ཀི་ནི་ནན། ཏདྱ་ཐཱ། ཨོཾ་ཧི་ལི་པ་ལེ། ཀི་ཏི་ཀི་ཏི་ནི། ཙིཏྟེ་ཙིཏྟ་ན་སྭཱ་ཧཱ། གཟུངས་འདི་བཏོན་པ་ཙམ་གྱིས་གཙུག་ལག་ཁང་དང་དཀྱིལ་འཁོར་ཕྱི་ནང་གི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་ལྷ། བདུད་འདུལ་རྣམས་ཀྱི་དབང་ཕྱུག །སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་གཏན་ནས་བརླག་པ། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་རྡུལ་དུ་བརླག་པ། དཀོན་
མཆོག་གསུམ་གྱི་བསྟན་པ་བསྲུང་བར་ཁས་བླངས་ཤིང་དམ་བཅས་སོ། །དཔལ་ནག་པོ་ཆེན་པོའི་གཟུངས་རྫོགས་སོ།། །།བཤགས་སོ་བཤགས་སོ་ཐུགས་དམ་ཅན། །དོ་ནུབ་ལྷ་ལ་སྔ་མཁོན་སྦྱང་། །ཉེས་པ་ཅི་མཆིས་བཟོད་པར་གསོལ། །ཕྱིན་ཆད་དེ་ལྟར་མི་བགྱིད་དོ། །ཁྱོད་ཀྱིས་རིང་དུ་མ་མཛད་དང་། །བདག་གིས་མ་ཚོར་ཉམས་སྲིད་ཀྱང་། །ནོངས་པར་གྱུར་པ་བཟོད་པར་གསོལ། །སྒྲུབ་པའི་བར་ཆད་བསལ་དུ་གསོལ། །ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོལ། །བདག་ནི་དཀྱིལ་འཁོར་འདི་ཡི་སྒོར་ཞུགས་ནས། །བདག་གིས་བསྟན་པ་གཉེན་པོ་བསྲུང་བའི་ཕྱིར། །བཀའ་ལྟར་མ་རྟོགས་གཞུང་ལྟར་རྔོ་མ་ཐོག །བསྙེན་སྒྲུབ་དུས་འདས་བཀའ་དང་གཏོར་མ་ཆག །རྩ་བའི་དམ་ཚིག་ཉམས་པ་ཅི་མཆིས་པ། །ཡན་ལག་དམ་ཚིག་ཉམས་པ་ལ་སོགས་ཀུན། །མགོན་པོའི་དུར་
ཁྲོད་ཚོགས་ལ་བཤགས་པར་བགྱི། །ལུག་ནག་གཅན་གཟན་ཕྱི་ནང་དམ་རྫས་ཀུན། །མ་ཚང་ནོངས་པ་བཀའ་ཡི་ལས་མཁན་ཚོགས། །བྱ་རོག་གདོང་ཅན་སྐུ་ལ་མཐོལ་ལོ་བཤགས། །ཚོགས་བདག་ནག་པོའི་སྐུ་ལ་མཐོལ་ལོ་བཤགས། །འཁོར་དང་བཅས་པའི་སྐུ་ལ་མཐོལ་ལོ་བཤགས། །བསྟན་སྲུང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །གཞན་ཡང་བཤགས་པའི་མཆོད་པ་ལྟར་བཟུང་ནས། །དུས་བཞིར་མཆོད་དང་ནང་ནུབ་མཆོད་རྒྱུ་ལ། །མཆོད་པའི་འབྱོར་ཚོགས་ཆུང་སྟེ་སྐུ་མ་མཉེས། །བཟླས་བརྗོད་སྔགས་ལ་ལོང་གཏམ་བར་དུ་ཆུད། །ནག་པོའི་སྲོག་སྙིང་གནས་ནས་མ་ཁུལ་ཏེ། །བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་ཀུན། །ལྷ་ཆེན་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །ཡིད་ལ་རྩེ་གཅིག་གཞུང་བཞིན་བསྒོམ་རྒྱུ་ལ། །ཏིང་འཛིན་རྩེ་གཅིག་ཡི་དམ་ལྷ་
མ་གསལ། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །དར་ནག་རཀྟ་བྷནྡྷ་དམ་རྫས་ཚོགས། །བརྟེན་པའི་དམ་རྫས་ཚོགས་པར་མ་གྱུར་ཏེ། །ཡན་ལག་དམ་ཚིག་ཉམས་པ་ཅི་མཆིས་པ། །ནག་པོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །གནོང་ངོ་འགྱོད་དོ་མི་འཆབ་མཐོལ་ལོ་བཤགས། །རྒྱུ་ཆུང་ཕུད་ཉམས་འབྱོར་པ་ཆུང་བ་དང་། །སྒོམ་སྒྲུབ་མི་བརྩོན་བསྙེན་སྒྲུབ་གཡེལ་བ་སོགས། །བཟླས་བརྗོད་མི་བརྩོན་འཁྲུལ་པར་གྱུར་པ་དག །ལྷ་ཆེན་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །བདག་གིས་སྒོ་གསུམ་རྒྱུད་བསགས་ལེ་ལོའི་ནོངས་པ་དང་། །འཛིན་ཆགས་སེར་སྣའི་དབང་དུ་གྱུར་པ་ཅི་མཆིས་པ། །ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས། །རྣལ་འབྱོར་སྐུ་ཡི་དམ་ཚིག་ཉམས་པ་དང་། །བཟླས་བརྗོད་གསུང་གི་དམ་ཚིག་ཉམས་པ་དང་། །ཏིང་འཛིན་
ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཉམས་པ་ཅན་དང་ཚོགས་འདྲེས་ནོངས་པ་དང་། །དམ་ཚིག་ཉམས་དང་ཁ་འཕྲོ་འདྲེས་ལ་སོགས། །ཉམས་པ་ཐམས་ཅད་བདག་གིས་འགྱོད་པས་བཤགས། །ཐུགས་དམ་བསྐང་བའི་མཆོད་པ་ལོ་ཟླར་འདས། །མཚམས་བཅད་མ་བྱས་གཏོར་མ་དུས་ལས་ཡོལ། །སྒྲུབ་རྫས་མ་ཚོགས་ཁས་བླངས་འདས་པ་རྣམས། །ཆོས་སྐྱོང་ནག་པོའི་སྐུ་ལ་མཐོལ་ལོ་བཤགས། །ལེགས་ལྡན་ནག་པོའི་སྐུ་ལ་མཐོལ་ལོ་བཤགས། །བྱ་རོག་མཚན་ཅན་སྐུ་ལ་མཐོལ་ལོ་བཤགས། །མགོན་པོ་ནག་པོའི་སྐུ་ལ་མཐོལ་ལོ་བཤགས། །སྲིང་གཅིག་རེ་མ་ཏི་ཡི་སྐུ་ལ་མཐོལ་ལོ་བཤགས། །མ་དང་མཁའ་འགྲོའི་ཚོགས་ལ་མཐོལ་ལོ་བཤགས། །ནག་པོ་སྟོང་གི་ཚོགས་
ལ་མཐོལ་ལོ་བཤགས། །ཤ་ཟ་འབུམ་གྱི་ཚོགས་ལ་མཐོལ་ལོ་བཤགས། །མ་མོ་བྱེ་བའི་ཚོགས་ལ་མཐོལ་ལོ་བཤགས། །བསྟན་པའི་བཀའ་སྲུང་རྣམས་ལ་མཐོལ་ལོ་བཤགས། །དམ་ཉམས་སྲོག་གཅོད་རྣམས་ལ་མཐོལ་ལོ་བཤགས། །འཁོར་གྱི་བཀའ་ཉན་ཚོགས་ལ་མཐོལ་ལོ་བཤགས། །ཤན་པ་སྡེ་བརྒྱད་ཚོགས་ལ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་ཡི་དམ་ལྷ་ལ་མཐོལ། །བཤགས་སོ་བཤགས་སོ་སྲུང་མ་གཉན་ལ་བཤགས། །བདག་གི་གཡར་དམ་ཉམས་པ་སྐོངས་མཛོད་ལ། །ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དུས་ཁྱད་པར་ཅན་རྣམས་དང་། མགོན་པོ་ནག་པོ་རྒྱུ་དུས་རྣམས་སུ་མཆོད་གཏོར་དམ་རྫས་དང་བཅས་པ་བཤམས་ལ། བསྐང་བཤགས་གཞུང་ནས་འབྱུང་བ་བཞིན་བྱས་ནས། རྣལ་འབྱོར་པ་ཚེ་རིང་ཞིང་དངོས་གྲུབ་སྣ་ཚོགས་འབྱུང་བ་དང་། ལྷ་འདྲེ་མི་གསུམ་དབང་དུ་འདུ་ཞིང་། ལུས་ངག་ཡིད་གསུམ་ལ་ནུས་པ་སྣ་ཚོགས་འབྱུང་བ་དང་། ཕྲིན་
ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པས་བཀའི་བསྟན་པ་སྲུང་བ་རྣམས་ཀྱི་མངའ་ཐང་ཤིན་ཏུ་ཡང་དར་བར་འགྱུར་རོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པའི་བསྐང་བ་རིན་ཆེན་ཕྲེང་བ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་གུབྟ་བཛྲ་ཨ་བྷྱ་ཀ་ར་ཞེས་བྱ་བས་མཛད་ཅིང་། བོད་ཀྱི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་པ་བདག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སརྦ་མངྒ་ལཾ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་བསྐང་བ་བདག་སྒྲུབ་མ། ཁ་ཆེའི་སློབ་དཔོན་རོལ་པའི་རྡོ་རྗེ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་བསྐང་བ་བདག་སྒྲུབ་མ་བཞུགས་སོ། །ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། །ཁྱོད་ནི་ནག་པོ་ཆེན་པོ་སྟེ། །ཆོས་སྐྱོང་སྲུང་མ་ཐུགས་དམ་ཅན། །ཁྱོད་ནི་དྲག་ཤུལ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་ཞེས་པའི། །ཁྱོད་ནི་ཐུགས་དམ་གཉན་པོ་སྟེ། །ད་ལྟ་རྣལ་འབྱོར་རྗེས་བསྐུལ་གྱི། །བསྒྲུབ་ཅིང་བསྐུལ་གྱིས་བཞེས་སུ་གསོལ། །ཀྱེ། མ་ཧཱ་ཀཱ་ལ་གནས་འདིར་བྱོན། །
ནག་པོ་ཆེན་པོ་གནས་འདིར་བྱོན། །རིག་འཛིན་སྲུང་མ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས་འདིར་བྱོན། །བྱ་རོག་གདོང་ཅན་གནས་འདིར་བྱོན། །བོས་སོ་ནག་པོ་སྙན་མ་སྲ། །གཡབ་བོ་ནག་པོ་སྤྱན་མ་རྟུལ། །བསྟེན་ནོ་ནག་པོ་རྒྱང་མ་རིང་། །བསྒྲུབ་བོ་ནག་པོ་གོང་མ་གཡེལ། །བསྐུལ་ལོ་ནག་པོ་ཕྲག་མ་དོག །རྦད་དོ་ནག་པོ་མཐུ་མ་ཆུང་། །བྱ་རོག་གདོང་ཅན་མཐུ་མ་ཆུང་། །ཀྱེ། དོ་ནུབ་དམ་ཚིག་གནས་འདིར་བྱོན། །དོ་ནུབ་ཆད་དང་ཐོ་ལ་བྱོན། །དོ་ནུབ་མནའ་དང་ཁྲིམས་ལ་བྱོན། །གྲོགས་པོར་བགྱིའོ་གཞུང་མ་ངན། །མཛའ་བོར་བགྱིའོ་ཁྲེལ་མ་ཤོར། །མནའ་ཐོ་བཅད་དོ་མནའ་མ་ཟ། །རྗེ་བོར་བྱས་སོ་དབང་མ་ཆེ། །བྲན་ལྟར་བསྐུལ་ལོ་རྒྱུ་མ་ཞན། །དམ་ཚིག་གཉན་ལ་མི་སེམས་སམ། །དང་པོ་ཆད་དོན་འདི་མིན་ནམ། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །རིག་འཛིན་རྣལ་འབྱོར་དམ་
ཚིག་ཅན། །དམ་ཚིག་འདའ་བར་མ་ཆད་དམ། །བསྟན་པ་བསྲུང་བར་མ་བྱས་སམ། །དམ་ཅན་མ་གཡེལ་ད་ཚུར་བྱོན། །མ་ཧཱ་ཀཱ་ལ་ད་ཚུར་བྱོན། །བྱ་རོག་གདོང་ཅན་ད་ཚུར་བྱོན། །བཅོལ་བའི་ལས་འདི་མ་བྱས་ན། །བདེ་གཤེགས་རྒྱལ་བའི་བཀའ་ཡང་བསླུས། །རིག་འཛིན་རྣལ་འབྱོར་ཡི་ཡང་བཅད། །དང་པོ་ཆད་པའི་མནའ་ཟོས་ན། །དམ་ཚིག་གཉན་པོའི་ཆད་པ་འོང་། །བཀའ་ཡི་དམོད་པས་བསྡིག་པར་མཆིས། །དེ་བས་དམ་ལས་མ་འདའ་ཞིག །ཀྱེ། མ་ཧཱ་ཀཱ་ལ་འཁོར་བཅས་ལ། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དད་དང་གུས་པས་ཕྱག་གཅིག་འཚལ། །དད་དང་མོས་པས་མཆོད་པ་འབུལ། །མེ་ཏོག་སྤོས་དང་ཡོན་ཆབ་དང་། །མར་མེ་ཞལ་ཟས་རོལ་མོའི་ཚོགས། །འཁོར་ལོ་སྡོམ་པའི་ལྷ་ཚོགས་དང་། །མ་ཧཱ་ཀཱ་ལའི་ཚོགས་ལ་འབུལ། །རྣལ་འབྱོར་དམ་ཚིག་
ཉམས་ཆག་བསྐང་། །ཁྱི་ནག་ལུག་ནག་བྱ་ནག་གིས། །ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་། །དམག་དཔོན་ཐུགས་དམ་བསྐང་གྱུར་ཅིག །བཤོས་བུ་དམར་ནག་གྲུ་གསུམ་ལ། །ཙིཏྟ་སྙིང་ཆེན་རྒྱལ་མཚན་བཙུགས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །བྱ་རོག་གདོང་གི་ཐུགས་དམ་བསྐང་། །ཤ་ཁྲག་དམར་གྱི་གཏོར་ཆེན་དང་། །ཛ་གད་སྨན་དང་རཀྟ་ཡིས། །ཁྲོ་བོ་ཟ་བྱེད་ཐུགས་དམ་བསྐང་། །བྱ་རོག་གདོང་གི་ཐུགས་དམ་བསྐང་། །མགོན་པོ་ནག་པོའི་ཐུགས་དམ་བསྐང་། །ལྕམ་མོ་གཉན་གྱི་རེ་མ་ཏི། །མ་བདུད་རྒྱལ་མོའི༴ མཁའ་འགྲོ་བརྒྱད་ཀྱི༴ མཁའ་འགྲོ་དྲུག་གི༴ སེང་གེའི་གདོང་ཅན༴ ཐུགས་དམ་གཉན་པོ་དེས་སྐོངས་ཤིག །བདག་ཀྱང་དམ་ལས་མ་འདའ་ན། །ཁྱོད་ཀྱང་དམ་ལས་མ་འདའ་ཞིག །གཉིས་ཀ་དམ་ལས་མི་འདའ་འཚལ། །གལ་ཏེ་དམ་ལས་འདས་པ་ན། །རྡོ་རྗེའི་
དམྱལ་བར་ཤི་ཀ་རེ། །ཀྱེ། ཆོས་སྐྱོང་ཆེན་པོ་ད་ཚུར་ཉོན། །རྡོ་རྗེ་ནག་པོ་ད་ཚུར་ཉོན། །བྱ་རོག་གདོང་ཅན་ད་ཚུར་ཉོན། །སེང་གེའི་གདོང་ཅན་ད་ཚུར་ཉོན། །ཡུམ་མཆོག་རྩ་འཇིབ་ད་ཚུར་ཉོན། །ཕྱག་གཉན་ལེགས་ལྡན་ད་ཚུར་ཉོན། །ཤ་ཟ་སྲིན་པོ་ད་ཚུར་ཉོན། །རྒྱལ་བའི་བཀའ་ལ་མི་བསྟེན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་གནས་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་ཉམས་ཆག་མ་ལུས་བསྐང་། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་ལྷ་ལ་བཤགས་པ་བྱེད། །དོ་ནུབ་ལྷ་ལ་སེམས་མཁོན་སྦྱོང་། །དོ་ནུབ་མཉེས་པའི་ཕུད་ཅིག་འདྲེན། །དོ་ནུབ་མཛའ་བའི་གཞུང་ཞིག་བྱེད། །དོ་ནུབ་བྱས་པའི་ལན་ཞིིག་འདོན། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་བ་འབུལ། །དོ་ནུབ་
ཁྱེད་རྣམས་དགོངས་སུ་གསོལ། །མ་ཧཱ་ཀཱ་ལ་དགོངས་སུ་གསོལ། །བྱ་རོག་གདོང་ཅན་དགོངས་སུ་གསོལ། །ཕྱག་བརྙན་ལེགས་ལྡན་དགོངས་སུ་གསོལ། །ཡུམ་མཆོག་རྩ་འཇིབ་དགོངས་སུ་གསོལ། །ནག་པོ་སྟོང་རྣམས་དགོངས་སུ་གསོལ། །ཤ་ཟ་འབུམ་རྣམས་དགོངས་སུ་གསོལ། །མ་མོ་བྱེ་བ་དགོངས་སུ་གསོལ། །དོ་ནུབ་མཉེས་པའི་ཚོགས་མཆོད་འབུལ། །ཀྱེ། དང་པོ་ཕུད་ཀྱིས་མི་མཆོད་རྒྱུ། །དཔལ་ཆེན་ཁྲག་འཐུང་ཕུད་ལ་དགྱེས། །བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ། །རྡོ་རྗེ་ནག་པོ་ཚོགས་ལ་དགྱེས། །ཐ་མ་ལྷག་མས་མི་མཆོད་རྒྱུ། །སྲིང་དང་མ་མོ་ལྷག་ལ་དགྱེས། །ཕུད་ལ་དགྱེས་པ་ཕུད་ལ་རོལ། །ཚོགས་ལ་དགྱེས་པ་ཚོགས་ལ་རོལ། །ལྷག་ལ་དགྱེས་པ་ལྷག་ལ་རོལ། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །བྱ་རོག་གདོང་གི་ཐུགས་དམ་བསྐང་། །
ཕྱག་བརྙན་ནག་པོའི༴ ཡུམ་མཆོག་རྩ་འཇིབ༴ ནག་པོ་སྟོང་གི༴ ཤ་ཟ་འབུམ་གྱི༴ མ་མོ་བྱེ་བའི༴ མ་ཧཱ་ཀཱ་ལ་འཁོར་བཅས་ལ། །ཐུགས་དམ་གཉན་པོ་ད་བསྐངས་སོ། །བརྟན་པའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་རྒྱལ་མཚན༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས༴ དམ་ཚིག་གཉེན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ ཁྱད་པར་དམ་རྫས་ཡིན་པའི་ཕྱིར། །ཙིཏྟ་སྙིང་གིས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་སྙིང་གིས༴ དྲག་པོའི་ལས་ལ་ཤིས་པའི་ཕྱིར། །བཤོས་བུ་དམར་ནག༴ རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨརྒས༴ ཚིལ་ཆེན་དྲི་ལ་བསྣོམ་པའི་ཕྱིར། །གསུར་ཆེན་དུད་པས༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །གཏའ་གཏོར་ཆེན་པོས༴ རྟག་ཏུ་ཕྲིན་ལས་བཅོལ་བའི་ཕྱིར། །རྒྱུན་གྱི་གཏོར་མས༴ གཟུགས་
དང་སྒྲ་དང་དྲི་ལ་སོགས། །དགྱེས་པའི་མཆོད་པ་སྣ་ཚོགས་འབུལ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །བདུད་ཁ་དགྲ་ལ་བསྒྱུར་བའི་ཕྱིར། །ལྷ་དམག་འབུམ་གྱི༴ ཡབ་ཀྱི་ཐུགས་དམ་བསྐུལ་བའི་ཕྱིར། །ཡུམ་མཆོག་རྩ་འཇིབ༴ དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །བྱ་ནག་སྟོང་གིས༴ དམ་ཉམས་སྲོག་རྩ་འདྲེན་པའི་ཕྱིར། །གནམ་ལྕགས་འབར་བས༴ དམ་ཉམས་ཤ་ལ་ཟ་བའི་ཕྱིར། །ཁྱི་ནག་སྟོང་གིས༴ དམག་དཔོན་རུ་འདྲེན་འགྱེད་པའི་ཕྱིར། །ཕྱར་དར་ནག་པོས་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་མགོན་པོ་བྱ་རོག་གདོང་། །གཡས་པས་འབར་བའི་གྲི་གུག་ཕྱར། །གཡོན་པས་ཐོད་པ་ཁྲག་གིས་བཀང་། །ཀེང་རུས་བརྩེགས་པའི་ཁྲི་ལ་བཞུགས། །གཙུག་ལག་ཁང་གི་སྲུང་མ་མཛད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཁྱོད། །དོ་ནུབ་ཚོགས་མཆོད་འདི་བཞེས་
ལ། །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐང་། །རྡོ་རྗེ་གནོད་སྦྱིན་དགྲ་ལ་ཕོབ། །དཔལ་ལྡན་ནག་པོ་ཆེན་པོ་ཁྱོད། །འཇིགས་སུ་རུང་དང་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཐུང་ལ་སྦོམ་པའི་གསུས་པོ་ཆེ། །དབུ་སྐྲ་ཁམ་ནག་གྱེན་དུ་འབར། །ཧ་ཧ་ཞེས་སྒྲོགས་འཇིགས་པར་བྱེད། །དུག་སྦྲུལ་གདུག་པས་སྐུ་ལ་བརྒྱན། །གཏུམ་པོ་སྤྱན་གསུམ་འབར་བ་སྟེ། །ཕྱག་གཡས་འབར་བའི་གྲི་གུག་ཕྱར། །དམ་ཉམས་དོན་སྙིང་ཚལ་པར་འགེམས། །དོ་ནུབ་ཚོགས་མཆོད་འདི་བཞེས་ལ། །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐང་། །གཡོན་པས་ཁྲག་གི་ཐོད་པ་འཛིན། །དགྲ་འདྲེ་སྲིན་པོའི་སྙིང་ཁྲག་འཐུང་། །ལས་སུ་སངས་རྒྱས་བསྟན་པ་སྲུངས། །རལ་པ་དམར་སེར་གྱེན་དུ་འཁྱིལ། །མི་མགོ་རློན་པའི་དོ་ཤལ་ཅན། །དོ་ནུབ་ཚོགས་མཆོད་འདི་བཞེས་ལ། །རྣལ་འབྱོར་
དམ་ཚིག་ཉམས་ཆག་བསྐང་། །རྡོ་རྗེ་གནོད་སྦྱིན་དགྲ་ལ་ཕོབ། །བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དོ་ནུབ་ལྷ་ལ་མཁོན་སྦྱང་ངོ་། །ཉེས་པ་མཆིས་ན་ལྷ་ལ་མཐོལ། །ཕྱིན་ཆད་ཉེས་པ་མི་བགྱིད་དོ། །ཁྱོད་ཀྱང་རྒྱང་ངེ་མ་མཛད་ཅིག །བདག་གིས་ཚོར་བར་མ་ཉམས་ཀྱང་། །དམ་ཅན་ཐུགས་དང་འགལ་སྲིད་པས། །བཤགས་སོ་བསྐང་ངོ་སྦྱང་ལགས་སོ། །ཐུགས་དམ་གཉན་པོ་བསྐང་ལགས་སོ། །སྒྲུབ་ལ་བར་ཆོད་གྱུར་པ་དང་། །དམ་རྫས་གཉན་པོ་མ་ཚང་དང་། །ཐུགས་དམ་དུས་སུ་མ་སྐོང་དང་། །རྩ་བའི་དམ་ཚིག་མ་ཐུབ་དང་། །གསང་བའི་དམ་ཚིག་སྒྲོགས་པ་དང་། །སྐུ་དང་གསུང་དང་ཐུགས་དང་གསུམ། །དམ་ཚིག་ཉམས་པ་ཅི་མཆིས་པ། །མ་ཚོར་མ་རིག་ཉམས་ཆག་རྣམས། །དོ་ནུབ་བསྐང་ཞིང་བཤགས་པར་བགྱི། །ཁྱོད་ཀྱང་དམ་ལས་མ་འདའ་བར། །བསྐུལ་ན་མ་རིང་ལས་འདི་
མཛོད། །ང་ཡང་དམ་ལས་མི་འདའ་བར། །ཁྱོད་ནི་རྟག་ཏུ་བསྒྲུབ་ཅིང་མཆོད། །ཁྱོད་དང་ང་ཡི་དམ་ཚིག་ནི། །སྲོག་ལ་བབ་ཀྱང་མི་འདའ་འཚལ། །བླ་མའི་སྐུ་ལ་བསྡོ་བ་དང་། །སངས་རྒྱས་བསྟན་ལ་གནོད་པ་དང་། །བདག་ལ་སྡང་བའི་དགྲ་བྱུང་ན། །ཕ་ཁུ་ལགས་ཀྱང་སྒྲོལ་ལ་ཤོག །ཁྱོད་ལ་མཆོད་པའི་དམ་རྫས་ནི། །རྒྱ་མཚོའི་གཏིང་ན་འདུག་ཀྱང་རུང་། །རི་རབ་རྩེ་ན་འདུག་ཀྱང་རུང་། །སྲོག་ལ་བསྡོས་ནས་ཐུགས་དམ་བསྐང་། །གཉིས་ཀ་ཐུགས་བློ་ཅི་མཉེས་མཛོད། །ཀྱེ། ནག་པོ་ཆེན་པོ་ཚུར་ཉོན་དང་། །ཡུམ་མཆོག་རྩ་འཇིབ་ཚུར་ཉོན་དང་། །བྱ་རོག་གདོང་ཅན་ཚུར་ཉོན་དང་། །སེང་གེའི་གདོང་ཅན་ཚུར་ཉོན་དང་། །ནག་པོ་སྟོང་ཚོགས་ཚུར་ཉོན་དང་། །ཤ་ཟ་འབུམ་ཚོགས་ཚུར་ཉོན་དང་། །མ་མོ་བྱེ་བ་ཚུར་ཉོན་དང་། །གྲོགས་ལ་གཞུང་མེད་མི་སྲིད་ཀྱི། །རྗེ་ལ་དབང་མེད་མི་
སྲིད་ཀྱི། །བྱམས་ལ་དྲིན་མེད་མི་སྲིད་ཀྱི། །མཛའ་ལ་གདུང་མེད་མི་སྲིད་ཀྱི། །རྣལ་འབྱོར་དམ་མེད་མི་སྲིད་ཀྱི། །ཆོས་སྐྱོང་མཐུ་མེད་མི་སྲིད་ཀྱི། །ཆད་དོན་མི་འགྲུབ་མི་སྲིད་ཀྱི། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་དང་། །དམ་རྫས་བདུད་རྩི་འདིས་མཆོད་པས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། །རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབས། །ཟས་ཀྱི་ངོ་གཅིག་ཁྱེད་ཀྱིས་གྱིས། །ཆད་པའི་གཞུང་ཞིག་ང་ཡིས་བསྲང་། །བསྒྲགས་པའི་ཚིག་འདི་ཁྱོད་ཀྱིས་ཉོན། །སྒྲུབ་པའི་གཞུང་འདི་བདག་གིས་བསྲང་། །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །གཉིས་ཀ་ཆད་པའི་གཞུང་བསྲང་འཚལ། །གཉིས་ཀས་ལས་ཀྱི་གཉེར་བླང་འཚལ། །སྨོས་སོ་ཆད་དོ་ཐུགས་དམ་ཅན། །གསོལ་ལོ་མཆོད་དོ་སྲུང་མའི་ཚོགས། །
སོད་ཅིག་ཐུལ་ཅིག་དགྲ་དང་བགེགས། །ལྟོས་སོ་གཉེར་རོ་ཐུགས་དམ་ཅན། །ཀྱེ། ཁྱེད་དང་རྣལ་འབྱོར་བདག་ཅག་གིས། །བསྐལ་པ་ཞིག་ཀྱང་མི་འབྲལ་འཚལ། །ཐུགས་དམ་གཡེལ་བར་མ་མཛད་ཅིག །ཆད་དོ་རྒྱང་ངེ་མ་མཛད་ཅིག །ཐུགས་དང་གློ་བ་ཅི་ཉེར་མཛོད། །བརྩེ་ཞིང་གདུང་སེམས་ཅི་ཆེར་མཛོད། །མཐུ་སྟོབས་རྫུ་འཕྲུལ་ཇི་ལྟ་བར། །རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག །ལེ་ལོ་སྙོམ་ལས་མ་མཛད་ཅིག །བཀའ་དང་དམ་ལས་མ་འདའ་ཞིག །རྫུན་དང་གཡོ་སྒྱུ་མ་མཛད་ཅིག །སྔོན་ཚེ་ཁྲག་འཐུང་སྤྱན་སྔ་རུ། །ཁས་བླངས་ཐུགས་དམ་མ་གཡེལ་བར། །བདག་གི་མགོན་དང་སྐྱབས་མཛོད་ཅིག །དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ། །བསྟན་པ་བསྲུང་བར་མ་ཆད་དམ། །ལོག་འདྲེན་འདུལ་བར་མ་ཆད་དམ། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོའི། །རེ་བ་སྐོང་བར་
མ་ཆད་དམ། །ནག་པོ་ཆེན་པོ་དགྲ་ལ་བྷྱོ། །བྱ་རོག་གདོང་ཅན་ལས་ལ་བྷྱོ། །ཕྱག་བརྙན་ནག་པོ་ལས་ལ་བྷྱོ། །ཧཱུྃ། དཔལ་ལྡན་ནག་པོ་ཆེན་པོ་ཁྱོད། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །དམར་ཆེན་ཨརྒས༴ ཛ་གད་ཕུད་ཀྱིས༴ ཙིཏྟ་སྙིང་གིས༴ བཤོས་བུ་དམར་ནག༴ དཔལ་གྱི་གཏོར་མས༴ ཕྱར་དར་ནག་པོས༴ ལུག་ནག་རྒྱལ་མཚན༴ བྱ་རོག་རྒྱལ་མཚན༴ གཡག་ནག་ལུག་ནག་ཁྱི་ནག་གིས། །མ་ཧཱ་ཀཱ་ལའི༴ ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཕྲིན་ལས་གཉེན་པོ་བཅོལ་བ་ནི། །བླ་མ་ལ་སྡང་གསང་སྔགས་སྨོད། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུང་། །རྣལ་འབྱོར་བདག་གི་རེ་བ་སྐོངས། །ཡོན་བདག་དྲིན་ལན་ཆུད་མ་གསན། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །ཕྲིན་ལས་རྣམ་བཞིའི་དངོས་
གྲུབ་སྩོལ། །སྒྲུབ་ལ་བར་དུ་གཅོད་པ་ཡི། །དགྲ་བགེགས་ཐམས་ཅད་ཞི་བར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དགྲ་བགེགས་མཱ་ར་ཡ་ཐུན་བྷྱོ་བྷྱོ། ཁ་ཆེའི་སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ། དཔལ་རྒྭ་ལོས་བསྒྱུར་བ་རྫོགས་སོ།། །།སརྦ་མངྒ་ལཾ།
དཔལ་བྱ་རོག་མིང་ཅན་གྱི་བསྐང་བ་བསྟན་པ་རིན་ཆེན་རྒྱས་པ། དཔལ་ཆེན་རྒྭ་ལོ།
དཔལ་བྱ་རོག་མིང་ཅན་གྱི་བསྐང་བ་བསྟན་པ་རིན་ཆེན་རྒྱས་པ་བཞུགས་སོ། །བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་དམ་ཚིག་གསོ་བ་དང་སྲུང་མའི་ཐུགས་དམ་བསྐང་བ་ལ། དཔལ་གྱི་བཤོས་བུ་དང་། ཨ་མྲྀ་ཏ་དང་ཚིལ་ཆེན་གྱི་མར་མེ་དང་། ཤ་ཆེན་གྱི་བདུག་སྤོས་དང་། དམར་གཏོར་དང་། གཡབ་དར་དང་། དར་ནག་གི་རྒྱལ་མཚན་དང་། ཁྱི་ནག་གཡག་ནག་ལ་སོགས་པའི་སྙིང་ལེགས་པར་བསགས་ལ། །རྣལ་འབྱོར་གཞུང་བཞིན་དུ་བསྒོམ་ལ་བསྐང་བ་བྱའོ། །ཧཱུྃ། བསྟན་པ་རིན་ཆེན་རྒྱས་པའི་གླིང་། །དུས་གསུམ་སངས་རྒྱས་བཞུགས་པའི་ཡུལ། །བྱ་རྒོད་ཕུང་པོའི་རི་ཡི་དྲུང་། །
རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས། །དངོས་གྲུབ་ཆེན་པོ་གྲུབ་པའི་ས། །བྱིན་རླབས་ཡ་མཚན་ཆེ་བའི་གནས། །འོད་མའི་ཚལ་གྱི་བྱང་གི་ཕྱོགས། །གང་གཱ་ཆེན་པོའི་ལྷོ་ཕྱོགས་ན། །ནཱ་ལེནྡྲ་ཡི་གྲོང་ཁྱེར་དུ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །ཨ་ཤྭཏྠ་དང་ཨུ་དུ་འབར། །ཨ་ཀྲོ་ཏ་དང་ནྱ་གྲོ་དྷ། །ཤིང་དང་མེ་ཏོག་ཚལ་གྱིས་བརྒྱན། །ལྕེ་སྤྱང་རོ་ལངས་ལིང་འདུ་དང་། །ཁྭ་དང་བྱ་རྒོད་འུག་པ་དང་། །དུར་བྱ་ཀང་ཀ་ལ་སོགས་པའི། །བྱ་རོག་ལྕགས་ཀྱི་མཆུ་ཅན་རྣམས། །མི་རོ་གཅལ་བཀྲམ་ཚོགས་ལ་རོལ། །ཧཱུྃ། དུར་ཁྲོད་དེ་ཡི་ཞིང་སྐྱོང་ནི། །མ་ཧེའི་གདོང་ཅན་འཇིགས་པའི་གཟུགས། །ཤ་ཟ་གཤིན་རྗེ་གྲུལ་བུམ་དང་། །མ་མོ་མཁའ་འགྲོའི་ཚོགས་རྣམས་ལ། །དེ་ལྟར་འཇིགས་པའི་དུར་ཁྲོད་དུ། །སྔགས་འཆང་རིག་འཛིན་སྐྱོང་བའི་ལྷ། །རྡོ་རྗེ་མགོན་པོ་བྱ་རོག་མཚན། །ཆོས་སྐྱོང་ཕོ་བྲང་དམ་
པ་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །རྟོག་མེད་རྣལ་འབྱོར་དམ་ཚིག་ཅན། །བདག་གི་ཕྲིན་ལས་བསྒྲུབ་པའི་ཕྱིར། །བརྩེར་དགོངས་དམ་ཚིག་གཉན་གྱིས་བྱོན། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན། །ཉམས་པ་མེད་པའི་རྟེན་བཙུགས་ནས། །ཆོས་ཀྱི་དབྱིངས་ནས་ད་བསྐྱོད་ལ། །བརྩེར་དགོངས་དམ་ཚིག་གཉན་གྱིས་བྱོན། །ཧཱུྃ། རྡོ་རྗེ་མགོན་པོ་ནག་པོ་ཆེ། །རིག་འཛིན་རྣལ་འབྱོར་དགྲ་བླ་སྟེ། །དཔལ་དང་དབང་ཕྱུག་བསྐྱེད་པའི་ཕྱིར། །བརྩེར་དགོངས་དམ་ཚིག༴ ཁྱོད་ཀྱི་སྐུ་ཡི་སྤྲུལ་པ་ནི། །འཇིག་རྟེན་ཁམས་ཀུན་ཁྱབ་པར་མཛད། །རྫུ་འཕྲུལ་ནུས་མཐུ་བསྐྱེད་པའི་ཕྱིར། །བརྩེར་དགོངས༴ ཁྱོད་ཀྱི་གསུང་གི་ང་རོ་ཡིས། །སྟོང་གསུམ་གཡོ་ཞིང་སྐྲག་པར་བྱེད། །དངོས་གྲུབ་མཐུ་བྱིན་བསྐྱེད་པའི་ཕྱིར། །བརྩེར་དགོངས༴ ཁྱོད་ཀྱི་ཐུགས་ཀྱི་འཕྲོ་འདུ་ཡིས། །
འཇིག་རྟེན་ལྷ་ཆེན་ཟིལ་གྱིས་གནོན། །ཕྲིན་ལས་བྱིན་རླབས་སྤར་བའི་ཕྱིར། །བརྩེར་དགོངས༴ ཧཱུྃ། རྡོ་རྗེ་མགོན་པོ་མཐུ་སྟོབས་ཅན། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །ལས་ངན་དགྲ་བོ་བསྒྲལ་བའི་ཕྱིར། །བརྩེར་དགོངས༴ འཇིག་རྟེན་ལྷ་ཆེན་ཡང་རྗེ་དཔལ། །བཀའ་སྡོད་བཀའ་ཉན་འཁོར་དང་བཅས། །མ་བྱམས་བུ་སྡུག་སྐྱོང་བ་ལྟར། །སྔགས་འཆང་བདག་གི་གནས་འདིར་བྱོན། །ཕོ་བྲང་གནས་མཆོག་དམ་པ་ན། །བདག་ཅག་རྣལ་འབྱོར་དམ་ཅན་དང་། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །བརྩེར་དགོངས༴ ཧཱུྃ། གཡས་སུ་སྲོག་བདག་བྱ་རོག་གདོང་། །ནག་པོ་སྟོང་གི་ཚོགས་དང་བཅས། །དགྲ་བགེགས་མ་ལུས་འདུལ་བའི་ཕྱིར། །བརྩེར་དགོངས༴ གཡོན་དུ་བདུད་འདུལ་བྱ་རོག་གདོང་། །ཤ་ཟ་འབུམ་གྱི་ཚོགས་དང་བཅས། །དགྲ་བོ་དམ་ཉམས་བརླག་པའི་ཕྱིར། །བརྩེར་
དགོངས༴ མདུན་དུ་བདུད་མོ་བྱ་རོག་གདོང་། །མ་མོ་བྱེ་བའི་ཚོགས་དང་བཅས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བརྩེར་དགོངས༴ ཧཱུྃ། དཔལ་ལྡན་མགོན་པོ་བྱ་རོག་གདོང་། །ཁྱེད་ལ་བསྟོད་ཅིང་ཞུ་བ་ནི། །ད་ལྟ་མ་དག་སྙིགས་མའི་དུས། །གཤེགས་ཤིང་འབྱོན་པར་མི་འོས་ཀྱང་། །བསྟན་པ་གཉན་པོ་བསྲུང་བ་དང་། །སེམས་ཅན་བདེ་ལ་འགོད་པ་དང་། །རྣལ་འབྱོར་བདག་གི་རེ་སྐོང་དང་། །ཐུན་མོང་མཆོག་གི་མཆོད་པ་རྣམས། །ཁྱེད་ལ་འབུལ་ཞིང་བཞེས་སླད་དུ། །འཁོར་བཅས་གནས་འདིར་གཤེགས་མཛོད་ལ། །རཀྟ་དུག་སྣ་ཨ་མྲྀ་ཏ། །ལེགས་པར་བྱུགས་པའི་གཞལ་ཡས་སུ། །པད་ཉི་ཞིང་མཆོག་གདན་ཡངས་ལ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧཱུྃ། ས་མ་ཡ་སྟྭཾ། ཧཱུྃ། བདེ་གཤེགས་ཐུགས་རྗེས་སྐུར་
སྤྲུལ་པ། །སེམས་ཅན་ཀུན་ལ་མགོན་སྐྱབས་མཛད། །འོག་མིན་གནས་ན་བཞུགས་པ་ལ། །རབ་ཏུ་བཏུད་དེ་ཕྱག་འཚལ་ལོ། །ཧཱུྃ། བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། །འདྲེན་པ་འཇིག་རྟེན་མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །འཇིག་རྟེན་ལ་གནས་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །ལྷ་ཆེན་འཇིགས་པའི་སྐུར་བསྟན་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །ཧཱུྃ། འོ་མ་ཆུ་གཙང་སྦྱར་བ་ཡི། །ཡིད་འོང་མཆོད་ཡོན་ཞབས་བསིལ་འབུལ། །སྤོས་དང་ཆུ་གཙང་སྦྱར་བ་ཡི། །ཞབས་བསིལ་དམ་པས་སྐུ་ཁྲུས་གསོལ། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་དང་བཅས། །མཛེས་པའི་མེ་ཏོག་དབུ་ལ་འབུལ། །ཁ་དོག་སྣ་ཚོགས་བཞེས་སུ་གསོལ། །བདུག་སྤོས་དམ་པ་ཤངས་ལ་འབུལ། །དྲི་ཞིམ་སྣ་ཚོགས་བཞེས་སུ་
གསོལ། །སྣང་གསལ་མར་མེ་སྤྱན་ལ་འབུལ། །འོད་གསལ་སྣ་ཚོགས་བཞེས་སུ་གསོལ། །དྲི་ཆབ་དམ་པ་སྐུ་ལ་འབུལ། །དྲི་མཆོག་སྣ་ཚོགས་བཞེས་སུ་གསོལ། །ཞལ་ཟས་དམ་པ་ལྗགས་ལ་འབུལ། །རོ་མཆོག་སྣ་ཚོགས་བཞེས་སུ་གསོལ། །རོལ་མོ་སིལ་སྙན་སྙན་ལ་འབུལ། །སྒྲ་སྙན་སྣ་ཚོགས་བཞེས་སུ་གསོལ། །ཕྱི་མཆོད་སྣ་ཚོགས་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ནོར་ལ་གོད་རལ་མ་ཤོར་ཅིག །ཞིང་གི་བཙའ་སད་སེར་གསུམ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཞོར། །དམིགས་པའི་དགྲ་བོའི་སྲོག་རྩ་ཆོད། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །གཞན་ཡང་མཆོད་པ་འབུལ་
བ་ནི། །བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཤ་བྲན་དཔག་མེད་འཁོར་གྱིས་བསྐོར། །སྐམ་པོ་རློན་པ་བཙོས་དང་བསྲེགས། །སྒོག་བཙོང་ལ་སོགས་སྤོད་ཀྱིས་བྲན། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཧཱུྃ། གཞན་ཡང་མཆོད་པ་འབུལ་བ་ནི། །ནས་ཆང་གྲོ་ཆང་འབྲས་ཆང་དང་། །རྒུན་ཆང་སྦྲང་ཆང་ལ་སོགས་ཏེ། །ཆང་གི་བྱེ་བྲག་སྣ་ཚོགས་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ནང་གི་མཆོད་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་རལ་མ་བཏང་ཞིག །ཞིང་གི་བཙའ་སད་སེར་གསུམ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེ་ཁྲམ་ལ་བཏབ་པ་ཞོར། །དམིགས་པའི་དགྲ་བོའི་སྲོག་རྩ་
ཆོད། །ཧཱུྃ། གཞན་ཡང་མཆོད་པ་འབུལ་བ་ནི། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །གོ་རོ་ཙ་ན་རཀྟ་ལྔ། །བདུད་རྩིའི་གསང་མཆོད་འདི་དག་རྣམས། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཧཱུྃ། གཞན་ཡང་མཆོད་པ་འབུལ་བ་ནི། །ནས་དང་གྲོ་དང་འབྲས་དང་ནི། །སྲན་མ་ལ་སོགས་བཙོས་པའི་ཆན། །ཆན་གྱི་བྱེ་བྲག་སྣ་ཚོགས་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཧཱུྃ། གཞན་ཡང་མཆོད་པ་འབུལ་བ་ནི། །ཁམ་བུ་ཀུ་ཤུ་སྟར་ཁ་དང་། །ཅོ་ལོ་ཉོ་ལོ་རྒུན་འབྲུམ་དང་། །མེ་ཏོག་སྣ་ཚོགས་འདི་དག་ཀྱང་། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྣ་ཚོགས་མཆོད་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་རལ་མ་བཏང་
ཞིག །ཞིང་གི་བཙའ་སད་སེར་གསུམ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཞོར། །དམིགས་པའི་དགྲ་བོའི་སྲོག་རྩ་ཆོད། །དུས་ལ་བབ་བོ་ས་མ་ཡ། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་དང་བཅས། །བརྩེ་བའི་ཐུགས་ཀྱིས་དགོངས་སུ་གསོལ། །བདག་ནི་གསང་སྔགས་སྒོར་ཞུགས་ནས། །རྩ་བ་དང་ནི་ཡན་ལག་གི །ཁས་བླངས་དམ་ཚིག་འགལ་བ་ཀུན། །མགོན་པོ་འཁོར་དང་བཅས་ལ་བཟོད་པར་གསོལ། །ཐུགས་དང་འགལ་བ་བསྐང་ཞིང་བཤགས། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཆོས་སྐྱོང་མགོན་པོའི་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོའི༴ བྱ་རོག་མིང་ཅན༴ ལྷ་ཆེན་དཔལ་འབར༴ རྣལ་འབྱོར་དགྲ་བླའི༴ རིག་འཛིན་སྲོག་ཤིང༴ བདུད་འདུལ་ཆེན་པོའི༴ དམ་ཉམས་སྲོག་
གཅོད༴ ཕྱི་རུ་གཡག་དང་ལུག་གིས་བསྐང་། །ནང་དུ་མདའ་དར་སྲོག་སྔགས་བཅས། །གསང་བའི་གྲི་སྙིང་ཆས་སུ་བཅུག །དེ་ཁོ་ནའི་ཏིང་འཛིན་གཉན་པོས་བསྐང་། །ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །སྐུ་ཡི་མགོན་པོའི་ཐུགས་དམ་བསྐང་། །ལེགས་ལྡན་ནག་པོའི༴ གསུང་གི་མགོན་པོའི༴ གཟི་བརྗིད་ཅན་གྱི༴ ཐུགས་ཀྱི་མགོན་པོའི༴ གྲི་ཐོད་ཅན་གྱི༴ ཡུམ་ཆེན་ལྷ་མོའི༴ ཙན་ཏི་ཀ་ཡི༴ དྲག་པོ་སེང་གདོང༴ ཤ་ཟ་འབུམ་གྱི༴ སྲོག་བདག་བྱ་རོག་གདོང་གི༴ ནག་པོ་སྟོང་གི༴ བདུད་མགོན་བྱ་རོག་གདོང་གི༴ མ་མོ་བྱེ་བའི་ཐུགས་དམ་བསྐང་། །ཧཱུྃ། ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ཡི་ཚུལ། །རྣམ་རྟོག་སྦྱོང་མཛད་ཤ་ལྔ་བདུད་རྩི་ལྔ། །དབང་པོ་ཚིམ་བྱེད་འདོད་ཡོན་རྣམ་ལྔར་བཅས། །ཚོགས་དང་གཏོར་མ་རྒྱ་ཆེན་མཆོད་པར་འབུལ། །སྐུ་
གསུང་ཐུགས་ཀྱི་དམ་ཚིག་སྐོང་བར་མཛོད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་རལ་མ་ཤོར་ཅིག །ཞིང་གི་བཙའ་སད་སེར་གསུམ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཞོར། །དམིགས་པའི་དགྲ་བོའི་སྲོག་རྩ་ཆོད། །ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས་དམ་བསྐང་། །བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །སྐུ་ལྡིར་ཆེན་པོས༴ གཞལ་ཡས་ཁང་དུ་བཞུགས་པའི་ཕྱིར། །དར་ནག་གདུགས་ཀྱིས༴ སྤྱན་གྱི་དབང་པོ་ཚིམ་བྱའི་ཕྱིར། །གསལ་བྱེད་དམར་མོས༴ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཤ་ཆེན་སྤོས་ཀྱིས༴ ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །བཤོས་བུ་དམར་པོས༴
ཐུགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །དྲི་མཆོག་ཆུ་ཡིས༴ སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར། །སིལ་སྙན་སྒྲ་ཡིས༴ སྐུ་ཡི་རེག་བྱ་ཚིམ་བྱའི་ཕྱིར། །དབང་བེར་ནག་པོས༴ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་རལ་མ་ཤོར་ཅིག །ཞིང་གི་བཙའ་སད་སེར་གསུམ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཞོར། །དམིགས་པའི་དགྲ་བོའི་སྲོག་རྩ་ཆོད། །ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །ཤ་ཆེན་ཟན་ལ་དགྱེས་པའི་ཕྱིར། །མམ་ས་རྣམ་ལྔས་ཐུགས་དམ་བསྐང་། །མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །དམར་ཆེན་གཏོར་མས༴ རཀྟ་རྒྱུན་དུ་གསོལ་བའི་ཕྱིར། །
ཁྲག་གི་ཨརྒས་ཐུགས་དམ་བསྐང་། །མྱོས་བྱེད་སྐོམ་དུ་འཐུང་བའི་ཕྱིར། །དཔའ་བོ་ཆང་གིས༴ དམ་ཚིག་གཉེན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ གསུར་ཆེན་དྲི་ལ་མཉེས་པའི་ཕྱིར། །ཚིལ་ཆེན་དུད་པས༴ དྲག་པོའི་ཕྲིན་ལས་མཛད་པའི་ཕྱིར། །བཤོས་བུ་ནག་པོས་ཐུགས་དམ་བསྐང་། །ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །དཀར་གྱི་དྭངས་མ་ཡིན་པའི་ཕྱིར། །ལུག་ནག་གེལ་པས་ཐུགས་དམ་བསྐང་། །མགོན་པོའི་ལྷ་ཚོགས་མཉེས་པའི་ཕྱིར། །གཡག་རྒོད་རོག་པོས༴ བདུད་བཞི་རྩད་ནས་གཅོད་པའི་ཕྱིར། །གྲི་གུག་འབར་བས༴ ལོག་འདྲེན་སྙིང་ཁྲག་འཐུང་བའི་ཕྱིར། །ཐོད་ཁྲག་འབར་བས༴ དམ་ཉམས་སྲོག་རྩ་གཅོད་པའི་ཕྱིར། །གནམ་ལྕགས་རལ་གྲིས༴ དུག་གསུམ་རྩད་ནས་གཅོད་པའི་ཕྱིར། །རྩེ་གསུམ་འབར་བས༴ ལྷ་མིན་གཡུལ་ངོ་བཟློག་པའི་ཕྱིར། །
མདུང་དར་ནག་པོས༴ རྒྱུན་དུ་སྲོག་རྩ་གཅོད་པའི་ཕྱིར། །དམ་ཉམས་ལིང་གས༴ དྲག་པོའི་ཕྲིན་ལས་མཛད་པའི་ཕྱིར། །ཐོད་རློན་ཕྲེང་བས༴ ཕྱག་མཚན་དགྲ་ལ་བརྡེག་པའི་ཕྱིར། །བེ་ཅོན་ནག་པོས༴ དཔའ་བོའི་ཆས་སུ་ཞུགས་པའི་ཕྱིར། །སྟག་ལྤགས་གཡང་གཞིས༴ མགོན་པོ་ཆས་པའི་རྟེན་ཡིན་ཕྱིར། །རྟ་ནག་མདོ་བས༴ ཐམས་ཅད་རྒྱུན་དུ་བསྐུལ་བའི་ཕྱིར། །རྔ་ཆེན་སྐད་ཀྱིས༴ གསང་བའི་མཚན་ནས་འབོད་པའི་ཕྱིར། །རྔེའུ་ཆུང་གསང་བས༴ མུན་ནག་དགྲ་ལ་འབབ་པའི་ཕྱིར། །ནམ་མཁའ་ནག་པོས༴ རྒྱུན་དུ་མི་འབྲལ་འགྲོགས་པའི་ཕྱིར། །རྟག་གཏོར་ཆེན་པོས༴ ཕྲིན་ལས་རྒྱུན་དུ་མཛད་པའི་ཕྱིར། །རྒྱུན་གཏོར་ནར་མས༴ རྣལ་འབྱོར་དངོས་གྲུབ་སྟེར་བའི་ཕྱིར། །རིན་ཆེན་རྒྱན་གྱིས༴ གཟུགས་ཀྱི་མཆོད་པ་ཡིན་པའི་ཕྱིར། །སྣ་ཚོགས་དར་གྱིས༴ མ་སྲིང་
མཁའ་འགྲོ་མཉེས་པའི་ཕྱིར། །མི་དབང་འབྲས་བུས༴ མ་མོ་ཚོགས་བཅས་བརྟེན་པའི་ཕྱིར། །སྨན་ཐོད་ལྕང་ལོས༴ དམན་མོ་ཕོ་ཉར་འགྱེད་པའི་ཕྱིར། །རྒོད་ནག་མགོ་ཡིས༴ བྲན་མོ་ལས་ལ་འགྱེད་པའི་ཕྱིར། །ཁྱི་ནག་ལག་པས༴ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། །བྱ་ནག་ཚོགས་ཀྱིས༴ ལྟས་ངན་དགྲ་ལ་འབབ་པའི་ཕྱིར། །གཅན་གཟན་ཚོགས་ཀྱིས༴ ཀླུ་བརྒྱད་དབང་དུ་སྡུད་པའི་ཕྱིར། །སྦྲུལ་ནག་ཆུན་པོས༴ སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་རལ་མ་ཤོར་ཅིག །ཞིང་གི་བཙའ་སད་སེར་གསུམ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཞོར། །དམིགས་པའི་
དགྲ་བོའི་སྲོག་རྩ་ཆོད། །དུས་ལ་བབ་བོ་ས་མ་ཡ། །ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །དར་ནག་རྒྱལ་མཚན་ཕྱར་བའི་ཕྱིར། །གཙོ་བོ་མགོན་པོའི༴ ཟ་ནག་རྒྱལ་མཚན་ཕྱར་བ་ཡིས། །ནག་པོ་སྟོང་གི༴ སྟག་གི་རྒྱལ་མཚན་ཕྱར་བ་ཡིས། །ཤ་ཟ་འབུམ་གྱི༴ ལུག་ནག་རྒྱལ་མཚན་ཕྱར་བ་ཡིས། །མ་མོ་བྱེ་བའི༴ ཁྱི་ནག་རྒྱལ་མཚན་ཕྱར་བ་ཡིས། །སྤྲུལ་པའི་དམག་ཚོགས་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་མགོན་པོ་དགོངས་སུ་གསོལ། །ཡེ་ཤེས་ལྷ་སྐུ་རྟག་པར་བསྒོམ་རྒྱུ་ལ། །ཏིང་འཛིན་རྩེ་གཅིག་མ་གསལ་ནག་པོ་གཡེལ། །སྐུ་ཡི་དམ་ཚིག་ཉམས་པར་གྱུར་པ་ཀུན། །མགོན་པོ་འཁོར་བཅས་སྐུ་ལ་མཐོལ་ལོ་བཤགས། །སྔགས་དང་སྙིང་པོ་རྒྱུན་ཆད་མེད་རྒྱུ་ལ། །སྙིང་པོ་མ་དག་ལོང་གཏམ་བར་དུ་ཆུད། །གསུང་གི་དམ་ཚིག་ཉམས་པར་གྱུར་པ་ཀུན། །མགོན་པོ་
འཁོར་བཅས་གསུང་ལ་མཐོལ་ལོ་བཤགས། །ཆོས་ཉིད་གཉིས་སུ་མེད་པར་མ་རྟོགས་པས། །ཡེ་ཤེས་ལྷ་ལ་དངོས་པོར་འཛིན་པ་ཡི། །ཐུགས་ཀྱི་དམ་ཚིག་ཉམས་པར་གྱུར་པ་ཀུན། །མགོན་པོ་འཁོར་བཅས་ཐུགས་ལ་མཐོལ་ལོ་བཤགས། །བརྟེན་རྫས་མ་ཚོགས་ཡན་ལག་དམ་ཚིག་ཉམས། །མགོན་པོ་འཁོར་བཅས་སྤྱན་སྔར་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོང་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་རལ་མ་ཤོར་ཅིག །ཞིང་གི་བཙའ་སད་སེར་གསུམ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཞོར། །དམིགས་པའི་དགྲ་བོའི་སྲོག་རྩ་ཆོད། །དུས་ལ་བབ་བོ་ས་མ་ཡ། །ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི། །བསད་པའི་ཤ་དང་མྱོས་
པའི་ཆང་། །བསྲེག་པའི་གསུར་དང་བཙོས་པའི་ཞག །ཁུ་ཁྲག་ལྷ་བ་རྐང་མར་དང་། །ནང་ཁྲོལ་གློ་སྙིང་མཁལ་མར་བཅས། །མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །ཟློག་ཅིག་མ་མོའི་སྔགས་ཟོར་ཟློག །གཤིན་རྗེའི་འཁྲུལ་འཁོར་བཟློག་ཏུ་གསོལ། །ཁྲོ་བོའི་དྲག་ཤུལ་བཟློག་ཏུ་གསོལ། །ཕུར་པའི་དབལ་གཟིར་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །མུ་སྟེགས་དམོད་པ་བཟློག་ཏུ་གསོལ། །ཀླུ་ཡི་གཏད་ཁྲམ་བཟློག་ཏུ་གསོལ། །བལ་པོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་གནོད་པ་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །མ་མགོན་སྤར་བུ་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །བཙན་གྱི་ཤོད་རྒྱུག་བཟློག་ཏུ་གསོལ། །ས་བདག་ཡམས་ནད་བཟློག་ཏུ་གསོལ། །
རྒྱལ་འགོང་བཙན་བདུད་བྱིན་གྱིས་ཐུལ། །མ་བདུད་རྒྱལ་མོ་ཐལ་བར་རློག །ཐེའུ་རང་འགོག་པོ་གཞོབ་ཏུ་སྲེགས། །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་རང་མཚོན་རང་ལ་རྒྱོབས། །ཁས་བླངས་དམ་བཅའ་མ་གཡེལ་ཅིག །ཡབ་གཅིག་དཔལ་ལྡན་མགོན་པོའི་དུས་ལ་བབ། །ཡུམ་ཆེན་ཙན་ཏི་ཀ་ཡི་དུས་ལ་བབ། །ལེགས་ལྡན་བཀའ་སྡོད་ནག་པོའི་དུས་ལ་བབ། །དྲག་པོ་སེང་གདོང་ཅན་གྱི་དུས་ལ་བབ། །ནག་པོ་སྟོང་གི་དུས་ལ་བབ། །ཤ་ཟ་འབུམ་གྱི་དུས་ལ་བབ། །མ་མོ་བྱེ་བའི་དུས་ལ་བབ། །གསོད་བྱེད་ཤ་ཟ་རྡ་རའི་དུས་ལ་བབ། །དུས་ལ་བབ་བོ་མ་གཡེལ་ཅིག །བདག་ཅག་དཔོན་སློབ་འཁོར་བཅས་ལ། །རྒྱལ་པོ་ཀླུ་བདུད་ལ་སོགས་ཀྱི། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རླུང་མཁྲིས་བད་ཀན་ནད་ལ་སོགས། །ནད་ཀྱི་རིགས་རྣམས་ཞི་བར་མཛོད། །མོ་ལྟས་
ངན་དང་རྨིས་ལྟས་ངན། །མཚན་ལྟས་ངན་དང་བཀྲ་མི་ཤིས། །སྦྱོར་བ་རྩུབ་མོ་འགྱེད་པ་དང་། །བྱད་ཁ་སྟོན་པ་ལ་སོགས་ཏེ། །བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཡག་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཧཱུྃ། བོས་སོ་མགོན་པོ་སྙན་མ་སྲ། །གཡབ་བོ་མགོན་པོ་སྤྱན་མ་རྟུལ། །བསྟེན་ནོ་མགོན་པོ་རྒྱང་མ་རིང་། །བསྐུལ་ལོ་མགོན་པོ་ཕྲག་མ་དོག །བསྒྲུབ་བོ་མགོན་པོ་གོང་མ་གཡེལ། །རྦད་དོ་མགོན་པོ་མཐུ་མ་ཆུང་། །ཁྱོད་ལ་མཐུན་པའི་དམ་རྫས་འབུལ། །བཀའ་ཡང་བཙལ་ལ་ཐུགས་དམ་བསྐང་། །བདག་ལ་སྡང་བའི་དགྲ་བྱུང་ན། །ཕ་ཁུ་ལགས་ཀྱང་སྒྲོལ་ལ་ཤོག །དུས་ལ་བབ་བོ་མ་གཡེལ་ཅིག །དགུང་ལ་ཤར་བའི་ཉི་ཟླ་
ལ། །ལྷོ་སྤྲིན་འཐིབ་ཀྱིས་གཡོགས་ལ་ཁད། །ཀླུང་དུ་འབབ་པའི་ཆུ་བོ་ལ། །ཀྱུ་འགྲོ་སྐྱོག་གིས་བཅུས་ལ་ཁད། །བདུད་རྩི་ལྡང་བའི་རི་བོ་ལ། །གཏི་མུག་རྫོང་གིས་བཏབ་ལ་ཁད། །ཤེས་རབ་གསལ་བའི་ཉི་མ་ལ། །བག་ཆགས་དྲི་མས་སྒྲིབ་ལ་ཁད། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །བདག་དོན་དང་ལྡན་པའི་རྣལ་འབྱོར་པ། །དམ་ཉམས་དགྲ་བོས་བསད་ལ་ཁད། །མ་གཡེལ་མ་གཡེལ་ཆོས་སྐྱོང་ཚོགས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་བཞི་སྙིང་བཟླས་ཤིང་གཏོར་མ་དགྲ་ཕྱོགས་སུ་བསྐྱལ་ལོ། །དཔལ་ཆེན་རྒྭ་ལོས་མཛད་པ་རྫོགས་སོ།། །།
རྡོ་རྗེ་གུར་གྱི་མགོན་པོའི་བསྐང་བ་དམ་པ་ཅུང་གིས་མཛད་པ་དངོས་གྲུབ་ཆར་འབེབས། ཨ་ནནྟ་བྷ་དྲ།
རྡོ་རྗེ་གུར་གྱི་མགོན་པོའི་བསྐང་བ་དམ་པ་ཅུང་གིས་མཛད་པ་དངོས་གྲུབ་ཆར་འབེབས་བཞུགས་སོ། །ན་མ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་འཕྲུལ་བྱེ་བ་མཐའ་ཡས་པ། །དགྲ་བགེགས་རྡུལ་བཞིན་བརླག་མཛད་པ། །མཐུ་ཆེན་དཔའ་བོའི་ཐུགས་དམ་བསྐང་། །ཧཱུྃ། དཔལ་ལྡན་མགོན་པོ་ཁྱོད་ཀྱི་སྐུ། །དུས་མཐའི་ཆར་སྤྲིན་ཆེར་གནག་ཅིང་། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །དཔའ་བོ་གར་གྱི་ཉམས་དགུར་ལྡན། །དེ་འདྲའི་སྐུ་ཡི་ཏིང་འཛིན་མཆོག །རབ་ཏུ་གསལ་བར་བསྒོམ་པ་དང་། །བསྟེན་
ཅིང་རྒྱུན་དུ་མཆོད་པ་ཡིས། །དཔལ་མགོན་སྐུ་ཡི་ཐུགས་དམ་བསྐང་། །སྣ་ཚོགས་རིན་ཆེན་ལས་གྲུབ་པའི། །དབུ་རྒྱན་མགུལ་རྒྱན་སྙན་ཆ་དང་། །དཔུང་རྒྱན་ལག་གདུབ་དོ་ཤལ་དང་། །རྐང་གདུབ་སོར་གདུབ་རིན་ཆེན་རྒྱན། །ཀླུ་ཆེན་བརྒྱད་ཀྱི་སྦྲུལ་རྒྱན་དང་། །རབ་མཛེས་དར་གྱི་ལྷབ་ལྷུབ་དང་། །སྟག་ལྤགས་ཤམ་ཐབས་ལ་སོགས་པས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །མི་རུས་མཆོག་ལས་གྲུབ་པ་ཡི། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་གདུབ་དང་ནི་སྐ་རགས་སོགས། །རུས་རྒྱན་དྲུག་གི་རྒྱན་ཆ་དང་། །ཐོད་སྐམ་ལྔ་ཡི་ཅོད་པན་དང་། །གདུག་པ་ཅན་གྱི་མགོ་བོའི་ཕྲེང་། །ཁྲག་འཛག་ལྔ་བཅུའི་དོ་ཤལ་གྱིས། །མ་ཧཱ་ཀཱ་ལའི༴ རབ་མཛེས་རྒྱན་གྱི་བྱེ་བྲག་གིས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །སྐུ་ལ་མཆོད་པ་ཕུལ་བ་ཡིས། །སྐུ་ཡི་དམ་ཚིག་ཉམས་ཆག་བསྐང་། །རྣལ་འབྱོར་
བདག་ཅག་འཁོར་བཅས་ལ། །ནད་དང་གདོན་གྱིས་གནོད་པ་སོགས། །ལུས་ཀྱི་བར་ཆད་ཞི་བ་དང་། །ཚེ་དང་བསོད་རྣམས་རྒྱས་པར་མཛོད། །ཧཱུྃ། ནག་པོ་ཆེན་པོ་ཁྱོད་ཀྱི་གསུང་། །བཞད་སྒྲ་སྔགས་ཀྱི་ང་རོ་ཡིས། །འབྲུག་སྟོང་གྲགས་པ་ཟིལ་གནོན་ཅིང་། །བདུད་དང་ལོག་འདྲེན་སྙིང་རབ་འགས། །དེ་འདྲའི་གསུང་གི་རྣལ་འབྱོར་ནི། །རབ་ཏུ་གསལ་བར་བསྒོམ་པ་དང་། །དྲན་དང་རྒྱུན་དུ་བསྟེན་པ་ཡིས། །དཔལ་མགོན་གསུང་གི་ཐུགས་དམ་བསྐང་། །རྩ་སྔགས་སྙིང་པོ་ཉེ་སྙིང་སོགས། །དྲག་པོའི་གསང་སྔགས་ཟབ་མོ་རྣམས། །དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། །དག་ཅིང་གསལ་བར་བཟླས་པ་དང་། །མགོན་པོ་འཁོར་དང་བཅས་རྣམས་ལ། །བསྙེན་སྒྲུབ་ཚད་དུ་སྐྱོལ་བ་དང་། །ཟབ་མོའི་བཟླས་བརྗོད་རྣམ་མང་གིས། །མ་ཧཱ་ཀཱ་ལའི༴ གཞན་ཡང་བསྟོད་
དབྱངས་སྙན་པ་ཡི། །བསྟོད་ཚིག་ཟབ་མོ་དཔག་མེད་རྣམས། །སྙན་ཅིང་བརྗིད་པས་བསྟོད་པ་དང་། །བདེ་གཤེགས་གསུང་རབ་བསྒྲགས་པ་དང་། །རྔ་ཆེན་དུང་དང་ཆ་ལང་དང་། །ཅང་ཏེའུ་མཁར་རྔ་དྲིལ་བུ་དང་། །པི་ཝང་ལ་སོགས་སྒྲ་སྙན་གྱིས། །མ་ཧཱ་ཀཱ་ལའི༴ སྣ་ཚོགས་རོལ་མོའི་བྱེ་བྲག་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །གསུང་ལ་མཆོད་པ་འབུལ་བ་ཡིས། །གསུང་གི་དམ་ཚིག་ཉམས་ཆག་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གཞན་གྱིས་ངག་མནན་བྱེད་པ་སོགས། །ངག་གི་བར་ཆད་ཞི་བ་དང་། །སྙན་གྲགས་ཕྱོགས་བཅུར་རྒྱས་པར་མཛོད། །ཧཱུྃ། དཔའ་བོ་ཆེན་པོ་ཁྱེད་ཀྱི་ཐུགས། །ཟད་མེད་ཡོན་ཏན་ཀུན་ལྡན་ཞིང་། །ཆོས་དབྱིངས་ཤིན་ཏུ་རྣམ་དག་ལ། །སྤང་བྱའི་དྲི་མ་ཀུན་དང་བྲལ། །དེ་འདྲའི་ཐུགས་ཀྱི་ཡོན་ཏན་ནི། །རབ་ཏུ་དང་བས་བསྒོམ་པ་དང་། །
བསྐྱེད་རྫོགས་ཏིང་འཛིན་སྒྲུབ་པ་ཡིས། །དཔལ་མགོན་ཐུགས་ཀྱི་ཐུགས་དམ་བསྐང་། །གྲི་ལྕགས་ཆེན་པོ་ལས་གྲུབ་པའི། །དམ་ཚིག་རྡོ་རྗེ་རྩེ་ལྔ་པ། །རྡོ་རྗེ་གྲི་གུག་འབར་བ་དང་། །ཐོད་ཁྲག་རྣམ་འཕྲུལ་གཎྜི་དང་། །སྣ་ཚོགས་རིན་ཆེན་ལས་གྲུབ་པའི། །འཁོར་ལོ་རིན་ཆེན་པདྨ་དང་། །རྡོ་རྗེ་རྒྱ་གྲམ་ལ་སོགས་པས། །མ་ཧཱ་ཀཱ་ལའི༴ གསེར་དངུལ་བྱེ་རུ་མུ་ཏིག་དང་། །མུ་མིན་ཨིནྡྲ་ནི་ལ་སོགས། །ཡིད་འོང་རིན་ཆེན་བསམ་ཡས་དང་། །དར་ཆེན་ཁ་དོག་སྣ་ཚོགས་དང་། །རི་མོ་སྣ་ཚོགས་རབ་བཀྲ་བས། །ཟབ་ཆེན་ཁ་དོག་དུ་མ་དང་། །གོས་ཆེན་གསེར་གྱི་རྒྱན་ལྡན་པས། །མ་ཧཱ་ཀཱ་ལའི༴ སྣ་ཚོགས་མཆོད་པའི་ཡོ་བྱད་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །ཐུགས་ལ་མཆོད་པ་ཕུལ་བ་ཡིས། །ཐུགས་ཀྱི་དམ་ཚིག་ཉམས་ཆག་བསྐང་། །རྣལ་འབྱོར་བདག་ཅག་འཁོར་
བཅས་ཀྱི། །སྨྱོ་འབོག་སེམས་འཁྲུལ་ལ་སོགས་པ། །སེམས་ཀྱི་བར་ཆད་ཞི་བ་དང་། །བསམ་དོན་ཆོས་བཞིན་རྒྱས་པར་མཛོད། །ཧཱུྃ། ཡོན་ཏན་དཔག་ཡས་མགོན་པོ་ཁྱོད། །སྟོབས་བཅུ་མི་འཇིགས་རྣམ་བཞི་དང་། །མ་འདྲེས་དྲན་པ་ཉེར་བཞག་སོགས། །བསམ་ཡས་ཡོན་ཏན་ཀུན་དང་ལྡན། །དེ་ལྟའི་མགོན་པོའི་ཡོན་ཏན་རྣམས། །དྲན་ཅིང་དད་པ་བསྐྱེད་པ་དང་། །དམ་ཆོས་ཚུལ་བཞིན་བཟུང་བ་ཡིས། །དཔལ་མགོན་ཡོན་ཏན་ཐུགས་དམ་བསྐང་། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་སིལ་སྙན་ལ་སོགས་པ། །ཉེ་བར་སྤྱོད་པ་ཐམས་ཅད་དང་། །གཟུགས་སྒྲ་དྲི་རོ་འདོད་ཡོན་ལྔ། །དྲི་ལྔ་སྨན་ལྔ་འདོད་ཡོན་ལྔ། །སྙིང་པོ་ལྔ་སོགས་མཆོད་རྫས་ཀྱིས། །མ་ཧཱ་ཀཱ་ལའི༴ གཞན་ཡང་ཁྱད་འཕགས་རིན་ཆེན་བདུན། །ལྷ་མིའི་ཡོ་
བྱད་བཀྲ་ཤིས་བརྒྱད། །གསེར་གྱི་གདུགས་མཛེས་ཏོག་ཅན་དང་། །ཡིད་བཞིན་ནོར་བུའི་རྒྱལ་མཚན་དང་། །རྔ་ཡབ་དངུལ་གྱི་ཡུ་བ་ཅན། །འཕན་དང་བ་དན་ལྡ་ལྡི་དང་། །བླ་རེ་ལ་སོགས་རྒྱན་རྣམས་ཀྱིས། །མ་ཧཱ་ཀཱ་ལའི༴ ཡིད་འོང་འདོད་ཡོན་དུ་མ་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །ཡོན་ཏན་མཆོག་ལ་མཆོད་པ་ཡིས། །ཡོན་ཏན་དམ་ཚིག་ཉམས་ཆག་བསྐང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །གཞན་གྱི་བྱད་ཁ་ཕུར་ཁ་སོགས། །ཡོན་ཏན་བར་ཆད་ཞི་བ་དང་། །སྦྱིན་སོགས་ཡོན་ཏན་རྒྱས་པར་མཛོད། །ཧཱུྃ །ཕྲིན་ལས་ལྷུན་གྲུབ་ནག་པོ་ཁྱོད། །རྒྱལ་བ་ཀུན་གྱི་ཐུགས་རྗེ་ལས། །གདུག་པ་འདུལ་ཕྱིར་ཁྱོད་སྤྲུལ་ནས། །སངས་རྒྱས་བསྟན་པ་སྲུང་བར་མཛད། །དེ་འདྲའི་མགོན་པོའི་ཕྲིན་ལས་ནི། །བདེ་གཤེགས་ཕྲིན་ལས་སྐྱོང་བ་ཡིས། །དཔལ་མགོན་
ཕྲིན་ལས་ཐུགས་དམ་བསྐང་། །རལ་གྲི་རྩེ་གསུམ་མདུང་ཐུང་དང་། །སྤུ་གྲི་གསེག་ཤང་ཆུ་གྲི་དང་། །འཕང་མདུང་ཐག་མདུང་མདུང་རིང་དང་། །ཝ་མདའ་ལྕགས་མདའ་མདའ་བོ་ཆེ། །གཞུ་དང་ཕུར་བུ་དམ་ཤིང་དང་། །དགྲ་སྟྭགཏུན་ཤིང་ལྕགས་ཀྱུ་དང་། །དབྱུག་པ་སྟྭརེ་ལ་སོགས་པས། །མ་ཧཱ་ཀཱ་ལའི༴ རྟ་མཆོག་ནག་པོ་རྫུ་འཕྲུལ་ཅན། །སེང་གེ་འགྱིང་འདྲ་རླུང་ལྟར་མགྱོགས། །གསེར་སྒ་དངུལ་སྲབ་གཡུ་ཡི་མཐུར། །གསར་སྟན་དར་སྟན་རྒྱན་ལ་སོགས། །ཡིད་འོང་རྟ་མཆོག་མང་པོ་དང་། །དྲེལ་ནག་འཕར་བ་དགུ་ཆོད་དང་། །སྲིན་པོའི་བོང་བུ་གྭ་དམར་གྱིས། །མ་ཧཱ་ཀཱ་ལའི༴ གཡག་རྒོད་རོག་པོ་མདངས་ལྡན་དང་། །བདུད་ལུག་ནག་པོ་སྤྱི་དཀར་དང་། །སྤུ་སྡུག་མཛེས་པའི་བྱ་ནག་དང་། །ཁྱི་ནག་སྙིང་དཀར་ལ་སོགས་པའི། །དུད་འགྲོ་རྣམ་པ་སྣ་ཚོགས་དང་། །སེང་གེ་སྟག་གཟིག་
དོམ་ལ་སོགས། །གཅན་གཟན་རྣམ་པ་མང་པོ་ཡིས། །མ་ཧཱ་ཀཱ་ལའི༴ ཁྱུང་དང་ཁུ་བྱུག་ནེ་ཙོ་དང་། །རྨ་བྱ་ངང་པ་ངུར་པ་དང་། །ཤང་ཤང་ཏིའུ་ལ་སོགས་པ། །འདབ་ཆགས་སྣ་ཚོགས་དཀོར་ནོར་གྱི། །མཆོད་འོས་གཟུགས་མཛེས་ཅི་མཆིས་པ། །ཡན་ལག་དབང་པོ་ཡོངས་རྫོགས་ཤིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་འདིས། །མ་ཧཱ་ཀཱ་ལའི༴ རི་མོ་རབ་བཀྲ་སྟག་ལྤགས་དང་། །ཐིག་ལེ་རབ་བཀྲ་གཟིག་དང་གུང་། །སྤུ་སྡུག་གྲ་བཟང་དོམ་དང་དྲེད། །སྤུ་ཞག་མདོག་ལེགས་སྲམ་ལ་སོགས། །གཅན་གཟན་ལྤགས་པ་སྣ་ཚོགས་དང་། །ཁྲབ་རྨོག་བེར་ཆེན་ཕུབ་ལ་སོགས། །གོ་ཆ་སྣ་ཚོགས་རབ་བཙན་པ། །མ་ཧཱ་ཀཱ་ལའི༴ རྫས་དང་ཡོ་བྱད་སྣ་ཚོགས་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །ཕྲིན་ལས་མཆོག་ལ་མཆོད་པ་ཡིས། །ཕྲིན་ལས་དམ་ཚིག་ཉམས་ཆག་བསྐང་། །རྣལ་
འབྱོར་བདག་ཅག་འཁོར་བཅས་ཀྱི། །དགྲ་དང་ཆོམ་རྐུན་གནོད་པ་སོགས། །ཕྲིན་ལས་བར་ཆད་ཞི་བ་དང་། །གཞན་དོན་ཆོས་བཞིན་རྒྱས་པར་མཛོད། །ཧཱུྃ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཐུན་མོང་མ་ཡིན་མཆོད་པའི་རྫས། །བདུད་རྩིར་བྱིན་བརླབས་བདུད་རྩི་ལྔས། །མ་ཧཱ་ཀཱ་ལའི༴ ཐབས་ཀྱི་ཡོ་བྱད་ལྕགས་ཀྱུ་ལྔ། །ཤེས་རབ་མཆོད་པ་འབྲུ་བཅུད་ཆང་། །ཡེ་ཤེས་བདུད་རྩིར་བྱིན་བརླབས་པས། །མ་ཧཱ་ཀཱ་ལའི༴ མཚན་ལྡན་ཡེ་ཤེས་ཀ་པཱ་ལ། །དམ་རྫས་ཛམ་བུ་ཊི་ཀ་སོགས། །ཁ་ཟས་བཟང་དགུས་རབ་བཀང་བས། །མ་ཧཱ་ཀཱ་ལའི༴ བཟའ་དང་བཅའ་བ་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་པ། །རབ་མཛེས་རྒྱན་གྱིས་རྣམ་བརྒྱན་པ། །སྔགས་དང་ཕྱག་རྒྱས་རྒྱ་ཆེར་སྤེལ། །རོ་བརྒྱ་ལྡན་པའི་གཏོར་མ་འདིས། །མ་ཧཱ་ཀཱ་ལའི༴ དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །
བསྟན་སྲུང་ཆེན་པོའི༴ སྤྲུལ་པའི་ཁྱུང་ཆེན་བྱ་ནག་ཚོགས། །ལྕེ་སྤྱང་མི་ནག་ཁྱི་ནག་དང་། །ཁྲོ་ཆུང་ཕོ་ཉ་ཡང་སྤྲུལ་རྣམས། །མཆོད་སྦྱིན་གཏོར་མས༴ ཡུམ་ཆེན་ཨེ་ཀ་ཛ་ཊི་དང་། །ལྷ་མོ་འདོད་ཁམས་དབང་ཕྱུག་མ། །མ་མོ་མཁའ་འགྲོའི་ཚོགས་བཅས་རྣམས། །མཆོད་སྦྱིན་གཏོར་མས་ཐུགས་དམ་བསྐང་། །དམ་ཅན་གནོད་སྦྱིན་ཡབ་ཡུམ་དང་། །བཀའ་སྡོད་པུ་ཏྲ་མིང་སྲིང་དང་། །རུ་འདྲེན་སྡེ་བཞི་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མས་ཐུགས་དམ་བསྐང་། །དུར་ཁྲོད་བདག་པོ་ཕྱོགས་སྐྱོང་དང་། །ཞིང་སྐྱོང་ལྷ་སྲིན་སྡེ་བརྒྱད་དང་། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན། །མཆོད་སྦྱིན་གཏོར་མས་ཐུགས་དམ་བསྐང་། །གཏོར་མ་གསོལ་ཞིང་བཏུང་བ་དང་། །བཞེས་ཤིང་བསྣམས་པར་མཛད་ནས་ཀྱང་། །འགྲོ་ལ་ཞི་རྒྱས་སྲུང་སྐྱོབ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད། །དཔལ་རྡོ་
རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཐུགས་དམ་བསྐང་བའི་ཆོ་ག་དམ་པ་ཅུང་གིས་མཛད་པ་ལ་ཚིག་དོན་གྱི་ཆ་མི་བདེ་བ་རྣམས། དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་ཨ་ནནྟ་བྷ་དྲས་བཅོས་ཤིང་དག་པར་བགྱིས་པའོ།། །།
དཔལ་ལྡན་ལྷ་མོ་དུད་སོལ་མའི་གནད་བསྐང་།
དཔལ་ལྡན་ལྷ་མོ་དུད་སོལ་མའི་གནད་བསྐང་བཞུགས་སོ། ། ༈ དཔལ་ལྡན་ལྷ་མོ་ལ་ཕྱག་འཚལ་ལོ། །ལྷ་མོ་དུད་པའི་སོལ་བ་ཅན་གྱི་ཐུགས་དམ་བསྐང་ཞིང་ཕྲིན་ལས་བསྐུལ་པ་ནི། ཧཱུྃ་བྷྱོ། བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །དམ་ཚིག་གནད་ནས་བསྐུལ་བའི་ཕྱིར། །བྷྱོ། སྔོན་ཚེ་ཤཱཀ་ཐུབ་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་ལྷ་མོ་སྲིད་གསུམ་བདག །ཤ་ཟ་འབུམ་སྡེའི་ཚོགས་དང་བཅས། །འདོད་ཁམས་དབང་ཕྱུག་གནས་འདིར་གཤེགས། །
ལྷ་དམག་དབུགས་འབྱིན་གནས་འདིར་གཤེགས། །ལྷ་མིན་གཡུལ་བཟློག་གནས་འདིར་གཤེགས། །དོ་ནུབ་སྒྲུབ་པའི་གནས་འདིར་གཤེགས། །དོ་ནུབ་ཆད་དང་ཁྲིམས་ལ་སྤྱོན། །དོ་ནུབ་མནའ་དང་ཐོ་ལ་སྤྱོན། །བོས་ན་སྲུང་མ་སྙན་མ་སྲ། །གཡབ་བོ་སྲུང་མ་སྤྱན་མ་རྟུལ། །བསྟེན་ནོ་སྲུང་མ་རྒྱང་མ་རིང་། །བསྐུལ་ལོ་ལྷ་མོ་ཕྲག་མ་དོག །བསྒྲུབ་བོ་ལྷ་མོ་གོང་མ་གཡེལ། །རྦད་དོ་ལྷ་མོ་མཐུ་མ་ཆུང་། །རྗེ་མོར་བགྱིས་སོ་གཞུང་མ་ངན། །མཛའ་མོར་བགྱིས་སོ་ཁྲེལ་མ་ཤོར། །མནའ་མཐོ་བཅད་དོ་མནའ་མ་ཟ། །ཇོ་མོར་བགྱིས་སོ་དབང་མ་ཆེ། །བྲན་ལྟར་བསྐུལ་ལོ་བགྱིད་མ་ཞན། །ཁྱོད་ནི་དམ་ཚིག་དག་ལ་མི་སེམས་ན། །བདེ་གཤེགས་རྒྱལ་བའི་བཀའ་ཡང་བསླུས། །དམ་ཚིག་གཉན་གྱི་ཆད་པ་འོང་། །བཀའ་ཡི་དམོད་པ་སྡིག་པོ་ཆེ། །དམ་བཅས་དམ་ལས་མ་འདའ་ཞིག །བདག་ཀྱང་
དམ་ལས་མི་འདའ་སྟེ། །གསང་དམ་གཉིས་པོ་ངས་བསྐང་ངོ་། །གཉིས་ཀ་དམ་ལས་མི་འདའ་འཚལ། །ཀྱེ། གསོན་དང་མི་ཕམ་སྲིད་གསུམ་བདག །རྒྱལ་བའི་བཀའ་ལ་མི་བསྟེན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །བཀའ་དང་དམ་ལ་མི་གནས་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་མཉེས་པའི་ཟས་གཅིག་འདྲེན། །དོ་ནུབ་ཉམས་ཆག་མ་ལུས་བསྐང་། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་ལྷ་ལ་བཤགས་པ་བྱེད། །དོ་ནུབ་ལྷ་ལ་སེམས་མཁོན་སྦྱང་། །དོ་ནུབ་ཇོ་མོའི་གཞུང་ཞིག་སྲོངས། །དོ་ནུབ་བྱམས་ལ་ལན་ཞིག་ལྡོན། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ། །བྷྱོ། དཔལ་ལྡན་ལྷ་མོ་དུད་སོལ་དུར་ཁྲོད་བདག །མི་ཕམ་སྲིད་གསུམ་དབང་བསྒྱུར་གཙོ། །གཙོ་མོ་བཀའ་བཟློག་
ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །བསྟན་པའི་སྲུང་མ་གཤེགས་སུ་གསོལ། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་དམ་ཅན་སྲུང་མའི་ཚོགས། །མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །མདའ་དར་ནག་པོས་ཐུགས་དམ་བསྐང་། །བསྟེན་པའི་དམ་རྫས་ཡིན་པའི་ཕྱིར། །ཕྱི་ནང་གསང་གསུམ་ཐུགས་དམ་བསྐང་། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟག་གཏོར་ཆེན་པོས༴ ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །རྒྱུན་གྱི་གཏོར་མས༴ ཆག་ཉམས་འགལ་འཁྲུལ་གསོ་བའི་ཕྱིར། །གཙང་མའི་ཕུད་ཀྱིས༴ དམ་ཚིག་གཉན་པོ་གསོ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ དུག་གསུམ་ཉོན་མོངས་འཇོམས་པའི་ཕྱིར། །དམར་གྱི་ཨརྒས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །བྱ་ནག་སྙིང་གིས༴ གསུར་ཆེན་དྲི་ལ་བསྣོམ་པའི་ཕྱིར། །ཚིལ་ཆེན་དུད་པས༴ རྫུ་འཕྲུལ་སྟོབས་དང་ལྡན་
པའི་ཕྱིར། །བོང་བུ་གྭ་པས༴ མི་ལྡོག་དམ་ལ་གནས་པའི་ཕྱིར། །གཟུངས་སྔགས་སྙིང་པོས༴ སྤྱན་གྱི་དབང་པོ་ཚིམ་བྱའི་ཕྱིར། །ཞུན་ཆེན་མར་མེས༴ སྙན་གྱི་དབང་པོ་ཚིམ་བྱའི་ཕྱིར། །མི་རྐང་གླིང་བུས༴ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཚིལ་ཆེན་གསུར་གྱིས༴ ལྗགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཤ་ཁྲག་དམར་གྱིས༴ ལྷ་མོའི་སྐུ་ལ་བརྒྱན་པའི་ཕྱིར། །གླང་ཆེན་གཡང་གཞི་རེ་ལྡེ་དང་། །ཁྲག་ཞག་ཐིག་ལེས༴ ཡིད་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཡང་དག་དོན་གྱི༴ བསྟན་པ་བཤིགས་པའི་དགྲ་བགེགས་ཀྱི། །ལྷ་མོ་འཁོར་བཅས༴ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །དཔལ་ལྡན་ལྷ་མོའི༴ བདུད་དམག་དགྲ་ལ་བསྒྱུར་བའི་ཕྱིར། །བདུད་མོ་བཞི་ཡི༴ དགྲ་བོའི་སྲོག་རྩ་གཅོད་པའི་ཕྱིར། །ཕྲ་མེན་བརྒྱད་ཀྱི༴ དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །སྒོ་མ་བཞི་ཡི༴
ཕ་རོལ་དཔུང་རྣམས་འཇོམས་པའི་ཕྱིར། །ཤ་ཟ་འབུམ་གྱི༴ དམག་དཔུང་རུ་ཆེན་འགྱེད་པའི་ཕྱིར། །ཡང་སྤྲུལ་བྱེ་བའི༴ རཀྟ་དམར་གྱིས༴ ཤ་ཁྲག་དམར་གྱིས༴ བསྐང་ངོ་ལྷ་མོའི་ཐུགས་དམ་བསྐང་། །དོ་ནུབ་ལྷ་མོའི༴ དོ་ནུབ་ལྷ་ལ་མཁོན་བཤགས་སོ། །ཉེས་པ་བྱུང་ན་མཐོལ་ལོ་བཤགས། །ཕྱིན་ཆད་ཉེས་པ་མི་བགྱིད་དོ། །ཁྱོད་ཀྱང་རིང་ཐུང་མ་མཛད་ཅིག །བདག་གིས་ཚོར་བ་མ་ཉེས་ཀྱང་། །ཁྱེད་ཀྱི་ཐུགས་དང་འགལ་སྲིད་པས། །ཉམས་ཆག་འགལ་འཁྲུལ་མཆིས་པ་དང་། །སྒྲུབ་ལ་བར་ཆད་བྱུང་བ་དང་། །དམ་རྫས་གཙང་མར་མ་ཚོགས་དང་། །ཐུགས་དམ་དུས་སུ་མ་བསྐོང་དང་། །སྦས་པའི་དམ་ཚིག་བསྟན་པ་དང་། །གསང་བའི་དམ་ཚིག་སྨྲས་པ་དང་། །བསྟེན་པའི་དམ་ཚིག་སྤང་བ་དང་། །སྤང་བའི་དམ་ཚིག་བསྟེན་པ་དང་། །བསྙེན་སྒྲུབ་གཡེལ་བ་མཐོལ་ལོ་བཤགས། །
བཟླས་བརྗོད་ཟུར་ཉམས་མཐོལ་ལོ་བཤགས། །རྒྱུ་ཆུང་ཕུད་ཉམས་མཐོལ་ལོ་བཤགས། །བཟོད་གསོལ་མཐོལ་བཤགས་བཞེས་པར་མཛོད། །ལྷ་དང་མི་འབྲལ་ལུས་དང་གྲིབ་མར་འགྲོགས། །ཇེ་ཉེ་ཇེ་གདུང་བདག་ལ་བརྩེར་དགོངས་ལ། །བདག་ཅག་གཉིས་ཀྱི་དམ་ཚིག་ནི། །སྲོག་ལ་བབ་ཀྱང་གཞུང་བསྲང་འཚལ། །ཁྱེད་ལ་མཆོད་པའི་དམ་རྫས་ནི། །རྒྱ་མཚོའི་གཏིང་ན་འདུག་ཀྱང་རུང་། །སྲོག་ལ་བསྡོས་ལ་ཐུགས་དམ་བསྐང་། །རྫས་དང་ཕུད་ཀྱིས་ཁྱོད་མཆོད་དོ། །ཟས་ཀྱི་ངོ་གཅིག་ཁྱེད་ཀྱིས་གྱིས། །བདག་ལ་སྡང་བའི་དགྲ་བྱུང་ན། །ཕ་ཁུ་ཡིན་ཀྱང་སོད་ལ་ཤོག །སྐུ་ཤུགས་ཕྱུང་ལ་ཕྲིན་ལས་མཛོད། །བྷྱོ། དཔལ་ལྡན་ལྷ་མོ་དུད་སོལ་མ། །གྲོགས་ལ་གཞུང་ངན་མི་སྲིད་ཀྱི། །བྱམས་ལ་ལེན་མེད་མི་སྲིད་ཀྱི། །མཛང་ལ་དོན་མེད་མི་སྲིད་ཀྱི། །ཟས་ལ་ཁྲེལ་མེད་མི་
སྲིད་ཀྱི། །སྲུང་མ་མཐུ་མེད་མི་སྲིད་ཀྱི། །རྣལ་འབྱོར་དམ་མེད་མི་སྲིད་ཀྱི། །མགུ་བའི་ཟས་ཤིག་ངས་ཀྱང་འདྲེན། །ཆད་པའི་གཞུང་ཞིག་ཁྱོད་ཀྱིས་སྲོངས། །སྒྲུབ་པའི་གཉེར་ཞིག་ང་ལ་ཡོད། །བཅོལ་བའི་ཕྲིན་ལས་ཁྱེད་ཀྱིས་མཛོད། །གཉིས་ཀ་ལས་ཀྱི་གཉེར་བསླང་འཚལ། །སྨྲས་སོ་ཆད་དོ་ཐུགས་དམ་ཅན། །གསོལ་ལོ་མཆོད་དོ་སྲུང་མའི་ཚོགས། །སོད་ཅིག་ཐུལ་ཅིག་དགྲ་དང་བགེགས། །ལྟོས་སོ་གཉེར་རོ་སྲུང་མའི་ཚོགས། །ཁྱེད་དང་རྣལ་འབྱོར་བདག་ཅག་གཉིས། །བསྐལ་པ་ཞིག་ཀྱང་མི་འབྲལ་འཚལ། །རིང་ངེ་རྒྱང་ངེ་མ་མཛད་པར། །བརྩེ་དུངས་གདུང་སེམས་ཆེ་བར་མཛོད། །མཐུ་སྟོབས་ཅི་ཙམ་ཡོད་པར་ལྟར། །ལེ་ལོ་སྙོམ་ལས་མ་མཛད་ཅིག །རྫུན་དང་གཡོ་སྒྱུ་མ་མཛད་ཅིག །བདག་གི་དཔལ་དང་མགོན་མཛོད་ཅིག །སྡང་བའི་དགྲ་དང་གནོད་པའི་བགེགས། །དྲག་
པོས་སེམས་ཀྱིས་མྱུར་དུ་སྒྲོལ། །བདག་གི་དབུལ་བའི་སྡུག་བསྔལ་འདི། །ཁྱེད་ཀྱིས་མྱུར་དུ་བསལ་དུ་གསོལ། །འཁོར་དང་རིགས་རྒྱུད་འཕེལ་བ་དང་། །བསམ་པའི་དོན་རྣམས་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་བ་དང་། །བགེགས་དང་གནོད་པ་ཀུན་མེད་མཛོད། །ཅེས་བརྗོད་ལ། གསེར་སྐྱེམས་དང་། གཡུ་སྔོན་དང་། གཏོར་མ་དང་། ཚོགས་དང་། བཀོད་པའི་ཡོ་བྱད་རྣམས་ཀྱིས་ལེགས་པར་ཐུགས་དམ་བསྐང་བར་བྱའོ། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་བའི་རིམ་པ་རྫོགས་སོ།། །།
མ་མོ་འཁྲུགས་པའི་བསྐང་བ་རིན་ཆེན་སྤུངས་པ། རང་བྱུང་རྡོ་རྗེ།
མ་མོ་འཁྲུགས་པའི་བསྐང་བ་རིན་ཆེན་སྤུངས་པ་ཞེས་བྱ་བ་བཞུགས་སོ། །བྷྱོ། སྙིགས་མ་ལྔ་ཡི་དུས་བྱུང་ཚེ། །བཀའ་བཞིན་མི་བྱེད་བཀའ་རྩབ་བཀྲལ། །གསང་སྔགས་མི་གསང་ནོར་ལ་བཙོང་། །བོན་དུ་གྱེར་ཞིང་གྲོང་བསྙེན་བྱེད། །མངོན་དུ་གྱེར་ཞིང་མངོན་སྤྱོད་བྱེད། །དོན་མི་རྟོགས་ཤིང་ཟོང་དུ་སྤྱོད། །ནང་འཐབ་བྱེད་ཅིང་འདུལ་ཁྲིམས་ཉམས། །སློབ་དཔོན་ཕ་མའི་བཀའ་ངག་བཅག །སྐྱེ་བོ་རང་སྡིག་སྤྱོད་པའི་ཚེ། །དེ་ཚེ་སྲིད་པའི་མ་མོ་འཁྲུགས། །འཁྲུགས་པའི་མ་མོ་བསྐང་བར་བྱ། །བསྐང་ངོ་
བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོ་འཁྲུགས་པའི་རྒྱུ། །མཆོད་པ་ལོ་ཟླར་འདས་པ་དང་། །ཁས་བླངས་དགེ་བ་ཆགས་པ་དང་། །ཡོ་བྱད་ཉམས་དང་རྫས་མ་ཚང་། །བཟླས་བརྗོད་བར་ཆད་བྱས་པ་དང་། །ཕུད་ཉམས་ལྷག་མའི་གཏོར་མ་དང་། །བདེན་ནམ་མི་བདེན་བྱས་པ་དང་། །ཐེ་ཚོམ་སོམ་ཉི་བྱས་པ་དང་། །སྒྲུབ་པའི་མ་མོ་འཁྲུགས་པར་གྱུར། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །སྐུ་ཡི་ཕྱག་རྒྱ་རིང་དུ་སྤངས། །རྡོ་རྗེ་སློབ་དཔོན་མ་མཉེས་དང་། །རྡོ་རྗེའི་སྤུན་ལ་དམ་ཚིག་མེད། །སྐུ་ཡི་དམ་ཚིག་ཉམས་གྱུར་པ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་དམ་ཚིག་ཉམས་གྱུར་པའི། །བཟླས་བརྗོད་ཕྱག་རྒྱའི་རྒྱུན་བཅད་པས། །གསུང་གི་དམ་ཚིག་ཉམས་གྱུར་པས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཏ་ན་ག་ནའི་
འབྲས་བུ་ལྔ་མ་བསྐྱེད། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་པ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཏ་ན་ག་ནའི་ཕྲིན་ལས་ལྔ་མི་བསྐྱེད། །ཡན་ལག་དམ་ཚིག་ཉམས་གྱུར་པ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་དམ་ཚིག་ཉམས་གྱུར་པ། །མཐོ་རིས་ཐར་པའི་རྒྱུན་ལམ་བཅད། །གསུང་གི་དམ་ཚིག་ཉམས་གྱུར་པ། །བསྒྲུབས་ཀྱང་དངོས་གྲུབ་མི་འཐོབ་བོ། །སྔགས་ལ་ནུས་པ་མེད་པ་འོང་། །གསུང་གི་དམ་ཚིག་ཉམས་གྱུར་པ། །མཁའ་འགྲོའི་ཆད་པ་བཅད་ནས་ནི། །ངེས་པར་རྡོ་རྗེའི་དམྱལ་བར་འགྲོ། །དངོས་གྲུབ་མེད་པར་བར་ཆད་འབྱུང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཡང་སྐུ་ཡི་དམ་ཚིག་ཉམས་པ་ནི། །རྒྱལ་པོས་ཆད་པས་དུག་སྦྲུལ་འབྱུང་། །མེ་དང་ཆུ་ཡིས་བར་དུ་གཅོད། །གསུང་གི་དམ་ཚིག་ཉམས་པ་ནི། །སྒྲུབ་པ་གཡེལ་ཞིང་
ནུས་མཐུ་ཆུང་། །སྒྲུབ་པ་བརྩམ་པར་བར་ཆོད་འབྱུང་། །ཐུགས་ཀྱི་དམ་ཚིག་ཉམས་པ་ནི། །ཉམས་ལེན་གཡེལ་ཞིང་བར་ཆད་འོང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཡང་སྐུ་ཡི་དམ་ཚིག་ཉམས་པ་ན། །འཁོར་ལ་རིམས་ནད་སྨྱོ་འབོག་འོང་། །དགྲ་རྣམས་ཚེ་དང་ལོངས་སྤྱོད་འཕེལ། །གསུང་གི་དམ་ཚིག་ཉམས་པ་ན། །བུ་དང་ཆུང་མ་ཤི་བ་དང་། །སྙིང་མི་དགའ་ལ་ཁ་ཡང་ཡོ། །རང་གི་ཚེ་ལ་བར་ཆད་འོང་། །མཛེ་དང་རྒྱུ་གཟེར་ན་ཞིང་འབོག །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཉམས་པ་ནི། །རྟག་ཏུ་བསྒྲུབས་ཀྱང་འགྲུབ་དུས་མེད། །ནད་དང་དགྲ་དང་མི་འབྲལ་ལོ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །དམ་ཚིག་བསྲུང་བའི་ཡོན་ཏན་ནི། །སྐུ་ཡི་དམ་ཚིག་མ་ཉམས་ན། །བླ་མེད་བྱང་ཆུབ་གོ་འཕང་འཐོབ། །གསུང་གི་དམ་ཚིག་མ་ཉམས་
ན། །རྡོ་རྗེའི་ངག་ལ་དབང་ཐོབ་འགྱུར། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། །ཕྲིན་ལས་རྣམ་བཞི་མངོན་དུ་འགྲུབ། །མཁའ་འགྲོ་མ་རྣམས་མངོན་དུ་འཁོར། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཡང་སྐུ་ཡི་དམ་ཚིག་མ་ཉམས་ན། །ལྷ་སྲིན་སྡེ་བརྒྱད་ཕྱག་བྱས་ནས། །འདོད་པ་ཁམས་ཀྱི་རྒྱལ་སྲིད་འཐོབ། །གསུང་གི་དམ་ཚིག་མ་ཉམས་ན། །སྔགས་བཟླས་མཁའ་འགྲོ་མངོན་དུ་འོང་། །བར་ཆད་མེད་པར་དངོས་གྲུབ་སྟེར། །ཐུགས་ཀྱི་དམ་ཚིག་མ་ཉམས་ན་། །དགྲ་དང་བགེགས་ཀྱིས་མི་ཚུགས་ཤིང་། །རྟག་ཏུ་རིམས་ནད་མི་འབྱུང་ངོ་། །དགྲ་རྣམས་ཐེ་ཚོམ་མེད་པར་འཆི། །མཁའ་འགྲོ་མ་རྣམས་མངོན་དུ་འགྱུར། །ཚེ་རིང་ནོར་དང་ལྡན་པར་འགྱུར། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །སྐུ་ཡི་དམ་ཚིག་མ་ཉམས་ན། །ཚེ་རིང་
བཀྲ་ཤིས་དར་ཞིང་རྒྱས། །དགྲ་དང་བགེགས་ཡང་ཕུང་བར་བྱེད། །གསུང་གི་དམ་ཚིག་མ་ཉམས་ན། །བུ་དང་ཆུང་མར་དར་ཞིང་རྒྱས། །ནོར་དང་ལོངས་སྤྱོད་རྒྱས་པར་འགྱུར། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། །ཚེ་རིང་གྲགས་པ་ཐོབ་པ་དང་། །ལུས་ལ་ནད་ཀྱིས་མི་ཐེབས་སོ། །སེམས་ལ་སྡུག་བསྔལ་མེད་པར་འགྱུར། །མཐུ་རྩལ་ཆེན་པོ་ཐོབ་པར་འགྱུར། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །སྤྱི་ཡི་དམ་ཚིག་མ་ཉམས་ན། །ལྷ་མོ་ནག་མོ་དཔོན་གཡོག་ཀུན། །རྟག་ཏུ་བདག་དང་མི་འབྲལ་བར། །ཇི་ལྟར་འདོད་པ་དེ་ལྟར་འགྲུབ། །གང་ལྟར་བརྟེན་པའི་ལས་དེ་བྱེད། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །མ་མོ་འཁྲུགས་པའི་སྤྱོད་པ་ནི། །ཡུག་ས་དག་ལ་ཆགས་པ་དང་། །སྦྲུམ་མ་མི་དགར་བཅུག་པ་དང་། །ཕ་མེད་བུ་ཚ་
སྤངས་པ་དང་། །བོང་བུ་བཅོག་བརྡུང་བསྐུར་བ་དང་། །རལ་གྲི་དག་ལ་མ་མོས་དང་། །རྨ་བྱ་རིང་དུ་སྤངས་པ་དང་། །ཁུ་བ་དཀར་དམར་མ་བསྟེན་དང་། །མེ་ལ་དད་པ་ལོག་པ་དང་། །ནེའུ་ལེའི་རྐྱལ་པ་བཀྲམ་པ་དང་། །ཤིང་ལོ་རླུང་ཁྱེར་མ་བཟུང་དང་། །རྡོ་སོལ་ཆུ་རུ་བསྐྱུར་བ་དང་། །ཚུབ་མ་མཐོང་ནས་མ་མོས་དང་། །རྗེས་ཆགས་མ་བྱས་རཀྟ་སྤངས། །ཡོངས་སུ་མ་སྨིན་སེམས་ཅན་ལ། །ལྷ་ཡི་ཁ་དོག་བསྟན་པ་དང་། །སྙིང་པོའི་སྔགས་བཟླས་གྱེར་མོ་དང་། །རྟགས་དང་དམ་ཚིག་བཟློ་བ་དང་། །ཕྱག་རྒྱ་གཞན་ལ་བསྟན་པ་དང་། །མཚན་མ་གཞན་ལ་བསྟན་པའི་ཚེ། །དུས་ཀྱི་མཆོད་པ་ཆགས་པ་དང་། །གྲངས་ཀྱི་བསྙེན་པ་མ་ཐེམ་དང་། །སངས་རྒྱས་སྐུ་གཟུགས་མ་བྲིས་དང་། །བྲམ་ཟེ་མཆོག་སྲེད་སྤངས་པ་དང་། །དམ་ཚིག་ཕྱག་རྒྱ་མ་བསྟེན་དང་། །བྱ་ནག་ལུག་ནག་མ་
བསྟེན་དང་། །མཆེད་དང་ལྕམ་དྲལ་ཞེ་གཅོད་པའི། །མ་མོ་དཔོན་གཡོག་འཁྲུགས་པར་འགྱུར། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོ་འཁྲུགས་པའི་རྒྱུ། །མ་ཉེས་བགེགས་ཆེན་བཏང་བ་དང་། །ས་བདག་ཀླུ་གཉན་རྒྱུད་དཀྲུག་དང་། །དམ་བཅའ་ཉམས་སུ་བཅུག་པ་དང་། །མི་ཐུབ་ལྷ་འདྲེར་དོར་བསྡོས་པས། །འཇིག་རྟེན་མ་མོ་འཁྲུགས་པར་འགྱུར། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོ་འཁྲུགས་པའི་རྒྱུ། །བཀའ་དྲིན་ཅན་གྱི་སློབ་དཔོན་དེ། །སྒྱུ་མའི་ནོར་གྱིས་མ་མཉེས་པའི། །རིན་ཆེན་གདམས་ངག་མ་བསྟན་པས། །དངོས་གྲུབ་ཐོབ་པའི་རྒྱུ་ཡང་མེད། །རང་ཉིད་ཤེས་རབ་ཆུང་བ་ཡི། །དོན་རྣམས་ལེགས་པར་བསྒྲུབ་ནས་ནི། །འཇིག་རྟེན་མ་མོ་འཁྲུགས་པར་འགྱུར། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ་པར་ཐུགས་དམ་
བསྐང་། །གཞན་ཡང་མ་མོ་འཁྲུགས་པའི་རྒྱུ། །མཚན་མ་ཅུང་ཟད་བུལ་བའི་ཚེ། །མ་མོ་གནད་ལ་བོར་ནས་ནི། །མི་མཐུན་འཁོར་ལོར་བཅས་བྱས་ནས། །མ་མོ་འཁྲུགས་པའི་སྔགས་ཀྱང་བཟླས། །སྙིང་རྡོག་བྱེད་ཅིང་ལས་ཀྱིས་གཟེར། །སེམས་ཁྲོ་ང་རོ་མི་སྙན་པ། །དམ་དུ་བདར་ཞིང་གཡབ་མོ་འདེབས། །དེ་ཚེ་སྲིད་པའི་མ་མོ་འཁྲུགས། །མ་མོ་འཁྲུགས་པའི་འཇིག་རྟེན་ན། །མི་མཐུན་སྣ་ཚོགས་འབྱུང་བར་འགྱུར། །འཁྲུགས་པའི་མ་མོ་བསྐང་བར་བྱ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོ་འགྱུར་བའི་རྟགས། །མ་མོ་ནང་འཐབ་མཚོན་གྱི་ཆར་པ་འབེབས། །མེ་ཡིས་ལུས་ལ་ཚིག་སྙམ་བྱེད། །བུད་མེད་སྨྲ་བ་མང་པོ་བྱེད། །ངུ་འབོད་བྱེད་ཅིང་ཐལ་མོ་རྡེབ། །ངོ་མཛུམ་གནག་ཅིང་ཁ་དོག་ངན། །གོས་ཀྱང་ཁ་དོག་ངན་པ་སྟེ། །དགྲ་བྱུང་ཟེར་ཞིང་ཕུ་
མདར་རྒྱུག །གཅིག་ལ་གཅིག་ཀྱང་རྒོལ་བར་བྱེད། །བདག་དང་མི་རྣམས་ནང་འཐབ་བྱེད། །འཁོར་ཡང་མི་མཐུན་དབྱེན་ལ་དགའ། །བདག་ཀྱང་མི་དགའ་སེམས་ཡིད་འཕྱོ། །འཇིག་རྟེན་འདི་ན་གཟའ་འཁྲུགས་འབྱུང་། །སྐར་མདའ་ལྷུང་དང་ས་གཡོ་དང་། །འབྲུག་དང་ཐོག་ཆོམ་རྒྱུན་མི་འཆད། །ཁྲག་གི་ཆར་པ་དམར་པོ་འོང་། །གློ་བུར་སེར་ནག་དམར་པོ་འབྱུང་། །ཁྲག་གི་ཆར་པས་ཁམས་གསུམ་གང་། །དུས་མིན་ཁ་ཆར་དྲག་པོ་འབེབས། །ཚུབ་མ་དམར་ནག་རི་ཀླུང་གང་། །མི་ལ་སྲོག་ཆགས་ཐམས་ཅད་དང་། །གཤིན་རྗེ་ཨ་བ་གླང་མགོ་ཡང་། །ས་རིམ་པ་དགུ་ཡི་འོག་ཤེད་ནས། །མཛེ་ནད་རྣམ་པ་སྣ་ཚོགས་གཏོང་། །གདོན་དང་ཡམས་ནད་སྣ་ཚོགས་འོང་། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོ་འཁྲུགས་པའི་ཚེ། །ཚད་ནད་
འབྲུམ་ནད་མང་པོ་གཏོང་། །རིམས་ནད་སྣ་ཚོགས་འབྱུང་བར་བྱེད། །གློ་བུར་ན་ཚ་འབྱུང་བར་འགྱུར། །ཕྱུགས་དང་ནོར་གཡང་གདོན་གྱིས་འཁྱེར། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོ་འཁྲུགས་པའི་རྒྱུ། །ཁྲོས་ཤིང་མི་སྡུག་གཟུགས་སུ་སྟོན། །རྒྱབ་ཀྱི་ཕྱོགས་སུ་ཚུར་ལ་ལངས། །འཁང་ར་བྱེད་ཅིང་གྲིབ་མ་བརྡུང་། །དེ་ཚེ་མཇུག་དང་བྷ་ག་སྟོན། །དེ་ཡང་མ་མོ་འཁྲུགས་པའི་རྟགས། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོའི་ཆད་རྟགས་ལ། །རལ་གྲི་ཆགས་སེམས་བོང་བུ་འཐིང་། །དྲིའུ་འཕྲས་དང་རྨ་བྱ་རོག །ཟླ་བ་རྒས་སམ་ཉི་མ་ཐལ། །མེ་ཡིས་ཚིག་དང་ཆུ་ཡིས་འཇིག །དེ་ལྟར་འཁྲུགས་པའི་མ་མོ་ཡང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་
མོ་ཆད་རྟགས་ལ། །བྱ་ནག་གཏོར་མ་མི་ཟ་ཞིང་། །གཅང་རོ་བྱེད་ཅིང་ཕར་ལ་འབྲོས། །ཐིབ་ཐིབ་ནོན་དང་ཐལ་ཐལ་སྨྲ། །རིང་གྲགས་བྱེད་ཅིང་འབོད་སྒྲོགས་བྱེད། །བུད་མེད་མང་པོ་ངུ་བ་དང་། །བཀྲ་མི་ཤིས་པའི་ཚིག་ཀྱང་བརྗོད། །རང་ཉིད་གཅེར་བུར་བུད་པ་དང་། །གོས་ཀྱང་ཁ་དོག་ངན་པ་སྟེ། །ཚུབ་མ་ཐུར་དུ་འཁྱིལ་བ་དང་། །རྙེད་པ་ཆགས་དང་རལ་བ་དང་། །ཐུར་དུ་རྡུག་ཅིང་དུམ་བུར་འགྲོ། །དེ་ཡང་མ་མོ་ཆད་རྟགས་ཡིན། །ཆད་པའི་མ་མོ་བསྐང་བར་བྱ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་མ་མོའི་ཆད་རྟགས་ལ། །རྒོལ་ཞིང་ངོ་ནག་ཆོ་ངེས་འདེབས། །མཚོན་བྱུང་དགྲ་རྒོལ་ངུ་ཞིང་གནོང་། །འཇིག་རྟེན་བུད་མེད་མང་པོ་ཡང་། །ངུ་འབོད་ཐལ་མོ་བརྡེབ་ཅིང་འབྲོས། །ངོ་ནག་བྱེད་ཅིང་འབེབས་མི་ཉན། །དེ་མ་ལྟར་བསྟེན་པའི་ཉམས་རྟགས་ཡིན། །བསྐང་ངོ་
བསྐལ་པར་ཐུགས་དམ་བསྐང་། །ཁྲེལ་འཛེམ་བྱེད་ཅིང་ལྐོག་ན་གབ། །ངོ་ནག་འཐབ་མོ་བྱེད་ཅིང་འོང་། །སྲིང་ལྟར་བསྟེན་པའི་ཉམས་རྟགས་ཡིན། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །འཐབ་མོ་འཚང་འབྲུ་གསང་ཞིང་བྱེད། །མི་གཏམ་ཕར་ལ་གསང་ཞིང་འགྲོ། །མཛའ་ལྟར་བསྟེན་པ་ཉམས་རྟགས་ཡིན། །བསྐང་ངོ་བསྐལ་པར༴ མཆུ་འབུག་བྱེད་ཅིང་ལྐོག་ན་གབ། །ལྟོ་འཁང་བྱེད་ཅིང་ངོ་འཛུམ་ནག །འཐབ་བོ་བརྡེགས་སོ་ཞེས་ཀྱང་བསྒྲགས། །བྲན་ལྟར་བསྟེན་པ་ཉམས་རྟགས་ཡིན། །བསྐང་ངོ་བསྐལ༴ བོང་བུ་ནུབ་ཅིང་མཆོང་སྟབས་འགྲོས་ཀྱང་བྱེད། །གསོད་དོ་གཅོད་དོ་རྒོལ་བ་མཐོང་། །རླུང་ནག་འཚུབ་མ་མང་པོ་ཡང་། །དྲུང་དུ་ཕྱིན་ཅིང་ཕར་ལ་འགྲོ། །གཅན་གཟན་འཕར་སྤྱང་མང་པོ་ཡིས། །ཟ་འདོད་ཟེར་ཞིང་ཕར་
ལ་འགྲོ། །འབུད་དུང་བཟུང་བའི་བུད་མེད་ཀྱིས། །ན་འོང་ཚ་འོང་ཟེར་ཞིང་ཕར་ལ་འགྲོ། །ཚུར་ལ་མི་འོང་ཕར་ལ་ཁྲོ་ཞིང་འགྲོ། །བུད་མེད་མཇུག་དང་བྷ་ག་སྟོན་བཞིན་དུ། །ཟ་འདོད་སྤྱོད་འདོད་ཟེར་ཞིང་འོང་། །ཚུར་ལ་མི་འོང་ཕར་ལ་ཁྲོ་ཞིང་འགྲོ། །སྤྱི་ཡི་མ་མོ་ཉམས་རྟགས་ལ། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ༴ གཞན་ཡང་མ་མོ་འཁྲུགས་རྟགས་ནི། །བུད་མེད་ཤིན་ཏུ་ངུ་བ་དང་། །བོང་བུ་ཤི་འམ་ཆག་པ་དང་། །རལ་གྲི་ཆག་གམ་ནེའུ་ལེ་ཤི །མེ་རླུང་ལྕགས་སྒྲོག་ཤི་འམ་ཆག །སྨྱོ་དང་ན་དང་ཤི་བ་དང་། །ངུ་དང་མཁུན་དང་སྐྱུག་པ་དང་། །བརྒྱལ་ལམ་མགོ་ན་གླལ་བ་དང་། །སྣ་ཁྲག་བྱུང་དང་རྨ་ཚན་བྱུང་། །ཤི་དང་ན་དང་ཚ་བ་དང་། །བྱིང་དང་རྨུགས་པར་བྱེད་པའི་དུས། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ༴ དགྲ་གཟུགས་མདུན་དུ་བཞག་བྱས་ནས། །མི་ཁྲག་རྟ་ཁྲག་
ལ་སོགས་ཕྱར། །ལྷ་གཉན་ལ་སོགས་དཔང་དུ་བཙུག །གནམ་ལ་འོ་དོད་བོས་ནས་ནི། །ཉིན་གྱེར་མཚན་གྱེར་བྱས་གྱུར་པས། །དམིགས་བྱ་མི་ཤེས་ཡར་ལ་འཕེལ། །ཡིད་ཆད་དེ་ནི་ལ་གནས་ནས། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ༴ གཞན་ཡང་བར་ཆད་འོང་བའི་རྟགས། །རང་ཡང་འཇིགས་ཤིང་འགྲོ་སྙིང་འདོད། །གཉིད་བྲོ་སྙིང་མི་དགའ་ལ་སྐྱོ་ཞིང་བཀྲེས། །ཁ་རླངས་ངུ་ཞིང་འདོད་ལ་ཁྲོ་ཞིང་འཚིག །བུད་མེད་གཟུགས་མཐོང་རྐུབ་དང་བྷ་ག་སྟོན། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ༴ གཏོར་མ་དུས་ལས་ཡོལ་བའི་ཚེ། །བྷ་ག་དང་ནི་སྔོན་གྱི་དབང་རྟགས་སྟོན། །དུད་པ་འཁྲིག་ཅིང་བུད་མེད་གླལ་བ་མཐོང་། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ༴ བུད་མེད་ངུ་བ་མཐོང་ན་ཉམས་པའི་རྟགས། །མིག་ནི་བཙུམ་ན་ཏིང་འཛིན་གཡེལ་བའི་རྟགས། །ཐལ་མོ་
བརྡབ་ན་དམ་རྫས་མ་ཚང་རྟགས། །ལྕེ་རྩེ་སྟོན་ན་སྙིང་པོ་ཆད་པའི་རྟགས། །སོ་སྒྲ་དྲུད་ན་འཐབ་མོ་འོང་བའི་རྟགས། །ཁྲོ་བ་བྱུང་ན་བར་ཆད་འོང་བའི་རྟགས། །ངོ་ལ་མཆི་རིས་བྱུང་ན་རིམས་ནད་འོང་བའི་རྟགས། །གླིང་བུ་འབུད་ན་གཏོར་མ་རྩོད་པའི་རྟགས། །ཕྲེང་བ་འདྲེན་ན་སྦྱིན་སྲེག་འདོད་པའི་རྟགས། །སྙིང་རྣམས་ཐོག་ན་རང་ལ་ཆགས་པའི་རྟགས། །གཡབ་དར་ཐོགས་ན་རང་ལ་ཆགས་པའི་རྟགས། །མེ་ལོང་ཐོགས་ན་ཆུང་མའི་ལུས་ལ་ཆགས་པའི་རྟགས། སྟངས་སྟབས་བྱེད་ན་ཆུང་མའི་ལུས་ལ་ཆགས་པའི་རྟགས། གོས་ལ་མེས་རེག་བྱུང་ན་སྡོམ་པ་ཉམས་པའི་རྟགས། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ་པར༴ མ་མོ་དབང་དུ་མ་འདུས་ན། །མི་སྡུག་གཟུགས་སུ་སྤྲུལ་ཅིང་རྗེ་མོར་སྤྲུལ། །གཅན་གཟན་ཟར་འོང་མང་པོས་འཕྱོང་རྒྱུགས་སོ། །དེ་ཚེ་བསྐང་བ་བྱེད་པ་ཡིན། །
བསྐང་ངོ་བསྐལ་པར༴ སྒྲུབ་པ་ཐེམ་པའི་རྟགས་སུ་གླུ་རྒྱང་ལེན། །བར་ཆད་འོང་བའི་རྟགས་སུ་དམག་འབུམ་ཟློ། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ༴ མ་མོ་བཞད་ན་དགྲ་བགེགས་སྒྲོལ་བའི་རྟགས། །སྦྱོར་བ་བྱས་ན་དངོས་སྒྲུབ་སྟེར་བའི་རྟགས། །བྲོ་གར་བྱས་ན་ཅི་བསམ་འགྲུབ་པའི་རྟགས། །འཛུམ་པར་བྱེད་ན་རང་ཉིད་སྐུ་ཚེ་རིང་བའི་རྟགས། །ཤྭ་བ་ཞོན་ན་དཀོར་ནོར་འཕེལ་བའི་རྟགས། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ༴ སྔགས་དང་ནུས་པའི་ཏིང་འཛིན་བསྐྱེད་ཙམ་ན། །རྡོ་རྗེ་རྩ་བའི་དབུ་མའི་ནམ་མཁའ་ལ། །བྱང་ཆུབ་སེམས་ཀྱི་དགའ་བ་བསྐྱེད་ཙམ་ན། །ཡེ་ཤེས་མཁའ་འགྲོ་རང་ལ་ཤར་བའི་རྟགས། །བུད་མེད་དཀར་མོ་བཞད་ཅིང་བྱུང་བ་དང་། །གསང་བའི་ཡེ་ཤེས་དངོས་གྲུབ་སྟེར་བའི་རྟགས། །ནག་མོ་རལ་པ་ཅན་དུ་བྱུང་བ་ན། །
འདོད་ཁམས་དབང་དུ་བསྡུ་བའི་དངོས་གྲུབ་མཐུ་རྩལ་ཆེ་བའི་རྟགས། །དམར་མོ་རལ་པ་ཅན་དུ་བྱུང་བ་ན། །འཇིག་རྟེན་དབང་དུ་བསྡུ་ཞིང་དངོས་གྲུབ་སྟེར་བའི་རྟགས། །སེར་མོ་ཐོད་ཕྲེང་ཅན་གཅིག་བྱུང་བ་ན། །ཚེ་དང་ལོངས་སྤྱོད་དངོས་གྲུབ་སྟེར་བའི་རྟགས། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ༴ ལྗང་མོ་རལ་པ་ཅན་གཅིག་བྱུང་བ་ན། །དགྲ་བགེགས་སྒྲོལ་ཞིང་དངོས་གྲུབ་སྟེར་བའི་རྟགས། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ༴ རྫས་རྣམས་ལུད་དང་མུན་པ་ནག །ཐོག་གི་ཆར་འབེབས་འབྲུག་སྒྲ་གློག་དམར་དང་། །བུད་མེད་གཟུགས་དང་འཇའ་ཚོན་སྟོན། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ༴ སྣོད་སྟོང་ཐོགས་པ་རྨིས་ན་དོན་མི་འགྲུབ། །དེ་ཚེ་བསྐང་བ་བྱེད་པ་ཡིན། །བསྐང་ངོ་བསྐལ༴ མ་མོ་གཞུང་གི་མཚན་མ་ནི། །མངོན་སུམ་བྱུང་ངམ་
རྟགས་ཀྱི་རྨི་ལམ་མམ། །དངོས་གྲུབ་བླང་བའི་དོན་ཆེད་དུ། །ཡང་ནས་ཡང་དུ་ཐུགས་དམ་བསྐང་། །ད་ནི་མ་མོ་འབོད་པའི་རྫས་ལྔ་ནི། །གཡབ་དར་ནག་པོ་ཧསྟ་མི་ཚིལ་དང་། །ཅོག་ཞུན་བདུག་སྤོས་དག་གིས་བསྐང་། །མ་མོ་བསྟེན་པའི་རྫས་དྲུག་ནི། །ཐོད་པ་ལྟག་སྤྲོད་སྐུ་མཁར་དང་། །ཐོད་ཚལ་རལ་གྲི་གཡང་གཞི་དང་། །བྱ་ནག་ཤེལ་ནག་གོས་ནག་གི །བསྐང་ངོ་བསྐལ་པར༴ མ་མོ་མཆོད་པའི་བསྐང་བ་བཅུ་གཉིས་ནི། །གེའུ་རི་ཤ་དེ་མ་མོའི་ཤ །གྲི་ཤ་དབང་པོ་རྣམ་ལྔ་དང་། །འཆི་ཁའི་མཚལ་ཏིག་མི་སྙིང་དང་། །གུར་གུམ་མཚལ་ཁྲག་ཨ་མྲྀ་ཏ། །ཛ་གད་ཤེལ་ནག་བྱང་ཆུབ་སེམས། །མ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །མུ་མཐར་ཁྱབ་པའི་ཐུགས་དམ་བསྐང་། །མ་ལྟར་འཁྲུགས་པ་བསྐང་བ་ནི། །ན་ཆུང་མཚལ་དང་མི་དབང་ཤ །རཀྟ་བདུད་རྩི་ཤ་མེད་དང་། །
དབུགས་མེད་སྲོག་མེད་ཤ་མེད་དང་། །རུས་མེད་རྣམས་ཀྱི་ཐུགས་དམ་བསྐང་། །སྲིང་ལྟར་འཁྲུགས་པ་བསྐང་བ་ནི། །ཁ་ཏའི་ཤ་དང་ཞེས་ཀྱི་ཤ །དཀར་དམར་ཟངས་ཀྱི་ཀླད་པ་དང་། །མེ་ཏོག་ཤིང་ཏོག་རྣམས་ཀྱིས་ཐུགས་དམ་བསྐང་། །བྲན་མོ་ལྟར་འཁྲུགས་པ་བསྐང་བ་ནི། །དྲིའུ་ཤ་དང་སྤྱང་མོའི་ཤ །རྟ་ནག་ཤ་དང་རཀྟས་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །མཛའ་མོ་ལྟར་འཁྲུགས་པ་བསྐང་བ་ནི། །བྱ་ནག་དང་ནི་ལུག་ནག་དང་། །ཨ་མྲྀ་ཏ་ཡི་ཐུགས་དམ་བསྐང་། །རྗེ་མོ་ལྟར་འཁྲུགས་པ་བསྐང་བ་ནི། །རཀྟ་སྨན་དང་ཀླད་པ་དང་། །དམ་བརྡར་འབོད་ཅིང་ཟིལ་གྱིས་གནོན། །བདུད་རྩི་གྲངས་ལ་གསོལ་བ་བཏབ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །ཏྲི་ཤུ་ལ་ཡི་ཕྱག་རྒྱས་ཐུགས་དམ་བསྐང་། །ཁ་ཊྭཱཾ་ཏྲི་ཤུ་མུ་ཏྲས་ཐུགས་དམ་
བསྐང་། །འབྲུ་ཟན་ངར་མི་རྒྱལ་པོས་ཐུགས་དམ་བསྐང་། །བྱ་ནག་གཅན་གཟན་དགུ་ཡིས་ཐུགས་དམ་བསྐང་། །བྷནྡྷ་རཀྟས་བསྐང་བས་ཐུགས་དམ་བསྐང་། །བདུད་རྩི་སྨན་དང་བཅས་པས་ཐུགས་དམ་བསྐང་། །སྦྱིན་སྲེག་ཆེན་པོས༴ ཤ་ཆེན་སྙིང་དང་དམ་རྫས་དང་། །གླང་པོ་ཆེ་ཡི་སྣ་མཆུ་དང་། །བྱ་རོག་ཤ་དང་དེ་མོའི་ཤ །དེ་མོའི་སྒོ་ང་རྣམས་ཀྱིས༴ བསྐང་ངོ་བསྐལ་པར༴ ཞིང་ཆེན་ཁོག་པ་དུར་ཁྲོད་དང་། །ཤ་ཁྲག་རྣམ་པ་སྣ་ཚོགས་དང་། །འཇིག་རྟེན་འདས་དང་མ་འདས་ཀྱི། །མཁའ་འགྲོ་རྣམས་ཀྱི༴ རས་སུ་མི་གྷོའི་དུམ་བུ་ལ། །དམན་མོ་རྣམས་ཀྱི་མིང་བྲིས་ནས། །བོང་བུ་ཞོན་ནས་སྔགས་པས་བཀུག །འབྲུ་ཟན་ཤ་ཆེན་ཨ་མྲི་ཏ། །ཤ་ཁྲག་སྙིང་དང་མགོ་ཡིས༴ རིན་ཆེན་རྣམ་པ་སྣ་ཚོགས་དང་། །སྣ་ཚོགས་སྦྱར་བའི་བདུག་སྤོས་དང་། །ནལ་བུའི་སྙིང་དང་རྫས་
ཀྱིས་བཀང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཙིཏྟ་རྩ་ལག་མ་ཉམས་དང་། །བུ་ཆུང་སྦུ་གུར་མ་ཉམས་དང་། །ན་ཆུང་འབྱུང་བའི་མཚལ་དང་ནི། །བནྡྷ་མཚན་ལྡན་ནང་དུ་ནི། །སྨན་དང་མཚལ་གྱིས་བཀང་ནས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར༴ གླང་ཆེན་ཀླད་པ་མི་དབང་ཤ །ནེའུ་ལེ་དང་རྨ་བྱ་དང་། །བུ་མོ་གཙང་མ་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་མཆོད་པས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར༴ ཤ་ནག་ཤེལ་ནག་བོང་བུ་དང་། །སྨན་དང་གཏོར་མ་མང་པོ་དང་། །ཤིང་འབྲས་མེ་ཏོག་སྣ་ཚོགས་དང་། །ཤ་ཁྲག་མི་དབང་རྡོལ་པོ་དང་། །རལ་གྲི་ལ་སོགས་རྫས་ཀྱིས་ཐུགས་དམ་བསྐང་། །ཡང་གཅིག་ཐུགས་དམ་བསྐང་བ་ནི། །སྲོག་མེད་མ་ནི་སྲོག་གིས་ཐུགས་དམ་བསྐང་། །དབུགས་མེད་མ་ནི་དབུགས་ཀྱིས་ཐུགས་དམ་བསྐང་། །ཤ་མེད་མ་ནི་ཤ་ཡིས་ཐུགས་
དམ་བསྐང་། །རུས་མེད་མ་ནི་རུས་ཀྱིས༴ ཁྲག་མེད་མ་ནི་ཁྲག་གིས༴ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་ཐུགས་དམ་བསྐང་བ་ནི། །བྱ་ནག་ལུག་ནག་ལྕོང་ཀའི་དབུགས་ཀྱིས་ཐུགས་དམ་བསྐང་། །མི་དབང་བྱ་ལུག་སྙིང་གིས་ཐུགས་དམ་བསྐང་། །ཀེང་རུས་རྒྱུས་པས་འབྲེལ་བས༴ མོ་རིགས་དག་གི་མངལ་ཁྲག་དང་། །ན་ཆུང་འབྱུང་བ་བཾ་གྱི་མྱུར་ཁྲག་དང་། །མི་དབང་སྙིང་ཁྲག་རྣམས་ཀྱིས༴ བསྐང་ངོ་བསྐལ་པར༴ ཡང་གཅིག་ཐུགས་དམ་བསྐང་བ་ནི། །བདག་གི་སྤྱི་བོའི་ཁྲག་དང་ནི། །སྣ་ཁྲག་བྱ་ཡི་སྙིང་ཁྲག་དང་། །ཁྲག་སྣ་མང་པོས༴ ཤེལ་ནག་སྤྱི་དཀར་དེ་མོའི་རིགས། །མིད་པ་རྐང་དང་རྐང་མར་བཅས། །བཾ་དང་རྟ་དང་གུ་གུ་གླང་། །ཀླད་པའི་རྩ་ཆེན་ཕུག་པའི་ཁྲག །སྲིན་ལག་ཁྲག་དང་ཁྲག་སྣ་ཚོགས། །གཞན་ཡང་ཁྲག་སྣ་མང་པོ་ཡིས། །ཡང་ནས་
ཡང་དུ༴ ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །བྱ་ཁྱི་ར་ལུག་གཡག་དང་ནི། །ཤ་ཁྲག་གཏོར་མ་མང་པོ་དང་། །སྣ་ཚོགས་སྙིང་གིས་ཐུགས་དམ་བསྐང་། །རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་དང་། །ལས་ཀྱི་དཀར་མོ་གྲོགས་མཆོག་དང་། །བདག་ཅག་འདིར་འདུས་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར། །བཙན་གྱི་དལ་ཁ་དགྲ་ལ་བསྒྱུར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཚེ་ལ་བར་ཆད་མ་གཏོང་ཞིག །སྲོག་ལ་ཧུར་ཐུཾ་མ་གཏོང་ཞིག །དབུས་ཀྱི་གཙོ་མོ་མ་ཡོ་ལ། །ཕྱི་ཡི་བརྟན་མ་མ་གཡེལ་ཅིག །འཁོར་གྱི་མ་མོ་མ་འཁྲུག་ཅིག །བསྐང་ངོ་བསྐལ་པར༴ བཅོལ་བའི་ཕྲིན་ལས་འགྲུབ་པར་
མཛོད། །གནོད་པར་བྱེད་པའི་དམ་སྲི་དང་། །དམིགས་པར་བྱེད་པའི་དགྲ་བོ་རྣམས། །ཞག་དང་ཟ་མར་མྱུར་དུ་སྒྲོལ། །ད་ལྟ་ཉིད་དུ་རྡུལ་དུ་རློག །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཉེས་པ་མཆིས་ཀྱང་བསྐང་དུ་གསོལ། །འགལ་བ་མཆིས་ཀྱང་བཟོད་པར་གསོལ། །མིང་དུ་བྲིས་པའི་དགྲ་བོ་རྣམས། །མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད། །བྷྱོ། ཐོད་པ་དགུ་བརྩེགས་སྲིད་པའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །རང་ལ་རིག་པའི་ཡེ་ཤེས་རྒྱུན་ལྡན་ཡང་། །འཕྲལ་འབྱུང་ལོག་རྟོག་ཤིན་ཏུ་དབང་ཆེ་ཡང་། །ལོག་རྟོགས་མཚན་མ་ཤིན་ཏུ་དབང་ཆེ་དང་། །མ་གཅིག་ལྷ་མོའི་ཐུགས་དང་འགལ་བ་བཟོད་པར་གསོལ། །གཤིན་རྗེ་ཡིན་ཡང་ལྷ་མོའི་མིང་པོ་ཡིན། །ཕྲག་དོག་དབང་གིས་བསྐྲད་པ་བཟོད་པར་གསོལ། །རླུང་ནག་ཡིན་ཡང་ལྷ་
མོའི་སྤྲུལ་པ་ཡིན། །ལོག་པར་བརྟགས་ཏེ་མ་དད་བཟོད་པར་གསོལ། །བོང་བུ་ཡིན་ཡང་ལྷ་མོའི་ཆིབས་ཡིན་པས། །མ་བསྟེན་བརྡེག་པར་གྱུར་པ་བཟོད་པར་གསོལ། །ནལ་མ་ཡིན་ཡང་ལྷ་མོའི་གྲོགས་ཡིན་པས། །ལོག་པར་བརྙས་པ་བཤད་པ་བཟོད་པར་གསོལ། །ནལ་བུ་ཡིན་ཡང་ལྷ་མོའི་སྲས་ཡིན་པས། །མ་བསྟེན་བསྐྲད་པར་གྱུར་པ་བཟོད་པར་གསོལ། །ཡུག་ས་ཡིན་ཡང་ལྷ་མོའི་དགྲ་ཡིན་པས། །འདོད་ཆགས་དབང་གིས་སྤྱད་པ་བཟོད་པར་གསོལ། །ཕག་རྫི་ཡིན་ཡང་ལྷ་མོའི་ཁྱེའུ་ཡིན། །མ་བསྟེན་བསྐྲད་པར་གྱུར་པ་བཟོད་པར་གསོལ། །མགར་བ་ཡིན་ཡང་ལྷ་མོའི་དགྲ་ཡིན་པས། །མ་བསྐྲད་བསྟེན་པར་གྱུར་པ་བཟོད་པར་གསོལ། །བདག་ཀྱང་ཡེ་ནས་སེར་སྣའི་དབང་གྱུར་པས། །ཚོགས་མཆོད་གཏོར་མ་ཞན་པ་བཟོད་པར་གསོལ། །ལེ་ལོ་སྙོམ་ལས་དབང་གིས་འགལ་གྱུར་
པས། །མཆོད་པ་ལོ་ཟླར་འདས་པ་བཟོད་པར་གསོལ། །གྱ་ནོམ་མན་ངག་དབང་གིས་གསང་མ་ཐུབ། །ཟབ་མོའི་དོན་དང་ལྡན་པ་བཟོད་པར་གསོལ། །བཟོད་པར་བཞེས་ནས་ཚངས་པ་མཆོག་གི་དངོས་གྲུབ་བདག་ལ་བསྩལ་དུ་གསོལ། །མ་མོ་འཁྲུགས་བསྐང་རིན་ཆེན་སྤུངས་པ་ཞེས་བྱ་བ་རྫོགས་སོ།། །།དཔལ་ལྡན་ལྷ་མོའི་རྒྱུད་དང་རྒྱུད་ཕྱི་མ་བཅུ་གསུམ་གྱི་དགོངས་པ་བསྡུས་པ་བསྐང་བའི་ཆོ་ག །རིན་པོ་ཆེ་ཀརྨ་པས་མཛད་པ་ལས་ཀྱང་རང་བྱུང་རྡོ་རྗེས་བསྡུས་པའོ། །མངོན་རྫོགས་རྒྱས་པའི་སངས་རྒྱས་དང་། །གཤིན་རྗེ་གཤེད་དང་རྡོ་རྗེ་འཛིན། །རྟ་མཆོག་ཧེ་རུ་ཀ་རྣམས་ཀྱིས། །དགོངས་པ་གཅིག་བསྡུས་རྒྱུད་དུ་གསུངས། །པདྨ་དབང་ཕྱུག་སཾ་བྷ་ཝས། །བོད་ལ་བརྒྱུད་ཅིང་ཡེ་ཤེས་དབྱིངས་སུ་གཏེར་དུ་སྦས། །རྣལ་འབྱོར་དབང་ཕྱུག་རང་བྱུང་རྡོ་རྗེ་ཡིས། །གཏེར་ཁ་ཕྱེས་ནས་རྒྱས་པར་མཛད། །མ་མོ་འབུམ་གྱི་ཊི་ཀ་ཡིན། །མ་མོ་ཐམས་ཅད་ཀྱི་བསྐང་བ་མདོས་ལ་སོགས་པ་ཕྲིན་ལས་གང་སྒྲུབ་ཀྱང་འདི་ཀུན་སྤྱི་ཀར་ཡོད་པ་ཡིན་པས་ལས་རབ་འབྱམས་ཀྱི་བསྐང་བཟང་རྫོགས་སོ།། །།
དཔལ་ལྡན་ལྷ་མོའི་འཁྲུགས་བསྐང་རིན་པོ་ཆེའི་ཕྲེང་བ།
དཔལ་ལྡན་ལྷ་མོའི་འཁྲུགས་བསྐང་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །བྷྱོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཕས་ཟེར་བུ་ཡིས་མི་ཉན་དུས༔ གསང་སྔགས་བོན་དུ་གྱེར་བའི་དུས༔ རྣལ་འབྱོར་གྲོགས་བསྙེན་བྱེད་པའི་དུས༔ མ་མོ་ནག་མོ་ཐུགས་ཁྲོས་ནས་༔ ནད་ཀྱི་ཁ་རླངས་ནག་པོ་གཏོང༔ ནད་ཀྱི་ན་བུན་སྤྲིན་ལྟར་འཁྲིགས༔ བུད་མེད་ནག་མོས་སྟོང་ཁམས་གང་༔ ཁྲག་ནད་རྒྱུ་གཟེར་འབྲུམ་ནད་གཏོང་༔ ནད་ཀྱང་མ་མོ་ཁྱོད་ཀྱི་ནད༔ རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས༔ ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག༔ སྤྱི་བདུད་
ནད་ཀྱིས་ཁ་ལོ་བསྒྱུར༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ འཁྲུགས་པའི་མ་མོའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར༔ ཁྲམ་ཁ་ཕྱེས་ལ་ཤོ་རྡིལ་སྤོས༔ ནད་གདོན་བར་ཆད་བསྒྱུར་དུ་གསོལ༔ བྷྱོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཕས་ཟེར་བུ་ཡིས་མི་ཉན་དུས༔ གསང་སྔགས་བོན་དུ་གྱེར་བའི་དུས༔ རྣལ་འབྱོར་གྲོགས་བསྙན་བྱེད་པའི་དུས༔ མ་མོ་ནག་མོ་ཐུགས་ཁྲོས་ནས༔ ནད་ཀྱི་ཁ་རླངས་སྨུག་པོ་གཏོང༔ བུད་མེད་སྨུག་པོས་ས་གཞི་ཁྱབ༔ མཁའ་ལ་ནད་སྤྲིན་སྨུག་པོ་འཁྲིགས༔ དེ་ཚེ་ནད་ཀྱི་བསྐལ་པ་དར༔ ལེབ་རྒན་རྒྱུ་གཟེར་སྣ་ཚོགས་གཏོང༔ ཁྲག་ཏུ་སྒྱུགས་པ་སྣ་ཚོགས་འབྱུང༔ ནད་ཀྱང་མ་མོ་ཁྱོད་ཀྱི་ནད༔ རིམས་ཀྱང་མ་མོ་ཁྱོད་ཀྱིས་རིམས༔ ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག༔ སྤྱི་
བདུད་ནད་ཀྱི་ཁ་ལོ་བསྒྱུར༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༔ འཁྲུགས་པའི་མ་མོའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ངོ་ས་མ་ཡ༔ ཐུགས་དམ་བསྐང་བའི་དུས་ལ་བབ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར༔ ཁྲམ་ཁ་ཕྱེས་ལ་ཤོ་རྡིལ་སྤོས༔ ནད་ཀྱི་བདག་མོའི་ཐུགས་དམ་བསྐང༔ ནད་གདོན་བར་ཆད་བསྒྱུར་དུ་གསོལ༔ བྷྱོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གསང་སྔགས་འབྲས་བུའི་ཆོས་དར་ཚེ༔ ཕས་ཟེར་བུ་ཡིས་མི་ཉན་དུས༔ རྣལ་འབྱོར་གྲོགས་བསྙེན་བྱེད་པའི་དུས༔ སྡེ་འཁྲུགས་ནང་དམེ་བྱེད་པའི་དུས༔ དཔལ་ལྡན་ལྷ་མོ་ཐུགས་ཁྲོས་ནས༔ ནད་ཀྱི་ཁ་རླངས་ལྗང་གུ་གཏོང༔ བུད་མེད་ལྗང་གུས་སྟོང་ཁམས་གང༔ མཁའ་ལ་ནད་སྤྲིན་ལྗང་གུ་འཁྲིགས༔ དེ་ཚེ་ནད་ཀྱི་བསྐལ་པ་དར༔ དེ་ཚེ་མཚོན་གྱི་བསྐལ་པ་དར༔ ཤུ་
བ་དང་ནི་གཡན་པ་དང༔ བས་བལྡག་དང་ནི་སྐྱ་ཡམས་དང༔ རླུང་ནད་རྣམ་པ་སྣ་ཚོགས་འབྱུང༔ ནད་ཀྱང་མ་མོ་ཁྱོད་ཀྱི་ནད༔ རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས༔ ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག༔ སྤྱི་བདུད་ནད་ཀྱི་ཁ་ལོ་བསྒྱུར༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ངོ་ས་མ་ཡ༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར༔ ཁྲམ་ཁ་ཕྱེས་ལ་ཤོ་རྡིལ་སྤོས༔ ནད་གདོན་བར་ཆད་བསྒྱུར་དུ་གསོལ༔ བྷྱོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཕས་ཟེར་བུ་ཡིས་མི་ཉན་དུས༔ གསང་སྔགས་བོན་དུ་གྱེར་བའི་དུས༔ རྣལ་འབྱོར་གྲོགས་བསྙེན་བྱེད་པའི་དུས༔ མ་མོ་ནག་མོ་ཐུགས་ཁྲོས་ནས༔ ཁ་རླངས་དམར་སེར་གཏོང་བའི་ཚེ༔ ནད་ཀྱི་ན་བུན་སྤྲིན་ལྟར་འཁྲིགས༔ བུད་མེད་ནག་མོས་སྟོང་ཁམས་གང༔
མཁའ་ལ་ནད་སྤྲིན་དམར་པོ་འཁྲིགས༔ བལ་ནད་མིག་སེར་ཐམས་ཅད་དང༔ མཁྲིས་ནད་ཐམས་ཅད་ཁྱོད་ལས་བྱུང༔ རླུང་ནག་འཚུབ་མ་མུ་གེ་དང༔ ཐོག་དང་སེར་བ་གཤའ་སྦུད་དང༔ དུས་མ་ཡིན་པར་འཆི་བའི་ནད༔ ནད་ཀྱང་མ་མོ་ཁྱོད་ཀྱི་ནད༔ ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག༔ རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས༔ སྤྱི་བདུད་ནད་ཀྱི་ཁ་ལོ་བསྒྱུར༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང༔ འཁྲུགས་པའི་མ་མོའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར༔ ཁྲམ་ཁ་ཕྱེས་ལ་ཤོ་རྡིལ་སྤོས༔ ནད་གདོན་བར་ཆད་བསྒྱུར་དུ་གསོལ༔ བྷྱོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ གསང་སྔགས་བོན་དུ་གྱེར་བའི་ཚེ༔ ཕས་ཟེར་བུ་ཡིས་མི་ཉན་དུས༔ དུས་ངན་ཉེ་བ་འཐབ་པ་དང༔ གོས་ངན་རེ་ཐུལ་
གྱོན་པ་དང༔ ཟས་ངན་རྙི་བ་ཟ་བ་དང༔ སྡེ་འཁྲུགས་ནང་དམེ་བྱེད་པའི་དུས༔ མ་མོ་ནག་མོ་ཐུགས་ཁྲོས་ནས༔ བུད་མེད་ནག་མོས་སྟོང་ཁམས་ཁྱབ༔ ཁྲག་ནད་རྒྱུ་གཟེར་སྣ་ཚོགས་གཏོང༔ མཁའ་ལ་ནད་སྤྲིན་དམར་ནག་འཁྲིགས༔ དུས་ཀྱི་འཁྲུགས་པ་སློང་བྱེད་མ༔ མཚོན་གྱིས་བསྐལ་པ་སློང་བྱེད་མ༔ གློ་བུར་མི་ལ་ལྷོག་རྒོད་འབེབས༔ ཐོག་སེར་འབེབས་པའི་སྙིང་མོ་ཆེ༔ ས་བདག་ཀླུ་གཉན་ཁྱེད་ཀྱི་འབངས༔ ལྷ་སྲིན་སྡེ་བརྒྱད་ཁྱེད་ཀྱི་འཁོར༔ ཁྱེད་ཀྱིས་མི་འདུལ་གང་ཡང་མེད༔ ནད་ཀྱང་མ་མོ་ཁྱེད་ཀྱི་ནད༔ རིམས་ཀྱང་མ་མོ་ཁྱེད་ཀྱི་རིམས༔ ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག༔ སྤྱི་བདུད་ནད་ཀྱི་ཁ་ལོ་བསྒྱུར༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང༔ དམ་རྫས་བདུད་རྩིའི་གཏོར་མ་དང༔ བསྟེན་རྫས་སྒྲུབ་རྫས་བསྐང་རྫས་ཀྱིས༔ འཁྲུགས་པའི་མ་མོའི་ཐུགས་དམ་བསྐང༔ ཐུགས་དམ་
བསྐང་ངོ་ས་མ་ཡ༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་ཁ་ཆོད་ལ་རིམས་ཁ་བསྒྱུར༔ ཁྲམ་ཁ་ཕྱེས་ལ་ཤོ་རྡིལ་སྤོས༔ ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མི་ནད་ཕྱུགས་ནད་བསྒྱུར་དུ་གསོལ། །མོ་ངན་མཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་ཆེན་པོའི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་ལྡན་ལྷ་མོའི་བསྐང་བ་སློབ་དཔོན་པདྨས་མཛད་པ་རྫོགས་སོ།། །། ༈ ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུས་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་
སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་། །བསྐངས་ནས་ཕྲིན་ལས་འགྲུབ་པར་མཛོད། །༈ དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་བ་ནི༔ ཀྱེ༔ གསོན་ཅིག་རྡོ་རྗེ་ལེགས་པའི་ཚོགས༔ གསོན་ཅིག་སུམ་བརྒྱ་དྲུག་ཅུའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དེ༔ དོ་ནུབ་རྣལ་འབྱོར་བདག་གིས་བསྐང༔ དོ་ནུབ་མཉེས་པའི་ཟས་གཅིག་འདྲེན༔ དོ་ནུབ་སྔ་མའི་གཏང་རག་གཏོང་༔ དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ༔ དོ་ནུབ་ཆད་པའི་གཞུང་ཞིག་བསྲང་༔ དོ་ནུབ་གྲོགས་ཀྱི་མནའ་ཐོ་བྱེད༔ ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི༔ སྔོན་གྱི་དམ་རྫས་ཡིན་པའི་ཕྱིར༔ མཁར་ཐབས་བཤོས་བུས་ཐུགས་དམ་བསྐང་༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ རྟག་གཏོར་ཆེན་པོས༴ རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར༔ རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་༔ བཏུང་
བའི་དམ་རྫས་ཡིན་པའི་ཕྱིར༔ ཨ་མྲྀ་བདུད་རྩིས་ཐུགས་དམ་བསྐང་༔ རྔམ་པའི་དམ་རྫས་ཡིན་པའི་ཕྱིར༔ རཀྟ་དམར་གྱིས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ ར་ཤ་ཁྲག་གིས༴ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ ར་ཡི་གསུར་གྱིས༴ སྤྱན་གྱི་དབང་པོ་ཚིམ་བྱའི་ཕྱིར༔ སྤྱན་གཟིགས་དཀོར་ཆས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ ཙ་ར་གཡང་གཞི་གཡབ་གཡོབ་དང་༔ དར་དམར་གཡབ་དར༴ བསྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ ར་ཡི་རྒྱལ་མཚན་བརྗིད་པ་དང་༔ སྙུག་རྒོད་ཁྲབ་བྱང་རྔ་ཁྲབ་དང་༔ སྟག་རས་གཟིག་རས་དར་སྣ་དང་༔ རིན་ཆེན་སྣ་ལྔས༴ རྫུ་འཕྲུལ་སྟོང་གསུམ་བསྐོར་བའི་ཕྱིར༔ སེང་གེ་སྟག་སྤྱང་བྱ་ཁྲ་དང་༔ ར་སྐྱེས་ལ་སོགས་ཆིབས་ཀྱིས་བསྐང་༔ རྣལ་འབྱོར་ཕྲིན་ལས་མྱུར་བསྒྲུབ་ཕྱིར༔ རྡོ་རྗེ་ཐོ་བ་མདུང་ཐུང་དང་༔ དར་ནག་རུ་མཚོན་ལ་
སོགས་པའི༔ ཕྱག་མཚན་མང་པོས༴ གསང་བའི་དམ་རྫས་ཡིན་པའི་ཕྱིར༔ ཙིཏྟ་རྩ་ལག་མ་ཉམས་པ༔ བླ་རྡོ་སྲོག་འཁོར་བཅས་པ་ཡིས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ སྐྱེས་བུ་དགྱེས་པ་བསྐྱེད་པའི་ཕྱིར༔ དགྱེས་སྡེ་བརྟན་མའི༴ ཁྱད་པར་ཐུགས་དམ་བསྐང་བ་ནི༔ ར་ཡི་ཙིཏྟ་དབང་པོ་ལྔ༔ སྐྱེས་བུ་ཆེན་པོའི༴ ར་ཡི་རྒྱུ་མ་ནང་ཁྲོལ་གྱིས༔ འཛིང་གིང་བཞི་བཅུའི༴ ཤ་ཁྲག་རུས་དང་ལྤགས་པ་ཡིས༔ སུམ་བརྒྱ་དྲུག་ཅུའི༴ རྔ་གླིང་དུང་དང་རོལ་མོའི་སྒྲ༔ སྙན་པའི་དབྱངས་ཀྱིས༴ འབྱོར་ལྡན་ལོངས་སྤྱོད་འདོད་ཡོན་གྱིས༔ རྣལ་འབྱོར་ལོངས་སྤྱོད་སྤེལ་བའི་ཕྱིར༔ སྐྱེས་བུ་འཁོར་བཅས༴ གསང་བའི་མདོས་དང་དཀོར་ཆའི་ནོར༔ མཐུན་རྫས་དུ་མས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཅེས་དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་གསོལ་སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མའོ༔ ཨྀ་ཐི༔ རྒྱ་རྒྱ་རྒྱ༔ ༈ དགེ་བསྙེན་རྡོ་རྗེ་དགྲ་
འདུལ་གྱི་བསྐང་བ་ནི། ཀྱེ། དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བདག་གིས་བསྐང་བ་ནི། །བསམ་པ་ཙམ་གྱིས་སྟོང་གསུམ་བསྐོར་བའི་ཕྱིར། །རྟ་དམར་རླུང་ལྟར་མགྱོགས་པས་ཐུགས་དམ་བསྐང་། །སངས་རྒྱས་བསྟན་པའི་ཁུར་ཆེན་ཁུར་བའི་ཕྱིར། །གླང་དམར་རི་ལྟར་འགྱིང་བས་ཐུགས་དམ་བསྐང་། །དབེན་གནས་གཙུག་ལག་ཁང་རྣམས་བསྲུང་བའི་ཕྱིར། །ཁྱི་དམར་རབ་ཏུ་འཇིགས་པས༴ དཔའ་བོ་ཁྱོད་ཀྱི་བསྟེན་རྫས་ཡིན་པའི་ཕྱིར། །ར་དམར་སྤུ་ཞོལ་བརྗིད་པས༴ རྒྱལ་བའི་བསྟན་ལ་བྱ་ར་བྱེད་པའི་ཕྱིར། །བྱ་དམར་ཀླད་ལ་ལྡིང་བས༴ བཀའ་བཞིན་ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར། །ཕོ་ཉ་བྲན་གཡོག་འབུམ་གྱི༴ གང་ན་བཞུགས་ཀྱང་མྱུར་དུ་འབོད་པའི་ཕྱིར། །རྒྱ་གོས་གཡབ་དར་དམར་པོས༴ ལྗགས་ཀྱི་དབང་པོ་རབ་ཏུ་ཚིམ་
པའི་ཕྱིར། །བཤོས་བུ་ཤ་ཁྲག་བརྒྱན་པས༴ དཔའ་བོ་སྟོབས་དང་གཟི་བརྗིད་བསྐྱེད་པའི་ཕྱིར། །འབྲུ་བཅུད་དམ་རྫས་བདུད་རྩིས༴ དྲག་པོས་ལས་ལ་ཁྲོ་ཞིང་རྔམ་པའི་ཕྱིར། །དམར་ཆེན་ཁྲག་གི་གཏུམ་པས༴ བཅོལ་བའི་ཕྲིན་ལས་མ་ལུས་མཛད་པའི་ཕྱིར། །བཟའ་བཏུང་འབྱོར་བ་རྒྱ་མཚོས༴ སྙན་གྲགས་ཚངས་པའི་དབྱངས་ལྟར་སྒྲོགས་པའི་ཕྱིར། །སྣ་ཚོགས་དབྱངས་སྙན་རོལ་མོས༴ མཆོད་པའི་རྫས་རྣམས་མ་ལུས་སྤེལ་བའི་ཕྱིར། །ཏིང་འཛིན་སྔགས་དང་ཕྱག་རྒྱས༴ འཁོར་བཅས་བཞེད་དགུ་ཡོངས་སུ་བསྐང་བའི་ཕྱིར། །ར་དམར་དོན་སྙིང་རྣམ་ལྔས༴ ཁྱད་པར་དགྱེས་པ་མཆོག་ཏུ་བསྐྱེད་པའི་ཕྱིར། །བཅུད་ལྡན་ཀྲུམ་ཤ་ངར་མས༴ ཟག་མེད་བདེ་བས་མཉེས་པར་བྱ་བའི་ཕྱིར། །ཡིད་འཕྲོག་སྨན་གྱི་བུ་མོས༴ རྒྱལ་བའི་བསྟན་པ་གཙུག་ཏུ་ཁུར་བའི་ཕྱིར། །དར་དམར་རྒྱལ་མཚན་
མཛེས་པས༴ གང་ལ་དམིགས་པ་བསྲུང་ཞིང་བསྐྱབ་པའི་ཕྱིར། །རིན་ཆེན་གོ་ཁྲབ་བསྒྲིགས་པས་ཐུགས་དམ་བསྐང་། །དྲེགས་པ་སྡེ་བརྒྱད་དམག་དཔོན་མཛད་པའི་ཕྱིར། །མདུང་དམར་རུ་མཚོན་ཕྱར་བས༴ ཉམས་པའི་ཤ་ཁྲག་ཞལ་དུ་གསོལ་བའི་ཕྱིར། །དམ་རྫས་མི་སྙིང་དམར་པོས༴ དམ་ཉམས་དགྲ་བོའི་སྙིང་ལ་གཟིར་བའི་ཕྱིར། །ཕྱག་མཚན་ལྕགས་མདའ་ལྕགས་གཞུས༴ གནོད་བྱེད་དགྲ་བོ་མྱུར་དུ་འགུགས་པའི་ཕྱིར། །ཞགས་དམར་གློག་ལྟར་འཁྱུག་པས༴ རྣལ་འབྱོར་བདག་གི་དགྲ་ལྷ་མཛད་པའི་ཕྱིར། །ཚིག་གསུམ་རྒོད་སྒྲོ་སྡོང་དམར༴ ལོག་འདྲེན་དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར། །གནམ་ལྕགས་མཚོན་ཆ་མང་པོས༴ ཕ་རོལ་དགྲ་དཔུང་མ་ལུས་འཇོམས་པའི་ཕྱིར། །ཤན་དམར་དམག་ཚོགས་འབུམ་གྱི༴ མཐུན་པའི་རྫས་རྣམས་ཚང་བར་བཤམས་
པ་འདིས། །འཁོར་བཅས་དགྱེས་པ་མཆོག་ཏུ་བསྐང་གྱུར་ཏེ། །དངོས་གྲུབ་མ་ལུས་དགྱེས་ཤིང་བསྩལ་དུ་གསོལ། །ཁྱོད་ཀྱི་ཐུགས་དང་འགལ་བའི་ཉེས་པ་རྣམས། །བཟོད་པར་བཞེས་ཤིག་དམ་ཅན་སྲུང་མའི་ཚོགས། །ཞི་རྒྱས་དབང་དྲག་བཅོལ་བའི་ཕྲིན་ལས་རྣམས། །རྣལ་འབྱོར་བདག་གི་ཡིད་ལ་གང་འདོད་པ། །དེ་དག་མ་ལུས་ཁྱོད་ཀྱིས་འགྲུབ་པར་མཛོད། །༈ དགེ་བསྙེན་བསྐང་བ་ནི། ཧཱུྃ། གཞན་ཡང་འཇིག་རྟེན་བོད་ཁམས་ན། །སློབ་དཔོན་པདྨའི་བཀའ་བཞིན་དུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ཏི་པ་ར་ཙ་ཉིད། །ངོ་བོ་གཅིག་ཏུ་མ་ངེས་ཤིང་། །ཐ་དད་དུ་མར་སྤྲུལ་མཛད་པ། །གནས་བརྒྱད་དགེ་བསྙེན་འཁོར་དང་བཅས། །སློབ་དཔོན་པདྨའི་བཀའ་ཉན་ཚོགས། །དགེ་བསྙེན་ཆེན་པོ་འཁོར་བཅས་རྣམས། །སྤོས་དང་མར་མེས་ཐུགས་དམ་བསྐང་། །སྨན་གཏོར་རཀྟས༴
དངོས་འབྱོར་ཡིད་སྤྲུལ་ལ་སོགས་པའི། །མཐུན་རྫས་དུ་མས༴ བསྐང་ནས་ཕྲིན་ལས་འགྲུབ་པར་མཛོད། །གསེར་མངལ་ཅན་དང་དཔལ་མོའི་དཔལ། །མགྲིན་སྔོན་གྲགས་པ་མུ་ཁྱུད་སོགས། །འཇིག་རྟེན་དྲེགས་ལྡན་མ་ལུས་པས། །འདུད་པའི་ལྷ་ཆེན་རྡོ་རྗེ་འབར། །ལྷ་མོ་མཚོ་དར་གཡུ་ཡི་སྒྲོན། །སྲས་དང་བློན་པོ་འཁོར་ཚོགས་བཅས། །དགྱེས་བསྐྱེད་མཆོད་པའི་དམ་ཚིག་རྫས། །དངོས་བཤམས་བློ་ཡིས་བཟུང་བ་ཡི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་མཆོག །རྔ་གླིང་རོལ་སྙན་གདུང་བའི་དབྱངས། །སྒྲོ་ལྡན་གཡབ་མོས༴ བླ་ན་གདུགས་དང་རྒྱལ་མཚན་དང་། །ཕྱོགས་མཚམས་དར་གྱི་ལྷབ་ལྷུབ་དང་། །ཁྲབ་རྨོག་མདའ་གཞུ་གྲི་མདུང་སོགས། །སྤྱན་གཟིགས་རྒྱ་མཚོས་ཐུགས་དམ་བསྐང་། །ལྷ་རྟ་ངང་ཞུར་རྒྱན་སྤྲས་དང་། །གཡག་ལུག་
ར་སྐྱེས་འདོད་འཇོའི་བ། །བ་འབྲི་ཕྱུགས་ཁྱུ་ནོར་སྐྱོང་བཅས། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །བདུད་རྩི་གསེར་ཕྱེ་སྦྱར་བ་དང་། །ལྷ་མི་ཁྲག་གི་གཡུ་སྐྱེམས་དང་། །རྒྱ་ཇ་དཀར་གསུམ་དམར་གསུམ་སོགས། །བཟའ་དང་བཏུང་བས་ཐུགས་དམ་བསྐང་། །སྨན་དང་རཀྟ་བཤོས་གཙང་དང་། །འདོད་ཡོན་དྲུག་དང་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས། །ཁྱད་པར་མཆོད་པས་ཐུགས་དམ་བསྐང་། །སྐུ་འབགས་བླ་རྡོ་སྲོག་འཁོར་དང་། །ཤེལ་མཁར་མཚོན་པའི་རྟེན་གཏོར་སོགས། །སྦ་ལྕག་ཤེལ་ཕྲེང་རཏྣས་བརྒྱན། །མི་འབྲལ་རྫས་ཀྱིས་ཐུགས་དམ་བསྐང་། །གཞན་ཡང་སྲིད་ན་མཆིས་པ་ཡི། །ཉེར་སྤྱོད་དཀོར་ནོར་མཆིས་སོ་ཅོག །འཁོར་བཅས་ཕུན་ཚོགས་མ་ལུས་པའི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །དེ་ལྟར་ཐུགས་དམ་བསྐང་བའི་མཐུས། །
བདག་ཅག་མ་རིག་ལས་ཉོན་དབང་། །ཁྱོད་ཐུགས་འགལ་དང་གསང་སྔགས་ཀྱི། །དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རྒྱལ་འགོང་གནོད་པ་ཞི་བ་དང་། །ཞི་རྒྱས་དབང་དྲག་གང་བཅོལ་བའི། །ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །ཅེས་པ་འདི་བླ་མ་ཟབ་ཡང་གིས་གསུང་ངོར་རྡོ་རྗེ་དྲག་པོས་བྲིས་པའོ། །༈ ལྟས་ངན་དམག་གི་རྒྱལ་མོའི་བསྐང་བ་ནི། ཧཱུྃ་བྷྱོ། རྒྱལ་བའི་བསྟན་པ་བསྲུང་བའི་དམ་ཚིག་ཅན། །རྣལ་འབྱོར་དམ་ལྡན་རྣམས་ཀྱི་གྲོགས་མཛད་མ། །མ་གཅིག་དམག་གི་རྒྱལ་མོ་འཁོར་བཅས་ལ། །དགྱེས་མཆོད་ཐུགས་དམ་བསྐང་བའི་མཐུན་རྫས་དང་། །ཕྱི་ནང་གསང་གསུམ་མཆོད་རྫས་བསྟེན་པའི་རྫས། །ནམ་མཁའ་རབ་འབྱམས་གང་བར་མངོན་སྤྲུལ་ཏེ། །གླིང་བཞི་རི་རབ་འདོད་ཡོན་གཟུགས་འགྲོས་ཚོགས། །རྒྱལ་སྲིད་བདུན་དང་རིན་
ཆེན་རྣམ་པ་ལྔ། །རྟ་དང་རྔ་མོང་ཞོན་པ་དུ་མའི་ཚོགས། །མི་ཤིགས་གོ་མཚོན་དར་ཆེན་ཟ་འོག་བེར། །བཀོད་ལེགས་ཡིད་འཕྲོག་མཆོད་སྤྲིན་འདི་འབུལ་གྱི། །ཉམས་ཆག་བསྐང་ཞིང་འགལ་འཁྲུལ་བྱུང་ན་བཤགས། །ཧཱུྃ། མཾ་ས་རཀྟ་ཛ་གད་དཔའ་བོའི་ཆང་། །བསྒྲལ་བྱའི་དམ་རྫས་དམིགས་བྱའི་ལིང་ག་ལ། །བཀྲག་མདངས་དྲོད་དབུགས་སྒོ་ལྔ་སྐྱེ་མཆེད་ཚང་། །ཞིང་བཅུའི་སྡིག་ཅན་བསྒྲལ་བར་ཁྱོད་བསྐུལ་ཚེ། །དམ་བཅས་བཞིན་དུ་མངོན་སྤྱོད་ལས་འདི་ལ། །དྲག་པོའི་ཕྲིན་ལས་མྱུར་དུ་བསྒྲུབ་པར་མཛོད། །ཅེས་པ་འདི་ནི་པཎ་ཆེན་བི་མ་མི་ཏྲའི་སྤྲུལ་པ་རྣལ་འབྱོར་གྱི་དབང་ཕྱུག་རས་པ་ཆེན་པོས་མཛད་པའོ། །༈ ཡན་ལག་བདུན་པ་ཙ་མི་སངས་རྒྱས་གྲགས་པས་མཛད་པ་བཞུགས་སོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ། །ཧཱུྃ་ལས་བྱུང་བའི་མགོན་པོ་ཆར་སྤྲིན་མདོག །
ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མེ་ལྟར་འབར། །ཕྱག་གཡས་བེ་ཏའི་ལྒང་བུ་རལ་གྲི་བསྣམས། །གཡོན་པས་ཐོད་ཁྲག་ཁ་ཊྭཱཾ་རྩེ་གསུམ་འཛིན། །དབུ་སྐྲ་གྱེན་བརྫེས་རྣོ་དཀར་མཆེ་བ་གཙིགས། །ཐོད་པ་རིན་ཆེན་སྦྲུལ་གྱིས་རྣམ་པར་བརྒྱན། །དཔའ་བོ་སྟག་གི་ཤམ་ཐབས་སྐུ་ལ་གསོལ། །སྣ་ཚོགས་པདྨ་ཉི་མའི་གདན་སྟེང་དུ། །ཙནྡན་འཁྱིལ་པ་དཔའ་བོའི་སྟབས་ཀྱིས་བཞུགས། །ཞབས་གཉིས་བརྡབ་པས་དགྲ་བགེགས་རྡུལ་དུ་རློག །སྐུ་ཡི་སྤྲུལ་པས་ཁམས་གསུམ་དབང་དུ་སྡུད། །གསུང་གི་ང་རོས་དམ་ཉམས་ཀླད་པ་འགེམས། །ཐུགས་ཀྱི་མཛད་པས་རྣལ་འབྱོར་རེ་བ་སྐོང་། །ལས་སུ་དུས་གསུམ་སངས་རྒྱས་བསྟན་པ་སྲུང་། །ཤ་ལ་དགའ་ཞིང་ཁྲག་ལ་རོལ་པ་ཡི། །ཤིན་ཏུ་གཏུམ་རྔམ་དྲག་པོའི་ཚོགས་ཀྱིས་བསྐོར། །བསྟན་པའི་བཀའ་སྲུང་ནག་པོ་ཆེན་པོ་ལ། །ལུས་ངག་ཡིད་
གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་ཚོགས་དང་། །མཐུན་པའི་དམ་རྫས་དམར་ཆེན་གཏོར་མར་བཅས། །སྤྲོས་བྲལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་པས། །བསྟན་པ་བསྲུང་ཞིང་གདུག་པ་ཚར་གཅོད་ཕྱིར། །ཟབ་ཅིང་རྒྱ་ཆེན་མཆོད་པས་མཆོད་པར་བགྱི། །ཇི་ལྟར་འདོད་པའི་དངོས་གྲུབ་བསྩལ་དུ་གསོལ། །བདག་གིས་ཐོག་མེད་དུས་ནས་བསགས་པའི་སྡིག །རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང་། །དམ་རྫས་མ་ཚང་ཁས་བླངས་འདས་པ་རྣམས། །ཁྲག་འཐུང་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི། །ཡེ་ཤེས་སྤྱན་ཅན་སྐུ་ལ་མཐོལ་ལོ་བཤགས། །སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔར་ཁྱོད། །འཁོར་བའི་རྒྱ་མཚོ་སྟོངས་པར་མ་གྱུར་ཚེ། །བསྟན་པ་བསྲུང་ཞིང་ཕྲིན་ལས་བསྒྲུབ་བོ་ཞེས། །སྲོག་གི་སྙིང་པོ་
ཕུལ་ནས་དམ་བཅས་ནས། །རྩོད་པའི་དུས་འདིར་སེམས་ཅན་མགོན་བསྐྱབས་ནས། །མཛད་པ་རྨད་དུ་བྱུང་ལ་བདག་ཡི་རང་། །ཞིང་བཅུ་བསྒྲལ་སོགས་དྲག་པོའི་ལས་གཞན་རྣམས། །སྡུག་བསྔལ་མཚོར་བྱིང་བདེ་བས་ཕོངས་པ་རྣམས། །རྨད་དུ་བྱུང་བའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཚར་གཅོད་རྗེས་བཟུང་ལས་ངན་རྒྱུན་བཅད་ནས། །ཕན་བདེ་རིན་ཆེན་གླིང་དུ་ཁྲིད་མཛད་ཅིང་། །རྣམ་བཞིའི་ལས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཁྱོད་ནི་ཞི་བ་ཆེན་པོར་གཤེགས་གྱུར་ཀྱང་། །བྱམས་པའི་ཡིད་ཀྱིས་འགྲོ་ལ་རབ་གཟིགས་ནས། །ཐུགས་རྗེས་ཁྲོས་ཤིང་གར་དགུར་ལྡན་པའི་སྐུ། །ཁྲག་འཐུང་སྤྱན་སྔར་དམ་བཅའ་མ་བསྙེལ་བར། །བསྟན་པ་བསྲུང་ཞིང་འགྲོ་བ་བསྒྲལ་སླད་དུ། །ཞིང་རྡུལ་བསྐལ་པར་མི་འདའ་བཞུགས་སུ་གསོལ། །དེ་ལྟར་ལྷ་མཆོག་དཔལ་ལྡན་ཁྲག་འཐུང་
ལ། །བསོད་ནམས་རྒྱ་ཆེན་བསགས་པའི་དགེ་བ་དེས། །བསྟན་པ་དར་ཞིང་ཡུན་རིང་གནས་པ་དང་། །བདག་སོགས་བསྟན་པ་འདི་ལ་ཞུགས་པ་རྣམས། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །བདེ་ལེགས་ཐམས་ཅད་བསམ་བཞིན་བསྒྲུབ་པ་དང་། །ཚོགས་གཉིས་ཡོངས་རྫོགས་སྒྲིབ་གཉིས་རྣམ་བྱང་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཐོབ། །འགྲོ་ཀུན་སྡུག་བསྔལ་རྦ་རླབས་དྲག་པོ་ཅན། །ཁྲག་མཚོ་ཁོལ་མའི་གྲུ་ལས་སྒྲོལ་བར་ཤོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལ་ཡན་ལག་བདུན་གྱི་སྒོ་ནས་བསྟོད་པ་འདི་ཙ་མི་སངས་རྒྱས་གྲགས་པས་མཛད་པའོ། །ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་ཡོངས་སུ་བསྐང་བར་བགྱིའོ། །
ཐུགས་དམ་གཉན་པོའི་རྒྱུད་ཡོངས་སུ་བསྐངས་ནས། སྐུ་གསུང་ཐུགས་ཀྱི་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད་པར་མཛད་དུ་གསོལ། དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་གནས་དམ་པ་རྣམས་ཀྱིས་བསྲུང་བ་དང་སྐྱོབ་པ་དང་སྦ་བར་མཛད་དུ་གསོལ། འཇིགས་པ་བརྒྱད་ལ་སོགས་པ་ནད་གདོན་སྡིག་སྒྲིབ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། འབྱོར་པ་དྲུག་ལ་སོགས་པ་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཁམས་གསུམ་སྲིད་གསུམ་སྣང་སྲིད་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོས་བསྒྲལ་ཞིང་ཚར་གཅོད་པར་མཛད་དུ་གསོལ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐམས་ཅད་དུས་
ཕྱི་མ་ལ་ལྟོས་མི་འཚལ་བར་ད་ལྟ་ཉིད་དུ་བསྩལ་བར་མཛད་དུ་གསོལ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་ས་ཐོབ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་མཛད་དུ་གསོལ། མཐོལ་བཤགས་ནི། ཧཱུྃ། བླ་མ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་སྤྱན་ལམ་དུ། །དམ་ཆོས་ཚུལ་བཞིན་མ་བགྱིས་མཐོལ་ལོ་བཤགས། །དུས་གསུམ་སངས་རྒྱས་རྣམས་ཀྱི་སྤྱན་ལམ་དུ། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །བསྙེན་སྒྲུབ་དུས་ལས་ཡོལ་བ་མཐོལ་ལོ་བཤགས། །མ་དང་མཁའ་འགྲོ་རྣམས་ཀྱི་སྤྱན་ལམ་དུ། །ཚོགས་དང་གཏོར་མ་ཡོལ་བ་མཐོལ་ལོ་བཤགས། །དཔལ་མགོན་ཆོས་སྐྱོང་རྣམས་ཀྱི་སྤྱན་ལམ་དུ། །ཁས་བླངས་དམ་ཚིག་འགལ་བ་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་
རྣམས་ཀྱི་སྤྱན་ལམ་དུ། །བརྩེ་ཞིང་གདུང་སེམས་ཆུང་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལན་ལན་གྱིས་མ་བརླན་མཐོལ་ལོ་བཤགས། །མཐའ་ཡས་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་བྱམས་སེམས་ཆུང་བ་མཐོལ་ལོ་བཤགས། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཚོར་བ་མདུན་ནས་ཉམས་པ་མཐོལ་ལོ་བཤགས། །མ་ཚོར་རྒྱབ་ནས་ཉམས་པ་མཐོལ་ལོ་བཤགས། །ཞར་དང་ཞོར་ལ་ཉམས་པ་མཐོལ་ལོ་བཤགས། །དང་པོ་ཁས་ལེན་ཆེ་བ་མཐོལ་ལོ་བཤགས། །བར་དུ་ཉམས་ལེན་ཆུང་བ་མཐོལ་ལོ་བཤགས། །ཐ་མར་སྤྱོད་པ་རྩིང་བ་མཐོལ་ལོ་བཤགས། །མཐོལ་བཤགས་ཕུལ་ནས་ཚངས་པ་མཆོག་གི་
དངོས་གྲུབ་བསྩལ་དུ་གསོལ། །ཞེས་ཡིག་བརྒྱ་བཟླས་ཤིང་ལྷག་ཆད་ཁ་བསྐང་། ཚད་མེད་བཞི་དང་ལྡན་པས་འགྲོ་དྲུག་ལ་དམིགས་ནས་བརྗོད་ན་སྡིག་སྒྲིབ་དག་པར་ཐེ་ཚོམ་མེད་དོ། །༈ ཧཱུྃ། དཔལ་ཆེན་འཁོར་བཅས་སྤྱན་སྔ་རུ། །ནོངས་པ་མཆིས་ཚད་བཤགས་པར་བགྱི། །འདིར་ནི་བདག་ཅག་འཁོར་བཅས་ཀྱིས། །ལས་ཉོན་དབང་གྱུར་མི་ཤེས་དང་། །མ་གུས་པ་དང་བག་མེད་པས། །ཁ་ན་མ་ཐོ་བགྱིས་པ་དང་། །དམ་ཚིག་མི་ལྡན་མ་དག་དང་། །ཚོགས་འདྲེས་སྤྱོད་ཡུལ་གཅིག་ཏུ་གྱུར། །བསྙེན་དང་སྒྲུབ་ལ་མ་བརྩོན་དང་། །སྲུང་མ་ཁྱད་པར་ཅན་རྣམས་ལ། །དུས་སུ་མ་མཆོད་མ་གསོལ་ཞིང་། །ལོ་དམ་ལོ་ལས་འདས་པ་དང་། །ཟླ་དམ་ལས་འདས་ཞག་དམ་ཆགས། །སྒྲུབ་པའི་གཞུང་ཉམས་བཟླས་བརྗོད་ཆག །མི་དགེ་བཅུ་ཡི་དབང་གིས་ནི། །ངན་སོང་སྐྱེ་བའི་ལས་བསགས་པ། །ལྷ་མ་གསལ་ཞིང་སྔགས་མ་དག །བསྐྱེད་རིམ་
འཕྲོ་འདུ་མ་གསལ་ཞིང་། །ཁས་བླངས་ཐོག་ཏུ་མ་ཁེལ་བ། །ཐུགས་དང་འགལ་བ་ཐམས་ཅད་ནི། །སྤྲོས་མེད་རྣམ་པར་མི་རྟོག་པའི། །ངང་ལས་ཐུགས་རྗེའི་མཐུ་སྟོབས་ཀྱིས། །དབང་ཕྱུག་ཁྱེད་རྣམས་སྤྱན་སྔར་ནི། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །༈ གང་ཡང་བདག་ཅག་སྙིགས་མའི་སེམས་ཅན་དུ་གྱུར་པས་མཆོད་པའི་ཡོ་བྱད་རྒྱ་ཆེར་མ་ཚོགས་ཏེ། མཆོད་པ་དང་གཏོར་མའི་ཡོ་བྱད་ཆུང་ཞིང་ངན་ལ་གཙང་སྦྲ་མ་བྱས་པ་དང་། འབགས་བཙོག་དང་། སེར་སྣ་དང་། སྲིས་འཕང་ལ་སོགས་པ་མཆོད་སྦྱིན་མ་དག་པའི་ཉེས་པ་དང་དྲི་མ་ཐམས་ཅད་མཐོལ་ཞིང་བཤགས་སོ། །གང་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་པས་ཏིང་འཛིན་ལ་དབང་མ་ཐོབ་སྟེ། བྱིང་བ་དང་། རྨུགས་པ་དང་། སྒོ་གསུམ་གཡེང་བ་དང་། འཁྲུལ་པས་ཏིང་ངེ་འཛིན་མ་གསལ་
ཏེ། བསྐྱེད་རྫོགས་ཀྱི་ཆོ་ག་ལས་ཇི་སྐད་གསུངས་པ་ལྟར་ཚིག་ཙམ་ལ་རྔོ་མ་ཐོག་སྟེ། མཆོད་གཏོར་བྱིན་གྱིས་མ་རློབ་པ། སྤྱན་དྲངས་ཤིང་མཆོད་གཏོར་བཟླས་པ་བསྐང་བཤགས་ལ་སོགས་ཀྱི་ཆོ་ག་ལ་ལྷག་ཆད་ནོར་འཁྲུལ་ཉམས་ཆག་ཏུ་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཚངས་པར་གསོལ་གྱི་བརྩེ་བ་ཆེན་པོས་བཞེས་ནས་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་འཕྲལ་གྱི་རྐྱེན་དང་ཡུན་དུ་མི་སྒྲིབ་པར་འགྱུར་བར་མཛད་དུ་གསོལ། མཐོལ་བཤགས་བཟོད་གསོལ་ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། བདག་ཅག་འཁོར་དང་བཅས་ལ་གནོད་བྱེད་པའི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་བསྒྱུར། །ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། །འཚེ་ཟོར་
རྦད་འདྲེ་ཡུངས་ཟོར་འཕེན་པ་བཟློག །ས་བདག་ཀླུ་ཡིས་བྱད་དུ་བཅུག་པ་དང་། །ཐེའུ་རང་འབྱུང་པོའི་སྲིས་རྐུན་ཐམས་ཅད་བཟློག །གཤིན་རྗེའི་འཁྲུལ་འཁོར་བདུད་ཀྱི་ཁྲམ་འདེབས་དང་། །མུ་སྟེགས་ངན་པས་བར་ཆད་བྱེད་པ་བཟློག །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོག་གཏོང་བ་དང་། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་བཟློག །ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་གཏད་ཟོར་འཕེན་པ་བཟློག །བནྡེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་བཟློག །བདུད་ཀྱི་གཤེད་ཁ་རོ་ལངས་འབྱུང་པོ་དང་། །མཁའ་འགྲོ་རྣམས་ཀྱིས་ཁྲག་ནད་བཏང་བ་བཟློག །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུངས་བརྒྱད་ཅུ་རྩ་གཅིག་བཟློག །བཞི་བརྒྱ་རྩ་བཞིའི་མི་ནད་ཕྱུགས་ནད་དང་། །
གདོན་རིགས་ཉི་ཁྲི་ཆིག་སྟོང་གནོད་པ་བཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང་། །ཡེ་འདྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་བཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག །མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་བསྒྱུར། །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་བསྒྱུར། །ཨེ་ཀ་དུ་ན་བཟློག །མ་ཧཱ་དུ་ན་བཟློག །ཡ་མ་དུ་ན་བཟློག །ས་ག་དུ་ན་བཟློག །ན་ག་དུ་ན་བཟློག །ར་ཙ་དུ་ན་བཟློག །སུ་ཏྲི་རཀྴ་བཟློག །ཙ་ཏུར་སྙིང་ལ་བཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་དགྲ་ལ་བྷྱོ་བྷྱོ་བཟློག་བཟློག །ཨོཾ་མ་ཧཱ་ཀཱ་ལ་ཧེ་ཐུན་བྷྱོ། མ་ཧཱ་ཀཱ་ལི་པྲ་མོ་ཧ། ནད་གདོན་དགྲ་བགེགས་བྷྱོ་བཟློག །མ་མ་དུར་སོབ་ནན། སརྦ་དྷྲུར་མི་མི་ཏེ་ཨ་མཾ་གྷ་ལ་བྷྱོ་བཟློག །ཨེ་ས་བྷྱོ་བཟློག །ཅེས་བརྗོད་ལ་ཐལ་མོ་བརྡབ།
ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་དགྲ་བགེགས་མ་ལུས་པ་བསྒྲལ་བའི་ཁྲག་གི་ཨརྒྷཾ། དུག་གི་ཐོར་འཐུང་། ཆང་གི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། བདུད་རྩི་ལྔའི་དྲི་མཆོག །ཤ་ཆེན་ལྔའི་ཞལ་ཟས། རྐང་གླིང་ཐོད་རྔའི་སྒྲ་སྙན་རྣམས་དཔལ་ནག་པོ་ཆེན་པོ་འཁོར་བཅས་པ་ལ་མཆོད་པ་ནམ་མཁའ་མཉམ་པར་གྱུར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ།
ནག་པོ་ལྔ་སྒྲུབ་ཀྱི་མདུན་བསྐྱེད།
ནག་པོ་ལྔ་སྒྲུབ་ཀྱི་མདུན་བསྐྱེད་བཞུགས་སོ། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དབང་དང་མན་ངག་ཐོབ་པ་དང་། །བསྙེན་བསྒྲུབ་སྔོན་དུ་སོང་བ་ཡིས། །རང་ཉིད་ཧེ་རུ་ཀ་དཔལ་བསྒོམ། །མདུན་དུ་ཐུགས་མགོན་འཁོར་བཅས་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཾཾཿ སྟོང་པའི་ངང་ལས་མདུན་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ། དེའི་སྟེང་དུ་ར་ལས་བྱུང་བའི་ཁྲག་གི་རྒྱ་མཚོའི་དཀྱིལ་དུ། མ་ལས་སྐྱེས་པ་ཞག་གི་རྒྱ་མཚོ་དཀར་ལ་དམར་བ། མི་རོ་དང་རྟ་རོའི་
ཚོགས་དང་བཅས་པ། སུཾ་ལས་སྐྱེས་པ་ཀླད་པའི་རྒྱ་མཚོའི་ས་གཞི་ལ། དེའི་སྟེང་དུ་ཀེཾ་ལས་སྐྱེས་པ་ཀེང་རུས་རི་ལྟར་བརྩེགས་པའི་སྟེང་དུ། མེ་རི་དང་རྡོ་རྗེ་གུར་གྱི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣོད་ཀྱི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཤར་ཤེལ། ལྷོར་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་མ་དཱ་ན་ལས་གྲུབ་པ། དེའི་ནང་དུ་བཅུད་ཀྱི་གཞལ་ཡས་ཁང་པ། ཤར་དུ་དྲི་ཟའི་ཐོད་པ་སྐམ་རློན་དུ་བརྩེགས་པ། ལྷོར་གྲུལ་བུམ་གྱི་ཐོད་པ་སྐམ་རློན་དུ་བརྩེགས་པ། ནུབ་ཏུ་བདུད་ཀྱི་ཐོད་པ་སྐམ་རློན་དུ་བརྩེགས་པ། བྱང་དུ་གནོད་སྦྱིན་གྱི་ཐོད་པ་སྐམ་རློན་དུ་བརྩེགས་པ། ཟུར་བཞིར་སྲིན་པོ་ཕོ་མོའི་ཐོད་པ་སྐམ་རློན་དུ་བརྩེགས་
པ། སྟེང་ཕྱོགས་ལྷ་མ་ཡིན་གྱི་ཐོད་པ་སྐམ་རློན་དུ་བརྩེགས་པ། འོག་ཕྱོགས་ཀླུའི་ཐོད་པ་སྐམ་རློན་དུ་བརྩེགས་པ། གནམ་ལྕགས་ཀྱི་འཛེར་བཏབ་པ། ཀླད་ཆེན་གྱི་ཞ་ལ་བྱས་པ། ནང་དུ་ལྷ་རྣམས་དུར་ཁྲོད་བརྒྱད་ཀྱི་རྣམ་པ་ཅན་གྱི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཕྱོགས་བཞིར་དབུས་དང་ལྔ། ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རབ་ཏུ་འབར་བའི་ནང་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར༴ འགུགས་གཞུག །-༣ གི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་སྟེང་དུ། ཧཱུྃ་མཐིང་ནག་ལས་གྲི་གུག་ཡུ་བ་ཧཱུྃ་གིས་མཚན་པ་ལྔར་གྱུར། དེ་ལས་འོད་འཕྲོས་གདུག་པ་ཅན་གྱི་ཚོགས་ཐམས་ཅད་ཚར་བཅད། ཚུར་འདུས་ཧཱུྃ་ལ་ཐིམ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། དབུས་སུ་ཐུགས་མགོན་བྱ་རོག་གི་གདོང་པ་ཅན། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར་བ།
གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། སྤྱན་གསུམ་དམར་ལ་འཁྲུགས་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱིས་སྒྲ་སྒྲོགས་པ། དབུ་སྐྲ་ཨག་ཚོམ་མེ་ལྟར་འབར་བ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པ་དང་སྦྲུལ་ནག་གིས་བརྒྱན་པ། མི་ལྤགས་ཀྱི་སྟོད་གཡོགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་བྱས་པ། ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་ཀྱིས་དགྲ་བགེགས་མནན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་པདྨ་ཉི་མའི་གདན་ལ་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་གྲི་གུག་སྔོན་པོ་རྡོ་རྗེའི་ཡུ་བ་ཅན། གཡོན་དང་པོས་ཐོད་ཁྲག་ཐུགས་ཀར་སྟེང་འོག་གིས་འཛིན་པ། འོག་མ་གཉིས་ཀྱིས་རལ་གྲི་དང་རྩེ་གསུམ་འཛིན་པ། དམར་ལ་ཟླུམ་པའི་སྤྱན་
གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫིས་པ། ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། གླང་ཆེན་དང་མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གདུག་པ་ཅན་བསྒྱེལ་བའི་སྟེང་ན་དཔའ་བོ་རོལ་པའི་སྟབས་ཀྱིས་བཞུགས་པ། དབུ་སྐྲའི་གསེབ་ནས་ཁྲོཾ་ལས་བྱུང་བའི་བྱ་ཁྱུང་མཐིང་ནག་རལ་གྲིའི་གཤོག་པ་དང་སྤུ་གྲིའི་ཐེལ་ཕྲན་ཡོད་པ། རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པ། ཕྱག་གཡས་རལ་གྲི་ཕྱར་བ། གཡོན་སྦྲུལ་ཞགས་གསོལ་བ། གདུག་པ་ཐམས་ཅད་རྡུལ་དུ་བརླག་པ། ནམ་མཁའ་ལྡིང་གི་སྤྲུལ་པ་འཕྲོ་ཞིང་བྱ་གཅན་གྱི་ཚོགས་ཀྱིས་བསྐོར་བ། ཤར་གྱི་སྲོག་བདག་
བྱ་རོག་གདོང་ཆར་སྤྲིན་མདོག །བྱང་དུ་གནོད་སྦྱིན་བྱ་རོག་གདོང་ལྗང་ནག །ནུབ་ཏུ་བདུད་པོ་བྱ་རོག་གདོང་མཐིང་ནག །ལྷོར་བདུད་མོ་བྱ་རོག་གདོང་ཁྲག་རུལ་མདོག །དེ་རྣམས་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་འབར་བ་དམར་རྩིག་རྩིག་བྱེད་པ། ཕྱག་གཡས་པས་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་ཐོད་ཁྲག་འཛིན་པ། དབུ་སྐྲ་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པས་ཤམ་ཐབས་བྱས་པ། ཐམས་ཅད་ཀྱང་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་རོའི་གདན་ལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ལྷ་སྣམ་ལ། ཤར་དུ་ནག་པོ་སྟོང་། ལྷོར་ཤ་ཟ་འབུམ། ནུབ་ཏུ་མ་མོ་བྱེ་བ། བྱང་དུ་གནོད་སྦྱིན་ཁྲི། ཐམས་ཅད་ཀྱང་སྐུ་མདོག་དང་རྒྱན་
ཆ་སྣ་ཚོགས་པ། དྲག་ཅིང་འཇིགས་སུ་རུང་བ། མཚོན་ཆ་སྣ་ཚོགས་འཛིན་པ། དེའི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ། ལྷོར་འཕགས་སྐྱེས་པོ་སྔོན་པོ། ནུབ་ཏུ་སྤྱན་མི་བཟང་དམར་པོ། བྱང་དུ་རྣམ་ཐོས་སྲས་སེར་པོ། དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། གནོད་སྦྱིན་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བའོ། །གཙོ་འཁོར་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས། རྡོ་རྗེ་གདན། བི་ཀྲ་མཱ་ལ། ཤྲཱི་ནཱ་ལེནྡྲ། མ་ལ་ཡ། བསིལ་བའི་ཚལ། དུར་ཁྲོད་ཆེན་པོ་བརྒྱད་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་བདག་བྱ་རོག་
གདོང་ཅན། གནོད་སྦྱིན་བྱ་རོག་གདོང་ཅན། བདུད་པོ་བྱ་རོག་གདོང་ཅན། བདུད་མོ་རྩ་འཇིབ་མ། འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛ་ཛཿ ཞེས་པས་ཚིལ་ཆེན་གྱི་དུད་པ་རོལ་མོ་དང་བཅས་པས་སྤྱན་དྲངས་ཤིང་ཕྲིན་ལས་གཞུང་བཞིན་བྱའོ།། །།
དཔལ་ནག་པོ་ཆེན་པོ་གདོང་ལྔའི་གཏོར་བཟློག་གི་ལས་བྱང་འགྲིགས་ཆགས་སུ་བཀོད་པ།
དཔལ་ནག་པོ་ཆེན་པོ་གདོང་ལྔའི་གཏོར་བཟློག་གི་ལས་བྱང་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ། །ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །བདག་ནི་དཔལ་ཆེན་ཧེ་རུ་ཀ །ཁྱོད་ནི་ནག་པོ་ཆེན་པོ་སྟེ། །ཆོས་སྐྱོང་སྲུང་མ་ཐུགས་དམ་ཅན། །བསྟན་པ་གཉན་པོ་བསྲུང་བ་དང་། །རྣལ་འབྱོར་དམ་ཅན་སྐྱོང་བའི་ཕྱིར། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དོ་ནུབ་བཟློག་པའི་དཔུང་ལ་བྱོན། །དཔལ་ལྡན་ནག་པོ་ཆེན་པོ་ཁྱོད། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །ཡེ་ཤེས་སྤྱན་ཅན་དུས་ལ་
བབ། །དོ་ནུབ་བཟློག་པའི་དཔུང་ལ་བྱོན། །དཔལ་ལྡན་ནག་པོ་ཆེན་པོ་ཁྱོད། །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །དོ་ནུབ་བཟློག་སོགས། བསྟན་སྲུང་ལེགས་ལྡན་ནག་པོ་ནི། །དུར་ཁྲོད་གནས་ནས་སྐུ་བཞེངས་ལ། །དོ་ནུབ་བཟློག༴ མགོན་པོ་སྲོག་བདག་ནག་པོ་ནི། །བདུད་ཀྱི་གནས་ནས་སྐུ་བཞེངས་ལ། །དོ་ནུབ་བཟློག༴ མགོན་པོ་འཆི་བདག་ནག་པོ་ནི། །གཤིན་རྗེའི་གནས་ནས་སྐུ་བཞེངས་ལ། །དོ་ནུབ་བཟློག༴ མགོན་པོ་ཚེ་བདག་ནག་པོ་ནི། །ཀླུ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ་བཟློག་པའི༴ མགོན་པོ་སྒྲོལ་གིང་ནག་པོ་ནི། །སྲིན་པོའི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་སྲོག་ཟན་དམར་པོ་ནི། །བཙན་གྱི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ཤན་པ་ནག་པོ་ནི། །གཟའ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་སྒྲོལ་གིང་དམར་པོ་ནི། །
གཙུག་ལག་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ཤ་ཟན་དམར་པོ་ནི། །དམུ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་དུག་རླངས་ནག་པོ་ནི། །ཀླུ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ཆོ་འཕྲུལ་བདག་པོ་ནི། །ཐེའུ་རང་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ནད་ཀྱི་བདག་པོ་ནི། །མ་མོའི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ ཧཱུྃ། ནག་པོ་སྟོང་གི་ཚོགས་དང་བཅས། །དུར་ཁྲོད་བརྒྱད་ནས་སྐུ་བསྐྱོད་ཅིག །དཔུང་གི་ཚོགས་དང་སྐུ་བསྐྱོད་ཅིག །གོ་མཚོན་བཅས་པ་སྐུ་བསྐྱོད་ཅིག །དོ་ནུབ༴ ཤ་ཟ་འབུམ་གྱི་ཚོགས་བཅས་རྣམས། །དུར་ཁྲོད་བརྒྱད་ནས་སྐུ་བསྐྱོད་ཅིག །དཔུང་གི་ཚོགས་རྣམས་སྐུ་བསྐྱོད་ཅིག །གོ་མཚོན་བཅས་པ་སྐུ་བསྐྱོད་ཅིག །དོ་ནུབ༴ མ་མོ་བྱེ་བའི་ཚོགས་བཅས་རྣམས། །རྒྱ་མཚོའི་གླིང་ནས་སྐུ་བསྐྱོད་ཅིག །དཔུང་གི་
ཚོགས་ཀྱང་སྐུ་བསྐྱོད་ཅིག །གོ་མཚོན་བཅས་པ་སྐུ་བསྐྱོད་ཅིག །དོ་ནུབ༴ བཅོམ་ལྡན་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །བསྟན་སྲུང་མ་ལུས་སྐུ་བཞེངས་ལ། །དོ་ནུབ་བཟློག་པའི་དཔུང་ལ་བྱོན། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ཐ་ཨེ་ཧྱ་ཧི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་སོགས་གོང་ལྟར་བརྗོད་པའི་མཐར་ཨརྒྷཾ་ནས་ཤབྡའི་བར་བརྗོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་པར་གྱུར་པར་བསམ། འདི་ནི་སྒྲུབ་པའི་གཞལ་ཡས་ཁང་། །རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས། །དམ་རྫས་ཤ་ཁྲག་སྣ་ཚོགས་དང་། །འབྲུ་ཡི་ཆན་དང་ཁུར་བ་དང་། །ལ་ཕུད་ཤིང་ཐོག་སྣ་ཚོགས་དང་། །ཁྲག་སྣ་དུག་སྣ་ཨ་མྲྀ་ཏ། །དགྲ་བགེགས་ལིང་གར་བཅས་པ་འདི། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །བདུད་རྩི་སྨན་གྱི་མཆོད་པ་དང་། །ཛ་གད་དཔའ་བོའི་
མཆོད་པ་དང་། །ཁྲག་གི་ཨརྒྷཾ་དུག་གི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཞུན་ཆེན་མར་མེ་དང་། །དུག་གི་འཐོར་ཐུང་ཁྲག་གི་བྱུག་པ་དང་། །ལྷ་བཤོས་དམར་པོ་ཟུར་གསུམ་དང་། །རྐང་ཆེན་དུང་དང་བྷནྡྷའི་རྔ། །ཕྱི་ནང་མཆོད་པ་བདག་འབུལ་གྱིས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །གནས་འདིར་སྤྲིན་ལྟར་གཏིབ་མཛོད་ལ། །ཐུགས་དམ་བསྐང་ངོ་བཞེས་སུ་གསོལ། །ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། །ཕྲིན་ལས་གཉན་པོ་བཅོལ་བ་ཡི། །དྲོངས་ཤིག་ཉམས་པའི་སྙིང་ཁྲག་དྲོངས། །བཟློག་ཅིག་བྱད་ཁ་དགྲ་ལ་ཟློག །མགོན་པོའི་དམག་སྣ་དགྲ་ལ་ཟློག །མགོན་པོའི་རུ་དར་དགྲ་ལ་ཕྱོར། །མགོན་པོའི་མདུན་བཏང་དགྲ་ལ་མཆོད། །མགོན་པོའི་ཁྲམ་ཁ་དགྲ་ལ་ཡ། །མགོན་པོའི་ཁྲམ་སྣ་དགྲ་ལ་བསྒྱུར། །མགོན་པོའི་བཤུག་པ་དགྲ་ལ་ལོངས། ཨོཾ། བཛྲ་མ་ཧཱ་ཀཱ་ལ་ཡ་
ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། ཨཱཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་ག་ཨ་མྲྀ་ཏེ་ཧཱུྃ། སྤོ་ཏ་ནམ་པྲ་ཏཱིཙྪ་སྭཱ་ཧཱ། བཛྲ་ཐཱ་བི་ན་གེ་བ་པུ་རཀྵ་ར་ལ་སུ་ཀ་ནི་ཨ་བྷི་པ་ནི་བཛྲ་ཨི་དམ་པི་པཾ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ག་བཛྲ་མ་ཡ་ཧ་ན་ཧ་ཧཱུྃ་ཕཊ། །ཅེས་དམ་ལ་བཞག །སླར་ཡང་ཐུགས་ཀའི་ས་བོན་གྱི་ཧཱུྃ་ལས་འོད་ཟེར་འཕྲོས་པས། །དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། །རིགས་ལྔའི་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་ནས། སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཡེ་ཤེས་ཀྱི་མགོན་པོ་ལ་འཁོར་ལོ་བདེ་མཆོག །ལས་ཀྱི་མགོན་པོ་རྣམས་ལ་ཡེ་ཤེས་
ཀྱི་མགོན་པོ་རེ་རེས་དབུ་བརྒྱན། ལྷ་སྲིན་སྡེ་བརྒྱད་ལ་ལས་མགོན་རེ་རེས་དབུ་བརྒྱན། དེ་ནས་མཆོད་པ་ནི། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཁྲག་ཞག་ཨརྒྷཾ་སྣ་ཚོགས་འདི། །དཔལ་ལྡན་མགོན་པོའི་ཞལ་དུ་འབུལ། །སྔགས་ཀྱི་མཆོད་པར་བཞེས་སུ་གསོལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། ཁྲག་ཞག་ཞབས་བསིལ་སྣ་ཚོགས་འདི། །དཔལ་ལྡན་མགོན་པོའི་སྐུ་ལ་འབུལ། །སྔགས་ཀྱི་མཆོད་པར་བཞེས་སུ་གསོལ། །པདྱཾ༴ ཧཱུྃ། བསྟན་དགྲ་མ་ལུས༴ དབང་པོ་རྣམ་ལྔའི་མེ་ཏོག་འདི། །དཔལ་ལྡན་མགོན་པོའི་དབུ་ལ་འབུལ། །སྔགས་ཀྱི་མཆོད་པར༴ པུཥྤེ༴ ཧཱུྃ། བསྟན་དགྲ་མ་ལུས༴ ཤ་ཆེན་གུ་གུམ་བསྲེག་པའི་སྤོས། །དཔལ་ལྡན་མགོན་པོའི་ཤངས་ལ་འབུལ། །སྔགས་ཀྱི༴ དྷཱུ་པེ༴ ཧཱུྃ། བསྟན་དགྲ་མ་ལུས༴ ཚིལ་ཆེན་ཞུན་
གྱི་མར་མེ་འདི། །དཔལ་ལྡན་མགོན་པོའི་སྤྱན་ལ་འབུལ། །སྔགས་ཀྱི༴ ཨཱ་ལོ་ཀེ༴ ཧཱུྃ། བསྟན་དགྲ་མ་ལུས༴ ཀླད་ཆེན་འབར་བའི་དྲི་མཆོག་འདི། །དཔལ་ལྡན་མགོན་པོའི་ཐུགས་ལ་འབུལ། །སྔགས་ཀྱི༴ གནྡྷེ༴ ཧཱུྃ། བསྟན་དགྲ་མ་ལུས༴ ཤ་ཆེན་དོན་སྙིང་རྣམ་ལྔའི་བཤོས། །དཔལ་ལྡན་མགོན་པོའི་ལྗགས་ལ་འབུལ། །སྔགས་ཀྱི༴ ནཻ་ཝི་དྱ༴ ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཐོད་རྔ་མི་རྐང་གླིང་བུའི་སྒྲ། །དཔལ་ལྡན་མགོན་པོའི་སྙན་ལ་འབུལ། །སྔགས་ཀྱི་མཆོད་པར་བཞེས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་སྨན་རག་གཏོར་མ་གཞུང་བཞིན་བྱས་ལ། པཉྩ་ཨྲི་ཏ༴ མ་ཧཱ་རཀྟ༴ ཨོཾ་ཁཎྜ་རོ་ཧེ༴ སྭ་བྷ་ཝ༴ སྟོང་པའི་ངང་ལས༴ བཀུག་པར་གྱུར། འགུགས་པ་ལན་༣། གཞི་སྙིང་བྱིན་རླབས། མ་ཡལ་བར་གྱུར་ཨོཾ་བཛྲ་ཀ་ཝུ་ཝ་ས་པཱ་རི༴ ཤ་ས་ན་ཁྲི་བདུན་མ། དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་ཁཱ་ཧཱི། དམོད་བཅོལ། ཧཱུྃ། ནག་པོ་ཁྱེད་དང་། བསྐང་བརྒྱད། ཨོཾ་གྲུབ་པར་གྱུར་སོགས། གཙོ་འཁོར་དེ་ཐམས་ཅད་ཀྱི་སོགས། བསྙེན་བཟླས་བྱ།
ཟུར་དེབ།
༓ ༈ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ༴ སོགས་ནས་ཤབྟའི་བར་དང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མཆོད་གཏོར་ལ། ཨོཾ་ཁཎྜ་རོ་ཧེ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཡྃ་ལས་རླུང་རྃ་ལས་མེ་ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔའི་སྟེང་དུ་དགྲ་བགེགས་ཐམས་ཅད་ཐུགས་ཀའི་ས་བོན་དེ་
ཉིད་ཀྱིས་ཀྱང་བཀུག་པར་གྱུར། ༈ ན་མོ། རྗེ་བཙུན་སོགས་ལན་གསུམ་བཀུག །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལཾ་ཐུཾ་རིལ་རྦད། སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུཾ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛཿ ནྲྀ་ཛ་ཙིཏྟ་ལ་ཡ། ཐུཾ་རིལ་རྦད། ནྲྀ་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ར། དགྲ་བགེགས་ཀྱི་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་རྩ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད་སྲོག་རྩ་ཆོད། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་དགྲ་བགེགས་བྱད་མའི་ལྷ་ལ་ཤག་ཕྱེས་ཤག་ཕྱེས། མ་མ་ཏྲག་རུ་དྲ་དགྲ་བགེགས་མཱ་ར་ཡ་ཕཊ། དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་རྦད། ཅེས་བཞི་སྙིང་བརྗོད། ནྲྀ་ཏྲི་སྥ་ར་ཎ་ཕཊ། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་
བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རྣམ་པ་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་དགྲ་བོའི་དོན་སྙིང་ནང་ཁྲོལ་རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། གདོང་ལྔ་ལ་འབྲེལ་ན། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་བརྗོད། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན༴ རྒྱན་ཅན་བརྗོད། ༈ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ་ས་མ་ཡ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྷྲི་ཧ་ན་གྷྲི་ཧ་ན་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི་ཁཱ་ཧི། བྷནྡྷ་བྷནྡྷ་དགྲ་བགེགས་ཀྱི་རཀྟ་ལ་ཁཱ་ཧི་ཁཱ་ཧི། ཧ་ན་ཧ་ན་དགྲ་བགེགས་ཀྱི་གོ་རོ་ཙ་ན་ལ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ་དགྲ་བགེགས་ཀྱི་བ་སུ་ཏ་ལ་ཁཱ་ཧི་
ཁཱ་ཧི། པ་ཙ་པ་ཙ་དགྲ་བགེགས་ཀྱི་སྲོག་དབུགས་ལ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ་དགྲ་བགེགས་ཀྱི་ཙིཏྟ་ལ་ཁཱ་ཧི་ཁཱ་ཧི། ༈ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ། སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་བདག་བྱ༴ གནོད་སྦྱིན་བྱ་རོག༴ བདུད་པོ་བྱ༴ བདུད་མོ་རྩ་འཇིབ་མ། འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མྱུར་མགྱོགས་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ། སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་ཟློག །ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་
པའི་ཕྲིན་ལས་མཛོད་ཅིག །ནག་པོ་ཁྱོད་མཐུན་མ། ཁྱེད་ལ་མཆོད་པ་འབུལ་བ་འདོད་གསོལ་བཅས། བསྐང་བརྒྱད་འབྲུ་གསུམ་དང་། གཙོ་འཁོར་ཐམས་ཅད་ཀྱི་བསྙེན་པ་བྱ། ཧཱུྃ། ནག་པོ་ཁྱོད་དང་མཐུན་པའི་དམ་རྫས་ནི། །བྷནྡྷ་དུམ་གཅིག་ཐོད་པའི་སྣོད་ནང་དུ། །རྒྱ་ཤུག་ལ་སོགས་འབྲུ་ལྔ་སི་ལི་ལི། །ག་པུར་ལ་སོགས་དྲི་ལྔ་ཀྱི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་སྤྲིངས་སེ་སྤྲིང་། །རཀྟ་ཁྲག་གི་རྦ་ཀློང་ཀྱི་ལི་ལི། །པཉྩ་རུས་པའི་ཕུང་པོ་ཁྲ་ལ་ལ། །ཤ་ཆེན་བདུད་རྩིའི་ཚོགས་ནི་ཉི་ལི་ལི། །ཉ་ཤ་སྒོག་བཙོང་ཐུག་པ་ནག་པོ་དང་། །ལ་ཕུད་ལ་སོགས་མཐུན་པའི་དམ་རྫས་ནི། །དཔལ་ལྡན་མགོན་པོའི་སྐུ་ལ་མཆོད་པ་འབུལ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་གྱུར་ཅིག །བཅོ་ལྔ་པ་སླར་ཡང་མཆོད་པ་ནི། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །འཇིག་རྟེན་ཁམས་ཀྱི་མཆོད་པ་དང་། །བསྲེག་པའི་གསུར་དང་བཙོས་པའི་
ཞག །མྱོས་པའི་ཆང་དང་བདུད་རྩི་ལྔ། །རཀྟ་བ་ལིང་ཨ་མྲྀ་ཏ། །ཞལ་དུ་འབུལ་ལོ་ཁ་རཾ་ཁཱ་ཧི། །མགུལ་དུ་བརྐྱང་ངོ་ཨ་ལ་ལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །བླ་མའི་སྐུ་དགྲར་གྱུར་པ་དང་། །སེམས་ཅན་ཡོངས་ལ་འཚེ་བ་དང་། །བདག་ལ་བརྙས་བྱེད་དགྲ་བགེགས་རྣམས། །སོད་ཅིག་གཏོག་ཅིག་མ་ར་ཡ། །ཙིཏྟ་ཁ་རཾ་ཛ་ཛ་ཛཿ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱིས། །ལས་རྣམས་གང་ཡིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དངོས་གྲུབ་རྣམ་གཉིས་འབྱུང་བ་དང་། །གཞན་དོན་མཐར་ཕྱིན་མཛད་ནས་ཀྱང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །བཅུ་དྲུག་པ་ཕྲིན་ལས་བཅོལ་བ་ནི། རྡོ་རྗེ་ནག་པོ་ཆེན་པོ་ཡབ་ཡུམ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་སྨན་གཏོར་བཞེད་དགུ་
འབྱུང་བའི་རྒྱ་མཚོ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་སྦྱོར་ཕུན་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། དེ་དག་ལ་བར་དུ་གཅོད་པའི་དགྲ་བགེགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་ཚར་གཅོད་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། བཅུ་བདུན་པ་བསྟོད་པའི་སྔགས་ནི། ༈ ཨོཾ་གྲུབ་པར་གྱུར་ཅིག །ཧུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་ཤིང་། །ཧཱ་ཧཱ་ཊ་ཊ་ཞེས་བཞད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་
པ། །ཀཾ་ཀཾ་ཀཾ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཆུ་དང་མཚུངས་པའི་སྐུ། །བྷྲཱུཾ་བྷྲཱུཾ་བྷཱུཾ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཤིང་། །དབུ་སྐྲ་དང་ནི་སྨ་ར་ཆེར་སེར་ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུག་ཅིང་བསྒྱུར་མཛད་ཀྲུཾ་ཀྲུཾ་ཀྲུཾ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧ་ཧ་ཧཱུྃ་དང་ཀི་ལི་ཀི་ལི་ཞེས་སྒྲོགས་ཕྱག་གཡོན་ཁ་ཊྭཱཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང་། །ཁཾ་ཁཾ་ཁཾ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པ། །ཌཾ་ཌཾ་ཌཾ་ཞེས་ཌཱ་མ་རུ་
ཅན་འདིའི་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྵཾ་ཀྵཾ་ཀྵཾ་ཞེས་བཟོད་པའི་གཟུགས་ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ཅིང་མནན་པས་ཀ་ཁ་ཀ་ཁ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾ་ཀྵུཾ་ཤྲི་ཡི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་སེལ་ཞིང་མི་ཡིས་གང་
བའི་ས་ལ་ཞིང་སྐྱོང་ཁྱེད་ཀྱིས་བསྲུང་བར་མཛོད། །ཕེཾ་ཕེཾ་ཕེཾ་ཅེས་སྒྲོགས་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙཾ་ཙཾ་ཙཾ་ཞེས་གཏུམ་པའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲཾ་ཀྲཾ་ཀྲཾ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང་། །སཾ་སཾ་སཾ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བཾ་བཾ་བཾ་ཞེས་གཤིན་རྗེ་ལྟར་ཁྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡཾ་ཡཾ་ཡཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་
འཇིག་རྟེན་གནོད་བྱེད་མཁྱེན། །ཀླཾ་ཀླཾ་ཀླཾ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོང་། །སཾ་སཾ་སཾ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱི་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་བསྐྱང་དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཞིག་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང་། །ཚེ་དང་དཔལ་དང་གྲགས་པ་མཐུ་སྟོབས་འབྱོར་པ་འཛིན་
དང་གཟི་བརྗིད་རྒྱས་པ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་རྣམས་རྟག་ཏུ་ཉམས་པར་འགྱུར། །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ། དཔྲལ་བའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུ་ཡི་བྱིན་རླབས། སྐུ་ཡི་ནུས་མཐུ་དཔག་ཏུ་མེད་པ་འཕྲོས་པས། ཨོཾ་ཨཱཿཧཱུྃ། མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་འཕྲོས་པས། གོང་གིས་འགྲེའོ། །ཐམས་ཅད་གསུང་གི་སོགས། ཨོཾ་ཨཱཿཧཱུྃ། ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་སྔོན་པོ་འཕྲོས་པས། འགྲེའོ། །ཐམས་ཅད་ཐུགས་ཀྱི་སོགས། ཨོཾ་ཨཱཿཧཱུྃ། འཁོར་ལོས་བསྒྱུར་
བའི་རྒྱལ་པོ་ཚེ་ཡི་རིག་འཛིན་བརྙེས་པ། མངོན་པར་ཤེས་པ་མངའ་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཉི་མ། ཟླ་བ། སྨན། ནགས་ཚལ། འབྱུང་བ་བཞི་ཡི་བཅུད་ཐམས་ཅད་ཡི་གེ་གསུམ་གྱི་རྣམ་པར་ཨོཾ་ཨཱཿཧཱུྃ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་བཀྲག་མདངས་མཐུ་སྟོབས་ནུས་མཐུ་ཐམས་ཅད་ཡི་གེ་གསུམ་གྱི་རྣམ་པར་ཨོཾ་ཨཱཿཧཱུྃ། ༈ ཕྱོགས་བཅུའི་རྒྱལ་བ་ཡང་མགོན་པོ་ལ། མགོན་པོ་ཡང་ཕྱོགས་བཅུའི་རྒྱལ་བར་གྱུར། ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་འབར་བའི་མཐའ་གཡོན་བསྐོར་དུ། ཞག་གསུམ་ལ་བསྙེན་པ། ཞག་གསུམ་ལ། ཤ་ས་ན། ༣ ༥ ༧ཞག་གསུམ་ལ་ཤ་ན་ན་བདུན་སྟེང་དཾ་ཏག་ལིང་། གཞི་སྙིང་སྦྲེལ་བ། ༣ ༥ ༧ བསྟན་དགྲ་མ་ར་ཡ་ཕཊ། བཅོམ་ལྡན་བདག་དང་སོགས། ཡིག་བརྒྱ། གསང་བའི་གསོལ་འདེབས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་རསྟ་ཀརྨ་ན་ཐ་ས་པ་རི་ཝཱ་ར་ཨརྒྷཾ་
ཤབྟའི་བར། ཧཱྃ། འཇིགས་མཛད་དཔའ་བོ་སོགས་ཤླཽ་ཀ་གཉིས། ཧཱུྃ། དུས་གསུམ་སངས་རྒྱས་བསྟན་སོགས། བདག་བསྟོད་དོ། །བྱད་བཟློག་དུས་ཆ་བཞི་རྩེ་ཡི་ལིང་ག་ལ་དམིགས་ནས་ཨེ་ལས་གཏོར་སྣོད་སོགས། བཀྲུག་ཁ་བསྒྱུར་ཅན་ཚར་༣། གཞི་སྙིང་བཅས་བྱའོ། །དེ་ནས་གཞུང་གི་ཨོཾ་ཁཎྜ་རོ་ཧེ་སོགས། སྟོང་པའི་ངང་ལས་གཏོར་མདོས་ཀྱི་སོགས་དཀྱུས་བཞིན་འདོན། མཆན། དེ་ནས་བསྙེན་པ་བྱ་བ་ནི། དཔལ་ནག་པོ་ཆེན་པོའི་གཏོར་བཟློག་ལ། རང་ཉིད་ནག་པོ་ཆེན་པོ་སོགས་བསྒོམ། ཧེ་རུ་ཀ་ནི་སྤྱི་བོར་བསྒོམ། ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་བསྒོམ། གཏོར་མ་དེ་ལེགས་ལྡན་ནག་པོ་ཞལ་གཅིག་ཕྱག་བཞི་པར་བསྐྱེད། དེ་ཁྲོ་ཞལ་ཅན་དུར་ཁྲོད་ཀྱི་ཆས་དང་ལྡན་པར་བྱ། དེའི་ཟུར་གསུམ་དུ་བྱ་རོག་གདོང་ཅན་གསུམ་བསྐྱེད། དེ་ནས་འཁོར་རྣམས་བསྐྱེད། དེ་ནས་བསྙེན་པ་བྱ་སྟེ། སུམ་སྦྲེལ་བསྙེན་པ་རྒྱན་ཅན་ནི། བྱ་རོག་གདོང་གསུམ་ལ་ཐུགས་མགོན་དང་། བདག་ཡེ་ཤེས་པ་གསུམ་ལ་སུམ་སྦྲེལ་ལ་ཧེ་རུ་ཀའི་བསྙེན་པ་རྒྱན་དུ་བྱ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཀ་ལི་པ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛ་ཧཱུྃ་ཕཊ། ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཅེས་པ་ནི་བསྙེན་པའོ། །དགྲ་བགེགས་ཆྒཻ་མོ་མཱ་ར་ཡ་ཕཊ། ཅེས་པ་ནི་སྒྲུབ་པའོ། །དེ་ནས་གཏོར་མ་དང་མདོས་ཀྱི་ཡོ་བྱད་རྣམས་བྱིན་
གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེས་བགེགས་བསྐྲད། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་གཏོར་མ་མདོས་ཀྱི་ཡོ་བྱད་རྣམས་མི་དམིགས་པ་སྟོང་པར་གྱུར། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་གསུམ་ཚོགས་དང་བཅས་པ། ཨོཾ་ཨཱཿཧཱུྃ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། གཞན་ཡང་མདོས་ཀྱི་ཡོ་བྱད་རྣམས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། རང་རང་གི་རིགས་དང་མཐུན་པའི་བཤོས་བུ་མཐུན་རྫས་སྤྱན་གཟིགས་དཀོར་ནོར་ཕྱི་ནང་གསང་གསུམ་གྱི་མཆོད་པའི་སྤྲིན་ཕུང་རབ་འབྱམས་ཆོས་ཀྱི་དབྱིངས་དང་མཉམ་པ་འདི་དག་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་
འདས་འཁོར་ལོ་བདེ་མཆོག །གཞན་ཡང་ཡི་དམ་བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ་ཚོགས་རྣམས་དང་། དམ་ཅན་ཆོས་སྐྱོང་མ་མགོན་ལྕམ་དྲལ་རྣམས་ཀྱི་བཞུགས་ཡུལ། མངའ་རིས་ཞིང་ཁམས། ཕོ་བྲང་སྤྱན་ལམ་རྣམས་སུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །སྔགས་དྲུག་ཕྱག་དྲུག་དེས་གཏོར་མ་དང་མདོས་ཀྱི་ཡོ་བྱད་རྣམས་བྱིན་གྱིས་བརླབས་ཤིང་། ཁྱད་པར་དུ་ཡང་ནག་པོ་ཆེན་པོ་འཁོར་བཅས་ལ་འབུལ་བ་ནི། ཤཱ་ས་ན་ལན་གསུམ་ཁཱ་ཧི་བདུན་མས་འབུལ། ཕྱི་ནང་གསང་གསུམ་གྱི་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྣམས་དང་། ཁྱད་པར་དུ་ཡང་གཏོར་མ་བདུད་རྩིའི་རྒྱ་མཚོ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག །ཤར་དུ་ཤ་སྣ་ཚོགས། ལྷོར་སྙིང་སྣ་ཚོགས། ནུབ་ཏུ་སྙིང་ཁྲག་སྣ་ཚོགས། བྱང་དུ་སྲོག་དབུགས་སྣ་ཚོགས་ཀྱི་གཏོར་མ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཤཱ་ས་ན་ཁཱ་ཧི་བདུན་མ་སྦྲེལ་བ་ལ། དཔལ་
ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ། སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་བདག་བྱ་རོག་གདོང་ཅན། གནོད་སྦྱིན་བྱ་རོག་གདོང་ཅན། བདུད་པོ་བྱ་རོག་གདོང་ཅན། བདུད་མོ་བྱ་རོག་གདོང་ཅན། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མྱུར་མགྱོགས་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཞན་ཡང་ཆོས་འཁོར་གཉེན་པོ་སྲུང་ཞིང་སྐྱོང་བ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་སོགས་བརྗོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ་ཕྲིན་ལས་བཅོལ། ལྕགས་རིའི་ནང་དུ་བྱད་མ་གནོད་བྱེད་ཐམས་ཅད་ཀྱི་ཤ་ཁྲག་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འདི་དག །བྱད་མ་གནོད་བྱེད་ཀྱིས་རྦད་པའི་ལྷ་སྲུང་རྣམས་དང་། བདག་ལ་
གནོད་ཅིང་འཚེ་བའི་སྡང་བྱེད་དགྲའི་ལྷ་སྲུང་། གནོད་བྱེད་ལན་ཆགས་རྣམས་ཀྱི་ཞལ་དུ་ཨི་དཾ་སོགས། བདག་དང་ཡོན་བདག་ལན་ཆགས་བྱང་བ་དང་། དམ་ཉམས་དགྲ་ལ་འདྲེ་དམག་འདྲེན་པའི་ཕྲིན་ལས་མཛོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ཐ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྙིང་པོ་སུམ་སྦྲེལ་ལ་ཨོཾ་ཨཱཿཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། བཏགས་ལ་བདུད་རྩི་འབུལ། བསྟོད་པ་ནི། བདེ་གཤེགས་ཐུགས་ཀྱིས་སྐུ་སྤྲུལ་པ་སོགས་ཤོ་ལོ་ཀ་གསུམ་གྱིས་བསྟོད། ལས་མགོན་བསྟོད་པ་ནི། ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ན་ཐོགས། །དམིགས་པའི་ནང་ཁྲོལ་འདྲེན་ཅིང་ཟ། །དེ་ཡི་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་བཏོག་ཅིང་ཟ། །ཡུམ་ནི་གསོད་བྱེད་ཁྲག་འཇིབ་མ། །ཕྱག་བཞི་རྐང་དང་སྙིང་ཁྲག་བསྣམས། །མ་མོ་རྣམས་ཀྱི་ཤ་ལ་རོལ། །དུར་ཁྲོད་ལྕེ་སྤྱང་ལིང་འདུ་རྣམས། །
དབང་པོ་རྣམས་དང་ནང་ཁྲོལ་འདྲེན། །འབྱུང་པོ་རྣམས་ཀྱི་ཤ་ལ་རོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད། བཀའ་བསྒོ་འདོན། ཨོཾ་ཁཎྜ་རོ་ཧེ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ལྕགས་ཁང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས་གནོད་པར་བྱེད་པའི་དགྲ་བགེགས་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་གྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་བྱེད་དགྲ་བགེགས་འདིར་ཁུག་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ལྷ་དང་ཤག་ཕྱེས་ཤག་ཕྱེས་མ་མ་ཏྲག་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། ལྷ་དང་ཕྱེས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཐུན་བྷྱོ། ཐུན་གདབ། ཨོཾ་བཛྲ་མ་
ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད། ནྲྀ་ཏྲི་སྥ་ར་ཎ་ཕཊ། རྣམ་ཤེས་སྤར་ནས། བསང་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི། དོན་སྙིང་ནང་ཁྲོལ་རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། གང་ཡིན་འདོན། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ། སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་བདག་བྱ་རོག་གདོང་ཅན། གནོད་སྦྱིན་བྱ་རོག་གདོང་ཅན། བདུད་པོ་བྱ་རོག་གདོང་ཅན། བདུད་མོ་རྩ་འཇིབ་མ། འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མྱུར་མགྱོགས་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་
བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་ཟད་མི་ཤེས་པ་ནམ་མཁའི་མཐའ་དང་མཉམ་པ་བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་བཟློག །ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ། ས་མ་ཡ། ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི། གྷྲི་ཧྞ་གྷྲི་ཧྞ། དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི་ཁཱ་ཧི། བྷནྡྷ་བྷནྡྷ། དགྲ་བགེགས་ཀྱི་རཀྟ་ལ་ཁཱ་ཧི་ཁཱ་ཧི། ཧ་ན་ཧ་ན། དགྲ་བགེགས་ཀྱི་གོ་རོ་ཙ་ན་ལ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ། དགྲ་བགེགས་ཀྱི་བ་སུ་ཏ་ལ་ཁཱ་ཧི་ཁཱ་ཧི། པ་ཙ་པ་ཙ། དགྲ་
བགེགས་ཀྱི་སྲོག་དབུགས་ལ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ། དགྲ་བགེགས་ཀྱི་ཙིཏྟ་ལ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ། ཏྲཀྴད་དོཾ་ཏྲག་ལིང་། མ་མ་ཆོམ། སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད། ཐུཾ་ཐུཾ། དགྲ་བགེགས་མཱ་ར་ཡ། གིང་ཀ་ར་གིང་ཀ་ར། རྒྱུག་རྒྱུག །བྲེང་བྲེང་། དགྲ་བོ་མཱ་ར་ཡ་རྦད་རྦད། ཤག་ཤག །བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་ཤད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀ་ལ་ནྲྀ་ཐུཾ་ལཾ་ཐུཾ་རིལ་རྦདཿ སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུཾ་རིལ་རྦདཿ ཙིཏྟ་ཁ་རག་ཛ་ཛཿ ནྲྀ་ཛ་ཙིཏྟ་ཡ། ཐུཾ་རིལ་རྦདཿ ནྲྀ་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད་སྲོག་རྩ་ཆོད་ཐུཾ་རིལ་རྦུད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ། མ་མ་ཏྲག་
རུ་དྲ་དགྲ་བགེགས་མཱ་ར་ཡ་ཕཊ། དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་རྦད།
དཔལ་གདོང་ལྔའི་བཟློག་གཞུང་ཕྲིན་ལས་ཀུན་འགྲུབ།
༄༅། །དཔལ་གདོང་ལྔའི་བཟློག་གཞུང་ཕྲིན་ལས་ཀུན་འགྲུབ་བཞུགས་སོ། །
དེ་ནས་ལིང་ག་བསྒྲུབ་པ་དང་། བཟློག་པ་དང་། བསད་པ་དང་། མནན་པ་གསུམ་ལ་འགུགས་གཞུག་ལ་སོགས་ལེགས་པར་བྱས་ལ། ཐུན་དང་བཅས་པས་ཕྲིན་ལས་བཅོལ་བ་ནི་ལས་སྦྱོར་རོ། །བསྙེན་པའི་ཚད་ནི་རྟགས་སྤྱི་དང་མཐུན། ཁྱད་པར་དུ་འདི་བྱེད་པའི་དུས་སུ་སུམ་སྦྲེལ་ལ་ཁྲི་ཚར་གཅིག །ཤཱ་ས་ན་སྟོང་། གཞི་སྙིང་ལ་བརྒྱ་རྩ་བརྒྱད་བཟླས་ལ་ལས་སྦྱོར་བྱ། གཏོར་མ་བཞི་པོའི་ནང་དུ་ཤཱ་ས་ན་བྲིས་ལ་བཅུག །དབུས་མ་ལ་ཁྲུ་གང་བ་གཅིག་བྱ། ངར་མི་ཞེས་པ་ནི། མགོན་པོ་ལྔ་སྒྲུབ་བྱེད་པ་ཡང་ཡོད། འབྲུ་ནག་ལ་མི་བྱེད་པ་ཡིན། གདུགས་དབུས་མ་ཆེ་བར་བྱ། བཞི་ཆུང་བར་བྱ། དེ་རྒྱག་གཏོར་བྱེད་ན་གང་ལ་ཡང་ཉན། དེས་འཁུ་ལྡོག་བྱུང་ན་བདག་གི་གླུད་དུ་བྱེད་པ་ཡིན། བཟློག་པ་དང་། བསད་པ་བྱེད་ན་གང་ལ་དམིགས་པའི་ཤ་ཁྲག་ཏུ་བསམ། ཁྱད་པར་གློ་སྙིང་དུ་བསམ་ལ་འབུལ། བདག་ཡེ་ཤེས་པ་དང་། མདུན་བསྐྱེད་དང་། དམིགས་བྱ་གསུམ་ལ་གསལ་བ་གལ་ཆེ།
དེང་སང་སྔགས་པ་མང་ན་གཅིག་གིས་ཧ་སྒྲོག་མ་འདོན། ལ་ལས་བསྐང་བརྒྱད་འདོན། ལ་ལས་ཤཱ་ས་ན་བཟླས་ནས་གཏོར་མ་རེ་རེ་དང་སྦྲག་ནས་འབུལ་བ་ནི། བྷྱོཿ མ་གཡེལ་མ་འདའ་ནག་པོ་ཆེ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ། །དགྲ་དང་བྱད་ཁ་བྱུང་བ་འདི། །དམ་ཅན་ཁྱོད་ཀྱིས་མ་ཚོར་རམ། །ཡེ་ཤེས་སྤྱན་དང་མི་ལྡན་ནམ། །སྔོན་གྱི་དམ་བཅའ་མ་བསྙེལ་ལམ། །རིག་འཛིན་རྣལ་འབྱོར་མི་སྐྱོང་ངམ། །སངས་རྒྱས་བསྟན་པ་མི་བསྲུང་ངམ། །དམ་ཉམས་ལོག་འདྲེན་མི་འདུལ་ལམ། །ཁྱེད་ཀྱི་
ཐུགས་དམ་དུས་ལ་བབ། །བར་ཆད་བཟློག་པའི་དུས་ལ་བབ། །ཧཱུྃ། དཔལ་ལྡན་ཁྲག་འཐུང་རྔམ་པའི་སྐུ། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །སྤྲུལ་པས་འགྲོ་བའི་དོན་མཛད་པ། །དུས་འདིར་བཟློག་པའི་ཕྲིན་ལས་མཛོད། །བསྒྲལ་ཆུང་ཅིག །ཧཱུྃ། མེ་རི་དམར་ནག་འབར་བའི་ཀློང་དཀྱིལ་ནས། །ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་ནས། །ཐོད་ཆེན་སྐམ་རློན་བམ་ཆེན་གསར་རྙིང་དང་། །ཀེང་རུས་སྔོ་སྐྱ་གདུག་པ་སྦྲུལ་གྱིས་བརྒྱན། །སྟེང་ན་སྤྲིན་ནག་འཁྲུག་ཅིང་འབྲུག་སྒྲ་སྒྲོགས། །ཁྱུང་དང་དུར་བྱ་ལ་སོགས་མཁའ་ལ་ལྡིང་། །གཅན་གཟན་ལྕེ་སྤྱང་ཚོགས་ནི་ཕྱི་ལ་འགྲོ། །དུར་ཁྲོད་ཆེན་པོའི་གནས་མཆོག་དེ་ཉིད་ན། །གྲུ་གསུམ་མཐིང་ནག་མེ་རི་འབར་བའི་འབུས། །སྣ་ཚོགས་པདྨ་ཉི་མ་རོ་ཡི་གདན། །བཾ་ཆེན་རུ་དྲ་བརྩེགས་པའི་གདན་སྟེང་ན། །དུས་གསུམ་སངས་རྒྱས་ཀུན་དང་དབྱེར་
མེད་པའི། །ཁྲག་འཐུང་རྡོ་རྗེ་ནག་པོ་ཆེན་པོ་ནི། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་འདོར་ཐབས་བསྒྲད། །དགྲ་བགེགས་གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། །དབུ་སྐྲ་ཐམས་ཅད་གྱེན་དུ་འབར་བ་ཡིས། །ཡེ་ཤེས་ལྷ་ཡི་དམོད་པ་བཟློག་ཏུ་གསོལ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ཡིས། །ཉོན་མོངས་དུག་ལྔའི་ཚོགས་རྣམས་བཟློག་ཏུ་གསོལ། །རྒྱལ་རིགས་སྦྲུལ་གྱིས་དབུ་སྐྲ་བཅིངས་པ་ཡིས། འཇིག་རྟེན་ལྷ་འདྲེའི་གནོད་པ་བཟློག་ཏུ་གསོལ། །རིན་ཆེན་དབུ་རྒྱན་དར་གྱི་ཅོད་པན་གྱིས། ལྷ་རྣམས་ཡོངས་ཀྱི་དམོད་པ་བཟློག༴ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ཡིས། །དུག་གསུམ་མི་དགེ་བཅུ་རྣམས་བཟློག༴ ཤངས་ནས་རླུང་བྱུང་ཁྲོ་གཟེར་བསྡུས་པ་ཡིས། །ཁྲོ་བོ་ཕོ་ཉའི་གནོད་པ་བཟློག༴ སྨིན་མ་གློག་སྟོང་འཁྱུག་འདྲ་གཟིགས་པ་ཡིས། །གཟའ་
ཆེན་བརྒྱད་སོགས་གནོད་པ་བཟློག༴ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་ཡིས། །ཟ་བྱེད་བརྒྱད་ཀྱི་གནོད་པ་བཟློག༴ ཞལ་ནས་ཧཱུྃ་ཕཊ་བྷྱོ་དང་བསྭ་སྒྲ་ཡིས། །ངན་སྔགས་དམོད་པའི་ཐུན་སྔགས་བཟློག༴ ཨག་ཚོམ་དམར་སེར་མེ་ལྟར་འབར་བ་ཡིས། །ཉོན་མོངས་ཤེས་བྱའི་བག་ཆགས་བཟློག༴ ཕྱག་གཡས་གྲི་གུག་རབ་ཏུ་འབར་བ་ཡིས། །གཞན་གྱི་མཚོན་ཆའི་ངན་སྦྱོང་བྱེད་པ་ཟློག །གཡས་ཀྱི་འོག་མས་རལ་གྲི་འབར་བ་ཡིས། །ཁམས་གསུམ་རྦད་པའི་ལྷ་འདྲེ་ཐམས་ཅད་བཟློག །གཡོན་གྱི་དང་པོས་ཐོད་ཁྲག་ཕྱེ་བ་ཡིས། །མ་མོའི་ཁྲག་རིམས་དལ་ཁ་ཐམས་ཅད་བཟློག །གཡོན་གྱི་འོག་མས་ཁ་ཊྭཱཾ་བསྣམས་པ་ཡིས། །འཇིག་རྟེན་ཕོ་ཉའི་དམག་ཚོགས་ཐམས་ཅད་བཟློག །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན་པ་ཡིས། །ཐེག་པ་གསུམ་གྱི་རྦོད་གཏོང་ཐམས་ཅད་བཟློག །
སྐུ་སྟོད་གླང་ཆེན་ཀོ་རློན་གསོལ་བ་ཡིས། །གཏི་མུག་རྨོངས་པའི་བག་ཆགས་ཐམས་ཅད་བཟློག །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བ་ཡིས། །ཕྲིན་ལས་རྣམ་བཞིའི་བར་ཆད་ཐམས་ཅད་བཟློག །སྟག་གི་ལྤགས་པའི་དཔའ་བརྟུལ་ཆེན་པོ་ཡིས། །ང་རྒྱལ་དྲེགས་པའི་བག་ཆགས་ཐམས་ཅད་བཟློག །གདུག་པ་སྦྲུལ་གྱིས་སྐུ་ལ་བརྒྱན་པ་ཡིས། །དམ་ཉམས་ཞེ་སྡང་གདུག་པའི་སྦྱོར་བ་བཟློག །རཀྟའི་ཐིག་ལེས་རབ་ཏུ་བརྒྱན་པ་ཡིས། །མ་མོ་མཁའ་འགྲོའི་ཁྲག་ནད་རྒྱུ་གཟེར་བཟློག །ཞག་གི་ཟོ་རིས་རབ་ཏུ་བརྒྱན་པ་ཡིས། །གིང་དང་བདུད་ཀྱི་སྦྱོར་བ་ངན་པ་ཟློག །ཐལ་ཆེན་ཚོམ་བུས་རབ་ཏུ་བརྒྱན་པ་ཡིས། །དུར་ཁྲོད་བདག་པོའི་ཕོ་ཉ་ཐམས་ཅད་བཟློག །ཞབས་གཉིས་དཔའ་བོའི་སྟབས་ཀྱིས་བཞུགས་པ་ཡིས། །དྲེགས་པ་ལྷ་ཆེན་རྣམས་ཀྱི་ཆད་པ་བཟློག །པདྨ་ཉི་མའི་གདན་
ལ་བཞུགས་པ་ཡིས། །ལོག་པར་ལྟ་བའི་དགྲ་བགེགས་ཐམས་ཅད་བཟློག །སྐུ་ལ་ཡེ་ཤེས་མེ་དཔུང་འབར་བ་ཡིས། །ལས་ངན་འཁོར་བའི་བུད་ཤིང་ཐམས་ཅད་བཟློག །དཔྲལ་བའི་དབྱིངས་ནས་བྱ་ཁྱུང་ལྡིང་བ་ཡིས། །ས་བདག་ཀླུ་ཡི་བྱད་སྟེམས་ཐམས་ཅད་བཟློག །སྤྲུལ་པའི་ཕོ་ཉ་སྐུ་ལ་འཕྲོ་བ་ཡིས། །སྣང་སྲིད་ལྷ་འདྲེའི་རྦོད་གཏོང་ཐམས་ཅད་བཟློག །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་དང་། །དམར་ཆེན་རཀྟའི་ཨརྒྷཾ་དང་། །ཙིཏྟ་སྙིང་ཆེན་རྒྱལ་མཚན་དང་། །དགྱེས་པའི་དམ་རྫས་སྣ་ཚོགས་ཀྱིས། །ནག་པོ་ཆེན་པོའི་ཐུགས་དམ་བསྐང་། །ཐུགས་དམ་སྐོངས་ལ་བྱད་ཁ་བཟློག །ཁཱ་ཧི་བདུན་མ། ཧཱུྃ། སྟེང་གི་ཕྱོགས་ཀྱི་ཕོ་ཉ་ནི། །ལྕགས་ཀྱི་བྱ་ཁྱུང་ནག་པོ་ལ། །སྤྱན་ནི་ཁྲག་མདོག་བསེ་ཡི་སྤྱན། །རྭ་ནི་རྡོ་རྗེ་ཕ་ལམ་ལ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །ཐོག་
དང་སེར་བའི་བདག་པོ་བྱེད། །དམ་ཉམས་ཡུལ་དུ་ཐོག་སེར་འབེབས། །གཤོག་པ་གཡས་པ་མེ་ཡི་བུ་ཡུག་འཚུབ། །ཁྲོ་བོ་གྲངས་མེད་མེ་ཡི་ཐོ་བ་འཛིན། །སྤྲུལ་པའི་ཁྲོ་བོ་རྣམས་ཀྱིས་རྦོད་གཏོང་བཟློག །གཤོག་པ་གཡོན་པ་རླུང་གི་བུ་ཡུག་འཚུབ། །སྤྲུལ་པ་གྲངས་མེད་འགུགས་པའི་ལྕགས་ཀྱུ་ཅན། །སྤྲུལ་པའི་ཁྲོ་མོ་རྣམས་ཀྱིས་རྦོད་གཏོང་བཟློག །གནམ་ལྕགས་ཞུན་མའི་མཆུ་སྡེར་ལ། །མེ་ཡི་ཚྭ་ཚྭ་འབར་བ་འཕྲོ་བ་ཡི། །གཤོག་པ་བརྡབ་པའི་རླུང་གིས་རབ་དེད་ནས། །འཇིག་རྟེན་ཁམས་ཀྱི་རྦོད་གཏོང་ངན་སྦྱོར་རྣམས། །ཟློག་ཅིག་སྒྱུར་ཅིག་བྷྱོ་ཞིག་སྐྱེ་རྒྱུད་ཆོད། །གཤོག་པ་རལ་གྲི་རབ་ཏུ་འབར་བ་ཡིས། །བརླབས་པས་ངན་སྔགས་ཐམས་ཅད་ཆོད་ཅིང་བཟློག །ཐེལ་སྤུ་འཁོར་ལོ་འབར་བ་དྲག་འཁོར་བས། །རྦོད་གཏོང་མ་ལུས་ཐམས་ཅད་ཆོད་ཅིང་བཟློག །གཞུག་སྒྲོ་གནམ་
ལྕགས་སྤུ་གྲི་འབར་བ་ཡིས། །དམ་ཉམས་ལུས་ངག་ཡིད་གསུམ་བཟློག་ཅིང་གཏུབ། །ཀྲིཾ་ཀྲིཾ་ཧིང་གི་སྒྲ་ཆེན་རབ་སྒྲོགས་པ། །སྤྲུལ་པ་དྲག་པོས་དགྲ་བོ་དབང་དུ་སྡུད། །ཤ་ཁྲག་དམར་གྱི་གཏོར་མ་དམ་རྫས་དང་། །ཤ་ཆེན་དུད་སྤྲིན་བདུད་རྩི་ཨ་མྲྀ་ཏ། །དམར་ཆེན་རཀྟ་ཙིཏྟ་སྙིང་ཆེན་གྱིས། །སྤྲུལ་པའི་ཁྱུང་ཆེན་ཐུགས་དམ་བསྐང་གྱུར་ཅིག །ཐུགས་དམ་སྐོང་ལ་བྱད་ཁ་ཐམས་ཅད་བཟློག །ཨོཾ་མ་ཧཱ་མཾ་ས་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། བ་སུ་ཏ་ལ་ཁཱ་ཧི། ཨ་མྲྀ་ཏ་ལ་ཁཱ་ཧི། སྲོག་ཨ་ཛྙཱ་ལ་ཁཱ་ཧི། །ཧཱུྃ། མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ཐུགས་དམ་གནད་ནས་ད་བསྐུལ་ན། །བསྟན་པ་སྲུང་ཕྱིར་ཕྲིན་ལས་མཛོད། །དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ། །ཁྱོད་ཀྱིས་ཁས་བླངས་དམ་བཅས་པ། །སངས་རྒྱས་བསྟན་པ་སྲུང་བར་བྱས། །དམ་ཆོས་ལེགས་པ་སྐྱོང་བར་བྱས། །དགེ་
འདུན་བར་ཆད་བཟློག་པར་བྱས། །སྒྲུབ་མཆོག་རྣལ་འབྱོར་སྐྱོང་བར་བྱས། །དུས་ལ་བབ་བོ་བྱད་ཁ་བཟློག །ཕྱི་ནང་གསང་བའི་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དང་། །ཛ་གད་སྨན་དང་རཀྟ་ནི། །བྱ་རོག་གདོང་ཅན་ཞལ་དུ་བཞེས། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །མགོན་པོ་ནག་པོས་ར་མདའ་མཛོད། །བྱད་ཁ་ཟློག་ཅིག་བྱ་རོག་གདོང་། །ཁྲམ་ཁ་ཕྱེས་ཤིག་བྱ་རོག་གདོང་། །དགྲ་བོ་སྒྲོལ་ཅིག་བྱ་རོག་གདོང་། །ཧཱུྃ། མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཞལ་གདངས་ལྗགས་འདྲིལ་གློག་ལྟར་འཁྱུག །གཏུམ་རྔམ་རབ་ཏུ་འཇིགས་པ་ལ། །ཧ་ཧ་ཧཱུྃ་ཧཱུྃ་ཕཊ་སྒྲ་སྒྲོགས། །དམ་ཉམས་བྱད་ཁ་རང་ལ་བཟློག །དུས་ལ་བབ་བོ་བྱ་རོག་གདོང་། །ཤིན་ཏུ་གཏུམ་ཤིང་རབ་ཏུ་དྲག །ཁྲག་འཛག་མགོ་བོའི་དོ་ཤལ་བྱས། །སྟག་ལྤགས་རློན་པའི་
ཤམ་ཐབས་ཅན། །དུག་སྦྲུལ་གདུག་པའི་སྐེ་རགས་བཅིངས། །ཕྱག་གཉིས་གྲི་གུག་ཐོད་ཁྲག་ཐོགས། །དམ་ཉམས་བཞེས་ལ་བྱད་ཁ་བཟློག །དུས་ལ་བབ་བོ་བྱ་རོག་གདོང་། །བསྟན་པ་བཤིག་པའི་དགྲ་བོ་འདི། །དབང་དུ་སྡུད་ལ་བྱད་ཁ་བཟློག །རིངས་པར་ཁུག་ལ་བྱད་ཁ་བཟློག །ཧཱུྃ། མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ཁྲོས་པའི་གད་མོ་སྒྲོགས་པ་ཡིས། །ལྷ་སྲིན་སྡེ་བརྒྱད་འདར་ཞིང་དངངས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ཁྲག་ཏུ་སྐྱུག་ཅིང་ལས་ལ་འདུད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་འཁོར་བཅས་རྣམས། །རང་དབང་མེད་པར་ལས་ལ་རྒྱུག །དོ་ནུབ་དམ་ཉམས་དགྲ་བོ་སྒྲོལ། །མི་དང་མི་མིན་ཐམས་ཅད་ཀྱིས། །རིགས་སྔགས་རྦོད་གཏོང་བྱད་ཁ་བཟློག །དུས་ལ་བབ་བོ་བྱ་རོག་གདོང་། །མགོན་པོ་དམ་ལས་མ་འདའ་ཞིག །མགོན་པོ་དམ་ལས་འདས་གྱུར་ན། །
དམ་ཚིག་གཉན་པོའི་ཆད་པ་འོང་། །ཁྱོད་ཀྱི་དམ་ཚིག་གཉེན་པོ་ནི། །སངས་རྒྱས་བསྟན་པ་བསྲུང་བ་ཡིན། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །བསྟན་པ་བཤིག་ཅིང་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྒྱལ་ཁམས་ཕུང་ཞིང་སེམས་ཅན་འཚེ། །འདི་ལ་ཐུགས་རྗེས་མི་གནས་ཤིང་། །ད་ལྟ་ཉིད་ལ་སྒྲོལ་ལ་ཐོངས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུད། །རིག་སྔགས་རྦོད་གཏོང་བྱད་ཁ་བཟློག །བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི། །བར་དུ་གཅོད་པའི་དགྲ་བགེགས་རྣམས། །ཟློག་ཅིག་སྡང་བའི་དགྲ་ལ་བསྒྱུར། །ཡེ་ཤེས་ལྷ་ཡི་དམོད་པ་བཟློག། །ལྷ་སྲིན་སྡེ་བརྒྱད་དམོད་པ་བཟློག །ལོ་སྐག་ཟླ་སྐག་ཞག་སྐག་བཟློག །བན་བོན་ངན་སྔགས་བྱད་ཁ་བཟློག །མུ་སྟེགས་རྦོད་གཏོང་ཐམས་ཅད་བཟློག །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཤ་ཆེན་དུད་སྤྲིན་
ཨ་མྲྀ་ཏ། །དམར་ཆེན་རཀྟ་སྙིང་ཆེན་གྱིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་རྐྱེན་ངན་ཟློག །བྱ་རོག་གདོང་གི་དུས་ལ་བབ། །ང་སྐྱེ་བོའི་ཡ་ཁར་མ་བཏང་ཞིག །མི་ནག་ཕྱར་ཁར་མ་བཏང་ཞིག། །མདོས་དང་གཏོར་མ་འདི་ལོངས་ལ། །བྱད་ཁ་ཕུར་ཁ་ཐམས་ཅད་བཟློག །སྟེང་གི་ཕྱོགས་ནས་བཟློག་པ་ནི། །བྱ་ཁྱུང་འབུམ་ནི་ལྡིང་ཞིང་འཕྱོ། །བཞད་དང་དུར་བྱ་གྲངས་ལས་འདས། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། བཟློག་བཟློག་བར་ཆད་རྐྱེན་རྣམས་བཟློག །ཤར་གྱི་ཕྱོགས་ནས་བཟློག་པ་ནི། །ནག་པོ་སྟོང་གི་རུ་དར་ཕྱར། བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བཟློག་བཟློག་བར་ཆད་རྐྱེན་རྣམས་བཟློག །ལྷོ་ཡི་ཕྱོགས་ནས༴ ཤ་ཟ་འབུམ་ནི་དམག་དཔུང་བཅས། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག༴ ནུབ་ཀྱི་ཕྱོགས་ནས་བཟློག་པ་ནི། །མ་མོ་བྱེ་བས་རཀྟ་རློབ། །བྷྱོ་བྷྱོ་སྡང་
བའི༴ བཟློག་བཟློག༴ བྱང་གི་ཕྱོགས་ནས་བཟློག་པ་ནི། །གནོད་སྦྱིན་བྱེ་བའི་ཚོགས་རྣམས་ཀྱང་། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག་བར་ཆད༴ ཤ་ཁྲག་མཆོད་པ་འདི་བཞེས་ལ། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ༴ མ་ཧཱ་གོ་རོ་ཙ་ན༴ མ་ཧཱ་བ་སུ་ཏ་ལ༴ ཨ་མྲྀ་ཏ་ལ༴ སྲོག་ཨ་ཛྙཱ་ལ་ཁཱ་ཧི། ཧཱུྃ། ཤར་ཕྱོགས་མཐིང་ནག་གྲུ་གསུམ་གཞལ་ཡས་ནས། །བཾ་ཆེན་རོ་དང་ཉི་སྟེང་དུ། །སྲོག་བདག་ནག་པོ་བྱ་རོག་གདོང་། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག །མི་བཟད་གདུག་པའི་འོད་ཟེར་འཕྲོ། །ཕྱག་གཡས་འབར་བའི་གྲི་གུག་ཕྱར། །ཕྱག་གཡོན་བྷནྡྷ་དམར་གྱིས་བཀང་། །གདུག་པའི་སྙིང་ཁྲག་ཞལ་དུ་གསོལ། རྡོ་རྗེ་རིགས་ཀྱི་ཕོ་ཉ་བཟློག །དགྲ་བོའི་མགོ་ཕྲེང་དོ་ཤལ་བྱས། །ཡན་ལག་རག་ཅིང་ལྟོ་བ་འཕྱངས། །དུག་
སྦྲུལ་གདུག་པའི་སྐེ་རགས་བཅིངས། །ཞེ་སྡང་རིགས་ཀྱི་རྦོད་གཏོང་བཟློག །གིང་ཆེན་བཅོ་བརྒྱད་འཁོར་གྱིས་བསྐོར། །དམ་ཉམས་སྲོག་ལ་མངའ་མཛད་པའི། །དོམ་དྲེད་སྤྱང་ཀི་ཤ་ལ་རོལ། །ཤར་ཕྱོགས་དྲེགས་པའི་དམག་དང་བཅས། །དམ་ཉམས་དགྲ་བོའི་ཤ་ཁྲག་དང་། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །ཤར་ཕྱོགས་བྱད་ཁ་ཐམས་ཅད་བཟློག །སྟེང་གི་ཕྱོགས་ནས་བཟློག་པ་ནི། །བྱ་ནག་མང་པོ་མཆུ་སྡེར་བརྡར། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག༴ ཤར་གྱི་ཕྱོགས་ནས་བཟློག་པ་ནི། །མོན་པ་ནག་པོ་འོ་དོད་འབོད། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག༴ ལྷོ་ཡི་ཕྱོགས་ནས་བཟློག་པ་ནི། །གཤིན་རྗེའི་ཁྲམ་ཐོག་སྲོག་ལ་རྔམ། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག༴ ནུབ་ཀྱི་ཕྱོགས་ནས་བཟློག་པ་ནི། །མོན་མོ་གཡབ་འདོར་ལིངས་སེ་ལིང་། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག༴ བྱང་གི་
ཕྱོགས་ནས་བཟློག་པ་ནི། །སེང་སྟག་རྒྱུག་འདྲིལ་རྔམ་པར་བྱེད། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག༴ དམ་ཉམས་དགྲ་བགེགས་ཤ་ཁྲག་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཤ་ཆེན་དུད་སྤྲིན་ཨ་མྲྀ་ཏ། །རཀྟ་རྣམས་དང་སྙིང་ཆེན་གྱིས། །སྲོག་བདག་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་སྐོངས་ལ་བྱད་ཁ་བཟློག །བན་བོན་ངན་སྔགས་བྱད་ཁ་བཟློག །ལྷ་སྲིན་སྡེ་བརྒྱད་ཆད་པ་བཟློག །མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ༴ མ་ཧཱ་ཙིཏྟ་ལ༴ མ་ཧཱ་གོ་རོ་ཙ་ན་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཞིང་ཆེན་ལ༴ ཨ་མྲྀ་ཏ་སྲོག་ཨ་ཛྙཱ་ལ་ཁཱ་ཧི། ཧཱུྃ། བྱང་ཕྱོགས་ལྗང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །ལྗང་ནག་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །གནོད་སྦྱིན་ནག་པོ་བྱ་རོག་གདོང་། །སྐུ་མདོག་ལྗང་ནག་དུ་ཆེན་འཁྱིལ་པ་འདྲ། །ཁ་རླངས་སྔོ་དམར་ནད་ཀྱི་ན་བུན་འཁྲིགས། །
མི་བཟད་གདུག་པའི་ཚྭ་ཚྭ་བུ་ཡུག་འཚུབ། །ཁྲག་གི་རལ་པ་དམར་པོ་གྱེན་དུ་འཁྱིལ། །རལ་པའི་གསེབ་ནས་ཐོག་དང་སེར་བ་འབེབས། །གཡས་ཀྱི་གྲི་གུག་ཉམས་པའི་སྲོག་རྩ་གཅོད། །གཡོན་གྱི་ཐོད་ཁྲག་ཉམས་པའི་སྙིང་ཁྲག་འཐུང་། །སྐུ་སྨད་དཔའ་བོ་སྟག་གི་ཤམ་ཐབས་ཅན། །དགྲ་བགེགས་མ་ལུས་དབང་དུ་སྡུད། །ལྗང་ནག་སྦྲུལ་གྱི་སྐེ་རགས་ཅན། །གནོད་སྦྱིན་ནག་པོའི་ཚོགས་ཀྱིས་བསྐོར། །དམར་གྱི་གཏོར་མ་འདི་བཞེས་ལ། །ལས་ཀྱི་རིགས་ཀྱི་རྦོད་གཏོང་བཟློག །སྡིག་ཅན་དམ་ཉམས་དགྲ་བོ་ལ། །ནད་དང་མཚོན་གྱི་ཆར་པ་ཕོབ། །བྱད་ཁ་བཟློག་ཅིག་བྱ་རོག་གདོང་། །དུས་ལ་བབ་བོ་བྱ་རོག་གདོང་། །སྟེང་གི་ཕྱོགས་ནས་བཟློག་པ་ནི། །ཁྲ་དང་བྱ་གླག་གཤོག་ལྡང་འཁྲིག །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བཟློག་བཟློག་བྱད་ཁ་ཕུར་ཁ་བཟློག །ཤར་གྱི་ཕྱོགས་ནས་
བཟློག་པ་ནི། །ཁྲོ་བོ་མཐིང་ནག་བྱ་རོག་གདོང་། །ཤག་ལོག་བྱེད་ཅིང་སྡང་མིག་བལྟ། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག་བྱད་ཁ༴ ལྷོ་ཡི་ཕྱོགས་ནས་བཟློག་པ་ནི། །སེང་སྟག་དོམ་དྲེད་གཅན་སྤྱང་གཟིག། །གཅན་གཟན་མང་པོས་ས་གཞི་གང་། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག་བྱད་ཁ༴ ནུབ་ཀྱི་ཕྱོགས་ནས་བཟློག་པ་ནི། །ཁྱི་ནག་མང་པོ་ངུ་ཟུག་བྱེད། །གཡག་ནག་མང་པོ་ངུར་ཞིང་བརྡུང་། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག་བྱད་ཁ༴ བྱང་གི་ཕྱོགས་ནས་བཟློག་པ་ནི། །སྲིན་པོ་ཤ་ཟ་ཆོ་ངེ་འདེབས། །སྐྱེ་འགྲོ་ཡོངས་ཀྱི་སྲོག་གཅོད་དོ། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག༴ སྡིག་ཅན་དམ་ཉམས་དགྲ་བོ་འདི། །མགོ་ལུས་ཕྲོལ་ཅིག་ཁྲག་རལ་ཅན། །ཤ་རུས་དུམ་བུ་ད་ཕྱེས་ཤིག །དམ་ཉམས་དགྲ་བོའི་ཤ་ཁྲག་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཚིལ་ཆེན་དུད་སྤྲིན་ཨ་མྲྀ་ཏ། །
དམར་གྱི་ཤ་ཁྲག་ཙིཏྟ་ཡིས། །གནོད་སྦྱིན་བྱ་རོག་གདོང་གི་ཐུགས་དམ་བསྐང་། །ཐུགས་དམ་སྐོངས་ལ་བར་ཆད་བཟློག །མ་ཧཱ་མཾ་ས་ལ་ཁཱ་ཧི། ཙིཏྟ་ལ༴ རཀྟ་ལ༴ གོ་རོ་ཙ་ན༴ བ་སུ་ཏ་ལ༴ ཨ་མྲྀ་ཏ་སྲོག་ཨ་ཛྙཱ་ལ་ཁཱ་ཧི། ཧཱུྃ། ནུབ་ཕྱོགས་དམར་ནག་གྲུ་གསུམ་དཀྱིལ་འཁོར་ན། །ཚེ་བདག་བྱ་རོག་གདོང་ཅན་ནི། ཞིང་ཆེན་རོ་ཡི་གདན་ལ་བཞུགས། །དུར་ཁྲོད་རོལ་པའི་རྒྱན་དང་ལྡན། །མཐིང་ནག་སྐུ་ལ་རྔམ་པའི་ཞལ། །ལྕགས་ཀྱི་མཆེ་བ་དགྲ་ལ་གཙིགས། །དུག་གི་འོད་ཆེན་ཕྱོགས་བཅུར་འཕྲོ། །ཕྱག་ན་གྲི་གུག་ཐོད་ཁྲག་འཛིན། །ལས་མཁན་ནག་པོས་དགྲ་སྲོག་གཅོད། །ཤ་ཁྲག་གཏོར་ཆེན་འདི་བཞེས་ལ། །པདྨ་རིགས་ཀྱི་རྦོད་གཏོང་ཐམས་ཅད་བཟློག །ཡེ་ཤེས་ལྷ་ཡི་རྦོད་གཏོང་ཐམས་ཅད་བཟློག། །འཇིག་རྟེན་དྲེགས་པའི་རྦོད་གཏོང་ཐམས་ཅད་བཟློག །བདུད་དམག་བྱེ་བའི་
འཁོར་གྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་རྦོད་གཏོང་ཐམས་ཅད་བཟློག །སྟེང་གི་ཕྱོགས་ནས་བཟློག་པ་ནི། །ཁྱུང་དང་ཁཱ་ཏ་ཤང་ཤང་དང་། །བཞད་དང་དུར་བྱ་གྲངས་ལས་འདས། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བཟློག་བཟློག་བགེགས་དང་ལོག་འདྲེན་བཟློག །ཤར་གྱི་ཕྱོགས་ནས་བཟློག་པ་ནི། །མོན་པ་འབུམ་ནི་རལ་གྲི་ཕྱར། །བྷྱོ་བྷྱོ་སྡང་བའི༴ བཟློག་བཟློག་བགེགས་དང་ལོག་འདྲེན༴ ལྷོ་ཡི་ཕྱོགས་ནས་བཟློག་པ་ནི། །ལྕགས་སྤྱང་འབུམ་ནི་ངུ་ཟུག་བྱེད། །བྷྱོ་བྷྱོ༴ བཟློག་བཟློག༴ ནུབ་ཀྱི་ཕྱོགས་ནས་བཟློག་པ་ནི། །བལ་མོ་འབུམ་ནི་གཡབ་མོ་བརྡེབ། །བྷྱོ་བྷྱོ༴ བཟློག་བཟློག༴ བྱང་གི་ཕྱོགས་ནས་བཟློག་པ་ནི། །སྟག་གཟིག་འབུམ་ནི་རྒྱུག་འདྲལ་བྱེད། །བྷྱོ་བྷྱོ༴ བཟློག་བཟློག༴ དམ་ཉམས་དགྲ་བོའི་ཤ་ཁྲག་དང་། །དམར་གྱི་གཏོར་མ་ཨ་མྲྀ་ཏ། །ཤ་ཆེན་སྤོས་ཀྱི་དུད་
སྤྲིན་དང་། །དམར་གྱི་རཀྟ་སྙིང་ཆེན་རྣམས། །བྱ་རོག་གདོང་གི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། །འཇིག་རྟེན་ལྷ་འདྲེ་མི་གསུམ་གྱི། །རྦོད་གཏོང་བསམ་སྦྱོར་ངན་པ་རྣམས། བཟློག་ཅིག་བསྒྱུར་ཅིག་དགྲ་བགེགས་སྟེང་དུ་བྷྱོ། །མ་ཧཱ་མཾ་ས་ལ་ཁཱ་ཧི། ཙིཏྟ་ལ༴ རཀྟ་ལ༴ བ་སུ་ཏ་ལ༴ གོ་རོ་ཙ་ན༴ ཞིང་ཆེན་ལ༴ མ་ཧཱ་སྲོག་རྩ་ལ་ཁཱ་ཧི། བྷྱོ། ལྷོ་ཕྱོགས་སེར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་དུ། །ལས་མཛད་མ་མོའི་ཀློང་དཀྱིལ་ནས། །བདུད་མོ་རྩ་འཇིབ་ཁྲག་འཐུང་མ། །སྐུ་མདོག་དམར་ནག་ཁྲག་གི་མདོག །སྔོན་དམར་ནད་ཀྱི་ཚྭ་ཚྭ་འཕྲོ། །ཁྲག་ནད་རྒྱུ་གཟེར་ན་བུན་འཁྲིགས། །དམིགས་པའི་དགྲ་ལ་དམག་སྣ་འདྲེན། །སྐུ་ལ་ཁྲག་ཞག་ཐིག་ལེས་བརྒྱན། །གསོད་པའི་མཚོན་ཆ་ལག་ན་ཐོགས། །རྩ་ཆེན་བཞི་ནས་རཀྟ་འཇིབ། །ནག་མོ་
དྲུག་འབུམ་ཕོ་ཉར་འགྱེད། །སྲིད་པའི་མ་མོའི་དམག་སྣ་འདྲེན། །དགྲ་བོའི་ཤ་ཁྲག་བཏོག་ཅིང་ཟ། །དམར་གྱི་གཏོར་མ་འདི་བཞེས་ལ། །རིན་ཆེན་རིགས་ཀྱི་རྦོད་གཏོང་བཟློག །ལས་ཀྱི་རླུང་དམར་ཆིབས་སུ་བཅིབས། །དམ་ལ་གནས་པའི་གྲོགས་མཛད་མ། །བདུད་མོ་བྱེ་བའི་འཁོར་གྱིས་བསྐོར། །དམར་གྱི་གཏོར་མ་འདི་བཞེས་ལ། །ལྷོ་ཕྱོགས་རྦོད་གཏོང་ངན་པ་ཟློག །ནད་རིམས་དལ་ཁ་ཐམས་ཅད་བཟློག །བྱད་ཁ་ཕུར་ཁ་ཐམས་ཅད་བཟློག །དུས་འདིར་བཟློག་པའི་དུས་ལ་བབ། །དུས་ལ་བབ་བོ་ཁྲག་འཐུང་མ། །སྟེང་གི་ཕྱོགས་ནས་བཟློག་པ་ནི། །ཡེ་ཤེས་མ་མོས་ནམ་མཁའ་གང་། །བྷྱོ་བྷྱོ་བཟློག་བཟློག་སྡང་བའི་དགྲ་ལ་བྷྱོ། །བཟློག་བཟློག་བྱད་ཁ་ཕུར་ཁ༴ མདུན་གྱི་ཕྱོགས་ནས་བཟློག་པ་ནི། །མ་མོ་འབུམ་ནི་གཡབ་མོ་བརྡེབ། །བྷྱོ་བྷྱོ༴ བཟློག་བཟློག༴
གཡས་ཀྱི་ཕྱོགས་ནས་བཟློག་པ་ནི། །མིང་པོ་ལས་ཀྱི་གཤིན་རྗེ་འབུམ། བྷྱོ་བྷྱོ༴ བཟློག་བཟློག༴ རྒྱབ་ཀྱི་ཕྱོགས་ནས་བཟློག་པ་ནི། །དུག་སྦྲུལ་གདུག་པ་ཤིགས་སེ་ཤིག །བྷྱོ་བྷྱོ༴ བཟློག་བཟློག༴ གཡོན་གྱི་ཕྱོགས་ནས་བཟློག་པ་ནི། །མོན་མོ་བལ་མོས་སྟོང་ཁམས་ཁྱབ། །བྷྱོ་བྷྱོ༴ བཟློག་བཟློག༴ དུས་ལ་བབ་བོ་རྩ་འཇིབ་མ། །དམ་ཉམས་དགྲ་བོའི་ཤ་ཁྲག་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་དང་། །རཀྟ་སྙིང་ཆེན་རྒྱལ་མཚན་དང་། །རྩ་འཇིབ་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་སྐོངས་ལ་བྱད་ཁ་བཟློག །ཡེ་ཤེས་ལྷ་ཡི་རྦོད་གཏོང་བཟློག །འཇིག་རྟེན་ལྷ་འདྲེའི་རྦོད་གཏོང་ཐམས་ཅད་བཟློག །བན་བོན་བསམ་སྦྱོར་ངན་པ་བཟློག །ཚེ་དང་སྲོག་གི་བར་ཆད་བཟློག །ཁ་རྗེ་ཟ་ལྷའི་བར་ཆད་བཟློག །བྱ་ཉེས་ངན་གྲིབ་ཐམས་ཅད་བཟློག །བསམ་
ངན་སྦྱོར་བ་ངན་པ་བཟློག །མ་ཧཱ་མཾ་ས་ལ་ཁཱ་ཧི། ཙིཏྟ་ལ༴ རཀྟ་ལ༴ གོ་རོ་ཙ་ན་ལ༴ བ་སུ་ཏ་ལ༴ ཞིང་ཆེན་ལ༴ སྲོག་ཨ་ཛྙཱ་ལ་ཁ་རཾ་ཁཱ་ཧི། ཞེས་ཕུད་དང་རཀྟ་སྦྲེང་ལ་བཏབ་བོ། །དེ་ནས་མགོན་པོའི་གཏོར་མ་སྙིང་པོ་ཅན་བརྒྱ་རྩ་བརྒྱད་བཟླས་པ་བྱ། སྔགས་པ་རྣམས་ཀྱིས་ཤཱ་ས་ནའི་གཤམ་ལ་ཟློག་ཅེས་བཏག །ཉ་བོ་རེ་རེ་དང་གཏོར་མ་རེ་རེ་སྦྲགས་ལ་མན་ངག་ལྟར་འབུལ་ཞིང་དྲག་པོའི་ཕྲིན་ལས་བཏང་ངོ་། །ཧཱུྃ། མ་གཡེལ་མ་གཡེལ་ཆོས་སྐྱོང་རྣམས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ནག་པོ་སྟོང་གི་དུས་ལ་བབ། །ཤ་ཟ་འབུམ་གྱི་དུས་ལ་བབ། །མ་མོ་བྱེ་བའི་དུས་ལ་བབ། །མཁའ་འགྲོ་རྣམས་ཀྱི་དུས་ལ་བབ། །གཏོར་མ་ཤ་ཆང་ལ་ཕུད་དང་། །འབྲས་ཆེན་ལིང་གར་བཅས་པ་ཡི། །རེ་རེ་ལ་ཡང་བརྒྱ་རྩ་བརྒྱད། །མཆོད་པར་འབུལ་ལོ་མཉེས་པར་མཛོད། །དགྲ་བོའི་ཤ་ལ་ཁ་རཾ་ཁཱ་ཧི། །བཟློག་ཅིག་བྱད་ཁ་ཕུར་ཁ་བཟློག །བདུད་དང་གཤིན་རྗེའི་ཁྲམ་ཁ་བཟློག །
གནོད་སྦྱིན་མ་མོའི་རྦོད་གཏོང་བཟློག །ཀླུ་དང་ས་བདག་ཁྲམ་ཁ་བཟློག །གཟའ་དང་རྒྱུ་སྐར་བྱད་སྟེམ་བཟློག །བཙན་དང་རྒྱལ་པོའི་ཆད་པ་བཟློག །དམུ་དང་འགོང་པོའི་ཆད་པ་བཟློག །རྐྱེན་ངན་བར་ཆད་ཐམས་ཅད་བཟློག །རྒྱུན་དུ། འགུགས་ཆུང་བསྒྲལ་ཆུང་། བརྒྱ་རྩ་ཉིན། ཨེ་ལས་གཏོར་སྣོད་དཀྲུགས་རིང་བ་ཚར་༣ བྱིན་རླབས། མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཧཱུྃ། དཔལ་ལྡན་མགོན་པོ་སོགས་རེ་རེའི་མཚམས་ཤཱ་ས་ན་རེ་སྦྱར་དགོས། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །སྟེང་གི་ཕྱོགས་སུ་བྱོན་པའི་ཚེ། །སྤྲིན་ཕུང་འཁྲིགས་པའི་དུར་ཁྲོད་ནས། །ཚངས་པའི་ཚོགས་རྣམས་དབང་དུ་སྡུད། །ལྷ་བདུད་འབུམ་ནི་ཕོ་ཉར་འགྱེད། །དེ་བཞིན་རིགས་ཀྱི་མགོན་པོ་སྟེ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྟེང་གི་ཕྱོགས་ཀྱི་བྱད་ཁ་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ཤར་གྱི་ཕྱོགས་སུ་བྱོན་པའི་ཚེ། །རྡོ་རྗེ་རིགས་ཀྱི་མགོན་པོ་སྟེ། །གཏུམ་དྲག་གཅན་གྱི་དུར་ཁྲོད་དུ། །
དྲི་ཟ་མ་ལུས་དབང་དུ་སྡུད། །སྲོག་བདག་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཤར་གྱི་ཕྱོགས་ཀྱི་བྱད་ཁ་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །བྱང་གི་ཕྱོགས་སུ་བྱོན་པའི་ཚེ། །ལས་ཀྱི་རིགས་ཀྱི་མགོན་པོ་སྟེ། །ཚང་ཚིང་འཁྲིགས་པའི་དུར་ཁྲོད་ནས། །གནོད་སྦྱིན་མ་ལུས་དབང་དུ་སྡུད། །གིང་དང་ཤན་པ་ཕོ་ཉར་འགྱེད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བྱང་གི་ཕྱོགས་ཀྱི་བྱད་ཁ་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ནུབ་ཀྱི་ཕྱོགས་སུ་བྱོན་པའི་ཚེ། །པདྨ་རིགས་ཀྱི་མགོན་པོ་སྟེ། འུར་འུར་འབར་བའི་དུར་ཁྲོད་དུ། །ཀླུ་བདུད་མ་ལུས་དབང་དུ་སྡུད། །ཚེ་བདག་ནག་པོ་ཕོ་ཉར་འགྱེད། །ཤ་ཁྲག་གཏོར་མ༴ ནུབ་ཀྱི་ཕྱོགས་ཀྱི་བྱད་ཁ་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ལྷོ་ཡི་ཕྱོགས་སུ་བྱོན་པའི་ཚེ། །རིན་ཆེན་རིགས་ཀྱི་
མགོན་པོ་སྟེ། །དུར་ཁྲོད་དཔལ་གྱི་ནགས་ཚལ་དུ། །གཤིན་རྗེ་མ་ལུས་དབང་དུ་སྡུད། །ཤན་པ་འབུམ་ནི་ཕོ་ཉར་འགྱེད། ཤ་ཁྲག་གཏོར་མ༴ ལྷོ་ཡི་ཕྱོགས་ཀྱི་བྱད་ཁ་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ཤར་ལྷོ་མཚམས་སུ་བྱོན་པའི་ཚེ། །བསྟན་པ་སྲུང་བའི་མགོན་པོ་སྟེ། ཧ་ཧ་རྒོད་པའི་དུར་ཁྲོད་དུ། །མེ་ལྷ་མ་ལུས་དབང་དུ་སྡུད། །བདུད་རིགས་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་གཏོར་མ༴ ཤར་ལྷོ་མཚམས་ཀྱི་དགྲ་བགེགས་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ལྷོ་ནུབ་མཚམས་སུ་བྱོན་པའི་ཚེ། །རྣལ་འབྱོར་སྐྱོང་བའི་མགོན་པོ་སྟེ། །མུན་པ་མི་བཟད་དུར་ཁྲོད་དུ། །སྲིན་པོ་མ་ལུས་དབང་དུ་སྡུད། །ཤ་ཟ་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་གཏོར་མ༴ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ནུབ་བྱང་མཚམས་སུ་བྱོན་
པའི་ཚེ། །དམ་ཉམས་བསྒྲལ་བའི་མགོན་པོ་སྟེ། །ཀི་ལི་ཀི་ལའི་དུར་ཁྲོད་དུ། །རླུང་ལྷ་མ་ལུས་དབང་དུ་སྡུད། །ཕྲ་མེན་དགུ་ཁྲི་ཕོ་ཉར་འགྱེད། །ཤ་ཁྲག༴ ནུབ་བྱང་མཚམས་ཀྱི་དགྲ་བགེགས༴ ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །བྱང་ཤར་མཚམས་སུ་བྱོན་པའི་ཚེ། །ཚེ་དཔལ་ལོངས་སྤྱོད་རྒྱས་པར་བྱེད། འཇིགས་སུ་རུང་བའི་དུར་ཁྲོད་དུ། །དབང་ལྡན་མ་ལུས་དབང་དུ་སྡུད། །བགེགས་ཆེན་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག༴ བྱང་ཤར་མཚམས་ཀྱི་དགྲ་བགེགས་བཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །འོག་གི་ཕྱོགས་སུ་བྱོན་པའི་ཚེ། །རྒྱུད་སྲུང་མཛད་པའི་མགོན་པོ་སྟེ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ས་བདག་མ་ལུས་དབང་དུ་སྡུད། །ཀླུ་བདུད་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །འོག་གི་ཕྱོགས་ཀྱི་དགྲ་བགེགས་བཟློག །ཤཱ་ས་ན། ཧཱུྃ།
ནག་པོ་སྟོང་གི་དུས་ལ་བབ་བོ་མཆོད་པར་བཞེས། །བྱད་ཁ་ཕུར་ཁ་སྡང་བའི་དགྲ་ལ་བྷྱོ། །ཤ་ཟ་འབུམ་གྱི་དུས་ལ་བབ་བོ་མཆོད་པར་བཞེས། །ལྟས་ངན་ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །མ་མོ་བྱེ་བའི་དུས་ལ་བབ་བོ་མཆོད་པར་བཞེས། །རྦོད་གཏོང་ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །མཁའ་འགྲོ་འབུམ་གྱི་དུས་ལ་བབ་བོ་མཆོད་པར་བཞེས། །བསམ་སྦྱོར་ངན་པ་སྡང་བའི་དགྲ་ལ་བྷྱོ། །གནོད་སྦྱིན་ཁྲི་ཡི་དུས་ལ་བབ་བོ་མཆོད་པར་བཞེས། །བར་ཆད་ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །ལྷ་སྲིན་སྡེ་བརྒྱད་དུས་ལ་བབ་བོ་མཆོད་པར་བཞེས། །ཟོར་ཁ་ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བདག་ཅག་འཁོར་དང་བཅས་པ་ལ། །དམ་ཉམས་ལས་ངན་དགྲ་བོ་ལ། །མངག་ཅིང་རྦད་པའི་ལྷ་འདྲེ་ཀུན། །འདིར་བྱོན་གླུད་དང་གཏོར་མ་བཞེས། །དཀོན་མཆོག་བདེན་
པའི་བཀའ་དང་ནི། །ཆོས་སྐྱོང་མགོན་པོའི་བདེན་པ་ཡིས། །བདག་ལ་གནོད་པ་མ་བྱེད་པར། །བྱད་མ་རང་གི་ཐོག་ཏུ་སོང་། །རང་ནུས་རང་ལ་སྨིན་པར་གྱིས། །རང་མཚོན་རང་ལ་འཁོར་བར་གྱིས། །རང་སྲོག་རང་གིས་གཅོད་པར་གྱིས། །རང་ཤ་རང་གིས་ཟ་བར་གྱིས། །རང་ཁྲག་རང་གིས་འཐུང་བར་གྱིས། །བསྟན་པའི་ལྷ་རྣམས་བདུད་དུ་ཕོབ། །གྲོགས་བྱེད་རྣམས་ཀྱང་དགྲ་རུ་སློང་། །འདིས་ནི་བསྟན་བཤིག་དབུ་འཕང་སྨད། །དམ་ཅན་ཁྱེད་ལ་དོར་བསྡོས་པས། །འདི་ཡི་སྡོང་གྲོགས་མ་བྱེད་པར། །མཐུ་དང་ནུས་པའི་རྩལ་ཐོན་ལ། །རྩད་ནས་ཆོད་ལ་དྲུང་ནས་ཕྱུངས། །སྣང་སྲིད་ལྷ་འདྲེའི་ཆད་པ་རྣམས། །དམ་ཉམས་འདི་ཡི་ཐོག་ཏུ་ཟློག །སྣང་སྲིད་ལྷ་འདྲེའི་རྦོད་གཏོང་རྣམས། །དམ་ཉམས་དགྲ་བགེགས་སྟེང་དུ་བྷྱོ། །འགུགས་ཆུང་བྱིན་རླབས། རྩང་འདོན། ཞེས་ཐམས་ཅད་བྷྱོས་གདབ། གཞན་
ཡང་ཟློག་པའི་ཕྲིན་ལས་བཏང་། ཟོར་བསྐུལ་གཞན་རྣམས་ཀྱང་བཏང་། དེ་ནས་མདོས་ཀྱི་ལམ་བསྟན་པ་ནི། བདག་ཡེ་ཤེས་པ་བསྒོམ་ལ། ཧཱུྃ་བྷྱོ། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །བླ་མ་དཀོན་མཆོག་གཟུ་དང་དཔང་། །དུས་གསུམ་སངས་རྒྱས་གཟུ་དང༴ ཡི་དམ་ལྷ་ཚོགས༴ ཆོས་སྐྱོང་སྲུང་མ༴ མ་མོ་མཁའ་འགྲོ༴ འཇིག་རྟེན་ལྷ་ཀླུ༴ ང་ཡིས་མ་ཉེས་ཁོ་ཡིས་ཉེས། །ང་ཡིས་མ་ལེན་ཁོ་ཡིས་ལེན། །ཉེས་བྱེད་འདི་ལ་ཆད་པ་ཆོད། །ཧཱུྃ། དྲག་པོ་ལས་ཀྱི་ཟོར་མདོས་འདི། །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི་འཕེན་ནོ། །བར་གྱི་གཉན་ལ་མི༴ དྲག་པོའི་ཟོར་ཁར་མ་འབྱོན་ཅིག །ས་བདག་ཀླུ་གཉན་རྣམས་ལ་མི་འཕེན་ནོ། །དྲག་པོའི་ཟོར་ཁར་མ་འབྱོན་ཅིག །རྒྱལ་ཆེན་བཞི་ལ༴ ཕྱོགས་སྐྱོང་བཅུ་ལ༴ ལྷ་སྲིན་ཡོངས་ལ༴ དྲག་པོའི་བཙན་ལ༴ དྲག་པོའི་ཟོར་ལ༴ ལྷ་སྲིན་སྡེ་བརྒྱད་སྐུ་གཟུར་ཅིག །དྲག་པོའི་ཟོར་ཁར་མ་
འབྱོན་ཅིག །འཇིག་རྟེན་ལྷ་འདྲེ་ཐམས་ཅད་ཀྱིས། །ཉམས་པའི་མགོན་སྐྱབས་མ་བྱེད་པར། །ལྷ་སྲིན་སྡེ་བརྒྱད་མ་གཏོག་ཅིག །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །མདོས་ལམ་ཕྱེས་ལ་ཟོར་སྣ་དྲོངས། །ཉམས་པའི་མགོན་སྐྱབས་མ་མཛད་ཅིག །གལ་ཏེ་མགོན་སྐྱབས་བྱེད་གྱུར་ན། །གཟེར་ཐན་ཁྲག་སྐྱུག་དམྱལ་ཐག་འཆད། །མཐོ་བ་རྣམས་ཀྱི་ཞབས་ཡར་བསྐུམ། །དམའ་བ་རྣམས་ཀྱི་དབུ་མར་སྨོད། །བར་ན་བཞུགས་པ་སྐུ་གཟུར་ཅིག །ཕོ་བྲང་རྣམས་ཀྱི་སྒོ་ཆོད་ལ། །ན་བཟའ་ལྷབ་ལྷུབ་མཐའ་བསྡུས་ཤིག །སྐུ་གཟུར་དེ་ནི་སྤྱན་ཕྱེས་ཤིག །ཟོར་དང་མདོས་ཀྱི་ལམ་ཕྱེས་ཤིག །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ད་ནི་ཟོར་འཕེན་གང་དུ་འཕེན། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྡང་བར་བྱེད་པའི་དགྲ་ལ་འཕེན། །
བྱད་ཁ་ཕུར་ཁ་སྟོན་ལ་འཕེན། །གནོད་པར་བྱེད་པའི་བགེགས་ལ་འཕེན། །སྒོ་ནས་གོད་ཁ་ཆེ་ལ་འཕེན། །ཕུག་ན་ཁྱིམ་ཆགས་ཆེ་ལ༴ ནད་འདྲེ་ལྕོང་སྲི་བྱེད་ལ༴ མོ་ངན་ཆགས་ཁ་ཆེ་ལ༴ རྨི་ལམ་མཚན་མ་ངན་པ་སོགས། །གང་ལ་མིགས་པ་དེ་ལ་འཕེན། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཅེས་པས་ཟོར་འཕེན་ནོ། དེ་ནས་མདོས་ཞལ་ཕྱིར་བསྒྱུར་བའི་དུས་སུ་ཧོཾ་དེ་ལ་མེ་ལྷ་བསྐྱེད། དེའི་ཁོག་པར་སྔར་བསྐྱེད་པའི་ལྷ་བསྐྱེད། དེ་ནས་ཤན་པའམ་ཡུགས་ས་མོའི་ཁྱིམ་ནས་མེ་བླངས་ལ་སྦར་དུ་བཅུག །བསད་པའི་ལིང་ག་དུག་ཁྲག་དང་བཅས་པའི་སྔགས་ཀྱིས་བསྲེག །དམོད་པ་རྣམས་སྦྲེལ། དེ་ནས་བཟློག་པའི་ཕྲིན་ལས་བཏང་། ལྷ་རྣམས་གསལ་བ་གལ་ཆེ། དེ་རང་འདྲ་བ་འཕྲོས་ནས་གང་ལ་དམིགས་པའི་མདོས་ཀྱི་སྣ་ལ་སོང་ནས་མེད་པར་བསམ། ལག་པ་དང་རྐང་པ་བསྐྱང་བས་གན་རྐྱལ་དུ་བཟུང་ལ་ཡོད་ན་ཟོར་ཀྱང་འཕང་། མདོས་ཀྱང་དམག་དཔུང་ཆེན་པོར་སོང་ནས། ཁོའི་ཤ་ཟོས་རུས་པ་མུར་ནས་རྗེས་མེད་པར་བསམ། ཁོའི་ཡུལ་ཁམས་ཐམས་ཅད་དམག་དང་དུག་གི་ནད་ཀྱིས་གང་བར་བསམ། དམོད་པ་རོལ་མོ་དང་བཅས་པས་བསྐྱལ་ལོ། །ངར་མི་ནི་མནན་པ་གཞུང་བཞིན་བྱའོ། །དེ་ནས་སྟོང་ཉིད་ཀྱི་རྒྱས་གདབ་པར་བྱའོ། །ཡང་བདག་གི་ཚོགས་དང་ལྷག་མ་བསྐང་བ་བྱེད་པ་མང་ཡང་། རྒྱག་གཏོར་འདི་ཟབ་པས་
བསྐང་གཏོར་བྱིན་གྱིས་བརླབས་ལ་འབུལ་ལོ། །དེ་ཡང་སྟོད་ལས་རྫོགས་ནས་ཚོགས་བྱིན་རླབས་ནས་འབུལ་བ་དང་། བསྐང་བ་འདོན་པ་དུས་མཉམ་དུ་འདོན་པ་ལེགས་སོ། །མི་གཅིག་ཡིན་ན་གཏོར་མ་འབུལ། དེ་ནས་བསྐང་བ་དང་མངའ་གསོལ་རྣམས་བྱ། དཔལ་རྒྭ་ལོའི་ཕྱག་བཞེས་ཤིན་ཏུ་ཟབ་པས་ཐུགས་ཀྱི་དཀྱིལ་དུ་སྦ་བར་བྱའོ། །ཨྠྀི། མདོས་ཞལ་ཕྱིར་བསྒྱུར་ནས། ཧཱུྃ། ད་ནི་མདོས་ཆེན་བསྐྱོད་རེ་རན། །ད་ནི་དམག་དཔུང་བསྐྱོད་རེ་རན། །ནག་པོ་ཆེན་པོ་སྐུ་བསྐྱོད་ཅིག །བཀའ་ཡི་ལས་མཁན་སྐུ་བསྐྱོད་ཅིག །ལས་ཀྱི་ཕོ་ཉ་སྐུ་བསྐྱོད་ཅིག །ལྷ་སྲིན་དམག་དཔུང་སྐུ་བསྐྱོད་ཅིག །དགྲ་བོའི་ཡུལ་དུ་སྐུ་བསྐྱོད་ཅིག །ཆིབས་ཁ་དགྲ་བོའི་ཡུལ་དུ་བསྒྱུར། །དགྲ་བོའི་ཡུལ་ཁམས་དམག་གིས་ཁོངས། །སྡང་བའི་དགྲ་ལ་སྐུ་ཟུར་སྟོན། །བཀའ་ཆད་སྡང་བའི་དགྲ་ལ་ཐོངས། །ཐུན་ཟོར་སྡང་བའི་དགྲ་ལ་ཆོས། །དྲག་བྱེད་འཁོར་བྱེད་བཅས་དགྲ་ལ་ཆོས། །དགྲ་བོ་མི་ནོར་ཆམ་ལ་ཕོབ། །
དགྲ་བོའི་ཡུལ་ཁམས་བརླག་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀུ་རུ་རྦད་ཐུན་བྷྱོ། པྲ་མོ་ཧ་ཐུན་བྷྱོ། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀ་ར་ལི་ཐུན་བྷྱོ། ཀཾ་ཀ་ལི་ཐུན་བྷྱོ། ཀ་ལ་ར་ཏྲི་ཐུན་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་དོམ་ཏྲག་ལིང་། མ་མ་ཆོམ། སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད། ཐུཾ་ཐུཾ། དགྲ་བགེགས་མཱ་ར་ཡ། གིངྐ་ར་གིངྐ་ར། རྒྱུག་རྒྱུག །བྲེང་བྲེང་། དགྲ་བོ་མཱ་ར་ཡ་རྦད་རྦད། ཤག་ཤག་བྷྱོ་བྷྱོ། ཞེས་གཏོར་མའི་དུས་སུ་ཟོར་སྔགས་བཟླས་སོ། །མགོན་པོ་བྱ་རོག་མའི་གཏོར་མདོས། སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །། འདི་ནི་སྔགས་པ་ནང་རྒྱས་དང་། རྦོད་གཏོང་དྲག་པོ་ཟུག་པ་དང་། སྡེ་ཆེན་དགྲར་ལངས་ལ་སོགས་པ་ལ་བྱའོ། །གཞན་གང་རུང་དུ་བྱས་ན་རང་ལ་སྐྱོན་ཡོང་བས་མི་བྱའོ། །བཟློག་པའི་འཁོར་ལོ་ནི་མུ་ཁྱུད་གསུམ་རྩིབས་བརྒྱད་བྲིས། དབུས་སུ་ཧཱུྃ་བྲི། རྩིབས་བརྒྱད་ལ་ཧཱུྃ་བརྒྱད་ཕྱིར་བསྟན་པ་བྲིས། དེ་ལ་སྔགས་ནི། བྱ་རོག་གདོང་གསུམ་གྱིས་སྔགས་ལན་གསུམ་གདབ། རྩིབས་རྣམས་ལ་གུ་ཎ་ཧྲི་ཏ་དང་། ཀརྨ་མ་ཧཱ་ཀཱ་ལ་བྲིས། མུ་ཁྱུད་ནང་མ་ལ་སི་ཏི་
ཡ་མ་དུ་ཛཿ བྲིས། མུ་ཁྱུད་ཕྱི་མ་པ། ཨོཾ་ཙནྡ་མ་ཧཱ་ཀཱ་ལ་ཡ་ཏྲཀྴད་ཛཿ བྱད་ཁ་ཐམས་ཅད་བཟློག་ཅེས་བྲིས། དེའི་ཕྱི་རིམ་ན་ཤཱ་ས་ནའི་སྔགས་ལ་བཟློག་ཅེས་བྲིས་སོ། །དེའི་ཕྱི་རིམ་ལ་མེ་རི་བྲི། དེ་ནས་འཁོར་ལོ་བདུག་ལ་རབ་གནས་བྱ་བ་ནི་རང་ལྷར་བསྐྱེད། འཁོར་ལོ་མི་དམིགས་པ་ཁ་དབུས་སུ་ཧཱུྃ་ལས་ཐུགས་མགོན་བསྐྱེད། རྩིབས་བརྒྱད་ལ་བྱ་རོག་གདོང་ཅན་བརྒྱད་ཞལ་ཕྱིར་གྱུ་བ་བསྐྱེད། དེ་ནས་བསྙེན་པ་བསྐྱལ། རབ་གནས་བྱས་ནས་ངར་མིའི་ནང་དུ་བཅུག །དེས་བསད་པའི་འཁོར་ལོ་རྩིབས་བརྒྱད་པའི་ནང་དུ་བསད་སྔགས་བྲིས། ཕྱི་ན་ལིངྒ་བྲིས། དེ་ནས་དགྲ་བགེགས་དངོས་སུ་བྲིས་པར་བསམ་ལ། དེའི་ཁོག་པར་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པས་བསྐོར། ཡང་ན་ཐོད་ནག་གི་བསད་འཁོར་བྲི་བར་བྱ། མནན་པ་ངག་མནན་འཁོར་ལོ་ལྕེ་ཐོག་ཏུ་བྲིས། དེའི་དམིགས་པ་སྤྱི་དང་མཐུན། འདི་རྣམས་གཏོར་བཟློག་གི་མན་ངག་ཟབ་མོ་ཡིན་པས་ཤོག་དྲིལ་བྱའོ། །ཨྠྀི། མངྒ་ལཾ།། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །གྲུ་གསུམ་མཐིང་ནག་འབར་བའི་ནང་། །ཤིན་ཏུ་འཇིགས་པའི་གཞལ་ཡས་ནས། །ཞིང་སྐྱོང་ནག་པོ་ཆེན་པོ་ནི། །བྱ་རོག་མིང་ཅན་སྲིན་པོའི་གཟུགས། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །བཻ་ཏ་དང་ནི་རལ་གྲི་འཛིན། །ཕྱག་གཡོན་ཐོད་པ་ཁ་ཊྭཱཾ་འཛིན། །གཟི་
བརྗིད་ལྡན་པའི་ཁྲོ་གཉེར་ཅན། །དམ་ཉམས་གདུག་པའི་སེམས་ཅན་ལ། །ཁྲོ་ཞིང་འཁྲུགས་པའི་མཆེ་བ་གཙིགས། །ལྗགས་ནི་དྲག་པོ་གློག་ལྟར་འཁྱུགས། །འཇིགས་པའི་གད་མོ་འབྲུག་ལྟར་སྒྲོག །སྐུ་ཡི་སྤྲུལ་པས་དམ་ཉམས་ཀྱི། །སྙིང་ལ་གཟེར་ཆེན་འབེབས་པར་བྱེད། །དབུ་སྐྲ་སྨིན་མ་ཨག་ཚོམ་སེར། །ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །སྣ་ཚོགས་པདྨ་ཉི་སྟེང་ན། །ཙནྡན་འཁྱིལ་པའི་སྟབས་ཀྱིས་བཞུགས། །གཏུམ་པོ་ཆེན་པོ་གཡུལ་ལས་རྒྱལ། །འཇིགས་བྱེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་བཀའ་ཉན་ཕོ་ཉ་ནི། །དམ་ཉམས་སྒྲོལ་ཞིང་ཚར་གཅོད་པ། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །གསོད་བྱེད་མ་མོ་བྱེ་བས་བསྐོར། །གནོད་སྦྱིན་སྲིན་པོ་གཤིན་རྗེ་ཡི། །གསོད་ཅིང་གཟིར་བའི་ལས་རྣམས་ལ། །སྟོབས་ཆེན་ཤིན་ཏུ་རྔམ་པའི་སྐུ། །
ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །གཅེར་བུ་ཟ་ཞིང་རྒྱུག་པ་ཡི། །ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར། །ཚོགས་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་བསྟན་པ་ནི། །ནག་པོ་ཁྱོད་ཀྱིས་བསྲུང་མཛོད་ཅིག །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །ནག་པོ་ཆེན་པོ་དྲག་ཤུལ་ཅན། །བྱ་རོག་མིང་ཅན་ཁྱོད་ཡིན་པས། །དམ་ཚིག་ལས་འདས་སེམས་ཅན་འཚེ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །རྣལ་འབྱོར་བདག་ལ་བར་གཅོད་པའི། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདག་གི་བསྒོ་བ་ཀུན་ཁུག་ལ། །དེ་ཡི་ཤ་ཟོ་ཁྲག་ལ་འཐུང་། །སངས་རྒྱས་བསྟན་ལ་ར་མདའ་ལྡོག །ནག་པོ་ཆེན་པོ་ལས་ལ་བྷྱོ། །བསྟན་ལ་སྡང་བའི་དམ་ཉམས་ཀྱིས། །རང་གི་ལས་བྱས་རང་ལ་སྨིན། །མ་ཧཱ་ཀཱ་
ལས་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དམ་རྫས་གཏོར་མའི་མཆོད་པ་བཞེས། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ཕྱི་རབས་རྣལ་འབྱོར་སུན་མ་ཕྱུངས། །རིག་འཛིན་བདག་གི་དམ་མ་བཀྲལ། །ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྟོང་པའི་ལུགས་སོ། །ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ན་འཛིན། །དམིགས་པའི་ནང་ཁྲོལ་འགྲད་ཅིང་ཟ། །དེ་ཡི་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་བཏོག་ཅིང་འཆའ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡུམ་ནི་གསོད་བྱེད་རྩ་འཇིབ་མ། །ཕྱག་བཞི་རྐང་དང་མི་ཁྲག་བསྣམས། །མ་མོ་རྣམས་ཀྱིས་ཤ་ལ་རོལ། །དུར་ཁྲོད་ལྕེ་སྤྱང་ལིང་འདུ་རྣམས། །དབང་པོ་རྣམས་དང་ནང་ཁྲོལ་འདྲེན། །འབྱུང་པོ་རྣམས་ཀྱི་ཤ་ལ་རོལ། །བཀའ་ཡི་གཏོར་མ་འདི་བཞེས་
ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་ནི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་བསྐུལ་ངོར་བྲིས།། ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །གདུག་པ་ནག་པོ་ཤིང་གི་དྲུང་། །རོ་ལངས་འབོད་སྐད་ཆོ་ངེ་འདེབས། །ཀེང་རུས་གར་བྱེད་མཆེ་བ་གཙིགས། །ཞལ་ནས་ཆེ་འབར་ཧ་ཧ་སྒྲོགས། །གཅན་གཟན་ལྕེ་སྤྱང་ང་རོ་འབྱིན། །འུར་འུར་ཆེམ་ཆེམས་སྒྲ་སྒྲོགས་པའི། །འཇིགས་སུ་རུང་བའི་གནས་མཆོག་ནས། །མ་ཧཱ་ཀཱ་ལ་བྱ་རོག་གདོང་། །དུས་གསུམ་སངས་རྒྱས་བསྟན་པ་སྲུངས། །གསང་སྔགས་རྒྱུད་ཀྱི་བཀའ་གཉེར་མཛད། །རྣལ་འབྱོར་སྒྲུབ་པའི་བར་ཆད་སེལ། །དམ་ཚིག་བསྲུང་བའི་སྡོང་གྲོགས་མཛད། །བདུད་དང་མུ་སྟེགས་ཟིལ་གྱིས་མནན། །དགྲ་དང་ལོག་འདྲེན་ཀུན་གྱི་གཤེད། །གནོད་བྱེད་མ་ལུས་ཆམ་ལ་ཕོབ། །དྲེགས་བྱེད་མ་ལུས་དབང་དུ་སྡུད། །ཧཱུྃ། བཀའ་ཡི་ཕོ་ཉ་
ནག་པོའི་ཚོགས། །བྱ་རོག་གདོང་ཅན་འཇིགས་པའི་གཟུགས། །ཁྲོས་པའི་ཆ་ལུགས་རྔམ་པའི་ཞལ། །དམ་ཉམས་སྲོག་རྩ་གཅོད་བྱེད་པ། །གདུག་པའི་གྲི་གུག་གཡས་ན་བསྣམས། །ལོག་འདྲེན་སྙིང་ཁྲག་འཐུང་བར་བྱ། །དམར་ཆེན་ཐོད་ཁྲག་གཡོན་ན་འཛིན། །དྲེགས་བྱེད་མ་ལུས་ཕྲིན་ལས་མཛོད། །ཧཱུྃ། ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཞིང་སྐྱོང་མ་མོ་མཁའ་འགྲོའི་ཚོགས། །ཚེ་བདག་ནག་པོ་བདུད་ཀྱི་ཚོགས། །སྲོག་བདག་གཤིན་རྗེ་གིང་གི་ཚོགས། །ཟ་བྱེད་ཤ་ཟ་འབུམ་གྱི་ཚོགས། །གནོད་བྱེད་ཀླུ་བདུད་ནག་པོའི་ཚོགས། །གནོད་བྱེད་གནོད་སྦྱིན་གཏུམ་པོའི་ཚོགས། །སྨྱོ་བྱེད་ལ་སོགས་འབྱུང་པོའི་ཚོགས། །འཇིགས་པའི་གཟུགས་ཀྱིས་ཐམས་ཅད་སྔངས། །ཁྲོས་པའི་སྤྱན་གྱིས་ཕྱོགས་བཅུར་བལྟ། །རྔམ་པའི་ང་རོས་སྟོང་གསུམ་འགེངས། །མགྱོགས་པའི་དབང་གིས་སྟོང་
གསུམ་བསྐོར། །དྲག་པོའི་སྟོབས་ཀྱིས་རི་རབ་བཤིག །གདུག་པའི་འོད་ཀྱིས་རྒྱ་མཚོ་སྐེམ། །སྤྲུལ་པའི་ཚོགས་ཀྱིས་བར་སྣང་ཁྱབ། །ཐུགས་དམ་བསྐུལ་ལོ་མགོན་པོའི་ཚོགས། །ཧཱུྃ། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །སློབ་དཔོན་སྐུ་ལ་བསྡོ་བ་དང་། །ཟབ་མོའི་བཀའ་ལས་འགལ་བ་དང་། །དམ་ཚིག་ཁྱད་དུ་གསོད་པ་དང་། །སེམས་ཅན་རྣམས་ལ་འཚེ་བ་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །བདག་ལ་གནོད་པའི་སེམས་ལྡན་རྣམས། །རིང་པར་ཁུག་ལ་དྲག་ཏུ་དེད། །མྱུར་བར་ཟུངས་ལ་དམ་དུ་ཆིངས། །མགྱོགས་པར་ཁུག་ལ་ངེས་པར་ཆོད། །མཚོན་ཆའི་ཚོགས་ཀྱིས་དུམ་བུར་གཏུབ། །རྔབ་རྔབ་རྔེབ་རྔེབ་ཤ་ལ་ཟོ། །ཧབ་ཧབ་ཧུབ་ཧུབ་ཁྲག་ལ་འཐུང་། །ཆམ་ཆམ་ཆེམ་ཆེམ་རུས་པ་འཆོས། །བཞེས་ཤིག་ལྷག་མ་མེད་
པར་མཛོད། །གཏོག་ཅིག་སྲོག་དང་ཕྲོལ་ལ་ཐོངས། །དུས་ལ་བབ་བོ་ཕྲིན་ལས་མཛོད། །དཔལ་རྒྭ་ལོས་མཛད་པའོ།། ༈ གདོང་ལྔའི་བསྐུལ་པ་གནམ་ལྕགས་ཐོག་མདའ་བཞུགས་སོ། །ཧཱུྃ། མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ཁྲོས་པའི་གད་མོ་སྒྲོགས་པ་ཡིས། །ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་བརྒྱལ། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ཁྲག་ཏུ་སྐྱུག་ཅིང་ལས་ལ་འདུད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་འཁོར་བཅས་རྣམས། །རང་དབང་མེད་པར་ལས་ལ་རྒྱུག །དུས་ལ་བབ་བོ་བྱ་རོག་གདོང་། །ཁས་བླངས་དམ་བཅའ་དུས་ལ་བབ། །མགོན་པོ་དམ་ལས་མ་འདའ་ཞིག །མགོན་པོ་དམ་ལས་འདས་གྱུར་ན། །དམ་ཚིག་ཆད་པ་འབྱུང་བར་འགྱུར། །ཁྱོད་ཀྱི་དམ་ཚིག་གཉན་པོ་དེ། །སངས་རྒྱས་བསྟན་པ་སྲུང་བ་ཡིན། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །དུས་གསུམ་སངས་རྒྱས་བསྟན་པ་བཤིག །དཀོན་
མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །སྟོང་ཁམས་བཤིག་པའི་བཤིག་འདྲེ་བྱས། །རྒྱལ་ཁམས་ཕུང་བའི་ཕུང་འདྲེ་བྱས། །འདི་ལ་ཐུགས་རྗེས་མི་གནས་པའི། །ད་ལྟ་ཉིད་དུ་བསྒྲལ་བར་གྱིས། །དེ་ཡི་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །དེ་རྣམས་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ལས་རྣམས་མྱུར་དུ་མཛོད། །བཅོལ་བའི་ལས་འདི་མ་བྱས་ན། །བདེ་གཤེགས་རྒྱལ་བའི་བཀའ་བསླུས་པས། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །ཁྱོད་ལ་རྣལ་འབྱོར་ཅི་བྱས་པ། །ཁྱོད་ཀྱི་ལུས་ཀྱི་གནད་ཡིན་ཏེ། །ལུས་ནི་དུམ་བུར་འགྲོ་བར་ཤོག །ཁྱོད་ལ་བཟླས་བརྗོད་ཅི་བྱས་པ། །ཁྱོད་ཀྱི་སྲོག་གི་གནད་ཡིན་ཏེ། །སྲོག་ནི་དུམ་བུར་འགྲོ་བར་ཤོག །ཁྱོད་ལ་གཏོར་མ་ཅི་ཕུལ་དེ། །ཁྱོད་ཀྱི་ངག་གི་གནད་ཡིན་ཏེ། །ལྕེ་ཡང་ཚལ་པར་འགྲོ་བར་
འགྱུར། །དེ་བས་རང་དམ་རང་གིས་ལོངས། །སྡིག་ཅན་དམ་ཉམས་དགྲ་བོ་འདིས། །ད་ལྟ་ཉིད་དུ་སྙིང་ཁྲག་འཐུང་། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བསྟན་པ་བསྲུང་བའི་དོན་སླད་དུ། །བྱ་རོག་གདོང་ཅན་ཁྱོད་བསྒྲུབས་ནས། །ང་སྐྱེ་བོའི་མི་ཁར་མ་བཏང་ཞིག །མི་ནག་གིས་འཕྱ་ཁར་མ་བཏང་ཞིག །དུས་ལ་བབ་བོ་བྱ་རོག་གདོང་། །དགྲ་ལ་རྒྱུག་ཅིག་བྱ་རོག་གདོང་། །དགྲ་སྲོག་ཆོད་ཅིག་བྱ་རོག་གདོང་། །སྡིག་ཅན་ཉམས་པའི་དགྲ་ཡུལ་དུ། །ནམ་མཁའ་བྱ་རོག་འཕུར་བས་ཁོངས། །ས་གཞི་མུན་པ་ནག་པོས་ཁོངས། །ཁང་ཁྱིམ་འོད་དང་ཚུབ་ལས་ཁོངས། ད་ལྟ་ཉིད་དུ་ལས་མཛོད་ཅིག །སྡིག་ཅན་དགྲ་ལ་ལས་གྱིས་ཤིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ ཤར་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བམ་ཆེན་རོ་ཡི་གདན་སྟེང་དུ། །ཉིང་སྤྲུལ་སྲོག་བདག་བྱ་རོག་གདོང་། །སྐུ་
མདོག་མཐིང་ནག་ཆར་སྤྲིན་མདོག །མི་བཟད་གདུག་པའི་འོད་ཟེར་འཕྲོ། །ཕྱག་གཡས་གྲི་གུག་འབར་བ་ཕྱར། །བསྟན་ལ་སྡང་བའི་དགྲ་སྲོག་ཆོད། །གཡོན་པས་ཐོད་པ་ཁྲག་གིས་བཀང་། །གདུག་པའི་སྙིང་ཁྲག་ཞལ་དུ་གསོལ། །ཐོད་པའི་ཕྲེང་བའི་དོ་ཤལ་བྱས། །ཡན་ལག་ཐུང་ཞིང་ལྟོ་བ་འཕྱང་། །དུག་སྦྲུལ་གདུག་པའི་སྐ་རགས་བཅིངས། །གིང་ཆེན་བཅོ་བརྒྱད་འཁོར་གྱིས་བསྐོར། །དམ་ཉམས་སྲོག་ལ་མངའ་མཛད་པའི། །རྡོ་རྗེ་སྤྱང་ཀི་ཤ་ལ་རོལ། །ཤར་ཕྱོགས་དྲེགས་པའི་དམག་དང་བཅས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་ལ་སྡང་བའི་དགྲ་སྲོག་ཆོད། །བྱང་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་དུ། །ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །གནོད་སྦྱིན་ནག་པོ་བྱ་རོག་གདོང་། །སྐུ་མདོག་ནག་པོ་དུད་ཁའི་མདོག །ཁ་
རླངས་ནད་ཀྱི་ན་བུན་འཁྲིགས། །མི་བཟད་གདུག་པའི་ཚྭ་ཚྭ་འཕྲོ། །ཁྲག་རལ་དམར་པོ་གྱེན་དུ་བརྫིས། །རལ་པའི་གསེབ་ནས་ཐོག་སེར་འཕྲོ། །ཕྱག་གཡས་གདུག་པའི་གྲི་གུག་གིས། །ཉམས་པའི་སྲོག་རྩ་དམར་པོ་གཅོད། །གཡོན་པས་ཐོད་པ་ཁྲག་གིས་བཀང་། །དགྲ་བོའི་སྲོག་ཁྲག་ཞལ་དུ་རྔུབས། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །ལྗང་ནག་སྦྲུལ་གྱིས་སྐ་རགས་བཅིངས། །དགྲ་བགེགས་མ་ལུས་དབང་དུ་སྡུད། །སྐུ་ལ་ཁྲག་ཞག་ཐིག་ལེས་བརྒྱན། །གནོད་སྦྱིན་ནག་པོའི་ཚོགས་ཀྱིས་བསྐོར། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྡིག་ཅན་ཉམས་པའི་དགྲ་བོ་ལ། །ནད་དང་མཚོན་གྱི་ཆར་པ་ཕོབ། །གནོད་སྦྱིན་ཁྲག་གི་རལ་པ་ཅན། །མཐུ་སྟོབས་མ་ཆུང་ཁྲག་གི་རལ་པ་ཅན། །རྟགས་དང་མཚན་མ་མ་ཞན་ཁྲག་གི་རལ་པ་ཅན། །དམ་ཉམས་དགྲ་བོ་སྡིག་ཅན་འདི། །མགོ་དང་ལུས་
པོ་ད་ཕྱེས་ཤིག །ཤ་དང་རུས་པ་ད་ཕྱེས་ཤིག །པགས་པ་གདན་དུ་ད་ཐིང་ཞིག །གཟུགས་བཞི་ཐང་ལ་ད་རྒྱོབས་ཤིག །དབང་པོ་རྣམ་ལྔ་ད་ཁོས་ཤིག །ལྷ་ལྔ་དབང་དུ་ད་སྡུད་ཅིག །ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། །ཁྲོ་ཆུང་མཐིང་ནག་བྱ་རོག་གདོང་། །སྒྲ་སྐད་འདོན་ཅིང་སྡང་མིག་བལྟ། །བྱ་རོག་འུག་པ་ཁྭ་ཏ་དང་། །བཞད་དང་སྲིན་བྱ་ལ་སོགས་ཀྱིས། །སྟོང་གསུམ་ཀི་ཡིས་འདེབས་པར་བྱེད། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །འདུས་འདུས་ཤ་དང་ཁྲག་ལ་འདུས། །དགྲ་སྲོག་གཅོད་པའི་ལས་མཛོད་ཅིག །ཧཱུྃ། ནུབ་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་དུ། །དམར་ནག་མེ་ཡི་ཀློང་དཀྱིལ་ནས། །བདུད་པོ་བྱ་རོག་གདོང་ཅན་ནི། །ཞིང་ཆེན་རོ་ཡི་གདན་ལ་བཞུགས། །དུར་ཁྲོད་རོལ་པའི་རྒྱན་དང་ལྡན། །མཐིང་ནག་སྐུ་ལ་རྔམ་པའི་ཞལ། །ལྕགས་ཀྱི་མཆེ་བ་དགྲ་
ལ་གཙིགས། །གདུག་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །ལས་སུ་དགྲ་བོའི་སྲོག་རྩ་གཅོད། །བདུད་དམག་བྱེ་བའི་འཁོར་གྱིས་བསྐོར། །གཡས་ནས་སྤྲུལ་པའི་ཕོ་ཉ་ནི། །བྱ་ནག་མང་པོ་གཤོག་པ་རྡེབ། །གཡོན་ན་སྤྲུལ་པའི་ཕོ་ཉ་ནི། །ལྕགས་སྤྱང་སྔོན་པོ་འབྲོས་དེད་བྱེད། །རྒྱབ་ནས་སྤྲུལ་པའི་ཕོ་ཉ་ནི། །ཁྱི་ནག་མང་པོ་ཟུག་ཅིང་ཟ། །མདུན་ནས་སྤྲུལ་པའི་ཕོ་ཉ་ནི། །མི་ནག་གནམ་དུ་འོ་དོད་འབོད། །དམར་གྱི་གཏོར་མ་འདི་བཞེས་ལ། །བསྟན་པ་བཤིག་པའི་དགྲ་བོ་རྣམས། །བསད་ཐིག་ནག་པོའི་ཁྲམ་ལ་ཐོབ། །ཉམས་པའི་རྣམ་ཤེས་རྟེན་དང་ཕྲོལ། །རྦད་པའི་ལས་ལ་མཐུ་མ་ཆུང་། །བཅོལ་བའི་ལས་རྣམས་མྱུར་དུ་མཛོད། །མ་གཡེལ་དམ་ཅན་ལས་ལ་གཤེགས། །བྷྱོ། ལྷོ་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བམ་ཆེན་རོ་ཡི་གདན་སྟེང་དུ། །
མ་མོ་བྱེ་བའི་དཀྱིལ་འཁོར་ནས། །བདུད་མོ་རྩ་འཇིབ་ཁྲག་འཐུང་མ། །མཐིང་ནག་སྐུ་ལ་ཁྲག་རུལ་མདོག །སྔོ་དམར་ནད་ཀྱི་ཚྭ་ཚྭ་འཕྲོ། །གཟེར་ནད་ཡམས་ཀྱི་ན་བུན་འཐིབ། །དམིགས་པའི་དགྲ་ལ་དམག་སྣ་འདྲེན། །སྐུ་ལ་ཁྲག་ཞག་ཐིག་ལེས་བརྒྱན། །གསོད་པའི་མཚོན་ཆ་ཕྱག་ན་འཛིན། །རྩ་ཆེན་བཞི་ཡི་རཀྟ་འཇིབ། །མ་མོ་དྲུག་འབུམ་ཕོ་ཉར་འགྱེད། །སྲིད་པའི་མ་མོས་དམག་སྣ་འདྲེན། །དགྲ་བོའི་ཤ་ཁྲག་བཏོག་ཅིང་འཆའ། །ལས་ཀྱི་རླུང་དམར་ཆིབས་སུ་བཅིབས། །བདུད་མོ་བྱེ་བའི་འཁོར་གྱིས་བསྐོར། །དམ་ལ་གནས་པའི་སྡོང་གྲོགས་མཛད། །བདུད་དམག་བྱེ་བ་འཁོར་བཅས་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །ཉམས་པའི་སྙིང་ཁྲག་དབང་དུ་སྡུས། །དགྲ་བོའི་སྲོག་རྩ་དམར་པོ་ལོངས། །བཅོལ་བའི་ལས་ལ་མ་གཡེལ་ཅིག །དྲག་པོའི་ཕྲིན་ལས་མྱུར་དུ་
མཛོད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ཆོས་སྐྱོང་རྣམས་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །འདུས་འདུས་ཤ་དང་ཁྲག་ལ་འདུས། །དགྲ་བོ་བརླག་པའི་ཕྲིན་ལས་མཛོད། །
མགོན་པོ་བསྡུས་པ་དགྲ་བགེགས་ཚར་གཅོད། སྐྱོ་བྲག་ཀརྨ་ཡེ་ཤེས།
མགོན་པོ་བསྡུས་པ་དགྲ་བགེགས་ཚར་གཅོད་བཞུགས་སོ། །ཧཱུྃ། གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་ལ་སྡང་བའི་དགྲ་བོ་འདིས། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །དཀོན་མཆོག་དབུ་འཕང་འདི་ཡིས་སྨད། །བླ་མ་དམ་པའི་སྐུ་ལ་བསྡོས། །ཉེས་པ་མེད་པར་སྲོག་ལ་རྒོལ། །ཆགས་པ་མེད་པར་བུ་ལོན་བསྙག །སེམས་ཅན་ཉེས་མེད་ཟས་ནོར་འཕྲོག །སྔ་དགྲ་དེ་ནི་ལག་གིས་བརྡར། །ཕྱི་དགྲ་དེ་ནི་ཡིད་ལ་ཤོམ། །ད་དགྲ་དེ་ནི་ཐད་དུ་བསྡོས། །སྔགས་འཆང་ཡོངས་ལ་དོ་རུ་བསྡོས། །
ཐེག་ཆེན་ཆོས་སྨད་བསྟན་པ་བཤིག །བསྒྲལ་བའི་ཞིང་བཅུ་ཚང་བ་ཡི། །དམ་ཉམས་སྡིག་ཅན་དགྲ་བོ་འདི། །གྲུ་གུ་བཞིན་དུ་ཆིངས་ལ་ཤོག །སྨྱོ་འབོགས་བརྒྱལ་ནད་ཐོངས་ལ་ཤོག །སྲིད་གསུམ་རྨང་ནས་ཤིག་ལ་ཤོག །འཁོར་བ་གཏིང་ནས་ཕྱུངས་ལ་ཤོག །བསྐལ་པའི་མེ་ཡིས་བསྲེག་ལ་ཤོག །དྲང་སྲོང་བཀའ་ཡི་དམོད་པས་སྡིགས། །གནམ་ལྕག་ཐོག་དང་རལ་གྲི་ཡིས། །མགོ་ལུས་ཚལ་པ་བརྒྱ་རུ་ཐོངས། །དོན་སྙིང་དུམ་བུ་སྟོང་དུ་གཏུབ། །གཞུངས་པ་དཀར་པོ་མདའ་ལྟར་དྲོངས། །རྡོ་རྗེའི་སེར་ཆེན་མྱུར་དུ་ཕོབ། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཕྲིན་ལས་གཉན་པོ་བཅོལ་བ་ནི། །བདག་ལ་སྡང་བའི་དགྲ་བོ་འདིའི། །བླ་སྲོག་མྱུར་དུ་ཁུག་ལ་ཤོག །གློ་སྙིང་དམར་པོ་ཕྱུངས་ལ་ཤོག །ཁ་ནས་ཁོག་ཁྲག་དྲོངས་ལ་ཤོག །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་རྟེན་ཕུར་
ཕུད་ལ་ཤོག །བར་གྱི་དམུ་ཐག་ཆོད་ལ་ཤོག །ལྟག་ནས་བདུད་ཆེན་ཕོབ་ལ་ཤོག །མདུན་ནས་མདངས་དང་ཕྲོལ་ལ་ཤོག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །འཇིགས་པའི་མུན་པས་མདུན་ནས་བསུས། །སྟེང་གི་བུ་ཕོས་སྲོག་ལ་ཡ། །འོག་གི་ནུ་བོ་དག་དང་ཕྲོལ། །མཆན་གྱི་བུ་དང་མྱུར་དུ་ཕྲོལ། །ཁ་གང་གི་ནི་སྲོག་རྩ་ཆོད། །ཁོག་གང་གི་ནི་དབུགས་དེ་ལོངས། །ཚེ་ཡི་འདུ་བྱེད་གཉན་པོ་བསྟུང་། །སྲོག་གི་འཕར་ཐག་དྲོན་མོ་ཆོད། །དྭ་བུ་ངུ་འབོད་ཧྲུག་སེ་ཐོངས། །ཡུགས་ས་ཅོ་དྲུད་ཉི་ལེ་ཐོངས། །སྒོ་ཁྱི་ངུ་ཟུག་ཐར་རེ་ཐོངས། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས། །མི་ནད་ཕྱུགས་ནད་ཁྲག་ནད་ཐོངས། །ཁ་ངུ་འབོད་གནམ་དུ་འབོད་དུ་ཆུག །ལག་སྡེར་དྲུག་ས་ལ་འབྲད་དུ་ཆུག །ཡ་ཐོད་ཉི་མ་འོད་དུ་ཆུག །མ་ཐོད་རླུང་ལ་འགམ་དུ་ཆུག །ཕུང་ཁམས་གཡབ་ཀྱིས་འདེབས་སུ་ཆུག །
བཀའ་ལས་འགལ་བའི་དགྲ་བོ་འདི། །ཤྭ་ལྟར་བྲོས་ཀྱང་ཁྱི་ལྟར་སྙོགས། །ལུག་ལྟར་འཚོས་ཀྱང་སྤྱང་ལྟར་འཇོབས། །ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག །མོ་རྒྱུད་མངལ་ནས་སྐོམས་ལ་ཤོག །བུ་ཚ་ཐུན་བུར་ཐུས་ལ་ཤོག །དྲག་པོའི་དམག་ཚོགས་དགྲ་ལ་བྷྱོ། །ཉམས་པའི་དགྲ་བོ་སྡིག་ཅན་འདི། །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །ཟས་སྐལ་དགྲ་སྐལ་ཉིད་དུ་གཏད། །མ་འཆོར་མྱུར་དུ་ད་སྒྲོལ་ཅིག །བྱ་རོག་མཚན་ཅན་ལས་ལ་ཡ། །བྱ་རོག་གདོང་ཅན་ལས་ལ་ཡ། །དམར་མོ་རྩ་འཇིབས་ལས་ལ་ཡ། །སེང་གེའི་གདོང་ཅན་ལས༴ ཐུགས་མགོན་ལེགས་ལྡན༴ མགོན་པོ་འཁོར་བཅས་ལས་ལ་ཡ། །ཆོས་སྐྱོང་སྲུང་མ་ཁྱེད་རྣམས་ཀྱིས། །བཙན་པའི་གོ་གྱོན་རྣོ་མཚོན་ཐོགས། །མགྱོགས་པའི་རྟ་ཞོན་དཔའ་སྙིང་བསྐྱེད། །བྷྱོ་བྷྱོ་དེ་ནི་དགྲ་ལ་བྷྱོ། །ཆོས་ཆོས་དེ་ནི་དམག་ལ་
ཆོས། །ཡ་ཡ་དེ་ནི་དགྲ་ལ་ཡ། །རྒྱུག་རྒྱུག་དེ་ནི་དགྲ་ལ་རྒྱུག །ཧུབ་ཧུབ་དེ་ནི་ཁྲག་ལ་ཧུབ། །ཟོ་ཟོ་དེ་ནི་ཤ་ལ་ཟོ། །ཆེམ་ཆེམ་དེ་ནི་རུས་ལ་ཆེམ། །མྱུར་མྱུར་དེ་ནི་དགྲ་ལ་མྱུར། །སངས་རྒྱས་བསྟན་ལ་ར་མདའ་ལྡོག །དུས་ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་སྐྱོ་བྲག་ཀརྨ་ཡེ་ཤེས་པས་སོག་པོ་དུ་རུས་ཕུང་བའི་དུས་སུ་མ་མགོན་རྣམས་ལ་ཕྲིན་ལས་བཅོལ་བའོ། །སརྦ་མངྒ་ལཾ། །
དྲག་པོ་ཤ་ཟ་གདོང་གདོང་ལྔའི་མེ་ལྷ་བསྐྱེད་ཆོག་ཉུང་བསྡུས།
དྲག་པོ་ཤ་ཟ་གདོང་གདོང་ལྔའི་མེ་ལྷ་བསྐྱེད་ཆོག་ཉུང་བསྡུས་བཞུགས་སོ། །ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་མེ་རི་རྡོ་ར་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་དྲག་པོའི་མེ་ཐབ་གྲུ་གསུམ་ནག་པོ་ཁ་ཁྱེར་ལ་རལ་གྲིས་མཚན་པ། དེའི་དབུས་སུ་ཉི་མའི་གདན་ལ་རཾ་ནག་པོ་ཡོངས་སུ་གྱུར་པ་ལས། དྲག་པོའི་མེ་ལྷ་ནག་པོ་ཞལ་གཅིག་སྤྱན་གསུམ་ཨག་ཚོམ་འཕྱང་བ། །ར་སྐྱེས་ཁམ་པའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པ། ཕྱག་བཞི་པ་གཡས་གཉིས་སྐྱབས་སྦྱིན་དང་བསྒྲང་ཕྲེང་། གཡོན་གཉིས་རིལ་བ་སྤྱི་བླུགས་འཛིན་པ། མེ་ལྷའི་ཐུགས་
ཀར་རཾ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཤར་གྱི་ལྷོ་ནས་དྲང་སྲོང་འཁོར་བཅས་སྤྱན་དྲངས། བཛྲ་ས་མ་ཡ་ཛ་ཛཿ ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་ཀྱི་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཆེན་པོ་རབ་བསྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་ཡར་ལུད་དོན་གྲུབ་དབུར་བརྒྱན་གྱུར། །མེ་སྟེ་བསྲེག་བྱ་ཟ་བའི་ཕྱིར། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནསཤབྡའི་བར་བརྗོད། སྨན་རཀ་གཉིས་འབུལ། གཏོར་མ་འབུལ། ཨོཾ་ཨགྣ་ཡེ་སརྦ་པཉྩ་ཨ་
མྲྀ་ཏ་ལ་ཁཱ་ཧི། ཨོཾ་ཨགྣ་ཡེ་མ་ཧཱ་རཀྟ་ལ་ཁཱ་ཧི། ཨོཾ་ཨགྣ་ཡེ་མ་ཧཱ་བ་ལིང་ཏ་ཁཱ་ཧི། ཞེས་གདོང་ལྔའི་མདུན་བསྐྱེད་ལས་འགྲིག་བསྐང་བརྒྱད་བར་འདོན། དེ་ནས་བསད་ལས་བཞི་བརྗོད། མདུན་བསྐྱེད་དང་མེ་ལྷར་མཆོད་བསྟོད་བྱ། གསེར་སྐྱེམས་ཟོར་ལས་ཐམས་ཅད་མཐོང་བརྒྱུད་ཕྱག་ལེན་ལྟར་བྱའོ།། །།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྦྱིན་སྲེག
༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྦྱིན་སྲེག་བཞུགས་སོ། །
བླ་མ་དམ་པ་ལྷག་པའི་ལྷ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དམ་ཚིག་སྡོམ་པ་དང་ལྡན་པའི་རིམ་གཉིས་ཀྱི་རྣལ་འབྱོར་པས་ཞི་སོགས་ལས་རྣམས་བསྒྲུབ་པ་དང་། དངོས་གྲུབ་རྣམ་གཉིས་ཐོབ་པར་བྱ་བ་དང་། སྔགས་དང་ཆོ་གའི་ལྷག་ཆད་བསྐང་བ་དང་། དཀྱིལ་འཁོར་གྱི་ལས་དང་། རྟེན་རབ་ཏུ་གནས་པ་ལ་སོགས་པ་དང་འབྲེལ་བའི་ཚོགས་སྦྱིན་སྲེག་གི་ལས་བརྩམ་སྟེ། དཔལ་ཡང་དག་སྦྱོར་བ་ལས། སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་བཅོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དང་། །སྦྱིན་སྲེག་དག་གིས་དེ་ཀུན་དག །ཅེས་དང་། ཅེས་གསུངས་སྦྱིན་སྲེག་བྱ་བ་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །ཞེས་དང་། བཟང་པོ་ཡོངས་བཟུང་ལས། རབ་གནས་ལ་
སོགས་རྗེས་ལ་ནི། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། །སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །ཞེས་གསུངས་སོ། །དེས་ན་ལས་ཀྱི་རིམ་པ་ལ་འཇུག་པ་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་གསུམ་སྟེ། ལས་སོ་སོའི་ཐབ་བཅའ་བ་དང་། ཡོ་བྱད་རྣམས་ཇི་ལྟར་བཤམས་པ་དང་། སློབ་དཔོན་གྱི་ཆས་གོས་བསྟན་པའོ། །དང་པོ་ནི། སམ་བྷུ་ཊི་ལས། མངོན་སྤྱོད་ཐབ་ཁུང་གྲུ་གསུམ་པ། །རྒྱ་ནི་སོར་མོ་ཉི་ཤུ་སྟེ། །འོག་གི་ཐད་དུ་སོར་མོ་བཅུ། །མུ་རན་ལ་ནི་སོར་མོ་གསུམ། །དུར་ཁྲོད་སོལ་བས་བྱུག་པར་བྱ། །ཞེས་དང་། ནག་པོ་པས། མངོན་སྤྱོད་ལ་ནི་སོར་གསུམ་མོ། །དབང་དང་དགུག་པ་དེ་དང་འདྲ། །གང་དུ་སྦྱིན་སྲེག་བྱ་བའི་གནས་སུ་སྟེགས་བུ་འདུ་བྱ་བ་སོགས་བསྒྲུབས་ནས་ཐོག་མར་ཐིག་གདབ་པ་ནི། ཚང་ཟུར་བཞི་པོ་ལ་སོགས་པ་བཏབ་སྟེ། དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་ཀྱིས་ཟླུམ་པོར་བསྐོར། །དབུས་
ནས་ཟླུམ་མཐའ་སོ་སོའི་ཚད། །ནུབ་ཀྱི་ཚང་ཟླུམ་འདུས་སྟེང་ནས། །གཡས་གཡོན་བྱ་རྗེས་བཙལ་སྟེང་དུ། །རིམ་པ་བཞིན་དུ་གྲུ་གསུམ་བཏབ། །གྲུ་གསུམ་ནང་མ་མ་རིག་བསྐོར། །དེ་ཡི་སུམ་ཆ་ལྟེ་བར་ཏེ། །པདྨ་འདབ་བརྒྱད་དྲག་པོ་འགྲུབ། །དེ་ལྟར་ཐིག་རྣམས་གདབ་པར་བྱ། །དེ་ནས་ཐབ་ཁུང་བརྩེག་ན། ཐབ་རྣམས་ཀྱི་ཁ་དོག་དབྱིབས་སོགས་ནི་འོག་གི་ཐབ་བསྐྱེད་ནས་གསལ། ཐབ་བརྩིག་པའི་རྒྱུ་ནི། དགོན་པའི་བ་ལང་གི་ལྕི་བ་སོགས་སྲོག་ཆགས་མེད་པའང་རུང་སྟེ། ཐབ་ཀྱི་མཆུའི་ནང་དུ་དམ་པར་བརྩིགས་པའི་ནང་གི་ཤར་ལྷོར་རྫའི་ཀོང་བུ་ལས་མཐུན་གྱི་མར་གྱིས་བཀང་བ་སྡོང་བུ་ཅན་བཞག་གོ །གཉིས་པ་ཡོ་བྱད་རྣམས་ཇི་ལྟར་བཤམས་པ་ནི། སློབ་དཔོན་གྱི་གཡས་ཕྱོགས་ནས་བརྩམས་ཏེ། གཡས་བསྐོར་དུ་རིམ་པ་བཞིན་ཆུ་བཞི་ཉེར་སྤྱོད་ལྔ། མར་ལ་བཅས་པའི་གཏོར་མ་དང་བཅས་པ་སྟེགས་བུ་མཐོ་དམན་ནམ་ཕྱི་ནང་བྱས་པའི་ཁར་འདས་མ་འདས་གཉིས་ཀྱི་མཆོད་པ་ཚར་གཉིས་བཤམས། མ་འབྱོར་ན་ཅི་འབྱོར་ཚར་གཅིག་བཤམས་ལ་མཆོད་འབུལ་རེ་རེ་ཞིང་མཆོད་པ་རྣམས་བརྗེ་བའམ་ཁ་གསོ། ཡང་གཡས་ཕྱོགས་ཀྱི་མདུན་ངོས་ནས་བརྩམས་ཏེ་དྲག་པོ་ལ་སྐྱེར་པ་ལྟ་བུ་དང་ཤིང་ནག་པོ་ཚེར་མ་ཅན་རོ་ཁ་བ་དང་། ཚ་བའི་རང་བཞིན་གྱི་རྩ་བའི་ཆ་ལས་བྱུང་བ། སོར་མོ་བཅུ་གཉིས་པ་རྩེ་མོ་རྣོ་བ་དུག་དང་ཁྲག་དང་ལྕེ་ཚ་སོགས་རོ་ཁ་ཞིང་ཚ་བས་བྱུག་པའོ། །འདིའི་བུད་ཤིང་ཀྱང་རོ་ཚ་བ་དང་དྲི་མི་ཞིམ་པའོ། །དྲག་པོ་ལ་
མར་ནག་ཚ་མོའོ། །འབྲས་སོ་བ་སོགས་ནི་སྤྱི་མཐུན་ནོ། །མངོན་སྤྱོད་དེ་བསད་པ་ལ་ཁྲག །ལན་ཚྭ། སྐྱེ་ཚེ། དུག །བག་ཟན་ལ་དགྲ་བགེགས་ཀྱི་ལིང་གའི་བང་དུ་མིང་བཅུག་ཅིང་། དུག་དང་ཁྲག་གིས་བྱུགས་པས་ནིམ་པའི་ལོ་མ་རོ་ཐལ་སྐྱེས་པའི་རུས་ཕྱེ་རྣམས་སོ། །བསྐྲད་པ་ལ་བོང་བུ་དང་རྔ་མོའི་སྤུ། ཁྱིའི་བྲུན་དང་སྤུ། དེ་དག་གི་སེན་མོ། བྱ་རོག་གི་སྒྲོ་རྣམས་སོ། །དབྱེ་བ་ལ་འུག་པ་དང་བྱ་རོག་གི་སྒྲོ་སོགས་དགྲ་གཤེད་དུ་འགྱུར་བའི་སྤུ་གང་འཛོམས། ཤ་ཆེན་ཁྱིམ་བྱའི་ཚིལ། ཚེར་མ། བསྒྲུབ་བྱའི་རྗེས་ཀྱི་ས་དང་། སྐྲ་ནི་ཀུན་ལ་སྟེ་ཐམས་ཅད་དམར་ནག་སྦགས་པའོ། །དྲག་པོའི་མཆོད་རྫས་ཀྱང་ཁྲག་ཆེན་ནམ་ཁྲག་གི་མཆོད་ཡོན། དུག་གི་ཚེར་མ་ཅན་གྱི་མེ་ཏོག་ནག་པོ། གུ་གུལ་གྱི་སྤོས། ཚིལ་ཆེན་ནམ་མར་ནག་གི་མཆོད་མེ། མཁྲིས་པའི་དྲི་ཆབ། ཤ་ཁྲག་གིས་སྦགས་པའི་ལྷ་བཤོས། མི་རྐང་དང་མི་ཐོད་ཀྱི་རོལ་མོ་རྣམས་སོ། །ཐོད་པའམ་ལྕགས་སོགས་དྲག་པོའི་སྣོད་རྣམས་སུ་མཆོད་རྫས་གཡས་དང་གཡོན་དུ་བཤམས་སོ། །སློབ་དཔོན་གྱི་མདུན་དུ་མེ་ཡོལ་ཕྱི་ནང་གཡོན་ནས་རིམ་བཞིན། མེ་ལྷའི་གདན་གྱི་ཀུ་ཤ་ཆུན་པོ་བཅུ། ནང་མཆོད་རྡོ་རྗེ་དགང་བླུགས་ཁ་སྦྱར། དྲིལ། མེ་ཏོག །བསང་གཏོར་གྱི་ཀུ་ཤ །རླུང་གཡབ་རྣམས་བཤམ། གཞན་རྣམས་ལས་མཐུན་གྱི་ཁྲུས་རས་དང་གོས་ཟུང་རྣམས་ཀྱང་བཤམ་མོ། །གསུམ་པ་སློབ་དཔོན་ཆས་གོས་སོགས་བསྟན་པ་ནི། དྲག་པོའི་སྐབས་སུ་བབ་པས་གོས་ནག་དང་རུས་རྒྱན་རྣམས་
བསམ་མོ། །ཁ་བལྟ་ཕྱོགས་གདན་དང་འདུག་ཚུལ་ནི་ལྷོའི་ཕྱོགས། བསྒྲུབ་བྱའི་གཟུགས་ཀྱི་བྲང་ངམ་གདན་ནག་པོའམ། གདན་མེད་ཀྱང་རུང་སྟེ་རྐང་པས་རྐང་པ་མནན་པའམ། གཡས་སྐྱིལ་ཀྲུང་དང་། གཡོན་བརྐྱང་བ་བསླང་བའམ། པུས་མོ་གཉིས་ས་ལ་བཙུག་པས་འདུག་གོ །དུས་ནི་དྲག་པོ་ལ་ཡར་ངོའི་བརྒྱད་དང་བཅུ་བཞི་ཕྱེད་དམ་ནམ་གུང་སྟེ་ཐམས་ཅད་ལས་དང་མཐུན་པའི་ཉམས་ཀྱིས་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོ་གའོ། །དང་པོ་ནི། བདག་ཉིད་ཁྲུས་བྱས་ལས་དང་མཐུན་པའི་ཚོན་དང་དྲིས་བྱུགས། སྒྲུབ་མཆོད་དང་འབྲེལ་ན་བདག་བསྐྱེད་ཐུན་བསྡུ་ཡན་འགྲེ་བས་འཐུས་ཤིང་ཡི་དམ་བདག་བསྐྱེད་རྫོགས་ནས་སླར་ཐུན་བསྡུ་ལ། སླར་རང་ཉིད་ལས་ཀྱི་ཧེ་རུ་ཀའམ་ལས་ཀྱི་མགོན་པོར་གསལ་གདབ། དེ་ནས་སྨད་ལས་དགྲ་བགེགས་ལམ་ཁྱེར་སྐབས་སུ་ཁ་བསྒྱུར་གྱི་དམིགས་པ་འདེབས་ཚུལ་ནི། རང་ཡི་དམ་གྱི་ང་རྒྱལ་གྱི་ཐུགས་ཀ་ནས་འོད་ཟེར་གནམ་ལྕགས་ཀྱི་ཐོག་ལྟ་བུ་དགྲ་བགེགས་ཀྱི་སྙིང་གར་ཕོག་པས་སྲོག་མར་མེ་ལྟ་བུ་ཐུཾ་གྱིས་བསད་དེ་ཐལ་བར་བརླགས་སོགས་གསུངས་པ་ལྟར་སོ་སོའི་མན་ངག་བཞིན་བྱའོ། །འགུགས་པའི་སྐབས་སུ་བདག་མདུན་གྱི་ལྷ་ཚོགས་དེ་དག་གི་ཐུགས་ཀ་ནས་ལྷ་ཚོགས་དེ་དག་རྟ་དམག་གི་རྣམ་པར་ཆས་ཤིང་། ཕྱག་ཏུ་ཞགས་པ་འབའ་ཞིག་ཁྱེར་ཏེ་དགྲ་བགེགས་ཐམས་ཅད་བཀྱིགས་ནས་ཁུར་བྱུང་བར་བསྒོམ། ཕུར་གདབ་ཀྱི་སྐབས་སུ་ཕུར་
པའི་སྐུ་ཆེ་ཕྲ་དཔག་མེད་སྤྲོས་ཏེ་དགྲ་བོ་མི་ནོར་ཐ་ནའང་ཤིག་རེའི་སྟེང་དུའང་ཕུར་པའི་སྐུ་དེ་དང་འཚམས་པ་རེ་བཞུགས་ནས་དགྲ་བོ་ཐམས་ཅད་དམྱལ་ཐག་གཅོད་པར་བསྒོམ། གཏོར་མར་འགུགས་པའི་སྐབས་སུ་བདག་མདུན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མགོན་པོ་ཁྲོ་བོའི་ཚོགས་ཐམས་ཅད་སེང་གེ་དང་སྟག་མོ་ཁོ་ནར་གྱུར་ནས་དགྲ་བོ་མི་ནོར་དང་མཉམ་པར་སྤྲུལ་ནས་རེ་རེས་དགྲ་བོ་རེ་རེ་གྱུར་མིད་བྱས་ནས་ཚུར་འོང་ཞིང་། གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་ཁོལ་བཞིན་པའི་ནང་དུ་བཀུག་པས་དགྲ་བོ་རྣམས་ཀྱི་ཤ་རུས་སོགས་མ་དག་པའི་ཆ་ཐམས་ཅད་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཆོས་སྐྱོང་ལ་འབུལ་བར་བྱེད་དོ། །ཞེས་གསུངས་པ་རྣམས་དོན་སོ་སོར་སྦྱར་ཚུལ་དེ་བཞིན་བྱས་ཏེ་གཏོར་འབུལ་བསྲེག་རྫས་འབུལ་བ་ཐམས་ཅད་ཀྱི་སྐབས་སུ་དགྲ་བགེགས་ཐམས་ཅད་གཏོར་མ་བསྲེག་རྫས་དང་མཉམ་དུ་མགོ་རྟིང་ལྡོག་རྐང་མཐིལ་སྐྱ་ལྷག་ལྷག་མ་ལུས་པ་ཞལ་དུ་གསོལ་བར་བསམ། འདི་དམིགས་པ་ཙམ་གྱིས་ཆོག །ཅེས་རྗེ་དགུ་པས་ཆོས་སྐྱོང་ལ་དགོངས་པ་བླངས་པའི་ཚུལ་དུ་བྲིས། དེ་ནས་བདུད་རྩི་བྱིན་བརླབ་བྱ་བ། སླར་ཡང་དེ་ཉིད་ཀྱི་ངང་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་རང་བཞིན་ཅན་དུ་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། འདི་ནས་བཟུང་སྟེ་སྦྱིན་སྲེག་མ་གྲོལ་གྱི་བར་དུ་ངག་སྨྲ་བཅད་ལག་རྡོར་དྲིལ་ཡིད་ཏིང་ངེ་འཛིན་དང་མ་བྲལ་བར་
དགོས་ཤིང་། རྡོར་དྲིལ་བྱིན་རླབས་སྔར་བྱས་ལ་མེད་ན། འདིར་བྱིན་རླབས་དགོས་པས་ཆོ་ག་སོ་སོ་ལས་འབྱུང་བ་ལྟར་རམ། ཡང་རྡོར་དྲིལ་ལ་ནང་མཆོད་གཏོར་ལ། ཨོཾ་ཁཎྜ་རོ་ཧེ་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། རྡོར་དྲིལ་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །སྣང་ལ་རང་བཞིན་མེད་པའི་སྐུ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ། །དབང་གི་ལྷ་ཚོགས་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་དབང་ལྷ་འཁོར་བཅས་ཀྱིས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་བརྟེན་པ་ལ། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །རྡོར་སེམས་ཡབ་ཡུམ་ཞུ་བ་ལས། །རྡོར་དྲིལ་མཚན་ཉིད་ལྡན་པར་གྱུར། །ལག་མཐིལ་གཡས་སུ་ཟླ་བ་དང་། །གཡོན་དུ་ཉི་
མའི་དཀྱིལ་འཁོར་གསལ། །བར་བསམ་སྟེ་པད་ཀོར་བཅས་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ། རྡོ་རྗེ་བླངས་ཏེ་གསོར། ཨོཾ་བཛྲ་གྷནྜེ་ཨཱ། ཞེས་པད་ཀོར་དང་བཅས་ཏེ་དྲིལ་བུ་བླངས་ལ། སླར་ཡང་པད་ཀོར་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་བཞིན་པས་རྡོ་རྗེ་ལན་གསུམ་གསོར། སླར་ཡང་བསྟོད་དེ་སྙིང་གར་བཟུང་ངོ་། །༈ དེ་ནས་དྲིལ་བུ་གནས་བརྒྱད་དུ་བསྐོར་ཏེ་བསིལ། དྲིལ་ལྕེ་དྲིལ་བུའི་ཕྱོགས་མཚམས་བརྒྱད་དུ་རེས་མོས་ཀྱིས་རེག་པར་བསིལ་བཞིན་པས། ཨོཾ་བཛྲ་གྷཎྜེ་ར་ཎི་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི་པྲཛྙཱ་པ་ར་མི་ཏཱ་ན་དཱ་སཾ་བྷ་ཝི་ཏ་བཛྲ་དྷརྨཱ་ཧྲི་ད་ཡ་མི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿ ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་ལ་པད་ཀོར་བྱས་ཏེ་རྡོ་རྗེ་བཟུང་ཞིང་དྲིལ་བུ་སྒྲ་ཆེ་བ་གསུམ་བཀྲོལ་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲས་བསྐུལ་ཞིང་མཆོད་པར་བསམ་སྟེ་གྲགས་སྟོང་དུ་བཞག་གོ །དེ་ནས་སྔོན་འགྲོ་གཏོར་མ་བདུད་རྩིས་བྲན། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་
བྷཱ་ཝས་སྦྱང་། ༈ དེ་ནས་སྔོན་དུ་འགྲོ་བ་ནི། ནང་མཆོད་ལྟར་བྱིན་བརླབས་ནས། ཁ་ཁ་ཁཱ་ཧི་ཞེས་པས་གཏོར་མ་འབུལ། ཕྲིན་ལས་བཅོལ་བ་ནི། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་རྗེད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འབྱུང་པོ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བའི་སྡོང་གྲོགས་གྱིས་ཤིག །གང་དག་ནག་པོའི་ཕྱོགས་སུ་གྱུར་པ་གསང་སྔགས་ཟབ་མོའི་ཆོ་ག་ལ་བལྟ་བ་དང་ཉན་པར་མི་དབང་བའི་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་
གཞན་དུ་དེངས་ཤིག །ཅེས་གཏོར་མ་ཕུལ་ནས་བགེགས་བསྐྲད། མཚམས་བཅད་པ་ནི། སུམྦྷ་ནི་སོགས་དྲག་ཏུ་བརྗོད། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀེཾ་ལས་མི་མགོའི་སོགས་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་གཏོར་མ་བཏང་། སུམྦྷ་ནི་ཞེས་པ་ནས། ཨོཾ་ཙཀྲ་པྲ་ཀ་ར་ཧཱུྃ། དེ་ནས་མེ་སྦར་བ་ནི། ཤན་པའི་ཁྱིམ་ལས་བྱུང་བའམ། རོ་བསྲེག་པའི་སྡོང་དུམ་ལས་བྱུང་བའི་མེ་མེ་སྣོད་དུ་གཞུག་ལ། བསང་ཆུ་གཏོར་ནས། ཨོཾ་ཁཎྜ་རོ་ཧེས་བསང་། དཔལ་འབར་ལ་མེ་སྦར་ཏེ་སླར་ཡང་བསང་ཆུ་གཏོར་ལ། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོར་བཞག །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དེ་རླུང་གཡབ་ཀྱིས་གཡབ་ཅིང་མེ་སྦར་རོ། །ཡང་བུད་ཤིང་ཉུང་བ་ལྟ་བུར་མགྱོགས་པར་དགོས་ཚེ་མེ་ལྷའི་གདན་བཤམས་ནས་སོལ་མེ་ལྷར་བསྐྱེད་ནས་མེ་སྦར་བ་ཡང་ཡོད་དོ། །ཨོཾ་ཁཎྜ་རོ་ཧེ་སོགས། མར་ཁུ་དགང་བླུག་གསུམ་གྱིས་སམ་བདུན་གྱིས་མེ་གསོས། སམ་བྷུ་ཊི་ལས། ཐབ་ཁུང་ཀུན་ཏུ་ཀུ་ཤ་ནི། །རྩེ་མོ་དྲག་པོས་ཡོངས་སུ་བསྐོར། །ཞེས་པ་ལྟར་ཀུ་ཤའི་ཆུན་
པོ་མ་ཉམས་ཤིང་རིང་ཐུང་སྤར་ཟུར་དུ་བྱས་པ་དག་རིམ་པས་བླངས་ཏེ་ལག་གཉིས་ཀྱིས་བཟུང་བ་ཅུང་ཟད་པད་ཀོར་དང་བཅས་ཏེ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་འདི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་ཆུན་པོ་ཆེ་བ་ཟུང་ཞིག་ཐབ་ཀྱི་སྟེང་དུ་རྩེ་ཤར་དུ་བལྟ་བས་བཞག་སྟེ་མེ་ལྷའི་གདན་བསམ། ཆུན་པོ་གཞན་དག་ནི་རང་གི་ཕྱོགས་གཡོན་ནས་བརྩམས་ཏེ་གཡོན་བསྐོར་རོལ་མོ་ཚེ་ཀུ་ཤ་བཀྲམ། མཆན། སྔ་མའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པས་བསྐོར་ཐབ་ཏུ་བགྲམ་མོ། །འདི་ནི་མེ་ལྷའི་གདན་དང་སྦྱིན་སྲེག་གི་བྱ་བ་ལ་སྲུང་འཁོར་དུ་འགྱུར་བས་ཐོག་མར་བྱ་ཞིང་། ཐབ་བསྐྱེད་པའི་གོང་ངམ་འོག་ཏུ་བྱེད་པ་ཡང་ཡོད་དོ། །དེ་ནས་མཆོད་པ་བྱིན་རླབས་ནི། ཨརྒྷཾ་གྱིས་མཆོད་ཡོན། པདྱཾ་གྱིས་ཞབས་བསིལ། ཨཱཉྩ་མ་ནཾ་གྱིས་ཞལ་བསིལ། སརྦ་སཾ་ཤྭ་དྷ་ནི་ཞེས་པའོ། །པྲོཀྵ་ཎཾ་གྱིས་འཐོར་འཐུང་སྟེ་གཞུང་ལྟར་བྱིན་རླབས་བྱེད།
བསྲེག་རྫས་བྱིན་རླབས་ནི། ཨོཾ་ཁཎྜ་རོ་ཧེ་ནས་དམ་ཚིག་བདུད་རྩི་གཅིག་ཏུ་གྱུར། ཞེས་པའི་བར་གྱིས་བྱིན་གྱིས་བརླབས་ལ། དེ་ནས། ངོ་བོ་བདུད་རྩིའི་རང་བཞིན་ལ། །རྣམ་པ་བསྲེག་རྫས་སོ་སོར་གྱུར། ཞེས་སྦྱར་ཏེ། ཨོཾ་ཨཱཿཧཱུྃ། ཨོཾ་ཋཿཋཿཋཿཋཿཋཿཋཿཋཿཋ༔ དགང་བླུགས་ལག་གཡོན་གོ་ལྡོག་སྟེ་མར་ཁུ་ལ་རེག་བཞིན། ཨོཾ་ཤྲཱིཾ་སྭཱ་ཧཱ། ཡམ་ཤིང་ལ་རེག་ཅིང་། ཨོཾ་ཨཱཿསྭཱ་ཧཱ། འབྲུ་ཐམས་ཅད་ལ་རེག་སྟེ། ཨོཾ་ཛྲཱིཾ་སྭཱ་ཧཱ། རྫས་སྦྱངས་པའོ། །ཡང་སྲེག་རྫས་ཐམས་ཅད་ལ་རིམ་བཞིན་རེག་སྟེ། ཨོཾ་སྭ་སྭཱ་ཧཱ། རྫས་བཀྲུ་བའོ། ཡང་རྫས་ཐམས་ཅད་ལ་རིམ་པས་རེག་སྟེ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་པའོ། དེ་ནས་ཐབ་བསྐྱེད་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། ཐབ་ཁུང་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །དྲག་པོའི་ཐབ་ཁུང་ཟུར་གསུམ་ནག །སོར་མོ་ཉི་ཤུའི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔང་ལྡན་སོར་གསུམ་གྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རྡོ་རྗེ་
ནག་པོའི་ཕྲེང་བ་དང་། །གྲ་བཞིར་རྡོ་རྗེ་ནག་པོས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །དྲག་པོའི་རྡོ་རྗེས་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རཾ་ཡིག་ལས། །དྲག་པོའི་མེ་ལྷ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་ཉམས་དང་ལྡན། །གསུས་འཕྱང་ཚངས་སྐུད་ནག་པོས་བརྒྱན། །ར་སྐྱེས་ལ་གནས་འཁོར་བཅས་ཀྱི། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་ནས། །མེ་ལྷ་འཁོར་བཅས་སྤྱན་དྲངས་ཏེ། །ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷའི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་མཉེས་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་
གྱི་ཕྱིར། འདི་ཉིད་དུ་ནི་གཤེགས་སུ་གསོལ། །རོལ་མོ། ཨོཾ་ཊཱ་ཀི་ཧཱུྃ་ཛཿ ཞེས་ལག་པ་གཡས་པས་གཡོན་པའི་མཁྲིག་མ་ནས་བཟུང་སྟེ་ཀུ་ཤ་དང་བཅས་པས་མི་འཇིགས་པའི་ཕྱག་རྒྱ་བཅས་ལ། མཐེ་བོང་གིས་སྲིན་ལག་གི་རྩ་བར་གཡབ་ཅིང་སྤྱན་དྲངས་ཏེ། ཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཕང་སྟེ། ཐབ་ཀྱི་ཤར་ལྷོའི་ཀུ་ཤ་ཡི། །གདན་ལ་མེ་ལྷ་ཡེ་ཤེས་པ། །འཁོར་དང་བཅས་པ་བཞུགས་པར་གྱུར། །ༀ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ཡ་ལ་སརྦ་བྷསྨིན་ཀུ་རུ་སརྦ་དུཥྚན་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོ་ཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། །ཞེས་བརྗོད་བཟེད་ཞལ་སོ་སོར་ཆུ་བཞི་སྦྲེང་སྟེ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ཨཱཉྩ་མ་ནཾ་ཞེས་ཆུ་བཞི་ཕུལ། དེ་ནས་ལག་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོང་གིས། མཐེའུ་ཆུང་མནན་
པ་རྩེ་གསུམ་གྱི་ཕྱག་རྒྱ་བཅས་ལ། དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟེན་པ་ལས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཅེས་སྦྱར། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ་སོགས་ནས་ཤབྡའི་བར་གྱིས་གདན་མཆོད་འབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་
བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་མཉེས་ཀྱང་ཐུགས་རྗེ་ཆེ། །ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རོལ་མོ། ཞེས་བསྟོད། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷ་ཅུང་ཟད་ཞལ་གདངས་པའི། །ལྗགས་ལ་རྃ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ན་མཿས་མནྟ་བུདྡྷ་ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱཱ་བཱ་ཧ་ན་ཡ་ཨ་དི་བྱ། ཞེས་ལག་གཉིས་རྡོར་དྲིལ་དགང་བླུགས་འཛིན་པས་བྱང་ཆུབ་མཆོག་གི་ཕྱག་རྒྱས་མར་ཁུ་དགང་བླུགས་གསུམ་མམ་བདུན་བྱོན་ཟན་དུ་འབུལ་ཏེ། སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །དགྲ་བགེགས་གནོད་བྱེད་མ་
ལུས་པ། །སརྦ་མཱ་ར་ཡ་ཕཊ། རོལ་མོ། ཅེས་འདོད་དོན་གསོལ་ཞིང་སྔགས་ཚིག་རྣམས་བརྗོད་བཞིན་པས་ལག་གཉིས་རྡོར་དྲིལ་བཅས་པའི་རྡོ་རྗེའི་ཁུ་ཚུར་ལས་མཛུབ་མོ་གཉིས་བརྐྱང་བས་དགང་བླུགས་བཟུང་། གཡས་པས་བླུགས་གཟར་གྱིས་མར་ཁུ་གསུམ་མམ་བདུན་སོགས་དགང་གཟར་དུ་བླུགས་ཏེ་དགང་བ་དང་། ལག་གཉིས་སྔགས་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་དེ་ཁ་སྦྱར། བླུགས་གཟར་མར་ཁུས་གང་བ་དགང་གཟར་གྱི་སྟེང་དུ་འཇིག་རྟེན་པའམ་སྦྱར་ལ་གོ་ལྡོག་པས་གྲུ་མོ་གཉིས་པུས་མོའི་ནང་དུ་མ་ཤོར་བར་གཡོན་དུ་བསྐོར་ཞིང་མར་ཁུ་དགང་བླུགས་གསུམ་མམ་བདུན་གྱིས་བྱོན་ཟན་དབུལ། དེ་ནས་སྲེག་རྫས་འབུལ་ཏེ་ཡམ་ཤིང་རྣམས་རྩེ་མོ་གྱེན་དུ་བསྟན་ལ་གཡོན་པའི་མཐེབ་སྲིན་རྣམས་གུང་མཐེབ་ཀྱིས་དབུལ་ཞིང་། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། སྔགས་རེ་དང་ཡམ་ཤིང་རེ་བསྟུན་ཏེ་དབུལ་ཞིང་སྔགས་བཟླས། གྲོགས་ཡོད་ན་དུ་ཡོད་ཀྱི་གྲངས་དང་མཉམ་པའི་ཡམ་ཤིང་སྔགས་རེ་ལ་དབུལ། གྲངས་འཛིན་པ་པོས་ཀྱང་དེ་ཉིད་གྲངས་འཛིན་པ་སྟེ། དེང་སང་སྦྱིན་སྲེག་ལ་གྲངས་ཀུན་བྱེད་པའམ་འདི་ནས་འཆུག་པ་ཡིན་པས་གྲངས་ཀུན་མི་བྱེད་ཅིང་ཚར་གསུམ་རེའམ་བདུན་རེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ་ཞེས་པའི་རྗེས་སུ་དྲག་པོའི་འདོད་གསོལ་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །
དམ་ཆོས་བསྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ། བདག་ཅག་དཔོན་སློབ༴ འབྱོར་པ་ཕུན་སུམ་ཚོགས༴ དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཏིལ་ཏེ། བདག་ཅག༴ སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག༴ གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཟས་མཆོག་སྟེ། བདག་ཅག༴ བདེ་བ་ཕུན་སུམ་ཚོགས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་
ཅག༴ ཤེས་རབ་ཕུན་སུམ་ཚོགས༴ དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། འབྲས་ཏེ། བདག་ཅག༴ ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་བཱི་ཛ་ཡ་སྭཱ་ཧཱ། སོ་བ་སྟེ། བདག་ཅག༴ ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་བེ་ག་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག༴ ལས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག༴ ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་དགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའོ། བདག་ཅག༴ ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་ཆོས༴ དགྲ་
བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། དུར་བ་སྟེ། བདག་ཅག༴ ཚེ་སྲོག་རིང་དུ་གནས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤ་སྟེ། བདག་ཅག༴ མི་མཐུན་ཕྱོགས་རྣམས་བསྲུང་བ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ རོལ་མོ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ཥི་བ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག༴ རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་བསྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། རོལ་མོ། ཅེས་སྦྱར་ཏེ། བདེ་མཆོག་སྡོམ་འབྱུང་ལས་ནི། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར་ལའོ། །ཞུ་བའི་རྫས་རྣམས་ཞལ་དུའོ། །ཀུ་ཤ་ནི་གདན་དུའོ། །དུརྦ་ནི་དབུ་ལའོ། །ཞེས་འབྱུང་བ་ལྟར་བྱེད་པའང་ཡོད་དོ། །མེ་གསོ་བའི་ཕྱིར་བར་བར་དུ་མར་ཁུ་དགང་བླུགས་ཀྱིས་ཕུལ་ལོ། །དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་
འདོད་ན་དུར་བ། བགེགས་ཞི་བར་འདོད་ན་ཡུངས་ཀར་སོགས་མང་བར་དབུལ། གྲངས་ཀྱང་གཙོ་འཁོར་དེ་དག་ལ་སོགས་པ་ལྟར་སོ་སོ་སྐབས་ཐོབ་དང་བསྟུན། མར་ཁུ་དང་ཡམ་ཤིང་ནི་ཀུན་ལ་མེད་ཀ་མེད་དོ། །དེ་ནས་མེ་ལྷ་ཐམས་ཅད་མགོ་ཚིག་འདྲ་བར་མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་དྲག་པོའི་ཕྲིན་ལས་མཛོད། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར༴ ལྷ་རྫས་དམ་པའི་བདུག་སྤོས་འདི། །དྲང་སྲོང་མེ་ལྷའི༴ བཞེས་ནས་དྲག་པོའི༴ དྷཱུ་པེ༴ གཙང་ཞིང་གཙང༴ ལྷ་རྫས་དམ་པའི་སྣང་གསལ་འདི། །དྲང་སྲོང་མེ་ལྷའི༴ བཞེས་ནས༴ ཨཱ་ལོ་ཀེ༴ གཙང་ཞིང༴ ལྷ་རྫས་དམ་པའི་དྲི་ཆབ་འདི། །དྲང་སྲོང་མེ་ལྷ༴ བཞེས་ནས༴ གནྡྷེ༴ གཙང་ཞིང༴ ལྷ་རྫས་དམ་པའི་ཞལ་ཟས་འདི། །དྲང་སྲོང་མེ་ལྷ༴ བཞེས་ནས༴ ནཻ་ཝི་དྱ༴ གཙང་ཞིང༴ ལྷ་
རྫས་དམ་པའི་རོལ་མོ་འདི། །དྲང་སྲོང༴ བཞེས་ནས༴ ཤབྡ༴ རོལ་མོ། གཙང་ཞིང༴ ལྷ་རྫས་འཆི་མེད་བདུད་རྩི་འདི། །དྲང་སྲོང༴ བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང༴ ཟུང་འཇུག་བདེ་ཆེན་མཆོད་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་དྲག་པོའི་ཕྲིན་ལས་མཛོད། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་མ་ཏངྒི་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སྔོན་གྱི་དམ་བཅས་མནའ་འདོར་བས། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་གསུམ་ཕུལ་ནས། ཨོཾ་
ཁཎྜ་རོ་ཧེ་ཞེས་སྔགས་དང་བསང་ཆུས་མེ་དང་ཡོ་བྱད་རྣམས་བསངས་ལ། མེ་ལྷ་འཁོར་དང་བཅས་པ་རྣམས། །འོད་ཞུ་འབར་བས་རྣམ་པར་གྱུར། །པར་བསམ་མོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཆོ་ག་ནི། མེ་ལྷའི་ལྟོ་བའམ་ཐུགས་ཀ་ནས་མེ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བསྐྱེད་པ་སྟེ་ཆོ་ག་སོ་སོའི་མདུན་བསྐྱེད་དབང་བསྐུར་རྒྱས་གདབ་ཀྱི་བར་ཡན་ལག་བཞི་རྫོགས་པ་ལས་མགོན་པོ་ལྟ་བུ་ལ་མཚོན་ན། གདོང་ལྔ་དང་བཟློག་པའི་མདུན་བསྐྱེད་ལྟར་ལྷ་སྲིན་སྡེ་བརྒྱད་ལ་ལས་མགོན་རེ་རེས་དབུ་བརྒྱན་པར་གྱུར་བར། མཆན་བུའོ། །མདུན་དུ་དུར་ཁྲོད་ཀྱི་ས་གཞིར་ཞེས་པ་ནས་གཙོ་བོ་ལ་འཁོར་ལོ་བདེ་མཆོག་དང་འཁོར་རྣམས་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། སྐད་ཅིག་ཉིད་ལ་མགོན་པོ་འཁོར་བཅས་ཚོགས། །སྙིང་རྗེའི་དབང་གིས་དྲག་པོའི་སྐུར་བཞེངས་ཏེ། །མ་རུངས་བསྒྲལ་ནས་ཡང་དག་ལམ་ལ་བཀོད། །དྲག་པོའི་ཕྲིན་ལས་བསྒྲུབ་ལ་མངའ་བརྙེས་གྱུར། །དེ་ནས་བྱོན་ཟན་འབུལ་བ་ནི། དགང་
བླུགས་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་མགོན་པོའི་ལྗགས་ལ་ཡང་། །ཧཱུྃ་ཡིག་དག་གིས་མཚན་པ་ཡི། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ཅེས་པའི་རྗེས་སུ་གཙོ་བོའི་སྙིང་པོའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧུྃ་ཧཱུྃ་ཕཊ་སོགས་སྦྱིན་སྲེག་གི་སྙིང་པོ་དང་མགོན་པོའི་སྙིང་པོ་ཉེ་སྙིང་གང་མོས་ཀྱིས་དབུལ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་པ་ཡི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། རོལ་མོ། དེ་ནས་མགོན་པོའི་མཆོད་པ་ནི། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཁྲག་ཞག་ཨརྒྷཾ་སྣ་ཚོགས་འདི། །དཔལ་ལྡན་མགོན་པོའི་ཞལ་དུ་འབུལ། །སྔགས་ཀྱི་མཆོད་པར་བཞེས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། བསྟན་དགྲ༴ ཁྲག་ཞག་ཞབས་བསིལ་སྣ་ཚོགས་འདི། །དཔལ་ལྡན་མགོན་པོའི་སྐུ་ལ་འབུལ། །
སྔགས་ཀྱི་མཆོད་པར༴ པཱདྱཾ༴ ཧཱུྃ། བསྟན་དགྲ༴ དབང་པོ་རྣམ་ལྔའི་མེ་ཏོག་འདི། །དཔལ་ལྡན་མགོན་པོའི་དབུ༴ སྔགས་ཀྱི་མཆོད་པར༴ པུཥྤེ༴ ཧཱུྃ། བསྟན་དགྲ༴ ཤ་ཆེན་གུ་གུལ་བསྲེག་པའི་སྤོས། །དཔལ་ལྡན་མགོན་པོའི་ཤངས་ལ༴ སྔགས་ཀྱི་མཆོད་པར༴ དྷཱུ་པེ༴ ཧཱུྃ། བསྟན་དགྲ༴ ཚིལ་ཆེན་ཞུན་གྱི་མར་མེ་འདི། །དཔལ་ལྡན་མགོན་པོའི་སྤྱན་ལ༴ སྔགས་ཀྱི༴ ཨཱ་ལོ་ཀེ༴ ཧཱུྃ། བསྟན་དགྲ༴ ཀླད་ཆེན་འབར་བའི་དྲི་མཆོག་འདི། །དཔལ་ལྡན་མགོན་པོའི་ཐུགས༴ སྔགས་ཀྱི༴ གནྡྷེ༴ ཧཱུྃ། བསྟན་དགྲ༴ ཤ་ཆེན་དོན་སྙིང་རྣམ་ལྔའི་བཤོས། །དཔལ་ལྡན་མགོན་པོའི་ལྗགས་ལ༴ སྔགས་ཀྱི༴ ནཻ་ཝི་དྱ༴ ཧཱུྃ། བསྟན་དགྲ༴ ཐོད་རྔ་མི་རྐང་གླིང་བུའི་སྒྲ། །དཔལ་ལྡན་མགོན་པོའི་སྙན་ལ་འབུལ། །སྔགས་ཀྱི་མཆོད་པར་བཞེས་སུ་གསོལ། །ཤབྡ་པྲ་ཏཱིཙྪ༴ རོལ་མོ། བསྟོད་པ། བདེ་གཤེགས་ཐུགས་སྤྲུལ་མའམ་གང་འོས་བྱས་
ནས་བསྲེག་རྫས་འབུལ་བ་ནི། གཙོ་འཁོར་སོ་སོར་འབུལ་ན་རང་སྔགས་ཀྱིས་དབུལ། དེ་ལྟར་མི་བྱེད་ན་གཙོ་བོའི་སྙིང་པོའི་མཐར། གདོང་ལྔ་དུས། ལས་ཀྱི་མགོན་པོ་བྱ་རོག་གདོང་སོགས་བསྟོད། ས་པཱ་རི་ཝཱ་ར་སྦྱར་ཆོག་གསུངས་པས། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ས་པཱ་རི་ཝཱ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སྔགས་རེ་བསྟུན་འབུལ་ལུགས་གོང་བཞིན་དེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ༴ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་སྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། རོལ་མོ། འགྲེའོ། མར་ཁུ། ཏིལ། ཡུངས་ཀར། ཟས་མཆོག །ཞོ། འབྲས། སོ་བ། ནས། སྲན་མ། གྲོ། དུར་བ། ཀུ་ཤ །ཤིང་ཐོག་གཅས་འབུལ། གཏོར་བཟློག་དང་གདོང་ལྔ་ལ་རང་རང་གི་སྙིང་པོའི་མཐར་སྨན་རཀ་སྔགས་ཀྱིས་སོ་སོར་ཕུལ། ནག་པོ་ཁྱོད་མཐུན་མ་སོགས་ནས་ཐུགས་དམ་བསྐང་གྱུར་ཅིག །བར་བྱ། མཆན་བུ། ཞེས་གཙོ་བོ་ལ་བརྒྱ་རྩ་བརྒྱད་སོགས་བྱའོ། །འཁོར་ལ་གང་མོས་འབུལ། སྙིང་པོའི་མཐར། ༀ་
བོ་དྷི་བྲྀཀྵཱ་སོགས་མདོར་ན་བསྲེག་རྫས་ཀྱི་སྔགས་བདུན་རེ་ཙམ། མགོར་སྙིང་པོ་ཚར་རེ་དང་མཇུག་ཏུ་སྤེལ་ཚིག་ཚར་རེ་བྱ་བ་སྟེ་འདས་མ་འདས་གཉིས་ཀ་ལའོ། །འཇིག་རྟེན་ལས་འདས་པ་ལ་ཤིང་ཐོག །དེའི་མཇུག་ཏུ་ན་བཟའ་མེ་ཏོག་ཙན་དན་དཀར་དམར་ཨ་ག་རུ་སྤོས་སོགས་རང་རང་གི་གཞུང་ལ་ཡོད་ན་དེ་ག་ལྟར་ཚིགས་བཅད་ཀྱིས་དབུལ། མེད་ན་སོ་སོའི་སྙིང་པོའི་མཐར་ཨོཾ་ཨཱཿཧཱུྃ་གིས་འབུལ། ལས་མཐུན་གྱི་གོས་ཟུང་ཡང་འདིར་འབུལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །སོགས་ནས་ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ། ཞེས་པས་འབུལ། ༈ བསད་པ་ལས་བཞི་བྱ་བར་འདོད་ན། དང་པོ་ལྕགས་ཁང་བསྐྱེད་པ་ནི། འགུགས་གཞུག །གཟུ་དཔང་། འཕགས་པ་དཀོན་མཆོག་གསུམ་སོགས། ཧཱུྃ་བྷྱོ། ཕྱོགས་བཅུ་ནམ་མཁའ་སོགས། ཧཱུྃ་བྷྱོ། དཔལ་ཆེན་ཁྲག་འཐུང་སོགས། ལྷ་དབྱེ། བདག་མདུན་དབྱེར་མེད་ནས་སྤྲོད་ཅིག་བར། ཐུན་རྫས་ཐོགས། ཕུར་གདབ། མཚོན་ཆ། ཧཱུྃ། ང་ནི་དུས་གསུམ་སོགས། དགྲ་བགེགས་ཀྱི་ཤ་ཁྲག་བྱིན་རླབས། ཁཎྜ་རོ་ཧེ་ནས་ཞལ་དུ་བསྟབ་བོ། །བཞེས་ཤིག །རོལ་ཅིག་ཁ་རཾ་
ཁཱ་ཧི་བར་བྱའོ། མཆན་བུ། ༈ དེ་ནས་ཞལ་བསྟབ་བྱ་བ་ནི། ཧཱུྃ། ཆོས་སྐྱོང་མགོན་པོ་ལྕམ་དྲལ་འཁོར་བཅས་རྣམས། །ཐབ་དབུས་བཞུགས་པའི་བཅོམ་ལྡན་དཀྱིལ་འཁོར་པའི། །འཁོར་བཅས་དགྲ་བགེགས་ཤ་ཁྲག་གཏོར་མ་ལ། །རོལ་ཅིག་སྐད་ཅིག་གིས་ནི་བཞུགས་པར་གྱུར། །དེ་ནས་བསྲེག་ཤིང་འབུལ་བ་ནི། ཧཱུྃ། ཕྱོགས་བཞི་དབུས་བཅས་བསྲེག་ཁང་འབར་བ་ན། །མ་ཏྲཾ་རུ་དྲ་བརྫིས་པའི་གདན་སྟེང་དུ། །མ་མོ་མཁའ་འགྲོ་ཤ་ཟ་བྱེ་བའི་དབུས། །དཔལ་ཆེན་ནག་པོ་འཁོར་བཅས་ཞལ་ཕྱེས་ཤིག །དྲག་པོ་མེ་ལྷ་འཁོར་བཅས་ཞལ་ཕྱེས་ཤིག །མཁའ་འགྲོ་ཀུན་གྱི་དབང་ཕྱུག་ཞལ༴ དམ་ཅན་ཆོས་སྐྱོང་སྲུང་མ་ཞལ༴ རྣལ་འབྱོར་ཀུན་གྱི་དགྲ་བླ་ཞལ༴ དམ་ཉམས་ཀུན་གྱི་སྲོག་གཅོད་ཞལ་ཕྱེས་ཤིག །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདི། །ཤ་ཁྲག་རུས་གསུམ་སྲོག་དབུགས་དྲོད་དང་
བཅས། །ཉེ་དུ་ཉེ་འབྲེལ་སྲུང་སྐྱོབ་ལྷ་དང་བཅས། །གཡོག་འཁོར་འབངས་དང་རིགས་རྒྱུད་ཉེ་འཁོར་བཅས། །སྲུང་འཛིན་རིག་སྔགས་ཡོ་བྱད་རྫས་དང་བཅས། །ས་གཞི་ནོར་རྫས་སྐྱེད་ཚལ་གྲོགས་བཤེས་བཅས། །བྱད་མ་རྦོད་གཏོང་འདུན་གྲོགས་སྲིད་དང་བཅས། །བསོད་ནམས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས། །ཁྱོད་ཀྱི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ཁྱོད་ཀྱི་མགུལ་དུ་སྒྲིམས་ཤིག་ཨ་རལླི། །ཁྱོད་ཀྱི་ཕྱག་ཏུ་གཏད་དོ་མ་ཤོར་ཅིག །ཁྱེད་ཀྱི་ཞབས་སུ་མནན་ནོ་སྟྭམ་བྷ་ཡ། །ཁྱེད་ཀྱི་ཞལ་དུ་བསྲེག་གོ་ཛྭ་ལ་རྃ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །འདིར་གཤེགས་དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །འདིར་གཤེགས་དགྲ་བགེགས་ཤ་ཁྲག་རུས་གསུམ་བཞེས། །འདིར་གཤེགས་དགྲ་བོ་མི་ནོར་འཁོར་བཅས་བཞེས། །བསྟན་ལ་སྡང་བའི་དགྲ་བོ་སྡིག་
ཅན་འདི། །ལོ་ཟླ་ཞག་དང་ཟ་མར་མ་འགྱང་བར། །མྱུར་དུ་བསྒྲལ་ཞིང་བསྲེག་ལ་རྗེས་མེད་དུ། །ཐལ་བ་རྡུལ་བཞིན་བརླག་པའི་ལས་མཛོད་ཅིག །རོལ་མོ། འགུགས་གཞུག་ཆུང་བ། མཆན། ཨོཾ་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲུཾ་རཱུ་པ་ད་ཧ་ད་ཧ་པ་ཙ་དི་ན་མེ་ཀེ་ན་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཤཱ་ས་ན་ཁཱ་ཧི་བདུན་མས་འབུལ། སྤྲོ་ན་གཏོར་མ་ལིང་རོ་དང་སྦྲགས་ཏེ་རྦད་སྔགས་དང་བཅས་ཏེ་ཁྲག་ཆུ་ཆང་སོགས་ཀྱིས་བྲན་རེ་རེ་འབུལ་ལ་བར་བར་དུ། བསྟན་པ་ལ་སྡང་བ་ཞེ་ལ་བརྣག་པའི་བསྟན་དགྲ་སྡིག་པོ་ཆེ་འདི་རྣམས་ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་འགྱང་བར་མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད་ཅིག །རོལ་མོ། ཐུན་གཏོར་བྲན། འགུགས་གཞུག་སོགས་བྱས་ནའང་རུང་། མ་བྱུང་ན་བསྔོས་ནས་བསྐུལ་པ་གང་འོས་བྱས་ལ་ཐུན་གཏོར་མེར་འབུལ་བ་སོགས་བྱ། དེ་ནས་མཆོད་པ་ནི། ཐུན་གཏོར་གཏོར་བཟློག་ལ། འགུགས་གཞུག་བྱིན་རླབས་ཁཱ་ཧི་བྱ། གདོང་ལྔ་དུས། དམར་གཏོར་བདུན་ལ་བྱིན་རླབས་ཁཱ་ཧི་བྱ། རྒྱལ་བའི་བསྟན་སྲུང་
མ། ཁྱུང་བསྟོད། གདོང་བསྐུལ་ལྔ་བྱ། མཆན། ཧཱུྃ། དྲི་ངད་དུག་གི་མེ་ཏོག་སྔོན་པོ་འདི། །སོགས་ནས་བསྒྲལ་དུ་གསོལ། །བར་གྱིས་མཆོད་ལ་བསྟོད་པ་གང་འོས་བྱ། གང་གི་གདོང་ལྔར་བསིལ་ཚལ་མས་བསྟོད། མཆན། བདེ་གཤེགས་སོགས་ནས་བསིལ་བའི་ཚལ་བཞུགས་མགོན་ལ་ཕྱག་འཚལ་བསྟོད། །ཅེས་པའི་བར་གྱིས་བསྟོད། ཚོགས་བྱ། ཚོགས་ཕུད་ཐབ་ཏུ་འབུལ། དེ་ནས་གཏང་རག་གི་གཏོར་མ་འབུལ་བ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ནང་མཆོད་བྱིན་བརླབ་བྱ། ཡྃ་ལས་རླུང་སོགས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་གྱི་བར། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སྤྲོ་ན། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །སོགས་ནས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །རོལ་མོ། ཅེས་དབུལ། འདོད་དོན་འབུལ་བ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཛྭ་ལ་སཾ་བྷ་རཾ་སྭཱ་ཧཱ། མར་ཁུ་དགང་བླུགས་གསུམ་ཕུལ་ལ་ཐལ་མོ་སྦྱར་བ་དང་འདོད་གསོལ་ནི། ལྷག་པའི་
ལྷ་མཆོག་བཅོམ་ལྡན་འདས། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་པ་རྣམས། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་དང་། །དགྲ་བགེགས་གནོད་བྱེད་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་ལྟར། །དྲག་པོས་ཚར་གཅོད་མཛད་དུ་གསོལ། །ལྷག་མ་ཕུལ། ཅེས་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །སོགས་ནས། ཡི་གེ་བརྒྱ་པའི་གོང་དུ་ཞབས་བསིལ་འཐོར་འཐུང་ཕུལ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རྡུལ་ཚོན་གནས་ནས་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སོ་སོའི་སྙིང་པོ་བརྗོད་བཞིན་མེ་ཏོག་ཐབ་དབུས་ནས་བླངས་སློབ་མ་ལ་གཏད། དཀྱིལ་འཁོར་ལ་མི་གནོད་པར་གཏོར། གཙོ་འཁོར་གྱི་
སྔགས་དང་བཅས་པས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ལྷ་ཚོགས་རྣམས་ནི་ཐིམ་པར་གྱུར། །པར་བསམ། ༈ གསུམ་པ་རྗེས་ཀྱི་ཆོ་ག་ནི། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་མར་ཁུ་དགང་བླུགས་གསུམ་མམ་བདུན་ཕུལ་ནས། སླར་ཡང་མེ་ལྷ་འཁོར་བཅས་རྣམས། །འབར་བའི་རྣམ་པ་ལས་བཞེངས་ཏེ། །དྲང་སྲོང་དག་གི་ཆ་བྱད་ཅན། །གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། །པར་བསམས་ལ་བསྲེག་རྫས་ལྷག་མ་གང་ཡོད་གྲངས་ཚད་མི་འཛིན་པར་གོང་བཞིན་འཇིག་རྟེན་པའི་སྐབས་སོར་བཞག་ལྟར་འབུལ་ཞིང་འདོན་དགོས་པས། ཨོཾ་ཨགྣ་ཡེ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཡམ་ཤིང་ནས་ཤིང་ཐོག་བར་སོ་སོར་ཕུལ། ཁྲུས་སྤྲོ་ན། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་ནས་བཛྲ་ཝསྟྲ་ཨཱཿཧཱུྃ་གི་བར་འཇིག་རྟེན་ལས་འདས་པའི་སྐབས་ལྟར་དང་། མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རོལ་མོ། ཞེས་པའི་བར་གྱིས་མཆོད། འཇིག་རྟེན་དབང་
ཕྱུག་ཚངས་དབང་མགོན་གྱི་སྲས། །ནས་འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །རོལ་མོ། ཅེས་པས་བསྟོད། མེ་ལྷའི་གཏོར་མ། ཨ་ཀཱ་རོས་བྱིན་བརླབས་ཏེ་དགང་བླུགས་གསུམ་བཟུང་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་བཞིན་པས་ཐབ་ཁུང་དུ་ཕུལ་ཏེ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི་ཐལ་མོ་སྦྱར་ཏེ། དྲག་པོ་ལ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་པ་རྣམས། །འགྲོ་
བའི་སྡུག་བསྔལ་རྒྱུ་དང་བཅས། །དགྲ་བགེགས་གནོད་བྱེད་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་བཞིན། །དྲག་པོས་ཚར་གཅོད་མཛད་དུ་གསོལ། །ཅེས་སོ། །དེ་ནས་ཡིག་བརྒྱ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། གཤེགས་གསོལ་ནི། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེངས་ཏེ། གཤེགས་གསོལ་གྱི་དྲིལ་སྟབས་དང་བཅས་པས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །དེ་ནས་བསྔོ་བ་སྨོན་ལམ་བྱས་ལ་ངག་གྲོལ། ལྷའི་ང་རྒྱལ་གྱིས་ཐུན་མཚམས་ལ་འཇུག །ལོང་ཡོད་ན་མེ་མི་བསྒུལ་བར་བཞག །ལོང་མེད་ན་ལས་མཐུན་གྱི་ཆུས་མེ་མཐའ་
ནས་ཞི་བར་བྱས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བསྡུས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོར་དོར་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་བཀྲ་ཤིས་བརྗོད། དགེའོ།། །།བསྐང་ཐུང་རྒྱས་བསྡུས་གང་ལྕོགས་དང་གསོལ་ཀ །གཏོར་འབུལ་སྐབས་དང་སྦྱར། རྗེས་ཆོག་སྲུང་འཁོར་བསྔོ་སྨོན་བྱ།
དྲག་པོའི་སྦྱིན་སྲེག་གི་ཟིན་བྲིས་སྲས་ཆེན་པའི་ཞལ་ཁྲིད་རྒྱུན་མ་ཆད་པའི་མཆན་བཤུས་པ།
དྲག་པོའི་སྦྱིན་སྲེག་གི་ཟིན་བྲིས་སྲས་ཆེན་པའི་ཞལ་ཁྲིད་རྒྱུན་མ་ཆད་པའི་མཆན་བཤུས་པ་བཞུགས། ༈ བླ་མ་ཡི་དམ་རྣམས་ལ་ཕྱག་འཚལ་ལོ། །བདེ་མཆོག་མཆོད་ཕྲེང་གོང་དུ་སོང་བའི་རྗེས། དྲག་པོའི་ཐབས་སྟེགས་ཐིག་ཆོག་བྱས་ནས་ནི། བསྲེག་རྫས་རྫས་རྣམས་ཚང་བར་བྱ། དྲག་པོའི་མེ་ཐབ་གྲུ་གསུམ་བུད་ཤིང་དང་། སླར་རང་ལས་ཀྱི་ཧེ་རུ་ཀའམ་ལས་ཀྱི་མགོན་པོར་གསལ་བྱས་ལ། དེ་ནས་བདུད་རྩི་བྱིན་བརླབ་བྱ། སླར་དེ་ཉིད་ངང་ནས་ཧེ་རུ་ཀ་དཔལ། འདི་ནས་སྦྱིན་སྲེག་མ་གྲོལ་བར་ངག་སྨྲ་བཅད། རྡོར་དྲིལ་ནང་མཆོད་ཀྱིས་བྲན་ལ། རྡོར་དྲིལ་བྱིན་བརླབ་བྱ། དྲིལ་བུ་གནས་སུ་རེག་ལ་ཕྱོགས་མཚམས་ཀུན་ཏུ་བཀྲོལ། དེ་ནས་སྔོན་འགྲོ་བྲན་ལ། ཨོཾ་ཁཎྜ་རོ་
ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྷ་ལྔའི་ཆོ་གའི་གཞུང་ལྟར་བརྗོད། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །མཚམས་བཅད་སྲུང་འཁོར་བསྒོམ། འདི་ཡི་མཚམས་ནས་མེ་སྦར་བ་ཡང་ཡོད། ལས་བུམ་འདིར་བྱ། ལས་བུམ་གྱིས་བསང་ཆུ་འཐོར་ལ། ཨོཾ་ཁཎྜ་རོ་ཧེ་སོགས། ཞེས་བརྗོད་རླུང་གཡབ་ཀུ་ཤས་གཡབ་ཅིང་མེ་སྦར་ཏེ། ཡང་བུད་ཤིང་ཉུང་བ་ལྟ་བུ་མགྱོགས་པར་དགོས་ཚེ་མེ་ལྷ་གདན་བཤམས་ནས་མེ་བསྐྱེད་ནས་མེ་སྦར་བ་ཡང་ཡོད། མེ་སྦར་ཏེ། ཨོཾ་བཛྲ་ཛྭ་ལ་ཧཱུྃ། ཀུ་ཤའི་གདན་འབུལ། མཆོད་པ་བྱིན་རླབས་ནི། ཨོཾ་ཁཎྜ་རོ་ཧེ་སོགས། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་སྔོན་འགྲོ་ལྟར་བྱིན་བརླབས། མཇུག་ཏུ་ཁ་བསྒྱུར་ཚིག་གཉིས་སྦྱར། རྫས་ཐམས་ཅད་ལ་རེག །ཐབ་ཀྱི་ཤར་ནས་མེ་ལྷ་བསྐྱེད་ལ་སྤྱན་འདྲེན། ཆུ་བཞི་སྦྲེང་། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། མཆོད་པ་དམ་ཡེ་བསྲེ་བའོ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱིས་སྲས་སོགས་ཀྱིས་བསྟོད། ན་མཿས་མནྟ་སོགས། བྱོན་ཟན་འབུལ། བསྲེག་རྫས་དང་ཡམ་ཤིང་སྔགས་རེ་དང་སྦྱར་ནས་འབུལ།
གྲངས་འཛིན་ལ་ཚར་གསུམ་རེའམ་བདུན་རེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡེ་སྭཱ་ཧཱ། རྗེས་སུ་འདོད་གསོལ་ནི། བདག་ཅག་དཔོན་སློབ་སོགས། མེ་ལྷ་སྲེག་རྫས་ཐམས་ཅད་གྲངས་འཛིན་ལ་ཚང་བར་ཕུལ། མེ་ལྷའི་མཚོན་དོན་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །སོགས་ཚང་བར་བརྗོད། འོད་ཞུ་འབར་བའི་རྣམ་པར་གྱུར། །མེ་ལྷ་འབར་བའི་རྣམ་པར་གྱུར་པའི་ལྟོ་བར་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བསྐྱེད། གཏོར་བཟློག་དང་འབྲེལ་ན། ཨོཾ་ཁཎྜ་རོ་ཧེ་སོགས། མདུན་དུ་དུར་ཁྲོད་ཀྱི་ས་གཞིའི་དབུས་ནས་སོགས། གཙོ་བོ་ལ་འཁོར་ལོ་བདེ་མཆོག་འཁོར་རྣམས་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་སོགས། གདོང་ལྔ་དང་འབྲེལ་ན། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་སོགས། ལྷ་སྲིན་སྡེ་བརྒྱད་ལ་ལས་མགོན་རེ་རེས་དབུ་བརྒྱན་པ་སོགས་བཟློག་པ་དུས་ལྟར་བསྐྱེད། དེ་ནས་སྐད་ཅིག་ཉིད་ལ་མགོན་པོ་འཁོར་བཅས་ཚོགས། །ཞེས་གཞུང་ལ་འཇུག་
གོ །བྱོན་ཟན་འབུལ་བ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ན་མཿས་མནྟ་བུདྡྷ་ནཾ། ཨོཾ་ཨགྣེ་ཧ་བེ་ཀ་བེ་བ་ཧ་ན་ཡ་ཨ་དི་བྷྱ། སྦྱིན་སྲེག་གི་སྙིང་པོ་ཟེར་བ་འདི་ཡིན། འཇིག་རྟེན་ལས་འདས་པའི་བྱོན་ཟན་འབུལ། རྫས་སྔགས་ཚང་མ་དགོས། བདག་ཅག་དཔོན་སློབ་སོགས། མཆོད་པ་ནི། ཧཱུྃ། བསྟན་དགྲ་མ་ལུས་སོགས། གཏོར་བཟློག་ལ་བདེ་གཤེགས་ཐུགས་སྤྲུལ་མས་བསྟོད། གདོང་ལྔ་ལ་འབྲེལ་ན། ལས་ཀྱི་མགོན་པོ་བྱ་རོག་གདོང་སོགས་བསྟོད། གཏོར་བཟློག་དང་གདོང་ལྔ་ལ་བསྲེག་རྫས་འབུལ་བ་ནི། གཙོ་བོ་སོ་སོར་འབུལ་བ་ནི། ཨོཾ་བཛྲ་ཀ་ཝུ་སོགས། ས་པཱ་རི་ཝཱ་ར་བོ་དྷི་བྲྀཀྵཱ་ཡ་སོགས། གཙོ་བོ་ལ་བསྲེག་རྫས་ཐམས་ཅད་ནས་བརྒྱ་རྩ་ཕུལ། ཡུམ་ལ་དེ་བི་རུ་ནི་ཧཱུྃ་ཕཊ། རྫས་སྔགས་བཏགས་ལ་བདུན་འབུལ། བྱ་རོག་གདོང་ལ། ཨོཾ་བཛྲ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་སོགས་ལ་རྫས་སྔགས་སྦྱར་ལ་བདུན་རེ་ཕུལ། སེང་གདོང་མ། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སོགས་རྫས་སྔགས་སྦྱར་ལ་བདུན་འབུལ། ལེགས་ལྡན་ལ། ཨོཾ་ཡཀྵ་དྷེ་ཝ་མ་ཧཱ་ཀཱ་ལ་དུ་བེཾ་ཧཱུྃ་ཕཊ་དམ་རྫས་སྔགས་
སྦྱར་ལ་བདུན་རེ་འབུལ། གདོང་ལྔ་ལ་འབུལ་དུས། སུམ་སྦྲེལ་ལ་རྫས་སྔགས་སྦྱར་ལ་བརྒྱ་འབུལ་བ་མ་གཏོགས་གཙོ་འཁོར་སོ་སོར་ཕྱེ་མི་དགོས། གཏོར་བཟློག་དང་གདོང་ལྔ་གཉིས་ལ་རྫས་ཀྱི་འབུལ་ལུགས་ཡིན། སྨན་རཀ་གཏོར་གསུམ་བསྲེག་རྫས་ཀྱི་གྲལ་དུ་བཤམས། གཏོར་བཟློག་ལ་གཙོ་འཁོར་ལྔའི་སྔགས་ལ་སརྦ་པཉྩ་ཨ་མྲྀ་ཏ་སོགས་བདུད་རྩི་འབུལ། གོང་བཞིན་སྔགས་ལ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། སྔགས་གྲངས་ཅི་ལྕོགས་འབུལ་ལོ། །གཏོར་མ་བྲན་ལ། ནག་པོ་ཁྱོད་དང་མཐུན་པའི་དམ་རྫས་ནི། །སོགས་ནས་དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་གྱུར་ཅིག །གཏོར་མ་ཐབ་ཏུ་འབུལ། གདོང་ལྔ་ལ། སུམ་སྦྲེལ་བསྙེན་པའི་མཐར་སརྦ་པཉྩ་ཨ་མྲྀ་ཏ་བདུད་རྩི་རཀྟ་གཏོར་མ་གོང་བཞིན་ཐབ་ཏུ་འབུལ། ཞལ་རྒྱུན་འཁྲུལ་མེད་ཡིན། ལས་མཐུན་གྱི་གོས་ཟུང་འདིར་འབུལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །སོགས། བཛྲ་ཝསྟྲ་སོགས་ཀྱིས་ཕུལ། དེ་ནས་ལིང་ཆུང་བརྒྱ་དང་ཤ་དུམ་ཆངས་བུ་ཆན་གཏོར་ཆུང་དེ་རྣམས་དྲག་པོའི་སྣོད་ལིང་ཆུང་ལ། དཔལ་ལྡན་མགོན་པོའི་བསད་པ་ལས་བཞི་བྱས་ལ། ཡི་དམ་གཞུང་
བཞིན་ལ་དང་པོ་ལྕགས་ཁང་བསྐྱེད་པ་ནི། ཨོཾ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་ལྕགས་སྲེག་ས་གཞི་སོགས། གནོད་བྱེད་ཐམས་ཅད་འགུགས་པའི་ལས་བྱེད་པར་གྱུར། བཀུག་གཞུག་ལན་གསུམ་བྱས་ལ། འཕགས་པ་དཀོན་མཆོག་གསུམ་པོ་སོགས་གཟུ་དཔང་བྱ། འགུགས་གཞུག་བྱས་ལ། ཧཱུྃ་བྷྱོ། དཔལ་ལྡན་ཁྲག་འཐུང་རྡོ་རྗེ་སྲིན་པོ་སོགས། མྱུར་དུ་ཁུག་ལ་ཞལ་དུ་བཞེས་སོགས། འགུགས་གཞུག་བྱ། དེ་ནས་ལྷ་དབྱེའི་གཏོར་མ་བྲན་ལ། བདག་མདུན་དབྱེར་མེད་པའི་སོགས། ལྷ་དབྱེའི་གཏོར་མ་ཕུལ། ཐུན་གདབ། ཕུར་པ་བསྐྱེད་ལ་ཕུར་པ་འདབ། མཚོན་ཆས་གཏུབ། སྐབས་འདིར་ཚོགས་རྫས་དང་དགྲ་བགེགས་ཤ་ཁྲག་བྱིན་གྱིས་བརླབས་ཏེ། ཨོཾ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཡྃ་ལས་རླུང་སོགས། ཞལ་བསྟབ་བྱ་བ་ནི། ཧཱུྃ། ཆོས་སྐྱོང་མགོན་པོ་ལྕམ་དྲལ་རྣམས་སོགས། ཧཱུྃ། ཕྱོགས་བཞི་དབུས་བཅས་སོགས། ཐལ་བ་རྡུལ་བཞིན་བརླག་པའི་ཕྲིན་ལས་མཛོད། །དེ་ནས་
ལིང་ཆུང་སོ་སོར་དཔོན་སློབ་གྲངས་བཤམས་ལ། ཨོཾ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ལྕགས་ཁང་མཐིང་ནག་སོགས། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་སོགས། གནོད་བྱེད་དགྲ་བགེགས་འདིར་ཁུག་ཅིག །ཨོཾ་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲུཾ་སོགས། ཁཱ་ཧི་བདུན་མ་དང་། ཤཱ་ས་ནས་ཕུལ། བསྟན་ལ་སྡང་བར་སོགས། ལྷ་དབྱེ་སྔགས་དང་ཐུན་སྔགས་སོགས་མི་དགོས། ལིང་ག་བརྒྱ་རྩ་ཚང་བར་འབུལ། དྲག་པོའི་ཐུན་གཏོར་འབུལ་ལུགས་ལ། གཏོར་བཟློག་གི་མཐར་ཡིན་ན། གཏོར་ཆེན་ལྔ་མ་ནོར་བར་བླངས་པ་བཞག་ལ་ཕྱིར་ནང་གསོ་བྲན་བྱས་ལ་འགུགས་གཞུག་བྱིན་རླབས་བྱས་ལ་གཙོ་འཁོར་སྤྱི་བསྐུལ་བྱས་ནས་ཕྱོགས་གཅིག་ཏུ་ཐབ་ཏུ་ཕུལ་ཡང་རུང་ལ། གཙོ་འཁོར་སོ་སོར་བསྐུལ་པས་ཉིན་བཞིན་ཕུལ་ཆོག །གདོང་ལྔ་ལ་གཏོར་སྡོང་ལྔ་པོ་ཉ་ར་བྱས་ལ་གོང་ལྟར་དང་། གསར་དུ་གཏོར་མ་གཉིས་བཅའ་ལ་མགོན་པོ་ཁྱུང་གཉིས་སོ། །གཏོར་མ་བདུན་པོ་ལ་འགུགས་གཞུག་ལན་གསུམ་ཁཱ་ཧི་བར་བྱས་ལ། མགོན་པོ་ལ། རྒྱལ་བའི་བསྟན་སྲུང་མ། ཁྱུང་ལ་འཁོར་མང་ནང་གི་ཁྱུང་བསྟོད། ལས་
མགོན་ལྔ་ལ་གདོང་བསྐུལ་གྱིས་བསྐུལ་ལ་སོ་སོར་འབུལ། བཟློག་པའི་མཐའ་མིན་ན་དམར་གཏོར་ཆེ་བ་གཅིག་བསྐུལ་པ་གང་རུང་གིས་ཕུལ། དྲི་ངད་དུག་གི་མེ་ཏོག་སོགས། མཆན་བུ། གཏོར་བཟློག་ལ། གང་གི་བདེ་གཤེགས་སོགས། གདོང་ལྔ་ལ་བསིལ་ཚལ་མས་བསྟོད། བསྟོད་པ་ཚར་ནས་ཚོགས་བྱིན་རླབས་བྱས་ལ་འདོན། ཚོགས་ཕུད་ཐབ་ཏུ་འབུལ། དེ་ནས་གཏང་རག་གི་གཏོར་མ་ལ། ཨོཾ་ཁཎྜ་རོ་ཧེ་སོགས་བྱིན་རླབས་བྱས་ལ། ལྷ་ལྔའི་ཆོ་གའི་གཞུང་ལྟར་ཡེ་ཤེས་བདུད་རྩིར་གྱུར་སོགས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་སོགས། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཐབ་ཏུ་འབུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཛྭ་ལ་སཾ་བྷ་རཾ་སྭཱ་ཧཱ། འཇིག་རྟེན་ལས་འདས་པའི་བསྲེག་རྫས་ལྷག་མ་གྲངས་མི་འཛིན་པར་རྫས་སྔགས་དང་སྦྱར་ནས་ཐབ་ཏུ་འབུལ། ལྷག་པའི་ལྷ་མཆོག་བཅོམ་ལྡན་སོགས། དྲག་པོའི་ཚར་གཅོད་མཛད་དུ་གསོལ། །ལྷག་མ་བྲན་ལ། ཨ་ཀཱ་རོས་བྱིན་བརླབས་ལ་ཐབ་ཏུ་འབུལ། ལྷག་མའོ། །མ་འབྱོར་པ་དང་སོགས། དེ་ཀུན་
མགོན་པོས་བཟོད་པར་གསོལ། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ས་པཱ་རི་ཝཱ་ར་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་སོགས། ས་པཱ་རི་ཝཱ་ར་པྲོཀྵ་ཎཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་ནས་ཞབས་བསིལ་འཐོར་འཐུང་འབུལ། ཡིག་བརྒྱ་བརྗོད། མཆོད་པ་གཤེགས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །སོགས། སྙིང་པོའི་མཐར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །སོགས། དེ་ནས་མེ་ལྷའི་རྗེས་ཆོག་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། སླར་ཡང་མེ་ལྷ་འཁོར་བཅས་རྣམས། །སོགས། བསྲེག་རྫས་ལྷག་མ་གང་ཡོད་གྲངས་མི་འཛིན་པར་ཕུལ། འཇིག་རྟེན་ལས་འདས་པའི་སྐབས་ལྟར་གོང་བཞིན་འབུལ། མེ་ལྷའི་བསྲེག་རྫས་ཡིན། འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷའི་གཏོར་མ་ཟུར་གསུམ། ཨ་ཀཱ་རོས་བྱིན་གྱིས་བརླབས་ཁཱ་ཧི་དང་བཅས་པས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །སོགས་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སོགས་ནས། དྲག་པོས་ཚར་
གཅོད་མཛད་དུ་གསོལ། །ཡིག་བརྒྱ་བརྗོད། མ་འབྱོར་པ་དང་སོགས། དེ་ཡང་བཟོད་པར་མཛད་དུ་གསོལ། །གཤེགས་གསོལ་ནི། ཨགྣ་ཡེ་སོགས་མཆོད་པ་བྱ། ཡིག་བརྒྱ་བརྗོད་ནས། བདག་གི་དོན་དང་གཞན་གྱི་དོན། །སོགས། དམ་ཚིག་པ་སྙིང་གར་བསྟིམ། བསྐང་ཐུང་རྒྱས་བསྡུས་གང་ལྕོགས་དང་། གསོལ་ཁ་རྣམས་དང་ཆོས་སྐྱོང་གི་གཏོར་འབུལ་གང་ལྕོགས་སྐབས་དང་སྦྱར་ལ་འབུལ། རྗེས་ཆོག་བརྟན་བཞུགས་སྲུང་འཁོར་བསྒོམ། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱས་ལ་ངག་གྲོལ། སརྦ་མངྒ་ལཾ།། །།
གདོང་ལྔའི་སྦྱིན་སྲེག་ཞལ་ཁྲིད།
གདོང་ལྔའི་སྦྱིན་སྲེག་ཞལ་ཁྲིད། ༈ མཆོད་ཕྲེང་རྣམས་སོགས་རྫས་སྦྱིན་བསྲེག་གཞུང་ལྟར་ལ་འཇིག་རྟེན་ལས་མ་འདས་པའི་སྐབས་ཡན་སྔར་བྱ། མེ་ལྷའི་ལྟོ་བ་ཐུགས་ཀ་གང་རུང་དུ། བཟློག་པའི་མདུན་བསྐྱེད། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་སོགས། གདན་ལིང་འགུགས་གཞུག་དོར་ལ་གཞུང་ལྟར། ལྷ་སྲིན་སྡེ་བརྒྱད་ལ་ལས་མགོན་རེ་རེས་དབུ་བརྒྱན་པར་གྱུར། སུམ་སྦྲེལ་སྔགས་ལ་རྫས་སྔགས་འདོད་གསོལ་སྦྱར་ལ་བརྒྱ་རྩ་འབུལ་བ་མ་གཏོགས་གཙོ་འཁོར་སོ་སོར་ཕྱེ་མི་དགོས། གཏོར་བཟློག་དང་གདོང་ལྔ་གཉིས་རྫས་ཀྱི་འབུལ་ལུགས་ཡིན། སུམ་སྦྲེལ་སྔགས་ལ་པཉྩ་ཨ་
མྲྀ་ཏ་སོགས་བདུད་རྩི་ཕུལ། རཀྟ་ལ་ཁཱ་ཧི་སོགས་གོང་ལྟར་གཏོར་མ་བྲན། ནག་པོ་ཁྱོད་དང་མཐུན་སོགས་ནས་དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་གྱུར་ཅིག །གཏོར་མ་མེ་ཐབ་ཏུ་ཕུལ། གོས་ཟུང་། བསད་པ་ལས་བཞི། ལྕག་ཁང་བསྐྱེད་ཆོག་ནས་བཟུང་ཞལ་བསྟབ་ཡན་བྱ། སྦྱིན་བསྲེག་གཞུང་གི །ཧཱུྃ། ཆོས་སྐྱོང་མགོན་པོ་སོགས་ནས་ཕྲིན་ལས་མཛོད། །ཡན་འདོན། ལིང་ཆུང་བརྒྱ་རྩ་ཡན་དཔོན་སློབ་གྲངས་བཤམ།
ཨོཾ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ལྕགས་ཁང་མཐིང་ནག་སོགས། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་སོགས་ནས་འདིར་ཁུག་ཅིག །ཨོཾ་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲུཾ་རུ་པ་ད་ཧ་པ་ཙ་དེ་ན་མི་ཀེ་ན་ཆེ་གེ་མོ་མ་ར་ཡ་ཧཱུྃ་ཕཊ། ཤཱ་ས་ན་སོགས་ཁཱ་ཧི་བདུན་མ་ཚར་བརྒྱ་རྩ་ཕུལ། བསྟན་ལ་སྡང་བ་སོགས། ལྷ་དབྱེ་ཐུན་སྔགས་མི་བྱ། དྲག་པོའི་ཐུན་གཏོར་འབུལ་ལུགས། བཟློག་པ་འབུལ་ཉིན་གཏོར་མ་གདོང་ལྔ་མ་ནོར་བར་བླངས་ལ་བཞག །གསར་དུ་མགོན་པོ་ཁྱུང་གཉིས་ལ་གཏོར་མ་གཉིས་བཅའ། གཏོར་མ་བདུན་པོ་ལ་འགུགས་གཞུག་ལན་གསུམ་བྱིན་རླབས་ཁཱ་ཧི་བྱ། མགོན་པོ་ལ། རྒྱལ་བའི་བསྟན་སྲུང་མ། ཁྱུང་ལ་འཁོར་མང་ནང་གི་ཁྱུང་བསྟོད། ལས་མགོན་ལྔ་ལ་གདོང་བསྐུལ་སོ་སོར་མེར་འབུལ། བཟློག་པའི་མཐའ་མིན་ན་དམར་གཏོར་ཆེ་བ་གཅིག་བསྐུལ་པ་གང་རུང་གིས་ཕུལ། ཧཱུྃ། དྲི་ངད་སོགས། བསིལ་ཚལ་མས་བསྟོད། ཚོགས་བྱ། དེ་ནས་སྦྱིན་བསྲེག་གི་གཏང་རག་ལ་འཇུག །འདོད་གསོལ་མཐར་ལྷག་མ་བྱ། མ་འབྱོར་པ་སོགས་སྦྱིན་བསྲེག་དཀྱུས་ལྟར། དམ་ཚིག་པ་སྙིང་
གར་བསྟིམ། བསྐང་བ་རྒྱས་བསྡུས་གང་རུང་དང་། གསོལ་ཁ་རྣམས་དང་། ཆོས་སྐྱོང་གཏོར་འབུལ་རྒྱས་བསྡུས་གང་ལྕོགས་སྐབས་དང་སྦྱར་ལ་འབུལ། རྗེས་ཆོག་རྟེན་བཞུགས་སྲུང་འཁོར་བསྔོ་སྨོན་བཀྲ་ཤིས་ཉིན་ལྟར་བྱ། ངག་གྲོལ། སྲས་ཆེན་ཞལ་རྒྱུན་མཆན་བུའོ། །
གསང་རྟེན་ལུས་ལ་བཅའ་བ།
གསང་རྟེན་ལུས་ལ་བཅའ་བ་ནི། རང་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཕག་མོའི་གསང་གནས་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་མགོན་པོ་ཆགས་པའི་ཡུམ་དགའ་བྱེད་དབང་ཕྱུག་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་རལ་གྲི་དང་ཏྲི་ཤུ་ལ། གཡོན་གཉིས་མདའ་གཞུ་དང་མི་མགོ་འཛིན་པ། བཙན་འཁྱིལ་དུ་བཞུགས་པའི་བྷ་གའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཡེ་ཤེས་མགོན་པོའི་ས་བོན་ཧཱུྃ་སྔོན་པོ། དེ་ལ་ལས་ཀྱི་མགོན་པོ་ཕོ་རོག་ནག་ལ་སྣུམ་པ་མིག་ཆེ་བ་
གསུམ་སྙན་པའི་སྒྲ་སྒྲོག་ཅིང་གཡབ་ལིང་ལིང་བྱེད་པར་བསམས་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་ཀི་ན་ཤྭ་ར་སྙིང་ཁ་རག་ཙིཏྟ་སྲོག་དུང་དུང་དུན་དུན་བྲེང་བྲེང་ཛ་ཛཿ ༈ མཐར་ཐུན་བསྡུ་བ་ནི། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་བརྟན་པར་གྱུར། སྡེ་བརྒྱད་གདན་ཐབས་དང་བཅས་པ་ལས་མགོན་གདན་ཐབས་དང་བཅས་པ་ལ་ཐིམ། ལས་མགོན་གདན་ཐབས་དང་བཅས་པ་ཡེ་ཤེས་ཀྱི་མགོན་པོ་གདན་ཐབས་དང་བཅས་པ་ལ༴ ཡེ་ཤེས་ཀྱི་མགོན་པོ་གདན་ཐབས་དང་བཅས་པ་གཙོ་བོ་ལ༴ སྤྱི་གཙུག་གི་བདེ་མཆོག་རང་ལ༴ ཡབ་ཡུམ་ལ༴ ཡབ་མཆོད་རྟེན་ཡེ་ཤེས་སེམས་དཔའ་གསེར་གྱི་རྡོ་རྗེ་ཉི་ཟླ་གའུ་ཁ་སྦྱོར་སྔགས་ཕྲེང་དང་བཅས་པ་ཧཱུྃ་ལ༴
ཞབས་ཀྱུ་འ་ལ༴ འ་ཧ་ལ༴ ཧཱ་མགོ་བོ༴ མགོ་བོ་ཟླ་ཚེས༴ ཟླ་ཚེས་ཐིག་ལེ༴ ཐིག་ལེ་ནཱ་ད༴ ནཱ་དའང་དོན་དམ་པ་སྟོང་པ་ཉིད་དོ། །སླར་ཡང་དེ་ཉིད་ཀྱི་ངང་ལས་རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རང་བཞིན་ཅན་དུ་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསེར་སྐྱེམས་དང་ཟོར་ལས།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསེར་སྐྱེམས་དང་ཟོར་ལས་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མདོས་དང་ཟོར་གྱི་ལམ་དབྱེ་བ་ལ། གསེར་སྐྱེམས་འབུལ་བ་ནི། ཧཱུྃ། མ་ཉེས་མ་ཡོ་གཟུ་དང་དཔང་། །བླ་མ་དཀོན་མཆོག་གཟུ་དང་དཔང་། །དུས་གསུམ་སངས་རྒྱས་གཟུ་དང་དཔང་། །ཡི་དམ་ལྷ་ཚོགས༴ དཔའ་བོ་མཁའ་འགྲོ༴ དཔལ་ལྡན་མགོན་པོ༴ ཆོས་སྐྱོང་སྲུང་མ༴ ལྷ་ཀླུ་སྡེ་བརྒྱད་གཟུ་དང་དཔང་། །དམ་ཉམས་དགྲ་བོ་ལས་ངན་འདིས། །ཉེས་པ་མེད་པར་སྲོག་ལ་བསྡོས། །ང་ཡིས་མ་ཉེས་ཁོ་ཡིས་
ལེན། །དེ་རིང་གཟུ་དཔང་མཛད་དུ་གསོལ། །ཀྱེ། འཇིག་རྟེན་འཛམ་གླིང་སྟེང་དང་འོག །ཕྱོགས་ཕྱོགས་དག་ན་བཞུགས་པ་ཡི། །དམ་ལ་གནས་པའི་ལྷ་འདྲེ་ཀུན། །སྔགས་འཆང་བདག་གི་ཚིག་ལ་ཉོན། །མདོས་བསྐྱོད་དགྲ་ཡུལ་བསྐྱོད་པའི་ཚེ། །དགྲ་དང་བགེགས་ལ་ཟོར་འཕེན་ན། །ཤར་གྱི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་རྣམས། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ཏེ། །ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལན་གྱི། །ཉེས་ལན་དགྲ་དང་བགེགས་
ལ་ཆོད། །ཤར་ལྷོ་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ན། །ཉམས་པའི་གྲིབ་ཀྱི་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །ལྷོ་ཡི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་སོགས་གོང་བཞིན་འགྲེ། རྒྱལ་པོ༴ ནང་མི༴ འབྱུང་པོའི་ཚོགས༴ གསེར་སྐྱེམས༴ ཉམས་པའི༴ རྣལ་འབྱོར༴ ཐུན་ཟོར༴ གང་ཞིག་བསྒོ་བ༴ ཉམས་པའི༴ ང་ཡིས་མ་
ཉེས༴ ཉེས་ལན་དགྲ་དང་བགེགས་ལ་ཆོད། །ལྷོ་ནུབ་མཚམས་ལ་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག༴ རྒྱལ་པོ༴ ནང་མི༴ འབྱུང་པོའི་ཚོགས༴ གསེར་སྐྱེམས༴ ཉམས་པའི༴ རྣལ་འབྱོར༴ ཐུན་ཟོར༴ གང་ཞིག་བསྒོ་བ༴ཉམས་པའི༴ ང་ཡིས་མ་ཉེས༴ ཉེས་ལན་དགྲ་དང་བགེགས་ལ་ཆོད། །ནུབ་ཀྱི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང༴ ས་བདག༴ རྒྱལ་པོ༴ ནང་མི་དམག༴འབྱུང་པོའི་ཚོགས༴ གསེར་སྐྱེམས༴ ཉམས་པའི༴ རྣལ་འབྱོར༴ ཐུན་ཟོར༴ གང་ཞིག་བསྒོ་བ༴ ཉམས་པའི༴ ང་ཡིས་མ་ཉེས༴ ཉེས་ལན་དགྲ་དང་བགེགས་ལ་ཆོད། །ནུབ་བྱང་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད༴ ས་བདག༴ རྒྱལ་པོ༴ ནང་མི་དམག༴ འབྱུང་པོའི་ཚོགས༴ གསེར་སྐྱེམས༴ ཉམས་པའི༴ རྣལ་འབྱོར༴ ཐུན་ཟོར༴ གང་ཞིག་བསྒོ་བ༴ ཉམས་པའི༴ ང་
ཡིས་མ་ཉེས༴ ཉེས་ལེན་དགྲ་དང་བགེགས་ལ་ཆོད། །བྱང་གི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད༴ ས་བདག༴ རྒྱལ་པོ༴ ནང་མི་དམག༴ འབྱུང་པོའི་ཚོགས༴ གསེར་སྐྱེམས༴ ཉམས་པའི༴ རྣལ་འབྱོར༴ ཐུན་ཟོར༴ གང་ཞིག་བསྒོ་བ༴ ཉམས་པའི༴ ང་ཡིས་མ་ཉེས༴ ཉེས་ལན་དགྲ་དང་བགེགས་ལ་ཆོད། །བྱང་ཤར་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད༴ ས་བདག༴ རྒྱལ་པོ༴ ནང་མི་དམག༴ འབྱུང་པོའི་ཚོགས༴ གསེར་སྐྱེམས༴ ཉམས་པའི༴ རྣལ་འབྱོར༴ ཐུན་ཟོར༴ གང་ཞིག་བསྒོ་བ༴ ཉམས་པའི་གྲིབ་ཀྱི་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལེན་གྱི། །ཉེས་ལེན་དགྲ་དང་བགེགས་ལ་ཆོད། །ཀྱེ། དྲག་པོ་ལས་ཀྱི་ཐུན་ཟོར་འདི། །སྟེང་གི་ལྷ་ལ་མི་འཕེན་ནོ། །བར་གྱི་གཉན་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི༴ སྡེ་བརྒྱད་རྣམས་ལ་མི་འཕེན་ནོ། །གསེར་
བས་འདི་ལས་རིན་ཆེ་མེད། །ཆང་བས་འདི་ལས་ངོ་ཆེ་མེད། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །སྒོ་བ་རྣམས་ཀྱི་ཤ་ར་ར། །འཕྲང་པས་འཕྲང་སོལ་སི་ལི་ལི། །མཐོ་བ་རྣམས་ཀྱིས་ཞབས་བཏེག་ཅིག །དམའ་བ་རྣམས་ཀྱིས་དབུ་སྨོད་ཅིག །གཡས་ན་འདུག་པ་གཡས་སུ་གཟུར། །གཡོན་ན་འདུག་པ་གཡོན་དུ་གཟུར། །ཐད་དུ་འདུག་པ་སྐུ་གཟུར་ཅིག །ན་བཟའ་ལྷབ་ལྷུབ་ཐུ་བ་བསྡུས། །ཕོ་བྲང་རྣམས་ཀྱང་སྒོ་ཆོད་ཅིག །སྐུ་གཟུར་དེ་ནི་སྤྱན་ཕྱེས་ཤིག །དྲག་པོའི་ཟོར་ཁར་མ་འབྱོན་ཅིག །འོ་ན་ཟོར་འཕེན་གང་ལ་འཕེན། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །སྡང་བར་བྱེད་པའི་དགྲ་ལ་འཕེན། །གནོད་པར་བྱེད་པའི་བགེགས་ལ་འཕེན། །དམ་ཉམས་བྱད་མའི་སྟེང་དུ་འཕེན། །ད་ནི་དྲག་པོའི་མདའ་ཟོར་
འཕེན། །ད་ནི་དྲག་པོའི་ཀོང་ཟོར་འཕེན། །ད་ནི་དྲག་པོའི་ཁྲག་ཟོར་འཕེན། །ད་ནི་དྲག་པོའི་ཐོད་ཟོར་འཕེན། །ད་ནི་དྲག་པོའི་གཏོར་ཟོར་འཕེན། །ད་ནི་དྲག་པོའི་ཐུན་ཟོར་འཕེན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག །ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག །༈ རྣལ་འབྱོར་པ་བདག་གིས་བྱིན་ཆེན་གྱི་རྔ་བརྡུང་བ། དམར་པོའི་ཁྲག་ཕྱར་བ། ཁྲ་བོའི་དར་བཀྱག་པ། དམར་གྱི་གཏོར་མ་འཕེན་པ། ཡུངས་ཀར་གྱི་རྦབ་བསྒྲིལ་བ། མངོན་སྤྱོད་དྲག་པོས་ལས་བྱེད་པ་ལ། ཁྱོད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཡ་མ་ང་། ཕྲག་མ་དོག །གདུག་པ་མ་སྟོན། ཁྱོད་མཐོ་བ་རྣམས་ཀྱིས་ཞབས་བསྐུམ། དམའ་བ་རྣམས་ཀྱིས་དབུ་གཟུར། བར་པ་རྣམས་ཀྱིས་སྐུ་གཟུར། ན་བཟའ་ལྷབ་ལྷུབ་ཀྱི་མཐའ་
བསྡུས། ཀུ་རེ་ཀྱལ་ཀ་མ་བྱེད། ཀོ་ལོང་རུ་ང་མ་བྱེད། ཕྲག་དོག་མ་བྱེད། རྣལ་འབྱོར་པ་བདག་གི་དཔའ་ཡ་དཔུང་རོགས། སྡོང་གྲོགས་རྒྱབ་རྟེན་དམ་པ་མཛོད་ཅིག །གཏོར་ཁ་ཟོར་ཁ་རླུང་ཁ་ཐམས་ཅད་དམ་ཉམས་པའི་དགྲ་བོའི་སྟེང་དུ་སྟོན་ཅིག །བསྟན་དགྲ་སྐད་ཅིག་བསྒྲལ་བའི་ཕྲིན་ལས་མཛོད། ༈ དེ་ནས་དཀར་གཏོར་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ལ་འབུལ་བས་ཕྲིན་ལས་བཅོལ་བ་ནི། ཀརྨ་པ་མཐོང་བ་དོན་ལྡན་གྱིས་མཛད། ཧཱུྃ། ཤར་ལ་སོགས་པའི་ཕྱོགས་བཅུ་ན། །གནས་པའི་ལྷ་ཀླུ་མི་མ་ཡིན། །ཐམས་ཅད་བཀའ་ཡི་གཏོར་མ་ལོངས། །རིག་འཛིན་བདག་གི་ངག་ལ་ཉོན། །བདེ་གཤེགས་བསྟན་ལ་སྤྱི་དགྲ་བྱུང་། །འདི་ལ་ཁྲག་འཐུང་ཆེན་པོའི་བཀའ། །དྲེགས་པ་ཐམས་ཅད་དབང་དུ་བསྡུས། །ལམ་དུ་གནས་པའི་མཐུ་ཆེན་དང་། །མ་རུངས་ལྷ་སྲིན་འཁོར་དང་བཅས། །ཐམས་ཅད་དེ་རིང་དམག་ལ་ལོངས། །དྲང་
སྲོང་རྒྱལ་པོ་རཱ་ཧུ་ལ། །འཁོར་བཅས་བདག་གི་སྡོང་གྲོགས་མཛོད། །ཅེས་གཏོར་མ་མདོས་ཟོར་གཏོང་ཕྱོགས་སུ་འབུལ་ལོ། །དེ་ཡན་ཆད་གསར་རྙིང་གཉིས་ཀར་ཡོད་དོ། །འདི་མན་ཆད་མགོན་པོ་ཕྱག་བཞི་པའི་སྐོར་རོ། །མདའ་ཟོར་ལ་དྲག་པོའི་ཤིང་ལ་བྱ་རོག་འུག་པའི་སྒྲོ་བསྒྲོན་ལྟོང་དུ་ཡུངས་དཀར་ནག་དང་དུག་ཁྲག་གིས་བྱུགས། གཞུ་མགོན་པོ་ཡབ་ཡུམ་དང་། མདའ་ལས་མགོན་ཡབ་ཡུམ་དུ་བསྐྱེད་བསྟིམ་བྱ། ཧཱུྃ། ཧེ་རུ་ཀ་དཔལ་ནག་པོ་ཆེ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡི། །ཕྱག་གཉིས་ཐབས་དང་ཤེས་རབ་ཀྱི། །གཞུ་འདི་ཡ་མཆོག་ཁྲོ་བོ་ཡབ། །མགོན་པོ་ནག་པོ་ཆེན་པོའི་སྐུ། །མཐིང་ནག་རྔམ་བརྗིད་ཞེ་སྡང་ཆེ། །མ་མཆོག་ཁྲོ་མོ་འབྲུག་རེ་གྲགས། །ཡུམ་ཆེན་ཕུང་སྒྲོལ་དམར་ནག་མ། །དམར་ནག་ཁྲོ་འཛུམ་འདོད་ཆགས་ཆེ། །ཆང་བཟུང་ཡབ་ཡུམ་འཁྲིལ་བའི་བར། །གཞུ་རྒྱུད་བྱང་སེམས་དཀར་དམར་སྦྲེལ། །མདའ་འདི་ཡབ་ཡུམ་གཉིས་ཀྱི་སྤྲས། །མདེལ་འདི་
སྲས་མཆོག་གདུག་བྱེད་མཚོན། །གཉིས་མེད་ཡེ་ཤེས་སྤྲུལ་པ་འདི། །སྐྱེ་བ་མེད་པའི་རྒྱུད་ལ་ལྟོང་། །འགགས་པ་མེད་པའི་ཀློང་དུ་བཀང་། །ཡབ་ཡུམ་འཁྲིལ་སྦྱོར་ལྟོང་དུ་བསྲང་། །ཉོན་མོངས་འཁྲུགས་པའི་འབེན་ལ་གཏད། །དམ་ཉམས་དགྲ་བགེགས་སྙིང་ལ་རྒྱོབ། །དམ་ཅན་ལས་མགོན་ཕོ་མོའི་ཚོགས། །ཟོར་མདའ་འདི་ཡི་སྣ་ཁྲིད་ཅིག །ཨོཾ་མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀུ་རུ་རྦད་ཐུན་བྷྱོ། པྲ་མོ་ཧ་ཐུན་བྷྱོ། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀ་ར་ལི་ཐུན་བྷྱོ། ཀཾ་ཀ་ལི་ཐུན་བྷྱོ། ཀ་ལ་ར་ཏྲི་ཐུན་བྷྱོ། རྟེན་འབྲེལ་གྱི་མདའ་ཆགས་ན་ངན། གཞུ་རྒྱུད་ཆད་ན་བར་ཆད་འོང་། གཞུ་ཆག་ན་འབྲིང་། མདའ་ཤད་སེ་སོང་ན་བཟང་། ཟོར་འདི་རྣམས་གར་བབ་སར་དགྲའི་ཁང་ཁྱིམ་ནག་ཆོམ་སེ་བཏང་བ་དང་། དགྲ་བགེགས་གང་ཡིན་གྱི་སྙིང་དཀར་ནག་མཚམས་སུ་བརྒྱབ་ནས་ཐལ་བ་བུན་བུན་སོང་བར་བསམ་མོ། །ད་ནི་ཀོང་ཟོར་ཟུར་གསུམ་སོར་བཞི་ཟོར་མདེལ་ཟུར་གསུམ་སོར་དགུའི་ནང་དུ་དུག་ཁྲག་ཡུངས་དཀར་ནག་སོགས་ཐུན་
རྣམས་བླུགས་ནས། ཀོང་ཟོར་གནམ་ལྕགས་གྲུ་གསུམ་མེ་དཔུང་ནང་དུ་ཧཱུྃ་དང་བྷྱོ་ལས་ལས་མགོན་དང་མ་མོའི་ཁྲམ་ཤིང་ནད་རྐྱལ་ཐོགས་པ་མང་པོ་བསམ། ཐོད་ཟོར་ནས་ལས་མགོན་གྲི་ཐོད་ཅན་མང་དུ་བསམ། ཁྲག་ཟོར་ནི་ཐོད་པ་མཚན་ངན་ནང་དུ་བཤོས་བུ་ཟུར་གསུམ་དང་ཁྲག་གིས་བཀང་ལ། ཁྲག་གི་བུད་མེད་ཁྲག་ཟོར་བསྣམས་པ་མང་པོས་ཁྲག་གི་ཆར་བ་དབབ་པར་བསམ། ཧཱུྃ། དཔལ་ལྡན་མགོན་པོ་ཁྲོ་བོའི་རྒྱལ། །བཀའ་ཡི་ཕོ་ཉར་གནས་པ་ཡི། །ཁྲག་གི་བུད་མེད་དམར་མོ་ལ། །ཁྲག་གི་རལ་པ་ཤད་དེ་ཤད། །ཁྲག་གི་མཆི་མ་སི་ལི་ལི། །དུང་གི་མཆེ་བ་ཁྲིགས་སེ་ཁྲིག །ནད་ཀྱི་ཁ་རླངས་ཐུ་ལུ་ལུ། །བ་སྤུ་ཁྲག་གི་སེར་བ་འབེབས། །ཕྱག་ན་ཁྲག་ཟོར་དམར་པོ་བསྣམས། །ཕྱག་ན་དྲག་པོའི་ཀོང་ཟོར་བསྣམས། །ཕྱག་ན་དྲག་པོའི་ཐོད་ཟོར་བསྣམས། །ཁྲག་གི་མཚོན་ཆ་སྣ་ཚོགས་འཕེན། །དོ་ནུབ་ཁྲག་ཟོར་དམར་པོ་འདིས། །དགྲ་བགེགས་བྱད་མའི་གྲོང་ཁྱེར་བཅོམ། །སྡང་བྱེད་
ལས་ངན་དགྲ་བོ་དང་། །གནོད་བྱེད་འབྱུང་པོའི་ལ་ཡོག་ཅན། །བློ་ཡི་ཕུ་དང་འོག་གི་ནུ། །མཆན་གྱི་བུ་དང་སྒོ་ཡི་ནོར། །གཡོག་པོ་བྲན་དང་བཅས་པ་ལ། །དྲག་པོའི་ཁྲག་ཟོར་ད་རྒྱོབ་ཅིག །དོ་ནུབ་ལྷ་ཡི་རུ་མཚོན་ཕྱོར། །མ་ཏྲཾ་བདུད་ཀྱི་གཡུལ་ངོ་བཟློག །རཀྴ་སྲིན་པོའི་རུ་མཚོན་སྙོལ། །ཧུར་ཐུཾ་བཙན་གྱི་གཡུལ་ངོ་བཟློག །གནོད་བྱེད་གདུག་པ་ཟོར་གྱིས༴ མ་མོའི་དལ་ཡམས་ཟོར་གྱིས༴ བདུད་ཀྱི་ཁྲམ་ཁ་ཟོར༴ གཤིན་རྗེའི་འཁོར་ལོ༴ ཀླུ་ཡི་བྱད་སྟེམས༴ རྒྱལ་པོའི་སྨྱོ་འབོག༴ ཕོ་བདུད་དལ་ཁ༴ མོ་བདུད་དལ་ཡམས༴ སྤྱི་བདུད་དལ་ཁ༴ ལྷ་ཡི་ཆད་པ༴ རྨི་ལམ་ངན་པ༴ ལྟས་ངན་བརྒྱད་ཅུ་ཟོར༴ ལོ་སྐག་ཟླ་སྐག༴ དུས་ཀྱི་གཤེད་ཁ༴ བན་བྱད་བོན་བྱད་ཟོར་གྱིས་བཟློག །དེ་རིང་བཟློག་བསྒྱུར་དུས་ལ་བབ། །བཟློག་བསྒྱུར་ཆེན་པོའི་ཕྲིན་ལས་མཛོད། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། ཧཱུྃ།
དྲག་པོ་བྱེ་བ་འབུམ་གྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོའི་སྐུ་ནི་དབྱིངས་ན་བཞུགས། །ལས་ཀྱི་མགོན་པོའི་སྐུ་ནི་མཚོ་ལྟར་འབབ། །དམ་ཚིག་མགོན་པོའི་སྐུ་ནི་གར་ཡང་ཁྱབ། །འཇིག་རྟེན་མགོན་པོའི་སྐུ་ནི་སྲིད་གསུམ་གང་། །ལས་མཁན་སྡེ་བརྒྱད་ཚོགས་ནི་སྐར་ལྟར་འཁྲུགས། །དྲེགས་བྱེད་ལྷ་སྲིན་ཚོགས་ནི་བསམ་མི་ཁྱབ། །སྔོན་ཚེ་དཔལ་གྱིས་དབང་བསྐུར་བས། །སྣང་སྲིད་དམ་བཅས་མ་ལུས་པ། །བཀའ་དང་དམ་ལ་བཏགས་པ་ཡི། །ལས་མཁན་ཐ་ཚིག་སོ་སོར་བསྒོས། །ཉམས་པའི་དགྲ་བོ་བསྒྲལ་བ་དང་། །རྒྱུ་སྦྱོར་དལ་ཁ་བཟློག་པའི་ཕྱིར། །ཟོར་བདག་ཆེན་མོ་སྤྱན་འདྲེན་ནོ། །མཚོན་བདག་ཆེན་མོ་སྤྱན་འདྲེན་ནོ། །རྩིས་བདག་ཆེན་མོ༴ ནད་བདག་ཆེན་མོ་སྤྱན་འདྲེན་ནོ། །དལ་བདག་ཆེན་པོ་སྤྱན་འདྲེན་ནོ། །ཤྭ་བདག་ཆེན་མོ་སྤྱན་འདྲེན་ནོ། །མཐིང་ནག་ཧཱུྃ་
གི་འཕྲོ་འདུ་ལས། །ལས་མཁན་མགོན་པོ་ཟོར་བདག་བརྒྱད། །མཚོན་ཆ་འབར་བའི་གཞལ་ཡས་ཁང་། །ནད་ཡམས་འབར་བའི་རྒྱན་གྱིས་བརྒྱན། །སྐུ་ནི་མཐིང་ནག་འབར་བ་ལ། །དབུ་ལ་མཚོན་ཆའི་འཁོར་ལོས་བརྒྱན། །ཕྱག་ན་ནད་མཚོན་འབར་བའི་ཟོར་སྒྱོགས་ཐོགས། །དེ་རིང་ཉམས་པའི་དགྲ་དང་བགེགས་ལ་བྷྱོ། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །མཁའ་ལྟར་བྷྱོ་ལ་རྦབ་ལྟར་བསྒྲིལ། །ཟོར་བདག་ཆེན་པོ་མགོན་པོ་ཟོར་ལ་ཡ། །ཧཱུྃ། ཤར་གྱི་ཕྱོགས་སུ་ཟོར་རྒྱོབས་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ལྷོ་ཡི་ཕྱོགས་སུ་ཟོར་རྒྱོབས་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ནུབ་ཀྱི་ཕྱོགས་སུ་ཟོར་རྒྱོབས་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད༴ བྱང་གི་ཕྱོགས་སུ་ཟོར་རྒྱོབས་ཡ། །
ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ༴ ཤར་ལྷོ་མཚམས་སུ་ཟོར་རྒྱོབས་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས༴ ལྷོ་ནུབ་མཚམས་སུ་ཟོར་རྒྱོབས་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །ནུབ་བྱང་མཚམས་སུ་ཟོར་སྒྱོབས་ཡ། །ལྷ་ཀླུ་རྣམས་ལ་མིན་འཕེན་ནོ། །དམ་ཉམས༴ བྱང་ཤར་མཚམས་སུ་ཟོར་སྒྱོབས་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ཨོཾ་མ་ཧཱ་ཀཱ་ལ་ཡ། མ་ཡཾ་དུ། མ་ཤོད་ཏྲི་མན། སེན་ཏྲ་དུ་ཛཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་བྷྱོ་བྷྱོ། ཞེས་འཕང་ངོ་། །མདའ་ཟོར་སྔགས་ཀྱི་རྗེས་སུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཙཀྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་རཏྣ་མ་ཧཱ་ཀཱ་ལ་ཡ༴ ཨོཾ་པདྨ་མ་ཧཱ་ཀཱ་ལ་ཡ༴ ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཡ༴ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་བཟློག་བཟློག་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གྷ་ན་པ་ཏི་བཟློག་བཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་
སི་ཏི་ཡ་མ་དུ་ཛཿབཟློག་བཟློག་བྷྱོ་བྷྱོ། ཏྲཀྵད་ཛཿ སོགས་འགྲེའོ། །སུ་ཏྲི་ཡ་མ་དུ་ཛཿ ཧ་ཧ་ཧཱུྃ་ཧཱུྃ་ཀི་ལི་ཀི་ལི༴ ཕེཾ་ཕེཾ་ཕཊ་ཕཊ༴ ཀྲཾ་ཀྲཾ་ཀྲཾ༴ ཏྲཾ་ཀྵིཾ་ཤྲིཾ༴ ཀ་ཧཱ་ཀ་ཧ། ཧྲིཾ་ཧྲིཾ་ཀྲིཾ༴ པ་ཙ་པ་ཙ༴ ཧ་ཧ་ཏྲ་ཏྲ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཧ་ཧ་ཧ་ཧ༴ ཧྲིཾ་ཧྲིཾ་ཀྲིཾ་ཀྲིཾ༴ དེཾ་དེཾ་དེཾ༴ ཏྲཾ་ཏྲཾ་ཧཱུྃ༴ རཾ་རཾ་དྷཾ༴ རུ་རུ་རུ༴ ཀྵཾ་ཀྵཾ་ཀྵཾ༴ ཁཾ་ཁཾ་ཁཾ༴ རྔཾ་རྔཾ་རྔཾ༴ ཀྵིཾ་ཀྵིཾ་ཀྵིཾ༴ ཀཾ་ཀཾ་ཀཾ༴ ཙཾ་ཙཾ་ཙཾ༴ ཡཾ་ཡཾ་ཡཾ༴ སཾ་སཾ་སཾ༴ ཕེཾ་ཕེཾ་ཕཊ༴ བྷཾ་བྷཾ་བྷཾ༴ བྷྲུཾ་བྷྲུཾ་བྷྲུྃ༴ ཀྵོཾ་ཀྵོཾ་ཀྵོཾ༴ ཀྲུཾ་ཀྲུཾ་ཀྲུཾ༴ པཾ་པཾ་པཾ། ཛ་ཛ་དགྲ་བགེགས་བྱད་མ་བཟློག་བཟློག་བྷྱོ་བྷྱོ། རྦད་རྦད་དགྲ་བགེགས་བྱད་མ་ཟློག་ཟློག་བྷྱོ་བྷྱོ། ཐུན་རེ་རེ་ལ་ལན་ལྔ་ལྔ་བསྐུལ་ཞིང་བཟློག །ཐོད་པ་ཁ་ཚུར་བསྟན་པ་བཟློག་པས་ལན་གསུམ་བསྐྱར་རོ། །ཐོད་པ་ཁ་ཕར་བསྟན་ན་བཟང་ངོ་། །གཏོར་སྣོད་ཡར་ཟེད་ན་བཟང་། མར་སྦུབ་ན་ངན། ཟོར་ལངས་ན་ངན། དེ་ནས་ཕྲིན་ལས་བཅོལ་བ་ནི། ལིང་ག་མི་གཅིག་གིས་ལག་ཏུ་བཏེགས་ཏེ་བཟུང་ལ་རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་བརྗོད་དོ། །ཧཱུྃ། འདས་དང་མ་བྱོན་ད་ལྟར་གྱི་
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལ་གནས་ཤིང་དམ་ལ་བཏགས་པས། ཕྱི་རབས་རྣལ་འབྱོར་རྣམས་ཀྱི་བསྟན་པ་གཉན་པོ་བསྲུང་བར་ཞལ་གྱིས་བཞེས་པ། དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ། ལྷ་མི་གཉིས་ཀྱི་དཔལ་མགོན། ཡེ་ཤེས་ཀྱི་སྤྱན་ཅན། རྣལ་འབྱོར་གྱི་དགྲ་ལྷ། རིག་འཛིན་གྱི་སྲོག་ཤིང་། དམ་ཉམས་ཀྱི་སྲོག་གཅོད། བདུད་འདུལ་གྱི་དབང་ཕྱུག །ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན། ཡུམ་རྡོ་རྗེ་རྩ་འཇིབ་ཁྲག་འཐུང་མ། བཀའ་ཉན་སྲོག་བདག་བྱ་རོག་གདོང་པ་ཅན། རོ་ལངས་དམར་ནག་ཤ་ཟ་ཆེན་མོ། ལས་མཁན་སྟོང་གི་བླ་སྲོག་འགུགས་པ། ཁྲག་འཐུང་མ་མོ་བྱེ་བས་ཁོང་ཁྲག་འདྲེན་པ། ཤ་ཟ་འབུམ་གྱིས་མགོ་ལུས་ཕྲལ་བ་ཁྱེད་རྣམས་ཀྱི་དུས་ལ་བབ་ཅིང་དྲག་ཏུ་བསྐུལ་ཙམ་ན། གཤིན་རྗེ་བས་རྔམ་པ། བདུད་རྗེ་བས་སྐེམ་པ། གཟའ་རྒོད་བས་
དྲག་པ། ཐོག་རྒོད་བས་མྱུར་བ། མེ་ལྕེ་བས་བཤོར་བ། མེ་འོབས་བས་ཚ་བ། དུག་མདའ་བས་གཟིར་བ། རྣོ་མཚོན་བས་ངར་བ། སྤུ་གྲི་བས་རྣོ་བ། ཐོག་རྒོད་བས་མྱུར་བ། ཕོ་ཉ་བ་ལས་ལ་གུས་པ་ཁྱེད་རྣམས་ཀྱིས་བླ་མ་ལ་བརྙས་པ། དཀོན་མཆོག་ལ་སྨོད་པ། བསྟན་པ་ལ་སྡང་བ། ཡིད་ལ་བརྣག་པའི་དགྲ་བོ། དཀོར་ལ་རློམ་པའི་རྐུན་པོ། མིང་དང་གཟུགས་སུ་བྲིས་པ། མིང་ཅན་ཁྲམ་ལ་བཏབ་པ། བྱང་བུ་དམར་ནག་ལ་བསྐྱོན་པ། འཛམ་བུ་གླིང་གི་རྡུལ་ཕྲན་དུ་གྱུར་པ། མ་མོ་དང་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བའི་ཟས་སུ་གྱུར་པ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བསྒྲལ་བའི་ཞིང་དུ་གྱུར་པ། སྡིག་པོ་ཆེ་བསྟན་པའི་སྤྱི་དགྲ། རྣལ་འབྱོར་པའི་སྒོས་དགྲ། གནོད་པའི་བགེགས། བསྟན་པའི་དམ་སྲི། ལས་ངན་པའི་གང་ཟག །བདག་ལ་ལོག་པར་ལྟ་བའི་དགྲ་བོ་འདི། ལས་མཁན་སྟོང་གིས་
བླ་སྲོག་ཁུག་ཅིག །ཁྲག་འཐུང་མ་མོ་བྱེ་བས་ཁོང་ཁྲག་འཇིབ། ཤ་ཟ་འབུམ་གྱིས་མགོ་ལུས་ཕྲོལ། འདོད་ཆགས་ཁྲག་གི་རྒྱ་མཚོ་སྐེམས། ཞེ་སྡང་རུས་པའི་ཕུང་པོ་ཆོམས། གཏི་མུག་ཤ་ཡི་ཕུང་པོ་གསོལ། ཚེའི་འདུ་བྱེད་བསྐུམ། སྲོག་གི་འཕྲལ་ཐག་ཆོད། རྒྱབ་བརྟེན་གྱི་ལྷ་དང་ཕྲོལ། ལས་ཀྱི་ལིང་ཐོབ། ཚེ་ཕྱི་མ་ལ་དུས་མ་བྱེད། ནམ་མཁའ་སྟོང་པ་ལ་ཚད་མ་འཇོག །དུག་ལྔའི་ཕུང་པོ་རྡུལ་དུ་རློགས་ཤིག །སྟེང་པ་ལོ་ཙཱ་བས་མཛད། དམ་ཉམས་པའི་དགྲ་བོ་འདི་སྐྱོབ་པའི་ལྷ་དང་ཕྲོལ་ཅིག །བརྟེན་པའི་མཁར་དང་ཕྲོལ་ཅིག །ཚངས་པའི་གཙུག་ཐག་ཆོད་ཅིག །སྲོག་གི་རྟེན་ཕུར་ཕུད་ཅིག །ཚེའི་འདུ་བྱེད་སྐུམས་ཤིག །གློ་བུར་ཡེ་འདྲོགས་ཐོངས་ཤིག །བླ་རྐུན་གྱིས་བླ་ཁྱེར་ཅིག །ཤན་པས་སྲོག་ལ་རོལ་ཅིག །སྲོག་རྩ་དམར་པོ་ཆོད་ཅིག །དོན་སྙིང་དམར་པོ་དྲོངས་ཤིག །ཁོང་ཁྲག་ཁ་ནས་
ཕུད་ཅིག །སྙིང་ཁྲག་ཧུབ་ཀྱིས་ཐོབ་ཅིག །ཀླད་པ་ཞོ་ལྟར་དཀྲུགས་ཤིག །པགས་བཞི་རླབ་དང་ཁྲོལ་ཅིག །ཕུང་པོའི་ཁོང་ཁྲག་ཤིགས་ཤིག །ཡན་ལག་མགོ་ལུས་ཁྲོལ་ཅིག །ཤ་ཟོ་ཁྲག་འཐུང་ཞིག །ཏིལ་འབྲུ་ཙམ་ཡང་མེད་པར་གྱིས་ཤིག །མ་ཐོགས་མྱུར་དུ་སྒྲོལ་ཅིག །བཀའ་ཡིས་ཆད་པ་ཆོད་ཅིག །ཁ་གང་གི་དབུགས་དང་ཕྲོལ་ཞིག །ཁོག་གང་གི་སྲོག་དང་ཕྲོལ་ཅིག །མར་མེར་གྱི་ཤ་ཟོ་ཞིག །ལྟམ་ལྟེམ་གྱི་ཁྲག་འཐུང་ཞིག །འབར་འབུར་གྱི་རུས་པ་འཆོས་ཤིག །མཛའ་བ་ཀུན་དང་ཕྲོལ་ཅིག །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག་ཅིག །མཐོང་བ་དོན་ལྡན་གྱིས་མཛད་པའོ། །སྡང་བའི་དགྲ་བོ་ལས་ངན་འདི། །ལོ་དང་ཟླ་བར་མ་བཞག་ཅིག །ཞག་དང་ཟ་མར་མ་བཞག་ཅིག །ཚེའི་འདུ་བྱེད་ངན་པ་སྟུངས་ཤིག །གཟུགས་ཀྱི་ཕུང་པོ་ཕྱེས་ཤིག །གཞུངས་པ་དཀར་པོ་མདའ་ལྟར་གཏུབ། །སྲོག་རྩ་
དམར་པོ་ཕུར་ལྟར་ཐོབ། །ནང་ཁྲོལ་དམར་པོ་ཁྱེར་ལ་ཤོག །དགྲ་བོ་འཁོར་དཀྲུག་ཚངས་ཤིགས་ཤིག །དགྲ་བོའི་ཡུལ་མཁར་རྨིང་ནས་སྒྱེལ་ཅིག །ལྷག་མ་ཙམ་ཡང་མེད་པར་གྱིས་ཤིག །ཤ་ཏྲུཾ་གྱིས་གཟུགས་མེར་བསྲེགས་ཐལ་བ་ཆུར་དོར་རོ། །༈ རྟག་གཏོར་སྒོ་རུ་བཤམས་ཁ་དེར། གཏོར་ཁ་སྒོ་ཕྱེས་ཡིག་བརྒྱ་ལན་གསུམ་བརྗོད། གསང་བའི་གསོལ་འདེབས་བྱས་མཚམས་སུ། མདུན་བསྐྱེད་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་རུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲཱིཿལྗང་གུ། །ངོ་བོ་མགོན་པོ་རྣམ་པ་ཡིག་འབྲུའི་ཚུལ། །ཆར་བཞིན་བབས་ནས་བདག་གི་གནས་ལྔར་ཐིམ། །དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་གྱུར། །རང་ཉིད་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན། །བྱིན་རླབས་ནུས་མཐུ་དབྱེར་མེད་རྫོགས་པར་བསམ། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ། ཀཱ་ཡ་སིདྡྷི་ཨོཾ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་སོགས། མ་ཧཱ་ཀཱ་ལ་སོགས།
ཝཱ་ཀ་སིདྡྷི་ཨཱཿ ཨོཾ་ཧྲཱིཿཧ་ཧ་སོགས། མ་ཧཱ་ཀཱ་ལ་སོགས། ཙིཏྟ་སིདྡྷི་ཧཱུྃ། ཨོཾ་ཧྲཱིཿཧ་སོགས། མ་ཧཱ་ཀཱ་ལ་སོགས། སརྦ་སིདྡྷི་ཧྲཱིཿ ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་སོགས། གང་ཟག་སྐྱོངས་ཤིག་བར་བརྗོད་ཀྱང་ལེགས། རྟག་གཏོར་སྒོར་བཤམས་གསོ་བྲན་འགུགས་བསྐུལ་སོགས་ཕུབ་རྫོང་དང་འདྲ། ༈ ཐུན་བསྡུ་ཁར། མདུན་བསྐྱེད་གསལ་བཏབ་ལ། མདུན་བསྐྱེད་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་རུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲཱིཿལྗང་གུ། །འོད་དང་ལྡན་པ་རིམ་བཞིན་འཕྲོས་ནས་ཀྱང་། །བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ནས་སྐུ་བཞི་མངོན་གྱུར་ཤོག །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཀཱ་ཡ་སིདྡྷི་ཨོཾ། ༀ་ཧྲཱིཿཧ་སོགས། ཝཱ་ཀ་སིདྡྷི་ཨཱཿ ༀ་ཧྲཱིཿཧ་ཧ་སོགས། ཙིཏྟ་སིདྡྷི་ཧཱུྃ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སརྦ་སིདྡྷི་ཧྲཱིཿ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒ་ལཾ་བྷ་ཝནྟུ་དགེའོ།། །། ༈ ཡང་ན་གཏོར་མའི་ནང་དུ་བླུགས། ཡང་ན་མནན་པ་བྱ། མདོས་ཡོད་ན་
དང་པོ་སྒོ་དབྱེ་བ་ནི། མདའ་དར་བཟུང་ལ་འདི་སྐད་དོ། །ཀྱེ། དཔལ་ལྡན་མགོན་པོ་ཆེན་པོ་ནི། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་འཁོར་ལོ་བསྒྱུར། །ཁྱོད་ཀྱི་སྤྲུལ་པ་བསམ་མི་ཁྱབ། །ཤར་ནས་མགོན་པོ་ཡུལ་འཁོར་སྲུང་། །མགོན་པོའི་ཚོགས་རྣམས་བསམ་མི་ཁྱབ། །མདོས་དང་ཟོར་གྱི་སྒོ་དབྱེ་འཚལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ཚུལ་བཞིན་སྲུངས། །ཁྱོད་ལ་སྲིད་པའི་མདོས་འབུལ་གྱི། །ཤར་གྱི་དལ་ཁ་བཟློག་པའི་ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཧཱུྃ། ལྷོ་ན་མགོན་པོ་འཕགས་སྐྱེས་པོ། །མགོན་པོའི་ཚོགས་རྣམས་བསམ་མི་ཁྱབ། །མདོས་དང་གཏོར་མའི་སྒོ་དབྱེ་འཚལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ཚུལ་བཞིན་སྲུངས། །ཁྱོད་ལ་སྲིད་པའི་མདོས་འབུལ་གྱི། །ལྷོ་ཡི་དལ་ཁ་བཟློག་པའི་
ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཧཱུྃ། ནུབ་ན་མགོན་པོ་སྤྱན་མི་བཟང་། །མགོན་པོའི་དམག་ཚོགས་བསམ་མི་ཁྱབ། །མདོས་དང་ཟོར་གྱི་སྒོ་དབྱེ་འཚལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་བཞིན་དུ་བསྟན་པ་སྲུངས། །ཁྱོད་ལ་སྲིད་པའི་མདོས་འབུལ་གྱི། །ནུབ་ཀྱི་དལ་ཁ་བཟློག་པའི་ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཧཱུྃ། བྱང་ན་མགོན་པོ་རྣམ་ཐོས་སྲས། །མགོན་པོའི་དམག་ཚོགས་བསམ་མི་ཁྱབ། །མདོས་དང་གཏོར་མའི་སྒོ་དབྱེ་འཚལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ཚུལ་བཞིན་སྲུངས། །ཁྱེད་ལ་སྲིད་པའི་མདོས་འདི་འབུལ། །བྱང་གི་དལ་ཁ་བཟློག་པའི་ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཅེས་སྒོ་དབྱེའོ། །ཀླུ་སྒྲུབ་
ཀྱིས་མཛད་པའོ། །མདོས་ལ་རྫོང་འདེབས་པ་ནི། གསེར་མཆོད་བརྡར་ལ། རིན་ཆེན་སྣ་ལྔ་དང་། སྨན་སྣ་ཚོགས་དང་། འབྲུ་སྣ་ཚོགས་དང་། དར་ཟབ་སྣ་ཚོགས་རྣམས་འབུལ། ཨེ་ལས་གཏོར་སྣོད། འགུགས་གཞུག་-༣ གཞི་སྙིང་། བྱིན་རླབས་ཚན་-༡ མཆན། ༈ ཨོཾ་ཁཎྜ་རོ་ཧེ༴ ༀ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཞན་ཡང་གཏོར་མ་འདོད་པའི་ལོངས་སྤྱོད་ལྔ་དང་ལྡན་ཞིང་ཟད་མི་ཤེས་པ། བཟའ་བའི་ཚོགས་ལ་རི་རབ་ལྟ་བུར་སྤུངས་པ། བཏུང་བའི་ཚོགས་ལ་རྒྱ་མཚོ་ལྟ་བུར་འཁྱིལ་བ། བཙན་པ་རྡོ་རྗེའི་གོ་མཚོན། རྣོ་བའི་མཚོན་ཆ་དཔག་ཏུ་མེད་པ་བསམ་གཅོད་ཐོག་རྒོད་ལྟ་བུའི་ཚོགས། མགྱོགས་པའི་རྟ་མཆོག་དང་། གླང་པོ་རིན་པོ་ཆེ། རྒྱལ་སྲིད་སྣ་བདུན། གླིང་བཞི་རི་རབ་དང་བཅས་པ་འདི་དག་རྣམས་དཔལ་ལྡན་མགོན་པོ་
ལྕམ་དྲལ་དམ་ཅན་རྒྱ་མཚོ་དང་བཅས་པ་ལ། སངས་རྒྱས་ཀྱི་བསྟན་དགྲ་བསྒྲལ་བའི་ཕྱིར། ར་མདའ་བཟློག་པ་དེའི་ཆ་རྐྱེན་རྫོངས་འདེབས་སུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །གསེར་དངུལ་ཟངས་ལྕགས་ལ་སོགས་རྫོངས་འདེབས་ཀྱིས། །དགོས་འདོད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ག་པུར་ལ་སོགས་སྨན་རྣམས་རྫོངས་སུ་འདེབས། །འདུ་བ་རྣམ་བཞིའི་ནད་རྣམས་ཞི་བར་མཛོད། །གྲོ་ནས་ལ་སོགས་འབྲུ་རྣམས༴ ལོ་ཐོག་ཕུན་སུམ་ཚོགས་པའི་ཕྲིན་ལས་མཛོད། །ཙན་དན་སྤོས་སྦྱར་སྣ་ཚོགས་རྫོངས་སུ༴ སྙན་གྲགས་ཀུན་ལ་ཁྱབ་པའི་ཕྲིན་ལས་མཛོད། །རྟ་གླང་ལ་སོགས་དུད་འགྲོ་རྫོངས་སུ༴ དཀོར་ནོར་ཐམས་ཅད་འཛོམས་པའི་ཕྲིན་ལས་མཛོད། །ལུག་ནག་རྒྱལ་མཚན་ལ་སོགས་རྫོངས་སུ༴ བསྟན་པའི་རྒྱལ་མཚན་འཛིན་པའི་ཕྲིན་
ལས་མཛོད། །ཤ་ཁྲག་གཏོར་མ་སྣ་ཚོགས་རྫོངས་སུ༴ སངས་རྒྱས་བསྟན་པ་བསྲུང་བའི་ཕྲིན་ལས་མཛོད། །ཛ་གད་བདུད་རྩི་སྣ་ཚོགས༴ རྣལ་འབྱོར་སྐུ་ཚེ་རིང་བའི་ཕྲིན་ལས་མཛོད། །ཕྱི་ནང་གསང་གསུམ་མཆོད་རྫས་རྫོངས་སུ༴ དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྲིན་ལས་མཛོད། །རི་རབ་གླིང་བཞི་བཅས་པ་རྫོངས་སུ༴ ཕྲིན་ལས་རྣམ་བཞི་འགྲུབ་པའི་ཕྲིན་ལས་མཛོད། །དེ་ནས་སྐབས་འདིར་བཀྲ་ཤིས་སྨོན་ལམ་བརྗོད། ཧཱུྃ། ནག་པོ་ཁྱོད་དང༴ འདོད་གསོལ། ཧཱུྃ། དྲི་མ་རབ་སྤངས་ཡོན་ཏན་ཕུན་ཚོགས་པ། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་གྱུར་པའི། །བཀྲ་ཤིས་མཆོག་མངའ་ཐུགས་རྗེ་ཕུན་སུམ་ཚོགས། །དཀོན་མཆོག་གསུམ་གྱིས་དེང་འདིར་བཀྲ་ཤིས་ཤོག །ཀླུ་སྒྲུབ་ལ་སོགས་བླ་མ་བརྒྱུད་པ་ཡིས། །བསྙེན་སྒྲུབ་ཚད་དུ་སྐྱོལ་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་ཀུན་ལ་བྱིན་འབེབས་གྲུབ་
པ་ཐོབ། །བླ་མ་རྣམས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་གྲུབ་པས། །ཧེ་རུ་ཀ་དཔལ་ཡབ་ཡུམ་གཉིས་མེད་གྱུར། །འཁོར་ལོ་ལྔ་ཡི་བདག་ཉིད་བཅོམ་ལྡན་འདས། །ཡི་དམ་ལྷ་ཡིས་དེང་འདིར་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་བཀའ་སྡོད་བྱ་རོག་མཚན། །ཞལ་གཅིག་ཕྱག་བཞི་ཕྲིན་ལས་རྣམ་བཞི་འགྲུབ། །མཐུ་སྟོབས་མཆོག་མངའ་དགྲ་བགེགས་ཚར་གཅོད་པའི། །ཡེ་ཤེས་མགོན་པོས་དེང་འདིར་བཀྲ་ཤིས་ཤོག །ཁྱོད་ཀྱི་ལས་བྱེད་སྤྲུལ་པའི་ཕོ་ཉར་འགྱེད། །བྱ་རོག་གདོང་དང་ཁྱུང་ནག་སེང་གེའི་གདོང་། །ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཚོགས། །ལས་བྱེད་ཕོ་ཉས་དེང་འདིར་བཀྲ་ཤིས་ཤོག །ཙན་ཏི་ཀ་དང་དུས་མཚན་མཁའ་འགྲོ་བརྒྱད། །ལས་བྱེད་མཁའ་འགྲོ་མ་མོ་བྱེ་བ་སོགས། །མཐུན་རྐྱེན་སྒྲུབ་ཅིང་དམ་ཉམས་ཚར་གཅོད་པ། །
མོ་རྒྱུད་རྣམས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །དེང་འདིར་ནག་པོ་ཆེན་པོ་བསྙེན་ཅིང་མཆོད་བྱས་ཏེ། །མངའ་གསོལ་དམ་ཚིག་ཅན་ལ་ཉེར་དགོངས་པ། །བྱིན་རླབས་མཆོག་གི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྨོན་ལམ་བྱ་བ་ནི། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་རྣམས་ཐམས་ཅད་དུ། །སེམས་ཅན་དོན་ལེགས་བསྒྲུབ་པ་དང་། །སངས་རྒྱས་བསྟན་པ་རྒྱས་པའི་ཕྱིར། །བར་དུ་གཅོད་པར་བྱེད་པ་ཡི། །དགྲ་བགེགས་ཐམས་ཅད་ཞི་ནས་ཀྱང་། །བགེགས་ཀྱི་གནོད་པ་ཞི་བར་ཤོག །གདུལ་བྱའི་སེམས་ཅན་འདུལ་བའི་ཚེ། །ཞི་རྒྱས་ལ་སོགས་ལས་རྣམས་དང་། །ལོངས་སྤྱོད་འབྱོར་པ་ཕུན་སུམ་ཚོགས། །དེ་དག་ཀུན་གྱིས་མི་ཕོངས་ཤོག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་ཡིད་བཞིན་
འགྲུབ་པ་དང་། །རྟ་དང་གླང་ཆེན་མ་ཧེ་དང་། །སྣ་ཚོགས་འབྲུ་ལ་ལོངས་སྤྱོད་ཅིང་། །གསེར་དངུལ་མུ་ཏིག་མན་ཤེལ་དང་། །གཡུ་དང་བྱེ་རུ་ལ་སོགས་པ། །རིན་ཆེན་ལྔ་ཡི་གཏེར་རྣམས་ལ། །རྟག་ཏུ་ལོངས་སྤྱོད་ལྡན་པར་ཤོག །ཕ་མ་བུ་སྤུན་གཉེན་བཤེས་རྣམས། །བདེ་ཞིང་ཚེ་ལ་ནད་མེད་པར། །འགྲོ་བ་ཐམས་ཅད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ཏེ། །དགྲ་དང་གདོན་བགེགས་ཐུལ་བར་ཤོག །རྒྱལ་པོ་མྱ་ངན་མེད་པ་དེས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་ཡང་། །ཕྱོགས་བཅུ་ཀུན་ཏུ་དར་བར་ཤོག །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །བདུད་རྩིའི་སྣོད་དུ་འགྱུར་བར་ཤོག །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །བདག་དང་འཁོར་དུ་གཏོགས་པ་ཡི། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ལོངས་སྤྱོད་རྣམ་གཉིས་ཚོགས་པར་
ཤོག །བདག་ཀྱང་དུས་འདིར་ཚེ་རིང་ཞིང་། །སངས་རྒྱས་བསྟན་པ་བསྲུང་བ་ལ། །མཐུ་དང་རྫུ་འཕྲུལ་ལྡན་པར་ཤོག །ལོག་པར་ལྟ་བའི་དགྲ་བགེགས་རྣམས། །བདུན་རྒྱུད་རྩད་ནས་བཅད་ནས་ཀྱང་། །སངས་རྒྱས་བསྟན་པ་དར་བར་ཤོག །བཞག།དཔལ་རྒྭ་ལོས་མཛད་པའི་བཀྲ་ཤིས་སྨོན་ལམ། ༈ མདོས་འབུལ་བའི་ཕྱག་རྒྱ་དང་བཅས་པ་མདོས་ཀྱིས་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་རྣམས་སྟེང་གི་ནམ་མཁར་བཞུགས་པར་གྱུར། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ། དེ་ནས་མདོས་ཞལ་བསྒྱུར་བ་ནི། ཕྱི་རོལ་དུ་མདོས་ལམ་དཀར་ནག་བྲིས་ལ་དེའི་སྟེང་དུ་མདོས་དང་གཏོར་མ་རྣམས་ལ་ཆང་གིས་བྲན་ལ། ཧཱུྃ། ད་ནི་མདོས་ཀྱི་ཞལ་བསྒྱུར་རོ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །དགྲ་བོའི་ཡུལ་དུ་ཞལ་བསྒྱུར་རོ། །ལྷ་དམག་བྱེ་བའི་ཚོགས་དང་བཅས། །དགྲ་བོའི་ཡུལ་དུ༴ ལྷ་སྲིན་སྡེ་བརྒྱད་དམག་ཚོགས་བཅས། །དགྲ་བོའི་ཡུལ་དུ༴ སྣང་སྲིད་ལྷ་འདྲེའི་དམག་
དང་བཅས། །དགྲ་བོའི་ཡུལ་དུ༴ ཆིབས་ཁ་དགྲ་བོའི་ཡུལ་དུ་བསྒྱུར། །དམག་སྣ་དགྲ་བོའི་ཡུལ་དུ༴ དམག་དཔུང་དགྲ་བོའི་སྒོ་ཁར་ཕུབ། །སྦྲ་གུར་དགྲ་བོའི་སྒོ་ཁར་ཕུབ། །རུ་དར་དགྲ་བོའི་སྒོ་ཁར་ཚུགས། །མདུང་དར་དགྲ་བོའི་སྙིང་ལ་རྒྱོབས། །མཚོན་ཆས་དགྲ་བོའི་ལུས་སྲོག་ཕྲོལ། །ཞགས་པས་དགྲ་བོའི་མགུལ་ནས་ཐོབ། །ཁྲཾ་བམ་དགྲ་བོའི་ལུས་ལ་རྒྱོབས། །དུག་ཟོར་དགྲ་བོའི་ཁོང་དུ་འཕོང་། །དགྲ་བོའི་ཤ་ཟོ་ཁྲག་ལ་འཐུང་། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དགྲ་བོའི་ཡུལ་དུ་ལམ་བསྟན་པ་ནི། ཧཱུྃ། ད་ནི་མདོས་བསྐྱོད་བསྐྱོད་རེ་རན། །ད་ནི་སྐུ་བསྐྱོད་བསྐྱོད་རེ་རན། །ནག་པོ་ཆེན་པོ་སྐུ་བསྐྱོད་འཚལ། །ཡུམ་ཆེན་ལྷ་མོ་སྐུ་བསྐྱོད་འཚལ། །འཁོར་གྱི་དམག་ཚོགས་སྐུ་བསྐྱོད་འཚལ། །དགྲ་བོའི་ཡལ་དུ་ལམ་བསྟན་ནོ། །ཆིབས་ཁ་དགྲ་བོའི་ཡུལ་དུ་
བསྒྱུར། །ཕོ་བྲང་དགྲ་བོའི་སྒོ་ཁར་ཐོབ། །དྲག་བྱེད་འཁོར་བཅས་དམག་ལ་ཆོས། །དམག་དཔུང་བསྐྱོད་ལ་རུ་མཚོན་ཕྱོར། །དམག་ཚོགས་དགྲ་ཡུལ་ལམ་བསྟན་ནོ། །མདོས་ཟོར་དགྲ་ཡུལ་ལམ་བསྟན་ནོ། །མདོས་ཟོར་བགེགས་ལ་ལམ་བསྟན་ནོ། །བྱད་མའི་ཡུལ་དུ་ལམ་བསྟན་ནོ། །ནད་ཡམས་ཡུལ་དུ་ལམ་བསྟན་ནོ། །ཆགས་ཆེ་ཉམ་ང་བཟློག་ཕྱིར་ཆོས། །དམ་ཉམས་བྱད་མ་བཟློག་ཕྱིར་ཆོས། །ལྟས་ངན་མཚན་ངན་བཟློག་ཕྱིར་ཆོས། །དུས་མིན་འཆི་བ་བཟློག་ཕྱིར་ཆོས། །དགྲ་བོའི་མི་ནོར་རྡུལ་དུ་རློག །དགྲ་བོའི་ཡུལ་མཁར་བརླག་པར་མཛོད། །སྒོར་འབྱོན་རན། བྱ་རོག་ཁམས་གསུམ་གནད་འབེབས། དེ་ནས་རང་ཉིད་འཁོར་ལོ་བདེ་བ་མཆོག་ཞལ་སྟོང་ཕྲག་ཕྱག་འབུམ་ཚོ་ཡོད་པས་བར་སྣང་གང་བ་གཅིག་ཏུ་བསམ་མོ། །རང་ཉིད་ལ་བདེ་མཆོག་དཔག་ཏུ་མེད་པ་འཕྲོས་ནས་ནམ་མཁའ་འཁོར་ལོ་བདེ་མཆོག་གིས་གང་། བར་སྣང་ཐམས་ཅད་ཡེ་ཤེས་མགོན་པོས་གང་།
ས་གཞི་ཐམས་ཅད་ལས་མགོན་དང་ཤ་ཟ་འབུམ་མ་མོ་བྱེ་བ་ལྷ་ཀླུ་སྡེ་བརྒྱད་ཀྱི་དམག་ཚོགས་ཀྱིས་གང་བར་བསམ་མོ། །ཁྱད་པར་དུ་ཐུགས་ཀྱི་མགོན་པོས་ཙན་དན་གྱི་བེང་ཆེན་ས་ལ་བརྡབ་པས་བེང་ཁ་ཤག་གིས་བྱེ་བའི་ནང་ནས་དམག་ཚོགས་བྱུང་སྟེ། ལྷ་དམག་གིས་ནམ་མཁའ་གང་བ། གཉན་དམག་གིས་བར་སྣང་གང་བ། ཀླུ་དམག་གིས་ས་གཞི་གང་བ། ཁྱད་པར་དུ་ཡང་མདོས་ཀྱི་ལྷ་ཚོགས་དང་བཅས་པའི་དམག་ཚོགས་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་ལྔའི་གོ་ཆ་གྱོན། མཚོན་ཆ་སྣ་ཚོགས་ལག་ཏུ་ཐོགས། གླང་ཆེན་དང་རྟ་མཆོག་ལ་སོགས་ཞོན་ནས། གཅན་གཟན་སྣ་ཚོགས། བྱ་རིགས་སྣ་ཚོགས་འཁོར་དང་བཅས་པ་ཁྲོས་ཤིང་འཁྲུགས་པའི་སེམས་ཀྱིས་སྤྲིན་ནག་པོ་འུར་སྒྲ་དང་བཅས་པས་དགྲ་བོའི་ཡུལ་དུ་སོང་ནས། དགྲ་བོའི་སྦྲ་ཁང་མི་ནོར་དང་བཅས་པ་ནག་ཆོམས་སེ་བཏང་ནས་ཤ་ཟོས་ཁྲག་འཐུང་རྡུལ་ཕྲན་ཙམ་ཡང་མ་ལུས་པར་བསམ། དམག་འགྱེད་ནས་བསྟོད་པ་བྱང་ཤར་ནགས་འདབས་བྱའོ། །དེ་ནས་དཔལ་འབར་ལྔ་སྒྲོན་ནས་ཕྱོགས་བཞི་དབུས་དང་ལྔར་བཙུགས། ༈ རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག །དབུ་སྟོང་ཕྲག་གཅིག་དབུ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། ཕྱག་སྟོང་ཕྲག་གཉིས་དང་ལྡན་པ། ཕྱག་ན་མཚོན་ཆ་སྣ་
ཚོགས་འཛིན་པ། དུར་ཁྲོད་ཀྱི་ཆས་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དབུ་སྲིད་པ་གསུམ་གྱི་རྩེ་མོར་སླེབས་པ། ཞབས་བརྒྱད་ན་རག་གི་དམྱལ་ཁམས་ཟིལ་གྱིས་མནན་པ། དེ་ལས་འོད་ཟེར་འཕྲོས་པས་ནམ་མཁའ་ཐམས་ཅད་འཁོར་ལོ་བདེ་མཆོག་གི་དམག་ཚོགས་ཀྱིས་གང་བ། བར་སྣང་ཐམས་ཅད་ཡེ་ཤེས་མགོན་པོའི་དམག་ཚོགས་ཀྱིས་གང་བ། ས་གཞི་ཐམས་ཅད་ལས་ཀྱི་མགོན་པོའི་དམག་ཚོགས་ཀྱིས་གང་བ། གཞན་ཡང་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ། ཁྱད་པར་ཐུགས་ཀྱི་མགོན་པོས་ཙན་དན་གྱི་བེང་ས་ལ་བརྡབ་པ་ཤག་གིས་བྱེ་བའི་ནང་ནས་ལྷ་དམག་དུར་ཕྱུར་ཕྱུང་སྟེ། ལྷ་དམག་གིས་ནམ་མཁའ་གང་བ། གཉན་དམག་གིས་བར་སྣང་གང་བ། ཀླུ་དམག་གིས་ས་གཞི་གང་བ། ཡང་
སྤྲུལ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་རླུང་ལྟར་འཚུབ་པ། ཐམས་ཅད་ཀྱིས་རིན་པོ་ཆེ་སྣ་ཚོགས་ཀྱི་གོ་གྱོན་མཚོན་ཆ་སྣ་ཚོགས་ཐོགས་པ། གླང་ཆེན་རྟ་དང་བྱ་ནག་གཅན་གཟན་སྣ་ཚོགས་བཅིབས་པ། ཁྲོ་ཞིང་འཁྲུགས་པ། གཏུམ་ཞིང་རྔམ་པ། དྲག་རྩལ་རླུང་དང་ཐོག་ལྟར་མྱུར་བ། དམིགས་པའི་དགྲ་བགེགས་བསྒྲལ་བའི་ལས་བྱེད་པར་གྱུར། ལྷ་ཐམས་ཅད་ཀྱི་སྔགས་བརྗོད་པར་བྱའོ། །རྔ་འབིག་བརྡུང་གིས། བདེ་མཆོག ཡེ་ཤེས་པ། ལས་མགོན། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ཤར་དུ་བྱོན་པའི་ཚེ། །ཡུལ་འཁོར་སྲུང་ཡང་ཟིལ་གྱིས་གནོན། །དྲི་ཟ་རྣམས་ཀྱང་དབང་དུ་བསྡུས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ལྷོ་རུ་བྱོན་པའི་ཚེ། །འཕགས་
སྐྱེས་པོ་ཡང༴ གྲུལ་བུམ་རྣམས་ཀྱང༴ ལས་སུ་སངས་རྒྱས་བསྟན་པ༴ ཟས་སུ་ཤ་དང༴ དམ་ཉམས་དགྲ་བོའི༴ གཏོར་མའི་བདག་པོའི༴ ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ནུབ་ཏུ་བྱོན༴ སྤྱན་མི་བཟང་ཡང༴ ཀླུ་རིགས་རྣམས་ཀྱང༴ ལས་སུ་སངས་རྒྱས་བསྟན་པ༴ ཟས་སུ་ཤ་དང༴ དམ་ཉམས་དགྲ་བོའི༴ གཏོར་མའི་བདག་པོའི༴ ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་བྱང་དུ༴ རྣམ་ཐོས་སྲས་པོ༴ གནོད་སྦྱིན་རྣམས་ཀྱང༴ ལས་སུ་སངས་རྒྱས་བསྟན་པ༴ ཟས་སུ་ཤ་དང༴ དམ་ཉམས་དགྲ་བོའི༴ གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །དེ་ནས་བསྐུལ་པ་དུར་ཁྲོད་བསིལ་ཚལ་བྱས་ལ། མདོས་དང་གཏོར་མ་རྣམས་འབུལ་ལོ། །ལས་གཏོར་དང་ཟོར་འགའ་རེ་འཕེན། རླུང་ཁ་མ་གྱུ་ན། དར་ནག་གི་ཆུན་དང་ཐུན་ཟོར་འཕེན། མི་ལྤགས་ཀྱི་གཡང་གཞི་གཡབ་བོ། །གཞུང་ལས་མདོས་སྣ་ཟོར་གྱིས་ཁྲིད། མདོས་གཞུག་ཟོར་གྱིས་བཅད་ཅེས་སོ། །༧
ས་ལ་གྲུ་གསུམ་གཉིས་རིམ་བྲིས་པའི་སྟེང་དུ། གཏོར་མའི་སྣོད་རྣམས་ཁ་སྦུབ་སྟེ་བཞག་ལ། བྲོ་བརྡུང་། ལྕགས་ལས་གྲུབ་པའི་ཁང་པ་གྲུ་གསུམ་མེ་རབ་ཏུ་འབར་བས་གང་བའི་ནང་དུ་དགྲ་བགེགས་ཐམས་ཅད་གནས་པའི་སྟེང་དུ་སུཾ་ལས་སྐྱེས་པའི་རི་རབ་དང་། ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེས་མནན་པས་བསྐལ་པའི་བར་དུ་ཐར་པའི་སྐབས་མེད་པར་གྱུར། མཐོང་བ་དོན་ལྡན་གྱིས་མཛད་པའོ། །ཧཱུྃ། རྡོ་རྗེ་འབར་བའི་ད་ལ་རུ། །དམ་ཉམས་ལོག་པར་ལྟ་བ་ཡི། །ཞེ་སྡང་གནས་སུ་བསྒྲལ་བའི་ལས། །འདི་ནི་ཞི་བའི་ཕྲིན་ལས་ཡིན། །ནག་པོ་ཆེན་པོ་ལྕམ་དྲལ་རྣམས། །ཞི་བའི་ལས་ལ་མངའ་མཛད་དེ། །ཞི་བས་ཐམས་ཅད་གནས་སུ་བསྒྲལ། །ཞི་བར་མ་གྱུར་གང་ཡང་མེད། །སྟག་ལུང་སངས་རྒྱས་དབོན་གྱིས་མཛད་པའོ། །ཧཱུྃ། མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ལས་མཁན་སྲུང་མས་བྲོ་གཅིག་བརྡུང་། །ཞབས་བསྐྱོད་ས་ལ་བརྡབ་པ་ཡིས། །དམ་
ཉམས་ཐལ་བ་རྡུལ་དུ་རློག །དེ་ནས་རྡོ་རྗེའི་གཤོག་པ་བརྡར། །ལོག་འདྲེན་འབྱུང་པོ་བུན་གྱིས་འདེབས། །ལག་གཉིས་རྡོ་རྗེའི་གྲི་གུག་བསྣམས། །དམ་ཉམས་སྲོག་གཅོད་སྙིང་ཁྲག་འཐུང་། །འདི་ནས་འོག་ཕྱོགས་སྟོང་ཕྲག་ཉི་ཤུ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། །དེ་ལ་ཁྱོད་ཀྱིས་ཆོས་ཉོན་ལ། །ཇི་སྲིད་བྱང་སེམས་མ་སྐྱེས་བར། །ཆོས་སྐྱོང་སྲུང་མས་རྒྱས་བཏབ་པས། །རྒྱ་ལས་འདའ་བར་མ་བྱེད་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཤ་ཏྲུཾ་དམ་སྲི་ན་ཤ་ཡ། ན་ཤ་ཡ། སྟྭཾ་བྷ་ཡ། སྟྭཾ་བྷ་ཡ། མཱ་ར་ཡ། མཱ་ར་ཡ། ལཾ་ནན་ནན། ཞེས་བྲོ་བརྡུང་། དེ་ནས་གཏོར་སྣོད་ཁ་ཡར་བསྟན་ལ། མཐོང་བ་དོན་ལྡན་གྱིས་མཛད། ཧཱུྃ། རྣལ་འབྱོར་བདག་ཅག་བྱང་ཆུབ་སེམས། །བླ་མེད་འགྲུབ་ཅིང་འདིར་ནི་ཡང་། །ཚེ་དང་བསོད་ནམས་དཔལ་འབྱོར་བཟང་། །བདེ་ལེགས་ཆེན་པོས་གང་གྱུར་ཅིག །ཅེས་བརྗོད་ལ་ནང་དུ་ལོག་སྟེ། དེ་ནས་ཆོས་སྐྱོང་གི་
དམག་ཚོགས་ཡར་བྱོན་པར་བསམ་ལ་གཏང་རག་འབུལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་སྡེ་བརྒྱད་འཁོར་དང་བཅས་པ་ལ་དགྲ་བགེགས་བསྒྲལ་བའི་གཏང་རག་ཏུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་མཆོད་དོ་འབུལ་ལོ། །མཉེས་ཤིང་ཚིམ་ནས་ངོ་སོ་བཅོ་ལྔའི་ཟླ་བ་ལྟར་རྒྱས་པར་གྱུར་ཅིག །མཐོང་བ་དོན་ལྡན་གྱིས་མཛད། ཀྱེ། མངོན་སྤྱོད་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཞེ་སྡང་དགྲ་ཡི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །དཀྱིལ་འཁོར་ལམ་དུ་བྱེད་པ་ཡི། །རིག་འཛིན༴ ཕུང་པོ་བདུད་ཀྱི༴ ད་ནི་རྒྱལ་ལོ༴ དུག་ལྔ་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར༴ ཉོན་མོངས་བདུད་ཀྱི༴ ད་ནི་རྒྱལ་ལོ༴ རོ་སྙོམ་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར༴ ལྷ་ཡི་བུ་ཡི་བདུད་དཔུང་ལས། །ད་ནི་རྒྱལ་ལོ༴ བདུད་བཞི་ལམ་དུ་
བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །འཆི་བདག་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣལ་པར་རྒྱལ། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ཞེས་བརྗོད་ལ་གྲལ་དུ་འཁོད་ལ། མགོན་པོའི་མངའ་གསོལ་བྱ། དངོས་གྲུབ་ལེན་པ་ལ་སོགས་བྱའོ། །དེ་ནས་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་བྱའོ། །བཀྲ་ཤིས་བརྗོད། གདུལ་དཀའ་འདུལ་བའི་མན་ངག་མཆོག །རབ་ཟབ་བྱེད་བྱེད་ཉེ་བའི་ལམ། །བརྗོད་བྱའི་ཚིག་ཙམ་འདི་བྲིས་ཀྱིས། །ཡིད་ཀྱི་བྱེད་ལས་གཙོ་བོ་ཉིད། །མི་ཟད་ཞེ་སྡང་གིས་གང་བའི། །ཤིན་ཏུ་ཁྲོས་པའི་ངང་ཚུལ་ཅན། །དུག་སྦྲུལ་ལྟ་བུའི་སྐྱེས་བུ་དེས། །ཞེ་སྡང་དབང་གིས་འདི་བྱས་སོ། །ཤུ་བྷཾ། །བཀྲ་ཤིས་དཔལ་འབར་སྡང་དགྲ་ཐུལ་བའི་གོ་ཆར་ཤོག །དགེའོ།། །།
མན་ངག་དམ་པ་ཀརྨ་རཏྣ་ལཀྵི་ཏའི་ཐུགས་བཅུད།
མན་ངག་དམ་པ་ཀརྨ་རཏྣ་ལཀྵི་ཏའི་ཐུགས་བཅུད་བཞུགས་སོ། །ན་མོ་མ་ཧཱ་ཀཱ་ལ་ཡེ། འདིར་གཏོར་མའི་མན་ངག་ཟབ་མོ་ལ། གཏོར་མ་ལྷར་ཤེས་པ་དང་། གཏོར་མ་མཚོན་ཆར་ཤེས་པ་དང་། གཏོར་མ་བ་ལིང་དུ་ཤེས་པ་གསུམ་ལས་དང་པོ་ལྷར་ཤེས་པ་ནི། མདུན་བསྐྱེད་གཏོར་མགྲོན་ལྷའི་སྐུར་བསྒོམ་ནས་མཆོད་བསྟོད་ཕྲིན་ལས་བཅོལ་བ་སོགས་དང་། ཕྲིན་ལས་དགྲ་བགེགས་ཚར་གཅོད་ལ་མདུན་བསྐྱེད་ཀྱི་ལྷ་ནམ་མཁར་བཏེགས་ཏེ་བར་སྣང་ཐད་དུ་བཞུགས་ནས་གཏོར་མའི་རྩེར་མཚོན་ཆའི་འཁོར་ལོ་འཁོར་བར་དུ་དགྲ་བགེགས་བྱད་མའི་ནྲྀ་ཡིག་དང་བཅས་པ་གསལ་བ་མཚོན་ཆའི་འཁོར་ལོའི་བར་དུ་བཅད་གཏུབ་བསད་ནས་རྡུལ་ཕྲན་ཙམ་ཡང་མ་ལུས་པ་ཤ་ཁྲག་གི་ལོངས་སྤྱོད་དུ་སྤེལ་ནས་དམག་ལ་དམག་གྲོ་བྱིན་པ་ལྟར་ཤ་
ཁྲག་གི་ལོངས་སྤྱོད་ཞལ་གནམ་ས་ཙམ་གདངས་ནས་རྔམ་རྔམ་དུ་གསོལ་ནས། ཤིན་ཏུ་མཉེས་ཤིང་ཚིམས་ནས་ཐུགས་དགྱེས་ནས། སྔོན་བཅོམ་ལྡན་འདས་དང་སློབ་དཔོན་ཀླུ་སྒྲུབ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་དེ་དྲན་ནས་གཏུམ་རྔམ་འཇིགས་རུང་དང་བཅས་པས། སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས། མགྱོགས་པའི་རྟར་ཆིབས་ནས་སྤྲུལ་པ་ཡང་སྤྲུལ་དང་བཅས་པས། སངས་རྒྱས་ཀྱི་བསྟན་དགྲ་མ་རུངས་པ་སོད་ཅིག་རྒྱོབ་ཅིག །ཧཱུྃ་དང་ཕཊ་སྒྲ་འབྲུག་སྟོང་ལྟར་སྒྲོགས་ཤིང་བཞུགས་པར་བསམས་ལ། ལས་བྱེད་བརྔན་ཅིག་མ་བྱིན་ན་ཟེར་བའི་དོན་ཡང་དེ་ལྟར་ལགས། གཏོར་མ་མཚོན་ཆར་ཤེས་པ་དང་། བྷ་ལིང་དུ་ཤེས་པ་གསུམ་ཡང་དེ་ལྟར་ལ། རྒྱས་པར་མགོན་པོའི་སྐུ་རེག་འཁོར་ལོ་བཞི་པར་གསལ་ཐོབ། རང་ཉིད་བདེ་མཆོག་ཁམས་གསུམ་ཟིལ་གནོན་དུ་བསྒོམ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྒྱ་གར་གྱི་གྲུབ་ཆེན་བརྒྱད་སོགས་ཐམས་ཅད་མཆོད་ནས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་ཨོཾ་ཨཱཿཧཱུྃ་གི་རྣམ་པར་ཚུར་འདུས། རང་མགོན་པོ་ལྷ་མོ་སོགས་ཆོས་སྐྱོང་ཐམས་ཅད་ལ་ཐིམ་
པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟན་དགྲ་བསྒྲལ་བར་དབང་བསྐུར་བར་བསྒོམ། དབང་རྟགས་སུ་རྒྱལ་བ་རིགས་ལྔས་དབུ་བརྒྱན་པའོ། །ཡང་འོད་ཟེར་སྣ་ལྔ་འཕྲོས་པས། བདེ་མཆོག །དགྱེས་རྡོར། གདན་བཞི། མ་ཧཱ་མ་ཡ་ལ་སོགས་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ་མཆོད་པས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ལས། རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་སོགས་རིགས་ལྔའི་ཕྱག་མཚན་དཔག་མེད་བྱུང་ནས། མགོན་ལྷ་སོགས་ཆོས་སྐྱོང་ཐམས་ཅད་ལ་ཐིམ་པས་དེ་རྣམས་ཀྱི་སྟོབས་དང་གཟི་བརྗིད་རྒྱས་པར་བསྒོམ། ཡང་སྔར་ལྟར་འོད་ཟེར་ཚ་ལ་རྩུབ་པ་ཕྱོགས་བཅུར་འཕྲོས་པས། དྲེགས་བྱེད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཕོག་པས་འོད་ཟེར་མ་བཟོད་ནས་འདར་ཕྲི་ལི་ལི། སྟོབས་དང་མངའ་ཐང་ནུས་པ་ཐམས་ཅད་ཚུར་འདུས་ནས། མ་མགོན་སོགས་ཀྱི་ཕྱག་མཚན་གྲི་གུག་རལ་གྲི་སོགས་ལ་ཐིམ་པས་མ་རུངས་གནོད་བྱེད་དགྲ་བགེགས་བརླག་པར་བསམ། དཔལ་ལྡན་ལྷ་མོ་དུད་སོལ་མ་ལའང་གྲུབ་ཆེན་ཉིད་ཀྱིས་མཛད་པའི་ལས་མཐའ་སོ་སོར་ཡོད་པས་དགོངས་མཛོད། དེ་ནས་རིམ་གྱིས་བསྐུལ་པ་ཐམས་ཅད་ཀྱི་མཐར། དམག་འགྱེད་དྲག་བསྐུལ་བྱས་ལ།
རྗེ་དགུ་པས་དམ་ཅན་གྱི་བསྐུལ་པའི་མཐར་གཏོར་གདོང་སྐད་ཅིག་གིས་མཚོན་ཆར་གྱུར། གསུངས་པ་དེ་ལྟར་ཤེས་པར་བྱ་དགོས་ལ། རང་ཉིད་ལྷ་ཡི་ང་རྒྱལ་གྱིས་ལངས་ནས། ནམ་མཁའི་མ་མགོན་སྡེ་བརྒྱད་ཐམས་ཅད་ལ་གོང་གི་མཐུ་ནུས་ཐམས་ཅད་རྫོགས་ནས་གཏུམ་རྔམ་ཁྲོས་འཁྲུག་གིས་བཞུགས་པར་བསམས་ལ། མདུན་གྱི་ལིངྒ་སངས་རྒྱས་ཀྱི་བསྟན་དགྲ་དངོས་ཡིན་པར་བསམ་ལ་བདེན་བདར་འགུགས་གཞུག་ལན་གསུམ་བྱས་ལ་ཆིིང་བརྒྱབ་ལ་བཞག །ཡང་རང་འདོད་ཁོ་ན་ལ་དམིགས་པས་མ་མགོན་ཆོས་སྐྱོང་ཐམས་ཅད་ཀྱིས་ལས་མི་བྱེད་ཅིང་། ཐུགས་ཀྱིས་ཁྲེལ་ནས་རང་ལ་རྟེན་སྒྲིབ་དང་འཁུ་ལྡོག་བྱེད་པར་གསུངས་གདའ་བས། སངས་རྒྱས་ཀྱི་བསྟན་དགྲ་དགེ་འདུན་གྱི་སྤྱི་དགྲ་བླ་མ་དམ་པའི་སྐུ་དགྲ་ལ་དམིགས་ན་ཆོས་སྐྱོང་ཐམས་ཅད་ཀྱིས་རང་གིས་གང་འདོད་ཞོར་ལ་བསྒྲུབ་པར་གསུངས་པས། དཔེར་ན་གོད་ཆེན་བཏང་ན་སོང་དོགས་མི་དགོས་བྱ་གཅན་ཡོད་པ་ལྟར། དེ་ནས་དམག་ཐབས་ཇག་ཐབས་གཉིས་ལས། ཇག་ལ་རྒྱུག་ན་སློབ་དཔོན་སྔོན་ལ་འགྲོ་བ་ལྟར་མགོན་པོ་ཆོས་སྐྱོང་དྲག་རིགས་སྔོན་ལ་བཏང་ནས་ཇག་ཐབས། དམག་ཐབས་ལ། དཔོན་པོའི་རྟིང་ཕུལ་དམག་དཔོན་བྱེད་ནས་དམག་མི་
སྔོན་ལ་གཏོང་བ་ལྟར་དམ་ཅན་སོགས་སྡེ་བརྒྱད་སྔོན་ལ་བཏང་ནས་དེ་རྗེས་མགོན་པོ་ལྷ་མོ་སོགས་དྲག་རིམ་རྗེས་ནས་སོང་། དེ་ནས་གཏོར་མ་གོང་དུ་བཤད་པ་ལྟར་ཕྱག་མཚན་མེ་དཔུང་དུག་རི་སོགས་ལ་བསྒོམ་ནས་ལག་ཏུ་ཐོགས་ལ། དམག་ཐབས་ལ་དང་པོ་ཐང་ལྷ་ངས་ནུས་མ་སྔོན་ལ་སྟེ། བདེ་མཆོག་གནས་འགྱུར་ནས། སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་སྙིང་ཕྱག་རྡོར་ལ་ཕུལ་བས། བཅོམ་ལྡན་འདས་ཀྱང་ཡིན། དྲག་པོ་ཐུགས་ཀྱི་ལྷ་ཡང་ཡིན་པས་ཕྱག་རྡོར་དུ་གསལ་བས་འདི་ལྟར་རོ། །༈ དཀོར་སྲུང་ངས་ནུས་མའི་དྲག་བསྐུལ་ནི། ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངས་ནུས་མ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་མ། སློབ་དཔོན་པདྨ་འབྱུང་གནས་ཀྱི་དམ་ལ་གནས་པའི་ལྷ་མོ་ཆེན་མོ། སྒྲུབ་སླ་བ། མྱུར་མགྱོགས་ཆེ་བ། ཕྲིན་ལས་མྱུར་བ། ནས་འབྲུ་བདུན་གྱི་རྗེས་བསྙག་མ། རྩྭ་འཇག་གཅིག་གི་
རྗེས་འབྲང་མ། ཆུ་ཕོར་གང་གི་ཤུལ་སྙག་མ། དུར་ཁྲོད་བདག་མོ་ངས་ནུས་མ་མཐུ་མ་ཆུང་། བང་མ་བུལ། རྩལ་མ་ཞན། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དགེ་འདུན་གྱི་སྡེ་བཅོམ་པ། དབེན་རི་གཉན་པོ་བཅོམ་པ། རྣལ་འབྱོར་བདག་ལ་དོ་བསྡོ་བ། མ་མོ་ཁྱོད་ལ་བརྙས་བཙུག་པའི་དམ་ཉམས་པའི་དགྲ་བོ་བྱད་མ། སྡང་དགྲ་གནོད་བྱེད་ལ་ཞེ་སྡང་གདུག་རྩུབ་མ་ཆུང་བར་མྱུར་དུ་རྒྱུག་ཅིག །དགའ་བྱེད་དབང་ཕྱུག་ད་རྒྱུག་ཅིག །དགྲ་རྐུན་རྗེས་མཁན་ད་རྒྱུག་ཅིག །དཀོར་སྲུང་ཆེན་མོ༴ དམར་མོ་ཁྲག་མདོག༴ སྔོན་མོ་གཡུ་མདོག༴ སེར་མོ་གསེར་མདོག༴ ནག་མོ་ལྕགས་མདོག༴ ནག་མོ་སོལ་མདོག༴ དབུ་ལྔ་དྲེད་མགོ༴ དམ་ཉམས་པའི་དགྲ་བོ་བྱད་མ་ཐལ་བ་རྡུལ་ཕྲན་བཞིན་དུ་རློགས་ཤིག །སྟེང་ནས་གནམ་གྱི་འཇུ་ཐག་ཆོད་ཅིག །འོག་ནས་ས་ཡི་བརྟན་ཕུར་ཕུད་ཅིག །ཤ་
རུས་དོན་སྙིང་དཔའ་ཟས་གྱིས་ཤིག །བཀའ་དང་དམ་ལ་མ་འདའ། མཐུ་དང་ནུས་པ་མ་ཆུང་། རྩལ་དང་དྲག་ཤུལ་མ་ཞན། ཞག་དང་ཟ་མར་མ་འགོང་བར་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཨོཾ་ར་ལི་པྲ་མ་ཡ་ཛ། སི་ལི་མ་ནི་ཛ་བསྨེ་ཧཱ་པདྨེ་ཧུར་བྷྱོ། ཀྲོ་དྷ་ནི་ཧུར་ཧུར། སྲོག་ལ་ཧྲིང་ཧྲིང་། ཐུཾ་ཐུཾ། རིལ་རིལ། ཛ་ཛ། བྷྱོ་བྷྱོ། རྦད་རྦད། སོད་སོད། དམ་ཉམས་པའི་དགྲ་བོ་མཱ་ར་ཡ་ཕཊ། གཏོར་མ་དེ་ལྷ་མོ་འཁོར་དང་བཅས་པ་བསྐྱེད་ལ། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རང་འདྲའི་འཁོར་ཚོགས་ཐན་དང་ཆོ་འཕྲུལ་གྱི་ཚོགས་དཔག་ཏུ་མེད་པ་ནམ་མཁའ་བར་སྣང་ས་གཞི་གང་བ། སྤྲིན་ནག་རླུང་གིས་བསྐྱོད་པ་ལྟར་དགྲ་ཡུལ་དུ་སོང་ནས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་བསམས་ལ། གཏོར་མ་འུར་ལྟེབ་ཏུ་བཞག་ལ་དགྲ་ཡུལ་དུ་འཕང་། ཨྠྀི། ༈ དམག་རྒྱལ་མའི་གཏོར་ཟོར་འཕེན་ཐབས་ལས་རིམ་ཅུང་ཟད་ཙམ། རང་ཉིད་ལྷའི་ང་རྒྱལ་བསྐྱེད། གཏོར་མ་དུག་གི་རི་བོ་ཆེན་པོ་རུ་བསྐྱེད་དོ། །བྷྱོ། སློབ་
དཔོན་པདྨའི་བཀའ་ཉན་མ། །མ་མོ་ཆེན་མོ་དམག་གི་རྒྱལ། །ཀླུ་བཙན་དྲེགས་པ་སྲོག་གི་བདག །མེ་ག་དུན་ཏི་ལ་སོགས་པའི། །ལས་མཁན་སྲོག་གི་ཤན་པ་བདུན། །འཁོར་བཅས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ལས་ལ་མ་གཡེལ་ཅིག །བཀའ་དང་དམ་ལས་མ་འདའ་བར། །བསྟན་དགྲ་བསྒྲལ་བའི་ཕྲིན་ལས་མཛོད། །ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །ལྟས་ངན་ཀུན་གྱི་མངའ་བདག །མ་མོ་དམག་གི་རྒྱལ་མོ། ཕུང་སྲི་རྔ་མོང་ལ་ཞོན་པ། བུད་མེད་ནག་མོ་ཤིན་ཏུ་འཇིགས་ཤིང་ཡ་ང་བ། ཡན་ལག་ལྷུ་ཚིགས་རག་པ། རལ་པ་དམར་པོ་སྟེང་ཚངས་པའི་གནས་སུ་སོང་བ། དཔྲལ་བའི་དཀྱིལ་དུ་མིག་གཅིག །སྟོང་གསུམ་གསལ་བའི་ཞལ་གནམ་ས་ལྟར་གདངས་ལ། མཆེ་བ་གངས་རི་ལྟར་རྔམ་པ། བྲང་ན་ནུ་གཅིག །རྒྱབ་ན་
གཤོག་གཅིག །ཕྱག་ན་སྦལ་འཁར་སྦྲུལ་ནག་མགོ་གསུམ་གྱི་ཞགས་པ་བསྣམས་པ། རལ་པའི་གསེབ་ནས་ཐན་བྱ་སྣ་ཚོགས་ཀྱི་སྒྲོ་ཡི་འཕྲུ་བཙུགས་པ། སྤྲུལ་པའི་ཕོ་ཉ་རླུང་ལྟར་འཕྱོ་བ། བྱ་ཐན་སྣ་ཚོགས་ཀླད་དུ་ལྡིང་བ། མ་མོ་སྲོག་ལེན་འབུམ་གྱིས་བསྐོར་བ། བཙན་མོ་དམར་མོ་ནག་ལ་ཁྲོ་བ། ཞལ་གཅིག་ཕྱག་གཉིས་སྤྲེའུ་གླ་སྐྱ་ཐོགས་པ། གཡོན་སྦྲུལ་ཞགས་འཛིན་པ། མདུན་དུ་མ་མོ་སནྟི་སྤྲེའུ་གླ་སྐྱ་ལ་ཞོན་པ། མེ་ག་དུནྟི་མ་རི་བོང་ཝ་ལ་ཞོན་པ། སྙིང་ལྡོག་མ་ཕོ་རོག་འུག་པ་ལ་ཞོན་པ། གློག་འཁྲུག་མ་སྦུར་བ་སྟག་ལ་ཞོན་པ། གློག་མོ་སྲིན་རྡོལ་མ་སྲེ་མོང་བྱི་བ་ལ་ཞོན་པ། ལག་ཉམས་རྐང་འཕྲོག་མ་སྦལ་པ་སྨྲིག་བུ་ལ་ཞོན་པ། མ་གི་མ་སྡིག་པ་ཏིལ་ལོ་ལ་ཞོན་པ། མ་མོ་སྲོག་ལེན་འབུམ་གྱི་སྡེ། དྲེགས་བྱེད་བཙན་གྱི་དམག་དཔོན། སྟེང་ན་ལྷ་དམག་འབུམ། བར་
ན་གཉན་དམག་འབུམ། འོག་ཏུ་ཀླུ་དམག་འབུམ། ས་བདག་དམག་ཚོགས། ལོ་རྒན་དྲུག་ཅུ། སྲིད་པའི་འདྲེ་དགུ། གཙུག་ལག་ཁང་གི་དམག་ཚོགས་གདོན་བཅུ། བཙན་བདུད་གིང་མ་སྲིང་ཐེའུ་རང་གི་དམག་ཚོགས། གཙོ་འཁོར་ཐམས་ཅད་ཀྱིས་སྔོན་རྒྱལ་བ་ཤཱཀྱ་ཐུབ་པ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ། པུཎྱེ་བྷ་དྲ། ཀརྨ་ཛྙཱ་ན་ལ་སོགས་ཀྱིས་བཀའ་བསྒོས་དམ་ལ་བཞག་པ་དེ་མ་བརྗེད། བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་བཞིན་དུ། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། དམ་ལས་མ་འདའ་བར་སྲ་བའི་གོ་གྱོན། རྣོ་བའི་མཚོན་རྡོར་ཅིག །མགྱོགས་པའི་རྔ་མོང་དང་རང་རང་གི་རྟ་ལ་ཆིབས་ཤིག །ལས་ལ་བབ་ན་ལས་མ་ཞེན་ཅིག །རྩལ་ལ་བབ་ན་རྩལ་མ་ཆུང་། དམ་ཉམས་པའི་དགྲ་བོ་ཞིང་བཅུ་ཚང་བ་བསྟན་དགྲ་སྡིག་པོ་ཆེ་འདིས་སངས་རྒྱས་ཀྱི་བསྟན་
པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མ་དམ་པའི་སྐུ་ལ་བསྡོས། སེམས་ཅན་ཡོངས་ལ་གནོད་པ་བྱས། རྣལ་འབྱོར་བདག་ལ་བསྡོས་སུ་བྱས་པའི་རྣལ་འབྱོར་འཁོར་བཅས་ཀྱི་སྒོས་དགྲ། སྲུང་བའི་ལེ་གུ་ལྷ་ལོག །བསྟན་པའི་སློབ་བུ་དམ་ལོག །གསོས་པའི་ནད་པ་སོས་ལོག །དཀོན་མཆོག་གི་དཀོར་ལ་རློམ་པ། སྔ་དགྲ་བྱས་པ། ཕྱི་དགྲ་ཤོམ་པ། བསྟན་པ་ལ་ཕོད་བཙུག་པ། དོ་བསྡོ་བ། འགྲས་ཚོལ་བ། བདག་ཅག་རྣལ་འབྱོར་འཁོར་བཅས་ལ་རྐུན་སྣ་སྟོན་པ། ཇག་སྣ་འདྲེན་པ། ཕུ་སྤང་མཁར་གྱི་གོང་བ་རྩོད་པ། མདའ་ས་ནག་གི་རུས་སྒེས་རྩོད་པ། མི་ང་ལ་ལྷ་མེད་ཟེར་བ། ལྷ་ཁྱོད་ལ་མཐུ་མེད་ཟེར་བ། ཡོད་ན་ག་རེ་ཟེར་བ། མི་མང་ས་ལ་སྨ་རེ་ཕབ་མི། བྱ་མང་སའི་ནང་ནས་སྤུ་བཏོག་མི། ཕུར་ཁ་སྟོན་མི། ཟོར་ཁ་དང་བྱད་ཁ་སྟོན་མི། བསམ་པ་ངན་པ་
འཆང་བ། གནས་ཕ་རི་ཚུར་རིའི་ཉེས་མེད་རི་དྭགས་གསོད་མི། མཐུ་བུ་ལོན་བཞིན་དུ་བསྙག་པའི་དམ་ཉམས་པའི་དགྲ་བོ་འདི། བསྒྲལ་བའི་ཞིང་བཅུ་ཚང་བ་བྱད་མ་དམ་ལོག་འདི། ལྟས་ངན་དམག་གི་རྒྱལ་མོ་ཁྱོད་ལ་གཏད་དོ་མ་ཤོར་ཅིག །ཞག་དང་ཟ་མར་མ་བཞག །བཞི་བརྒྱ་རྩ་བཞིའི་ནད་ཀྱིས་ཁོང་ནས་སློངས་ཤིག །སྨྱོ་འབོག་དང་བརྒྱལ་ནད་ཐོངས་ཤིག །ཁོང་གི་སྙིང་ནང་ནས་ཕྱུངས་ཤིག །སྲོག་རྩ་དམར་པོ་ཆོད་ཅིག །བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག །བཏབ་པ་བདག་གིས་མ་ནོར་གྱིས། གློག་དམར་གྱིས་མགྱོགས་པས་ཁྱོད་ཀྱི་ཞལ་དུ་བཞེས་ཤིག །བཙན་པོ་གཉའ་ལ་མ་བཏང་ཞིག །མགྱོགས་པ་སྔོན་དུ་མ་ཤོར་ཅིག །དམ་ཉམས་པའི་དགྲ་བོ་མི་ནོར་འཁོར་དང་བཅས་པ་འདི། ལྟས་ངན་དམག་གི་རྒྱལ་མོ་ཁྱོད་ཀྱིས་རློགས་ཤིག །སྙིང་ཟོ་ཞིག །ཁྲག་འཐུང་ཞིག །སྲོག་ཆོད་ཅིག །
དབུགས་སྐུམས་ཤིག །རུས་མུར་ཅིག །རྔམ་རྔམ་རྔོམ་རྔོམ་གྱིས་ལྷག་མེད་དུ་བཞེས་ཤིག །ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག །མ་བྷྱོ་མ་རུ་ལུ་མ། རག་མོ་ཧ་མ་ཏྲ་ཛཿནཱ་ག་ཤུ། དམག་ལ་ལྷང་ལ་ལི་པྲ་མོ་ནི་ཧ་བྷྱོ་ཧོམ་བསྐྱེད། དུན་ཡཾ་ཤུད་སྤ་ར་ཎ། དམག་གི་རྫུ་འཕྲུལ་ཤར་ཤར། དམག་གི་རྒྱལ་མོ། ལས་ཀྱི་དྲག་མོ། རེམ་རེམས། དམག་ཐིབ་ཐིབ། ནཱ་ག་རྫུ་འཕྲུལ་ཤར་ཤར་ཛ་ཛཿཨ་རི་ན་ཀཾ་ཀཾ །ཀ་ཀ་ཆོས། ཀོ་རི་ན། སརྦ་ལས་ལ་ཆོས། ལྟས་ངན་དམག་གི་རྒྱལ་མོ་དམག་ལ་ཆོས། གིང་མེ་རུ་རྩེ་དམག་ལ་ཆོས། ལྟས་ངན་གྱི་རྒྱལ་མོ་ཀུ་དི་རི་རི་དགྲ་ལ་རྒྱུགས། །དགྲ་བོ་འདི་ལ་རྟགས་དང་ཆོ་འཕྲུལ་སྣ་ཚོགས་མྱུར་དུ་ཕོབ། མ་མོ་བཙན་དང་ཀླུ་དང་གསུམ། །སྣང་སྲིད་ལྷ་འདྲེའི་དམག་སྡུས་ལ། །དམ་ཉམས་དགྲ་བོའི་སྟེང་དུ་རྒྱུགས། །ཐན་དང་ལྟས་ངན་སྣ་
ཚོགས་ཐོངས། །ནག་མོ་རྫུ་འཕྲུལ་ཅན་དགྲ་བོའི་ཁྱིམ་དུ་སྤྲུལ་པ་ཡ། སན་ཏི་མ་དགྲ་བོའི་ཁྱིམ་དུ་ཡ། མ་ཏི་མ་དགྲ་བོའི༴ མོ་ཁ་དུན་ཏི་མ༴ གློག་འཁྲུག་མ༴ སྙིང་ཟློག་མ༴ གློག་ཕོ་གློག་མོ༴ སྙིང་ཟློག་མ༴ ལག་ཉམས་རྐང་འཁུག་མ་དགྲ་བོའི་ཁྱིམ་དུ་ཡ། མུ་ཏྲ་སྙིང་ཁྲག་ལ་ཧུར་ཐུཾ་རི་ལི་ལི་རྦད། ཡ་ཏྲི་ཛ་ཤུ་ལ་ར་ཙ་ཏྲི་ཡཾ་ཛཿཛཿ དགྲ་བོའི་སྲོག་ལ་ཡཾ་ཡཾ། ནཱ་ག་ཤུ། མ་མ་རཀྵ། ནག་མོ་ཤུ་རི་ལས་ལ་བྷྱོ། མུ་རཀྴ་ཙ་མུན་ཁ་བྷྱོ། ཞེས་གཏོར་མ་འཕང་། ལིང་ག་དེ་སངས་རྒྱས་ཀྱི་བསྟན་དགྲ། ཡིད་ལ་བརྣག་པའི་དགྲ་བོ་བྱད་མ་དངོས་ཡིན་སྙམ་ནས། དུག་གི་རི་བོ་ཕོག་པས་ཐལ་བ་རྡུལ་ཕྲན་ཙམ་ཡང་མེད་པར་བྱས་ནས་སེམས་ལ་བལྟ། ཞེས་པ་དམག་རྒྱལ་མའི་གཏོར་ཟོར་འཕེན་པ་འདི། སྔོན་གྱི་ཡི་གེ་རྒྱུན་ཆད་ལྟར་རེད་པས། གཞུང་འདི་ལས་བྱང་ལ་བསྟུན་ནས། སྐྱོ་བྲག་དབུ་རྩེའི་ལྷ་གནས་སུ་ཤྲཱི་བྷ་དྲའི་མིང་གིས་བྲིས་པས་ཉེས་ལྟུང་ཐམས་ཅད་མ་མོ་དམག་གི་རྒྱལ་མོ་གཙོ་འཁོར་རྣམས་ལ་ནོངས་པ་ཆེན་པོས་མཐོལ་ལོ་བཤགས། སརྦ་མངྒ་ལཾ། །
༈ རྒྱུག་ན་སློབ་དཔོན་སྔོན་ལ་འགྲོ་བ་ལྟར་མགོན་པོ་ཆོས་སྐྱོང་དྲག་རིགས་སྔོན་ལ་བཏང་ནས་ཇག་ཐབས་དམག་ཐབས་ལ་དཔོན་པོའི་རྟིང་ཕུལ་ནས་དམག་དཔོན་བྱེད་ནས་དམག་མི་སྔོན་ལ་གཏོང་བ་ལྟར་དམ་ཅན་སོགས་སྡེ་བརྒྱད་སྔོན་ལ་བཏང་ནས། དེ་རྗེས་མགོན་པོ་ལྷ་མོ་སོགས་དྲག་རིམ་རྗེས་ནས་སོང་། དེ་ནས་གཏོར་མ་གོང་དུ་བཤད་པ་ལྟར་ཕྱག་མཚན་མེ་དཔུང་དུག་རི་སོགས་ལ་བསྒོམ་ལ་ལག་ཏུ་ཐོགས་ལ། དམག་ཐབས་ལ་དང་པོ་ཐང་ལྷ་ངས་ནུས་མ་སྔོན་ལ་སྟེ། བདེ་མཆོག་གནས་འགྱུར་ནས། སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་སྙིང་ཕྱག་རྡོར་ལ་ཕུལ་བས་བཅོམ་ལྡན་འདས་ཀྱང་ཡིན། དྲག་པོ་ཐུགས་ཀྱི་ལྷ་ཡང་ཡིན་པས་ཕྱག་རྡོར་དུ་གསལ་བས་འདི་ལྟར་རོ། །ཀྱེ། དྲག་པོའི་ལས་ལ་མྱུར་དུ་བསྐུལ་བའི་ཚེ། །སྔོན་གྱི་དམ་ཚིག་རྗེས་སུ་དྲན་མཛོད་ལ། །སྲ་བརྟན་ཡ་ལད་འཇིགས་མེད་གོ་བགོས་ཏེ། །རྟ་མཆོག་ངང་ཞུར་རླུང་གི་ཤུགས་ཅན་སོགས། །སྤྲུལ་པའི་ཞོན་པ་འབུམ་གྱི་དཔུང་དག་ནི། །གཞན་རྒོལ་འཇོམས་པའི་རྡོ་རྗེའི་མཚོན་ཆ་ཐོགས། །སྡང་དགྲ་
གནོད་བྱེད་སྨྱོ་འདྲེ་རྒྱལ་འགོང་སོགས། །དམ་སྲི་འགོང་པོ་མཐའ་ཡི་དམག་དཔུང་བཅས། །སྐད་ཅིག་ཉིད་ལ་རྗེས་ཤུལ་མེད་པར་མཛོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཉན་ཆེན་གྱི་བསྐུལ་པ་ནི། ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །ཐང་ལྷ་གཉན་པོ། ཟུར་ཕུད་ལྔ་པ། དྲི་ཟའི་རྒྱལ་པོ། ཡབ་གཅིག་འོ་དེ་གུང་རྒྱལ། ཡུམ་གཅིག་གཡུ་བྱ་གཤོག་ཅིག །སྲས་ཐང་སྲས་འཕྱོ་བ། སྐུ་ཞང་འབྲོང་གཉན་ཐང་པོ། སྤོམ་ཆེན་ཡོར་བ་མགུལ་རིང་འཕྲག་ཐག །གང་བ་བཟང་པོ། ཟ་རི་སྐྱེས་དྲུག །སྦྲིད་ལ་དཔུང་པ། སྣ་འདྲེན་ཞལ་ཡག །རྗེས་འབྲང་ནམ་ཏ་གཡའ་དམར། ཐང་འབྲིང་ངུར་པ། ལྷོ་འབྲིང་ལམ་གང་བཟང་། ལྷ་མོ་མཚོ་དར། བརྒྱ་བྱིན་སྲས་མོ། ཡབ་ཡུམ་སྲས་འཁོར་བཀའ་
སྡོད་ནང་བློན་དཔོན་གཡོག་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཁྱེད་རྣམས་ཀྱིས་སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་པ་བཞིན་དུ་དམ་རྫས་བརྒྱན་པའི་གཏོར་མ་འདི་ལོངས་ལ། དམ་ལས་མ་འདའ་བར་སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས་ཤིག །མགྱོགས་པའི་རྟ་ཞོན་ཅིག །ལས་ལ་བབ་ན་ལས་མ་ཞན་ཅིག །རྩལ་ལ་བབ་ན་རྩལ་མ་ཞན་ཅིག །དམ་ཉམས་པའི་དགྲ་བོ། དཀོན་མཆོག་གི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པའི་དགོས་དགྲ། བསྟན་དགྲ་སྡིག་པོ་ཆེ། བདག་ཅག་འཁོར་དང་བཅས་པ་ལ་བྱད་ཁ་སྟོན་པ། ཕུར་ཁ་སྟོན་པ། ཟོར་ཁ་སྟོན་པ། དང་པོ་འགྲས་ཚོལ་བ། བར་དུ་གླགས་ལྟ་བ། ཐ་མ་བསམ་པ་ངན་པ་འཆང་བའི་དགྲ་བོ་བྱད་མ་ཐམས་ཅད་ཁྱོད་ཀྱིས་བཞེས་
ཤིག །བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག །བསྟབ་པ་བདག་གིས་མི་ནོར་བས་དགྲ་བོ་མི་ནོར་འཁོར་བཅས་རྡུལ་དུ་རློགས་ཤིག །ཨོཾ་བཛྲ་རྡོ་རྗེ་འབར་བ་རྩལ་བིག་ནན་རཱ་ཛ་གནོད་བྱེད་དགྲ་བོ་བྱད་མ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་འཕང་ངོ་། །གཏོར་མ་དེ་ཉིད་ལྷ་གཡག་དཀར་པོ་དང་བྱ་ཁྲར་གྱུར་ནས་གནོད་བྱེད་རྒྱལ་འགོང་ཐམས་ཅད་རྩྭ་ལ་མེ་སོང་བ་ལྟར་རྗེས་མེད་དུ་སོང་བར་བསམ། ཐང་ལྷ་ཡང་སྐུ་ལས་སྤྲུལ་པ་དཔག་ཏུ་མེད་པ་འཕྲོ་བ་དང་གཏོར་མ་དང་མཉམ་དུ་སོང་ནས་དགྲ་བོ་བྱད་མ་ཐམས་ཅད་བརླག་པར་བསམ། དེ་ནི་ཐང་ལྷའི་གཏོར་མའི་དམིགས་རིམ་ཁ་བསྒྱུར་མང་དུ་ཡོད་པས་གཞན་སྒྲུབ་ཆེན་དུ་གསལ་བས་འདི་ནི་བསྡུས་དོན་ཡིན་ལགས། ༈ དེ་ནས་སྲུང་འཁོར་གསལ་ཙམ་བྱས་ལ་གསུངས། བར་ཁྱམས་བཅད་པས་སྔོན་གྱི་རྗེས་འབྲང་བགེགས་ཀྱིས་མི་ཚུགས་སོ། །དེ་ནས་ཟན་ལིང་ལ་དགྲ་བོ་གསལ་བཏབ་ལ་དགེ་བསྙེན་གྱི་གཏོར་མ་ཐོགས་ལ་གཏོར་མ་དུག་གི་ཕུང་པོ་ནད་ཀྱི་རྐྱལ་པ་ལ་བསམ། རང་ཉིད་ཡི་དམ་དུ་གསལ་བའི་ཕྱག་གཡས་པས་བསྣམས་ནས་འདི་སྐད་དོ། །ཧཱུྃ། རྒྱ་མཚོ་ཆེན་པོའི་
ཀློང་དཀྱིལ་ནས། །གཏེར་སྲུང་ཆེན་པོ་མཐུ་སྟོབས་ཆེ། །བདུད་དང་ཀླུ་སྲིན་བཤོས་པའི་བུ། །གཏེར་སྲུང་ཆེན་པོ་ལས་ལ་ཆོས། །ཉི་ཟེར་ཆིབས་དང་ཟླ་ཟེར་ཆིབས། །སྐྱ་རིངས་ཆིབས་དང་བྲ་ནག་ཆིབས། །ཆིབས་བཞིའི་མངའ་བདག་ལས་ལ་ཆོས། །ཨོ་རྒྱན་ཆེན་པོའི་དམ་མ་བཀྲལ། །ཞེས་བརྗོད་ནས། ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །ཀླུ་བདུད་ཆེན་པོ། དགེ་བསྙེན་བསྙོ་ཁ། གཉན་ཆེན་མཁར་ནག །ཀླུ་བདུད་མགོ་དགུ། སྐུ་ལྷ་མཁའ་རི། ཟླ་བའི་གདོང་ཅན། བདུད་པོ་སྐྲག་མེད། བདུད་པོ་ཟུ་ར་རྭ་སྐྱེས། དགེ་བསྙེན་ཉི་ཤུ་རྩ་གཅིག །དྲེགས་པའི་སྡེ་དཔོན་སུམ་ཅུ། དྲེགས་པ་བཅོ་བརྒྱད། མྱུར་མགྱོགས་ཀྱི་དྲེགས་པ་ལ་སོགས་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་
པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་པ་བཞིན་དུ་དམ་རྫས་རྒྱན་པའི་གཏོར་མ་དམ་པ་ལོངས་ལ། དམ་ལས་མ་འདའ་བར། སྲ་བའི་གོ་གྱོན་ཅིག །རྣོ་བའི་མཚོན་ཐོགས་ཤིག །མགྱོགས་པའི་རྟ་ཞོན་ཅིག །ལས་ལ་བབ་ན་ལས་མ་ཞེན་ཅིག །རྩལ་ལ་བབ་ན་རྩལ་མ་ཞན་ཅིག །དམ་ཉམས་པའི་དགྲ་བོ། དཀོན་མཆོག་གི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་གི་སྒོས་དགྲ། བསྟན་དགྲ་སྡིག་པོ་ཆེ། བདག་ཅག་འཁོར་དང་བཅས་པ་ལ་བྱད་ཁ་སྟོན་པ། ཕུར་ཁ་སྟོན་པ། ཟོར་ཁ་སྟོན་པ། དང་པོ་འགྲས་ཚོལ་བ། བར་དུ་གླགས་ལྟ་བ། ཐ་མ་བསམ་པ་ངན་པ་འཆང་བའི་དགྲ་བོ་བྱད་མ་ཐམས་ཅད་བཞེས་ཤིག །བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག །བསྟབ་པ་ཁྱོད་ཀྱིས་མ་ནོར་ཅིག །དགྲ་བོ་མི་ནོར་འཁོར་བཅས་རྡུལ་དུ་རློགས་ཤིག །སི་ཏི་
བཾ་ཏ་ཡ། ས་ཀ་ཛ། ར་མ་ཏི། ས་ཀ་ཛ། མུ་ཁ་ལེ་ན། ས་ཀ་ཛ། ཝ་ཀ་ས་ལེ་ན། ས་ཀ་ཛ་ཛཿ སི་ཏི་བཾ་ཏི། ཡ་ས་ཀ་བྷྱོ། མུ་ཁ་ལེ་ན་ས་ཀ་བྷྱོ། ས་མ་ཏི་ཡ་ས་ཀ་བྷྱོ། ནག་པོ་མ་ཡ་ནྲྀ་ཛཿ ཝ་ཀ་ས་ས་ལེ་ན་ས་ཀ་བྷྱོ། དགྲ་བོ་མཱ་ར་ཡ་སོད་ཛ་ཛཿ ཏ་ཐཱ་ག་ཏ་ཛྙཱ་ན་ག་ར་ཁུག །ནཱ་ག་དུ་རཾ་ཛཿ དགྲ་བོའི་སྲོག་ལ་སྤུ་གྲིས་ཙིཏྟ་རྦད་སོད། ཅེས་བརྗོད་ལ་འཕང་ངོ་། །དགྲ་བོ་བྱད་མའི་སྙིང་གར་ཕོག་པས་རྣམ་པར་ཤེས་པ་ནག་ཀམ་སོང་བར་བསམ། ལིངྒ་གསལ་གདབ་སྲུང་འཁོར་སོགས་གོང་ལྟར་ཐམས་ཅད་ལ་འགྲེའོ།། །།
ལས་བྱེད་ཤན་པ་དམར་པོའི་གནད་བསྐུལ་བསྟན་དགྲའི་ཀླད་འགེམ་གནམ་ལྕགས་མེ་ཡི་མཚོན་ཆར། ཀརྨ་རརྣ་ལཀྵི་ཏ།
ལས་བྱེད་ཤན་པ་དམར་པོའི་གནད་བསྐུལ་བསྟན་དགྲའི་ཀླད་འགེམ་གནམ་ལྕགས་མེ་ཡི་མཚོན་ཆར་བཞུགས་སོ། །ཧྲཱི༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་འོད་དཔག་མེད། །ལོངས་སྐུ་པདྨ་དབང་ཆེན་ཁྲོས་པའི་རྒྱལ། །སྤྲུལ་སྐུ་རྟ་མཆོག་ཡབ་ཡུམ་རིགས་ཀྱི་གཙོ། །སྐུ་གསུམ་རང་ཤར་པདྨ་ཐོད་ཕྲེང་རྩལ། །འགྲོ་དྲུག་རྒྱུད་ལྔ་རྟག་ཏུ་ཐུགས་རྗེས་སྐྱོངས། །ཕྲིན་ལས་ཐབས་ཀྱིས་ཕན་བདེ་མཆོག་སྦྱིན་སྩོལ། །ངོ་མཚར་རྨད་བྱུང་སངས་རྒྱས་བསྟན་པ་ལ། །མ་ཏྲཾ་རུ་དྲ་བཀའ་ལོག་དམ་སྲིའི་རྒྱུ། །དུག་ལྔའི་རྩོད་འཁྲུགས་ལས་
གཟུགས་ཁམས་ཀུན་ལ། །དབང་བས་འགྲོ་བའི་སྲོག་ཁམས་དབང་བྱེད་པའི། །ལྷ་སྲིན་དྲེགས་པ་བསམ་གྱིས་མི་ཁྱབ་པའི། །གཙོ་བོ་དུག་ལྔ་རང་དག་ཡེ་ཤེས་སྩོལ། །རིགས་ཀྱི་མགོན་པོ་ལས་མཁན་ནག་པོ་ཆེ། །མ་མོ་མཁའ་འགྲོ་སྡེ་བརྒྱད་དྲེགས་པའི་དཔོན། །དམ་ཅན་རྒྱལ་པོ་སྐུ་ལྔ་ཡུམ་བློན་འཁོར། །སྣང་སྲིད་ལྷ་སྲིན་ཡོངས་ཀྱི་གཟུགས་ཤར་བའི། །འཇིག་རྟེན་ཡོངས་ལ་ཆོ་འཕྲུལ་རྩལ། །དེ་གཟིགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ལས། །ཆོས་སྐུ་སྣང་མཐའ་ལོངས་སྐུ་ཞི་ཁྲོ་གཉིས། །སྤྲུལ་སྐུ་པདྨ་དབང་ཆེན་རྒྱལ་སྲས་སྡེ། །འོག་མིན་ཆོས་དབྱིངས་དག་པའི་ཞལ་ཡས་སུ། །ཏིང་འཛིན་ཕྱག་རྒྱའི་རྩལ་ལས་ཆོས་ཀྱི་དབྱིངས། །དགོངས་པ་ཟབ་མོ་ནམ་མཁའི་རྒྱ་བསྐྱེད་ནས། །འཁོར་འདས་སྣང་སྲིད་ཀུན་གྱི་སྲོག་བསྡུས་ཤིང་། །ཆོས་དབྱིངས་ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན། །མཉམ་
ཉིད་བྱང་ཆུབ་སེམས་སུ་དམ་ལ་བཞག །བསྟན་སྡེ་ཆོས་བཞིན་སྐྱོང་བ་ཙམ་ལས་བབ། །ཁྱད་པར་སྲོག་བདག་ཨ་བསེ་མཆེད་བཞི་གར། །ཡ་བ་སྐྱ་བདུན་ཤ་ཟ་དམག་ཚོགས་སྡེ། །ས་གསུམ་ཁྱབ་འཇུག་སྐྱེ་འགྲོའི་སྲོག་འཚེ་ལ། །པདྨས་དབང་བསྐུར་རྒྱལ་སྲས་པད་འབྱུང་གིས། །མི་དགེའི་སེམས་ལྡོག་དགེ་བསྙེན་མིང་བྱིན་ནས། །དམ་ཚིག་གཉན་པོས་སེམས་བསྐྱེད་ཅི་ཡང་ཐར། །གཙུག་ལག་ཆོས་འཁོར་རྣམས་ཀྱི་སྲུང་མར་བསྐོས། །གཞན་ཡང་རིག་འཛིན་སྡོང་རྒྱུག་མཐུ་ཆེན་དང་། །མཚན་ལྡན་སྤོས་སྐྱ་འཇམ་དབྱངས་ཀུན་དགའི་མཚན། །ངག་གི་དབང་པོ་རྒྱལ་སྲས་རྒྱུད་བཅས་ཀྱི། །སྒྲུབ་བརྒྱུད་བསྟན་པའི་སྲུང་མར་ཡོངས་སུ་མངག །དེ་བཞིན་བདག་གིས་འདིར་བསྟན་མཆོད་གཏོར་བཞེས། །མཐུས་རྫས་སྤྱན་གཟིགས་ཐུགས་དམ་གཉན་སྐོང་ཞིང་། །རང་ལུས་ལྷར་
གསལ་སྣང་ཚད་ལྷ་ཡི་སྐུ། །གྲགས་སྟོང་འཛབ་བཟླས་དབྱངས་མཆོག་རྩེ་གཅིག་སེམས། །ཏིང་འཛིན་མི་གཡོ་དམ་ཚིག་བརྩེ་གདུང་གི །ཐུགས་དམ་གཉན་པོ་དེང་འདིར་བསྐང་ལགས་ན། །དམ་ཚིག་གཉན་པོའི་ཕྲིན་ལས་རྗེས་དགོངས་ལ། །ལེ་ལོ་མ་མཛད་རྟགས་དང་མཚན་མ་སྟོན། །བདག་གིས་ལེགས་ཉེས་ཅི་སྤྱོད་དམ་ཚིག་གི །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །བྱོལ་སོང་ཕྱུགས་ཀྱང་འགོ་བའི་དོན་བྱེད་ཅིང་། །སྲ་བའི་བྲན་ཀྱང་བོས་ལན་ཟིན་བྱེད་ནས། །ཁྱེད་རྣམས་ཡེ་ཤེས་སྤྱན་ལྡན་གཡེལ་ལམ་ཀྱེ། །མ་གཡེལ་དམ་ཚིག་ཆད་ལས་མ་འདའ་བར། །གཙུག་ལག་བསྟན་བདེའི་དངོས་གྲུབ་བསྲུང་བ་ལ། །དྲག་པོའི་དགྲ་སོད་ཞི་བས་རྣལ་འབྱོར་སྐྱོང་། །རྒྱས་པའི་ལོངས་སྤྱོད་དབང་གི་འཁོར་འབངས་སྤེལ། །ཉིན་མཚན་དུས་ཀྱི་མེལ་ཚེ་མ་གཡེལ་བར། །གཙུག་ལག་
འབངས་བཅས་བསྲུང་ཞིང་བརྩེ་བར་མཛོད། །ཐུབ་པར་སྲུངས་ཤིག་དམ་ཅན་རྒྱ་མཚོ་རྣམས། །བསྟན་དགྲའི་སྲོག་ལུས་ཟ་སྐལ་དུ་གཏད་ཀྱི། །ཡུལ་མཁར་ཁྱིམ་ཡང་མི་གཙང་ལྷག་མེད་དུ། །བཞག་པའི་ཕྲིན་ལས་མཛད་ལ་མ་གཡེལ་ཅིག །མདོར་ན་ལྔ་བརྒྱའི་དུས་ལ་ཆོས་བྱེད་དཀོན། །ཆོས་ལ་དགྲ་མང་སེམས་ཅན་ལས་ཀྱིས་མནར། །ཆོས་བཞིན་སྤྱོད་ལ་ཆོས་བྱེད་དགྲར་ལྡང་ཞིང་། །བསྟན་པ་འཛིན་ལ་བསྟན་འཛིན་འབད་རྩལ་བས། །བདེན་པར་བསྒོམ་པས་རྒྱུ་ཐབས་འཕྲུལ་གྱི་རྩེ། །མོངས་པའི་རྒྱུར་གྱུར་དད་ཟས་དཀོར་རྫས་འཕྲོག །བདག་དང་གཞན་ལ་སྡང་ཞིང་ཕྲག་དོག་གིས། །དཀོན་མཆོག་གསུམ་གྱི་དཀོར་རྫས་རང་གར་སྤྱོད། །སྲོག་ཕྲལ་བསླབ་པ་འདེབས་སོགས་མཚམས་མེད་པས། །དབང་མེད་བསྐུལ་བའི་མཐུ་ཡི་མ་མང་པོར། །མཐོན་པོའི་མགོར་
ཞུགས་དམའ་བའི་གཉར་ཁུར་ཞིང་། །བར་མའི་འདོད་སྒྲུབ་གཞན་དབང་མེར་སྤྱད་ཀྱང་། །གང་བྱས་གཞན་གྱིས་འཚེ་བའི་རྒྱུར་སྣང་བས། །བཟོད་ཆོས་བསད་ཀྱང་སྡིག་སྟོབས་མེ་འབར་བས། །ཅི་བྱས་མི་དགེའི་ས་བོན་ཉིད་གྱུར་ཏོ། །དུས་དབང་གར་ཞིག་ལས་དབང་ཉིད་ངེས་པས། །འདི་སྟེ་བདག་གིས་བཟོད་ཀྱང་སྲུང་མ་མཉེས། །ཆོས་སྐྱོང་ཞེས་པས་མིང་དོན་ཅི་ཞིག་ཀ །དེ་ཕྱིར་དམ་ཚིག་བཀའ་རྟགས་མི་ལྡོག་པར། །བསྒྲུབ་སོགས་བདག་གིས་གུས་བསྟོད་བསྟན་བགྱིས་པས། །བརྟེན་ན་མ་འཕང་བསྐུལ་ན་མ་རྫི་ཞིང་། །རྦད་དུས་མཐུ་བསྐྱེད་བསྐུལ་དུས་ལས་མ་ལྕོགས། །མངག་པའི་དོན་ཆེན་ནམ་ཡང་བགྱིད་མི་ནུས། །བཅོལ་བའི་ལས་ཀྱི་དོན་ཀུན་འགྲུབ་པར་མཛོད། །འདི་ཆོས་བྱེད་ལ་བསྡོས་པའི་དགྲ་བོ་བྱུང་སྐབས། རྗེ་ཡོངས་འཛིན་དམ་པས་མཛད་པ་སྟེ། ཤིན་ཏུ་གཉན་ཞིང་རྣོ་མྱུར་ཆེ་བས་བསྟན་དགྲར་རྦད་པ་མ་
གཏོགས་དུས་ནམ་ཡང་མི་བྱ་བ་དམ་ཚིག་གོ། །༈ དེ་ནས་བཙན་རྒོད་ཇག་པ་མེ་ལེན་གྱི་གཏོར་མ་ཐོགས་ལ། གཏོར་མ་མེ་དཔུང་འབར་བར་བསྒོམ་ལ་འདི་སྐད་དོ། །ཀྱེ། ཤན་པ་དམར་པོ་མཐུ་དང་རྩལ་མ་ཞན། །རྣལ་འབྱོར་ཐུགས་དཀྲུག་དམ་ལོག་དཀོར་རྐུན་རྣམས། །ལོ་ཟླར་མ་བཞག་ལུས་སྲོག་རྟེན་དང་ཕྲོལ། །ཤ་ཁྲག་ཤན་པའི་ཚོགས་ཀྱིས་ཧབ་ན་རོལ། །ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །བཙན་རྒོད་ཤན་པ་དམར་པོ། རྡོ་རྗེ་དགྲ་འདུལ། ཇག་པ་མེ་ལེན། འགུགས་བྱེད་ཤན་པ་དམར་པོ། སྒྲོལ་བྱེད་ཤན་པ་དམར་པོ། གསོད་བྱེད་ཤན་པ་དམར་པོ། ཡིད་འཕྲོག་སྨན་མོ་ཆེན་མོ། འཁོར་བཙན་དམག་བྱེ་བ་འབུམ་སྡེ། སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་པ་
བཞིན་དུ། དམ་རྫས་བརྒྱན་པའི་གཏོར་མ་དམ་པ་ལོངས་ལ། དམ་ལ་མ་འདའ་བར་སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས་ཤིག །མགྱོགས་པའི་རྟ་ཞོན་ཅིག །ལས་ལ་བབ་ན་ལས་མ་ཞན། རྩལ་ལ་བབ་ན་རྩལ་མ་ཞན་ཅིག །དམ་ཉམས་པའི་དགྲ་བོ་དཀོན་མཆོག་གི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་གིས་སྒོས་དགྲ། བསྟན་དགྲ་སྡིག་པོ་ཆེ། བདག་ཅག་འཁོར་དང་བཅས་པ་ལ་བྱད་ཁ་སྟོན་པ། ཕུར་ཁ་སྟོན་པ། ཟོར་ཁ་སྟོན་པ། དང་པོ་འགྲས་ཚོལ་བ། བར་དུ་གླག་ལྟ་བ། ཐ་མ་བསམ་པ་ངན་པ་འཆང་བའི་དགྲ་བོ་བྱད་མ་ཐམས་ཅད་ཁྱོད་ཀྱིས་བཞེས་ཤིག །བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག །བསྟབ་པ་བདག་གིས་མ་ནོར་ཅིག །དགྲ་བོ་མི་ནོར་འཁོར་བཅས་རྡུལ་དུ་རློགས་ཤིག །འབོད་སྔགས་ལ། ཨོཾ་ཧྲི་སུཾ་སྒྲིལ་ཤུ་ཏྲི་གུར་ལམ་ཨ་ར་བཛྲ་བྷྱོ་ཛ་
ཛཿ འབོད་པའོ། །ཡཀྵ་ཁ་ཀོར། ཡུམ་ཨ་ཏི་སྲོག་ལ་ཡ་མ་དུན་ཛ་ཛཿ སྤྲུག་པ་མྱག་ཐུཾ་རི་ལི་བ་སྡུད་སྲོག་ལ་ཁྲོལ། སྲོག་སྡུད་དབུགས་ལ་ཁྲོལ། མ་མ་ཨེ་ཐུན་རྦདཿ བཙུན་སྔགས། ཨོཾ་ཏྲག་ཤ་བཛྲ་ར་ཏྲི་ཧཱུྃ། ཏྲིཏྟ་སསྨ་པ། རུ་དུལ་དུལ་དགྲ་བོ་བྱད་མའི་སྙིང་རྩ་དུམ་བུ་ཧཱུྃ། སིར་ཏ་མཱ་ར་ཡ། རྦད་སྔགས། སྒྲིམ་བྷྱོ་བྷྱོ་ཧཱུྃ་ཕཊ། བསད་པའོ་ཞེས་སོ། །༈ དེ་ནས་དམ་ཅན་གྱི་གཏོར་མ་ཐོགས་ལ། གཏོར་མ་མཚོན་ཆ་སྣ་ཚོགས་སུ་བསམས་ལ་འདི་སྐད་དོ། །ཀྱེ། དམ་ཅན་སྐྱེས་བུ་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བགེགས་མ་ལུས་པ། །འཕྲལ་དུ་རྟགས་དང་མཚན་མ་སྟོན། །འགྱོད་ཚངས་བསྐྱེད་པའི་ལས་མཛོད་ཅིག །བཅོལ་བའི་ལས་ལ་མ་གཡེལ་ཅིག །བཀའ་དང་དམ་ལས་མ་འདའ་ཞིག །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་དགྲ་བསྒྲལ་བའི་ལས་མཛོད་ཅིག །ཧོ་དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །
གཟིགས་སུ་གསོལ་ལོ། །དམ་ཅན་སྐྱེས་བུ་ཆེན་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། ཡབ་མོན་པ་ནག་པོ། ཡུམ་མོན་པ་ནག་མོ། སྲས་མགར་བ་ནག་པོ། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། བོད་ཁམས་བརྟན་མ་བཅུ་གཉིས། འཛིང་གིང་བཞི་བཅུ་རྩ་གཉིས་དང་བཅས་པ་ཁྱེད་རྣམས་ཀྱིས་དམ་རྫས་བརྒྱན་པའི་གཏོར་མ་འདི་ལོངས་ལ། སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཁས་བླངས་ཞལ་གྱིས་བཞེས་པ་བཞིན་དུ། བཀའ་དང་དམ་ལ་མ་འདའ་བར་སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས་ཤིག །མགྱོགས་པའི་རྟ་ཆིབས་ཤིག །དཔའ་བའི་ངར་བསྐྱེད་ཅིག །དམ་ཉམས་དགྲ་བོ་འཁོར་བཅས་ཀྱི་ཡར་གསུམ་ཡར་གྱི་འཇུ་ཐག་ཆོད་ཅིག །མར་གསུམ་མར་གྱི་རྟེན་ཕུར་ཕུད་ཅིག །འགོ་བའི་ལྷ་དང་མྱུར་དུ་ཕྱེས་ཤིག །གནོད་པའི་བདུད་དང་
མྱུར་དུ་སྤྲོད་ཅིག །བཙན་པོ་གཉའ་ལ་མ་བཏང་ཞིག །མགྱོགས་པ་སྔོན་ལ་མ་ཤོར་ཅིག །རྡོ་རྗེ་ལེགས་པ་ལས་ལ་བྷྱོ། བནྡེ་ཆེན་པོ་ལས་ལ་བྷྱོ། ཨ་ཇོ་ཆེན་པོ་ལས་ལ་བྷྱོ། མགར་བ་ནག་པོ་ལས་ལ་བྷྱོ། ཞེས་སོ། །དེ་ནས་འབོད་སྔགས་ནི། ཨོཾ་བཛྲ་ས་དྷུ་ས་མ་ཡཿ ཨོཾ་བཛྲ་པྲ་མ་ཁུགཿ བཛྲ་གིང་ཀ་རས་ཁུགཿ བཛྲ་རཀྵ་རཀྵས་ཁུགཿ ས་དུ་མཱ་ར་ཡ་དགྲ་བོ་ནྲྀ་ཛཿ ཨོཾ་རཀྵ་བཛྲ་རྦད་བུ་རྦད་བུ་ཛཿ ཨོཾ་བཛྲ་ས་དྷུ་ས་མཱ་ར་ཡ་དགྲ་བོ་ནྲྀ་ཛ་ཛཿ ནྲྀ་སྲོག་ལ་ཡཾ་ཡཾ་རྦད་རྦདཿ ཨོཾ་བཛྲ་ས་དྷུ་ར་རཿ རུ་རུ་བཤར་བཤརཿ བརྡུང་བརྡུང་ཿ ཐོག་ཐོག །ཡེར་ཡེར། ཆོམ་ཆོམ། མགར་བ་ནག་པོ་ལྡོག་ཡ། བལ་པོ་ཀུ་ཀུ་འཕྲོག་འཕྲོགཿ བཛྲ་ས་དྷུ་ས་མ་ཡ་དགྲ་བོ་བྱད་མ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ལ་འཕང་ངོ་། །དམ་ཅན་གྱི་སྒྲུབ་སྐོར་བཅོས་བསླད་མེད་པ་གཏེར་གཞུང་ནས་སོ། །གཏོར་མ་འཕང་བ་དང་མཉམ་དུ་དམ་ཅན་འཁོར་བཅས་ཀྱིས་
སྤྲིན་ནག་རླུང་གིས་གཏོར་བས་དེད་པ་བཞིན་དགྲ་བོའི་ཡུལ་མཁར་མི་ནོར་ཐམས་ཅད་ནག་སྙམ་སོང་བར་བསམ་ལ་རྣམ་ཤེས་སྤར་བ་མན་ངག་གོ། །༈ དེ་ནས་ལྷ་རང་ཉིད་བདེ་མཆོག་ཏུ་གསལ་གདབ་ལ། ལྷ་མོ་དུད་སོལ་མའི་གཏོར་མ་ཐོགས་ལ་ལྷ་མོའི་ཕྱག་གཡས་ཀྱི་རལ་གྲི་ནད་རྐྱལ་གང་རུང་དུ་བསམ་ལ་ཡིད་ཀྱིས་ནམ་མཁར་བཞུགས་ཡོད་པར་གསལ་གདབ། བསྐུལ་ཐུང་གཅིག་ཡིད་ཡུལ་དུ་བྱས་ཀྱང་རུང་། མ་བྱས་ཀྱང་རུང་། སྔོན་གྱི་དམ་ཚིག་ལ་དགོངས་ནས་ཁྲོ་གཏུམ་རྔམ་པའི་ཚུལ་གྱིས་བཞུགས་པར་བསམས་ལ་འདི་སྐད་དོ། །བྷྱོ། དཔལ་ལྡན་ལྷ་མོ་དུད་སོལ་མ། །འཁོར་བཅས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བསྟན་ལ་རབ་དད་དཀར་ཕྱོགས་རྣམས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །བདུད་རྩིའི་ཆར་བབ་གདོན་ཞི་ནས། །བཤད་སྒྲུབ་ཚེ་དཔལ་རྒྱས་པར་མཛོད། །གདུག་པའི་སེམས་འཆང་ནག་ཕྱོགས་རྣམས། །དུག་རླུང་ནད་རིམས་ཀུན་གྱིས་གཟིར། །ཁྲག་སྐྱུག་ཆོ་ངེས་འདེབས་
སུ་ཆུག །སྨྱོ་ཞིང་བདུན་བརྒྱུད་རྩད་ནས་ཆོད། །བདུད་དགྲ་འབྱུང་པོ་རྡུལ་དུ་རློགས། །བསྟན་པ་སྲུང་བའི་ལས་མཛོད་ཅིག །བྷྱོ། མ་གཅིག་དུད་པའི་སོལ་བ་མ། ཤན་པ་མ་གསུམ། རིགས་བཞིའི་མཁའ་འགྲོ། མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་མ་བཞི། རེ་མ་ཛ། རེ་མ་ཛུ། རེ་མ་ཏི། རེ་མ་ཛ་མཆེད་བཞི། འཁོར་དཀར་མོ་འབུམ་སྡེ། དམར་མོ་འབུམ་སྡེ། ལྗང་ནག་འབུམ་སྡེ། ནག་མོ་འབུམ་སྡེ་ཁྱེད་རྣམས་ཀྱིས་སྔོན་ཐུབ་པ་ཆེན་པོ། ཀླུ་སྒྲུབ་སྙིང་པོ་ལ་སོགས་པ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ། རྣལ་འབྱོར་པ་བདག་གིས་འབོད་པའི་དུས་སུ་སྙན་མ་སྲ། གཡབ་པའི་ཚེ་ན་སྤྱན་མ་རྟུལ། རྦད་པའི་ཚེ་ན་མཐུ་མ་ཆུང་། བསྟེན་པའི་ཚེ་ན་རྒྱང་མ་རིང་། སྲ་བའི་གོ་གྱོན་ཅིག །རྣོ་བའི་མཚོན་ཐོགས་ཤིག །མགྱོགས་པའི་རྟ་ཆིབས་ཤིག །དཔའ་བའི་ངར་
བསྐྱེད་ལ་སྔོན་དཔལ་ཆེན་ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ། ཟབ་མོའི་ཆོས་ལ་འཚེ་བ། དགེ་འདུན་གྱི་དཀོར་ལ་རློམ་པ། བདག་ཅག་སྒྲུབ་པ་པོ་དཔོན་སློབ་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་དགྲ་བོ་བྱད་མ་ཆྒཻ་མོ་ཞེས་མིང་འདི་བཞེས་ལ། བཞི་བརྒྱ་རྩ་བཞིའི་ནད་ཁོང་ནས་སློངས་ཤིག །མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕོབ་ཅིག །སྔོན་རྒྱུག་གི་བདུད་དང་སྤྲོད་ཅིག །དཔྲལ་བའི་མིག་ཕྱུང་ཞིག །ཁོག་པའི་སྙིང་ཕྱུང་ཞིག །ལོ་ཟླ་དུས་ལ་མ་བཞག་པར་མྱུར་དུ་སྒྲོལ་ཅིག །ཁྱད་པར་དུ་བདག་ཅག་ལ་སྡང་བའི་སེམས་དང་ལྡན་པའི་དགྲ་བགེགས་བྱད་མ་ཆྒཻ་ཐལ་བ་རྡུལ་ཕྲན་བཞིན་དུ་རློགས་ཤིག །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨེ་ཨ་ར་ལི་ཧྲིང་ཛ་ཛཿསྒྲུབ་སྔགས། མ་མ་ཏྲཀ་རཀྵཾ། དྷ་ཀི་དྷ་ཀི །ཏྲིག་ཏྲིག །དུན་ཛ་
དུན་ཛ། རུ་ཏྲ་རུ་ཏྲ། བཾ་བྷྱོ་བཾ་བྷྱོ། མུཾ་ནི་མུཾ་ནི། ཚལ་པ་ཚལ་པ། འབོད་སྔགས། ཏྲག་ཤ་རཀྵ་དགྲ་བོ་ནྲྀ་མཱ་ར་ཡ། ཚལ་པ་སེ་ན་རྦད། རྦད་སྔགས། མ་མ་ཏྲག་རཀྴ། དྷ་ཀི་དྷ་ཀི །ཏྲིག་ཏྲིག །དགྲ་བོའི་ཙིཏྟ་ལ་ཐུན། ཙིཏྟ་ཛྭ་ལ་རཾ། མ་ཐུན། རཀྴ་མ་མ་ཐུན། སྲོག་ཙིཏྟ་སོད། དགྲ་བོ་མཱ་ར་ཡ། མཱ་ར་ཡ་སོད་སོད། ཁཱ་ཧི་ཁཱ་ཧི། བཞེས་ཤིག་རོལ་ཅིག་ཧཱུྃ་ཕཊ། བསད་པའོ། །ཅེས་བརྗོད་ལ། གཏོར་མ་རལ་གྲི་ལ་བསྒོམ་ལ། རལ་གྲི་ལ་ཁྲོ་བོ་ཁྲོ་མོ་དྲེགས་བྱེད་སྣ་ཚོགས་འཕྲོས་པས་དགྲ་བོ་བརླག་པར་བསྒོམ། ནད་རྐྱལ་དུ་བསམ་ནས་ནང་ནས་དུག་ནད་ནད་རིམས་སྣ་ཚོགས་རླངས་པ་སྔོ་དམར་གྱི་ཚུལ་དུ་འཕྲོས་པས་མི་ནོར་ཐམས་ཅད་མྱོས་འབོགས། བཞི་བརྒྱ་རྩ་བཞིའི་ནད་ཀྱི་ཆར་པ་བབས་པར་བསམས་ལ། རྣམ་ཤེས་མར་མེ་ལྟ་བུ་དེ་དག་ནག་ཉམ་སོང་བར་བསམ། ལྷ་མོ་འཁོར་བཅས་དྲག་ཤུལ་གཏུམ་དྲག་དང་བཅས་པ་སེར་སྤྲིན་རླུང་གིས་བསྐྱོད་པ་བཞིན་དགྲ་ཡུལ་དུ་ཕོ་བྲང་བཏབ་ཤ་ཟོས་ཁྲག་འཐུང་། རྣམ་ཤེས་ནག་ཉམས་སེ་སོང་ནས་ཐལ་བ་རྗེས་མེད་དུ་བསམས་ལ། དེ་
ནི་ལྷ་མོའི་དམིགས་པའོ། །༈ གུར་གྱི་བསྐུལ་པ་ནི། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད༴ དྲེགས་པ་ཕོ་རྒྱུད་མོ་རྒྱུད༴ མཁའ་ལྡིང་བྱ་ཁྱི་ལྕེ་སྤྱང༴ པུ་ཏྲ་ལ་སོགས་ལས་མཁན༴ མི་ནག་ལ་སོགས་སྤྲུལ་པ༴ སྲུང་མ་རྒྱ་མཚོའི་དམག་ཚོགས༴ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །སོགས། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྡོ་རྗེ་གུར་གྱི་མགོན་པོ་འདིར་རེ་ཞིག་གསལ་ཁ་མེད་པས་རྩ་སྔགས་ནི་ཤཱ་ས་ནི་དང་འདྲའོ། །རྒྱུད་དང་སྒྲུབ་ཐབས་སྔོན་འགྱུར་བར་མ་གྱུར་ཏོ། །རིགས་འགྲེས་བྱེད་དོ། ། ༈ དེ་ནས་ནག་པོ་ཆེན་པོ་ཕྱག་བཞི་པ་གཙོ་འཁོར་ལྔ་ནི། སྔགས་དང་མཚན་བསྒྱུར་བ་མ་གཏོགས་གཞན་མི་འདུག་ལ།རྙིང་མ་བ་ཚོས་གཏོར་མདོས་ལྔ་རྩང་ཡར་ལེན་ནས། མཐའ་ནས་འཁོར་དང་། དེ་ནས་གཙོ་བོ་ཡིན་
ཅིང་སྔགས་བསྒྲང་བ་མ་གཏོགས་ཟུར་དུ་གཏོར་མ་གསར་པ་འཕེན་པ་ཕྱག་ལེན་ལ་མི་འདུག་པས། ལྷ་གཅིག་ལ་ལས་བཅོལ་གཉིས་ཟེར་བ། རང་རེ་ལ་བཞད་གད་ཀྱི་གནས་སུ་བྱའོ། །དེ་ནས་རང་རེའི་ཕྱག་ལེན་ལ་གཏོར་ཟོར་འཕེན་པ་རྣོ་སོ་ངར་མདུང་། བསྐྱེད་རིམ་ལྷའི་གསལ་འདེབས་ནན་ཏན་ཆེན་པོ་ཡིན་པར་སེམས་སོ། །དེ་ནས་ཐུགས་མགོན་གྱིས་སྣ་དྲངས་ནས། བསྐུལ་པའི་ནང་ན། མགོན་པོ་བེང་ཐོགས་སྔོན་ལ་རྒྱུག་ཟེར་བ་ལྟར་རོ། །དེ་ནས་ཐུགས་མགོན་གྱི་གཏོར་མ་ལག་ཏུ་ཐོགས་ལ། ཕྱག་མཚན་བེང་དུ་བསམ་ལ་འདི་སྐད་དོ། །ཧོ། དགོངས་སུ་གསོལ་ལོ། །མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ། དམག་དཔོན་མགོན་པོ་བརྒྱད། དཀར་པོ་ཆོས་སྐྱོང་། ནག་པོ་དགྲ་འདུལ། བསྟན་པའི་མངའ་བདག །རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར།
དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱོད་ཀྱི་སྐུ་ལ་དོར་བསྡོས། ཕོད་བཙུག །ཡ་བོ་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུག །ལེན་པ་མེད་པར་སྲོག་ལ་རྒོལ། བསྡོས་པ་མེད་པར་དཀོར་ནོར་དེ་འཕྲོག་པ། བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཚུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱང་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུག །མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་གསུམ་
ཙམ་གྱི་མྱིད་པ་རུ་དམ་ཉམས་ཆྒཻ་མོ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་ལྟའོ། །དམ་ཉམས་པའི་དགྲ་བོ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་བཞི་སྙིང་བརྗོད་ལ་འཕང་། གཏོར་མ་འཕང་བ་དང་མཉམ་དུ་ཙནྡན་གྱི་བེང་ཤགས་སེ་ཁ་བྱེ་བའི་ནང་ལ་ལྷ་དམག །གཉན་དམག །ཀླུ་དམག་གི་ཚོགས་ཐམས་ཅད་ཀྱིས་གོ་གྱོན་མཚོན་ཐོགས་རྟ་ཞོན་ནས། དམ་ཉམས་དགྲ་བོ་ཐམས་ཅད་ཀྱི་ཤ་ཟོས་ཁྲག་འཐུང་རུས་པ་མུར་ཐལ་བ་རྡུལ་ཕྲན་ཙམ་ཡང་མེད་པར་བསམ། མི་དམིགས་པ་གལ་ཆེ། ༈ དེ་ནས་སེང་གདོང་ལའང་རིགས་འགྲེས་གཏོར་མ་ལག་ཏུ་ཐོགས་ལ་ཕྱག་མཚན་མེ་དཔུང་དུ་བསམས་ལ། ཧོ། དགོངས་སུ་གསོལ་ལོ། །ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ལྕམ་གཅིག་རབ་གཏུམ་མ། བཾ་རོ་ཕོ་མོ། ཤན་པ་སྡེ་བརྒྱད། ཤ་ཟ་འབུམ་གྱི་ཚོགས། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངའ་བདག །རྣལ་འབྱོར་
གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར། དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱོད་ཀྱི་སྐུ་ལ་དོ་བསྡོས། ཕོད་བཙུག །ཡ་བོར་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུགས། ལེན་པ་མེད་པར་སྲོག་ལ་རྒོལ་བ། བསྡོས་པ་མེད་པར་དཀོར་ནོར་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །བསྒྲུབ་པའི་ཡུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུགས། མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་
ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་བསྒྱུར་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་གསུམ་ཙམ་གྱི་མྱིད་པ་རུ་དམ་ཉམས་ཆྒཻ་མོ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་བྱད་མ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །སྔགས་ནི་བཞི་སྙིང་ལ། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་གིང་ཀ་ར་གིང་ཀ་ར་ཧཱུྃ་ཕཊ། བཏགས་ལ་ཕན་པ་མི་འདུག་ལགས། སེང་གདོང་གི་སྒྲུབ་ཐབས་གང་དུའང་བསད་སྔགས་བཞི་སྙིང་ངོ་། །དགེའོ།། །། ༈ དེ་ནས་ལས་མཁན་ལ་གོང་ལྟར་ན་གཏོར་མ་གྲི་གུག་ཏུ་བསམ་ལ། ཧོ། དགོངས་སུ་གསོལ་ལོ། །ལས་མགོན་ནག་པོ་བྱ་རོག་གདོང་ཅན། སྲོག་བདག༴ འཆི་བདག༴ གནོད་སྦྱིན་བྱ་རོག་གདོང་ཅན། ནག་
པོ་སྟོང་། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངའ་བདག །རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར། དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱོད་ཀྱི་སྐུ་ལ་དོར་བསྡོས། ཕོད་བཙུག །ཡ་བོར་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུགས། ལེན་པ་མེད་པར་སྲོག་ལ་རྒོལ། བསྡོས་པ་མེད་པར་དཀོར་ནོར་དེ་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཡུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར།
ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུགས། མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་གསུམ་ཙམ་གྱི་མྱིད་པ་རུ་དམ་ཉམས་དགྲ་བོ་ཆྒཻ་མོ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། གཏོར་མ་འཕེན་པའི་དམིགས་རིམ་ནི། གཏོར་མ་གྲི་གུག་སྔོན་པོ་རྣོ་ངར་ཅན་དེ་ཙམ་ཡང་མེད་པར་བསམ། མི་དམིགས་པ་གལ་ཆེའོ། །༈ དེ་ནས་སེང་གདོང་ལའང་རིགས་འགྲེས་གཏོར་མ་ལག་ཏུ་ཐོགས་ལ་ཕྱག་མཚན་མེ་དཔུང་དུ་བསམ་ལ། ཧོ། དགོངས་སུ་གསོལ་ལོ། །ཤ་ཟ་ནག་པོ་
སེང་གེའི་གདོང་པ་ཅན། ལྕམ་གཅིག་རབ་གཏུམ། བཾ་རོ་ཕོ་མོ། ཤན་པ་སྡེ་བརྒྱད། ཤ་ཟ་འབུམ་གྱི་ཚོགས། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངའ་བདག རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར། དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱོད་ཀྱི་སྐུ་ལ་དོ་བསྡོས། ཕོད་བཙུགས། ཡ་བོ་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུགས། ལེན་པ་མེད་པར་སྲོག་ལ་རྒོལ་བ། བསྡོས་པ་མེད་པར་དཀོར་ནོར་དེ་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཡུལ་དེ་ཕུད། མི་
མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུགས། མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་བསྒྱུར་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་གསུམ་ཙམ་གྱི་མྱིད་པ་རུ་དམ་ཉམས་ཆྒཻ་མོ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་བྱད་མ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །སྔགས་ནི་བཞི་སྙིང་ལ། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་གིང་ཀ་ར་གིང་ཀ་ར་ཧཱུྃ་ཕཊ་བཏགས་ལ་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་བརྒྱབ་པས་ཤ་ཁྲག་ཕྱེ་མོར་སོང་བས་ཆོས་སྐྱོང་བྱ་
རོག་གདོང་ཅན་གྱིས་གསོལ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་ལ་འཕང་ངོ་། །གྲི་གུག་སོ་འཐབ་ཀྱི་དམིགས་པ་རྒྱུད་ནས་བཤད་པ། ངས་ཀྱང་འདིར་བྲིས་པ་ལགས་སོ། །༈ དེ་ནས་ཡུམ་རྩ་འཇིབ་མའི་གཏོར་མ་ལག་ཏུ་ཐོགས་ལ། ཧོ། དགོངས་སུ་གསོལ་ལོ། །ཡུམ་དམར་མོ་རྩ་འཇིབ། ཁྲག་འཐུང་ལང་ཀ་ལྡན་མ། ཙན་ཏྲི་ཀ་ནག་མོ། ཤ་ཟ་མ། རོ་ལངས་མ། མ་མོ་བྱེ་བ། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངའ་བདག །རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར། དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱོད་ཀྱི་སྐུ་ལ་དོ་བསྡོས། ཕོད་བཙུགས།
ཡ་བོར་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུག །ལེན་པ་མེད་པར་སྲོག་ལ་རྒོལ་བ། །བསྡོས་པ་མེད་པར་དཀོར་ནོར་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཡུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུག །མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་གསུམ་ཙམ་གྱི་མྱིད་པ་རུ་དམ་ཉམས་ཆྒཻ་མོ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་བྱད་མ་འདི་ཡི་སྲོག་རྩ་དམར་
པོ་ད་ལྟ་མྱུར་དུ་ཆོད་ཅིག །སྔགས་ནི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལཾ་ཐུཾ་རིལ་རྦད། སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཛ་ཛཿ ཏྲཀ་རཀྴ་ཐུཾ་རིལ་རྦདཿ ཙིཏྟ་ཁ་རག་ཛ་ཛཿ ནྲྀ་ཛ་ཙིཏྟ་ལ་ཡཿ ཐུཾ་རིལ་རྦདཿ ནྲྀ་ཤག་ཤག་དགྲ་བགེགས་ཀྱི་ཙིཏྟ་ལ་ཡཿ མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ༔ སྙིང་ལ་ཡ༔ རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཐུན་བྷྱོ༔ མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྙིང་ལ་ལྗིབ་ལྗིབ༔ ཆོད་ཆོད་སྲོག་རྩ་ཆོད༔ ཐུཾ་རིལ་རྦད༔ ཨོཾ་མ་ཧཱ་ཀཱ་ལི་ཤག་ཕྱེ་ཤག་ཕྱེ་མ་མ་ཏྲཀ་རུ་ཊ་མཱ་ར་ཡ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་ནན་རྦད༔ བཞི་སྙིང་དང་། ཨོཾ་མ་ཧཱ་ཀཱ་ལི་དྷེ་བི་རུ་པི་ནི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་རེའུ་རེའུ་ཏྲི་མ་ཤ་ཛ་ཛཿཨོཾ་ཀི་ན་ཤྭ་ར་སྙིང་ཁ་རག་
ཙིཏྟ་སྲོག་ལ་ཏུཾ་ཏུཾ་དུན་དུན་བྲེང་བྲེང་ཛ་ཛཿ བཞི་སྙིང་བཏགས་སོ། །སྔགས་ནི་ཡུམ་ཙནྚི་ཀ་ཡི་སྒྲུབ་ཐབས་ནང་སྔོན་དུ་གསལ་བ་རེ་ཞིག་མདོར་བསྡུས་སོ། །གཏོར་མ་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་རྒྱབ་པར་དམིགས་ནས་འཕང་ལ། ཀ་ལི་ནག་མོའི་དམིགས་རིམ་བྱའོ། །༈ དེ་ནས་གཙོ་བོ་ཡེ་ཤེས་ཀྱི་མགོན་པོ་ཡིན། གཏོར་མ་ཕྱག་མཚན་དང་གཏོར་མ་མེ་དཔུང་དུ་བསམ་ལ། རྔམ་པའི་ང་རོས། གོང་གི་དམོད་བཅོལ་དམ། བཞེས་འབོད་ཉུང་བ་དེ་འདོན། སྔགས་ནི་བཞི་སྙིང་དང་ཤཱ་ས་ནའོ། །དེ་ནས་གཏོར་མདོས་ཆེ་བ་ཐོགས་ལ། རང་ཉིད་ཡི་དམ་གསལ་བཏབ། བར་སྣང་ཐམས་ཅད་དུ་མདོས་ལྷ་མགོན་པོ་གཙོ་འཁོར་ཐམས་ཅད་གསལ་བཏབ། གཏོར་མ་མེ་དཔུང་། དུག་རི། མཚོན་ཆ་སྣ་ཚོགས་སུ་བསམ་ལ། ཧཱུྃ། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །དགྲ་བགེགས་མ་གཏོགས་སྐུ་གཟུར་ཅིག །མགོན་པོའི་ལྷ་ཚོགས་དམག་དཔུང་བསྐྱོད། །གཏོར་ཟོར་དགྲ་བགེགས་སྙིང་ལ་རྒྱོབས། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་མགོན་པོ་
གཤེགས་པའི་ཚེ། །རི་རབ་རྣམས་ཀྱང་བསྒུལ་ཞིང་བྱོན། །རྒྱ་མཚོ་རྣམས་ཀྱང་དཀྲུག་ཅིང་བྱོན། །ས་གཞི་རྣམས་ཀྱང་གཡོ་ཞིང་བྱོན། །དགྲ་བགེགས་རྣམས་ཀྱང་འདུལ་ཞིང་བྱོན། །བྷྱོ། དོ་ནུབ་གནོད་པ་བཟློག་ཏུ་གསོལ། །བདུད་ཁ་དགྲ་ལ་བཟློག་ཏུ་གསོལ། །ཟློག་ཅིག་སྒྱུར་ཅིག་ས་མ་ཡ། །བྷྱོ། རེ་ལྟོས་གཞན་ལ་མ་བཅས་སོ། །ཟློག་ཅིག་མ་མོའི་སྔགས་ཟོར་བཟློག །དུ་ན་གཤིན་རྗེའི་འཁྲུལ་འཁོར་བཟློག །ཕུར་པའི་དབལ་ཟོར་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །གནོད་སྦྱིན་གཟེར་ནད་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་ཡིས་བཅིངས་པ་བཟློག་ཏུ་གསོལ། །བཙན་གྱི་རྐྱང་རྒྱུག་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །བལ་པོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་གནོད་པ་བཟློག་ཏུ་གསོལ། །མ་ཧཱ་དེ་
བ་ལ་སོགས་པའི། །ལྷ་ཆེན་བརྒྱད་ཀྱང་ཞབས་ཀྱིས་མནན། །བི་ན་ཡ་ཀ་ལ་སོགས་པའི། །བགེགས་ཆེན་བརྒྱད་པོ་བྲོས་ནས་འདེད། །གདོན་རིགས་ཐམས་ཅད་ཞི་བར་མཛོད། །ཐེའུ་རང་འགོང་པོ་གཞོབ་ཏུ་བསྲེག །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་རང་མཚོན་རང་ལ་རྒྱོབས། །ཁས་བླངས་དམ་བཅས་མ་གཡེལ་ཅིག །མ་ཧཱ་ཀཱ་ལའི་དུས་ལ་བབས། །ཡུམ་ཀ་ལི་ནག་མོའི་དུས་ལ་བབ། །བཀའ་སྡོད་ལས་མཁན་དུས་ལ་བབ། །ཕོ་ཉ་ལ་སོགས་ཌཱ་ཀིའི་དུས་ལ་བབ། །ནག་པོ་སྟོང་གི་དུས་ལ་བབ། །ཤ་ཟ་འབུམ་གྱི་དུས་ལ་བབ། །མ་མོ་བྱེ་བའི་དུས་ལ་བབ། །ལྷ་སྲིན་སྡེ་བརྒྱད་དུས་ལ་བབ། །སྡང་བའི་དགྲ་རྣམས་བརླག་པར་མཛོད། །མ་མ་དུར་ས་ན་བ་ནེ་སརྦ་དུར་ག་ལ་བཟློག་བྷྱོ། ཞེས་བརྗོད། ཤེས་ན་བཞེས་འབོད་ཉུང་བ་འདོན། མ་ཤེས་ན་གོང་གི་དམོད་བཅོལ་ཉུང་བ་འདོན་ལགས།
ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་པ་མ་ཧཱ་ཀཱ་ལ་ཀ་ལི་པ་སུ་ཏྲི་ཡཾ་མ་དུ་ཛ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་ཧྲཱིཿཧཱུྃ་ཀ་ལི་མ་ཧཱ་ཀཱ་ལི་ཙ་མུནྟྲི། ཀཾ་ཀ་མི་རཀྟ་མཾ་ས་ན་བྷ་ན། བྷཀྵ་ནི། ཨ་ནུ་ཀ་སྱ་སརྦ་ན་དྷི་སྟྭཾ་བྷ་ཡ། སྟྭཾ་བྷ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་མ་མ་སྙིང་ཁྲག་རག །སྙིང་ཁ་རག་རྦད་སུ་སྙིང་རྩ་ལ་རོལ། དགྲ་བགེགས་བྱད་མ་མཱ་ར་ཡ་སྙིང་ལ་རྦད་ཁ་ཐུན་རྦད། ཙིཏྟ་ཁ་རག་མོ་རྦད་དུལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཧེར་མ་དུན་ཏེ། དགྲ་བགེགས་བྱད་མ་མཱ་ར་ཡ་ཛཿ ཨོཾ་མ་ཧཱ་ཀཱ་ལི་རིའུ་རིའུ་ཏྲི་མ་ཤ་ཛ་ཛ་ཧཱུྃ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ལིང་སྦྱིན་ནོ། །སྙིང་ལ་སུ་ཏྲི་ཙིཏྟ་རྦད། ཨོཾ་མ་ཧཱ་ཀཱ་ནི་ཐུཾ་ལམ་ཐུམ་རིལ་རྦད། སུ་ནྲྀ་ཛ་ཛ༔ དགྲ་བགེགས་བྱད་མའི་ཙིཏྟ་ལ་ཡ། ཏྲཀ་རཀྴ་ཐུཾ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛཿ
ནྲྀ་ཛཿཙིཏྟ་ལ་ཡ། ཐུཾ་རིལ་རྦད༔ ནྲྀ་ཤག་ཤག་དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་རྩ་ལ་ཡ། མ་ཧཱ་ཀཱ་ལ་ཐུན་བྷྱོ། མ་ཧཱ་ཀ་ལ་དགྲ་བགེགས་ཀྱི་སྙིང་ཁྲག་ལ་ལྗིབ་ལྗིབ། ཆོད་ཆོད་སྲོག་རྩ་ཆོད། ཐུཾ་རིལ་རྦུད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ་མ་མ་ཏྲག་རཱུ་དྲ་མ་ར་ཡ་ཕཊ། ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་རྦད། མཐར། ཨོཾ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་བྱད་མ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་ཐུཾ་རིལ་རྦུད། དགྲ་བོའི་སྲོག་ལ་ཤག་ཤག་རྦད། ཙིཏྟ་ཕྱུང་རཀྟ་ཐིབ་རྦད་རྩ་ལ་ཐང་ཐང་། ཐུྃ་རིལ་རྦད། ནྲྀ་ཧུར་ཐུཾ་ཛ་དུན་དུན་ཤག་རྦད། སྲོག་ལ་དུན་དབུགས་མྱག་ཁྲི་རྦད༔ ཙིཏྟ་རོ་ལྭག་ལིང་ཤག་རྦད་སྙིང་ཁྲག་ཚལ་པ་མིང་ཡཾ་ལིང་རྦད༔ ཐུཾ་རི་ལི་ལི་ཐུན་བྷྱོ། ཤཱ་ས་ན་རྒྱན་ཅན་ནོ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན། ཨ་པ་ཀ་རི་ཎཾ། རོ་ཤཾ་ཨ་པས་ཙི། མ་
ཧཱ་ཀཾ་ཀ་ལ་ཡ། ཨི་དཾ་དུཥྚན་ཨ་པ་ཀ་རི་ནཾ་ཡ་པྲ་ཏིག་པྲ་ཏིག་ཛ། སྨ་ར་སི་ཏ་དྷ། སྨ་ར་སི་ཏ་བཾ། པ་ཤཾ་ཀུ་རུ་ཧོ། ཨི་དཾ་སི་ཏ་དགྲ་བགེགས་བྱད་མ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཡ། རཀྴ་ཏྲི་པ་ཀ །རཱུ་དྲ་བ་མ་ཡ་སརྦ་ཤ་ཏྲུཾ། རུ་རུ་ཙ་པ་ལ། མ་ར་ཡ་རྦད་ནན། ནྲྀ་རྦད་སུ་རྦད། སུ་ཚལ་པ། སུ་ཚལ་པ། ནྲྀ་ཤག་ཀུ་རུ་ས་མ་ཡ་གཏུབ་ཡ་གཏུབ་ཛ་ཛཿ དགྲ་བོ་བྱད་མ་མཱ་ར་ཡ། གྷྲི་ཧྣ་གྷྲི་ཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ནི་གནོད་བྱེད་དགྲ་བོ་བྱད་མ་སརྦ་དུཥྚན་མཱ་ར་ཡ་ཕཊ། ཅེས་དྲག་སྔགས་ཤེས་ཚད་བརྗོད་ལ་འཕང་ངོ་། །བཞི་སྙིང་གཅིག་དྲིལ་དང་ཤཱ་ས་ནའོ། །དེ་མིན་དྲག་སྔགས་གཞུང་དུ་ཡོད་པ་ལ་གཟིགས་དང་གསལ། གཏོར་མ་མེ་དཔུང་མཚོན་ཆ། དུག་གི་ཕུང་པོར་བསྒོམས་ལ་འཕང་བས་དགྲ་བོ་བྱད་མའི་སྙིང་གར་ནྲྀ་ཡིག་གསལ་བ་ལ་ཕོག་པས་མྱོས་འཐིབ་བརྒྱལ་ནས། མགོན་པོ་འཁོར་དང་བཅས་པ་ལ་སྐད་ཅིག་གིས་སྤྲིན་ནག་འུར་སྒྲ་དང་བཅས། ཐོག་འཕང་བ་ལྟར་དགྲ་བོའི་ཡུལ་
ཁམས་བདུན་བརྒྱུད་རྩད་ནས་བརླགས་ནས། ཤ་ཟོས། ཁྲག་འཐུང་། རུས་པ་མུར། ཐལ་བ་རྗེས་ཤུལ་ཙམ་ཡང་མེད་པར་བསམས་ལ། ཕཊ་བརྗོད། རྣམ་ཤེས་སྤར་བ་གལ་ཆེའོ། །དྲག་པོ་ཁོལ་འབྱུང་ནས་སོ། ། ༈ ཧཱུྃ། འཁོར་ལོ་སྡོམ་པའི་ལྷ་ཚོགས་དང་། །མ་ཧཱ་ཀཱ་ལའི་ལྷ་ཚོགས་རྣམས། །དྲག་པོའི་ཕྲིན་ལས་ད་མཛོད་ཅིག །ཁྲག་ཟོར་མདའ་ཟོར་ད་འཕོངས་ཤིག །ཁ་འགྱེད་ཁྱི་འགྱེད་ད་གྱིས་ཤིག །གཅན་གཟན་ལྕེ་སྤྱང་ད་ཕྱེས་ཤིག །དར་ནག་རུ་མཚོན་ད་ཕྱོར་ཅིག །བྷྱོ་བཟློག་མཛད་པའི་དུས་ལ་བབ། །བྱད་ཁ་བསྒྱུར་བའི་དུས་ལ༴ ཤོད་ཁ་གཏོར་བའི་དུས་ལ་བབ། །ཁྲམ་ཁ་བསྒྱུར་བའི་དུས༴ ཤན་པའི་ཚོགས་རྣམས་ད་རྒྱུགས་ཤིག །ལིང་པའི་ཚོགས་རྣམས་ད་རྒྱུགས་ཤིག །དམག་དཔོན་ཚོགས་རྣམས་ད་རྒྱུགས་ཤིག །ཇག་དཔོན་ཚོགས་རྣམས་ད་རྒྱུགས་ཤིག །ང་ལ་ལྷ་མེད་ཟེར་ནས་བརྙས། །ཁྱོད་ལ་མཐུ་མེད་ཟེར་ནས་བརྙས། །
བསྟན་ལ་བདག་མེད་ཟེར་ནས་བརྙས། །ཡོད་ན་ག་རེ་ཟེར་ནས་བརྙས། །ནུས་པ་ཡོད་ན་ད་ཕྱུངས་ཤིག །རྟགས་དང་མཚན་མ་ད་སྟོན་ཅིག །བྱས་པ་དོན་མེད་མ་བྱེད་ཅིག །བཀའ་ཡི་དམ་བཅས་མ་འདོར་ཅིག །རྒྱལ་བའི་བཀའ་འདི་མ་བཅག་ཅིག །བཀའ་དང་དམ་ལས་མ་འདའ་བར། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནག་པོ་ཆེན་པོའི་འཕྱོང་རིགས་ལྔ་ཁྲག་འཐུང་ཞེས་བྱ་བ་རྒྱུད་བྱང་ཆུབ་གྲུབ་པའི་ལུང་གི་རྗེས་སུ་འབྲང་སྟེ་སྦྱར་བའི་དམོད་བཅོལ་འདི་སྤྲོ་ན་གཏོར་བསྐུལ་གྱི་རྗེས་སུ་བརྗོད་པར་བྱའོ། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་མགོན་པོ་གཤེགས་པའི་ཚེ། །རི་རབ་རྣམས་ཀྱང་འགུལ་ཞིང་བྱོན། །རྒྱ་མཚོ་རྣམས་ཀྱང་དཀྲུགས་ཤིང་བྱོན། །ས་གཞི་རྣམས་ཀྱང་གཡོ་ཞིང་བྱོན། །དགྲ་བགེགས་རྣམས་ཀྱང་འདུལ་ཞིང་བྱོན། །ཧཱུྃ། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །དགྲ་
བགེགས་མ་གཏོགས་སྐུ་གཟུར་ཅིག །མགོན་པོའི་ལྷ་ཚོགས་དམག་དཔུང་བསྐྱེད། །དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབས། །རྒྱབ་བརྟེན་ཞན་ན་ལྷ་འདྲེ་ཕྱི་ན་ཞེན་ཟེར་བ། དྲག་སྔགས་བརྗོད་ལ་ཐུན་གྱིས་བྲབ་པར་བཤད་དེ་བཟླ། མདོས་རྒབ་ཟོར་གྱིས་བཅད་པ་ཡང་དེ་དོན་ལ། སྲུང་འཁོར་གསལ་བཏབ་རྗེས་ཀྱི་བར་མཚམས་བཅད་པར་བྱ། དེ་ནས་རྟ་བྲོ་ལ་སོགས་གཞུང་ལྟར་རོ། །ཞེས་པར་ཞིབ་རྒྱས་༧སྐྱོ་བྲག་ཀརྨ་ཡེ་ཤེས་ཀྱིས་མཛད་པའི་མདོས་ཀྱི་ཟིན་བྲིས་ལ་གཟིགས་པ་གལ་ཆེ། བདག་གི་འདི་ནི་རྒྱ་གར་གྱི་བསྟན་བཅོས་ངན་པ་ཁྱི་ཡི་མཇུག་མ་ལ་བཅིངས་པ་འདི་ཡིས་ཐུ་བ་ཡོད་རེ་ན་ར་ཀན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས་ཀྱང་། གསང་སྔགས་ཟེར་ཞིང་བཅོས་མའི་ཆོས་ཀྱིས་གང་། །ལྟར་སྣང་ལེགས་ཀྱང་གྲུབ་པ་ཐོབ་པ་མེད། །ཅེས་གསུངས་པ་དང་མཚུངས་པར་སེམས་སོ། །འོན་ཀྱང་དུས་ཕྱིས་གསང་སྔགས་ཕྲན་བུ་པ་རྣམས་ཀྱིས་མགོན་པོའི་གཞི་སྙིང་བརྗོད་ཅིང་བཀའ་སྲུང་དྲག་པོས་ཚོགས་འཕེན་པ་ཕན་ཡང་སེམས། རང་ཡི་དམ་གྱི་ལྷ་ལ་བརྟན་པ་ཐོབ་ན་བརྟེན་པར་བཤད་ལ། ཆོས་སྐྱོང་རྣམས་ཀྱི་བྲན་གྱིས་རྗེས་མཐོང་འདྲ་ཟེར་བ་ཡོད། དེ་གསང་མི་ཉན་པར་བཤད་པར་བྱེད་དོ། །ཞེས་ཀརྨ་རརྣ་ལཀྵི་ཏ་ཟེར་བས་མགྱོགས་པར་བྲིས་པའོ། །དགེ་བས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །དགེའོ།། །། ༈ ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་
ཛཿ རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག །སྐུ་མདོག་མཐིང་ནག །དབུ་སྟོང་ཕྲག་གཅིག་དབུ་རེ་རེར་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། ཕྱག་སྟོང་ཕྲག་གཉིས་དང་ལྡན་པ། ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། དུར་ཁྲོད་ཀྱི་ཆས་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དབུ་སྲིད་པ་གསུམ་གྱི་རྩེ་མོར་སླེབས་པ། ཞབས་བརྒྱད་ན་རག་དམྱལ་ཁམས་ཟིལ་གྱིས་མནན་པ། དེ་ལས་འོད་ཟེར་འཕྲོས་པས་ནམ་མཁའ་ཐམས་ཅད་འཁོར་ལོ་བདེ་མཆོག་གི་དམག་ཚོགས་ཀྱིས་གང་བ། བར་སྣང་ཐམས་ཅད་ཡེ་ཤེས་མགོན་པོའི་དམག་ཚོགས་ཀྱིས་གང་བ། ས་གཞི་ཐམས་ཅད་ལས་ཀྱི་མགོན་པོའི་དམག་ཚོགས་ཀྱིས་གང་བ། གཞན་ཡང་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་
པ། ཁྱད་པར་ཐུགས་ཀྱི་མགོན་པོས་ཙནྡན་གྱི་བེང་ས་ལ་བརྡབ་པས། བེང་ཤག་གིས་བྱེ་བའི་ནང་ནས་ལྷ་དམག་དུང་ཕྱུར་ཕྱུང་སྟེ། ལྷ་དམག་གིས་ནམ་མཁའ་གང་བ། གཉན་དམག་གིས་བར་སྣང་གང་། ཀླུ་དམག་གི་ས་གཞི་གང་། ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་རླུང་ལྟར་འཚུབ་པ། ཐམས་ཅད་ཀྱིས་རིན་པོ་ཆེ་སྣ་ཚོགས་ཀྱི་གོ་གྱོན་མཚོན་ཆ་སྣ་ཚོགས་ཐོགས་པ། གླང་ཆེན་རྟ་དང་བྱ་ནག་གཅན་ཟན་སྣ་ཚོགས་བཅིབས་པ། ཁྲོ་ཞིང་འཁྲུགས་པ། གཏུམ་ཞིང་རྔམ་པ། དྲག་རྩལ་རླུང་དང་ཐོག་ལྟར་མྱུར་བ། དམིགས་པའི་དགྲ་བགེགས་བསྒྲལ་བའི་ལས་བྱེད་པར་གྱུར། ལྷ་ཐམས་ཅད་ཀྱི་སྔགས་བརྗོད་པར་བྱའོ། །རྔ་ལ་འབིག་བརྡུང་གིས། བདེ་མཆོག་-བསྐྱེད། ཡེ་ཤེས་པ་-བཟླས། ལས་མགོན་འདོད་ཁམས། དགེའོ།། །།
དཔལ་མགོན་པོ་ཕྱག་བཞི་པའི་གཡག་བསྐང་བསྐྱེད་ཆོག
དཔལ་མགོན་པོ་ཕྱག་བཞི་པའི་གཡག་བསྐང་བསྐྱེད་ཆོག་བཞུགས། མདུན་དུ་སྣ་ཚོགས་པདྨའི་ལྟེ་བར་ཏི་ལས་འབྲུ་སྣ་ཚོགས་ལས་བྱས་པའི་གཡག་ནག་པོ་ཤིན་ཏུ་ཆེ་ལ་བརྗིད་པ། ཤ་ཁྱིམ་ཟན་ལ་བྱས་པ། ཁྲག་དམར་ཆེན་མཚལ་ལ་བྱས་པ། རུས་པ་ས་ལེ་དུང་ལ་བྱས་པ། ཚིལ་ཆེན་སྣུམ་ཆེན་མར་ལ་བྱས་པ། པགས་པ་དར་དང་ཟབ་ལ་བྱས་པ། ནང་བཅུད་རིན་པོ་ཆེ་སྣ་ལྔ་ལ་བྱས་པ། རྭ་ཅོ་གཡུ་ལ་བྱས་པ། རྨིག་བཞི་ལྕགས་ལ་བྱས་པ། ཁ་ནས་དྲི་ཞིམ་བཟང་པོ་དྲུག་གི་ངད་འཐུལ་བ། སྐད་ཀྱིས་དགྲ་
བགེགས་གདུག་ཅན་འདུལ་བ། རྭ་ཅོས་གནམ་གྱི་བདུད་སྒོ་གཅོད་པ། རྨིག་བཞིས་ས་སྲིན་ཐུར་དུ་གནོན་པ། འདོད་ཡོན་སྣ་ཚོགས་སྤུ་ལས་འབྱུང་བ། སྤྱན་གཉིས་ལ་ཉི་ཟླའི་སྒྲོན་མེ་གསལ་བ། ཤངས་ནས་བདུད་རྩིའི་དུད་པ་འཐུལ་བ། ལྗགས་གཡུགས་པས་བར་སྣང་གི་གློག་ལྟར་འཁྱུག་པ། ཚེམས་ནས་དྲག་པོའི་ཐོག་སེར་འབེབས་པ། ཕྲག་པར་དགྲ་བགེགས་ལིངྒ་བཀལ་བ། རྔམ་བརྗིད་འགྱིང་བའི་སྟོབས་དང་ལྡན་པ། དེའི་གཡས་སུ་དཔལ་བཤོས། གཡོན་དུ་དྲི་བཤོས། རྒྱབ་ཏུ་ཆངས་བཤོས། མདུན་དུ་ཞལ་ཟས། གཞན་ཡང་བྱ་ནག །གཡག་ནག །ལུག་ནག །ཁྱི་ནག །རྟ་ནག །དྲེལ་ནག །ནལ་བུའི་རྒྱལ་མཚན། ཙ་ར་རོག་པོ། ཙིཏྟའི་རྒྱལ་མཚན། རྒྱལ་མཚན་རྣམ་བཞི། དབང་པོ་རྣམ་ལྔའི་མེ་ཏོག །སྨན་རག་གི་རྒྱལ་མཚན། ཁྲག་གི་ཀོང་ཟོར། ཤ་ཆེན་གྱི་གསུར་དུད། ཞུན་
ཆེན་གྱི་མར་མེ། མི་རྐང་གི་གླིང་བུ་ལ་སོགས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐང་བར་བྱེད་པའི་མཆོད་རྫས་རྟེན་རྫས་བསྒྲུབ་རྫས་བསྐང་རྫས། མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་རབ་འབྱམས་འཇིག་རྟེན་གྱི་ཁམས་གང་བར་གྱུར། ཨོཾ་ཧཱུྃ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་འབུལ། ཧཱུྃ། མ་ཧཱ་ཀཱ་ལ་མཐུ་བོ་ཆེ་སོགས། སྔར་གྱི་དཔེ་རྙིང་ལས་ཞལ་བཤུས་པའོ། །
དཔལ་ལྡན་ལྷ་མོའི་སྦྱིན་སྲེག །རྗེ་བཙུན་ནཱ་རོ་པ།
དཔལ་ལྡན་ལྷ་མོའི་སྦྱིན་སྲེག་བཞུགས་སོ། །རྒྱ་གར་སྐད་དུ། དྷེ་ཝ་ཀ་ལི་ལོ་ཧ་བར་ཏི་ན་མ། བོད་སྐད་དུ། དཔལ་ལྡན་ལྷ་མོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་དངོས་གྲུབ་འདོད་པ་རྣམས་ཀྱིས་སྦྱིན་སྲེག་བྱ་སྟེ། དེ་ཡང་ཐབ་ཀྱི་མཚན་ཉིད་ནི། རང་གི་མདུན་དུ་མེ་ཐབ་རྒྱ་གྲུ་གང་བ། ཟབས་སུ་གྲུ་ཕྱེད་པ་སོར་བཞི་པའི་ཁ་ཁྱེར་གཉིས་རིམ་རྡོ་རྗེ་རྩེ་གསུམ་པས་བསྐོར་བ། དུར་ཁྲོད་ཀྱི་སོལ་བས་ཕྱི་ནང་བྱུག །ནང་དུ་འབུད་ཤིང་ཚེར་མ་ཅན་གྱི་ཤིང་ལ་སོགས་པ་དྲག་པོའི་ཤིང་བརྩེགས། བསྲེག་རྫས་བཤམས་པའི་རིམ་པ་ནི། མི་ཤ་ལ་སོགས་པའི་ཤ་སྣ་ཚོགས་པ་དང་། སྙིང་སྣ་ཚོགས་
པ་དང་། དགྲ་བགེགས་ཀྱི་ལིངྒ་དང་། འབྲས་ཆེན་ལ་སོགས་པ་རྣམས་བཤམས། ཆང་སྦྱར་བའི་ནང་གི་མཆོད་པ་རྣམས་ཀྱང་བཤམས། བྲམ་ཟེ་དང་ཤན་པ་གང་རུང་གི་ཁྱིམ་ནས་མེ་བསླངས་ལ། བཛྲ་ཛྭ་ལ་ནི་རཾ། ཞེས་པས་མེ་སྦར། མཆོད་རྫས་བསྲེག་རྫས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ནས། ལིང་ག་བསྒྲལ་བ། མཆོད་རྫས་དང་བཅས་པ་ཚར་ནས། དེ་ནས་མེ་ཐབ་ལ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་མཐིང་ནག་འོད་དུ་ཞུ་བ་ལས། དྲག་པོའི་མེ་ཐབ་ཟུར་གསུམ་པ། ཁ་ཁྱེར་དང་མུ་རན་ལ་རྡོ་རྗེ་རིན་ཆེན་རྩེ་གསུམ་པ་གཉིས་རིམ་གྱིས་བསྐོར་བ། ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། མེའི་དཀྱིལ་འཁོར་གྲུ་གསུམ་པ། པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། བགྲང་ཕྲེང་རཾ་གྱིས་མཚན་པ་དེ་ཞུ་བ་ལས། མེ་ལྷ་དྲང་སྲོང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། དབུ་སྐྲ་ཐོར་ཚུགས་དྲང་སྲོང་གི་ཆ་ལུགས་ཅན། གཡས་གཉིས་དབྱུག་
པ་དང་མཆོད་སྦྱིན། གཡོན་གཉིས་མེ་ཐབ་དང་བགྲང་ཕྲེང་འཛིན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཤར་ལྷོ་མཚམས་ནས་ཡེ་ཤེས་མེ་ལྷ་སྤྱན་དྲངས་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་འབྱུང་པོ་ཆེ། །བསྲེག་རྫས་མཆོད་པ་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ཨགྣ་ཡེ་ས་པཱ་རི་ཝཱ་ར་ས་མ་ཡ་ཛ་ཛཿ ལག་པ་གཡས་པའི་མཐེ་བོང་སྲིན་ལག་གི་རྩར་བཙུགས་ནས་གཡབ་པ་ནི། མེ་ལྷ་སྤྱན་འདྲེན་པའི་ཕྱག་རྒྱའོ། །ཨགྣ་ཡེ་པདྨ་ཀཱ་མ་ལ་ཡ་སྟྭཾ། ཨརྒྷཾ་ལ་སོགས་པས་མཆོད་ནས། དམ་ཚིག་པའི་མེ་ལྷ་དང་གཉིས་སུ་མེད་པར་གྱུར། ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་ལྷ་སྤྱན་དྲངས། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཛཿདེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དྲང་
སྲོང་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ནས་སྐུ་ཁྲུས་གསོལ་གྱི་བར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་དབང་བསྐུར་དྲི་མ་དག །ཆུའི་ལྷག་མ་ཡར་ལྷུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨགྣ་ཡེ་ས་མ་ཡ་སྟྭཾ་གྱིས་དམ་ལ་བཞག །ཨོཾ་ཨགྣ་ཡེ་དྷེ་ཝི་རཱ་ཙ་ཡ་ཨརྒྷཾ་སོགས་མཆོད་པ་དང་། མར་ཁུ་བྱོན་སྐྱེམས་འབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བས། །ཤེས་རབ་མེ་ཡིས་ཉོན་མོངས་བག་ཆགས་བསྲེགས། །འཇིག་རྟེན་མེ་ལྷ་ཉིད་ལ་རྣམ་པར་འདུད། །དེ་ནས་བསྲེག་རྫས་ལིངྒ་མེ་ལྷ་ལ་ཉི་ཤུ་རྩ་གཅིག་འབུལ། ཨགྣ་ཡེ་དགྲ་བགེགས་མཱ་ར་ཡ་རྦད། ཛྭ་ལ་རཾ། ཞེས་ཉེར་གཅིག་འབུལ། དེ་ནས་མཆོད་བསྟོད་གསོལ་གདབ་སྔར་བཞིན་བྱས་ལ། མེ་ལྷ་མེ་འབར་བའི་དབུས་སུ་རྃ་ལས་ཉི་མའི་དཀྱིལ་
འཁོར་གྱི་དབུས་སུ། ཏི་ལས་བོང་བུ་ཞེས་པ་ནས་མངོན་རྟོགས་ལྟར་གཙོ་འཁོར་ཐམས་ཅད་བསྐྱེད། ཡེ་ཤེས་པ་གཞུག །དབང་རྟགས་སུ་ཧེ་རུ་ཀས་དབུ་བརྒྱན། ཞེས་པ་ལ་སོགས་བྱས། དེ་ནས་མར་ཁུ་དགང་གཟར་བླུགས་བདུན་ཕྲག་གཅིག་འབུལ་བ་ནི། ཀཱ་ལི་ལ་སོགས་བརྗོད་ལ། ཨརྒྷཾ་ལ་སོགས་ཀྱིས་མཆོད། དེ་ནས་བསྟོད་པ་ནི། ཧཱུྃ། ནག་མོ་ཁྲག་འཐུང་དཔལ་ལྡན་དུད་སོལ་མ། །ཁམས་གསུམ་སྒྲོལ་མཛད་དུག་གསུམ་ཞལ་དུ་གསོལ། །མཆེ་གཙིགས་རྔམ་པས་དགྲ་བགེགས་སྙིང་ཁྲག་གསོལ། །བདུད་དཔུང་འདུལ་མཛད་ལྷ་མོ་ཁྱོད་ལ་བསྟོད། །སོགས་ཀྱིས་བསྟོད། དེ་ནས་བསྲེག་རྫས་རྣམས་གཞུང་གཞན་ནས་འབྱུང་བ་ལྟར། ལིངྒ་བ་ལིང་ཤ་ཁྲག་རྣམས་ལ་བརྒྱ་རྩ་བརྒྱད་དུ་འབུལ། འབུལ་བའི་སྔགས་ནི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛཿམ་མ་དགྲ་བགེགས་ཤ་ཏྲུཾ་ཨ་མུ་ཀཾ་མཱ་ར་ཡ་ཛྭ་ལ་རཾ། ཞེས་བརྗོད་ཅིང་འབུལ། དེ་ནས་ཕྱི་ནང་མཆོད་པ་སྨན་རཀ་གཏོར་གསུམ་རྣམས་མངོན་རྟོགས་ལྟར་འབུལ། དེ་ནས་
བསྟོད་བསྐུལ་ནི། བྷྱོ། བྱང་ཤར་མཚམས་ཀྱི་དུར་ཁྲོད་ན། །དཔལ་ལྡན་ལྷ་མོ་དུད་སོལ་མ། །རོ་དང་བོང་བུའི་གདན་ལ་བཞུགས། །མ་བདུད་གཙོ་མོ་ཁྱོད་ལ་བསྟོད། །མ་མོ་བྱེ་བའི་དམག་དཔུང་བསྡུས། །ཕྱག་ན་མཚོན་ཆའི་ཆར་ཆེན་ཕོབ། །བདུད་དང་དགྲ་བགེགས་རྡུལ་དུ་རློག །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །དུད་པ་འཐུལ་ཞིང་མེ་སྟག་འཕྲོ། །དགྲ་བགེགས་མ་ལུས་རྡུལ་དུ་རློག །དགྲ་བགེགས་བསྲེག་མཛད་ཁྱོད་ལ་བསྟོད། །མ་བདུད་མཁའ་འགྲོ་འཁོར་བཅས་ལ། །དགྲ་བགེགས་ཀྱི་ཤ་ཁྲག་འདི་འབུལ་བ་ལ་བརྟེན་ནས་ཕྲིན་ལས་བཅོལ་བ་ནི། སྒྲུབ་པ་པོ་ལ་གནོད་པར་བྱེད་པའི་བདུད་དང་། དགྲ་བགེགས་ལོག་པར་ལྟ་བ་འདི་དང་། དམ་སྲི་ཐམས་ཅད་རྡུལ་དུ་རློག །ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་མེས་བསྲེགས་ནས་རྡུལ་ཕྲན་ཙམ་
ཡང་མེད་པར་མཛོད་ཅིག །འཁོར་སྲུང་རྐྱེན་བཟློག་བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད་ཅིག །ཅེས་གང་འདོད་པ་ལ་ཕྲིན་ལས་བཅོལ། གསོལ་གདབ་བྱའོ། །བཟོད་པར་གསོལ་བ་ནི། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་དགོངས་སུ་གསོལ། བདག་སོགས་སོ་སོའི་སྐྱེ་བོར་གྱུར་པས་ཏིང་ངེ་འཛིན་མི་གསལ་བ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ། སྲེག་རྫས་མཆོད་རྫས་མ་ཚང་བ་དང་། མ་འབྱོར་པ་དང་། གཏི་མུག་གི་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་འཕྲལ་གྱི་རྐྱེན་དང་ཡུན་གྱི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། ཞེས་སོགས་བརྗོད། ཡིག་བརྒྱས་ཉེས་ལྟུང་ཁ་བསྐང་། དེ་ནས། བཛྲ་མུ། ཞེས་པས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མི་དམིགས་པར་རྒྱས་གདབ། དེ་ནས་འཇིག་རྟེན་པའི་མེ་ལྷ་གསལ་གདབ། མཆོད་བསྟོད་སྔར་བཞིན་བྱས། ཨགྣ་ཡེ་ཨེ་ཧྱ་ཧི་གཙྪཿ ཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཧཱུྃ་དུ་གྱུར་ནས་རང་གི་ཐུགས་
ཀར་བསྡུ། དེ་རྗེས་དགེ་བའི་རྩ་བ་བསྔོ། བཀྲ་ཤིས་བརྗོད། དགེ་བ་འདི་ཡིས་ཕྲིན་ལས་རྣམ་བཞི་ཡིས། །བདུད་བཞིའི་དཔུང་ཚོགས་ཐམས་ཅད་རབ་བཅོམ་ནས། །ཚོགས་གཉིས་རབ་རྫོགས་སྐུ་བཞིའི་འབྲས་བུ་ཡི། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །དཔལ་ལྡན་ལྷ་མོ་དུད་སོལ་མའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།རྗེ་བཙུན་ནཱ་རོ་པའི་གསུང་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །ཨྠྀི། སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག །ཤུ་བྷཾ། །
ནཱ་རོ་པའི་རྒྱ་གཞུང་དཔལ་ལྡན་ལྷ་མོའི་སྦྱིན་སྲེག་གི་ཆོ་ག་བདུད་བཞིའི་དཔུང་བཅོམ་སྐུ་བཞི་ལྷུན་གྲུབ་བསྟན་པ་རྒྱས་པའི་ཉི་མ། སྐྱོ་བྲག་དུང་སྤྲུལ་ཤྲཱི་བྷ་དྲ།
༄༅། །ནཱ་རོ་པའི་རྒྱ་གཞུང་དཔལ་ལྡན་ལྷ་མོའི་སྦྱིན་སྲེག་གི་ཆོ་ག་བདུད་བཞིའི་དཔུང་བཅོམ་སྐུ་བཞི་ལྷུན་གྲུབ་བསྟན་པ་རྒྱས་པའི་ཉི་མ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། དྷེ་ཝི་ཀ་ལི་ཧོ་ལ་པར་ཏི་ན་མོ། བོད་སྐད་དུ། དཔལ་ལྡན་ལྷ་མོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་དངོས་གྲུབ་འདོད་པ་རྣམས་ཀྱིས་སྦྱིན་སྲེག་བྱ་སྟེ། དེ་ཡང་ཐབ་ཀྱི་མཚན་ཉིད་ནི། རང་གི་མདུན་དུ་མེ་ཐབ་རྒྱ་གྲུ་གང་པ། ཟབས་སུ་གྲུ་ཕྱེད་པ། སོར་བཞི་པའི་ཁ་ཁྱེར་གཉིས་རིམ་རྡོ་རྗེ་རྩེ་གསུམ་པས་བསྐོར་བ། དུར་ཁྲོད་ཀྱི་སོལ་བས་ཕྱི་ནང་བྱུག །ནང་དུ་འབུད་ཤིང་ཚེར་མ་ཅན་གྱི་ཤིང་ལ་སོགས་པ་དྲག་པོའི་ཤིང་བརྩེགས་སོ། །བསྲེག་རྫས་བཤམས་པ་འདིའི་རིམ་པ་ནི། མི་ཤ་ལ་སོགས་པའི་ཤ་སྣ་ཚོགས་པ་དང་། སྙིང་སྣ་ཚོགས་པ་དང་། དགྲ་བགེགས་ཀྱི་ལིངྒ་དང་། འབྲས་ཆེན་ལ་སོགས་རྣམས་བཤམས། སྦྲང་རྩི་ཤ་ཁྲག་དང་ཆང་སྦྱར་བའི་ནང་གི་མཆོད་པ་རྣམས་ཀྱང་བཤམས། རྟེན་རྫས་རྣམས་རིམ་པ་ལྔ་ལྔ། ལིངྒ་བརྒྱ་དང་བརྒྱད། མེ་ལྷར་ཉེར་
གཅིག །རྣམ་ལྔའི་མཆོད་པ་སྨན་རཀ་གཏོར་གསུམ་བསྐུལ་གཏོར་གཅིག་བཅས། འདས་མ་འདས་ཆ་གཉིས་སོགས་ཡོ་བྱད་རྣམས་འདུ་བགྱི། བདག་ཉིད་ལྷ་ཡི་རྣལ་འབྱོར་རྒྱས་བསྡུས་གང་རིགས་སོང་ནས། བྲམ་ཟེ་དང་ཤན་པ་གང་རུང་གི་ཁྱིམ་ནས་མེ་བླངས་ལ། བཛྲ་ཛྭ་ལ་ནི་རྃ་ཞེས་པས་མེ་སྦར། དེ་ནས། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ལྕགས་ཁང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་
དང་བཅས་པ་ཡོངས་སུ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་གྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །གནོད་བྱེད་དགྲ་བགེགས་འདིར་ཁུག་ཅིག །བརྒྱ་རྩ་བརྒྱད་དང་ཉེར་གཅིག་གིས་བཀུག་ལ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛ༔ དགྲ་བགེགས་ལྷ་དང་ཤག་ཕྱེས་ཤག་ཕྱེས་མ་མ་ཏྲག་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པས་ལྷ་དང་དབྱེ། ཨོཾ་ཧཱུྃ་ཤྲཱི་ཡ་དྷེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛཿ ཐུན་བྷྱོ། ཐུན་གདབ་བོ། །ཨོཾ་ཧཱུྃ་ཤྲཱི་ཡ་དྷེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛཿ དགྲ་བགེགས་ཀྱི་སྲོག་ལ་མ་ར་ཡ་རྦད་ཀྱིས་བསྒྲལ། ནྲྀ་སྥ་ར་ཎ་ཕཊཿ རྣམ་ཤེས་སྤར་ལ། བསྲེག་རྫས་རྣམས། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་
དུ་དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་དགྲ་བོའི་དོན་སྙིང་ནང་ཁྲོལ་རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་ལ། མཆོད་རྫས་བསྲེག་རྫས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ནས། ལིངྒ་བསྒྲལ་བ། མཆོད་རྫས་དང་བཅས་པ་ཚར་ནས། མེ་ཐབ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་མཐིང་ནག་འོད་དུ་ཞུ་བ་ལས་དྲག་པོའི་མེ་ཐབ་ཟུར་གསུམ་པ་ཁ་ཁྱེར་དང་མུ་རན་ལ་རྡོ་རྗེ་རྩེ་གསུམ་པ་གཉིས་རིམ་གྱིས་བསྐོར་བ། ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། བགྲང་ཕྲེང་རྃ་གྱིས་མཚན་པ་དེ་ཞུ་བ་ལས། མེ་ལྷ་དྲང་སྲོང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། དབུ་སྐྲ་ཐོར་ཚུགས་དྲང་སྲོང་གི་ཆ་ལུགས་ཅན། གཡས་གཉིས་དབྱུག་
པ་དང་མཆོག་སྦྱིན། གཡོན་གཉིས་མེ་ཐབ་དང་བགྲང་ཕྲེང་འཛིན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས། ཤར་ལྷོའི་མཚམས་ནས་ཡེ་ཤེས་མེ་ལྷ་སྤྱན་དྲངས་པར་གྱུར། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །བསྲེག་རྫས་མཆོད་པ་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི། ཨགྣ་ཡེ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ལག་པ་གཡས་པའི་མཐེ་བོང་སྲིན་ལག་གི་རྩར་བཙུགས་ནས་གཡབ་པ་ནི་མེ་ལྷ་སྤྱན་དྲངས་པའི་ཕྱག་རྒྱའོ། །ཨགྣ་ཡེ་པདྨ་ཀཱ་མ་ལ་ཡ་སྟྭཾ། ཨརྒྷཾ་ལ་སོགས་པས་མཆོད་ནས། དམ་ཚིག་པའི་མེ་ལྷ་དང་གཉིས་སུ་མེད་པར་གྱུར། ཛཿཧཱུྃ་བཾ་ཧོཿས་མ་ཡ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་ལྷ་སྤྱན་དྲངས། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་
ཀྱིས་དྲང་སྲོང་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ནས་ཁྲུས་གསོལ་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་དབང་བསྐུར་དྲི་མ་དག །ཆུའི་ལྷག་མ་ཡར་ལྷུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨགྣ་ཡེ་ས་མ་ཡ་སྟྭཾ། གྱིས་དམ་ལ་བཞག །ཨོཾ་ཨགྣ་ཡེ་དྷེ་ཝི་རཱ་ཙ་ཡ་ཨརྒྷཾ་སོགས་མཆོད་པ་དང་། ཨོཾ་ཨགྣ་ཡེ་དྷེ་ཝི་རཱ་ཙ་ཡ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་ནམ་གསུམ་གྱིས་མར་ཁུ་བྱོན་སྐྱེམས་འབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྒྱུར་ནས། །ཤེས་རབ་མེ་ཡིས་ཉོན་མོངས་བག་ཆགས་བསྲེགས། །འཇིག་རྟེན་མེ་ལྷ་ཉིད་ལ་རྣམ་པར་འདུད། །དེ་ནས་བསྲེག་རྫས་དང་ལིངྒ་མེ་ལྷ་ལ་ཉི་ཤུ་རྩ་གཅིག་རེ་འབུལ། ཨགྣ་ཡེ་དགྲ་བགེགས་མཱ་ར་ཡ་རྦད། ཛྭ་ལ་རཾ། ཞེས་ཉེར་
གཅིག་རེ་འབུལ། དེ་ནས་མཆོད་བསྟོད་གསོལ་གདབ་སྔར་བཞིན་བྱས་ལ། མེ་ལྷ་འབར་བའི་དབུས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏི་ལས་བོང་བུ་ཞེས་པ་ནས་མངོན་རྟོགས་ལྟར་གཙོ་འཁོར་ཐམས་ཅད་བསྐྱེད་ཡེ་ཤེས་པ་གཞུག །དབང་རྟགས་སུ་ཧེ་རུ་ཀས་དབུ་བརྒྱན། ཞེས་པ་ལ་སོགས་བྱས་གསུངས་པ་ལྟར། སྐད་ཅིག་གིས་དུད་སོལ་མར་གྱུར་པའི་ཐུགས་ཀར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཡི་གེ་ཨཾ་འོད་ཟེར་དང་བཅས་པ་སོགས་ནས་ལྷ་མོའི་གཏོར་ཆོག་གཞུང་བཞིན་བསྐྱེད། སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་དམ་བཞག་བར་བྱ། དེ་ནས་མར་ཁུ་དགང་གཟར་བླུགས་བདུན་ཕྲག་འབུལ་བ་ནི། ཀ་ལི་སོགས་བརྗོད་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨརྒྷཾ་ལ་སོགས་ཀྱིས་མཆོད། དེ་ནས་བསྟོད་པ་ནི། ཧཱུྃ། ནག་མོ་ཁྲག་འཐུང་དཔལ་ལྡན་དུད་སོལ་མ། །ཁམས་གསུམ་སྒྲོལ་མཛད་དུག་གསུམ་ཞལ་དུ་གསོལ། །མཆེ་གཙིགས་རྔམ་པས་དགྲ་བགེགས་སྙིང་ཁྲག་གསོལ། །བདུད་དཔུང་འདུལ་མཛད་ལྷ་མོ་ཁྱོད་ལ་བསྟོད། །
སོགས་ཀྱིས་བསྟོད། དེ་ནས་བསྲེག་རྫས་རྣམས་གཞུང་གཞན་ནས་འབྱུང་བ་ལྟར། ལིང་ག་བ་ལིང་ཤ་ཁྲག་རྣམས་ལ་བརྒྱ་རྩ་བརྒྱད་དུ་འབུལ། འབུལ་བའི་སྔགས་ནི། ཨོཾ་ཧཱུྃ་ཤྲཱི་ཡ་དྷེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛཿ མ་མ་དགྲ་བགེགས་ཤ་ཏྲུཾ་ཨ་མུ་ཀཾ་མཱ་ར་ཡ་ཛྭ་ལ་རཾ། ཞེས་བརྗོད་ཅིང་འབུལ། དེ་ནས་ཕྱི་ནང་གསང་མཆོད་སྨན་རཀ་གཏོར་གསུམ་རྣམས་མངོན་རྟོགས་ལྟར་འབུལ། ཞེས་པ་ལྷ་མོའི་གཏོར་ཆོག་ནི། བྷྱོ། ཨུ་དུམ་ཨུདྤལ་ལ་སོགས་པདྨ་དང་། །སོགས་ནས་གཞུང་ལྟར་མཆོད་པ་འདོན་ཆ་སྦྲག་ཅིང་ཕྱག་ལེན་བཞིན་རིམ་པར་འབུལ་ལ། སརྦ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བར་བརྗོད། དེ་ནས་བསྟོད་བསྐུལ་ནི། བྷྱོ། བྱང་ཤར་མཚམས་ཀྱི་དུར་ཁྲོད་ན། །དཔལ་ལྡན་ལྷ་མོ་དུད་སོལ་མ། །རོ་དང་བོང་བུའི་གདན་ལ་བཞུགས། །མ་བདུད་གཙོ་མོ་ཁྱོད་ལ་བསྟོད། །མ་མོ་བྱེ་བའི་དམག་དཔུང་སྡུས། །ཕྱག་ན་མཚོན་ཆའི་ཆར་ཆེན་ཕོབ། །བདུད་དང་དགྲ་བགེགས་རྡུལ་དུ་རློག །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་
བསྟོད། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །དུད་པ་འཐུལ་ཞིང་མེ་སྟག་འཕྲོ། །དགྲ་བགེགས་མ་ལུས་རྡུལ་དུ་བརླག །དགྲ་བགེགས་སྲེག་མཛད་ཁྱོད་ལ་བསྟོད། །མ་བདུད་མཁའ་འགྲོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་འདི་འབུལ་བ་ལ་བརྟེན་ནས་ཕྲིན་ལས་བཅོལ་བ་ནི། བསྟན་པ་བཤིགས་པའི་དགྲ་བགེགས། སྒྲུབ་པ་པོ་ལ་གནོད་པར་བྱེད་པའི་བདུད་དང་། དགྲ་བགེགས་ལོག་པར་ལྟ་བ་འདི་དང་དམ་སྲི་ཐམས་ཅད་རྡུལ་དུ་རློགས་ཤིག །ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་མེས་བསྲེགས་ནས་རྡུལ་ཕྲན་ཙམ་ཡང་མེད་པར་མཛོད་ཅིག །འཁོར་སྲུང་རྐྱེན་བཟློག་བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་སོགས་གང་འདོད་ཕྲིན་ལས་བཅོལ། གསལ་གདབ་བྱའོ། །༈ རྒྱས་པར་སྤྲོ་ནའང་ལས་བྱང་ནང་གི །བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །སོགས་ནས་རྣལ་འབྱོར་བཅོལ་བའི་ཕྲིན་ལས་
འགྲུབ་པར་མཛོད། །བར་བརྗོད། དེ་ནས་དམར་གཏོར་ཞིག་ལ་དམིགས་ནས་ཕྲིན་ལས་བཅོལ་བ་ནི། བྷྱོ། མ་གཡེལ་མ་གཡེལ་དམ་ཅན་ཚོགས། །སོགས་ནས་ཨོཾ་རུ་རུ་རོ་རུ་རོ་རུ་སོགས་བརྗོད་ཅིང་། བྷ་བ་བྷ་ཏ་ལི་བྷ་ཏ་ལི་ཚེ། ལན་གསུམ་མམ་བདུན་བརྗོད་ལ། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །སོགས་ནས་གཏོར་མ་མེ་ཐབ་ཏུ་ཕུལ་ལ། འདོད་དོན་གསོལ་བ་གདབ་པ་ནི། མཁའ་འགྲོ་མ་དུད་པའི་སོལ་བ་མ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་སོགས་ནས་ཞི་ཞིང་བཟློག་པར་མཛད་དུ་གསོལ། །ཞེས་པའི་བར་བརྗོད་དེ། དེ་ནས་བཟོད་པར་གསོལ་བ་ནི། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་དགོངས་སུ་གསོལ་ལོ། །བདག་སོ་སོའི་སྐྱེ་བོར་གྱུར་པས། ཏིང་འཛིན་མི་གསལ་བ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ་དང་། སྲེག་རྫས་མཆོད་རྫས་མ་ཚང་བ་དང་། མ་འབྱོར་བ་དང་། གཏི་མུག་གི་དབང་གིས་ཉེས་ལྟུང་ཅི་མཆིས་པ་
ཐམས་ཅད་འཕྲལ་གྱི་རྐྱེན་དང་། ཡུན་གྱི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱས་ཉེས་ལྟུང་ཁ་བསྐང་། དེ་ནས། བཛྲ་མུཿ ཞེས་པས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མི་དམིགས་པར་རྒྱས་གདབ། མཆོད་པ་སྔར་བཞིན་མཆོད་ལ། ཨོཾ་ཨགྣ་ཡེ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། སྨན་ཕུལ། ཨོཾ་ཨགྣ་ཡེ་མ་ཧཱ་རཀྟ་ལ་ཁཱ་ཧི། རཀྟ་ཕུལ། ཨོཾ་ཨགྣ་ཡེ་མ་ཧཱ་བ་ལིང་ཏ་ལ་ཁཱ་ཧི། གཏོར་མ་ཕུལ། བསྟོད་པ་སྔར་བཞིན། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །སོགས་ནས་རྣམ་པར་འདུད། །ཅེས་བརྗོད། ཨགྣ་ཡེ་ཨེ་ཧྱ་ཧི་གཙྪཿ ཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཧཱུྃ་དུ་གྱུར་ནས་རང་གི་ཐུགས་ཀར་བསྡུ། དེ་རྗེས་དགེ་བའི་རྩ་བ་བསྔོ། བཀྲ་ཤིས་བརྗོད། དགེ་བ་འདི་ཡིས་ཕྲིན་ལས་རྣམ་པ་བཞིས། །བདུད་བཞིའི་དཔུང་ཚོགས་ཐམས་ཅད་རབ་བཅོམ་ནས། །ཚོགས་གཉིས་རབ་རྫོགས་སྐུ་བཞིའི་འབྲས་བུ་ཡིས། །རྫོགས་པའི་སངས་རྒྱས་
མྱུར་དུ་ཐོབ་པར་ཤོག །དཔལ་ལྡན་ལྷ་མོ་དུད་སོལ་མའི་སྦྱིན་སྲེག་གི་ཆོ་ག་རྫོགས་སོ།། །།རྗེ་བཙུན་ནཱ་རོ་པའི་གཞུང་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །ཨྠྀི། སེམས་ཅན་ཐམས་ཅད་ཕན་པར་གྱུར་ཅིག །ཤུབྷཾ། །ཞེས་པའི་ནཱ་རོའི་རྒྱ་གཞུང་ལས་གསུངས་བཞིན་རྔོག་ལུགས་ལྷ་མོའི་མངོན་རྟོགས་སོགས་འགྲིག་ཆགས་སུ་བསྟར་བ་མ་གཏོགས་བཅོས་བསླད་མེད་པར། ཉི་སྒྲོལ་ཞེས་པ་ཤིང་ཕོ་སྤྲེལ་ལོ་ཕག་གདོང་ནག་མོ་ཐུགས་ཀྱི་གནས་ཙཱ་རི་ཏྲ་གནས་སྒོ་འབྱེད་པའི་བཟང་པོའི་ཟླ་བ་གཉིས་པའི་དམར་ཕྱོགས་ཀྱི་དགའ་བ་གསུམ་ཚེས་དཔལ་ལྡན་ལྷ་མོ་རྒྱུ་བའི་དུས་ཆེན་ལ། སངས་རྒྱས་བསྟན་པའི་སྲིད་ཞུ་དང་ཞབས་འདེགས་སུ་མོས་པའི་བློས། སྐྱོ་བྲག་དུང་སྤྲུལ་ཤྲཱི་བྷ་དྲའམ་དཔལ་ཆེན་ཆེ་མཆོག་ཐུགས་ཀྱི་རྡོ་རྗེ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ལམ་རྡོ་རྗེ་བདུད་འཇོམས་ཀྱིས་བྲིས་པ་ལགས་པས། བསྟན་འཛིན་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་ཕྲིན་སྤེལ་ཞིང་རྒྱལ་བསྟན་རིན་པོ་ཆེའི་བརྟན་པའི་མཚོན་ཆར་གྱུར་ཅིང་བསྟན་དགྲ་རྨིང་མེད་དུ་གཞོམ་ཞིང་ཚར་གཅོད་པར་གྱུར་ཅིག །སརྦ་ཛ་ག་ཏཾ། ཨྠྀི། མངྒ་ལཾ་དགེའོ།། །།
འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།
༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །