དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།
དཔལ་ལྡན་[བཱ་སྒྲོམ་]འབའ་རོམ་པ་ཡབ་སྲས་བརྒྱུད་པར་བཅས་པའི་ཆོས་སྐྱོང་ཐུན་མོང་མ་ཡིན་པ་དཔལ་ནག་པོ་ཆེན་པོ་བྱ་རོག་མཚན་ཅན་གྱི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་གཞུང་འདོན་བྱ་དང་བཅས་པ་དཔལ་མགོན་དགྱེས་བྱེད་ལྷའི་རྔ་ཆེན། བདེ་ཆེན་འབར་བའི་རྡོ་རྗེ།
༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{ཆོས་སྐྱོང་མགོན་པོའི་བསྙེན་ཟིན་སྐོར་ག་}བཞུགས་སོ། །
༄༅། །དཔལ་ལྡན་[བཱ་སྒྲོམ་]འབའ་རོམ་པ་ཡབ་སྲས་བརྒྱུད་པར་བཅས་པའི་ཆོས་སྐྱོང་ཐུན་མོང་མ་ཡིན་པ་དཔལ་ནག་པོ་ཆེན་པོ་བྱ་རོག་མཚན་ཅན་གྱི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་གཞུང་འདོན་བྱ་དང་བཅས་པ་དཔལ་མགོན་དགྱེས་བྱེད་ལྷའི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། །
གུ་རུ་ཤྲཱི་ནཱ་ཐ་མ་ཧཱ་ཀཱ་ལ་ཡེ། གཞི་དབྱིངས་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །ལོངས་སྤྱོད་རྫོགས་པ་དཔལ་ཆེན་དྲཱ་བ་སྡོམ། །སྤྲུལ་སྐུ་མཐུ་སྟོབས་དབང་ཕྱུག་ནག་པོ་ཆེ། །བླ་མ་མགོན་པོ་དབྱེར་མེད་གཙུག་ཏུ་བསྙེན། །འཁོར་འདས་མ་ལུས་སྐུ་ཡི་དབྱིངས་སུ་རྫོགས། །ཆོས་ཉིད་འགྱུར་བ་མེད་པ་ནམ་མཁའི་མདངས། །བསྟན་དང་འགྲོ་བའི་དོན་བྱེད་ལས་ཆེན་བཞི། །འབད་མེད་འཇོ་བ་ཡན་ལག་ཕྱག་མཚན་ལྡན། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེ། །དཔལ་ལྡན་མགོན་པོ་ཕྱག་བཞི་པ། །མཆོད་སྒྲུབ་བྱེད་པའི་རྣལ་འབྱོར་པས། །ཉམས་སུ་ལེན་བྱ་མདོར་བསྡུས་བྲི། །དེ་ཡང་ཆོས་སྐྱོང་ཀུན་གྱི་མཐར་ཐུག་རྡོ་རྗེ་མགོན་པོ་དཔལ་མ་ཧཱ་ཀཱ་ལ་ཕྱག་བཞི་པ་སྒྲུབ་པར་འདོད་པའི་གང་ཟག་གིས་དུར་ཁྲོད་དམ་རི་བོའི་རྩེ་སོགས་
གནས་དབེན་པར་སྟེགས་ཀྱི་ཁར་དཀྱིལ་ཆོག་ལས་་འབྱུང་བའི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་སམ་འབྲུ་ནག་གི་ཚོམ་བུ་བཀོད་པའི་ཁར་མགོན་པོའི་བཤོས་བུ་རྒྱན་ལྡན་དང་། ཟུར་དུ་གཏའ་གཏོར་ཞིག་ཀྱང་འཛོམ་ན་ལེགས་ཤིང་། གཞན་ཡང་ཇ་ཆང་ཁྲག་སྣ་མཐུན་རྫས་གཡག་ལུག་བྱ་རྟ་ནག་པོ་དར་སྣ་སྨན་སྣ་འབྲུ་སྣ། མདའ་དར་ནག་པོ་སོགས་དང་། དེ་དག་གི་མདུན་དུ་མཆོད་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། ཐུན་གཏོར་ཆུང་ངུ་ཞིག་ལ་ལྷ་གྲངས་ཀྱིས་བསྐོར་ཏེ་ཤ་དུམ་འབྲུ་ཆན་ཁྲག་ཆང་གིས་སྦག་པར་གསེར་སྐྱེམས་བརྡར་བ་གཏོར་འབུལ་གྱི་སྐབས་རྣམས་སུ་མཁོ་བ་དང་། གཞན་ཡང་དགོས་པའི་ཡོ་བྱད་རྡོར་དྲིལ་ཌཱ་རུ། ཡུངས་ཐུན་གུ་གུལ། སྦྱར་སྤོས་མེ་ཏོག །གཡབ་དར་བཅས་འདུ་བྱ། རང་གི་མདུན་དུ་བདག་བསྐྱེད་ཀྱི་མཆོད་པ་དང་། གཡས་གཡོན་གང་བདེར་མཚན་ལྡན་གྱི་ཀ་པཱ་ལ་བདུད་རྩིས་བཀང་བ་དང་། དེ་ལས་སྟེགས་དམའ་བར་བདག་
མདུན་གྱི་གཏོར་མགྲོན་རྣམས་ཀྱི་གཏོར་མ་མཐོང་བརྒྱུད་ལྟར་བཤམ། སྔོན་འགྲོ་དཀར་གཏོར་དང་བགེགས་གཏོར་ཇ་ཆང་ཆུ་ཡི་བསང་ཆུ་སོ་སོའི་འཐོར་གཡབ་རྣམས་ཀྱང་ཚོགས་པར་བྱས་ནས། ནངས་སྔ་བར་རང་ཉིད་དག་པ་གསུམ་གྱི་སྐུར་བཞེངས་པ། གཏོར་མའི་སྒོ་འབྱེད་སོགས་རང་ལུགས་དང་མཐུན་པར་སོང་རྗེས་བདུད་རྩི་རིལ་བུ་ཁར་བཅུག་ནས་ནང་མཆོད་བདུད་རྩི་བྱིན་བརླབ། དེ་ནས་སྔོན་གཏོར་དཀར་བགེགས་བཏང་ཞིང་སྲུང་འཁོར་དང་མཆོད་པ་བྱིན་རླབས་རྣམས་གྲུབ་རྗེས་འཁོར་ལོ་བདེ་མཆོག་གི་བདག་བསྐྱེད་རྒྱས་བསྡུས་གང་རིགས་བསྙེན་པ་བཅས་སོང་ནས། བདུད་རྩི་བྱིན་རླབས་དམིགས་པ་དང་བཅས་པས་གཏོར་མ་བྱིན་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྷོ྅་ཧྃ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ཉིད་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་
མིའི་ཤ །ཤར་དུ་གོ་ལས་བ་ལང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ཤུ་ལས་བྱང་སེམས་དཀར་པོ། བྱང་ཤར་དུ་བི་ལས་དྲིན་ཆེན། ཤར་ལྷོར་མུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་སྟེང་དུ་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལས་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་ལྟ་བ། དེའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། གཏོར་མའི་སྟེང་གི་ནམ་མཁར་ཞིང་ཁམས་ཕོ་བྲང་
རྒྱན་བཀོད་པ་ཕུན་སུམ་ཚོགས་པར་རང་མཐུན་གྱི་ཁྲི་དང་གདན་རྣམས་སུ་རྡོ་རྗེ་འཆང་ལ་རྩ་བརྒྱུད་ཀྱི་བླ་མ་དང་། གཡས་སུ་འཁོར་ལོ་བདེ་མཆོག་ལ་ཡི་དམ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཀྱིས་བསྐོར་བ་དང་། གཡོན་དུ་རྡོ་རྗེ་རྣལ་འབྱོར་ལ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོས་བསྐོར་བ་དང་། རྒྱབ་ཏུ་དུས་གསུམ་གྱི་སངས་རྒྱས་ལ་བསྐལ་པ་བཟང་པོའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་དང་། མདུན་ཕྱོགས་ཀྱི་འོག་རོལ་དུ་དཔལ་མ་ཧཱ་ཀཱ་ལ་ཕྱག་བཞི་པ་ལ་འཁོར་ལེགས་ལྡན་བྱ་སེང་ཡུམ་སོགས་ཡང་འཁོར་སྟོང་ཁྲི་འབུམ་བྱེ་བའི་ཚོགས་རྣམས་ཀྱི་བསྐོར་བ་རང་གི་ཐུགས་ཀའི་འོད་ཟེར་གྱིས་དག་པ་ཕྱོགས་བཅུའི་གནས་ཡུལ་དུར་ཁྲོད་ཐམས་ཅད་ནས་གཏོར་མགྲོན་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཏེ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་གུ་རུ་དེ་ཝ་
ཌཱ་ཀི་ནི་སརྦ་བུདྡྷ་བོ་དྷི་ས་ཏྭ་དྷརྨ་པཱ་ལ་བཛྲ་ས་མ་ཡ་ཨེ་ཨཱ་རལླི་ཕེཾ་ཕེཾ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གཏོར་མགྲོན་དགྱེས་པ་ཆེན་པོས་བཞུགས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཅེས་མོས་ལ་རྡོར་ཐལ་ཀ་པཱ་ལའི་ཕྱག་རྒྱ་སེ་གོལ་བཅས། ཨོཾ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དམ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གྲངས་འབུལ་ཞིང་། ཉེར་སྤྱོད་ཀྱིས་ཀྱང་མཆོད། མགྲོན་སོ་སོས་བདུད་རྩི་གསོལ་བར་དམིགས་ལ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྟེན་འབྲེལ་གྱི་རྩ་བ་དཔའ་བོ་མཁའ་འགྲོའི་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་འགྲོ་བའི་རིགས་དྲུག་སྐྱེ་གནས་རྣམ་པ་བཞི་ལམ་རྒྱུད་ལྔས་བསྡུས་
པའི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་མཆོད་ལ་མགྲོན་ལ་བསྟོད་གསོལ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཨོཾ། བཅོམ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། བསྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །དབུ་ལ་སྤྱན་གསུམ་གཟི་བརྗིད་ལྡན་པའོ། །དགྲ་སྟྭཞགས་པ་ཁ་ཊྭཱཾ་མདུང་རྩེ་བསྣམས། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེ་དུད་ཁ་བགེགས་འདུལ་མཛད་ལ་བསྟོད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེའི་གདན་
བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་པ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། །ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་སྲུང་ཆེ། །འཇིགས་བྱེད་མི་ཟད་དྲག་པོའི་ལས་རྣམས་བྱེད། །རྔམ་པའི་ང་རོས་སྲིད་གསུམ་ཐལ་བར་བརླག །མགོན་པོ་བྱ་རོག་མཚན་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་སོགས་ཀྱིས་བསྟོད་ཅིང་གཏོར་མགྲོན་གྱི་ལྷ་རྣམས་རྟེན་ལ་བསྟིམ་པའམ་མི་དམིགས་པར་བཞག །དེ་ནས་མགོན་པོའི་སྒྲུབ་པ་དངོས་ལས། མགོན་མཆོད་བྱིན་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱིས་ནང་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་
ཁྲག་གི་ཨརྒྷཾ། དུག་དང་མཁྲིས་སྣའི་འཐོར་ཐུང་། དཔའ་བོ་ཆང་གི་ཡོན་ཆབ། བདུག་པ་དུག་གི་མེ་ཏོག །ཚིལ་ཆེན་དང་གུ་གུལ་གྱི་བདུག་སྤོས། ཞུན་ཆེན་རྐང་གི་སྣང་གསལ། བདུད་རྩི་ལྔའི་དྲི་ཆབ། ཤ་ཆེན་ལྔའི་ཞལ་ཟས། རྐང་གླིང་ཐོད་རྔའི་སྒྲ་སྙན། གཞན་ཡང་འདོད་ཡོན་ལྔའི་མཆོད་པ་བསམ་གྱིས་མི་ཁྱབ་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་དགྱེས་ཤིང་མཆོད་པའི་རྫས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་ཅིང་གང་བར་གྱུར། ཨོཾ་བཛྲ་པཱུ་ཛ་ཨརྒྷཾ་པཱདྱཾ་ཨཱ་ཙ་མ་ནཾ་པྲོཀྵ་ཎཾ་སོགས་ནས་ཤབྟ་ཨཱཿཧཱུྃ། ཞེས་བྱིན་བརླབས། དེ་ཡང་བདག་བསྐྱེད་ལ་གཞལ་ཡས་ཁང་ཡོད་པའི་དབང་དུ་མཛད་ནས་སྐབས་འགར་མདུན་བསྐྱེད་ལ་ཡས་གཞལ་གསལ་བར་མ་གསུངས་ཀྱང་རྒྱུད་གཞན་ལས། ཤིན་ཏུ་འཇིགས་པ་དྲག་པོའི་གཞལ་ཡས་ཁང་ཞེས་སོགས་གསལ་བར་གསུངས་པ་དང་། བདག་བསྐྱེད་གཞལ་ཡས་ཁང་སོགས་བསྒོམ་པར་མ་བྱས་ན་མདུན་བསྐྱེད་
མགོན་པོ་ལ་གཞལ་ཡས་ཁང་ངེས་པར་དགོས་ལ། གང་ལྟར་ད་ལྟའི་ཕྱག་ལེན་ཁྱེར་བདེར་བྱ་བར་མདུན་རྟེན། ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་ཨེ་ལས་མདུན་དུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་འཇིགས་སུ་རུང་བའི་དབུས་སུ་རྡོ་རྗེའི་བྲག་རི་ནག་པོ་གྲུ་གསུམ་དང་ལྡན་པའི་སྟེང་དུ་རཀྟའི་རྒྱ་མཚོ་ལ་བཾ་ཆེ་ཆུང་གི་ལྷུ་དུམ་འཕྱོ་བ་ཞམ་ཆུ་རྦ་ཀློང་འཁྲུགས་པ་ཕྱོགས་གསུམ་དུ་འབབ་པ། ཕྱོགས་རྣམས་ལས་འཇིགས་པའི་མེ་ཆེན་འབར་ཞིང་། སྟེང་དུ་དུད་སྤྲིན་ནག་པོའི་མུན་པ་གཏིབས་པ། འོག་གི་ས་གཞིར་སྲ་མཁྲེགས་རྡོ་རྗེའི་རང་བཞིན་ལ་མེའི་ཚྭ་ཚྭ་འཕྲོ་བ། ཤ་ཟ་བྱ་ནག་གི་ཚོགས་རྣམས་བར་སྣང་དུ་ལྡིང་ཞིང་རབ་ཏུ་འཇིགས་པའི་གཅན་སྤྱང་གཏུམ་པོ་རྣམས་ངར་སྒྲ་འབྱིན་ཞིང་ཕྱོགས་ཀུན་ཏུ་རྒྱུ་བ། དེ་ལྟ་བུའི་དབུས་སུ་པདྨ་མཐིང་ནག་འདབ་མ་སྟོང་ལྡན་ཟེའུ་འབྲུར་ཉི་མའི་
དཀྱིལ་འཁོར་ཚ་ཟེར་བཟོད་པར་དཀའ་བའི་སྟེང་དུ་བདུད་སྲིན་ཕོ་མོ་རྣམས་བསྣོལ་མར་བརྩེགས་པའི་ཁྲི་ལ་རང་གི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་འཕྲོས་ནས་གདན་ལ་བབས་པའི་འོད་ཟེར་གྱིས་ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི་ནད་གདོན་བར་ཆད་མ་ལུས་པ་བསལ་ནས་ཚུར་འདུས་ཏེ་ཞུ་བ་ལས་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་སྔོན་པོ་ཁ་གདང་བ་ལྟེ་བ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། དེ་དག་གི་འོད་ཟེར་རྣམས་ཚུར་འདུས། སླར་ཡང་འོད་ཟེར་མེ་དཔུང་མཚོན་ཆའི་རྣམ་པ་ཕར་འཕྲོས་ནས་དགྲ་བགེགས་གདུག་པ་ཅན་རྣམས་ཀྱི་ཀླད་པ་ཚལ་པ་བརྒྱར་འགེམས་ནས་ཚར་བཅད། ཚུར་འདུས་རྡོ་རྗེ་སྲོག་ཡིག་དང་བཅས་པ་ལ་ཐིམ་ཞིང་དེ་ཉིད་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཆར་
སྤྲིན་འཁྲུགས་པ་ལྟ་བུ་མཐིང་གསལ་ནམ་མཁའི་མདངས་ཅན་སྐུ་ཆེ་ཞིང་ཆེར་འབར་བ་སྦོམ་ལ་དྲགས་ཤིང་གསུས་ཁྱིམ་ཆེ་བ་ཞལ་གཅིག་ཁྲོ་གཉེར་བསྡུས་པ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། སྨར་སྨིན་བ་སྤུ་ལས་རྡོ་རྗེའི་མེ་ལྕེ་འཕྲོ་བ། ཕྱག་བཞི་དང་པོ་གཉིས་ཀྱིས་རྡོ་རྗེའི་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་ཀྱི་འོག་མ་ན་གཅོད་བྱེད་ཀྱི་རལ་གྲི་འཕྱར་ཞིང་། གཡོན་གྱི་འོག་མ་ན་གཡུལ་ལས་རྒྱལ་བའི་ཁ་ཊྭཱཾ་ག་བདུད་རྩིའི་རྒྱུན་འབབ་པ་བསྣམས་པ། སྤྱན་གསུམ་ཁྲག་ལྟར་དམར་ལ་འཁྲུགས་ཤིང་ཕྱོགས་བཅུར་སྡང་མིག་གཡོ་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་སྐུ་རྒྱབ་ཏུ་གྲོལ་བ། ཐོད་པ་སྐམ་པོ་ལྔ་ཡིས་དབུ་ལ་བརྒྱན་པ། དགྲ་བགེགས་ཀྱི་མགོ་བོ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། དར་དང་རུས་པ་རིན་པོ་
ཆེའི་རྒྱན་དྲུག་དང་། ཀླུ་རྒྱལ་རིགས་དཀར་པོའི་དབུ་རྒྱན། བྲམ་ཟེ་དམར་པོའི་མགུལ་རྒྱན། རྗེ་རིགས་སེར་པོའི་སྙན་ཆ། གདོལ་པ་ནག་པོའི་སྐེ་རགས། དམངས་རིགས་ལྗང་གུའི་ཕྱག་གདུབ་དང་། ཞབས་གདུབ། སྟག་ལྤགས་རློན་པ་ཁྲག་གིས་བགོས་པའི་ཤམ་ཐབས་དང་། རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་བུ་གཡེར་ཁས་མཛེས་པ། གསང་བའི་ཡུམ་ཙཎྚི་ཀ་ནག་མོ་དུར་ཁྲོད་ཀྱི་ཆས་ཅན་གྲི་ཐོད་འཛིན་པར་སྦས་པའི་ཚུལ་གྱིས་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་རང་བྱུང་དཔའ་བོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །ཕྱི་སྒྲུབ་བསྙེན་པའི་སྐབས། རང་གི་ཐུགས་ཀ་ནས་ཧཱུྃ་མཐིང་ཀ་ཞིག་འཕྲོས་ནས་གདན་ལ་བབས། དེ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་རྗེ་ནུས་སྟོབས་ཐམས་ཅད་ཚུར་བསྡུས་ནས་ཐིམ་པས་རྡོ་
རྗེའི་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། སླར་ཡང་དེ་ལས་འོད་འཕྲོས་དྲེགས་ཚོགས་དགྲ་བགེགས་ཐམས་ཅད་ཚུར་འདུས་རྡོ་རྗེ་གྲི་གུག་དང་བཅས་པ་ལ་ཐིམ་པ་ཙམ་གྱིས་འོད་དུ་ཞུ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་མགོན་པོ་སྐུ་མདོག་མཐིང་གསལ་ནམ་མཁའ་དྭངས་པའི་མདངས་ཅན་ཞལ་གཅིག་ཁྲོ་ལ་བརྗིད་པ་མཛུམ་མདངས་ཀྱི་ཉམས་ཅན་ཞལ་ཅུང་ཟད་གདང་བ། ལྗགས་འདྲིལ་མཆེ་བ་རྔམ་པ། སྤྱན་གསུམ་སྒྲུབ་པ་པོ་ལ་འབུར་ཚུགས་སུ་གཟིགས་ཤིང་། དབུ་སྐྲ་དམར་སེར་གྱེན་དུ་གཡེང་བའི་གསེབ་ནས་སྐྲ་ཅོག་རྡོ་རྗེས་མཚན་རྟགས་མངོན་པ། ཕྱག་བཞིའི་དང་པོ་གཉིས་བེ་ཏའི་འབྲས་བུ་དང་བདུད་རྩིའི་ཀ་པཱ་ལ། འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱཾ་དྲང་པོར་བསླངས་ཏེ་འཛིན་པ། དུར་ཁྲོད་འབར་བའི་ཆས་དང་། དར་དང་རིན་ཆེན་སྣ་ཚོགས་ཀྱིས་
བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་དཀར་སེར་རབ་ཏུ་འབར་བའི་ཀློང་ན་ཞབས་གཉིས་ཕྱེད་སྐྱིལ་དུ་བཞུགས་པའོ། །ཞེས་དང་། ནང་སྒྲུབ་ཀྱི་་སྐབས་སྤྱན་གྱི་གཟིགས་སྟངས་ཐད་ཀར་དང་། དབུ་སྐྲ་ཁམ་ནག་གཟེང་བའི་ཚུལ་དང་། གྲི་གུག་སོགས་ཕྱག་མཚན་རྣམས་འཁྱུག་ཅིང་འདེབས་པའི་ཚུལ་དང་། ཞབས་གཉིས་ཙནྡན་འཁྱིལ་སྟབས་སུ་བཞུགས་པ་དང་། མེ་རི་དམར་ནག་ཐད་ཀར་འབར་བའི་དབྱེ་བ་ཙམ་ལས་གཞན་ཆ་ལུགས་གོང་དང་འདྲའོ། །གསང་བ་ལས་སྦྱོར་གྱི་སྐབས་སུ་སྤྱན་གསུམ་དམིགས་བྱ་ལ་གཟིགས་པ། དབུ་སྐྲ་ཁམ་ནག་ཐུར་དུ་གྲོལ་བ། གྲི་གུག་གིས་བྷན་དམར་དཀྲུག་པ། རལ་གྲི་ཁ་ཊྭཱཾ་དགྲ་བགེགས་ལ་བསྣུན་པ། མེ་རི་དམར་ནག་ཏུ་འབར་ཞིང་ཐུར་དུ་ཆད་པ། ཞབས་གཉིས་འདོར་སྟབས་སུ་བཞེངས་ཤིང་ས་ལ་བརྡབ་པས་ས་ཆེན་པོ་རབ་ཏུ་གཡོ་བའོ། དེ་ལྟར་བསྐྱེད་པའི་ཚུལ་སྒྲུབ་པ་སྐབས་སུ་གང་བབས་ལྟར་ཤེས་པར་བྱའོ། །དེའི་སྟེང་གི་ནམ་མཁར་སྐུའི་སྤྲུལ་པ་མཁའ་ལྡིང་གི་རྒྱལ་པོ་སྐུ་མདོག་ནག་ལ་འཚེར་བ་གསེར་མིག་ཉི་མ་ལྟར་འཁྱིལ་ཞིང་། སྒྲོ་གཤོག་སྤུ་གྲི་དང་ཆུ་གྲི་རླུང་ལྟར་
འཚུབ་པ། རྡོ་རྗེའི་ཐིལ་ཕྲན་ལས་མེ་དང་མཚོན་ཆའི་ཆར་འབེབས་ཤིང་། དགྲ་བགེགས་དང་ས་སྲིན་ཀླུ་སྲིན་རྣམས་བརླག་པར་བྱེད་པ། གནམ་ལྕགས་འབར་བའི་རྭ་དང་མཆུ་སྡེར་ལས་མེའི་ཚྭ་ཚྭ་ཐོག་ཟེར་འཕྲོ་བས་ཀླུ་གཉན་ས་བདག་རྣམས་སྦྲུལ་གྱི་རྣམ་པར་བཟུང་ཞིང་ཟ་བ། ཧཱུྃ་སྒྲ་འབྱིན་ཅིང་ནམ་མཁར་ལྡིང་བ་གཙོ་བོའི་ཕྱོགས་བཞིར་པདྨ་དང་ཉི་མ་དགྲ་བགེགསས་བསྣོལ་བའི་གདན་ལ་བདག་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་ཧཱུྃ་བྷྱོ་ཧཱུྃ་ཞེས་པའི་ཡི་གེ་རིམ་པར་སྤྲོས་པ་ལས་གཡས་སུ་ཧཱུྃ་ལས་ཐུགས་ཀྱི་སྤྲུལ་པ་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་སྐུ་མདོག་མུན་པ་ལྟར་གནག་ཅིང་རབ་ཏུ་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐོགས་ཤིང་རྡོ་རྗེའི་འདབ་གཤོག་དང་ལྡན་པ་ལ་འཁོར་ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། གཡོན་དུ་
བྷྱོ་དམར་ནག་ལས་གསུང་གི་སྤྲུལ་པ་ཡུམ་རྩ་འཇིབས་མ་དམར་མོ་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཧཱུྃ་ལས་ཡོན་ཏན་གྱི་སྤྲུལ་པ་ལེགས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་ཙནྡན་གྱི་བིང་ཆེན་བསྣམས་པའི་ཁོང་ནས་ལྷ་བཙན་བདུད་ཀྱི་དམག་འགྱེད་ཅིང་། གཡོན་བདུད་ཁྲག་གིས་བཀང་བའི་ཐོད་པ་གདེངས་ཤིང་དར་ནག་གི་འཇོལ་བེར་སྐུ་ལ་གསོལ་བ་ལ་ཡེ་ཤེས་དང་འཇིག་རྟེན་གྱི་མགོན་པོའི་ཚོགས་དང་གནོད་སྦྱིན་ཁྲི་ཡིས་བསྐོར་བ། མདུན་དུ་ཧཱུྃ་ལས་ཕྲིན་ལས་ཀྱི་སྤྲུལ་པ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་རྣོ་དབལ་གྱི་རལ་གྲི་བསྣམས་ཤིང་ཐོད་ཁྲག་ཐོགས་པ་ལ་ཤ་ཟ་འབུམ་གྱིས་བསྐོར་བ། དེ་དག་ཐམས་ཅད་ཀྱང་སྐུ་བརྗིད་ཅིང་དཔའ་བ། གསུང་དྲག་པོའི་གད་མོ། ཐུགས་སྙིང་རྗེ་དང་རྔམ་གཏུམ་རབ་ཏུ་མི་བཟད་པ། དུར་ཁྲོད་ཀྱི་
ཆས་རྣམས་སྐུ་ལ་རྫོགས་ཤིང་རང་རང་གི་གདན་ལ་ཞབས་གྱད་ཀྱི་འདོར་སྟབས་སོགས་གར་གྱི་རོལ་པ་ཅིར་ཡང་འགྱུར་བས་དྲག་པོའི་རླུང་ནག་དང་མེ་དུད་ཟེར་གསུམ་འཁྲུགས་པའི་ཀློང་ན་བཞེངས་པའོ། །དེའི་ཕྱི་རོལ་དུ་པད་ཉི་རོའི་གདན་ལ་ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་ཤར་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི་གདོང་པ་ཅན། ལྷོར་ཕག་གི་གདོང་པ་ཅན། ལྷོ་ནུབ་ཏུ་ཁྱིའི་གདོང་པ་ཅན། ནུབ་བྱང་དུ་སྤྱང་ཀིའི་གདོང་པ་ཅན། བྱང་ཤར་དུ་སྟག་གི་གདོང་པ་ཅན་ཏེ་བརྒྱད་ཀའང་སྐུ་ལས་དང་མཐུན་པའི་ཉམས་ཅན་སྐྲ་གྲོལ་ཞིང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། སྐུའི་རོལ་པ་སྟངས་སྟབས་སྣ་ཚོགས་ཀྱིས་འཇའ་སྤྲིན་མེ་རླུང་གི་དབུས་སུ་བཞེངས་ཏེ་བཞུགས་པའོ། །ཞེས་པ་འདི་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པ་
ཙ་མི་སངས་རྒྱས་གྲགས་དང་། དཔལ་ཆེན་རྒྭ་ལོ། རྗེ་དུས་མཁྱེན་རྣམས་ཀྱིས་བླ་མེད་ཡང་གསང་ལྟར་སྒྲུབ་པའི་ཐབས་སུ་བཞེད་ཅིང་། འདི་ཉིད་བདག་བསྐྱེད་དུ་བྱས་ནའང་ལེགས་པར་གསུངས་སོ། །གཙོ་བོ་ཡུམ་དང་འཁྲིལ་བར་ནང་འཁོར་ལྔ་ཡིས་བསྐོར་བ་ནི་གསང་སྒྲུབ་ཏུ་བཞེད་ལ། གཙོ་བོ་ཡབ་རྐྱང་ལས་འཁོར་བཅུ་གཉིས་ཀྱིས་བསྐོར་བ་ནི་ནང་སྒྲུབ་དང་དྲག་པོར་སྒྲུབ་པའོ། །གཙོ་བོ་ཡབ་རྐྱང་དུ་སྒྲུབ་པ་ཕྱི་སྒྲུབ་ཞི་བ་སྟེ་གང་ལྟར་དམ་ཚིག་པའི་གནས་གསུམ་བྱིན་བརླབ་པ་ནི། ཡབ་རྐྱང་སྐབས། དེ་ལྟར་གསལ་བའི་ཞེས་དང་། འཁོར་བཀོད་པའི་སྐབས་སུ། ལྷ་ཚོགས་ཐམས་ཅད་ཀྱི་ཞེས་དང་། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། ཅེས་མ་གསལ་བར་འབྲུ་གསུམ་བཟླ། བདག་མདུན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་སྣ་ཚོགས་དང་། ཁྱད་པར་དུ་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དག་པ་འོག་མིན་གྱི་ཞིང་ཁམས། ཡོངས་འདུས་རྩུབ་འགྱུར་གྱི་ཚལ། རི་བོ་མ་ལ་ཡ་དང་། རྡོ་རྗེ་
གདན། ནཱ་ལེནྡྲ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྒྲུབ་པའི་གནས་འདིར་སྤྱན་དྲངས། སྐབས་འདིར་རང་ལུགས་ཡེ་ཤེས་འཇིག་རྟེན་གྱི་སྲུང་མ་རྣམས་ཀྱང་མགོན་པོའི་འཁོར་དུ་སྤྱན་དྲངས་ཏེ་རྡོ་རྗེའི་བྲག་ཆེན་གྱི་བང་རིམ་རྣམས་སུ་རང་མཚམས་དང་མཐུན་པའི་གདན་ལ་མགྲོན་ཐབས་སུ་འཁོད་པ་རྣམས་ལ་མཆོད་བསྟོད་འདོད་དོན་གསོལ་བ་རྣམས་ཞར་བྱུང་དུ་འགྲོ་བར་བྱས་ན་འདི་ནི་འཕགས་ཡུལ་གྱི་པཎྜི་རྣམས་ཀྱི་ལུགས་དང་། གཞན་བླ་མ་གོང་མ་ཕལ་ཆེར་གྱི་ཕྱག་བཞེས་སུ་མཛད་པ་ཡིན་པས་ཤིན་ཏུ་ལེགས་པ་ཡིན་ནོ། །གང་ལྟར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡ་ཛཿཛཿ རྐང་གླིང་རོལ་སྒྲ་གུ་གུལ་ཚིལ་ཆེན་གྱི་དུད་པ་དད་མོས་བཅས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཁྲག་འཐུང་རྒྱལ་པོ་སྤྱན་འདྲེན་གྱི། །ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། ཆོས་
ཉིད་ངང་ལས་མ་གཡོས་ཀྱང་། །བདེ་གཤེགས་འགྲོ་བའི་དོན་དུ་ནི། །ཚད་མེད་ཐུགས་རྗེས་སྐུ་སྤྲུལ་པའི། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་ས་མ་ཡ་དྲྀ་ཤྱ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མ་ཛཿ ཨོཾ་པཉྩ་ཧེ་རུ་ཀ་ས་པཱ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩནྟུ་མཾ། ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་དབང་བསྐུར་བས་ཆུ་རྒྱུན་གྱིས་དྲི་མ་དག །བདུད་རྩིས་སྐུ་ཁེངས་ཤིང་ཆུ་ལྷག་ཡར་ལུད་པས་གཙོ་བོ་ལ་འཁོར་ལོ་བདེ་མཆོག་དང་། འཁོར་རྣམས་ལ་གཙོ་
བོས་དབུ་བརྒྱན་པར་གྱུར། དེ་ནས་དམ་ལ་བཞག་པ་ནི། རང་ཉིད་ཧེ་རུ་ཀའི་ང་རྒྱལ་བརྟན་པོ་བཅས་རྡོ་རྗེའི་ཕྱག་རྒྱ་ཆོས་སྐྱོང་གི་སྤྱི་བོར་བཞག་པར་མོས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ས་མ་ཡ་ཏི་ཀྲ་མ་ཡ་ཏི་ཀྲ་མ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པས། སྔོན་རྡོ་རྗེ་འཆང་ཆེན་པོ་ནས་བཀའ་བརྒྱུད་བླ་མ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི་བཀའ་དང་དམ་ཚིག་གཉེན་པོ་མ་བཀྲལ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་དང་བླ་མའི་དབུ་འཕང་བསྟོད། རྣལ་འབྱོར་པ་བདག་ལ་སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། དེ་ནས་བཞུགས་གསོལ་ནི། ཧཱུྃ། རིན་ཆེན་འབར་བའི་གཞལ་ཡས་ན། །མཆོད་པའི་སྤྲིན་ཚོགས་མཛེས་པས་བརྒྱན། །སྣ་
ཚོགས་པད་ཉི་རོ་གདན་གྱི། །གནས་འདིར་སྤྱན་དྲངས་བཞུགས་སུ་གསོལ། །གདན་གསལ་བཏབ་ལ་འབུལ། དེ་ནས་ཆོས་སྐྱོང་མཐུ་དང་གཟི་བྱིན་བསྐྱེད་པའི་ཕྱིར། གཙོ་བོའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ཉི་མ་ལ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། བདག་མདུན་གྱི་གནས་གསུམ་གྱི་ཡི་གེ་ལས་འོད་འཕྲོས། འཁོར་འདས་ལམ་གསུམ་གྱི་སྟོབས་རྩལ་མཐུ་ནུས་གཟི་བརྗིད་གསང་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་སྤྱན་དྲངས་ཤིང་མགོན་པོ་གསུམ་ལ་ཐིམ་པས་སྐུའི་གཟི་བྱིན་མཆོག་ཏུ་འབར་བ་དང་། གསུང་གི་གྲགས་པས་སྟོང་གསུམ་ཁེངས་པ་དང་། ཐུགས་ཀྱི་དཔའ་གཏུམ་འགྲན་ཟླ་དང་བྲལ་བར་མོས་པ་དང་། འཁོར་རྣམས་ཀྱི་གནས་གསུམ་
དུ་ཡིག་འབྲུ་གསལ་བཏབ་པ་ལའང་ཆ་ཤས་བསྟིམ་ཞིང་འབྲུ་གསུམ་སུམ་བརྒྱ་རེ་བཟླ་བར་གསུངས། དེ་ནས་ཞལ་སྐྱེམས་མདངས་གསོལ་གྱི་ཚུལ་དུ་རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ལ་ཆུ་བཞི་དང་བཅས་པའི་དྲག་པོའི་ཉེར་སྤྱོད་འབུལ་བ་ནི། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན། པཱདྱཾ། ཨཱ་ཙ་མ་ནཾ། པྲོཀྵ་ཎཾ། པུཥྤེ་སོགས་ནས་ཤབྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་དང་། པཉྩ་ཨྲྀ་ཏ་བཛྲ་མ་ཏངྒི་ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་དང་སྦྱོར་མཆོད་ཕུལ་ལ། གསར་མ་ལ་འདིར་བསྟོད་པའི་ལུགས་ཆེར་མེད་ཀྱང་ཡོན་ཏན་རྗེས་དྲན་བྱ་བའི་བཞེད་སྲོལ་ཡོད་པས། ཧཱུྃ། དྲག་པོ་རྒྱན་ཅན་སྐུ་ལ་ཕྱག་འཚལ་བསྟོད། །དྲག་པོ་འབྲུག་སྟོང་གསུང་ལ་ཕྱག་འཚལ་བསྟོད། །མཉམ་ཉིད་མི་གཡོའི་ཐུགས་ལ་ཕྱག་འཚལ་བསྟོད། །དཔལ་མགོན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །དེ་ནས་བཟླས་པ་བྱ་བར། བདག་བསྐྱེད་མདུན་གྱི་ལྷའི་སྐུ་ཤིན་ཏུ་གསལ་བའི་ངང་ནས། མགོན་པོའི་ཐུགས་ཀར་ཉི་མ་ལ་གནས་
པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་གཡས་སུ་བཀོད་པ་བདག་བསྐྱེད་ཐུགས་ཀའི་ཧཱུྃ་སྔགས་ཀྱི་ཕྲེང་བ་ནག་པོ་ཞལ་ནས་ཐོན། མགོན་པོའི་ཞལ་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཤིན་ཏུ་དགྱེས་པར་གྱུར་མགོན་པོའི་ཐུགས་ཀ་ནས་རང་གི་ཐུགས་ཀའི་ཧཱུྃ་ལ་འབྲེལ་ཏེ། མགལ་མེའི་འཁོར་ལོ་ལྟར་བསྐོར་བས་མགོན་པོ་འཁོར་དང་བཅས་པའི་ཐུགས་སྲོག་བཅུད་བཀྲག་མདངས་གཟི་བརྗིད་མཐུ་ནུས་རྩལ་དང་བཅས་པ་ཐམས་ཅད་བསྡུས་ནས་རང་གི་ཐུགས་ཀའི་ཧཱུྃ་ལ་བསྟིམ་པས་རང་ཉིད་བཀྲག་གཟི་མདངས་མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཅེས་བསམས་ལ། ཡི་དམ་གྱི་བསྙེན་པ་དང་སྦྲེལ་ཏེ་བཟླ་བ་རྒྱུན་དུ་རྒྱུད་འཇམ་པ་དང་བཀྲ་ཤིས་པའི་དགོས་པ་ཡོད་ཕྱིར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་འབྲུ་བདུན་བཟླ་བ་མགོན་པོའི་བསྙེན་པའམ་ཆོས་སྐྱོང་གི་སྲོག་དབང་དུ་བསྡུས། ཕྱི་སྒྲུབ་སྐབས་ཏེ་
འདི་ནི་གྲི་གུག་བརྩེགས་པའི་རྒྱུད་སོགས་ཀྱི་དགོངས་པའོ། །དེ་ནས་བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ཁ་དོག་སྣ་ཚོགས་པ་ཞལ་ནས་ཐོན་ཏེ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་དངོས་གྲུབ་མཁྱེན་བརྩེ་ནུས་རྩལ་ཐམས་ཅད་སྔོན་གྱི་འོད་ཟེར་དང་འགྲོགས་ཏེ་མགོན་པོའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ལ་ཐིམ་པས་གཟི་བྱིན་མཐུ་ནུས་རབ་ཏུ་རྒྱས། སླར་ཡང་མགོན་པོའི་བྱིན་རླབས་དང་མཐུ་ནུས་སྔོན་གྱི་འོད་ཟེར་དང་ལྷན་ཅིག་ལྟེ་བ་ནས་ཚུར་ཐོན་རང་གི་ལྟེ་བར་ཞུགས། རང་གི་ཐུགས་སྲོག་དང་སྔགས་ཕྲེང་ལ་ཐིམ་པས་གཟི་བརྗིད་དང་ནུས་སྟོབས་ཕུན་སུམ་ཚོགས་པར་བསམས་ལ་བཟླ་བ་སྟེང་སྤྲོ་འོག་སྡུད་ཀྱི་དམིགས་པ་དང་། དེ་བཞིན་དུ་བདག་བསྐྱེད་ཐུགས་ཀའི་འོད་ཟེར་རང་གི་ལྟེ་བ་ནས་ཐོན། ཕྱི་སྣོད་
འཇིག་རྟེན་གྱི་འགྲོ་བ་སྤྱི་དང་། ཁྱད་པར་ཚངས་པ་བརྒྱ་བྱིན་དབང་ཕྱུག་ཁྱབ་འཇུག་ཉི་ཟླ་གཟའ་སྐར་འབྱུང་བའི་དྭངས་བཅུད་འོད་ཟེར་ལས་འོད་ཟེར་འཕྲོས་པས་བསྡུས་ཏེ་སྔོན་གྱི་འོད་ཟེར་དང་ལྷན་ཅིག་མགོན་པོའི་ལྟེ་བར་ཞུགས་ཐུགས་སྲོག་ཧཱུྃ་ལ་ཐིམ་ནས་ནུས་མཐུ་དང་གཟི་བྱིན་མཆོག་ཏུ་འབར་ཏེ། སླར་གྱེན་དུ་མགོན་པོའི་ཞལ་ནས་ཐོན་བདག་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ལ་ཐིམ་པས་རང་ཉིད་ཡོན་ཏན་སྔར་བས་ཀྱང་སླར་བསྐྱེད་པར་བསམས་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། སྦྲེལ་ཏེ་བཟླ་བ་འོག་སྤྲོ་སྟེང་སྡུད་ཀྱི་དམིགས་པ་སྟེ་སྒྲུབ་པ་དང་ནང་སྒྲུབ་ཀྱི་སྐབས་སོ། །ཁ་ཅིག་གིས་འདིར་ལས་བཞིའི་དམིགས་པ་བྱེད་སྲོལ་སྣང་ཡང་རྒྱུན་གྱི་རྣལ་འབྱོར་སོགས་ལ་འགལ་བ་མེད་ཀྱང་ཆེད་དུ་བསྙེན་སྒྲུབ་བགྱིས་སྐབས་མ་བྱས་ཀྱང་རུང་ངོ་། །དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་བདག་ཉིད་ཀྱི་
ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། བདེ་བ་ཆེན་པོའི་ཐུགས་རྒྱུད་བསྐུལ། སྐུའི་གནས་ཐམས་ཅད་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཐུགས་ཀའི་ཧཱུྃ་ལ་འདུས། སླར་བབས་པ་སྐུའི་དབྱིབས་བརྒྱུད་ཡུམ་གྱི་གསང་བར་བསྐྱིལ་བ་རྡོ་རྗེ་ནོར་བུའི་ལམ་ནས་བྱོན་ཏེ། བདག་བསྐྱེད་ཡབ་ཡུམ་གྱི་གསང་བར་འཁྱིལ་ཞིང་། སླར་རྡོ་རྗེའི་ལམ་ནས་གྱེན་དུ་ཐུགས་སྲོག་ལ་ཐིམ་པར་བསམ་སྟེ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊཿ ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་བཟླ་བ་འདི་ལ་སྟེང་སྤྲོ་འོག་སྡུད་དང་འོག་སྤྲོ་སྟེང་སྟེང་སྡུད་སྦྱར་སྲོལ་ཕྱོགས་འགའ་རེར་སྣང་ཡང་ཅི་བདེར་རུང་བ་གསང་སྒྲུབ་དང་། དེ་ནས་ཡང་གསང་གི་སྒྲུབ་པ་ལ་བདག་མདུན་གཉིས་དང་། བདག་བསྐྱེད་རྐྱང་པའི་ལུགས་གཉིས་སུ་ཡོད་པས་ན། གང་ལྟར་རྩ་བསྒོམ་ཞིང་རླུང་དང་སྦྲགས་པ་རབ། ཡང་ན་
དམིགས་པའི་འཕྲོ་འདུ་སྟེ། བདག་མདུན་གཉིས་བྱས་པའི་སྐབས་ལྟར་ན། བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་ཡི་གེའི་ཕྲེང་བའི་རྣམ་པའི་འོད་ཟེར་བྱང་སེམས་བདུད་རྩིའི་རྒྱུན་གང་རུང་བབས་པ་ཡུམ་གྱི་མཁའ་ནས་སྐུའི་དབྱིབས་བརྒྱུད། ཡུམ་ཞལ་ནས་མདུན་བསྐྱེད་ཀྱི་ཡུམ་ཞལ་བརྒྱུད། མཁར་བབས་པ་ཡབ་མགོན་པོའི་རྡོ་རྗེའི་ལམ་ནས་སྐུའི་དབྱིབས་གྱེན་དུ་བརྒྱུད། དེ་ཞལ་ནས་ཐོན་རང་ཉིད་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ལ་ཐིམ་པར་བསམ་པ་ནི་ཁོར་ཡུག་བ་ཐག་ལྟ་བུའི་བཟླས་པ་དང་། དེ་བཞིན་དེ་ཉིད་གོ་ལྡོག་ནས་བཟླས་པ་དང་། དམིགས་པ་གསལ་ན་དེ་དག་གི་བར་མཚམས་རྣམས་སུ་སྟེང་སྤྲོ་འོག་སྡུད་དང་འོག་སྤྲོ་སྟེང་སྡུད་རྣམས་ཀྱང་བྱ་བར་རུང་ཞིང་འདི་དག་ཕྲ་མོའི་བཟླས་པའི་གྲངས་སུ་ཡང་གཏོགས་པ་ཡིན་ནོ། །བདག་བསྐྱེད་མགོན་པོ་ཡབ་ཡུམ་དུ་བསྒོམ་པ་ཡིན་ན། རང་ཉིད་མགོན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐར་སྔགས་ཕྲེང་བཀོད་པ་མགོན་སྒྲུབ་སྤྱིའི་ལུགས་ཏེ། ཐུགས་
སྲོག་སྔགས་ཕྲེང་བྱང་སེམས་ཀྱི་རང་བཞིན་མགོན་པོའི་ཞལ་ནས་ཐོན། ཡུམ་གྱི་ཞལ་ནས་སྐུའི་དབྱིབས་བརྒྱུད། གསང་བ་ནས་རྡོ་རྗེའི་ལམ་ནས་ཐུགས་སྲོག་ལ་བསྟིམ་པ་མགལ་མེ་ལྟ་བུར་བསམས་ལ། ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཅེས་རྒྱུད་སྐུ་རེག་དཀར་དམར་ལས་བྱུང་བའི་བསྙེན་པ་སྟེ་དྲག་སྒྲུབ་ཏུའང་གཏོགས་ཤིང་བསྙེན་པ་གང་རུང་ལ་བརྟེན་པའི་བཟླས་པར་འབད་པ་དང་། དེ་དག་གོ་ལྡོག་ཀྱང་བྱ་བའི་ལུགས་ཡོད་མོད། འདི་ལ་ཞི་རྒྱས་དབང་དྲག་གི་དམིགས་སྐོར་སྟེང་འོག་སྤྲོ་བསྡུ་སྦྱར་བའང་ཤིན་ཏུ་ལེགས་ཤིང་། འདི་སྐབས་ཁྱད་པར་གྱི་མན་ངག་སྙན་བརྒྱུད་ལས་བྱུང་བ། མགོན་པོའི་ཐུགས་ཀར་འོད་ཀྱི་ཀློང་དུ་ཡེ་ཤེས་སེམས་དཔའ་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ཚོན་གང་། དེའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་བྱང་ཆུབ་ཀྱི་སེམས་བདེ་མཆོག་ཡབ་ཡུམ་གྱི་མཁའ་གསང་དུ་བབས། ཡུམ་གྱི་སྐུ་དབྱིབས་བརྒྱུད་དེ་ཞལ་ནས་ཐོན། བདག་ཉིད་མགོན་པོའི་ཞལ་ནས་ཕྱུང། ཡུམ་ཞལ་བརྒྱུད་ནས་མཁར་བབས། རང་གི་གསང་བ་ནོར་བུའི་ལམ་ནས་དྲངས་ཏེ་ཡེ་ཤེས་སེམས་དཔའི་སྐུ་དབྱིབས་བརྒྱུད་ཐུགས་སྲོག་ལ་བསྟིམ་པ་བར་མ་ཆད་པ་བ་ཐག་ལྟ་བུའམ་ཐིག་ལེའི་རྣལ་འབྱོར་དུ་གྲགས། རླུང་དང་སྦྲགས་ན་འདི་ཉིད་མཚན་བཅས་སྟེང་སྒོའི་གྲངས་སུ་འགྲོ་བའོ། གོང་གི་
ལས་བཞིའི་དམིགས་པ་ནི། དེ་ཡང་ཞི་བ་ལ། རང་ཉིད་མགོན་པོའི་སྐུ་ཡང་ཞི་ཞིང་མེ་རི་དང་ཕྱག་མཚན་དཀར་ཤས་ཅན་དུ་བསྒོམ་པའི་ཐུགས་ཀའི་ཧཱུྃ་ཡིག་དཀར་པོ་དང་ཕྱག་མཚན་ཁ་ཊྭཱཾ་ག་སོགས་བཞི་ཀ་ལས་བདུད་རྩི་ལྟ་བུའི་འོད་དཀར་པོ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ལ་མཆོད་ཅིང་། སླར་འོད་ཟེར་ཕྱི་སྣོད་དང་ནང་བཅུད་ཀྱི་ཉམས་རྒུད་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་མུན་པར་ཉི་མ་ཤར་བ་བཞིན་བསལ་ནས་དངོས་གྲུབ་དྭངས་བཅུད་ཀུན་འཁོར་ལོ་དཀར་པོ་དང་ཨོཾ་ཡིག་གི་རྣམ་པར་ཚུར་འདུས་ནས་རང་གི་དཔྲལ་བར་ཐིམ་པས་སྐུའི་དངོས་གྲུབ་ཐོབ་པར་བསམ་པ་དང་། སླར་ཡང་འོད་ཟེར་གྱིས་ཁམས་གསུམ་འགྲོ་བའི་གཏི་མུག་གི་ལས་ཉོན་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་བསམས་ཏེ་རྩ་སྔགས་གང་རུང་ལ། སརྦ་དུཥྚཾ་བིགྷྣན་ཛྭ་ར་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྲེལ་བ་བཟླ། དེ་བཞིན་དུ། མགོན་པོའི་སྐུ་རྒྱས་
ཉམས་སེར་ཤས་ཅན་གྱི་ཐུགས་ཀའི་ཧཱུྃ་སོགས་སེར་པོ་ལ། གཡོན་གྱི་ཐོད་པ་གསེར་མདོག་བདུད་རྩིའི་བཀང་བ་སོགས་ཕྱག་མཚན་རྣམས་ལས་འོད་ཟེར་སེར་པོས་རྒྱལ་མཆོད་བྱིན་རླབས་དངོས་གྲུབ་བསྡུ་བ་དང་། སླར་འཕྲོས་པས་སྣོད་བཅུད་འགྲོ་བའི་ཉམས་རྒུད་དབུལ་ཕོངས་བཀྲེས་སྐོམ་མུ་གེ་རྣམས་བསལ་ཏེ་ཚེ་བསོད་འབྲུ་ནོར་ལོངས་སྤྱོད་དཔལ་འབྱོར་ཡར་གྱི་ངོ་ལྟར་རྒྱས་པར་བསམ་པ་དང་། སླར་ཡང་འོད་ཀྱིས་ཁམས་གསུམ་འགྲོ་བའི་ང་རྒྱལ་དང་སེར་སྣའི་ལས་ཉོན་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་ཅིང་། དྭངས་བཅུད་རྣམས་རིན་ཆེན་སེར་པོ་དང་ཏྲྃ་ཡིག་གི་རྣམ་པར་བསྡུས་ནས་རང་གི་ལྟེ་བར་ཐིམ་པར་བསམས་ལ། སྔགས་ཤམ། མ་མ་ཨཱཿཡུ་པུཎྱེ་བ་སུ་རཏྣ་སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྲེལ་བ་བཟླ། ཡང་མགོན་པོ་སྐུ་དང་ཆ་བྱད་དམར་པོའི་ཐུགས་ཀའི་ཧཱུྃ་དམར་དང་བེ་འབྲས་སོགས་
ཕྱག་མཚན་དམར་རྔམ་ལས་འོད་ཟེར་དམར་པོ་འཕྲོས། རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུ། སླར་འོད་ཀྱིས་བདུད་དང་དྲེགས་ཚོགས་ཐམས་ཅད་དཔའ་བཀོང་། མཐུན་ཕྱོགས་ཀྱི་ཡོན་ཏན་མོས་བཞིའི་འགྲོ་བ་ལོངས་སྤྱོད་རྣམས་མི་བཟད་པའི་ཚུལ་གྱིས་འགུལ་འཕྲིག་འཕྲིག་ཞུ་ལམ་ལམ་དུ་གྱུར་ནས་ཤུགས་ཀྱིས་བསྡུས་ཏེ་མགྲིན་པར་བསྟིམ། སླར་ཡང་འོད་ཀྱིས་ཁམས་གསུམ་གྱི་འགྲོ་བའི་འདོད་སྲེད་དང་གདུང་སེམས་མི་གུས་པ་རྣམས་འདུལ་བར་བྱས་ཏེ་ཐམས་ཅད་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ས་ལ་བཀོད། དྭངས་བཅུད་རླུང་སེམས་སྣང་བ་ཐམས་ཅད་པདྨ་དང་ཨཱཿཡིག་དམར་པོའི་རྣམ་པར་ཚུར་བསྡུས་ཏེ་མགྲིན་པར་ཐིམ་པར་མོས་ལ། སྔགས་ཤམ། སརྦ་ཛྙཱ་ན་ལོ་ཀ་བཱ་སུ་རཏྣ་ཝ་ཤཾ་མ་ན་ཡ་སྭཱ་ཧཱ། ཞེས་སྦྲེལ་བ་བཟླ། དེ་བཞིན་དུ། མགོན་པོ་ཤིན་ཏུ་ཁྲོས་པ་དུད་སྤྲིན་གྱི་མདོག་ཅན་གྱི་ཐུགས་
ཀར་ཧཱུྃ་ཡིག་ནག་པོ་དང་། ཕྱག་མཚན་རལ་གྲི་གྲི་གུག་ཁ་ཊྭཱཾ་ཐོད་རློན་རྣམས་ལས་མེ་དང་མཚོན་་ཆ་དུག་རླངས་འཕྲོ་བ། དེ་དག་ལས་འོད་ཟེར་མཐིང་ཀ་དང་ལྗང་ནག་འཕྲོས། ཕྱོགས་བཅུའི་ཁྲོ་རྒྱལ་ཁྲག་འཐུང་རྣམས་དང་དྲག་པོའི་ལྷ་ཚོགས་ཀུན་ལ་མཆོད་པ་ཕུལ། མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་བསྡུས་ཏེ་ཐིམ། ཡང་འོད་ཟེར་གྱིས་འཇིག་རྟེན་གྱི་དྲེགས་པ་ཅན་གཟུགས་ཅན་གཟུགས་མེད་ཐམས་ཅད་ཚར་བཅད། དེ་དག་གི་མཐུ་སྟོབས་ནུས་པ་གཟི་བརྗིད་ཚུར་བསྡུས་ཏེ་རང་གི་གསང་བ་དང་ཐུགས་ཀར་བསྟིམ། སླར་ཡང་འོད་ཀྱིས་ཁམས་གསུམ་གྱི་འགྲོ་བའི་སྡང་སེམས་དང་ཕྲག་དོག་གི་ལས་ཉོན་སྦྱངས། ཐམས་ཅད་མེ་ལོང་ལྟ་བུ་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ས་ལ་བཀོད། དྭངས་བཅུད་དང་ཡོན་ཏན་ཐམས་ཅད་རྡོ་རྗེ་དང་རལ་གྲི་སོགས་ཕྱག་མཚན་ཧཱུྃ་དང་
ཨཱཿཡིག་གི་རྣམ་པར་བྱས་ནས་གསང་བ་དང་ཐུགས་ཀར་བསྟིམ་ཞིང་སྔགས་ཤམ་ལ། སརྦ་དུཥྚཾ་ཎ་པྲ་དུཥྚཾ་བིགྷྣན་ཛྭ་ར་པཱ་ཏི་མཱ་ར་ཡ་ཕཊ། ཞེས་སྦྲེལ་ཏེ་བཟླ། དེ་ཡང་འདི་སྐབས་བདག་བསྐྱེད་བདེ་མཆོག་ལྟ་བུ་གཞན་ཡོད་ཚེ། དེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཕོག་པ་ཙམ་གྱིས་སྔོན་རྒྱལ་བ་ཐམས་ཅད་ཀྱི་སྤྱན་སྔར་ཐུགས་བསྐྱེད་དང་ཞལ་བཞེས་ཀྱི་དམ་ཚིག་ཉེ་བར་དྲན་ཏེ་ཐུགས་ཞི་བ་དང་། རྗེས་སུ་ཆགས་པ་དང་། ལས་ལ་རྔམ་པ་དང་། ཤིན་ཏུ་ཁྲོ་ཞིང་གཏུམ་པའི་ཚུལ་གྱིས་ཞི་རྒྱས་དབང་དྲག་གི་ལས་རྣམས་སོ་སོར་ཐོགས་མེད་དུ་མཛད་པར་བསམ་པ་ནི་ལས་མྱུར་ལ་ཚན་ཆེ་བ་ཡིན་ནོ། དུས་ཀྱི་གནད་སྔ་དྲོ་དང་ཐོ་རངས་གཉིས་ཞི་བ་དང་། ཉིན་གུང་དང་མཚན་གུང་རྒྱས་པ། དགོང་བྱ་དང་ས་རུབ་སྐབས་དབང་། སྲོད་དང་སྲོས་སུ་དྲག་པོའི་བཟླས་པ་བྱ་བར་གསུངས་པས་དེ་ལྟར་ཤེས་པར་བྱའོ། །དེ་ཡང་བསྙེན་པ་ཞག་བདུན་གསུམ་ལྟ་བུར་སྒྲུབ་པ་བདུན་གཉིས་དང་། ལས་སྦྱོར་
གཉིས་རེ་བྱེད་པས་ལས་བཞིར་ཞག་བརྒྱད་ཀྱིས་འགྲེས་ཏེ་སྐབས་ཐོབ་གང་བབས་ཀྱང་བྱ། དེ་ནས་བསྙེན་པ་དང་སྒྲུབ་པའི་སུམ་ཆ་ཚམ་རྫོགས་ནས་ཐུན་མཇུག་རྣམས་སུ། མགོན་པོའི་གནས་གསུམ་གྱི་ཡི་གེ་ལས་དཀར་དམར་མཐིང་གསུམ་གྱི་འོད་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་ཆེ་ཕྲ་སྣ་ཚོགས། གསུང་ཨཱ་ལི་ཀཱ་ལི་དང་སྔགས་ཕྲེང་། ཐུགས་ཕྱག་མཚན་དང་ཐིག་ལེ། འབྲུ་གསུམ་གྱི་ཡི་གེ་ཁ་དོག་སྣ་ཚོགས་བཅས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་མགོན་པོའི་གནས་གསུམ་ལ་ཐིམ་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དཔལ་མགོན་པོ་དང་གཉིས་སུ་མེད་པར་གྱུར། ཡང་མགོན་པོའི་གནས་གསུམ་ནས་ཁ་དོག་གསུམ་གྱི་འོད་འཕྲོས། སྣང་ཞིང་སྲིད་པའི་ལྷ་འདྲེ་མི་སོགས་ཀྱི་སྒོ་གསུམ་མཐུ་སྟོབས་ནུས་པ་ཚེ་བསོད་ནམས་དཔལ་དང་
འབྱོར་པ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས། མགོན་པོའི་ཡི་གེ་གསུམ་གྱི་ཞབས་ལ་ཐིམ་པས་མགོན་པོ་ཉིད་སྣང་ཞིང་སྲིད་པའི་ཁམས་གསུམ་དབང་དུ་བྱེད་པའི་བདག་པོ་ཆེན་པོར་གྱུར་པར་བསྒོམ་པ་ཁམས་གསུམ་དབང་སྡུད་ཀྱི་མན་ངག་གོ། །ཡང་མགོན་པོའི་ཐུགས་འོད་ཀྱིས་འཇིག་རྟེན་གྱི་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཐམས་ཅད་ཀྱི་སྟོབས་དང་རྫུ་འཕྲུལ་ཐམས་ཅད་རང་རང་གི་སྙིང་ནང་ནས་ཨ་ཡ་མ་དུ་རུ་ཙ་ཤ་ནིའི་རྣམ་པར་དབང་མེད་བསྡུས་ནས་མགོན་པོའི་ཞབས་ཀྱི་གདན་འོག་ཏུ་མནན་པས་དེ་དག་གི་འོད་ཟེར་དང་དྲེགས་པ་སོ་སོའི་སྙིང་ཁའི་འོད་བ་ཐག་ལྟ་བུས་སྦྲེལ་ཏེ་ཁོ་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་བདག་དང་མགོན་པོ་ལ་དབང་མེད་དུ་དད་ཅིང་གུས་པས་བཀའ་ཉན་གསུང་སྡོད་ཁས་བླངས་དམ་བཅའ་བྱས་ནས་འདར་ཕྲི་ལི་ལི་གྱུར་པར་བསམ།
ཡང་ཐུགས་ཀ་ནས་འོད་འཕྲོས་པ་རིགས་དྲུག་སྤྱི་དང་ཁྱད་པར་ལྷ་མི་ཀླུའི་རྒྱལ་བློན་འབངས་གསུམ་སྐྱེས་པ་བུད་མེད་ཐམས་ཅད་ཀྱི་སྲོག་ཡིག་ནྲྀ་ཏྲིཿདུའི་རྣམ་པར་བསྡུས་ཏེ་ཉི་གདན་ཞབས་སུ་ཚུད། ཡི་གེ་དེ་དག་གི་འོད་ཟེར་དམིགས་བྱ་སོ་སོའི་སྙིང་དང་འབྲེལ་བའམ་སྒོ་གསུམ་དད་ཅིང་གུས་ཏེ་འདར་ཆུམ་ཆུམ་བྱེད་པར་བསམ་པ་ནི་སྲིད་གསུམ་ཟིལ་གནོན་གྱི་དམིགས་པའི་གནད་དམ་པའོ། །དེ་ནས་འཁོར་རྣམས་ལ་བཟླས་པ་བྱ་བར་སྤྲོ་ན། འཁོར་རྣམས་གཙོ་བོའི་གནས་སུ་བཀོད་དེ་བཟླས་པ་བྱ་བར་གསུང་རྒྱུན་ཙམ་དུ་འདུག་ཀྱང་ཁུངས་བཙུན་དང་རྒྱུད་བྱུང་གི་དགོངས་པ་མིན་ཕྱིར་འདིར་མ་སྤྲོས། གནས་སྐབས་འདིར་དགོས་པའི་གནད་ནི། འཁོར་རྣམས་རང་རང་གི་གོ་སར་འཁོད་བཞིན་པར། ལས་མགོན་བྱ་རོག་གདོང་གི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་མཐིང་ནག་གི་མཐར་རང་སྔགས་ཀྱིས་བསྐོར་བ་དང་། དེ་བཞིན་དུ་རྩ་འཇིབས་མ་ལ་བྷྱོ་དམར་ནག་ལེགས་ལྡན་དང་བཀའ་སྡོད་
གཉིས་ཀྱི་ཐུགས་ཀར་ཉི་མར་ཧཱུྃ་མཐིང་ནག་རེ་ལ་རང་སྔགས་ཀྱིས་བསྐོར་བར་བསམས་ལ། གསང་བའི་ཡུམ་ཙཎྚི་ཀའི་བསྙེན་པ་ནི། ཨོཾ་མ་ཧཱ་ཀཱ་ལི་ནི་ཀྲོ་དྷ་ས་ཀཱ་ལི་ནི་རཀྵི་ནི་ཙནྜ་ཨཀྵི་ཡེ་ཧཱུྃ་ཕཊ། ཅེས་དང་། སྐུ་མགོན་ནམ་ཁྱུང་སྔགས་སྡོམ་པའི་སྙིང་པོ་ནི། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ག་རུ་ཊ་ཀཾ་ཀཾ་ཏེ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་དང་། ལས་མགོན་སྤྱི་བསྙེན། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཞེས་དང་། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཞེས་ཟུར་བཀོལ་བཟླ་བར་འདོད་ན་ཡང་རུང་ངོ་། །ཐུགས་མགོན་དང་བྱ་གདོང་སྤྱི་བསྙེན། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་དང་། རྩ་འཇིབ་མར། ཨོཾ་ཧྲཱིཿཧཱུྃ་ཀཱ་ལི་མ་ཧཱ་ཀཱ་ལི་རཀྴ་མཾ་སེ་ན་བྷཀྵ་ནི། ཨ་ནུ་ཀ་པཱ་ཡ། སརྦ་ལིང་སྟྭཾ་བྷ་ཡ་ཧཱུྃ་ཕཊ། ཅེས་དང་། ལེགས་ལྡན་དང་ཡོན་ཏན་གྱི་མགོན་པོ་ཐུན་མོང་གི་བསྙེན་པ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་དང་། བཀའ་སྡོད་ཤ་ཟ་སེང་གདོང་ནི། ཨོཾ་བཛྲ་ཀྲིཥྞ་རུ་ཊ་མཱ་ཊ་མཱ་ར་ཡ་མ་ཧཱ་ཀཱ་ལ་ཙིཏྟ་ལ་ཧྲིཾ་ཛཿཛཿ ཞེས་དང་། དེ་ཡང་མགོན་པོའི་
ཐུགས་ཀའི་འོད་ཀྱིས་སོ་སོའི་ཐུགས་སྲོག་ལ་རེག་མ་ཐག་ཏུ་སྔོན་གྱི་དམ་ཚིག་བླ་མ་དང་དཔལ་ལྡན་མགོན་པོའི་སྤྱན་སྔར་ཁས་བླངས་ཀྱི་ཐ་ཚིག་རྣམས་རྗེས་སུ་དྲན་ནས་རང་རང་གི་ལས་ཀྱི་དངོས་གྲུབ་དང་། ཁྱད་པར་དུ་ལས་བཞིའི་ཕྲིན་ལས་སོགས་གང་བཅོལ་བ་ཐམས་ཅད་སྤྲུལ་པ་དང་ཡང་སྤྲུལ་གྱི་ཚོགས་གྱིས་སྒྲུབ་པར་བསམས་ལ་སྔགས་དང་འོད་ཟེར་འཁོར་བཞིན་པར་བཟླའོ། ཡང་འཁོར་གདོང་ཅན་བརྒྱད་ཀྱི་བཟླས་པ་བྱ་བར་སྤྲོ་ན། མཁའ་འགྲོ་བརྒྱད་སོ་སོའི་ཐུགས་ཀར་ཉི་གདན་རེའི་སྟེང་དུ་བྷྱོ་རེར་རང་སྔགས་ཀྱིས་བསྐོར་བར་བསམས་ལ། བྱ་རྒོད་གདོང་ནི། ཨོཾ་གྷྲྀ་དྷ་སྱ་ཧུྃ་ཧཱུྃ་ཕཊ། ཁྱུང་གདོང་མ་ནི། ཨོཾ་ག་རུ་སྱ་ཧུྃ་ཧཱུྃ་ཕཊ། ཁྭ་གདོང་མ་ནི། ཨོཾ་ཁ་ཁ་སྱ་ཧུྃ་ཧཱུྃ་ཕཊ། འུག་གདོང་མ་ནི། ཨོཾ་ཨུ་ལུ་ཀ་སྱ་ཧུྃ་ཧཱུྃ་ཕཊ། ཕག་གདོང་མ་ནི། ཨོཾ་བྷ་དྲ་སྱ་ཧུྃ་ཧཱུྃ་ཕཊ། ཁྱི་གདོང་མ་ནི། ཨོཾ་ཤྭ་ན་སྱ་ཧུྃ་ཧཱུྃ་ཕཊ། སྤྱང་གདོང་མ་ནི། ཨོཾ་ཛམ་བུ་ཀ་སྱ་ཧུྃ་ཧཱུྃ་ཕཊ། སྟག་
གདོང་མ་ནི། ཨོཾ་བྱ་གྲྀ་སྱ་ཧུྃ་ཧཱུྃ་ཕཊ། ཅེས་བཟླ་སྟེ། དེའང་གསང་སྒྲུབ་སྐབས་ཡུམ་འདི་དག་ཡས་བབ་དང་མས་བརྟེན་གྱི་དགའ་བ་བརྒྱད་ཀྱི་ངོ་བོ་ཡིན་ཕྱིར་དགའ་བ་སོ་སོའི་སྐབས་གཙོ་བོའི་ཡུམ་དང་དབྱེར་མེད་དུ་སྦྱོར་བ་ཡིན་ལ། སྐབས་འདིར། གཙོ་བོའི་ཐུགས་ཀའི་འོད་ཀྱིས་མཁའ་འགྲོ་བརྒྱད་སོ་སོའི་ཐུགས་རྒྱུད་བསྐུལ་བས་ཐུན་མོང་གི་ལས་བཞི་དང་ལས་བརྒྱད་རྣམས་སྒྲུབ་ཅིང་ཁྱད་པར་དུ་དགྲ་བགེགས་བྱད་མ་དགུག་པ་དང་གསོད་ཅིང་བསྒྲལ་བ་དང་། གནས་སུ་སྟོབ་པ་སོགས་དྲག་པོའི་སྐབས་དེ་དང་དེར་ཤེས་པར་བྱའོ། །དེ་ཡང་དཔལ་ལྡན་མགོན་པོའི་སྲོག་སྔགས་སྤྱི་དྲིལ་གྱི་སྙིང་པོ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་ནས་དི་ནཱ་མེ་ཀེ་ན་ཧཱུྃ་ཕཊ། ཅེས་བཟླ། དེ་ཡང་སྔགས་ཀྱི་སྒྲ་དོན་ནི། དཔལ་ནག་པོ་ཆེན་པོས་བསྟན་དང་གང་ཟག་འགྲོ་བ་སྤྱི་ལ་ཕན་པ་ཉེ་བར་སྒྲུབ་པ་འདི་ཕྱི་མ་མིན་པའི་དུས་འདི་དང་། འདིར་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ། གལ་ཏེ་བྱུང་ན་དམ་བཅའ་དྲན་པར་གྱིས་ལ་གདུག་པ་ཅན་ཟོ་ཟོ། ཟ་རུ་ཆུག་ཟ་རུ་ཆུག །སོད་སོད་ཟུང་ཟུང་། ཆིང་ཆིང་སྣུན་སྣུན། བསྲེག་བསྲེག་ཆོས་ཆོས་ཉི་མ་གཅིག་གི་ལས་མཛོད་ཅིག །ཅེས་པ་ཤིན་ཏུ་འཐུས་ཆེ་བ་བྱིན་རླབས་ཀྱི་
ཚན་ཁ་མཆོག་ཏུ་འབར་བ་ཡིན། དེ་ཚེ་དམིགས་པ་ནི། བདག་ཉིད་ཀྱི་ཐུགས་སྲོག་འོད་ཟེར་གྱིས་གཙོ་བོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ་བས། སྤྲུལ་པ་དང་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས་གང་ལ་དམིགས་པའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བསམ། དྲག་སྒྲུབ་སྐབས། གཙོ་འཁོར་ཐམས་ཅད་ཤིན་ཏུ་ཁྲོས་འཁྲུགས་ཀྱི་རང་བཞིན་ཅན་སྤྲུལ་པ་ཡང་སྤྲུལ་དྲེགས་ཚོགས་དང་བཅས་པས་བྱད་མ་དགྲ་བགེགས་སོགས་གང་ལ་དམིགས་པའི་དམ་ཉམས་མ་རུངས་པ་རྣམས་མྱུར་མགྱོགས་ཀྱིས་བཀུག་ཅིང་དྲག་ཤུལ་ཆེན་པོས་བསྒྲལ་བ་དང་། རྔམ་སྟབས་ཀྱིས་འཆས་ཤིང་ཟོས་ཏེ་ལྷག་མ་ཙམ་ཡང་མེད་པར་བསམས་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་དང་། གོང་གི་འཁོར་ལྔའི་བསྙེན་པའི་མཐར། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལམ་ཐུཾ་རིལ་
རྦད་སུ་ནྲྀ་ཛཿ དགྲ་བོའི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུཾ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛཿ ནྲྀ་ཛཿ ཙིཏྟ་ལ་ཡ་ཐུཾ་རིལ་རྦད། ནྲྀ་ཤག་ཤག་དགྲ་བོའི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིངྐ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་རྩ་ལ་ཡ། མ་ཧཱ་ཀཱ་ལ་ཡ་བྷྱ། མ་ཧཱ་ཀཱ་ལ་ཡ་དམ་ཉམས་དགྲ་བགེགས་བྱད་མའི་སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད། སྲོག་རྩ་ཆོད། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀ་ལ་ཤག་ཕྱེས་ཕྱེས། མ་མ་ཏྲག་རུ་ཏྲ་མཱ་ཡ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧ་རི་ཎཱི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དམ་རཏྣ་ཏྲ་ཡ་ཡ། ཨ་པ་ཀ་རི་ཎཾ་ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་ད། ཨི་དམ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མར། གྲྀ་ཧྞ་གྲྀ་ཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། དམ་ཉམས་དགྲ་བགེགས་བྱད་མ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གཏོར་བསད་དང་སྒྲོལ་བ་སོགས་ཀྱི་སྐབས་སུམ་སྦྲེལ་ཞེས་འདི་ལྟར་ཤིན་ཏུ་གནད་ཆེ་ཞིང་། ལས་སྦྱོར་སྤྱིར་བཏང་ལ་འོག་གི་
ཤཱ་ས་ན་རྐྱང་པ་འདིས་འཐུས་སོ། །དེ་ནས་ཐུན་ཐམས་ཅད་ཀྱི་མཇུག་ཏུ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་དང་འོད་ཟེར་རྣམས་ཞབས་བསྡུ་ཚུལ་གྱི་བདག་བསྐྱེད་ཀྱི་ཐུགས་ཀར་འདུས་པར་བསམ་ལ་བཞག །བྱིན་རླབས་ཞུ་བ་ནི། མདུན་བསྐྱེད་ཀྱི་གནས་ལྔ་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་དཔལ་ལྡན་མགོན་པོའི་བྱིན་རླབས་ཀྱི་རང་བཞིན་གསལ་འཚེར་སྣུམ་ལ་འདྲིལ་བ་འཕྲོས་ནས་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་བདག་གིས་ཐོབ་པར་བསམ་ལ་དམིགས་པར་བཞག །འདི་སྐབས། ཧོ། དཔལ་རྡོ་རྗེ་མགོན་པོ་འཇིགས་བྱེད་ཆེན་པོ། ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་ཅིང་། ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་
དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་དེད་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་བ། དམ་ཅན་སྒྲུབ་པ་པོ་ཡི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་བསྲུང་བའི་ལས་ལ་རྩལ་འབྱིན་པ། མཐུ་དང་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་རྩལ་དྲག་བདག་ལ་དགོངས་སུ་གསོལ། རྡོ་རྗེ་འཛིན་པ་བདག་མིང་འདི་ཞེས་བྱ་བ་རྟེན་འདི་རྣམས་ལ་བརྟན་པར་བཞུགས་ལ་རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་བདེ་བ་ཆེན་པོའི་ཞིང་ཁམས་བགྲོད་པའི་ལམ་གྱི་བར་ཆད་བདུད་བཞིའི་འཇིགས་པ་ལས་སྒྲོལ་བའི་ལམ་གྱི་སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་
ལམ་ལ་འཁྲིད་པའི་ཏིང་ངེ་འཛིན་གྱི་སུན་མ་དང་འཕྲད་པར་མཛོད་ཅིག །དེ་ལྟར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་། ལུས་ངག་ཡིད་གསུམ་ལོག་པའི་ལམ་དུ་མི་འཇུག་ཅིང་ཐར་པ་དང་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་བཀྲ་ཤིས་དང་བདེ་ལེགས་ཀྱི་གནས་ནས་ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་ཐོབ་ནས་འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཕྲིན་ལས་ཀྱི་བྱ་བ་ལ་གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་གསང་བའི་གསོལ་འདེབས། དཔལ་རྒྭ་ལོས་མཛད་པ་དད་མོས་གདུང་ཤུགས་ཀྱི་འདུན་པ་རྩེ་གཅིག་པས་བྱའོ། །དེ་ནས་བཟླས་བརྗོད་ཀྱི་
ལྷག་ཆད་ཁ་བསྐང་བ་དང་། ནུས་པ་བསྐྱེད་ཕྱིར་དབྱངས་གསལ་རྟེན་སྙིང་རྣམས་བརྗོད་དོ། །དེ་ནས་གཏང་རག་གི་ཚུལ་དུ་མཆོད་བསྟོད་བྱ་བར། རྒྱས་པར་གཞུང་རྣམས་སུ་གསལ་བ་དེ་ལྟར་དང་། སྒྲུབ་པ་དང་ལས་སྦྱོར་སྐབས་སུ་འདི་ལྟར་བྱ་སྟེ། ཐོག་མར་ཐུན་མཚམས་སུ་གཏོར་མ་འབུལ་བར། གཏོར་བསྐྱེད་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨེ་ལས་གཏོར་སྣོད་གནམ་ལྕགས་ལས་གྲུབ་པའི་ཁང་སྒྲོམ་ཟུར་གསུམ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་ཊྭཱཾ་ག་ནག་པོ་རྩེ་གསུམ་པ་རྣོ་བའི་ངར་དང་ལྡན་པ། དེའི་མགུལ་དུ་གྲི་གུག་གི་འཁོར་ལོ་རྩེ་བརྒྱད་པ་གཉིས་གཡས་གཡོན་དུ་སྒ་ར་ར་ཀྱི་ལི་ལི་འཁོར་བར་གྱུར། བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་ཉི་ཟེར་ལས་རྡུལ་འཚུབ་པ་བཞིན་དུ་རང་དབང་མེད་པར་བྱ་སྒྲོ་རླུང་གིས་བསྐྱོད་པ་བཞིན་
དྲག་པོ་ཐུན་གྱི་གཏོར་མའི་མགུལ་དུ་གྲི་གུག་གི་འཁོར་ལོའི་བར་དུ་བཀུག་པར་གྱུར། ན་མོ། དྲིན་ཆེན་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་བཀའ་སྡོད་སྤྲུལ་པ་དང་བཅས་པའི་བཀའ་བདེན་པ་དང་། སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་མ་མོ་བྱེ་བ། ཐུགས་འཁོར་ཤ་ཟ་འབུམ། ཡོན་ཏན་དང་ཕྲིན་ལས་ཀྱི་འཁོར་གནོད་གནོད་སྦྱིན་ཁྲི་དང་བཅས་པའི་བཀའ་བདེན་པ་དང་། ཆོས་ཅན་རྟེན་འབྲེལ་དང་ཆོས་ཉིད་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་གཟུགས་ཅན་གཟུགས་མེད་ཀྱི་དགྲ་འདྲེ་བྱད་
གསུམ་གྱི་ལུས་སྲོག་བླ་ཚེ་དང་བཅས་པ་མཐོ་བ་ནམ་མཁའི་ཁམས། དམའ་བ་སའི་འོག །བར་རི་གླིང་སྐྱེ་འགྲོའི་གནས། ཆོས་དང་བོན་གྱི་སྐྱབས་འོག །སྲིད་པ་གསུམ་གྱི་ཁོང་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དྲག་པོ་ཐུན་གྱི་གཏོར་མ་འདི་ལ་ཁུག་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་དམ་ཉམས་དགྲ་བགེགས་ཨ་ཀརྵ་ཡ་ཛཿཏྲི་ཛཿནྲི་ཛཿབཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་བཀུག །དེ་ནས་གྲི་གུག་གི་འཁོརལོའི་བར་་དུ་ཤ་ཁྲག་རུས་པ་དམར་ཉི་ལི་ལི་གཏུབ་པར་བསམས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཕཊ་སོགས་གོང་གི་སུམ་བསྲེས་ཀྱི་སྔགས་ཀྱིས་བསད་དམིགས་ལྷ་དབྱེའི་དམིགས་པ་བཅས། ཏྲག་རུ་ཏྲ་མཱ་ར་ཡ་ཕཊ་བར་བརྗོད་ཅིང་རྣམ་ཤེས་རང་གི་རིགས་བདག་རྡོ་རྗེ་འཆང་གི་ཐུགས་ཀར་སྤར་བའི་དམིགས་པ་བྱ། དེ་ནས་གྲི་གུག་གི་འཁོར་ལོ་ནམ་མཁར་བཏེགས། ཁ་ཊྭཱཾ་ག་ཁ་འོག་ཏུ་ལྟ་བས་ཞུ་སྟེ་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧོ། ཞེས་བྱིན་
བརླབས་ཏེ་གཞི་མགྲོན་དང་ལྷ་མགྲོན་རྣམས་ལ་ཕུལ་བས་ཤིན་ཏུ་རྔམ་ལ་དགྱེས་པས་ཧ་ཧིའི་བཞད་སྒྲ་བཅས་གསོལ་བར་དམིགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས། ཞལ་བསྟབ་ཀྱི་དམིགས་པ་སྤེལ། དགྲ་བགེགས་མ་ལུས་པ་བསྒྲལ་བའི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ཞེས་ཞལ་བསྟབ་བྱས་ནས། མགོན་པོའི་སྤྱི་བསྐུལ། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །བྱ་རོག་གདོང་ཅན་ནག་པོ་འཁོར་དང་བཅས། །ལེགས་ལྡན་ནག་པོ་སྤྲུལ་པ་འཁོར་དང་བཅས། །སེང་གེའི་གདོང་ཅན་ཤ་ཟ་འཁོར་དང་བཅས་། །མ་མོ་ཆེན་མོ་ནག་མོ་འཁོར་དང་བཅས། །ཞིང་སྐྱོང་ཆེན་པོ་བསྟན་སྲུང་འཁོར་དང་བཅས། །དམག་དཔོན་ཆེན་པོ་རུ་འདྲེན་འཁོར་དང་བཅས། །ནག་པོ་སྟོང་
དང་ཤ་ཟ་བྱེ་བའི་ཚོགས། །མ་མོ་དུང་ཕྱུར་སྤྲུལ་པ་ཡང་སྤྲུལ་སོགས། །ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉེན་པོ་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉེན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རྒྭ་ལོས་མཛད་པ་དང་། གཞན་ཡང་སྔོན་གྱི་བླ་མ་རྣམས་ཀྱི་གསུང་བྱིན་རླབས་ཅན། ཞལ་
གཟིགས་སྐབས་ཀྱི་ཕྲིན་བཅོལ། ཧཱུྃ་བྷྱོ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གནས་ཀྱི་མིང་ནི་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །མཆོད་རྟེན་མིང་ནི་ཀ་ལིང་ཀ །ཤིང་གི་མིང་ནི་ནྱ་གྲོ་ཏ། །སངས་རྒྱས་མིང་ནི་བསྟན་པའི་གཙོ། །ཆོས་སྐྱོང་མིང་ནི་ཁྲག་འཐུང་རྒྱལ། །བཀའ་གཉན་མིང་ནི་བྱ་རོག་གདོང་། །ཕྱོགས་སྐྱོང་མིང་ནི་གིང་སོགས་བཞི། །མ་མོའི་མིང་ནི་རབ་འབར་མ། །མཁའ་འགྲོའི་མིང་ནི་ཤ་ཟ་འབུམ། །ལས་མཁན་མིང་ནི་རཱ་ཧུ་ལ། །སྔོན་གྱི་བསྐལ་པའི་དང་པོ་ལ། །བླ་མ་དཔལ་ཆེན་རྒྭ་ལོ་ཡིས། །འཁོར་ལོ་བདེ་མཆོག་ཞལ་གཟིགས་ཚེ། །ནམ་གྱི་སྲོད་ཀྱི་ཉུལ་མེ་མ། །ཞིང་སྐྱོང་མཁའ་འགྲོ་ཆེན་མོ་བདུན། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་སྒྲོགས་ཤིང་། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་
བཞེས། །དགྲ་བོ་བསྒྲལ་བར་དམ་ཡང་བཅས། །དམ་ཚིག་ཆེན་པོའི་དུས་ལ་བབ། །ནམ་གྱི་གུང་་ཐུན་དབུས་མ་ལ། །ཤར་ཕྱོགས་རྒྱལ་པོ་གིང་ཆེན་གྱིས། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །སྲོག་བདག་ཆེན་པོའི་དུས་ལ་བབ། །ནམ་གྱི་ཐོ་རངས་ཐ་མ་ལ། །ཆོས་སྐྱོང་བྱ་རོག་གདོང་ཅན་གྱིས། །གཞི་སྙིང་གཅིག་ཏུ་དྲིལ་བའི་ཚེ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །དགྲ་བོ་བསྒྲལ་བར་དམ་ཡང་བཅས། །ཕྲིན་ལས་དྲག་པོ་བསྟན་དུ་གསོལ། །དེ་ཡི་བསྐལ་པའི་ཕྱི་མ་ལ། །བླ་མ་རྗེ་བཙུན་ཞང་ཚལ་གྱིས། །ཁྱོད་ལ་གསོལ་བཏབ་ཕྲིན་ལས་བཅོལ། །ད་ལྟ་རྣལ་འབྱོར་བསྟན་ནས་སུ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཟུར་མང་ཕྱོགས་སུ་གྲགས་ཆེ་བའི། ཧཱུྃ། དུས་གསུམ་རྒྱལ་བའི་བསྟན་སྲུང་ནག་པོ་
ཆེ། །སོགས་ཀྱང་གྲུབ་ན་ལེགས། ཤིན་ཏུ་བླ་མ་དང་བསྟན་པའི་དོན་དུ་དྲག་བསྐུལ་དགོས་ཚེ་མགོན་བསྐུལ་དུག་མདའ་རིང་མོ་དང་། བསྐུལ་པ་བྱི་ལ་ནག་པོ་སོགས་ཀྱང་བྱ་བ་ཡིན་ནོ། །བསྙེན་པའི་སྐབས་སུ། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡི་གེ་འབྲུ་གསུམ་འོད་དུ་ཞུ་བ་ལས་གཏོར་མ་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་ནས་དི་ན་མེ་ཀེ་ན་ཧཱུྃ་ཕཊ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། ཨོཾ་ཨཱཿཧཱུྃ། དམ་རྫས་བརྒྱན་པའི་གཏོར་མ་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེ་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ་སྡེ་ལྔ། སྦྱོར་སྒྲོལ་གསང་
བའི་ཡུམ་གསུམ། སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་མ་མོ་བྱེ་བ། ཐུགས་འཁོར་ཤ་ཟ་འབུམ། ཡོན་ཏན་དང་ཕྲིན་ལས་ཀྱི་འཁོར་གནོད་སྦྱིན་ཁྲི། གཞན་ཡང་མགྲོན་ཐབས་སུ་བཞུགས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོ་དང་བཅས་པ་རྣམས་ཀྱིས་མཆོད་པར་བཞེས་ཤིང་ཚིམ་པར་རོལ་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུང་། བླ་མ་དང་དཀོན་མཆོག་གི་དབུ་འཕང་བསྟོད། འགྲོ་བ་ཡོངས་ལ་བདེ་སྐྱིད་སྤེལ། ཁྱད་པར་དུ་སྒྲུབ་པའི་རྣམ་འབྱོར་པ་བདག་ལ་དགྱེས་པའི་ཞལ་སྟོན། འཛུམ་པའི་མདངས་ཕྱུང་། སྒྲུབ་པའི་རྟགས་དང་མཚན་མ་མྱུར་དུ་སྟོན་ཅིང་། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། འཁོར་དང་སློབ་མ་སྐྱོངས། ཆོས་མཐུན་གྱི་བསམ་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་འདོད་དོན་གྱི་སྨོན་ཚིག་གསོལ་ནས་གོང་གི །ཧཱུྃ། དཔལ་ལྡན་མགོན་པོའམ། ཧཱུྃ། དུར་ཁྲོད་
རབ་ཏུ་འཇིགས་པའི་སོགས། བསྟོད་བསྐུལ་གང་རིགས་བྱའོ། །དེ་ནས་གསར་ལུགས་རང་རྐང་འདིར་གཏང་རག་གི་ཚུལ་དུ་མཆོད་བསྟོད་རྒྱས་པར་བྱ་བ་ཡང་། བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལས་མཆོད་བྱེད་ཀྱི་ལྷ་དང་ལྷ་མོ་ལས་བྱེད་ཀྱི་ཁྲོ་བོ་ཁྲོ་མོ་གྲངས་མེད་སྤྲོས་ཏེ་དེ་རྣམས་ཀྱིས་ཕྱི་ནང་གི་མཆོད་ཚོགས་བསམ་གྱིས་མི་ཁྱབ་པ་ཕུལ་བས་མཉེས་པར་མོས་ལ། སྤྱི་ཙམ་དུ་མཆོད་པ་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ཨཱ་ཙ་མ་ནཾ། པྲོཀྵ་ཎཾ། ཞེས་དང་། ཐུན་མོང་ཉེར་སྤྱོད་ནི། ཧཱུྃ། དྲི་ངད་དུག་གི་མེ་ཏོག་སྔོན་པོ་འདི། །དྲག་པོ་དཔལ་ལྡན་མགོན་པོ་མཉེས་པའི་རྫས། །བསྟན་སྲུང་དབུ་ལ་འབུལ་གྱི་རྒྱན་མཛོད་ལ། བདག་གཞན་སྐུ་དང་མཚན་དཔེ་ཐོབ་པར་ཤོག །གུ་གུལ་མི་ཤ་ཚིལ་ཆེན་བོང་བུའི་སྦང་། །རྔ་མོང་རིལ་མ་སྦྱར་བའི་སྲེག་སྤོས་འདི། །བསྟན་སྲུང་ཤངས་ཀྱི་དབང་པོ་ཚིམ་བྱེད་ཅིང་། །
ཚུལ་ཁྲིམས་འཆལ་བའི་དམ་ཉམས་བསྒྲལ་དུ་གསོལ། །མི་དང་ཕག་པ་ར་རོག་ཚིལ་ཞུན་ལ། །ལེགས་པར་སྦྱར་བའི་རོ་རས་སྡོང་བུ་བཙུག །གསལ་བྱེད་སྤྱན་ལ་དད་པས་རབ་འབུལ་ན། །ཤེས་རབ་འཆལ་པའི་གླད་པ་སྐེམ་དུ་གསོལ། །དུག་སྣ་ཁྲག་ཆེན་སྦྱར་བའི་དྲི་ཆབ་འདི། །ཁྲག་འཐུང་བསྟན་སྲུང་ཐུགས་ལ་བདག་འབུལ་ན། །ཏིང་འཛིན་བར་ཆད་བདུད་དང་འབྱུང་པོའི་ཚོགས། །མ་ལུས་ཐལ་བའི་རྡུལ་དུ་བརླག་ཏུ་གསོལ། །ནས་ནག་ཏིལ་དང་བྲ་བོ་སྲན་ཆེན་དང་། །རཾ་བུ་ལས་བྱས་ཟུར་གསུམ་ཁྲག་གིས་བྱུག །ལྷ་བཤོས་ལྗགས་ཀྱི་དབང་པོ་ཚིམ་བྱེད་འདི། །སྟོབས་ལྡན་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རྐང་དུང་གླིང་བུ་བྷནྡྷ་ལྟག་སྤྲོད་རྔ། །ཆ་ལང་ཅང་ཏེའུ་པི་ཝཾ་རོལ་མོའི་སྒྲ། །ནག་པོའི་སྙན་ལ་གུས་པས་བདག་འབུལ་ན། །བསྟན་ལ་མི་སྙན་སྨྲ་བའི་འདུ་བྱེད་བཀུམ། །ཨོཾ་བཛྲ་
མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་པུཥྤཾ། དྷུ་པཾ། དྷི་པཾ། གནྡྷཾ། མ་ཕྱཾ། ཊི་ཀཉྩ། པཱུ་ཛ་ཛི་གྷྲ་པི་པ་མ་མ་རཀྵ་རཀྵ་ཀུ་རུ་ཧཱུྃ་ཧཱུྃ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཁྱད་པར་གྱི་མཆོད་པ་ནི། ཧཱུྃ། ནག་པོ་ཁྱོད་དང་མཐུན་པའི་དམ་རྫས་ནི། །བྷནྡྷ་དུཾ་གཅིག་ཐོད་པའི་སྣོད་ནང་དུ། །རྒྱ་ཤུག་ལ་སོགས་འབྲུ་ལྔ་སི་ལི་ལི། །ག་པུར་ལ་སོགས་དྲི་ལྔ་ཀྱི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་སྤྲེངས་སེ་སྤྲེང་། །རཀྟ་ཁྲག་གི་རྦ་ཀློང་ཀྱི་ལི་ལི། །པཉྩ་རུས་པའི་ཕུང་པོ་ཁྲ་ལ་ལ། །ཤ་ཆེན་བདུད་རྩིའི་ཚོགས་ནི་ཉི་ལི་ལི། །ཉ་ཤ་སྒོག་ཙོང་ཐུག་པ་ནག་པོ་དང་། །ལ་ཕུད་ལ་སོགས་མཐུན་པའི་དམ་རྫས་ནི། །དཔལ་ལྡན་མགོན་པོའི་ཞལ་དུ་མཆོད་པ་འབུལ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་བཛྲ་སྥ་ར་ན་པཱུ་ཛ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་ལྟར་མཆོད་པའི་ལས་བྱེད་རྣམས་ཀྱིས་གནས་སུ་སྟོབ་ཅིང་། སླར་ཡང་རྡོ་རྗེའི་གླུ་གར་
རོལ་མོ་དང་བཅས་པས་བསྟོད་པར་བསམ་ལ། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཨཥྚ་པ་ད་སྟོ་ཏྲ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་བསྟོད། ཨོཾ་འགྲུབ་པར་གྱུར་ཅིག །ཧཱུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོང་ནི་མ་ལུས་འགེངས་ནུས་ཤིང་། །ཧཱ་ཧཱ་ཊ་ཊ་ཞེས་བཞད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། །ཀཾ་ཀཾ་ཀཾ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཆུ་དང་མཚུངས་པའི་སྐུ། །བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང་། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་ཉེ་བར་སྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུག་ཅིང་བསྒྱུར་མཛད་ཀྲུཾ་ཀྲུཾ་ཀྲུཾ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་
མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧཱ་ཧཱ་ཧཱུྃ་དང་ཀཱི་ལི་ཀཱི་ལི་ཞེས་སྒྲོགས་ཕྱག་གཡོན་ཁ་ཊྭཱཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང་། །ཁཾ་ཁཾ་ཁཾ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པ། །ཌཾ་ཌཾ་ཌཾ་ཞེས་ཌཱ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྵིཾ་ཀྵིཾ་ཀྵིཾ་ཞེས་བརྗོད་པའི་གཟུགས་ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ཅིང་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་
མས་སྦྲེལ་བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾ་ཀྵུཾ་ཤྲཱིའི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་སེལ་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །ཕེཾ་ཕེཾ་ཕེཾ་ཞེས་སྒྲོགས་པས་སོ་སོར་བསྐྱེད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱིས་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙཾ་ཙཾ་ཙཾ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་
རྨད་བྱུང་ས་ཡིས་འཇིག་རྟེན་སྣང་མཛད་པ། །ཀྲཾ་ཀྲཾ་ཀྲཾ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་འཇོམས་མཛད་ཅིང་། །སཾ་སཾ་སཾ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བཾ་བཾ་བཾ་ཞེས་གཤིན་རྗེ་ལྟར་ཁྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡཾ་ཡཾ་ཡཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་གནོད་བྱེད་མཁྱེན། །ཀླཱཾ་ཀླཱཾ་ཀླཱཾ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །པཾ་པཾ་པཾ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱིས་སྔགས་པ་རྣམས་ལ་
བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཞིག་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡིས་བགེགས་ཀྱི་ཚོགས་རྣམས་རྟག་ཏུ་ཉམས་པར་འགྱུར། །ཞེས་ཀླུ་སྒྲུབ་ཀྱིས་མཛད་པ་དང་། དྲག་སྒྲུབ་ཁོ་ན་ཡིན་ཚེ། ཧཱུྃ། བྱང་ཤར་ནགས་འདབས་དུར་ཁྲོད་ཆེན་པོའི་དབུས། །མ་མོ་རབ་འབར་གཅེར་བུའི་དཀྱིལ་འཁོར་ནས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །སྐུ་མདོག་མཐིང་ནག་ཞལ་
གཅིག་ཕྱག་བཞི་པ། །སྟོབས་ཆེན་རབ་འབར་འཇིགས་པའི་ཆ་བྱད་ཅན། །ཁྲོ་གཉེར་རབ་འཇིགས་མཐིང་ནག་བརྗིད་པའི་ཞལ། །དམར་ལ་ཟླུམ་པའི་སྤྱན་གསུམ་མེ་འོད་འཕྲོ། །ཤངས་ནས་རླུང་འབྱུང་འཇིག་རྟེན་གཡོ་བར་བྱེད། །རབ་ཏུ་འཇིགས་པའི་ལྗགས་ལ་ཧཱུྃ་སྒྲ་འཁྲིལ། །རྡོ་རྗེ་འབར་བའི་ཚེམས་བསྒྲད་མཆེ་གཙིགས་ཤིང་། །བར་ནས་རྡོ་རྗེ་ཁྲག་གི་སེར་ཆེན་འབེབས། །སྨིན་མ་ཨག་ཚོམ་བསྐལ་པའི་མེ་ལྟར་འབར། །དྲག་པོའི་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཐོད་པ་ལྔས་བརྒྱན་མི་བསྐྱོད་དབུ་ལ་བཞུགས། །སྒེག་པའི་ཉམས་ལྡན་དར་གྱི་ཅོད་པན་མཛེས། །མགུལ་གྱི་བུམ་པས་གསང་བའི་བཤུག་གླུ་ལེན། །རྡོ་རྗེ་དྲག་པོའི་གླུ་སྒྲ་ཏི་རི་རི། །སྐུ་སྟོད་སེང་གེའི་རོ་སྟོད་འགྱིང་བ་ལྟར། །དཔའ་བརྟན་ཆེན་པོ་བརྒྱད་ལས་རབ་ཏུ་འཕགས། །ཐུགས་ཀྱི་དཔལ་བེའུ་གཡུང་དྲུང་
འཁྱིལ་པ་ལས། །ཕྱི་ནང་གསང་བའི་ཆོས་ཀྱི་ཆར་ཆེན་འབེབས། །ཐུགས་རྗེའི་ཉི་འོད་སེམས་ཅན་ཡོངས་ལ་ཁྱབ། །གསུས་པ་ཀ་མ་རུ་ཡི་འབྲས་བུ་ལྟར། །འཁྱིལ་ཞིང་བརྗིད་པས་ཁམས་གསུམ་ཡོངས་ལ་ཁྱབ། །ལྟེ་བ་ཟབ་ཅིང་གཡས་སུ་འཁྱིལ་པ་ལས། །ལྷ་དམག་འབུམ་གྱི་རྫོང་ཡང་དེ་ན་བཅའ། །ཨུཏྤལ་སྔོན་པོའི་དྲི་བསུང་ངད་དང་ལྡན། །སྐེད་པ་གཞུ་ཡི་འཆང་བཟུང་ལྟར་འདྲིལ་ཞིང་། །གཞན་གྱིས་མི་ཐུབ་དབང་ཕྱུག་སྲ་མཁྲེགས་ཅན། །བརླ་གཉིས་རབ་བརྟན་གླང་ཆེན་ཟུར་འགྲོས་འདྲ། །ཁྱད་པར་འཕགས་པའི་དབང་ཕྱུག་སྟོབས་པོ་ཆེ། །གསང་བའི་སྦ་བ་མ་ཉམས་སྦུབས་སུ་ནུབ། །ཅུང་ཟད་མཐོང་བས་འཁོར་བའི་ཁྲི་མུན་སེལ། །རི་དྭགས་རྒྱལ་པོ་ལྟ་བུའི་བྱིན་པ་ནི། །བ་སྤུ་སྲ་ཞིང་དྲང་སྲོང་ཀུན་དས་མོས། །ཞབས་ཀྱི་སེན་མོ་གཙང་དང་སྙུག་མ་བཞིན། །དྲང་ལ་མཉེན་ཞིང་
འཁྱིལ་པའི་ལྷུན་དང་བཅས། །ཕྱག་གི་སོར་མོ་ཀཾ་ཀའི་མཆུ་སྡེར་འདྲ། །དམར་ལ་འདྲིལ་ཞིང་བསྣུན་པས་དགྲ་བགེགས་འདུལ། །བ་སྤུ་སེང་གེའི་སྤུ་ལྟར་འཁྲང་པ་ལ། །རྩེ་མོ་གཅིག་ཏུ་གྱེས་ཤིང་གཡས་སུ་འཁྱིལ། །ཐལ་བས་ལུས་བྱུག་ཁྲག་གི་ཐིག་ལེས་བརྒྱན། །ཕ་རོལ་ཕྱིན་དྲུག་རྫོགས་པའི་ཕྱག་རྒྱ་དྲུག །འཁོར་བའི་ཉེས་པ་བཅོམ་ཕྱིར་མགོ་ཕྲེང་འཕྱང་། །རྣམ་རྟོག་སྤངས་པས་རོ་ཡི་གདན་ལ་བཞུགས། །ཀླུ་ཆེན་དབང་སྡུད་གདུག་པ་སྦྲུལ་གྱིས་བརྒྱན། །བདུད་བཞི་བསྲེག་ཕྱིར་མེ་རི་འོབས་ཀྱིས་བསྐོར། །ཁམས་གསུམ་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །སྟག་གི་ལྤགས་པས་སྐུ་ཡི་སྨད་དཀྲིས་བྱས། །ཁྱུང་གི་སྤྲུལ་པས་ནམ་མཁའི་ཕ་མཐར་ཁྱབ། །དཀར་པོ་ལྷ་ཡི་རྒྱལ་སྲིད་སྐྱོང་བར་བྱེད། །གྲི་གུག་འབར་བས་ཉམས་པའི་སྲོག་རྩ་གཅོད། །ཐོད་རློན་རབ་ཏུ་འབར་
བས་སྙིང་ཁྲག་འཐུང་། །རལ་གྲི་གློག་ལྟར་འཁྱུག་པས་དགྲ་བགེགས་སྒྲོལ། །རྩེ་གསུམ་མྱུར་བས་ལྷ་མིན་གཡུལ་ལས་རྒྱལ། །ཞགས་པ་ཐེའུ་རང་འབྱུང་པོའི་སྐེར་བཏབ་སྟེ། །བ་སུ་ཏ་ཡི་ལྕགས་སུ་བཅུག་ནས་ཀྱང་། །ཞབས་ཀྱི་འོག་ཏུ་མནན་ཏེ་འགུལ་མི་ནུས། །ཐུགས་ཀྱི་སྤྲུལ་པ་ཙནྡན་བིང་ཆེན་བསྣམས། །བདུད་འདུལ་ཙནྡན་བིང་ཆེན་ནང་ནས་སྤྲུལ། །སྤྲུལ་པའི་དམག་ཚོགས་མང་པོ་འབྱུང་བ་ནི། །བརྒྱད་ཁྲི་བཞི་སྟོང་སེར་པོ་བསེ་ཁྲབ་ཅན། །བ་དན་ནག་པོ་མུན་ལྟར་གཏིབ་པ་ཐོགས། །ཉི་ཁྲི་ཆིག་སྟོང་དཀར་པོ་དངུལ་ཁྲབ་ཅན། །བ་དན་སྔོན་པོ་རླུང་ལྟར་འཕྱོ་བ་ཐོགས། །སུམ་སྟོང་ལྔ་བརྒྱ་དམར་པོ་ཟངས་ཁྲབ་ཅན། །བ་དན་དཀར་པོ་ཤེལ་ལྟར་འཚེར་བ་ཐོགས། །སུམ་བརྒྱ་དྲུག་ཅུ་སྨུག་པོ་བསེ་ཁྲབ་ཅན། །བ་དན་དམར་པོ་མེ་ལྟར་འབར་བ་ཐོགས། །ལྕགས་ཀྱི་སྤྱང་ཀི་འབུམ་ནི་
སྔོན་ན་རྒྱུག །གླང་ཆེན་སྨྱོན་པ་འབུམ་ནི་ཕྱི་ནས་འགྲོ། །གསེར་གྱི་སེང་གེ་འབུམ་ནི་ཟུར་ན་འགྱིང་། །ལྕགས་ཀྱི་བྱ་ཁྲ་འབུམ་ནི་ཀླད་ན་ལྡིང་། །བསེ་ཡི་བྱ་གླག་འབུམ་ནི་མཆུ་སྡེར་བགྲད། །དུང་གི་སྐྱེས་བུ་འབུམ་ནི་མདའ་གཞུ་འགེངས། །བྱུ་རུའི་ན་ཆུང་འབུམ་ནི་གཡབ་མོ་སྡེབ། །ལྕགས་ཀྱི་མོན་པ་འབུམ་ནི་ཐོ་བ་ཐོགས། །ཁྲོ་ཆུའི་ཁྲོ་བོ་འབུམ་ནི་རལ་གྲི་ཕྱར། །རྡོ་རྗེ་བྱི་བ་འབུམ་ནི་ས་གཞི་རློག །ལྕགས་ཀྱི་ཕག་རྒོད་འབུམ་ནི་ངུར་སྒྲ་སྒྲོགས། །ཤ་ཟ་མ་མོ་བྱ་རོག་འུག་པའི་ཚོགས། །གཅན་གཟན་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་བྲན་དུ་ཁོལ། །དེ་ལྟར་འདུས་པའི་དམག་ཚོགས་ཐམས་ཅད་ཀྱང་། །ལ་ལས་མི་བཟད་རྡོ་རྗེ་འཁོར་ལོ་འཕེན། །ལ་ལས་རལ་གྲི་དགྲ་སྟྭགཏུན་ཤིང་འཕེན། །ལ་ལས་རྩེ་གསུམ་མདའ་དང་ཐོག་མདུང་འཕེན། །ལ་ལས་གྲི་གུག་མེ་
དང་རི་རབ་འཕེན། །སྟོབས་ཀྱང་ཆེ་ཞིང་དཔུང་ཡང་རབ་ཏུ་ཆེ། །སྟོབས་ཆེན་གཞན་གྱིས་མི་ཐུབ་ཐུབ་པར་དཀའ། །དཔལ་ལྡན་མགོན་པོ་ནག་པོ་ལྷ་མཆོག་ཁྱོད། །དཀོན་མཆོག་གཙུག་ལག་ཁང་འདི་བསྲུང་སླད་དུ། །དུས་ངན་གདུལ་དཀའི་སེམས་ཅན་འདུལ་བྱེད་ཕྱིར། །བདག་གིས་ཡུན་རིང་ནག་པོ་ཁྱོད་བསྟེན་ཞིང་། །རྟག་ཏུ་ཕྱག་འཚལ་མཆོད་པ་རབ་ཏུ་འབུལ། །ཐུགས་རྗེས་གཟིགས་ལ་བསྟན་པའི་ཞིང་འདི་སྲུངས། །རྣལ་འབྱོར་དབང་ཕྱུག་ཕུ་ནས་ཀུས་འདེབས་ན། །ཆོས་སྐྱོང་མདའ་ན་བཞུགས་ཀྱང་སྙན་མ་སྲ། །རྣལ་འབྱོར་དབང་ཕྱུག་མདའ་ནས་གཡབ་འདོར་ན། །ཆོས་སྐྱོང་ཕུ་ན་བཞུགས་ཀྱང་སྤྱན་མ་རྟུལ། །བདག་གིས་བཅོལ་བའི་རེ་འདོད་གང་ཡིན་པ། །ནག་པོ་ལྷ་མཆོག་ཁྱོད་ཀྱིས་འགྲུབ་པར་མཛོད། །ཅེས་ཨརྱ་དེ་བས་མཛད་པའི་བསྟོད་བསྐུལ་ཀྱང་བྱ། སྐབས་འདིར་མཇུག་གི་བྱ་བ་རང་ལུགས་ཀྱི་རྩ་
གསུམ་སྔགས་བསྔོ་དང་། མཁའ་འགྲོ་སྤྱི་གཏོར། འཇིག་རྟེན་པ་སྤྱི་ལ། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ལྷུན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུལ་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ས་བདག་སའི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་
བཅུ་གཉིས། ལོ་རྒན་དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ། ད་ལོའི་ལོ། དེ་རིང་གི་ཉི་མ། གཟའ་རྒྱུ་སྐར། དུས་ཚོད་ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་། ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕ་རི་གཡས། ཚུར་རི་གཡོན། འགྲོ་བའི་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟེན་པའི་མཁར་ལ་སོགས་པ་ས་ཕྱོགས། ཡུལ་ཕྱོགས། དབེན་གནས། སྒྲུབ་གནས་འདི་ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་བྱང་ཆུབ་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་འགྲོ་ན་མ་བཟུང་། སྡོད་ན་མ་བསྐྲད། བསམ་པ་མ་ངན། སྦྱོར་བ་མ་རྩུབ།
འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབ། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །གཞན་ཡང་འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་མཁའ་མཉམ་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ཞིང་། སོ་སོའི་སྡུག་བསྔལ་ལས་གྲོལ་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །བྱས་མཐར། འབྱུང་པོ་དང་ཕྱི་རོལ་པའི་གཏོར་མའི་དོན་བསྡུས། བྷྱོཿ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གཟའ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས༴ འབྱུང་པོའི་ཚོགས༴ ཡི་
དྭགས་ཚོགས༴ ཤ་ཟའི་ཚོགས༴ སྨྱོ་བྱེད་ཚོགས༴ རྗེད་བྱེད་ཚོགས༴ མཁའ་འགྲོའི༴ མ་མོའི་ཚོགས་རྣམས་མ་ལུས་པ། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་
འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གྲུབ་པའི་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་གྱི་ཆོག་བསྒྲིགས་སོ། །ཡང་ན། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་ཀྱིས་ཕུལ་བས་ཀྱང་འཐུས་སོ། །དེ་ནས་བསྙེན་སྒྲུབ་ཀྱི་ཞག་གྲངས་རྫོགས་ཚེ། གཏང་རག་གི་མཆོད་པ་རྒྱ་ཆེར་བྱས་ལ་འབུལ། བསྟོད་པའི་མཇུག་ཏུ་གསང་བའི་སྨོན་ལམ་བྱ་ཞིང་། མདུན་བསྐྱེད་མགོན་པོའི་གནས་ལྔ་ནས་མགོན་པོ་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་གཟི་བརྗིད་འོད་ཟེར་དང་ལྡན་པ་ཆུང་ངུ་དཔག་ཏུ་མེད་པ་ཆར་བབས་པ་ལྟར་འཕྲོས་ནས་རང་གི་གནས་ལྔར་ཐིམ་པས་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་དང་དབང་རྣམས་ཡོངས་སུ་རྫོགས་པ་ཐོབ་པས་བདག་ཉིད་མཐུ་སྟོབས་རབ་ཏུ་རྒྱས་ཤིང་། ཡོན་ཏན་དང་ཕྲིན་ལས་མགོན་པོ་ཉིད་དང་མཉམ་པར་གྱུར་སྙམ་དུ། སྔགས་མཐར་ཀཱ་ཡ་ཝཱཀྐ་ཙིཏྟ་
སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ། ཞེས་བཟླ་བ་ནི་དབང་དང་དངོས་གྲུབ་བླང་བའོ། །དེ་ནས་རྗེས་ཀྱི་གཏང་རག་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། ཆུ་བཞི་སྔོན་དུ་འགྲོ་བའི་སྔགས་ཀྱིས་མཆོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རུ་དྷི་ར་པཱུ་ཛ་ཨཱཿཧཱུྃ། ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་སྲུང་ཆེ། །འཇིགས་བྱེད་མི་བཟད་དྲག་པོའི་ལས་རྣམས་མཛད། །རྔམ་པའི་ང་རོས་སྲིད་གསུམ་ཐལ་བར་བརླག །མགོན་པོ་བྱ་རོག་མཚན་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཟོད་གསོལ་ནི། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་བའི་གཏོར་མགྲོན་འདི། །མ་ཚང་མ་
དག་བཟོད་པར་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝཱ་ར་སོགས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐང་། དེ་ནས་ཉེར་བསྡུའི་རྣལ་འབྱོར་ནི། ཡེ་ཤེས་པ་རྟེན་ལ་བཞུགས་པར་བསམས་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རྟེན་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས། མཆོད་སྦྱིན་གནས་འདིར་གང་ལྷག་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪཿ ཞེས་རང་གནས་སུ་གཤེགས། སྐབས་འདིར་གསར་མ་རང་ལུགས་སུ་གཏོར་མའི་སྲུང་འཁོར་སྤྱི་བཞིན་བཏང་། བསྡུ་བའི་རིམ་པ་ནི། དེ་ཡང་གང་ཟག་དབང་པོ་རབ་རྣམས་ཀྱིས་ལྷར་སྣང་ལ་བར་མཚམས་མེད་ཕྱིར་ཐུན་ལ་ཐུན་མཐུད་མཛད་པ་དང་། ད་ལྟའི་གང་ཟག་གིས་
དེ་ལྟར་དཀའ་བས། མདུན་བསྐྱེད་ཀྱི་དམ་ཚིག་གི་ལྷ་རྣམས་རིམ་གྱིས་གཙོ་བོ་ལ་བསྡུས། གཙོ་བོ་ཧཱུྃ་ལ་འདུས། ཧཱུྃ་དེ་བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལ་བསྡུ། ཕྱི་སྣོད་སྣང་བ་ཐམས་ཅད་བདག་བསྐྱེད་གཙོ་བོ་ལ་བསྡུ། གཙོ་བོ་ཐུགས་སྲོག་ཧཱུྃ་ལ་བསྡུ། ཧཱུྃ་གྱེན་རྫོགས་ནཱ་ད་མི་དམིགས་པ་ཆོས་ཉིད་རྣམ་པར་དག་པའི་ངང་ལ་བཞག་ནས་འོད་གསལ་འཛིན། དེ་ཡང་ཟུང་འཇུག་གི་སྐུར་ལྡང་སྟེ། བདག་བསྐྱེད་བདེ་མཆོག་ཡིན་ཚེ། གནས་གསུམ་སྲུང་བ་སྐྱེ་མཆེད་བྱིན་རླབས་སོགས་རང་གཞུང་ལྟར་བྱས་མཐར། བསྔོ་སྨོན་ཤིས་བརྗོད་བྱ་བ་དང་། སྤྱོད་ལམ་རྣམ་བཞིར་ལྷའི་ང་རྒྱལ་དང་མ་བྲལ་བར་རྒྱུན་གྱི་རྣལ་འབྱོར་བསྐྱང་ངོ་། །དེ་ཡང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འདི་ལ་རྒྱུད་རེ་ལ་བརྟེན་པའི་སྒྲུབ་ཐབས་དང་། གང་ཟག་རེའི་ཕྱག་ལེན་མི་འདྲ་བ་སྣ་ཚོགས་བྱུང་བས་དེ་དག་མཐའ་ཆོད་དཀའ་ཡང་སྐབས་ཐོབ་རང་ཅག་རྣམས་ཀྱི་ཉམས་ལེན་བྱ་ཚུལ་དཔལ་ལྡན་འབའ་རོམ་པ་ཡབ་སྲས་ཀྱི་ཕྱག་ལེན་དང་། ཀརྨ་སྙན་བརྒྱུད་ཀྱི་མན་ངག་ཏུ་བཞུགས་པ་རྣམས་གཞུང་མཐུན་གུང་སྤྲོས་ཏེ། གསར་མ་
རང་རྐང་སོར་བཞག་ཅིང་གཞན་ཕྱོགས་ཀྱི་ལུགས་དང་ཆོས་སྐད་མ་འདྲེས་པར་བཀོད་པ་ཡིན་ནོ། །སླར་སྨྲས་པ། སྐུ་ཡི་མགོན་པོས་སྲིད་གསུམ་ཟིལ་གྱིས་གནོན། །གསུང་གི་མགོན་པོས་ཁམས་གསུམ་དབང་དུ་སྡུད། །ཐུགས་ཀྱི་མགོན་པོ་འཁོར་འདས་ཀུན་གྱི་དཔལ། །བླ་མ་མགོན་པོ་དབྱེར་མེད་སྒྲུབ་པའི་ཐབས། །ཡོན་ཏན་ཀུན་འབྱུང་ནོར་བུ་རིན་ཆེན་ལྟར། །ཕྲིན་ལས་རྣམ་བཞིས་དགོས་དགུའི་འདོད་པ་འཇོ། །བཀའ་བརྒྱུད་རིན་ཆེན་ཐུགས་ཀྱི་བཅུད་འདུས་འདིས། །བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག །ཅེས་པ་འདིའང་ཆོས་ཀྱི་སྲས་བུ་ཀརྨ་གཡུ་སྒྲ་སྙིང་པོ་ནས་ཕྲིན་ལས་ཀྱི་རྟེན་བཅས་ཡང་ཡང་བསྐུལ་བ་དང་། དེ་བཞིན་མགོན་བླ་ཀརྨ་སྦྱིན་པ་ནས་ཀྱང་ནན་གྱིས་བསྐུལ་བར་བརྟེན། ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེའམ། བདེ་ཆེན་འབར་བའི་རྡོ་རྗེར་འབོད་པས་དཔལ་སྐྱོ་བྲག་གི་ཆོས་གྲྭ་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་ཕུར་ཁང་བདུད་དཔུང་ཟིལ་གནོན་ནས་ཇི་ལྟར་སྨྲས་རིམ་བཞིན་ཀརྨ་འདུལ་བ་ལྷ་དར་གྱིས་ཡི་གེར་བཏབ་པ་འདིས་ཀྱང་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་བཙས་དམ་པར་གྱུར་ཅིག །དགེའོ།། །།
དཔལ་ནག་པོ་ཆེན་པོ་ཕྱག་བཞི་པའི་བསྙེན་སྒྲུབ་ཇི་ལྟར་བྱ་ཚུལ་རེག་ཟིག་ཏུ་བགྱིས་པ་ལག་ན་རྡོ་རྗེའི་ཞལ་ལུང་། རིག་འཛིན་འབར་བའི་རྡོ་རྗེ།
༄༅། །དཔལ་ནག་པོ་ཆེན་པོ་ཕྱག་བཞི་པའི་བསྙེན་སྒྲུབ་ཇི་ལྟར་བྱ་ཚུལ་རེག་ཟིག་ཏུ་བགྱིས་པ་ལག་ན་རྡོ་རྗེའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
དཔལ་ལྡན་སྡོམ་པའི་ཆོས་དབྱིངས་ནམ་མཁའ་ལ། །ཡོན་ཏན་བྱེ་སྙེད་ཉི་མའི་དཀྱིལ་འཁོར་ཤར། །བསྟན་འགྲོའི་རྒུད་མུན་སེལ་ལ་རབ་དཔའ་བའི། །ཕྲིན་ལས་ཐོགས་མེད་དཔལ་ལྡན་མགོན་པོར་འདུད། །དེ་ལ་འདིར་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་སུ་བགྱི་བ་ལ་གསུམ། གནས་ལུགས་རང་བཞིན་གྱི་མགོན་པོའི་བཞུགས་ཚུལ། བསྒྲུབ་བྱ་ལམ་གྱི་མགོན་པོ་ཉམས་སུ་བླང་ཚུལ། ལྷུན་གྲུབ་འབྲས་བུའི་མགོན་པོ་མངོན་དུ་འགྱུར་ཚུལ་དང་གསུམ་ལས། དང་པོ་ལའང་བཞི། ཐུགས་རྒྱུད་གང་ལས་བྱུང་ཚུལ། མཚན་གྱི་དོན་བསྟན་པ། བརྒྱུད་པ་གང་ལས་བྱུང་ཚུལ། དུས་གསུམ་གྱི་བསྟན་པ་སྲུང་ཚུལ་ལོ། །དང་པོ་
ལའང་ཐུགས་རྒྱུད་ཡེ་ཤེས་པའི་ཚུལ། ལམ་རྒྱུད་འཕགས་པས་བསྡུས་ཚུལ། འཇིག་རྟེན་སྨོན་ལམ་གྱིས་བསྡུས་ཚུལ་དང་གསུམ་ལས། དང་པོ་ནི། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། སྔོན་འདས་པའི་དུས་ན་བསྐལ་པ་དྲག་པོ་རྣམ་པར་འཁྲུགས་པ་ཞེས་བྱ་བ་ན། སངས་རྒྱས་ཞི་བའི་འོད་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དེའི་བསྟན་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་བདུད་ཀྱི་རྒྱལ་པོའི་སྤྲུལ་པ་ལས་དབང་ཕྱུག་མ་ཧཱ་དེ་ཝ་དང་། ལྷ་མོ་ཨུ་མ་དེ་ཝི་གཉིས་སྤྲུལ་ཏེ། དེ་གཉིས་ཀྱིས་ཀྱང་འཇིགས་བྱེད་དུས་མཚན་གཉིས་སྤྲུལ་ནས། དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་གསོད་པའི་ལས་བྱེད་ཅིང་བརླག་པར་བྱས་ནས་སྟོང་ལ་ཐུག་
པའི་ཚེ། སངས་རྒྱས་ཞི་བའི་འོད་ཀྱིས་བདུད་པོ་དེ་དག་བཏུལ་ཀྱང་མ་ཐུལ་ཏེ། དཔལ་བདེ་བ་ཆེན་པོ་བདུད་འདུལ་བའི་ཏིང་ངེ་འཛིན་གྱིས་ལྷ་མོ་ཨུ་མ་དེ་ཝི་ལ་དགྱེས་པའི་གད་མོ་བཅུ་གཉིས་ཀྱིས་སྦྱོར་བ་བྱས་པས་དེ་ལ་རྡོ་རྗེ་སྲིན་པོ་རབ་ཏུ་འཇིགས་པ་ཉིད་སྐྱེས་པར་གྱུར་ཏེ། དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལྡིག་ཅིང་འགུལ་བར་གྱུར་པ་ན། བདུད་དགའ་རབ་དབང་ཕྱུག་ཡིད་འཁྲུགས་པར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་ལ་ཞུགས་ནས་ལྷ་མ་ཡིན་གྱི་དམག་དཔུང་བསྡུས་ཙ་ན། ཐོག་དང་མེ་དང་འབྲུག་དང་དྲག་པོའི་ཆོ་འཕྲུལ་བཅུ་དྲུག་གིས་སྲིད་པ་གསུམ་འགུལ་འགུལ་ཤིག་ཤིག་བྱེད་ཙ་ན། དེའི་ཚེ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་ཏེ་བདུད་ཀྱི་ཞལ་བཞི་ནས་དྲག་པོའི་སྐུ་ཕྱུང་བ་དེ་དག་འདུལ་བ་ལ་གསང་བའི་ལྷ་མོ་བཞི་སྤྲུལ། ཁོའི་སྤྱན་ལ་དུག་བཞི་ཡོད་པས་དེ་འདུལ་བ་ལ་ཕྲིན་ལས་ཀྱི་ཕྱག་བཞི་དང་དུག་ཞི་བའི་བཀའ་སྡོད་བཞི་སྤྲུལ། སྐྱེ་མཆེད་དྲུག་འདུལ་བ་ལ་འདོད་ཁམས་ཀྱི་མཁའ་འགྲོ་མ་དྲུག་སྤྲུལ། རྣམ་པར་ཤེས་པ་ཚོགས་བརྒྱད་ལས་བཀའ་སྡོད་ཀྱི་མཁའ་འགྲོ་བརྒྱད་སྤྲུལ། རིག་པའི་ཡན་ལག་བཅུ་ལས་ཕྱོགས་སྐྱོང་བཅུ། དབང་གི་བཞིན་འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་
དྲུག །སྐུའི་བཀོད་པ་བཅོ་བརྒྱད་ལས་གིང་ཆེན་བཅོ་བརྒྱད། ཁྲོས་པའི་གད་མོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉེར་གཅིག །ཆགས་པའི་གར་ཉམས་ཉེར་བརྒྱད་ལས་དབང་ཕྱུག་ཉེར་བརྒྱད། སྤྱན་གྱི་འགྱུར་ལྡོག་སུམ་ཅུ་ལས་དྲེགས་པ་སུམ་ཅུ། ཕྲིན་ལས་ཀྱི་འོད་ཕུང་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་གདངས་བཞད་བརྒྱད་ལས་རོ་ལངས་བརྒྱད། སྤྱན་གྱི་འགྱུར་ལྡོག་སྟོང་ལས་ནག་པོ་སྟོང་། ཞབས་ཀྱི་སྟངས་སྟབས་ཁྲི་ལས་གནོད་སྦྱིན་ཁྲི། དབང་གི་གར་སྤྱོད་འབུམ་ལས་ཤ་ཟ་འབུམ། བ་སྤུའི་འོད་ཟེར་བྱེ་བ་ལས་མ་མོ་བྱེ་བ་རྣམས་སྤྲུལ་ནས་དྲག་པོ་འཇིགས་བྱེད་མ་ཧཱ་དེ་ཝ་དང་། དུས་མཚན་ཨུ་མ་དམར་མོ་གཉིས་ཀྱི་ལུས་ལ་དབང་བྱས་ནས་གདན་དུ་བཏིང་། ལྷ་ཆེན་ཡབ་ཡུམ་འཁོར་དུ་བཀོད། འཁོར་ཚོགས་གཞན་ཐམས་ཅད་དབང་དུ་བསྡུས་ནས་བདུད་ཀྱི་དམག་ཚོགས་བརླགས་པར་བྱས་སོ། །དེ་ལྟར་ཡབ་ཁྲག་འཐུང་ཆེན་པོ་ཧེ་རུ་ཀ་བདེ་བ་མཆོག་དང་ཡུམ་ཨུ་མ་དེ་ཝི་མ་ཞེས་བྱ་སྟེ། དེ་གཉིས་ཀྱི་སྲས་རྡོ་རྗེ་སྲིན་པོ་སྟེ་དཔལ་མགོན་པོ་ཉིད་སྐྱེས་སོ། །དེ་ནས་རྡོ་རྗེ་སྲིན་པོ་དེས་བདུད་ཐམས་ཅད་དབང་དུ་བསྡུས་ཏེ་སླར་ཉིད་ཀྱི་སྐུ་ལ་སྤྲུལ་པ་རྣམས་ཐིམ་པར་གྱུར་ཏོ། །ཉིད་ཀྱང་དཔལ་ཆེན་པོ་ཧེ་རུ་
ཀའི་ཞབས་ལ་ཐིམ་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་མགོན་པོ་འདི་ཉིད་སྔོན་གྱི་དུས་སུ་བདུད་ཀྱི་སྤྲུལ་པ་དྲག་པོ་འཇིགས་བྱེད་དང་ཨུ་མ་གཉིས་ཀྱིས་དབང་དུ་བྱས་ཏེ་འཇིག་རྟེན་གྱི་ཁམས་ཀུན་དུག་གསུམ་ལ་བསྒྱུར་ཏེ་མ་རུངས་པར་བྱས་པའི་ཚེ་འོག་མིན་གྱི་བདེ་གཤེགས་རྡོ་རྗེ་འཆང་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་ཡེ་ཤེས་དང་འཇིག་རྟེན་སྦྱོར་བའི་ཚུལ་གྱིས་དཔལ་ནག་པོ་ཆེན་པོ་སྲས་ཀྱི་རྣམ་པར་སྤྲུལ་པས་བདུད་ཕོ་མོ་དེ་དག་བཏུལ་ཞིང་དུར་ཁྲོད་དང་གནས་ཡུལ་རྣམས་རྡོ་རྗེའི་ཞིང་དང་འབྲེལ་ཚད་དོན་ལྡན་དུ་བྱིན་གྱིས་བརླབས་པས་ན་ཡི་དམ་དང་མགོན་པོ་དབྱེར་མེད་དུ་ཤེས་དགོས་སོ། །གཉིས་པ་ལམ་རྒྱུད་འཕགས་པས་བསྡུས་པའི་མགོན་པོ་ནི། དེའང་ནག་པོ་ཆེན་པོ་ཐོད་པ་སྲོག་གི་སྤུ་གྲིའི་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ལས། ཕྱི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ། །ནང་ལྟར་བཅོམ་ལྡན་འཁོར་ལོ་སྡོམ། །གསང་བ་ཡེ་ཤེས་བྱ་རོག་མཚན། །ངོ་བོ་དབྱེར་མེད་ཐ་དད་བྲལ། །དེས་ན་ཤཱཀྱ་སེངྒེ་ཡི། །བསྟན་པ་འདི་ཡི་ཆོས་སྐྱོང་ཡིན། །ཞེས་དང་། ཡང་རྒྱུད་ལས། སྔོན་ཚེ་བཟང་རྒྱན་བསྐལ་པའི་སངས་རྒྱས་འཁོར། །བདུད་ཀྱིས་བཀྲོངས་ཏེ་བསྟན་པ་བསྣུབས་པའི་ཚེ། །བདུད་རྣམས་འདུལ་དང་
འཁོར་ཚོགས་བསྡུ་བའི་ཕྱིར་། །ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ་པའི་སྲས། །ཨུ་མ་དེ་ཝིའི་བུ་བརྒྱད་ཆུང་བར་སྐྱེས། །སྣང་སྲིད་ཟིལ་གནོན་ཁྲོ་བོའི་རྒྱལ་པོ་དེས། །རང་གི་འཁོར་སྡུད་སྣང་སྲིད་བྲན་དུ་བཀོལ། །བདུད་ཚོགས་བཅོམ་ནས་ལངྐའི་གྲོང་ཁྱེར་བཤིག །དུས་གསུམ་རྒྱལ་དང་དབྱེར་མེད་ཁྲོ་བོར་གྱུར། །ཞེས་རྒྱལ་བའི་སྲས་སུ་གྱུར་ཅིང་བསྟན་པ་རིན་པོ་ཆེ་ལ་བྱ་བ་མཛད་པ་སྟེ། བདུད་ཚོགས་བཅོམ་ཞིང་རྒྱལ་བ་ཀུན་དང་དབྱེར་མེད་དུ་གྱུར་པས་ན་ཆོས་སྐྱོང་གཞན་ལས་མགོན་པོ་འདི་ཁྱད་པར་དུ་འཕགས་པའོ། །གསུམ་པ་འཇིག་རྟེན་སྨོན་ལམ་གྱི་མགོན་པོ་ནི། ལུང་ལས། ཇི་སྐད་དུ། བསྐལ་པ་བཟང་རྒྱན་དེ་ཉིད་ལ། །སངས་རྒྱས་ཞི་འོད་འཁོར་དང་བཅས། །བྱང་ཕྱོགས་ཨཽ་ཌཱར་བྱོན་པའི་ཚེ། །སྡིག་གཅོད་རྒྱལ་པོས་གསོད་གཅོད་བྱས། །སངས་རྒྱས་རྫུ་འཕྲུལ་མཁའ་ལ་གཤེགས། །འབུམ་ཕྲག་བྱེ་བའི་དགེ་སློང་གིས། །བདག་ཅག་ཚངས་སྤྱོད་སྔགས་མཐུ་ཡིས། །སྐྱེ་བ་འདི་ནས་གཉིས་པ་ན། །སྲིད་པ་གསུམ་ན་དབང་ཆེ་བའི། །གནོད་སྦྱིན་སྲིན་པོ་གཤིན་རྗེའི་རིགས། །རྡོ་རྗེ་སྲིན་པོའི་འཁོར་གྱུར་ཏེ། །སྡིག་སྤྱོད་འཁོར་བཅས་བརླག་པར་ཤོག །སྨོན་ལམ་སྟོབས་ཀྱིས་སྐྱེས་ནས་ཀྱང་། །བདུད་རྒྱལ་
འཁོར་བཅས་རྡུལ་དུ་བརླགས། །དཀར་ཕྱོགས་བསྟན་པ་རྒྱས་པར་མཛད། །ཅེས་གསུངས་པ་ལྟར་མགོན་པོ་འདི་ནི་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་འཕགས་ཤིང་བདུད་སྡེ་དགྲ་བགེགས་བསྒྲལ་བ་དང་། བསྟན་པ་ལ་ཐུགས་ཤིན་ཏུ་བརྩེ་ཕྱིར་ཆོས་སྐྱོང་གཞན་ལས་ཚན་ཆེ་བའི་སྒྲུབ་པའི་གང་ཟག་ལ་སྙིང་ཉེ་བའོ། །གཉིས་པ་མཚན་དོན་བསྟན་པ་ནི། གྲི་གུག་བརྩེགས་པ་ལས། ནག་པོ་བྱ་རོག་མཚན་ཞེས་བྱ། །སྔོན་ཚེ་ལྷ་ཆེན་འདུལ་བའི་ཚེ། །བྱ་རོག་དག་ཏུ་སྤྲུལ་ནས་ནི། །དེའི་ཡང་སྤྲུལ་དུ་མ་ཡི། །འོད་ཟེར་སྐར་མདའ་ནག་པོ་སྟོང་། །དེ་ཡིས་བདུད་ཚོགས་ཕམ་པར་བྱས། །ཞེས་གསུངས་པ་ལྟར། སྔོན་སྟོན་པ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཉིད་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་སྐུར་བཞེངས་ཏེ་ནག་པོ་ཆེན་པོ་ཉིད་དཔལ་ཧེ་རུ་ཀའི་དལ་དུ་གཞུག་པའི་ཚེ་རིག་པའི་མེ་ཏོག་སྒོ་མ་བྱ་རོག་གདོང་ལ་བབས་པས་མཚན་བྱ་རོག་གི་མིང་དུ་ཆགས་ཤིང་མི་སྲུན་བདུད་སྡེ་འདུལ་བའི་དཔའ་བོར་མངའ་གསོལ་བའོ། །གསུམ་པ་བརྒྱུད་པ་གང་ལས་བྱུང་ཚུལ་ལ་གསུམ། རིང་བརྒྱུད་སངས་རྒྱས་ནས་བརྒྱུད་ཚུལ། ཉེ་བརྒྱུད་མཁའ་འགྲོ་མ་ནས་བརྒྱུད་ཚུལ། ལུང་བསྟན་གཏེར་ནས་བརྒྱུད་ཚུལ་དང་གསུམ་ལས། དང་པོ་ནི། སྟོན་པ་
སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་རྣམ་པས་ཕྱི་ནང་གི་རྒྱུད་དང་། ཁྱད་པར་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་ནས་ཞལ་འབུམ་ཕྲག་བྱེ་བའི་བར་གྱིས་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་ཞལ་སྦྱོར་ཞིང་། བདེ་བ་ཆེན་པོའི་སྒྲ་ཡིས་གསང་བ་དང་ཡང་གསང་གི་རྒྱུད་རྣམས་དང་། དྲག་པོ་འཇིག་རྟེན་ལས་ཀྱི་རྒྱུད་རྣམས་ལྷ་ཆེན་པོ་རྣམས་དང་། ཕྱོགས་རྣམས་སྐྱོང་བ་དང་། དྲག་ཤུལ་གྱི་རོལ་པ་དྲང་སྲོང་དང་། བྲམ་ཟེ་སོགས་དང་། ཁྱད་པར་རྡོ་རྗེ་རྣམ་འབྱོར་མ་དང་། ལག་ན་རྡོ་རྗེ་དང་། མགོན་པོའི་ཚོགས་རྣམས་དང་། མ་མོ་དང་ཤ་ཟའི་ཚོགས་རྣམས་ལ་རྫོགས་ལྡན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་རྩོད་ལྡན་ཐ་མ་རབ་ཏུ་གདུལ་དཀའ་བའི་དུས་རྣམས་སུ་གདུལ་བྱ་སོ་སོ་ལ་དགོངས་ཏེ་གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་དང་། རི་རབ་ཀྱི་སྟེང་དང་། ཁྱད་པར་དཔལ་ལྡན་འབྲས་སྤུངས་སོགས་སུ་གསུངས་ཤིང་། དེ་ནས་ཕྱག་རྡོར་གྱིས་རྒྱལ་པོ་ཨིནྡྲ་བོ་དྷི། དེས་ལྷ་ལྕམ་ཐུབ་པ་མོ། དེས་སློབ་དཔོན་རཱ་ཧུ་ལ་བྷ་དྲ། དེས་ཀླུ་སྒྲུབ་སྙིང་པོ། དེས་ཀླུའི་བྱང་ཆུབ། དེས་དུས་འཁོར་བ། དེས་དུས་འཁོར་བ་ཆུང་བ། དེས་རྡོ་རྗེ་གདན་པ་ཆེ་བ། དེས་རྡོ་རྗེ་གདན་པ་ཆུང་བ། དེས་ཙ་མི་སངས་རྒྱས་གྲགས་པ། དེས་རྒྭ་ལོ།
དེས་ཁམས་པ་ཨ་སེང་། དེས་ཕག་མོ་གྲུ་པའོ། །གཉིས་པ་ཉེ་བརྒྱུད་ནི། ཕྱག་ན་རྡོ་རྗེ། དེས་མཁའ་འགྲོ་མ་སེངྒེའི་གདོང་ཅན། དེས་མཁའ་འགྲོ་སུ་ཁ་སིདྡྷི། དེས་ལྷ་ལྕམ་ལེགས་སྨིན་ཀཱ་ར། དེས་ཤིང་ལོ་པ། དེས་ཀརྞ་རི་པ། དེས་ཀླུ་སྒྲུབ་ནས་གོང་ལྟར་ལ། ཨ་སེང་གིས་ཕག་མོ་གྲུ་པ་ལའོ། །དེ་ནས་ཕག་གྲུ་མན་ཆད་གཞུང་ལྟར་རོ། །གསུམ་པ་ལུང་བསྟན་གཏེར་ནས་བྱུང་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་བླ་མས་ལུང་བསྟན་པ་ལྟར་ཆོས་བཟང་སྤྲིན་གྱི་ཡང་རྫོང་ནས་ཡེ་ཤེས་མགོན་པོའི་རྩ་བའི་རྒྱུད་སྤུ་གྲི་ཀླད་གཟེར་ནག་པོ། གསང་བ་མན་ངག་སྦས་པའི་རྒྱུད། ཁྲག་མཚོ་ཁོལ་མའི་རྒྱུད་དང་གསུམ། འཇིག་རྟེན་མགོན་པོ་དྲག་པོ་མཚོན་ཆ་བསྣོལ་མའི་རྒྱུད། ཁ་ཏ་ཏནྟྲ་ལུང་བསྟན་པའི་རྒྱུད། བཞི་སྙིང་སྦས་པ་སྲོག་གཟེར་གསང་བའི་རྒྱུད་དང་དྲུག་གིས་གཙོས་པའི་རྒྱུད་བརྒྱ་རྩ་བརྒྱད་དང་། ཙ་མི་སངས་རྒྱས་གྲགས་པས་ཀླུ་ཡིས་ལུང་བསྟན་པ་ལྟར་ཚངས་པ་ཀླུ་འདུལ་གྱི་གཙུག་ལག་ཁང་ནས་མགོན་པོའི་རྡོ་རྗེ་གཙུག་གི་རྒྱུད་དང་། ལས་ཚོགས་ཕྲེང་བའི་རྒྱུད། རྡོ་རྗེ་བདེ་བྱེད་ཀྱི་རྒྱུད་དང་། སྙིང་རྗེ་ཁྲོས་པའི་རྒྱུད་དང་། འབྱུང་བ་འཁྲུགས་གསོད་ཀྱི་རྒྱུད་དང་། གདོང་མོ་རོ་ཟན་གྱི་རྒྱུད་དང་དྲུག །དཔལ་རྒྭ་ལོས་དམར་མོ་རྩ་
འཇིབས་མས་ལུང་བསྟན་པ་ལྟར་བསིལ་བའི་ཚལ་ནས་ཡུམ་གྱི་རྒྱུད། དུག་རླངས་ཁོལ་མའི་རྒྱུད་དང་། སྒྲོལ་བྱེད་ནག་མོའི་རྒྱུད་དང་། རོ་ཤན་ནག་མོའི་རྒྱུད་དང་། ཟླ་གསང་ནག་མོའི་རྒྱུད་དང་། རོ་ལངས་ནག་མོའི་རྒྱུད་དང་། ཐོད་ཕྲེང་ནག་མོའི་རྒྱུད་དང་དྲུག་སྟེ་བཅོ་བརྒྱད་པོ་དེ་དག་གི་བརྒྱུད་པ་ཡང་དཔལ་རྒྭ་ལོ་མན་ཆད་ནས་ཆུ་བོ་གཅིག་འདྲེས་ཀྱི་བརྒྱུད་པ་དེ་རྗེ་ཕག་གྲུ་ལ་འདུས་པ་ཡིན་ལ། དེ་ནས་བདེ་བཤེགས་ཕག་གྲུ་ནས་བརྒྱུད་པ་གསེར་རིའི་ཕྲེང་བ་ད་ལྟའི་བར་དུ་བྱིན་རླབས་ཀྱི་ཁ་མ་བྲི་དམ་སེལ་དང་འདྲེས་ཁྱེར་གྱི་བསླད་མ་ཞུགས་ཏེ། དེའང་ད་ལྟ་རང་རྐང་གི་བརྒྱུད་ཚུལ་འདྲ་མིན་རེ་ཡོད་པ་རྣམས་ཞིབ་པར་སོ་སོའི་རྒྱུད་ཁུངས་མ་འཆོལ་བར་ཤེས་པར་བྱའོ། །བཞི་པ་དུས་གསུམ་གྱི་བསྟན་པ་སྲུང་ཚུལ་ནི། དེའང་བྱ་རོག་བརྩེགས་པ་བསྟན་པའི་སྤྱི་རྒྱུད་ལས། སྟོན་པ་ཤཱཀྱ་ཐུབ་པ་ཡི། །བསྟན་པ་རིན་ཆེན་སྲུང་མཛད་པའི། །བདག་གི་སྤྲུལ་པ་ནག་པོ་ཆེ། །བསྐལ་པ་དཔག་མེད་སྔོན་རོལ་ནས། །བྲམ་ཟེ་ཚངས་པ་རྣམ་གྲོལ་གྱིས། །མར་མེ་མཛད་ལ་སེམས་བསྐྱེད་དེ། །བསྟན་སྲུང་སྨོན་ལམ་བཏབ་པ་ཡིས། །ད་ལྟ་དཔལ་ལྡན་ནག་པོ་ཆེ། །སྲིད་པ་གསུམ་ན་དབང་ཆེ་ཞིང་། །རྡོ་རྗེའི་རིགས་ལས་ནག་པོ་ཆེ། །
ཧེ་རུ་ཀ་དཔལ་འབར་བའི་སྐུ། །སངས་རྒྱས་རྣམས་ཀྱི་བསྟན་པ་སྲུང་། །ཞེས་དང་། ཐོ་ཡིག་ལས། འཁོར་བ་འཇིག་གི་བསྟན་པ་ལ། །གནོད་སྦྱིན་བརྒྱད་པོ་དབང་དུ་བསྡུས། །སངས་རྒྱས་གསེར་ཐུབ་བསྟན་པ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ཀྱང་བཏུལ། །རྒྱལ་བ་འོད་སྲུང་བསྟན་པ་ལ། །བདུད་རྒྱལ་དགའ་རབ་དབང་ཕྱུག་བཏུལ། །ལྷ་མོ་བརྒྱད་པོ་བྲན་ཏུ་བཀོལ། །ཤཱཀྱ་སེང་གེའི་བསྟན་པ་ལ། །བདུད་དམག་གཡོས་ཚེ་རྡུལ་དུ་བརླགས། །ཐུབ་བསྟན་ནམ་མཁའི་ནོར་བུ་རྒྱས། །མགོན་པོ་ཀླུ་སྒྲུབ་ཡབ་སྲས་དུས། །ཕྱི་རོལ་མུ་སྟེག་རྡུལ་དུ་བརླགས། །མ་ཁོལ་བསྟན་པའི་ལྗོན་ཤིང་བསྒྱུར། །དུར་ཁའི་དམག་གིས་ཉམས་པའི་དུས། །མགོན་པོའི་སྤྲུལ་པའི་ཕོ་ཉ་ཡིས། །དཔུང་ཚོགས་ཁྲག་སྐྱུག་ཚེ་ཉམས་བྱས། །ཆོས་སྐྱོང་མགོན་པོ་འདི་ཡིས་ནི། །བསྟན་དགྲ་ལན་གྲངས་མང་དུ་བཏུལ། །གཉན་པའི་ཆོས་སྐྱོང་ཨེ་མ་ཧོ། །པདྨ་བཛྲ་ཛེ་ཏ་རི། །ནག་དྲིལ་དཔལ་འཛིན་ཨ་བྷྱ་ཀར། །ཙ་མི་ལ་སོགས་དགེ་འདུན་ཚོགས། །མགོན་པོའི་ཐུགས་རྗེ་རྨད་བྱུང་གིས། །རྒྱ་གར་ཆོས་དང་གང་ཟག་སྤེལ། །ཧེ་རུ་ཀ་དཔལ་རྒྭ་ལོ་ཡིས། །བསིལ་བ་ཚལ་དུ་ཟླ་བདུན་ལ། །གཏེར་ཕུལ་ལས་མགོན་དམ་ལ་བཏགས། །མགོན་པོ་ཞལ་གཟིགས་རྒྱུད་བཏོན་ནས། །བོད་
ཡུལ་དབུས་སུ་སྤྱན་དྲངས་ཏེ། །དཔལ་ཆེན་ཕག་མོ་གྲུ་པ་ནས། །ཨ་སེང་འབྲི་སྟག་འབྲུག་ཚལ་དང་། །སྤྲེལ་མར་ཉག་སེ་མྱོས་མགར་ཆོས། །དེ་སོགས་གངས་ཅན་སྒྲུབ་བརྒྱུད་འདིར། །བསྟན་པ་འཛིན་སྐྱོང་སྤེལ་བར་བྱེད། །མ་འོངས་མོས་པ་མཐའ་ཡས་བར། །བདུད་སྡེ་འདུལ་ཞིང་བསྟན་པ་སྲུང་། །དེ་ནས་རྡོ་རྗེ་ནག་པོ་ཆེ། །ཁྲག་འཐུང་བྱ་རོག་མིང་ཉིད་ཀྱང་། །ཐལ་བའི་དབང་པོར་མངོན་འཚང་རྒྱ། །ཞེས་གསུངས་པའི་ལུང་གིས་གྲུབ་པ་ཡིན་ནོ། །གཉིས་པ་བསྒྲུབ་བྱ་ལམ་གྱི་མགོན་པོ་བསྟན་པ་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལའང་མཐུན་རྐྱེན་ཉེར་བསྡོགས་དང་། ཆོ་ག་དངོས་ཀྱི་སྔོན་འགྲོ་གཉིས་ལས། དང་པོ་ཉེར་བསྡོགས་ལའང་གནས་དང་། དུས་དང་། ཡོ་བྱད་དང་། གང་ཟག་དང་བཞི་ལས། དང་པོ་ནི། བྱ་རོག་ཆེན་པོའི་རྒྱུད་ཀྱི་ལེའུ་བརྒྱད་ལས། མེ་ཏོག་སྣ་ཚོགས་བཀྲ་བ་དང་། །བྲག་རིར་ལྡན་པ་དཔལ་གྱི་རི། །ཞེས་དང་། ཁྲག་མཚོ་ཁོལ་མའི་ལེའུ་བཅོ་ལྔ་ལས། རི་བོ་བྱང་བསྟན་ལྕགས་ཀྱི་མདོག །བྲག་ནག་བྱང་བལྟས་ཆུ་རུང་ཅན། །སྲིན་པོ་ཁྲོས་འདྲ་ཧཱུྃ་སྒྲ་སྒྲོགས། །འཇིགས་པའི་དུར་ཁྲོད་ཕུང་ཤུལ་དུ། །ཞེས་དང་། གཞན་ཡང་གྲི་གུག་བརྩེགས་པའི་རྒྱུད་ལེའུ་བདུན་པ་དང་། བྱ་རོག་ཆེན་པོའི་
རྒྱུད་ལེའུ་བཅོ་བརྒྱད་དང་། གསོད་བྱེད་སྲོག་ཟན་ནག་པོའི་རྒྱུད་ཀྱི་ལེའུ་ཉེར་བརྒྱད་སོགས་ལས་གསུངས་པ་ལྟར་གྱི་གནས་དབེན་ཞིང་བཀྲ་ཤིས་པ། འདབ་ཆགས་དང་གཅན་གཟན་སྣ་ཚོགས་རྒྱུ་བ་བྲག་རི་ནག་པོ་དུག་ཤིང་སྣ་ཚོགས་སྐྱེས་པ་ཅོང་རོང་ཆུ་སྒྲ་དྲག་པོ་སྒྲོག་པའི་གནས་སོགས་ཤེས་པར་བྱའོ། །གཉིས་པ་དུས་ནི་ནག་པོ་ཆེན་པོ་ནམ་མཁའ་མཉམ་པའི་ལེའུ་བཅུ་བཞི་པ་ལས། ཡར་གྱི་བརྒྱད་དང་མར་གྱི་བརྒྱད། །ཉ་དང་གནམ་སྟོང་དུས་དག་ཏུ། །གཏོར་མ་ཆེན་པོ་གཏོང་བར་བྱ། །ཞེས་གསུངས་པ་དང་། གསང་བ་མན་ངག་སྦས་པའི་རྒྱུད་ལེའུ་བརྒྱད་པར། དམ་ཚིག་ལྡན་པའི་སྔགས་པ་ཡིས། །དུས་ནི་ཁྱད་པར་ཟླ་བ་ནི། །སེངྒེ་སྐྱེས་པའི་དུས་དག་གི །ཞེས་གསུངས་པ་ལྟར་སྟོན་ཟླ་འབྲིང་པོའི་དགུན་ཟླ་ཐ་ཆུང་གི་དུས་སོགས་ནག་པོ་བདུད་ཀྱི་ཉི་མ་ཤིས་སོ། །གསུམ་པ་ཡོ་བྱད་ནི། སྲོག་ཟན་ནག་པོའི་རྒྱུད་ལེའུ་ཉེར་བརྒྱད་པར། ཌཱ་རུ་ཅང་ཏེའུ་རྔ་དང་བཅས། །དྲིལ་བུ་གླིང་བུ་རྐང་དུང་གིས། །དུས་དང་དུས་རྣམས་ཀུན་ཏུ་མཆོད། །ཅེས་གསུངས་པ་ལྟར། དཔལ་ཧེ་རུ་ཀ་དང་མགོན་པོའི་སྐུ་བྲིས་འབུར་གང་རུང་དང་། གཡབ་དར་དར་ལྕེ། ལྔ་པ་དང་། རྔ་བོ་ཆེ་དང་། རྐང་གླིང་། ཆ་ལང་། མཁར་རྔ། ཌཱ་དྲིལ་སོགས་ཐུགས་དམ་
བསྐུལ་བའི་རོལ་མོའི་བྱེ་བྲག་རྣམས་དང་། ཁྱད་པར་དུ་ཁྲག་མཚོ་ཁོལ་མའི་རྒྱུད་ལེའུ་དགུ་པ་ལས། འབྲུ་ནག་ལས་བྱས་དཔལ་ཆེན་ནི། །ཞེས་དང་། མགོན་པོའི་ལས་རྒྱུད་ལས། མཆོག་དང་ཐུན་མོང་དངོས་གྲུབ་ནི། །གཏོར་མ་དག་ལ་བརྟེན་ཏེ་འཐོབ། །ཅེས་གསུངས་པས། བསོད་ནམས་ཅན་གྱི་ལག་ནས་བྱུང་བ་སོགས་ནས་ནག་པོ་སྐྱོན་མེད་རྣམས་བཟང་བར་སྣུམ་ལུད་གཙང་མ་བྱུག་ཅིང་གཟའ་སྐར་བཟང་པོར་སོ་ནམ་བྱས་པ་སླར་འབགས་བཙོག་དང་མ་འདྲེས་པར་ཉར་ཚག་བགྱིས་པ་རྗེན་བཏགས་བྱས་ཏེ་རིན་ཆེན་སྨན་འབྲུ་བསྲེས་པའི་གཏོར་མ་མཐོང་བརྒྱུད་ལྟར་བཅས་ཤིང་། བླ་མ་དང་ཡི་དམ་གྱི་བསྙེན་སྔགས་དང་མགོན་པོའི་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཤཱ་ས་ན་བཅས་དང་རྟེན་བཞུགས་ཀྱི་སྔགས་བྲིས་པ་དར་ཚོན་གྱིས་དྲིལ་ཏེ་སྙུག་སྦུག་ཏུ་བཅུག་པའི་ཁ་སྤྲ་ཚིལ་གྱིས་བཅད་དེ་གཏོར་མའི་དབུས་སུ་བཞག །དེའང་ཞི་རྒྱས་དབང་དྲག་སོ་སོར་མཐུན་པའི་དབྱིབས་དང་ཁ་དོག་རྒྱན་སོགས་ལས་མཐུན་ལྟར་དང་། འཁོར་རྣམས་དེ་བཞིན་ཤེས་པར་བྱས་པའི་སྟེང་དུ་རང་རང་གི་སྐུ་དང་དར་རྣམས་གཟུག །དེའང་འཛོམས་ན་གྲི་རྒོད་སྙིང་གི་རྩ་དབུས་མའི་ཁོང་དུ་མཐིང་ཤོག་ལ་གསེར་རམ་མཚལ་གྱིས་གཙོ་
བོ་སྐུ་གསུང་ཐུགས་ཀྱི་མགོན་པོའི་སྔགས་སྤྱི་དྲིལ་ཤཱ་ས་ན་དང་། ཨཱ་ལི་ཀཱ་ལི་དང་། ཡེ་དྷར་དང་། དཔལ་མགོན་ཕྱག་བཞི་པ་འཁོར་དང་བཅས་པ་རྡོ་རྗེ་སྲོག་གི་རྟེན་འདིར་གཉིས་སུ་མེད་པར་བཞུགས་ལ་དཔལ་ལྡན་བླ་མ་རྣམས་ཀྱི་སྐུ་ཚེ་སྲིངས། སངས་ཀྱི་བསྟན་པ་འདི་དག་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་ཀུན་བདེ་སྐྱིད་ལ་སྤྱོད་ཅིང་བསམ་སྦྱོར་ཆོས་ལ་སྦྱོར་བའི་ཕྲིན་ལས་དམ་པ་མཛོད་ཅིག་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེའི་རྒྱབ་ཏུ་སྐུ་མགོན་དང་ལེགས་ལྡན་གྱི་སྔགས་དང་། མདུན་དུ་ཕྲིན་ལས་ཀྱི་མགོན་པོ་ཤ་ཟ་སེང་གདོང་གི་སྔགས་བྲིས་པའི་ཤོག་དྲིལ་ཆུང་དུ་རེ་ཡང་ལྷན་ཅིག་བཞག །གཡས་སུ་རྩ་སྦུབས་སུ་ཐུགས་མགོན་བྱ་གདོང་གི་སྙིང་པོ་དང་། གཡོན་དུ་ཡུམ་ཙཎྚི་ཀ་དང་རྩ་འཇིབས་མའི་སྙིང་པོ་བཅུག །རིན་ཆེན་ཕྱེ་མ་འབྲུ་སྣ་སྨན་སྣ་རྣམས་ཀྱིས་དགང་སྟེ་ཁ་ལ་ཆའི་སྤྲ་ཚིལ་གྱིས་བསྡམ་སྟེ་དར་སྣ་ལྔའི་ན་བཟའ་བཅས་དར་ནག་གི་ཁུད་དུ་དྲིལ་ལ་རབ་གྲི་རྒོད་ཀྱི་མདའམ་མའཛོམ་ན་བྱ་རྒོད་ཀྱི་མདའ་སྒྲོ་བཞི་ལྡན་པའི་མགུལ་དུ་བཏགས་སྟེ་རྟེན་གཏོར་འཛུག །འདིང་དཀྱིལ་སྔོན་པོ་རྩིབས་བཞི་པའི་ཐ་མར་མཚོན་ཆ་དང་མེ་རླུང་གི་རི་མོས་བསྐོར་བའི་ལྟེ་བར་དགྲ་འདྲེ་བྱད་གསུམ་གྱི་ལིངྒ་བརྩེགས་མར་
བྱས་ཏེ་བཞག་པའི་སྟེང་དུ་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་སྤུངས་པའི་ཁར་ལྕགས་སམ་ཐོད་པའི་སྣོད་དུ་གཏོར་མ་བཀོད་དེ་བཞག །གཞན་ཡང་དགོས་པའི་ཡོ་བྱད་ཀྱང་། ཁྲག་མཚོ་ཁོལ་མའི་ལེའུ་བཅོ་ལྔ་པ་ལས། ཕྱི་ནང་གསང་བ་དེ་ཁོ་ན། །ཕྱི་རུ་མེ་ཏོག་སྤོས་མར་དང་། །དྲི་ཆབ་བཤོས་དང་རོལ་མོས་མཆོད། །ཅེས་སོགས་མཆོད་པ་དང་གཏོར་མར་བརྩོན་པས་ལས་ཀུན་འགྲུབ་པར་གསུངས་པས་དགོས་པའི་འབྱོར་ཚོགས་རྣམས་འདོན་བྱ་གཞུང་མཐུན་ལྟར་བྱའོ། །བཞི་པ་རྟེན་གྱི་གང་ཟག་ནི། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་ཟན་ནག་མོའི་རྒྱུད་ཀྱི་ལེའུ་ཉེར་བརྒྱད་ལས། དབང་གིས་སྨིན་བྱས་དམ་ཚིག་ལྡན། །སློབ་དཔོན་ལ་གུས་སྒྲུབ་ལ་འབད། །བཟོད་ལྡན་མཆོད་སྦྱིན་གཏོང་ལ་བརྩོན། །བསྙེན་སོགས་ལྷ་ཡི་གདེངས་དང་ལྡན། །ཤེས་རབ་སྙིང་རྗེར་རབ་སྦྱོར་ཞིང་། །བརྒྱུད་དང་ལྡན་པའི་སྔགས་པ་ཡིས། །ནག་པོ་ཆེན་པོ་བསྒྲུབ་པར་བྱ། །ཞེས་དང་། སྔ་མའི་ལེའུ་བཅུ་དྲུག་པར། བྱང་ཆུབ་སེམས་ལྡན་དམ་ཚིག་སྲུང་། །དབང་བཞི་ཐོབ་ཅིང་བསྙེན་སྒྲུབ་ལྡན། །ལྟ་བ་རྟོགས་ཤིང་བཟོད་ལ་དཔའ། །དེས་ནི་ངེས་འགྲུབ་གཞན་གྱིས་མིན། །ཞེས་སོགས་གསུངས་པ་ལྟར། དཔལ་འཁོར་ལོ་
སྡོམ་པའི་དབང་དང་བསྙེན་སྒྲུབ་སྔོན་དུ་སོང་ཞིང་། དམ་ཚིག་སྲུང་སྡོམ་གྱི་རིམ་པ་རྣམས་ཚུལ་བཞིན་བྱས་ཤིང་། ཁྱད་པར་སློབ་དཔོན་རྣམ་པ་གསུམ་ལ་གུས་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྙིང་ལྟར་གཅེས་ཤིང་། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་གིས་དཔལ་ཡེ་ཤེས་ཀྱི་མགོན་པོའི་དབང་རྒྱས་བསྡུས་རྣམས་ལེགས་པར་ཐོབ་ཅིང་། གྲོལ་བྱེད་ཀྱི་གདམས་པ་རྣམས་ཀྱང་ཚུལ་བཞིན་གྲུབ་པ་ཞིག་མ་གཏོགས་རང་འདོད་ཞེན་འཁྲིས་འགྲན་སེམས་ཕྲག་དོག་དང་ལྡན་པའི་སྤྱོད་ཡུལ་མ་ཡིན་པ་ཤེས་པར་རིགས་སོ། །གཉིས་པ་ཆོ་གའི་སྔོན་འགྲོ་ནི། རྒྱས་པར་རང་ལུགས་བདེ་མཆོག་གི་ཆོ་ག་བདག་བསྐྱེད་བསྙེན་པའི་བར་གཞུང་ལྟར་མཆོད་བསྟོད་བཅས་དང་། བསྡུ་ན་མགོན་པོའི་སྒྲུབ་ཐབས་ཟུར་དུ་བྲིས་པའི་ནང་བཞིན་བྱས་པས་ཀྱང་རུང་ངོ་། །གཉིས་པ་གཞུང་དངོས་མགོན་པོ་སྒྲུབ་པ་ལའང་ཇི་ལྟར་སྒྲུབ་ཚུལ་དང་། འགྲུབ་པའི་རྟགས་མཚན་བསྟན་པ་གཉིས་ཀྱི་དང་པོ་ལའང་། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། ཡང་གསང་ལྟར་སྒྲུབ་པ། ལས་སྦྱོར་དང་མཆོད་བསྟོད་བཅས་དྲུག་ལས། དང་པོ་ལའང་སྤྱི་ལ་གཅེས་པ་ཆོ་གའི་དམིགས་རིམ་དང་། ཕྱི་སྒྲུབ་དངོས་གཉིས་ལས། དང་པོ་ནི། ནག་པོ་ཆེན་པོ་
གསང་བའི་རྒྱུད་ཀྱི་ལེའུ་བཅུ་གཅིག་པར། མ་ཧཱ་ཀཱ་ལ་འཇིགས་པའི་གཟུགས། །ནག་པོ་ཆེན་པོ་བསྒོམ་པར་བྱ། །ཞེས་དང་། མགར་དམ་པའི་ཐོ་ཡིག་ལས། བདག་བསྐྱེད་རྫོགས་པའི་མདུན་བསྐྱེད་དེ། །བུ་ཡི་ཚུལ་དུ་བསྒོམ་པར་བྱ། །ཞེས་གསུངས་ཤིང་། དེ་དག་གི་དོན་བསྐྱེད་ཚུལ་རྒྱུད་གཞུང་རྣམས་ལས་མང་དུ་གསུངས་ཀྱང་མདུན་རྟེན་སོགས་སྣོད་བཅུད་མི་དམིགས་སྟོང་པའི་ངང་ལས་རང་ཉིད་འཁོར་ལོ་སྡོམ་པའི་ཐུགས་ཀ་ནས་སྲས་ཀྱི་ཚུལ་དུ་ཧཱུྃ་སྤྲོ་བ་རྒྱུད་འཇམ་པའི་གནད་དེ། དེ་ཡང་རྡོ་རྗེའི་བྲག་ཆེན་གདན་དང་བཅས་པའི་སྟེང་དུ་བར་སྣང་གི་གློག་འགྱུ་བ་ལྟར་ཧཱུྃ་མཐིང་ནག་ཚ་ལ་རྩུབ་པ་གསལ་ལ་འབར་བ་ཞིག་སྤྲོས་ཏེ་གདན་ལ་བབ་པ་ལས་འོད་ཟེར་སྤྲོ་བསྡུ་སྐུ་དང་ཕྱག་མཚན་ལས་བཞི་སྐབས་སུ་གང་བབས་ཡོངས་གྱུར་དང་། འོད་ཞུ་སོགས་གཞུང་ལས་ཇི་སྐད་འབྱུང་བ་ལྟར་ལ། འདི་སྐབས་མཁའ་འགྲོ་ཆོས་སྐྱོང་དང་འཇིག་རྟེན་གྱི་དྲེགས་ཚོགས་མཐུ་བོ་ཆེ་རྣམས་ཟིལ་གྱིས་མནན་ཏེ་སོ་སོའི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་དབང་མེད་དུ་འཕྲོག་པའི་ཚུལ་གྱིས་རྡོ་རྗེ་དང་གྲི་གུག་འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་བྱས་ནས་ཕྱག་མཚན་དང་ཡི་འབྲུ་ལ་བསྟིམ། དེ་དག་ཡོངས་གྱུར་གྱིས་
བསྒོམ་ན་ནུས་པ་ཚན་ཆེ་བ་འཁོར་དབང་དུ་བསྡུ་བའི་གནད་ཟབ་མོའོ། །དེ་ཡང་བདེ་གཤེགས་ཕག་གྲུའི་བསྐྱེད་བརྒྱད་ཀྱི་གཞུང་སོགས་ཀྱི་དགོངས་པ་སྟེ། དེ་ལྟར་བསྐྱེད་ནས་གནས་གསུམ་རྒྱས་གདབ་རྣམས་གྲུབ་ནས་སྤྱན་འདྲེན་ཚུལ་རྣམ་དབྱེ་མང་དུ་གསུངས་ཀྱང་ལྷ་ཐམས་ཅད་ཀྱི་ཐུགས་སྲོག་འོད་ཟེར་དང་། ཁྱད་པར་བདག་མདུན་གྱི་གཙོ་བོའི་ཐུགས་སྲོག་འོད་ཟེར་གྱིས་སྤྱན་དྲངས་པས་འཐུས་ཆེ་ལ། ཤིན་ཏུ་ཟབ་པའི་དམིགས་པ་མགོན་པོའི་སྲོག་དབང་དུ་བསྡུ་བ་དང་། མྱུར་དུ་འགྲུབ་པའི་མན་ངག་ནི། བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་ཐུགས་ཀ་ནས་རྣལ་འབྱོར་མ་སྐུ་ཆུང་ལ་ལང་ཚོ་དང་ལྡན་པ་ཞིག་འོད་ཟེར་དམར་པོ་དང་འགྲོགས་ཏེ་ཤེད་ཀྱིས་སྐར་མདའ་འཕང་བ་ལྟར་འོག་མིན་དང་བསིལ་བའི་ཚལ་སོགས་སུ་སོང་སྟེ་གདོད་ནས་གྲུབ་པའི་དཔལ་ཡེ་ཤེས་མགོན་པོ་དེའི་ཐུགས་སྲོག་ཧཱུྃ་སྔོན་པོའི་ཧ་ཁོག་ནས་གྲི་གུག་གི་ལྕགས་ཀྱུས་བཟུང་སྟེ་ཞལ་ནས་དམ་ཚིག་གི་ཆད་ཐོ་སྔོན་རྡོ་རྗེ་འཆང་དང་འཁོར་ལོ་སྡོམ་པའི་སྤྱན་སྔར་ཕོག་པའི་ཐ་ཚིག་ལས་མ་འདའ་བར་སྒྲུབ་པའི་གནས་སུ་བྱོན་ཅིག །གལ་ཏེ་མ་འོང་ན་དམ་ཚིག་གི་ཆད་པས་སྲོག་གཅོད་དོ་ཞེས་གྲི་གུག་གིས་འཐེན་པ་ཙམ་གྱིས་རང་དབང་མེད་པར་དེ་དང་འགྲོག་སྟེ་
ཁྲིད་པའི་ཚུལ་གྱིས་གློག་འགྱུ་བ་ལྟར་མདུན་མཁར་བྱོན་པ་དང་། དེ་ལ་བྱོན་སྐྱེམས་ཀྱི་གཏོར་མ་སྔགས་དང་ཕྱག་རྒྱས་བརླབ་སྟེ་ཞི་བསྐུལ་གང་རུང་གིས་འབུལ། དྲག་སྒྲུབ་སྐབས་དགུག་གཞུག་བསད་དམིགས་ཞལ་བསྟབ་བཅས་བྱས་མཐར་ཆད་མདོ། ཧཱུྃ། ཕྱོགས་ཕྱོགས་སོགས་ཀྱིས་ཕུལ། མཐར་ཛཿཞེས་དམ་ཡེ་རེག་པ་དང་། ཧཱུྃ་ཞེས་དབྱེར་མེད་དུ་ཐིམ་པ་དང་། བྃ་ཞེས་བདེ་བ་ཆེན་པོར་དགྱེས་ཤིང་། ཧོཿ ཞེས་དབྱེར་མེད་ཀྱི་སྐུ་དེ་གཟི་བརྗིད་དང་ཡོན་ཏན་ཤིན་ཏུ་རྒྱས་པའི་ཚུལ་གྱིས་བདག་བསྐྱེད་ལ་གུས་པ་དང་དགྱེས་ཤིང་གཟིགས་པར་བསམ། དེ་ནས་སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཧེ་རུ་ཀ་རིགས་ལྔ་གདན་གསུམ་ཚང་བའི་ལྷ་རྣམས་དང་བཅས་སྤྱན་དྲངས་ཏེ་དབང་བསྐུར། མི་བསྐྱོད་པས་རྒྱས་གདབ་པར་བསམ་པ་ནི་རྒྱུད་འཇམ་པའི་གནད་དང་། སྤྱི་ཁྱབ་པ་ནི་གཞུང་དུ་གསལ་ལྟར་ལ། གསང་སྒྲུབ་ཁྱད་པར་རྩ་རླུང་ཐིག་ལེའི་རྣལ་འབྱོར་སོགས་ལ་ཐུགས་ཀའི་འོད་ཀྱིས་འོག་མིན་ནས་བླ་མ་དང་གཉིས་སུ་མེད་པའི་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་སྤྱན་དྲངས་ཏེ་སྤྱི་བོར་བྱོན། དེ་ལ་མཆོད་བསྟོད་བསྡུས་ཙམ་བྱས་ཏེ་གསོལ་བ་བཏབ་པས་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བའི་བྱང་སེམས་
ཀྱིས་དབང་བསྐུར། ཕུང་ཁམས་ཀྱི་དྲི་མ་སྦྱངས། བྱིན་རླབས་བྱང་སེམས་ཀྱི་རང་བཞིན་གྱི་རྒྱུན་གྱིས་མགོན་པོའི་སྐུ་རིམ་པར་ཐུགས་ཀ་མན་ཆད་གང་། ཧཱུྃ་ཁ་དོག་མཐིང་ལ་ཤིན་ཏུ་འཚེར་བར་གྱུར་ཏེ་ཐུགས་ཀྱི་ནུས་པ་བསྐྱེད་པར་བསམ། ཡང་སྙིང་མགྲིན་གྱི་བར་གང་བས་ཨཱཿཡིག་མེ་ཞུན་ལྟར་འཚེར། གསུང་གི་ནུས་པ་བསྐྱེད་པར་བསམ། དེ་ནས་སྤྱི་བོ་མན་ཆད་གང་ཞིང་། ཨོཾ་ཡིག་དཀར་པོ་ཤིན་ཏུ་གསལ་ཞིང་འོད་འཚེར་བས་སྐུའི་ནུས་པ་བསྐྱེད། ཆུ་ལྷག་གཙུག་ཏུ་འཁྱིལ་བས་བདེ་མཆོག་ཡབ་ཡུམ་སྐུ་དང་གཟི་བརྗིད་ཆེ་བར་བསྒོམ་པ་ནི་མགོན་པོ་གནད་དུ་གཅུན་པའི་མན་ངག་སྟེ། ཧ་ཅང་རྒྱུད་འཇམ་པ་དང་ཞུད་པ་བྱུང་ན་རིགས་བདག་སོར་བཞི་ཙམ་བསྒོམ་པར་གསུངས་སོ། །དེ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་འཆང་ནས་རང་གི་རྩ་བརྒྱུད་ཀྱི་བླ་མ་དང་། རང་ཉིད་ཡི་དམ་གྱི་སྐུ་ཤིན་ཏུ་གསལ་བཞིན་པས་བླ་མ་དམ་པ་རྣམས་ཀྱིས་དམ་བརྡར་གྱི་ཚིག་ཞལ་ནས་གསུང་བཞིན་བཀའ་བསྒོས། རང་གི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ཤིན་ཏུ་རྣོ་བའི་ཚུལ་ཅན་འཕྲོས། མགོན་པོ་འཁོར་དང་བཅས་པའི་ཐུགས་སྲོག་ལ་རེག་པ་ཙམ་གྱིས་སྔོན་གྱི་དམ་ཚིག་ཕོག་པ་དང་ཁས་བླངས་པ་རྣམས་ལྷང་གིས་དྲན་ནས་བདག་ལ་གདུང་ཞིང་བརྩེ་སྟེ་གུས་
འདུད་ཀྱིས་ཅི་བསྒོ་བའི་ལས་རྣམས་མི་འདའ་བར་སྒྲུབ་པར་བསམ་ཞིང་ཕྱག་མཚན་རྡོ་རྗེ་མགོ་བོར་བཞག་ཅིང་ངག་ཏུ་དམ་ཚིག་གི་བདུད་རྩི་བླུད་པར་མོས་ཏེ་ལག་གི་རྡོ་རྗེའི་ཕྱག་རྒྱ་དང་། རྡོ་རྗེས་ནང་མཆོད་ཀྱི་ཐིག་གཏོར་རོ། །དེ་ནས་གདན་འབུལ་ནི། དེ་ཡང་མདུན་བསྐྱེད་ནུས་པ་བསྐྱེད་ཕྱིར་ཏེ། འཇིག་རྟེན་ན་མཐུ་ཆེ་བའི་ཚངས་དང་དབང་ཕྱུག་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་ཁྱབ་འཇུག་སོགས་ཀྱིས་རང་རང་གི་མཐུ་སྟོབས་ནུས་པ་ཐམས་ཅད་ཁྲི་དང་གདན་སོགས་ཡིད་དུ་འོང་བ་སྣ་ཚོགས་བྱས་ཏེ། བསྐྱེད་པའི་གདན་ལ་བསྟིམ་ཞིང་མགོ་བོས་བཏུད་ཅིང་འདུད་པར་བྱས་པས་མགོན་པོའི་མཐུ་སྟོབས་ཡོན་ཏན་ཐམས་ཅད་ས་གསུམ་ན་འགྲན་ཟླ་མེད་པར་གྱུར་པར་བསམ་པ་ནི་ལྷ་མཐུ་སྟོབས་འཕེལ་ཞིང་རང་ཉིད་མངའ་ཐང་ཆོས་སྲིད་ཚེ་བསོད་རྒྱས་པའི་རྟེན་འབྲེལ་གྱི་གནད་དོ། །གཞན་ཡང་རིན་པོ་ཆེའི་ཁྲི་སྟན་པདྨ་ཉི་ཟླ་སེང་གེ་གྱད་དང་ཀླུ་གླང་ཆེན་རྟ་མཆོག་ནམ་མཁའ་ལྡིང་སོགས་ཀྱིས་བཏེགས་པའི་ཁྲི་སོགས་ཕུལ་བའང་གསལ་བཏབ་བོ། །དེ་ནས་མགོན་པོའི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་དང་ནུས་པ་བསྐྱེད་པ་ནི། མགོན་པོའི་དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ་དེ་
དག་རང་གི་གནས་གསུམ་གྱི་ཡི་གེ་གསུམ་གྱིས་བསྐུལ་བས་མདུན་བསྐྱེད་ཀྱི་གནས་སོ་སོ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་པར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཡི་དམ་ཞི་དང་ཁྲོ་བོ་ཁྲོ་མོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་དང་འཇིག་རྟེན་གྱི་མཐུ་ཆེན་ཚངས་དང་བརྒྱ་བྱིན་སོགས་དང་། སྣང་སྲིད་ཀྱི་ལྷ་འདྲེ་མི་གསུམ་སོགས་འཁོར་འདས་སྲིད་ཞིའི་བསྡུས་པ་ཐམས་ཅད་ཀྱི་གསང་བ་གསུམ་དང་སྒོ་གསུམ་གྱིས་མཐུ་སྟོབས་ནུས་པ་ཡེ་ཤེས་ཡོན་ཏན་བཀྲག་དང་གཟི་བརྗིད་ཐམས་ཅད་འཁོར་ལོ་དཀར་པོ་དང་། པདྨ་དམར་པོ་དང་། རྡོ་རྗེ་སྔོན་པོ་དང་། དེ་བཞིན་འོད་ཟེར་དང་། ཡིག་འབྲུ་དཀར་དམར་མཐིང་གསུམ་གྱི་རྣམ་པར་དཔག་ཏུ་མེད་པ་བསྡུས་ཏེ་མཚོ་ལ་ཆར་བབས་པ་ལྟར་མགོན་པོའི་གནས་གསུམ་ལ་སིབ་སིབ་ཐིམ་པས། སྐུ་གཟི་བྱིན། གསུང་གྲགས་པ། ཐུགས་དཔའ་གཏུམ་འགྲན་ཟླ་དང་བྲལ་ཏེ་གནས་གསུམ་གྱི་ཡི་གེ་ཡང་བཀྲག་མདངས་རབ་ཏུ་འཕེལ་ཞིང་སྤྱི་བོར་ཟླ་བ། མགྲིན་པར་པདྨ། ཐུགས་ཀར་རྡོ་རྗེ་ལ་ཡི་གེ་གསུམ་གྱིས་མཚན་པས་སྣང་སྲིད་ཀྱི་ལུས་ངག་ཡིད་གསུམ་ལ་དབང་བསྒྱུར་བའི་ནུས་མཐུ་དང་
ལྡན་པར་བསམས་ལ་འབྲུ་གསུམ་དམིགས་པ་ངེས་ཤེས་འདྲོངས་བར་མ་ཟིན་གྱི་བར་དུ་བཟླའོ། །དེ་ནས་མཆོད་པ་འབུལ་བ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཅུང་ཟད་ཁྲོས་པའི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྲོས་ཏེ་དྲག་མཆོད་ཆུ་བཞི་སྔོན་དུ་འགྲོ་བས་སྐུ་དང་ཕྱག་ཞབས་སོགས་ཀྱི་གནས་སོ་སོར་མཆོད་ཅིང་ལྷ་མགྲོན་རྣམས་ལ་ཡང་ཆ་ཤས་ཀྱིས་སྟོབ་སྟེ་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བསྔགས་ཤིང་བསྟོད་དེ་མཐར་མཆོད་ལྷ་རང་ལ་ཐིམ་པར་བསམ་མོ། །གཉིས་པ་ཕྱི་སྒྲུབ་ཀྱི་དམིགས་པ་ནི། སྐུ་མདོག་ཅུང་ཟད་ཞི་ཚུལ་དང་། ཕྱག་མཚན་སོགས་གཞུང་ནས་གསལ་ལྟར་ལ། དེའང་བཟླ་བྱ་ནི། སྤུ་གྲི་ཀླད་གཟེར་གྱི་དངོས་གྲུབ་འབྱུང་བའི་ལེའུ་བཅུ་གཅིག་པ་ལས། མགོན་པོའི་ཐུགས་ཀར་ཧཱུྃ་ཡིག་ལ། །དྲག་པོའི་སྔགས་ཀྱིས་བསྐོར་བར་བསམ། །ཞེས་དང་། གསང་བ་མན་ངག་སྦས་པ་ཐུགས་ཀྱི་རྒྱུད་ལེའུ་གསུམ་པར། གསང་སྔགས་ཡི་གེ་འབྲུ་བདུན་ལས། །ཞེས་སོགས་དང་། བྱ་རོག་བརྩེགས་པའི་ལེའུ་བཅུ་གསུམ་པར་ཡང་འབྲུ་བདུན་གསུངས་ཕྱིར་དེ་ཉིད་ཡི་དམ་གྱིི་སྔགས་དང་སྦྲེལ་ཏེ་བཟླ་བ་ནི་རྒྱན་ཅན་ཞེས་སྔོན་གྱི་གོང་མ་རྣམས་ཀྱི་མན་ངག་གི་གསུང་རྒྱུན་ཏེ། དེས་ནི་རྒྱུད་འཇམ་ཞིང་བཀྲ་
ཤིས་ལ་ཚན་ཆེ་ཞིང་སྙིང་ཉེ་བ་སོགས་ཡོན་ཏན་མཐའ་ཡས་པར་གསུངས་པ་ལྟར་ལས་གཞུང་བཞིན་ལ་དམིགས་པ་གབ་སྦས་མེད་དོ། །རྩ་བའི་གཉིས་པ་ནང་སྒྲུབ་ནི། གཞུང་དུ་མ་གསལ་བ་མེད་ཀྱང་། ཁྱད་པར་རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་དཀོན་མཆོག་རྩ་བ་གསུམ་དང་འགྲོ་བ་ཐམས་ཅད་དཔལ་ལྡན་མགོན་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཁོ་ནར་གྱུར་པ་དེ་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་དང་འོད་ཟེར་བྱིན་རླབས་དངོས་གྲུབ་ཀྱི་རང་བཞིན་དཔག་ཏུ་མེད་པ་ཚུར་འདུས་མགོན་པོའི་ཐུགས་ཀར་ཐིམ། དེ་ལས་སྔར་བཞིན་སྐུ་གསུང་ཐུགས་རྟགས་དང་འོད་ཟེར་སོགས་མགོན་པོའི་ཐུགས་ཀ་ནས་བྱིན་རླབས་གནང་སྐྱེས་ཀྱི་ཚུལ་དུ་རང་ཉིད་ཀྱི་ཐུགས་ཀར་བར་མ་ཆད་པར་ཐིམ་པར་བསམ་ལ་བཟླ་བའོ། །གསུམ་པ་གསང་སྒྲུབ་དང་། བཞི་པ་ཡང་གསང་རྣམས་ནི་གཞུང་ལྟར་ལས་གབ་སྦས་ཅུང་ཟད་ཀྱང་མེད་དོ། །ལྔ་པ་ལས་སྦྱོར་ལ་འཁོར་ཡོད་པ་དང་མེད་པའི་ལུགས་གཉིས་ལས་དང་པོ་ནི། བདག་བསྐྱེད་ཐུགས་འོད་ཀྱིས་གཙོ་བོའི་ཐུགས་རྒྱུད་བསྐུལ་མ་ཐག །དེའི་ཐུགས་ཀ་
ནས་འོད་དཀར་པོ་འཕྲོས་པས་འཁོར་རྣམས་ལས་ལ་བསྐུལ་བ་དང་ཆབས་ཅིག་ཏུ་འོད་དཀར་པོས་འཁོར་འདས་ཐམས་ཅད་ཁྱབ་པས་ཉམས་ཆག་རྟོག་སྒྲིབ་མི་མཐུན་པའི་ཕྱོགས་སྤྱི་དང་། ཁྱད་པར་འགྲོ་ཁམས་བདག་དང་བསྒྲུབ་བྱར་བཅས་པའི་ཕྱི་ནང་གི་རྒུད་པ་ཉམས་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། སླར་འོད་ཟེར་ཚུར་འདུས་པ་བདག་མདུན་གྱི་ཐུགས་ཀར་ཐིམ་པས་ཞི་བའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ་རང་གི་ཐུགས་འོད་ཀྱིས་མདུན་བསྐྱེད་གཙོ་བོའི་ཐུགས་རྒྱུད་བསྐུལ་བས་དེའི་ཐུགས་ཀ་ནས་འོད་ཟེར་གསེར་མདོག་གིས་འཁོར་བསྐུལ་བ་དང་ཆབས་ཅིག་འོད་ཟེར་སེར་པོས་འཁོར་འདས་ཁྱབ། སྤང་རྟོགས་ཀྱི་ཡེ་ཤེས་ཡོན་ཏན་ཚེ་བསོད་དཔལ་འབྱོར་སོགས་མཐུན་ཕྱོགས་ཀུན་སྤེལ། སླར་ཡང་འོད་ཟེར་ཚུར་འདུས་པ་བདག་མདུན་གྱི་ཐུགས་ཀར་ཐིམ་པས་རྒྱས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། དེ་བཞིན་དམར་པོ་འཕྲོས་པས་ཡེ་ཤེས་པའི་ཐུགས་དམ་མི་གཡེལ་ཞིང་འཇིག་རྟེན་གྱི་དྲེགས་པ་དང་ང་རྒྱལ་དང་མི་གུས་པའི་ཁེངས་སེམས་ཐམས་ཅད་ཟིལ་གྱིས་མནན་ཏེ། དེ་དག་གི་སྲོག་སྙིང་པོ་དང་བཅས་པ་ཐམས་ཅད་འོད་དང་ཐིག་ལེ་ཡི་གེའི་རྣམ་པར་འུབས་ཀྱིས་
བསྡུས་ནས་བདག་མདུན་གྱི་ཐུགས་ཀའི་ཆ་སྨད་ཧཱུྃ་གི་ཞབས་ཀྱུར་ཐིམ་པས་འཁོར་འདས་རླུང་སེམས་དབང་དུ་འདུས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་པ་དང་། དེ་བཞིན་དུ་རང་གི་ཐུགས་འོད་ཀྱིས་མདུན་བསྐྱེད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་གིས་འཁོར་རྣམས་བསྐུལ་བ་དང་ཆབས་ཅིག་འོད་ཟེར་ཚ་ལ་རྩུབ་པ་དྲག་ཅིང་རྔམ་པས་འཁོར་འདས་ཐམས་ཅད་ཁྱབ། ལྷ་རྣམས་ཀྱི་ཡེ་ཤེས་དང་མཐུ་སྟོབས་གཟི་བྱིན་དཔའ་གཏུམ་རབ་ཏུ་བསྐྱེད་དེ། དེ་དག་གི་ནུས་རྩལ་མགོན་པོར་ཐིམ་པས་སྔར་བས་ཀྱང་ནུས་སྟོབས་དྲག་ཤུལ་རབ་ཏུ་འབར་ཏེ་འཁོར་དང་བཅས་པའི་ཐུགས་ཀ་དང་ཕྱག་མཚན་ལས་སླར་འོད་ཟེར་དང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་དགྲ་བགེགས་དམ་སྲི་འཇིག་རྟེན་གྱི་དྲེགས་ཚོགས་མི་སྲུན་པའི་ཚོགས་ཐམས་ཅད་རྨིང་མེད་དུ་བརླག །དེ་དག་གི་ནུས་སྟོབས་ཐམས་ཅད་ཚུར་བསྡུས་ནས་བདག་མདུན་གྱི་ཐུགས་ཀར་ཐིམ་པས་འཇིག་རྟེན་གྱི་དྲེགས་ཚོགས་ཐམས་ཅད་སྒྲོལ་བའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་པའོ། །ཞར་བྱུང་ནང་སྒྲུབ་དང་གསང་སྒྲུབ་ཀྱི་ཐུན་མཚམས་སུ་མཆོག་སྒྲུབ་པའི་ཕྱིར། རང་གི་ཐུགས་ཀ་ནས་འོད་ཟེར་མཐིང་ཞུན་ལྟ་བུ་གསལ་ལ་འབར་བ་
སྤྲོས་ཏེ་རང་གི་ཞལ་ནས་མགོན་པོའི་ཞལ་དུ་ཞུགས། བདེ་གསལ་མི་རྟོག་པའི་ཏིང་འཛིན་གྱི་མཆོད་པ་ཕུལ་བས་རབ་ཏུ་མཉེས་ཤིང་། འོད་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་ཀྱི་དམ་ཚིག་རྗེས་སུ་དྲན་ཏེ། ཏིང་འཛིན་མཆོག་གི་དངོས་གྲུབ་ཀྱི་ངོ་བོ་ཡེ་ཤེས་ཀྱི་འོད་ཟེར་སྔོན་པོ་ཐུགས་ཀ་ནས་འཕྲོས་པ་རང་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་མཆོག་གི་དངོས་གྲུབ་ཐོབ་ཅིང་ཡེ་ཤེས་ལྔའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་ཞིང་། འོད་ཟེར་བར་མེད་དུ་འཁོར་བ་དེ་ལས་འོད་ཟེར་གྲངས་མེད་འཚུབས་འཁྱིལ་དུ་འཕྲོས་པས་རྩ་གསུམ་གྲུབ་ཐོབ་ཕོ་མོའི་ཚོགས་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྔོན་པོའི་ཚོགས་ཆར་བབས་ནས་རང་གི་སྙིང་གར་ཐིམ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བསྒོམས་ལ། བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར་ཞིང་ལྷ་ཚོགས་ཀུན་གྱིས་སྔགས་སྒྲ་དི་རི་རི་སྒྲོགས་པ་དང་། རིགས་དྲུག་སེམས་ཅན་རྣམས་ཀྱང་མགོན་པོར་གྱུར་ཏེ་སྔགས་ཀྱི་རམ་བུ་འདེགས་པར་བསམ་མོ། །དེ་བཞིན་དུ་སྔགས་འཁོར་བ་དང་རམ་བུ་འདེགས་པ་གོང་ལྟར། རང་གི་ཐུགས་ཀ་ནས་
འོད་ཟེར་ཁ་དོག་སྣ་ལྔ་འཇའ་ཚོན་ལྟ་བུར་འཕྲོས་ཏེ་རང་གི་ཞལ་ནས་མགོན་པོའི་ཞལ་དུ་བྱིན་རླབས་གནང་སྐྱེས་ཀྱི་ཚུལ་དུ་ཞུགས་ཤིང་མཆོད་པས་དགྱེས། ཐུགས་ཀར་ཐིམ་པས་སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་སུ་དྲན་ཏེ་གསུང་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་འཇའ་ཚོན་ལྟར་ཐུགས་ཀ་ནས་རང་གི་ཐུགས་ཀར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ། དེ་ལྟར་བར་མ་ཆད་པར་འཁོར་བའི་བར་གྱི་འོད་ཟེར་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས་ཕྱོགས་བཅུའི་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་སྐུ་གསུང་ཡོན་ཏན་ཕྲིན་ལས་དང་བཅས་པ་མཉེས་པའི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ་བས་དེ་དག་གི་སྐུའི་ཆ་ཐམས་ཅད་ལས་བྱིན་རླབས་དང་དངོས་གྲུབ་ཀྱི་ངོ་བོ་འོད་ཟེར་ཁ་དོག་སྣ་ཚོགས་དང་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔའི་རྣམ་པར་ཆར་ལྟར་བབས་ཏེ་རང་གི་ལུས་ལ་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ་མོ། །གཉིས་པ་གཙོ་རྐྱང་གི་སྐབས་ལྟ་བུར་བདག་མདུན་སོ་སོར་བསྒོམ་ན། བདག་བསྐྱེད་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་མགོན་པོའི་
དཔྲལ་བའི་ཨོཾ་ལ་ཕོག་པས་དམ་ཚིག་ཉེར་བར་དྲན་ཏེ་ཞི་བའི་ལས་བསྒྲུབ། སླར་ཡང་འོད་ཟེར་དཀར་པོ་རང་གི་དཔྲལ་བར་ཐིམ་པས་ཞི་བའི་ལས་རབ་འབྱམས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ་གོང་ལྟར་དང་། དེ་བཞིན་བདག་མདུན་གྱི་ལྟེ་བར་སྭཱ་སེར་པོའི་འོད་ཟེར་སྤྲོ་བསྡུ་ཡིས་རྒྱས་པའི་ལས་སྒྲུབ་པའི་དམིགས་པ་དང་། མགྲིན་པར་ཨཱཿདམར་པོའི་འོད་ཟེར་སྤྲོ་བསྡུ་ཡིས་དབང་དང་། གསང་བར་ཧ་ལྗང་གུའི་འོད་ཟེར་སྤྲོ་བསྡུ་ཡིས་དྲག་པོའི་ལས་རབ་འབྱམས་དང་། སོ་སོའི་ཐུགས་ཀར་ཧཱུྃ་སྔོན་པོའི་སྤྲོ་བསྡུ་ཡིས་མཆོག་གི་དངོས་གྲུབ་མཁྱེན་བརྩེའི་ཡེ་ཤེས་ཟབ་མོ་ཐོབ་པར་བསམས་ལ་གོང་ལྟར་དམིགས་པ་གུང་སྤྲོས། བདག་བསྐྱེད་མགོན་པོ་བྱས་ཚེ་རང་གི་གནས་ལྔར་ཡིག་འབྲུ་གསལ་བ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་ག་གོང་བཞིན་རིམ་པར་འཕྲོས་པས་ཞི་རྒྱས་དབང་དྲག་མཆོག་གི་ལས་རབ་འབྱམས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་སྔར་བསྟན་པ་བཞིན་ཤེས་པར་བྱའོ། །དེ་དག་ནི་བསྙེན་སྒྲུབ་ལས་གསུམ་ཁྱད་པར་དུ་བྱེད་པའི་དམིགས་པ་སྟེ། རྒྱུན་བསྙེན་ལྟ་བུའི་སྐབས་རང་ཉིད་ལྷར་གསལ་བའི་ས་བོན་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཇའ་ཚོན་ལྟར་འཕྲོས་ཏེ་མགོན་པོའི་ཐུགས་
སྲོག་སྔགས་ཕྲེང་བཅས་ལ་རེག་པ་ཙམ་གྱིས་དམ་ཚིག་ཉེ་བར་དྲན་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་མགོན་པོའི་ཞལ་ནས་རང་གི་ཞལ་དུ་བརྒྱུད་ཐུགས་སྲོག་སྔགས་ཕྲེང་དང་བཅས་པར་ཐིམ་པར་བསམ་པ་དང་། ཡང་ཐུགས་རྒྱུད་བསྐུལ་བས་མགོན་པོ་འཁོར་དང་བཅས་པ་ལས་སྤྲུལ་པའི་ཕོ་ཉ་ཞི་བའི་ལས་མཛད་དཀར་མོ་འབུམ་སྡེ་ལྷ་བརྒྱད་ཀླུ་བརྒྱད་སོགས་སྤྲོས་པས་སྣོད་བཅུད་ཀྱི་ནད་གདོན་མི་མཐུན་རིགས་ཀུན་ཞི་བར་བྱས་ཏེ་འཇིག་རྟེན་ཁམས་ཀྱི་ཞི་བའི་དངོས་གྲུབ་ཐམས་ཅད་ཚུར་བསྡུས་ནས་རང་ལ་ཐིམ་པས་ཞི་བའི་ལས་རབ་འབྱམས་ཐོབ་པར་བསམ་པ་དང་། དེ་བཞིན་དུ་རྒྱས་པའི་ལས་མཛད་སེར་མོ་འབུམ་སྡེ་གནོད་སྦྱིན་ཁྲི་དང་གང་མ་མཛེས་མ་སོགས་ཀྱི་ཚོགས་དཔག་མེད་སྤྲོས་ཏེ་རྒྱས་པའི་ལས་སྒྲུབ་པའི་སྤྲོ་བསྡུ་དང་། དམར་པོས་རྒྱུད་བསྐུལ་བས་དབང་གི་ལས་སྒྲུབ་དམར་མོ་འབུམ་སྡེ་མ་མོ་བྱེ་བའི་ཚོགས་བཅས་ཀྱིས་འཁོར་འདས་རླུང་སེམས་དབང་དུ་བསྡུ་བའི་དམིགས་པ་དང་། མཐིང་ཀའི་འོད་ཀྱིས་དྲག་པོའི་ལས་མཛད་ལྗང་མོ་འབུམ་ནག་པོ་སྟོང་ཤ་ཟ་འབུམ་སྡེའི་དམག་ཚོགས་བཅས་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་བསྟན་དགྲ་དམ་སྲི་ཐམས་ཅད་
བསད་བཅད་ཟོས་ནས་རྗེས་ཤུལ་མེད་པར་བྱས་ཏེ་དྲག་པོ་མངོན་སྤྱོད་ཀྱི་དངོས་གྲུབ་ཐམས་ཅད་ཚུར་བསྡུས་ཏེ་རང་ལ་ཐིམ་པར་བསམ་པའོ། །དྲུག་པ་གསར་མ་རང་ལུགས་ཀྱི་མཆོད་བསྟོད་རྒྱས་པར་བྱེད་པ་ལ་བསྙེན་པ་སོགས་སྔོན་དུ་སོང་བའི་ཐུན་གཏོར་ཀྱུས་ལྟར་ལ། ཐུན་ཐུང་ངུར་བྱེད་ཚེ་འདི་ཉིད་གཤེགས་སྐྱེམས་སུའང་མིང་འདོགས་སྲོལ་ཡོད་ཅིང་། དེ་ནས་ཉེར་སྤྱོད་ལའང་དམིགས་རིམ་གོང་ལྟར་ལ། ཁྱད་པར་བདུད་སྲིན་དགྲ་བགེགས་མ་རུང་པ་རྣམས་ཀྱི་སྙིང་ཁྲག་གི་ཨརྒྷཾ་ནི་ཞལ་སྐྱེམས་དང་། དུག་སྣ་དགུ་ལ་སོགས་པའི་ཆུས་དབུ་དང་ཕྱག་ཞབས་ལ་ཁྲུས་དང་། མཁྲིས་སྣ་དྲི་དང་སྦྱར་བ་ཚ་གདུང་སེལ་ཕྱིར་སྐུ་ལ་འཐོར་བ་དང་། གསང་གསུང་རྔམ་བརྗིད་དང་གཟི་བྱིན་བསྐྱེད་ཕྱིར་མྱོས་བྱེད་ཆང་སྣའི་བཏུང་བ་འབུལ་བ་རྣམས་ནི་ཆུ་བཞི་ཞེས་མིང་དུ་གྲགས་ལ། གཞན་ཡང་དབང་ལྔ་དང་ཧ་ལོ་ཞེས་དུག་གི་མེ་ཏོག་མཐིང་ལ་དམར་བ། མི་རྟ་སོགས་ཚིལ་ཆེན་དང་ལྷ་བའི་ཞག་ཆེན་གྱི་སྣང་གསལ། དྲི་ཆེན་དང་དྲི་ཆུ་སོགས་བདུད་རྩི་ལྔའི་བྱུག་པ། ཤ་ཆེན་ལྔའི་ཞལ་ཟས། རྐང་གླིང་ཐོད་རྔ་བཤུད་པ་དང་ཤ་ཟའི་རྔམ་སྐད་ཀྱི་རོལ་མོ་སྟེ་འདི་དག་སྤྱན་ཤངས་ཐུགས་ཀ་དང་སྐུ། ཞལ་དང་སྙན་སོགས་དབང་ཡུལ་དུ་
འབུལ་ཞིང་སྟོབ་པའི་དམིགས་པ་གཞུང་ལྟར་དང་། ཁྱད་པར་མཆོད་པའི་ལས་ཐམས་ཅད་ཀྱི་གཙོ་བོ་བདུད་རྩི་ཡིན་པས་ནང་མཆོད་ཤ་ལྔ་བདུད་རྩི་ལྔ་དང་འདོད་ཡོན་ལྔའི་རང་བཞིན་དེ་དག་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་པས་ཐོགས་ཏེ་མཆོད་པ་དང་། གསར་མ་འདིར་རཀྟའི་མཆོད་པ་ཟུར་དུ་མ་གསུངས་ཀྱང་དྲག་པོའི་ལས་ལ་ཤ་ཁྲག་གི་མཆོད་པ་གལ་ཆེ་ཕྱིར་དགྲ་བགེགས་སོགས་ལུས་ཅན་ཀུན་གྱི་སྙིང་ཁྲག་ཁྲོ་མོ་རྣམས་ཀྱིས་ཞལ་དུ་སྟོབ་པའི་དམིགས་པ་དང་། བདག་བསྐྱེད་ཀྱི་ཐུགས་ཀའི་ཡུམ་ལས་ཁྲོ་མོ་ལང་ཚོ་དང་གཏུམ་པའི་གཟུགས་ཅན་སྣ་ཚོགས་སྤྲོས་ཏེ་སྦྱོར་བ་དང་ཡུམ་ལ་བསྟིམ་པས་བདེ་བ་ཆེན་པོས་ཐུགས་སིམ་པ་བསྐྱེད་པ་ནི་དགའ་བཞི་བླ་ན་མེད་པའི་མཆོད་པའོ། །དེ་ནས་ཁྱད་པར་མཐུན་པའི་རྫས་ཀྱིས་མཆོད་པ་འདོད་ཡོན་ལྔ་སོགས་གཞུང་ནས་འབྱུང་བ་དང་། དེ་ནས་བསྟོད་པ་བྱེད་པར་གསང་གསུམ་གཟི་བྱིན་བསྐྱེད་ཕྱིར་སྲན་མའམ་ནས་ནག་སོགས་གང་རུང་དུག་དང་ཆང་གིས་ཅུང་ཟད་རླན་ལ་བསང་སྦྱང་། སྟོང་པའི་ངང་ལས་འབྲུ་ནག་དེ་རྣམས་རེ་རེ་བཞིན་བདེ་མཆོག་སོགས་ཡི་དམ་དྲག་པོའི་ལྷ་ཚོགས་སུ་གསལ་བར་ཡེ་ཤེས་པ་བསྟིམ་ལ་ཡིད་ཀྱིས་མཆོད་བསྟོད་ཀྱང་བྱས་མཐར་དེ་དག་འོད་དུ་ཞུ་ནས་ཁྲོ་
ཆུང་ནས་འབྲས་ཙམ་དང་ཨཱ་ལི་ཀཱ་ལི་དང་ཕྱག་མཚན་ལྔ་དང་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་པ་མགོན་པོའི་སྐུ་ལ་སིབ་སིབ་ཐིམ་པར་བསམས་ལ་རྟེན་གཏོར་སྐུ་འབགས་ལ་གཏོར། དེས་མགོན་པོ་མཐུ་སྟོབས་རབ་ཏུ་རྒྱས་ཏེ་འཁོར་འདས་སྣང་སྲིད་ཐམས་ཅད་སྐུ་ཡིས་ཁྱབ། གཟི་བརྗིད་ཚད་མེད་པའི་འོད་ཟེར་ལས་རྒྱལ་བ་སྲས་བཅས་དང་རྩ་གསུམ་ཆོས་སྐྱོང་གི་ཚོགས་འཕྲོ་ཞིང་འདུ་བས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པར་བསམས་ལ་གོང་གི་མཆོད་བྱེད་ཀྱི་ལྷ་མོ་རྣམས་དང་། རང་ཉིད་དང་འཇིག་རྟེན་སྐྱོང་བའི་མཐུ་ཆེན་རྣམས་དང་བཅས་པས་གླུ་དབྱངས་རོལ་མོའི་སྒྲ་དང་བཅས་པས་བསྟོད་པ་ཙམ་གྱིས་གཟི་བྱིན་རབ་ཏུ་འབར་ཞིང་འཁོར་འདས་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོར་གྱུར་ཅིང་དམ་བཅའ་དང་ཐ་ཚིག་དྲན་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་ཞིང་། བདག་གིས་གང་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་ཞལ་གྱིས་བཞེས་པར་བསམས་ལ་ཀླུ་སྒྲུབ་ཀྱིས་མཛད་པའི་རྐང་བརྒྱད་ཀྱིས་བསྟོད། དེ་ནས་དྲག་སྒྲུབ་སྐབས་ལྟར་ན་བྱང་ཤར་ནགས་འདབས་སོགས་ཀྱིས་བསྐུལ་ཚེ་གཏོར་མའི་ཡེ་ཤེས་པ་ནམ་མཁར་ཡལ། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ་
ཞེས་པས་བཏེགས། དམ་ཚིག་གི་དམག་དཔུང་མེ་དཔུང་དང་མཚོན་ཆའི་རང་བཞིན་དུ་གྱུར་ནས་དགྲ་ཡུལ་སྡེ་ཚན་དང་བཅས་པ་ཕུང་ཐལ་ལྷག་མེད་དུ་བརླག་པར་བསམ་པ་ནི་སྤྱི་ཙམ་དང་། ཁྱད་པར་ནི་གཏོར་མ་ཁྲག་གིས་བྲན་ནས་དགྲ་བགེགས་སུ་དམིགས་ནས་དགུག་གཞུགས་ལན་གསུམ་བྱས་མཐར་བསྐུལ་པ་གང་རུང་དང་། དེ་ལྟར་འདུས་པའི་དམག་ཚོགས་ཀྱིས་ཞེས་པ་ནས་ནམ་མཁར་བཏེགས་པའི་མགོན་པོའི་གཡོན་ཟུར་ནས་ཡུམ་ཀ་ལི་ནག་མོ་གྲི་གུག་འཛིན་པ་འཕྲོས་ཤིང་རླུང་ནག་ཐོག་སེར་དང་བཅས་ཏེ་དགྲ་བོའི་རྐང་པ་བཟུང་ཞིང་དྲུད་ནས་དགྲ་ཡུལ་དུ་སོང་བའི་རྗེས་སུ་ཤ་དྲུད་པའི་བྱ་ཁྱི་འབྲང་བ་ལྟར་མགོན་པོ་འཁོར་དང་ཡང་འཁོར་འཇིག་རྟེན་དྲེགས་པའི་དམག་དཔུང་དང་བཅས་པ་ཐམས་ཅད་གཟན་ལ་བྱ་གཅན་རུབ་པ་ལྟར་སོང་ཞིང་ཀཱ་ལི་ནག་མོའི་གྲི་གུག་གིས་དམིགས་བྱ་དགྲ་གཟུགས་བསད་ཅིང་བཤའ་གཏུབ་བྱས་ཤིང་རང་གིས་ཟོས་ཏེ་གཞན་ལ་འཕང་བས་ལྷག་མེད་དུ་ཟོས་པར་བསམ། བསྟན་དང་བླ་མའི་དོན་སོགས་ཤིན་ཏུ་དྲག་པོའི་ལས་ཡིན་ན་དར་ནག་དང་གཡབ་དར་གང་ཡོད་དེ་མགོན་པོ་དང་ལྷ་མོ་གང་རུང་དུ་བསམས་ལ། རང་ཉིད་ཡི་དམ་གྱིས་མགོན་པོའི་རྐང་ཡ་དང་ལྷ་མོའི་ལག་ཡ་ནས་
བཟུང་སྟེ་དགྲ་ཡུལ་དུ་གཡུག་ཅིང་བརྡབ་པས་དགྲ་ཡུལ་ལྷག་མེད་ཐལ་བའི་རྡུལ་བཞིན་བརླག་པར་བསམ་པ་སྟེ་འདི་ཉིད་གར་ཐོད་ཐོད་དུ་མི་བྱའོ། །དེ་ནས་ནམ་མཁར་བཏེགས་པའི་ཡེ་ཤེས་པ་རང་ལ་བསྟིམ་ཞིང་ལྷ་རྒྱལ་ཡང་བྱ་སྲོལ་ཡོད་པས་ཅི་བདེ་དང་། རྗེས་ཡེ་ཤེས་ཁྱུང་ཆེན་འཇིགས་སུ་རུང་བས་ཕྱི་ལམ་བཅད་པར་བསམ། མདོས་གཏོར་སོགས་ཀྱི་སྐབས་ཡིན་ན་བྲོ་མནན་དང་རྒྱལ་དབྱངས་རྣམས་ཀྱང་བྱ། ཐུན་གཏོར་ཙམ་ལ་མི་དགོས་སོ། དེ་ཡང་ཆོས་སྐྱོང་ཐམས་ཅད་དང་མགོན་པོ་སྒྲུབ་པ་ནི་བསྟན་པ་སྲུང་བ་དང་བསྟན་འགྲོར་གནོད་པའི་དགྲ་བགེགས་སྒྲོལ་བའི་ཆེད་ཁོ་ན་སྟེ། དགྲ་ཡུལ་དུ་དམག་དཔུང་བསྐུལ་ཞིང་འགྱེད་པ་དང་། དགྲ་བགེགས་བཀུག་ཅིང་ཞལ་དུ་སྟོབ་པ་སོགས་སྐབས་ཕལ་ཆེར་དུ་མ་བྱས་ཚེ་དཔེར་ན་གཙོ་བོས་དམག་དཔུང་ཆེན་པོ་བསྡུས་ནས་དགྲ་ཡུལ་དུ་འགྲོ་བ་དང་དགྲ་གསོད་པ་སོགས་དེ་མ་ཐག་མ་བྱས་ན་དམག་རྣམས་ཡིད་སུན་ནས་དཔོན་ལ་རྒོལ་བ་ལྟར་ཆོས་སྐྱོང་འཁོར་བཅས་ཡུན་རིང་དུ་བསྒྲུབས་ཀྱང་དྲག་པོའི་ལས་མ་བྱས་ན། རང་དང་འཁོར་ལ་འཁུ་ལྡོག་བྱེད་པས་སྐབས་སུ་དྲག་ལས་ཀྱང་གལ་ཆུང་དུ་མི་བྱའོ། །གཉིས་པ་དེ་ལྟར་སྒྲུབ་པ་ལ་བསྙེན་པའི་གྲངས་
དང་རྟགས་གཉིས་ལས། དང་པོ་ནི། གསང་བ་མན་ངག་སྦས་པ་ཐུགས་ཀྱི་ལེའུ་གསུམ་པར། གསང་སྔགས་ཡི་གེ་འབྲུ་བདུན་པ། །ཡི་གེའི་གྲངས་ཀྱི་འབུམ་ཚོ་ལས། །ཞག་ནི་ཉི་ཤུ་རྩ་གཅིག་བཟླས། །འབུམ་ཚོ་བདུན་དུ་གྲངས་ཐེམ་ནས། །ཞེས་དང་། དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་ལེའུ་བརྒྱད་ལས། གྲངས་ནི་བདུན་འབུམ་དག་དང་ནི། །ཁྲི་ཕྲག་བདུན་དང་སྟོང་ཕྲག་བཅུ། །སྟོང་ཕྲག་བདུན་གྱིས་ཉེ་བར་འགྱུར། །དུས་ནི་ཟླ་དྲུག་ཞག་བདུན་བར། །རྣལ་འབྱོར་སྨྲ་བ་བཅད་དེ་བཟླ། །མི་ཚིག་བར་མ་ཆོད་པ་ཡིས། །གསང་སྔགས་ཕྲིན་ལས་ངེས་པར་འགྲུབ། །ཅེས་སོགས་གསུངས་པས་ཡིག་བདུན་འབུམ་ཕྲག་བདུན་དང་ཁྲི་ཕྲག་བདུན། རྩ་སྔགས་ཀ་ཝུ་ཝ་སྟོང་ཕྲག་བདུན། འཁོར་རྣམས་ལ་ཁྲི་ཕྲག་རེ་དང་ལས་སྦྱོར་སྟོང་ཕྲག་གཉིས་ལྷག་ཙམ་རེ་གསུངས་ཀྱང་། ད་ལྟ་དུས་དབང་གིས་བཞི་འགྱུར་རེ་དགོས་ཕྱིར་གཙོ་བསྙེན་འབུམ་ཕྲག་ཉེར་བརྒྱད་དང་གཞན་རྣམས་ཀྱང་དེས་རིགས་འགྲེ་ཤེས་པར་བྱའོ། །ཡུན་ནི་ཟླ་བ་དྲུག་དང་ཞག་བདུན་གྱི་བར་དུ་སྒྲུབ་པར་གསུངས་སོ། །གཉིས་པ་རྟགས་ནི། དངོས་གྲུབ་འབྱུང་བའི་རྒྱུད་ལས། སྔགས་ནི་སྟོང་ཕྲག་བཅུ་དག་གིས། །མངོན་སུམ་མཐོང་བའི་ངེས་པ་འབྱུང་། །ཞེས་དང་། སྔ་མ་ལས། གསང་
སྔགས་མཆོག་ཏུ་གྱུར་པ་འདི། །སྟོང་དང་བརྒྱ་ཕྲག་བཅུ་འགྱུར་གྱིས། །རིགས་ནི་དམ་པའི་ས་ལ་གནས། །ཞེས་གསུངས་པ་ལྟར། རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་སྲོག་གི་སྙིང་པོ་འབུལ་བ་དང་། ཁས་བླངས་པ་དང་། ཕྲིན་ལས་སྒྲུབ་པ་དང་། དངོས་གྲུབ་སྣ་ཚོགས་སྟེར་བ་རྣམས་འབྱུང་བ་དང་། གཞན་ཡང་མི་ནག་དང་བྱ་ནག་དང་ཁྱི་ནག་གཅན་གཟན་སྣ་ཚོགས་དང་། རང་ཕྱོགས་ཀྱི་དམག་ཚོགས་འདུ་བ་དང་། བུད་མེད་ཆས་ལྡན་དང་མ་སྲིང་མཛའ་མོ་སོགས་མང་པོ་འདུ་བ་དང་། སྐྱེས་བུ་ན་གཞོན་སྟོབས་ལྡན་སོགས་ཀྱིས་ནོར་དང་ཟས་གོས་སྟེར་བ་དང་དགའ་ཚུལ་སྟོན་པ་སོགས་བྱུང་ན་དེ་ཚེ་གཏའ་གཏོར་ཡང་ཐུན་གཏོར་ལྟར་འབུལ། དེས་ལས་ཚན་ཆེ་བར་འགྲུབ་པ་ཡིན་ནོ། །དེ་ཡང་དཔལ་མགོན་པོ་ཆེན་པོ་སྤྱིའི་དམ་ཚིག་ཏུ་བྱ་ནག་གཡག་ནག་ལུག་ནག་ཁྱི་ནག་སོགས་ལ་མི་འཚེ་ཞིང་དེ་དག་མཆོད་པ་དང་། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་དེ་འཛིན་པའི་གང་ཟག་ལ་ག་དར་དང་གཅེས་སྤྲས་བྱ་བ་གནད་དམ་པ་དང་། གཞན་ཡང་གསར་མ་རང་ལུགས་ལ་བྱོན་སྐྱེམས་དང་གཤེགས་སྐྱེམས་སོགས་དུས་བཞིའི་མཆོད་པ་ལ་བརྩོན་པ་གལ་ཆེ་ཞིང་། སྒྲུབ་པའི་སྐབས་སུ་ཡང་
མི་ཚིག་གིས་བར་མ་ཆོད་པ་དང་། ཤ་ཆང་སོགས་བྱིན་མ་བརླབས་པ་མི་སྤྱོད་ཅིང་། དྲག་སྒྲུབ་སྐབས་ཤ་ཆང་ལ་སྤྱོད་ཚེ་དང་པོ་དེ་དག་ལ་དགྲ་བགེགས་བཀུག་བསྟིམ་བསད་དམིགས་བཅས་རང་ཉིད་མགོན་པོར་གསལ་བས་གསོལ་བ་དང་། གཞན་ཡང་ལ་ཕུག་སྒོག་ཙོང་སོགས་བསྙེན་སྒྲུབ་གཞན་གྱི་སྐབས་སྤང་བྱར་བཤད་ཀྱང་མགོན་པོའི་མཐུན་རྫས་ཡིན་ཕྱིར་ཆེད་དུ་འཛེམ་དགོས་པའི་ངེས་པ་མེད་ལ། ཁྱད་པར་ཆོས་སྐྱོང་ཉམས་ཤིང་རྒུད་པའི་རྒྱུ་བསྟན་དང་བསྟན་འཛིན་ལ་སྲི་ཞུ་ཆུང་བ་དང་། རང་ཉིད་ཞེ་སྡང་དྲག་པོ་ལྡང་བ་དང་། ཀུནྡ་བྱང་ཆུབ་ཀྱི་སེམས་ཉམས་པ་དང་བསྟན་འགྲོར་བརྩེ་གདུང་དོར་བའི་རྐྱེན་ཏེ། སྤང་བྱ་དེ་དག་ལ་འཛེམ་ཞིང་དུས་བཞིར་བསྐང་བ་དང་བཤགས་པར་འབད་ཅིང་། ཁྱད་པར་གྱི་དམིགས་པ་བདག་མདུན་གྱི་གནས་གསུམ་དུ་འབྲུ་གསུམ་དཀར་དམར་མཐིང་གསུམ་གྱི་མཐར་ཡིག་བརྒྱ་དཀར་དམར་མཐིང་གསུམ་གསལ་ཞིང་ཐུགས་དམ་ཉམས་ཆག་སོར་ཆུད་ཀྱི་སྔགས་དང་དམིགས་པ་བདུད་རྩི་འབེབས་སྦྱོང་བཅས་ལ་ནན་ཏན་བྱེད་པ་གནད་དམ་པ་དང་། ལར་བསྟན་པའི་ཆོས་སྐྱོང་ཆེན་པོར་སྒྲུབ་བཞིན་པར་བསྟན་ལ་སྲི་ཞུ་དང་གཅེས་སྤྲས་མེད་ན་ཆོས་སྐྱོང་གི་ཐུགས་ཀྱིས་ཁྲེལ་བའི་རྒྱུ་ལས་
མི་འབྱུང་ཕྱིར་རྣམ་ཀུན་བསྟན་པ་ལ་ག་དར་བྱས་ཚེ་མ་བསྒྲུབ་ཀྱང་ངང་གིས་ཕྲིན་ལས་འགྲུབ་པ་སོགས་ཆོས་སྐྱོང་གིས་རྗེས་སུ་འཛིན་པས་དེ་ལྟར་ཤེས་པར་བྱའོ། །གལ་ཏེ་བསྟན་པའི་སྲི་ཞུ་འདོད་པའི་གང་ཟག་གིས་ལས་མ་གྲུབ་པ་དང་། བསྟན་པའི་ཉམས་རྒུད་ལ་བློ་ཡིས་མི་བཟོད་པ་སོགས་བྱུང་ན་མགོན་པོའི་བསྐང་བཤགས་ལ་འབད་དགོས་ཏེ། དེའང་འོག་ཏུ་དགྲ་བགེགས་ཀྱི་ལིངྒ་དང་དེའི་སྟེང་དུ་འབྲུ་ནག་སྤུངས་པའི་ཁར་བང་རིམ་བཞི་དང་ལྡན་པའི་ཁར་བཤོས་བུ་སྙིང་གཟུགས་ཟུར་གསུམ་ཉི་ཟླ་ནོར་བུས་བརྒྱན་པ་དང་། རིམ་བཞིན་བང་རིམ་རྣམས་སུ་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བྱ་གཅན་རི་གཡུང་ཆུ་གནས་དང་། མར་ཐུད་དང་ཟན་གྱི་རིལ་བུ་གྲངས་མེད། གཞན་ཡང་ཤ་སྣ་སྙིང་སྣ་ཁྲག་སྣ་གང་འཛོམས་དང་རིན་ཆེན་སྣ་ཚོགས་ཀྱི་ཟེགས་མ། སྨན་སྣ་འབྲུ་སྣ་སྟག་གཟིག་གི་འཕན་དང་རས་མ། ཕྱོགས་བཞིར་ཞུན་ཆེན་གྱི་མར་མེ། མཚམས་བཞིར་མེ་ལོང་དང་མདའ་དར། ཁྱད་པར་རི་རབ་ཀྱི་རྩེའི་ཕྱོགས་བཞིར་བྱ་ར་གཡག་ལུག་ནག་པོའི་རྒྱལ་མཚན་བཞི་དང་། སྟེང་དུ་དར་ནག་གི་གདུགས་དང་མཐའ་བསྐོར་དུ་བྱ་རྟ་གཡག་ལུག་ནག་པོའི་གཟུགས་ཅུང་ཟད་ཆེ་བ་རེའི་རྭ་ཅན་ལ་དར་ནག་གི་རུ་མཚོན།
ཟེ་རྔོག་ཅན་ལ་དར་སྣ་མེ་ལོང་སོགས་མར་གྱི་མཛེས་རྒྱན་སྣ་ཚོགས་ཀྱིས་སྤུད་པའི་རྒྱབ་ཏུ་དགྲ་བགེགས་ཀྱི་ལིངྒ་བཀལ་བ་བཅས་དང་། གཞན་བསྐང་རྫས་སྣ་ཚོགས་བྲིས་པ་ཡང་འཇུག །དེ་དག་ཤིན་ཏུ་གཙང་སྦྱར་དུ་བཤམས་ཤིང་ཆུ་ཆང་ཁྲག་གིས་བྲན་ཏེ་དགུག་གཞུགས་དང་བསྐྱེད་ཆོག་སྤྱི་བཞིན་བྱས་ལ་མགོན་པོའི་བསྐང་བ་རྒྱས་བསྡུས་དང་བཤགས་པ་བཅས་ལ་སྙིང་ཕུར་གཏད་དེ་གལ་ཆུང་དུ་མ་སོང་བར། རབ་རྒྱུན་གྱི་ནར་མའམ། ཡང་ན་མགོན་པོའི་དུས་གཉན་རྣམས་སུ་སླ་ཆོས་དང་གལ་ཆུང་དུ་མ་སོང་བར་འབད་པས་དཔལ་ལྡན་མགོན་པོ་བསྟན་དང་རྣལ་འབྱོར་ལ་ཤིན་ཏུ་ཐུགས་བརྩེ་བ་ཡིན་པས་མི་འགྲུབ་མི་སྲིད་དོ། །གསུམ་པ་རྗེས་ཀྱི་བྱ་བ་ནི་དཀྱུས་ལྟར་ལས་ཆེད་དུ་འཕྲོས་དགོས་པ་མེད་དོ། །རྩ་བའི་ས་བཅད་གསུམ་པ་འཐོབ་བྱ་མཐར་ཐུག་ལྷུན་གྲུབ་འབྲས་བུའི་མགོན་པོ་བསྟན་པ་ནི། བྱ་རོག་གསང་བའི་རྒྱུད་ཆེན་ལས། མ་འོངས་དུས་ན་འཇིག་རྟེན་ཁམས་གྱུར་གང་ཡིན་པ། །བཀོད་པ་ཆེན་པོ་ཞེས་བྱའི་ཞིང་ཁམས་དག་པ་དེར། །དེ་བཞིན་གཤེགས་པ་ཐུགས་རྗེའི་རྣམ་པར་འཕྲུལ་བའི་མཆོག །དྲི་མེད་རྒྱལ་པོ་ཞེས་བྱར་འཚང་རྒྱའི་ལུང་བསྟན་ཐོབ། །ཅེས་གསུངས་ལྟར་བླ་མ་དང་སངས་རྒྱས་ཐམས་ཅད་ཀྱི་ཡེ་
ཤེས་ཆེན་པོའི་ཕྲིན་ལས་ཀྱི་རོལ་པར་སྣང་བས་བསྟན་དང་འགྲོ་བའི་དོན་ཐབས་ཀྱིས་མཛད་པ་ལས་རང་རྒྱུད་དྲེགས་པའི་ཚུལ་དངོས་སམ་ཕག་ན་ཡོད་པ་ལྟ་བུ་ཞིག་མ་ཡིན་ཏེ། མ་འོངས་པ་ན་སྐུ་ལྔའི་རང་གཟུགས་རྫོགས་པའི་སངས་རྒྱས་ཐལ་བའི་དབང་པོའམ་དྲི་མེད་རྒྱལ་པོ་ཞེས་བྱ་བར་མངོན་པར་བྱང་ཆུབ་པའི་ཚེ། ད་ལྟ་དཔལ་ལྡན་མགོན་པོའི་མཚན་ཐོས་པ་ཡན་ཆད་དེ་འདི་དང་འབྲེལ་བ་ཀུན་དེ་བཞིན་གཤེགས་པ་དེ་ཉིད་ཀྱིས་རྗེས་སུ་འཛིན་ཅིང་། གཞན་དྲིང་ལ་མ་བལྟོས་པར་དེ་ལྟ་བུའི་གོ་འཕང་འཐོབ་པར་འགྱུར་བའི་ཕྱིར་དང་། ཁྱད་པར་དུ་ཏདྱ་ཐཱ་བཟློ་ཤེས་པ་ཡན་ཆད་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་ཀྱིས་ལས་སྒྲུབ་པ་དང་། སྐད་ཅིག་ཀྱང་གཡེལ་བ་མེད་པར་སྲུང་བ་དང་། གང་ཟག་རྣམས་ཀྱི་ས་ལམ་གྱི་བར་ཆད་སེལ་ཞིང་སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཏེ། དུས་རིང་པོ་མ་ཡིན་པར་ནུབ་ཕྱོགས་བདེ་བ་ཅན་ནམ་དག་པའི་ཞིང་རྣམས་སུ་འཁྲིད་པ་དང་སྐྱེལ་བ་ཡིན་ཕྱིར་དེ་ཉིད་གལ་ཆུང་དུ་མི་བྱ་བར་བསྒྲུབ་པ་དང་མཆོད་པ་ལ་བརྩོན་པར་བྱའོ། །དེ་ལྟར་རྒྱལ་བའི་བསྟན་པ་རིན་པོ་ཆེ། །སྐྱོང་མཛད་རིན་ཆེན་ཁྲོད་དུ་བརྡལ་བ་ལས། །འགྲན་མེད་ཡིད་བཞིན་དབང་གི་རྒྱལ་པོ་ལྟར། །དཔལ་
ལྡན་ཡེ་ཤེས་མགོན་པོའི་མན་ངག་འདི། །རྒྱལ་དང་རྒྱལ་སྲས་གྲུབ་པའི་ཐུགས་མཛོད་ལས། །ལེགས་འོངས་འཁྲུལ་མེད་ཟབ་པའི་བཅུད་མ་ལུས། །བརྒྱུད་པའི་ཆུ་བོ་མ་ཉམས་བླ་མའི་བར། །བྱོན་པ་སྐལ་པར་ལྡན་པའི་སྤྱོད་ཡུལ་ཡིན། །འབའ་རོམ་རྒྱལ་བའི་བསྟན་ལ་བཀའ་དྲིན་ཅན། །འབར་གྱི་གདུང་བརྒྱུད་ཀརྨ་ཛྙཱ་ན་ཡིས། །རྒྱུད་ཀྱི་གསང་བ་ངེས་པར་རྟོགས་པ་དང་། །མན་ངག་མཛོད་བརྡོལ་མ་ཏི་རཏྣ་རྗེ། །བཀའ་དྲིན་མཉམ་མེད་གྲུབ་བརྙེས་ཨ་རཱ་ག །ཀུན་གྱི་རྒྱུད་ལུང་མན་ངག་དོན་བསྡུས་པ། །བསྟན་པ་རིན་ཆེན་སྲུང་བའི་ལྕགས་རི་ཆེ། །ཀུན་འདུས་ཀུན་ལས་ལྷག་པའི་ནོར་བུ་འདི། །བླ་མ་མགོན་པོ་དབྱེར་མེད་བྱིན་རླབས་ལས། །ཕྱོགས་འདིའི་བརྒྱུད་པའི་གྲྭ་མཐར་སོན་པའི་བུས། །བདག་ཉིད་སྙིང་ལྟར་བསྟན་ལ་བརྩེ་བ་དང་། །དོན་ཆེན་མཆེད་ཀྱི་གཡར་ངོ་མི་ལྡོག་ཕྱིར། །བསྟན་འགྲོར་སྙིང་ནས་བརྩེ་བའི་སྲེད་མེད་བུས། །བསྟན་པའི་རྒྱལ་སྲིད་སྐྱོང་བའི་རྒྱལ་མཚན་ཆེ། །ནུབ་མེད་སྲིད་རྩེར་སྒྲེང་འདི་ཨེ་མ་ཧོ། །ཞེས་པ་འདིའང་དཔལ་ཆོས་རྗེ་སྐྱོ་བྲག་པའི་ཡང་དབེན་གྱི་སྒྲུབ་བླ་ཚ་བོ་ཀརྨ་རྒྱལ་མཚན་དང་། ཆུང་ནས་ཆོས་ཀྱིས་བསྐྱངས་པའི་བུ་གཡུ་སྒྲ་སྙིང་པོ་སོགས་སྒྲུབ་གྲྭ་ཐུན་མོང་ནས་དོན་གཉེར་གྱིས་བསྐུལ་བའི་ངོར་། དཔལ་ཀརྨ་མི་ཕམ་འཇིགས་མེད་
ཆོས་ཀྱི་སེང་གེའམ། རིག་འཛིན་འབར་བའི་རྡོ་རྗེ་སྟོབས་ལྡན་བདུད་འདུལ་གླིང་པ་རྩལ་གྱིས་ས་སྤྱོད་གསུང་གི་གནས་མཆོག་སྤྱི་འབྱམས་མདོ་སྔགས་དར་རྒྱས་གླིང་གི་ཕུར་ཁང་བདུད་དཔུང་ཟིལ་གནོན་ནས་སྨྲས་རིམ་བཞིན་ཀརྨ་འདུལ་བ་ལྷ་དར་གྱིས་ཡི་གེར་བཏབ་སྟེ་མེ་ལུག་རྒྱལ་ཟླའི་དམར་ཕྱོགས་མགོན་པོ་རྒྱུ་བའི་དུས་ཆེན་དུ་གྲུབ་པར་བགྱིས་པ་འདིས་ཀྱང་ངེས་དོན་སྙིང་པོའི་བསྟན་དང་བསྟན་འཛིན་རྣམས་ཡུན་དུ་གནས་ཤིང་བཀྲ་ཤིས་ཕྱོགས་བརྒྱར་ཁྱབ་པའི་རྒྱུར་ཅིག །དགེའོ།། །།
ཡེ་ཤེས་མགོན་པོ་ཕྱག་བཞི་པའི་མན་ངག་བསྙེན་སྒྲུབ་ལས་གསུམ་གྱི་ཟིན་བྲིས། མཁས་གྲུབ་ཀརྨ་ཆགས་མེད།
༄༅། །ཡེ་ཤེས་མགོན་པོ་ཕྱག་བཞི་པའི་མན་ངག་བསྙེན་སྒྲུབ་ལས་གསུམ་གྱི་ཟིན་བྲིས་བཞུགས་སོ། །
ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཆོ་ག་རྗེ་བཙུན་དབང་ཕྱུག་རྡོ་རྗེས་བསྩལ་བ་འདི་ལ་ཉེ་བར་མཁོ་བའི་དམིགས་རིམ་ཅུང་ཟད་བཀོད་ན་བཀའ་ཡིས་གནང་བ་སྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་སྤྱིར་མགོན་པོ་འདི་ཡི་བདག་བསྐྱེད་བདེ་མཆོག་ཡིན་མོད། དབང་ཕྱུག་རྡོ་རྗེས་བདེ་མཆོག་ཕག་མོ་གང་རུང་གསུངས། རྗེ་ཆོས་ཀྱི་དབང་ཕྱུག་གིས་བདེ་མཆོག་ལྷ་ལྔ་མཛད། གདོང་མཁའ་སྤྱོད་པའི་ཕྱག་ལེན་རྒྱུད་ལ་རྒྭ་ལོའི་ལྷན་སྐྱེས་མ་མཛད། འོན་ཀྱང་བསྡུ་ན་རྡོ་རྗེ་ཕུབ་རྫོང་གིས་ཀྱང་ཆོག །སྤྱིར་མགོན་པོ་འདིས་ཏདྱ་ཐཱ་བཟློ་ཤེས་པ་ཡན་ཆད་ཀྱི་གྲོགས་བྱེད་པ་ལ། ཁྱད་པར་བདེ་མཆོག་གི་རྣལ་འབྱོར་དང་སྟོང་ཉིད་སྒོམ་ཤེས་པའི་རྣལ་འབྱོར་པ་
སྐད་ཅིག་གཡེལ་བ་མེད་པར་སྐྱོང་བར་གསུངས་པ་དང་། སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་སྲུང་མ་ཡིན་པས་ཡི་དམ་གང་བསྒོམས་ཀྱང་མི་འགལ་ཞིང་། ཐུགས་རྗེ་ཆེན་པོ་དང་མགོན་པོ་སྦྲགས་ཏེ་བསྒྲུབ་པའི་མན་ངག་སོགས་ཀྱང་ཡོད་པས། ཐུགས་རྗེ་ཆེན་པོ་དང་སྦྲེལ་ཏེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས་སོ། །ཡང་བསིལ་བ་ཚལ་དུ་ཨོ་རྒྱན་རིན་པོ་ཆེས་ལས་མགོན་འཁོར་བཅས་དམ་ལ་བཏགས་ཤིང་། ཡེ་ཤེས་མགོན་པོའི་རྒྱུད་དང་མན་ངག་མང་པོ་དངོས་སུ་གསུངས་པའི་ཕྱིར་གུ་རུ་ཞི་དྲག་དང་འབྲེལ་ཆེ་མོད། འོན་ཀྱང་བསྙེན་པའི་སྐབས་སུ་ནི་ཡི་དམ་གང་ཡིན་ནའང་སྐད་ཅིག་ལ་གནས་འགྱུར་ནས་བདེ་མཆོག་ཏུ་ང་རྒྱལ་འཕོ་བར་བྱའོ། །དང་པོ་བསྐྱེད་པའི་སྐབས་སུ་ཧཱུྃ་དེ་རང་བཞིན་དུ་བསྒོམ་ན་རྩུབ་ལ། རང་གི་ཐུགས་ཀ་ནས་
སྤྲོས་ན་གོང་ནོན་སླ་ཞིང་འཇམ་ལ་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པར་བསམ། དེས་ནི་མ་ཆུན་ནག་པོ་ཆེན་པོ་སྲས་སུ་བྱ་བའི་མན་ངག་གོ། །དེ་ནས་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བདུད་དང་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་བཅད། དེ་རྣམས་ཀྱི་ནུས་པ་ཐམས་ཅད་དང་ཁྱད་པར་འཇིག་རྟེན་ཁམས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་མཐུ་དང་ནུས་པ་ཐམས་ཅད་བསྡུས་ནས་གྲི་གུག་ཧཱུྃ་དང་བཅས་པ་ལ་ཐིམ། དེ་དང་མཉམ་དུ་འོད་ཟེར་དེས་ཕྱོགས་བཅུའི་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་འཕགས་པའི་ཚོགས་རྣམས་ཐམས་ཅད་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ། བྱིན་རླབས་མཐུ་སྟོབས་ཐམས་ཅད་གྲི་གུག་དང་རྡོ་རྗེ་རྩེ་ལྔ་དང་འོད་ཟེར་མཐིང་ནག་གི་རྣམ་པར་ཚུར་འདུས་ནས་གྲི་གུག་ཧཱུྃ་གིས་མཚན་པ་ལ་ཐིམ་པར་དམིགས། དེ་ནི་འཁོར་འདས་དབང་དུ་བསྡུ་བའི་དམིགས་པ་ཡང་ཟེར། ཆུན་ཆུང་ན་དྲེགས་པ་སྤྱི་དང་སྦྲེལ་ཏེ་སྒྲུབ་པའི་མན་ངག་གོ། །འོད་འཕྲོས་བདུད་ཀྱི་སྡེ་བཅོམ་ཞིང་། །ཞེས་སོགས་ཚིག་གཉིས་པོའི་དམིགས་རིམ་མོ། །དེ་ནས་ཧཱུྃ་དང་གྲི་གུག་དེ་འོད་ཟེར་མཐིང་ནག་ལ་ཞུ། ཆེར་འབར་བ་ལས་གཞུང་ལྟར་
བསྐྱེད། དེ་ཡང་བསྙེན་པའི་དུས། སྐུ་མདོག་མཐིང་སྐྱ་ཞལ་ཁྲོ་འཛུམ་སྤྱན་སྒྲུབ་པ་པོ་ལ་གཟིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་དང་པོས་བེ་ཏའི་འབྲས་བུ། གཡོན་པས་ཐོད་པ་བདུད་རྩིས་གང་བ། འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱཾ་ཡང་དྲང་པོར་བསླང་བ། སྐུ་ལ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཅིང་མེ་རི་དཀར་སེར་གྱེན་དུ་འབར་བ། ཞབས་དཔའ་བོས་འདུག་སྟབས་ཕྱེད་སྐྱིལ་དུ་བཞུགས་པར་བསྒོམ། སྒྲུབ་པའི་དུས། སྐུ་མདོག་མཐིང་ག་ཞལ་རྔམ་ལ་སྤྱན་ཁྲོ་གཉེར་ཐད་ཀར་གཟིགས་ཏེ། དབུ་སྐྲ་ཁམ་པ་གཟིང་བ། གཡས་རྡོ་རྗེའི་གྲི་གུག་གཡོན་ཐོད་པ་ཆང་གིས་གང་བ་བསྣམས་པ། རལ་གྲི་ཁ་ཊྭཱཾ་ཡང་འཕྲེད་དུ་ཕྱར་བ། སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་མེ་རི་དམར་སེར་འཕྲེད་དུ་འབར་བ། ཞབས་བཙན་འཁྱིལ་གྱི་སྟབས་སུ་བཞུགས་པར་
བསྐྱེད། ལས་སྦྱོར་དུས། སྐུ་མདོག་མཐིང་ནག་ཞལ་རབ་ཏུ་ཁྲོས་པ་སྤྱན་སྒྲུབ་པ་པོ་ལ་འབུར་ཚུགས་སུ་གཟིགས་པ། དབུ་སྐྲ་ཁམ་ནག་ཐུར་དུ་གྲོལ་བ། ཕྱག་གཡས་གཡོན་དང་པོ་གཉིས་གྲི་གུག་གིས་སྙིང་ཁྲག་དཀྲུག་པ། འོག་མ་གཉིས་རལ་གྲི་དང་ཁ་ཊྭཱཾ་གཉིས་བསྒྲུབ་བྱ་ལ་བསྣུན་པ། སྐུ་ལ་དུག་སྦྲུལ་གྱི་ལྷུ་ཚིགས་ཀྱིས་བརྒྱན་ཅིང་དོ་ཤལ་བྱས་པ། མེ་རི་དམར་ནག་མེ་ལྕེ་ཐུར་དུ་འབར་བ། ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བཞེངས་ནས་ས་ལ་བརྡབས་པས་ས་ཆེན་པོ་གཡོ་བའོ། །དེ་ནི་གཙོ་རྐྱང་བསྐྱེད་པའི་མན་ངག་སྟེ་རྗེ་ཕག་གྲུ་པའི་བཅོ་བརྒྱད་ཀྱི་གཞུང་དྲུང་པ་རིན་པོ་ཆེ་ཀུན་དགའ་རྣམ་རྒྱལ་ལས་ཐོབ་ཅིང་། དེ་ཡི་མན་ངག་གི་འགྲེལ་པ་ཆོས་སྡིངས་པས་མཛད་པའི་དོན་བསྡུས་པའོ། །དེ་ཡང་གཙོ་རྐྱང་སྒོམ་པ་ཨརྱ་དེ་ཝའི་རྒྱ་གཞུང་གི་ལུགས་ཏེ། ཕྱི་སྒྲུབ་ཡིན་ན་ལྷ་བཅུ་གསུམ་བྱས་པ་འདི་རྒྭ་ལོའི་དུས་མཁྱེན་ལ་གནང་བ་བཀའ་སྡོད་ལྟར་
སྒྲུབ་པའམ་ནང་སྒྲུབ་ལྟར་བྱས་ཀྱང་རུང་སྟེ། རྒྱུད་ཆེན་པོ་ཉི་ཤུ་རྩ་ལྔའི་དོན་ཐམས་ཅད་མན་ངག་གིས་བསྡུས་ཏེ། གཙོ་བོ་ལ་ཡེ་ཤེས་མགོན་པོའི་རྒྱུད་ལྔའི་དོན་བསྡུས་ལས་ཀྱི་མགོན་པོའི་རྒྱུད་ལྔའི་དོན་བྱ་སེང་གཉིས་ལ་འདུས། ཡུམ་དང་མཁའ་འགྲོ་མ་བརྒྱད་ལ་ཡུམ་རྒྱུད་ལྔ་ཡི་དོན་བསྡུས། གཙོ་བོ་དང་ལེགས་ལྡན་གཉིས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱུད་ལྔའི་སྤྱི་རྒྱུད་ལྔའི་ལུགས་ལ་དོན་བསྡུས་ཏེ་འདི་ཤིན་ཏུ་ཟབ། དེ་ལ་རྗེ་ཞྭ་དམར་པ་ན་རིམ་གྱིས་དུད་སོལ་མ་སྦྱར་ནས། འདི་ལ་བྱ་རོག་ཆེན་པོ་དང་ཁྲག་མཚོ་ཁོལ་མ་ལ་སོགས་དུ་མ་ནས་ཡབ་ཡུམ་སྦྲེལ་བར་བཤད་ལ། འབྲུག་ལུགས་དང་རྗེ་རྨ་སེའི་ལུགས་ལའང་ཡོད་ཅིང་ཆོས་སྐྱོང་ཕོ་མོ་སྦྲེལ་བསྒྲུབ་བྱས་ན་བཀྲ་ཤིས་པ་དང་། ཚན་ཆེ་བ་དང་། འཁུ་ལྡོག་ཆུང་བའི་མན་ངག་གོ། །དེ་ལ་རྗེ་ཆོས་ཀྱི་དབང་ཕྱུག་གིས་ཕྱག་དྲུག་པ་སོགས་རྗེ་ཉིད་ཀྱིས་དབང་ལུང་གང་གསན་གྱི་ཆོས་སྐྱོང་ཧྲག་བསྡུས་ལྷ་མགྲོན་མཛད་དེ། དེ་ཡང་རྒྱུད་ཐམས་ཅད་ནས་ཆོས་སྐྱོང་དེ་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོར་གསུངས་པས། འབྲུག་ལུགས་སོགས་ལའང་མགོན་མང་དུ་གྲགས་པ་ཐམས་ཅད་སོགས་ཆོས་སྐྱོང་ཐམས་ཅད་འདི་ཡི་འཁོར་དུ་བྱས་འདུག་པ་དང་མཐུན་ནོ། །འདིར་
བཀའ་སྡོད་ལྟར་བསྒྲུབ་པ་སྟེ་གཞལ་ཡས་ཁང་མི་དགོས་སོ། །དེ་ཡང་དབང་པོ་རབ་འབྲིང་གིས་གཙོ་བོ་ཕྱག་བཞི་པ་འཁོར་བཅས་ལ། འཁོར་ཆོས་སྐྱོང་ཐམས་ཅད་སོ་སོའི་རྒྱན་ཆ་ལུགས་འཁོར་སྤྲུལ་པ་དང་བཅས་པ་སོ་སོར་མ་འདྲེས་པར་འཇའ་ཤ་བ་ལྟར་དུས་གཅིག་ལ་བསྐྱེད། འབྲིང་གཙོ་བོ་ཕྱག་བཞི་པ་ལྷ་བཅུ་གསུམ་པ་ལ་འཁོར་ལྷ་མགྲོན་རྣམས་གཙོ་བོར་གསལ་ཞིང་འཁོར་མོས་པ་ཙམ་དུ་བསྐྱེད། དབང་པོ་ཐ་མས་ཕྱག་བཞི་པ་ལྷ་བཅུ་གསུམ་པ་ལ་ཡེ་ཤེས་འཇིག་རྟེན་གྱི་ཆོས་སྐྱོང་ཐམས་ཅད་རིམ་ནས་ཀུན་འདུས་སུ་བསྒོམ་པ་སྟེ། གཏོར་མ་འདི་ལ་རྒྱུད་མན་ངག་སོགས་ནས་ཀྱང་དེ་ལྟར་བཤད་ལ། བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཀྱང་གསུང་རྒྱུན་ལྷད་མེད་སྙན་དུ་བརྒྱུད་པའི་མན་ངག་གོ། །ཡང་གཙོ་བོ་ལ་མཁའ་འགྲོ་མ་བརྒྱད་རྐྱང་པས་བསྐོར་བ་ནི་གསང་སྒྲུབ་སྟེ་རྒྱུད་མང་པོས་རྒྱ་གཞུང་ནས་གསུངས་ཤིང་། གཙོ་བོ་ཡབ་ཡུམ་དང་སྦྱོར་བ་ལ་འཁའ་འགྲོ་མ་བརྒྱད་ཀྱིས་བསྐོར་བ་ནི་ཡང་གསང་བླ་ན་མེད་པ་སྟེ་བདག་བསྐྱེད་བྱ་བར་གསུངས་སོ། །གཉིས་པ་གནས་གསུམ་བྱིན་གྱིས་རླབས་པའི་དམིགས་པ་འཁོར་འདས་དབང་དུ་བསྡུ་བའི་མན་ངག་ནི། མགོན་པོའི་དཔྲལ་བ་ནས་འོད་ཟེར་ཕྱོགས་བཅུར་སྤྲོས་པས་བླ་མ་ཡི་
དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་ཡི་ནུས་པ་དང་བྱིན་རླབས། སྣང་སྲིད་ལྷ་འདྲེ་མི་གསུམ་གྱི་ལུས་ཀྱི་སྟོབས་དང་ནུས་པ་ཐམས་ཅད་འཁོར་ལོ་དཀར་པོ་དང་འོད་ཟེར་དཀར་པོའི་རྣམ་པར་བསྡུས། མགོན་པོའི་དཔྲལ་བར་ཐིམ་པས་ཟླ་བའི་གདན་ལ་ཨོཾ་དཀར་པོས་མཚན་པ་རྒྱལ་བ་སྲས་བཅས་ཀྱི་སྐུ་དང་དབྱེར་མེད་ཅིང་སྣང་སྲིད་ཐམས་ཅད་ཀྱི་ལུས་དབང་བསྒྱུར་བའི་ནུས་པ་དང་ལྡན་པར་བསམ། ཡང་མགོན་པོའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་གི་ནུས་པ་དང་བྱིན་རླབས་སྣང་སྲིད་ཐམས་ཅད་ཀྱི་ངག་གི་ནུས་མཐུ་ཐམས་ཅད་པདྨ་དམར་པོ་དང་འོད་ཟེར་དམར་པོའི་རྣམ་པར་བསྡུས། མགོན་པོའི་མགྲིན་པར་ཐིམ་པས་མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོས་མཚན་པས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་གསུང་དང་དབྱེར་མེད་ཅིང་འཁོར་འདས་ཐམས་ཅད་ཀྱི་ངག་ལ་དབང་བསྐུར་བའི་ནུས་པ་ལྡན་ལ། ཡང་མགོན་པོའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་པས། བླ་མ་རྒྱལ་བ་སྲས་བཅས་ཡི་དམ་དཔའ་བོ་མཁའ་འགྲོ་ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་ཐམས་ཅད་ཀྱི་
ཐུགས་ཀྱི་བྱིན་རླབས་དང་མཐུ་སྟོབས་ནུས་པ་སྣང་སྲིད་ཀྱི་སེམས་ཀྱི་ནུས་མཐུ་སྟོབས་དང་མངོན་ཤེས་ཐམས་ཅད་རྡོ་རྗེ་སྔོན་པོ་དང་འོད་ཟེར་སྔོན་པོའི་རྣམ་པར་བསྡུས་ནས། མགོན་པོའི་ཐུགས་ཀར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་དབྱེར་མེད་ཅིང་སྣང་སྲིད་ཀྱི་སེམས་ལ་དབང་བསྒྱུར་ནུས་པ་དང་ལྡན་པར་བསྒོམས་ལ། དེ་ཡང་འཁོར་རྣམས་ལ་བྱིན་རླབས་མི་བསྡུ་བར་གཙོ་བོ་དང་མཉམ་དུ་ཡིག་འབྲུ་བསྒོམ་ཙམ་བྱ་སྟེ། གཙོ་འཁོར་ཀུན་གྱི་སྤྱི་བོར་ནི། །ཞེས་སོགས་བརྗོད། དེ་གནས་གསུམ་བྱིན་གྱིས་རླབས་པའི་དམིགས་པའོ། །དེ་ནས་སྤྱན་འདྲེན་དམིགས་པ་ནི། བདག་གི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་ལ་ཕོག་པས་བསྐུལ་མ་ཐག་སྟེ་མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། འོག་མིན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བརྟན་གཡོ་སྲིད་པའི་དུར་ཁྲོད་ཆེན་པོ་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་ཤིང་ཡོངས་འདུས་ལྗོན་པའི་རྩ་བ་དང་། རྩུབ་འགྱུར་གྱི་ཚལ་དང་། ལྕང་ལོ་ཅན་དང་། རི་བོ་མ་ལ་ཡི་རྩེ་དང་། ནཱ་ལེནྡྲ། རྡོ་རྗེ་གདན། བསིལ་བ་ཚལ་དང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས། མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ།
རང་རང་གི་གནས་ནས་ཆོས་སྐྱོང་ལྷ་མགྲོན་ཐམས་ཅད་དང་། གཞལ་ཡས་ཁང་ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་ཁྲོ་བོ་ཁྲོ་མོ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས་མདུན་གྱི་ནམ་མཁར་བྱོན། ཡང་བདག་གི་ཐུགས་ཀ་ནས་རྗེ་བཙུན་མ་དམར་མོ་སྐུ་ཆུང་ལ་མཛེས་ཤིང་ཆགས་པའི་ཉམས་ཅན་ཞིག་ཤད་ཀྱིས་སོང་ནས། བསིལ་བ་ཚལ་དུ་བཞུགས་པའི་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀའི་ཐུགས་སྲོག་ཧཱུྃ་སྔོན་པོ་དེ་ཡི་ཁུག་པ་ལ་རྗེ་བཙུན་མའི་གྲི་གུག་གི་རྩེ་ལྕགས་ཀྱུ་ལྟ་བུས་འཇུས་ཏེ། དམ་ཚིག་ལ་དགོངས་ནས་མྱུར་དུ་བྱོན་ཅིག །མ་བྱོན་ན་སྲོག་འདི་གཅོད་དོ་ཞེས་པའི་ཚུལ་གྱིས་ཧཱུྃ་ལ་གྲི་གུག་གིས་འཐེན་པས་རང་དབང་མེད་པར་མདུན་གྱི་ནམ་མཁར་སྐད་ཅིག་ལ་བྱོན་པར་བསྒོམ། ཐུགས་ཀའི་ཧཱུྃ་ལས་སོགས། སྤྱན་འདྲེན་གཞུང་ལྟར་བྱ་ཞིང་ཡིད་ཀྱིས་ཅུང་ཟད་བྱོན་སྐྱེམས་ཀྱི་ཚུལ་དུ་མཆོད་ལ། ཛཿཞེས་དམ་ཚིག་པ་སྤྱི་བོར་འགུགས། ཧཱུྃ་ཞེས་དམ་ཚིག་པ་ཆུ་ལ་ཆུ་ཐིམ་པ་ལྟར་བཞུགས། བཾ་ཞེས་དམ་ཡེ་དབྱེར་མེད་དུ་བཅིང་། ཧོཿཞེས་དེ་ཐམས་ཅད་བྱས་པ་ལ་ཐུགས་མི་དགྱེས་པ་མེད་པར་ཤིན་ཏུ་དགྱེས་པ་བསྐྱེད་པར་བསྒོམས་ལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་
གཉིས་སུ་མེད་པར་གྱུར་ཅེས་པ་ནི་སྤྱན་འདྲེན་དམིགས་པ་སྟེ་མགོན་པོ་དབང་དུ་བསྡུ་བའི་མན་ངག་གོ། །དེ་ནས་གདན་འབུལ་བཞུགས་གསོལ་ནི་སྔགས་ཙམ་གྱིས་ཆོག་པས། དམ་ཚིག་པ་ལ་དང་པོ་ནས་གདན་བསྐྱེད་ནི་ཡོད་ཀྱང་། རང་ཉིད་ཚེ་རིང་བ་དང་མངའ་ཐང་དར་ཞིང་ཆོས་སྲིད་བརྟན་པའི་རྟེན་འབྲེལ་དུ་གདན་འབུལ་ཏེ། ཡིད་ལས་གྲུབ་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླས་མཚན་པའི་ཁྲི་དེ་ཡང་སེང་གེ་གླང་ཆེན་རྟ་དང་པདྨ་མཁའ་ལྡིང་གིས་བཏེགས་པ་དང་། ཚངས་པ་དང་དབང་ཕྱུག་དང་དབང་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བདུད་དང་སྲིད་མེད་ཀྱི་བུ་དང་། འོག་ནས་བཏེག་པའི་ཁྲི་དཔག་ཏུ་མེད་པ་སྤྲོས་ཏེ་མགོན་པོ་འཁོར་བཅས་ཀྱི་ཁྲི་གདན་ཉི་མས་བཏེགས་པས་གཟི་བརྗིད་ལྡན་པར་བསྒོམ། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད། དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་ཅུང་ཟད་ཁྲོ་མོའི་ཉམས་ཅན་སྤྲོས་ཏེ་མཆོད་པ་རྣམ་ལྔས་མཆོད་པར་དམིགས་ལ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཁྲག་ཆེན་ཞེས་བརྗོད་ཅིང་སྔགས་མཆོད་རྒྱས་པར་བྱའོ། །དེ་ནས་ཕྱག་འཚལ་ཞིང་བསྟོད་ནས་མངའ་གསོལ་ཞིང་སྟོབས་བསྐྱེད་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ནས་ཕྱོགས་བཅུའི་
རྒྱལ་བ་སྲས་བཅས་བླ་མ་ཡི་དམ་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་དཔའ་བོ་ཆོས་སྐྱོང་ཐམས་ཅད་ཀྱི་གནས་ལྔ་ནས། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ནག །སྭཱ་སེར་པོ། ཧཱ་ལྗང་ཁུ་རྣམས་དང་འཁོར་ལོ་པདྨ་རྡོ་རྗེ་རྒྱ་གྲམ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་འོད་ཟེར་ཁ་དོག་སྣ་ཚོགས་ཆར་ཆེན་པོ་ལྟར་བྱུང་ནས་མགོན་པོའི་གནས་ལྔར་ཐིམ། ཡང་སྲན་མ་ལ་བསང་སྦྱང་བྱས་ནས་བསྐྱེད་པའམ་དམིགས་པས་ཀྱང་ཆོག་སྟེ། བདེ་མཆོག་ཀྱཻ་རྡོར་གསང་བདག་སོགས་ཡེ་ཤེས་ཀྱི་ཁྲོ་མོ་བཅུ་དང་། གཤེད་དམར་ནག་འཇིགས་སོགས་ཁྲོ་བོ་བསྐྱེད་ལ་ཡེ་ཤེས་པ་བསྟིམ་པ་དང་། མཆོད་བསྟོད་ཡིད་ཀྱིས་བྱ། དེ་རྣམས་འོད་དུ་ཞུ་ནས་ཁྲོ་ཆུང་ནས་འབྲས་ཙམ་དབྱངས་གསལ་བྱེད་ཕྱག་མཚན་ལྔ་དང་འོད་ཟེར་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་ཏེ། མགོན་པོའི་སྐུ་ལ་ཆིལ་གྱིས་ཐིམ་པར་བསམས་ལ། ནས་སྲན་མ་ཡོད་ན་རྟེན་གཏོར་རམ་སྐུ་འདྲ་ལ་གཏོར། དེས་མཐུ་སྟོབས་རབ་ཏུ་རྒྱས་ཏེ་མགོན་པོའི་སྐུ་གཅིག་པོ་དེས་འཁོར་འདས་སྣང་སྲིད་ཐམས་ཅད་ཁྱབ། སྐུ་ཡི་གཟི་བརྗིད་ཚད་མེད་པའི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་འཕྲོས་ཤིང་འདུས་པས། སྣང་སྲིད་ཐམས་ཅད་ཟིལ་གྱིས་
མནོན་ཅིང་དབང་དུ་བསྡུ་བར་གྱུར་པས་མཆོད་པའི་ལྷ་མོ་ཤ་སྟག་ཏུ་གྱུར་ནས་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་གླུ་དབྱངས་རོལ་མོ་སྣ་ཚོགས་དང་བཅས་འཁོར་འདས་ཐམས་ཅད་ཀྱི་དབང་ཕྱུག་བསྟན་པའི་བདག་པོ་ཆེན་པོར་གྱུར། མངའ་གསོལ་ཞིང་བསྟོད་པར་དམིགས་ལ། ཧཱུྃ་ལས་སྐྱེས་པའི་ཞེས་སོགས་ནས་དམ་ཅན་ཁྱོད་ལ་བདག་བསྟོད་དོ། །ཞེས་པའི་བར་བརྗོད་པ་ནི་མཐུ་སྟོབས་བསྐྱེད་པའི་ངན་ངག་གོ། །དེ་ནས་དམ་བཞག་དབང་བསྐུར་ནི། རང་ཡི་དམ་གྱི་ང་རྒྱལ་གྱིས་གསལ་བའི་སྤྱི་བོར་རྡོ་རྗེ་འཆང་། ཀླུ་སྒྲུབ། རྒྭ་ལོ་ལ་སོགས་རང་གི་མགོན་པོ་འདི་ཉིད་གང་ལས་ཐོབ་པའི་བླ་མ་རྣམས་སྤྲིན་འཁྲིགས་པ་ལྟར་བསྒོམ། དེ་རྣམས་ཀྱིས་ཀྱང་དམ་བདར་གསུངས་ཤིང་ཆོས་སྐྱོང་འཁོར་བཅས་ཀྱི་དཔྲལ་མཚམས་སུ་དམ་ཚིག་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེ་རེ་བཞག །ལྕེ་ལ་དམ་ཚིག་བདུད་རྩི་བྱིན་པར་བསམ། སྤྲོ་ན་བདུད་རྩིའི་ཐིགས་པ་རྟེན་གཏོར་སོགས་ལ་རྡོ་རྗེའི་རྩེ་ཡིས་ཅུང་ཟད་གཏོར། རང་གི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་བཟུང་བས་སྔོན་གྱི་དམ་ཚིག་ཁས་བླངས་ཐམས་ཅད་དྲན་ནས། ཀྱེེ་དཔལ་ཆེན་པོས་ཅི་གསུང་བཀའ་བཞིན་དུ་བསྒྲུབ་བོ་ཞེས་ཁས་བླངས་དམ་
བཅས་ནས་འདར་ཕྲི་ལི་ལི་བྱེད་པར་བསམས་ལ། དམ་ལ་མ་མདའ་ནག་པོ་ཆེ། །སོགས་ནས་ཧ་ན་ཧཱུྃ་ཕཊ་ཀྱི་བར་བརྗོད། སྔོན་གྱི་དམ་ཚིག་གཉེན་པོ་དགོངས། །ཞེས་པའི་སྐབས་སུ། རྡོ་རྗེ་འཆང་དང་བདེ་མཆོག་གསང་བའི་བདག་པོ་ཀླུ་སྒྲུབ་རྒྭ་ལོ་དུས་མཁྱེན་མཁའ་སྤྱོད་པ་ཡབ་སྲས་ཞྭ་དམར་དྲུག་པ་ན་རིམ་སོགས་ཀྱིས་བཀའ་བསྒོས་དམ་བཞག་ཐམས་ཅད་མི་བསྙེལ་བར་རྗེས་སུ་དྲན་པར་བསྒོམ་མོ། །དེ་ནས་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་རིགས་ལྔ་ཡབ་ཡུམ་བཞི་སེམས་དཔའ་སེམས་མའི་ཚོགས་དང་འཁོར་ལོ་བདེ་མཆོག་ཡབ་ཡུམ། སྙིང་པོ་ཡི་རྣལ་འབྱོར་མ་བཞི་སོགས་ཁྲོ་བོ་ཁྲོ་མོའི་ཚོགས་སྤྱན་དྲངས། ཡིད་ཀྱིས་མཆོད་བསྟོད་བྱས་ནས་ཡིད་ཀྱིས་གསོལ་བ་བཏབ་པས། ཡུམ་བཞིས་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་དབང་བསྐུར། རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་དང་། གླུ་དང་རོལ་མོ་བྱེད་ཅིང་བདུད་རྩིའི་ཆུས་སྐུ་གང་། དྲི་མ་དག །ཆུ་ཡི་ལྷག་མ་ཡར་འཁྱིལ་བ་ལས་གཙོ་བོ་ལ་སྤྱི་བོར་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ལ་འཇིགས་བྱེད་དང་དུས་མཚན་གདན་མེད་པ་གཅིག་གིས་དབུ་བརྒྱན་ཏེ། དེ་ཡང་གོང་མི་ནོན་དོགས་ཤིང་
འཚུབ་ཆེ་ན་བདེ་མཆོག་སྐུ་ཆེ་བ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཡང་རྟགས་བུལ་དོགས་ན་སོར་བཞི་ཙམ་ཞིག་བསྒོམ། དེ་ཡང་དྲི་མ་དག་ཟེར་བ་ནི་ལྷ་ལ་དྲི་མ་ཡོད་པ་མ་ཡིན་ཏེ་རང་གི་རྣམ་རྟོག་གི་དྲི་མ་སྦྱང་བའི་ཕྱིར་རོ། །དེ་ནས་བདེ་མཆོག་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་བྱང་སེམས་སྤྱན་དྲངས་ནས་བདེ་མཆོག་གི་ཞལ་དུ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས་བདུད་རྩི་བྱང་སེམས་སུ་ཞུ་བ་སྦྱོར་མཚམས་ནས་མར་བབས་པས། མགོན་པོའི་ཚངས་བུག་ནས་ཞུགས་ཐུགས་ཀ་ཡན་ཆད་གང་ཐུགས་ཀའི་ཧཱུྃ་སྔར་བས་ཀྱང་སྔོ་ལ་འཚེར་བར་གྱུར། མགྲིན་པ་མན་ཆད་གང་ཨཱཿཡིག་སྔར་བས་ཀྱང་དམར་ལ་འཚེར། སྤྱི་བོ་མན་ཆད་གང་ཨོཾ་ཡིག་སྔར་བས་ཀྱང་དཀར་ལ་འོད་དུ་འབར། ཆུ་ལྷག་ཡར་ལུད་པ་ལས་བདེ་མཆོག་ཡབ་ཡུམ་སྔར་བས་ཀྱང་གཟི་བརྗིད་ཆེ་བ་ཉི་མ་འབུམ་གྱི་གཟི་བརྗིད་ཅན་དུ་བསྒོམ། བྱ་རོག་གདོང་སེང་གདོང་ཡབ་ཡུམ་ལེགས་ལྡན་མཁའ་འགྲོ་བརྒྱད་རྣམས་ལ་ཕྱག་བཞི་པ་སོར་བཞི་ཙམ་རེ་དང་། ནག་པོ་སྟོང་ལ་བྱ་རོག་གདོང་། ཤ་ཟ་འབུམ་ལ་སེང་གེའི་གདོང་། མ་མོ་བྱེ་བར་ཙཎྜི་ཀ །གནོད་སྦྱིན་ཁྲི་ལ་ལེགས་ལྡན་རྣམས་སོར་བཞི་ཙམ་གྱིས་བརྒྱན་པར་མོས། འཁོར་རྣམས་ལ་མ་བྱས་ཀྱང་རུང་སྟེ་ཅུང་
ཟད་རྩུབ། དེ་ནས་ཕྱག་དྲུག་པ་སོགས་ལྷ་མགྲོན་ཐམས་ཅད་ལ་རང་རང་གི་རིགས་བདག་བསམ། ཡང་ན་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ། ཡང་འཁོར་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན་ན་རྒྱུད་འཇམ་པའི་གནད་ཡོད་དོ། །དེ་ནས་བསྙེན་པ་བྱ་བ་ནི། ཕྲེང་བ་དབྱངས་གསལ་ཞུ་བ་ལ་མི་མགོའི་ཕྲེང་བར་བསྒོམ་ཞིང་། ཨོཾ་རུ་ཙི་ར་མ་མ་ཎི་པྲ་ཝརྡ་ན་ཡེ་སྭཱ་ཧཱ། ཞེས་བདུན་གྱིས་ཕྲེང་བ་སྙིམ་པར་བཅུག་སྟེ་ཕུས་བཏབ། དེ་ནས་རང་གི་སྙིང་ཁར་ཉི་མའི་སྟེང་དུ་བདེ་མཆོག་ཡིན་ན་ཧཱུྃ་ལ་ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ་ཀྱིས་གཡས་སུ་བསྐོར་བར་བསྒོམ། དེ་ནས་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས་ཡིན་ན་ཧྲཱིཿལ་རང་སྔགས་ཀྱིས་བསྐོར་བར་བསྒོམ། མགོན་པོའི་ཐུགས་ཀར་ཡང་ཉི་མའི་གདན་ལ་ཧཱུྃ་ལ་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གང་ཡིན་དེ་ཡི་སྔགས་ཀྱིས་གཡས་སུ་བསྐོར་བར་བསྒོམ། དེ་ནས་རྒྱུན་ཁྱེར་གྱི་བསྙེན་པ་ཕྲེང་བསྐོར་ཙམ་ལས་མི་བྱེད་ན་དམིགས་པ་བསྡུས་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། མགོན་པོའི་ཐུགས་ཀའི་ཧཱུྃ་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་
ཚོགས་པའི་རྣམ་པར་མགོན་པོའི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ནས་རང་གི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལ་ཐིམ་པས་ཡེ་ཤེས་ཀྱི་མགོན་པོའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བདག་གིས་ཐོབ་ཅིང་། དེ་མ་ཐག་མགོན་པོ་འཁོར་དང་བཅས་པ་ལས་སྤྲུལ་པའི་ཕོ་ཉ་ཞི་བའི་ལས་མཛད་དཀར་མོ་འབུམ་སྡེ་ལྷ་བརྒྱད་ཀླུ་བརྒྱད་སོགས་སྤྲོས་ནས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། རྒྱས་པའི་ལས་མཛད་ཕོ་ཉ་སེར་མོ་འབུམ་སྡེ་གནོད་སྦྱིན་ཆེན་པོ་བརྒྱད་གང་པོ་མཛེས་མ་སོགས་གནོད་སྦྱིན་ཁྲི་ཡི་ཚོགས་འཕྲོས་ཚེ་བསོད་དཔལ་འབྱོར་རྒྱས་པར་བྱས། དབང་གི་ལས་མཛད་དམར་མོ་འབུམ་སྡེ་མ་མོ་བྱེ་བ་རྣམས་འཕྲོས་པས་འཇིག་རྟེན་བྱེ་བ་ཐམས་ཅད་དབང་དུ་བསྡུས། དྲག་པོའི་ལས་མཛད་ལྗང་མོ་འབུམ་སྡེ་ནག་མོ་སྟོང་ཤ་ཟ་འབུམ་རྣམས་འཕྲོས་ནས་དགྲ་བགེགས་ཐམས་ཅད་བསད་བཅད་ཟོས་ནས་རྗེས་ཀྱང་མེད་པར་བསྒོམས་ལ། བདག་ཉིད་བཅོམ་ལྡན་འཇིག་རྟེན་སོགས་ཞེས་པ་ནས་བསྒྲུབ་པར་གྱུར། །ཞེས་པའི་བར་སྦྲེལ་མའམ་མ་སྦྲེལ་ཀྱང་རུང་སྟེ། ཀ་ཝུ་ཝ་ཝ་པ་སོགས་བརྒྱ་ཕྲག་ཙམ་བསྙེན་ནས་གཏོར་མ་བསྔོ་བ་རྒྱུན་གྱི་ཉམས་ལེན་མཛད། འདི་མཚམས་སྒྲུབ་དུས་ཡིན་ནའང་དང་པོ་རང་གི་
ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་འཕྲོས་རང་གི་ཞལ་ནས་ཐོན། མཆོད་པའི་ཚུལ་དུ་མགོན་པོའི་ཞལ་དུ་ཞུགས་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ། ཧཱུྃ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་མགོན་པོའི་ཐུགས་ཀ་ནས་དངོས་གྲུབ་དང་བྱིན་རླབས་ཀྱི་ཚུལ་དུ་ལྟེ་བ་ནས་ཐོན། རང་གི་ལྟེ་བར་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་དངོས་གྲུབ་ཐོབ་པར་བསྒོམ་སྟེ་འོད་ཕྲེང་བ་ལྟར་བར་མ་ཆད་པར་སྒ་ར་ར་འཁོར་བར་བསྒོམ། དེ་ནི་གཙོ་ཆེར་བསྙེན་པའི་དམིགས་པའོ། །དེ་ནས་རང་གི་ཐུགས་ཀ་ནས་སྔགས་ཕྲེང་ཡང་བདེ་མཆོག་ཕག་མོ་སོགས་ལ་གཡོན་དུ་ཀྱི་ལི་ལི་འཁོར། རྒྱལ་བ་རྒྱ་མཚོ་གུ་དྲག་སོགས་ལ་གཡས་སུ་འཁོར། མགོན་པོ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ལྷ་ཕོ་ཐམས་ཅད་ལ་གཡས་དང་ལྷ་མོ་ཐམས་ཅད་ལ་གཡོན་དུ་སྔགས་ཕྲེང་འཁོར་བཞིན་པ་ལས། རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་མཆོད་པའི་རང་བཞིན་འཕྲོས་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས་པས་མགོན་པོ་མཉེས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁས་བླངས་མི་བརྗེད་པར་སྐུ་ཡི་བྱིན་རླབས་ཞི་བའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས། ཐུགས་ཀ་
ནས་ཚུར་བྱུང་རང་གི་སྙིང་ཁར་ཐིམ་པས་རྒྱུན་མ་ཆད་པར་བསྒོམ། བར་གྱི་འོད་ཟེར་དེ་ཡང་འོད་ཟེར་དཔག་མེད་འཕྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ། དེ་རྣམས་ཀྱི་དཔྲལ་བ་ནས་སྐུ་ཡི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། ཡང་བར་གྱི་འོད་ཟེར་དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། སྣང་སྲིད་ཀྱི་ལྷ་སྲིན་བདུད་དང་དྲེགས་པ་ཅན་ཐམས་ཅད་དང་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཕོག །ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་དག །ཉོན་མོངས་པ་གཏི་མུག་སྦྱངས། ཆོས་དབྱིངས་ཡེ་ཤེས་ལ་བཀོད། དྲེགས་པ་ལྷ་སྲིན་རིགས་དྲུག་གི་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཐམས་ཅད་ལུས་ཀྱི་སྟོབས་དང་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་སྣང་སྲིད་ཐམས་ཅད་ཀྱི་ལུས་དབང་དུ་བསྡུས་ཤིང་ཟིལ་གྱིས་གནོན་པར་བསྒོམ། དེ་ནི་ནམ་ཐོ་རངས་ནས་ཉི་དྲོས་བར་དང་། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས། ཞལ་ནས་ཐོན་ཏེ་མཆོད་པའི་རང་བཞིན་གྱིས་མགོན་པོའི་ཞལ་དུ་ཞུགས་པས་ཐུགས་དགྱེས།
ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྔོན་རྒྱལ་བའི་སྤྱན་སྔར་ཁས་བླངས་པ་མི་བརྗེད་པར་ཡོན་ཏན་གྱི་བྱིན་རླབས་རྒྱས་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་ཚུར་བྱུང་། རང་གི་སྙིང་ཁར་ཐིམ་པས་རྒྱུན་མ་ཆད་པར་སེར་སྒ་ར་ར་འཁོར། བར་གྱི་འོད་ཟེར་དེ་ལས་འོད་ཟེར་གྱི་ཚོགས་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་དང་ཁྱད་པར་དུ་རྒྱས་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཡོན་ཏན་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ལྟེ་བ་ནས་ཡོན་ཏན་གྱི་དངོས་གྲུབ་དང་། ཚེ་བསོད་རྒྱས་པའི་དངོས་གྲུབ་ཐམས་ཅད་དང་། རིན་པོ་ཆེ་སེར་པོ་ཏྲཾ་གྱིས་མཚན་པ་ལས་འོད་ཟེར་སེར་པོ་དང་བཅས་པ་དཔག་ཏུ་མེད་པ་ཆར་བབ་པ་ལྟར་བྱོན་ནས་རང་གི་ལྟེ་བ་ལ་ཐིམ་པས་ཡོན་ཏན་གྱི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། ཉི་དྲོས་ནས་ཕྱེད་ཡོལ་བར་དུའོ། །དེ་ནས་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཞལ་ནས་ཐོན། མཆོད་པའི་ཚུལ་དུ་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་པས་ཐུགས་མཉེས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་པ་དྲན། གསུང་གི་བྱིན་རླབས་དབང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐུགས་ཀ་ནས་བྱུང་། རང་གི་སྙིང་ཁར་ཐིམ་པས་གསུང་གི་
བདུད་རྩི་དང་བྱིན་རླབས་དང་དབང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐུགས་ཀ་ནས་བྱུང་། དེ་ལྟར་འོད་ཟེར་དམར་པོ་ཀྱི་ལི་ལི་རྒྱུན་མ་ཆད་པར་འཁོར། བར་གྱི་འོད་ཟེར་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་རྒྱལ་བ་སྲས་བཅས་དང་དབང་གི་ལྷ་ཚོགས་ཐམས་ཅད་ཀྱི་གསུང་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་མགྲིན་པ་ནས་གསུང་གི་བྱིན་རླབས་དང་དབང་གི་དངོས་གྲུབ་ཐམས་ཅད་པདྨ་དམར་པོ་ཨཱཿས་མཚན་པ་དང་འོད་ཟེར་དམར་པོ་བཅས་ཆར་ལྟར་བབས་ནས་རང་གི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་དང་དབང་གི་དངོས་གྲུབ་རྒྱ་ཆེན་པོ་ཐོབ་པར་བསྒོམ་སྟེ། ཕྱེད་ཡོལ་ནས་དགོང་མོ་དམར་ཐག་མ་ཆད་བར་དུའོ། །དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ལྗང་ནག་འཕྲོས་ཞལ་ནས་མཆོད་པའི་ཚུལ་དུ་བྱུང་། མགོན་པོའི་ཞལ་དུ་ཞུགས་ཐུགས་ཀར་ཐིམ་པས་ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་པ་དྲན་ནས། ཕྲིན་ལས་ཀྱི་བྱིན་རླབས་དྲག་པོའི་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་ནག་ཚུལ་དུ་འཕྲོས་ཐུགས་ཀ་ནས་ཚུར་བྱུང་རང་གི་ཐུགས་ཀར་ཐིམ་པས་ཕྲིན་ལས་སྣ་ཚོགས་དྲག་པོའི་མཐུ་ཡི་དངོས་གྲུབ་ཐོབ། དེ་ལྟར་རྒྱུན་མ་ཆད་པར་འོད་ཟེར་ལྗང་ནག་ཁྱུག་ཁྱུག་འཁོར་བའི་འོད་ཟེར་སྣ་
ཚོགས་འཕྲོས་པས་ཕྱོགས་བཅུའི་ཧེ་རུ་ཀ་དང་ཁྲོ་བོ་ཁྲོ་མོ་དྲག་པོའི་ལྷ་ཚོགས་ཀྱི་ཕྲིན་ལས་ལ་མཉེས་མཆོད་ཕུལ། དེ་རྣམས་ཀྱི་གསང་གནས་ནས་དྲག་པོ་མཐུ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་ནག་དང་རྒྱ་གྲམ་ཧཱས་མཚན་པ་ཆར་ལྟར་བབས་ནས་རང་གི་གསང་གནས་སུ་ཐིམ་པས། ཕྲིན་ལས་ཀྱི་བྱིན་རླབས་དང་དྲག་པོའི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། དེ་ནི་མུན་རུབ་ནས་ནམ་ཕྱེད་བར་དུའོ། །ཡང་དེ་དག་གི་ཐུན་མཚམས་རྣམས་སུ་དུས་ནམ་ཡང་རུང་སྟེ། རང་གི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ནམ་མཁའ་སྤྲིན་དང་བྲལ་བའི་མདོག་ལྟ་བུ་འཕྲོས། ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུགས་པས་མཆོད་པས་མཉེས། ཐུགས་ཀའི་ཧཱུྃ་ལ་ཐིམ། ཐུགས་དམ་བསྐང་། དམ་ཚིག་རྗེས་སུ་དྲན། མཆོག་གི་དངོས་གྲུབ་ཀྱི་ངོ་བོ་འོད་ཟེར་སྔོན་པོ་ཐུགས་ཀ་ནས་བྱུང་། རང་གི་ཐུགས་ཀར་ཐིམ་པས་མཆོག་གི་དངོས་གྲུབ་ཐོབ་སྟེ་རིག་འཛིན་རྒྱུད་ལ་སྐྱེས་པར་བསམ་སྟེ། རྒྱུན་མ་ཆད་པར་ཀྱི་ལི་ལི་འཁོར་བར་བསམ། བར་གྱི་འོད་ཟེར་ལས་འོད་ཟེར་ཆེན་པོ་ཕྱོགས་བཅུར་འཕྲོས་པས་བླ་མ་བཀའ་བརྒྱུད་གྲུབ་ཐོབ་ཕོ་མོ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ལ་མཆོག་གི་མཆོད་པ་ཕུལ། དེ་ཐམས་
ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྔོན་པོ་དང་བཅས་པ་ཆར་དྲག་ལྟར་རང་གི་སྙིང་ཁར་ཐིམ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བསྒོམ། དེ་ཐམས་ཅད་ཀྱི་ཚེ་ཡང་བདག་མདུན་གྱི་ཐུགས་ཀར་སྔགས་ཕྲེང་འཁོར་བཞིན་པ་དང་ལྷ་ཚོགས་ཐམས་ཅད་ཀྱིས་སྔགས་སྒྲ་དི་རི་རི་སྒྲོགས་པར་བསྒོམ། རིགས་དྲུག་གི་སེམས་ཅན་མགོན་པོའི་སྐུ་ཤ་སྟག་ཏུ་གྱུར་ཏེ་རམ་བུའི་ཚུལ་དུ་སྔགས་སྒྲ་དི་རི་རི་སྒྲོགས་པར་བསྒོམ། ཡང་གཏོར་སྒྲུབ་ལ་སོགས་ཐུན་བར་ལ་བསྒྲུབ་པའི་དམིགས་པ་བསྡུས་པ་ཙམ་བྱེད་ན། སྔགས་འཁོར་བའི་རིམ་པ་གཞན་གོང་ལྟར་ལས། རང་གི་ཐུགས་ཀའི་འོད་ཟེར་ཁ་དོག་ལྔ་འཇའ་ཚོན་ལྟ་བུར་འཕྲོས་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས་ཅིང་་མཆོད་པས་མཉེས། ཐུགས་ཀར་ཐིམ་པས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུའི་རྣམ་པར་བྱོན། རང་གི་ཐུགས་ཀར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། དེ་ལྟར་ཀྱི་ལི་ལི་འཁོར་ཞིང་བར་གྱི་འོད་ཟེར་གྱི་ཚོགས་འཕྲོས། བླ་མ་
ཡི་དམ་རྒྱལ་བ་སྲས་བཅས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་མཉེས་མཆོད་ཕུལ། དེ་རྣམས་ཀྱི་སྐུ་ཡི་ཆ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་དང་། ཕྱག་མཚན་ལྔ། ཡིག་འབྲུ་ལྔ་རྣམས་བྱིན་རླབས་དངོས་གྲུབ་ཀྱི་ངོ་བོ་ཆར་ལྟར་བབས་ནས་རང་གི་ལུས་ཀྱི་ཆ་ཐམས་ཅད་ལ་མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམ། དེ་དག་ཐམས་ཅད་ནི་སྒྲུབ་པའི་དམིགས་རིམ་མོ། །དེ་ནས་ལས་སྦྱོར་གྱི་དམིགས་རིམ་ཛབ་དགོངས་འཕྲོ་འདུ་བྱ་ཚུལ་ནི། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་ཡོད་པ་ལས། ཧཱུྃ་གི་རྩེ་ནས་འོད་ཟེར་སྔགས་ཡིག་འབྲུའི་ཕྲེང་བ་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟ་བུ་བྱུང་ནས་རང་གི་སྡིག་སྒྲིབ་དང་ཉོན་མོངས་པ་ཐམས་ཅད་ཞི་བར་བྱས་ནས་རང་གི་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས་ཐུགས་ཀར་བརྒྱུད་པས་ཞི་བའི་ལས་བཅོལ། མགོན་པོས་མི་བསྙེལ་བའི་ཞི་བའི་ཕྲིན་ལས་ལ་དགོངས་ཏེ་མགོན་པོའི་ཐུགས་ཀ་ནས་ཚུར་བྱུང་། བར་དུ་འཁོར་ཚེ་ནད་གདོན་དམིགས་བྱ་གང་ཡིན་དེ་བ་མོར་ཉི་ཟེར་ཕོག་པ་ལྟར་ཞི། རང་གི་སྙིང་ག་བརྒྱུད་ནས་ཧཱུྃ་ལ་ཐིམ་པས་སྡིག་སྒྲིབ་སོགས་ཞི་
བར་བསྒོམ་སྟེ། ཐོ་རངས་ནས་སྔ་དྲོའི་ཆ་ལ་བཟླས་ཤིང་སྔགས་ཤམ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡ་སྭཱ་ཧཱ། ཞེས་བརྒྱ་སྐོར་ཙམ་སྦྱར་ཞིང་མཇུག་ཏུ། ནད་གདོན་སྡིག་སྒྲིབ་བྱུར་དང་སྐལ་པ་ངན་པ། སྟེང་ལྷ་ཡི་གདུག་པ། འོག་ཀླུ་ཡི་གདུག་པ། བར་མི་དང་མི་མ་ཡིན་གྱི་གནོད་པ་མོ་ལྟས་མཚན་ངན་བདུད་ཀྱི་ཞགས་པ་གཤིན་རྗེའི་ཕོ་ཉ་བྱུར་དང་སྐལ་པ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་དོན་གསོལ་བ་བཏབ་བོ། །དེ་ནས་རང་གི་ཐུགས་ཀ་ནས་ཡིག་འབྲུ་གསེར་བཙོ་མའི་ཁ་དོག་རྨ་བྱའི་ཆུན་པོའི་དབྱིབས་ཅན་གྱི་ཕྲེང་བ་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས་ནས་ཐུགས་ཀར་བརྒྱུད་པས་རྒྱས་པའི་ལས་བཅོལ་མགོན་པོའི་མི་བསྙེལ་བར་གྱུར། ཐུགས་ཀར་ནས་ཚུར་བྱུང་ནས་རང་གི་དབང་ཐང་མངའ་རིས་ལོངས་སྤྱོད་སྙན་གྲགས་ཐམས་ཅད་རྒྱས། ཚུར་བྱོན་རང་གི་ཐུགས་ཀར་འཁོར་བས་ཚེ་བསོད་དཔལ་དང་གཟི་བརྗིད་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བསྒོམ། དེས་ཉི་དྲོས་ནས་ཕྱེད་ཡོལ་བར་དུའོ། །སྔགས་ཤམ་དུ། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་ཨོཾ། ཞེས་བརྒྱ་རྩ་དང་། བདག་གི་ཚེ་བསོད་དཔལ་དང་འབྱོར་པ་ཁ་རྗེ་དབང་ཐང་ཉམས་དང་རྟོགས་པ་ཡེ་ཤེས་
ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་ཨོཾ། ཞེས་འདོད་དོན་གསོལ། དེ་ལྟར་ཞི་རྒྱས་གཉིས་ནི་ཕར་འཁོར་བ་ཡིན་ལ། དབང་དྲག་གཉིས་ཚུར་འཁོར་བ་ཡིན། མགོན་པོའི་ཐུགས་ཀའི་ཧཱུྃ་གི་རྩེ་མོ་ནས་སྔགས་ཕྲེང་ཡི་གེའི་ཕྲེང་བ་དམར་པོ་ལྕགས་སྒྲོག་གི་དབྱིབས་ཅན་འཕྲོས་ཞལ་ནས་ཐོན། ཚུར་བྱོན་རྒྱལ་བློན་ཡུལ་འཁོར་དམིགས་ཡུལ་ཐམས་ཅད་དབང་དུ་བསྡུས། རང་གི་ཞལ་དུ་ཞུགས་པ་ཐུགས་ཀར་བརྒྱུད་ནས་རང་སེམས་དབང་དུ་བསྡུས་ནས་ཉོན་མོངས་པ་ཐམས་ཅད་གྲོགས་སུ་འཆར་ཞིང་དམིགས་བྱ་དབང་དུ་འདུས། རང་གི་ཐུགས་ཀ་ནས་ཐོན་མགོན་པོའི་ཐུགས་ཀར་བརྒྱུད་ཚེ། དབང་གི་ཕྲིན་ལས་བཅོལ་བ་དེ་མགོན་པོའི་མི་བསྙེལ་བར་ཕྲིན་ལས་ལ་དགོངས་པ་གཏད་པར་བསྒོམ། ཕྱེད་ཡོལ་ནས་ཉིན་གུང་བར་དུའོ། །སྔགས་ཤམ་དུ། ཁམས་གསུམ་སྲིད་གསུམ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་དང་། སྟེང་ལྷ་འོག་ཀླུ་བར་མིའི་རྒྱལ་པོ་བློན་པོ་བཙུན་མོ་འབངས་འཁོར་ཟས་ནོར་ལོངས་སྤྱོད་འབྲུ་བཅུད་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་དོན་གསོལ། དེ་ནས་མགོན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཁ་དོག་ནག་པོ་ཁྱུག་ཁྱུག་ལྟ་བུ་བྱུང་། ཞལ་ནས་ཐོན་ཚུར་བྱུང་བས་དགྲ་བགེགས་གནོད་བྱེད་ཐམས་
ཅད་བསད་བཅད་གཏུབས་ནས་ཚར་བཅད། སྔགས་ཕྲེང་རང་གི་ཞལ་ནས་ཐུགས་ཀར་བརྒྱུད་པས་རང་གི་བར་ཆད་ཉོན་མོངས་པ་ཐམས་ཅད་མེད་པར་བྱས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀར་འཁོར་བས། དྲག་པོའི་ལས་བཅོལ་བ་མི་བསྙེལ་བར་དྲག་པོའི་ལས་ལ་བརྩོན་པར་བསྒོམ་སྟེ། མུན་རུབ་ནས་ནམ་ཕྱེད་བར་དུའོ། །སྔགས་ཤམ་ལ། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊཿཅེས་དང་། འཁོར་རྣམས་ཀྱི་སྔགས་ལ། ཤཱ་ས་ན་ལ་ཡང་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྦྱར་བ་ཅུང་ཟད་བརྗོད། ཅེས་པ་འདི་ནི་སྤྲུ་གྲི་ཀླད་གཟེར་རྒྱུད་ནས་གསལ་བར་གསུངས་ཤིང་། རྒྭ་ལོའི་ཕན་བྱ་གསེར་ཕྲེང་སྐོར་ནས་བྱུང་བ་བླ་མའི་ཞལ་ཁྲིད་ཀྱིས་བརྒྱན་ནས་གསལ་བར་བྱས་སོ། །དེ་ལྟར་བྱེད་ནས་བསྙེན་པའི་དམིགས་པ་ལ་ཞག་བདུན། ལས་བཞི་ལ་ཞག་བདུན་བྱ་ཞིང་། དགུ་གཏོར་རམ་རྒྱུན་དུ་ཡིན་ན་བསྙེན་པ་ལ་བརྒྱ་རྩ། སྒྲུབ་པ་ལ་བརྒྱ་རྩ། ལས་སྦྱོར་ལ་བརྒྱ་རྩ་རེ་དམིགས་པ་དང་བཅས་པས་བཟླས་སོ། །དེ་ནས་ཐུན་མཇུག་བསྙེན་པ་བཞག་རན་ཙ་ན། མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཡེ་ཤེས་
ཀྱི་འཁོར་ལོ་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་ཆེ་ཕྲ་སྣ་ཚོགས་དང་། གསུང་སྔགས་ཕྲེང་སྣ་ཚོགས། ཐུགས་ཕྱག་མཚན་སྣ་ཚོགས། ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་དང་། འོད་ཟེར་དཀར་དམར་མཐིང་གསུམ་སྤྱན་དྲངས་ཏེ་མགོན་པོའི་གནས་གསུམ་གྱི་ཡི་གེ་ལ་ཐིམ་པས་དབྱེར་མེད་དུ་གྱུར་ཏེ་མགོན་པོ་ཡང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་དབྱེར་མེད་དེ། ཕྱོགས་བཅུའི་རྒྱལ་བའང་མགོན་པོ་ལ། །མགོན་པོ་ཡང་ཕྱོགས་བཅུའི་རྒྱལ་བར་གྱུར། །སླར་མགོན་པོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སྣང་སྲིད་ལྷ་འདྲེ་དགྲ་བགེགས་ལྷ་ཀླུ་མི་སོགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཚེ་བསོད་དཔལ་དང་འབྱོར་པ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས། མགོན་པོའི་ཡིག་འབྲུ་གསུམ་ལ་ཐིམ་པས་མགོན་པོ་ཉིད་འཁོར་འདས་སྣང་སྲིད་ཀྱི་བདག་པོར་གྱུར་པར་བསྒོམ། དེ་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ་བའི་དམིགས་པའོ། །དེ་ནས་མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཇིག་རྟེན་གྱི་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་སྟོབས་དང་རྫུ་འཕྲུལ་ཆེ་བ་ཐམས་ཅད་ཀྱི་སྲོག་ཡིག་ཨཿཡཿམཿདུཿརུཿཙཿཤཿནཿཡི་
རྣམ་པར་བསྡུས་ནས་མགོན་པོའི་ཞབས་ཉི་གདན་འོག་ཏུ་མནན་ཏེ་སྡེ་བརྒྱད་རང་རང་སོ་སོའི་སྙིང་ཁར་འོད་ཟེར་བ་ཐག་ལྟ་བུས་འབྲེལ་བས་ལུས་ངག་ཡིད་གསུམ་དད་ཅིང་གུས་པས་བཀའ་ཉན་གསུང་སྔོད་འདར་ཕྲི་ལི་ལི་བྱེད་པར་གྱུར། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ལྷ་མི་རྒྱལ་བློན་འབངས་གསུམ་སྐྱེས་པ་བུད་མེད་ཐམས་ཅད་ཀྱི་སྲོག་ཡིག་ནྲྀ་ཏྲི་དུའི་རྣམ་པར་བསྡུས་ནས་ཉི་གདན་ཞབས་སུ་ཚུད། རང་གི་སྙིང་གར་འོད་ཟེར་བ་ཐག་ལྟ་བུས་འབྲེལ་བས་དད་ཅིང་གུས་པས་འདར་ཕྲི་ལི་ལི་བྱེད་པར་བསྒོམ། འདི་ནི་སྲིད་གསུམ་ཟིལ་གྱིས་གནོན་པའི་དམིགས་རིམ་མོ། །དེ་ནས་མགོན་པོའི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་འཕྲོས། རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསྒོམ་པ་ནི་དངོས་གྲུབ་བླང་བའོ། །ཡང་མགོན་པོའི་གནས་གསུམ་ཡི་གེ་གསུམ་ལས་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུྃ་སྔོན་པོ་འོད་ཟེར་དང་ལྡན་པའི་ཕྲེང་བ་བར་མ་ཆད་པར་བྱོན་ནས་བདག་གི་གནས་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་པར་བསྒོམ་པ་ནི་བྱིན་རླབས་ཞུ་བའོ། །དེ་ནས་མགོན་པོའི་
གནས་ལྔ་ནས་མགོན་པོ་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་ཆར་ལྟར་བབས་པས་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་བསྒོམ་མོ། །དེས་ནི་དབང་བླང་བའོ། །དེ་ནས་གཏོར་བསྔོས་ནི་བླ་མ་ཡི་དམ་གྱི་གཏོར་བསྔོས་གོང་དུ་རྒྱས་པར་སོང་བའི་མགོན་པོ་འདི་གཙོ་ཆེ་སྐབས་སུ་བྱེད་པ་སྟེ། གསང་སྔགས་ནང་གཏོར་ལྟར་བྱིན་བརླབས་ལ་མགོན་པོ་ཐམས་ཅད་ཀྱི་ནམ་མཁར་རྡོ་རྗེ་འཆང་ལ་ཀླུ་སྒྲུབ་རྒྭ་ལོ་སོགས་ཆོས་འདི་ཡི་བཀའ་བརྒྱུད་ཐམས་ཅད་ཀྱིས་བསྐོར་བའོ། །དེ་ཡི་འོག་ཏུ་ནམ་མཁར་བདེ་མཆོག་ལ་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བར་བསྒོམས་ལ། ལྗགས་ཀྱི་འོད་ཟེར་གྱིས་བདུད་རྩི་གསོལ་བར་བསམས་ལ་གཏོར་བསྔོས་གཞུང་ལྟར་བྱའོ། །དེ་ནས་མགོན་པོའི་གཏོར་མ་བྱིན་རླབས་གཞུང་དུ་གསལ་བ་ལྟར། རླུང་གཡོས་མེ་སྦར་ཐོད་པ་དྲོས་ནས་ཤ་ལྔ་བདུད་རྩི་ལྔ་དང་བདུད་དགྲའི་ཤ་རུས་ཐམས་ཅད་ཞུ་ཞིང་ཁོལ་ཏེ་འདྲེས་པ་ལ་དམ་ཚིག་གི་བདུད་རྩི། དེ་ཡི་སྟེང་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བརྩེགས་མར་གནས་པ་ལ་ཧཱུྃ་ཞུ་བ་ལས་ཐུགས་ཀྱི་བདུད་རྩི་སྔོ་ལྟེམ་མེ་སོང་། ཨཱཿཞུ་
བ་ལས་གསུང་གི་བདུད་རྩི་དམར་ལྟེམ་མེ་སོང་། ཨོཾ་ཞུ་བ་ལས་སྐུ་ཡི་བདུད་རྩི་ལྟེམ་མེ་སོང་བར་བསྒོམ་པས་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་ལྟེ་བ་ཧཱུྃ་གིས་མཚན་པར་གྱུར་པར་བསྒོམ། ཧཱུྃ་དེ་ལས་འོད་ཟེར་སྦུ་གུ་ལྟ་བུ་གཏོར་མ་དེ་ལ་ཟུག་ནས་བདུད་རྩི་དྲངས་ནས་གསོལ་བས་མཉེས་པར་བསམས་ལ། གཙོ་འཁོར་རྣམས་ཀྱི་སྔགས་ལ་ཁཱ་ཧི་བཏགས་པ་ལན་གསུམ་མམ་བདུན་གྱིས་འབུལ། ལྷ་མགྲོན་རྣམས་ལ་རང་རང་གི་སྔགས་ཀྱིས་འབུལ། བསྡུ་ན་གཏོར་མའི་རྒྱུད་ལས་གསུངས་པ་ལྟར་ཆོས་སྐྱོང་སྤྱི་ཡི་སྔགས། ཤཱ་ས་ན་ལན་གསུམ་གྱིས་ཐམས་ཅད་ལ་ཡང་ཕུལ་བས་ཆོག་གོ། །དེ་ནས་མཆོད་པ་ནི། གཙོ་བོ་ལ་ཞི་རྒྱས་དབང་དྲག་གི་ལས་བསྒྲུབ་ཕྱིར་ཞི་བའི་མཆོད་པ་སོགས་དང་། དྲག་པོའི་ལས་བསྒྲུབ་ཕྱིར་དྲག་པོའི་མཆོད་པ་རྣམས་སྤེལ་མར་འབུལ་བ་དང་། འཁོར་ཞི་བ་རྣམས་དང་ཀླུ་བརྒྱད་སོགས་ལ་ཞི་བའི་མཆོད་པ། དྲག་པོ་རྣམས་ལ་དུར་ཁྲོད་ཀྱི་མཆོད་པ་རྣམས་སོ་སོར་འབུལ་བར་དམིགས་ལ། ཡན་ལག་བརྒྱད་ལྡན་སོགས་བརྗོད། ཨརྒྷཾ་སོགས་བརྗོད་ལ་སྔགས་བསྔོས་བྱའོ། །དེ་ནས་ཚོགས་རྒྱས་པ་གོང་དུ་སོང་ནས་ཚོགས་ཕུད་གཏོར་མར་ཕུལ་ནས་བྲན་
ལ། དེའམ་ལྷ་ཚོགས་སྤྱན་གཟིགས་སུ་བཤམས་པ་དེ་ལ་དམིགས་ནས་ཤེས་རབ་མ་དཱ་ན་སོགས་ནས་ཨཱཿཧཱུྃ་གི་བར་དང་། རྟ་ནག་གཡག་ནག་ལུག་ནག་ཁྱི་ནག་ཁྲབ་རྨོག་རལ་གྲི་ལ་སོགས་རྟེན་རྫས་དངོས་སུ་བཤམས་པའམ། གཟུགས་བརྙན་བྲིས་པ་དང་བསྐང་འབྲས་བཙུགས་པ་སོགས་དམིགས་རྟེན་དུ་བྱས་ཏེ། བཟང་ཞིང་རྒྱ་ཆེ་ལ་དཔག་ཏུ་མེད་པར་དམིགས་ལ། ཆར་སྤྲིན་སོགས་ནས་བསམ་མི་ཁྱབ་པ་འབུལ་གྱི་བར་བརྗོད་པར་བྱ། དེ་ནས་རྒྱས་པར་ན་བསྟོད་པ་ཐམས་ཅད་རྒྱས་པར་བྱ། ཅུང་ཟད་བསྡུ་ན་བསྙེན་པ་དུས་བསྐང་བརྒྱ། སྒྲུབ་དུས་རྩ་བསྟོད། ལས་སྦྱོར་དུས་མཚན་བརྒྱ་རྩ་བརྒྱད་མ་ཡི་བསྟོད་པ་བྱང་ཤར་ནགས་འདབས་མ་བྱ། ཕག་གྲུས་མཛད་པ་དུས་གསུམ་སངས་རྒྱས་མ་ཐམས་ཅད་ལ་དགོས་ཏེ་འཁོར་དང་བཅས་པའི་བསྟོད་པ་ལས་བཅོལ་མ་དང་བཅས་ཡིན་ལ། ཤྲཱི་མ་ཧཱ་ཀཱ་ལ་སོགས། དཔལ་ལྡན་ནག་པོ་ཆེན་པོ་ནས་མཛད་དུ་གསོལ་གྱི་བར་དུའོ། །བསྟོད་པ་རྒྱས་པ་ནི། ཏིལ་མར་མ། དུད་སོལ་མ། བྱང་ཤར་མའི་བསྟོད་པ་ཡིན་པས། ལེགས་ལྡན་བསྟོད་པ། བསིལ་ཚལ་མ། བྱ་རོག་གདོང་། ཧྲཱིཿཤ་ཟ་སེང་གདོང་དང་། མཁའ་འགྲོ་བརྒྱད་བསྟོད་དང་བཅས་པ་བྱས་ལ། རྒྱལ་བའི་བསྟན་པ་
སོགས་འདོད་གསོལ་བྱ། དེ་ནས་བསྐང་བ་རྒྱས་པར་བཅས་ནི་ཡོད་ན་བསྐང་བསྐྱེད་རི་རབ་གླིང་བཞི་སོགས་རྒྱས་པར་སྤྱི་ལྟར་བསྐྱེད། བསྡུ་ན་གཏོར་མ་དེ་ཉིད་རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ་སྟོང་གསུམ་ཙམ་གྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་བས་བདུད་རྩི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེ་ཡི་རླངས་པར་གཟུགས་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་དང་། བདུད་རྩི་དེ་ཡི་འོད་ཟེར་ལས་གྲུབ་པའི་བཀྲ་ཤིས་རྫས་རྟགས་བརྒྱད་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་དར་གདུགས་ལ་སོགས་གཞུང་ལས་བྱུང་བའི་རྫས་དཔག་ཏུ་མེད་པར་འཕྲོ་བར་དམིགས་ཏེ་བསྒོམས་ལ། ཨ་ཀཱ་རོས་བྱིན་བརླབས་ནས། སླར་ཡང་བཤགས་ཡུལ་མགོན་པོ་འཁོར་བཅས་སྐད་ཅིག་ལ་སྤྱན་དྲངས་ནས་སྔར་གྱི་དེ་ལ་བསྟིམ་པའམ། ཡང་ལས་བྱང་སྔོན་དུ་སོང་བའི་བསྐང་བ་འདོན་ཆོག་པའི་ཕྱིར་དང་། སྔོན་དུ་སོང་ཡང་རིག་འཛིན་ཏེ་སླར་གསོལ་བ་བཏབ་པའི་ཕྱིར། དེ་ནས་ཡན་ལག་བདུན་པ་དང་འདོད་ཡོན་ལྔས་མཆོད་ཕྱིར། ཆག་ཉམས་ཐམས་ཅད་བཤགས་ཕྱིན་ཆད་མི་བགྱིད་པའི་དམ་བཅའ་བ་སོགས་སྟོབས་བཞི་སྔོན་དུ་འགྲོ་བའི་བསྐང་བ་དེ་ཤིན་ཏུ་ཟབ་པ་ཡིན་ནོ། །གཡག་བསྐང་
བཅས་ན་ཡང་འདོན་ཆ་འདིས་འཐུས་སོ། །བསྐང་བཤགས་བྱེད་ཚེ་ཐུན་མོང་མ་ཡིན་པའི་དམིགས་རིམ་ནི། ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་ཡི་དམ་བདེ་མཆོག་གི་གནས་གསུམ་ལས་ཡེ་གེ་ཨོཾ་བཛྲ་ས་ཏྭ་ཨོཾ། ཨོཾ་བཛྲ་ས་ཏྭ་ཨཱཿ ཨོཾ་བཛྲ་ས་ཏྭ་ཧཱུྃ། དཀར་དམར་མཐིང་གསུམ་གྱིས་བསྐོར་བར་བསྒོམ། དེ་ཡི་འོད་ཟེར་འཁོར་བཅས་ལ་ཕོག་ནས་གྲིབ་དང་མི་གཙང་བ་ཐམས་ཅད་དག །མགོན་པོའི་ཐུགས་ཀ་ནས་བདག་དང་བསྲུང་བྱ་ཐམས་ཅད་ལ་ཕོག་པས་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བར་བསྒོམ། ཡང་འཁོར་ཐམས་ཅད་ཀྱི་གནས་གསུམ་ལས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་བས་སྐུ་ལུས་གང་སྟེ་གཞན་གྱི་ཉམས་གྲིབ་ཕོག་པ་ཐམས་ཅད་དག་པར་བསྒོམ། རྒྱས་པར་ན་མཇུག་གི་བཤགས་པ་ཡང་འདིར་སྦྱར་ལ་ཡིག་བརྒྱ་བརྗོད། དེ་ནས་ཐུན་གཏོར་གཅིག་བྲན་ལ། གཏོར་སྣོད་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དེ་ཉིད་ཁ་ཊྭཱཾ་རྩེ་ལྔ་སྤུ་གྲི་ལྟར་རྣོ་བ་དམར་ཡ་ལེ་བ་ཞིག་ཏུ་གྱུར། འགུག་གཞུགས་བྱས་ལ་ལས་མཁན་རྣམས་ཀྱིས་དགྲ་བགེགས་བཀུག་ནས་ཁ་ཊྭཱཾ་རྩེ་ལ་ཆལ་ཆལ་རྒྱབ་པས། ཤ་ཁྲག་དམར་ཆ་ལ་ལ་སོང་ནས་གཏོར་སྣོད་དམར་མེར་གྱིས་གང་བ་དང་། ཁ་ཊྭཱཾ་འོད་དུ་
ཞུ་བ་ལས་བདུད་རྩིའི་རང་བཞིན་དུ་གྱུར་པ་ལ་ལྷ་ཚོགས་ཐམས་ཅད་ཀྱིས་གསོལ་བར་བསམས་ལ། བྱང་ཤར་མ་ནི་གཙོ་བོ་དང་། ལེགས་ལྡན། བསིལ་ཚལ། ལས་མགོན། ཤ་ཟ་སེང་གདོང་། མཁའ་འགྲོ་བརྒྱད་བསྡུས་ལས་བཅོལ་དང་བཅས་པའམ། ཐུན་བཞིའམ་དྲུག་ཏུ་འབུལ་ལ་རེས་མོས་བྱ། བསྡུ་ན་ཐམས་ཅད་ཚང་བ། སངས་རྒྱས་བསྟན་པ་གཉེན་པོ་སྲུང་བའི༴ ཞེས་པ་འདི་ཁོ་ནས་ཆོག་གོ། །དེ་ནས་བཟོད་གསོལ་གོང་གི་དམིགས་པ་དང་བཅས་པས་ཡིག་བརྒྱ་བརྗོད། མཚམས་ཡིན་ན་གྲོལ་དུས་ཚུན་བསྟིམ་པ་དང་གཤེགས་གསོལ་གང་ཡང་མི་བྱེད་པར་ཉིན་གཅིག་བཞིན་སླར་ཡང་གསལ་འདེབས་མ་གཏོགས་ཐུན་མི་བསྡུ་བ་ནི། བདག་གི་སློབ་དཔོན་གྱི་གསུང་རྒྱུན་མཁའ་སྤྱོད་པ་ནས་དེ་ལྟར་བསྙེན་སྒྲུབ་རྒྱུན་ཡོད་པའི་གསུང་རྒྱུན་ཏེ། སྲུང་འཁོར་ཡང་མ་བསྡུས་པས་བགེགས་མི་འཇུག་པ་དང་། རྟགས་མྱུར་དུ་ཡོང་བའི་གནད་ཡོད་པ་དང་། གསར་མ་སྤྱི་ཡི་ལུགས་དོ་ནུབ་ཉལ་ཁ་ནས་མདུན་བསྐྱེད་ཡེ་ཤེས་པ་གཤེགས་སམ་རྟེན་ལ་བསྟིམ། བདག་བསྐྱེད་སྲུང་འཁོར་ནས་རིམ་གྱིས་བསྡུ་ནས་ཧཱུྃ་ལ་བསྟིམ། ཧཱུྃ་ཡང་ནཱ་ད་སྟོང་པའི་བར་བསྡུས་ཏེ། དེ་ཡི་ངང་ལ་ཉལ་བས་འོད་གསལ་ཟིན་པའི་གནད་ཡོད་དོ། །སླར་ནངས་པར་
ལྷ་ཡི་ང་རྒྱལ་དུ་ལངས་ལ། བདག་བསྐྱེད་དང་། མདུན་བསྐྱེད་ཐམས་ཅད་བྱེད་དེ་ལྟ་བུ་ལ་མུ་མཐུད་པར་བྱེད་དོ། །ཐུན་མ་བསྡུས་པར་ཞག་འདས་ན་རྟག་པའི་མཐར་ལྟུང་བའི་ཉེས་པ་ཅུང་ཟད་ཡོད་ཟེར། མཆན། འདིའི་མན་ངག་ལ་བསྙེན་སྒྲུབ་གཉིས་དང་བྱང་ཆུབ་བསྒྲུབ་་པ་ལ་ཐུན་བསྡུས་ན་ལེགས། ལས་སྦྱོར་རྟགས་ཐོན་བྱེད་ན་མི་བསྡུ་བ་ཟབ་བོ། །དུས་བསྙེན་ནི་ཟླ་གསུམ་མམ་ཟླ་བ་དྲུག །ཟླ་གཅིག་གམ་ཞག་ཉེར་གཅིག་པས། གཏོར་སྒྲུབ་སོགས་ནི་ཞག་ཉེར་གཅིག་གམ་ཞག་བདུན་ལ་བྱའོ། །གྲངས་ནི་འབུམ་ཕྲག་ཉེར་གཅིག་གཙོ་ཆེར་བཞག་ཅིང་། བྱེ་བ་གཅིག་གམ། ཡང་ན་བདུན་འབུམ་གྱིས་ལས་སྦྱོར་ཆོག་ཅེས་པཎྜི་ཏ་ཨ་བྷྱ་ཀ་རས་གསུངས་ཤིང་། ཡང་ཨོ་རྒྱན་རིན་པོ་ཆེས་སུམ་འབུམ་གྱིས་ཆོག་པར་གསུངས་ལ། གསར་མ་སྤྱི་ལྟར་གཙོ་བོ་ལ་འབུམ་ཚོ་དང་། འཁོར་ལ་ཁྲི་བཟླས་ཀྱང་ལས་ལ་སྦྱར་རུང་ངོ་། །རྡོ་རྗེ་གདན་པས་དུས་དང་གྲངས་ལ་ངེས་པ་མེད་རྟགས་གཙོ་ཆེ་བར་གསུངས་པས་རྟགས་ཡིག་ལྟར་རྟགས་ཐོན་པར་བྱའོ། །དཔལ་ཡེ་ཤེས་ཀྱི་མགོན་པོའི་ཆོ་ག་ལ་ཉེ་བར་མཁོ་བའི་དམིགས་རིམ་འདི་ནི་རང་གཞན་འགའ་ལ་ཕན་པའི་བསམ་པས་སྔགས་འཆང་ཀརྨ་ཨ་རཱ་གས་བཀོད་པའོ། །སྦ་འོས་གསལ་བཀོད་མངོན་ཕྱུང་འདི་ལ་འགལ་འཁྲུལ་ཉེས་པ་མཆིས་ན་
དཔལ་ཡེ་ཤེས་མགོན་པོ་ཐུགས་རྗེ་ཅན་འཁོར་དང་བཅས་པའི་དྲུང་དུ་བཤགས་ཤིང་འདི་ཕྱིའི་དངོས་གྲུབ་ཀྱི་གེགས་སུ་མ་གྱུར་ཅིག །མངྒ་ལཾ་དགེའོ།། །།
ཟུར་དེབ།
ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་དགྲ་བོའི་དོན་སྙིང་ནང་ཁྲོལ་རླངས་པ་མ་ཡལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ༴ ཨོྃ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ༴ དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་ཟད་མི་
ཤེས་པ་ནམ་མཁའི་མཐའ་དང་མཉམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་བཟློག །ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ནང་སྒྲུབ་སྐབས་ནང་འཁོར་བཞིའི་སྔགས་བསྔོ། ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་རཱུ་པི་ཎཱི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧུྃ་ཧཱུྃ་ཕཊ། ཨོཾ་སརྦ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཤྲཱི་ཡ་དྷེ་ཝི་སོགས།
རྟག་གཏོར་སྒོ་རུ་བཤམས་ཁ་དེར། གཏོར་ཁང་སྒོ་ཕྱེས་ཡིག་བརྒྱ་ལན་གསུམ་བརྗོད། གསང་བའི་གསོལ་འདེབས་བྱས་མཚམས་སུ། མདུན་བསྐྱེད་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་རུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲཱིཿལྗང་གུ། །ངོ་བོ་མགོན་པོ་རྣམ་པ་ཡིག་འབྲུའི་ཚུལ། །ཆར་བཞིན་བབས་ནས་བདག་གི་གནས་ལྔར་ཐིམ། །དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་གྱུར། །རང་ཉིད་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན། །བྱིན་རླབས་ནུས་མཐུ་དབྱེར་མེད་རྫོགས་པར་བསམ། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ། ཀཱ་
ཡ་སིདྡྷི་ཨོཾ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ། ཝཱ་ཀ་སིདྡྷི་ཨཱཿ ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ། ཙིཏྟ་སིདྡྷི་ཧཱུྃ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ། སརྦ་སིདྡྷི་ཧྲཱིཿ ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་སོགས་ནས་གང་ཟག་སྐྱོངས་ཤིག །བར་བརྗོད་ཀྱང་ལེགས། རྟག་གཏོར་སྒོར་བཤམས་གསོ་བྲན་འགུགས་བསྐུལ་སོགས་ཕུབ་རྫོང་དང་འདྲ། ཐུན་བསྡུ་ཁར། མདུན་བསྐྱེད་གསལ་བཏབ་ལ། མདུན་བསྐྱེད་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་རུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲཱིཿལྗང་གུ། །འོད་དང་ལྡན་པ་རིམ་བཞིན་འཕྲོས་ནས་ཀྱང་། །བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ནས་སྐུ་བཞི་མངོན་གྱུར་ཤོག །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཀཱ་ཡ་སིདྡྷི་ཨོཾ། ཧྲཱིཿཧ་སོགས༴ ཝཱ་ཀ་སིདྡྷི་ཨཱཿཧྲཱིཿཧ་ཧ་སོགས༴ ཙིཏྟ་སིདྡྷི་ཧཱུྃ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སརྦ་སིདྡྷི་ཧྲཱིཿ དགེའོ།། །།
ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། སྲུང་བའི་འཁོར་ལོ་བརྟན་པར་བཞུགས། སྡེ་བརྒྱད་གདན་ཐབས་དང་བཅས་པ་ལས་མགོན་གདན་ཐབས་དང་བཅས་པ་ལ་ཐིམ། ལས་མགོན་གདན་ཐབས་དང་བཅས་པ་ཡེ་ཤེས་ཀྱི་མགོན་པོ་གདན་ཐབས་དང་བཅས་པ་ལ་ཐིམ། ཡེ་ཤེས་མགོན་པོ་གདན་ཐབས་དང་བཅས་པ་གཙོ་བོ་ལ་ཐིམ། སྤྱི་གཙུག་བདེ་མཆོག་རང་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་
མཆོད་རྟེན་ཡེ་ཤེས་སེམས་དཔའ། གསེར་གྱི་རྡོ་རྗེ་ཉི་ཟླ་གའུ་ཁ་སྦྱོར་སྔགས་ཕྲེང་དང་བཅས་པ་ཧཱུྃ་ལ་ཐིམ། ཞབས་ཀྱུ་འ་ལ༴ འ་ཧ་ལ༴ ཧ་མགོ་བོ་ལ༴ མགོ་བོ་ཟླ་ཚེས་ལ༴ ཟླ་ཚེས་ཐིག་ལེ་ལ༴ ཐིག་ལེ་ནཱ་ད་ལ༴ ནཱ་དའང་དོན་དམ་པའི་སྟོང་པ་ཉིད་དོ། །སླར་ཡང་དེ་ཉིད་ཀྱི་ངང་ལས་རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རང་བཞིན་ཅན་དུ་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ།
ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནད་གདོན་སྡིག་སྒྲིབ་བྱུར་དང་སྐལ་པ་ངན་པ་སྟེང་ལྷ་ཡི་གདུག་པ་འོག་ཀླུ་ཡི་གདུག་པ་བར་མི་དང་མི་མ་ཡིན་གྱི་གནོད་པ་མོ་ལྟས་མཚན་ངན་བདུད་ཀྱི་ཞགས་པ་གཤིན་རྗེའི་ཕོ་ཉ་བྱུར་དང་སྐལ་པ་ངན་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་ཨོཾ། བདག་གི་ཚེ་བསོད་དཔལ་དང་འབྱོར་པ་ཁ་རྗེ་དབང་ཐང་ཉམས་རྟོགས་པ་ཡོན་ཏན་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་ཨོཾ། ཁམས་གསུམ་
སྲིད་གསུམ་པ་ཤཾ་ཀུ་རུ་ཡེ་ༀ། སྟེང་ལྷ་འོག་ཀླུ་བར་མིའི་རྒྱལ་པོ་བློན་པོ་བཙུན་མོ་འབངས་འཁོར་ཟས་ནོར་ལོངས་སྤྱོད་འབྲུ་བཅུད་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་ༀ། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཤཱ་ས་ན་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྦྱིན་སྲེག
༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྦྱིན་སྲེག་བཞུགས་སོ། །
བླ་མ་དམ་པ་ལྷག་པའི་ལྷ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་དམ་ཚིག་སྡོམ་པ་དང་ལྡན་ཞིང་རིམ་གཉིས་ཀྱི་རྣལ་འབྱོར་པས་ཞི་སོགས་ལས་རྣམས་བསྒྲུབ་པ་དང་། དངོས་གྲུབ་རྣམ་གཉིས་ཐོབ་པར་བྱ་བ་དང་། སྔགས་དང་ཆོ་གའི་ལྷག་ཆད་བསྐང་བ་དང་། དཀྱིལ་འཁོར་གྱི་ལས་དང་རྟེན་རབ་ཏུ་གནས་པ་ལ་སོགས་པ་དང་འབྲེལ་བའི་ཚེ་སྦྱིན་སྲེག་གི་ལས་བརྩམས་ཏེ། དཔལ་ཡང་དག་སྦྱོར་བ་ལས། སྣ་ཚོགས་ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །མེ་ནི་ལྷ་ཡི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་རྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དང་། །སྦྱིན་སྲེག་དག་གི་དེ་ཀུན་དགག །ཞེས་དང་། ཅེས་གསུངས་སྦྱིན་སྲེག་བྱ་བ་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། རབ་གནས་ལ་སོགས་
རྗེས་ལ་ནི། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། །སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །ཞེས་གསུངས་སོ། །དེས་ན་ལས་ཀྱི་རིམ་པ་ལ་འཇུག་པ་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་གསུམ་སྟེ། ལས་སོ་སོའི་ཐབ་བཅའ་བ་དང་། ཡོ་བྱད་རྣམས་ཇི་ལྟར་བཤམས་པ་དང་། སློབ་དཔོན་གྱི་ཆས་གོས་བསྟན་པའོ། །དང་པོ་ནི། སམ་བྷུ་ཏྲི་ལས། མངོན་སྤྱོད་ཐབ་ཁུང་བྲུ་གསུམ་པ། །རྒྱ་ནི་སོར་མོ་ཉི་ཤུ་སྟེ། །འོག་གི་ཐད་དུ་སོར་མོ་བཅུ། །མུ་རན་ལ་ནི་སོར་མོ་གསུམ། །དུར་ཁྲོད་སོལ་བས་བྱུག་པར་བྱ། །ཞེས་དང་། ནག་པོ་པས། མངོན་སྤྱོད་ལ་ནི་སོར་གསུམ་མོ། །དབང་དང་དབུ་པ་དེ་དང་འདྲ། །གང་དུ་སྦྱིན་སྲེག་བྱ་བའི་གནས་སུ་སྟེགས་བུ་འདུ་བྱ་བ་སོགས་བསྒྲུབས་ནས་ཐོག་མར་ཐིག་གདབ་པ་ནི། ཚངས་ཟུར་བཞི་པོ་ལེགས་པར་བཏབ་སྟེ། དབུས་ནས་སོར་མོ་ཉི་ཤུ་དང་། །གསུམ་པ་གཉིས་ཀྱི་ཟླུམ་སོར་བསྐོར། །དབུས་ནས་ཟླུམ་
མཐའི་སོ་སོའི་ཚངས། །ནུབ་ཀྱི་ཚངས་ཟླུམ་འདུས་སྟེང་ནས། །གཡས་གཡོན་བྱ་རྗེས་བཙལ་སྟེང་དུ། །རིམ་པ་བཞིན་ཏུ་གྲུ་གསུམ་བཏབ། །གྲུ་གསུམ་ནང་མ་མ་རེག་བསྐོར། །དེ་ཡི་སུམ་ཆ་ལྟེ་བ་སྟེ། །པདྨ་འདབ་བརྒྱད་དྲག་པོ་འགྲུབ། །དེ་ལྟར་ཐིག་རྣམས་གདབ་པར་བྱ། །དེ་ནས་ཐབ་ཁུང་བརྩེགས་ན། ཐབ་རྣམས་ཀྱི་ཁ་དོག་དབྱིབས་སོགས་ནི་འོག་གི་ཐབ་བསྐྱེད་ནས་གསལ། ཐབ་བརྩེགས་པའི་རྒྱུ་ནི། དགོན་པའི་བ་ལང་གི་ལྕི་བ་སོགས་སྲོག་ཆགས་མེད་པའང་རུང་སྟེ། ཐབ་ཀྱི་མཆུའི་ནང་དུ་དམ་པར་བརྩེགས་པའི་ནང་གི་ཤར་ལྷོར་རྫའི་ཀོང་བུ་ལས་མཐུན་གྱི་མར་གྱིས་བཀང་བ་སྡོང་བུ་ཅན་བཞག་གོ། །གཉིས་པ་ཡོ་བྱད་རྣམས་ཇི་ལྟར་བཤམས་པ་ནི། སློབ་དཔོན་གྱི་གཡས་ཕྱོགས་ནས་བརྩམས་ཏེ། གཡས་བསྐོར་དུ་རིམ་པ་བཞིན་ཆུ་བཞི་ཉེར་སྤྱོད་ལྔ། མར་ལ་བཅས་པའི་གཏོར་མ་དང་བཅས་པ་སྟེགས་བུ་མཐོ་དམན་ནམ་ཕྱི་ནང་བྱས་པའི་ཁར་འདས་མ་འདས་གཉིས་ཀྱི་མཆོད་པ་ཚར་གཉིས་བཤམས། མ་འབྱོར་ན་ཅི་འབྱོར་ཚར་གཅིག་བཤམས་ལ་མཆོད་འབུལ་རེ་རེ་ཞིང་མཆོད་པ་རྣམས་བརྗེ་བའི་ཁ་གསོ། ཡང་གཡས་ཕྱོགས་ཀྱི་མདུན་ངོས་ནས་བརྩམས་ཏེ་དྲག་པོ་སྐྱེར་པ་ལྟ་བུ་དང་ཤིང་ནག་པོ་ཚེར་མ་ཅན་རོ་ཁ་བ་དང་། ཚ་བའི་རང་བཞིན་གྱི་རྩ་བའི་ཆ་ལས་བྱུང་བ། སོར་མོ་བཅུ་གཉིས་པ་རྩེ་མོ་རྣོ་བ་དུག་དང་ཁྲག་དང་ལྕེ་ཚ་སོགས་རོ་ཁ་ཞིང་ཚ་བས་བྱུག་པའོ། །འདིའི་བུད་ཤིང་ཀྱང་རོ་ཚ་བ་དང་དྲི་མི་ཞིམ་པའོ། །དྲག་པོ་ལ་མར་ནག་ཚ་
མོའོ། །འབྲས་སོ་བ་སོགས་ནི་སྤྱི་མཐུན་ནོ། །མངོན་སྤྱོད་སྟེ་བསད་པ་ལ་ཁྲག །ལན་ཚྭ་སྐྱེ་ཚ། དུག །བག་ཟན་ལ་གྲོགས་ཀྱི་ལེང་གའི་ནང་དུ་མིང་བཅུག་ཅིང་། དུག་དང་ཁྲག་གིས་བྱུགས་པས། བིམ་པའི་ལོ་མ་རོ་ཐལ་སྐྱེས་པའི་རུས་ཕྱེ་རྣམས་སོ། །བསྐྲད་པ་ལ་བོང་བུ་དང་རྔ་མོའི་སྤུ། ཁྱིའི་བྲུན་དང་སྤུ། དེ་དག་གི་སེན་མོ། བྱ་རོག་གི་སྒྲོ་རྣམས་སོ། །དབྱེ་བ་ལ་འུག་པ་དང་བྱ་རོག་སྒྲོ་སོགས་དགྲ་གཤེད་དུ་གྱུར་པའི་སྤུ་གང་འཛོམས། ཤ་ཆེན་ཁྱིམ་བྱའི་ཚིལ། ཚེར་མ། སྒྲུབ་བྱའི་རྗེས་ཀྱི་ས་དང་། སྐྲ་ནི་ཀུན་ལ་ཏེ་ཐམ་ཅད་མར་ནག་སྦགས་པའོ། །དྲག་པོའི་མཆོད་རྫས་ཀྱང་ཁྲག་ཆེན་ནམ། ཁྲག་གི་མཆོད་ཡོན། དུག་གི་ཚེར་མ་ཅན་གྱི་མེ་ཏོག་ནག་པོ། གུ་གུལ་གྱི་སྤོས། ཚིལ་ཆེན་ནམ། མར་ནག་གི་མཆོད་མེ། མཁྲིས་པའི་དྲི་ཆབ། ཤ་ཁྲག་གི་སྦགས་པའི་ལྷ་བཤོས། མི་རྐང་དང་མི་ཐོད་ཀྱི་རོམ་མོ་རྣམས་སོ། །ཐོད་པའི་ལྕགས་སོགས་མཆོད་རྫས་གཡས་དང་གཡོན་དུ་བཤམས་སོ། །སློབ་དཔོན་གྱི་མདུན་དུ་མེ་ཡོལ་གྱི་ནང་གཡོན་ནས་རིམ་བཞིན། མེ་ལྷའི་གདན་གྱི་ཀུ་ཤ་ཆུན་པོ་བཅུ། ནང་མཆོད་རྡོ་རྗེ་གང་བླུགས་ཁ་སྦྱར་དྲིལ། མེ་ཏོག་བསང་གཏོར་གྱི་ཀུ་ཤ །རླུང་གཡབ་རྣམས་བཤམ། གཞན་རྣམས་ལས་མཐུན་གྱི་ཁྲུས་རས་དང་གོས་ཟུང་རྣམས་ཀྱང་བཤམ་མོ། །གསུམ་པ་སློབ་དཔོན་ཆས་གོས་སོགས་བསྟན་པ་ནི། དྲག་པོ་སྐབས་སུ་བབ་པས་གོས་ནག་དང་རུས་རྒྱན་རྣམས་སོ། །ཁ་བལྟ་ཕྱོགས་གདན་དང་འདུག་ཚུལ་ནི་ལྷོའི་ཕྱོགས་
དང་། བསྒྲུབ་བྱའི་གཟུགས་ཀྱི་བྲང་ངམ་གདན་ནག་པོའམ། གདན་མེད་ཀྱང་རུང་སྟེ་རྐང་པས་རྐང་བ་མནན་པའམ། གཡས་སྐྱིལ་ཀྲུང་དང་། གཡོན་བརྐྱང་བ་བསླང་བའམ། པུས་མོ་གཉིས་ས་ལ་བཙུག་པས་འདུག་གོ། །དུསནི་དྲག་པོ་ལ་ཡར་ངོའི་བརྒྱད་དང་བཅུའི་ཕྱེད་དམ་ནམ་གུང་སྟེ་ཐམ་ཅད་ལས་དང་མཐུན་པའི་ཉམས་ཀྱིས་བྱའོ། །གཉིས་པ། དངོས་གཞི་ལ་གཉིས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོ་གའོ། །དང་པོ་ནི། བདག་ཉིད་ཁྲུས་བྱས་ལས་དང་མཐུན་པའི་ཚོན་དང་དྲིས་བྱུགས། བསྒྲུབ་མཆོད་དང་འགྲེལ་ན་བདག་བསྐྱེད་ཐུན་བསྡུ། ཡན་འགྲེ་བས་མཐུས་ཤིང་ཡི་དམ་བདག་བསྐྱེད་རྫོགས་ནས་སླར་ཐུན་བསྡུ་ལ། སླར་རང་ཉིད་ལས་ཀྱི་ཧེ་རུ་ཀའམ་ལས་ཀྱི་མགོན་པོ་གསལ་གདབ། དེ་ནས་སྨད་ལས་དགྲ་བགེགས་ལམ་ཁྱེར་སྐབས་སུ་ཁ་བསྒྱུར་གྱི་དམིགས་པ་འདེབས་ཚུལ་ནི། རང་ཡི་དམ་གྱི་ང་རྒྱལ་གྱིས་ཐུགས་ཀ་ནས་འོད་ཟེར་གནམ་ལྕགས་ཀྱི་ཐོག་ལྟ་བུ་དགྲ་བགེགས་ཀྱི་སྙིང་གར་ཕབ་པས་སྲོག་མར་མེ་ལྟ་བུ་ཐུམ་གྱིས་བསད་དེ་ཐལ་བར་བརླག་པ་སོགས་གསུངས་པ་ལྟར་སོ་སོའི་མན་ངག་བཞིན་བྱའོ། །འགུགས་པའི་སྐབས་སུ་བདག་མདུན་གྱི་ལྷ་ཚོགས་དེ་དག་ནི་ཐུགས་ཀ་ནས་ལྷ་ཚོགས་དེ་དག་རྟ་དམག་གི་རྣམ་པར་ཆས་ཤིང་། ཕྱག་ཏུ་ཞགས་པ་འབའ་ཞིག་ཁྱེར་ཏེ་དགྲ་བགེགས་ཐམས་ཅད་བཀྱིགས་ནས་ཁུར་བྱུང་བར་བསྒོམ། ཕུར་གདབ་ཀྱི་སྐབས་སུ་ཕུར་པའི་སྐུ་ཆེ་ཆེ་ཕྲ་དཔག་མེད་སྤྲོས་ཏེ་དགྲ་བོ་མི་ནོར་ཐ་ནའང་
ཤིག་རེའི་སྟེང་དུའང་ཕུར་པའི་སྐུ་དེ་དང་མཚམས་པ་རེ་བཞུགས་ནས་དགྲ་བོ་ཐམ་ཅད་དམྱལ་ཐག་གཅོད་པར་བསྒོམ། གཏོར་མར་འགུགས་པའི་སྐབས་སུ་བདག་མདུན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མགོན་པོ་ཁྲོ་བོའི་ཚོགས་ཐམས་ཅད་སེངྒེ་དང་སྟག་མོ་ཁོ་ནར་གྱུར་ནས་དགྲ་བོ་མི་ནོར་དང་མཉམ་པར་སྤྲུལ་ནས་རེ་རེས་དགྲ་བོ་རེ་རེ་གྱུར་མིད་བྱས་ནས་ཚུར་འོང་ཞིང་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་ཁོལ་བཞིན་པའི་ནང་དུ་བཀུགས་པས་དགྲ་བོ་རྣམས་ཀྱི་ཤ་རུས་སོགས་མ་དག་པའི་ཆ་ཐམ་ཅད་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཆོས་སྐྱོང་ལ་འབུལ་བར་བྱེད་དོ། །ཞེས་གསུངས་པ་རྣམས་དོན་སོ་སོར་སྦྱར་ཚུལ་དེ་བཞིན་ཏེ་གཏོར་འབུལ་སྲེག་རྫས་འབུལ་བ་ཐམ་ཅད་ཀྱི་སྐབས་སུ་དགྲ་བགེགས་ཐམས་ཅད་གཏོར་མ་བསྲེག་རྫས་དང་མཉམ་དུ་མགོ་རྟིང་ལྡོག །རྐང་མཐིལ་སྐྱ་ལྷག་ལྷག་མ་ལུས་པ་ཞལ་དུ་གསོལ་བར་བསམ། འདི་དམིགས་པ་ཙམ་གྱིས་ཆོག །ཅེས་གསུངས་པས་ཆོས་སྐྱོང་ལ། དགོངས་པ་བླངས་པའི་ཚུལ་དུ་བྲིས། དེ་ནས་བདུད་རྩི་བྱིན་རླབས་བྱ་བ། སླར་ཡང་དེ་ཉིད་ཀྱི་ངང་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པ་རང་བཞིན་ཅན་དུ་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། འདིར་ནང་མཆོད་བདུད་རྩི་བྱིན་རླབས། ཨོཾ་ཁཎྜ་རོ་ཧེ་སོགས། འདི་ནས་བཟུང་སྟེ་སྦྱིན་སྲེག་མ་གྲོལ་གྱི་བར་དུ་ངག་སྨྲ་བཅད། ལག་རྡོར་དྲིལ། ཡིད་ཏིང་ངེ་འཛིན་དང་
མ་བྲལ་བར་དགོས་ཤིང་། རྡོར་དྲིལ་བྱིན་རླབས་སྔར་བྱས་མེད་ན། འདིར་བྱིན་རླབས་དགོས་པ་ཆོ་ག་སོ་སོ་ལས་འབྱུང་པ་ལྟར་རམ། ཡང་རྡོར་དྲིལ་ལ་ནང་མཆོད་གཏོར་ལ། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་བས་སྦྱང་། རྡོར་དྲིལ་མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་ལས་རྡོ་སེམས་ཡབ་ཡུམ་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །སྣང་ལ་རང་བཞིན་མེད་པའི་སྐུ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ། །དབང་གི་ལྷར་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་དབང་ལྷ་འཁོར་བཅས་ཀྱིས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་བརྟན་པ་ལ། །མི་བསྐྱོད་པ་ཡི་དབུ་བརྒྱན་གྱུར། །རྡོར་སེམས་ཡབ་ཡུམ་ཞུ་བ་ལས། །རྡོར་དྲིལ་མཚན་ཉིད་ལྡན་པར་གྱུར། །ལག་མཐིལ་གཡས་སུ་ཟླ་བ་དང་། །གཡོན་དུ་ཉི་མའི་དཀྱིལ་
འཁོར་གསལ། །བར་བསམ་སྟེ་པད་ཀོར་བཅས་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ། རྡོ་རྗེ་བླངས་ཏེ་གསོར། ཨོཾ་བཛྲ་གཎྜེ་ཨཱཿ ཞེས་པད་ཀོར་དང་བཅས་ཏེ་དྲིལ་བུ་བླངས་ལ། སླར་ཡང་པད་ཀོར་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིངྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་བཞིན་པས་རྡོ་རྗེ་ལན་གསུམ་གསོར། སླར་ཡང་གཏོད་དེ་སྙིང་གར་བཟུང་ངོ་། །དེ་ནས་དྲིལ་བུ་གནས་བརྒྱད་དུ་བསྐོར་ཏེ་བསིལ། དྲིལ་ལྕེ་དྲིལ་བུའི་ཕྱོགས་མཚམས་བརྒྱད་དུ་རེས་མོས་ཀྱི་རེག་པར་བསིལ་བཞིན་པས། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་ཙ་ལི་ནི་པྲཉྫཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བེ་དེ་བཛྲ་དྷརྨཱ་ཧྲྀ་ད་ཡ་ནི་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨ་ཁཾ་སྭཱ་ཧཱ། ཞེས་བརྗོད་པ་པད་ཀོར་བྱས་ཏེ་རྡོ་རྗེ་བཟུང་ཞིང་དྲིལ་བུ་སྒྲ་ཆེ་བ་གསུམ་བཀྲོལ་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲས་བསྐུལ་ཞིང་མཆོད་པར་བསམ་སྟེ་གྲགས་སྟོང་དུ་བཞག་གོ། །དེ་ནས་སྔོན་འགྲོ་གཏོར་མ་བདུད་རྩིས་བྲན། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་བས་
སྦྱང་། འབྱུང་གཏོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ལ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མི་ཡི་ཤ །ཤར་དུ་གྷོ་ལས་བ་གླང་གི་ཤ །ལྷོར་རུ་ཀུ་ལས་ཁྱི་ཡི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡེ་གེ་དག་གི་མཚན་པའོ། །ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཁོལ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་སྟེང་དུ་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལ་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་བལྟ་བ། དེའི་སྟེང་དུ་
ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཕེཾ་ཕེཾ་ཕེཾ། ཞེས་པས་མགྲོན་རྣམས་སྤྱན་དྲངས། པད་ཀོར་དང་བཅས་ནས་གཏོར་མ་འབུལ་བ་ནི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པཱི་ཤ་ཙ། ཨུཏྨ་དཱ་ཨ་པ་སྨ་ར་ཌཱ་ཀ་ཌཱཀི་ནྱ་ད་ཡ། ཨི་དམ་བ་ལིཾ་གྲི་ཧྣནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིངྡྷི་མྨེ་པྲ། ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། ཛི་གྲ་ཐ། པི་པ་ཐ། མ་ཏི་པྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སཏྶུ་ཁཾ་བི་ཤུདྡྷེ་ས་ཧ་ཡི་ཀཾ་བྷ་ཝནྟུ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཞི་འམ་གསུམ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་བརྗོད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་
གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་རྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འབྱུང་པོ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་དཀྱིལ་འཁོར་གྱི་བྱ་བ་
རྣམས་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་བསྲུང་བའི་ཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་སུ་གྱུར་པ་རྣམས་གསང་སྔགས་ཟབ་མོའི་ཆོ་ག་ལ་ཉན་པ་དང་བལྟ་བར་མི་དབང་བ་ཐམས་ཅད་འདིར་མ་འདུག་པར་གཞན་དུ་དེངས་ཤིག །རོལ་མོ་འཇོག །དུང་རྐང་། ཅེས་པའི་བར་གྱིས་གཏོར་མ་བཏང་། སུམྦྷ་ནི་སོགས་ནས། ཨོཾ་བཛྲ་པྲ་ཀ་ར་ཧཱུྃ། རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པའི་གུར་ཁང་ཟླུམ་པོ་ཞིག་ཏུ་གྱུར། དེའི་ཕྱི་རོལ་དུ། ཨོཾ་བཛྲ་ཙཀྲ་པྲ་ཀཱ་ར་ཧཱུྃ། དཀྱིལ་འཁོར་དཀར་པོ་ཨོཾ་གྱིས་མཚན་པའི་གུར་ཁང་ཟླུམ་པོ་ཞིག་ཏུ་གྱུར། དེའི་ཕྱི་རོལ་དུ་ཨོཾ་བཛྲ་ཛྭ་ལ་ཨཱ་ན་ལརྐ་ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་ཀྱི་མེ་རི་ཁ་དོག་ལྔ་དང་ལྡན་པའི་གུར་ཁང་དུ་གྱུར། ༈ ལས་བུམ་དུ་པདྨ་ཉི་མའི་སྟེང་དུ་པྃ་ལས་ཁཎྜ་རོ་ཧེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་མཆེ་བ་བཞི་བརྩེགས་ཤིང་ཅུང་
ཟད་འཛུམ་པ་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་སྐྲ་གྲོལ་བ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། ཞབས་གཡས་བརྐྱང་བའི་གར་ལྟབས་ཀྱིས་ཡེ་ཤེས་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། བཟླས་མཐར། བུམ་པའི་ལྷ་ཡེ་ཤེས་པ་དང་དམ་ཚིག་པ་གཅིག་ཆར་དུ་ཞུ་བ་བུམ་ཆུར་གྱུར། ཁཎྜ་རོ་ཧེ་དཀྱིལ་འཁོར་མཐར་མ་ཕྱིན་བར་བཞུགས་སུ་གསོལ། དེ་ནས་མེ་སྦར་བ་ནི། ཤན་པའི་ཁྱིམ་ལས་བྱུང་བའོ། །རོ་བསྲེག་གི་སྡོང་དུམ་ལས་བྱུང་བའི་མེ། མེ་སྣོད་དུ་བཞག་ལ་བསངས་ཆུ་གཏོར་ནས། ཨོཾ་ཁཎྜ་རོ་ཧེས་བསང་། དཔལ་འབར་ལ་མེ་སྦར་ཏེ་སླར་ཡང་བསངས་ཆུ་གཏོར་ལ། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་ཐབ་ཀྱི་ཤར་ལྷོར་བཞག །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དེ་རླུང་གཡབ་ཀྱིས་གཡབ་ཅིང་མེ་སྦར་རོ། །ཡང་བུད་ཤིང་ཉུང་བ་ལྟ་
བུར་མགྱོགས་པར་དགོས་ཚེ་མེ་ལྷའི་གདན་བཤམས་ནས་སམ། མེ་ལྷ་བསྐྱེད་ནས་མེ་སྦར་བ་ཡང་ཡོད་དོ། །ཨོཾ་ཁཎྜ་རོ་ཧེ་སོགས་ནས། མར་ཁུ་དགང་བླུག་གསུམ་མམ་བདུན་གྱིས་མེ་གསོ། སམྦྷུ་ཊའི་ལས། ཐབ་ཁུང་ཀུན་ཏུ་ཀུ་ཤ་ནི། །རྩེ་མོ་དྲག་པོས་ཡོངས་སུ་བསྐོར། །ཞེས་པ་ལྟར་ཀུ་ཤའི་ཆུན་པོ་མ་ཉམས་ཤིང་རིང་ཐུང་སྤར་ཟུར་དུ་བྱས་པ་དག་རིམ་པས་བླངས་ཏེ་ལག་གཉིས་བཟུང་། ཅུང་ཟད་པད་སྐོར་དང་བཅས་ཏེ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་འདི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྲ་ས་ཏྭ་ཨཱ། ཞེས་ཆུན་པོ་ཆེ་བ་ཟུང་ཞིག་ཐབ་ཀྱི་སྟེང་དུ་རྩེ་ཤར་དུ་བལྟ་བས་བཞག་སྟེ་མེ་ལྷའི་གདན་དུ་བསམ། ཆུན་པོ་གཞན་དག་ནི་རང་གི་ཕྱོགས་གཡོན་ནས་བརྩམས་ཏེ། གཡོན་བསྐོར་སྔ་མའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པར་བསྐོར་ཐབས་སུ་བཀྲམ་མོ། །འདི་ནི་མེ་ལྷའི་གདན་དང་སྦྱིན་སྲེག་གི་བྱ་བ་ལ་སྲུང་འཁོར་དུ་འགྱུར་བས་ཐོག་
མར་བྱ་ཞིང་། ཐབ་བསྐྱེད་པའི་གོང་ངམ་འོག་ཏུ་བྱེད་པ་ཡང་ཡོད་དོ། །དེ་ནས་མཆོད་པ་བྱིན་རླབས་ནི། ཨརྒྷཾ་གྱིས་མཆོད་ཡོན། པཱདྱཾ་གིས་ཞལ་བསིལ། ཨཱཉྩ་མཱ་ནཾ་གྱིས་ཞབས་བསིལ། སརྦ་སཾ་ཤྭ་དྷ་ནི། ཞེས་པའམ། པྲོཀྵ་ཎཾ་གྱིས་འཐོར་འཐུང་སྟེ། གཞུང་ལྟར་བྱིན་རླབས་བྱེད། བསྲེག་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེ་ནས་ནང་མཆོད་བྱིན་རླབས་ནི། དམ་ཚིག་བདུད་རྩི་གཅིག་ཏུ་གྱུར། །ཞེས་པའི་བར་གྱིས་བྱིན་བརླབས་ལ། དེ་ནས་ངོ་བོ་བདུད་རྩི་རང་བཞིན་ལ། །རྣམ་པ་བསྲེག་རྫས་སོ་སོར་གྱུར། །ཅེས་སྦྱོར་ཏེ། ཨོཾ་ཨཱཿཧཱུྃ། ཨོཾ་ཋཿཋཿཋཿཋཿཋཿཋཿཋཿཋཿ དགང་བླུག་ལག་གཡོན་གོ་ལྡོག་སྟེ་མར་ཁུ་ལ་རེག་བཞིན། ཨོཾ་ཤྲཱིཾ་སྭཱ་ཧཱ། ཡམ་ཤིང་ལ་རེག་ཅིང་། ཨོཾ་ཨཱཿསྭཱ་ཧཱ། འབྲུ་ཐམས་ཅད་ལ་རེག་སྟེ། ཨོཾ་ཛྲཱིཾ་སྭཱ་ཧཱ། རྫས་སྦྱང་བའོ། །ཡང་བསྲེག་རྫས་ཐམས་ཅད་ལ་རིམ་བཞིན་རེག་སྟེ། ཨོཾ་སྭ་སྭཱ་ཧཱ། རྫས་བཀྲུ་བའོ། །ཡང་རྫས་ཐམས་ཅད་ལ་རིམ་པས་རེག་སྟེ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་པའོ། །དེ་ནས་ཐབ་བསྐྱེད་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། ཐབ་ཁུང་
མི་དམིགས་སྟོང་ཉིད་གྱུར། །སྟོང་པའི་ངང་ལས་པད་ཉིའི་སྟེང་། །དྲག་པོའི་ཐབ་ཁུང་ཟུར་གསུམ་ནག །སོར་མོ་ཉི་ཤུའི་རྒྱ་ཁྱོན་ཅན། །རྒྱ་ཕྱེད་དཔངས་ལྡན་སོར་གསུམ་གྱི། །མཆུ་དང་ཁ་ཁྱེར་དེ་སྟེང་དུ། །རྡོ་རྗེ་ནག་པོའི་ཕྲེང་བ་དང་། །གྲྭ་བཞིར་རྡོ་རྗེ་ནག་པོས་སྤྲས། །དེ་དབུས་པདྨ་འདབ་བརྒྱད་ལྟེར། །དྲག་པོའི་རྡོ་རྗེས་མཚན་པར་གྱུར། །ཐབ་ཀྱི་དབུས་སུ་མེ་དཀྱིལ་ནང་། །པད་ཉིའི་སྟེང་དུ་རཾ་ཡིག་ལས། །དྲག་པོའི་མེ་ལྷ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་མེ་ཐབ་དང་། །རིལ་བ་འཛིན་པ་དྲང་སྲོང་ཚུལ། །རལ་པའི་ཚོགས་ཅན་ཉམས་དང་ལྡན། །གསུས་འཕྱང་ཚངས་སྐུད་ནག་པོས་བརྒྱན། །ར་སྐྱེས་ལ་གནས་འཁོར་བཅས་ཀྱིས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་ནས། །མེ་ལྷ་འཁོར་བཅས་སྤྱན་དྲངས་ཏེ། །ཨོཾ། ཚུར་བྱོན་ཚུར་བྱོན་འབྱུང་པོ་
ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུ་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་མཉེས་པར་མཛོད། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་པ། །ཐུགས་རྗེའི་སེམས་ཅན་དོན་གྱི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཊཱཀྐི་ཧཱུྃ་ཛཿ ཅེས་ལག་པ་གཡས་པས་གཡོན་པའི་འཁྲིགས་མ་ནས་བཟུང་སྟེ་ཀུ་ཤ་དང་བཅས་པས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་ལ། མཐེ་བོང་གིས་སྲིན་ལག་རྩ་བར་གཡབ་ཅིང་སྤྱན་དྲངས་ཏེ་ཐབ་ཀྱི་ཤར་ལྷོར་མེ་ཏོག་གཅིག་འཕང་སྟེ། ཐབ་ཀྱི་ཤར་ལྷོའི་ཀུ་ཤ་ཡི། །གདན་ལ་མེ་ལྷ་ཡེ་ཤེས་པ། །འཁོར་དང་བཅས་པ་བཞུགས་པར་གྱུར། །ཞེས་བརྗོད་བསྟོད་ཞལ་སོ་སོར་ཆུ་བཞི་སྦྲེང་སྟེ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ཨཱཉྩ་མ་ནཾ། པྲོཀྵ་ཎཾ་ཞེས་པས་ཆུ་བཞི་ཕུལ། དེ་ནས་ལག་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོང་གིས། མཐེའུ་ཆུང་མནན་པ་རྩེ་གསུམ་གྱི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛྭ་ཡ་
ལ་སརྦ་བྷསྨིཾ་ཀུ་རུ་སརྦ་དུཥྚཾ་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཞེས་དམ་ལ་བཞག །ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས། །རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟན་པ་ལས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །ཅེས་སྦྱར། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་པཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ་སོགས་ནས་ཤབྡའི་བར་གྱིས་གདན་མཆོད་འབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་
གིས་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིགས་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་མཉེས་ཀྱང་ཐུགས་རྗེ་ཆེ། །ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །མེ་ལྷ་ཅུང་ཟད་ཞལ་གདང་བའི། །ལྗགས་ལ་རཾ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ན་མཿས་མནྟ་བུདྡྷ་ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་ཨ་དཱི་བྱ། ཞེས་ལག་གཉིས་རྡོར་དྲིལ་དགང་བླུགས་འཛིན་པས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅས་
མར་ཁུ་དགང་བླུགས་གསུམ་མམ་བདུན་བྱོན་ཟན་དུ་འབུལ་ཏེ། སྤེལ་ཚིག་ནི། བདག་ཅག་སློབ་དཔོན་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་རྣམས་དང་། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཅེས་འདོད་དོན་གསོལ་ཞིང་སྔགས་ཚིག་རྣམས་བརྗོད་བཞིན་པས་ལག་གཉིས་རྡོར་དྲིལ་བཅས་པའི་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བརྐྱང་བས་དགང་བླུགས་བཟུང་། གཡས་པས་བླུག་གཟར་གྱིས་མར་ཁུ་གསུམ་མམ་བདུན་སོགས་དགང་གཟར་དུ་བླུགས་ཏེ་གང་བ་དང་། ལག་གཉིས་སྔར་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་དེ་ཁ་སྦྱར་བླུགས་གཟར་མར་ཁུས་གང་བ་དགང་གཟར་གྱི་སྟེང་དུ་འཛིན་པའམ་སྦྱར་ལ་གོ་ལྡོག་པས་གྲུ་མོ་གཉིས་པུས་མོའི་ནང་དུ་མ་ཤོར་བར་གཡོན་དུ་བསྐོར་ཞིང་མར་ཁུ་དགང་བླུགས་གསུམ་མམ་བདུན་གྱིས་བྱོན་ཟན་དབུལ། དེ་ནས་བསྲེག་རྫས་འབུལ་ཏེ་ཡམ་ཤིང་རྣམས་རྩེ་མོ་གྱེན་དུ་བསྟན་ན་གཡོན་པའི་མཐེབ་སྲིན་ནམ་གུང་མཐེབ་ཀྱིས་འབུལ་ཞིང་། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། སྔགས་རེ་དང་ཡམ་ཤིང་རེ་བསྟུན་ཏེ་འབུལ་ཞིང་སྔགས་བཟླ་གྲོགས་ཡོད་ནང་དུ་ཡོད་ཀྱི་གྲངས་དང་མཉམ་པའི་ཡང་ཤིང་སྔགས་རེ་འབུལ། གྲངས་འཛིན་པོས་ཀྱང་དེ་ཉིད་གྲངས་འཛིན་པ་སྟེ། དེང་སང་སྦྱིན་སྲེག་ལ་གྲངས་རྐུན་བྱེད་པའང་འདི་
ནས་འཆུག་པ་ཡིན་པས་གྲངས་རྐུན་མི་བྱེད་ཅིང་ཚར་གསུམ་རེའམ་བདུན་རེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ་ཞེས་པའི་རྗེས་སུ་དྲག་པོའི་འདོད་གསོལ་ནི། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་བསྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་ཁུ། བདག་ཅག་དཔོན་སློབ༴ འབྱོར་བ་ཕུན་སུམ་ཚོགས༴ དམ་ཆོས༴ དགྲ་བགེགས༴ སརྦ༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཏིལ་ཏེ། བདག་ཅག༴ སྡིག་སྒྲིབ་ཞི་བྱེད་ལས་རྣམས་དང་། །དམ་ཆོས་བསྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་ཨརྠ་སིངྡྷ་ཡེ་སྭཱ་ཧཱ། ཡུངས་ཀར་ཏེ། བདག་ཅག༴ གདོན་བགེགས་ཞི་བྱེད་ལས་རྣམས་དང་། །དམ་ཆོས༴ དགྲ་
བགེགས༴ སརྦ༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཞོ་སྟེ། བདག་ཅག༴ ཤེས་རབ་ཕུན་སུམ་ཚོགས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། འབྲས་ཏེ། བདག་ཅག༴ ནོར་དང་འབྲུ་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ཨོཾ་ཨགྣ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་བེ་ག་ཡ་སྭཱ་ཧཱ། ནས་ཏེ། བདག་ཅག༴ ལས་ཀྱི་ཤུགས་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། སྲན་མ་སྟེ། བདག་ཅག༴ ལུས་ཀྱི་སྟོབས་རྣམས་རྒྱས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའོ། བདག་ཅག༴ ལུས་ཀྱི་ནད་རྣམས་མེད་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། དུརྦ་སྟེ།
བདག་ཅག༴ ཚེ་སྲོག་རིང་དུ་གནས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ཥི་བ་ཡ་སྭཱ་ཧཱ། ཤིང་ཐོག་སྣ་ཚོགས་ཏེ། བདག་ཅག༴ རིགས་རྒྱུད་ཕུན་སུམ་ཚོགས་པ་དང་། །དམ་ཆོས༴ དགྲ་བགེགས༴ སརྦ་མཱ་ར་ཡ་ཕཊ། ཅེས་སྦྱར་ཏེ། བདེ་མཆོག་སྡོམ་འབྱུང་ལས་ནི། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར་ལའོ། །ཞུ་བའི་རྫས་རྣམས་ཞལ་དུའོ། །ཀུ་ཤ་ནི་གདན་དུའོ། །དུརྦ་ནི་དབུ་ལ། ཞེས་འབྱུང་བ་ལྟར་བྱེད་པའང་ཡོད་དོ། །མེ་གསོ་བའི་ཕྱིར་བར་བར་དུ་མར་ཁུ་དགང་བླུགས་ཀྱིས་འབུལ་ལོ། །དེ་ཡང་སྡིག་པ་ཞི་བར་འདོད་ན་ཏིལ། ཚེ་རིང་བར་འདོད་ན་དུརྦ། བགེགས་ཞི་བར་འདོད་ན་ཡུངས་ཀར་སོགས་མང་དུ་འབུལ། གྲངས་ཀྱང་གཙོ་འཁོར་དེ་དག་ལ་སོགས་པ་ལྟར་སོ་སོ་སྐབས་ཐོབ་དང་བསྟུན། མར་ཁུ་དང་ཡམ་ཤིང་ནི་ཀུན་ལ་མེད་ཀ་མེད་དོ། །དེ་ནས་མེ་ལྷ་ཐམས་ཅད་མགོ་ཚིག་འདྲ་བར་མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་དྲག་
པོའི་ཕྲིན་ལས་མཛོད། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར༴ ལྷ་རྫས་དམ་པའི་བདུག་སྤོས་འདི། །དྲང་སྲོང་མེ་ལྷའི༴ བཞེས་ནས་དྲག་པོ༴ དྷུ་པེ༴ གཙང་ཞིང་གཙང༴ ལྷ་རྫས་དམ་པའི་སྣང་གསལ་འདི། །དྲང་སྲོང་མེ་ལྷའི༴ བཞེས་ནས༴ ཨ་ལོ་ཀེ༴ གཙང་ཞིང༴ ལྷ་རྫས་དམ་པའི་དྲི་ཆབ་འདི། །དྲང་སྲོང་མེ་ལྷའི༴ བཞེས་ནས༴ གནྡྷེ༴ གཙང་ཞིང༴ ལྷ་རྫས་དམ་པའི་ཞལ་ཟས་འདི། །དྲང་སྲོང་མེ་ལྷའི༴ བཞེས་ནས༴ ནཻ་ཝི་དྱ༴ གཙང་ཞིང༴ ལྷ་རྫས་དམ་པའི་རོལ་མོ་འདི། །དྲང་སྲོང༴ བཞེས་ནས༴ ཤབྟ༴ གཙང་ཞིང༴ ལྷ་རྫས་འཆི་མེད་བདུད་རྩི་འདི། །དྲང་སྲོང༴ བཞེས་ནས༴ ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་པཉྩ་ཨྲི་ཏ་པྲ་ཏཱིཙྪ་སྭཱ་ཧྭ། གཙང་ཞིང༴ ཟུང་འཇུག་བདེ་ཆེན་མཆོད་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་དྲག་པོས་
ཕྲིན་ལས་མཛོད། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་མ་ཏངྒི་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམ་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སྔོན་གྱི་དམ་བཅའ་མནའ་འདོར་ནས། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་དགང་བླུགས་གསུམ་ཕུལ་ནས། ཨོཾ་ཁཎྜ་རོ་ཧེ་ཞེས་སྔགས་དང་བསང་ཆུའི་མེ་དང་ཡོ་བྱད་རྣམས་བསངས་ལ། མེ་ལྷ་འཁོར་དང་བཅས་པ་རྣམས། །འོད་ཞུ་འབར་བའི་རྣམ་པར་གྱུར། །པར་བསམ་མོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཆོ་ག་ནི། མེ་ལྷའི་ལྟོ་བའམ་ཐུགས་ཀ་ནས་མེ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བསྐྱེད་པ་སྟེ། ཆོ་ག་སོ་སོའི་མདུན་བསྐྱེད་དབང་བསྐུར་རྒྱས་གདབ་ཀྱི་བར་ཡན་ལག་
བཞི་རྫོགས་པ་ལས་མགོན་པོ་ལྷ་བུ་ལ་མཚོན་ན། གདོང་ལྔ་དང་། བཟློག་པའི་མདུན་བསྐྱེད་ལྟར། ལྷ་སྲིན་སྡེ་བརྒྱད་ལ་ལས་མགོན་རེ་རེས་དབུ་བརྒྱན་པར་གྱུར་བར། མཆན། མདུན་དུ་དུར་ཁྲོད་ཀྱི་ས་གཞིར་ཞེས་པ་ནས་གཙོ་བོ་ལ་འཁོར་ལོ་བདེ་མཆོག་དང་འཁོར་རྣམས་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། སྐད་ཅིག་ཉིད་ལ་མགོན་པོ་འཁོར་བཅས་ཚོགས། །སྙིང་རྗེའི་དབང་གིས་དྲག་པོའི་སྐུར་བཞེངས་ཏེ། །མ་རུངས་བསྒྲལ་ནས་ཡང་དག་ལམ་ལ་བཀོད། །དྲག་པོའི་ཕྲིན་ལས་བསྒྲུབ་ལ་མངའ་བརྙེས་གྱུར། །དེ་ནས་བྱོན་ཟིན་འབུལ་བ་ནི། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ། །བཅོམ་ལྡན་མགོན་པོའི་ལྗགས་ལ་ཡང་། །ཧཱུྃ་ཡིག་དག་གིས་མཚན་པ་ཡིས། །སྲེག་རྫས་བདུད་རྩི་བཞེས་པར་གྱུར། །ཅེས་པའི་རྗེས་སུ་གཙོ་བོའི་སྙིང་པོའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧུྃ་ཧཱུྃ་ཕཊ། ན་མཿས་མནྟ་བུདྡྷ་ནཾ་ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཨ་དི་
བྱ་སོགས་སྦྱིན་སྲེག་གི་སྙིང་པོ་དང་མགོན་པོའི་སྙིང་པོ་ཉེ་སྙིང་གང་མོས་ཀྱིས་འབུལ། བདག་ཅག་སློབ་དཔོན་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་པ་ཡི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། དེ་ནས་མགོན་པོའི་མཆོད་པ་ནི། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཁྲག་ཞག་ཨརྒྷཾ་སྣ་ཚོགས་འདི། །དཔལ་ལྡན་མགོན་པོའི་ཞལ་དུ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཁྲག་ཞག་ཞབས་བསིལ་སྣ་ཚོགས་འདི། །དཔལ་ལྡན་མགོན་པོའི་སྐུ་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །པཱདྱཾ༴ ཧཱུྃ། བསྟན་དགྲ་མ་ལུས་ཀུན༴ དབང་པོ་རྣམ་ལྔའི་མེ་ཏོག་འདི། །དཔལ་ལྡན་མགོན་པོའི་དབུ༴ སྔགས་ཀྱི་མཆོད་པ༴ པུཥྤེ༴ ཧཱུྃ། བསྟན་དགྲ༴ ཚིལ་ཆེན་
ཞུན་གྱི་མར་མེ་འདི། །དཔལ་ལྡན་མགོན་པོའི་སྤྱན་ལ༴ སྔགས་ཀྱི༴ ཨཱ་ལོ་ཀེ༴ ཧཱུྃ། བསྟན་དགྲ༴ ཀླད་ཆེན་འབར་བའི་དྲི་མཆོག་འདི། །དཔལ་ལྡན་མགོན་པོའི་ཐུགས༴ སྔགས་ཀྱི༴ གནྡྷེ༴ ཧཱུྃ། བསྟན་དགྲ༴ ཤ་ཆེན་དོན་སྙིང་རྣམ་ལྔའི་བཤོས། །དཔལ་ལྡན་མགོན་པོའི་ལྗགས་ལ༴ སྔགས་ཀྱི༴ ནཻ་ཝི་དྱ༴ ཧཱུྃ། བསྟན་དགྲ༴ ཐོད་རྔ་མི་རྐང་གླིང་བུ་སྒྲ། །དཔལ་ལྡན་མགོན་པོའི་སྙན་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཤབྡ་པྲ་ཏཱིཙྪ༴བསྟོད་པ། གཏོར་བཟློག་སྐབས། བདེ་གཤེགས་ཐུགས་སྤྲུལ་མའམ་གང་འོས་བྱས་ནས་བསྲེག་རྫས་འབུལ་བ་ནི། གཙོ་འཁོར་སོ་སོར་འབུལ་ན་རང་སྔགས་ཀྱིས་དབུལ། དེ་ལྟར་མི་བྱེད་ན་གཙོ་བོའི་སྙིང་པོའི་མཐར། གདོང་ལྔ་དུས། ལས་ཀྱི་མགོན་པོ་བྱ་རོག་གདོང་སོགས་ཀྱིས་བསྟོད། ས་པཱ་རི་ཝཱ་ར་སྦྱར་ཆོག་གསུངས་པས། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ས་པཱ་རི་ཝཱ་ར་ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ།
ཞེས་སྔགས་རེ་དང་བསྟུན་འབུལ་ལུགས་གོང་བཞིན་དེའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གཟི་བརྗིད་ཕུན་སུམ་ཚོགས་པ་དང་། །དམ་ཆོས་བསྒྲུབ་ལ་བར་གཅོད་པའི། །དགྲ་བགེགས་གནོད་བྱེད་མ་ལུས་པ། །སརྦ་མཱ་ར་ཡ་ཕཊ། གྲོའོ། །མར་ཁུ། ཏིལ། ཡུངས་ཀར། ཟས་མཆོག །ཞོ་འབྲས། སོ་བ། ནས། སྲན་མ། གྲོ། དུརྦ། ཀུ་ཤ །ཤིང་ཐོག་བཅས་འབུལ། ཞེས་གཙོ་བོ་ལ་བརྒྱ་རྩ་བརྒྱད་སོགས་བྱའོ། །འཁོར་ལ་གང་མོས་འབུལ་ཞེས་སྙིང་པོའི་མཐར། ཨོཾ་བོ་དྷི་བྲིཀྵ་སོགས་མདོར་ན་བསྲེག་རྫས་ཀྱི་སྔགས་བདུན་རེ་ཙམ་གྱི་མགོར་སྙིང་པོ་ཚར་རེ་དང་མཇུག་ཏུ་སྤེལ་ཚིག་ཚར་རེ་བྱ་བ་སྟེ་འདས་མ་འདས་གཉིས་ཀ་ལའོ། །འཇིག་རྟེན་ལས་འདས་པ་ལ་ཤིང་ཐོག་དེའི་མཇུག་ཏུ་ན་བཟའ་མེ་ཏོག་ཙནྡན་དཀར་དམར་ཨ་ག་རུ་སྤོས་སོགས་རང་རང་གི་གཞུང་ལ་ཡོད་ན་དེ་ལྟར་ཚིགས་བཅད་ཀྱིས་ཕུལ། གཏོར་ཟློག་དང་གདོང་ལྔ་ལ་རང་རང་སྙིང་པོའི་མཐར། པཉྩ་ཨྲི་ཏ་ཁ་རཾ་ཁཱ་ཧི་དང་། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཧཱུྃ། ནག་པོ་ཁྱེད་དང་སོགས་ནས་བསྐང་གྱུར་ཅིག་བར་བྱ། མེད་
ན་སོ་སོའི་སྙིང་པོའི་མཐར་ཨོཾ་ཨཱཿཧཱུྃ་གིས་འབུལ། ལས་མཐུན་གྱི་གོས་ཟུང་ཀྱང་འདིར་འབུལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཅག་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ། ཞེས་པས་འབུལ། བསད་པ་ལས་བཞི་བྱ་བར་འདོད་ན། དང་པོ་ལྕགས་ཁང་བསྐྱེད་པ་ནི། འགུགས་གཞུག །གཟུ་དཔང་། འཕགས་པ་དཀོན་མཆོག་གསུམ་སོགས། ཧཱུྃ་བྷྱོ། ཕྱོགས་བཅུ་ནམ་མཁའ་སོགས། ཧཱུྃ་བྷྱོ། དཔལ་ཆེན་ཁྲག་འཐུང་སོགས། ལྷ་དབྱེ། བདག་མདུན་དབྱེར་མེད་ནས་སྤྲོད་ཅིག་བར། ཐུན་རྫས་ཐོགས། ཕུར་གདབ། མཚོན་ཆ། ཧཱུྃ། ང་ནི་དུས་གསུམ་སོགས། དགྲ་བགེགས་ཀྱི་ཤ་ཁྲག་བྱིན་རླབས། ཁཎྜ་རོ་ཧེ་ནས་ཞལ་དུ་བསྟབ་བོ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི་བར་བྱའོ། །མཆན། དེ་ནས་ཞལ་བསྟབ་བྱ་བ་ནི། ཧཱུྃ། ཆོས་སྐྱོང་མགོན་པོ་ལྕམ་དྲལ་འཁོར་བཅས་རྣམས། །ཐབ་དབུས་བཞུགས་པའི་བཅོམ་ལྡན་དཀྱིལ་
འཁོར་པ། །འཁོར་བཅས་དགྲ་བགེགས་ཤ་ཁྲག་གཏོར་མ་ལ། །རོལ་ཅིང་སྐད་ཅིག་གིས་ནི་བཞུགས་པར་གྱུར། །དེ་ནས་སྲེག་ཤིང་འབུལ་བ་ནི། ཧཱུྃ། ཕྱོགས་བཞི་དབུས་བཅས་སྲེག་ཁང་འབར་བ་ན། །མ་ཊཾ་རུ་དྲ་བརྫེས་པའི་གདན་སྟེང་དུ། །མ་མོ་མཁའ་འགྲོ་ཤ་ཟ་བྱེ་བའི་དབུས། །དཔལ་ཆེན་ནག་པོ་འཁོར་བཅས་ཞལ་ཕྱེས་ཤིག །དྲག་པོ་མེ་ལྷ་འཁོར་བཅས་ཞལ་ཕྱེས་ཤིག །མཁའ་འགྲོ་ཀུན་གྱི་དབང་ཕྱུག་ཞལ༴ དམ་ཅན་ཆོས་སྐྱོང་སྲུང་མ་ཞལ༴ རྣལ་འབྱོར་ཀུན་གྱི་དགྲ་བླ་ཞལ༴ དམ་ཉམས་ཀུན་གྱི་སྲོག་གཅོད་ཞལ་ཕྱེས་ཤིག །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདི། །ཤ་ཁྲག་རུས་གསུམ་སྲོག་དབུགས་དྲོད་དང་བཅས། །ཉེ་དུ་ཉེ་འབྲེལ་སྲུང་སྐྱོབ་ལྷ་དང་བཅས། །གཡོག་འཁོར་འབངས་དང་རིགས་རྒྱུད་ཉེ་འཁོར་བཅས། །སྲུང་འཛིན་རིག་སྔགས་ཡོ་བྱད་རྫས་དང་བཅས། །ས་གཞི་ནོར་
རྫས་སྐྱེད་ཚལ་གྲོགས་བཤེས་བཅས། །བྱད་མ་རྦོད་གཏོང་འདུན་གྲོགས་སྲི་དང་བཅས། །བསོད་ནམས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས། །ཁྱོད་ཀྱི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཁྱོད་ཀྱི་མགུལ་དུ་སྒྲིམས་ཤིག་ཨ་ར་ལི། །ཁྱོད་ཀྱི་ཕྱག་ཏུ་གཏད་དོ་མ་ཤོར་ཅིག །ཁྱོད་ཀྱི་ཞབས་སུ་མནན་ནོ་སྟྭཾ་བྷ་ཡ། །ཁྱོད་ཀྱི་ཞལ་དུ་བསྲེག་གོ་ཛྭ་ལ་རཾ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །འདིར་གཤེགས་དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །འདིར་གཤེགས་དགྲ་བགེགས་ཤ་ཁྲག་རུས་གསུམ་བཞེས། །འདིར་གཤེགས་དགྲ་བོ་མི་ནོར་འཁོར་བཅས་བཞེས། །བསྟན་ལ་སྡང་བའི་དགྲ་བོ་སྡིག་ཅན་འདི། །ལོ་ཟླ་ཞག་དང་ཟ་མར་མ་འགྱང་བར། །མྱུར་དུ་བསྒྲལ་ཞིང་བསྲེགས་ལ་རྗེས་མེད་དུ། །ཐལ་བ་རྡུལ་བཞིན་བརླག་པའི་ལས་མཛོད་ཅིག །ཨོཾ་མ་ཧཱ་ཀཱ་ལ་སརྦ་
ཤ་ཏྲུཾ་རཱུ་པ་ད་ཧ་ད་ཧ་པ་ཙ་དཱི་ན་མེ་ཀེ་ན་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཤཱ་ས་ན་ཁཱ་ཧི་བདུན་གྱིས་འབུལ། སྤྲོ་ན་གཏོར་མ་ལིང་རོ་དང་སྦྲགས་ཏེ་རྦད་སྔགས་དང་བཅས་་ཁྲག་ཆུ་ཆང་སོགས་ཀྱིས་ལན་རེ་རེ་འབུལ་ལ་བར་བར་དུ། བསྟན་པ་ལ་སྡང་བ་ཞེ་ལ་བརྣག་པའི་བསྟན་དགྲ་སྡིག་པོ་ཆེ་འདི་རྣམས་ལོ་ཟླ་བར་མ་བཞག །ཞག་དང་ཟ་མར་མ་འགྱང་བར་མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད་ཅིག །ཚར་བཅུ་རྗེས་འབེབས་འཇོག །ཐུན་གཏོར་བྲན་འགུགས་གཞུག་བྱས་ནའང་རུང་། མ་བྱུང་ན་བསྔོས་ནས་བསྐུལ་པ་གང་འོས་བྱས་ལ་ཐུན་གཏོར་མེར་འབུལ་བ་སོགས་བྱ། དེ་ནས་མཆོད་པ་ནི། ཐུན་གཏོར་གཏོར་བཟློག་ལ། ལྕགས་ཁང་བསྐྱེད་ཆོག །འགུགས་བྱིན་རླབས་ཁཱ་ཧི་བྱ། གཏོར་བཟློག་སྐབས། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་སོགས། གདོང་ལྔའི་དུས། དམར་གཏོར་བདུན་ལ་བྱིན་རླབས་ཁཱ་ཧི་བྱ། རྒྱལ་བའི་བསྟན་སྲུང་མ། ཁྱུང་བསྟོད། གདོང་བསྐུལ་ལྔ་བྱ་མཆན། ཧཱུྃ། དྲི་ངད་དུག་གི་མེ་ཏོག་སྔོན་པོ་འདི། །སོགས་ནས་བསྒྲལ་དུ་གསོལ། །གདོང་ལྔའི་སྐབས། ཧཱུྃ། བསིལ་བ་ཚལ་གྱི་སོགས་ཀྱིས་མཆོད་ལ་བསྟོད་པ་
གང་འོས་བྱ། བདག་གི་བདེ་གཤེགས་སོགས་ནས། ནང་མཆོད་བྱིན་རླབས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བར། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སྤྲོ་ན། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །སོགས་ནས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་ཕུལ། འདོད་དོན་འབུལ་བ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཛཱ་ལ་སཾ་བྷ་རཾ་སྭཱ་ཧཱ། མར་ཁུ་དགང་བླུགས་གསུམ་ཕུལ་ལ་ཐལ་མོ་སྦྱར་བ་དང་འདོད་གསོལ་ནི། ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་པ་རྣམས། །འགྲོ་བའི་སྡུག་བསྔལ་རྒྱུ་བཅས་དང་། །དགྲ་བགེགས་གནོད་བྱེད་མ་ལུས་པ། །ཐུབ་པས་
བདུད་བཞི་བཅོམ་པ་ལྟར། །དྲག་པོས་ཚར་གཅོད་མཛད་དུ་གསོལ། །ལྷག་མ་ཕུལ་ཅེས་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །སྙིང་པོའི་ཤམ་བུར་ས་པཱ་རི་ཝཱ་ར་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ་དང་། པྲོཀྵ་ཎཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཡིག་བརྒྱ་སོགས་ནས་ཡི་གེ་བརྒྱ་པའི་གོང་དུ་ཞབས་བསིལ་འཐོར་འཐུང་ཕུལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རྡུལ་ཚོན་གནས་ནས་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སོ་སོའི་སྙིང་པོ་བརྗོད་བཞིན་མེ་ཏོག་ཐབ་དབུས་ནས་བླངས་སློབ་མ་ལ་གཏད། དཀྱིལ་འཁོར་ལ་མི་གནོད་པར་གཏོར། གཙོ་འཁོར་གྱི་སྔགས་དང་བཅས་པས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ལྷ་ཚོགས་རྣམས་ནི་ཐིམ་པར་གྱུར། །པར་བསམ། རོལ་འོག་ཚོམ་བུ་དཀྱིལ་མདུན་གདན་དྲངས། གསུམ་པ་རྗེས་ཀྱི་ཆོ་ག་ནི། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་མར་ཁུ་གང་དགང་བླུགས་གསུམ་མམ་བདུན་ཕུལ་ནས།
སླར་ཡང་མེ་ལྷ་འཁོར་བཅས་རྣམས། །འབར་བའི་རྣམ་པ་ལས་བཞེངས་ཏེ། །དྲང་སྲོང་དག་གི་ཆ་བྱད་ཅན། །གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ་བསྲེགས་རྫས་ལྷག་མ་གང་ཡོད་གྲངས་ཚད་མི་འཛིན་པར་གོང་བཞིན་འཇིག་རྟེན་པའི་སྐབས་སོར་བཞག་ལྟར་འབུལ་ཞིང་འདོན་དགོས་པས། ཨོཾ་ཨགྣ་ཡེ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཡམ་ཤིང་ནས་ཤིང་ཐོག་བར་སོ་སོར་ཕུལ། ཁྲུས་སྤྲོ་ན། ཇི་ལྟར་བལྟམས་པ་ནས། བཛྲ་ཝསྟྲ་སོགས་ཀྱི་བར་འཇིག་རྟེན་ལས་འདས་པའི་སྐབས་ལྟར་ལ། མཆོད་བསྟོད་ནི། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་དྲག་པོའི་ཕྲིན་ལས་མཛོད། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མར༴ ལྷ་རྫས་དམ་པའི་བདུག་སྤོས་འདི། །དྲང་སྲོང་མེ་ལྷའི༴ བཞེས་ནས་དྲག་པོའི༴ དྷུ་པེ༴ གཙང་ཞིང་གཙང༴ ལྷ་རྫས་དམ་པའི་སྣང་
གསལ་འདི། །དྲང་སྲོང༴ བཞེས་ནས༴ ཨ་ལོ་ཀེ༴ གཙང་ཞིང༴ ལྷ་རྫས་དམ་པའི་དྲི་ཆབ་འདི། །དྲང་སྲོང༴ བཞེས་ནས༴ གནྡྷེ༴ གཙང་ཞིང༴ ལྷ་རྫས་དམ་པའི་ཞལ་ཟས་འདི། །དྲང་སྲོང༴ བཞེས་ནས༴ ནཻ་ཝིི་དྱ༴ གཙང་ཞིང༴ ལྷ་རྫས་དམ་པའི་རོལ་མོ་འདི། །དྲང་སྲོང༴ བཞེས་ནས༴ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པའི་བར་གྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། མེ་ལྷའི་གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབས་ཏེ་དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་བརྗོད་བཞིན་པས་ཐབ་ཁུང་དུ་འབུལ་ཏེ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །
མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པར་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་ཕྲིན་ལས་བཅོལ། འདོད་དོན་གསོལ་བ་ནི་ཐལ་མོ་སྦྱར་ཏེ། དྲག་པོ་ལ། དྲང་སྲོང་
ཆེན་པོ་མེ་ཡི་ལྷ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་པའི་ཆོས་ལྡན་བསམ་སྦྱོར་ལ། །བར་དུ་གཅོད་པར་བྱེད་པ་རྣམས། །འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །དགྲ་བགེགས་གནོད་བྱེད་མ་ལུས་པ། །ཐུབ་པས་བདུད་བཞི་བཅོམ་པ་བཞིན། །དྲག་པོས་ཚར་གཅོད་མཛད་དུ་གསོལ། །ཞེས་སོ། དེ་ནས་ཡིག་བརྒྱ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། གཤེགས་གསོལ་ནི། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཡིག་བརྒྱ་བརྗོད་བཞིན་པས་མཆོད་ཡོན་སྦྲེངས་ཏེ། གཤེགས་གསོལ་གྱི་དྲིལ་སྟབས་དང་བཅས་པས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་བཛྲ་མུཿ ཡེ་ཤེས་མེ་
ལྷ་ཤར་ལྷོར་གཤེགས། །དམ་ཚིག་པ་རྣམས་སྙིང་གར་ཐིམ། །དེ་ནས་བསྔོ་བ་སྨོན་ལམ་བྱས་ལ་ངག་གྲོལ། ལྷའི་ང་རྒྱལ་གྱིས་ཐུན་མཚམས་ལ་འཇུག །ལོང་ཡོད་ན་མེ་མི་བསྒུལ་བར་བཞག །ལོང་མེད་ན་ལས་མཐུན་གྱི་ཆུས་མེ་མཐའ་ནས་ཞི་བར་བྱས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བསྡུས་ཏེ་རྒྱ་མཚོར་འབབ་པའི་ཆུ་བོར་དོར་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་བཀྲ་ཤིས་བརྗོད། དགེའོ།། །། ༈ ནང་མཆོད་བྱིན་རླབས་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱང་། ནང་མཆོད་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ལ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མི་ཡི་ཤ །ཤར་དུ་གྷོ་ལས་བ་གླང་གི་ཤ །ལྷོ་རུ་ཀུ་ལས་ཁྱི་ཡི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །
དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས་རྫས་རྣམས་ཁོལ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་སྟེང་དུ་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལ་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་བལྟ་བ། དེའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཕེཾ་ཕེཾ་ཕེཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ༈ མཆོད་པ་བྱིན་རླབས་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱང་། མཆོད་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་
བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་དགྲ་བགེགས་མ་ལུས་པ་བསྒྲལ་བའི་ཁྲག་གི་ཨརྒྷཾ། དུག་གི་ཐོར་འཐུང་། ཆང་གི་ཡོན་ཆབ། དབང་པོ་ལྔ་ཡི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་སྣང་གསལ། བདུད་རྩི་ལྔ་ཡི་དྲི་མཆོག །ཤ་ཆེན་ལྔ་ཡི་ཞལ་ཟས། རྐང་གླིང་ཐོད་རྔའི་སྒྲ་ཆེན་རྣམས་དཔལ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་མཆོད་རྫས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། ཨཱཉྩ་མ་ནཾཾ༴ པུཥྤེ༴ དྷུ་པེ་སོགས་ནས་ཤབྟའི་བར་བརྗོད། ༈ གཏོར་བཟློག་སྐབས། ཧཱུྃ། བདེ་གཤེགས་ཐུགས་རྗེའི་སྐུ་སྤྲུལ་པས། །སེམས་ཅན་རྣམས་ལ་མགོན་སྐྱབས་མཛད། །འོག་མིན་གནས་ན་བཞུགས་པ་ལ། །རབ་ཏུ་བཏུད་དེ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་སྐུར་
བསྟན་པ། །འདྲེན་པ་འཇིག་རྟེན་མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །འཇིག་རྟེན་གནས་ཤིང་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །ལྷ་ཆེན་འཇིགས་པའི་སྐུར་བསྟན་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །༈ གདོང་ལྔའི་སྐབས། ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ན་འཛིན། །དམིགས་པའི་ནང་ཁྲོལ་འགྲད་ཅིང་ཟ། །དེ་ཡིས་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་གཏོག་ཅིང་འཆའ། །ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །༈ ཧཱུྃ། ནག་པོ་ཁྱོད་དང་མཐུན་པའི་དམ་རྫས་ནི། །བྷནྡ་དུམ་གཅིག་ཐོད་པའི་སྣོད་ནང་དུ། །རྒྱ་ཤུག་ལ་སོགས་འབྲུ་ལྔ་སི་ལི་ལི། །ག་པུར་ལ་སོགས་དྲི་ལྔ་ཀྱི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་སྤྲེངས་སེ་སྤྲེང་། །རཀྟ་ཁྲག་གི་རྦ་ཀློང་ཀྱི་ལི་ལི། །པཉྩ་རུས་
པའི་ཕུང་པོ་ཁྲ་ལ་ལ། །ཤ་ཆེན་བདུད་རྩིའི་ཚོགས་ནི་ཉི་ལི་ལི། །ཉ་ཤ་སྒོག་བཙོང་ཐུག་པ་ནག་པོ་དང་། །ལ་ཕུད་ལ་སོགས་མཐུན་པའི་དམ་རྫས་ནི། །དཔལ་ལྡན་མགོན་པོའི་སྐུ་ལ་མཆོད་པ་འབུལ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་གྱུར་ཅིག །ལས་བུམ་གྱིས་མེ་ལྷར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སོགས༴ སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྒོ་ནས་བསད་པ་ལས་བཞི།
༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྒོ་ནས་བསད་པ་ལས་བཞི་བཞུགས་སོ། །
བླ་མ་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་ཆེན་པོའི་གཏོར་ཆེན་བྱ་བར་འདོད་པས། ཡི་དམ་གཞུང་བཞིན་ལས། མགོན་པོའི་བཟླས་པའི་སྐབས་སུ་འདི་སྐད་དོ། །ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་ལྕགས་སྲེག་གི་ས་གཞིའི་སྟེང་དུ། ཨེ་ལས་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་པ། རྒྱ་ཆེ་ལ་གཏིང་ཟབ་པ། ཕྱི་ནང་མཚོན་ཆའི་སྤུ་སྐྱེས་པ། ནང་དུ་འདོད་ཆགས་ཀྱིས་ཁྲག་ཁོལ་བ། ཞེ་སྡང་གི་མེ་འབར་བ། གཏི་མུག་གི་མུན་པ་འཐིབས་པ། དུག་ལྔའི་སྤྲིན་ཕུང་འཁྲིགས་པ། ང་རྒྱལ་གྱི་
གློག་འཁྱུགས་པ། མཚོན་ཆའི་ཆར་འབབ་པ། ཕྲག་དོག་གི་རླུང་འཚུབ་པ། ནད་ཀྱི་ན་བུན་འཐུལ་བ། ནང་དུ་གབ་པའི་གནས་མེད་པ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པ། ཕྱི་ན་བྲོས་པའི་དབང་མེད་པ་ཁྲོ་བོ་ཁྲོ་མོ་མེ་རི་མཚོན་ཆ་དཔག་ཏུ་མེད་པ་ཐོགས་པས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་སྒྲོགས་པ། བདུད་ཀྱི་བཤའ་ར། གཤིན་རྗེའི་བཙོན་ཁང་དེ་ལྟ་བུའི་དབུས་སུ་ནྲི་ཏྲི་ཛཿ ཡོངས་སུ་གྱུར་པ་ལས། སངས་རྒྱས་ཀྱི་བསྟན་དགྲ། ཡིད་ལ་བརྣག་པའི་དགྲ་བགེགས། དུག་ལྔ་འཁྲུགས་པའི་རང་
བཞིན་ཅན། ལུས་རིད་ཅིང་སྐྲ་འཛིངས་པ། གདོང་མཆི་མས་གཡོགས་པ། ལུས་ལ་མཛེ་དང་ཕོལ་མིག་གིས་གང་བ། དྲི་མི་ཞིམ་པ། ལག་པ་མྱ་ངན་གྱི་ཕྱག་རྒྱ་བྱས་པ། མགོན་སྐྱབས་ཐམས་ཅད་དང་བྲལ་བ། ཤ་བཙོན་ལྷག་པས་དེད་པ་ལྟ་བུ་འདར་ཞིང་སྔངས་བར་གྱུར། ཡང་ན། ༈ འདར་ཧད་ཧད་བྱེད་པ། དེའི་སྟེང་གི་བར་སྣང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གདན་ཐབས་སུ་ཡོད་པ། རྩིབས་བརྒྱད་དབུས་དང་དགུར་ཏྲི་ལྗང་ནག་དགུ་ཡོངས་སུ་གྱུར་པ་ལས། ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་དགུ། སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་ནམ་མཁར་ཕྱར་བ། གཡོན་དགྲ་སྙིང་དམར་ཙེ་རེ་བ་འཛིན་པ། དེ་རེ་རེ་ལ་ཡང་འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། གཞན་ཡང་བཀའ་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་སྐུ་
ལ་བསྐལ་པའི་མེ་འབར་བ། མཚོན་ཆའི་ཆར་འབབ་པ། དུག་གི་རླངས་པ་འཐུལ་བ། ཐམས་ཅད་ཀྱང་ཁྲོ་ཞིང་འཁྲུགས་པ། མྱུར་ཞིང་མགྱོགས་པ། དགྲ་འདྲེ་གནོད་བྱེད་འགུགས་པའི་ལས་བྱེད་པར་གྱུར། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལས་མགོན་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ལས་མགོན་རྣམས་ལས་འོད་ཟེར་འཕྲོས་འཁོར་རྣམས་ལ་ཕོག་པས་མ་བཟོད་ནས། དགྲ་བགེགས་ཐམས་ཅད་འགུགས་པའི་ལས་བྱེད་པར་གྱུར། ཅེས་པའམ། ༈ ཡང་ན་སྔ་མའི་འཕྲོར། མཆན། བདག་མདུན་དབྱེར་མེད་པའི་ཐུགས་ཀ་ནས་སྤྲུལ་པའི་འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། གཞན་ཡང་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་སྐུ་ལ་བསྐལ་པའི་མེ་འབར་བ། མཚོན་ཆའི་ཆར་འབབ་པ། དུག་ལྔའི་རླངས་པ་འཐུལ་བ།
དགྲ་འདྲེ་བྱད་མ་གནོད་བྱེད་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་ལྷ་དང་ཕྲལ་ཞིང་བརྒྱལ་བ། ཕོ་ཉ་ཐོག་ལྟར་དྲགས་ཤིང་། ཡང་རྩལ་གློག་ལྟར་མྱུར་བ། གནོད་བྱེད་ཐམས་ཅད་འགུགས་པའི་ལས་བྱེད་པར་གྱུར། འགུགས་གཞུག་དྲག་ཏུ་བྱས་ནས་གཟུ་དཔང་བྱ་བ་ནི། ཧཱུྃ། འཕགས་པ་དཀོན་མཆོག་གསུམ་པོས་གཟུ་དང་དཔང་མཛོད་ཅིག །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག །ཆོས་སྐྱོང་སྲུང་མས་གཟུ་དང་དཔང་མཛོད་ཅིག །མ་མོ་མཁའ་འགྲོས་གཟུ་དང༴ སྟེང་གི་ལྷས་ཀྱང་གཟུ༴ འོག་གི་ཀླུས་ཀྱང་གཟུ༴ བར་གྱི་གཉན་ཀྱང་གཟུ༴ ལྷ་སྲིན་སྡེ་བརྒྱད༴ ཡུལ་ལྷ་གཞི་བདག༴ ཕོ་ལྷ་དགྲ་བླས༴ མ་ལྷ་སྲོག་ལྷ་ཞང་ལྷས་གཟུ་དང་དཔང་མཛོད་ཅིག །ང་ཡིས་མ་ཉེས་ཁོ་ཡིས་ཉེས། །ང་ཡིས་མ་ལེན་ཁོ་ཡིས་ལེན། །སངས་རྒྱས་བསྟན་པ་གཤིག་དགོས་ཟེར། །དཀོན་མཆོག་དབུ་འཕང་སྨད་དགོས་ཟེར། །
སློབ་དཔོན་སྐུ་ལ་བསྡོ་དགོས་ཟེར། །རྣལ་འབྱོར་བར་དུ་གཅོད་དགོས་ཟེར། །སྲུང་མ་ཁྱེད་ལ་བསྡོ་དགོས་ཟེར། །གསང་སྔགས་ཆོས་ནི་མ་ཡིན་ཟེར། །ང་ལ་ནུས་སམ་ཕོད་དམ་ཟེར། །འདི་ཞེ་སྡང་མེ་ལྟར་འབར་དང་གཅིག །གཏི་མུག་མུན་ལྟར་གཏིབ་སྟེ་གཉིས། །འདོད་ཆགས་ཆུ་ལྟར་འབྲུབ་སྟེ་གསུམ། ང་རྒྱལ་བྲག་ལྟར་འཐམ་སྟེ་བཞི། །སེར་སྣ་རྫ་ལྟར་ཉིལ་ཏེ་ལྔ། །ཕྲག་དོག་རླུང་ལྟར་འཚུལ་སྟེ་དྲུག །ཁྲོ་གཏུམ་ཁྲོ་ཆུ་འདྲ་སྟེ་བདུན། །རློམ་སེམས་གཤིན་རྗེ་འདྲ་སྟེ་བརྒྱད། །བསད་བསད་སྲིན་པོ་འདྲ་སྟེ་དགུ། །ཆོས་ལ་ལོག་ལྟ་བྱེད་དང་བཅུ། །སྔོན་ནས་བསྒྲལ་བའི་ཞིང་བཅུ་འདི། །ཁྱོད་ཀྱིས་མཆོད་པ་དམ་པར་བཞེས། །ཡང་ན། ཧཱུྃ་བྷྱོ། ཕྱོགས་བཅུ་ནམ་མཁའ་མཉམ་པའི་དཀྱིལ་འཁོར་ནས། །བླ་མ་རིགས་ལྔ་རིགས་གསུམ་ཞི་ཁྲོའི་ལྷ། །རྒྱལ་བ་སྲས་བཅས་སྲུང་མ་ཐུགས་དམ་
ཅན། །དུས་འདིར་སྒྲུབ་མཆོག་བདག་ལ་སྙན་གསོན་ཅིག །འཇིག་རྟེན་བྱ་བ་བཏང་ནས་རྩེ་གཅིག་ཏུ། །བླ་མ་ལ་གུས་བསྐྱེད་རྫོགས་ཟབ་མོ་བསྒོམ། །སྡོམ་གསུམ་ལ་གནས་བསྙེན་སྒྲུབ་ཚུལ་བཞིན་སྤྱད། །བདེ་གཤེགས་བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་ལ། །ཞིང་བཅུ་དགྲ་བོས་བྱེད་དུ་མ་སྟེར་རོ། །ཡེ་ཤེས་སྤྱན་ཅན་གཟུ་དང་དཔང་མཛོད་ཅིག །ལེགས་ཉེས་སྟངས་འཛིན་བདེན་རྫུན་ཤན་ཕྱེས་ལ། །བསྟན་པའི་དགྲ་ལ་དྲག་པོའི་ཕྲིན་ལས་མཛོད། །སླར་ཡང་ཕོ་ཉ་སྤྲོ་བའི་དམིགས་པ་བྱ། ཧཱུྃ་བྷྱོ། དཔལ་ཆེན་ཁྲག་འཐུང་རྡོ་རྗེ་སྲིན་པོ་ཡིས། །སྤྲུལ་པའི་ཕོ་ཉ་ཁྲོ་ཚོགས་སྐར་ལྟར་འཁྲུགས། །ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས། །ཞགས་པ་སེར་མོའི་ཚོགས་ནི་རླུང་ལྟར་འཚུབ། །ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འཁྱུག །དྲིལ་བུ་ལྗང་གུའི་ཚོགས་ནི་ཐོག་ལྟར་འབེབས། །དམ་
ཉམས་དགྲ་བགེགས་སྡིག་ཅན་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུང་། །ཞགས་པ་ཅན་གྱིས་སྙིང་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་བསྡོམ། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུག །ཐོ་བ་ཅན་གྱིས་རྒྱབ་ནས་བརྡུང་། །དབྱུག་ཏོ་ཅན་གྱིས་རྒྱབ་ནས་དེད། །ཕུར་བུ་ཅན་གྱིས་སྙིང་ལ་ཐོབ། །རལ་གྲི་ཅན་གྱིས་དུམ་བུར་གཏུབ། །མདའ་མདུང་ཅན་གྱིས་ཟང་ཐལ་གྱིས། །འཁོར་ལོ་ཅན་གྱིས་དུམ་བུར་གཏུབ། །རིངས་པར་ཁུག་ལ་བྱད་དུ་ཆུག །ལྷ་དང་ཕྲོལ་ལ་སྨྱོ་འབོག་ཐོངས། །མྱུར་དུ་ཁུག་ལ་ཞལ་དུ་བཞེས། །གཏོར་མ་ཟུར་གསུམ་གཅིག་བྲན་ལ་བཞག་སྟེ། བདག་མདུན་དབྱེར་མེད་པའི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོའི་ཚོགས་རྣམས་ཀྱིས་བསྒྲུབ་བྱའི་ལུས་ལ་གནས་པའི་ལྷ་སྲུང་ཡེ་ཤེས་པ་རྣམས་རྡོ་རྗེ་སེམས་དཔའ་དང་། འཇིག་རྟེན་པ་རྣམས་ལས་མགོན་གྱི་སྐུར་གསལ་བར་
གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྟའི་བར་མཆོད། ཨོཾ་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་ཁཎྜ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། དགྲ་བོ་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་རྣམས་ལ་དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་གི་བཀའ་དང་དམ་ལ་མི་འདའ་བར། སྡིག་ཅན་གནོད་བྱེད་དགྲ་བགེགས་འདི་མྱུར་དུ་སྤོང་བར་གྱིས་ཤིག །གལ་ཏེ་མ་སྤངས་ན་སངས་རྒྱས་ཀྱི་བཀའ་དང་འགལ་ཞིང་ཁྱོད་ཀྱང་བསྒྲལ་བའི་ཞིང་དུ་འགྱུར་བས། དེ་བས་མྱུར་དུ་སྤང་བར་གྱིས་ཤིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཤག་ཕྱེས་ཤག་ཕྱེས་མ་མ་ཏྲག་རུ་
དྲ་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ་བྷྱོ། བསྟན་པ་འཇིགས་པར་བྱེད་པ་ཡི། །དགྲ་བོ་སྲུང་བའི་ལྷ་ཁྱོད་ཉོན། །གཏུམ་པའི་སེམས་འཆང་དགྲ་བོ་འདིས། །དཀོན་མཆོག་བླ་མ་ལ་སྨད་ཅིང་། །རྣལ་འབྱོར་ལ་སྡང་སེམས་ཅན་འཚེ། །སྒྲུབ་པ་པོ་རྣམས་བརྙས་གྱུར་པས། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །དམྱལ་བའི་སྡུག་བསྔལ་མྱོང་གྱུར་པས། །བདག་གིས་མྱུར་དུ་བསྒྲལ་ནས་ནི། །གཟུགས་ཀྱི་ལྷ་རྣམས་མཆོད་པ་ཡིན། །ཁྱེད་ཀྱིས་སྲུང་བར་མ་བྱེད་ཅིག །སྡིག་ཅན་དགྲ་འདི་མྱུར་དུ་སྤོངས། །གདོང་ལྔ་སྐབས་མེ་ལྷ་ཕྲག་པ་སོགས་ལ་འཇུག །དམ་ཚིག་ཉམས་པའི་དགྲ་བོ་འདི། ཕོ་ལྷ་དང་ཕྱེས་ཤིག །ཕོ་སྲི་དང་སྤྲོད་ཅིག །མོ་ལྷ་དང་ཕྱེས་ཤིག །མོ་སྲི་དང་སྤྲོད་ཅིག །ཞང་ལྷ་དང་ཕྱེས་ཤིག །ཞང་འདྲེ་དང་སྤྲོད་ཅིག །ཚེ་ལྷ་དང་ཕྱེས་ཤིག །ཚེ་བདུད་དང་སྤྲོད་ཅིག །སྲོག་ལྷ་དང་ཕྱེས་ཤིག །སྲོག་བདུད་དང་སྤྲོད་ཅིག །
དགྲ་བླ་དང་ཕྱེས་ཤིག །དགྲ་སྲི་དང་སྤྲོད་ཅིག །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས་ཤིག །མཉམ་པོར་འོང་བའི་བདུད་དང་སྤྲོད་ཅིག །ལེ་གུའི་ལྷ་དང་ཕྱེས་ཤིག །སྲོག་གཅོད་ཀྱི་བདུད་དང་སྤྲོད་ཅིག །ཡུལ་ལྷ་དང་ཕྱེས་ཤིག །ཡུལ་འདྲེ་དང་སྤྲོད་ཅིག །མཁར་གྱི་རྩེ་ལྷ་དང་ཕྱེས་ཤིག །མཁར་བདུད་དང་སྤྲོད་ཅིག །འདི་འདོང་ལྔ་སྐབས་མ་གཏོགས་མི་དགོས། ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །མ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །ཞང་ལྷ་ལྟེ་བའི་དཀྱིལ་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །དགྲ་བླ་སྤྱི་བོའི་གཙུག་ནས་ཕྲོལ། །བན་བོན་སྐྱེ་བོ་ལ་སོགས་པའི། །འགོ་བའི་ལྷ་སྲུང་རྣམས་དང་ད་ཕྲོལ་ཅིག །འཇིག་རྟེན་སྲུང་སྐྱོབ་ཁ་འཛིན་རྣམས་དང་ད་ཕྲོལ་ཅིག །ན་མོ། དགྲ་བོའི་ཙིཏྟ་ཤག་ཕྱེས། དཱེ་བ་ཕྱེས། ཤག་ཕྱེས། དགྲ་ལ་འགོ་བའི་ལྷ་ཐམས་ཅད་པྲ་ཝེ་ཤ་ཡ་ཕཊ། ཨུ་ཙ་ཏ་ཡ་ཕཊ། ཡེ་ཤེས་པ་རྣམས་རང་
ཉིད་ལ་བསྟིམ། འཇིག་རྟེན་པ་རྣམས་ཁོ་ཡི་གཤེད་མར་བབ་བོ། །གཏོར་མ་ཕྱི་རོལ་དུ་དོར། དེ་ནས་ཐུན་དབབ་པ་ནི། ཐུན་རྫས་རྣམས་གྲི་ཁྲག་གིས་ངར་བླུད་ལ། སྔོན་དུ་བསྒྲུབས་པའི་ཐུན་རྫས་རྣམས་ཐོགས་ཏེ་འདི་སྐད་དོ། །ཧཱུྃ་བྷྱོ། དཔལ་ཆེན་ཁྲག་འཐུང་སྤྲུལ་པ་ནི། །ཕོ་ཉ་ཐུན་གྱི་ཚོགས་འཕྲོས་པས། །ཁྲག་སྣ་དུག་སྣའི་ཐུན་རྣམས་ནི། །གནམ་ལྕགས་ཐོག་དམར་ཁྱུགས་སེ་ཁྱུགས། །ཀེ་ཚེ་ཤང་ཚེའི་ཐུན་རྣམས་ནི། །རི་རབ་སྒྱོགས་ཆེན་ཆེམས་སེ་ཆེམ། །དམིགས་པའི་འབེན་ལ་ཆེ་ཆུང་མེད། །ཕོ་ཉའི་ལས་ལ་དཀའ་སླ་མེད། །ཡུངས་ཀར་རྦབ་ལ་གྱེན་འཐུར་མེད། །ཕུར་པའི་མདའ་ལ་ཉེ་རིང་མེད། །དམ་ཉམས་དགྲ་བགེགས་སྡིག་ཅན་འདིས། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ཐ་མར་རྣལ་འབྱོར་བདག་ལ་བསྡོས། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །དམིགས་
པའི་འབེན་ལ་ལིངྒ་བྲིས། །ནོར་དུ་མེད་པའི་གཟུགས་བརྙན་ལ། །བསྙོན་དུ་མེད་པའི་མིང་རུས་བཏབ། །བྱོལ་དུ་མེད་པའི་ལས་ཀྱིས་མནར། །འཆོར་དུ་མེད་པའི་ཕོ་ཉས་བཀུག །འགྱུར་དུ་མེད་པའི་ཕྱག་རྒྱས་བཅིངས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །བཞི་སྙིང་དང་། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀུ་རུ་རྦད་ཐུན་བྷྱོ། པྲ་མོ་ཧ་ཐུན་བྷྱོ། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀ་ར་ལི་ཐུན་བྷྱོ། ཀཾ་ཀ་ལི་ཐུན་བྷྱོ། ཀ་ལ་ར་ཏྲི་ཐུན་བྷྱོ། ཞེས་ཐུན་གདབ་བོ། དེ་ནས་ཕུར་པ་གདབ་པ་ནི། རང་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་ལས་མགོན་གྱི་ང་རྒྱལ་དུ་འཕོས་ལ། ཤིན་ཏུ་ཁྲོས་པའི་སེམས་ཀྱིས་གྲི་ལྕགས་ཀྱི་ཕུར་བུ་བསངས་སྦྱངས་བྱས་ལ། སྟོང་པའི་ངང་ལས་ཧཱུྃ་ལས་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཛིན་པ། ལྟེ་བ་མན་ཆད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ་རྣོ་ངར་ལྡན་པ། ཚྭ་ཚྭ་དམར་ཆི་ལི་ལི་ཁོལ་བས་དགྲ་བགེགས་བསྒྲལ་བའི་ལས་བྱེད་པར་གྱུར། ཧཱུྃ་བྷྱོ། དཔལ་ཆེན་ཁྲག་འཐུང་
སྤྲུལ་པ་ནི། །ཕོ་ཉ་ཕུར་བུའི་ཚོགས་འཕྲོས་པས། །སྐུ་སྟོད་ཁྲོ་ཞལ་བྱ་རོག་གདོང་། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །སྐེད་པ་རྒྱ་མདུད་ལྕེ་བཞོག་ཅན། །ཆུ་སྲིན་ཁ་ནས་འབྲུག་སྟོང་སྟེར། །དཔལ་གྱི་རྩེ་ལ་གློག་དམར་འཁྱུག །ཕྱར་བ་ཙམ་གྱིས་དགྲ་རྣམས་བསྔགས། །གསོར་བ་ཙམ་གྱིས་གཉན་རྣམས་འདར། །གཟིར་བ་ཙམ་གྱིས་བདུད་དཔུང་འཇོམས། །སྟེང་གི་ལྷ་ལ་མི་འདེབས་སོ། །འོག་གི་ཀླུ་ལ་མི་འདེབས་སོ། །བར་གྱི་བཙན་ལ་མི་འདེབས་སོ། །བསྟན་པ་བཤིག་པའི་དགྲ་བགེགས་འདི། །དང་པོ་ཞེ་སྡང་ཕ་ཡི་རྒྱུད། །བར་དུ་འདོད་ཆགས་མ་ཡི་མངལ། །ཐ་མ་ཉོན་མོངས་དུག་ལྔའི་གཟུང་། །དུག་ལྔ་རྩད་ནས་གཅོད་པའི་ཕྱིར། །དགྲ་བགེགས་གཟུགས་ལ་ཕུར་བུས་ཐོབ། །མཚམས་མེད་ལྔ་ལུས་སྡིག་ཅན་གྱི། །སྤྱི་མགྲིན་སྙིང་ག་ལྟེ་གསང་དང་། །ཡན་ལག་རྣམས་
ལ་ཀཱི་ལ་ཡ། །དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཨོཾ་ཀརྨ་མ་ཧཱ་ཀཱ་ལ་དགྲ་བགེགས་མ་ར་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཾ་བིགྷྣན་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཀ་ཙི་ཏཾ་སརྦ་དུཥྚཾ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལི་ཀོ་ཊ་ཡ་ཧཱུྃ་ཕཊ། ཕུར་བུས་གདབ་བོ། །ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལཾ་སོགས་ཆེར་བཏབ་པའི་ལག་པའི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་དུ་བསྐྱེད། བྱང་སེམས་དཀར་དམར་བབས་ནས་ཁོ་ཡི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། ཕུར་བུ་གནས་གསུམ་དུ་རེག་པས་ཁོ་རང་གི་ཚེ་བསོད་རྣམས་མཐུ་སྟོབས་བཀྲག་མདངས་གཟི་བརྗིད་ཡི་གེ་གསུམ་གྱི་རྣམ་པར་བསྡུས་ནས། རང་ཉིད་ཀྱི་ཡི་གེ་གསུམ་ལ་ཐིམ་པས། རང་ཉིད་གཟི་བརྗིད་བཀྲགས་མདངས་དང་ལྡན་པར་བསམ། ཁོ་མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་སོང་བར་བསམ། ནྲྀ་ཏྲི་སྥ་ར་ཎ་ཕཊ། རྣམ་པར་ཤེས་པ་སྤར་རོ། །དེ་ནས་གྲི་ལྕགས་ཀྱི་གྲི་གུག་རལ་གྲི་མགོན་པོའི་ཕྱག་མཚན་དུ་མོས་ལ་འདི་
སྐད་དོ། །ཧཱུྃ་བྷྱོ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡི། །རྡོ་རྗེ་རབ་ཏུ་འབར་བ་དང་། །འཁོར་ལོ་རབ་ཏུ་རྩུབ་པ་དང་། །པདྨ་འོད་ཟེར་འཁྲུགས་པ་དང་། །གཡུང་དྲུང་རིས་དང་མདུང་རྩེ་གསུམ། །མཆེ་བ་དང་ནི་མདུང་ཐུང་དང་། །འཕེན་པའི་ཁ་ཊྭཱཾ་མདའ་བོ་ཆེ། །བསོད་པའི་རལ་གྲི་ཀཱ་མ་ལ། །གཏུབ་པའི་ཆུ་གྲི་ཡ་ར་ན། །བཤགས་པའི་ཤཀྟི་ཚིན་དྷ་ན། །གསོད་པའི་དགྲ་སྟྭཁ་བོ་ཆེ། །འཛུག་པའི་མདུང་དང་རྡུང་བའི་ཐོ་བ་ནི། །དྲག་ཅིང་ཕ་རོལ་འཇོམས་པར་བྱེད། །དམ་ཉམས་དགྲ་བོ་སྡིག་ཅན་ལ། །མཚོན་ཆ་ལྔ་ཡི་ཆར་ཕོབ་ཅིག །ཕོ་བདུད་རྐང་པ་གཡས་ནས་གཏུབ། །མོ་བདུད་རྐང་པ་གཡོན་ནས་གཏུབ། །དགྲ་བགེགས་མ་ལུས་ཐམས་ཅད་ཀྱི། །དུག་གསུམ་རྩད་ནས་འཇོམས་མཛད་ཅིང་། །ལོག་རྟོག་འཁོར་
བའི་རྒྱུན་ཆོད་ཅིག །དཔལ་ཆེན་འཁོར་ལོའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་རྡོ་རྗེའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་རཏྣའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་པདྨའི་ཐོག་སེར་ཆེན་པོ་ཕོབས། །དཔལ་ཆེན་རྒྱ་གྲམ་ཐོག་སེར་ཆེན་པོ་ཕོབས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུད་དུ་བརྡུང་། །ཁྲོ་བོ་འབར་བའི་དཀྱིལ་འཁོར་དུ། །ཁྲོ་མོ་འབར་བའི་གཏུན་ཚོགས་སུ། །བརྡུང་ན་ལྷ་ཡང་བརླག་པར་བྱེད། །སྡིག་ཅན་ཁྱོད་ལ་སྨོས་ཅི་དགོས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །དེ་ནས་གྲི་ལྕགས་ཀྱི་གྲི་གུག་གམ་རལ་གྲི་མགོན་པོའི་ཕྱག་མཚན་དུ་མོས་ལ། ཉ་བོ་རྣམས་བསྒྲུབ་བྱ་དངོས་སུ་བསམས་ལ། རྐང་ལག་གཡོན་པ་ནས་བརྩམས་ཏེ་གཏུབ་བོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཀྱི་སྙིང་ལ་ཐུམ་རིལ་རྦད། རྩ་ལ་པི་ཤག་རྦད། སྲོག་ལ་ཉོབ་ཆོད། སྙིང་ལ་ཚལ་པ་རྦད། དབུགས་ལ་མཱ་ར་ཡ་ཧཱུྃ་ཕཊ། བཞི་སྙིང་བཟླས་ཏེ་གཏུབ་
བོ། །སྐབས་འདིར་ཚོགས་རྫས་དང་དགྲ་བགེགས་ཤ་ཁྲག་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ་འདོད་པའི་ཡོན་ཏན་དུ་མ་དང་ལྡན་པ་འདི་དག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་བསྟབ་བོ། །བཞེས་ཤིག་རོལ་ཅིག་ཁཱ་ཧི། རོལ་འཇོག །ཧཱུྃ། ཆོས་སྐྱོང་མགོན་པོ་ལྕམ་དྲལ་འཁོར་སོགས། ༈ ཨོཾ་ཁཎྜ་རོ་ཧེ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ལྕགས་ཁང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནྲྀ་ཏྲི་ཛ་ཡོངས་སུ་གྱུར་པ་ལས་གནོད་པར་བྱེད་པའི་དགྲ་བགེགས་
བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་གྱིས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །གནོད་བྱེད་དགྲ་བགེགས་འདིར་ཁུག་ཅིག །༈ ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས། ཨེ་ལས་གཏོར་སྣོད་བྷནྡྷ་རློན་པ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་ཊྭཱཾ་ག་ནག་པོ་ཁ་གྱེན་དུ་བལྟ་བ། དེའི་མགུལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་གཅོད་པའི་སོ་རྣོ་བའི་དབལ་དང་ལྡན་པ། གཡོན་ཕྱོགས་སུ་སྒ་ར་ར་འཁོར་བའི་རྩིབས་བར་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས་གནོད་བྱེད་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་
ཡོངས་སུ་གསལ་བར་གྱུར། ༈ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས༴ རིག་སྔགས༴ གཟུངས་སྔགས༴ སྙིང་པོ༴ ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ། གདོང་ལྔའི་སྐབས། སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་བདག་བྱ་རོག་གདོང་ཅན། གནོད་སྦྱིན་བྱ་རོག་གདོང་ཅན། བདུད་པོ་བྱ་རོག་གདོང་ཅན། བདུད་མོ་རྩ་འཇིབ་མ། འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མོ་མོ་བྱེ་བ། གནོད་སྦྱིན་ཁྲི། མྱུར་མགྱོགས་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ། བར། རྡོ་རྗེ་
གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་ལྟ་བ་རྣམས་དང་། ཚེ་བསོད་ནམས་ཉམས་རྟོགས་པ་གདུལ་བྱ་ཕྲིན་ལས་ཐོས་བསམ་སྒོམ་གསུམ་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་ཕོ་མོ། རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད། ཤ་ལ་ན་བ། རུས་པ་གཟེར་བ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། མཆོག་ཐུན་མོང་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་
ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ༈ ན་མོ། རྗེ་བཙུན་རྩ་བ་སོགས་ནས་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཁེ་ཚོལ་བ། གླག་ལྟ་བ། ཡེངས་རྒབ་པ། ཆོས་སྤྱོད་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་། མི་དགེ་བ་བཅུའི་སྣ་འདྲེན་པར་བྱེད་པ་རྣམས་དང་། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོད་གཙུག་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུག་པ། མི་ལ་ལྷ་མེད་བཟློ་བ། ལྷ་ལ་མཐུ་མེད་བཟློ་བ། མཐུ་བུ་ལོན་བཞིན་དུ་སྙོག་པ། ལུས་སྲོག་འབེན་དུ་བཙུག་པའི་དགྲ་བགེགས་རྣམས། དཀོན་མཆོག་གསུམ་གྱི་བདེན་པས་སྐད་ཅིག་རང་དབང་མེད་པར་དྲག་པོ་ཐུན་གྱི་གཏོར་མར་ཁུག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ༴ ཛཿཧཱུྃ་བཾ་ཧོཿ ༈
ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་སོགས་ནས་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་ནད་བདག །ཡམས་བདག །རིམས་བདག །གང་གནོད། གང་བསྒྲེན། ཟ་འདྲེ་ཤི་གཤེད། རོ་བག་གཤེད་འཁྱམས། ཉེ་བའི་བགོས་འདྲེ། ཕུ་ནུའི་རུས་འདྲེ། ཁྱིམ་འཚེས་ཀྱི་འབག་འདྲེ། ཤ་ཁྲག་གི་བསྒྲོན་འདྲེན། དོང་སྟོང་བཞིན་དུ་གློ་ན་ཐོགས་པ། རྟ་རྔ་བཞིན་དུ་སྒྱིད་ལ་འཁྲིལ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། བླ་ཡིད་སེམས་གསུམ་ཐམས་ཅད་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ལྕགས་རིའི་ཕྱི། བྲོས་པའི་རི། གབ་པའི་རྫོང་། ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་ཁུག་ཅིག་ཛཿ ཨོཾ་བཛྲ་
མ་ཧཱ་ཀཱ་ལ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛ། ཛཿཧཱུྃ་བཾ་ཧོཿ གསུམ་པ་བསྒྲལ་ཞིང་རྣམ་ཤེས་སྤར་བ་ནི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་ཤད་ཛ། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལམ་ཐུཾ་རིལ་རྦད། སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུམ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛ། ནྲྀ་ཛ་ཙིཏྟ་ཡ། ཐུམ་རིལ་རྦད། ནྲི་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་སྙིང་ཁྲག་ལྗིབ་ལྗིབས། ཆོད་ཆོད་སྲོག་རྩ་ཆོད། ཐུམ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ། མ་མ་ཏྲག་རུ་ཏྲ་དགྲ་བགེགས་མ་ར་ཡ་ཕཊ། དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མ་ར་ཡ་རྦད་རྦད། ནྲྀ་ཏྲི་སྥ་ར་ཎ་ཕཊ། ༈
གཏོར་བཟློག་སྐབས། ཤ་ཁྲག་བྱིན་རླབས་དང་། ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ས་པཱ་རི་སོགས་-༣ ཤཱ་ས་ན་སོགས་-༣ དམ་རྫས་བརྒྱན་པའི་གཏོར་མ་སོགས། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་སོགས་ཀྱིས་ཐུན་གཏོར་བསྲེག །༠ གདོང་ལྔའི་སྐབས། བྱིན་རླབས་དང་། ཀ་ཝུ་ཝ་སོགས།-༣ ཤཱ་ས་ན།-༣ ཁཱ་ཧི་བདུན་མ།-༣ དཔལ་ཡེ་ཤེས་ཀྱི་མགོན་པོ་དང་དམ་རྫས་བརྒྱན་པའི་གཏོར་མ༴ ཧཱུྃ། རྒྱལ་བའི་བསྟན་པ་སོགས། ཁྱུང་བསྟོད། ཧཱུྃ། དཔལ་ལྡན་མགོན་པོ་སོགས། གདོང་བསྐུལ། ཧཱུྃ། མ་ཧཱ་ཀཱ་ལ་སོགས་ཀྱིས་ཐུན་གཏོར་ཐབ་ཏུ་འབུལ། ༈ ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རྣམ་པ་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི། དགྲ་བོའི་དོན་སྙིང་ནང་གྲོལ་རླངས་པ་མ་ཡལ་བར་གྱུར།
ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་བརྗོད། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་རྒྱན་ཅན་བརྗོད། ༠ གདོང་ལྔའི་སྐབས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀ་ཁ་མུ་ཁ་ས་མ་ཡ་ཨི་དམ་བ་ལིངྟ་ཁཱ་ཧི་ཁཱ་ཧི། གྷྲྀ་ཧ་ན་གྷྲྀ་ཧ་ན་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི་ཁཱ་ཧི། པ་ཙ་པ་ཙ་དགྲ་བགེགས་ཀྱི་སྲོག་དབུགས་ལ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ་དགྲ་བགེགས་ཀྱི་ཙིཏྟ་ལ་ཁཱ་ཧི་ཁཱ་ཧི། ཁཱ་ཧི་བདུན་མའོ། །༈ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ། སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་བདག་བྱ་རོག༴ གནོད་སྦྱིན་བྱ་རོག༴ བདུད་པོ་བྱ༴ བདུད་མོ་རྩ་འཇིབ་མ། འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མྱུར་མགྱོགས་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དམ་
བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་ཟློག །ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །སུམ་རྡུང་གིས། བསྐུལ་པ་གང་དགོས་འདོན། ཧཱུྃ། དྲི་ངད་དུག་གི་མེ་ཏོག་སྔོན་པོ་འདི། །དྲག་པོ་དཔལ་ལྡན་མགོན་པོ་མཉེས་པའི་རྫས། །བསྟན་སྲུང་དབུ་ལ་འབུལ་ཏེ་རྒྱན་མཛོད་ལ། །བདག་གཞན་སྐུ་དང་མཚན་དཔེ་ཐོབ་པར་ཤོག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་བཛྲ་པུཥྤེ་ཨཱཿཧཱུྃ། གུ་གུལ་མི་ཤ་ཚིལ་ཆེན་བོང་བུའི་སྦངས། །རྔ་མོང་རིལ་མ་སྦྱར་བའི་བསྲེག་སྤོས་འདི། །བསྟན་སྲུང་ཤངས་ཀྱི་དབང་པོ་ཚིམ་བྱེད་ཅིང་། །ཚུལ་ཁྲིམས་འཆལ་བའི་དམ་ཉམས་བསྒྲལ་དུ་
གསོལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་བཛྲ་དྷུ་པཾ་ཨཱཿཧཱུྃ། མི་དང་ཕག་པ་ར་རོག་ཚིལ་ཞུན་ལ། །ལེགས་པར་སྦྱར་བའི་རོ་རས་སྡོང་བུ་གཙུགས། །གསལ་བྱེད་སྤྱན་ལ་དད་པས་རབ་འབུལ་ན། །ཤེས་རབ་འཆལ་བའི་ཀླད་པ་སྐེམ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་བཛྲ་དི་པཾ་ཨཱཿཧཱུྃ། དུག་སྣ་ཁྲག་ཆེན་སྦྱར་བའི་དྲི་ཆབ་འདི། །ཁྲག་འཐུང་བསྟན་སྲུང་ཐུགས་ལ་བདག་འབུལ་ན། །ཏིང་འཛིན་བར་ཆད་བདུད་དང་འབྱུང་པོའི་ཚོགས། །མ་ལུས་ཐལ་བ་རྡུལ་དུ་བརླག་ཏུ་གསོལ། །གནྡྷེ༴ ནས་ནག་ཏིལ་དང་སྲན་ཆེན་བྲ་བོ་དང་། །རམ་བུ་ལས་བྱས་ཟུར་གསུམ་ཁྲག་གིས་བྱུག །ལྷ་བཤོས་ལྗགས་ཀྱི་དབང་པོ་ཚིམ་བྱེད་འདི། །སྟོབས་ལྡན་བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། །མ་ཕྱཾ། རྐང་དུང་གླིང་བུ་བྷནྡྷ་ལྟག་སྤྲོད་རྔ། །ཆ་ལང་ཅང་ཏེའུ་པི་ཝཾ་རོལ་མོའི་སྒྲ། །ནག་པོའི་སྙན་ལ་གུས་པས་བདག་
འབུལ་ན། །བསྟན་ལ་སྙན་པར་སྨྲ་བའི་འདུ་བྱེད་བསྐུལ། །བསྟན་ལ་མི་སྙན་གནོད་བྱེད་བསྒྲལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཏྲི་ཀ་ཉ་པཱུ་ཛྙཱ་ཛི་གྲ་པི་པ་མ་མ་རཀྵ་ཀུ་རུ་ཀུ་རུ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ༈ ཚོགས་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། ཚོགས་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ལ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མིའི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ ། ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་
ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར། ཐོད་པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བའི་སྟེང་གི་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལ་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་ལྟ་བ་དེའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཕེཾ་ཕེཾ་ཕེཾ། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །འཁོར་ལོ་སྡོམ་པ་སྐུ་བསྐྱོད་འཚལ། །
དཔའ་བོ་དཔའ་མོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །རྡོ་རྗེ་ཕག་མོ་སྐུ་བསྐྱོད་འཚལ། །ཨོ་རྒྱན་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །ཡེ་ཤེས་མགོན་པོ་སྐུ་བསྐྱོད་འཚལ། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །བྱ་རོག་མཚན་ཅན་སྐུ་བསྐྱོད་འཚལ། །ལས་ཀྱི་མཁའ་འགྲོ་འབུམ་གྱི་དབུས། འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་གཞེངས་ཤིག །འཁོར་ཚོགས་རྒྱ་མཚོ་སྐུ་བསྐྱོད་འཚལ། །རང་རང་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་
ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་རྩོལ། །ཧཱུྃ། བཞེངས་ཤིག་ཞིང་སྐྱོང་རྣམས་བཞེངས་ཤིག །གྷ་ཡ་དྷ་ར་སྐུ་བསྐྱོད་འཚལ། །ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་ལ། །འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །སྒྲུབ་ལ་བར་དུ་གཅོད་པ་ཡི། །དགྲ་བགེགས་ཐམས་ཅད་ཞི་བར་མཛོད། །ཅེས་པ་རྒྱལ་བ་ཞྭ་དམར་དྲུག་པ་རྗེ་བཙུན་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་བསྩལ་བའོ། །ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་
རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི༴ རྟེན་འབྲེལ་ཀྱི་རྩ་བ་མ་ཚོགས་མཁའ་འགྲོ་རྣམས་ཀྱི༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །འཇིག་རྟེན་ཁམས་ཀྱི་མཆོད་པ་དང་། །བསྲེག་པའི་གསུར་དང་བཙོས་པའི་ཞགས། །མྱོས་པའི་ཆང་དང་བདུད་རྩི་ལྔ། །རཀྟ་བ་ལིང་ཨ་མྲྀ་ཏ། །ཞལ་དུ་འབུལ་ལོ་ཁ་རཾ་ཁཱ་ཧི། མགུལ་དུ་སྐྱོངས་ཤིག་ཨ་ལ་ལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །བླ་མའི་སྐུ་དགྲར་གྱུར་པ་དང་། །སེམས་ཅན་ཡོངས་ལ་
འཚེ་བ་དང་། །བདག་ལ་བརྙས་བྱེད་དགྲ་བགེགས་རྣམས། །སོད་ཅིག་བཏོག་ཅིག་མཱ་ར་ཡ། །ཙིཏྟ་ཁ་རཾ་ཛ་ཛ་ཛ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་གང་ཡིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དངོས་གྲུབ་རྣམ་གཉིས་འབྱུང་བ་དང་། །གཞན་དོན་མཐར་ཕྱིན་མཛད་ནས་ཀྱང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །༈ བདག་གིས་བཤམས་པའི་ཚོགས་ཀྱི་འཁོར་ལོ་འདི། །ཟད་པ་མེད་པ་ཡོན་ཏན་ཀུན་ལྡན་ཞིང་། །བླ་མ་རྣམས་དང་དཀྱིལ་འཁོར་ལྷ་ཚོགས་དང་། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས་བཅས་ལ། །རབ་གུས་དང་བའི་ཡིད་ཀྱིས་འབུལ་ལགས་ན། །སྡིག་དང་ལྟུང་བའི་ཚོགས་ཀུན་མཐོལ་ལོ་བཤགས། །དམན་པའི་ཡུལ་ལས་རབ་འདས་ཤིང་། །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་ཚོགས་ཀྱི་མཆོད་པ་བཞེས། །
ག་ཎ་ཙཀྲ་ཁཱ་ཧི། ཀྱེ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །གཟིགས་ཤིག་མཛེས་ལྡན་སོགས་ནས་དགོངས་ཏེ་རོལ། །བར། བདེ་བར་གཤེགས་པ་ཆོས་ཀྱི་སྐུ་སོགས་ནས་ཨ་ལ་ལ་ཧོ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞབས་བརྟན་སྨོན་ལམ། ཨོཾ་ཨ་ཀཱ་རོ་སོགས། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་ལ་ཟད་མི་ཤེས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། སུམ་རྡུང་གིས། ཧཱུྃ། ཤར་གྱི་དུར་ཁྲོད་ཆེན་པོ་ནས། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ། །དོན་དུ་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷོ་ཡི་དུར་ཁྲོད༴ རིན་ཆེན་མཁའ་འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི༴ འདིར་གཤེགས༴ བཅོལ་བའི་ཕྲིན་ལས༴ ཧཱུྃ། ནུབ་ཀྱི་དུར་ཁྲོད༴ པདྨ་མཁའ་
འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི༴ འདིར་གཤེགས༴ བཅོལ་བའི༴ ཧཱུྃ། བྱང་གི་དུར་ཁྲོད༴ ལས་ཀྱི་མཁའ་འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི༴ འདིར་གཤེགས༴ བཅོལ་བའི་ཕྲིན་ལས༴ ཧཱུྃ། དབུས་ཀྱི་དུར་ཁྲོད༴ སངས་རྒྱས་མཁའ་འགྲོ༴ དོན་དུ་སངས་རྒྱས༴ སྒྲུབ་པ་པོ༴ བྲན་གྱི་ཚུལ༴ འདིར་གཤེགས༴ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང་། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ལ་ལ་རི་བོའི་རྩེ་ལ་གནས། །ལ་ལ་རྒྱ་མཚོའི་གཏིང་ལ་གནས། །ལ་ལ་བར་སྣང་ཁམས་ལ་གནས། །ལ་ལ་དཔག་བསམ་ཤིང་ལ་གནས། །ཕལ་ཆེར་དུར་ཁྲོད་བརྒྱད་ལ་གནས། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང་། །དོན་དུ་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་
ལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམ་རྫས་ལྷག་མའི་གཏོར་མ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་རྣམས་ཀྱི་དཀྱིལ་འཁོར་གྱི་མུ་རན་སྐྱོང་བའི་མཁའ་འགྲོ་ཤུགས་འགྲོ། བརྟན་མ། སྐྱོང་མ། ཤ་ཟ། རོ་ལངས། གིང་ལ་སོགས་པའི་ལྷག་མའི་གཏོར་མ་ལ་དབང་ཞིང་དགྱེས་པ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་ལྷག་མའི་གཏོར་མ་འདི་བཞེས་ལ། ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་བཀའ་དང་དམ་ལ་མ་འདའ་བར། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །ཁྱད་པར་དུ་ཡང་ཕྱིའི་དགྲ་བགེགས་ནང་དུ་མ་གཏང་ཞིག །ནང་གི་དངོས་གྲུབ་
ཕྱི་རུ་མ་གཏང་ཞིག །རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག །ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུཙྪིཥྚ་བ་ལིངྟ་བྷཀྵ་བྷྱཿསྭཱ་ཧཱ། རོལ་འཇོག །མ་འབྱོར་པ་དང་སོགས༴ ༈ གཏོར་བཟློག་སྐབས། ཨོཾ་ཁཎྜ་རོ་ཧེ༴ སྭ་བྷཱ་ཝ༴ མདུན་དུ་དུར་ཁྲོད་ཀྱི་ས་གཞིར་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་གྲི་གུག་ཧཱུྃ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཕྱི་སྒྲུབ་ལྟར་ན་གནད་ལྔ་ཞེས་པ་སྐུ་བསྐྱེད་པ་ཕྱག་མཚན་གྱི་གནད་ཅེས་པའོ། །གཙོ་བོ་བསྐྱེད་པ་འཁོར་གྱི་གནད་ཅེས་པ་སྐུ་རྐྱང་དུའོ། །ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཆར་སྤྲིན་ནག་པོའི་སྐུ་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། ལྗགས་རྣམ་པར་བསྐྱོད་པའི་ཞལ་ནས་ཧ་
ཧ་དང་ཧཱུྃ་ཧཱུྃ་གི་གད་རྒྱངས་སྒྲོགས་པ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་ཀྱི་དང་པོ་ན་བེ་ཏའི་འབྲས་བུ་མདོག་དབྱིབས་སྙིང་དང་འདྲ་བ་དང་། གཡོན་གྱི་དང་པོ་ན་ཀ་པཱ་ལ་ཁྲག་གིས་གང་བ། གཅེས་བརྒྱད་ལས། རྒྱན་དང་ཕྱག་མཚན་མེ་རི་སོགས། །འགྱུར་བ་ཡིན་ནོ་ཞལ་ལ་དྲིས། །ཞེས་གསུངས་པས་གཅིག་ཏུ་ངེས་པ་མེད་པས་བསྙེན་སྒྲུབ་ལས་སྦྱོར་སོགས་སུ་མི་འདྲ་བ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །སྐུ་མདོག་ཕྱག་མཚན། རྒྱན་ཆ་ལུགས། མེ་རི། བཞུགས་སྟབས། གཟིགས་སྟངས། ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རྡོ་རྗེ་རལ་གྲི་མེ་འབར་བ་འདེབས་པའི་ཚུལ་གྱིས་འཛིན་པ། གཡོན་འོག་མས་ཏྲི་ཤུ་ལ་དར་དཔྱངས་ཀྱིས་བརྒྱན་པ་ཕྱར་སྟབས་སུ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དོ་ཤལ་བྱས་པ། དར་དང་རིན་པོ་ཆེ་དང་སྦྲུལ་དང་རུས་པ་དང་དྲིལ་བུ་གཡེར་ཁའི་ཕྲེང་བས་
བརྒྱན་ཅིང་སྟག་ལྤགས་གསར་པ་ཁྲག་དང་བཅས་པའི་ཤམ་ཐབས་ཀྱིས་སྨད་གཡོགས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་ཞིང་ཆེན་བསྣོལ་བའི་གདན་ལ་ཞབས་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའོ། །དེའི་གཡས་སུ་ཧཱུྃ་ལས་ལས་མགོན་བྱ་རོག་གདོང་ཅན་ནག་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐོགས་པ་ལ་ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། གཡོན་དུ་བྷྱོཿལས་རྩ་འཇིབ་མ་དམར་མོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་ལ་རལ་གྲི་དང་ཏྲི་ཤུ་ལ། གཡོན་གཉིས་ལ་མདའ་གཞུ་དང་མི་མགོ་འཛིན་པ་ལ་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མདུན་དུ་ཧཱུྃ་ལས་ཤ་ཟ་སེང་གེའི་གདོང་ཅན་ནག་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཐོད་ཁྲག་ཐོགས་པ་ལ་ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་
ཧཱུྃ་ལས་ལེགས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་ཙན་དན་གྱི་བེང་བསྣམས་པའི་སྟོད་སྨད་བར་གསུམ་ནས་ལྷ་བཙན་བདུད་ཀྱི་དམག་འགྱེད་ཅིང་། དར་གྱི་བེར་ནག་སྐུ་ལ་གསོལ་བ་ཞབས་གཉིས་བརྐྱང་བསྐུམ་གྱིས་དགྲ་བགེགས་མནན་པ། དེ་ལ་མགོན་པོ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། ཤར་དུ་མཁའ་འགྲོ་མ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི༴ འགྲེས་སོ། །ལྷོར་འུག་པའི༴ ཤར་ལྷོར་ཕག་གི༴ ལྷོ་ནུབ་ཏུ་ཁྱི་ཡི༴ ནུབ་བྱང་དུ་སྤྱང་ཀིའི༴ བྱང་ཤར་དུ་སྟག་གི༴ བརྒྱད་ཀའང་གཅེར་བུ་སྐྲ་གྲོལ་བ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། འཁོར་ཐམས་ཅད་བཞེངས་པའི་སྟངས་སྟབས་ཀྱིས་བཞུགས་པའོ། །གཙོ་འཁོར་ཐམས་ཅད་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ཆོས་
ཀྱི་དབྱིངས། རྡོ་རྗེ་གདན། བི་ཀྲ་མ་ལ། ཤྲཱི་ནཱ་ལེནྡྲ། མ་ལ་ཡ། ཡེ་ཤེས་པ་སྤྱན་འདྲེན་པ་མྱུར་བའི་གནད་ཅེས་སོ། །གཉིས་པ་སྤྱན་འདྲེན་པ་ནི། རྒྱུད་སྤུ་གྲི་བརྩེགས་པའི་ལེའུ་བརྒྱད་པ་ལས། ནག་པོ་ཆེན་པོའི་ལྷ་ཚོགས་རྣམས། །དམ་ཚིག་བསྐྱེད་ཅིང་ཡེ་ཤེས་བསྟིམ། །དཀྱིལ་འཁོར་དུར་ཁྲོད་ཡོངས་བསྐོར་བ། །སྤྱན་དྲངས་མཆོད་བསྟོད་ཚུལ་བཞིན་བྱ། །ཞེས་གསུངས་པ་དང་། ཐོ་ཡིག་ལས། དཔལ་མགོན་འཁོར་དང་བཅས་པ་རྣམས། །དུས་གཅིག་ཏུ་ནི་བསྒྲུབ་པའི་གནད། །བསིལ་བའི་ཚལ་དང་ནཱ་ལེནྡྲ། །མ་ལ་ཡ་ལ་སོགས་པ་ཡི། །རང་བཞིན་གྲུབ་པའི་གནས་དག་ནས། །དཔལ་ལྡན་མ་ཧཱ་ཀཱ་ལ་གཙོ། །ཡུམ་དང་ལས་ཀྱི་མགོན་པོར་བཅས། །སྡེ་བརྒྱད་ཚོགས་ཀྱིས་བསྐོར་བ་ནི། །བུ་ཡུག་འཚུབས་པ་བཞིན་དུ་བྱོན། །དེ་ཉིད་ཧཱུྃ་གི་འོད་ཟེར་གྱིས། །རླུང་འཚུབ་སྦུར་མ་བསྡུས་པ་བཞིན། །ཕྱི་ནང་གཉིས་ལ་ཐིམ་པར་བསམ། །ཞེས་གསུངས། ཨརྱ་དེ་བའི་ཕྱི་སྒྲུབ་ཏུ། །དེ་བཞིན་རང་གི་ཐུགས་ཀ་ཡི། །ས་བོན་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །ཞེས་སོ། །བསིལ་བའི་ཚལ། དུར་ཁྲོད་ཆེན་པོ་བརྒྱད་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ། སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་ཤ་ཟ་འབུམ། ཐུགས་འཁོར་མ་
མོ་བྱེ་བ། གནོད་སྦྱིན་ཁྲི་ལ་སོགས་པ་འཁོར་དམ་ཅན་རྒྱ་མཚོ་དང་བཅས་པ་ཐམས་ཅད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བའི་སླད་དུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་འཁོར་བཅས་མདུན་གྱི་ནམ་མཁར་བྱོན་པར་བསམ་མོ། །དེ་ནས་གསུམ་པ་སྙན་གསན་དབབ་པ་ནི། གདུང་བའི་ང་རོས་འདི་སྐད་དོ། །ན་མོ། སྲུང་མའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ། བདག་ཅག་རིག་འཛིན་འཁོར་དང་བཅས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ། དམ་ཚིག་དམོད་པའི་མཐུ་དང་། དད་པས་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་པ་ནི། རབ་ཏུ་འཇིགས་པ་བསིལ་བའི་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ། ཟབ་མོ་རྒྱུད་ཀྱི་སྲུང་མ། འགྲོ་སྐྱོབ་ཡེ་ཤེས་ཀྱི་སྤྱན་ཅན། དམ་ཅན་རྣལ་འབྱོར་གྱི་དགྲ་བླ། བར་ཆད་བདུད་འདུལ་གྱི་དབང་ཕྱུག །རྐྱེན་ངན་འཆི་བདག་གི་གཉེན་པོ།
གཉན་པོ་དཀྱིལ་འཁོར་གྱི་སྲུང་མ། དངོས་གྲུབ་ཕྲིན་ལས་ཀྱི་རྩ་བ། ཐོད་པ་སངས་རྒྱས་ཀྱི་དཔང་རྟགས་སུ་དབུ་ལ་རྫོགས་པ། སྤྱན་ལྡོག་ཞལ་བསྒྲད་ཁྲོ་གཉེར་གྱིས་བརྗིད་པ། ཞལ་རྒྱས་བཞད་པའི་ཉམས་ཀྱི་ཆ་ལུགས་འཛིན་པ། ཕྱག་བཞིས་ཕྲིན་ལས་ཀྱི་མཚོན་ཆ་བསྣམས་པ། ཞབས་གཉིས་དཔའ་བོ་རོལ་པའི་འདུག་སྟངས་ཀྱིས་རོལ་ཅིང་སྒེག་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་བསྟན་པ་བསྲུང་བའི་ཕྱིར། མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དེ་ནས་ཚིགས་བཅད་ཀྱིས་སྤྱན་འདྲེན་པ་ནི། གདུང་བའི་དབྱངས་ཀྱིས་འདི་སྐད་དོ། །ཧཱུྃ། རིན་ཆེན་འབར་བའི་གཞལ་ཡས་ཁང་། །མཆོད་པའི་སྤྲིན་ཚོགས་མཛེས་པས་བརྒྱན། །སྣ་ཚོགས་པདྨ་ཉི་མའི་གདན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཆོས་ཉིད་ངང་ལས་མ་གཡོས་ཀྱང་། །བདེ་གཤེགས་འགྲོ་བའི་
དོན་དུ་ནི། །ཚད་མེད་ཐུགས་རྗེ་སྐུར་བསྟན་པ། །ཡེ་ཤེས་མགོན་ཕྱག་བཞི་པ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཡེ་ཤེས་ཐུགས་རྗེ་རྫུ་འཕྲུལ་ཅན། །གཙོ་བོ་དང་མཚུངས་གཟི་བརྗིད་ཅན། །ལས་ཀྱི་མགོན་པོ་བྱ་རོག་གདོང་། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཚངས་རིས་མགོན་པོ་ཆེན་པོ་སྟེ། །བདུད་དཔུང་མ་ལུས་འཇོམས་མཛད་པ། །ཤ་ཟ་སེང་གེའི་གདོང་པ་ཅན། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། ཐུགས་རྗེ་ཆེན་པོས་འགྲོ་དོན་དུ། །ཆོས་ཉིད་རྣམ་དག་མཚོན་པའི་ཕྱིར། །ཡུམ་ཆེན་ལྷ་མོ་ཙན་ཏི་ཀ །མ་མོ་བྱེ་བའི་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། གསལ་སྟོང་ཐུགས་ཀྱི་སྐུ་སྤྲུལ་པ། །ལེགས་ལྡན་རྔམ་
བརྗིད་འཇིགས་གཟུགས་ཅན། །ལྷ་ཆེན་བདུད་འདུལ་མཐུ་བོ་ཆེ། །མགོན་པོ་འབུམ་གྱི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཛ། དད་པ་དང་ནི་དམ་ཚིག་གིས། །ཁྲག་འཐུང་རྒྱལ་པོ་འཁོར་བཅས་སྤྱན་འདྲེན་ན། །ཚུར་གཤེགས་ཚུར་བྱོན་མ་ཧཱ་ཀཱ་ལིའི་ཚོགས། །ལྷ་དམག་འབུམ་འབྱིན་འདིར་གཤེགས་མཆོད་པ་བཞེས། །ལྷ་ཡི་དམག་དཔོན་འདིར་གཤེགས༴ ནག་པོ་མི་བཟད༴ སྲིན་པོའི་གཟུགས་ཅན༴ བྱ་རོག་མིང་ཅན༴ ཚོགས་ཀྱི་བདག་པོ༴ མ་གཡེལ་མ་འདའ་དཔལ་ཆེན་ཐུགས་ཀྱི་སྲས། །མ་ཧཱ་ཀཱ་ལ་ལྷ་ཡི་གཙོ་བོ་སྟེ། །དབྱིངས་ནས་གཤེགས་ཤིང་བཞུད་པ་མི་མངའ་ཡང་། །བྱིན་གྱིས་བརླབ་ཕྱིར་བཤམས་པའི་གནས་འདི་རུ། །འབར་བའི་སྐུར་སྟོན་བསྒྲུབ་ཀྱིས་གཤེགས་སུ་གསོལ། །རོལ་མོ་ཆམ་རྒྱག་འོག་ཚོམ་བུ་གདན་འདྲེན། ཨེ་ཧྱ་ཧི་མ་ཧཱ་ཀཱ་ལ་ཡ་དྲྀ་
ཤྱ་ཧོ། བཞི་པ་གདན་འབུལ་བ་ནི། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ལྔ་པ་མཆོད་པ་ལ། ཆུ་གསུམ་འབུལ་བ་ནི། པྲཛྙཱ་པུཎྱེས་མཛད་པ་འདིས་འབུལ། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་དྲག་ཤུལ་ཅན། །བྱ་རོག་མིང་ཅན་འཇིགས་བྱེད་སྲིན་པོའི་གཟུགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས་ནས་ཀྱང་། །འཇིག་རྟེན་པ་དང་མཐུན་འཇུག་མཛད་པའི་ཕྱིར། །ཕྱག་ཞབས་ཞལ་དང་སྐུ་ནི་བསིལ་བར་མཛོད། །ཁྲག་གི་ཨརྒྷཾ་དུག་གི་འཐོར་འཐུང་དང་། །ཆང་གི་ཡོན་ཆབ་དམ་པ་འདི་བཞེས་ཤིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། ཨཱཉྩ་མ་ནཾ། དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ། དྲག་པོ་རྒྱན་ཅན་སྐུ་ལ་ཕྱག་འཚལ་བསྟོད། །སྐྲག་བྱེད་འབྲུག་སྟོང་གསུང་ལ་ཕྱག་འཚལ་ལོ། །མཉམ་ཉིད་མི་གཡོའི་ཐུགས་ལ་ཕྱག་འཚལ་ལོ། །དཔལ་མགོན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་ག་ཨ་མྲྀ་ཏེ་ཧཱུྃ་སྤོ་
ཏ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་བདུན་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། བསྟན་སྲུང་དྲག་པོའི་ཆ་ལུགས་ཐུགས་རྗེ་ཅན། །དཔག་མེད་ཡོན་ཏན་དབུ་རྫོགས་དགྲ་བགེགས་འདུལ། །པད་ནག་ཉི་མའི་གདན་ལ་མངོན་དགྱེས་པའི། །དམ་ཆོས་བསྟན་པ་སྲུང་ཕྱིར་བཞུགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ། བཛྲ་ཐཱ་བི་ནི་གི་བ་སུ་རཀྵ་ར་ཨ་སུ་ཀ་ནི་ཨ་དྷི་པ་ཏི་བཛྲ་ཨི་དཾ་པི་པཾ། བརྒྱད་པ་དམ་ལ་བཞག་པ་ནི། ཧཱུྃ། ཡེ་ཤེས་མགོན་པོ་འཁོར་དང་བཅས། །སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ། །རྡོ་རྗེ་འཆང་གི་བཀའ་མ་བཅག །གལ་ཏེ་བཀའ་ལས་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་མཆོག་རྡོ་རྗེ་འབར་བ་ཡིས། །འཁོར་བཅས་བརླག་པར་གདོན་མི་ཟ། །བསྡུ་ན་ཚིགས་བཅད་དོར་ཏེ་སྔགས་ཀྱིས་དམ་ལ་བཞག་ཀྱང་རུང་། ཨོཾ། མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ནོ། །
དགུ་པ་དབང་བསྐུར་བ་ནི། རྒྱུད་གྲི་གུག་བརྩེགས་པའི་ལེའུ་ལས། ནམ་མཁར་བཞུགས་པའི་སངས་རྒྱས་ཀྱི། །དབང་བསྐུར་རིགས་བདག་རྒྱས་གདབ་བྱ། །ཞེས་གསུངས་པས། དཔལ་ནག་པོ་ཆེན་པོ་ལ་སྡིག་སྒྲིབ་མེད་ཀྱང་། སྒྲུབ་པ་པོའི་ཤེས་སྒྲིབ་དང་དམ་ཚིག་གི་ཉམས་ཆག་འདག་པའི་ཆེད་དུ་དགོས་པའི་ཕྱིར་ན། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿཛཿ པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས།ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མདུན་བསྐྱེད་ཀྱི་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་སོགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། བཅུ་པ་རྒྱས་གདབ་པ་ནི། གཙོ་བོ་ལ་འཁོར་ལོ་བདེ་མཆོག་ཉི་མ་འབུམ་གྱི་
གཟི་བརྗིད་ཅན་འཁོར་རྣམས་ལ་མི་བསྐྱོད་པ་རེ་རེས་དབུ་བརྒྱན་པར་གྱུར། རོལ་འཇོག །༠ སྐད་ཅིག་ཉིད་ལ་མགོན་པོ་འཁོར་སོགས༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨཱཉྩ་མཱ་ནཾ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨ་བྷི་ག་ཨྲྀ་ཏེ་ཧཱུྃ་སྤོ་ཏ་ནཾ༴ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་བཛྲ་ཐཱ་བི་ནི་གཱི་བ་སུ་རཀྵ་ར་ལ་སུ་ཀ་ནི་ཨ་དྷི་པ་ཏི་བཛྲ་ཨི་དཾ་པི་པཾ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། སླར་ཡང་ཐུགས་ཀའི་སོགས། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །བྱ་རོག་གདོང་ཅན་ནག་པོ་འཁོར་དང་བཅས། །ལེགས་ལྡན་ནག་པོ་སྤྲུལ་པ་འཁོར་དང་བཅས། །སེང་གེའི་གདོང་ཅན་ཤ་ཟ༴ མ་མོ་ཆེན་མོ་ནག་མོ་འཁོར༴ ཞིང་སྐྱོང་ཆེན་པོ་བསྟན་
སྲུང་འཁོར༴ དམག་དཔོན་ཆེན་པོ་རུ་འདྲེན་འཁོར་དང་བཅས། །ནག་པོ་སྟོང་དང་ཤ་ཟ་བྱེ་བའི་ཚོགས། །མ་མོ་དུང་ཕྱུར་སྤྲུལ་པ་ཡང་སྤྲུལ་ཚོགས། །ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞས་ཟས་འདི༴ སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ།
གང་གིས་བདེ་གཤེགས་སྤྱན་སྔར་ཞལ་གྱིས་བཞེས། །འཇིག་རྟེན་ལས་འདས་འཇིགས་བྱེད་ཆེན་པོའི་ཚུལ། །བྱ་རོག་མིང་ཅན་བདུད་འདུལ་བསྟན་པ་སྲུང་། །དམ་ཅན་དགེ་འདུན་སྐྱོང་ལ་བདག་བསྟོད་དོ། །ཤྲཱི་ནཱ་ལེནྡྲ་ཡི་གནས་དང་དགེ་འདུན་སྡེ། །སྟོང་ཉིད་སྒོམ་དང་བདེ་མཆོག་རྣལ་འབྱོར་པ། །ཉེ་བར་སྲུང་མཛད་ནག་པོ་བྱ་རོག་མཚན། །བསིལ་བའི་ཚལ་བཞུགས་མགོན་ལ་ཕྱག་འཚལ་བསྟོད། །ཚོགས། ཨོཾ་ཁཎྜ་རོ་ཧེ་སོགས༴ སྤྱན་འདྲེན་ཕུད་བཅས་འདོན། ༈ དཔལ་ནག་པོ་ཆེན་པོ་གདོང་ལྔའི་མདུན་བསྐྱེད་དང་སྤྱན་འདྲེན་གྱི་དབུ་ཕྱོགས་ལགས་སོ། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དབང་དང་མན་ངག་ཐོབ་པ་དང་། །བསྙེན་སྒྲུབ་སྔོན་དུ་སོང་བ་ཡི། །རང་ཉིད་ཧེ་རུ་ཀ་དཔལ་བསྒོམ། །མདུན་དུ་ཐུགས་མགོན་འཁོར་བཅས་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་མདུན་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ།
དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ། དེའི་སྟེང་དུ་ར་ལས་བྱུང་བའི་ཁྲག་གི་རྒྱ་མཚོའི་དཀྱིལ་དུ། མ་ལས་སྐྱེས་པ་ཞག་གི་རྒྱ་མཚོ་དཀར་ལ་དམར་བ་མི་རོ་དང་རྟ་རོའི་ཚོགས་དང་བཅས་པ། སུྃ་ལས་སྐྱེས་པ་ཀླད་པའི་རྒྱལ་པོའི་ས་གཞི། དེའི་སྟེང་དུ་ཀེཾ་ལས་སྐྱེས་པ་ཀེང་རུས་རི་ལྟར་བརྩེགས་པའི་སྟེང་དུ། མེ་རི་དང་རྡོ་རྗེའི་གུར་གྱི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྣོད་ཀྱི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་མ་དཱ་ན་ལས་གྲུབ་པ། དེའི་ནང་དུ་བཅུད་ཀྱི་གཞལ་ཡས་ཁང་པ། ཤར་དྲི་ཟའི་ཐོད་པ་སྐམ་རློན་དུ་བརྩེགས་པ། ཟུར་བཞིར་སྲིན་པོ་ཕོ་མོའི་ཐོད་པ་སྐམ་
རློན་དུ་བརྩེགས་པ། སྟེང་ཕྱོགས་ལྷ་མ་ཡིན་གྱི་ཐོད་པ་སྐམ་རློན་དུ་བརྩེགས་པ། འོག་ཕྱོགས་ཀླུའི་ཐོད་པ་སྐམ་རློན་དུ་བརྩེགས་པ། གནམ་ལྕགས་ཀྱིས་འཛེར་བཏབ་པ། ཀླད་ཆེན་གྱི་ཞལ་བ་བྱས་པ། ནང་དུ་ལྷ་རྣམས་དུར་ཁྲོད་བརྒྱད་ཀྱི་རྣམ་པ་ཅན་གྱི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཕྱོགས་བཞི་དབུས་དང་ལྔ། ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་དབུས་སུ་པྃ་ལས་པདྨ། རྃ་ལས་ཉི་མའི་དཀྱིལ་འཁོར་སྟེང་དུ། ཧཱུྃ་མཐིང་ནག་ལས་གྲི་གུག་ཡུ་བ་ཧཱུྃ་གིས་མཚན་པ་ལྔར་གྱུར། དེ་ལས་འོད་འཕྲོས་གདུག་པ་ཅན་གྱི་ཚོགས་ཐམས་ཅད་ཚར་བཅད། ཚུར་འདུས་ཧཱུྃ་ལ་ཐིམ་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། དབུས་སུ་ཐུགས་མགོན་བྱ་རོག་གི་གདོང་པ་ཅན། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་
ཁྲག་ཐུགས་ཀར་འཛིན་པ། སྤྱན་གསུམ་དམར་ལ་འཁྲུགས་པ། ཞལ་གདང་ཞིང་ལྗགས་འདྲིལ་བ། ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱིས་སྒྲ་སྒྲོགས་པ། དབུ་སྐྲ་ཨག་ཚོམ་མེ་ལྟར་འབར་བ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པ་དང་སྦྲུལ་ནག་གིས་བརྒྱན་པ། མི་ལྤགས་ཀྱི་སྟོད་གཡོགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་བྱས་པ། ཞབས་གཉིས་བརྐྱང་བརྐུམ་འདོར་སྟབས་ཀྱིས་དགྲ་བགེགས་མནན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་པདྨ་ཉི་མའི་གདན་ལ་ཡེ་ཤེས་ཀྱི་མགོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་གྲི་གུག་སྔོན་པོ་རྡོ་རྗེའི་ཡུ་བ་ཅན། གཡོན་དང་པོས་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། འོག་མ་གཉིས་ཀྱིས་རལ་གྲི་དང་རྩེ་གསུམ་འཛིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ།
ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུས་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། གླང་ཆེན་དང་མི་ལྤགས་ཀྱི་སྟོད་གཡོགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གདུག་པ་ཅན་བསྒྱེལ་བའི་སྟེང་ན་དཔའ་བོ་རོལ་པའི་སྟབས་ཀྱིས་བཞུགས་པ། དབུ་སྐྲའི་གསེབ་ནས་ཁྲོཾ་ལས་བྱུང་བའི་བྱ་ཁྱུང་མཐིང་ནག་རལ་གྲིའི་གཤོག་པ། སྤུ་གྲིའི་ཐེལ་ཕྲན་ཡོད་པ། རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པ། ཕྱག་གཡས་རལ་གྲི་ཕྱར་བ། གཡོན་སྦྲུལ་ཞགས་གསོལ་བ། གདུག་པ་ཅན་ཐམས་ཅད་རྡུལ་དུ་བརླག་པ། ནམ་མཁའ་ལྡིང་གི་སྤྲུལ་པ་འཕྲོ་ཞིང་བྱ་གཅན་གྱི་ཚོགས་ཀྱིས་བསྐོར་བ། ཤར་གྱི་སྲོག་བདག་བྱ་རོག་གདོང་
ཆར་སྤྲིན་མདོག །བྱང་དུ་གནོན་སྦྱིན་བྱ་རོག་གདོང་ལྗང་ནག །ནུབ་ཏུ་བདུད་པོ་བྱ་རོག་གདོང་མཐིང་ནག །ལྷོར་བདུད་མོ་བྱ་རོག་གདོང་ཁྲག་རུལ་མདོག །དེ་རྣམས་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་འབར་བ་དམར་རྩིག་རྩིག་བྱེད་པ། ཕྱག་གཡས་པས་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་ཐོད་ཁྲག་འཛིན་པ་དབུ་སྐྲ་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་བྱས་པ། ཐམས་ཅད་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་རོའི་གདན་ལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ལྷ་སྣམ་ལ་ཤར་དུ་ནག་པོ་སྟོང་། ལྷོར་ཤ་ཟ་འབུམ། ནུབ་ཏུ་མ་མོ་བྱེ་བ། བྱང་དུ་གནོད་སྦྱིན་ཁྲི། ཐམས་ཅད་ཀྱང་སྐུ་མདོག་དང་རྒྱན་ཆ་སྣ་ཚོགས་པ། དྲག་ཅིང་
འཇིགས་སུ་རུང་བ། མཚོན་ཆ་སྣ་ཚོགས་འཛིན་པ། དེའི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ། ལྷོར་འཕགས་སྐྱེས་པོ་སྔོན་པོ། ནུབ་ཏུ་སྤྱན་མི་བཟང་དམར་པོ། བྱང་དུ་རྣམ་ཐོས་སྲས་སེར་པོ། དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། གནོད་སྦྱིན་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བའོ། །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས། རྡོ་རྗེ་གདན། བི་ཀྲ་མ་ལ། ཤྲཱི་ནཱ་ལེནྡྲ། མ་ལ་ཡ། བསིལ་བའི་ཚལ། དུར་ཁྲོད་ཆེན་པོ་བརྒྱད་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ། སྐུ་ཡི་སྤྲུལ་པ་རྡོ་རྗེ་བྱ་ཁྱུང་། ཐུགས་མགོན་བྱ་རོག་གདོང་ཅན། སྲོག་བདག་བྱ་རོག་གདོང་ཅན། གནོད་
སྦྱིན་བྱ་རོག་གདོང་ཅན། བདུད་པོ་བྱ་རོག་གདོང་ཅན། བདུད་མོ་རྩ་འཇིབ་མ། འཁོར་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛ་ཛཿ ཞེས་པས་ཚིལ་ཆེན་གྱི་དུད་པ་རོལ་མོ་དང་བཅས་པས་སྤྱན་དྲངས་ཤིང་ཕྲིན་ལས་གཞུང་བཞིན་བྱའོ། །ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །བདག་ནི་དཔལ་ཆེན་ཧེ་རུ་ཀ །ཁྱོད་ནི་ནག་པོ་ཆེན་པོ་སྟེ། །ཆོས་སྐྱོང་སྲུང་མ་ཐུགས་དམ་ཅན། །བསྟན་པ་གཉན་པོ་སྲུང་བ་དང་། །རྣལ་འབྱོར་དམ་ཅན་སྐྱོང་བའི་ཕྱིར། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དོ་ནུབ་སྦྱིན་སྲེག་དཔུང་ལ་བྱོན། །དཔལ་ལྡན་ནག་པོ་ཆེན་པོ་ཁྱོད། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །ཡེ་ཤེས་སྤྱན་ཅན་དུས་ལ་བབ། །དོ་ནུབ་སྦྱིན་སྲེག་དཔུང་ལ་བྱོན། །དཔལ་ལྡན་ནག་པོ་ཆེན་པོ་ཁྱོད། །ཆོས་ཀྱི་
དབྱིངས་ནས་སྐུ་བཞེངས་ལ། །དོ་ནུབ་སྦྱིན་སྲེག་དཔུང་ལ་བྱོན། །བསྟན་སྲུང་ལེགས་ལྡན་ནག་པོ་ནི། །དུར་ཁྲོད་གནས་ནས་སྐུ་བཞེངས་ལ། །དོ་ནུབ་སྦྱིན་སྲེག༴ མགོན་པོ་འཆི་བདག་ནག་པོ་ནི། །གཤིན་རྗེའི་གནས་ནས་སྐུ་བཞེངས་ལ། །དོ་ནུབ་སྦྱིན་སྲེག༴ མགོན་པོ་ཚེ་བདག་ནག་པོ་ནི། །ཀླུ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ་སྦྱིན་སྲེག༴ མགོན་པོ་སྒྲོལ་གིང་ནག་པོ་ནི། །སྲིན་པོའི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་སྲོག་ཅན་དམར་པོ་ནི། །བཙན་གྱི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ཤན་པ་ནག་པོ་ནི། །གཟའ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་སྒྲོལ་གིང་དམར་པོ་ནི། །གཙུག་ལག་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ཤ་ཟན་དམར་པོ་ནི། །དམུ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་དུག་རླངས་
ནག་པོ་ནི། །ཀླུ་ཡི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ཆོ་འཕྲུལ་བདག་པོ་ནི། །ཐེའུ་རང་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ མགོན་པོ་ནད་ཀྱི་བདག་པོ་ནི། །མ་མོའི་གནས་ནས་སྐུ་བཞེངས་ལ། །དོ་ནུབ༴ ཧཱུྃ། ནག་པོ་སྟོང་གི་ཚོགས་དང་བཅས། །དུར་ཁྲོད་བརྒྱད་ནས་སྐུ་བསྐྱོད་ཅིག །དཔུང་གི་ཚོགས་དང་སྐུ་བསྐྱོད་ཅིག །གོ་མཚོན་བཅས་པ་སྐུ་བསྐྱོད་ཅིག །དོ་ནུབ་སྦྱིན་སྲེག༴ ཤ་ཟ་འབུམ་གྱི་ཚོགས་བཅས་རྣམས། །དུར་ཁྲོད་བརྒྱད་ནས་སྐུ་བསྐྱོད་ཅིག །དཔུང་གི་ཚོགས་རྣམས་སྐུ་བསྐྱོད་ཅིག །གོ་མཚོན་བཅས་པ་སྐུ་བསྐྱོད་ཅིག །དོ་ནུབ་སྦྱིན༴ མ་མོ་བྱེ་བ་ཚོགས་བཅས་རྣམས། །རྒྱ་མཚོའི་གླིང་ནས་སྐུ་བསྐྱོད་ཅིག །དཔུང་གི་ཚོགས་ཀྱང་སྐུ་བསྐྱོད་ཅིག །གོ་མཚོན་བཅས་པ་སྐུ་བསྐྱོད་ཅིག །དོ་ནུབ་སྦྱིན༴ བཅོམ་ལྡན་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་
པ། །བསྟན་སྲུང་མ་ལུས་སྐུ་བཞེངས་ལ། །དོ་ནུབ་སྦྱིན་སྲེག་དཔུང་ལ་བྱོན། །རོལ་མོ་ཆམ་རྒྱག་འོག་ཚོམ་བུ་གདན་འདྲེན། མཐར་སུམ་རྡུང་གིས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ཐ་ཨེ་ཧྱ་ཧི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་པར་གྱུར་པར་བསམ། འདི་ནི་སྒྲུབ་པའི་གཞལ་ཡས་ཁང་། །རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས། །དམ་རྫས་ཤ་ཁྲག་སྣ་ཚོགས་དང་། །འབྲུ་ཡི་ཆན་དང་ཁུར་བ་དང་། །ལ་ཕུད་ཤིང་ཐོག་སྣ་ཚོགས་དང་། །ཁྲག་སྣ་དུག་སྣ་ཨ་མྲྀ་ཏ། །དགྲ་བགེགས་ལིང་གར་བཅས་པ་འདི། །མཆོད་པར་འབུལ་ལོ་བཞུགས་སུ་གསོལ། །བདུད་རྩི་སྨན་གྱི་མཆོད་པ་དང་། །ཛ་གད་དཔའ་བོའི་མཆོད་པ་དང་། །ཁྲག་གི་ཨརྒྷཾ་དུག་གི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཞུན་ཆེན་མར་མེ་དང་། །དུག་གི་འཐོར་ཐུགས་ཁྲག་གི་བྱུག་པ་དང་། །ལྷ་བཤོས་དམར་པོ་ཟུར་
གསུམ་དང་། །རྐང་ཆེན་དུང་དང་བྷནྡྷའི་རྔ། །ཕྱི་ནང་མཆོད་པ་བདག་འབུལ་གྱིས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །གནས་འདིར་སྤྲིན་ལྟར་གཏིབ་མཛོད་ལ། །ཐུགས་དམ་བསྐང་ངོ་བཞེས་སུ་གསོལ། །ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། །ཕྲིན་ལས་གཉན་པོ་བཅོལ་བ་ཡི། །དྲོངས་ཤིག་ཉམས་པའི་སྙིང་ཁྲག་དྲོངས། །བཟློག་ཅིག་བྱད་ཁ་དགྲ་ལ་བཟློག །མགོན་པོའི་དམག་སྣ་དགྲ་ལ་བཟློག །མགོན་པོའི་རུ་དར་དགྲ་ལ་ཕྱོར། །མགོན་པོའི་འདུན་བཏང་དགྲ་ལ་ཆོད། །མགོན་པོའི་ཁྲམ་ཁ་དགྲ་ལ་ཡ། །མགོན་པོའི་ཁྲམ་སྣ་དགྲ་ལ་བསྒྱུར། །མགོན་པོའི་བཤུགས་པ་དགྲ་ལ་ལོངས། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དམ་ལ་བཞག །སླར་ཡང་ཐུགས་ཀའི་ས་བོན་གྱི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་
བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྟའི་བར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་ནས། སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལྷུད་པ་ལས། ཡེ་ཤེས་ཀྱི་མགོན་པོ་ལ་འཁོར་ལོ་བདེ་མཆོག །ལས་ཀྱི་མགོན་པོ་རྣམས་ལ་ཡེ་ཤེས་ཀྱི་མགོན་པོ་རེ་རེས་དབུ་བརྒྱན། ལྷ་སྲིན་སྡེ་བརྒྱད་ལ་ལས་མགོན་རེ་རེས་དབུ་བརྒྱན། རོལ་འཇོག །སྐད་ཅིག་ཉིད་ལ་མགོན་པོ་འཁོར་སོགས༴ ༠ ཧཱུྃ། རྒྱལ་བའི་བསྟན་པ་གཉན་པོ་སྲུང་བའི་ཕྱིར། །འཇིགས་བྱེད་ཁྲོ་བོ་ཆེན་པོའི་ཚུལ་བཟུང་ནས། །བསྟན་པ་སྐྱོང་ཞིང་ཕྲིན་ལས་སྒྲུབ་མཛད་པ། །ཡེ་ཤེས་མགོན་པོ་འཁོར་བཅས་འདིར་དགོངས་ཤིག །ནག་པོ་ཆེན་པོའི་ཡུམ་གཅིག་རལ་གཅིག་མ། །ལེགས་
ལྡན་ནག་པོ་ཡུམ་ཆེན་རྩ་འཇིབ་མ། །སྤྲུལ་པ་ལས་མགོན་ཆེན་པོ་བྱ་རོག་གདོང་། །སེངྒེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་མ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་དང་བཅས། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །བདེ་གཤེགས་བསྟན་པ་གཉན་པོ་སྲུང་བར་མཛོད། །བསྟན་དང་རྣལ་འབྱོར་བདག་ལ་གནོད་བྱེད་པའི། །དམ་ཉམས་སྡིག་ཅན་དགྲ་བགེགས་མ་རུངས་པ། །བསམ་སྦྱོར་ངན་པ་འཆང་བ་འདི་དག་ཀུན། །ལོ་ཟླར་མ་འགྱང་ཐལ་བའི་རྡུལ་དུ་རློགས། །དམ་ཉམས་དགྲ་བོ་ད་ལྟ་ཉིད་དུ་སྒྲོལ། །སྲོག་རྩ་ཆོད་ལ་དོན་སྙིང་ཁྱེར་ལ་ཤོག །ཤ་ཟོ་ཁྲག་འཐུང་རུས་མུར་དཔལ་མདངས་ཕྲོལ། །དབུགས་ལོངས་སེམས་སྤོར་རྗེས་ཤུལ་མེད་པར་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བཀའ་
དང་དམ་ལ་མ་འདའ་མ་གཡེལ་ཅིག །རྟགས་དང་མཚན་མ་སྟོན་ལ་གནོད་བྱེད་སྒྲོལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །དཔྲལ་བའི་དབྱིངས་ནས་སྤྲུལ་པ་ནི། །ལྕགས་ཀྱི་བྱ་ཁྱུང་ནག་པོ་ལ། །དུང་གི་མཆེ་བ་རབ་ཏུ་གཙིགས། །སྤྱན་ནི་ཁྲག་མདོག་བསེ་ཡི་སྤྱན། །རྭ་ནི་རྡོ་རྗེ་ཕ་ལམ་འདྲ། །རིན་ཆེན་འབར་བའི་ཚྭ་ཚྭ་འཕྲོ། །མཐིང་གཤོག་འབར་བ་ལྡིང་ཞིང་གཡབ། །ཀཾ་ཀཾ་ཀྲིང་ཀྲིང་སྒྲ་འབྱིན་ཅིང་། །ཟངས་ཀྱི་སྡེར་མོ་དམར་པོ་ཡིས། །དགྲ་བགེགས་གློ་སྙིང་ཕྱུངས་ནས་ནི། །རྔམ་ཞིང་རྔམ་ཞིང་ཞལ་དུ་གསོལ། །ཁྱུང་ནག་སྐུ་ལ་ཕྱག་འཚལ་བསྟོད། །༈ གདོང་ལྔའི་བསྐུལ་པ་གནམ་ལྕགས་ཐོག་མདའ་བཞུགས་སོ། །ཧཱུྃ། མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ཁྲོས་པའི་གད་མོ་སྒྲོགས་པ་ཡིས། །ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་བརྒྱལ། །རྒྱལ་ཆེན་བཞི་
དང་ཕྱོགས་སྐྱོང་བཅུ། །ཁྲག་ཏུ་སྐྱུག་ཅིང་ལས་ལ་འདུས། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་འཁོར་བཅས་རྣམས། །རང་དབང་མེད་པར་ལས་ལ་རྒྱུགས། །དུས་ལ་བབ་བོ་བྱ་རོག་གདོང་། །ཁས་བླངས་དམ་བཅའ་དུས་ལ་བབ། །མགོན་པོ་དམ་ལས་མ་འདའ་ཞིག །མགོན་པོ་དམ་ལས་འདས་གྱུར་ན། །དམ་ཚིག་ཆད་པ་འབྱུང་བར་འགྱུར། །ཁྱོད་ཀྱི་དམ་ཚིག་གཉན་པོ་དེ། །སངས་རྒྱས་བསྟན་པ་སྲུང་བ་ཡིན། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །དུས་གསུམ་སངས་རྒྱས་བསྟན་པ་བཤིག །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །སྟོང་ཁམས་བཤིག་པའི་བཤིག་འདྲེ་བྱས། །རྒྱལ་ཁམས་ཕུང་བའི་ཕུང་འདྲེ་བྱས། །འདི་ལ་ཐུགས་རྗེས་མི་གནས་པའི། །དབྱིངས་སུ་ད་ལྟ་བསྒྲལ་བར་གྱིས། །དེ་ཡི་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ཀླད་པ་ནང་
ཁྲོལ་ཟོ། །དེ་རྣམས་ཐལ་བ་རྡུལ་དུ་རློག །བཅོལ་བའི་ལས་རྣམས་མྱུར་དུ་མཛོད། །བཅོལ་བའི་ལས་འདི་མ་བྱས་ན། །བདེ་གཤེགས་རྒྱལ་བའི་བཀའ་བསླུས་པས། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །ཁྱོད་ལ་རྣལ་འབྱོར་ཅི་བྱས་པ། །ཁྱོད་ཀྱི་ལུས་ཀྱི་གནད་ཡིན་ཏེ། །ལུས་ནི་དུམ་བུར་འགྲོ་བར་ཤོག །ཁྱོད་ལ་བཟླས་བརྗོད་ཅི་བྱས་པ། །ཁྱོད་ཀྱི་སྲོག་གི་གནད་ཡིན་ཏེ། །སྲོག་ནི་དུམ་བུར་འགྲོ་བར་ཤོག །ཁྱོད་ལ་གཏོར་མ་ཅི་ཕུལ་དེ། །ཁྱོད་ཀྱི་ངག་གི་གནད་ཡིན་ཏེ། །ལྕེ་ཡང་ཚལ་པར་འགྲོ་བར་འགྱུར། །དེ་བས་རང་དམ་རང་གིས་ལོངས། །སྡིག་ཅན་དམ་ཉམས་དགྲ་བོ་འདིས། །ད་ལྟ་ཉིད་དུ་སྙིང་ཁྲག་འཐུང་། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བསྟན་པ་བསྲུང་བའི་དོན་སླད་དུ། །བྱ་རོག་གདོང་ཅན་ཁྱོད་བསྒྲུབས་ནས། །ང་སྐྱེ་བོའི་མི་ཁར་མ་བཏང་ཞིག །མི་ནག་
གིས་འཕྱ་ཁར་མ་བཏང་ཞིག །དུས་ལ་བབ་བོ་བྱ་རོག་གདོང་། །དགྲ་ལ་རྒྱུགས་ཤིག་བྱ་རོག་གདོང་། །དགྲ་སྲོག་ཆོད་ཅིག་བྱ་རོག་གདོང་། །སྡིག་ཅན་ཉམས་པའི་དགྲ་ཡུལ་དུ། །ནམ་མཁའ་བྱ་རོག་འཕུར་བས་ཁོངས། །ས་གཞི་མུན་པ་ནག་པོས་ཁོངས། །ཁང་ཁྱིམ་འོད་དང་འཚུབ་མས་ཁོངས། །ད་ལྟ་ཉིད་དུ་ལས་མཛོད་ཅིག །སྡིག་ཅན་དགྲ་ལ་ལས་གྱིས་ཤིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤར་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་དུ། །ཉིང་སྤྲུལ་སྲོག་བདག་བྱ་རོག་གདོང་། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག །མི་བཟད་གདུག་པའི་འོད་ཟེར་འཕྲོ། །ཕྱག་གཡས་གྲི་གུག་འབར་བ་ཕྱར། །བསྟན་ལ་སྡང་བའི་དགྲ་སྲོག་ཆོད། །གཡོན་པས་ཐོད་པ་ཁྲག་གིས་བཀང་། །གདུག་པའི་སྙིང་ཁྲག་ཞལ་དུ་གསོལ། །ཐོད་པའི་ཕྲེང་བའི་དོ་ཤལ་བྱས། །
ཡན་ལག་ཐུང་ཞིང་ལྟོ་བ་འཕྱང་། །དུག་སྦྲུལ་གདུག་པའི་སྐ་རག་བཅིངས། །གིང་ཆེན་བཅོ་བརྒྱད་འཁོར་གྱིས་བསྐོར། །དམ་ཉམས་སྲོག་ལ་མངའ་མཛད་པའི། །རྡོ་རྗེ་སྤྱང་ཀི་ཤ་ལ་རོལ། །ཤར་ཕྱོགས་དྲེགས་པའི་དམག་དང་བཅས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་ལ་སྡང་བའི་དགྲ་སྲོག་ཆོད། །བྱང་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་དུ། །ལྗང་ནག་འབར་བའི་དཀྱིལ་འཁོར་ནས། །གནོད་སྦྱིན་ནག་པོ་བྱ་རོག་གདོང་། །སྐུ་མདོག་ནག་པོ་དུད་ཁའི་མདོག །ཁ་རླངས་ནད་ཀྱི་ན་བུན་འཁྲིགས། །མི་བཟད་གདུག་པའི་ཚྭ་ཚྭ་འཕྲོ། །ཁྲག་རལ་དམར་པོ་གྱེན་དུ་བརྫེས། །རལ་པའི་གསེབ་ནས་ཐོག་སེར་འཕྲོ། །ཕྱག་གཡས་གདུག་པའི་གྲི་གུག་གིས། །ཉམས་པའི་སྲོག་རྩ་དམར་པོ་གཅོད། །གཡོན་པས་ཐོད་པ་ཁྲག་གིས་བཀང་། །
དགྲ་བོའི་སྲོག་ཁྲག་ཞལ་དུ་རྔུབ། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །ལྗང་ནག་སྦྲུལ་གྱི་སྐ་རག་བཅིངས། །དགྲ་བགེགས་མ་ལུས་དབང་དུ་སྡུད། །སྐུ་ལ་ཁྲག་ཞག་ཐིག་ལེས་བརྒྱན། །གནོད་སྦྱིན་ནག་པོའི་ཚོགས་ཀྱིས་བསྐོར། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྡིག་ཅན་ཉམས་པའི་དགྲ་བོ་ལ། །ནད་དང་མཚོན་གྱི་ཆར་པ་ཕོབ། །གནོད་སྦྱིན་ཁྲག་གི་རལ་པ་ཅན། །མཐུ་སྟོབས་མ་ཆུང་ཁྲག་གི་རལ་པ་ཅན། །རྟགས་དང་མཚན་མ་མ་ཞན་ཁྲག་གི་རལ་པ་ཅན། །དམ་ཉམས་དགྲ་བོ་སྡིག་ཅན་འདི། །མགོ་དང་ལུས་པོ་ད་ཕྱེས་ཤིག །ཤ་དང་རུས་པ་ད་ཕྱེས་ཤིག །པགས་པ་གདན་དུ་ད་ཐེངས་ཤིག །གཟུགས་བཞི་ཐང་ལ་ད་རྒྱོབ་ཅིག །དབང་པོ་རྣམ་ལྔ་ད་ཁོས་ཤིག །ལྷ་ལྔ་དབང་དུ་ད་སྡུད་ཅིག །ཁྱོད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། །ཁྲོ་ཆུང་མཐིང་ནག་བྱ་རོག་གདོང་། །སྒྲ་སྐད་འདོན་ཅིང་སྡང་
མིག་བལྟ། །བྱ་རོག་འུག་པ་ཁྭ་ཏ་དང་། །བཞད་དང་སྲིན་བྱ་ལ་སོགས་ཀྱིས། །སྟོང་གསུམ་ཀུ་ཡིས་འདེབས་པར་བྱེད། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །འདུས་འདུས་ཤ་དང་ཁྲག་ལ་འདུས། །དགྲ་སྲོག་གཅོད་པའི་ལས་མཛོད་ཅིག །ཧཱུྃ། ནུབ་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་དུ། །དམར་ནག་མེ་ཡི་ཀློང་དཀྱིལ་ནས། །བདུད་པོ་བྱ་རོག་གདོང་ཅན་ནི། །ཞིང་ཆེན་རོ་ཡི་གདན་ལ་བཞུགས། །དུར་ཁྲོད་རོལ་པའི་རྒྱན་དང་ལྡན། །མཐིང་ནག་སྐུ་ལ་རྔམས་པའི་ཞལ། །ལྕགས་ཀྱི་མཆེ་བ་དགྲ་ལ་གཙིགས། །གདུག་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །ལས་སུ་དགྲ་བོའི་སྲོག་རྩ་གཅོད། །བདུད་དམག་བྱེ་བའི་འཁོར་གྱིས་བསྐོར། །གཡས་ན་སྤྲུལ་པའི་ཕོ་ཉ་ནི། །བྱ་ནག་མང་པོ་གཤོག་པ་རྡེབ། །གཡོན་ན་སྤྲུལ་པའི་ཕོ་ཉ་ནི། །
ལྕགས་སྤྱང་སྔོན་པོ་འབྲོས་དེད་བྱེད། །རྒྱབ་ནས་སྤྲུལ་པའི་ཕོ་ཉ་ནི། །ཁྱི་ནག་མང་པོ་ཟུག་ཅིང་ཟ། །མདུན་ནས་སྤྲུལ་པའི་ཕོ་ཉ་ནི། །མི་ནག་གནམ་དུ་འོ་དོད་འབོད། །དམར་གྱི་གཏོར་མ་འདི་བཞེས་ལ། །བསྟན་པ་བཤིག་པའི་དགྲ་བོ་རྣམས། །བསད་ཐིག་ནག་པོས་ཁྲམ་ལ་ཐོབ། །ཉམས་པའི་རྣམ་ཤེས་རྟེན་དང་ཕྲོལ། །རྦད་པའི་ལས་ལ་མཐུ་མ་ཆུང་། །བཅོལ་བའི་ལས་རྣམས་མྱུར་དུ་མཛོད། །མ་གཡེལ་དམ་ཅན་ལས་ལ་གཤེགས། །བྷྱོ། ལྷོ་ཕྱོགས་ཨེ་ཡི་དཀྱིལ་འཁོར་ནས། །བཾ་ཆེན་རོ་ཡི་གདན་སྟེང་དུ། །མ་མོ་བྱེ་བའི་དཀྱིལ་འཁོར་ནས། །བདུད་མོ་རྩ་འཇིབ་ཁྲག་འཐུང་མ། །མཐིང་ནག་སྐུ་ལ་ཁྲག་རུལ་མདོག །སྔོ་དམར་ནད་ཀྱི་ཚྭ་ཚྭ་འཕྲོ། །གཟེར་ནད་ཡམས་ཀྱི་ན་བུན་འཐིབ། །དམིགས་པའི་དགྲ་ལ་དམག་སྣ་འདྲེན། །སྐུ་ལ་ཁྲག་ཞག་ཐིག་ལེས་བརྒྱན། །གསོད་པའི་མཚོན་ཆ་
ཕྱག་ན་འཛིན། །རྩ་ཆེན་བཞི་ཡི་རཀྟ་འཇིབ། །མ་མོ་དྲུག་འབུམ་ཕོ་ཉར་འགྱེད། །སྲིད་པའི་མ་མོའི་དམག་སྣ་འདྲེན། །དགྲ་བོའི་ཤ་ཁྲག་བཏོག་ཅིང་འཆའ། །ལས་ཀྱི་རླུང་དམར་ཆིབས་སུ་བཅིབས། །བདུད་མོ་བྱེ་བའི་འཁོར་གྱིས་བསྐོར། །དམ་ལ་གནས་པའི་སྡོང་གྲོགས་མཛོད། །བདུད་དམག་བྱེ་བ་འཁོར་བཅས་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །ཉམས་པའི་སྙིང་ཁྲག་དབང་དུ་སྡུས། །དགྲ་བོའི་སྲོག་རྩ་དམར་པོ་ལོངས། །བཅོལ་བའི་ལས་ལ་མ་གཡེལ་ཅིག །དྲག་པོའི་ཕྲིན་ལས་མྱུར་དུ་མཛོད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ཆོས་སྐྱོང་རྣམས་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །འདུས་འདུས་ཤ་དང་ཁྲག་ལ་འདུས། །དགྲ་བོ་བརླག་པའི་ཕྲིན་ལས་མཛོད། །ཧཱུྃ། དྲི་ངད་དུག་གི་མེ་ཏོག་སོགས། ཧཱུྃ།
བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནི། །གྲུ་གསུམ་མཐིང་ནག་འབར་བའི་ནང་། །ཤིན་ཏུ་འཇིགས་པའི་གཞལ་ཡས་ནས། །ཞིང་སྐྱོང་ནག་པོ་ཆེན་པོ་ནི། །བྱ་རོག་མིང་ཅན་སྲིན་པོའི་གཟུགས། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །བེ་ཏ་དང་ནི་རལ་གྲི་འཛིན། །ཕྱག་གཡོན་ཐོད་པ་ཁ་ཊྭཱཾ་འཛིན། །གཟི་བརྗིད་ལྡན་པའི་ཁྲོ་གཉེར་ཅན། །དམ་ཉམས་གདུག་པའི་སེམས་ཅན་ལ། །ཁྲོ་ཞིང་འཁྲུགས་པའི་མཆེ་བ་གཙིགས། །ལྗགས་ནི་དྲག་པོ་གློག་ལྟར་འཁྱུགས། །འཇིགས་པའི་གད་མོ་འབྲུག་ལྟར་སྒྲོགས། །སྐུ་ཡི་སྤྲུལ་པས་དམ་ཉམས་ཀྱི། །སྙིང་ལ་གཟེར་ཆེན་འབེབས་པར་བྱེད། །དབུ་སྐྲ་སྨིན་མ་ཨག་ཚོམ་སེར། །ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །སྣ་ཚོགས་པདྨ་ཉི་སྟེང་ན། །ཙནྡན་འཁྱིལ་བའི་སྟབས་ཀྱིས་བཞུགས། །གཏུམ་པོ་ཆེན་པོ་གཡུལ་
ལས་རྒྱལ། །འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་བཀའ་ཉན་ཕོ་ཉ་ནི། །དམ་ཉམས་སྒྲོལ་ཞིང་ཚར་གཅོད་པ། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །གསོད་བྱེད་མ་མོ་བྱེ་བས་བསྐོར། །གནོད་སྦྱིན་སྲིན་པོ་གཤིན་རྗེ་ཡི། །གསོད་ཅིང་གཟེར་བའི་ལས་རྣམས་ལ། །སྟོབས་ཆེན་ཤིན་ཏུ་རྔམ་པའི་སྐུ། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །གཅེར་བུ་ཟ་ཞིང་རྒྱུག་པ་ཡི། །ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར། །ཚོགས་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་བསྟན་པ་ནི། །ནག་པོ་ཁྱོད་ཀྱིས་བསྲུང་མཛོད་ཅིག །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །ནག་པོ་ཆེན་པོ་དྲག་ཤུལ་ཅན། །བྱ་རོག་མིང་ཅན་ཁྱོད་ཡིན་པས། །དམ་ཚིག་ལས་འདས་སེམས་ཅན་འཚེ། །སྒྱུ་སྦྱོར་ཡོན་གྱི་
བདག་པོ་དང་། །རྣལ་འབྱོར་བདག་ལ་བར་གཅོད་པའི། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདག་ལ་བསྡོ་བ་ཀུན་ཁུག་ལ། །དེ་ཡི་ཤ་ཟོ་ཁྲག་ལ་འཐུང་། །སངས་རྒྱས་བསྟན་ལ་ར་མདའ་ལྡོག །ནག་པོ་ཆེན་པོ་ལས་ལ་བྷྱོ། །བསྟན་ལ་སྡང་བའི་དམ་ཉམས་ཀྱིས། །རང་གི་ལས་བྱས་རང་ལ་སྨིན། །མ་ཧཱ་ཀཱ་ལས་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དམ་རྫས་གཏོར་མའི་མཆོད་པ་བཞེས། །སྔོན་གྱི་སློབ་དཔོན་བཀའ་མ་བཅག །ཕྱི་རབས་རྣལ་འབྱོར་སུན་མ་ཕྱུང་། །རིག་འཛིན་བདག་གི་དམ་མ་བཀྲལ། །ཡོན་བདག་རྒྱུ་རྐྱེན་ཆུད་མ་གསོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྟེང་པ་ལོ་ཙཱ་བའི་ལུགས་སོ། །ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ན་འཛིན། །དམིགས་པའི་ནང་ཁྲོལ་འགྲད་ཅིང་ཟ། །དེ་ཡི་སྒྱུ་མ་འདྲེན་པར་བྱེད། །རྐང་
དང་རུས་པ་བཏོག་ཅིང་འཆའ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡུམ་ནི་གསོད་བྱེད་རྩ་འཇིབ་མ། །ཕྱག་བཞི་རྐང་དང་མི་ཁྲག་བསྣམས། །མ་མོ་རྣམས་ཀྱི་ཤ་ལ་རོལ། །དུར་ཁྲོད་ལྕེ་སྤྱང་ལིང་འདུ་རྣམས། །དབང་པོ་རྣམས་དང་ནང་ཁྲོལ་འདྲེན། །འབྱུང་པོ་རྣམས་ཀྱི་ཤ་ལ་རོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་བསྐུལ་ངོར། མངྒ་ལཾ་དགེའོ།། །།
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བཟློག་བསྡུས་པའི་ལུགས་ཀྱི་འབུལ་ཐབས་འདོན་འགྲིགས་ནག་འགྲོས་སུ་བཀོད་པ། བསྟན་འཛིན་ནོར་བུ།
༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་བཟློག་བསྡུས་པའི་ལུགས་ཀྱི་འབུལ་ཐབས་འདོན་འགྲིགས་ནག་འགྲོས་སུ་བཀོད་པ་བཞུགས་སོ། །
དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མདོས་དང་ཟོར་གྱི་ལམ་དབྱེ་བ་ལ། གསེར་སྐྱེམས་འབུལ་བ་ནི། ཧཱུྃ། མ་ཉེས་མ་ཡོ་གཟུ་དང་དཔང་། །བླ་མ་དཀོན་མཆོག་གཟུ་དང་དཔང་། །དུས་གསུམ་སངས་རྒྱས་གཟུ་དང་དཔང་། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །དཔའ་བོ་མཁའ་འགྲོ་གཟུ་དང་དཔང་། །དཔལ་ལྡན་མགོན་པོ་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །ལྷ་ཀླུ་སྡེ་བརྒྱད་གཟུ་དང་དཔང་། །དམ་ཉམས་དགྲ་བོ་ལས་ངན་འདིས། །ཉེས་པ་མེད་པར་སྲོག་ལ་བསྡོས། །ང་ཡིས་མ་ཉེས་
ཁོ་ཡིས་ལན། །དེ་རིང་གཟུ་དཔང་མཛད་དུ་གསོལ། །ཀྱེ། འཇིག་རྟེན་འཛམ་གླིང་སྟེང་དང་འོག །ཕྱོགས་ཕྱོགས་དག་ན་བཞུགས་པ་ཡི། །དམ་ལ་གནས་པའི་ལྷ་འདྲེ་ཀུན། །སྔགས་འཆང་བདག་གི་ཚིག་ལ་ཉོན། །མདོས་བསྐྱོད་དགྲ་ཡུལ་བསྐྱོད་པའི་ཚེ། །དགྲ་དང་བགེགས་ལ་ཟོར་འཕེན་ན། །ཤར་གྱི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་
པོའི་ཚོགས་རྣམས་མ་ལུས་རྣམས། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ཏེ། །ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལེན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །ཤར་ལྷོ་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟུར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ན། །ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན། །
ང་ཡིས་མ་ཉེས་མ་ལེན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །ལྷོ་ནུབ་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟུར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ན། །ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །ནུབ་ཀྱི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །
འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱོབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུར་ཟུར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ན། །ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །ནུབ་བྱང་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱོབ་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟུར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ན། །ཉམས་པའི་གྲིབ་ཀྱིས་ཉེས་
བྱུང་ན། །ང་ཡིས་མ་ཉེས་མ་ལན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །བྱང་གི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟུར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ན། །ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །བྱང་ཤར་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲག་པོའི་ཚོགས། །ས་བདག་ལྷ་ཀླུ་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །ནང་མི་དམག་དཔུང་
སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟུར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་བསྒོ་བ་མ་ཉན་ན། །ཉམས་པའི་གྲིབ་ཀྱིས་ཉེས་བྱུང་ན། །ང་ཡིས་མ་ཉེས་མ་ལན་གྱི། །ཉེས་ཅན་དགྲ་དང་བགེགས་ལ་ཆོད། །ཀྱེ། དྲག་པོ་ལས་ཀྱི་ཐུན་ཟོར་འདི། །སྟེང་གི་ལྷ་ལ་མི་འཕེན་ནོ། །བར་གྱི་གཉན་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི་འཕེན་ནོ། །སྡེ་བརྒྱད་རྣམས་ལ་མི་འཕེན་ནོ། །གསེར་བས་འདི་ལས་རིན་ཆེ་མེད། །ཆང་བས་འདི་ལས་ངོ་ཆེ་མེད། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཞིག །སྒོ་བས་སྒོ་ཕྱེ་ཤ་ར་ར། །འཕྲང་པས་འཕྲང་སོལ་སི་ལི་ལི། །མཐོ་བ་རྣམས་ཀྱིས་ཞབས་
བཏེག་ཅིག །དམའ་བ་རྣམས་ཀྱིས་དབུ་སྨོད་ཅིག །གཡས་ན་འདུག་པ་གཡས་སུ་གཟུར། །གཡོན་ན་འདུག་པ་གཡོན་དུ་བཟུར། །ཐད་དུ་འདུག་པ་སྐུ་བཟུར་ཅིག །ན་བཟའ་ལྷབ་ལྷུབ་ཐུ་བ་བསྡུས། །ཕོ་བྲང་རྣམས་ཀྱང་སྒོ་ཆོད་ཅིག །སྐུ་བཟུར་དེ་ནི་སྤྱན་གཡོར་ཅིག །དྲག་པོས་ཟོར་ཁར་མ་འབྱོན་ཅིག །འོ་ན་ཟོར་འཕེན་གང་ལ་འཕེན། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །སྡང་བར་བྱེད་པའི་དགྲ་ལ་འཕེན། །གནོད་པར་བྱེད་པའི་བགེགས་ལ་འཕེན། །དམ་ཉམས་བྱད་མའི་སྟེང་དུ་འཕེན། །ད་ནི་དྲག་པོས་མདའ་ཟོར་འཕེན། །ད་ནི་དྲག་པོས་ཀོང་ཟོར་འཕེན། །ད་ནི་དྲག་པོས་ཁྲག་ཟོར་འཕེན། །ད་ནི་དྲག་པོས་ཐོད་ཟོར་འཕེན། །ད་ནི་དྲག་པོས་གཏོར་ཟོར་འཕེན། །ད་ནི་དྲག་པོས་ཐུན་ཟོར་འཕེན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་
མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག །ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག །༈ ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པད་གཞོང་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཁཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་མིའི་ཞལ་ཟས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཁཾ་ལྗང་གུ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཙམ་དུ་སྤེལ་ལོ། །ཨོཾ་ཨཱཿཧཱུྃ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿཎཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་དཀར་པོ་ལས་འོད་ཟེར་འཕྲོས་པས་འདོད་པའི་ཡོན་ཏན་ལྔ་དང་བདུད་རྩི་ཅི་འདོད་པར་བསམ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྡྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ། ཛ་སེར་པོ་ལས་འོད་ཟེར་འཕྲོས་པས་ཐམས་ཅད་ཀྱི་ཆེ་ཆུང་
ཕམ་རྒྱལ་མེད་པར་ཐོབ་པར་བསམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བཾ་དཀར་པོ་ལས་འོད་ཟེར་འཕྲོས་པས་བདུད་རྩི་ཐམས་ཅད་འདོད་ཡོན་ལྔ་དང་ལྡན་པའི་བདུད་རྩིར་བསམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་སོ་སོ་རང་རང་གི་འདོད་པའི་ལོངས་སྤྱོད་དུ་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། སྣོད་རིན་པོ་ཆེ་ཁུར་ཡུག་ཙམ་དུ་གྱུར་པ་ལ། བཅུད་བདུད་རྩིའི་རྒྱ་མཚོ་ཙམ་དུ་གྱུར་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿཛཿ བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་པདྨ་ཀཱ་མ་ལ་ཡ་སྟྭཾ། སྟེང་ཚངས་པ་བརྒྱ་བྱིན། འོག་ས་ཡི་ལྷ་མོ་བརྟན་མ། བར་དུ་རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོང་བའི་གཉན་པོ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད། དཔལ་མགོན་བདུན་ཅུའི་ལྷ་ཚོགས་
རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མི་མཇེད་ཀྱི་བདག་པོ་ཚངས་པ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས། མིའམ་ཅིའི་རྒྱལ་པོ་ལྗོན་པ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། ལྟོ་འཕྱེའི་རྒྱལ་པོ་སྦྲུལ་མགོ་ཅན། གྲུལ་བུམ་གྱི་བདག་པོ་སྟག་མགོ་ཅན། སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུ། ཀླུའི་རྒྱལ་པོ་ནོར་རྒྱས། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ །ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྱི་ཡི་ལྷ་མ་སྲིན་སྡེ་བརྒྱད། ནང་གི་ལྷ་མ་སྲིན་སྡེ་བརྒྱད། གསང་བའི་ལྷ་མ་སྲིན་སྡེ་བརྒྱད། སྦས་པའི་ལྷ་མ་སྲིན་སྡེ་བརྒྱད། བསྟན་པ་སྐྱོང་བའི་ལྷ་མ་སྲིན་སྡེ་བརྒྱད། དྲག་པོ་སྔགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། ལས་བྱེད་མྱུར་མགྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། འཇིག་རྟེན་རྟག་ཆགས་ཀྱི་ལྷ་མ་
སྲིན་སྡེ་བརྒྱད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐྱོ་བྲག་བྲག་དཀར། སེང་གེ་གནམ་མཆོང་། སྦ་ནག་དགེ་བསྙེན་ཆེན་པོ། ལ་དམར། རི་དམར་གཉན་པོ། སྤྱིའི་དུ་བྲག་དཀར། རྨ་རྒྱལ་སྤོར་ར། གཉན་ཆེན་ཐང་ལྷ། ཟླ་རྒྱལ་འབྲི་བྱེད། མོ་ཧད་ལྷ་རྩེ། སྐྱོང་བྱེད་འཕེན་པོ། རྨེ་ཐི་དམག་དཔོན། སྤུངས་རི་དཔལ་ཆེན། པདྨ་སྡོང་ཕུག །འགྱིང་རྒྱལ་རི་བོ་ཆེ། སྤྱི་འབྱམས་དཔལ་རྩེ། སྡོང་ལ་རྒྱལ་མཚན། དཀར་ཡུ་ཡང་སྙིང་། བིལ་ཇོ་རྨོག་ཕུར། ཁྲོ་བོ་དབུ་དགུ། སྤྱིར་རྩི་ཤེལ་ཕྲོམ། རྒྱལ་རྒྱམ་ཤེལ་ཕྲོམ། མྱེ་མྱག་ཤེལ་ཕྲོམ། སྙི་ནག་གཡག་ཐོད། ཇོ་བོ་སྦོམ་ཤེ །ཇོ་བོ་དཔའ་དཀར་ནག །ཇོ་མོ་ཤེལ་སྙིང་། དབེན་ནེ་གཉན་པོ། གཙོ་ཕུ་བྲག་དམར། འོ་ཕུ་རྫོང་དམར། ལ་དམར་རི་དམར་གཉན་པོ། སྐུ་རྒྱལ་ཤེ་ནེ། གསོ་ནེ་ཁམ་པ། རྡོ་ཕྲུག་རྒྱལ་པོ་ལ་སོགས་པ་གཞན་ཡང་ཡུལ་ལྷ་མཚན་ནས་མ་ཐོན་
པ་ལྷ་ཀླུ་བཙན་བདུད་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུལ་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུམ་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ས་བདག་སའི་ལྷ་མོ་
བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤརྑ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ་དེ་རིང་གི་ཉི་མ། གཟའ་རྒྱུ་སྐར་དུས་ཚོད་ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མདོར་ན་རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་། ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ཕ་རི། ཚུར་རི། གཡས་རི། གཡོན་རི། མདུན་རི། རྒྱབ་རི། གྲྭ་ས། སྒྲུབ་གནས། མཚེར་ས། བྲང་ཁང་ལ་གནས་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟན་པ་མཁར་ལ་སོགས་པ་ས་ཕྱོགས། ཡུལ་ཕྱོགས། དབེན་གནས། སྒྲུབ་གནས་འདི་ཉིད་ལ་གནས་པའི་གཞི་བདག་དཀར་པོའི་
ཕྱོགས་ལ་མངོན་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །འགྲོ་ན་མ་བཀག །འདུག་ན་མ་སྡང་། བསམ་པ་མ་ངན། སྦྱོར་བ་མ་རྩུབ། ཁ་གདུག་པ་ཅན་གྱིས་མ་སྨྲ། ལག་གདུག་པ་ཅན་གྱིས་མ་རེག །བསམ་པ་གདུག་པ་ཅན་མ་འཆང་། ཉིན་གྱི་དུས་སུ་བྱ་ར་གྱིས། མཚན་གྱི་དུས་སུ་མེལ་ཚེ་གྱིས། ལུས་དང་གྲིབ་མ་བཞིན་དུ་འགྲོག །ཡག་དང་སྤྲོད། ཉེས་དང་བསྣོལ། བསམ་པ་སྒྲུབས། རེ་བ་སྐོངས། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལྷ་ཀླུ་གཞི་
བདག་རྣམས་ལ་འདོད་ཡོན་ཚོགས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མནྡྷ་ལ་མ་ཡེ་སྭཱ་ཧཱ། ས་བདག་ཀླུ་གཉན་གྱི་ནད་དང་གདུག་པ་ཐམས་ཅད་ཞི་བར་གྱུར་ཅིག །ཨོཾ་ཡེ་དྷརྨཱ་སོགས། ༈ རྣལ་འབྱོར་པ་བདག་གིས་བྱིན་ཆེན་གྱི་རྔ་བརྡུང་བ། དམར་པོའི་ཁྲག་ཕྱར་བ། ཁྲ་བོའི་དར་བཀྱག་པ། དམར་གྱི་གཏོར་མ་འཕེན་པ། ཡུངས་ཀར་གྱི་རྦབ་བསྒྲིལ་བ། མངོན་སྤྱོད་དྲག་པོས་ལས་བྱེད་པ་ལ། ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཡ་མ་ང་། ཕྲག་མ་དོག །གདུག་པ་མ་སྟོན། ཁྱེད་མཐོ་བ་རྣམས་ཀྱིས་ཞབས་བསྐུམ། དམའ་བ་རྣམས་ཀྱིས་དབུ་བཟུར།བར་པ་རྣམས་ཀྱིས་སྐུ་བཟུར། ན་བཟའ་ལྷབ་ལྷུབ་ཀྱི་མཐའ་བསྡུས། ཀུ་རེ་ཀྱལ་ཀ་མ་བྱེད། ཀོ་ལོང་རུ་ང་མ་བྱེད།
ཕྲག་དོག་མ་བྱེད། རྣལ་འབྱོར་པ་བདག་གི་དཔའ་ཡ་དཔུང་རོགས། སྡོང་གྲོགས་རྒྱབ་བརྟེན་དམ་པ་མཛོད་ཅིག །གཏོར་ཁ་ཟོར་ཁ་རླུང་ཁ་ཐམས་ཅད་དམ་ཉམས་པའི་དགྲ་བོའི་སྟེང་དུ་སྟོན་ཅིག །བསྟན་དགྲ་སྐད་ཅིག་བསྒྲལ་བའི་ཕྲིན་ལས་མཛོད། །ཀརྨ་པ་མཐོང་བ་དོན་ལྡན་གྱིས་མཛད་པ་དགེའོ།། །།དེ་ནས་དཀར་གཏོར་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ལ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཤར་ལ་སོགས་པའི་ཕྱོགས་བཅུ་ན། །གནས་པའི་ལྷ་ཀླུ་མི་མ་ཡིན། །ཐམས་ཅད་བཀའ་ཡི་གཏོར་མ་ལོངས། །རིག་འཛིན་བདག་གི་ངག་ལ་ཉོན། །བདེ་གཤེགས་བསྟན་ལ་སྤྱི་དགྲ་བྱུང་། །འདི་ལ་ཁྲག་འཐུང་ཆེན་པོའི་བཀས། །དྲེགས་པ་ཐམས་ཅད་དབང་དུ་བསྡུས། །ལམ་དུ་གནས་པའི་མཐུ་ཆེན་དང་། །མ་རུངས་ལྷ་སྲིན་འཁོར་དང་བཅས། །ཐམས་ཅད་དེ་རིང་དམག་ལ་ལོངས། །དྲང་སྲོང་རྒྱལ་པོ་རཱ་ཧུ་ལ། །འཁོར་བཅས་
དམག་གི་སྡོང་གྲོགས་མཛོད། །ཅེས་གཏོར་མ་མདོས་ཟོར་གཏོང་ཕྱོགས་སུ་འབུལ་ལོ། །དེ་ཡན་ཆད་གསར་རྙིང་ཆོས་སྐྱོང་སྤྱི་ཁར་ཡོད་དོ། །འདི་མན་ཆད་མགོན་པོ་ཕྱག་བཞི་པའི་སྐོར་རོ། །མདའ་ཟོར་ལ་དྲག་པོའི་ཤིང་ལ་བྱ་རོག་འུག་པའི་སྒྲོ་བསྒྲོན། ལྟོང་དུ་ཡུངས་ཀར་ནག་དང་དུག་ཁྲག་གིས་བྱུག །གཞུ་མགོན་པོ་ཡབ་ཡུམ་དང་། མདའ་ལས་མགོན་ཡབ་ཡུམ་དུ་བསྐྱེད་བསྟིམ་བྱ། ཧཱུྃ། ཧེ་རུ་ཀ་དཔལ་ནག་པོ་ཆེའི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡི། །ཕྱག་གཉིས་ཐབས་དང་ཤེས་རབ་ཀྱིས། །གཞུ་འདི་ཡ་མཆོག་ཁྲོ་བོ་ཡབ། །མགོན་པོ་ནག་པོ་ཆེན་པོའི་སྐུ། །མཐིང་ནག་རྔམས་བརྗིད་ཞེ་སྡང་ཆེ། །མ་མཆོག་ཁྲོ་མོ་འབྲུག་རེ་གྲགས། །ཡུམ་ཆེན་ཕུང་སྒྲོལ་དམར་ནག་མ། །དམར་ནག་ཁྲོ་འཛུམ་འདོད་ཆགས་ཆེ། །ཆངས་བཟུང་ཡབ་ཡུམ་འཁྲིལ་བའི་བར། །གཞུ་རྒྱུད་བྱང་སེམས་དཀར་དམར་སྦྲེལ། །མདའ་འདི་ཡབ་ཡུམ་གཉིས་ཀྱི་སྤྲས། །མདིལ་འདི་སྲས་མཆོག་གདུག་བྱེད་
མཚོན། །གཉིས་མེད་ཡེ་ཤེས་སྤྲུལ་པ་འདི། །སྐྱེ་བ་མེད་པའི་རྒྱུད་ལ་ལྟོང་། །འགགས་པ་མེད་པའི་ཀློང་དུ་བཀང་། །ཡབ་ཡུམ་འཁྲིལ་སྦྱོར་ལྟོང་དུ་བསྲང་། །ཉོན་མོངས་འཁྲུགས་པའི་འབེན་ལ་གཏད། །དམ་ཉམས་དགྲ་བགེགས་སྙིང་ལ་རྒྱོབ། །དམ་ཅན་ལས་མགོན་ཕོ་མོའི་ཚོགས། །ཟོར་མདའ་འདི་ཡི་སྣ་ཁྲིད་ཅིག །ཨོཾ་མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀུ་རུ་རྦད་ཐུན་བྷྱོ། པྲ་མོ་ཧ་ཐུན་བྷྱོ། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀ་ར་ལི་ཐུན་བྷྱོ། ཀཾ་ཀ་ལི་ཐུན་བྷྱོ། ཀ་ལ་ར་ཏྲི་ཐུན་བྷྱོ། རྟེན་འབྲེལ་ནི་མདའ་ཆགས་ན་ངན། གཞུ་རྒྱུད་ཆད་ན་བར་ཆད་འོང་། གཞུ་ཆགས་ན་འབྲིང་། མདའ་ཤད་དེ་སོང་ན་བཟང་། ཟོར་འདི་རྣམས་གར་བབ་སར་དགྲའི་ཁང་ཁྱིམ་ནག་ཚུབ་སེ་བཏང་བ་དང་། དགྲ་བགེགས་གང་ཡིན་གྱི་སྙིང་དཀར་ནག་མཚམས་སུ་བརྒྱབ་ནས་ཐལ་བ་བུན་བུན་སོང་བར་བསམ་མོ། །ད་ནི་ཀོང་ཟོར་ཟུར་གསུམ་སོར་བཞི་དང་ཟོར་མདེལ་ཟུར་གསུམ་སོར་དགུ་པའི་ནང་དུ་དུག་ཁྲག་ཡུངས་ཀར་ནག་སོགས་ཐུན་རྣམས་བླུགས་ནས། ཀོང་ཟོར་གནམ་ལྕགས་གྲུ་
གསུམ་མེ་དཔུང་འབར་བའི་ནང་དུ་ཧཱུྃ་དང་བྷྱོ་ལས་ལས་མགོན་དང་མ་མོ་ཁྲམ་ཤིང་ནད་རྐྱལ་ཐོགས་པ་མང་པོར་བསམ། ཐོད་ཟོར་ནས་ལས་མགོན་གྲི་ཐོད་ཅན་མང་དུ་བསམ། ཁྲག་ཟོར་ནི་ཐོད་པ་མཚན་ངན་ནང་དུ་བཤོས་བུ་ཟུར་གསུམ་དང་ཁྲག་གིས་བཀང་ལ། ཁྲག་གི་བུད་མེད་ཁྲག་ཟོར་བསྣམས་པ་མང་པོས་ཁྲག་གི་ཆབ་པ་ཕབ་པར་བསམ། ཧཱུྃ། དཔལ་ལྡན་མགོན་པོ་ཁྲོ་བོའི་རྒྱལ། །བཀའ་ཡི་ཕོ་ཉར་གནས་པ་ཡི། །ཁྲག་གི་བུད་མེད་དམར་མོ་ལ། །ཁྲག་གི་རལ་པ་ཤད་དེ་ཤད། །ཁྲག་གི་མཆི་མ་སི་ལི་ལི། །དུང་གི་མཆེ་བ་ཁྲིགས་སེ་ཁྲིག །ནད་ཀྱི་ཁ་རླངས་ཐུ་ལུ་ལུ། །བ་སྤུ་ཁྲག་གི་སེར་བ་འབེབས། །ཕྱག་ན་ཁྲག་ཟོར་དམར་པོ་བསྣམས། །ཕྱག་ན་དྲག་པོའི་ཀོང་ཟོར་བསྣམས། །ཕྱག་ན་དྲག་པོའི་ཐོད་ཟོར་བསྣམས། །ཁྲག་གི་མཚོན་ཆ་སྣ་ཚོགས་འཕེན། །དོ་ནུབ་ཁྲག་ཟོར་དམར་པོ་འདི། །དགྲ་བགེགས་བྱད་མའི་གྲོང་ཁྱེར་བཅོམ། །སྡང་བྱེད་ལས་ངན་དགྲ་བོ་དང་། །གནོད་
བྱེད་འབྱུང་པོའི་ལ་ཡོགས་ཅན། །བློ་ཡི་ཕུ་དང་འོག་གི་ནུ། །མཆན་གྱི་བུ་དང་སྒོ་ཡི་ནོར། །གཡོག་པོ་བྲན་དང་བཅས་པ་ལ། །དྲག་པོའི་ཁྲག་ཟོར་ད་རྒྱོབ་ཅིག །དོ་ནུབ་ལྷ་ཡི་རུ་མཚོན་ཕྱོར། །མ་ཊཾ་བདུད་ཀྱི་གཡུལ་ངོ་ཟློག །རཀྴ་སྲིན་པོའི་རུ་མཚོན་སྙོལ། །ཧུར་ཐུཾ་བཙན་གྱི་གཡུལ་ངོ་ཟློག །གནོད་བྱེད་གདུག་པ་ཟོར་གྱིས་ཟློག །མ་མོའི་དལ་ཡམས་ཟོར་གྱིས་ཟློག །བདུད་ཀྱི་ཁྲམ་ཁ་ཟོར་གྱིས་ཟློག །གཤིན་རྗེའི་འཁོར་ལོ་ཟོར་གྱིས་ཟློག །ཀླུ་ཡི་བྱད་སྟེམས་ཟོར་གྱིས་ཟློག །རྒྱལ་པོའི་སྨྱོ་འབོག་ཟོར་གྱིས་ཟློག །ཕོ་བདུད་དལ་ཁ་ཟོར་གྱིས་ཟློག །མོ་བདུད་དལ་ཡམས་ཟོར་གྱིས་ཟློག །སྤྱི་བདུད་དལ་ཁ་ཟོར་གྱིས་ཟློག །ལྷ་ཡི་ཆད་པ་ཟོར་གྱིས་ཟློག །རྨི་ལམ་ངན་པ་ཟོར་གྱིས་ཟློག །ལྟས་ངན་བརྒྱད་ཅུ་ཟོར་གྱིས་ཟློག །ལོ་སྐག་ཟླ་སྐག་ཟོར་གྱིས་ཟློག །དུས་ཀྱི་གཤེད་ཁ་ཟོར་གྱིས་ཟློག །བན་
བྱད་བོན་བྱད་ཟོར་གྱིས་ཟློག །དེ་རིང་བཟློག་བསྒྱུར་དུས་ལ་བབ། །བཟློག་བསྒྱུར་ཆེན་པོའི་ཕྲིན་ལས་མཛོད། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད། ཧཱུྃ། དྲག་པོ་བྱེ་བ་འབུམ་གྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོའི་སྐུ་ནི་དབྱིངས་ན་བཞུགས། །ལས་ཀྱི་མགོན་པོའི་སྐུ་ནི་མཚོ་ལྟར་འབབ། །དམ་ཚིག་མགོན་པོའི་སྐུ་ནི་གར་ཡང་ཁྱབ། །འཇིག་རྟེན་མགོན་པོའི་སྐུ་ནི་སྲིད་གསུམ་གང་། །ལས་མཁན་སྡེ་བརྒྱད་ཚོགས་ནི་སྐར་ལྟར་འཁྲུགས། །དྲག་བྱེད་ལྷ་སྲིན་ཚོགས་ནི་བསམ་མི་ཁྱབ། །སྔོན་ཚེ་དཔལ་གྱིས་དབང་བསྐུར་བས། །སྣང་སྲིད་དམ་བཅས་མ་ལུས་པ། །བཀའ་དང་དམ་ལ་བཏགས་པ་ཡི། །ལས་མཁན་ཐ་ཚིག་སོ་སོར་བསྒོས། །ཉམས་པའི་དགྲ་བོ་བསྒྲལ་བ་དང་། །རྒྱུ་སྦྱོར་དལ་ཁ་བཟློག་པའི་ཕྱིར། །ཟོར་བདག་ཆེན་མོ་སྤྱན་འདྲེན་ནོ། །མཚོན་བདག་ཆེན་མོ་སྤྱན་འདྲེན་ནོ། །
རྩིས་བདག་ཆེན་མོ་སྤྱན་འདྲེན་ནོ། །ནད་བདག་ཆེན་མོ་སྤྱན་འདྲེན་ནོ། །དལ་བདག་ཆེན་པོ་སྤྱན་འདྲེན་ནོ། །ཤེད་བདག་ཆེན་མོ་སྤྱན་འདྲེན་ནོ། །མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས། །ལས་མཁན་མགོན་པོ་ཟོར་བདག་བརྒྱད། །མཚོན་ཆ་འབར་བའི་གཞལ་ཡས་ཁང་། །ནད་ཡམས་འབར་བའི་རྒྱན་གྱིས་བརྒྱན། །སྐུ་ནི་མཐིང་ནག་འབར་བ་ལ། །དབུ་ལ་མཚོན་ཆ་འཁོར་ལོས་བརྒྱན། །ཕྱག་ན་ནད་མཚོན་འབར་བའི་ཟོར་སྒྱོགས་ཐོགས། །དེ་རིང་ཉམས་པའི་དགྲ་དང་བགེགས་ལ་བྷྱོ། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །མཁའ་ལྟར་བྷྱོ་ལ་རྦབ་ལྟར་བསྒྲིལ། །ཟོར་བདག་ཆེན་མོ་མགོན་པོ་ཟོར་ལ་ཡ། །ཧཱུྃ། ཤར་གྱི་ཕྱོགས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ལྷོ་ཡི་ཕྱོགས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་
ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ནུབ་ཀྱི་ཕྱོགས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །བྱང་གི་ཕྱོགས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ཤར་ལྷོ་མཚམས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ལྷོ་ནུབ་མཚམས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ནུབ་བྱང་མཚམས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །བྱང་ཤར་མཚམས་སུ་ཟོར་རྒྱོབ་ཡ། །ལྷ་ཀླུ་རྣམས་ལ་མི་འཕེན་ནོ། །དམ་ཉམས་སྐྱེ་རྒྱུད་ཚེ་སྲོག་ནོར་ལ་ཡ། །ཨོཾ་མ་ཧཱ་ཀཱ་ལ་ཡ། མ་ཡྃ་དུ། མ་ཤོད་ཏྲི་མན། སེན་ཏྲ་དུ་ཛཿ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་བྷྱོ་བྷྱོ། ཞེས་འཕང་ངོ་། །
མདའ་ཟོར་སྔགས་ཀྱི་རྗེས་སུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཙཀྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་རཏྣ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་པདྨ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཀརྨ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཟློག་ཟློག་ཧུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གྷ་ན་པ་ཏི་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཡ་མ་དུ་ཛཿ ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཧ་ཧ་ཧུྃ་ཧཱུྃ་ཀི་ལི་ཀི་ལི་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཕེཾ་ཕེཾ་ཕཊ་ཕཊ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀྲཾ་ཀྲཾ་ཀྲཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཏྲཾ་ཀྵིཾ་ཤྲིཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀ་ཧ་ཀ་ཧ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཧྲིཾ་ཧྲིཾ་ཀྲིཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་པ་ཙ་པ་ཙ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཧ་ཧ་ཏྲ་ཏྲ་ཟློག་
ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཧུྃ་ཧཱུྃ་ཕཊ་ཕཊ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཧ་ཧ་ཧ་ཧ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཧྲིཾ་ཧྲིཾ་ཀྲིཾ་ཀྲིཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་དེཾ་དེཾ་དེཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཏྲཾ་ཏྲཾ་ཧཱུྃ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་རྃ་རྃ་དྷཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་རུ་རུ་རུ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀྵཾ་ཀྵཾ་ཀྵཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཁཾ་ཁཾ་ཁཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་རྔཾ་རྔཾ་རྔཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵིཾ་ཀྵིཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀྃ་ཀྃ་ཀྃ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཙཾ་ཙཾ་ཙཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཡྃ་ཡྃ་ཡྃ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་སཾ་སཾ་སཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཕེཾ་ཕེཾ་ཕཊ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་བྷཾ་བྷཾ་བྷཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་
ལ་ཀྵོཾ་ཀྵོཾ་ཀྵོཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀྲུཾ་ཀྲུཾ་ཀྲུཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་པཾ་པཾ་པཾ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཛ་ཛ་དགྲ་བགེགས་བྱད་མ་ཟློག་ཟློག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་རྦད་རྦད་དགྲ་བགེགས་བྱད་མ་ཟློག་ཟློག་བྷྱོ་བྷྱོ། ཐུན་རེ་རེ་ལ་ལན་ལྔ་ལྔ་བསྐུལ་ཞིང་ཟློག །ཐོད་པ་ཁ་ཚུར་བསྟན་པ་བཟློག་པས་ལན་གསུམ་བསྐྱར་རོ། །ཐོད་པ་ཁ་ཕར་བསྟན་ན་བཟང་ངོ། །གཏོར་སྣོད་ཡར་ཟེད་ན་བཟང་། མར་སྦུབ་ན་ངན། ཟོར་ལང་ན་ངན། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤོདྡྷོ྅་ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་། ཚེའི་གླུད། སྲོག་གི་སྐྱིན། འབྲུ་མཆོག་ཟན་གྱི་ངར་མི་ལ་ཞོ་ཤའི་སྙིང་། ལུང་ཐང་གི་མིག །མགྲོན་བུའི་ཚེམས། བྱི་རུའི་ལྗགས། སྤོས་ཀྱི་ཤངས། དར་གྱི་སྙན། མཐིང་གི་སྐྲ། བསྭེ་ཡི་ཤ །མཚལ་གྱི་ཁྲག །དུང་གི་རུས། ལག་པ་གཡས་པ་གསེར། གཡོན་པ་དངུལ།
རྐང་པ་གཡས་པ་ལྕགས། གཡོན་པ་ཟངས། དར་ཟབ་ཀྱི་གོས། ཁ་ནས་སྙན་པའི་གླུ་ལེན་པ། ལག་པ་མཉེན་ལྕུག་གིས་གར་བྱེད་པ། རྐང་པས་འཆམ་པའི་བྲོ་བརྡུང་བ། ལག་ན་འདོད་ཡོན་གྱི་ཡས་བཟུང་བ། སྣང་སྲིད་ཐམས་ཅད་ཀྱི་ངོ་ལེན་ཞིང་ཤག་ཐེབ་པ། དེའི་འཁོར་དུ་སྐྱེས་པ་སྟག་ཆས་ཅན། བུད་མེད་རྒྱན་ཆ་ཅན། མཁར་ཁང་ལ་སོགས་པའི་ཡུས་སྤྱད་སྣ་ཚོགས། སྦྲ་གུར་ལ་སོགས་པའི་འབྲོག་སྤྱད་སྣ་ཚོགས། བྱ་རིགས་སྣ་ཚོགས། གཅན་གཟན་སྣ་ཚོགས། གཡུང་ཕྱུགས་སྣ་ཚོགས། ཆུ་གནས་སྣ་ཚོགས། མདོར་ན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་འདོད་ཡོན་སྣ་ཚོགས་ཀྱི་ཆར་འབེབ་པ་རྒྱ་ནམ་མཁའ་དང་མཉམ་པར་གྱུར། བསྡུ་ན། ཁཾ་འོད་དུ་ཞུ་བ་ལས་ལན་ཆགས་བགེགས་རིགས་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། སྔགས་དྲུག་ཕྱག་རྒྱ་
དྲུག་གིས་བྱིན་གྱིས་བརླབ། དེ་ནས་བདེན་པ་བརྡར་བའི་རྗེས་སུ། བདག་ཅག་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། བགེགས་དང་ལོག་པར་འདྲེན་པ། མི་མིན་མིར་བརྫུ་བ། ལྷ་མིན་ལྷར་བརྫུ་བ། དཀྱིལ་འཁོར་གྱི་བཀྲག་བརླམ་པ། མཆོད་གཏོར་གྱི་དྲི་བརླམ་པ། སྒྲུབ་པ་པོའི་བསམ་གཏན་གྱི་ཉམས་ལེན་པ། ལྷ་སྔགས་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་བྱེད་པའི་བགེགས་གང་ཡིན་པ་ཐམས་ཅད་གང་དུ་གནས་ཀྱང་གླུད་ཀྱི་གཏོར་མ་ལེན་པའི་སླད་དུ་སྐད་ཅིག་ཙམ་གྱིས་འདིར་ཁུག་ཅིག །ཡི་དམ་གྱི་སྔགས་ཤམ་དུ། བཛྲ་ཨངྐུ་ཤ་ཛ་ཛཿ བཀའ་བསྒོས་མཆོད་སྦྱིན་བསྔོས་ནས་སོ་སོར་མ་བཏང་བའི་བར་དུ་ཕྱི་ན་འགྲོ་བའི་དབང་མེད་པ་ཁྲོ་བོའི་ཚོགས་ཀྱིས་བསྐོར་བ། ནང་དུ་གབ་པའི་ཡུལ་མེད་པ་ཁྲོ་མོའི་སྤྱན་གྱིས་གཟིགས་པར་
གྱུར། ཡི་དམ་གྱི་སྔགས་ལན་གསུམ་གྱིས་ཟིལ་གྱིས་མནན། དེ་ནས་མཆོད་པ་བྱ་བ་ནི། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བགེགས་ཀྱི་རྒྱལ་པོ་བཱི་ན་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་པར་གྱུར་པ། ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །གང་གནོད་པ། གང་བསྒྲིན་པ། ཟ་རེ་བ། འཐུང་སྐོམ་པའི་ལན་ཆགས་བདག་པོ། ལན་ཆགས་བདག་མོ་ཐམས་ཅད་ལ་མཆོད་དོ། །འབུལ་ལོ། །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱིས་བསད་བསད་བཅད་བཅད་སྲོག་གི་ལན་ཆགས་པ། བརྡུང་བརྡུང་བཙོག་བཙོག་ན་ཚ་བའི་ལན་ཆགས། བརྐུས་བརྐུས་འཕྲོག་འཕྲོག་ནོར་དབུལ་བའི་ལན་ཆགས། ཡུལ་དང་མཁར་ཁང་། འབྲུ་བང་མཛོད།
ཕྱུགས་རྐང་བཞི། བྲན་འཁོར་གཡོག །འོག་རྟ་ཆུང་མ་ལ་སོགས་ཅི་དང་ཅི་ཡི་ལན་ཆགས་ཐམས་ཅད་བྱང་། ཤ་མཁོན་ཐམས་ཅད་དག །བུ་ལོན་འབྲེལ་ཐག་ཆོད་ནས། དགའ་མགུ་ཡི་རང་བའི་བསམ་པ་དང་ལྡན་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །དེ་ནས་ཐེག་པ་ཆེན་པོའི་ཆོས་བཤད་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བདག་ཅག་རྡོ་རྗེ་སློབ་དཔོན་ཆྒཻ་མོ་ཞེས་བྱ་བའི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུས། ཁྱེད་རྣམས་ལ་གནོད་པར་གྱུར་པ་ནམ་ཡང་མི་འབྱུང་བས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ལོངས་ལ།
བདག་ཅག་སྔགས་པ་སྔགས་གཡོག་འཁོར་དང་བཅས་པ་ལ་སྡང་བར་སེམས་པ་དང་། གནོད་པ་ཉེ་བར་བསྒྲུབ་པའི་བསམ་པས་མི་མཐུན་པའི་ཕྱོགས་བསྒྲུབ་པ་དང་། དགེ་ལེགས་ལ་བར་དུ་གཅོད་པའི་བསམ་པ་སྐད་ཅིག་ཀྱང་མ་བྱེད་པར་དགེ་བའི་བསམ་པ་དང་ལྡན་ཞིང་། བདེན་པའི་རྗེས་སུ་འབྲང་ནས་ཞི་ཞིང་དུལ་བ་དང་། ཉེ་བར་འཚེ་བ་སྤངས་ནས་གཅིག་ཏུ་གནོད་པ་མེད་པའི་བསམ་པས་ཉེ་བར་གནས་པར་གྱིས་ཤིག །དེའི་ཕྱི་རོལ་ཁྲོ་བོའི་གུར་ཁང་གི་ཕྱོགས་འདི་ཞེས་བྱ་བའི་ལྷོ་ཕྱོགས་ཀྱི་ལམ་ཤག་གིས་བྱེ་བར་གྱུར། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་ལས་ནི། །འབྱུང་པོའི་ཚོགས་ཀུན་ནམ་ཡང་མ་
འདའ་ཞིག །གང་དག་དགེ་བ་བར་གཅོད་པའི། །དེ་ཡི་རྣམ་སྨིན་དམྱལ་སོགས་པའི། །མི་ཟད་སྡུག་བསྡལ་མྱོང་གྱུར་པས། །དགེ་ལ་བར་དུ་གཅོད་པ་ཡི། །བསམ་པ་ནམ་ཡང་མ་བྱེད་པར། །ཞི་ཞིང་དུལ་བར་གནས་པར་གྱིས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་བརྗོད། ཧོ། བཀའ་གསང་བ་ལས་ཀྱང་ཆེས་གསང་བ་ཡང་གསང་བླ་ན་མེད་པ། ལྟ་བ་ཐུན་
མོང་མ་ཡིན་པ། སྒོམ་པ་ཐུན་མོང་མ་ཡིན་པ། སྤྱོད་པ་ཐུན་མོང་མ་ཡིན་པ། དཔལ་ཆེན་པོ་བཞུགས་པའི་གནས། མ་མོ་མཁའ་འགྲོ་འདུ་བའི་གནས། ཆོས་སྐྱོང་སྲུང་མས་ཕྲིན་ལས་བསྒྲུབ་པའི་གནས་འདིར་འདུ་བའི་ལྷ་ལ་མ་གཏོགས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་སུ་གྱུར་པ། འབྱུང་པོ་མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོ་སྒྲུབ་ཕོ་ལ་བར་དུ་གཅོད་པ། མོ་སྒྲུབ་མོ་ལ་བར་དུ་གཅོད་པ། ཚེ་བསོད་ནམས། ཁ་རྗེ་དབང་ཐང་། དཔལ་དང་འབྱོར་པ། ལྷ་སྔགས་ཏིང་ངེ་འཛིན་ཉམས་རྟོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ལོག་པར་འདྲེན་པ་ཐམས་ཅད། བསྐལ་པའི་མེ་དཔུང་འབར་བ་ལ་སྲོག་ཆགས་སྦྲང་བུ་མི་གནས་པ་དང་། མར་ཁོལ་བའི་ནང་ཆུའི་ཐིགས་པ་མི་གནས་པ་དང་། ཉི་མའི་དཀྱིལ་འཁོར་ལ་
མུན་པ་མི་གནས་པ་བཞིན་དུ། འདིར་ཡང་གསང་བའི་སྙིང་པོའི་དཀྱིལ་འཁོར་གཉན་པོ་འདིར། སྔགས་ཉན་ཕྱག་རྒྱ་ལྟ་བ་ལ་མི་དབང་བ་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པ་འདིར་འདུ་བའི་སྐལ་བ་དང་མི་ལྡན་པ་རྣམས་སོངས་ཤིག །བྱེར་ཅིག །དེངས་ཤིག །༈ ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉིས་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིངྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩཿ བཛྲ་ཧེ་རུ་ཀ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ དེ་ནས་གསང་
བའི་གསོལ་འདེབས་བྱ་བ་འདི་སྐད་དོ། །དཔལ་རྡོ་རྗེ་མགོན་པོ་འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་ཅིང་། ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་དེད་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་བ། དམ་ཅན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་སྲུང་བའི་ལས་ལ་རྩལ་འབྱིན་པ། མཐུ་དང་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་རྩལ་དྲག་བདག་ལ་དགོངས་སུ་གསོལ། རྡོ་རྗེ་འཛིན་པ་
བདག་མིང་འདི་བྱ་བའི་རྟེན་འདི་ལ་བཞུགས་ལ། རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་བདེ་བ་ཆེན་པོའི་ཞིང་ཁམས་བགྲོད་པའི་ལམ་གྱི་བར་ཆད་བདུད་བཞིའི་འཇིགས་པ་ལས་སྒྲོལ་བའི་ལམ་གྱི་སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་ལམ་ལ་ཁྲིད་པའི་ཏིང་ངེ་འཛིན་གྱི་སུན་མ་དང་ཕྲད་པར་མཛོད་ཅིག །དེ་ལྟར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་། ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་མི་འཇུག་ཅིང་། ཐར་པ་དང་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་འཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་། བཀྲ་ཤིས་དང་བདེ་ལེགས་ཀྱི་གནས་ནས་ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་ཐོབ་ནས་འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་
གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི་བྱ་བ་ལ་གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་མཛད་དུ་གསོལ། དཔལ་རྒྭ་ལོས་བསིལ་བའི་ཚལ་དུ་རྡོ་རྗེ་མགོན་པོ་ཞལ་གཟིགས་པའི་དུས་སུ་མཛད་པའི་གསང་བའི་གསོལ་འདེབས་སོ། །མཆོད་པ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ཀརྨ་ནཱ་ཐ་ས་པཱ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྟའི་བར་གྱིས་མཆོད། ཧཱུྃ། འཇིགས་མཛད་དཔའ་བོ་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་པའི་མདོག །ལྷན་ཅིག་སྐྱེས་དགའི་རང་བཞིན་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་ཁྱོད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འཁོར་ལོ་སྡོམ་པ་ཡི། །ཐུགས་ལས་སྤྲུལ་པའི་ནག་པོ་ཆེ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དྲག་པོའི་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ། བདེ་
གཤེགས་ཐུགས་ཀྱི་སྐུ་སྤྲུལ་པ། །སེམས་ཅན་རྣམས་ལ་མགོན་སྐྱབས་མཛད། །འོག་མིན་གནས་ན་བཞུགས་པ་ལ། །རབ་ཏུ་བཏུད་དེ་ཕྱག་འཚལ་ལོ། །ཅེས་བསྟོད། མདུན་བསྐྱེད་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་རུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲཱིཿལྗང་གུ། ངོ་བོ་མགོན་པོ་རྣམ་པ་ཡིག་འབྲུའི་ཚུལ། །ཆར་བཞིན་བབས་ནས་བདག་གི་གནས་ལྔར་ཐིམ། །དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་གྱུར། །རང་ཉིད་མགོན་པོའི་སྐུ་གསུང་ཐུགས་ཡོན་ཏན། བྱིན་རླབས་ནུས་མཐུ་དབྱེར་མེད་རྫོགས་པར་བསམ། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཀཱ་ཡ་སིངྡྷི་ཨོཾ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཝཀཱ་སིངྡྷི་ཨཱཿ ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཙིཏྟ་སིངྡྷི་ཧཱུྃ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་སརྦ་སིངྡྷི་ཧྲཱིཿ ཤྲཱི་མ་ཧཱ་ཀཱ་ལ་
ཁྲག་འཐུང་གི་རྒྱལ་པོ། བདུད་འདུལ་གྱི་དབང་ཕྱུག །ནང་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་པོ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། བདག་གི་རྣལ་འབྱོར་སྐྱོངས་ཤིག །ཚེ་དང་དབང་ཕྱུག་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བར་བརྗོད། ༈ མདོས་ཡོད་ན་དང་པོ་སྒོ་དབྱེ་བ་ནི། མདའ་དར་བཟུང་ལ་འདི་སྐད་དོ། །ཀྱེ། དཔལ་ལྡན་མགོན་པོ་ཆེན་པོ་ནི། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་འཁོར་ལོས་བསྒྱུར། །ཁྱེད་ཀྱི་སྤྲུལ་པ་བསམ་མི་ཁྱབ། །ཤར་ནས་མགོན་པོ་
ཡུལ་འཁོར་སྲུང་། །མགོན་པོའི་ཚོགས་རྣམས་བསམ་མི་ཁྱབ། །མདོས་དང་ཟོར་གྱི་སྒོ་དབྱེ་འཚལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ཚུལ་བཞིན་སྲུངས། །ཁྱེད་ལ་སྲིད་པའི་མདོས་འབུལ་གྱི། །ཤར་གྱི་དར་ཁ་བཟློག་པའི་ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཧཱུྃ། ལྷོ་ན་མགོན་པོ་འཕགས་སྐྱེས་པོ། །མགོན་པོའི་ཚོགས་རྣམས་བསམ་མི་ཁྱབ། །མདོས་དང་གཏོར་མའི་སྒོ་དབྱེ་འཚལ། །
སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ཚུལ་བཞིན་སྲུངས། །ཁྱེད་ལ་སྲིད་པའི་མདོས་འབུལ་གྱི། །ལྷོ་ཡི་དལ་ཁ་བཟློག་པའི་ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཧཱུྃ། ནུབ་ན་མགོན་པོ་སྤྱན་མི་བཟང་། །མགོན་པོའི་དམག་ཚོགས་བསམ་མི་ཁྱབ། །མདོས་དང་ཟོར་གྱི་སྒོ་དབྱེ་འཚལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་བཞིན་དུ་བསྟན་པ་སྲུངས། །ཁྱེད་ལ་སྲིད་པའི་མདོས་འབུལ་གྱི། །ནུབ་ཀྱི་དལ་ཁ་བཟློག་པའི་ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཧཱུྃ། བྱང་ན་མགོན་པོ་རྣམ་ཐོས་སྲས། །མགོན་པོའི་དམག་ཚོགས་བསམ་མི་ཁྱབ། །མདོས་དང་གཏོར་མའི་སྒོ་དབྱེ་འཚལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ཚུལ་བཞིན་དུ། །ཁྱེད་ལ་སྲིད་པའི་མདོས་འདི་འབུལ། །བྱང་གི་དལ་ཁ་བཟློག་པའི་ཕྱིར། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ཅེས་སྒོ་དབྱེའོ། །ཀླུ་སྒྲུབ་ཀྱིས་མཛད་པའོ། །༈ ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨེ་ལས་གཏོར་སྣོད་བྷནྡྷ་རློན་པ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ།
གཏོར་མ་ཁ་ཊྭཱཾ་ག་ནག་པོ་ཁ་གྱེན་དུ་ལྟ་བ། དེའི་མགུལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་གཅོད་པའི་སོ་རྣོ་བའི་དབལ་དང་ལྡན་པ། གཡོན་ཕྱོགས་སུ་སྒ་ར་ར་འཁོར་བའི་རྩིབས་བར་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་གསལ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་
འཁོར་ལོ་བདེ་མཆོག་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་ལྟ་བ་རྣམས་དང་། ཚེ་བསོད་ནམས་ཉམས་རྟོགས་པ་གདུལ་བྱ་ཕྲིན་ལས་ཐོས་བསམ་སྒོམ་གསུམ་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་ཕོ་མོ། རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཤ་ལ་ན་བ། རུས་ལ་གཟེར་བ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། མཆོག་ཐུན་མོང་ལ་བར་དུ་གཅོད་པར་བྱེད་པའི་དགྲ་
བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིགས་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣལ་
འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཁེ་ཚོལ་བ། གླགས་ལྟ་བ། ཡེངས་རྒབ་པ། ཆོས་སྤྱོད་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་། མི་དགེ་བ་བཅུའི་སྣ་འདྲེན་པར་བྱེད་པ་རྣམས་དང་། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོད་གཙུག་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོར་བཟུང་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུག་པ། མི་ལ་ལྷ་མེད་བསྡོ་བ། ལྷ་ལ་མཐུ་མེད་བཟློ་བ། མཐུ་བུ་ལོན་བཞིན་དུ་སྙོག་པ། ལུས་སྲོག་འབེན་དུ་བཙུག་པའི་དགྲ་བགེགས་རྣམས་དཀོན་མཆོག་གསུམ་གྱི་བདེན་པས་སྐད་ཅིག་རང་དབང་མེད་པར་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་
རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་ནད་བདག །ཡམས་བདག །རིམས་བདག །གང་གནོད། གང་
བསྒྲེན། ཟ་འདྲེ་ཤི་གཤེད། རོ་བག་གཤེད་འཁྱམས། ཉེ་བའི་བགོས་འདྲེ། ཕུ་ནུའི་རུས་འདྲེ། ཁྱིམ་མཚེས་ཀྱི་འབག་འདྲེ། ཤ་ཁྲག་གི་བསྒྲོན་འདྲེ། དོང་སྟོང་བཞིན་དུ་གློ་ན་ཐོགས་པ། རྟ་རྔ་བཞིན་དུ་སྒྱིད་ལ་འཁྲིལ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། བླ་ཡིད་སེམས་གསུམ། ཐམས་ཅད། མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ལྕགས་རིའི་ཕྱི། བྲོས་པའི་རི། གབ་པའི་རྫོང་། ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོ། གསུམ་པ་བསྒྲལ་ཞིང་རྣམ་ཤེས་སྤར་བ་ནི། ཨོཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ མ་
ཧཱ་ཀཱ་ལ་ནྲྀ་ཐུམ་ལཾ་ཐུམ་རིལ་རྦད། སུ་ནྲི་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུཾ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛ། ནྲི་ཛ་ཙིཏྟ་ཡ། ཐུམ་རིལ་རྦད། ནྲི་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་སྙིང་ཁྲག་ལྗིབ་ལྗིབས། ཆོད་ཆོད་སྲོག་རྩ་ཆོད། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ། མ་མ་ཏྲག་རུ་ཏྲ་དགྲ་བགེགས་མཱ་ར་ཡ་ཕཊ། དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་རྦད། ནྲི་སྥ་ར་ཎ་ཕཊ། མདོས་ལ་རྫོངས་འདེབས་པ་ནི། གསེར་མཆོད་བརྡར་ལ་རིན་ཆེན་སྣ་ལྔ་དང་། སྨན་སྣ་ཚོགས་དང་། འབྲུ་སྣ་ཚོགས་དང་དར་ཟབ་སྣ་ཚོགས་འབུལ། ༈ ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངས་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོ་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་
ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཞན་ཡང་གཏོར་མ་འདོད་པའི་ལོངས་སྤྱོད་ལྔ་དང་ལྡན་ཞིང་ཟད་མི་ཤེས་པ། བཟའ་བའི་ཚོགས་ལ་རི་རབ་ལྟ་བུར་སྤུངས་པ། བཏུང་བའི་ཚོགས་ལ་རྒྱ་མཚོ་ལྟ་བུར་འཁྱིལ་བ། བཙན་པ་རྡོ་རྗེའི་གོ་མཚོན། རྣོ་བའི་མཚོན་ཆ་དཔག་ཏུ་མེད་པ་བསམ་གཅོད་ཐོག་རྒོད་ལྟ་བུའི་ཚོགས། མགྱོགས་པའི་རྟ་མཆོག་དང་། གླང་པོ་རིན་པོ་ཆེ་སོགས་རྒྱལ་སྲིད་སྣ་བདུན། གླིང་བཞི་རི་རབ་དང་བཅས་པ་འདི་རྣམས་དཔལ་ལྡན་མགོན་པོ་ལྕམ་དྲལ་དམ་ཅན་རྒྱ་མཚོ་དང་བཅས་པ་ལ་སངས་རྒྱས་ཀྱི་བསྟན་དགྲ་བསྒྲལ་བའི་ཕྱིར་དང་། ར་མདའ་བཟློག་པ་དེའི་ཆ་རྐྱེན་རྫོངས་འདེབས་སུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །གསེར་དངུལ་ཟངས་ལྕགས་ལ་སོགས་རྫོངས་འདེབས་ཀྱིས། །དགོས་འདོད་
ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ག་པུར་ལ་སོགས་སྨན་རྣམས་རྫོངས་སུ་འདེབས། །འདུ་བ་རྣམ་བཞིའི་ནད་རྣམས་ཞི་བར་མཛོད། །གྲོ་ནས་ལ་སོགས་འབྲུ་རྣམས་རྫོངས་སུ་འབུལ། །ལོ་ཐོག་ཕུན་སུམ་ཚོགས་པའི་ཕྲིན་ལས་མཛོད། །ཙན་དན་སྤོས་སྦྱར་སྣ་ཚོགས་རྫོངས་སུ་འབུལ། །སྙན་གྲགས་ཀུན་ལ་ཁྱབ་པའི་ཕྲིན་ལས་མཛོད། །རྟ་གླང་ལ་སོགས་དུད་འགྲོ་རྫོངས་སུ་འབུལ། །དཀོར་ནོར་ཐམས་ཅད་འཛོམ་པའི་ཕྲིན་ལས་མཛོད། །ལུག་ནག་རྒྱལ་མཚན་ལ་སོགས་རྫོངས་སུ་འབུལ། །བསྟན་པའི་རྒྱལ་མཚན་འཛིན་པའི་ཕྲིན་ལས་མཛོད། །ཤ་ཁྲག་གཏོར་མ་སྣ་ཚོགས་རྫོངས་སུ་འབུལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྲིན་ལས་མཛོད། །ཛ་གད་བདུད་རྩི་སྣ་ཚོགས་རྫོངས་སུ་འབུལ། །རྣལ་འབྱོར་སྐུ་ཚེ་རིང་བའི་ཕྲིན་ལས་མཛོད། །ཕྱི་ནང་གསང་གསུམ་མཆོད་རྫས་རྫོངས་
སུ་འབུལ། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྲིན་ལས་མཛོད། །རི་རབ་གླིང་བཞི་བཅས་པ་རྫོངས་སུ་འབུལ། །ཕྲིན་ལས་རྣམ་བཞི་འགྲུབ་པའི་ཕྲིན་ལས་མཛོད། །དེ་ནས་སྐབས་འདིར་མཆོད་པ་འབུལ་བ་ནི། ཧཱུྃ། ནག་པོ་ཁྱོད་དང་མཐུན་པའི་དམ་རྫས་ནི། །བྷནྡྷ་དུམ་གཅིག་ཐོད་པའི་སྣོད་ནང་དུ། །རྒྱ་ཤུག་ལ་སོགས་འབྲུ་སྣ་སི་ལི་ལི། །ག་པུར་ལ་སོགས་དྲི་ལྔ་ཀྱི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་པྲེངས་སེ་པྲེང་། །རཀྟ་ཁྲག་གི་རྦ་ཀློང་ཀྱི་ལི་ལི། །པཉྩ་རུས་པའི་ཕུང་པོ་ཁྲ་ལ་ལ། །ཤ་ཆེན་བདུད་རྩིའི་ཚོགས་ནི་ཉི་ལི་ལི། །ཉ་ཤ་སྒོག་ཙོང་ཐུག་པ་ནག་པོ་དང་། །ལ་ཕུད་ལ་སོགས་མཐུན་པའི་དམ་རྫས་ནི། །དཔལ་ལྡན་མགོན་པོའི་སྐུ་ལ་མཆོད་པར་འབུལ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་གྱུར་ཅིག །སླར་ཡང་མཆོད་པ་ནི། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །འཇིག་རྟེན་ཁམས་ཀྱི་
མཆོད་པ་དང་། །བསྲེག་པའི་གསུར་དང་བཙོས་པའི་ཞག །མྱོས་པའི་ཆང་དང་བདུད་རྩི་ལྔ། །རཀྟ་བཱ་ལིང་ཨ་མྲྀ་ཏ། །ཞལ་དུ་འབུལ་ལོ་ཁ་རྃ་ཁཱ་ཧི། །མགུལ་དུ་སྐྱོངས་ཤིག་ཨ་ལ་ལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨོད་པ་དང་། །བླ་མའི་སྐུ་དགྲར་གྱུར་པ་དང་། །སེམས་ཅན་ཡོངས་ལ་འཚེ་བ་དང་། །བདག་ལ་བརྙས་བྱེད་དགྲ་བགེགས་རྣམས། །སོད་ཅིག་གཏོག་ཅིག་མཱ་ར་ཡ། །ཙིཏྟ་ཁ་རཾ་ཛ་ཛ་ཛ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་གང་ཡིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དངོས་གྲུབ་རྣམ་གཉིས་འབྱུང་བ་དང་། །གཞན་དོན་མཐར་ཕྱིན་མཛད་ནས་ཀྱང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཕྲིན་ལས་བཅོལ་བ་ནི། རྡོ་རྗེ་ནག་པོ་ཆེན་པོ་ཡབ་ཡུམ་ལྕམ་དྲལ་འཁོར་དང་
བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་སྨན་རཀ་གཏོར་མ་བཞེད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོ་འདི་བཞེས་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་ཆེན་པོ་འབྱུང་བ་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་བསམ་སྦྱོར་ཕུན་སུམ་ཚོགས་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། དེ་དག་ལ་བར་དུ་གཅོད་པའི་དགྲ་བགེགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་ཚར་གཅོད་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ཧཱུྃ། དྲི་མ་རབ་སྤངས་ཡོན་ཏན་ཕུན་ཚོགས་པའི། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་གྱུར་པའི། །བཀྲ་ཤིས་མཆོག་མངའ་ཐུགས་རྗེ་ཕུན་སུམ་ཚོགས། །
དཀོན་མཆོག་གསུམ་གྱིས་དེང་འདིར་བཀྲ་ཤིས་ཤོག །ཀླུ་སྒྲུབ་ལ་སོགས་བླ་མ་བརྒྱུད་པ་ཡི། །བསྙེན་སྒྲུབ་ཚད་དུ་སྐྱོལ་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་ཀུན་ལ་བྱིན་འབེབས་གྲུབ་པ་ཐོབ། །བླ་མ་རྣམས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་གྲུབ་པས། །ཧེ་རུ་ཀ་དཔལ་ཡབ་ཡུམ་གཉིས་མེད་གྱུར། །འཁོར་ལོ་ལྔ་ཡི་བདག་ཉིད་བཅོམ་ལྡན་འདས། །ཡི་དམ་ལྷ་ཡིས་དེང་འདིར་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་བཀའ་སྡོད་བྱ་རོག་མཚན། །ཞལ་གཅིག་ཕྱག་བཞིས་ཕྲིན་ལས་རྣམ་བཞི་འགྲུབ། །མཐུ་སྟོབས་མཆོག་མངའ་དགྲ་བགེགས་ཚར་གཅོད་པའི། །ཡེ་ཤེས་མགོན་པོས་དེང་འདིར་བཀྲ་ཤིས་ཤོག །ཁྱོད་ཀྱི་ལས་བྱེད་སྤྲུལ་པའི་ཕོ་ཉར་འགྱེད། །བྱ་རོག་གདོང་དང་ཁྱུང་ནག་སེང་གེའི་གདོང་། །ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཚོགས། །
ལས་བྱེད་ཕོ་ཉས་དེང་འདིར་བཀྲ་ཤིས་ཤོག །ཙན་ཏི་ཀ་དང་དུས་མཚན་མཁའ་འགྲོ་བརྒྱད། །ལས་བྱེད་མཁའ་འགྲོ་མ་མོ་བྱེ་བ་སོགས། །མཐུན་རྐྱེན་སྒྲུབ་ཅིང་དམ་ཉམས་ཚར་གཅོད་པ། །མོ་རྒྱུད་རྣམས་ཀྱིས་དེང་འདིར་བཀྲ་ཤིས་ཤོག །དེང་འདིར་ནག་པོ་ཆེན་པོ་བསྙེན་ཅིང་མཆོད་བྱས་ཏེ། །མངའ་གསོལ་དམ་ཚིག་ཅན་ལ་ཉེར་དགོངས་པ། །བྱིན་རླབས་མཆོག་གི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྨོན་ལམ་བྱ་བ་ནི། མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་རྣམས་ཐམས་ཅད་དུ། །སེམས་ཅན་དོན་ལེགས་བསྒྲུབ་པ་དང་། །སངས་རྒྱས་བསྟན་པ་རྒྱས་པའི་ཕྱིར། །བར་དུ་གཅོད་པར་བྱེད་པ་ཡི། །དགྲ་བགེགས་ཐམས་ཅད་ཞི་ནས་ཀྱང་། །བགེགས་ཀྱི་གནོད་པ་ཞི་བར་ཤོག །གདུལ་བྱའི་སེམས་ཅན་འདུལ་བའི་ཚེ། །
ཞི་རྒྱས་ལ་སོགས་ལས་རྣམས་དང་། །ལོངས་སྤྱོད་འབྱོར་པ་ཕུན་སུམ་ཚོགས། །དེ་དག་ཀུན་གྱིས་མི་ཕོངས་ཤོག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་ཡིད་བཞིན་འགྲུབ་པ་དང་། །རྟ་དང་གླང་ཆེན་མ་ཧེ་དང་། །སྣ་ཚོགས་འབྲུ་ལ་ལོངས་སྤྱོད་ཅིང་། །གསེར་དངུལ་མུ་ཏིག་མན་ཤེལ་དང་། །གཡུ་དང་བྱེ་རུ་ལ་སོགས་པ། །རིན་ཆེན་ལྔ་ཡི་གཏེར་རྣམས་ལ། །རྟག་ཏུ་ལོངས་སྤྱོད་ལྡན་པར་ཤོག །ཕ་མ་བུ་སྤུན་གཉེན་བཤེས་རྣམས། །བདེ་ཞིང་ཚེ་ལ་ནད་མེད་པར། །འགྲོ་བ་ཐམས་ཅད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ཏེ། །དགྲ་དང་གདོན་བགེགས་ཐུལ་བར་ཤོག །རྒྱལ་པོ་མྱ་ངན་མེད་པ་དེས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་ཡང་། །ཕྱོགས་བཅུ་ཀུན་ཏུ་དར་བར་ཤོག །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །བདུད་རྩིའི་སྣོད་དུ་འགྱུར་
བར་ཤོག །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །བདག་དང་འཁོར་དུ་གཏོགས་པ་ཡི། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ལོངས་སྤྱོད་རྣམ་གཉིས་ཚོགས་པར་ཤོག །བདག་ཀྱང་དུས་འདིར་ཚེ་རིང་ཞིང་། །སངས་རྒྱས་བསྟན་པ་བསྲུང་བ་ལ། །མཐུ་དང་རྫུ་འཕྲུལ་ལྡན་པར་ཤོག །ལོག་པར་ལྟ་བའི་དགྲ་བགེགས་རྣམས། །བདུན་རྒྱུད་རྩད་ནས་བཅད་ནས་ཀྱང་། །སངས་རྒྱས་བསྟན་པ་དར་བར་ཤོག །དཔལ་རྒྭ་ལོས་མཛད་པའི་བཀྲ་ཤིས་སྨོན་ལམ་མོ། །༈ མདོས་འབུལ་བའི་ཕྱག་རྒྱ་དང་བཅས་པས། མདོས་ཀྱི་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་རྣམས་སྟེང་གི་ནམ་མཁར་བཞུགས་པར་གྱུར། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུྃ། དེ་ནས་མདོས་ཞལ་བསྒྱུར་བ་ནི། ཕྱི་རོལ་དུ་མདོས་ལམ་དཀར་ནག་བྲིས་པ་དེའི་སྟེང་དུ་མདོས་དང་གཏོར་མ་བཤམས་ནས་ཆང་གིས་བྲན་ལ། ཧཱུྃ། ད་ནི་མདོས་ཀྱི་ཞལ་བསྒྱུར་རོ། །དཔལ་ལྡན་མགོན་པོ་འཁོར་
དང་བཅས། །དགྲ་བོའི་ཡུལ་དུ་ཞལ་བསྒྱུར་རོ། །ལྷ་དམག་བྱེ་བའི་ཚོགས་དང་བཅས། །དགྲ་བོའི་ཡུལ་དུ་ཞལ་བསྒྱུར་རོ། །ལྷ་སྲིན་སྡེ་བརྒྱད་དམག་ཚོགས་བཅས། །དགྲ་བོའི་ཡུལ་དུ་ཞལ་བསྒྱུར་རོ། །སྣང་སྲིད་ལྷ་འདྲེའི་དམག་དང་བཅས། །དགྲ་བོའི་ཡུལ་དུ་ཞལ་བསྒྱུར་རོ། །ཆིབས་ཁ་དགྲ་བོའི་ཡུལ་དུ་བསྒྱུར། །དམག་སྣ་དགྲ་བོའི་ཡུལ་དུ་བསྒྱུར། །དམག་དཔུང་དགྲ་བོའི་སྒོ་ཁར་ཕུབ། །སྦྲ་གུར་དགྲ་བོའི་སྒོ་ཁར་ཕུབས། །རུ་དར་དགྲ་བོའི་སྒོ་ཁར་ཚུགས། །མདུར་དར་དགྲ་བོའི་སྙིང་ལ་རྒྱོབས། །མཚོན་ཆས་དགྲ་བོའི་ལུས་སྲོག་ཕྲོལ། །ཞགས་པས་དགྲ་བོའི་མགུལ་ནས་ཐོབས། །ཁྲཾ་བམ་དགྲ་བོའི་ལུས་ལ་རྒྱོབས། །དུག་ཟོར་དགྲ་བོའི་ཁུང་དུ་འཕོངས། །དགྲ་བོའི་ཤ་ཟོ་ཁྲག་ལ་འཐུངས། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དགྲ་བོའི་
ཡུལ་དུ་ལམ་བསྟན་པ་ནི། ཧཱུྃ། ད་ནི་མདོས་བསྐྱོད་བསྐྱོད་རེ་རན། །ད་ནི་སྐུ་བསྐྱོད་བསྐྱོད་རེ་རན། །ནག་པོ་ཆེན་པོ་སྐུ་བསྐྱོད་འཚལ། །ཡུམ་ཆེན་ལྷ་མོ་སྐུ་བསྐྱོད་འཚལ། །འཁོར་གྱི་དམག་ཚོགས་སྐུ་བསྐྱོད་འཚལ། །དགྲ་བོའི་ཡུལ་དུ་ལམ་བསྟན་ནོ། །ཆིབས་ཁ་དགྲ་བོའི་ཡུལ་དུ་བསྒྱུར། །ཕོ་བྲང་དགྲ་བོའི་སྒོ་ཁར་ཕུབས། །དྲག་བྱེད་འཁོར་བཅས་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །དམག་ཚོགས་དགྲ་ཡུལ་ལམ་བསྟན་ནོ། །མདོས་ཟོར་དགྲ་ཡུལ་ལམ་བསྟན་ནོ། །མདོས་ཟོར་བགེགས་ལ་ལམ་བསྟན་ནོ། །བྱད་མའི་ཡུལ་དུ་ལམ་བསྟན་ནོ། །ནད་ཡམས་ཡུལ་དུ་ལམ་བསྟན་ནོ། །ཆགས་ཆེ་ཉམ་ང་བཟློག་ཕྱིར་ཆོས། །དམ་ཉམས་བྱད་མ་བཟློག་ཕྱིར་ཆོས། །ལྟས་ངན་མཚན་ངན་བཟློག་ཕྱིར་ཆོས། །དུས་མིན་འཆི་བ་བཟློག་ཕྱིར་ཆོས། །དགྲ་བོའི་མི་ནོར་རྡུལ་དུ་
རློགས། །དགྲ་བོའི་ཡུལ་མཁར་བརླག་པར་མཛོད། །དེ་ནས་རང་ཉིད་འཁོར་ལོ་བདེ་མཆོག་ཞལ་སྟོང་ཕྱག་འབུམ་ཚོ་ཡོད་པ་བར་སྣང་གང་བ་གཅིག་ཏུ་བསམ་མོ། །༈ རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ནག་དབུ་སྟོང་ཕྲག་གཅིག །དབུ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། ཕྱག་སྟོང་ཕྲག་གཉིས་དང་ལྡན་པ། ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། དུར་ཁྲོད་ཀྱི་ཆས་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དབུ་སྲིད་པ་གསུམ་གྱི་རྩེ་མོར་སླེབས་པ། ཞབས་བརྒྱད་ན་རག་གི་དམྱལ་ཁམས་ཟིལ་གྱིས་མནན་པ། དེ་ལས་འོད་ཟེར་འཕྲོས་པས་ནམ་མཁའ་ཐམས་ཅད་འཁོར་ལོ་བདེ་མཆོག་གི་དམག་ཚོགས་ཀྱིས་གང་བ། བར་སྣང་ཐམས་ཅད་ཡེ་ཤེས་མགོན་པོའི་དམག་ཚོགས་ཀྱིས་གང་བ། ས་གཞི་ཐམས་ཅད་ལས་ཀྱི་མགོན་པོའི་
དམག་ཚོགས་ཀྱིས་གང་བ། གཞན་ཡང་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ། ཁྱད་པར་ཐུགས་ཀྱི་མགོན་པོས་ཙན་དན་གྱི་བེང་ས་ལ་བརྡབ་པ་ཤག་གིས་བྱེ་བའི་ནས་ནས་ལྷ་དམག་དུང་ཕྱུར་ཕྱུང་སྟེ། ལྷ་དམག་གིས་ནམ་མཁའ་གང་བ། གཉན་དམག་གིས་བར་སྣང་གང་བ། ཀླུ་དམག་གིས་ས་གཞི་གང་བ། ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་རླུང་ལྟར་འཚུབ་པ། ཐམས་ཅད་ཀྱིས་རིན་པོ་ཆེ་སྣ་ཚོགས་ཀྱི་གོ་གྱོན་མཚོན་ཆ་སྣ་ཚོགས་ཐོགས་པ། གླང་ཆེན་རྟ་དང་བྱ་ནག་གཅན་གཟན་སྣ་ཚོགས་བཅིབས་པ། ཁྲོ་ཞིང་འཁྲུགས་པ། གཏུམ་ཞིང་རྔམ་པ། དྲག་རྩལ་རླུང་དང་ཐོག་ལྟར་མྱུར་བ། དམིགས་པའི་དགྲ་བགེགས་བསྒྲལ་བའི་ལས་བྱེད་པར་གྱུར། ལྷ་ཐམས་ཅད་ཀྱི་སྔགས་བརྗོད་པར་བྱའོ། །རྔ་འབིག་བརྡུང་གིས། བདེ་མཆོག་གཟུགས་
མེད་ཁམས། ཡེ་ཤེས་པ་གཟུགས་ཁམས། ལས་མགོན་འདོད་ཁམས། འབུལ་སར་བྱོན་ནས་བཞུགས། ལས་རྡོར་གྱིས་གཏོར་འབུལ་རྣམས་གོ་ལྡོག་བྱས་ལ། དང་པོ་བདེ་མཆོག་དགེ་བསྙེན་ནས་ཡུམ་བར། ཕྱག་བཞི་པ་བཅས་བཤམས་ནས། ༈ ལིང་གར་དམིགས། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས། ཨེ་ལས་གཏོར་སྣོད་བྷནྡྷ་རློན་པ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་ཊྭཱཾ་ག་ནག་པོ་ཁ་གྱེན་དུ་ལྟ་བ། དེའི་མགུལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་གཅོད་པའི་སོ་རྣོ་བའི་དབལ་དང་ལྡན་པ། གཡོན་ཕྱོགས་སུ་སྒ་ར་ར་འཁོར་བའི་རྩིབས་བར་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་གསལ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་
བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིགས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་
འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་ལྟ་བ་རྣམས་དང་། ཚེ་བསོད་ནམས་ཉམས་རྟོགས་པ་གདུལ་བྱ་ཕྲིན་ལས་ཐོས་བསམ་བསྒོམ་གསུམ་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་ཕོ་མོ། རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཤ་ལ་ན་བ། རུས་ལ་གཟེར་བ། ཚེ་ལ་རྐུ་ལ། སྲོག་ལ་འཇབ་པ། མཆོག་ཐུན་མོང་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་
ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཁེ་ཚོལ་བ། གླགས་ལྟ་བ། ཡེངས་རྒབ་པ། ཆོས་སྤྱོད་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་། མི་དགེ་བ་བཅུའི་སྣ་འདྲེན་པར་བྱེད་པ་རྣམས་དང་། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོད་གཙུག་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོར་བཟུང་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུག་པ། མི་ལ་ལྷ་མེད་བསྡོ་བ།
ལྷ་ལ་མཐུ་མེད་བཟློ་བ། མཐུ་བུ་ལོན་བཞིན་དུ་སྙོག་པ། ལུས་སྲོག་འབེན་དུ་བཙུག་པའི་དགྲ་བགེགས་རྣམས་དཀོན་མཆོག་གསུམ་གྱི་བདེན་པས་སྐད་ཅིག་རང་དབང་མེད་པར་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིགས་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ།
མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་ནད་བདག །ཡམས་བདག །རིམས་བདག །གང་གནོད། གང་བསྒྲེན། ཟ་འདྲེ་ཤི་གཤེད། རོ་བག་གཤེད་འཁྱམས། ཉེ་བའི་བགོས་འདྲེ། ཕུ་ནུའི་རུས་འདྲེ། ཁྱིམ་མཚེས་ཀྱི་འབག་འདྲེ། ཤ་ཁྲག་གི་བསྒྲོན་འདྲེ། དོང་སྟོང་བཞིན་དུ་གློ་ན་ཐོགས་པ། རྟ་རྔ་བཞིན་དུ་སྒྱིད་ལ་འཁྲིལ་བར་བྱེད་པ། དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། བླ་ཡིད་སེམས་གསུམ། མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ལྕགས་རིའི་ཕྱི། བྲོས་པའི་རི། གབ་པའི་རྫོང་།
ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ༈ གཏོར་འབུལ་བྱིན་རླབས་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། བཅོལ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ལྷ་ལྔ་ལྷ་དྲུག་ཅུ་རྩ་གཉིས། རབ་ཏུ་འཇིགས་པའི་དུར་ཁྲོད་ནས་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཞལ་དུ་ཨི་དམ་བཱ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཁྲག་གི་རྒྱ་མཚོ་འཁྲུགས་པའི་ཀློང་དཀྱིལ་ནས། །ཀེང་རུས་
འཇིགས་སུ་རུང་བའི་ཁྲི་སྟེང་དུ། །བདུད་འདུལ་ཧཱུྃ་ལས་ཁྲོ་ཆེན་སྐུར་སྤྲུལ་པ། །འཇིགས་བྱེད་ཧེ་རུ་ཀ་དཔལ་རྒྱལ་ཆེན་པོ། །སྐུ་མདོག་མཐིང་ནག་འོད་ཟེར་འབར་བས་བརྗིད། །ཨཥྚ་ཧ་ཡི་སྒྲ་སྐད་དྲག་པོས་ཀྱང་། །ཁམས་གསུམ་དབང་བསྡུད་སྲིད་གསུམ་ཟིལ་གྱིས་གནོན། །རལ་པ་ཁམ་ནག་གྱེན་དུ་བརྫིས་པ་ལས། །འཇིགས་བྱེད་ཁྲོ་བོའི་སྤྲུལ་པ་ཅིར་ཡང་སྟོན། །སྤྱན་རྩ་དམར་པོ་གློག་སྟོང་འཁྱུག་པ་ལ། །སྟོང་གསུམ་དུས་གཅིག་འགེང་བའི་ངར་དང་ལྡན། །རྔམ་པའི་ཁྲོ་གཉེར་གྱེན་དུ་འཕག་པ་ལ། །བསྐལ་པའི་མེ་དཔུང་འབར་བ་སྟོང་གིས་བརྒྱན། །ཆུ་ཀླུང་ལྟ་བུར་འགྱུར་བའི་ཞལ་གདང་པ། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཤོང་བའི་ཞལ། །ཞལ་ནས་ཁྲག་ཆེན་རྦ་ཀློང་འཁྲུགས་པས་རྔམ། །ཤངས་ཀྱི་རྡོ་རྗེའི་འཚུབ་མས་ཁམས་གསུམ་གཏོར། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་
སྒྲོགས་ཐོག་འབེབས་ཤིང་། །འཇིགས་བྱེད་ཁྲོ་བོའི་སྤྲུལ་པ་སྤྲིན་ལྟར་འཁྲིགས། །སོ་དང་སེན་མོ་བ་སྤུའི་བུ་ག་ནས། །འཇིགས་བྱེད་སྤྲུལ་པ་དུ་མར་སྣང་བ་ནི། །ལ་ལ་ཚངས་པ་སྟོང་བས་ལྷག་པར་ཞི། །ལ་ལ་གཤིན་རྗེ་སྟོང་བས་རྔམ་པར་བྱེད། །ལ་ལས་དབང་ཕྱུག་སྟོང་བས་འཇིགས་པར་བྱེད། །ལ་ལས་ཁྱབ་འཇུག་སྟོང་བས་དྲག་པོར་སྟོན། །ཁྱེད་ནི་ཟ་བྱེད་ཆེན་པོ་འཇིགས་པའི་གཟུགས། །ཁྱོད་ནི་ཁྲག་འཐུང་རྒྱལ་པོ་རྔམ་པའི་བདག །གདུག་པའི་དགྲ་བགེགས་མ་ལུས་འཛོམས་མཛད་པ། །བདེ་མཆོག་རྒྱལ་པོའི་ཐུགས་དམ་དབྱིངས་ནས་བསྐུལ། །བདག་གི་བར་ཆད་ཐམས་ཅད་རབ་ཞི་ནས། །འདོད་པའི་དོན་རྣམས་ཕུན་སུམ་ཚོགས་པར་མཛོད། །བྷྱོ། རབ་ཏུ་འཇིགས་པའི་དུར་ཁྲོད་ནས། །འཇིག་རྟེན་མཁའ་འགྲོ་མཐུ་མོ་ཆེ། །ཤིན་ཏུ་མི་བཟད་འཇིགས་པའི་གཟུགས། །བུད་མེད་
ལུས་ལ་མགོ་བརྙན་ཅན། །ཐོད་པ་བཟུང་ཞིང་ཁྲག་ཆེན་འཐུང་། །མི་རོ་ཟ་ཞིང་བཤུག་གླུ་ལེན། །ཏིང་འཛིན་ཉུལ་ཞིང་ཚོགས་ཁང་འགྲིམ། །དེ་དག་མ་ལུས་ཐམས་ཅད་ཀྱིས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་བཅའ་ཇི་བཞིན་དུ། །དམ་ཚིག་སྲུངས་ལ་ཕྲིན་ལས་མཛོད། །ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨེ་ལས་གཏོར་སྣོད་བྷནྡྷ་རློན་པ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་ཊྭཱཾ་ག་ནག་པོ་ཁ་གྱེན་དུ་ལྟ་བ། དེའི་མགུལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་སོ་རྣོ་བའི་དབལ་དང་ལྡན་པ་གཡོན་ཕྱོགས་སུ་སྒ་ར་ར་འཁོར་བའི་རྩིབས་བར་དུ་ནྲྀ་ཏྲི་ཛཿཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་
ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་གསལ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་དྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དགེ་
འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་ལྟ་བ་རྣམས་དང་། ཚེ་བསོད་ནམས་ཉམས་རྟོགས་པ་གདུལ་བྱ་ཕྲིན་ལས་ཐོས་བསམ་སྒོམ་གསུམ་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་ཕོ་མོ། རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཤ་ལ་ན་བ། རུས་ལ་གཟེར་བ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། མཆོག་ཐུན་མོང་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་
དང་། གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཡབ་ཡུམ་ལྕམ་དྲལ་དྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཁེ་ཚོལ་བ། གླགས་ལྟ་བ། ཡེངས་རྒབ་པ། ཆོས་སྤྱོད་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་། མི་དགེ་བ་བཅུའི་སྣ་འདྲེན་པར་བྱེད་པ་རྣམས་དང་། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོད་བཙུགས་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོར་བཟུང་བ། སྔ་
དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུགས་པ། མི་ལ་ལྷ་མེད་བཟློ་བ། ལྷ་ལ་མཐུ་མེད་བཟློ་བ། མཐུ་བུ་ལོན་བཞིན་དུ་སྙོག་པ། ལུས་སྲོག་འབེན་དུ་བཙུགས་པའི་དགྲ་བགེགས་རྣམས་དཀོན་མཆོག་གསུམ་གྱི་བདེན་པས་སྐད་ཅིག་རང་དབང་མེད་པར་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིགས་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་
པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་ནད་བདག །ཡམས་བདག །རིམས་བདག །གང་གནོད། གང་བསྒྲེན། ཟ་འདྲེ་ཤི་གཤེད། རོ་བག་གཤེད་འཁྱམས། ཉེ་བའི་བགོས་འདྲེ། ཕུ་ནུའི་རུས་འདྲེ། ཁྱིམ་མཚེས་ཀྱི་འབག་འདྲེ། ཤ་ཁྲག་གི་བསྒྲོན་འདྲེ། དོང་སྟོང་བཞིན་དུ་གློ་ན་ཐོགས་པ། རྟ་རྔ་བཞིན་དུ་སྒྱིད་ལ་འཁྲིལ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། བླ་ཡིད་སེམས་
ཐམས་ཅད་གསུམ། མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ལྕགས་རིའི་ཕྱི། བྲོས་པའི་རི། གབ་པའི་རྫོང་། ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ༈ གསུམ་པ་བསྒྲལ་ཞིང་རྣམ་ཤེས་སྤར་བ་ནི། ཨོཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལཾ་ཐུམ་རིལ་རྦད། སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུཾ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛ། ནྲྀ་ཛ་ཙིཏྟ་ཡ། ཐུམ་རིལ་རྦད། ནྲྀ་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་
ལ་སྙིང་ཁྲག་ལྗིབ་ལྗིབས། ཆོད་ཆོད་སྲོག་རྩ་ཆོད། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ། མ་མ་ཏྲག་རུ་ཏྲ་དགྲ་བགེགས་མཱ་ར་ཡ་ཕཊ། དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་རྦད། ནྲི་སྥ་ར་ཎ་ཕཊ། ༈ ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཕཱུཿནཱ་ག་ར་ཛ་ཨཿཡཿམཿདུཿརུཿཙཿཤཿནཿ གནས་བདག་དགེ་བསྙེན་ཉ་ཡི་དབུ་ཅན་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་བ་མ་འཁོར་ནག་མོ་འབུམ་གྱི་ཞལ་དུ་
ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། རྡོ་རྗེ་གུར་གྱི་མགོན་པོ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས། ཨོཾ་སརྦ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཐུགས་མགོན་ལེགས་ལྡན་ནག་པོ་འཁོར་འགོན་པོ་འབུམ་གྱི་ཚོགས་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧུྃ་ཧཱུྃ་ཕཊ། ཤ་ཟ་སེང་གེའི་གདོང་ཅན་འཁོར་ཤ་ཟ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་འཁོར་ནག་པོ་སྟོང་གི་ཚོགས་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་དཱེ་ཝི་རུ་པི་ནི་ཧཱུྃ་ཕཊ། ཡུམ་དམར་མོ་རྩ་འཇིབས་མ་འཁོར་མ་མོ་བྱེ་བའི་ཚོགས་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི།
དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་མི་ཟད་པ་ནམ་མཁའི་མཐའ་དང་མཉམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་བཟློག །ཁྱད་པར་དུ་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་མཁའ་རི་མི་དཀར་རྟ་དཀར་བཞེངས། །བཞེངས་ཤིག་ཡུམ་མཆོག་ཤེལ་ཟ་སྨན་གཅིག་བཞེངས། །བཞེངས་ཤིག་སྲས་འཁོར་བྲན་གྱི་ཚོགས་རྣམས་བཞེངས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཨོ་རྒྱན་བསྟན་དང་དྭགས་བརྒྱུད་བསྟན་འཛིན་གྱི། །སྐུ་ཚེ་མཛད་ཕྲིན་ནམ་མཁའི་མཐའ་མཉམ་
མཛོད། །དགྲ་བགེགས་ལོག་འདྲེན་གཡུལ་ངོ་བཟློག་ཏུ་གསོལ། །བྱད་མ་དམ་སྲིའི་སྙིང་ཁྲག་ཞལ་དུ་བཞེས། །ཧཱུྃ་ཧཱུྃ་ཧཱུྃ། བཞེངས་ཤིག་བསྟན་སྲུང་ཟུ་ར་རྭ་སྐྱེས་བཞེངས། །ཡུམ་མཆོག་སྲས་འཁོར་སྡེ་བརྒྱད་ཚོགས་རྣམས་བཞེངས། །རྣལ་འབྱོར་བདག་གི་ལྷ་མཆོག་ཁྱོད། །པད་འབྱུང་སྤྱན་སྔར་དམ་ཚིག་དགོངས། །ང་ཡི་ཕྲིན་ལས་ཁྱོད་ཀྱིས་སྒྲུབས། །དུས་ངན་སྙིགས་མ་ལྔ་ཡི་དུས། །ནག་ཕྱོགས་འབྱུང་པོ་ཁ་དར་ཚེ། །མི་རྣམས་གདོན་གྱིས་བསླད་པའི་དུས། །དམ་ཚིག་ཚུལ་བཞིན་མི་བསྲུང་བ། །འདི་ལ་བཀའ་ཡི་ཆད་པ་ཆོད། །བསྟན་འཛིན་སྐྱེས་བུ་དམ་པ་ཡི། །བཀའ་བཅག་ཐུགས་དཀྲུག་དཀོར་ནོར་རྐུ། །ཆོས་བྱེད་རྣལ་འབྱོར་རྣམས་ལ་སྡང་། །བསྟན་སྲུང་ཁྱོད་ལ་མཐུ་མེད་ཟེར། །དེ་རྣམས་སྙིང་ཁྲག་ཞལ་དུ་བཞེས། །དགོན་སྡེ་གྲྭ་ཚང་བཅས་པ་ལ། །ཁ་འབར་ཞུ་ཞིང་ཞེ་
ཡིས་བརྙས། །དཔོན་སྡེ་སྦྱིན་བདག་འཁོར་བཅས་ལ། །རྐུ་འཕྲོག་བཅོམ་ཞིང་བསམ་ངན་བྱས། །རྩྭ་ཁ་ལོ་ཏོག་བཅོམ་པ་ལ། །དེ་ལ་བཀའ་ཆད་མི་མཛད་ན། །ཁྱོད་ཀྱང་དམ་ཚིག་མི་འགལ་ལམ། །དེ་བས་གཏོར་མ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཧཱུྃ་བྷྱོ། བྱང་ཤར་ཐོད་པའི་སྐུ་མཁར་ལྡེམ་པ་ན། །ཉིན་མོ་དུད་འཐུལ་མཚན་མོ་མེ་དཔུང་འབར། །དུར་ཁྲོད་བསྐལ་པའི་མེ་རླུང་འཚུབ་མ་ནས། །མ་གཅིག་དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །མ་གཅིག་དཔལ་ལྡན་ལྷ་མོ་གཤེགས་ཙ་ན། །སྟེང་ན་སྤྲུལ་པའི་བྱ་ཚོགས་ཐིབས་སེ་ཐིབ། །མདུན་ན་གནམ་ལྕགས་ཐོག་སེར་ཉི་ལི་ལི། །རྒྱབ་ན་ཤན་པས་གྲི་བརྡར་ཡུགས་སེ་ཡུག །ལོགས་ལ་མ་མོ་གད་རྒྱངས་ལྷགས་སེ་ལྷག །ཟུར་ལ་དུར་བྱ་རྐང་འགྲོས་ལིངས་སེ་ལིང་། །རྒྱབ་ན་ལྕགས་སྤྱང་མཆེ་བ་ཐམས་སེ་ཐམ། །
འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་དགྲ་རྩད་ནས་གཅོད་པའི་ཕྲིན་ལས་མཛོད། །བྷྱོ། སྔོན་ཚེ་སངས་རྒྱས་སྤྱན་སྔར་ཁས་བླངས་པའི། །བསྟན་པ་སྲུང་དང་བསྟན་འཛིན་རྣལ་འབྱོར་སྐྱོང་། །བསྟན་པ་སྡང་བྱེད་ལོག་ལྟའི་དགྲ་བགེགས་སྒྲོལ། །བསྟན་སྐྱོང་མ་མོ་ཆེན་མོ་དགྲ་ལ་བྷྱོ། །བྷྱོ། བཀའ་ཉན་ལས་བྱེད་གཅེར་བུ་ཤན་པའི་གཟུགས། །སྙིང་ཟན་མ་མོ་མཐུ་ཆེན་རྫུ་འཕྲུལ་ཅན། །བོང་བུ་ཞོན་ནས་རྣལ་འབྱོར་ཕོ་ཉ་བྱེད། །སྲོག་གཅོད་ཤན་པ་མ་གསུམ་དགྲ་ལ་བྷྱོ། །ཕྱོགས་བཞིའི་བཀའ་སྲུང་མཁའ་འགྲོ་རིགས་བཞིའི་གཙོ། །ཕྲིན་ལས་བཞི་སྒྲུབ་བསྟན་པའི་བྱ་ར་བྱེད། །ལྷ་མོའི་བཀའ་ཉན་སྒྲུབ་པའི་སྡོང་གྲོགས་བྱེད། །རྣལ་འབྱོར་བར་ཆད་བདུད་འཇོམས་དགྲ་ལ་བྷྱོ། །ཕྱོགས་བཞི་མཚམས་བརྒྱད་ཕྲ་མེན་ལས་མཁན་ཚོགས། །གར་རྦད་སྡང་བའི་དགྲ་
ལ་ཐོག་བས་མྱུར། །གནོད་བྱེད་རྒྱལ་བསེན་བགེགས་ལ་མེ་བས་བཤོར། །དུག་ཐུན་ནག་མོ་འཁོར་བཅས་དགྲ་ལ་བྷྱོ། །སྒོ་བཞི་སྲུང་བའི་ཀང་ཀ་སྒོ་མ་བཞི། །སྲོག་གཅོད་ནད་གཏོང་དགྲ་བགེགས་ཐལ་བར་བརླག །ཕྱོགས་བཞིའི་བདུད་འདུལ་རྣལ་འབྱོར་དྲོད་རྟགས་ཉུལ། །མགོ་བརྙན་གདོང་ཅན་ཚོགས་རྣམས་དགྲ་ལ་བྷྱོ། །ཕྱི་རིམ་མུ་ཁྱུད་མེ་རླུང་འཚུབ་མའི་ཀློང་། །ཕོ་ཉ་མཁའ་འགྲོ་ནག་མོ་གྲི་ཐོད་ཅན། །གཅེར་བུ་འཇིགས་པའི་སྟབས་ཀྱིས་སྤྲུལ་པ་འགྱེད། །བདུད་ཕོ་བདུད་མོའི་ཚོགས་རྣམས་དགྲ་ལ་བྷྱོ། །གཤིན་རྗེ་ཤ་ཟ་མ་མོ་ཀེང་ལ་སོགས། །ལས་བྱེད་སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་ཀུན། །བཀའ་ཉན་གསུང་སྒྲུབ་སངས་རྒྱས་བསྟན་པ་སྲུང་། །དམ་ཉམས་སྲོག་ལ་རྔམ་བྱེད་དགྲ་ལ་བྷྱོ། །མ་གཅིག་ཆོས་སྐྱོང་ལྷ་མོ་འཁོར་བཅས་ཀྱིས། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་
སོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །གནོད་བྱེད་རྒྱལ་བསེན་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རོལ་མོ། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །སྟེང་ནས་སྤྲུལ་པའི་ཕོ་ཉ་ནི། །ཁྱུང་ཆེན་སྔོན་པོ་ལྡིང་ཞིང་འབབ། །གཡས་ནས་སྤྲུལ་པའི་ཕོ་ཉ་ནི། །བྱ་ནག་མང་པོ་ལྡིང་ཞིང་འབབ། །གཡོན་ནས་སྤྲུལ་པའི་ཕོ་ཉ་ནི། །ཁྱི་ནག་མང་པོ་ཟུག་ཅིང་རྒྱུག །རྒྱབ་ནས་སྤྲུལ་པའི་ཕོ་ཉ་ནི། །ལྕགས་སྤྱང་མང་པོ་ཡར་ཅིང་རྒྱུག །མདུན་ནས་སྤྲུལ་པའི་ཕོ་ཉ་ནི། །མི་ནག་འོ་དོད་གནམ་དུ་འབོད། །བྷྱོ་བྷྱོ་དེ་ནི་དགྲ་ལ་བྷྱོ། །ཆོས་ཆོས་དེ་ནི་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །སྡང་བའི་དགྲ་ལ་རྟགས་ཕྱུངས་ལ། །གནོད་པའི་བགེགས་ལ་ལས་
མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྣམ་འཕྲུལ་གཎྜེས་སྤྲུལ་པའི་ཕོ་ཉ་ནི། །ཁྲོ་ཆེན་འབར་བའི་ཚོགས་ཀྱིས་འཇིག་རྟེན་གང་། །སྤྲུལ་པ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །འདི་ཡི་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ཀླད་པ་ནང་གྲོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བ་ཀུན་དང་ཕྲོལ་ལ་ཐོངས། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རོལ་མོ། ཧཱུྃ། བྷྱོ། ཕྱོགས་ཕྱོགས་དག་ནི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །གནས་ཀྱི་མིང་ནི་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །མཆོད་རྟེན་མིང་
ནི་ཀ་ལིང་ཀ །ཤིང་གི་མིང་ནི་ནྱ་གྲོ་དྷ། །སངས་རྒྱས་མིང་ནི་བསྟན་པའི་གཙོ། །ཆོས་སྐྱོང་མིང་ནི་ཁྲག་འཐུང་རྒྱལ། །བཀའ་ཉན་མིང་ནི་བྱ་རོག་གདོང་། །ཕྱོགས་སྐྱོང་མིང་ནི་གིང་སོགས་བཞི། །མ་མོའི་མིང་ནི་རབ་འབར་མ། །མཁའ་འགྲོའི་མིང་ནི་ཤ་ཟ་འབུམ། །ལས་མཁན་མིང་ནི་ར་ཧུ་ལ། །སྔོན་གྱི་བསྐལ་པའི་དང་པོ་ལ། །བླ་མ་དཔལ་ཆེན་རྒྭ་ལོ་ཡིས། །འཁོར་ལོ་བདེ་མཆོག་ཞལ་གཟིགས་ཚེ། །ནམ་གྱི་སྲོད་ཀྱི་ཉུལ་ལེ་མ། །ཞིང་སྐྱོང་མཁའ་འགྲོ་ཆེན་མོ་བདུན། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་སྒྲོགས་ཤིང་། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །དགྲ་བོ་བསྒྲལ་བར་དམ་ཡང་བཅས། །དམ་ཚིག་ཆེན་པོའི་དུས་ལ་བབ། །ནམ་གྱི་གུང་ཐུན་དབུས་མ་ལ། །ཤར་ཕྱོགས་རྒྱལ་པོ་གིང་ཆེན་གྱིས། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་
བར་ཞལ་གྱིས་བཞེས། །དགྲ་བགེགས་བསྒྲལ་བར་དམ་ཡང་བཅས། །སྲོག་བདག་ཆེན་པོའི་དུས་ལ་བབ། །ནམ་གྱི་ཐོ་རངས་ཐ་མ་ལ། །ཆོས་སྐྱོང་བྱ་རོག་གདོང་ཅན་གྱིས། །གཞི་སྙིང་གཅིག་ཏུ་དྲིལ་བའི་ཚེ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །དགྲ་བོ་བསྒྲལ་བར་དམ་ཡང་བཅས། །ཕྲིན་ལས་དྲག་པོ་བསྟན་དུ་གསོལ། །དེ་ཡི་བསྐལ་པའི་ཕྱི་མ་ལ། །བླ་མ་རྗེ་བཙུན་ཞང་ཚལ་གྱིས། །ཁྱོད་ལ་གསོལ་བཏབ་ཕྲིན་ལས་བཅོལ། །ད་ལྟ་རྣལ་འབྱོར་བསྟེན་ནས་སུ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །རོལ་མོ། ཧཱུྃ། ཁྱེད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། །མགོན་པོ་བེང་ཐོགས་སྔོན་ནས་རྒྱུག །སྐུ་ལ་དར་ནག་བེར་ཆེན་གསོལ། །གསེར་སྐུད་རིན་ཆེན་སྐེད་ལ་བཅིངས། །ཞབས་ལ་སག་ཏིའི་ལྷམ་མཛེས་གསོལ། །སྟོང་གསུམ་བདུད་འདུལ་རྟ་ནག་རྟིང་
དཀར་ཆིབས། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །ཙན་དན་བེང་གི་སྟེང་ཤེད་ནས། །སྤྲུལ་པའི་ཕོ་ཉ་སྟོང་འགྱེད་པས། །སྟེང་གི་ལྷ་ཚོགས་དབང་དུ་སྡུད། །ཙན་དན་བེང་གི་བར་ཤེད་ནས། །སྤྲུལ་པའི་ཕོ་ཉ་སྟོང་འགྱེད་པས། །བར་གྱི་དགྲ་བགེགས་རྡུལ་དུ་བརླག །ཙན་དན་བེང་གི་སྨད་ཤེད་ནས། །སྤྲུལ་པའི་ཕོ་ཉ་སྟོང་འགྱེད་པས། །འོག་གི་ཀླུ་རྣམས་རྡུལ་དུ་བརླག །ལྷ་དམག་བྱེ་བའི་འཁོར་གྱིས་བསྐོར། །ལྷ་དམག་སྟོབས་ཆེན་མེ་རེ་རེ། །དྲག་པོའི་བསྭོ་སྒྲ་དི་རི་རི། །ང་རྒྱལ་ཆེམ་སྒྲ་ཁྲ་ལ་ལ། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །དམ་ཉམས་བསྒྲལ་བའི་ཕྲིན་ལས་མཛོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་ཅག་འཁོར་དང་བཅས་པ་ལ། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས། །ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་། །ཁ་རུ་
ལག་ཆུག་ཁོག་པའི་སྙིང་ཁྲག་ཕྱུངས། །སྲོག་རྩ་དམར་པོ་ཆོད་ལ་ཤོག །ར་དང་ལུག་དང་བོང་བུ་གསུམ། །བླ་རྟགས་ཡིན་པས་ཁྱེར་ལ་ཤོག །སོ་དང་སེན་མོ་པགས་པ་གསུམ། །ཕྱི་རྟགས་ཡིན་པས་ཁྱེར་ལ་ཤོག །རྣ་བ་མིག་དང་ལྕེ་དང་གསུམ། །དབང་པོ་ཡིན་ཕྱིར་ཁྱེར་ལ་ཤོག །གློ་བ་སྙིང་དང་མཆིན་པ་གསུམ། །དོན་སྙིང་ཡིན་པས་ཁྱེར་ལ་ཤོག །གཉེ་མ་རྒྱུ་མ་མཁལ་མ་གསུམ། །ནང་གྲོལ་ཡིན་ཕྱིར་ཁྱེར་ལ་ཤོག །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རོལ་མོ། ཧཱུྃ། དུར་ཁྲོད་ཆེན་པོ་ཞེས་བྱ་ན། །གྲུ་གསུམ་མཐིང་ནག་འབར་བ་ཡི། །རབ་ཏུ་འཇིགས་པའི་གཞལ་ཡས་ནས། །པད་ནག་ཉི་མའི་གདན་སྟེང་དུ། །བསྟན་སྲུང་སེང་གེའི་གདོང་པ་ཅན། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཕྱག་གཡས་ཞིང་སྒྲོལ་
རལ་གྲི་བསྣམས། །གཡོན་པས་ཁྲག་གི་ཐོད་པ་བསྣམས། །དམ་ཉམས་སྙིང་ཁྲག་དྲོན་མོ་འཐུང་། །ལྕགས་ཀྱི་གཉའ་རལ་སྔོན་པོས་བརྒྱན། །ཞལ་ནས་དུག་དང་ནད་རྣམས་འཕྲོ། །དམ་ཉམས་དགྲ་བོ་ཕུང་བར་བྱེད། །སེང་གེའི་སྐད་ནི་འབྲུག་ལྟར་སྒྲོགས། །དམ་ཉམས་དོན་སྙིང་ཚལ་པར་འགེམ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་མནན། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཅན། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །དུས་མཚན་གཅེར་བུ་སྲིན་པོ་སྟེ། །ལྕགས་ཀྱི་དབུ་ལ་གསེར་གྱི་སྤྱན། །ལྕགས་ཀྱི་སྡེར་མོ་རྣོན་པོ་ཡིས། །ས་ལ་བཙུགས་ནས་སྤྱི་གཙུག་འགྲོ། །རྐང་པ་གྱེན་བསྟན་དམར་གཏོར་འཛིན། །མི་ལྤགས་རློན་པས་སྐེད་དཀྲིས་བྱས། །གཡས་གཡོན་གཉིས་ནས་ཕོ་ཉར་འགྱེད། །གཞན་ཡང་སྤྲུལ་པའི་ཕོ་ཉ་ནི། །མི་སྡུག་
གཟུགས་ཅན་ཅིར་ཡང་སྟོན། །མཚོན་ཆ་སྣ་ཚོགས་ཅིར་ཡང་བསྣམས། །སྒྲ་སྐད་སྣ་ཚོགས་ཅིར་ཡང་སྒྲོགས། །སྤྲུལ་པ་སྣ་ཚོགས་ཅིར་ཡང་འགྱེད། །ཤ་ཟ་འབུམ་སྟོང་འཁོར་བཅས་ལ། །ཤ་དང་རྐང་དང་ཚིལ་བུ་དང་། །རཀྟ་ཆང་དང་བདུད་རྩི་དང་། །བཱ་ལིང་དམ་རྫས་སྣ་ཚོགས་དང་། །དགྲ་བོའི་ཤ་ཁྲག་གཏོར་མ་མཆོད། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིགས་པ་ཡི། །སྡིག་ཅན་དམ་ཉམས་དགྲ་བོ་འདིས། །དཀོན་མཆོག་གསུམ་གནོད་བླ་མ་བརྙས། །ཆོས་ལ་ལོག་ལྟ་སེམས་ཅན་འཚེ། །རྣལ་འབྱོར་བདག་ལ་བརྙས་གྱུར་པས། །ཆོས་སྐྱོང་ཁྱེད་ཀྱིས་མྱུར་དུ་སྒྲོལ། །ཆོས་སྐྱོང་ཁྱེད་ཀྱིས་མ་བསྒྲལ་ན། །ལས་ཀྱིས་དུས་བྱས་དམྱལ་བར་འགྲོ། །དེ་བས་མྱུར་དུ་བསྒྲལ་དུ་གསོལ། །རྫུ་འཕྲུལ་སྣ་ཚོགས་ཕོ་ཉའི་ཚོགས། །རིངས་པར་རྒྱུག་ལ་མྱུར་དུ་ཁུག །ཞགས་པའི་
ཚོགས་ཀྱིས་དམ་དུ་ཆིངས། །མཚོན་ཆའི་ཚོགས་ཀྱིས་དུམ་བུར་གཏུབས། །ཧུབ་ཧུབ་དྲག་པོའི་ཁྲག་ལ་འཐུངས། །དགྲ་བོ་བདུན་རྒྱུད་རྩད་ནས་ཆོད། །སྐད་ཅིག་ཉིད་ལ་མེད་པར་མཛོད། །རོལ་མོ། ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །འཇིགས་སུ་རུང་དང་བསྐལ་པ་ཡི། །མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མ་ཧཱ་ཀཱ་ལ་བྱ་རོག་གདོང་། །ཧཱུྃ་ལས་བྱུང་བའི་ནག་པོ་ཆེ། །ཐུང་ལ་སྦོམ་པའི་གསུས་པོ་ཆེ། །ཧ་ཧ་ཞེས་སྒྲོགས་འཇིགས་པར་བྱེད། །དུག་སྦྲུལ་གདུག་པས་སྐུ་ལ་བརྒྱན། །གཏུམ་པོ་སྤྱན་གསུམ་འབར་བ་སྟེ། །ཕྱག་གཡས་འབར་བའི་གྲི་གུག་ཕྱར། །དམ་ཉམས་དོན་སྙིང་ཚལ་པར་འགེམ། །གཡོན་པས་ཐོད་པ་ཁྲག་བཀང་འཛིན། །རྡོ་རྗེ་སྲིན་པོའི་སྙིང་ཁྲག་འཐུང་། །རལ་པ་སེར་པོ་གྱེན་དུ་འབར། །མི་མགོ་རློན་པས་དོ་ཤལ་བྱས། །རྡོ་རྗེ་གནོད་སྦྱིན་དགྲ་ལ་
ཕོབས། །ཁ་གདང་ཁྲག་གི་རྒྱུན་འཛག་ཅིང་། །རྣོ་ལ་འཁྱུགས་པའི་མཆེ་བ་གཙིགས། །རྟག་ཏུ་ཤ་དང་ཁྲག་ལ་དགྱེས། །དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །ཞལ་ནས་དམ་ཉམས་མཱ་ར་ཡ། །ཧུྃ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་ཅིང་། །ཀླུ་གདོན་ནག་པོའི་འཁོར་གྱིས་བསྐོར། །རྐང་པ་ས་ལ་བརྡབས་པ་ཡིས། །དམ་ཉམས་བསྒྲལ་ཞིང་རྡུལ་དུ་རློག །ཁྱེད་ཀྱིས་སྤྲུལ་པས་བར་སྣང་ཁེང་། །བྱ་རོག་གདོང་ཅན་ཕྲིན་ལས་མཛོད། །སོ་རྣོན་ལག་པ་དམར་པོ་དང་། །མཆུ་ནི་ཁྲག་གིས་བརྐུས་པ་སྟེ། །ལུས་ཕྱེད་དག་ནི་ཟོས་པ་ཡི། །མཁལ་མ་སྙིང་དང་ནང་གྲོལ་གྱིས། །སྙེམ་པ་ཤིན་ཏུ་བཀང་ནས་ནི། །ཟ་བཞིན་དུ་ནི་རྒྱུག་པ་ཡི། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །ཁྱེད་ཀྱིས་མི་འདུལ་གང་ཡང་མེད། །བསྟན་པ་བསྲུང་བར་ཞལ་
བཞེས་པ། །བསྟན་ལ་སྡང་བ་ཕུང་བར་མཛོད། །སྟོབས་ཆེན་ཐུགས་དམ་དུས་ལ་བབ། །མ་གཡེལ་མ་གཡེལ་ཕུར་བུས་ཐོབས། །ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །འུར་འུར་ཆེམ་ཆེམ་སྤྲིན་ནག་འཁྲིག །མ་རུངས་འབྲུག་སྒྲ་ཏི་རི་རི། །མི་བཟད་གློག་དམར་སྐེམས་སེ་སྐེམ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །རྡོ་རྗེ་མེ་ཡི་སེར་ཆེན་འབེབ། །དཔྲལ་བར་ཁྱུང་གི་ཁྱུང་ཆར་ཕོབས། །དམ་ཉམས་ཐལ་བ་རྡུལ་དུ་རློགས། །བླ་མ་ལ་སྡང་གསང་སྔགས་སྨོད། །དམ་ཉམས་ཤ་ཟོ་ཁྲག་ལ་འཐུངས། །སངས་རྒྱས་བསྟན་ལ་ར་མདར་རྒྱུགས། །ནག་པོ་ཆེན་པོ་ལས་ལ་བྷྱོ། །བསྟན་ལ་སྡང་བའི་དམ་ཉམས་ཀྱི། །རང་གིས་རང་བྱས་རང་ལ་སྨིན། །མ་ཧཱ་ཀཱ་ལས་ཕྲིན་ལས་མཛོད། །གནམ་ལྕགས་འབར་བའི་མཆུ་སྡེར་གྱིས། །དམ་ཉམས་སྲོག་རྩ་མྱུར་དུ་ཆོད། །བྱ་རོག་གདོང་གི་དུས་ལ་
བབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དུས་ལ་བབ་སོ་ས་མ་ཡ། །སྔོན་གྱི་ཐུགས་དམ་དགོངས་མཛོད་ལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རོལ་མོ། བྷྱོཿ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དུག་རླངས་སྤྲིན་ལྟར་འཁྲིགས་པའི་གཞལ་ཡས་སུ། །གདུག་པའི་བུ་མོ་མི་བཟད་ཁྲོ་ཚུལ་ཅན། །ཐུགས་ཡུམ་དམར་མོ་སྲོག་གི་ལས་བྱེད་མ། །དམར་མོ་རྩ་འཇིབས་ཁྲག་འཐུང་རྐང་ལྡག་མ། །ཞལ་གཅིག་ཕྱག་ནི་བཞི་མ་སྟེ། །ཞལ་གདང་རྔམ་པའི་མཆེ་བ་གཙིགས། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་ལྡོག །དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །རལ་པའི་ཅོད་པན་རེ་རེ་ལ། །འཇའ་ཚོན་སྣ་ཚོགས་ཀྱི་ལི་ལི། །ཕྱག་གཡས་དང་པོས་རལ་གྲི་བསྣམས། །འོག་མས་ཏྲི་ཤུ་དགྲ་ལ་འདེབས། །གཡོན་གྱི་དང་པོས་མདའ་གཞུ་ཐོགས། །དམ་
ཉམས་དགྲ་བོའི་སྙིང་ལ་གཟེར། །འོག་མས་མི་མགོ་ཁྲག་འཛག་པ། །ཞལ་དུ་གསོལ་ཞིང་ཕྱོགས་བཅུར་འཐོར། །ཤིན་ཏུ་རིད་ཅིང་ཀེང་རུས་ལུས། །ཐོད་སྐམ་འབར་བས་དབུ་ལ་བརྒྱན། །ཐོད་རློན་ཕྲེང་བས་དོ་ཤལ་བྱས། །གཅེར་བུ་སྐྲ་གྲོལ་འགྱིང་བག་ཅན། །གཅན་གཟན་གདུག་པའི་ཤམ་ཐབས་དཀྲིས། །སྐུ་ལ་གདུག་པའི་འོད་ཟེར་འཕྲོ། །མཁའ་འགྲོ་སྟོང་གི་དབུས་ན་བཞུགས། །རོ་ལངས་འབུམ་ནི་འཁོར་ན་འགྱིངས། །མ་མོ་བྱེ་བའི་འཁོར་གྱིས་བསྐོར། །ཤ་ཟ་མང་པོ་ལས་ལ་རྦད། །ལྷ་སྲིན་སྡེ་བརྒྱད་དམག་དཔུང་འུ་རུ་རུ། །ལེགས་ཉེས་སྟངས་འཛིན་ཕོ་ཉ་ཤ་ར་ར། །རུ་མཚོན་དར་གྱི་བ་དན་ལྷབས་སེ་ལྷབ། །སོད་དང་ཆོད་ཀྱི་ང་རོ་ཏི་རི་རི། །གཅན་སྤྱང་རྐན་རྡིབ་མང་པོ་འུ་རུ་རུ། །བཞད་དང་ཀཾ་ཀ་མང་པོ་སྤུངས་སེ་སྤུང་། །བྱ་རོག་ཁྭ་ཏ་མང་པོ་ཐིབས་སུ་ཐིབ། །མོན་མོ་གླུ་ལེན་
མང་པོ་ཀྱུ་རུ་རུ། །བལ་མོ་གར་བྱེད་མང་པོ་ལོགས་སེ་ལོག །སྨན་མོ་བྲོ་རྡུང་མང་པོ་ཁྲིགས་སེ་ཁྲིག །རིན་ཆེན་འབར་བའི་གདུ་བུ་སི་ལི་ལི། །དུང་ཆེན་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །སྐལ་ལྡན་རྣལ་འབྱོར་བདག་གིས་ལས་ལ་མངག་པའི་ཚེ། །མཆི་མ་ཐུལ་ཐུལ་མྱུར་དུ་གནས་འདིར་བྱོན། །བཀའ་ལས་འདས་པའི་དམ་ཉམས་དགྲ་བོ་འདི། །སྙིང་ཁྲག་འཇིབས་ལ་མ་ཡི་ཞལ་དུ་གསོལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་གསོལ་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །རོལ་མོ་བྱ། རོལ་འོག་བཟློག་མདོས་ལ་དམིགས་ཏེ། ༈ ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨེ་ལས་གཏོར་སྣོད་བྷནྡྷ་རློན་པ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་ཊྭཱཾ་ག་ནག་པོ་ཁ་གྱེན་དུ་ལྟ་བ། དེའི་མགུལ་དུ་གནམ་ལྕགས་ཀྱི་འཁོར་
ལོ་རྩིབས་བརྒྱད་གཅོད་པའི་སོ་རྣོ་བའི་དབང་དང་ལྡན་པ། གཡོན་ཕྱོགས་སུ་སྒ་ར་ར་འཁོར་བའི་རྩིབས་བར་དུ་ནྲྀ་ཏྲི་ཛཿ ཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་གསལ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིགས་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་
གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་ལྟ་བ་རྣམས་དང་། ཚེ་བསོད་ནམས་ཉམས་རྟོགས་པ་གདུལ་བྱ་ཕྲིན་ལས་ཐོས་བསམ་སྒོམ་གསུམ་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་ཕོ་མོ། རྦད་འདྲེ་རྦོད་གཏོང་། བྱད་མ་གནོད་བྱེད་ཤ་ལ་ན་བ། རུས་ལ་གཟེར་བ། ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། མཆོག་ཐུན་མོང་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་
ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིགས་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཁེ་ཚོལ་བ།
གླགས་ལྟ་བ། ཡེངས་རྒབ་པ། ཆོས་སྤྱོད་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་། མི་དགེ་བ་བཅུའི་སྣ་འདྲེན་པར་བྱེད་པ་རྣམས་དང་། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕོད་གཙུག་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོར་བཟུང་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུག་པ། མི་ལ་ལྷ་མེད་བཟློ་བ། ལྷ་ལ་མཐུ་མེད་བཟློ་བ། མཐུ་བུ་ལོན་བཞིན་དུ་སྙོག་པ། ལུས་སྲོག་འབེན་དུ་བཙུག་པའི་དགྲ་བགེགས་རྣམས་དཀོན་མཆོག་གསུམ་གྱི་བདེན་པས་སྐད་ཅིག་རང་དབང་མེད་པར་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་
བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་ནད་བདག །ཡམས་བདག །རིམས་བདག །གང་གནོད། གང་བསྒྲེན། ཟ་འདྲེ་ཤི་གཤེད། རོ་བག་གཤེད་འཁྱམས། ཉེ་བའི་བགོས་
འདྲེ། ཕུ་ནུའི་རུས་འདྲེ། ཁྱིམ་མཚེས་ཀྱི་འབག་འདྲེ། ཤ་ཁྲག་གི་བསྒྲོན་འདྲེ། དོང་སྟོང་བཞིན་དུ་གློ་ན་ཐོགས་པ། རྟ་རྔ་བཞིན་དུ་སྒྱིད་ལ་འཁྲིལ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། བླ་ཡིད་སེམས་གསུམ་ཐམས་ཅད། མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ལྕགས་རིའི་ཕྱི། བྲོས་པའི་རི། གབ་པའི་རྫོང་། ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག་ཛཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ གསུམ་པ་བསྒྲལ་ཞིང་རྣམ་ཤེས་སྤར་བ་ནི། ཨོཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝཱ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ མ་ཧཱ་ཀཱ་ལ་ནྲྀ་ཐུམ་ལཾ་ཐུམ་རིལ་རྦད། སུ་ནྲྀ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲག་རཀྴ་ཐུཾ་
རིལ་རྦད། ཙིཏྟ་ཁ་རག་ཛ་ཛ། ནྲྀ་ཛ་ཙིཏྟ་ཡ། ཐུམ་རིལ་རྦད། ནྲྀ་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ། མ་ཧཱ་ཀཱ་ལ་སྙིང་ཁྲག་ལྗིབ་ལྗིབས། ཆོད་ཆོད་སྲོག་རྩ་ཆོད། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ། མ་མ་ཏྲག་རུ་ཏྲ་དགྲ་བགེགས་མཱ་ར་ཡ་ཕཊ། དགྲ་བགེགས་ནྲི་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་རྦད། ནྲི་སྥ་ར་ཎ་ཕཊ། ༈ ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བསྒྲལ་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱིས་བདུད་རྩིའི་རྒྱ་མཚོ་ཆེན་
པོར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བཱ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདོད་ཡོན་མི་ཟད་པ་ནམ་མཁའི་མཐའ་དང་མཉམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ལ་སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་བཟློག །ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་བྱད་མ་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ཧཱུྃ། བྱང་ཤར་ནགས་འདབས་དུར་ཁྲོད་ཆེན་པོའི་དབུས། །མ་མོ་རབ་འབར་གཅེར་བུའི་དཀྱིལ་འཁོར་ནས། །
ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །སྟོབས་ཆེན་རབ་འབར་འགྱིང་བའི་ཆ་བྱད་ཅན། །ཁྲོ་གཉེར་རབ་འཇིགས་མཐིང་ནག་བརྗིད་པའི་ཞལ། །དམར་ལ་ཟླུམ་པའི་སྤྱན་གསུམ་མེ་འོད་འཕྲོ། །ཤངས་ནས་རླུང་འབྱུང་འཇིག་རྟེན་གཡོ་བར་བྱེད། །རབ་ཏུ་འཇིགས་པའི་ལྗགས་ལ་ཧཱུྃ་སྒྲ་འཁྲིལ། །རྡོ་རྗེ་འབར་བའི་ཚེམས་བསྒྲད་མཆེ་གཙིགས་ཤིང་། །བར་ནས་རྡོ་རྗེ་ཁྲག་གི་སེར་ཆེན་འབེབས། །སྨིན་མ་ཨག་ཚོམ་བསྐལ་པའི་མེ་ལྟར་འབར། །དྲག་པོའི་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཐོད་པ་ལྔས་བརྒྱན་མི་བསྐྱོད་དབུ་ལ་བཞུགས། །སྒེག་པའི་ཉམས་ལྡན་དར་གྱི་ཅོད་པན་མཛེས། །མགུལ་གྱི་བུམ་པ་གསང་བའི་བཤུག་གླུ་ལེན། །རྡོ་རྗེ་དྲག་པོའི་གླུ་སྒྲ་ཏི་རི་རི། །སྐུ་སྟོད་སེང་
གེའི་རོ་སྟོད་འགྱིང་བ་ལྟར། །དཔའ་བརྟན་ཆེན་པོ་གྱད་ལས་རབ་ཏུ་འཕགས། །ཐུགས་ཀྱི་དཔལ་བེའུ་གཡུང་དྲུང་འཁྱིལ་པ་ལས། །ཕྱི་ནང་གསང་བའི་ཆོས་ཀྱི་ཆར་ཆེན་འབེབས། །ཐུགས་རྗེའི་ཉི་འོད་སེམས་ཅན་ཡོངས་ལ་གསལ། །གསུས་པ་ཀ་མ་རུ་ཡི་འབྲས་བུ་ལྟར། །འཁྱིལ་ཞིང་བརྗིད་པས་ཁམས་གསུམ་ཡངས་པར་ཤོང་། །ལྟེ་བ་ཟབ་ཅིང་གཡས་སུ་འཁྱིལ་པ་ལས། །ལྷ་དམག་འབུམ་གྱི་རྫོང་ཡང་དེ་ན་བཅའ། །ཨུཏྤལ་སྔོན་པོའི་དྲི་བསུང་ངད་དང་ལྡན། །སྐེད་པ་གཞུ་ཡི་ཆང་བཟུང་ལྟར་འདྲིལ་ཞིང་། །གཞན་གྱིས་མི་ཐུབ་དབང་ཕྱུག་སྲ་མཁྲེགས་ཅན། །བརླ་གཉིས་རབ་བརྟན་གླང་ཆེན་ཟུང་འབྲེལ་འདྲ། །ཁྱད་པར་འཕགས་པའི་དབང་ཕྱུག་སྟོབས་པོ་ཆེ། །གསང་བའི་སྦ་བ་མ་ཉམས་སྦུབས་སུ་ནུབ། །ཅུང་ཟད་མཐོང་བས་འཁོར་བའི་ཁྲི་མུན་སེལ། །རི་དྭགས་རྒྱལ་པོ་ལྟ་བུའི་བྱིན་པ་ནི། །
བ་སྤུར་བཅས་ཤིང་དྲང་སྲོང་ཀུན་ཕྱག་འཚལ། །ཞབས་ཀྱི་སོར་མོ་རྩང་དང་སྨྱུག་མ་བཞིན། །དྲང་ལ་མཉེན་ཞིང་འཇམ་པ་ལྷུན་དང་བཅས། །ཕྱག་གི་སོར་མོ་ཀང་ཀའི་བྱ་མཆུ་འདྲ། །དམར་ལ་འདྲིལ་ཞིང་སྙུང་བུས་དགྲ་བགེགས་སྒྲོལ། །བ་སྤུ་སེང་གེའི་སྤུ་ལྟར་འཁྲང་བ་ལ། །རྩེ་མོ་གཅིག་ཏུ་གྱེས་ཤིང་གྱེན་དུ་འཁྱིལ། །ཐལ་བས་ལུས་བྱུགས་ཁྲག་གི་ཐིག་ལེས་བརྒྱན། །ཕ་རོལ་ཕྱིན་དྲུག་དག་པའི་ཕྱག་རྒྱ་དྲུག །འཁོར་བའི་ཉེས་པ་བཅོམ་པས་མགོ་ཕྲེང་འཕྱང་། །རྣམ་རྟོག་སྤངས་པས་རོ་ཡི་གདན་ལ་བཞུགས། །ཀླུ་རྣམས་དབང་བསྡུད་གདུག་པ་སྦྲུལ་གྱིས་བརྒྱན། །བདུད་བཞི་བསྲེགས་པས་མེ་རིའི་འོབས་ཀྱིས་བསྐོར། །ཁམས་གསུམ་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །སྟག་གི་པགས་པས་སྐུ་ཡི་སྨད་དཀྲིས་བྱས། །ཁྱུང་གི་སྤྲུལ་པ་ནམ་མཁའི་མཐར་ཁྱབ་པ། །དཀར་པོ་
ལྷ་ཡི་རྒྱལ་སྲིད་སྐྱོང་བར་བྱེད། །གྲི་གུག་རབ་ཏུ་འབར་བས་སྲོག་རྩ་གཅོད། །ཐོད་རློན་རབ་ཏུ་འབར་བས་སྙིང་ཁྲག་འཐུང་། །རལ་གྲི་གློག་ལྟར་འགྱུ་བས་དགྲ་བགེགས་སྒྲོལ། །རྩལ་གསུམ་མྱུར་བས་ལྷ་མིན་གཡུལ་ལས་རྒྱལ། །ཞགས་པ་ཐེའུ་རང་འབྱུང་པོའི་སྐེར་བཏབ་ནས། །བ་སུ་ཏ་ཡི་ལྕགས་སུ་བཅུག་ནས་ཀྱང་། །ཞབས་ཀྱི་འོག་ཏུ་མནན་ཏེ་འགུལ་མི་ནུས། །ཐུགས་ཀྱི་སྤྲུལ་པས་ཙན་དན་བེང་ཆེན་བསྣམས། །བདུད་འདུལ་ཙནྡན་བེང་གི་བེང་ནང་ནས། །སྤྲུལ་པའི་དམག་ཚོགས་མང་པོ་འབྱུང་བ་ནི། །བརྒྱད་ཁྲི་བཞི་སྟོང་སེར་པོ་གསེར་ཁྲབ་ཅན། །བ་དན་ནག་པོ་མུན་ལྟར་འཐིབས་པ་ཐོགས། །ཉི་ཁྲི་ཆིག་སྟོང་དཀར་པོ་དངུལ་ཁྲབ་ཅན། །བ་དན་སྔོན་པོ་རླུང་ལྟར་འཕྱོ་བ་ཐོགས། །སུམ་སྟོང་ལྔ་བརྒྱ་དམར་པོ་ཟངས་ཁྲབ་ཅན། །བ་དན་དཀར་པོ་ཤེལ་ལྟར་འཚེར་བ་ཐོགས། །སུམ་
བརྒྱ་དྲུག་ཅུ་སྨུག་པོ་བསེ་ཁྲབ་ཅན། །བ་དན་དམར་པོ་མེ་ལྟར་འབར་བ་ཐོགས། །བརྒྱ་དང་ཉི་ཤུ་ནག་པོ་ལྕགས་ཁྲབ་ཅན། །བ་དན་ཁྲ་བོ་འཇའ་ལྟར་འཁྱིལ་བ་ཐོགས། །ལྕགས་ཀྱི་སྤྱང་ཀི་འབུམ་ནི་སྔོན་ན་རྒྱུག །གླང་ཆེན་སྨྱོན་པ་འབུམ་ནི་ཕྱི་ན་འབྲང་། །གསེར་གྱི་སེང་གེ་འབུམ་ནི་ཟུར་ལ་འགྱིང་། །ལྕགས་ཀྱི་བྱ་ཁྲ་འབུམ་ནི་གླད་ན་ལྡིང་། །བསེ་ཡི་བྱ་གླག་འབུམ་ནི་མཆུ་སྡེར་བསྒྲད། །དུང་གི་སྐྱེས་བུ་འབུམ་ནི་མདའ་གཞུ་འགེངས། །བྱི་རུའི་ན་ཆུང་འབུམ་ནི་གཡབ་མོ་རྡེབ། །ལྕགས་ཀྱི་མོན་པ་འབུམ་ནི་ཐོ་བ་སྒྲེང་། །ཁྲོ་ཆུའི་ཁྲོ་བོ་འབུམ་ནི་རལ་གྲི་ཕྱར། །རྡོ་ཡི་བྱི་བ་འབུམ་ནི་ས་གཞི་རློག །ལྕགས་ཀྱི་ཕག་རྒོད་འབུམ་ནི་ངུར་སྒྲ་སྒྲོགས། །ཤ་ཟ་མ་མོ་བྱ་རོག་འུག་པའི་ཚོགས། །གཅན་གཟན་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་བྲན་དུ་འཁོལ། །
དེ་ལྟར་འདུས་པའི་དམག་ཚོགས་ཐམས་ཅད་ཀྱང་། །ལ་ལས་མི་བཟད་རྡོ་རྗེ་འཁོར་ལོ་འཕེན། །ལ་ལས་རལ་གྲི་དགྲ་སྟྭ་གཏུན་ཤིང་འཕེན། །ལ་ལས་རྩེ་གསུམ་མདའ་དང་ཐོག་མདུང་འཕེན། །ལ་ལས་གྲི་གུག་མེ་དང་རལ་གྲི་འཕེན། །སྟོབས་ཀྱང་ཆེ་ཞིང་དཔུང་ཡང་རབ་ཏུ་ཆེ། །སྟོབས་ཆེན་གཞན་གྱིས་མི་ཐུབ་ཐུབ་པར་དཀའ། །དཔལ་ལྡན་མགོན་པོ་ནག་པོ་ལྷ་མཆོག་ཁྱོད། །དཀོན་མཆོག་གཙུག་ལག་ཁང་འདི་བསྲུང་སླད་དུ། །དུས་ངན་གདུལ་དཀའི་སེམས་ཅན་འདུལ་བར་བྱེད། །བདག་གིས་ཡུན་རིང་ནག་པོ་ཁྱོད་བསྟེན་ཞིང་། །རྟག་ཏུ་ཕྱག་འཚལ་མཆོད་པ་རབ་ཏུ་འབུལ། །ཐུགས་རྗེས་གཟིགས་ལ་བསྟན་པའི་ཞིང་འདི་སྲུངས། །རྣལ་འབྱོར་དབང་ཕྱུག་ཕུ་ནས་ཀུས་འདེབས་ན། །ཆོས་སྐྱོང་མདའ་ན་བཞུགས་ཀྱང་སྙན་མ་སྲ། །རྣལ་འབྱོར་དབང་ཕྱུག་མདའ་ནས་གཡབ་
འདོར་ན། །ཆོས་སྐྱོང་ཕུ་ན་བཞུགས་ཀྱང་སྤྱན་མ་རྟུལ། །བདག་གིས་བཅོལ་བའི་རེ་འདོད་གང་ཡིན་པ། །ནག་པོ་ལྷ་མཆོག་ཁྱོད་ཀྱིས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ཤར་དུ་བྱོན་པའི་ཚེ། །ཡུལ་འཁོར་སྲུང་ཡང་ཟིལ་གྱིས་གནོན། །དྲི་ཟ་རྣམས་ཀྱང་དབང་དུ་བསྡུས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ལྷོ་རུ་བྱོན་པའི་ཚེ། །འཕགས་སྐྱེས་པོ་ཡང་ཟིལ་གྱིས་གནོན། །གྲུལ་བུམ་རྣམས་ཀྱང་དབང་དུ་བསྡུས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་
བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ནུབ་ཏུ་བྱོན་པའི་ཚེ། །སྤྱན་མི་བཟང་ཡང་ཟིལ་གྱིས་གནོན། །ཀླུ་རིགས་རྣམས་ཀྱང་དབང་དུ་བསྡུས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་བྱང་དུ་བྱོན་པའི་ཚེ། །རྣམ་ཐོས་སྲས་པོ་ཟིལ་གྱིས་གནོན། །གནོད་སྦྱིན་རྣམས་ཀྱང་དབང་དུ་བསྡུས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་
མ་ཧཱ་ཀཱ་ལ་ནི། །རི་རབ་སྟེང་དུ་བྱོན་པའི་ཚེ། །ལྷ་དབང་བརྒྱ་བྱིན་ཟིལ་གྱིས་གནོན། །ལྷ་བྲན་རྣམས་ཀྱང་དབང་དུ་བསྡུས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་འོག་ཏུ་བྱོན་པའི་ཚེ། །ས་བདག་རྣམས་ཀྱང་ཟིལ་གྱིས་གནོན། །ཀླུ་བྲན་རྣམས་ཀྱང་དབང་དུ་བསྡུས། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །ཟས་སུ་ཤ་དང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་འགྲུབ་པར་མཛོད། །ཧཱུྃ། འཁོར་ལོ་སྡོམ་པའི་ལྷ་ཚོགས་དང་། །མ་ཧཱ་ཀཱ་ལའི་ལྷ་ཚོགས་རྣམས། །དྲག་པོའི་ཕྲིན་ལས་ད་མཛོད་ཅིག །
ཁྲག་ཟོར་མདའ་ཟོར་ད་འཕོང་ཞིག །ཁྲག་འགྱེད་ཁྱི་འགྱེད་ད་གྱིས་ཤིག །གཅན་གཟན་ལྕེ་སྤྱང་ད་ཕྱེས་ཤིག །དར་ནག་རུ་མཚོན་ད་ཕྱོར་ཞིག །བྷྱོ་བཟློག་མཛད་པའི་དུས་ལ་བབ། །བྱད་ཁ་བསྒྱུར་བའི་དུས་ལ་བབ། །ཤོད་ཁ་གཏོང་བའི་དུས་ལ་བབ། །ཁྲམ་ཁ་བསྒྱུར་བའི་དུས་ལ་བབ། །ཤན་པའི་ཚོགས་རྣམས་ད་རྒྱུག་ཅིག །ལིང་པའི་ཚོགས་རྣམས་ད་རྒྱུག་ཅིག །དམག་དཔོན་ཚོགས་རྣམས་ད་རྒྱུག་ཅིག །ཇག་དཔོན་ཚོགས་རྣམས་ད་རྒྱུག་ཅིག །ང་ལ་ལྷ་མེད་ཟེར་ནས་བརྙས། །ཁྱོད་ལ་མཐུ་མེད་ཟེར་ནས་བརྙས། །བསྟན་ལ་བདག་མེད་ཟེར་ནས་བརྙས། །ཡོད་ན་ག་རེ་ཟེར་ནས་བརྙས། །ནུས་པ་ཡོད་ན་ད་ཕྱུང་ཞིག །རྟགས་དང་མཚན་མ་ད་སྟོན་ཞིག །བྱས་པ་དོན་མེད་མ་བྱེད་ཅིག །བཀའ་ཡི་དམ་བཅའ་མ་འདོར་ཞིག །རྒྱལ་བའི་བཀའ་འདི་མ་བཅག་ཅིག །བཀའ་དང་དམ་ལ་མ་
འདའ་བར། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རོལ་མོ། ནག་པོ་ཆེན་པོའི་འཕྱོང་རིགས་ལྔ་ཁྲག་འཐུང་ཞེས་བྱ་བ་བྱང་ཆུབ་གྲུབ་པའི་ཞིང་གི་རྗེས་སུ་འབྲང་སྟེ་སྦྱར་བའི་དམོད་བཅོལ་འདི་གཏོར་བསྐུལ་གྱི་རྗེས་སུ་བརྗོད་པར་བྱའོ། །༧དེ་ནས་ཡར་བཞེངས། ལིངྒ་ལ་ཐུན་བྲབ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ལྕགས་ཁང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནྲྀ་ཏྲི་ཛཿ ཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་འདྲེ་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་མཐུས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །གནོད་བྱེད་དགྲ་བགེགས་འདིར་ཁུག་
ཅིག །མ་ཧཱ་ཀཱ་ལ་དགྲ་བགེགས་ཨཱ་ཀརྵ་ཡ་ཛཿ ལན་གསུམ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་དོམ་ཏྲག་ལིང་། མ་མ། ཆོམ་ཆོམ། སྙིང་ཁྲག་ལྗིབས་ལྗིབ། ཆོད་ཆོད། ཐུམ་ཐུམ། དགྲ་བོ་མཱ་ར་ཡ། གིང་ཀ་ར་གིང་ཀ་ར། རྒྱུག་རྒྱུག །བྲེང་བྲེང་། དགྲ་བོ་མཱ་ར་ཡ་རྦད་རྦད་ཤག་ཤག་བྷྱོ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཐུན་བྷྱོ། ཀུ་རུ་རྦད་ཐུན་བྷྱོ། པྲ་མོ་ཧ་ཐུན་བྷྱོ། མ་ཧཱ་ཀཱ་ལི་ཐུན་བྷྱོ། ཀ་ར་ལི་ཐུན་བྷྱོ། ཀཾ་ཀ་ལི་ཐུན་བྷྱོ། ཀ་ལ་ར་ཏྲི་ཐུན་བྷྱོ། ལན་གསུམ་བརྗོད་ཐུན་རྒྱོབ། ཧོ། དགོངས་སུ་གསོལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་དཔལ་རྡོ་རྗེ་འཆང་ཆེན་པོའི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱི་བསྟན་པ་གཉན་པོ་སྲུང་བར་ཞལ་གྱིས་བཞེས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ། ལྷ་མི་གཉིས་ཀྱི་དཔལ་མགོན། ཡེ་ཤེས་ཀྱི་སྤྱན་ཅན། རྣལ་འབྱོར་གྱི་དགྲ་བླ། རིག་འཛིན་གྱི་སྲོག་ཤིང་།
དམ་ཉམས་ཀྱི་སྲོག་གཅོད། བདུད་འདུལ་གྱི་དབང་ཕྱུག །ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན། ཡུམ་རྡོ་རྗེ་རྩ་འཇིབ་ཁྲག་འཐུང་མ། བཀའ་ཉན་སྲོག་བདག་བྱ་རོག་གི་གདོང་པ་ཅན། རོ་ལངས་དམར་ནག་ཤ་ཟ་ཆེན་མོ། ལས་མཁན་སྟོང་གི་བླ་སྲོག་འགུགས་པ། ཁྲག་འཐུང་མ་མོ་བྱེ་བས་ཁོང་ཁྲག་འདྲེན་པ། ཤ་ཟ་འབུམ་གྱིས་མགོ་ལུས་ཕྲལ་བ་ཁྱེད་རྣམས་ཀྱི་དུས་ལ་བབ་ཅིང་དྲག་ཏུ་བསྐུལ་ཙམ་ན། གཤིན་རྗེ་བས་རྔམ་པ། བདུད་སྡེ་བས་སྐེམ་པ། གཟའ་རྒོད་བས་དྲག་པ། མེ་ལྕེ་བས་བཤོར་བ། མེ་འོབས་བས་ཚ་བ། དུག་མདའ་བས་གཟེར་བ། རྣོ་མཚོན་བས་ངར་བ། སྤུ་གྲི་བས་རྣོ་བ། ཕོ་ཉ་ལས་ལ་གུས་པ་ཁྱེད་རྣམས་ཀྱིས་བླ་མ་ལ་བརྙས་པ། དཀོན་མཆོག་ལ་སྨད་པ། བསྟན་པ་ལ་སྡང་བ། ཡིད་ལ་བརྣགས་པའི་དགྲ་བོ། དཀོར་ལ་རློམ་པའི་རྐུན་པོ། མིང་
དང་གཟུགས་སུ་བྲིས་པ། མིང་ཅན་ཁྲམ་ལ་བཏབ་པ། བྱང་བུ་དམར་ནག་ལ་བསྐྱོན་པ། འཛམ་བུ་གླིང་གི་རྡུལ་ཕྲན་དུ་གྱུར་པ། མ་མོ་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བའི་ཟས་སུ་གྱུར་པ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བསྒྲལ་བའི་ཞིང་དུ་གྱུར་པ། སྡིག་པོ་ཆེ་བསྟན་པའི་སྤྱི་དགྲ། རྣལ་འབྱོར་གྱི་སྒོས་དགྲ། གནོད་པའི་བགེགས། བསྟན་པའི་དམ་སྲི། ལས་ངན་པའི་གང་ཟག་བདག་ལ་ལོག་པར་ལྟ་བའི་དགྲ་བོ་འདི། ལས་མཁན་སྟོང་གིས་བླ་སྲོག་ཁུག །ཁྲག་འཐུང་མ་མོ་བྱེ་བས་ཁོང་ཁྲག་འཇིབ། ཤ་ཟ་འབུམ་གྱིས་མགོ་ལུས་ཕྲོལ་ཅིག །འདོད་ཆགས་ཁྲག་གི་རྒྱ་མཚོ་སྐེམས་ཤིག །ཞེ་སྡང་རུས་པའི་ཕུང་པོ་ཆོམས་ཤིག །གཏི་མུག་ཤ་ཡི་ཕུང་པོ་གསོལ་ཅིག །ཚེའི་འདུ་བྱེད་སྐུམ། སྲོག་གི་འཕར་ཐག་ཆོད། རྒྱབ་བརྟེན་གྱི་ལྷ་དང་ཕྲོལ། ལས་ཀྱི་ལིང་ཐོབ། ཚེ་ཕྱི་མ་ལ་དུས་མ་འདེབས། ནམ་
མཁའ་སྟོང་པ་ལ་ཚད་མ་འཛུག །ལས་ཀྱི་རྣམ་པར་ཤེས་པ་ལ་ཁུངས་མ་ཕྱུང་། དུག་ལྔའི་ཕུང་པོ་རྡུལ་དུ་རློག་ཅིག །ཧཱུྃ། འདས་དང་མ་བྱོན་ད་ལྟར་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལ་གནས་ཤིང་དམ་ལ་བཏགས་པའི་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་བསྟན་པ་གཉན་པོ་བསྲུང་བར་ཞལ་གྱིས་བཞེས་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ། ལྷ་མི་གཉིས་ཀྱི་དཔལ་མགོན། ཡེ་ཤེས་ཀྱི་སྤྱན་ཅན། རྣལ་འབྱོར་གྱི་དགྲ་བླ། རིག་འཛིན་གྱི་སྲོག་ཤིང་། དམ་ཉམས་ཀྱི་སྲོག་གཅོད། བདུད་འདུལ་གྱི་དབང་ཕྱུག །ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན། ཡུམ་རྡོ་རྗེ་རྩ་འཇིབ་ཁྲག་འཐུང་མ། བཀའ་ཉན་སྲོག་བདག་བྱ་རོག་གི་གདོང་པ་ཅན། རོ་ལངས་དམར་ནག་ཤ་ཟ་ཆེན་མོ། ལས་མཁན་སྟོང་གི་བླ་སྲོག་འགུགས་པ། ཁྲག་འཐུང་མ་མོ་བྱེ་བས་ཁོང་ཁྲག་འདྲེན་པ།
ཤ་ཟ་འབུམ་གྱིས་མགོ་ལུས་ཕྲལ་བ། ཁྱེད་རྣམས་ཀྱི་དུས་ལ་བབ་ཅིང་དྲག་ཏུ་བསྐུལ་ཙམ་ན། གཤིན་རྗེ་བས་རྔམ་པ། བདུད་རྗེ་བས་སྐམ་པ། གཟའ་རྒོད་བས་དྲག་པ། ཐོག་རྒོད་བས་མྱུར་བ། མེ་ལྕེ་བས་བཤོར་བ། མེ་འོབས་བས་ཚ་བ། དུག་མདའ་བས་གཟིར་བ། རྣོ་མཚོན་བས་ངར་བ། སྤུ་གྲི་བས་རྣོ་བ། ཕོ་ཉ་ལས་ལ་གུས་པ་ཁྱེད་རྣམས་ཀྱིས་བླ་མ་ལ་བརྙས་པ། དཀོན་མཆོག་ལ་སྨོད་པ། བསྟན་པ་ལ་སྡང་བ། ཡིད་ལ་བརྣགས་པའི་དགྲ་བོ། དཀོར་ལ་རློམ་པའི་རྐུན་པོ། མིང་དང་གཟུགས་སུ་བྲིས་པ། མིང་ཅན་ཁྲམ་ལ་བཏབ་པ། བྱང་བུ་དམར་ནག་ལ་བསྐྱོན་པ། འཛམ་བུ་གླིང་གི་རྡུལ་ཕྲན་དུ་གྱུར་པ། མ་མོ་དང་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བའི་ཟས་སུ་གྱུར་པ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བསྒྲལ་བའི་ཞིང་དུ་གྱུར་པ། སྡིག་པོ་ཆེ་བསྟན་པའི་སྤྱི་དགྲ། རྣལ་འབྱོར་པའི་སྒོས་དགྲ།
གནོད་པའི་བགེགས། བསྟན་པའི་དམ་སྲི། ལས་ངན་པའི་གང་ཟག །བདག་ལ་ལོག་པར་ལྟ་བའི་དགྲ་བོ་འདི། ལས་མཁན་སྟོང་གིས་བླ་སྲོག་ཁུག་ཅིག །ཁྲག་འཐུང་མ་མོ་བྱེ་བས་ཁོང་ཁྲག་འཇིབ། ཤ་ཟ་འབུམ་གྱིས་མགོ་ལུས་ཕྲོལ། འདོད་ཆགས་ཁྲག་གི་རྒྱ་མཚོ་སྐེམས་ཤིག །ཞེ་སྡང་རུས་པའི་ཕུང་པོ་ཆོམས། གཏི་མུག་ཤ་ཡི་ཕུང་པོ་གསོལ། ཚེའི་འདུ་བྱེད་བསྐུམ། སྲོག་གི་འཕར་ཐག་ཆོད། རྒྱབ་བརྟེན་གྱི་ལྷ་དང་ཕྲོལ། ལས་ཀྱི་ལིང་ཐོབ། ཚེ་ཕྱི་མ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་འཛུག །དུག་ལྔའི་ཕུང་པོ་རྡུལ་དུ་རློག་ཅིག །སྟེང་པ་ལོ་ཙཱས་མཛད། དམ་ཉམས་པའི་དགྲ་བོ་འདི་སྐྱོབས་པའི་ལྷ་དང་ཕྲོལ་ཅིག །བརྟེན་པའི་མཁར་དང་ཕྲོལ་ཅིག །ཚངས་པའི་གཙུག་ཐག་ཆོད་ཅིག །སྲོག་གི་རྟེན་ཕུར་ཕུད་ཅིག །ཚེའི་འདུ་བྱེད་སྐུམས་ཤིག །གློ་བུར་ཡེ་འདྲོགས་
ཐོངས་ཤིག །བླ་རྐུན་གྱིས་བླ་ཁྱེར་ཅིག །ཤན་པས་སྲོག་ལ་རོལ་ཅིག །སྲོག་རྩ་དམར་པོ་ཆོད་ཅིག །དོན་སྙིང་དམར་པོ་དྲོངས་ཤིག །ཁོང་ཁྲག་ཁ་ནས་ཕུད་ཅིག །སྙིང་ཁྲག་ཧུབ་ཀྱིས་ཐོབ་ཅིག །ཀླད་པ་ཞོ་ལྟར་དཀྲུགས་ཤིག །པགས་གཞི་རླབ་དང་ཕྲོལ་ཅིག །ཕུང་པོའི་ཁོང་ཁྲག་ཤིགས་ཤིག །ཡན་ལག་མགོ་ལུས་ཕྲོལ་ཅིག །ཤ་ཟོ་ཁྲག་འཐུངས་ཤིག །ཏིལ་འབྲུ་ཙམ་ཡང་མེད་པར་གྱིས་ཤིག །མ་ཐོགས་མྱུར་དུ་སྒྲོལ་ཅིག །བཀའ་ཡིས་ཆད་པ་ཆོད་ཅིག །ཁ་གང་གི་དབུགས་དང་ཕྲོལ་ཅིག །ཁོང་གང་གི་སྲོག་དང་ཕྲོལ་ཅིག །མར་མེར་གྱི་ཤ་ཟོ་ཞིག །ལྟམ་ལྟེམ་གྱི་ཁྲག་འཐུངས་ཤིག །འབར་འབུར་གྱི་རུས་པ་འཆོས་ཤིག །མཛའ་བ་ཀུན་དང་ཕྲོལ་ཅིག །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག་ཅིག །མཐོང་བ་དོན་ལྡན་གྱིས་མཛད་པའོ། །སྡང་བའི་དགྲ་བོ་ལས་ངན་འདི། །ལོ་དང་ཟླ་བར་མ་བཞག་ཅིག །ཞག་དང་ཟ་
མར་མ་བཞག་ཅིག །ཚེའི་འདུ་བྱེད་ངན་པ་སྟུངས་ཤིག །གཟུགས་ཀྱི་ཕུང་པོ་ངན་པ་ཤིགས། །གཞུངས་པ་དཀར་པོ་མདའ་ལྟར་གཏུབ། །སྲོག་རྩ་དམར་པོ་ཕུར་ལྟར་ཐོབས། །ནང་གྲོལ་དམར་པོ་ཁྱེར་ལ་ཤོག །དགྲ་བོ་འཁོར་དཀྲུག་ཚང་ཤིགས་ཤིག །དགྲ་བོའི་ཡུལ་མཁར་རྨིང་ནས་སྒྱེལ་ཅིག །ལྷག་མ་ཙམ་ཡང་མེད་པར་གྱིས་ཤིག །དེ་ནས་ལས་གཏོར་རྣམས་རིམ་པར་ཟོར་དུ་འཕེན་དགོས་པས། དེ་ནས་ཟན་ལིང་ལ་དགྲ་བོ་གསལ་བཏབ་ལ་དགེ་བསྙེན་གྱི་གཏོར་མ་ཐོགས་ལ་གཏོར་མ་དུག་གི་ཕུང་པོ་ནད་ཀྱི་རྐྱལ་པར་བསམ། རང་ཉིད་ཡི་དམ་དུ་གསལ་བའི་ཕྱག་གཡས་པས་བསྣམས་ནས་འདི་སྐད་དོ། །ཧཱུྃ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །གཏེར་སྲུང་ཆེན་པོ་མཐུ་སྟོབས་ཆེ། །བདུད་དང་ཀླུ་སྲིན་བཤོས་པའི་བུ། །གཏེར་སྲུང་ཆེན་པོ་ལས་ལ་ཆོས། །ཉི་ཟེར་ཆིབས་དང་ཟླ་ཟེར་ཆིབ། །སྐྱ་རེངས་ཆིབས་དང་བྱ་ནག་ཆིབ། །ཆིབས་བཞིའི་མངའ་བདག་
ལས་ལ་ཆོས། །ཨོ་རྒྱན་ཆེན་པོའི་དམ་མ་བཀྲལ། །ཞེས་བརྗོད་ནས། ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །ཀླུ་བདུད་ཆེན་པོ། །དགེ་བསྙེན་སྨྱོ་ཁ། གཉེན་ཆེན་མཁར་ནག །ཀླུ་བདུད་མགོ་དགུ། སྐུ་ལྷ་མཁའ་རི། ཟླ་བའི་གདོང་ཅན། བདུད་པོ་སྐྲག་མེད། བདུད་པོ་ཟུ་ར་ར་སྐྱེས། དགེ་བསྙེན་ཉི་ཤུ་རྩ་གཅིག །དྲེགས་པའི་སྡེ་དཔོན་སུམ་ཅུ། དྲེགས་པ་བཅོ་བརྒྱད། མྱུར་མགྱོགས་ཀྱི་དྲེགས་པ་ལ་སོགས་འཁོར་དང་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཐམས་ཅད་ཀྱིས། སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་པ་བཞིན་དུ་དམ་རྫས་བརྒྱན་པའི་གཏོར་མ་དམ་པ་ལོངས་ལ། དམ་ལས་མ་འདའ་བར་སྲ་བའི་གོ་གྱོན་ཅིག །རྣོ་བའི་མཚོན་ཆ་ཐོགས་ཤིག །མགྱོགས་པའི་རྟ་ཞོན་ཅིག །ལས་ལ་བབ་ན་ལས་
མ་ཞན་ཅིག །རྩལ་ལ་བབ་ན་རྩལ་མ་ཞན་ཅིག །དམ་ཉམས་དགྲ་བོ་དཀོན་མཆོག་གི་བསྟན་དགྲ། དགེ་འདུན་གྱི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། རྣལ་འབྱོར་པ་བདག་གི་སྒོས་དགྲ། བསྟན་དགྲ་སྡིག་པོ་ཆེ། བདག་ཅག་འཁོར་དང་བཅས་པ་ལ་བྱད་ཁ་སྟོན་པ། ཕུར་ཁ་སྟོན་པ། ཟོར་ཁ་སྟོན་པ། དང་པོ་འགྲས་ཚོལ་བ། བར་དུ་གླགས་ལྟ་བ། ཐ་མ་བསམ་པ་ངན་པ་འཆང་བའི་དགྲ་བོ་བྱད་མ་ཐམས་ཅད་བཞེས་ཤིག །བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག །བཏབ་པ་ཁྱོད་ཀྱིས་མ་ནོར་ཅིག །དགྲ་བོ་མི་ནོར་འཁོར་བཅས་རྡུལ་དུ་རློག་ཅིག །སི་ཏི་བཾ་ཏ་ཡ། ས་ཀ་ཛ། ར་མ་ཏི། ས་ཀ་ཛ། མུ་ཁ་ལེ་ན། ས་ཀ་ཛ། ཝ་ཀ་ས་ལེ་ན། ས་ཀ་ཛ་ཛཿ སི་ཏི་བཾ་ཏི། ཡ་ས་ཀ་བྷྱོ། མུ་ཁ་ལེ་ན་ས་ཀ་བྷྱོ། ས་མ་མ་ཏི་ཡ་ས་ཀ་བྷྱོ། ནག་པོ་མ་ཡ་ནྲྀ་ཛཿ ཝ་ཀ་ས་པ་ལེ་ན་ས་ཀ་བྷྱོ། དགྲ་བོ་མཱ་ར་ཡ་སོད་ཛ་ཛཿ
ཏ་ཐཱ་ག་ཏ་ཛྙཱ་ན་ག་ར་ཁུག །ནཱ་ག་དུ་རྃ་ཛཿ དགྲ་བོའི་སྲོག་ལ་སྤུ་གྲིས་ཙིཏྟ་རྦད་སོད། ཅེས་བརྗོད་ལ་འཕང་ངོ་། །དགྲ་བོ་བྱད་མའི་སྙིང་གར་ཕོག་པས་རྣམ་པར་ཤེས་པ་ནག་ཀམ་སོང་བར་བསམ། དེ་ནས་ལྷ་རང་ཉིད་བདེ་མཆོག་ཏུ་གསལ་གདབ་ལ། ལྷ་མོ་དུད་སོལ་མའི་གཏོར་མ་ཐོགས་ལ། ལྷ་མོས་ཕྱག་གཡས་ཀྱིས་རལ་གྲི་ནད་རྐྱལ་གང་རུང་དུ་བསམ་ལ་ཡིད་ཀྱིས་ནམ་མཁར་བཞུགས་ཡོད་པར་གསལ་གདབ། བསྐུལ་ཐུང་གཅིག་ཡིད་ཡུལ་དུ་བྱས་ཀྱང་རུང་། མ་བྱས་ཀྱང་རུང་། སྔོན་གྱི་དམ་ཚིག་ལ་དགོངས་ནས་ཁྲོ་གཏུམ་རྔམ་པའི་ཚུལ་གྱིས་བཞུགས་པར་བསམས་ལ་འདི་སྐད་དོ། །བྷྱོ། དཔལ་ལྡན་ལྷ་མོ་དུད་སོལ་མ། །འཁོར་བཅས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བསྟན་ལ་རབ་དད་དཀར་ཕྱོགས་རྣམས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །བདུད་རྩིའི་ཆར་བབ་གདོན་ཞི་ནས། །བཤད་སྒྲུབ་ཚེ་དཔལ་རྒྱས་པར་མཛོད། །གདུག་པའི་སེམས་འཆང་ནག་ཕྱོགས་རྣམས། །དུག་རླངས་
ནད་རིམས་ཀུན་གྱིས་གཟིར། །ཁྲག་སྐྱུག་ཆོ་ངེས་འདེབས་སུ་ཆུགས། །སྨྱོ་ཞིང་བདུན་རྒྱུད་རྩད་ནས་ཆོད། །བདུད་དགྲ་འབྱུང་པོ་རྡུལ་དུ་རློགས། །བསྟན་པ་སྲུང་བའི་ལས་མཛོད་ཅིག །བྷྱོ། མ་གཅིག་དུད་པའི་སོལ་བ་མ། ཤན་པ་མ་གསུམ། རིགས་བཞིའི་མཁའ་འགྲོ། མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་མ་བཞི། རེ་མ་ཛ། རེ་མ་ཛུ། རེ་མ་ཏི། རེ་མ་ཛ་མཆེད་བཞི། འཁོར་དཀར་མོ་འབུམ་སྡེ། དམར་མོ་འབུམ་སྡེ། ལྗང་ནག་འབུམ་སྡེ། ནག་མོ་འབུམ་སྡེ་ཁྱེད་རྣམས་ཀྱིས་སྔོན་ཐུབ་པ་ཆེན་པོ་དང་། ཀླུ་སྒྲུབ་སྙིང་པོ་ལ་སོགས་པ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ། རྣལ་འབྱོར་པ་བདག་གིས་འབོད་པའི་དུས་སུ་སྙན་མ་སྲ། གཡབ་པའི་ཚེ་ན་སྤྱན་མ་རྟུལ། རྦད་པའི་ཚེ་ན་མཐུ་མ་ཆུང་། བསྟེན་པའི་ཚེ་ན་རྒྱང་མ་རིང་། སྲ་བའི་གོ་གྱོན་ཅིག །རྣོ་བའི་མཚོན་
ཐོགས་ཤིག །མགྱོགས་པའི་རྟ་ཆིབས་ཤིག །དཔའ་བའི་ངར་བསྐྱེད་ལ། སྔོན་དཔལ་ཆེན་ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ། ཟབ་མོའི་ཆོས་ལ་འཚེ་བ། དགེ་འདུན་གྱི་དཀོར་ལ་རློམ་པ། བདག་ཅག་སྒྲུབ་པ་པོ་དཔོན་སློབ་འཁོར་དང་བཅས་པ་ལ་བར་དུ་གཅོད་པའི་དགྲ་བོ་བྱད་མ་ཆྒཻ་མོ་མིང་འདི་བཞེས་ལ། བཞི་བརྒྱ་རྩ་བཞིའི་ནད་ཁོང་ནས་སློངས་ཤིག །མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕོབས་ཤིག །སྔོན་རྒྱུག་གི་བདུད་དང་སྤྲོད་ཅིག །དཔྲལ་བའི་མིག་ཕྱུངས་ཤིག །ཁོག་པའི་སྙིང་ཕྱུངས་ཤིག །ལོ་ཟླ་དུས་ལ་མ་བཞག་པར་མྱུར་དུ་སྒྲོལ་ཅིག །ཁྱད་པར་དུ་བདག་ཅག་ལ་སྡང་བའི་སེམས་དང་ལྡན་པའི་དགྲ་བགེགས་བྱད་མ་ཆྒཻ་མོ་ཐལ་བ་རྡུལ་ཕྲན་བཞིན་དུ་རློགས་ཤིག །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨེ་ཨ་ར་ལི་ཧྲིང་ཛ་ཛ།
སྒྲུབ་སྔགས། མ་མ་ཏྲཀ་རཀྴ། དྷ་ཀི་དྷ་ཀི་ཏྲིག་ཏྲིག །དུན་ན་དུན་ཛ། རུ་ཏྲ་རུ་ཏྲ། བཾ་བྷྱོ་བཾ་བྷྱོ། མུཾ་ནི་མུཾ་ནི། ཚལ་པ་ཚལ་པ། འབོད་སྔགས། ཏྲག་ཤ་རཀྴ་དགྲ་བོ་ནྲྀ་མཱ་ར་ཡ་ཚལ་པ་སེ་ན་རྦད། རྦད་སྔགས། མ་མ་ཏྲག་རཀྴ། དྷ་ཀི་དྷ་ཀི་ཏྲིག་ཏྲིག །དགྲ་བོའི་ཙིཏྟ་ལ་ཐུམ། ཙིཏྟ་ཛྭ་ལ་རྃ་མ་ཐུན། རཀྴ་མ་མ་ཐུན། སྲོག་ཙིཏྟ་སོད། དགྲ་བོ་མཱ་ར་ཡ་མཱ་ར་ཡ་སོད་སོད། ཁཱ་ཧི་ཁཱ་ཧི། བཞེས་ཤིག་རོལ་ཅིག་ཧཱུྃ་ཕཊ། བསད་པའོ། །ཞེས་བརྗོད་ལ། གཏོར་མ་རལ་གྲི་ལ་བསྒོམས་ལ། རལ་གྲི་ལ་ཁྲོ་བོ་ཁྲོ་མོ་དྲེགས་བྱེད་སྣ་ཚོགས་འཕྲོས་པས་དགྲ་བོ་བརླག་པར་བསྒོམ། ནད་རྐྱལ་དུ་བསམ་ནས་ནང་ནས་དུག་ནད་ནད་རིམས་སྣ་ཚོགས་རླངས་པ་སྔོ་དམར་གྱི་ཚུལ་དུ་འཕྲོས་པས་མི་ནོར་ཐམས་ཅད་མྱོས་འབོགས། བཞི་བརྒྱ་རྩ་བཞིའི་ནད་ཀྱིས་ཆར་པ་བབས་པར་བསམས་ལ། རྣམ་ཤེས་མར་མེ་ལྟ་བུ་དེ་དག་ནག་ཀམ་སོང་བར་བསམ། ལྷ་མོ་འཁོར་བཅས་དྲག་ཤུལ་གཏུམ་དྲག་དང་བཅས་པ་སེར་སྤྲིན་རླུང་གིས་བསྐྱོད་པ་བཞིན་དགྲ་ཡུལ་དུ་ཕོ་བྲང་བཏབ་ཤ་ཟོས་
ཁྲག་འཐུང་། རྣམ་ཤེས་ནག་ཀམ་མེ་སོང་ནས་ཐལ་བ་རྗེས་མེད་དུ་བསམས་ལ། དེ་ནི་ལྷ་མོའི་དམིགས་པའོ། །གུར་གྱི་བསྐུལ་པ་ནི། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕེ་སྤྱང་འཁོར་དང་བཅས། །པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །མི་ནག་ལ་སོགས་སྤྲུལ་པ་འཁོར་དང་བཅས། །སྲུང་མ་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་
གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྡོ་རྗེ་གུར་གྱི་མགོན་པོ་འདིར་རེ་ཞིག་གསལ་ཁ་མེད་པས་རྩ་སྔགས་ནི་ཤཱ་ས་ནི་དང་འདྲའོ། །རྒྱུད་དང་སྒྲུབ་ཐབས་མྱོང་བྱུང་མ་འགྱུར་རོ། །རིགས་འགྲེས་བྱེད་དོ། །༈ དེ་ནས་ནག་པོ་ཆེན་པོ་ཕྱག་བཞི་པ་གཙོ་འཁོར་ལྔ་ནི། སྔགས་དང་མཚན་བསྒྱུར་བ་མ་གཏོགས་གཞན་མི་འདུག་ལ། རྙིང་མ་བ་ཚོས་གཏོར་མདོས་ལྔ་རྩང་ཡར་ལེན་ནས། མཐའ་ནས་འཁོར་དང་། དེ་ནས་གཙོ་བོ་ཡིན་ཞིང་སྔགས་བསྒྲང་བ་མ་གཏོགས་ཟུར་དུ་གཏོར་མ་གསར་པ་འཕེན་པ་ཕྱག་ལེན་ལ་མི་འདུག་པས། ལྷ་གཅིག་ལ་ལས་བཅོལ་གཉིས་ཟེར་བ། རང་རེ་ལ་བཞད་གད་ཀྱི་གནས་སུ་བྱའོ། །དེ་ནས་རང་རེའི་ཕྱག་ལེན་ལ་གཏོར་ཟོར་འཕེན་པ་རྣོ་སོ་ངར་འདོན། བསྐྱེད་རིམ་ལྷའི་གསལ་འདེབས། ནན་ཏན་ཆེན་པོ་ཡིན་པར་སེམས་སོ། །དེ་ནས་ཐུགས་མགོན་གྱིས་སྣ་དྲངས་ནས། བསྐུལ་པའི་ནང་ན། མགོན་
པོ་བེང་ཐོགས་སྔོན་ལ་རྒྱུག་ཟེར་བ་ལྟར་རོ། །དེ་ནས་ཐུགས་མགོན་གྱི་གཏོར་མ་ལག་ཏུ་ཐོགས་ལ། ཕྱག་མཚན་བེང་དུ་བསམས་ལ་འདི་སྐད་དོ། །ཧོ། དགོངས་སུ་གསོལ་ལོ། །མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ། དམག་དཔོན་མགོན་པོ་བརྒྱད། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངའ་བདག །རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར། དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱོད་ཀྱི་སྐུ་ལ་དོར་བསྡོས། ཕོད་བཙུགས། ཡ་བོར་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུགས། ལན་པ་མེད་པར་སྲོག་ལ་རྒོལ། བཟློས་པ་མེད་
པར་དཀོར་ནོར་དེ་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཚུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུགས། མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་སྐྱོང་ཞིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་རུ་དམ་ཉམས་ཆྒཻ་མོ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་བཞི་སྙིང་བརྗོད་ལ་འཕང་། གཏོར་མ་འཕང་བ་དང་མཉམ་དུ་ཙན་དན་གྱི་བེང་
ཤག་སེ་ཁ་བྱེ་བའི་ནང་ལ་ལྷ་དམག །གཉན་དམག །ཀླུ་དམག་གི་ཚོགས་ཐམས་ཅད་ཀྱིས་གོ་གྱོན་མཚོན་ཐོགས་རྟ་ཞོན་ནས། དམ་ཉམས་དགྲ་བོ་ཐམས་ཅད་ཀྱི་ཤ་ཟོས་ཁྲག་འཐུང་རུས་པ་མུར་ཐལ་བ་རྡུལ་ཕྲན་ཙམ་ཡང་མེད་པར་བསམ། མི་དམིགས་པ་གལ་ཆེ། ༈ དེ་ནས་སེང་གདོང་ལའང་རིགས་འགྲེས། གཏོར་མ་ལག་ཏུ་ཐོགས་ལ་ཕྱག་མཚན་མེ་དཔུང་དུ་བསམས་ལ། ཧོ། དགོངས་སུ་གསོལ་ལོ། །ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ལྕམ་གཅིག་རབ་གཏུམ་མ། བཾ་རོ་ཕོ་མོ། ཤན་པ་སྡེ་བརྒྱད། ཤ་ཟ་འབུམ་གྱི་ཚོགས། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངག་བདག །རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར། དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །
དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཅོམ། ཆོས་སྐྱོང་ཁྱོད་ཀྱི་སྐུ་ལ་དོ་བསྡོས། ཕོད་བཙུག །ཡ་བོར་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུག །ལན་པ་མེད་པར་སྲོག་ལ་རྒོལ། བཟློས་པ་མེད་པར་དཀོར་ནོར་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཡུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུག །མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་བསྒྱུར་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནས་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་སྐྱོངས་ཤིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་རུ་དམ་ཉམས་ཆེ་གེ་བྱད་མ་བསྟབ་བོ། །མཐུ་
དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་བྱད་མ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །སྔགས་ནི་བཞི་སྙིང་ལ་ཨོཾ་མ་ཧཱ་ཀཱ་ལ་སེངྷ་མུ་ཁ་གིང་ཀ་ར་གིང་ཀ་ར་ཧཱུྃ་ཕཊ། བཏགས་ལ་ཕན་པ་མི་འདུག་ལགས། སེང་གདོང་གི་སྒྲུབ་ཐབས་གང་དུའང་བསད་སྔགས་བཞི་སྙིང་གོ །དགེའོ།། །།དེ་ནས་ལས་མཁན་ལ་གོང་ལྟར་ན་གཏོར་མ་གྲི་གུག་ཏུ་བསམས་ལ། ཧོ། དགོངས་སུ་གསོལ་ལོ། །ལས་མགོན་ནག་པོ་བྱ་རོག་གདོང་ཅན། སྲོག་བདག༴ འཆི་བདག༴ གནོད་སྦྱིན་བྱ་རོག་གདོང་ཅན། ནག་པོ་སྟོང་། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངའ་བདག །རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་ལས་མ་འདའ་བར། དམ་
ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱིས་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱེད་ཀྱི་སྐུ་ལ་དོར་བཟློས། ཕོད་བཙུགས། ཡ་བོར་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུགས། ལན་པ་མེད་པར་སྲོག་ལ་རྒོལ། བཟློས་པ་མེད་པར་དཀོར་ནོར་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཡུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུགས། མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་ཞེས་མིང་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནས་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་སྐྱོང་ཞིག །གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག །སྟོང་
གསུམ་ཙམ་གྱི་མིད་པ་རུ་དམ་ཉམས་ཆེ་གེ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །སྔགས་ནི་ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། གཏོར་མ་འཕེན་པའི་དམིགས་རིམ་ནི། གཏོར་མ་གྲི་གུག་སྔོན་པོ་རྣོ་ངར་ཅན་དེ་ཙམ་ཡང་མེད་པར་བསམ། མི་དམིགས་པ་གལ་ཆེའོ། །དེ་ནས་ཡུམ་རྩ་འཇིབ་མའི་གཏོར་མ་ལག་ཏུ་ཐོགས་ལ། ཧོ། དགོངས་སུ་གསོལ་ལོ། །ཡུམ་དམར་མོ་རྩ་འཇིབ། ཁྲག་འཐུང་ལང་ཀ་ལྡན་མ། ཙན་ཏྲི་ཀ་ནག་མོ། ཤ་ཟ་མ། རོ་ལངས་མ། མ་མོ་བྱེ་བ། དཀར་པོའི་ཆོས་སྐྱོང་། ནག་པོའི་དགྲ་འདུལ། བསྟན་པའི་མངའ་བདག །རྣལ་འབྱོར་གྱི་སྲུང་མ། རིག་འཛིན་གྱི་དགྲ་བླ་ཁྱེད་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ། མགོན་པོ་ཀླུ་སྒྲུབ། དཔལ་རྒྭ་ལོ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་དམ་
ལས་མ་འདའ་བར། དམ་ཉམས་པའི་དགྲ་བོ་ཆྒཻ་མོ་འདིས་སངས་རྒྱས་ཀྱིས་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱི་སྡེ་བཤིག །ཆོས་སྐྱོང་ཁྱེད་ཀྱི་སྐུ་ལ་དོར་བཟློས། ཕོད་བཙུགས། ཡ་བོར་བཟུང་། སྒྲུབ་པ་པོ་བདག་ལ་བརྙས་བཙུགས། ལན་པ་མེད་པར་སྲོག་ལ་རྒོལ། བཟློས་པ་མེད་པར་དཀོར་ནོར་འཕྲོག །བསམ་གཏན་གྱི་ཐུགས་དཀྲུག །སྒྲུབ་པའི་ཡུལ་དེ་ཕུད། མི་མང་སར་སྨ་དེ་ཕབ། བྱ་མང་སར་སྤུ་དེ་བཏོག །མི་ཁྱོད་ལ་ལྷ་མེད་ཟེར། ལྷ་ཁྱོད་ལ་མཐུ་མེད་ཟེར། ཡོད་ན་ག་རེ་ཟེར། ལུས་སྲོག་འབེན་དུ་བཙུགས། མཐུ་བུ་ལོན་བཞིན་དུ་བསྙག །བསྒྲལ་བའི་ཞིང་བཅུ་ཚང་བའི་དམ་ཉམས་ཆྒཻ་མོ་མིང་དགྲ་བོ་འདི་ཁྱོད་ལ་གཏད་དོ་མ་ཤོར་ཅིག །གནས་ས་ཙམ་གྱི་ཞལ་གདོངས་ཤིག །གློག་དམར་ཙམ་གྱི་ལྗགས་སྐྱོངས་ཤིག །གངས་རི་ཙམ་གྱི་
མཆེ་བ་གཙིགས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་རུ་དམ་ཉམས་ཆེ་གེ་བྱད་མ་བསྟབ་བོ། །མཐུ་དང་ནུས་པ་མ་ཆུང་ཞིག །ཁྱོད་ལ་མཐུ་རྩལ་ཅི་འདུག་བལྟའོ། །དམ་ཉམས་པའི་དགྲ་བོ་འདི་ཡི་སྲོག་རྩ་དམར་པོ་ད་ལྟ་མྱུར་དུ་ཆོད་ཅིག །སྔགས་ནི་ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལཾ་ཐུཾ་རིལ་རྦད། སུ་ནྲྀ་དགྲ་བགེགས་ཀྱི་ཙིཏྟ་ལ་ཛ་ཛཿ ཏྲག་རཀྴ་ཐུཾ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛ། ནྲི་ཛ་ཙིཏྟ་ལ་ཡ༔ ཐུཾ་རིལ་རྦད། ནྲི་ཤག་ཤག་དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་ལ་ཡ། མ་ཧཱ་ཀཱ་ལ་ཐུན་བྷྱོ། མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྙིང་ཁྲག་ལྗིབ་ལྗིབས། ཆོད་ཆོད་སྲོག་རྩ་ཆོད། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་
ཕྱེ། མ་མ་ཏྲག་རུ་ཊ་མཱ་ར་ཡ་ཕཊ། ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་ནན། བཞི་སྙིང་དང་། ཨོཾ་མ་ཧཱ་ཀཱ་ལི་དྷེ་བི་རུ་པི་ནི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་རེའུ་རེའུ་ཏྲི་མ་ཤ་ཛ་ཛཿ ཨོཾ་ཀི་ན་ཤྭ་ར་སྙིང་ཁ་རག་ཙིཏྟ་སྲོག་ལ་ཏུཾ་ཏུཾ་དུན་དུན་བྲེང་བྲེང་ཛ་ཛཿ བཞི་སྙིང་བཏགས་སོ། །སྔགས་ནི་ཡུམ་ཙནྚི་ཀ་ཡི་སྒྲུབ་ཐབས་ནང་དུ་གསལ་བ་རེ་ཞིག་མདོར་བསྡུས་སོ། །གཏོར་མ་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་རྒྱབ་པར་དམིགས་ནས་འཕང་ལ། ཀཱ་ལི་ནག་མོའི་དམིགས་རིམ་བྱའོ། །དེ་ནས་གཏོར་མདོས་ཆེ་བ་ཐོགས་ལ། རང་ཉིད་ཡི་དམ་གསལ་བཏབ། བར་སྣང་ཐད་དུ་མདོས་ལྷ་མགོན་པོ་གཙོ་འཁོར་ཐམས་ཅད་གསལ་བཏབ། གཏོར་མ་མེ་དཔུང་། དུག་རི། མཚོན་ཆ་སྣ་ཚོགས་སུ་བསམས་ལ། ཧཱུྃ། རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ། །དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག །མགོན་པོའི་ལྷ་ཚོགས་དམག་དཔུང་བསྐྱེད། །གཏོར་ཟོར་དགྲ་བགེགས་སྙིང་ལ་རྒྱོབ། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡེ་
ཤེས་མགོན་པོ་གཤེགས་པའི་ཚེ། །རི་རབ་རྣམས་ཀྱང་བསྒུལ་ཞིང་བྱོན། །རྒྱ་མཚོ་རྣམས་ཀྱང་དཀྲུག་ཅིང་བྱོན། །ས་གཞི་རྣམས་ཀྱང་གཡོ་ཞིང་བྱོན། །དགྲ་བགེགས་རྣམས་ཀྱང་འདུལ་ཞིང་བྱོན། །བྷྱོ། དོ་ནུབ་གནོད་པ་བཟློག་ཏུ་གསོལ། །བདུད་ཁ་དགྲ་ལ་བཟློག་ཏུ་གསོལ། །ཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །བྷྱོ། རེ་ལྟོས་གཞན་ལ་མ་བཅས་སོ། །བཟློག་ཅིག་མ་མོའི་སྔགས་ཟོར་ཟློག །དུ་ན་གཤིན་རྗེའི་འཁྲུལ་འཁོར་ཟློག །ཕུར་པའི་དབལ་ཟོར་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །གནོད་སྦྱིན་གཟེར་ནད་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་ཡིས་བཅིངས་པ་བཟློག་ཏུ་གསོལ། །བཙན་གྱི་རྐྱང་རྒྱུག་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །བལ་པོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་གནོད་པ་
བཟློག་ཏུ་གསོལ། །མ་ཧཱ་དེ་བ་ལ་སོགས་པའི། །ལྷ་ཆེན་བརྒྱད་ཀྱང་ཞབས་ཀྱིས་མནན། །བི་ན་ཡ་ཀ་ལ་སོགས་པའི། །བགེགས་ཆེན་བརྒྱད་པོ་བྲོས་ནས་འདེད། །གདོན་རིགས་ཐམས་ཅད་ཞི་བར་མཛོད། །ཐེའུ་རང་འགོང་པོ་གཞོབ་ཏུ་བསྲེག །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་རང་མཚོན་རང་ལ་རྒྱོབ། །ཁས་བླངས་དམ་བཅས་མ་གཡེལ་ཅིག །མ་ཧཱ་ཀཱ་ལའི་དུས་ལ་བབས། །ཡུམ་ཀཱ་ལི་ནག་མོའི་དུས་ལ་བབ། །བཀའ་སྡོད་ལས་མཁན་དུས་ལ་བབ། །ཕོ་ཉ་ལ་སོགས་ཌཱ་ཀིའི་དུས་ལ་བབ། །ནག་པོ་སྟོང་གི་དུས་ལ་བབ། །ཤ་ཟ་འབུམ་གྱི་དུས་ལ་བབ། །མ་མོ་བྱེ་བའི་དུས་ལ་བབ། །ལྷ་སྲིན་སྡེ་བརྒྱད་དུས་ལ་བབ། །སྡང་བའི་དགྲ་རྣམས་བརླག་པར་མཛོད། །མ་མ་དུར་ས་ན་བ་ནེ་སརྦ་དུར་ག་ལ་ཟློག་བྷྱོ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་
བཛྲ་ཀ་ཝུ་པ་མ་ཧཱ་ཀཱ་ལ་ཀཱ་ལི་པ་སུ་ཏྲི་ཡ་མ་དུ་ཛ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཿ ཨོཾ་ཧྲཱིཿཧཱུྃ་ཀ་ལི་མ་ཧཱ་ཀཱ་ལི་ཙ་མུནྟྲི། ཀཾ་ཀ་ལི་རཀྟ་མཾ་ས་ན་བྷ་ན། བྷཀྵ་ནི། ཨ་ནུ་ཀ་སྱ་སརྦ་ན་དྷི་སྟམྦྷ་ཡ་སྟམ་བྷ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་མ་མ་སྙིང་ཁྲག་རག །སྙིང་ཁ་རག་རྦད་སུ་སྙིང་རྩ་ལ་རོལ། དགྲ་བགེགས་བྱད་མ་མཱ་ར་ཡ་སྙིང་ལ་རྦད་ཁ་ཐུན་རྦད། ཙིཏྟ་ཁ་རག་མ་རྦད་དུལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཧེར་མ་དུན་ཏེ། དགྲ་བགེགས་བྱད་མ་མཱ་ར་ཡ་ཛཿ ཨོཾ་མ་ཧཱ་ཀཱ་ལི་རིའུ་རིའུ་ཏྲི་མ་ཤ་ཛ་ཛ་ཧཱུྃ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ལིང་སྦྱིན་ནོ། །སྙིང་ལ་སུ་ཏྲི་ཙིཏྟ་རྦད། ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལཾ་ཐུཾ་རིལ་རྦད། སུ་ནྲྀ་ཛ་ཛ། དགྲ་བགེགས་བྱད་མའི་ཙིཏྟ་ལ་ཡ། ཏྲཀ་རཀྴ་ཐུཾ་རིལ་རྦད། ཙིཏྟ་ཁ་རག་ཛ་ཛ། ནྲི་ཛཿ ཙིཏྟ་ལ་ཡ། ཐུཾ་རིལ་རྦད། ནྲྀ་ཤག་ཤག་
དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་རྩ་ལ་ཡ། མ་ཧཱ་ཀཱ་ལ་ཐུན་བྷྱོ། མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྙིང་ཁྲག་ལ་ལྗིབ་ལྗིབ། ཆོད་ཆོད་སྲོག་རྩ་ཆོད། ཐུཾ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེ་ཤག་ཕྱེ་མ་མ་ཏྲག་རཱུ་དྲ་མཱ་ར་ཡ་ཕཊ། ནྲྀ་ཏྲི་ཤ་ཏྲུཾ་ཤག་ཚལ་པ་མཱ་ར་ཡ་རྦད་རྦད། ཨོཾ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་བྱད་མ་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་ཐུཾ་རིལ་རྦུད། དགྲ་བོའི་སྲོག་ལ་ཤག་ཤག་རྦད། ཙིཏྟ་ཕྱུང་རཀྟ་ཐིབ་རྦད་རྩ་ལ་ཐང་ཐང་། ཐུཾ་རིལ་རྦད། ནྲྀ་ཧུར་ཐུཾ་ཛ་དུན་དུན་ཤག་རྦད། སྲོག་ལ་དུན་དབུགས་མྱག་ཁྲཾ་རྦད། ཙིཏྟ་རོ་ལྭག་ལིང་ཤག་རྦད། སྙིང་ཁྲག་ཚལ་པ་མིང་ཡྃ་ལིང་རྦད༔ ཐུཾ་རི་ལི་ལི་ཐུན་བྷྱོ། ཤཱ་ས་ན་རྒྱན་ཅན་ནི་ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨ་པ་ཀ་རི་ཎཾ་རོ་ཤཾ་ཨ་པས་ཙི། མ་ཧཱ་ཀཾ་ཀ་ལ་ཡ། ཨི་དཾ་དུཥྚན་ཨ་པ་ཀ་རི་ནཾ་ཡ་ཏི་པྲ་ཏི་ཛ།
སྨ་ར་སི་ཏ་དྷ། སྨ་ར་སི་ཏ་བཾ། པ་ཤཾ་ཀུ་རུ་ཧོ། ཨི་དཾ་སི་ཏ་དགྲ་བགེགས་བྱད་མ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཡ། རཀྴ་ཏྲི་ཡ་ཀ །རཱུ་དྲ་ས་མ་ཡ་སརྦ་ཤ་ཏྲུཾ། རུ་རུ་ཙ་པ་ལ། མཱ་ར་ཡ་རྦད་ནན། ནྲྀ་རྦད་སུ་རྦད། སུ་ཚལ་པ། ནྲྀ་ཤཀ་ཀུ་རུ་ས་མ་ཡ་གཏུབ་ཛ་ཛཿ དགྲ་བོ་བྱད་མ་མཱ་ར་ཡ། གྷྲི་ཧྣ་གྷྲི་ཧྣ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ནི་མེ་ཀེ་ནི་གནོད་བྱེད་དགྲ་བོ་བྱད་མ་སརྦ་ཤ་ཏྲུཾ་དུཥྚན་མཱ་ར་ཡ་ཕཊ། གཏོར་མདོས་རྫོགས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླམ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ། རྒྱུ་འབྲས་བསླུ་བ་
མེད་པ། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་གུར་གྱི་མགོན་པོ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། བཀའ་སྲུང་དམ་ཅན་རྒྱ་མཚོ། གཏེར་སྲུང་ཕོ་ཉ་ལས་མཁན་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པའི་མཐུ་སྟོབས་དམ་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་མི་ནོར་དང་བཅས་པ་ཐམས་ཅད་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད། སྟེང་འོག་གཉིས་དང་བཅས་པ་ཐམས་ཅད་ནས། གཟུགས་ཅན་མི་ཡི་བྱད་ཁ་ཟློག །གཟུགས་མེད་ལྷ་འདྲེའི་བྱད་ཁ་ཟློག །བན་བྱད་ཟློག །བོན་བྱད་ཟློག །ལོ་རྒྱལ་པོའི་སྐག་ཟློག །ཟླ་བ་བློན་པོའི་སྐག་ཟློག །ཞག་དམག་མིའི་སྐག་ཟློག །དུས་ཚོད་མཚོན་ཆའི་སྐག་ཟློག །སྐག་རིགས་
སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །མི་ཡི་ན་ཚ་ཟློག །ཕྱུགས་ཀྱི་གོད་ཁ་ཟློག །བསམ་པའི་བར་ཆད་ཟློག །ནད་བྱུར་གདོན་བྱུར་མི་ཁ་བྲ་མཆུ་ཆགས་ཆེ་ཉམ་ང་ཐམས་ཅད་དམ་ཉམས་པའི་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །སྟེང་གདོན་གཟའ་སྐར་གྱི་གནོད་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག །འོག་གདོན་ཀླུ་ས་བདག་གི་གནོད་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག །བར་གདོན་བཙན་ཐེའུ་རང་གི་གནོད་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག །འབྱུང་པོ་མི་དང་མི་མ་ཡིན་གྱི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་དམ་ཉམས་པའི་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །ཅེས་ཟློག་སྔགས་བརྗོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དྷེ་ཝི་ཀ་ཁ་མུ་ཁ་པ་ར་བྷི་དན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། གྱེར་རྩེ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་བཟློག་བཟློག །དུན་རྩེ་ཉམས་པའི་ནུས་པ་
བྱད་མ་ཁོ་རང་ལ་བཟློག་བཟློག །ཏིར་ཏི་ཀ་ཉམས་པའི་ནུས་པ་བྱད་མ་ཁོ་རང་ལ་བཟློག་བཟློག །མ་མ་རཀྴ་བཟློག་བཟློག །ཡ་མ་རཀྴ་བཟློག་བཟློག །ཀཱི་ལ་ཡ་དུན་ཏིང་བཟློག་བཟློག །ཡཀྴ་རཀྴ་བཟློག་བཟློག །ཙནྡྷ་རཀྴ་བཟློག་བཟློག །ནཱ་ག་རཀྴ་བཟློག་བཟློག །དྷེ་ཝ་རུ་ཏྲི་བཟློག་བཟློག །རྩ་ཏུར་སྤྲ་མ་བཟློག་བཟློག །རྣ་ཐ་སྒ་ཤ་བཟློག་བཟློག །མ་ཧཱ་རཀྴ་དུན་ཏྲི་བཟློག་བཟློག །ཧྲི་ཏྲིང་རཀྴ་བཟློག་བཟློག །བྷུ་ཏ་པ་རིས་ཁྲཾ་ཁ་ཐམས་ཅད་དམ་ཉམས་པའི་དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །དྷེ་ཝ་རུ་ཏྲི་ཙ་ནི། ཨེ་ཀ་ཙ་ཏི་ར་ཙ་དུ་ན་ཡ་མ་ར་ཙ། ཏྲིའུ་ཏྲིའུ་ན་ག་པ་ལ་བྱད་མ་དམ་ཉམས་ཨཱ་ཀརྵ་ཡ་ཛཿཛཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧ་རི་ནི་སོགས་ནས་མཱ་ར་ཡ་ཧཱུྃ་ཕཊ། དགྲ་འདྲེ་བྱད་གསུམ། ནད་ཡམས་རིམས་གསུམ། ཆགས་ཆེ་ཉམ་ང་ཐམས་ཅད་དམ་ཉམས་པའི་
དགྲ་བོ་བྱད་མའི་ཐོག་ཏུ་བྷྱོ་བྷྱོ་ཟློག་ཟློག །མཁའ་འགྲོ་ཆོས་སྐྱོང་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །དེ་ནས་སློབ་དཔོན་གྱིས་རྟིང་མནན་ནས་ཡར་བྱོན་ཏེ་རྡོ་ལ་ཁྲྃ་ཡིག་བྲིས་པ་བཞག་ལ་ཞལ་ཕྱིར་གྱུ་ནས། ཕཊཿ ཡེ་ཤེས་ཀྱི་བྱ་ཁྱུང་མཐིང་ནག་མེ་ཡི་གཤོག་པ་ཅན། རཱ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པ་གཅིག་གིས་ཞལ་ཕྱིར་གཟིགས་ནས་དམ་སྲི་སྒབ་འདྲེ་རྗེས་བཅད་པར་གྱུར། ཨོཾ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿརཀྴ་རཀྴཿ དེ་ནས་ནང་དུ་ཡི་དམ་མགོན་པོའི་ཚོགས་བྱ་ཞིང་བཀྲ་ཤིས་རྗེས་ཆོག་བྱ། ཨ་རཱ་གས་སོ། །ཡར་བྱོན་ནས་ཕྱག་བཞི་པའི་གཏོར་མ་ཐོགས་ལ། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །བྱ་རོག་གདོང་ཅན་ནག་པོ་འཁོར་དང་བཅས། །
ལེགས་ལྡན་ནག་པོ་སྤྲུལ་པ་འཁོར་དང་བཅས། །སེང་གེའི་གདོང་ཅན་ཤ་ཟ་འཁོར་དང་བཅས། །མ་མོ་ཆེན་མོ་ནག་མོ་འཁོར་དང་བཅས། །ཞིང་སྐྱོང་ཆེན་པོ་བསྟན་སྲུང་འཁོར་དང་བཅས། །དམག་དཔོན་ཆེན་པོ་རུ་འདྲེན་འཁོར་དང་བཅས། །ནག་པོ་སྟོང་དང་ཤ་ཟ་བྱེ་བའི་ཚོགས། །མ་མོ་དུང་ཕྱུར་སྤྲུལ་པ་ཡང་སྤྲུལ་ཚོགས། །ཕོ་ཉ་ལས་མཁན་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་གཏོར་འདི་བཞེས་ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །
བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་པ་དང་། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རྣམ་འཇོམས་འདོན་བཞིན་ཡར་བྱོན། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ལྕགས་ལས་གྲུབ་པའི་ཁང་པ་གྲུ་གསུམ་མེ་རབ་ཏུ་འབར་བའི་ནང་དུ་ནྲྀ་ཏྲི་ཛ་ཡོངས་སུ་གྱུར་པ་ལས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མའི་གཟུགས་ཕུང་པོ་ཁམས་སྐྱེ་མཆེད་དབང་པོ་ཡན་ལག་ཉིང་ལག་དང་བཅས་པ་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་བཀའ་བདེན་དང་། །མཁའ་འགྲོ་ཆོས་སྐྱོང་བཀའ་བདེན་དང་། །བདག་ཅག་དཔོན་སློབ་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་རྒབ་ལ་འཁྲི་བའི་དམ་སྲི་
མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། མགོ་གཡོགས་མགོ་བསྐོར། འགྱུ་ལོག་འཕར་སྡང་བྱེད་པའི་དགྲ་བགེགས་ཐམས་ཅད། གཏོར་གཞོང་རི་རབ་འབར་བའི་འོག །རྒྱ་མཚོ་ཆེན་པོའི་གཏིང་། སྡིག་པ་ནག་པོའི་ལྟོ་བར། ཆུ་སྲིན་གདུག་པའི་གྲེ་བར་ཁུག་ཅིག །ཛཿཧཱུྃ་བཾ་ཧོ། དགྲ་བགེགས་ཐམས་ཅད་མནན་པའི་སྟེང་དུ་སུམ་ལས་སྐྱེས་པའི་རི་རབ་དང་། ཧཱུྃ་ལས་སྐྱེ་པའི་སྣ་ཚོགས་རྡོ་རྗེས་མནན་པས་བསྐལ་པའི་བར་དུ་ཐར་པའི་སྐབས་མེད་པར་གྱུར། ཧཱུྃ། རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ། །དམ་ཉམས་ལོག་པར་ལྟ་བ་ཡི། །ཞེ་སྡང་གནས་སུ་བསྒྲལ་བའི་ལས། །འདི་ནི་ཞི་བའི་ཕྲིན་ལས་མཛོད། །ནག་པོ་ཆེན་པོ་ལྕམ་དྲལ་རྣམས། །ཞི་བའི་ལས་ལ་མངའ་མཛད་དོ། །ཞི་བས་ཐམས་ཅད་གནས་སུ་བསྒྲལ། །ཞི་བར་མ་གྱུར་གང་ཡང་མེད། །ཧཱུྃ། མ་ཧཱ་ཀཱ་ལ་བྱ་
རོག་གདོང་། །ལས་མཁན་སྲུང་མས་བྲོ་གཅིག་བརྡུང་། །ཞབས་སྤྱོད་ས་ལ་བརྡབ་པ་ཡིས། །དམ་ཉམས་ཐལ་བ་རྡུལ་དུ་རློགས། །དེ་ནས་རྡོ་རྗེ་གཤོག་པའི་གར། །ལོག་འདྲེན་འབྱུང་པོ་བུན་གྱིས་འདེབས། །ལག་གཉིས་རྡོ་རྗེའི་གྲི་གུག་བསྣམས། །དམ་ཉམས་སྲོག་ཆོད་སྙིང་ཁྲག་འཐུང་། །འདི་ནས་འོག་ཕྱོགས་སྟོང་ཕྲག་ཉི་ཤུ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། །དེ་ལ་ཁྱོད་ཀྱིས་ཆོས་ཉོན་ལ། །ཇི་སྲིད་བྱང་སེམས་མ་སྐྱེས་བར། །ཆོས་སྐྱོང་སྲུང་མས་རྒྱས་བཏབ་པས། །རྒྱ་ལས་འདའ་བར་མ་བྱེད་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཡ་ཤ་ཏྲུཾ་དམ་སྲི་ནཱ་ཤ་ཡ། ནཱ་ཤ་ཡ། སྟྭཾ་བྷ་ཡ། སྟཾ་བྷ་ཡ། མཱ་ར་ཡ། མཱ་ར་ཡ། ལཾ་ནན་ནན་ཧཱུྃ། རྣལ་འབྱོར་བདག་ཅག་བྱང་ཆུབ་སེམས། །བླ་མེད་སྒྲུབ་ཅིང་དེང་འདིར་ཡང་། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །བདེ་ལེགས་ཆེན་པོས་གང་གྱུར་ཅིག །གཏོར་གཞོང་ཁ་ཡར་
ཟེད། ཀྱེ། མངོན་སྤྱོད་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཞེ་སྡང་དགྲ་ཡི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །དཀྱིལ་འཁོར་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཕུང་པོ་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །དུག་ལྔ་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཉོན་མོངས་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །རོ་སྙོམས་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ལྷ་ཡི་བུ་ཡི་བདུད་དཔུང་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །བདུད་བཞི་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣམ་འབྱོར་ཆེན་པོ་བདག །འཆི་བདག་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །༈ གཏང་རག་མཆོད་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ།
ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། མཆོད་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ། དཔའ་བོ་དང་རྣལ་འབྱོར་མ་རྣམས་དགྱེས་པ་བསྐྱེད་ནུས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ་བར་བརྗོད། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་ཏྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ན་དཱ། སྭ་བྷཱ་ཝ་བཛྲ། དྷརྨཱ་ཧྲཱི་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ།
ཧོ་ཧོ་ཧོ། ཨཱ་ཁཾ་སྭཱ་ཧཱ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡུལ་དུ་བཛྲ་ས་མཱ་ཛཿ ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷྭ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གཏོར་མ་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་དུམ་བུ་གཅིག་པ། ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་རང་ལ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ན་ལས་མིའི་ཤ །ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་
ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ཤུ་ལས་བྱང་སེམས། བྱང་ཤར་དུ་བི་ལས་དྲི་ཆེན། ཤར་ལྷོར་མུ་ལས་དྲི་ཆུ། ལྷོ་ནུབ་ཏུ་མ་ལས་ཀླད་པ། ནུབ་བྱང་དུ་ར་ལས་རཀྟ། ས་བོན་ཡི་གེ་དེ་དག་གིས་མཚན་པའོ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར། ཐོད་པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཁོལ་བའི་སྟེང་གི་རླངས་པ་ལས་གྲུབ་པའི་ཧཱུྃ་སྔོ་སྐྱ་ལ་ཁ་ཊྭཱཾ་ག་དཀར་པོ་ཁ་འོག་ཏུ་ལྟ་བ། དེའི་སྟེང་དུ་ཟླ་བ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཁ་ཊྭཱཾ་ག་ཡི་གེ་གསུམ་ཟླ་བ་རྣམས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཕེཾ་ཕེཾ་ཕེཾ། ན་མོ་གུ་རུ། རྟོགས་མེད་སྤྲོས་བྲལ་ཆོས་དབྱིངས་ཆོས་ཀྱི་ཕོ་བྲང་ནས། །འདས་དང་མ་བྱོན་ད་ལྟ་དུས་
གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་བཀའ་དྲིན་ཅན། །ཐུགས་རྗེའི་སྨོན་ལམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་མཆོག །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་ལྟ་བུ་གར་དམིགས་དེར་གསལ་བ། །བདུད་དཔུང་འཇོམས་མཛད་བཅོམ་ལྡན་ཧེ་རུ་ཀ །བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་རྣམས། །བདག་གིས་དད་པས་དེང་འདིར་སྤྱན་འདྲེན་ན། །དམིགས་མེད་ཐུགས་རྗེའི་དབང་གིས་འདིར་གསལ་མཛོད། །བླ་མ་བརྒྱུད་པའི་རིམ་པ་ལ་འབུལ་བ་ནི། ན་མོ་གུ་རུ། མཆོད་དོ། །འབུལ་ལོ། །མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་མངའ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་
བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བཱ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིངྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ཆེན་པོ་འབའ་རོམ་པ། འགྲོ་བའི་མགོན་པོ་ཏི་ཤྲི་རས་པ། གསང་བ་རས་པ་དཀར་པོ། གསང་བ་ལུས་མེད་རྡོ་རྗེ། བླ་མ་བྱང་ཆུབ་གཞོན་ནུ། རས་པ་བློ་གྲོས་རྡོ་རྗེ། ལྷ་རས་པ་བརྩོན་འགྲུས་དཔལ་བ། འཇམ་དབྱངས་ཀེ་རུ་ཀིརྟི། མཚན་ལྡན་པུཎྱེ་བྷ་དྲ། རཏྣ་བྷ་དྲ། པུཎྱེ་ཤྭ་ར། དྷརྨཱ་རསྨི། ཨ་ནནྟ་གརྦྷ། ཨ་ནནྟ་ས་མུ་དྲ། ཤཱ་ས་དྷཱ་ར་བྷ་དྲ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། སྐྱོ་བྲག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་
དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱངས། གསལ་བྱེད་ཆོས་འགྲུབ་སེང་གེ །ཀརྨ་ཚོགས་གཉིས་འོད་ཟེར། གསང་བདག་བདུད་འཇོམས་རྡོ་རྗེ། ཀརྨ་བསྟན་འཛིན་ཆོས་འཕེལ། ཀརྨ་བཀའ་བརྒྱུད་བཀྲ་ཤིས། དུང་དཀར་ཐེག་མཆོག་འོད་ཟེར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བཱ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ༈ བདེ་མཆོག་གི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པཎྜི་ཏ་ཨ་བྷྱ་ཀ་ར་གུབྟ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ་ཙཱ། བདེ་བར་གཤེགས་
པ་ཕག་མོ་གྲུ་པ། འབྲི་གུང་འཇིག་རྟེན་གསུམ་མགོན། མཁན་པོ་ཚུལ་རྡོར། རྒྱལ་བཟང་སྒང་པ། ཛྙཱ་ན་བྷོ་དྷི། བླ་མ་གཡུང་རི་བ། རྡོ་རྗེ་གདན་པ། རིན་ཆེན་དབང་ཕྱུག །ཏྲེ་བོ་བྱང་ཡེ་བ། བླ་མ་རིན་གཞོན། འབའ་རོམ་སེང་གེ་དཔལ། ཆོས་རྗེ་རིན་ཆེན་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་རྒྱལ་པོ། ཨ་ནནྟ་སིང་ཧ། དྷརྨཱ་རསྨི། ཨ་ནནྟ་གརྦྷ། ཨ་ནནྟ་ས་མུ་དྲ། ཤཱ་ས་དྷཱ་ར་བྷ་དྲ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། འདྲེན་མཆོག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་པའི་སྙིང་པོ་བསྟན་འཛིན་རྣམ་རྒྱལ། དོན་དམ་འཇིགས་བྲལ་དབང་པོ། ཀརྨ་ཆོས་སྐྱོང་འགྱུར་མེད།
འཇིགས་མེད་ཞི་བའི་གོ་ཆ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བཱ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ༈ མགོན་པོའི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། མགོན་པོ་ཀླུ་སྒྲུབ། ཨརྱ་དེ་ཝ། རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་ཆུང་བ། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒྭ་ལོ། བླ་མ་ཨ་སེང་། འགྲོ་མགོན་ཕག་མོ་གྲུ་པ། སྟག་ལུང་ཐང་པ་ཆེན་པོ། སངས་རྒྱས་སྒོམ་པ། བླ་མ་མཁས་པ། ཆོས་རྗེ་མངྒ་ལཾ་གུ་རུ། སངས་རྒྱས་དཔལ་བཟང་། རཏྣ་གུ་རུ། རཏྣ་ཀ་ར། རིན་ཆེན་དཔལ་བཟང་། འབལ་རིན་ཆེན་སེང་གེ །འབལ་སྨོན་ལམ་དཔལ་འབྱོར།
ཆོས་རྗེ་ངག་དབང་གྲགས་པ། ངག་དབང་ཆོས་ཀྱི་རྒྱལ་པོ། ཞབས་དྲུང་ཀུན་དགའ་བཀྲ་ཤིས། སྐྱོ་བྲག་བསྟན་འཛིན་བཟང་པོ། གྲུ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། འདྲེན་མཆོག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱངས། གསལ་བྱེད་ཆོས་འགྲུབ་སེང་གེ། ཀརྨ་ཚོགས་གཉིས་འོད་ཟེར། འདྲེན་མཆོག་ཤྲཱི་བྷ་དྲ། སྒོམ་ལམ་ས་བཅུའི་འོད་ཟེར། ཀརྨ་བཀའ་བརྒྱུད་བཀྲ་ཤིས། གསལ་བྱེད་ངེས་དོན་བློ་གྲོས་རབ་རྒྱས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་
པོ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བཱ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ༈ དཔལ་ལྡན་ལྷ་མོའི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་མ་ཏཾ་གི །རྗེ་བཙུན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། མངའ་བདག་མར་པ་ལོ་ཙཱ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས་པ། སྤྱན་སྔ་ལུས་མེད་རྡོ་རྗེ། ལྷ་ཆེན་ཚུལ་ཁྲིམས་སེང་གེ །ཚུལ་ཁྲིམས་ཡེ་ཤེས། ཚུལ་ཁྲིམས་རྒྱལ་མཚན། ཚུལ་ཁྲིམས་གྲགས་པ། བླ་མ་སངས་རྒྱས་གྲགས་པ། ཀུན་དགའ་སེང་གེ །ཀུན་དགའ་རྒྱལ་མཚན། སྐྱོ་བྲག་བསྟན་འཛིན་བཟང་པོ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། འདྲེན་མཆོག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་
རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱངས། གསལ་བྱེད་ཆོས་འགྲུབ་སེང་གེ །ཀརྨ་ཚོགས་གཉིས་འོད་ཟེར། འདྲེན་མཆོག་ཤྲཱི་བྷ་དྲ། སྒོམ་ལམ་ས་བཅུའི་འོད་ཟེར། ཀརྨ་བཀའ་བརྒྱུད་བཀྲ་ཤིས། གསལ་བྱེད་ངེས་དོན་བློ་གྲོས་རབ་རྒྱས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ། རིག་འཛིན་བརྡའ་བརྒྱུད་ཀྱི་བླ་མ། གང་ཟག་སྙན་བརྒྱུད་
ཀྱི་བླ་མ། གཏེར་ཆོས་སྨོན་ལམ་བརྒྱུད་པའི་བླ་མ། མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་བླ་མ། གྲུབ་ཐོབ་རྣལ་འབྱོར་བརྒྱུད་པའི་བླ་མ། བཀའ་བརྒྱུད་ཕྱི་ཡི་བླ་མ། སྒྲུབ་བརྒྱུད་ནང་གི་བླ་མ། ཡང་དག་དོན་གྱི་བླ་མ། གཅིག་ལྡན། གཉིས་ལྡན། གསུམ་ལྡན། ཕྱག་ཆེན། གཅོད་ཡུལ། ཞི་བྱེད། རྫོགས་ཆེན། ལམ་འབྲས་ཆོས་དྲུག་ལ་སོགས་དབང་ཁྲིད་ཆོས་གསུམ་ཐོབ་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་བདུད་རྩིའི་མཆོད་པ་མཆོད་པའི་དངོས་པོ་ཕུན་སུམ་ཚོགས་པ་འདི་འབུལ་ལོ། །བཞེས་ནས་བདག་ཅག་གི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཉེས་ལྟུང་དྲི་མའི་ཚོགས་རྣམས་བྱང་ཞིང་དག་པ་དང་། དབང་དང་བྱིན་རླབས་དངོས་གྲུབ་རྣམས་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་
གཅིག་པའི་རྣམ་པའི་འོད་ཟེར་གྱིས་སྦུ་གུས་གསོལ་བར་གྱུར། ཨོཾ་བཛྲ་ཨ་ར་ལི་ཧོ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། གཉིས་མེད་དུས་ཀྱི་འཁོར་ལོ། སྙིང་པོ་ཀྱཻ་རྡོ་རྗེ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིང་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་ཧཱུཾ་ཕཊ། ཞིང་སྐྱོང་སེང་གདོང་ཡབ་ཡུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧུྃ་ཧཱུྃ་ཕཊ། རྡོ་རྗེ་གུར་གྱི་མགོན་པོ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། མ་གཅིག་
དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མོ་འཁོར་ནག་མོ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ་འཁོར་གཟའ་བདུད་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ས་དྷུ་ཏྲི་ཤུ་ལ་ཛཿ དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་སུམ་ཏྲི་རི་ཏྲི་ཏ་ན་ན་ཁ་རེ་བྷྲཱུྃ༔ དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་ཤན་པ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕཱུ་ནཱ་ག་ར་ཛ་ཨ་ཡ་མ་དུ་རུ་ཤ་ཙ་ན། གནས་བདག་དགེ་བསྙེན་ཉ་ཡི་མགོ་ཅན་འཁོར་ཀླུ་བདུད་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནཱ་ག་རཀྴ་ཀྲོ་ཏ་པ་ཙ་ལ་ཏི། གཏེར་བདག་དགེ་བསྙེན་སྨྱོ་ཁ་འཁོར་ཀླུ་བདུད་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་
ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི། གཉན་ཆེན་ཐང་ལྷ་འཁོར་ལྷ་དམག་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མོ་རུ་ལུ་མ་མ་མོ་ཆེན་མོ་དམག་གི་རྒྱལ་མོ་འཁོར་མ་མོ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ར་ལི་པྲ་མ་ཡ་ཛཿས་པཱ་རི་ཝཱ་ར། དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངས་ནུས་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཞན་ཡང་ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་སྔགས་གསར་རྙིང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སཾ་བྷ་ར་སརྦ་བཱི་ར་ཡོ་གི་
ནཱི་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཧཱུྃ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དང་པོར་མེ་ཏོག་ཕོག་པའི་ལྷ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །འཇིགས་མཛད་དཔའ་བོ་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་པའི་མདོག །ལྷན་ཅིག་སྐྱེས་དགའི་རང་བཞིན་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་ཁྱོད་ལ་ཕྱག་འཚལ་བསྟོད། །
བཅོམ་ལྡན་འཁོར་ལོ་སྡོམ་པ་ཡི། །ཐུགས་ལས་སྤྲུལ་པའི་ནག་པོ་ཆེ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །དྲག་པོས་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་སྲུང་བར་ཞལ་བཞེས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལས་དང་འཇིག་རྟེན་མགོན། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས། །ཆོས་སྐྱོང་ཚོགས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་
བསྟོད་པར་བགྱི། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བའི། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་ལས་ཀེཾ་གསུམ་ཐོད་སྒྱེད་སྟེང་། །ཨ་ལས་ཀ་པཱ་སྟོང་གསུམ་ཚད། །ཧཱུྃ་ལས་གཏོར་རྫས་ཤ་ལྔ་པ། །ཡྃ་ལས་རླུང་གི་དཀྱིལ་འཁོར་གཡོས། །རྃ་ལས་མེ་རྣམས་རབ་ཏུ་འབར། །ཐོད་པ་ཁོལ་ཞིང་ཧཱུྃ་ཞུ་བས། །མ་དག་ཉེས་སྐྱོན་ཁོལ་ཞིང་ལུད། །དྲོ་རོ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། ཆོས་སྐྱོང་མགོན་པོ་ནག་པོ་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་མངའ་གསོལ་བས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །དཀོན་མཆོག་གསུམ་གྱིས་
མངའ་གསོལ་བས། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །རིགས་གསུམ་མགོན་པོས་མངའ་གསོལ་བས། །ཞལ་གྱི་མདངས་བཞད་གསུམ་དང་ལྡན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །རིགས་གསུམ་ཁྲོ་བོས་མངའ་གསོལ་བས། །ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །དྲང་སྲོང་རྣམས་ཀྱིས་མངའ་གསོལ་བས། །སྐུ་ཡི་ཆ་ལུགས་གསུམ་དང་ལྡན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ནོར་ལྷ་མགོན་པོས་མངའ་གསོལ་བས། །ཕྱག་གཡས་དང་པོས་ཤིང་ཐོག་བསྣམས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །
དཔའ་བོ་གིང་གིས་མངའ་གསོལ་བས། །གཡས་འོག་གཅོད་པའི་རལ་གྲི་བསྣམས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། མ་མོ་རྣམས་ཀྱིས་མངའ་གསོལ་བས། །གཡོན་པས་བྷནྡྷ་ཁྲག་ཆེན་གསོལ། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །དབང་ཕྱུག་ཆེན་པོས་མངའ་གསོལ་བས། །གཡོན་འོག་ཁ་ཊྭཱཾ་རྩེ་གསུམ་བསྣམས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ཁྲོ་རྒྱལ་རྣམས་ཀྱིས་མངའ་གསོལ་བས། །གསུས་ཁྱིམ་ཆེ་ལ་ཐུར་དུ་འཕྱངས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ལྷ་མོ་ཨུ་མས་མངའ་གསོལ་བས། །པདྨ་ཉི་མའི་གདན་ལ་བཞུགས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །མཁའ་
འགྲོ་རྣམས་ཀྱིས་མངའ་གསོལ་བས། །མི་རོ་བམ་གྱི་གདན་ལ་བཞུགས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ཞིང་སྐྱོང་རྣམས་ཀྱིས་མངའ་གསོལ་བས། །མི་མགོ་རློན་པའི་དོ་ཤལ་བྱས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ལྷ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ཀླུ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །གཟའ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །སྨ་ར་སེར་པོ་མེ་ལྟར་འབར། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །རྒྱུ་སྐར་རྣམས་ཀྱིས་མངའ་
གསོལ་བས། །སྐུ་སྨད་སྨེ་བའི་ཐིག་ལེས་བརྒྱན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །གནོད་སྦྱིན་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་འབར་བའི་དབུ་རྒྱན་ཅན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ས་བདག་རྣམས་ཀྱིས་མངའ་གསོལ་བས། །སྦྲུལ་ནག་འབར་བས་སྐུ་རགས་བྱས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །སྲིན་པོ་རྣམས་ཀྱིས་མངའ་གསོལ་བས། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །གཅན་གཟན་རྣམས་ཀྱིས་མངའ་གསོལ་བས། །དཔའ་བོ་སྟག་གི་ཤམ་ཐབས་གསོལ། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །དམན་མོ་
རྣམས་ཀྱིས་མངའ་གསོལ་བས། །དྲིལ་བུ་གཡེར་ཁའི་སྒྲ་སྒྲོགས་པས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །གཤིན་རྗེ་རྣམས་ཀྱིས་མངའ་གསོལ་བས། །མེ་དཔུང་འབར་བའི་ནང་ན་བཞུགས། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །ལྷ་རྣམས་ཀུན་གྱིས་མངའ་གསོལ་བས། །འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །སྒྲུབ་པ་པོ་ཡིས་མངའ་གསོལ་བས། །ནག་པོ་འཇིགས་བྱེད་སྲོག་གི་བདག །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་བས། །ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད། །ཧཱུྃ། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། །བླ་མ་དཀོན་མཆོག་
སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དག་པ་རབ་འབྱམས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བྱ་རོག་མཚན་ཅན་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རབ་
འཇིགས་དུར་ཁྲོད་གནས་མཆོག་ནས། །ཀུན་དགའ་གཞོན་ནུ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རང་རང་སོ་སོའི་གནས་མཆོག་ནས། །ཡུལ་ལྷ་གཞི་བདག་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །རྣལ་འབྱོར་འདོད་དོན་འགྲུབ་པར་མཛོད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། །དམར་ཆེན་རཀྟ་གཏོར་མ་དང་། །བདུད་རྩི་སྨན་དང་རྩི་བཅུད་དང་། །རིན་ཆེན་སྨན་སྣ་མཐུན་རྫས་ཚོགས། །དངོས་འབྱོར་ཡིད་ཀྱི་སྤྲུལ་པ་ཡིས། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས་མངའ་གསོལ་ལོ། །དཔའ་བོ་མཁའ་འགྲོ་མངའ་གསོལ་ལོ། །ཆོས་སྐྱོང་སྲུང་མ་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །མ་ཧཱ་ཀཱ་ལ་མངའ་གསོལ་ལོ། །བྱ་རོག་མཚན་ཅན་མངའ་གསོལ་ལོ། །
སེང་གེའི་གདོང་ཅན་མངའ་གསོལ་ལོ། །ཞིང་སྐྱོང་ཡབ་ཡུམ་མངའ་གསོལ་ལོ། །རྡོ་རྗེ་གུར་མགོན་མངའ་གསོལ་ལོ། །དཔལ་ལྡན་ལྷ་མོ་མངའ་གསོལ་ལོ། །ཨེ་ཀ་ཙ་ཏི་མངའ་གསོལ་ལོ། །མགོན་མང་འཁོར་ཚོགས་མངའ་གསོལ་ལོ། །རྣམ་སྲས་སྐྱ་བརྒྱད་མངའ་གསོལ་ལོ། །རྟ་ལྷའི་རྒྱལ་པོ་མངའ་གསོལ་ལོ། །གཟའ་མཆོག་ཡབ་ཡུམ་མངའ་གསོལ་ལོ། །སྐྱེས་བུ་ཆེན་པོ་མངའ་གསོལ་ལོ། །རྡོ་རྗེ་དགྲ་འདུལ་མངའ་གསོལ་ལོ། །ཉ་ཡི་མགོ་བོ་མངའ་གསོལ་ལོ། །དགེ་བསྙེན་སྨྱོ་ཁ་མངའ་གསོལ་ལོ། །ཐང་ལྷའི་རྒྱལ་པོ་མངའ་གསོལ་ལོ། །དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཚེ་རིང་མཆེད་ལྔ་མངའ་གསོལ་ལོ། །མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །རྡོ་རྗེ་ངས་ནུས་མངའ་གསོལ་ལོ། །དམག་དཔོན་དབྱི་རྒྱལ་མངའ་གསོལ་ལོ། །སྤྲག་གི་བཙན་རྒོད་མངའ་གསོལ་
ལོ། །དྲེགས་པའི་གཙོ་བོ་མངའ་གསོལ་ལོ། །སྡེ་བརྒྱད་མཐུ་ཆེན་མངའ་གསོལ་ལོ། །ཡུལ་ལྷ་གཞི་བདག་མངའ་གསོལ་ལོ། །མཆོད་འོས་རྒྱ་མཚོ་མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་རྒྱས་པར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཧོ་དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྙན་གྱིས་གསོན། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས་སུ་གསོལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་།
སྒོས་སྒྲུབ་བརྒྱུད་ཀྱི་སྐྱེས་བུ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བ་དང་། ཁྱད་པར་དུ་ལོག་པར་ལྟ་བའི་དགྲ་བགེགས་ལོག་འདྲེན་རྣམས་ཚར་གཅོད་པའི་ཕྱིར་དུ། བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཐུགས་དམ་གཉན་པོའི་རྒྱུད་བསྐལ་པ་ནས་བསྐལ་པའི་བར་དུ་ཡང་ནས་ཡང་དུ་བསྐང་བར་གྱུར་ཅིག །ཐུགས་དམ་གཉན་པོའི་བརྒྱུད་བསྐང་ནས་དམ་ཚིག་ཆགས་ཉམས་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །ལྷ་མཉེས་པར་གྱུར་ཅིག །བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་རྫོགས་པར་གྱུར་ཅིག །ཁྱད་པར་དུའང་སྔ་བཅོལ་ལས་ཀྱི་བཏང་རག་ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་ད་བཅོལ་ལས་ཀྱི་གཉེར་ཟན་དུ་འབུལ་ལོ། །རྣལ་འབྱོར་པ་བདག་གི་བཀའ་དང་དམ་ལ་མ་འདའ་བར་བྱིན་པའི་ཟས་ཟོ། །བསྒོས་པའི་ངག་ཉོན།
བཅོལ་བའི་ལས་གྱིས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྔོན་གྱི་ལས་ལས་གྱུར་པ། འཕྲལ་གྱི་རྐྱེན་ལས་གྱུར་པ། འབྱུང་པོ་མི་དང་མི་མ་ཡིན་པའི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བཀའ་དྲིན་མ་ལུས་པ་སྩལ་བར་མཛད་དུ་གསོལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ལ་དགྲ་བགེགས་བསྒྲལ་བའི་གཏང་རག་ཏུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །མཉེས་ཤིང་ཚིམས་ནས་ངོ་སོ་བཅོ་ལྔའི་ཟླ་བ་ལྟར་རྒྱས་པར་གྱུར་ཅིག །ཡེ་ཤེས་ལས་དང་འཇིག་རྟེན་མགོན། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་དང་བཅས། །ཆོས་སྐྱོང་ཚོགས་ལ་ཕྱག་འཚལ་བསྟོད། །ཚོགས་དྲངས་ལྷག་མ་རྗེས་
ཆོག་སྲུང་འཁོར་བསྡུ་རིམ་བཀྲ་ཤིས་བསྔོ་སྨོན་བཅས་གཞུང་ལྟར་བྱའོ། །དེའང་ལུགས་གཉིས་ཀྱི་བསྟན་པ་ཉི་ཟླའི་འོད་ལ་འགྲན་ཅིང་བསྐལ་པའི་མེ་ཆེན་ལྟ་བུར་མཆེད་པའི་སྐབས་སུ་ལྷ་མཆོག་འདི་ཉིད་ཀྱིས་གྲུབ་པ་བརྙེས་པའི་སྐྱོ་བྲག་ཀརྨ་ཡེ་ཤེས་ཀྱིས་རྒྱ་བོད་ལོ་པཎ་དམ་པ་རྣམས་ཀྱིས་བཀའ་གཏེར་གྱི་རྣམ་པར་སྤྱན་དྲངས་པའི་རྒྱུད་གཞུང་ཀུན་དང་། ཁྱབ་བདག་རྡོ་རྗེ་འཆང་ནས་དམ་པ་ཁོང་བར་མཁས་གྲུབ་བླ་མ་གོང་མ་རྣམས་ཀྱི་སྙན་བརྒྱུད་གདམས་ཁྲིད་མན་ངག་རྣམས་གཅེས་བཏུས་ཀྱི་ཚུལ་དུ་ཡ་ཀི་བདེ་མགོན་ཟུང་ནས་མ་ཀི་ཕྱི་རྒྱུད་པ་ཡན་ཆད་མགྲོན་རིགས་མ་ལུས་པ་ཚང་བའི་སྒྲུབ་དཀྱིལ་མངོན་སྤྱོད་དྲག་པོའི་གདབ་ཁ་དང་གཏོར་བཟློག་མདོས་འཕྱོང་འཕང་སྲེག་གདོང་ལྔ་དང་གཏོར་བཟློག་དགྲ་ཆོས་སོགས་ལས་མཐའ་རྒྱས་ཚང་ལ་མ་ནོར་བ་བརྩམས་གནང་བ་དང་། དེ་རྗེས་དུང་དཀར་རས་ཆེན་དང་སྲས་ཆེན། ཤྲཱི་བྷ་དྲ་སོགས་དམ་པ་རྣམས་ཀྱིས་དེ་དག་ལ་ཁ་བཀང་བའམ་སྤྲོས་པའི་ཚུལ་གྱིས་བསྟན་སྐྱོང་ཀུན་གྱི་མངོན་རྟོགས་དང་བསྐང་གསོལ་གདབ་ཁ་ཟོར་ལས་བཟློག་པ་སོགས་རྒྱས་པར་བཏང་བའི་ལུགས་གཉིས་སོ། །དེའི་ཕྱི་མ་རྒྱས་པའི་ལུགས་དེ་ལ་ནང་གསེས་སུ་དབྱེ་ན་གཉིས་ལས་དང་པོ་ནི། དགོན་ཆེན་ཁྱད་པར་བ་སྒྲུབ་སྡེ་ཁག་ལ་བཞུགས་པའི་ལྷ་མཆོག་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་ལ་འབད་ཅིང་ལོ་ཟླ་ཞག་དུས་སོགས་ལ་མ་ཆགས་པར་བརྩོན་པའི་ཐབས་གྲོལ་གཉིས་ལ་རྩེ་གཅིག་ཏུ་གཞོལ་བའི་སྐལ་
ལྡན་ལས་ཅན་སྐྱེས་བུ་དག་གིས་ཕྱག་ལེན་གནང་སྲོལ་མཆིས། གཉིས་པ་མངོན་རྟོགས་བསྐང་གསོལ་གདབ་ཁ་སོགས་རྒྱས་པར་གདོང་ལྔའི་བཟློག་པ་སྦྱར་བའི་སྲོལ་འདི་ནི་ལྷ་མཆོག་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པའི་སྒྲུབ་བླ་དག་གིས་ལོ་ལྟར་མགོ་ཟླའི་དམར་ཕྱོགས་ཀྱི་ཚེས་དྲུག་ནས་བཅོ་ལྔའི་བར་བསྒྲུབས་སོ། །དེའང་སྐབས་སུ་བབས་པའི་གླེང་བྱ་དངོས་ནི་སྔ་མ་སྟེ། གྲུབ་ཆེན་ཀརྨ་ཛྙཱ་ནས་བསྩལ་བའི་ཆོག་གཞུང་ལ་བརྟེན་ཏེ་མགོན་པོའི་མངོན་སྤྱོད་ལས་འཕང་སྲེག་དང་བསྒྲལ་འཆམ་སོགས་སྔ་ནས་མཛད་སྲོལ་ལགས་ཀྱང་དེ་རྗེས་ལོ་ཤས་ལ་བླ་མ་གོང་མ་དག་གིས་དགོས་དབང་ལ་དམིགས་ཏེ་ཆོས་རྗེ་གླིང་པའི་ཕུར་བཟློག་ལ་བསྒྲལ་འཆམ་བཏགས་མཛད་སྲོལ་བྱུང་། རབ་བྱུང་བཅུ་དྲུག་ས་ཁྱི་ལོའི་དུས་འཚུབ་ནག་པོས་གཡོགས་རྗེས་བསྟན་པ་ཡང་དར་སྐབས་སུ་བསྟན་པའི་དཔུང་གཉེན་དམ་པ་འཇམ་དབྱངས་བླ་མ་བློ་གྲོས་རིན་ཆེན་མཆོག་གི་སྔ་མོའི་ལུགས་སྲོལ་ལྟར་མགོན་པོའི་བསྒྲལ་འཆམ་དེ་མགོན་པོར་སྦྱར་བ་མ་གཏོགས་ར་མགོ་ལུག་སྦྱར་མི་འཐད་པའི་ཚུལ་གསུངས་ཏེ་སྐྱོ་བྲག་སྤྲུལ་སྐུ་རྣམས་དང་འདུས་པ་རྒྱ་མཚོ་བཀའ་ནན་གཉན་པོས་བཅིངས། མ་ཟད་དམ་པ་ཁོང་གིས་གཏོར་བཟློག་རྒྱས་བསྡུས་གཉིས་ལ་རྒྱས་པར་སྦྱར་ན་ཉི་མས་མི་ཆུན་པར་སྐྱོ་བྲག་ཀརྨ་ཛྙཱ་ནའི་ཆོག་བསྒྲིགས་ལ་སྦྱར་དགོས་པས་དེའི་འགན་གདུང་དེར་སྐྱེས་པའི་ས་བཅུ་ཉི་མ་ཉིད་ལ་ཕྱོགས་གང་ཐད་ནས་བབས་པས་དེ་ལྟར་སྐྱོངས་
ཤིག་ཅེས་རྡོ་རྗེའི་གསུངས་སྩལ། བསྟན་པའི་དཔུང་གཉེན་དམ་པ་མགོན་པོ་གང་ཉིད་ཀྱིས་སྐྱོ་བྲག་དང་ཚང་གསར་སོགས་དམིགས་ཏེ་མགོན་པོའི་འཆམ་ཡིག་གསར་བྲིས་དང་གདབ་ཁའི་ལས་ཕྲན་བསྒྲལ་འཆམ་མེད་པ་དག་ལ་གསར་རྩོམ་སོགས་གནང་བ་ད་ལྟའི་བར་རྒྱུན་འཁྱོང་གནང་བཞིན་པ་འདིའོ། །དུས་དེ་ནས་བཟུང་ཏེ་སྐྱོ་བྲག་ཏུ་གྲུབ་ཆེན་ཀརྨ་ཛྙཱ་ནའི་ཆོག་བསྒྲིགས་ས་བཅད་ནང་བཞིན་འདོན་བྱ་རྣམས་ཡིག་ཚོགས་ཆེ་བའི་ནང་ནས་ཁོལ་འདོན་བྱེད་པའི་སྲོལ་རྒྱུན་བཙུགས་མཛད། དེ་རྗེས་དཔེ་ཚོགས་མང་བ་ལས་ཀརྨ་ཛྙཱ་ནའི་ཆོག་བསྒྲིགས་ནང་བཞིན་བློ་གསར་གཞོན་ནུ་གོམས་ཆེར་མ་སོན་པའི་གྲྭ་སློབ་དག་ལ་དམིགས་ཏེ་སློབ་དཔོན་རྣམས་ལ་བཀའ་འདྲི་ཡང་ཡང་ཞུས་མཛད་ནས་༧སྐྱབས་རྗེ་བླ་མ་གསལ་བྱེད་རིན་པོ་ཆེས་དཔར་སྐྲུན་གནང་མཛད། དེ་རྗེས་ཤིང་ལུག་གནམ་ལོ་གསར་བཞད་ཀྱི་དབོ་ཟླའི་ཚེས་དྲུག་ཉིན་སྐྱབས་རྗེ་བླ་མ་གསལ་བྱེད་རིན་པོ་ཆེས་ཆོག་གཞུང་འདིའི་མངོན་སྤྱོད་དྲག་པོའི་གཏོར་འབུལ་འདོན་ཐབས་ཆོག་འཁྲིགས་དང་གར་འཆམ་རྣམས་ལ་རྡོག་ཚིགས་ཕན་ཡོན། དཀྱིལ་འཁོར་གཞན་གྱི་ལག་དེབ་སོགས་འབྲི་དགོས་པའི་བཀའ་གསང་གཉན་པོ་གུས་པའི་སྤྱི་བོར་བསྩལ་ནས་དར་དང་ལེགས་སྐྱེས་ཟབ་མོ་གནང་བར་བཀའ་གསང་གཉན་པོ་འདོར་མ་ཕོད་པར་གྲུབ་ཆེན་ཀརྨ་ཡེ་ཤེས་ཀྱི་གསུང་འགྲོས་དང་སློབ་དཔོན་གོང་མ་རྣམས་ཀྱི་ཕྱག་ལེན་མཐོང་རྒྱུན་བསྙོན་དུ་མེད་པ་ཀུན་ལ་གཞི་བྱས་
ནས་ཆོག་ཁྲིགས་ནག་འགྲོས་སུ་ཐ་ཤལ་བ་གུས་ཕྲན་བསྟན་འཛིན་ནོར་བུས་སྐྱོ་བྲག་གདན་ས་མཐིལ་རང་གནས་ཁང་བུ་རུ་མེ་བྱའི་རྒྱལ་ཟླའི་ཡར་ཚེས་བཞི་ཉིན་གྲུབ་པར་བགྱིས་པས་སྒྲུབ་བརྒྱུད་བསྟན་པའི་བཙས་སུ་གྱུར་ཅིག་གུ། དགེའོ།། །།
འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།
༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །