← Search

དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།

མི་འགྱུར། སློབ་དཔོན་མི་བསྐྱོད་རྡོ་རྗེ། སྐྱོ་བྲག་ཤྲཱི་བྷ་དྲ། འཇམ་དབྱངས་བློ་གྲོས་རིན་ཆེན། འགྲོ་མགོན་ཞང་གཡུ་བྲག་པ། མ་ཏི་རཏྣ། རིག་འཛིན་རྒན་པོ། ཀརྨ་པ་བྱང་ཆུབ་རྡོ་རྗེ། འཇིགས་བྲལ་དབང་པོའི་སྡེ། མར་སྟོན་ཆོས་ཀྱི་བློ་གྲོས། དཔལ་ཆེན་རྒྭ་ལོ། ཀརྨ་པ་བདུད་འདུལ་རྡོ་རྗེ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན། ཨ་བསྟན་ཕུན་ཚོགས།

དཔལ་འབའ་རོམ་པའི་ངེས་དོན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །མི་འགྱུར།

p. 0

༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{ཆོས་སྐྱོང་མགོན་པོའི་རྒྱུན་གསོལ་སྐོར་ང་}བཞུགས་སོ། །

p. 1

༄༅། །དཔལ་འབའ་རོམ་པའི་ངེས་དོན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །

p. 2

རྡོ་རྗེ་འཆང་ཆེན་དབང་ཕྱུག་ཏཻ་ལོ་པ། །ནཱ་རོ་པཎ་ཆེན་མར་པ་ལྷོ་བྲག་པ། །མི་ལ་རས་པ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཟླ་འོད་གཞོན་ནུ་དར་མ་དབང་ཕྱུག་དང་། །ཏི་ཤྲི་རས་པ་མཚུངས་མེད་རས་དཀར་བ། །ལུས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བྱང་ཆུབ་གཞོན་ནུ་བློ་གྲོས་རྡོ་རྗེའི་མཚན། །

p. 3

བརྩོན་འགྲུས་དཔལ་བ་གླང་རས་རྒྱལ་མཚན་གྲགས། །བསོད་ནམས་བཟང་པོ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །རིན་ཆེན་བཟང་པོ་བསོད་ནམས་དབང་ཕྱུག་དང་། །བཀྲ་ཤིས་དབང་ཕྱུག་འགྲོ་མགོན་ཆོས་འོད་ཟེར། །ཀུན་དགའ་སྙིང་པོ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཀུན་དགའ་རྒྱ་མཚོ་བསྟན་འཛིན་བཟང་པོ་དང་། །མཐུ་སྟོབས་མངའ་བདག་ཀརྨ་ཛྙཱ་ནའི་མཚན། །དོན་དམ་སྙིང་པོ་རྣམས་ལ་

p. 4

གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཀརྨ་ཚེ་བརྟན་རས་པ་ཆེན་པོའི་མཚན། །བསྟན་པའི་སྙིང་པོ་ལུང་རིགས་རྒྱ་མཚོའི་དཔལ། །ཚེ་དབང་བདུད་འདུལ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །དགེ་ལེགས་དཔལ་གྲུབ་ངེས་དོན་ཆོས་མཛོད་འཛིན། །བསྟན་འཛིན་རྣམ་རྒྱལ་སྒྲུབ་བརྒྱུད་ཆོས་ཀྱི་དབྱིངས། །ཆོས་འགྲུབ་སེང་གེ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཚོགས་གཉིས་འོད་ཟེར་བདུད་འཇོམས་རྡོ་རྗེའི་ཞབས། །བསྟན་འཛིན་ཆོས་འཕེལ་ཀརྨ་མངྒ་ལ། །ཐེག་མཆོག་འོད་ཟེར་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །སྲིད་ཞི་ཀུན་ཁྱབ་ཆོས་སྐུའི་ཀློང་ཡངས་ནས། །ཞི་དང་ཁྲོ་བོའི་ཉམས་འགྱུར་འབུམ་གྱི་བདག །བཀའ་དྲིན་འཁོར་

p. 5

མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཕྱག་ཆེན་མངོན་འགྱུར་ཤོག །འཁོར་ལོ་བདེ་མཆོག་ཀྱཻ་རྡོར་གསང་བ་འདུས། །མཱ་ཡཱ་གདན་བཞི་དུས་ཀྱི་འཁོར་ལོ་སོགས། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བདག་མེད་མ་དང་རྡོ་རྗེ་རྣལ་འབྱོར་མ། །ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །དཔའ་བོ་མཁའ་འགྲོ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བྱ་རོག་མཚན་ཅན་རྡོ་རྗེ་གུར་མགོན་དང་། །དུད་སོལ་ལྷ་མོ་དམ་ཅན་རྒྱ་མཚོའི་ཚོགས། །ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་རྣམས་མ་རིག་མུན་པ་རབ་བསལ་ནས། །ཐར་པ་ཆེན་པོའི་ལམ་མཆོག་

p. 6

རབ་བགྲོད་ནས། །རྣམ་མཁྱེན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་ངེས་དོན་བརྒྱུད་པའི་གསོལ་འདེབས་འདི་ཉིད། གྲུབ་ཆེན་ཀརྨ་ཡེ་ཤེས་ཀྱིས་མཛད་པའི་རྡོ་རྗེའི་ཚིག་སོར་བཞག་ལ། ༧ དུས་མཐའི་སེར་མིང་མི་འགྱུར་གྱིས་བརྒྱུད་པའི་སབ་ཁ་ཅུང་ཟད་བགྱིས་ཏེ་གསལ་བར་བཀོད་པས་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

སྙན་བརྒྱུད་བདེ་མཆོག་རྒྱ་གཞུང་། སློབ་དཔོན་མི་བསྐྱོད་རྡོ་རྗེ།

p. 7

༄༅། །སྙན་བརྒྱུད་བདེ་མཆོག་རྒྱ་གཞུང་བཞུགས་སོ། །

p. 8

སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་སྐུར་གྱུར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་

p. 9

ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧུྃ་ཧཱུྃ་ཕཊཿ ཤྲཱི་ཧེ་རུ་ཀ་ཨ་ཧོཿ རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་དུ་བླ་མ་རྡོ་རྗེ་འཛིན་པ་ལྷག་པའི་ལྷ་ལ་དཔའ་བོ་རྣལ་འབྱོར་མས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གུ་རུ་ས་ཏྭ་པ་དེ་བྷྱ་སརྦ་ས་ཏྭ་ཨུ་པ་ཀ་ར་ཎ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་ཙཀྲ་སཾ་བྷ་ར་སརྦ་བི་ར་ཡོ་གི་ནི། ན་མ་ཏེ་ཧཱུྃ། ན་མ་མི་ཧཱུྃ། ན་མ་ན་མོ་ཧཱུྃ། ཨོཾ་ཤྲཱི་ཙཀྲ་སཾ་བྷ་ར་སརྦ་བི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་

p. 10

སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་། །དམ་ཚིག་ཐམས་ཅད་སྦྱོང་བ་དང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བ་བདག་གིས་འགྲུབ་པར་བགྱི། །བརྟེན་སོགས་དགེ་བ་འདི་དག་གིས། །རྣམ་པ་མཆོག་ཀུན་ལྡན་པ་ཡི། །སངས་རྒྱས་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཚད་མེད་བཞི་བསྒོམ།

p. 11

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བདག་ཉིད་ཀྱི་སྤྱི་བོར་པཾ་དང་ཨ་དང་རཾ་ལས་སྐྱེས་པའི་པད་ཟླ་ཉི་མའི་སྟེང་དུ་ཧཱུྃ་ཡིག་ནག་པོ་ལས་འོད་འཕྲོས། རྒྱལ་བ་མཆོད་ཅིང་སེམས་ཅན་ཐམས་ཅད་ཧེ་རུ་ཀར་བྱས། ཚུར་འདུས་པ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་བདེ་མཆོག་སྐུ་མདོག་མཐིང་ནག་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཉམས་དགུ་དང་ལྡན་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་འཁྲིལ་བ། གཟུགས་བརྙན་ལྟར་ལྷའི་སྐུར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་དང་བཅས་པ། ཆུ་ཟླ་ཤར་བ་ལྟར་སྒྲོ་སྐུར་དང་བྲལ་བ་སྒྱུ་འཕྲུལ་རྡོ་རྗེའི་སྐུའོ། །ཨོཾ་ཤྲཱི་ཙཀྲ་སཾ་བྷ་ར་སརྦ་བི་ར་ཡོ་གི་ནི་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དེ་ནས་གསོལ་བ་འདེབས་པ་ནི། བདེ་ཆེན་དཔལ་གྱི་མགོན་པོ་

p. 12

ཡིས། །སངས་རྒྱས་སྤྱོད་པ་ཇི་ལྟ་བར། །དག་པ་དེ་ཉིད་སྟོན་མཛད་པ། །དེ་རིང་བདག་ལ་མགོན་དགྱེས་མཛོད། །ཅེས་གསོལ་བ་བཏབ་པས་ཡབ་ཡུམ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བབས་པས་རྩ་གསུམ་ལ་བརྒྱུད་ཅིང་། ལུས་དང་ངག་ཐ་དད་དུ་འཛིན་པ་དག་པར་བྱས་ནས་ལུས་བདེ་བའི་རང་བཞིན་དུ་སོང་བའོ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་ལྔ་བསྲེགས་བྱས་ནས། །སྤྱན་མ་སོགས་པ་ཡང་བསྲེགས་ནས། །ཧྃ་ལས་བདུད་རྩིའི་ཟླ་རྒྱུན་བབས། །རྟེན་དང་བརྟེན་པ་ཉམས་ལྡན་པ། །གཅིག་ཏུ་གྱུར་པ་བདེ་བ་ཆེ། །རྣལ་འབྱོར་མ་བཞིའི་ཌཱ་མ་རུའི། །སྒྲ་ཡིས་བསྐུལ་གྱུར་བཞེངས་པར་བྱེད། །པད་ཟླ་ཉི་མའི་གདན་སྟེང་དུ། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་ཚུལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །སྐུ་ནི་བཻ་ཌཱུརྱའི་རང་བཞིན། །ཕྱག་རྒྱ་

p. 13

དྲུག་གིས་སྤྲས་པའི་སྐུ། །འོད་ཟེར་འབར་བའི་ཟླ་ཚེས་ལ། །ཡིད་བཞིན་ནོར་བུས་དབུ་ལ་བརྒྱན། །འཇིགས་བྱེད་ཆུང་མར་བཅས་པ་མནན། །རྡོ་རྗེ་ཕག་མོ་ཞལ་གཅིག་མ། །ཕྱག་གཉིས་ཀྱིས་ནི་ཡབ་ལ་འཁྱུད། །རྡོ་རྗེ་དང་ནི་ཐོད་པ་འཛིན། །གཙོ་བོ་ལ་ནི་བདུད་རྩི་སྟོབས། །སྐུ་ནི་སིནྡྷུ་ར་ལྟར་དམར། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །གཉིས་མེད་བདེ་བའི་རང་བཞིན་ཅན། །གསལ་བའི་སྐུ་ནི་བསྒོམ་པར་བྱ། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པོའི་སྔགས་ནི་འདུ་བྱེད་པ། །སྦྲུལ་འཁྱིལ་ལྟ་བུར་དམིགས་ལ་བཟླས། །བསྙེན་པ་བྱ། དེ་མཐར་ལུས་དང་ངག་དང་ཡིད། །ཨོཾ་ཨཱཿཧཱུྃ་དུ་གྱུར་ལ་བསྡུ། །བདག་མེད་ངང་དུ་སྟོང་པར་བྱ། །གང་ཞིག་དེ་ཉིད་ཤེས་པས་ན། །དེང་འདིར་དངོས་གྲུབ་མཆོག་ཉིད་དུ། །ཐེ་ཚོམ་མེད་དེ་དེ་ཉིད་ནི། །མཁའ་འགྲོ་དྲ་བའི་བདེ་མཆོག་ཀྱང་། །སེམས་ལ་རྟག་

p. 14

གནས་རྣལ་འབྱོར་པ། །མྱ་ངན་འདའ་བར་མི་སྟོན་ནོ། །སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པའི་གསང་བའི་མན་ངག་འདི་སྙན་ནས་སྙན་དུ་བརྒྱུད་དེ་པཎྜི་ཏ་ཉིད་དང་། ལོ་ཙཱ་བ་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་པཱུ་ལ་ཧ་རིར་བསྒྱུར་བའོ།། །།

དཔལ་མགོན་ཆོས་སྐྱོང་རྣམས་ཀྱི་མཆོད་ཕྲེང་མདོར་བསྡུས་པུན་ཌ་རི་ཀའི་ཕྲེང་བ། སྐྱོ་བྲག་ཤྲཱི་བྷ་དྲ།

p. 15

༄༅། །དཔལ་མགོན་ཆོས་སྐྱོང་རྣམས་ཀྱི་མཆོད་ཕྲེང་མདོར་བསྡུས་པུན་ཌ་རི་ཀའི་ཕྲེང་བ་བཞུགས་སོ། །

p. 16

ན་མོ་མ་ཧཱ་ཀཱ་ལ་ཡ། མགོན་པོ་ཆེན་པོ་དང་གསར་མའི་ལྷ་ཚོགས་ཀྱི་མངའ་གསོལ་མཆོད་ཕྲེང་མདོར་བསྡུས་པ། རྒྱས་པར་སྤྲོ་ན་མགོན་པོ་ལྷ་མོ་རྣམས་ཀྱི་སྐུ་རྟེན་བཀྲམ། མདུན་དུ་མཆོད་པ་སྣ་བདུན་བཤམ། ཐོད་པ་དུམ་གཅིག་སྨན་རཀ་གིས་བཀང་། གསོལ་གཏོར་གཞུང་མཐུན། དམར་གཏོར་ཆེ་བ་གཅིག་ལ་དཀར་གཏོར་གཉིས་དང་དམར་གཏོར་བཅུ་གསུམ་གྱིས་བསྐོར། རྒྱུན་དུ་དམར་གཏོར་གཅིག་དང་། ཕུད་རྒོད་ཐོད་སྣོད་དུ་བླུགས། བསྡུ་ན་ཕུད་རྒོད་བཤམས་ལ། སྤོས་དུད་བཏང་། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་སྐད་ཅིག་གདོས་བཅས་ལུས་དོར་ནས། རང་ཉིད་ཧེ་

p. 17

རུ་ཀ་དཔལ་བཅོམ་ལྡན་འཁོར་ལོ་སྡོམ། རྒྱན་དང་ཆ་ལུགས་མ་འདྲེས་ཡོངས་རྫོགས་གསལ་བར་གྱུར། མདུན་དུ་བྷྲཱུྃ་ལས་རྡོ་རྗེའི་བྲག་རི་ལྷུན་ཆགས་སྟེང་། ཡྃ་ལས་རླུང་ནག་དྲག་པོ་དུས་ཀྱི་གཡོ་བྱེད་རབ་ཏུ་འཚུབ། དེ་སྟེང་རྃ་ལས་བསྐལ་པའི་མེ་ཆེན་ཟུར་གསུམ་འབར། དེ་སྟེང་ར་ལས་རཀྟའི་རྒྱ་མཚོ་དམར་ཞིང་འཁྱིལ། མི་རོ་རྟ་རོ་ཤ་ཆེན་ལྷུ་དུམ་བྱ་གཅན་ལྡིང་། སྟག་གཟིག་གཏུམ་པོ་སྟོབས་འགྲན་ངར་ཞིང་རབ་ཏུ་རྒྱུག །དེ་སྟེང་ལྷ་སྲིན་ཀླུ་སོགས་སྡེ་བརྒྱད་སྐར་ལྟར་འཁྲུགས། དུར་ཁྲོད་

p. 18

རབ་འཇིགས་མེ་རླུང་རབ་ཏུ་བསྐོར་བའི་དཀྱིལ། པྃ་ལས་པད་ནག་སུརྱ་དབུགས་བྲལ་གདན་སྟེང་དུ། ཧཱུྃ་ཡིག་མཐིང་ནག་འོད་འཕྲོས་སྟོང་གསུམ་མཐུ་སྟོབས་བསྡུས། ཡོངས་གྱུར་མ་ཧཱ་ཀཱ་ལ་ནག་པོ་ཕྱག་བཞི་པ། ཆར་སྤྲིན་གཏིབས་པ་ལྟར་མཚུངས་ཞལ་གཅིག་སྤྱན་གསུམ་བསྒྲད། ཐོད་སྐམ་དབུ་རྒྱན་རལ་དམར་གྱེན་འབར་རྡོ་རྗེ་སྦྲུལ་དང་ཁྱུང་གིས་བརྒྱན། ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཁྲོ་གཉེར་སྨིན་མ་གློག་ལྟར་རབ་ཏུ་འབར། སྙན་ལུང་རིན་ཆེན་སྦྲུལ་དང་དར་དཔྱངས་རྒྱན་ཆ་དུ་མས་རབ་ཏུ་བརྒྱན། ཕྱག་གཡས་དང་པོས་གྲི་གུག་བྷཻ་འབྲས་ཐུགས་ཀར་བསྣམས་ཤིང་འོག་མས་རལ་གྲི་མེ་འབར་ཕྱར། གཡོན་གྱི་དང་པོས་ཐོད་ཁྲག་ཐུགས་ཀར་བསྣམས་ཤིང་འོག་མས་ཏྲི་ཤུ་དར་དཔྱངས་ཕྱར་སྟབས་འཛིན། གླང་ཀོ་ཞིང་ཆེན་མགོ་བོའི་ཕྲེང་བ་སྟག་གི་པགས་པའི་ཤམ་ཐབས་ཁྲོ་བོའི་

p. 19

ཆ་ལུགས་མ་ལུས་རབ་ཏུ་རྫོགས། ཞབས་གཉིས་བཙན་འཁྱིལ་དཔའ་བོའི་འདུག་སྟངས་རབ་བརྗིད་ཁམས་གསུམ་དབང་སྡུད་ཆེན་པོར་གསལ་བའོ། །དེའི་གཡས་སུ་ཧཱུྃ་ལས་ལས་མགོན་བྱ་རོག་གདོང་ཅན་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཞིང་ཀོ་སྟག་ཤམ་བརྒྱན། ཐོད་སྐམ་དབུ་བརྒྱན་སྤྱན་གསུམ་ལྟ་སྟངས་རལ་དམར་གྱེན་བརྫེས་པད་ཉི་མི་རོ་མེ་དཔུང་དབུས་སུ་བཞེངས། འཁོར་ཚོགས་ནག་པོ་སྟོང་གི་དམག་དཔུང་རུ་དར་ཕྱར་ཞིང་འུ་རུ་རུ། གཡོན་དུ་བྷྱོ་ལས་རྩ་འཇིབ་དམར་མོ་ཞལ་གཅིག་ཕྱག་བཞི་རལ་གྲི་ཏྲི་ཤུ་མདའ་གཞུ་མི་མགོ་འཛིན་པ་མ་མོ་བྱེ་བའི་དམག་ཚོགས་མང་པོ་རྔམས་སེ་རྔམ། མདུན་དུ་ཧཱུྃ་ལས་ཤ་ཟ་སེང་གདོང་རལ་གྲི་ཐོད་ཁྲག་གར་སྟབས་མཛད་ཅིང་ཤ་ཟ་འབུམ་གྱི་དམག་ཚོགས་མང་པོ་ཐིབས་སེ་ཐིབ། རྒྱབ་ཏུ་ཧཱུྃ་ལས་ལེགས་ལྡན་ཞལ་གཅིག་བེང་

p. 20

འཛིན་དར་བེར་མནབས་པ་མགོན་པོ་འབུམ་གྱི་དམག་ཚོགས་མང་པོ་ཀྱི་ལི་ལི། ཤར་དུ་མཁའ་འགྲོ་བྱ་རྒོད་གདོང་དང་བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི་གདོང་དང་ལྷོ་རུ་འུག་པའི་གདོང་པ་ཅན། ཤར་ལྷོར་ཕག་གི་གདོང་དང་ལྷོ་ནུབ་ཁྱི་ཡི་གདོང་པ་ཅན། ནུབ་བྱང་སྤྱང་ཀིའི་གདོང་དང་བྱང་ཤར་སྟག་གི་གདོང་པ་ཅན། ཐམས་ཅད་སྐྲ་གྲོལ་གྲི་ཐོད་འཛིན་ཅིང་པད་ཉི་རོ་སྟེང་གར་མཆོང་སྟབས་ཀྱིས་རྒྱུག་པའོ། །མགོན་པོའི་སྤྱི་བོར་ཧེ་རུ་ཀ་ནི་སྐུ་མདོག་ཆ་ལུགས་མ་འདྲེས་ཡོངས་རྫོགས་གསལ་བར་གྱུར། མདུན་དུ་ཧཱུྃ་ཏྲི་ཡོངས་གྱུར་ཞིང་སྐྱོང་ཡབ་ཡུམ་སྐུ་ལ་དར་ནག་བེར་གསོལ་རུ་དར་བསྣམས་ཤིང་བདུད་རྟར་ཞོན། ལས་བྱེད་བཾ་རོ་སྤྱི་བོས་འགྲོ་ཞིང་བདུད་དམག་མང་པོས་བསྐོར་བའོ། །གཡས་སུ་གུར་མགོན་ནག་པོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་གཎྜི་བསྣམས་ཤིང་མིའུ་

p. 21

འདུག་སྟངས་ཀྱིས་བཞུགས་པར། བྱ་ཁྱི་ལྕེ་སྤྱང་མི་ནག་རུ་འདྲེན་སྡེ་བཞི་ཨེ་ཀ་ཛ་ཏྲི་འདོད་ཁམས་དབང་ཕྱུག་གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་གིས་བསྐོར་བ། གཡོན་དུ་ཨཾ་ལས་དུད་སོལ་ལྷ་མོ་ཞལ་གཅིག་ཕྱག་བཞི་རལ་གྲི་བྷན་དམར་ཤག་ཏི་ཏྲི་ཤུ་འཛིན་ཅིང་བོང་བུ་དམར་གྭ་ལ་ཞོན་པ། འཁོར་ནག་མོ་འབུམ་གྱིས་བསྐོར་བ། བཻ་ལས་བྱུང་བའི་རྒྱལ་ཆེན་རྣམ་སྲས་ཕྱག་ན་རྒྱལ་མཚན་དང་ནེའུ་ལེ་བསྣམས་ཤིང་སེངྒེ་ལ་ཆིབས་པ་འཁོར་གནོད་སྦྱིན་འབུམ་གྱིས་བསྐོར་བ། རྟ་བདག་ཀུ་བཻ་ར་སྐུ་ལ་ཁྲབ་རྨོག་གསོལ་བ། འཁོར་ལོ་མདུང་དར་བསྣམས་ཤིང་རྟ་སྔོན་ལ་ཆིབས་པ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ། གཟའ་བདུད་ནག་པོ་མགོ་དགུ་སྤྱན་སྟོང་ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས་པ་བསྣམས་པ་གདོང་མོ་བཞི་དང་གཟའ་བརྒྱད་ཀྱིས་བསྐོར་བ། ཏྲི་ལས་

p. 22

བྱུང་བའི་རྡོ་རྗེ་ལེགས་པ་སྐུ་མདོག་དམར་པོ་རྡོ་རྗེ་དང་དགྲ་སྙིང་འཛིན་པ་འོབ་ཞུ་དང་བེར་གསོལ་བ་སེངྒེ་ལ་ཆིབས་པ་མཆེད་ཟླ་སུམ་བརྒྱ་དྲུག་ཅུས་བསྐོར་བ། ཤན་པ་དམར་པོ་ཁྲོས་ཤིང་རུ་མཚོན་དང་ཙིཏྟ་གསོལ་བ། བསེ་ཁྲབ་དང་རྨོག་ཞུ་མཛེས་ཤིང་རྟ་དམར་ལ་ཆིབས་པ་བཙན་དམག་འབུམ་གྱིས་བསྐོར་བ། ཕུ་ལས་བྱུང་བའི་དགེ་བསྙེན་གསེར་མིག་གི་དབུ་ཅན་ལ་ཀླུ་བརྒྱད་ཀྱིས་བསྐོར་བ། སྨྱོ་ཁ་སྐུ་མདོག་ནག་པོ་འཁོར་ལོ་དང་སྦྲུལ་ཞགས་འཛིན་པ་སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ་དུ་འཁྱུགས་པ་རྟ་ནག་ལ་ཆིབས་པ་ཀླུ་དམག་འབུམ་གྱིས་བསྐོར་བ། ཐང་ལྷ་རྡོ་རྗེ་འབར་བ་དར་ཐོད་དང་སྦ་ལྕག་དར་མདུང་བསྣམས་པ་དར་བེར་གསོལ་ཞིང་ལྷ་རྟ་ངང་དཀར་ལ་ཆིབས་པ། དྲེགས་པའི་དམག་ཚོགས་སྲས་བློན་ཡུམ་འབངས་ཀྱིས་བསྐོར་བ། དམག་གི་རྒྱལ་མོ་སྐུ་མདོག་དམར་མོ་ཕྱག་ན་སྦ་

p. 23

མཁར་སྦྲུལ་ཞགས་འཛིན་པ་རྔ་མོང་གྭ་པ་ལ་ཆིབས་པ་ལྟས་ངན་ཚོགས་ཀྱིས་བསྐོར་བ། ལྷ་སྨན་ཚེ་རིང་མཆེད་ལྔ་སེངྒེ་རྐྱང་དང་སྟག་དང་ཤྭ་བ་འབྲུག་ལ་ཆིབས་ཤིང་རྡོ་རྗེ་བུམ་པ་མེ་ལོང་ནོར་བུ་མདའ་དར་རཏྣ་མཆོད་རྟེན་སྒྲོམ་བུ་མ་ཎི་སྦྲུལ་ཞགས་འཛིན་པ་ལྷ་སྨན་བྱེ་བས་བསྐོར་བ། དུར་ཁྲོད་ཀྱི་བདག་མོ་ངས་ནུས་མ་ནོར་བུ་དང་ནེའུ་ལེ་འཛིན་པ་དཀར་མོ་གཟིག་གི་ཤམ་ཐབས་ཅན་དར་དང་རཏྣས་བརྒྱན་པ་བོང་བུ་དམར་གྭ་ལ་ཆིབས་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་མོ་མང་པོས་བསྐོར་བའོ། །སྤྲག་གི་བཙན་རྒོད་མི་རྟ་དཀར་མཛེས་ཞྭ་བེར་དཀར་ལ་ཕྱག་གཉིས་སྦ་ལྕག་རུ་མཚོན་ནེའུ་ལེ་ནོར་སྐྱུག་འཛིན། ཡུམ་བློན་གཉན་ལྷ་བདུད་བཙན་ཕྱི་ནང་བློན་རིགས་སྨན་ཚོགས་སྔོན་རྒྱུག་རྗེས་འབྲང་ཁྱི་དཀར་ཁྱི་དམར་རྒྱུག །དབྱི་རྒྱལ་དམར་སྨུག་དར་ཐོད་བེར་

p. 24

དམར་འཁོར་གསུམ་རྟ་ཁམ་ཆིབས་ཤིང་ཕྱག་གཉིས་ཐོ་ཆེན་དར་ཁྲ་ལྕེ་བརྒྱད་ཕྱར། རོགས་ལྕམ་མཚོ་བཀྲ་ལྔ་དང་ཕྱི་ནང་གསང་བའི་བློན་པོ་ཨ་མགོན་གཏམ་རྒྱལ་རྟ་ཤོད་ཤྭ་ར་མེ་འོད་འབར་ཞིང་འཁོར་ཚོགས་མང་པོས་བསྐོར་བར་གྱུར། དེ་རྣམས་ཀྱི་ཕྱི་རོལ་དུ་དཀར་པོ་ལྷ། ནག་པོ་བདུད། དམར་པོ་བཙན། སེར་པོ་གཤིན་རྗེ། སྨུག་ནག་སྲིན་པོ། སྔོན་པོ་ཀླུ། ཁྲ་བོ་གཟའ། སྤྲུལ་པ་ཡང་སྤྲུལ་གྱི་དམག་ཚོགས་རྣམས་ཀྱིས་བསྐོར་བའོ། །གཙོ་འཁོར་རྣམས་ཀྱི་སྤྱི་བོར་ཨོཾ་ཡིག་དང་། མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་མཐིང་ལས། འོད་འཕྲོས་རང་བཞིན་གནས་ནས་སྐུ་བསྐྱོད་ལ། བདག་གི་མདུན་དུ་བཛྲ་ས་མཱ་ཛཿ མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་ཛཿཧཱུྃ། ཞེས་རོལ་མོ་ལྡིར། སྤོས་དུད་བཏང་། ཧཱུྃ། འོག་མིན་ཆོས་དབྱིངས་དཀྱིལ་འཁོར་ནས། །ཧེ་རུ་ཀ་སྤྲུལ་དྲག་པོའི་སྐུ། །བཟོད་དཀའི་གཟི་བྱིན་ཆེར་འབར་

p. 25

བ། །ལྷ་ཆེན་ཀུན་གྱི་དབང་ཕྱུག་པོ། །མ་ཧཱ་ཀཱ་ལ་ཕྱག་བཞི་པ། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས། །ནཱ་ལེནྡྲ་དང་བསིལ་བའི་ཚལ། །དུར་ཁྲོད་བརྒྱད་ཀྱི་གནས་མཆོག་ནས། །མགོན་པོ་ནག་པོ་སྤྱན་འདྲེན་གཤེགས། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཡེ་ཤེས་མགོན་པོ་གཤེགས་སུ་གསོལ། །བྱ་རོག་གདོང་ཅན་གཤེགས་སུ་གསོལ། །ཡུམ་ཆེན་རྩ་འཇིབ་གཤེགས་སུ་གསོལ། །ཤ་ཟ་སེང་གདོང་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །མཁའ་འགྲོ་བརྒྱད་པོ་གཤེགས་སུ་གསོལ། །ནག་པོ་སྟོང་ཚོགས་གཤེགས་སུ་གསོལ། །ཤ་ཟ་འབུམ་སྡེ་གཤེགས་སུ་གསོལ། །མ་མོ་བྱེ་བ་གཤེགས་སུ་གསོལ། །རོ་ལངས་བརྒྱད་པོ་གཤེགས་སུ་གསོལ། །གནོད་སྦྱིན་ཁྲི་ཡང་གཤེགས་སུ་གསོལ། །དཔལ་མགོན་དོན་གཉིས་གཤེགས་སུ་གསོལ། །བཀའ་

p. 26

སྡོད་བརྒྱད་པོ་གཤེགས་སུ་གསོལ། །གཤིན་རྗེ་བཅུ་ཡང་གཤེགས་སུ་གསོལ། །མགོ་བརྙན་བཅུ་དྲུག་གཤེགས་སུ་གསོལ། །གིང་ཆེན་བཅོ་བརྒྱད་གཤེགས་སུ་གསོལ། །ཕོ་བདུད་ཉེར་གཅིག་གཤེགས་སུ་གསོལ། །དབང་ཕྱུག་ཉེར་བརྒྱད་གཤེགས་སུ་གསོལ། །དྲེགས་པ་སུམ་ཅུ་གཤེགས་སུ་གསོལ། །སྤྲུལ་པ་ཡང་སྤྲུལ་གཤེགས་སུ་གསོལ། །ཕྱོགས་སྐྱོང་ཞིང་སྐྱོང་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །དགྲ་ཡི་གཤེད་པོ་གཤེགས་སུ་གསོལ། །བགེགས་ཀྱི་གཉེན་པོ་གཤེགས་སུ་གསོལ། །འཁོར་དང་ཡང་སྤྲུལ་གཤེགས་སུ་གསོལ། །བྷྱོ། བདུད་མགོན་ཞིང་སྐྱོང་གཤེགས་སུ་གསོལ། །བཾ་རོ་སྡེ་བརྒྱད་གཤེགས་སུ་གསོལ། །གུར་མགོན་ཡབ་ཡུམ་གཤེགས་སུ་གསོལ། །འཁོར་རྣམས་པུ་ཏྲ་གཤེགས་སུ་གསོལ། །ཡོངས་འདུས་མུ་ལེ་རི་རབ་ནས། །དཔལ་ལྡན་

p. 27

ལྷ་མོ་གཤེགས་སུ་གསོལ། །ནག་མོ་འབུམ་སྡེ་གཤེགས་སུ་གསོལ། །ཕྱག་དྲུག་བེང་འཛིན་གཤེགས་སུ་གསོལ། །སྟག་གླང་སེང་ཞོན་གཤེགས་སུ་གསོལ། །གནོད་སྦྱིན་སྡེ་ཚོགས་གཤེགས་སུ་གསོལ། །རྟ་ལྷའི་རྒྱལ་པོ་གཤེགས་སུ་གསོལ། །གཟའ་བརྒྱད་གདོང་མོ་གཤེགས་སུ་གསོལ། །སྐྱེས་བུ་སུམ་བརྒྱ་གཤེགས་སུ་གསོལ། །ཇག་དམར་བཙན་འཁོར་གཤེགས་སུ་གསོལ། །གནས་བརྒྱད་དགེ་བསྙེན་གཤེགས་སུ་གསོལ། །སྨྱོ་ཁ་ཀླུ་བདུད་གཤེགས་སུ་གསོལ། །ཐང་ལྷ་སྲས་ཡུམ་གཤེགས་སུ་གསོལ། །དམག་རྒྱལ་འཁོར་བཅས་གཤེགས་སུ་གསོལ། །ཚེ་རིང་མཆེད་ལྔ་གཤེགས་སུ་གསོལ། །དུར་བདག་ངས་ནུས་གཤེགས་སུ་གསོལ། །མ་མོ་འབུམ་སྡེ་གཤེགས་སུ་གསོལ། །སྤྲག་བཙན་འཁོར་བཅས་གཤེགས་སུ་གསོལ། །དམག་དཔོན་སྡེ་འཁོར་གཤེགས་སུ་

p. 28

གསོལ། །སྲུང་མ་འཁོར་བཅས་གཤེགས་སུ་གསོལ། །གློག་ལྟར་མྱུར་བས་གཤེགས་སུ་གསོལ། །ཐོག་ལྟར་དྲག་པོས་གཤེགས་སུ་གསོལ། །མ་ཐོགས་འབོད་པས་གཤེགས་སུ་གསོལ། །རྣལ་འབྱོར་བསྲུང་ཕྱིར་གཤེགས་སུ་གསོལ། །རྐྱེན་གེགས་སེལ་ཕྱིར་གཤེགས་སུ་གསོལ། །ཚུར་ཚུར་བྱོན་ལ་གཉིས་སུ་མེད། །གཉིས་མེད་ལྷན་དུ་རོ་གཅིག་ཏུ། །ཐིམ་པ་ཆོས་སྐུའི་རང་བཞིན་གྱི། །ལྷ་ཚོགས་མ་ལུས་འཁོར་བཅས་རྣམས། །འདམ་སྐྱེས་གེ་སར་རབ་བྱེ་ཞིང་། །ཚ་ཟེར་མེ་བརྒྱ་རབ་སྤྲོ་བ། །འོད་དཀར་མུན་པ་རབ་བསལ་ཞིང་། །བདག་མེད་དབུགས་བྲལ་རྐང་གཉིས་གདན། །ཞིང་བཅུའི་རེག་བྱ་བཤུས་གདན་དང་། །རཏྣ་སུམ་བརྩེགས་དྲག་པོའི་མཁར། །རྐང་གཉིས་རྣམ་རྒྱལ་ཁང་བརྩེགས་དབུས། །རང་རང་ཡིད་དུ་སྤྲོ་བའི་ཞིང་། །བསྟན་པ་ཇི་སྲིད་གནས་ཀྱི་བར། །ཅི་བདེ་བར་ནི་

p. 29

བཞུགས་སུ་གསོལ། །པདྨ་ཀཱ་མ་ལ་ཡ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་རིགས་ལྔ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་ཆུ་ལྷག་རྣམས། །ཡར་འཁྱིལ་གཙོ་བོ་འཁོར་བཅས་ལ། །ཧེ་རུ་ཀ་དང་མི་བསྐྱོད་པས། །དབུ་ཡི་ཅོད་པན་མཆོག་ཏུ་མཛེས། །ཞེས་མཆོད་པ་ཀུན་བཟང་རབ་སྤྲོ་བ། ཧཱུྃ། མགོན་པོ་འཁོར་དང་བཅས་པ་དང་། །ཞིང་སྐྱོང་དམ་ཅན་རྒྱ་མཚོ་དང་། །སྲུང་མ་ཆོས་སྐྱོང་སྡེ་འཁོར་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །དངོས་པོའི་རྫས་དང་སྤྲུལ་པའི་མཐུས། །སྐྱོན་སྤངས་ལྕང་ལོར་བཅས་པའི་སྣོད། །རྡོ་རྗེ་གསུམ་པོས་སྦྱངས་སྤེལ་བ། །ཉམས་པའི་རཀྟ་ཨརྒྷཾ་དང་། །མྱོས་བྱེད་དུག་གི་ཐོར་འཐུང་དང་། །འབྲུ་བཅུད་དྭངས་མའི་ཡོན་ཆབ་དང་། །དབང་ལྔའི་ཀུ་མུད་ཚོམ་བུ་དང་། །མྃ་ས་དྲི་ལྡན་ཞུགས་སྦར་དུད། །ཚིལ་ཆེན་དྭངས་ཞུན་འོད་འབུམ་མེ། །ཨ་

p. 30

མྲྀ་ལྔ་ཡི་དྲི་མཆོག་དང་། །ཤ་ཆེན་རོ་བརྒྱ་ལྡན་པའི་བཤོས། །ཡན་ལག་སྦུ་གུ་རླུང་གི་སྒྲ། །ཀ་པཱ་ལྟག་སྤྲོད་རྔ་སྒྲ་དང་། །སྐྱེ་བ་ལྔ་པ་སྙན་པའི་སྒྲ། །བསྟོད་ཚིག་གླུ་ཡིས་འབོད་པའི་དབྱངས། །རབ་འབྱམས་ཆོས་སྐུའི་ཀློང་གང་བ། །ཡིད་སྤྲུལ་ལོངས་སྤྱོད་རྒྱ་ཆེ་ཞིང་། །ཀྃ་ལས་ཐོད་སྒྱེད་སྟེང་དུ་ནི། །ཨ་ལས་སྐྱོན་སྤངས་དུམ་གཅིག་ནང་། །དབུས་སུ་ན་ལས་མི་ཡི་ཤ །ཤར་དུ་གོ་ལས་བ་གླང་ཤ །ལྷོ་རུ་ཀུ་ལས་ཁྱི་ཡི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོའི་ཤ །དབུས་སུ་ཤུ་ལས་བྱང་སེམས་དཀར། །བྱང་ཤར་བི་ལས་དྲི་ཆེན་སེར། །ཤར་ལྷོར་མུ་ལས་དྲི་ཆུ་སྔོ། །ལྷོ་ནུབ་མ་ལས་ཀླད་པ་དཀར། །ནུབ་བྱང་ར་ལས་རཀྟ་དམར། །སྔགས་དང་ཡི་གེས་རྒྱས་བཏབ་པས། །སྟེང་དུ་ཟླ་བའི་ཁ་གེབ་སྟེང་། །ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས། །བདུད་རྩི་བཀུག་པས་དབྱེར་མེད་པ། །ཐུགས་ཀའི་ཧཱུྃ་

p. 31

ལས་འོད་འཕྲོས་པས། །རླུང་གཡོས་མེ་སྦར་ཐོད་པ་ཁོལ། །རྫས་རྣམས་འོད་ཞུ་རླངས་པ་ལས། །ཁ་ཊྭཱཾ་ག་འོག་དངུལ་ཆུའི་མདོག །ཡེ་ཤེས་བདུད་རྩི་གཉིས་མེད་གྱུར། །ཟླ་བ་འབྲུ་གསུམ་ཁ་ཊྭཱཾ་ག །ཞུ་བས་མུ་ཁྱུད་བསྐྱིལ་བ་ལྟར། །དཀར་དམར་སྔོ་བའི་གཟི་ཆགས་པ། །ཁོར་ཡུག་དང་འདྲ་རྒྱ་ཆེ་བ། །དཔའ་བོ་དགྱེས་པའི་བདུད་རྩི་གང་། །དཔའ་མོ་འདུ་བའི་རང་བཞིན་གྱུར། །ཐོད་པར་ར་ཞུ་ཉམས་པའི་ཁྲག །དུག་གསུམ་རིགས་དྲུག་བསྒྲལ་བའི་ཁྲག །སྦུ་ཕྲེང་རབ་གཡོ་འོད་འཕྲོ་བ། །རང་བཞིན་ལྷ་ཚོགས་དགྱེས་པའི་རྫས། །འབྲུ་བཅུད་ཕྱེ་མར་བདར་བ་ལས། །གྲུབ་པའི་གཏོར་མ་བ་ལིངྟ། །བརྒྱན་པས་བརྗིད་ལྡན་དང་འདྲ་བ། །ཕུན་ཚོགས་འབྱུང་བའི་གཏོར་མ་འདི། །དཔལ་ཆེན་འཁོར་བཅས་སྐུ་གསུང་ཐུགས། །སྤྲུལ་པ་ཡང་སྤྲུལ་སྲུང་མའི་ཚོགས། །མ་ལུས་འཁོར་དང་

p. 32

བཅས་པ་ཡི། །རོ་འཛིན་བདེ་བ་དབང་པོའི་གཞུ། །སྦུ་གུའི་ལམ་ནས་ཟས་འཛིན་ལྟོར། །སྐུ་གསུང་ཐུགས་ཀློང་དབྱིངས་སུ་བཞེས། །དབྱིངས་སུ་སྤོར་ཤིག་དགྱེས་མཛོད་ཅིག །འགལ་འཁྲུལ་ཉེས་པའི་སྐྱོན་རྣམས་ཀྱང་། །སོར་ཆུད་རབ་བྱང་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ཨཱཉྩ་མ་ནཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་མཚན་ཉིད་དང་ལྡན་པ། སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔའི་ཡི་གེ་རྣམས་ཀྱིས་མཚན་པ་ལས།

p. 33

རང་གི་ཐུགས་ཀའི་འོད་ཟེར་གྱིས་རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཞུ་བའི་རླངས་པ་ལས་གྲུབ་པའི་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་རྒྱལ་བ་མཆོད་སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་ངོ་བོར་བཀུག་ནས་གཉིས་སུ་མེད་པར་གྱུར། ཕེཾ་ཕེཾ་ཕེཾ། ཨོཾ་བཛྲ་ཨ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ལན་གསུམ། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ཆེན་པོ་འབའ་རོམ་པ། འགྲོ་བའི་མགོན་པོ་ཏི་ཤྲི་རས་པ། གསང་བ་རས་པ་དཀར་པོ། གསང་བ་ལུས་མེད་རྡོ་རྗེ། བླ་མ་བྱང་ཆུབ་གཞོན་ནུ། རས་པ་བློ་གྲོས་རྡོ་རྗེ། ལྷ་རས་པ་བརྩོན་འགྲུས་དཔལ་བ། འཇམ་

p. 34

དབྱངས་ཀེ་རུ་ཀིརྟི། མཚན་ལྡན་པུཎྱེ་བྷ་དྲ། རཏྣ་བྷ་དྲ། པུཎྱེ་ཤྭ་ར། དྷརྨ་རསྨི། ཨ་ནནྟ་གརྦྷ། ཨ་ནནྟ་ས་མུ་དྲ། ཤཱ་ས་དྷཱ་ར་བྷ་དྲ། གྲུབ་ཆེན་ཀརྨ་ཛྙཱ་ན། མཆོག་གྲུབ་ཀརྨ་ཚེ་བརྟན། དུང་དཀར་རས་པ་ཆེན་པོ། སྐྱོ་བྲག་བསྟན་པའི་སྙིང་པོ། དཔལ་ཆེན་ལུང་རིགས་རྒྱ་མཚོ། དབོན་སྲས་ཚེ་དབང་བདུད་འདུལ། དགེ་བཤེས་དགེ་ལེགས་དཔལ་གྲུབ། དུང་དཀར་ངེས་དོན་ཆོས་འཛིན། བསྟན་སྙིང་བསྟན་འཛིན་རྣམ་རྒྱལ། དུང་དཀར་སྒྲུབ་བརྒྱུད་ཆོས་དབྱིངས། གསལ་བྱེད་ཆོས་འགྲུབ་སེང་གེ །ཀརྨ་ཚོགས་གཉིས་འོད་ཟེར། གསང་བདག་བདུད་འཇོམས་རྡོ་རྗེ། ཀརྨ་བསྟན་འཛིན་ཆོས་འཕེལ། ཀརྨ་བཀའ་བརྒྱུད་བཀྲ་ཤིས། དུང་དཀར་ཐེག་མཆོག་འོད་ཟེར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁམས་གསུམ་ཆོས་

p. 35

ཀྱི་རྒྱལ་པོ། བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ལྷ་ལྔ་ལྷ་དྲུག་ཅུ་རྩ་གཉིས་མ་ཡུམ་མཆོག་རྡོ་རྗེ་ཕག་མོ་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་སེངྷ་མུ་ཁ་སི་ན་ར་མ་ཧཱུྃ་ཕཊ། ཞིང་སྐྱོང་སེང་གདོང་ཡབ་ཡུམ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་

p. 36

མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། རྡོ་རྗེ་གུར་གྱི་མགོན་པོ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་མ་ཧཱ་ཀཱ་ལ་སརྦ་མ་ཧཱ་ཀཱ་ལི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ། མགོན་པོ་ཚོགས་ཀྱི་བདག་པོ་གྲི་གུག་ཅན། བྱ་རོག་ཅན་མིང་ཅན་བེང་མ་སེང་ཞོན་སྟག་ཞོན་གླང་པོ་ཆེ་ལ་ཞོན་པ། མགོན་པོ་ཕྱག་དྲུག་པ། བེར་ནག་ཅན། རང་བྱུང་རྒྱལ་མོ། སྔགས་སྲུང་ཨེ་ཀ་ཛ་ཊི། སྲོག་བདུད་མ་ནིང་ནག་པོ། དམ་ཅན་རྡོ་རྗེ་ལེགས་པ། ཏྲག་ལས་གཤིན་ནག་པོ། སྲོག་སྒྲུབ་ནག་མོ་ལ་སོགས་པ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སློབ་དཔོན་རྒྱུད་ཀྱི་བསྟན་པའི་སྲུང་

p. 37

མ། ཕ་མེས་རྒྱུད་ཀྱི་བསྟན་པའི་སྲུང་མ། རྣལ་འབྱོར་བདག་གི་བསྟན་པའི་སྲུང་མ། ཚེ་རབས་ལས་ཀྱི་བསྟན་པའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་བ་ཎ་ཡ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་གང་བ་བཟང་པོ་ལྷ་མོ་ནོར་རྒྱུན་མ་སྲས་ཛཾ་བྷ་ལ་མཆེད་བརྒྱད་གཏེར་བདག་གནོད་སྦྱིན་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨརྱ་རེ་མནྟ་ཡེ་སྭཱ་ཧཱ། རྟ་ལྷ་ཨརྱ་རེ་མནྟ་འཁོར་རྟ་བདག་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ་འཁོར་གཟའ་བདུད་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་སཱ་དྷུ་ཏྲི་ཤུ་ལ་ཛཿ དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ཞལ་དུ་ཨི་དཾ་བ་

p. 38

ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་སུཾ་ཏྲི་རི་ཏྲི་ཏ་ན་ན་ཁ་རེ་བྷྲཱུྃ། དགེ་བསྙེན་རྡོ་རྗེ་དགྲ་འདུལ་འཁོར་ཤན་པ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕུ་ནཱ་ག་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨཿཡཿམཿདུཿརུཿཙཿཤཿནཿདགེ་བསྙེན་ཉ་ཡི་མགོ་བོ་འཁོར་ཀླུ་བདུད་དྲེགས་པ་སྡེ་བརྒྱད་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནཱ་ག་ར་ཙ་ཀྲོ་ཏ་པ་ཙ་ལ་ཏི་གཏེར་བདག་དགེ་བསྙེན་སྨྱོ་ཁ་འཁོར་ཀླུ་བདུད་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུ་ཉིད་ཁུ་ཤ་ལི། གཉན་ཆེན་ཐང་ལྷ་འཁོར་ལྷ་དམག་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་རུ་ལུ་མ་མ་མོ་ཆེན་མོ་དམག་གི་རྒྱལ་མོ་འཁོར་མ་མོ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཛྙཱ་ན་ཌཱ་ཀི་ནི་ལྷ་སྨན་ཚེ་རིང་མཆེད་ལྔ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་གྷྲི་རཱ་ཛ་གྷྲི་རཱ་ཛ་

p. 39

ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ར་ལི་པྲ་མ་ཡ་ཛཿ ས་པཱ་རི་ཝཱ་ར་དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངས་ནུས་མ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཙནྜ་པྲ་མ་ཎི་དྷ་ར་དྷ་ར་ས་མ་ཡ་ཛ་ཛཿ སྤྲག་གི་བཙན་རྒོད་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བྷཱུ་མི་པ་ཏི་ཙ་མ་རི་ས་མ་ཡ་ཛ་ཛཿ དམག་དཔོན་དབྱི་རྒྱལ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་མཉེས་ནས་བདག་ལ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བཀའ་དྲིན་མ་ལུས་པ་ད་ལྟ་ཉིད་དུ་བསྩལ་བར་མཛད་དུ་གསོལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙི་ཨུནྨ་ད་ཨ་པ་སྨ་ར་ཌཱ་ཀ་

p. 40

ཌཱ་ཀི་ནྱཱ་ད་ཡ་ཨི་དཾ་བཱ་ལིང་གྷྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪན་ཏུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཛྙ་ཐ། ཛི་གྷྲ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ་སཏྶུ་ཁཾ་བི་ཤུདྡྷ་ས་ཧཱ་ཡི་ཀཾ་བྷ་ཝནྟུ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད། ཨོཾ་ཨཱཿཧཱུྃ། བླ་མར་བརྒྱུད་པ་འཁོར་དང་བཅས། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དཔའ་བོ་མཁའ་འགྲོ་འཁོར་དང་བཅས། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །

p. 41

གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་བསྟོད་པའི་དབྱངས་ཀྱིས་བསྟོད། ཧཱུྃ། ཆོས་སྐུའི་དཀྱིལ་འཁོར་མི་འགྱུར་ཞི་བའི་ངང་། །ལོངས་སྐུ་ཧེ་རུ་ཀ་དཔལ་སྙིང་རྗེའི་ཀློང་། །སྤྲུལ་སྐུ་འགགས་མེད་ལོག་རྟོག་བསྒྲལ་བའི་སྐུར། །བཞེངས་པའི་ལྷ་ཆེན་དཔལ་མགོན་ནག་པོ་ཆེ། །སྐུ་མདོག་དུས་ཀྱི་ཆར་སྤྲིན་རབ་གནག་པ། །མཐོང་བྱེད་ཉི་ཟླའི་སྡང་མིག་གློག་གིས་འཁྱུད། །རིགས་ལྔ་ཐོད་སྐམ་ལྔ་ཡིས་གཙུག་གི་རྒྱན། །ངག་གི་སྒྲ་ལས་ཧཱུྃ་གི་འབྲུག་སྒྲ་ལྡིར། །དབུ་སྐྲ་བསྐལ་མེ་ལྟར་འབར་ལྟོ་འགྲོས་རྒྱན། །སྙན་ལུང་ཡན་ལག་རྣམ་བཞི་རཏྣས་སྤྲས། །

p. 42

གཡས་པས་གྲི་གུག་བྷཻ་འབྲས་ཐུགས་ཀར་འཛིན། །གཡས་འོག་བསམ་གཅོད་རལ་གྲི་མེ་འབར་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་བསྣམས། །གཡོན་འོག་ཏྲི་ཤུ་དར་དཔྱངས་ཕྱར་སྟབས་འཛིན། །མཆེ་སྡེར་སྟོབས་ཆེན་རྣམས་ཀྱི་པགས་པས་བཀླུབས། །ཞབས་གཉིས་བཙན་འཁྱིལ་གདོང་ལྔ་ལྟ་བུར་འགྱིང་། །པད་ཉི་རོ་གདན་སྲེག་འོད་འཁྱིལ་བའི་ཀློང་། །བཞུགས་མཛད་མཐུ་ཆེན་ཕྱག་བཞི་མགོན་པོ་བསྟོད། །སྐུ་ཡི་གཟི་བརྗིད་སྟོང་གསུམ་མ་ལུས་ཁྱབ། །གསུང་གི་ཧཱུྃ་སྒྲས་ལྷ་སྲིན་སྡེ་བརྒྱད་འདུལ། །ཐུགས་ཀྱི་སྤྲུལ་པས་འདས་དང་མ་འདས་ཁྱབ། །ཡོན་ཏན་ཀུན་རྫོགས་ཕྲིན་ལས་ནག་པོ་བསྟོད། །ཕྱི་ལྟར་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ། །ནང་ལྟར་བཅོམ་ལྡན་འཁོར་ལོ་བདེ་བ་མཆོག །གསང་བ་མགོན་པོ་ནག་པོ་ཆེན་པོ་ནི། །དབྱེར་མེད་ལྷུན་གྲུབ་ལྷ་ཆེན་ཁྱོད་ལ་བསྟོད། །

p. 43

སྐུ་ཡི་དགྱེས་ཡུམ་རྩ་འཇིབ་དམར་མོ་བསྟོད། །གཡས་ཀྱི་བཀའ་སྡོད་བྱ་རོག་གདོང་ཅན་བསྟོད། །མདུན་དུ་བཀའ་སྡོད་ཤ་ཟ་སེང་གདོང་བསྟོད། །རྒྱབ་ཏུ་ཡབ་གཅིག་ལེགས་ལྡན་ནག་པོ་བསྟོད། །ཕྱོགས་མཚམས་ལས་བྱེད་མཁའ་འགྲོ་མ་ཚོགས་བརྒྱད། །གཅེར་བུ་སྐྲ་གྲོལ་གྲི་ཐོད་ཕྱག་ན་བསྣམས། །ཡང་འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཚོགས་བསྟོད། །གཞན་ཡང་ཕྱག་བཞི་མགོན་པོའི་བཀའ་འཁོར་བ། །སྤྲུལ་པ་ཡང་སྤྲུལ་མ་ལུས་འཁོར་བཅས་བསྟོད། །རྒྱལ་བའི་བསྟན་པ་ཉི་འོད་འབུམ་བཞིན་སྤེལ། །ལོག་རྟོག་བདུད་བཞི་མུན་པའི་རྩ་ལག་བཅོམ། །བསོད་ནམས་ས་འཛིན་བཻ་ཌཱུར་མིག་མང་བཀྲ། །ཡེ་ཤེས་ལོངས་སྤྱོད་ཡན་ལག་བརྒྱད་ལྡན་རྒྱས། །དཀར་ཕྱོགས་རྒྱལ་བའི་མི་ནུབ་རྒྱལ་མཚན་བཙུགས། །ཐུབ་བསྟན་ཟབ་མོ་གསེར་རི་ལྷུན་

p. 44

པོའི་རྩེར། །མི་འཇིགས་ཆོས་སྐུ་གདོང་ལྔའི་དབང་པོ་འགྱིང་། །ལོག་འཁྲུལ་དུར་ཁྲོད་ཝ་མོ་བཞིན་དུ་བཅོམ། །དེ་ལྟར་མཆོད་བསྟོད་བསྐུལ་བར་འོས་པའི་མཆོག །ཞིང་སྐྱོང་སེང་གདོང་ཡབ་ཡུམ་བཾ་རོ་ཟུང་། །ལྷ་སྲིན་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསྟོད། །བེར་ཆེན་རོ་གཅིག་གུར་མགོན་གྲི་ཐོད་འཛིན། །བེང་བསྣམས་ཕོ་རྒྱུད་མོ་རྒྱུད་འཁོར་བཅས་བསྟོད། །སྲུང་མ་དཔལ་ལྡན་ལྷ་མོ་དུད་སོལ་མ། །གླིང་བཞི་ཀུན་ཡང་དབང་དུ་བསྒྱུར་མཛད་མ། །དུད་པའི་མདོག་འཆང་གྲི་ཐོད་ཤཀྟི་བསྣམས། །ཉི་ཟླས་བརྒྱན་ཅིང་དྲིལ་ཞོན་མ་མོ་འབུམ། །སྐྲ་གྲོལ་གཅེར་བུ་དཀར་སེར་དམར་ལྗང་བསྐོར། །རབ་ཏུ་བསྟོད་དོ་སངས་རྒྱས་བསྟན་པ་སྲུངས། །མ་ཧཱ་ཀཱ་ལའི་ལས་བྱེད་སྤྲུལ་འཁོར་བཅས། །ཕྱག་དྲུག་བེང་འཛིན་སྟག་གླང་སེང་ཞོན་བསྟོད། །བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་

p. 45

སྲས། །གནོད་སྦྱིན་བྱེ་འབུམ་རྟ་ལྷ་འཁོར་བཅས་བསྟོད། །གཟའ་བརྒྱད་གདོང་མོ་གཟའ་སྲིན་བྱེ་བ་འབུམ། །རྒྱུ་སྐར་ལྷ་མོ་ཉི་ཤུ་རྩ་བརྒྱད་བསྟོད། །པདྨའི་བཀའ་སྡོད་མཆེད་འཁོར་སུམ་བརྒྱ་དང་། །ཇག་དམར་བསེ་ཡི་བཙན་འཁོར་འབུམ་སྡེ་བསྟོད། །གཏེར་སྲུང་དགེ་བསྙེན་ཉ་མགོ་ཀླུ་ཆེན་བརྒྱད། །སྨྱོ་ཁ་ཀླུ་བདུད་ཀླུ་དམག་འབུམ་སྡེ་བསྟོད། །ལྷ་ཡི་དགེ་བསྙེན་ཐང་ལྷ་བརྒྱ་བྱིན་སྲས། །སྔོན་རྒྱུག་རྗེས་འབྲང་བློན་འཁོར་མ་ལུས་བསྟོད། །དགྲ་བོར་ཐན་འགྱེད་མ་མོ་འཁོར་བཅས་དང་། །གྲུབ་གཉིས་རབ་སྐྱོང་ཚེ་རིང་མཆེད་ལྔ་བསྟོད། །དཀོན་མཆོག་བསྟན་སྲུང་དུར་ཁྲོད་ངས་ནུས་མ། །ལྷ་མོ་དཀར་སེར་དམར་ལྗང་འཁོར་བཅས་བསྟོད། །སྤྲག་གི་བཙན་རྒོད་འཁོར་དང་བཅས་པ་དང་། །མཐུ་ལྡན་དབྱི་རྒྱལ་རིན་ཆེན་འཁོར་བཅས་བསྟོད། །མ་ལུས་འཁོར་བཅས་རབ་ཏུ་བསྟོད་

p. 46

པའི་མཐུས། །སྒྲུབ་བསྟན་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ། །དམ་པ་ཆོས་ཀྱི་ཟབ་བཅུད་མི་ནུབ་སྲུངས། །དཔལ་ལྡན་འབའ་རོམ་ངེས་དོན་བཤད་སྒྲུབ་སྒོར། །ཐོས་བསམ་སྒོམ་སྒྲུབ་སུ་ཡིས་བྱེད་པ་ལ། །བུ་བཞིན་སྐྱོང་ལ་ལོག་ཆོས་མི་འཕྲད་ཅིང་། །ཉམས་རྟོགས་གོང་འཕེལ་ཚེ་བསོད་འབྱོར་རྒྱས་སྤེལ། །ཁ་འཛིན་སྡོང་གྲོགས་སྲུང་སྐྱོབས་མ་གཡེལ་ཅིག །ཉམས་པ་གདོན་བགེགས་གཟུགས་ཅན་གཟུགས་མེད་རྣམས། །ཞི་དང་དྲག་པོས་གང་ལ་གང་འདུལ་གྱིས། །ཚར་གཅོད་རྗེས་འཛིན་བྱང་ཆུབ་ས་རུ་སྐྱོལ། །སྔོན་ཚེ་ཧེ་རུ་ཀ་དང་དཔལ་ཆེན་དང་། །ཤཱཀ་ཐུབ་པདྨ་འབྱུང་གནས་བཀའ་བསྒོས་བཞིན། །རང་གི་ཞལ་བཞེས་དེ་ལྟར་དྲན་གྱིས་ལ། །ཇི་ལྟར་བསྒོས་པ་བཞིན་དུ་བསྒྲུབ་མཛོད་ཅིག །ཅེས་བསྙེན་དམིགས་ནི། གཙོ་བོ་མགོན་པོའི་ཐུགས་ཀར་པད་ཉིའི་སྟེང་། །ཧཱུྃ་མཐིང་སྔགས་ཀྱིས་གཡོན་དུ་

p. 47

བསྐོར་བ་དང་། །འཁོར་རྣམས་ཧཱུྃ་དང་བྷྱོ་ཡིག་རང་རང་གི །སྲོག་ཡིག་ཐ་མར་སྔགས་ཀྱིས་བསྐོར་བ་དང་། །ལྷ་མོའི་ཐུགས་ཀར་བྷྱོ་ཡིག་མཐིང་ནག་མཐར། །སྔགས་ཕྲེང་མགལ་མེ་ལྟ་བུ་གཡོན་དུ་འཁོར། །གཙོ་འཁོར་ཐུགས་སྲོག་རྣམས་ལས་འོད་འཕྲོས་པས། །འགྲོ་བའི་སྒྲིབ་སྦྱངས་རྒྱལ་མཆོད་དངོས་གྲུབ་བསྡུས། །སླར་ཡང་འོད་ཟེར་མེ་འོད་རབ་འཕྲོས་པས། །བསྟན་དགྲ་དངོས་ཅན་དངོས་མེད་ཚར་བཅད་ནས། །སྟོང་གསུམ་མཐུ་སྟོབས་བསྡུས་ནས་གཙོ་འཁོར་ཐིམ། །ཁམས་གསུམ་སྟོང་གསུམ་ཐམས་ཅད་དབང་བསྡུད་གྱུར། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ཞེས་སོ་སོར་ཅི་ནུས་བཟླས་ལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་

p. 48

པ་ཀཱ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚན་ཁ་ཁ་ཁཱ་ཧི་ཁཱ་ཧི། སྨཱ་ར་སྨཱ་ར། གྲྀ་ཧྞ་གྲྀ་ཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ལན་གསུམ་མཐར། ཧཱུྃ། དཔལ་མགོན་འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ནི་མ་རིག་དབང་གིས་འཁོར་བར་འཁྱམས། །ལོག་རྟོག་འཁྲུལ་པའི་བག་ཆགས་གང་མཆིས་པ། །མི་གསང་མི་སྦེད་བྱང་དག་སོར་ཆུད་ནས། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་རྗེས་བཟུང་ནས། །བདག་ཅག་འདི་དང་ཕྱི་མ་དུས་ཀུན་ཏུ། །རྗེས་སུ་བཟུང་ནས་བྱང་ཆུབ་ས་རུ་སྐྱོལ། །ལེ་ལོ་སྙོམ་ལས་མ་མཛད་མགོན་པོའི་ཚོགས། །སྔོན་ཚེ་རྒྱལ་བས་བཀའ་བསྒོས་ཇི་བཞིན་དུ། །རྣལ་འབྱོར་འཁོར་བཅས་སྲུང་སྐྱོབ་མ་གཡེལ་ཅིག །ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། བདུད་འདུལ་གྱི་དབང་ཕྱུག །ནག་པོ་སྟོང་གི་ཚོགས་ཀྱིས་

p. 49

བསྐོར་བ། ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་པོ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། བདག་གི་རྣལ་འབྱོར་སྐྱོངས་ཤིག །ཚེ་དང་དབང་ཕྱུག་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །ཅེས་པ་འདི་ནི་རང་འདོད་ཀྱིས་བསྲེ་སླད་མ་ཞུགས་པར་སྤུ་གྲི་ཀླད་གཟེར་གྱི་རྒྱུད་ནས་ཇི་ལྟར་འབྱུང་བ་བཞིན་བྲིས་པའོ། །༈ དེ་ནས་རྒྱལ་ཆེན་རྣམ་སྲས་ཀྱི་མཆོད་གཏོར་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཡི་གེ་བཻ་སེར་པོ་གཅིག་འཕྲོས་ནས་མདུན་དུ་བཞུགས་

p. 50

པ་ལས། འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕྲོས་ལྷ་དང་བཅས་པའི་ལོངས་སྤྱོད་ཐམས་ཅད་ཚུར་བསྡུས་ནས་བཻ་ལ་ཐིམ། ཨོཾ་བཻ་སྭཱ་ཧཱ། བཻ་འོད་དུ་ཞུ་བ་ལས་པདྨ་ཉི་མའི་སྟེང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་བ་གསེར་བཙོ་མའི་མདོག་འདྲ་བ་སྐུ་ཤ་ཤིན་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ན་ཟ་འོག་དང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་རྒྱལ་མཚན་ཕྱར་བ། གཡོན་ན་ནེའུ་ལེའི་རྐྱལ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་འཛིན་ཅིང་སེངྒེའི་སྟེང་དུ་བརྐྱང་བསྐུམ་གྱིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་ཞིང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་རིན་པོ་ཆེ་སྣ་ཚོགས་པ་ཆར་བཞིན་དུ་འབེབས་ཤིང་གནོད་སྦྱིན་བྱེ་བ་འབུམ་གྱིས་གང་བའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་བཞུགས་པའི་

p. 51

ཐུགས་ཀར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་པདྨ་ཉི་མའི་སྟེང་དུ་བཻ་སེར་པོའི་འོད་ཟེར་བྱང་ཕྱོགས་སུ་འཕྲོས་རྣམ་ཐོས་སྲས་གནོད་སྦྱིན་བྱེ་བ་འབུམ་དང་བཅས་པ་སྤྱན་དྲངས། ཧཱུྃ། རི་རབ་བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་ཐོས་སྲས། །འདོད་ཡོན་ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབས། །ཁྱོད་ཀྱི་དངོས་གྲུབ་ཆེན་པོ་སྒྲུབ་ཅིང་རེ་འདོད་བསྐང་བའི་ཕྱིར། །ཐུགས་རྗེའི་དབང་གིས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ཡ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ཡ་ཨཱ་ཀརྵ་ཡ་ཛཿ ཧཱུྃ། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་ནས། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་ཕྱིར་གནས་འདིར་གཤེགས་ནས་ཀྱང་། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །མཆོད་

p. 52

ཡོན་ཞབས་བསིལ་ཡོན་ཆབ་དང་། །མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་སིལ་སྙན་སྒྲ་ཡི་ཚོགས། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱདྱཾ་ནས་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཧཱུྃ། གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །རིན་ཆེན་ནོར་ལ་དབང་བསྒྱུར་འདོད་ཡོན་ཆར་དུ་འབེབས། །དབུལ་བའི་སྡུག་བསྔལ་སེལ་མཛད་མགོན་པོ་ཐུགས་རྗེ་ཅན། །རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བསྟོད་པ་རྒྱས་པར་སྤྲོ་ན། ཛམྦྷ་ལ་ནི་གསེར་གྱི་མདོག ། རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་བསྟོད། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །བུམ་པ་བསྣམས་ལ་ཕྱག་འཚལ་བསྟོད། །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་

p. 53

ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །ནོར་བུ་བསྣམས་ལ་ཕྱག་འཚལ་བསྟོད། །ཀུ་བཻ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །རལ་གྲི་བསྣམས་ལ་ཕྱག་འཚལ་བསྟོད། །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །གསེར་གྲི་བསྣམས་ལ་ཕྱག་འཚལ་བསྟོད། །འབྲོག་གནས་སྐུ་མདོག་ནག་པོ་ལ། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །མདུང་དམར་བསྣམས་ལ་ཕྱག་འཚལ་བསྟོད། །ལྔ་བརྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །ཁང་བརྩེགས་བསྣམས་ལ་ཕྱག་འཚལ་བསྟོད། །ཙི་པི་ཀུཎྜ་ལཱི་ནི་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་

p. 54

གཡས་པ་ན། །གྲི་ཕུབ་བསྣམས་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་ལེ་ལ། །གཡས་པས་མཚོན་ཆ་སྣ་ཚོགས་འཛིན། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་འཁོར་དང་བཅས་པ་ཡི། །ཁམས་གསུམ་ཐམས་ཅད་དབང་དུ་བསྡུད། །ཁྱོད་ནི་ནོར་བདག་ཆེན་པོ་སྟེ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་འཁོར་གྱི་བསྟོད་པ་འདི་བྱའོ། །ཛཿཧཱུྃ་བཾ་ཧོཿ དབྱེར་མེད་པར་གསལ་བར་བསྒོམ་ཞིང་བདག་གིས་གསོལ་བ་བཏབ་པའི་ཚུལ་དུ་འོད་ཟེར་སྤྲོ་བསྡུས་རྒྱུན་ལ་བཟླས་པ་བྱའོ། །སྔགས་དང་བཀའ་བསྒོ་བ་ཙམ་གྱིས་རིན་པོ་ཆེ་སྣ་ཚོགས་པ་སྟེང་གི་ཕྱོགས་ནས་ཆར་བཞིན་དུ་འབེབས། འོག་གི་ཕྱོགས་ནས་ན་བུན་བཞིན་དུ་འཕྱུར་ཞིང་དགོས་འདོད་

p. 55

ཐམས་ཅད་ལྷུན་གྱིས་གྲུབ་པར་བསྒོམ། བཟླས་པ་ནི། ཨོཾ་བཻ་སྭཱ་ཧཱ། སྐུ་བསྐྱེད་པ་ཉེ་བའི་སྙིང་པོ་ཡིན་པས་བརྒྱ་རེ་ཙམ་བཟླ་བར་བྱའོ། །ཨོཾ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ། སྙིང་པོ་ཡིན་པས་རྒྱུན་ཆད་མེད་པར་བཟླ་བར་བྱའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། སྲས་གཏེར་བདག་གི་སྙིང་པོ་ཡིན་པས་ཆུ་སྦྱིན་བྱས་ཤིང་མང་དུ་བཟླས་ན་དངོས་གྲུབ་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་ཎ་ཡ། མ་ཧཱ་རཱ་ཛ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཚནྡྷ་ཚནྡྷ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། སཱ་དྷ་ཨཱ་ཧ་ར། མ་ནཾ་ནིཪྻ་ཏ་ཡ་དྷཱ་ར་ད་དུ་ཡེ་སྭཱ་ཧཱ། གཏེར་བདག་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། དོ་གལ་ཆེ་བའི་དུས་སུ་མང་བར་བགྲང་ན་གནོད་སྦྱིན་ཐམས་ཅད་ཀྱིས་དགོས་འདོད་མྱུར་དུ་སྒྲུབ་པར་འགྱུར་རོ། །ནོར་མྱུར་དུ་འགྲུབ་པར་བྱེད་པའི་གནོད་སྦྱིན་སྤྱི་བསྡུས་ཀྱི་སྒྲུབ་སྔགས་ནི། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་

p. 56

དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་ས་དྷ་ཡ། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱ་ཧཱ། གཏོར་མ་འབུལ་བར་མདུན་དུ་སྟེགས་ཀྱི་སྟེང་སྣོད་གང་ཡང་རུང་བའི་ནང་དུ། དཀར་གསུམ་མངར་གསུམ་ལ་སོགས་པ་འབྱོར་ཚད་བླུགས་ནས་མདུན་དུ་བཞག་ལ། ཨོཾ་ཨཱཿཧཱུྃ། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་བསྒོམ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེ་བས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་བ་ཎ་ཡ། ཨི་དཾ་བ་ལིཾ་གྲྀ་ཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། འཁོར་རྣམས་ལའང་རང་གི་སྔགས་མཐར་ཨི་དཾ་མན་ཆད་བཏགས་ལ་འབུལ། ཨོཾ་ཨཥྚ་ནཱ་ག་ཤ་དྷ་ས་ཧ་སྲ་ཀོ་ཏྲི་ཡཀྵ་རཀྵ་ས་སྭཱ་ཧཱ། ཞེས་པ་ལ། ཨི་དཾ་བཱ་ལིཾ་མན་ཆད་བཏགས་

p. 57

ལ། ཀླུ་བརྒྱད་དང་། གནོད་སྦྱིན་དང་། སྲིན་པོ་བྱེ་བའི་ཚོགས་ལ་འབུལ། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལ། ཨི་དཾ་ཡང་ན། ཨ་ཀཱ་རོས་འབུལ། ཁྱད་པར་ཉའི་དུས་སུ་དཀར་གཏོར་ཟླུམ་པོ་ལ་མར་དང་རིན་པོ་ཆེས་བརྒྱན་ཅིང་དར་སྣ་ཚོགས་བཙུགས་ལ་འབུལ་ཞིང་། བསྙེན་པ་དང་བཀའ་བསྒོ་དཔག་ཏུ་མེད་པ་བྱས་པས་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབེབས་པར་འགྱུར་རོ། །དེ་ནས་བསྟོད་པ་ནི། ཧཱུྃ། མི་འཇིགས་སེངྒེའི་ཁྲི་སྟེང་ནས། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོ་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་གཏེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང། །འབྱོར་པའི་ལོངས་སྤྱོད་ཕུན་སུམ་ཚོགས། །འདོད་དགུ་ཡིད་བཞིན་

p. 58

བསྒྲུབ་པ་དང་། །གཞན་དོན་ལྷུན་གྱིས་འགྲུབ་པར་མཛོད། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་དོ། །འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། གཏོར་མ་གཙང་སར་འབུལ་བའམ་དངོས་གྲུབ་ཏུ་རོལ་པར་བྱའོ། །ཡེ་ཤེས་པ་བྱང་ཕྱོགས་སུ་གཤེགས།

p. 59

དམ་ཚིག་པ་རང་ལ་བསྡུ་བའམ་མི་དམིགས་པར་བཞག ། ༈ མཁའ་འགྲོ་སྤྱི་གཏོར་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སོ་སོར་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས་པས། རླུང་གིས་མེ་སྦར། ཐོད་པ་དྲོས་པས་རྫས་རྣམས་ཞུ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་

p. 60

རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། ཞིང་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ། ལྷན་ཅིག་སྐྱེས་པའི་ལྷ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་དྷོ་དང་ཉེ་བའི་ཚན་དྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྱོགས་སྐྱོང་བཅུ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱ་གར་རྡོ་རྗེ་གདན།

p. 61

རྒྱ་ནག་རི་བོ་རྩེ་ལྔ། ནུབ་ཕྱོགས་ཨོ་རྒྱན་ཡུལ། བྱང་ཤམ་བྷ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ལྷོ་ཕྱོགས་དཔལ་གྱི་རི་བོ། ཤྲཱི་ནཱ་ལེནྡྲ། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ལ་སོགས་པ་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལྷོ་གྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། ཤར་དྭགས་ལྷ་དཔལ་གྱི་སྒམ་པོ། སྟོད་ལུང་མཚུར་ཕུ། ཀཾ་པོ་གནས་ནང་། ཀརྨ་རི་གླིང་། ཤར་ཕྱོགས་སྤུངས་རི། ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། གངས་དཀར་གྱི་རྒྱལ་པོ་ཏི་སེ། མཚོ་མ་ཕམ། བལ་ཡུལ་འཕགས་པ་ཤིང་ཀུན། ཤིང་ཀཱའི་རིའི་མཆོད་རྟེན། རོང་བཙན་ཁ་བ་དཀར་པོ། ཆོས་འཁོར་ལྷ་ས། དཔལ་གྱི་བསམ་ཡས་ལ་སོགས་པ་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་

p. 62

བྱིན་རླབས་ཅན་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབས་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། མི་ནད་དང་། ཕྱུགས་ནད་དང་། ཡམས་ནད་དང་། འཁྲུགས་རྩོད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ༈ གཞི་བདག་སྤྱི་ལ་གཏོར་མ་འབུལ་བ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་ནུས་མཐུ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་

p. 63

དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུལ་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ས་བདག་ས་ཡི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་

p. 64

དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ་དེ་རིང་གི་ཉི་མ་གཟའ་རྒྱུ་སྐར་དུས་ཚོད་ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་། ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕར་རི་གཡས། ཚུར་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟན་པ་མཁར་ལ་སོགས་པ་ས་ཕྱོགས་ཡུལ་ཕྱོགས་དབེན་གནས་སྒྲུབ་གནས་འདི་ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འགྲོ་ན་མ་བཟུང་། སྡོད་ན་མ་སྐྲད། བསམ་པ་མ་ངན།

p. 65

སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་ནོར་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་བརྗོད། སརྦ་མངྒ་ལཾ།། ༈ ཚོགས་མཆོད་ནི། བཟའ་བཏུང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་བཤམ། ཧཱུྃ། བྷནྡྷ་འབར་བའི་ཡོལ་གོ་རུ། །བཟའ་བའི་རོ་བརྒྱ་ཚོགས་པར་བཤམས། །བདག་ཉིད་ཐུགས་ལས་རྃ་ཡྃ་ཁྃ། །འཕྲོས་པས་བསྲེགས་གཏོར་བཀྲུས་པར་གྱུར། །ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་རླུང་གཡོས་མེ་སྦར་ནས། །ཤ་ལྔ་བདུད་རྩི་ཁོལ་བའི་རླངས། །གྲུབ་པའི་ཁ་ཊྭཱཾ་འབྲུ་གསུམ་ཞུ། །ཨོཾ་ཨཱཿཧཱུྃ། ཧཱུྃ། ཚོགས་གཏོར་རི་ལྟར་སྤུངས་སེ་སྤུང་། །

p. 66

སྨན་རཀ་མཚོ་ལྟར་ཀྱི་ལི་ལི། །ཤ་ཆེན་སྤོས་ངད་ཐིབས་སེ་ཐིབ། །མཆོད་ལྷ་གར་སྟབས་ཁྲིགས་སེ་ཁྲིག །ཚོགས་ཁང་འདི་རུ་གཤེགས་སུ་གསོལ། །དྲུག་པ་རྡོ་རྗེ་འཆང་ཆེན་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་བྱིན་ཕོབ་ཅིག །ཡི་དམ་འཁོར་ལོ་བདེ་མཆོག་ལ། །དཔའ་བོ་སྤྲིན་བཞིན་ཚུབས་སེ་ཚུབ། །ཚོགས་ལ་སྤྱན་འདྲེན་བྱིན་ཕོབ་ཅིག །བདེ་སྤྱོད་རྡོ་རྗེ་ཕག་མོ་ལ། །མཁའ་འགྲོ་མང་པོ་ཀྱུ་རུ་རུ། །ཚོགས་ལ་སྤྱན་འདྲེན་བྱིན་ཕོབ་ཅིག །དུར་ཁྲོད་བརྒྱད་དང་ཉེར་བཞི་ནས། །དཔལ་མགོན་བྱ་རོག་མཚན་ཅན་ལ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་། །སྲུང་མ་དམ་ཅན་རྒྱ་མཚོས་བསྐོར། །ཚོགས་ལ་སྤྱན་འདྲེན་བྱིན་ཕོབ་ཅིག །རྣམ་སྲས་ཛམ་ལྷ་རིགས་དགུ་ལ། །རང་རང་སྡེ་ཚན་འཁོར་གྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་བྱིན་ཕོབ་ཅིག །ཚོགས་གཏོར་བཅུད་

p. 67

ཕོབ་འདིར་ཚོགས་ལ། །བྱིན་ཕོབ་རྐྱེན་སེལ་ཉམས་རྟོགས་སྤེལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚོགས་རིམ་བཞིན་མཆོད་པར་བྱ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས། །སྲུང་མ་སྡེ་འཁོར་བཅས་པ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བས་བཞེས་ལ་དབྱིངས་སུ་སྟིམ། །བར་པ་བཤགས་པ་ནི། ཧཱུྃ། ཡེ་ཤེས་སྤྱན་ལྡན་བླ་མ་ཡི་དམ་ལྷ། །དཔལ་མགོན་ཆོས་སྐྱོང་མ་ལུས་འཁོར་བཅས་ཀྱི། །སྤྱན་སྔར་བདག་སོགས་ཉེས་པས་སྒྲིབ་པ་རྣམས། །སྤྱན་སྔར་གནོང་འགྱོད་དྲག་པོས་རབ་བཤགས་ནས། །བྱང་དག་དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་ཏྭ་ས་མ་སོགས་ཡི་གེ་བརྒྱ་པ་བཟླས། ལྷག་མ་ནི། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། ཤར་ལྷོ་ནུབ་བྱང་མཁའ་འགྲོའི་ཚོགས། །དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མ། །ཤུགས་འགྲོ་མ་སྲིང་བརྟན་

p. 68

མའི་ཚོགས། །དཀྱིལ་འཁོར་མཐའ་རུ་སྐྱོང་བའི་སྡེ། །སྔོན་གྱི་གཡར་དམ་དྲན་གྱིས་ལ། །ཧེ་རུའི་རྣལ་འབྱོར་ཉམས་རྟོགས་སྤེལ། །ལྷག་མ་བཞེས་ལ་ཕྲིན་ལས་རྣམས། །ཐོགས་པ་མེད་པར་འགྲུབ་པར་མཛོད། །རྗེས་ཆོག་ལྷག་མ་བཀྲ་ཤིས་གཞུང་ལྟར་རོ། །ཞེས་པའི་ཚོགས་མཆོད་ཤྲཱི་ནནྟས་བསྐུལ་བ་ལྟར། ཤྲཱི་བྷ་དྲའི་མིང་གིས་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། ༈ བསྐང་བ་ཟུར་ཙམ་ནི། ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ནང་། །ཤ་ལྔ་བདུད་རྩི་རྣམ་ལྔ་ཞུ་བ་ལས། །བྱུང་བའི་རླངས་པ་ལས་གྲུབ་བསྐང་བའི་རྫས། །བརྟེན་རྫས་སྒྲུབ་རྫས་དཔག་མེད་རྒྱ་ཆེ་ཞིང་། །འབྲུ་དར་རཏྣ་ཁང་བཟང་དཔག་བསམ་ཤིང་། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །གོ་མཚོན་སྐྱེས་ཆས་འདོད་ཡོན་མཆོད་ལྷ་ཡིས། །རབ་འབྱམས་ཞིང་ཀུན་ཐམས་ཅད་ཡོངས་གང་གྱུར། །ཨོཾ་ཨཱཿཧཱུྃ་དང་ཧ་ཧོས་བྱིན་

p. 69

བརླབས་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། རོལ་མོའི་སྒྲ་དབྱངས་དང་། སྤོས་ཀྱིས་མཆོད་ལ། ཧཱུྃ། དག་པ་ཆོས་སྐུའི་ཞིང་ཁམས་ནས། །བརྒྱུད་པ་སུམ་ལྡན་ཐུགས་དམ་བསྐང་། །ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས། །འཁོར་ལོ་བདེ་མཆོག་ཐུགས་དམ་བསྐང་། །སྤྲུལ་ཞིང་མཁའ་འགྲོའི་ཚོགས་ཁང་ནས། །ཕག་མོ་ལྷ་ལྔའི་ཐུགས་དམ་བསྐང་། །དབེན་གནས་ཡོངས་རྫོགས་སོ་སོ་ནས། །གསར་རྙིང་རྒྱུད་སྡེ་རབ་འབྱམས་དང་། །ཕ་རྒྱུད་མ་རྒྱུད་ཐུགས་དམ་བསྐང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ལྷ་ཆེན་ཀུན་གྱི་གཙོ་བོ་མཆོག །དཔལ་ལྡན་ཕྱག་བཞི་མགོན་པོ་དང་། །ཡུམ་ཆེན་བྱ་རོག་སེངྒེའི་གདོང་། །ཡབ་གཅིག་ལེགས་ལྡན་མཁའ་འགྲོ་བརྒྱད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །མགོན་པོ་སྟག་ཞོན་སེང་ཞོན་དང་། །བེང་འཛིན་ཕྱག་དྲུག་འཁོར་དང་

p. 70

བཅས། །སྤྲུལ་པ་བསམ་འདས་མ་ལུས་རྣམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་ཆོས་སྐྱོང་ཕོ་མོ་རྣམས། །ཞིང་སྐྱོང་གུར་མགོན་ལྷ་མོའི་ཚོགས། །རྣམ་སྲས་རྟ་ལྷ་གནོད་སྦྱིན་ཁྲི། །གཟའ་མཆོག་སྐྱེས་བུ་ཇག་དམར་བཙན། །གཏེར་སྲུང་ཉ་མགོ་ཀླུ་ཆེན་བརྒྱད། །ཀླུ་བདུད་སྨྱོ་ཁ་ཐང་ལྷ་དང་། །དམག་རྒྱལ་ཚེ་རིང་ངས་ནུས་སོགས། །བཀའ་སྲུང་དམ་ཅན་རྒྱ་མཚོ་དང་། །སྤྲག་གི་བཙན་རྒོད་དབྱི་རྒྱལ་སྡེ། །དཀར་ཕྱོགས་ཡུལ་ལྷ་གཞི་བདག་སོགས། །སྲུང་མའི་འཁོར་དུ་གཏོགས་ཚོགས་རྣམས། །ཐམས་ཅད་ཐུགས་དམ་བསྐང་གྱུར་ནས། །སྐུ་གསུང་ཐུགས་ཡོན་དགྱེས་གྱུར་ཅིག །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །བསྐང་རྫས་རྟེན་རྫས་སྒྲུབ་རྫས་དང་། །སྐུ་འབག་བླ་རྡོ་སྲོག་འཁོར་སོགས། །བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མཆོད་སྣ་བདུན་དང་

p. 71

སྨན་རཀ་གཏོར། །མཆོད་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རོལ་མོ་རྔ་གླིང་སྙན་པའི་དབྱངས། །སྤོས་དུད་དར་ནག་གཡབ་དར་སོགས། །འབོད་པའི་རྫས་ཀྱིས་ཐུགས་དམ་བསྐང་། །པད་ཉི་རོ་གདན་དྲག་པོའི་མཁར། །བཞུགས་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཞིང་ལྤགས་དར་གྱི་འཕེན་གདུགས་དང་། །བླ་རེ་གོ་མཚོན་བསྐང་བའི་རྫས། །སྤྱན་གཟིགས་རྒྱ་མཚོས་ཐུགས་དམ་བསྐང་། །ཆོས་དབྱིངས་བདེ་སྟོང་རྒྱས་པའི་ཕྱིར། །ཡིད་འཕྲོག་འདོད་ཡོན་བུ་མོའི་སྡེ། །གསང་བའི་མཆོད་པས་ཐུགས་དམ་བསྐང་། །གྲི་གུག་ཁ་ཊྭཱཾ་ཏྲི་ཤུའི་ཚོགས། །མི་འབྲལ་རྫས་ཀྱིས་ཐུགས་དམ་བསྐང་། །འདབ་བསྐྱོད་རི་དྭགས་གཏུམ་པོ་དང་། །དཀོར་ནོར་རྟ་ཕྱུགས་མ་ལུས་རྣམས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ནམ་མཁར་སྤྲིན་བཞིན་ཐིབས་སེ་ཐིབ། །བར་སྣང་

p. 72

རྡུལ་ལྟར་ཚུབས་སེ་ཚུབ། །ས་གཞི་མཚོ་ལྟར་ཀྱི་ལི་ཀྱི། །གཟི་བརྗིད་ཉི་ལྟར་མདངས་སེ་མདངས། །མཐོང་ཐོས་དགའ་ཞིང་སྐྱིད་པ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །བསྐང་བའི་རྫས་རྣམས་ཕུལ་བའི་མཐུས། །རྒྱལ་ཁམས་ནད་མུག་མཚོན་བྲལ་ནས། །འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་གསར། །དཀོན་མཆོག་གསུམ་གྱིས་བཞེད་དོན་སྒྲུབས། །སྒྲུབ་པོའི་ཚེ་བསྲིང་ཉམས་རྟོགས་སྤེལ། །ལྷུན་གྲུབ་བདེ་ཆེན་རབ་རྒྱས་ཤིང་། །ལྷ་མི་འགྲོ་རྣམས་དབང་བསྡུད་ཅིང་། །བསྟན་པའི་སྙན་གྲགས་རྒྱ་ཆེར་སྤེལ། །བསྟན་དགྲ་དམ་ལོག་རུ་དྲའི་སྡེ། །རློགས་ཤིག་མངོན་སྤྱོད་མ་གཡེལ་ཅིག །རེ་བའི་དོན་རྣམས་མ་ལྡོག་ལ། །མི་མཐུན་བཟློག་ཅིག་མགོན་པོའི་ཚོགས། །ཐུགས་དམ་མ་གཡེལ་ལས་མཛོད་ཅིག །ཉམས་ཆག་

p. 73

རྟོག་སྒྲིབ་རབ་བཤགས་ནས། །བྱང་དག་དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ། །བསྐང་བཤགས་ཚེ་ཐུན་མོང་མ་ཡིན་པའི་དམིགས་པ་ནི། ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་དང་ཡི་དམ་འཁོར་ལོ་བདེ་མཆོག་གི་གནས་གསུམ་ཡི་གེ་གསུམ། ཨོཾ་བཛྲ་ས་ཏྭ་ཨོཾ། ཨོཾ་བཛྲ་ས་ཏྭ་ཨཱཿ ཨོཾ་བཛྲ་ས་ཏྭ་ཧཱུྃ། དཀར་དམར་མཐིང་གསུམ་གྱིས་བསྐོར་བ་དེའི་འོད་ཟེར་མགོན་པོ་འཁོར་བཅས་ལ་ཕོག་པས། དམ་ཚིག་ཉམས་ཆག་བསྐང་བར་བསྒོམ། ཡང་འཁོར་ཐམས་ཅད་ཀྱི་གནས་གསུམ་ལས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་བས་སྐུ་ལུས་གང་སྟེ། གཞན་གྱི་ཉམས་གྲིབ་ཕོག་པ་ཐམས་ཅད་དག་པར་བསྒོམ། ཚོགས་ཀྱི་སྐབས་སུ་བཤགས་པ་ཡང་འདིར་སྦྱར་ལ་ཡིག་བརྒྱ་མང་དུ་བརྗོད་དོ། །ཞེས་གསུངས་པས་བཤགས་པ་ནི། ཧཱུྃ། ཡེ་ཤེས་སྤྱན་ལྡན་བླ་མ་ཡི་དམ་ལྷ། །དཔལ་མགོན་ཆོས་སྐྱོང་མ་ལུས་འཁོར་བཅས་ཀྱི། །སྤྱན་སྔར་བདག་སོགས་ཉེས་པའི་སྒྲིབ་པ་རྣམས། །སྤྱན་སྔར་གནོང་འགྱོད་དྲག་པོས་རབ་བཤགས་ནས། །བྱང་དག་དངོས་གྲུབ་རྣམ་གཉིས་མྱུར་དུ་

p. 74

སྩོལ། །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ཤྲཱི་བཛྲ་དྷརྨ་པ་ལ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་ལན་གསུམ་བརྗོད། ཚེ་རབས་ཀུན་ནས་རྒྱལ་བས་དབང་བསྐུར་ཅིང་། །ཚེ་རབས་ཀུན་ཏུ་བསྟན་པ་སྲུང་མཛད་པའི། །མགོན་པོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཨ་ཏྲི་ནི། ན་མོ་ཡོ་ཏྲི་ནི། ན་མོ་ཏ་ཏྲི་ནི། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི། ཀི་ཏི་ཙི་ཏི། ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ལན་གསུམ། ཚེ་རབས་སྔོན་ནས་ད་ལྟ་ཕན་ཆད་དུ། །རྒྱལ་བའི་བསྟན་པ་བསྲུང་བར་དམ་བཅས་པ། །ད་ལྟ་དེང་འདིར་བསྟན་པ་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བར་ཤོག །ཅེས་པ་འདིའང་རྗེ་ཀརྨ་པཀྴིས་ཆོས་སྐྱོང་བེར་ནག་ལ་བཤགས་པ་མཛད་པས་ཉམས་ཆག་

p. 75

ཐམས་ཅད་དམིགས་མེད་དུ་འགྲོ་བར་གྱུར་ཅིག །སརྦ་མངྒ་ལཾ། །༈ གསོལ་ཀ་ཟུར་ཙམ་ནི། ཨོཾ་ཁཎྜ་རོ་ཧེ༴ ཨོཾ་སྭ་བྷཱ་ཝ༴ སྟོང་ལས་ཀེཾ་གསུམ་ཐོད་སྒྱེད་སྟེང་། །ཨ་ལས་ཀ་པཱ་སྟོང་གསུམ་ཚད། །ཧཱུྃ་ལས་གཏོར་རྫས་ཤ་ལྔ་པ། །ཡྃ་ལས་རླུང་གི་དཀྱིལ་འཁོར་གཡོས། །རྃ་ལས་མེ་རྣམས་རབ་ཏུ་འབར། །ཐོད་པ་ཁོལ་ཞིང་ཧཱུྃ་ཞུ་བས། །མ་དག་ཉེས་སྐྱོན་ཁོལ་ཞིང་ལུད། །དྲི་རོ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། མཁའ་སྤྱོད་གནས་ཀྱི་གཞལ་ཡས་ནས། །དཔའ་བོ་དཔའ་མོ་འབུམ་གྱི་དབུས། །ལྷ་ཡི་ལྷ་མཆོག་འཁོར་ལོ་སྡོམ། །ཡི་དམ་ལྷ་ཚོགས་མངའ་གསོལ་ལོ། །བསིལ་ཚལ་དུར་ཁྲོད་གནས་བརྒྱད་ནས། །མགོན་པོ་ནག་པོ་ཡབ་དང་ཡུམ། །བཀའ་སྡོད་བསམ་འདས་མ་ལུས་རྣམས། །མགོན་པོ་འཁོར་ཚོགས་མངའ་གསོལ་ལོ། །འཁོར་ལོ་གསུམ་གྱི་སྲུང་མ་མཆོག །ཞིང་སྐྱོང་ཡབ་ཡུམ་

p. 76

བཾ་རོ་ཟུང་། །འཁོར་ཚོགས་སྡེ་བརྒྱད་དམག་གི་དཔུང་། །མ་ལུས་འཁོར་བཅས་མངའ་གསོལ་ལོ། །འོག་མིན་དབུས་ཀྱི་སྲུང་མ་ཞེས། །རྡོ་རྗེ་གུར་མགོན་འདོད་ཁམས་ཡུམ། །མི་ནག་ཁྱི་སྤྱང་བྱ་ནག་ཁྱུང་། །པུ་ཏྲ་རུ་འདྲེན་མངའ་གསོལ་ལོ། །རི་རབ་ཡོངས་འདུས་མཐིང་མཚོ་ནས། །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཁོར་ཡང་ནག་མོ་འབུམ་སྡེ་དང་། །སྲིད་གསུམ་གཙོ་མོ་མངའ་གསོལ་ལོ། །བྱང་ཕྱོགས་གནོད་སྦྱིན་ཡོངས་ཀྱི་གཙོ། །རྒྱལ་ཆེན་རྣམ་སྲས་ལྷ་ཡི་རྗེ། །ལྷ་ཡི་དབུགས་དབྱུང་ལྷ་མིན་གཤེད། །དངོས་གྲུབ་སྩོལ་ཕྱིར་མངའ་གསོལ་ལོ། །གནོད་སྦྱིན་ཡུལ་དུ་གནས་བཅས་པའི། །རྟ་མགྲིན་ཐུགས་སྤྲུལ་སེམས་དཔའ་ཆེ། །མདོ་བ་རྟ་ཡི་ལྷ་གཅིག་པོ། །རང་འདྲ་བརྒྱད་པོ་མངའ་གསོལ་ལོ། །གནམ་ས་ཡོངས་ལ་དབང་བསྒྱུར་བ། །གཟའ་བརྒྱད་བརྟན་མ་བཅུ་གཉིས་དང་། །གདོང་མོ་སྒྱུ་

p. 77

སྐར་ཉེར་བརྒྱད་སོགས། །མ་ལུས་འཁོར་བཅས་མངའ་གསོལ་ལོ། །རྒྱ་ཡུལ་བོད་བལ་ཕྱོགས་བཅུ་དང་། །ཁྱད་པར་ཕ་བོང་ལོང་བུ་ནས། །གཙུག་ལག་ཡོངས་གནས་དམ་ཅན་མཆོག །སུམ་བརྒྱ་དྲུག་ཅུ་མངའ་གསོལ་ལོ། །བཙན་རྒོད་དྲག་ཤུལ་མཐུ་སྟོབས་ཅན། །ཕྱག་རྡོར་བཀའ་ཉན་དམ་ཚིག་ཅན། །ཇག་དམར་སྒྲོལ་བྱེད་སྲོག་ལེན་དང་། །འགུགས་བྱེད་སྨན་མོ་མངའ་གསོལ་ལོ། །ཟབ་མོ་གཏེར་གྱི་སྲུང་མ་མཆོག །ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ། །མཐུ་ཆེན་དགེ་བསྙེན་འཁོར་ཚོགས་བཅས། །ཐམས་ཅད་མ་ལུས་མངའ་གསོལ་ལོ། །གནས་བརྒྱད་དགེ་བསྙེན་ཉེར་གཅིག་དང་། །ཀླུ་དམག་བྱེ་བ་འབུམ་སྡེ་དང་། །རྣལ་འབྱོར་དགྲ་བླ་འཁོར་བཅས་རྣམས། །མངའ་གསོལ་བཅོལ་བའི་ཕྲིན་ལས་སྒྲུབས། །སྣང་སྲིད་ཡོངས་ཀྱི་རྗེ་བོ་མཆོག །རྒྱལ་འགོང་ཡོངས་ཀྱི་

p. 78

ཁ་གནོན་མཆོག །ཐང་ལྷ་བརྒྱ་བྱིན་སྲས་མོ་ཡུམ། །འཁོར་འབངས་བློན་འབུམ་མངའ་གསོལ་ལོ། །བྱང་ཤར་ཕྱོགས་མེད་ཕོ་བྲང་ནས། །ལྟས་ངན་འབུམ་གྱི་ཐན་བདག་མོ། །དམག་གི་རྒྱལ་མོ་འཁོར་ཚོགས་བཅས། །མ་མོ་འབུམ་སྡེ་མངའ་གསོལ་ལོ། །དཀའ་སྤྱད་གྲུབ་བརྙེས་མཐར་ཕྱིན་པ། །བཞད་པ་རྡོ་རྗེའི་རླུང་གྲོགས་མ། །ཚེ་རིང་མཆེད་ལྔ་དམ་ཚིག་ཅན། །སྨན་མོ་འབུམ་ཕྲག་མངའ་གསོལ་ལོ། །རྒྱ་གར་དུར་ཁྲོད་ཚན་དྷོ་ནས། །དུར་ཁྲོད་བདག་མོ་ངས་ནུས་མ། །ཐུགས་རྗེ་ཆེན་པོའི་བཀའ་སྲུང་མཆོག །དཀོར་བདག་འཁོར་བཅས་མངའ་གསོལ་ལོ། །དམ་གཙང་ལས་སྒྲུབ་སྤྲག་གི་བཙན། །དབྱི་རྒྱལ་འཁོར་བཅས་མངའ་གསོལ་ལོ། །རང་རང་སྣང་སྲིད་གཞལ་ཡས་ནས། །དཀར་ཕྱོགས་ཡུལ་ལྷ་སྡེ་འཁོར་དང་། །གཉུག་གནས་ཡུལ་ལྷ་མགྲོན་རིགས་རྣམས། །མ་ལུས་འཁོར་

p. 79

བཅས་མངའ་གསོལ་ལོ། །དགྲ་ལྷ་གེ་སར་སྐྱེས་བུ་དང་། །ཡག་བྱེད་དཔའ་ཐུལ་སུམ་ཅུའི་ཚོགས། །མ་ལུས་འདིར་གཤེགས་མངའ་གསོལ་ལོ། །ནག་ཕྱོགས་མི་མཐུན་རྐྱེན་རྣམས་བཟློག །ཤྲཱི་བྷ་དྲའི་མིང་གིས་སྦྱར་བའོ། །༈ རྩ་གསུམ་ཆོས་སྐྱོང་གཉུག་མར་གནས་པ་རྣམས་སྤྱན་འདྲེན་ཞིང་སངས་རྒྱས་ཀྱི་བསྟན་པ་སྲུང་བར་མངའ་གསོལ་ནས་ཕྱི་ནང་གསང་གསུམ་གྱིས་མཆོད་པ་དང་། བདག་གྲྭ་འཁོར་དང་བཅས་པའི་སྒོ་གསུམ་གྱི་ཉེས་ཚོགས་ཞི་ཞིང་རྒྱུད་བྱིན་གྱིས་རློབས་ཤིང་དངོས་གྲུབ་རྣམ་གཉིས་ཚེ་འདིར་སྩོལ་བའི་མངའ་གསོལ་མདོར་བསྡུས་བཞུགས་སོ། །ཧཱུྃ། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། །བླ་མ་དཀོན་མཆོག་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །དག་པ་རབ་འབྱམས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་

p. 80

དངོས་གྲུབ་བསྩལ་དུ་གསོལ། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག ། བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བྱ་རོག་མཚན་ཅན་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རབ་འཇིགས་དུར་ཁྲོད་གནས་མཆོག་ནས། །ཀུན་དགའ་གཞོན་ནུ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རང་རང་སོ་སོའི་གནས་མཆོག་ནས། །ཡུལ་ལྷ་གཞི་བདག་སྤྱན་འདྲེན་གཤེགས། །མངའ་

p. 81

གསོལ་མཆོད་པ་འདི་བཞེས་ཤིག །རྣལ་འབྱོར་འདོད་དོན་འགྲུབ་པར་མཛོད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། །དམར་ཆེན་རཀྟ་གཏོར་མ་དང་། །བདུད་རྩི་སྨན་དང་རྩི་བཅུད་དང་། །རིན་ཆེན་སྨན་སྣ་མཐུན་རྫས་ཚོགས། །དངོས་འབྱོར་ཡིད་ཀྱི་སྤྲུལ་པ་ཡིས། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས་མངའ་གསོལ་ལོ། །དཔའ་བོ་མཁའ་འགྲོ་མངའ་གསོལ་ལོ། །ཆོས་སྐྱོང་སྲུང་མ་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །མ་ཧཱ་ཀཱ་ལ་མངའ་གསོལ་ལོ། །བྱ་རོག་མཚན་ཅན་མངའ་གསོལ་ལོ། །སེང་གེའི་གདོང་ཅན་མངའ་གསོལ་ལོ། །ཞིང་སྐྱོང་ཡབ་ཡུམ་མངའ་གསོལ་ལོ། །རྡོ་རྗེ་གུར་མགོན་མངའ་གསོལ་ལོ། །དཔལ་ལྡན་ལྷ་མོ་མངའ་གསོལ་ལོ། །ཨེ་ཀ་ཙ་ཏི་མངའ་གསོལ་ལོ། །མགོན་མང་འཁོར་ཚོགས་མངའ་གསོལ་ལོ། །རྣམ་སྲས་སྐྱ་

p. 82

བརྒྱད་མངའ་གསོལ་ལོ། །རྟ་ལྷའི་རྒྱལ་པོ་མངའ་གསོལ་ལོ། །གཟའ་མཆོག་ཡབ་ཡུམ་མངའ་གསོལ་ལོ། །སྐྱེས་བུ་ཆེན་པོ་མངའ་གསོལ་ལོ། །རྡོ་རྗེ་དགྲ་འདུལ་མངའ་གསོལ་ལོ། །ཉ་ཡི་མགོ་བོ་མངའ་གསོལ་ལོ། །དགེ་བསྙེན་སྨྱོ་ཁ་མངའ་གསོལ་ལོ། །ཐང་ལྷའི་རྒྱལ་པོ་མངའ་གསོལ་ལོ། །དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཚེ་རིང་མཆེད་ལྔ་མངའ་གསོལ་ལོ། །མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །རྡོ་རྗེ་ངས་ནུས་མངའ་གསོལ་ལོ། །དམག་དཔོན་དབྱི་རྒྱལ་མངའ་གསོལ་ལོ། །སྤྲག་གི་བཙན་རྒོད་མངའ་གསོལ་ལོ། །རྡོ་རྗེ་གུར་མགོན་ནས་འདི་བར་ཤྲཱི་བྷ་དྲས་འཛུད་པའོ། །དྲེགས་པའི་གཙོ་བོ་མངའ་གསོལ་ལོ། །སྡེ་བརྒྱད་མཐུ་ཆེན་མངའ་གསོལ་ལོ། །ཡུལ་ལྷ་གཞི་བདག་མངའ་གསོལ་ལོ། །མཆོད་འོས་རྒྱ་མཚོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་

p. 83

བསྟན་པ་རྒྱས་པར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཅེས་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་མཛད་པའོ། །༈ དཔལ་མགོན་ཕྱག་བཞི་པའི་མངའ་གསོལ་ནི། ཧཱུྃ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །མ་རུངས་འདུལ་སླད་ཐུགས་རྗེའི་མཐུ་སྟོབས་ཅན། །དཔལ་ལྡན་ནག་པོ་ཆེན་པོའི་སྐུར་བསྟན་པ། །བསྟན་སྲུང་གཙོ་བོ་ཁྱོད་ཉིད་མངའ་གསོལ་ལོ། །གདུག་པའི་ཚོགས་ལ་རབ་ཁྲོས་རྔམ་པའི་ཞལ། །བདུད་འཇོམས་མཆེ་གཙིགས་གྱེན་བརྫིས་དབུ་སྐྲ་སེར། །སྨིན་མ་སྨ་ར་འབར་ཞིང་དུས་ཀུན་ཏུ། །རབ་གཟིགས་སྤྱན་གསུམ་ལྡན་པར་མངའ་གསོལ་ལོ། །ཁྱོད་ཀྱི་ཕྱག་གཡོན་ཐོད་པའི་སྣོད་ཡངས་པར། །འཆི་

p. 84

མེད་བདུད་རྩིའི་བཅུད་ཀྱིས་ཡོངས་གང་བའི། །ནད་གདོན་འཆི་བདག་བགེགས་རྣམས་མ་ལུས་པར། །ཞི་བའི་ཕྲིན་ལས་སྒྲུབ་མཛད་མངའ་གསོལ་ལོ། །གཡོན་གྱི་འོག་མས་ཕྱག་གི་ཏྲི་ཤུ་ལ། །རྒྱལ་བའི་སྐུ་གསུམ་ཡོན་ཏན་ཀུན་རྫོགས་པ། །རབ་ཏུ་འཛིན་པས་ཐུན་མོང་མཆོག་རྣམས་ཀྱིས། །རྒྱས་པའི་དངོས་གྲུབ་སྩོལ་མཛད་མངའ་གསོལ་ལོ། །ཁྱོད་ཀྱི་ཕྱག་གཡས་བེེ་ཏའི་འབྲས་བུ་ནི། །རྗེས་སུ་ཆགས་པའི་ཁ་དོག་དམར་བ་དང་། །ནོར་བུ་འབར་བ་ལྟ་བུའི་དབྱིབས་ལྡན་པ། །སྲིད་གསུམ་སེམས་ཅན་དབང་བསྡུད་མངའ་གསོལ་ལོ། །གཡས་ཀྱི་འོག་མས་རྣོ་ངར་ཕུན་ཚོགས་པའི། །མི་བཟད་མེ་ལྕེ་མངོན་པར་འཕྲོ་བ་ཡི། །ཡེ་ཤེས་རལ་གྲི་གདེང་བས་དགྲ་བགེགས་ཚོགས། །སྒྲོལ་བའི་ནུས་ལྡན་དྲག་པོར་མངའ་གསོལ་ལོ། །རིགས་ལྔའི་རང་བཞིན་ཐོད་སྐམ་རྣམ་པ་ལྔ། །ཕ་རོལ་ཕྱིན་དྲུག་དག་པའི་

p. 85

ཕྱག་རྒྱ་དྲུག །སེམས་བྱུང་ལྔ་བཅུ་རྣམ་དག་ཐོད་རློན་སོགས། །སྤང་རྟོགས་ཡོན་ཏན་བརྒྱན་གྱིས་མངའ་གསོལ་ལོ། །མཐའ་གཉིས་མི་གནས་དཔའ་བོའི་འདུག་སྟངས་ཅན། །དཔའ་བོའི་མཚན་མ་སྟག་གི་ཤམ་ཐབས་མཛེས། །ཕྱོགས་བཅུ་འཇིགས་དུས་བསྐལ་པའི་མེ་ལྕེ་ཡིས། །ཕྲིན་ལས་སྣ་ཚོགས་སྒྲུབ་པར་མངའ་གསོལ་ལོ། །ཁྱད་པར་ལས་མགོན་ནག་པོ་སྟོང་གིས་བསྐོར། །སེང་གེའི་གདོང་ཅན་ཤ་ཟ་གཏུམ་པོ་འབུམ། །དུད་པའི་སོལ་བ་མ་མོ་བྱེ་བའི་ཚོགས། །གནོད་སྦྱིན་ཁྲི་ཡི་འཁོར་ལྡན་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡུམ་དང་བཅས། །མཁའ་འགྲོ་བརྒྱད་དྲུག་ཕོ་རྒྱུད་མོ་རྒྱུད་སོགས། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་རྣམས། །མཆོད་གཏོར་རྒྱ་མཚོའི་ཚོགས་ཀྱིས་མངའ་གསོལ་ལོ། །འཁོར་དང་བཅས་ལ་མཆོད་ཅིང་བསྟོད་པ་དང་། །ཐུགས་དམ་

p. 86

བསྐང་ཞིང་ཉེས་པ་ཀུན་བཤགས་ནས། །བརྟེན་རྫས་མ་ཚང་མེད་པ་འདི་དག་གིས། །མངའ་གསོལ་དགྱེས་པའི་དོན་ཀུན་འགྲུབ་པར་མཛོད། །ཅེས་པ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའོ། །༈ ལས་མགོན་མངའ་གསོལ་ནི། ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ན་འཛིན། །དམིགས་པའི་ནང་ཁྲོལ་འགྲད་ཅིང་ཟ། །དེ་ཡི་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་བཏོགས་ཤིང་འཆའ། །ཁྱོད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ། །ཧཱུྃ། ཁྱེད་ཀྱི་དགྱེས་བསྐྱེད་ཡུམ་གསུམ་ལེགས་ལྡན་དང་། །བཀའ་སྡོད་ལས་མགོན་གསུམ་དང་སེང་གེའི་གདོང་། །ལས་ཀུན་སྒྲུབ་མཛད་མཁའ་འགྲོ་བརྒྱད་དྲུག་སོགས། །སྤྲུལ་པའི་འཁོར་ཚོགས་རྣམས་ལ་མངའ་གསོལ་ལོ། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་ལོ། །བསྟན་པ་སྲུང་བར་

p. 87

མངའ་གསོལ་ལོ། །དགྲ་བགེགས་འདུལ་བར་མངའ་གསོལ་ལོ། །རྣལ་འབྱོར་དགྲ་བླར་མངའ་གསོལ་ལོ། །རིག་འཛིན་སྲུང་མར་མངའ་གསོལ་ལོ། །བར་ཆད་བཟློག་ཕྱིར་མངའ་གསོལ་ལོ། །མཐུན་རྐྱེན་བསྒྲུབ་ཕྱིར་མངའ་གསོལ་ལོ། །མཐུ་དང་དྲག་རྩལ་མ་ཆུང་ཞིག །བསྟན་པ་སྲུང་བའི་ལས་འདི་ལ། །ལེ་ལོ་སྙོམས་ལས་མ་མཛད་པར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་རྒྭ་ལོས་མཛད་པའོ། །༈ མ་མགོན་འཁོར་བཅས་ཀྱི་གཏོར་བསྔོས་ནི། ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་གིས། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་རླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་

p. 88

བླ་མ་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབ་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིད་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ཏྲཀྴད་སོགས། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བགྱི། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །

p. 89

དེ་ཁོ་ན་ཉིད་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེས། །གནས་ཚུལ་ཇི་བཞིན་རྟོགས་པས་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡིས་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་བརླག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་བསྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་བྱས་པའི་དགེ་བ་དེས། །མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །

p. 90

ཞེས་དད་པའི་ནོར་ཅན་རིན་ཆེན་དཔལ་མོས་བསྐུལ་བའི་ངོར། ཀརྨ་པ་མི་བསྐྱོད་རྡོ་རྗེས་བསྩལ་བའོ། །༈ ཕྱག་བཞི་པའི་གཏོར་བསྔོས་བསྡུས་པ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པ་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། །གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་། །དེ་ཁོ་ན་ཉིད་ཐུགས་དམ་གཅིག་སྡོམ་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །དགྱེས་པ་ཆེན་པོར་བཞེས་ལ་བྱིན་གྱིས་རློབས། །དབང་བཞི་རྫོགས་ནས་ཕྲིན་ལས་རྣམ་བཞི་སྒྲུབས། །མཁའ་མཉམ་སེམས་ཅན་བདེ་ལ་འགོད་ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་སྩོལ། །སྟན་ཐོག་འདི་ལ་བྱིན་

p. 91

གྱིས་བརླབ་ཏུ་གསོལ། །ཞེས་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་བསྩལ་བའོ། །༈ དུད་སོལ་མའི་གཏོར་བསྔོས་ནི། ཨོཾ་བེ་ཏ་ལི་བེ་ཏ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། བོང་བུ་གྭ་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་མཛོད། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཁྱོད་ཀྱིས་

p. 92

གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་མར་པའི་སྙན་བརྒྱུད་ཤོག་དྲིལ་ལོ། །རྡོ་རྗེ་བེར་ནག་ཅན་གྱི་གཏོར་བསྔོས་བསྡུས་པ་བཞུགས། ཧཱུྃ། བསྟན་སྲུང་མཐར་ཐུག་རྡོ་རྗེ་བེར་ཅན་དང་། །ཡུམ་ཆེན་དཔལ་ལྡན་ལྷ་མོ་རང་བྱུང་མ། །ནག་པོ་ཡབ་ཡུམ་ཕྱོགས་བཅུའི་མགོན་པོ་དང་། །དྲེགས་པ་དོན་གཉིས་བདུད་བཙན་ཀླུ་ཡི་མགོན། །རྣམ་སྲས་སྔགས་བདག་སྐྱེས་བུ་རྡོ་རྗེ་ལེགས། །སྲིད་མགོན་ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་། །མ་བདུན་སྲིང་བཞི་འབར་མ་དགུ་རྣམས་དང་། །དུས་བཞི་ལྷ་མོ་དམག་གི་རྒྱལ་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བསྟན་མ་བཅུ་གཉིས་དང་། །མཁར་ནག་རྡོར་རྒྱལ་བཀྲ་ཤིས་ཚེ་

p. 93

རིང་སོགས། །ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་རྣམས་དང་། །ཕོ་ཉ་ལས་མཁན་བསམ་ཡས་གྲངས་འདས་ལ། །མཉེས་རྫས་དྲག་པོའི་གཏའ་གཏོར་ཆེན་པོ་དང་། །སྨན་དང་རཀྟ་གསེར་དངུལ་དར་ཟབ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་མཆོད་རྫས་འབུལ། །དགྱེས་པར་བཞེས་ལ་ཅི་བསམ་ཕྲིན་ལས་མཛོད། །ཅེས་པ་འདིའང་ཀརྨ་པ་བཅུ་བཞི་པས་ཁ་བསབས་བགྱིས་པའོ། །༈ ཞིང་སྐྱོང་མངའ་གསོལ་ནི། ཧཱུྃ། འོག་མིན་དུར་ཁྲོད་ཆེན་པོ་ནས། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །དམ་ཚིག་གཉན་པོ་དྲན་མཛོད་ལ། །མངའ་གསོལ་ཞིང་འདིར་གཤེགས་སུ་གསོལ། །ཤ་ཁྲག་བརྒྱན་པའི་གཏོར་མ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །དར་ཚོན་སྤྲིན་ལྟར་གཏིབས་པ་འདིས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །ཞིང་

p. 94

སྐྱོང་ཆེན་པོ་མངའ་གསོལ་ལོ། །རྣལ་འབྱོར་དགྲ་ལྷ་མངའ་གསོལ་ལོ། །དམ་ཉམས་སྲོག་གཅོད་མངའ་གསོལ་ལོ། །ཀུན་དགའ་གཞོན་ནུ་མངའ་གསོལ་ལོ། །སྲོག་བདུད་ཆེན་པོ་མངའ་གསོལ་ལོ། །གྷ་ཡ་དྷ་ར་མངའ་གསོལ་ལོ། །ལྷ་བཙན་ནག་པོ་མངའ་གསོལ་ལོ། །བདུད་པོ་ནག་པོ་མངའ་གསོལ་ལོ། །བྷྱོ། ལྷ་མོ་ཆེན་མོ་མངའ་གསོལ་ལོ། །དྲི་ཟའི་གཙོ་མོ་མངའ་གསོལ་ལོ། །ཕྲ་མེན་ཆེན་མོ་མངའ་གསོལ་ལོ། །སྲོག་བདུད་ཆེན་པོ་མངའ་གསོལ་ལོ། །འཁོར་གྱི་སྡེ་བརྒྱད་མངའ་གསོལ་ལོ། །ལྷ་ཆེན་བརྒྱད་པོ་མངའ་གསོལ་ལོ། །ཀླུ་ཆེན་བརྒྱད་པོ་མངའ་གསོལ་ལོ། །གཟའ་ཆེན་བརྒྱད་པོ་མངའ་གསོལ་ལོ། །སྲས་མཆོག་བརྒྱད་པོ་མངའ་གསོལ་ལོ། །ཡུམ་ཆེན་བརྒྱད་པོ་མངའ་གསོལ་ལོ། །སྲིན་པོ་བརྒྱད་པོ་མངའ་གསོལ་ལོ། །ཀེང་རུས་མ་བརྒྱད་མངའ་གསོལ་ལོ། །བམ་རོ་ཕོ་མོ་མངའ་

p. 95

གསོལ་ལོ། །འབྱུང་པོ་བརྒྱད་པོ་མངའ་གསོལ་ལོ། །བརྟན་མ་བརྒྱད་པོ་མངའ་གསོལ་ལོ། །སྤྲུལ་པ་ཡང་སྤྲུལ་མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར། །མ་མོའི་ཐུན་ཟོར་བཟློག་ཏུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །མི་མཐུན་རྐྱེན་དང་བར་ཆད་སོལ། །ཟློག་ཅིག་སྒྱུར་ཅིག་ཞི་བར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་གཏོར་ཕུད་དང་བདུད་རྩི་ནམ་མཁར་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། གསོལ་ལོ་མཆོད་དོ། །དཔལ་ལྡན་ཞིང་སྐྱོང་དབང་པོ། ཤ་

p. 96

ཟ་ནག་པོ་སེང་གེའི་གདོང་པ་ཅན། ཡུམ་ཆེན་སི་ན་ར་མ། གསང་ཡུམ་སྟག་གི་གདོང་ཅན། མྱུར་མགྱོགས་ལས་བྱེད་ཕོ་མོ། ལྷ་ཆེན་གདོང་ཅན་བརྒྱད་པོ། སྒོ་སྲུང་སྒོ་བ་བཞི་པོ། ནང་བློན་སྲས་མཆོག་བརྒྱད་པོ། བཀའ་སྡོད་སྡེ་དཔོན་ཉི་ཤུ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། ཕྱོགས་ཀྱི་རུ་འདྲེན་སྡེ་བཞི། ཕྱི་ཡི་སྒོ་སྲུང་བཞི་པོ། སྲོག་འཕྲོག་བདུད་དམག་སྟོང་སྡེ། ཞུབ་ཆེན་སྟོང་གི་དམག་ཚོགས། མ་མོ་བྱེ་བ་འཁོར་བཅས། གཞན་ཡང་སྤྲུལ་པ་ཡང་སྤྲུལ་ལ་སོགས་དཔལ་ལྡན་ཞིང་སྐྱོང་དབང་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་དང་། བླ་མ་དམ་པ་འཚོ་ཞིང་བཞེས་པ་རྣམས་ཡུན་རིང་དུ་ཞབས་པད་བརྟན་པ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཆོས་སྒྲུབ་པའི་ཕྱི་

p. 97

ནང་གི་འགལ་རྐྱེན་མི་དང་མི་མ་ཡིན་གྱི་འཚེ་བ་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ནད་དང་གདོན་རྣམས་ལས་ཐར་བར་མཛད་དུ་གསོལ། རྦོད་གཏོང་ངན་པ་ཐམས་ཅད་ཕྱིར་ཟློག་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་དབང་དུ་བསྡུ་བ་དང་། ཚར་གཅོད་པའི་ཕྲིན་ལས་ཐོགས་པ་མེད་པ་ཡིད་བཞིན་དུ་བསྒྲུབ་ཏུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། འདི་ནི་རྗེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པས་མཛད་པའོ། །༈ ཆོས་སྐྱོང་གུར་གྱི་མངའ་གསོལ་ནི། ལྷ་མཆོག་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་དབང་ཕྱུག་འཁོར་བཅས་ལ། །མངའ་གསོལ་དགྱེས་པའི་མཆོད་པ་ནི། །ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས། །མྱོས་བྱེད་སྟོང་གི་བཅུད་བསྡུས་པ། །ལྕགས་ཀྱུ་ལྔ་

p. 98

དང་ཡང་དག་ལྡན། །བདུད་རྩི་ལྔ་དང་རབ་སྦྱར་ཏེ། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་ནས། །ཁ་དོག་དྲི་རོ་ནུས་པར་ལྡན། །དངོས་གྲུབ་དཔལ་མོ་འབྱུང་བའི་གནས། །མཁའ་འགྲོ་ངང་གིས་འདུ་བའི་གཞི། །གསང་བའི་བདུད་རྩིའི་རྒྱ་མཚོ་འདིས། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་དབང་ཕྱུག་མངའ་གསོལ་ལོ། །དམ་ཚིག་དབང་གིས་བཞེས་ནས་ཀྱང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དགྲ་བགེགས་རྣམས་ཀྱི་ཤ་དང་རུས། །བཟའ་བ་ཁྲག་གི་བཏུང་བར་ལྡན། །རཀྟའི་རྒྱ་མཚོ་རབ་བསྐྱིལ་བ། །ལྦུ་བའི་ཕྲེང་བ་རྣམས་འཁྲིགས་པའི། །རི་དང་རྒྱ་མཚོར་མཉམ་པ་ཡི། །རོ་བརྒྱ་ལྡན་པའི་མཆོད་པ་འདིས། །དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་དབང་ཕྱུག་མངའ་གསོལ་ལོ། །དམ་ཚིག་དབང་གིས་བཞེས་ནས་ཀྱང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་

p. 99

མཛོད། །དགྲ་བགེགས་རྣམས་ཀྱི་ཤ་དང་ཁྲག །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །བཟའ་དང་བཏུང་བ་སྣ་ཚོགས་བཅས། །སྣ་ཚོགས་བརྒྱན་གྱིས་མཛེས་བྱས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བཞེད་དགུ་འབྱུང་བའི་རྒྱ་མཚོ་རུ། །མངོན་པར་བྱིན་གྱིས་བརླབས་ནས་ཀྱང་། །དམ་ཚིག་བཞིན་དུ་བདག་འབུལ་གྱིས། །ཐུགས་དམ་བཞིན་དུ་བཞེས་མཛོད་ལ། །དམ་ཚིག་བཞིན་དུ་དགྱེས་དགོངས་ནས། །རྣལ་འབྱོར་བདག་གིས་བཅོལ་བ་ཡི། །ལས་རྣམས་ཐམས་ཅད་འགྲུབ་པར་མཛོད། །མ་ཧཱ་ཀཱ་ལ་དཱེ་བཱི་ཡ། མ་ཧཱ་མཾ་ས། མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིངྟ་པཱུ་ཛི་ཏེ་ཨཱཿཧཱུྃ། རྡོ་རྗེ་རྒྱལ་པོ་རབ་ཁྲོས་པའི། །ཁྲོ་བོ་ཁྲོ་མོ་མཉེས་བྱེད་པ། །གསང་བའི་མཆོད་གཏོར་རིམ་པ་འདི། །རྡོ་རྗེ་འཛིན་པ་འཕགས་པས་སྦྱར། །༈ དཔལ་ལྡན་ལྷ་མོའི་མངའ་གསོལ་ནི། ཧཱུྃ་བྷྱོ། ཡིད་བཞིན་འདོད་དགུ་ཀུན་སྩོལ་རྫོགས་སངས་རྒྱས། །ཕྱོགས་བཅུ་དུས་

p. 100

གསུམ་ཞིང་ཀུན་ན་བཞུགས་པའི། །ཀུན་གྱི་མཁྱེན་བརྩེ་ནུས་མཐུ་དཔུང་བསྐྱེད་དེ། །དཔལ་ལྡན་ལྷ་མོའི་མཐུ་སྟོབས་བསྐྱེད་དུ་གསོལ། །སྤྱི་བོར་ཨོཾ་ལས་སྐུ་ཡི་རྡོ་རྗེ་དཀར། །མགྲིན་པར་ཨཱཿལས་གསུང་གི་རྡོ་རྗེ་དམར། །ཐུགས་ཀར་ཧཱུྃ་ལས་ཐུགས་ཀྱི་རྡོ་རྗེ་མཐིང་། །ལྟེ་བར་ཧོ་ལས་ཡོན་ཏན་རྡོ་རྗེ་སེར། །གསང་བར་ཀྴ་ལས་ཕྲིན་ལས་རྡོ་རྗེ་ལྗང་། །འབྱུང་ལྔ་རྣམ་དག་སྤྱན་སོགས་ལྷ་མོ་ལྔ། །སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མའི་ཚོགས། །ལས་དབང་ཡུམ་བཅས་ཁྲོ་བོ་ཁྲོ་མོའི་སྤྲིན། །རྩ་བརྒྱུད་བླ་མ་ཀུན་འདུས་རིགས་ཀྱི་བདག །འོད་ཟེར་སྤྲིན་གྱིས་ཆོས་ཀྱི་དབྱིངས་ཀུན་འགེངས། །ཞི་རྒྱས་དབང་དྲག་སྣ་ཚོགས་ལས་སྒྲུབ་པ། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ལྷ་མོའི་ཚོགས། །བསམ་གྱིས་མི་ཁྱབ་ས་གསུམ་སྤྲིན་ལྟར་གཡོ། །ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་ཐམས་ཅད་ཀྱིས། །སྤྱི་བོས་བཏུད་

p. 101

དེ་མདུན་ནས་བཀའ་སྡོད་བྱེད། །ཚངས་དང་བརྒྱ་བྱིན་བདུད་དང་རྒྱལ་ཆེན་བཞི། །ཀླུ་རྒྱལ་ཐམས་ཅད་འཁོར་གྱི་ཡང་བྲན་དང་། །ཉིང་བྲན་སུམ་བྲན་ཕོ་ཉར་བསྐུལ་བྱེད་ན། །ལྷ་སྲིན་སྡེ་བརྒྱད་གཞན་རྣམས་ལྟ་ཅི་སྨོས། །གསུང་གི་ང་རོས་ཚངས་དབྱངས་ཟིལ་གྱིས་གནོན། །སངས་རྒྱས་ཀུན་གྱི་ཕྲིན་ལས་བསྐུལ་མཛད་མ། །ཁྱོད་ཀྱི་ཡོན་ཏན་རྒྱལ་བ་ཀུན་གྱིས་ཀྱང་། །དཔག་པར་མི་ནུས་མགྲིན་གཅིག་བསྔགས་པ་བརྗོད། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་དབང་བསྐུར་བའི། །འོད་ཟེར་མཆོག་གིས་ཀུན་ནས་དབང་བསྐུར་ཏེ། །རིགས་རྣམས་ཀུན་གྱི་བདག་མོར་མངའ་གསོལ་ལོ། །འཇིག་རྟེན་འཇིག་རྟེན་འདས་པའི་སྣང་སྲིད་འདིར། །མཐུ་ལྡན་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །ཁྱོད་ཀྱི་བ་སྤུའི་ཆར་ཡང་མི་དོ་བའི། །གཟི་བྱིན་མཐུ་སྟོབས་ལྡན་པར་བྱིན་བརླབས་

p. 102

ཏེ། །རྒྱལ་བ་ཀུན་གྱི་མངའ་གསོལ་དེ་བཞིན་དུ། །དམ་ཚིག་ལྡན་པའི་རྣལ་འབྱོར་བདག་གིས་ཀྱང་། །བཀའ་སྲུང་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཕོ་རྒྱུད་མོ་རྒྱུད་གཙོ་མོར་མངའ་གསོལ་ལོ། །རིགས་རྣམས་ཀུན་གྱི་བདག་མོར་མངའ་གསོལ་ལོ། །དཀྱིལ་འཁོར་ཀུན་གྱི་སྲུང་མར་མངའ་གསོལ་ལོ། །རྒྱལ་བ་ཀུན་གྱི་ཡུམ་དུ་མངའ་གསོལ་ལོ། །བདུད་སྡེའི་ཚོགས་ཀྱི་གཤེད་མར་མངའ་གསོལ་ལོ། །རྣལ་འབྱོར་བདག་གི་དགྲ་བླར་མངའ་གསོལ་ལོ། །དགྲ་བགེགས་རྩད་ནས་གཅོད་པར་མངའ་གསོལ་ལོ། །སྣང་སྲིད་ལྷ་འདྲེའི་རྒྱལ་མོར་མངའ་གསོལ་ལོ། །བསྟན་སྲུང་ཀུན་གྱི་བདག་མོར་མངའ་གསོལ་ལོ། །མ་སྲིང་གྲོགས་ཀྱི་མཆོག་ཏུ་མངའ་གསོལ་ལོ། །མཐུ་སྟོབས་ཕ་མཐའ་ཡས་པར་མངའ་གསོལ་ལོ། །གཟི་བྱིན་མཚུངས་པ་མེད་པར་མངའ་གསོལ་ལོ། །བཅོལ་བའི་ཕྲིན་ལས་མཛད་

p. 103

ཕྱིར་མངའ་གསོལ་ལོ། །བཀྲ་ཤིས་བདེ་ལེགས་སྩོལ་བར་མངའ་གསོལ་ལོ། །ཁྱོད་ཀྱི་མཐུ་སྟོབས་མཐའ་ཡས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ནི། །ཁྱོད་ཉིད་ཁོ་ནར་ལྟོས་པ་སྟེ། །གནས་སྐབས་མཐར་ཐུག་འགལ་རྐྱེན་ཀུན། །སོལ་ལ་རྣམ་པར་དཀར་བ་ཡི། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །དཔལ་ལྡན་ལྷ་མོའི་མངའ་གསོལ་ཚིགས་སུ་བཅད་པ། དཀྱིལ་འཁོར་ཐམས་ཅད་ཀྱི་རིག་པ་འཛིན་པ་བདུད་ལས་རྒྱལ་བའི་རྡོ་རྗེས་ས་ག་ཟླ་བའི་དཀར་ཚེས་གཅིག་ལ་སྲས་མཁར་དགྱེས་པ་རྡོ་རྗེའི་ཕོ་བྲང་དུ་ཡུད་ཙམ་གྱིས་སྦྱར་བའོ། །གསོལ་ལོ་མཆོད་དོ། །མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། འཁོར་འགུགས་བྱེད་གསོད་བྱེད་མ་ལ་སོགས་པའི་ལས་མཁན་མ་བཞི། མཁའ་འགྲོ་མ་བཞི། ཕྲ་མན་གདོང་ཅན་བརྒྱད། སྒོ་མ་བཞི། ཤ་ཟ་འབུམ། ཡང་སྤྲུལ་བྱེ་བ། བསྟན་པ་སྤྱི་ཡི་བཀའ་སྲུང་། ཆོས་འཁོར་ཡོངས་

p. 104

ཀྱི་སྲུང་མ། དམ་ཉམས་ཡོངས་ཀྱི་སྲོག་གཅོད། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། དཔལ་མགོན་དམ་ཅན་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། བདག་གི་གནས་དཔུང་འཁོར་དང་བཅས་པ་འདི་གཏད་པས་སྲུངས་ཤིག །མཉེས་པའི་བརྟེན་རྫས་འདི་རྣམས་ལ་བརྟན་པར་བཞུགས་ལ། ཇི་སྲིད་བསྟན་པ་འདི་ཡུན་རིང་དུ་གནས་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས་ཤིག །དཀོན་མཆོག་གི་ཆེ་བ་ཕྱུངས་ཤིག །བླ་མ་དམ་པའི་ཕྲིན་ལས་སྒྲུབས་ཤིག །སེམས་ཅན་གྱི་བདེ་སྐྱིད་སྤེལ་ཅིག །ཁྱད་པར་དུ་ཡང་སྔགས་འཆང་སྒྲུབ་པ་པོ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་བདུད་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛོད་ཅིག །ཚེ་དང་

p. 105

བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་རྒྱས་པར་མཛོད་ཅིག །ལྷ་དང་མི་ལ་སོགས་པ་ཐམས་ཅད་དབང་དུ་འདུ་བར་མཛོད་ཅིག །དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་དྲག་པོའི་ལས་ཀྱིས་ཐལ་བ་རྡུལ་དུ་རློགས་ཤིག །ཁྱད་པར་དུ་ཡང་བདག་ཅག་ལ་སྡང་བའི་སེམས་དང་ལྡན་པའི་དགྲ་བགེགས་འཁོར་དང་བཅས་པ་མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད་ཅིག །ཅེས་པས་ཕྲིན་ལས་བཅོལ། ༈ དཔལ་ལྡན་ནཱ་རོའི་བཀའ་སྲུང་དུད་སོལ་མའི་མངའ་གསོལ་བཞུགས་སོ། །བྷྱོ། དཔལ་ལྡན་དུད་སོལ་ལྷ་མོ་ལ། །འདས་པའི་སངས་རྒྱས་ཡིན་པའི་ཕྱིར། །མར་མེ་མཛད་ཀྱིས་མངའ་གསོལ་བས། །དམ་ཆོས་མི་ནུབ་སྒྲོན་མེ་སྦར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ད་ལྟའི་སངས་རྒྱས་ཡིན་པའི་ཕྱིར། །ཤཱཀྱ་ཐུབ་པས་མངའ་གསོལ་བས། །བསྟན་པ་སྲུང་བའི་ལས་ལ་བརྩོན། །

p. 106

དཔལ་ལྡན་དུད་སོལ་ལྷ་མོ་ལ། །མ་བྱོན་སངས་རྒྱས་ཡིན་པའི་ཕྱིར། །བྱམས་པ་མགོན་པོས་མངའ་གསོལ་བས། །ཐུགས་ཉིད་མི་གཡོ་བྱམས་པའི་ངང་། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་མངའ་གསོལ་བས། །མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རྒྱལ་བ་རིགས་ལྔས་མངའ་གསོལ་བས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རིགས་གསུམ་མགོན་པོས་མངའ་གསོལ་བས། །སྤྱན་གསུམ་དམར་ལ་སྡང་མིག་བསྒྲད། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ལྷ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །དབུ་སྐྲ་དམར་སེར་གྱེན་དུ་འབར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ཀླུ་ཆེན་བརྒྱད་ཀྱིས་མངའ་གསོལ་བས། །སྦྲུལ་ནག་འབར་བས་སྐེ་རགས་བྱས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །གཟའ་

p. 107

ཆེན་བརྒྱད་ཀྱིས་མངའ་གསོལ་བས། །སྨིན་མ་ཁམ་སེར་གྱེན་དུ་འབར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དྲང་སྲོང་རྣམས་ཀྱིས་མངའ་གསོལ་བས། །སྐུ་མདོག་སྔོ་ལ་ཀེང་རུས་གཟུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དཔའ་བོ་རྣམས་ཀྱིས་མངའ་གསོལ་བས། །ཕྱག་གཡས་དང་པོས་རལ་གྲི་ཕྱར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དཔའ་མོ་རྣམས་ཀྱིས་མངའ་གསོལ་བས། །འོག་མས་ཐོད་ཁྲག་ཐུགས་ཀར་བསྣམས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ལྷ་མིན་རྣམས་ཀྱིས་མངའ་གསོལ་བས། །ཕྱག་གཡོན་དང་པོས་མདུང་དར་ཕྱར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དབང་ཕྱུག་ཆེན་པོས་མངའ་གསོལ་བས། །འོག་མས་ཁ་ཊྭཱཾ་རྩེ་གསུམ་འཛིན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མགོན་པོ་རྣམས་ཀྱིས་མངའ་གསོལ་བས། །གསུས་ཁྱིམ་ཆེ་ལ་ཐུར་དུ་འཕྱངས། །དཔལ་

p. 108

ལྡན་དུད་སོལ་ལྷ་མོ་ལ། །ནོར་ལྷ་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་འབར་བས་དབུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དུར་ཁྲོད་ཤ་ཟ་རྣམས་ཀྱིས་མངའ་གསོལ་བས། །མི་མགོ་རློན་པས་དོ་ཤལ་བྱས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །གཤིན་རྗེ་རྣམས་ཀྱིས་མངའ་གསོལ་བས། །གླང་ཆེན་ཀོ་རློན་སྐུ་ལ་གསོལ། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །སྨན་མོ་རྣམས་ཀྱིས་མངའ་གསོལ་བས། །ཐལ་ཆེན་ཚོམ་བུ་ལུས་ལ་བྱུག །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མ་མོ་རྣམས་ཀྱིས་མངའ་གསོལ་བས། །ཁྲག་ཆེན་ཐིག་ལེས་སྐུ་ལ་བཀོད། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དྲི་ཟ་རྣམས་ཀྱིས་མངའ་གསོལ་བས། །ཞག་གི་ཟོ་རིས་སྐུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་བས། །བམ་ཆེན་རོ་ཡི་གདན་ལ་བཞུགས། །དཔལ་

p. 109

ལྡན་དུད་སོལ་ལྷ་མོ་ལ། །སྲིན་པོ་རྣམས་ཀྱིས་མངའ་གསོལ་བས། །ཞབས་གཉིས་ལྕགས་སྒྲོག་འབར་བས་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །སྲིན་མོ་རྣམས་ཀྱིས་མངའ་གསོལ་བས། །རླུང་གི་བོང་བུ་གྭ་དམར་ཆིབས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ཁྲོ་བོ་རྣམས་ཀྱིས་མངའ་གསོལ་བས། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མེ་ལྷ་རྣམས་ཀྱིས་མངའ་གསོལ་བས། །སྐུ་ལ་བསྐལ་པའི་མེ་རི་འབར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རླུང་ལྷ་རྣམས་ཀྱིས་མངའ་གསོལ་བས། །རླུང་ནག་འཚུབ་མའི་ཀློང་ན་བཞུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ས་བདག་རྣམས་ཀྱིས་མངའ་གསོལ་བས། །རིན་ཆེན་འབར་བའི་མཁར་དུ་བཞུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་བས། །དགྲ་ལ་རྦད་

p. 110

ན་ལས་ལ་མྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདིའང་རྔོག་ཞེ་སྡང་རྡོ་རྗེས་ལྷ་མོ་ཞལ་གཟིགས་པའི་དུས་སུ་མཛད་པའོ། །༈ དཔལ་ལྡན་ལྷ་མོའི་གསོལ་ཀ་བསྡུས་པ་ནི། དཔལ་ལྡན་ནཱ་རོའི་བརྒྱུད་འཛིན་བསྟན་པ་སྲུང་། །ཆོས་སྐྱོང་ཀུན་གྱི་མཆོག་གྱུར་སྲུང་མའི་གཙོ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་མཛོད་ལ། །དེང་འདིར་བདག་གིས་སྒྲུབ་པའི་གྲོགས་མཛོད་ཅིག །ནཱ་རོའི་སྙན་བརྒྱུད་ཡིན་པར་གོ །ལྷ་མོའི་མངའ་གསོལ་ནི། བྷྱོ། བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་སྲུང་ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུས་ཤིང་ལ་གནས་བཅས་ཤིང་། །རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་འཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ་མངའ་གསོལ་ལོ། །ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་

p. 111

ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམ། །ཟ་བྱེད་ཆེན་མོ་མངའ་གསོལ་ལོ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་མོ་མངའ་གསོལ་ལོ། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་སྲིན་མོའི་ཚུལ། །འཇིགས་བྱེད་ཆེན་མོ་མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །ཡིད་ལ་བརྣགས་པའི་དགྲ་བོ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །བསམ་པའི་དོན་རྣམས་འགྲུབ་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའོ། །༈ སྔགས་སྲུང་མའི་གཏོར་བསྔོས་ནི། བྷྱོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མ་

p. 112

དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་མ། །འཁོར་དུ་ཡེ་ཤེས་མ་མོ་འབུམ་གྱིས་བསྐོར། །ལས་སུ་སངས་རྒྱས་བསྟན་པ་རིན་ཆེན་སྲུང་། །ཟས་སུ་དམ་ཉམས་དགྲ་བོའི་ཤ་ཁྲག་ཟ། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་བསྲུང་བའི་དུས་ལ་བབས། །དཀོན་མཆོག་དབུ་འཕང་བསྟོད་པའི་དུས་ལ་བབས། །བླ་མའི་སྐུ་ཚེ་བསྲིང་བའི་དུས་ལ་བབས། །རྣལ་འབྱོར་བར་ཆད་བསལ་བའི་དུས་ལ་བབས། །ཆོས་སྐྱོང་ཕྲིན་ལས་བསྒྲུབ་པའི་དུས་ལ་བབས། །དེ་བས་མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དྲུང་རྨ་སེ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའོ། །༈ གཏོར་བསྔོས་བསྡུས་པ་ནི། ཨོཾ། སྔགས་ཀྱི་སྲུང་མ་སྨུག་ནག་འོད་འཕྲོ་མ། །དམ་རྫས་བརྒྱན་པའི་གཏོར་མ་འདི་

p. 113

བཞེས་ལ། །བར་ཆད་སོལ་ལ་ཅི་བསམ་ཀུན་འགྲུབ་ནས། །བསམ་དོན་ཆོས་དང་མཐུན་པའི་ཕྲིན་ལས་མཛོད། །ཅེས་རིག་འཛིན་ཆོས་འཕེལ་ངོར། རྣམ་རྒྱལ་རྡོ་རྗེས་བྲིས། ༈ མ་མོ་འཁྲུགས་བསྐང་མདོར་བསྡུས་བཞུགས། བྷྱོ། དུས་ངན་སྙིགས་མའི་མཐར་ཐུག་ལ། །བནྡེ་བླ་མའི་དམ་ཚིག་ཉམས། །སྐྱེ་བོ་ཁྲེལ་དང་ངོ་ཚ་བོར། །དེ་ཚེ་མ་མོ་ཐུགས་ཁྲོས་ནས། །ནད་མུག་མཚོན་འཁྲུགས་སྤྲིན་ལྟར་གཡོ། །དེ་དག་ཁྱོད་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་དམ་རྫས་གཏོར་བདུད་རྩི། །བརྟེན་བསྐང་སྒྲུབ་པ་གསུམ་གྱི་རྫས། །མ་མོ་འཁྲུགས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་མཐུས། །བདག་སོགས་མཁའ་མཉམ་འགྲོ་ཚོགས་ཀྱི། །ནད་གདོན་བར་ཆད་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ཀུན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདག་གཞན་མི་ཤེས་ལེ་ལོ་ཡིས། །

p. 114

ས་ལམ་བགྲོད་ལ་འགལ་བ་རྣམས། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །ཅེས་ཀརྨ་པ་བདུད་འདུལ་རྡོ་རྗེས་མཛད་པའོ། །༈ ན་མོ་ཧྱ་གྷྲི་ཝ་ཡེ། རྟ་ལྷའི་མངའ་གསོལ་བྱེད་པ་ནི། བསང་གི་དུས་སམ་གསོལ་ཁའི་དུས། ཤ་ཁྲག་མ་འདྲེས་པའི་གཏོར་མ་རིན་པོ་ཆེའི་དབྱིབས་ཅན་བྲན་ལ། ཕྱེ་མར་དང་ཤུག་དུད་བཏང་། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། སུམ་རྩེན་ལྕང་ལོ་ཅན་དང་དགུང་སྔོན་དབུས། །རང་བཞིན་གར་བཞུགས་གནས་མཆོག་དམ་པ་ནས། །རྡོ་རྗེ་ཁྲོ་བོ་ཨརྱ་རེ་མནྟ། །ནོར་ལྷ་གནོད་སྦྱིན་བྱེ་བ་འབུམ་དང་བཅས། །རླུང་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ། །དངོས་འབྱོར་ཡིད་སྤྲུལ་མངའ་གསོལ་མཆོད་པ་བཞེས། །ཞིམ་མངར་སྤོས་སྤྲིན་དཀར་གསུམ་མངར་གསུམ་དང་། །དར་ཟབ་འབྲུ་སྨན་མཆོད་པས་མངའ་གསོལ་ལོ། །འགྲོ་བ་རྐང་འཁྱམས་སྡུག་བསྔལ་

p. 115

སྐྱོབས་མཛད་པ། །འགྲོ་བའི་མགོན་གྱུར་མགོན་པོ་རྟ་མང་ཞེས། །འཕགས་མཆོག་སར་གནས་སེམས་དཔའ་རེ་མནྟ། །བདག་གི་རྟ་ཡི་མགོན་དུ་མངའ་གསོལ་ལོ། །ལྷ་རྣམས་ཡོངས་ཀྱི་སོ་པ་སྤྱན་རྣོ་བ། །ཤར་ཕྱོགས་སྐྱོང་བའི་མགོན་པོ་དཔལ་རབ་འཆང་། །བདག་གི་རྟ་དྲིལ་རྔོག་ཆགས་ཐམས་ཅད་ཀུན། །སྲུང་ཞིང་སྐྱོབས་པའི་སོ་པར་མངའ་གསོལ་ལོ། །རྟ་ལྷའི་རྒྱལ་པོ་ཨརྱ་རེ་མནྟ། །རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས་མཛད་པའི། །ནོར་ལྷ་ཆེན་པོ་འཕགས་པ་རེ་མནྟ། །རྣལ་འབྱོར་བདག་གི་ནོར་ལྷར་མངའ་གསོལ་ལོ། །ལྷ་དམག་བྱེ་བ་འབུམ་གྱི་ལམ་མཁན་ཏེ། །ཉི་མའི་སྲས་པོ་རླུང་རྟ་བདུན་གྱི་བདག །ལམ་ལྷ་ཆེན་པོ་ཨརྱ་རེ་མནྟ། །རྣལ་འབྱོར་བདག་གི་ལམ་ལྷར་མངའ་གསོལ་ལོ། །རབ་ཁྲོས་གནོད་སྦྱིན་བྱ་གཅན་སྤྲུལ་པ་འགྱེད། །རྔོག་ཆགས་ལ་གནོད་དགྲ་བགེགས་

p. 116

བརླག་མཛད་པའི། །ཆོས་སྐྱོང་སྲུང་མ་ཁྲོ་བོ་རེ་མནྟ། །བདག་གི་རྟ་ཡི་སྲུང་མར་མངའ་གསོལ་ལོ། །སྲིད་གསུམ་དབང་སྒྱུར་གནོད་སྦྱིན་གང་བ་བཟང་། །རྟ་བདག་ཆེན་པོ་དཔལ་དང་འབྱོར་པའི་བདག །རྟ་རྣམས་སྲུང་ཞིང་སྐྱོབས་པར་དམ་བཅས་པ། །བདག་གི་རྟ་ཡི་སྲུང་མར་མངའ་གསོལ་ལོ། །བྱང་ཆུབ་སེམས་དཔའ་གསེར་འདྲ་སེངྒེ་ཞོན། །རྡོ་རྗེ་རྣམ་ཐོས་སྲས་པོ་ནོར་གྱི་ལྷ། །རྟ་ནོར་རྔོག་ཆགས་ཐམས་ཅད་འཕེལ་མཛད་པ། །བདག་གི་རྟ་ལྷ་མཆོག་ཏུ་མངའ་གསོལ་ལོ། །གཙུག་ལག་ཁང་དང་དཀྱིལ་འཁོར་སྲུང་མ་ཆེ། །རྣལ་འབྱོར་དགྲ་ལྷ་དུག་གསུམ་ནད་ཀྱི་སྨན། །དགྲ་བགེགས་འདུལ་མཛད་མ་ཧཱ་ཀཱ་ལ་ཆེ། །རྟ་འདྲེ་གནོད་བྱེད་འདུལ་བར་མངའ་གསོལ་ལོ། །རྟ་བདག་གནོད་སྦྱིན་ཆེན་པོ་ཀུ་བེེ་ར། །རང་འདྲའི་སྤྲུལ་པ་འཁོར་ཚོགས་འབུམ་དང་བཅས། །རྔོག་ཆགས་སྲུང་ཞིང་

p. 117

མེལ་ཚེ་མཛད་པའི་ལྷ། །བདག་གི་རྟ་ཡི་རྫི་བོ་མངའ་གསོལ་ལོ། །སྤྲུལ་པའི་གནོད་སྦྱིན་ཨརྱ་རེ་མནྟ། །ལྔ་བརྒྱ་དང་བཅས་ནོར་ལྷ་བྱེ་བ་འབུམ། །བདག་གི་རྟ་དྲེལ་རྔོག་ཆགས་འཕེལ་བའི་ཕྱིར། །རྟ་དང་ནོར་གྱི་ལྷ་རུ་མངའ་གསོལ་ལོ། །གསོལ་ལོ་མཆོད་དོ། །རྟ་ལྷ་ཆེན་པོ་གསོལ་ལོ་མཆོད་དོ། །རྡོ་རྗེ་རེ་མནྟ་གསོལ་ལོ་མཆོད་དོ། །དཔལ་རབ་འཆང་བའི་མགོན་པོ་གསོལ་ལོ་མཆོད་དོ། །ཨརྱ་རེ་མནྟ་གསོལ་ལོ་མཆོད་དོ། །ཉི་མའི་སྲས་པོ་གསོལ་ལོ་མཆོད་དོ། །ཁྲོ་བོ་རེ་མནྟ་གསོལ་ལོ་མཆོད་དོ། །རང་འདྲའི་འཁོར་ཚོགས་ལྔ་བརྒྱ་གསོལ་ལོ་མཆོད་དོ། །དཔལ་འབྱོར་གང་བ་བཟང་པོ་གསོལ་ལོ་མཆོད་དོ། །རྡོ་རྗེ་རྣམ་ཐོས་སྲས་གསོལ་ལོ་མཆོད་དོ། །རྟ་ལྷ་མགོན་པོ་ནག་པོ་གསོལ་ལོ་མཆོད་དོ། །རྟ་བདག་ཀུ་བེེ་ར་གསོལ་ལོ་མཆོད་དོ། །ནོར་ལྷ་བྱེ་བ་འབུམ་དང་བཅས་པ་ལ་མངའ་གསོལ་

p. 118

ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས་ལ་ཚེ་སྲོག་བརྟན་པའི་ཕྲིན་ལས་མཛོད་ཅིག །རྟ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། རྟ་འདྲེ་རྟེའུ་སྲི་ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་པ་ཨ་རཱ་གས་སོ། །༈ རྟ་ལྷའི་མངའ་གསོལ་ནི། ཧཱུྃ། རྟ་ལྷ་ཨརྱ་རེ་མནྟ། །རྟ་བདག་རྒྱལ་པོ་ཀུ་བེེ་ར། །བདག་ལ་དངོས་གྲུབ་སྟེར་བའི་ཕྱིར། །སྤྱན་འདྲེན་ཕེཾ་ཕེཾ་བདག་གིས་འབོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རྔོག་ཆགས་ཀུན་གྱི་མགོན་སྐྱབས་དང་། །རྐང་བཞི་འཕེལ་བའི་ཕྲིན་ལས་མཛོད། །ཨོཾ་ཨརྱ་རེ་མནྟ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་བེེ་ར་ཡེ་སྭཱ་ཧཱ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་

p. 119

ཝི་དྱ་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། རེ་མནྟ་བདག་ཀུ་བེེ་ར། །མནའ་དགུ་བཞག་པའི་ཤག་པོ་ཡིན། །ཕ་མ་བྱས་ཀྱང་དེ་རང་ཡིན། །དཔོན་གཡོག་བྱས་ཀྱང་དེ་རང་ཡིན། །ཚ་ཞང་བྱས་ཀྱང་དེ་རང་ཡིན། །ཁྱོད་བསྟེན་ཁྱོད་མཆོད་ཁྱོད་རྦད་ན། །རྔོག་ཆགས་གོད་ཁ་བཟློག་པ་དང་། །རྔོག་ཆགས་མ་ལུས་བསྲུང་དུ་གསོལ། །ཨ་རཱ་གས་སོ། །༈ གསོལ་བསྡུས་ནི། ཧཱུྃ། ཤར་ཕྱོགས་སྐྱོང་བའི་མགོན་པོ་དཔལ་རབ་འཆང་། །ཉི་མའི་སྲས་པོ་འཕགས་པ་རེ་མནྟ། །ཟླ་བའི་སྲས་པོ་རྟ་བདག་ཀུ་བེེ་ར། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཆགས་འཕེལ་སྲུང་ལམ་དགྲ་རྟ་ནད་བཟློག །ཅེས་པ་རཱ་ག་ཨ་སྱེས་མཛད་པའོ། །༈ དྲང་སྲོང་མངའ་གསོལ་ནི། ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུས་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་

p. 120

ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་མངའ་གསོལ་ལོ། །དུག་གི་ཟོར་ཁ་དགྲ་ལ་བསྒྱུར། །གདུག་པའི་ཁ་རླངས་དགྲ་ལ་བསྒྱུར། །བདག་ཅག་དཔོན་སློབ་མི་ཕྱུགས་བཅས། །ཁྱོད་ཀྱི་བུ་སྤུན་ཚ་བོ་བཞིན། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཨ་རཱ་གས་མཛད་པའོ། །༈ སེང་ཆེན་ནོར་བུ་དགྲ་འདུལ་གྱི་བསང་གསོལ་བཞུགས་སོ། །ནམ་མཁའ་མཐིང་གི་གུར་ཁང་ནས། །འཇའ་འོད་འཐིབ་པའི་ཀློང་དཀྱིལ་ནས། །འཛམ་གླིང་ཡོངས་ཀྱི་དགྲ་བླ་ཆེ། །པདྨའི་ཕྲིན་ལས་སྤྲུལ་པ་སྟེ། །ཁྲི་སྲུང་ལྡེའུ་བཙན་སྒྱུ་འཕྲུལ་གར། །ནག་ཕྱོགས་བདུད་སྡེ་བརླག་པ་དང་། །བསྟན་དགྲའི་གཤེད་མ་རྫུ་འཕྲུལ་ཅན། །སེང་ཆེན་ནོར་བུ་དགྲ་འདུལ་ནི། །མི་སྨུག་གཡུ་ཡི་སྨིན་མ་ཅན། །ཡང་

p. 121

སྨུག་བྱུ་རུའི་མིག་རྩ་ཅན། །སྐུ་ལ་ཟིལ་པའི་ཐོག་སྡུག་བརྗིད། །དབུ་ལ་དངུལ་གྱི་རྨོག་ཞུ་གསོལ། །སྒྲོ་དར་བྱ་འུར་ཚུབས་སེ་ཚུབ། །དགྲ་བླའི་ཚེ་མདུད་སྤུངས་སེ་སྤུང་། །སྟག་དོང་གཡས་ལ་གཟིག་ཤུབས་གཡོན། །བཏབ་པ་ལེན་མེད་སྐེད་ལ་བསྐོར། །སྦ་ལྕག་ཕྱར་ཞིང་མདུང་དར་འཛིན། །རྐྱང་རྒོད་འཕེན་པོ་ཆིབས་སུ་ཆིབ། །དགྲ་བླ་ཝེར་མའི་འཁོར་གྱིས་བསྐོར། །འདིར་གཤེགས་མཐུན་རྫས་མཆོད་སྤྲིན་བཞེས། །ནག་ཕྱོགས་བདུད་ཀྱིས་རྫུ་བ་ཡི། །གཟུགས་ཅན་གཟུགས་མེད་དགྲ་བགེགས་རྣམས། །མྱུར་དུ་ཚར་གཅོད་ཕྲིན་ལས་མཛོད། །ཅེས་གེ་སར་སྐུ་འཁྲུངས་པའི་གནས་ནས་བྲིས། ༈ དམ་ཅན་གསོལ་ཀ་ནི། ཧཱུྃ། རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །རྡོ་རྗེ་ལེགས་པ་འདིར་གཤེགས་ཤིག །མགར་བ་ནག་པོ་འདིར་གཤེགས་ཤིག །དམག་དཔོན་ཆེན་པོ་འདིར་གཤེགས་ཤིག །ཚོང་དཔོན་ཆེན་

p. 122

པོ་འདིར་གཤེགས་ཤིག །འཁོར་དུ་གནས་པའི་གིང་ཆེན་བཞི། །དམ་ཅན་ཐུགས་ཀྱི་དགྱེས་སྡེ་མོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ། །གཞན་ཡང་ཁ་རག་ཁྱུང་བཙུན་སོགས། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ལྷ་བཙན་བདུད་ཀྱི་དགེ་བསྙེན་ཏེ། །སུམ་བརྒྱ་དྲུག་ཅུར་བཅས་པ་རྣམས། །ཕོ་ཉ་གཅན་གཟན་གདུག་པའི་ཚོགས། །བྱ་བྱེད་མཆེ་བ་ཅན་རྣམས་ཀུན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ཕྱི་ནང་གསང་བའི་མཆོད་པ་དང་། །འདོད་ཡོན་མཆོད་པ་གཏོར་མ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །བདུད་རྩི་སྨན་དང་རིན་ཆེན་འབྲུ། །སྙིང་པོ་ལྔ་དང་དར་ཚོན་ལྔ། །གསུར་ཆེན་སྤོས་དང་གསེར་སྐྱེམས་བཅས། །རོལ་མོ་སིལ་སྙན་སྒྲ་དབྱངས་ཀྱིས། །རྡོ་རྗེ་ལེགས་པ་

p. 123

མངའ་གསོལ་ལོ། །གིང་ཆེན་སྡེ་བཞི་མངའ་གསོལ་ལོ། །བརྟན་མ་བཅུ་གཉིས་མངའ་གསོལ་ལོ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཚོགས། །དམ་ཅན་འཁོར་དུ་གནས་པ་ཡི། །ཕོ་ཉ་གཅན་གཟན་བྱ་ཁྲའི་ཚོགས། །ཟ་བྱེད་ཚོགས་རྣམས་མངའ་གསོལ་ལོ། །གསོལ་དང་མཆོད་པ་ལ་བརྟེན་ནས། །སྔོན་གྱི་དམ་ཚིག་གཉན་པོ་ལྟར། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །ཕྱི་མའི་མུ་མཐར་ཐུག་གི་བར། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །བར་དུ་གཅོད་པ་མཐའ་དག་སོལ། །དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག །ཅེས་པ་འདི་ཀརྨ་ཆོས་གྲགས་རྒྱ་མཚོས་ཉག་རོང་མཚོ་ཁ་ཨཱརྱ་གླིང་དུ་མཛད་པའོ། །དེ་ནས་རོལ་མོ་དང་བཅས་པས་གཏོར་མ་

p. 124

ཆང་ཕུད་ནམ་མཁར་འབུལ་ཞིང་། གསོལ་ལོ་མཆོད་དོ། །དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། གནམ་རལ་གཅིག་གི་བདག་པོ། ས་གྲུ་གཅིག་གི་རྗེ་བོ། འཁོར་དུ་ལྷ་ཡི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་མེ་རུ་རྩེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ། དཀར་པོ་ལྷ་ཡི་དགེ་བསྙེན་བརྒྱ་དང་ཉི་ཤུ། དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། རྡོ་རྗེ་དཔལ་དང་ལྡན་པ་ལ་སོགས་པ་གསང་བའི་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་ཀྱི་འུར་བ་འགྲོགས་པ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་

p. 125

མོང་ལག་དཀར་ཐལ་མོ་རྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་པ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས་གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུ་ཡི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ་གསོལ་ཞིང་མཆོད་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་ཆོས། སྡོད་ན་བརྟེན་ས་གྱིས། ཉིན་གྱི་བྱ་ར་དང་། མཚན་གྱི་མེལ་ཚེ་མཛོད། སྔོན་ནས་

p. 126

བསུ་བ་དང་། རྒྱབ་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་། རྡོ་རྗེའི་བཀའ་སྡོད་མཛོད། རྣལ་འབྱོར་པ་བདག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ལ་ཉོན། བསྒོས་པའི་དོན་སྒྲུབས། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློགས །སྡོད་སའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ་བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོས་མཛད་པའོ། །༈ རྡོ་རྗེ་ལེགས་པའི་མངའ་གསོལ་ནི། ཧཱུྃ། ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །རྡོ་རྗེ་ལེགས་པ་མཐུ་བོ་ཆེ། །གསང་མཚན་བཛྲ་ཐིག་ལེ་རྩལ། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །རྡོ་རྗེ་དང་ནི་དགྲ་སྙིང་འཛིན། །སག་ཞུ་

p. 127

བེར་གོས་ཆས་ཀྱིས་བརྗིད། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །ཡུམ་ཆེན་དགྱེས་སྡེ་བཅུ་གཉིས་སོགས། །འཁོར་དང་ཡང་འཁོར་མང་པོར་བཅས། །འོག་མིན་གནས་དང་མི་མཇེད་ཞིང་། །ཁྱད་པར་འོ་ཡུག་དགུང་སྔོན་ནས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །དངོས་སུ་འབྱོར་དང་ཡིད་སྤྲུལ་གྱི། །འདོད་ཡོན་མཆོད་པ་སྣ་ཚོགས་ཀྱིས། །རྡོ་རྗེ་ལེགས་པ་མངའ་གསོལ་ལོ། །སྐྱེས་བུ་ཆེན་པོ་མངའ་གསོལ་ལོ། །ཚོང་དཔོན་ཆེན་པོ་མངའ་གསོལ་ལོ། །དམག་དཔོན་ཆེན་པོ་མངའ་གསོལ་ལོ། །ཇག་དཔོན་ཆེན་པོ་མངའ་གསོལ་ལོ། །ལིང་དཔོན་ཆེན་པོ་མངའ་གསོལ་ལོ། །ཨ་ཇོ་ཆེན་པོ་མངའ་གསོལ་ལོ། །ལྷ་བཙན་བདུད་ཀྱི་དགེ་བསྙེན་ནི། །སུམ་བརྒྱ་དྲུག་ཅུ་མངའ་གསོལ་ལོ། །བརྟན་མ་བཅུ་གཉིས་མངའ་གསོལ་

p. 128

ལོ། །སྤྲུལ་པའི་ཕོ་ཉ་མངའ་གསོལ་ལོ། །ཡང་འཁོར་དམག་ཚོགས་མངའ་གསོལ་ལོ། །འཁོར་བཅས་གསོལ་ཞིང་མཆོད་པའི་མཐུས། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །རྣལ་འབྱོར་བདག་གི་བར་ཆད་སོལ། །གཞི་ལ་འདུག་ན་གཞི་དཔོན་མཛོད། །བྱེས་སུ་འགྲོ་ན་བྱེས་དཔོན་མཛོད། །དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །མདོར་ན་ཆོས་ལྡན་བསམ་སྦྱོར་ཀུན། །བདེ་བླག་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྫོད་ཅིང་གཏོར་མ་འབུལ་ནས་གཤེགས་སུ་གསོལ་བས་མཐུས་སོ། །འདིའང་བསྟན་འཛིན་ཕུན་ཚོགས་ངོར་སི་ཏུ་པས་ཆུ་ཟླའི་ངོགས་སུ་སྦྱར་བའོ། །༈ ལམ་གཏོར་དངོས་གྲུབ་ཀུན་འབྱུང་བཞུགས་སོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱཱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ར་ཙ་ཡཀྴ་ས་མ་ཡ༔ བེ་ཤྲ་བ་ཎ་ཡེ༔ སརྦ་ཙིཏྟ་རཏྣ་ཧྲིཾ་ཧྲིཾ་ཛ་ཛ༔ མ་ཧཱ་བ་

p. 129

ལིངྟ་ཁཱ་ཧི༔ ཧཱུྃ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ རིན་ཆེན་འབར་བའི་ཕོ་བྲང་དབུས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྟོང་གསུམ་རིན་ཆེན་གཏེར་གྱི་བདག༔ གླིང་བཞི་བྱང་ཕྱོགས་སྐྱོང་ཙ་ན༔ ཕྲིན་ལས་བཞི་ལ་མངའ་བརྙེས་པ༔ ཨིནྡྲ་ནི་ལའི་མདངས་དང་ལྡན༔ ས་བརྒྱད་སེམས་དཔར་བཞུགས་པ་པོ༔ གནོད་སྦྱིན་ཕོ་མོ་མང་པོ་དང་༔ ཀླུ་ཡི་དེད་དཔོན་མཛད་ཙ་ན༔ རིན་ཆེན་གསེར་གྱི་ཁ་དོག་ཅན༔ ཌཱ་ཀི་མ་དང་ཀླུ་མོ་དང་༔ བདུད་མོའི་དེད་དཔོན་མཛད་ཙ་ན༔ བཻ་ཌཱུར་སྔོན་པོའི་སྐུ་མདོག་ཅན༔ སྣང་སྲིད་དབང་དུ་སྡུད་པ་དང་༔ འགྲོ་བའི་རྣམ་ཤེས་བཀུགས་པའི་ཚེ༔ པདྨ་རཱ་གའི་མདོག་འདྲ་ཞིང་༔ མིའུ་ཐུང་བཞེངས་པའི་ཆ་ལུགས་ལ༔ ལེབ་རྒན་དར་གྱི་ཅོད་པན་ཅན༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ དབུ་ལ་བསེ་རྨོག་རྒྱ་

p. 130

ཞྭ་གསོལ༔ ཕྱག་གཡས་མདུང་དར་རྒྱལ་མཚན་བསྣམས༔ སྲིད་གསུམ་ཟིལ་གྱིས་གནོན་པར་མཛད༔ ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་བསྣམས༔ འགྲོ་བའི་རྣམ་ཤེས་དབང་དུ་བསྡུད༔ སྐུ་ལས་འོད་ཟེར་དམར་པོ་འཕྲོས༔ སྲིད་པ་གསུམ་ཡང་དབང་དུ་བསྡུས༔ འགྲོ་བ་མི་ཡི་རྣམ་ཤེས་འགུགས༔ སྦྱིན་བདག་ཕོ་མོའི་སྙིང་ལག་སྒུལ༔ གཡང་ཅན་ནོར་དང་བརྗིད་ཅན་གོས༔ བཅུད་ཅན་ཟས་ལ་སོགས་པ་ཡི༔ བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི༔ དངོས་གྲུབ་མ་ལུས་ཐམས་ཅད་སྩོལ༔ ནོར་བདག་རྒྱལ་པོ་ཆེན་པོ་ཡི༔ ཐུགས་དམ་གནད་ནས་བསྐུལ་བའི་ཚེ༔ ཁྱོད་ཀྱི་སྤྲུལ་པའི་རྒྱལ་ཕྲན་ནི༔ འགྲོ་བ་མི་ཡི་སྙིང་ལ་ཞུགས༔ རྣམ་ཤེས་བསྒྱུར་ལ་དབང་དུ་བསྡུས༔ འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས༔ མ་ལུས་ཐམས་ཅད་དབང་དུ་བསྡུས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ཀྱེ༔ ཉི་མ་ནུབ་

p. 131

ཕྱོགས་ཕ་ཀི་ན༔ ཕ་ནི་བདུད་ལ་མ་ནི་དམུ༔ དམུ་བདུད་བཤོས་པའི་མཐུ་རྩལ་ཅན༔ སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ༔ ཞྭ་ཡི་མགོན་པོ་ར་རྟ་ཅན༔ གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན༔ གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས༔ གཡོན་པས་ནེའུ་ལེས་དབུལ་ཕོངས་སེལ༔ ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན༔ ཀོང་བཙུན་མོ་དང་གཉིས་སུ་མེད༔ བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར༔ སྐུ་མཆེད་སུམ་བརྒྱ་དྲུག་ཅུ་དང་༔ ཐེའུ་རང་དམག་དཔོན་རྫུ་འཕྲུལ་ཅན༔ རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར༔ འཇིག་རྟེན་ཁམས་ཀྱི་ནོར་གྱི་བདག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་དྷུ་ས་མ་ཡ༔

p. 132

བཛྲ་ལི་ལ་མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཀྱེ༔ དམ་ཅན་སྐྱེས་བུ་ཆེན་པོ༔ མཐུ་དང་རྫུ་འཕྲུལ་གྱི་བདག་པོ༔ བདག་ལ་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན༔ ཁྱོད་བསྒྲུབ་ཅིང་མཆོད་པའི་ཡོ་བྱད་དུ་མ་དང་ལྡན་པས༔ མི་སྙིང་སྒུལ་ཅིག༔ མི་སེམས་གཡོས་ཤིག༔ སྣང་བ་བསྒྱུར་ཅིག༔ བདག་ལ་གཡང་ཅན་གྱི་ནོར་སྩོལ་ཅིག༔ བརྗིད་ཅན་གྱི་གོས་བཀོན་ཅིག༔ བཅུད་ཅན་གྱི་ཟས་སྩོལ་ཅིག༔ མི་ནོར་ཟས་གསུམ་དབང་དུ་བསྡུས་ཤིག༔ འབྲུ་དང་ནོར་གྱི་ཆར་ཕོབ་ཅིག༔ སྐྱེས་བུ་ཆེན་པོ་རེམས་ཤིག༔ མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ཅི་འདུག་ད་བལྟའོ༔ ཨོཾ་ཨཱཿཧཱུྃ་གིས་གཏོར་མ་ལྷའི་ཞལ་ཟས་སུ་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛཿ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདག་གིས་འདོད་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ༔ སྟེང་

p. 133

ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ནས༔ རིན་ཆེན་སྤྲིན་དཀར་བརྩིགས་པའི་གུར་ཁང་ནས༔ རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས༔ འདིར་གཤེགས་རྒྱན་པའི་གཏོར་མ་བཞེས་སུ་གསོལ༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ༔ ཆོས་སྐུའི་དབྱིངས་ལ་སྤྲོས་པ་མི་མངའ་ཡང་༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུའི་སྨན་མོས་འགྲོ་དོན་མཛད་ལ་བསྟོད༔ སྤྲུལ་སྐུའི་གནས་ལ་ངེས་པ་མ་མཆིས་ཀྱང་༔ རི་རབ་གླིང་དང་ནགས་ཚལ་མཚོ་གླིང་དང་༔ ལྷོ་མོན་བོད་དང་རྒྱ་གར་ལ་སོགས་པ༔ ཡུལ་རྣམས་ཀུན་ནས་དངོས་གྲུབ་སྟེར་ལ་བསྟོད༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛཿ མ་མ་ལ་ལ་ལི་ལི་སྲིང་གྲོ་མ་ཧཱུྃ༔ སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མི་ནོར་ཟས་གསུམ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་འདི་རྣམས་གཏེར་

p. 134

གཞུང་ཁོ་ནར་བསྒྲིགས་པའོ༔ གཏོར་མ་ཟུར་གསུམ་སོ་སོར་ཡོད་ན་རབ༔ འབྲིང་ཟུར་གསུམ་གཅིག་ལ་བསྡུ༔ ཐ་ན་མར་ཐུད་སོགས་ལ་བསྔོས་ན་ཆོག༔ འགྲོ་ན་འགྲོ་ཕྱོགས་སུ་ཕུལ༔ བྱ་ཁྱི་དང་མི་ལ་མི་སྦྱིན་རང་གིས་དངོས་གྲུབ་ཏུ་རོལ༔ ཞེས་པ་ཨ་རཱ་གས་བགྱིས་པའོ། །༈ ཇག་པ་མེ་ལེན་གྱི་མངའ་གསོལ་ཧཱུྃ་སྒྲ་བཅུ་དྲུག་བཞུགས་སོ། །སྤྱན་འདྲེན་ནི། ཧཱུྃ། མཐོ་བ་སྲིད་པའི་ཡང་སྟེང་གི །རྩུབ་འགྱུར་ཚལ་དུ་རུ་མཚོན་ཅན། །དཀར་པོ་ལྷ་ཡི་དབང་ཕྱུག་གི །དམག་དཔོན་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། དམའ་བ་ས་འོག་རིམ་དགུ་ཡི། །གྲོང་ཁྱེར་མཆོག་ན་སྲོག་བདག་དམར། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡི། །ལས་མཁན་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། བར་གྱི་བདུད་ཡུལ་ཁ་རག་གླིང་། །གདོང་དམར་ཡུལ་ན་ཨ་བསེ་རྒྱལ། །ཞང་ཞུང་བོན་གྱི་སྐྱོང་བ་ཆེ། །དགྲ་བླའི་རྒྱལ་པོ་གཤེགས་སུ་གསོལ། །ཧཱུྃ། ལྷག་པར་མོན་ཁམས་མཐིང་པོ་ཡི། །བདེ་ཆེན་གནས་ནས་བཙན་རྒོད་

p. 135

རྒྱལ། །རིག་འཛིན་བླ་མའི་བཀའ་ཉན་མཆོག །ཇག་པ་མེ་ལེན་གཤེགས་སུ་གསོལ། །མཆོད་པ་ནི། ཧཱུྃ། བསད་པའི་དམར་ཆོལ་སྦུ་གསར་ཅན། །དགྲ་བོའི་སྙིང་རྩ་ནས་བབ་དང་། །སྣ་ཚོགས་འབྲུ་ཡི་ཛ་གད་ནི། །གསེར་ཁ་གཡུ་ཁས་བརྒྱན་ཏེ་འབུལ། །ཧཱུྃ། དགྲ་མགོ་བྲེགས་པའི་ཕྲེང་བ་གཏིབ། །ཤ་དྲི་གསར་པའི་ན་བུན་འཐུལ། །རྒྱལ་བའི་རུ་མཚོན་སྣང་བ་སྦར། །དཔའ་བའི་འབྲུག་སྒྲ་ལྡིར་བ་འབུམ། །ཧཱུྃ། ཡིད་གར་འོང་བ་སྒྲུབ་པའི་བརྒྱན། །སྡང་བའི་དགྲ་བོ་འཇོམས་པའི་ཆས། །མནབ་འོས་འཁྱིལ་གྱི་གནང་ཆེན་ནོར། །ཕྱུགས་ཀྱི་འགྲོ་བ་ཀུན་ཀྱང་འབུལ། །ཧཱུྃ། རྟ་དམར་གླང་དམར་ར་དག་གི །ཤ་ནི་ངར་བཅས་བ་ལིངྟ། །སྙིང་དང་ནང་ཁྲོལ་སྣ་ཚོགས་ཀྱིས། །རྒྱ་མཚོ་ཆེན་པོ་བྱས་ཏེ་འབུལ། །བསྟོད་པ་ནི། ཧཱུྃ། གདུག་པ་ཁྱོད་ཀྱི་གཟུགས་ཀྱི་བྱིན། །མ་རུངས་ཇག་པའི་ཚ་ངད་

p. 136

ཀྱིིས། །བར་ཆད་བགེགས་ཀྱི་ཕྱེ་མ་ལེབ། །ཐམས་ཅད་གཞོབ་ཅིང་མེད་པར་བསྲེགས། །ཧཱུྃ། གཟིགས་པའི་སྤྱན་གྱིས་མ་ནོན་བགེགས། །ཁྲོས་པའི་ཞལ་གྱི་མཆེ་བའི་རྩེར། །མེ་ལེན་དམ་ཚིག་ཉམས་པའི་སྲོག །འཇིག་རྟེན་ཁམས་ན་ཀྱང་མེད་དོ། །ཧཱུྃ། རྡོ་རྗེའི་རྨོག་ཞུ་ཁྲབ་ཆེན་ཕུབ། །མདུང་དམར་ཞགས་བཟུང་མདོ་དྲུག་ཆས། །ཞུབ་ཆེན་རྟར་ཞོན་དཔའ་རྐྱེན་གདོང་། །སུས་ཀྱང་ཚུགས་པར་མི་ནུས་སོ། །ཧཱུྃ། སྲིན་བྱས་ཧུས་འདེབས་འཕར་ཁྱི་ངར། །བཙན་དམག་ཅོ་སྒྲས་ཁོལ་བ་རྣམས། །མེ་རུ་འབར་ཞིང་རླུང་དུ་འཚུབ། །དགྲ་བོའི་སྲོག་ལ་དུག་ཏུ་འགྱུར། །བསྐུལ་པ་ནི། ཧཱུྃ། སྲིད་གསུམ་འཇོམས་པའི་ཇག་པ་ནི། །ཞེ་སྡང་མེ་ལྟར་འབར་བ་ནི། །དགྲ་བོའི་སྲོག་རྩ་ལེན་ལ་སོགས། །སྲོག་དང་དབུགས་ལ་རྔམ་ཟས་གྱིས། །ཧཱུྃ། མི་སྡུག་གཟུགས་དགུའི་རྫུ་འཕྲུལ་ཇག །དགྲ་དང་

p. 137

བགེགས་ཀྱི་སྟེང་དུ་བསྒྱུར། །མི་སྙན་ངག་གིས་དམོད་པའི་མི། །ལེན་མཁན་དགྲ་འདི་ཡིན་པས་བསྐུལ། །ཧཱུྃ། ལྷ་སྲིན་དྲེགས་པའི་ཇག་དཔོན་ཁྱོད། །ཐུབ་པའི་ལྷ་འདྲེ་གང་ཡང་མེད། །མི་བོ་ཟས་སྐལ་ཡིན་པའི་ཕྱིར། །དགྲ་བོར་མེ་འདྲའི་སྲོག་ལེན་མཛོད། །ཧཱུྃ། ཇག་དམར་རལ་དགུ་བརྡབ་ནས་ཁྱོད་རྦད་དོ། །དམ་བསྐུལ་མེ་དཔུང་སྦར་ནས་ཁྱོད་རྦད་དོ། །ལེན་རྩའི་རྩ་བ་བཤད་ནས་ཁྱོད་རྦད་དོ། །དགྲ་བོ་ཚར་གཅོད་ལས་འདི་མྱུར་དུ་སྒྲུབས། །དམ་ཅན་ཇག་པ་མེ་ལེན་ཞེས། །གྲུབ་པའི་བཀའ་གཉན་མཆོད་པ་ཡི། །ཆོ་ག་ཧཱུྃ་སྒྲ་བཅུ་དྲུག་པ། །པདྨ་དཀར་པོ་བདག་གིས་སྦྱར། །༈ ཇག་མེའི་མངའ་གསོལ་ནི། ཧཱུྃ། སློབ་དཔོན་པདྨས་དབང་བསྐུར་དམ་ཚིག་ཅན། །རྡོ་རྗེ་དགྲ་འདུལ་ཞེས་སུ་མཚན་ཡང་གསོལ། །གསང་བའི་གཉེར་གཏད་བཀའ་ཡི་སྲུང་མར་བསྐོས། །སྒྲུབ་བརྒྱུད་བསྟན་པའི་སྲུང་མ་དམ་ཚིག་ཅན། །སྔོན་གྱི་

p. 138

རིག་འཛིན་རྣམས་ཀྱིས་མངའ་གསོལ་ལྟར། །སྒྲུབ་མཆོག་བདག་གི་སྲུང་མར་མངའ་གསོལ་ལོ། །ཞི་བའི་དངོས་གྲུབ་རྒྱས་པའི་སྟོབས་འབྱོར་དང་། །དབང་གི་ལས་སྒྲུབ་དྲག་པོས་ལོག་འདྲེན་རྣམས། །བསྒྲལ་བར་མངའ་གསོལ་དོན་ཀུན་འགྲུབ་པར་མཛོད། །རིག་འཛིན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་དགྲ་འདྲེ་བྱད་མ་དང་། །བར་དུ་གཅོད་པའི་དགྲ་བགེགས་མ་ལུས་ཀུན། །སྐད་ཅིག་ཉིད་ལ་བསྒྲལ་བའི་ཕྲིན་ལས་མཛོད། །ཨོཾ་སརྦ་སུཾ་ཏྲི་རི་ཏྲི་ཏ་ན་ན་ཁ་རེ་བྷྲཱུྃ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསོལ་ལོ་མཆོད་དོ། །དགེ་བསྙེན་རྡོ་རྗེ་དགྲ་འདུལ། ཇག་པ་མེ་ལེན། ཤན་པ་དམར་པོ། འགུགས་བྱེད་བཙན་གྱི་ཤན་པ། སྒྲོལ་བྱེད་བདུད་ཀྱི་ཤན་པ། སྲོག་གཅོད་གཤིན་རྗེའི་ཤན་པ། ཡུམ་མཆོག་སྨན་མོ་ཆེན་མོ། འཁོར་ཤན་པ་འབུམ་སྡེ་སྤྲུལ་པ་ཡང་སྤྲུལ་དང་

p. 139

བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་སྲིངས། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ཞིང་མཐུན་རྐྱེན་བསམ་པའི་དོན་མ་ལུས་པ་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཞེས་དུང་དཀར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་གིས་སྦྱར་བའོ། །༈ ༁ྃཿ གཏེར་སྲུང་རྦ་བ་ནག་པོའི་གཏོར་འབུལ་བྱིན་རླབས་ནི། རྃ་ཡྃ་ཁྃ་གིས་མི་གཙང་དྲི་མ་སྦྱང་། ཨོཾ་ཨཱཿཧཱུྃ༔ གཏོར་སྣོད་པདྨའི་སྣོད་ཡངས་པར༔ གཏོར་རྫས་དམ་ཚིག་བདུད་རྩི་འདི༔ ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད། རང་ཉིད་

p. 140

པདྨ་འབྱུང་གནས་སུ་གསལ་བའི་མདུན་དུ་རྒྱ་མཚོ་ཆེན་པོ་རྦ་ཀློང་འཁྲུགས་པའི་དབུས་སུ༔ ཡི་གེ་ཕུཿནག་པོ་ལས་བྱུང་བའི་དགེ་བསྙེན་མཁའ་རི་རྡོ་རྗེ་དགྲ་འདུལ་མི་དཀར་རྟ་དཀར་ཤེལ་རྨོག་ཤེལ་ཁྲབ་ཤེལ་ཕུབ་ཅན༔ ཤེལ་གྲི་དང་ཤེལ་མདུང་ཐུན་སྣོད་བསྣམས་པ༔ ཤེལ་གྱི་གོ་མནབ་ལྕམ་མོ་ལ་འཁྱུད་པ༔ཤེལ་རྟ་རྒྱན་ལྡན་ལ་ཞོན་པ༔ འཁོར་དུ་ལྷ་ཀླུ་བདུད་བཙན་མ་མོ་རྒྱལ་པོ་སྲིན་པོ་ཐེའུ་རང་ས་བདག་དཔག་ཏུ་མེད་པས་བསྐོར་བ་ཁྱེད་རྣམས་ལ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་འབུལ་ལོ༔ དགྱེས་པར་བཞེས་ལ་བདག་ཅག་ལ་མཆོག་ཐུན་མོང་ཞི་རྒྱས་དབང་དྲག་གི་དངོས་གྲུབ་ཐམས་ཅད་སྩོལ་ཅིག༔ ནཱ་ག་རཱ་ཛ་ཨི་དཾ་བ་ལིངྟ་པཱུ་ཛ་ཁཱ་ཧི༔ ཞེས་ཤེས་རབ་ངོ་བོ་ཌཱ་ཀི་མས་ཞུས་ཕྱིར་མི་འགྱུར་རྡོ་རྗེས་མཛད་པའོ། །གཏེར་སྲུང་སྤྱན་འདྲེན་པ་ནི། རིག་འཛིན་པདྨ་འབྱུང་གནས་ཀྱི་གཏེར་སྲུང་༔ ཀླུ་ཡི་

p. 141

དགེ་བསྙེན་རྡོ་རྗེ་རབ་བརྟན་ཞི་བ་རྩལ༔ ཀླུ་ཡི་དགེ་བསྙེན་རྒྱས་བྱེད་རྡོ་རྗེ་ཀུན་འབྱུང་༔ ཀླུ་ཡི་དགེ་བསྙེན་འགུགས་བྱེད་སྣང་སྲིད་དབང་བསྡུད༔ ཀླུ་ཡི་དགེ་བསྙེན་བསྟན་སྲུང་རྡོ་རྗེ་དགྲ་འདུལ༔ འོག་མིན་མཚུར་ཕུར་བཞུགས་ཚེ་མཁར་ནག་རྡོ་རྗེ་རྒྱལ་པོ༔ ལྷོ་བྲག་ཕྱོགས་སུ་བཞུགས་ཚེ་དགེ་བསྙེན་མཁའ་རི༔ ཀོང་ཡུལ་དུ་བཞུགས་ཚེ་དགེ་བསྙེན་མཐུ་སྟོབས་ཆེན་པོ༔ ཁ་ལ་རོང་དུ་བཞུགས་ཚེ་དགེ་བསྙེན་ཞི་བ་རྡོ་རྗེ༔ མཚན་ཆེན་པོ་ལ་གསོལ་ལོ་མཆོད་དོ༔ ཧཱུྃ་ཕུ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ༔ ཛཿཧཱུྃ་བཾ་ཧོཿ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔བསྟོད་པ་ནི༔ ཧཱུྃ༔ སྣང་སྲིད་དབང་བསྒྱུར་པདྨ་སཾ་བྷ་ཡི༔ བཀའ་ཡི་གཏེར་བདག་ཆོས་སྐྱོང་རྒྱལ་པོ་ནི༔ རྡོ་རྗེ་དགྲ་འདུལ་རྦ་བ་ནག་པོའི་མཚན༔ གནས་མཆོག་སྤྱི་འབྱམས་གཏེར་བདག་གཏེར་སྲུང་ཁྱོད༔ དམ་

p. 142

ལྡན་དམ་ཚིག་གཉན་པོ་དྲན་བཞིན་དུ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་བཀའ་བསྒོས་ལྟར༔ ཕྲིན་ལས་རྣམ་བཞི་གྲུབ་པ་ཆེན་པོ་བརྒྱད༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་རྣམས༔ སྒྲུབ་པའི་རྣལ་འབྱོར་བདག་ལ་མྱུར་དུ་སྩོལ༔ རྡོ་རྗེ་དགྲ་འདུལ་ཁྱོད་ལ་གུས་པས་བསྟོད༔ ཧཱུྃ༔ སྣང་སྲིད་དབང་བསྡུད་པདྨ་འབྱུང་གནས་ཀྱི༔ ཕྲིན་ལས་སྤྲུལ་པ་ཀླུ་ཡི་རྒྱལ་པོ་ནི༔ རྦ་བ་ནག་པོ་རྡོ་རྗེ་དགྲ་འདུལ་ཁྱོད༔ ས་བཅུའི་དབང་ཕྱུག་བྱང་སེམས་ནམ་མཁའི་སྙིང་༔ འགྲོ་མགོན་བསྟན་སྲུང་ཁྱོད་ལ་གུས་པས་བསྟོད༔ ཕྲིན་ལས་རབ་འབྱམས་རབ་བརྟན་དངོས་གྲུབ་སྩོལ༔ ཅེས་ཚེས་བཅུའི་ཉིན་སྲོད་ལ། སོ་སོའི་སྐྱེ་བོ་བྱང་ཆུབ་སེམས་དཔའ་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་སྤྱི་འབྱམས་སུ་བསང་བྱེད་ཅིང་ཡོད་ཙ་ན། རང་མདུན་གྱི་མཚོ་ནང་ནས་སྦྲུལ་ཆེན་པོ་མེ་སྟག་ཚུབ་ཚུབ་བྱེད་པ། རིང་ཐུང་ཐང་ཤིང་འདོམ་པ་མདུན་མཐུད་ཙམ་དུ་སྤྲུལ་ནས་འདུག་པས།

p. 143

ངེད་དཔོན་སློབ་བརྒྱད་ཙམ་གྱིས་མཐོང་སྟེ་གང་དྲན་ཚིག་མྱུར་དུ་བྲིས་ཏེ་བཀོད་པའོ། །སྐྱབས་གནས་རྩ་གསུམ་ཀུན་འདུས་རྗེ༔ ཨོ་རྒྱན་སློབ་དཔོན་པདྨ་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ རང་སེམས་གསལ་བའི་རང་མདངས་ལ༔ གུ་རུ་པད་འབྱུང་སྐུར་གསལ་བའི༔ མདུན་དུ་ཀླུ་ཡི་དགེ་བསྙེན་ནི༔ བྲ་ནག་སྟེང་དུ་དར་སྟན་དང་༔ གསེར་སྒ་གསེར་སྲབ་གཡུ་མཐུར་སྤྲས༔ དངུལ་ཡོབ་རིན་ཆེན་རྒྱན་གྱིས་མཛེས༔ དགེ་བསྙེན་ཆེན་པོའི་ཆ་ལུགས་ནི༔ མི་སྨུག་སྔགས་པའི་ཆས་དང་ལྡན༔ རལ་པས་སྐུ་སྟོད་ཁེབས་པ་ལ༔ སྔགས་པའི་ཞྭ་ནག་མཛེས་པར་གསོལ༔ ཕྱག་གཉིས་རྡོ་རྗེ་ཕུར་པ་འཛིན༔ ཞབས་གཉིས་སྭག་ལྷམ་རྒྱན་ལྡན་གསོལ༔ ཡུམ་སྲས་སྨན་མོ་འབུམ་གྱིས་བསྐོར༔ གཟའ་སོགས་སྡེ་བརྒྱད་ཡང་འཁོར་བཅས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་པད་འབྱུང་བསྟན་པ་

p. 144

སྤེལ༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ ཁྱོད་ཀྱི་ཆ་ལུགས་མ་ངེས་ཤིང་༔ ལྷ་ཀླུ་བདུད་སོགས་ཅིར་ཡང་སྤྲུལ༔ ཡུལ་འདིར་གནས་པའི་སྐྱེ་འགྲོ་ལ༔ དགྲ་བོ་ཕྱོགས་བཞིར་གར་འདུག་ཀྱང་༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ལྷག་པར་འབའ་རོམ་དགོན་སྡེ་ལ༔ བཤད་སྒྲུབ་བསྟན་པ་རྒྱས་པ་དང་༔ ཡུལ་ཕྱོགས་ཀུན་ཏུ་བདེ་བ་དང་༔ ལོ་ལེགས་རྩྭ་ཁ་ལེགས་པ་དང་༔ འཛམ་གླིང་ཕྱོགས་བཅུར་བདེ་བར་མཛོད༔ བཀྲ་ཤིས་ཕྱོགས་མཐར་ཀུན་ཁྱབ་ཤོག༔ དགེ་བསྙེན་དེ་ཉིད་དགྱེས་པའི་ལྟས་ཅུང་ཙམ་བྱུང་བས་སྔགས་འཆང་རྣམ་རྒྱལ་རྡོ་རྗེས་ཕུལ། ཨོཾ་ཨཱཿཧཱུྃ༔ མཚོ་ནག་རྦ་ཀློང་འཁྲུགས་པའི་ཀློང་དཀྱིལ་ནས༔ རྦ་བ་ནག་པོ་རྣལ་འབྱོར་བདག་གི་གྲོགས༔ དབང་གི་ལས་སྒྲུབ་མདོག་དམར་ཁྲོ་ཞིང་གཏུམ༔ བསེ་རྨོག་བསེ་ཁྲབ་དར་བེར་བརྗིད་ལྡན་གསོལ༔ ཕྱག་གཉིས་

p. 145

མདུང་དར་ཡིད་བཞིན་ནོར་རྐྱལ་འཛིན༔ དགྱེས་ཤིང་བརྩེ་བའི་ཉམས་ལྡན་དེང་འདིར་ནི༔ མཆོད་གཏོར་ལེགས་བཞེས་བསམ་དོན་ཡིད་བཞིན་སྒྲུབས༔ རིག་འཛིན་རྒྱལ་བའི་གདུང་འཚུབ་བསྟན་འགྲོའི་མགོན༔ དཔལ་ལྡན་བླ་མའི་སྐུ་ཚེ་མཛད་ཕྲིན་སྤེལ༔ མི་མཐུན་ཆོས་ལོག་བྱེད་པའི་སྐྱེ་བོ་རྣམས༔ ཚར་གཅོད་དྲག་པོའི་ཕྲིན་ལས་དུས་ཀུན་མཛོད༔ རྣལ་འབྱོར་གྲོགས་མཆོག་ཁྱོད་ཀྱི་ཕས་རྒོལ་ཚོགས༔ བྱད་ཁ་རྦོད་གཏོང་རིག་སྔགས་རྡུལ་དུ་རློགས༔ ཚེ་དཔལ་བསོད་ནམས་ལེགས་རྒྱས་ཕྲིན་ལས་སྤེལ༔ མོས་བཞིའི་སྐྱེ་འགྲོའི་དྲེགས་ཚོགས་དབང་དུ་བསྡུས༔ གཞི་བྱེས་ཀུན་ཏུ་འབྲལ་མེད་ཁ་འཛིན་མཛོད༔ ཅེས་རྦ་ནག་དགེ་བསྙེན་དབང་གི་ལས་སྒྲུབ་འདི་བཞིན་རང་གི་རྨིས་ལྟས་སུ་བྱུང་བར་བརྟེན་མཆོད་གཏོར་འབུལ་བའི་འདོད་གསོལ་དུ་རྡོ་རྗེ་འཛིན་པས་བྲིས། སེང་གེ་རྫོང་གི་གཏེར་སྲུང་མཆོག །ཀླུ་བདུད་རྦ་

p. 146

ནག་དགེ་བསྙེན་ཆེ། །བཙུན་མོ་སྲས་དང་གཟའ་མཆོག་བཅས། །སྡེ་བརྒྱད་ཕོ་ཉ་ཡང་འཁོར་བཅས། །མངའ་གསོལ་གསེར་སྐྱེམས་གཏོར་མ་འབུལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས། །ཅི་བསམ་དོན་རྣམས་བསྒྲུབ་པ་དང་། །ཆོས་དང་མཐུན་པའི་སྡོང་གྲོགས་མཛོད། །ཅེས་པ་འདི་ནི་ལྷུན་གྲུབ་རབ་བརྟན་གྱིས་མཛད་པའོ། །༈ ཀླུ་བདུད་ཆེན་པོ་དགེ་བསྙེན་སྨྱོ་ཁའི་གསོལ་མཆོད་འདོད་དགུ་ཆར་འབེབས་ནི། ཧཱུྃ། རྫོགས་ལྡན་དང་པོར་རྡོ་རྗེ་འཛིན་པ་ཡིས། །ཁྱོད་ལ་དབང་བསྐུར་སེམས་བསྐྱེད་བྱིན་བརླབས་ནས། །མ་འོངས་སྙིགས་མར་བསྟན་པའི་གཉེར་གཏད་ཅིང་། །དམ་ཚིག་སེམས་དཔའ་ཉིད་དུ་མངའ་གསོལ་མཛད། །རྩོད་ལྡན་གཉིས་པ་བར་གྱི་བསྐལ་པར་ཡང་། །སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས། །དབང་བསྐུར་ཡེ་ཤེས་སེམས་དཔར་མངའ་གསོལ་བའི། །དྲེགས་པའི་གཙོ་བོ་གཏེར་གྱི་སྲུང་མར་བསྐོས། །རྩོད་

p. 147

ལྡན་ཐ་མར་སྙིགས་མ་ལྔ་བརྒྱའི་མཐར། །རྒྱལ་བསྟན་རིན་ཆེན་ཁྱོད་ཀྱིས་སྐྱོང་བར་མཛོད། །ཁས་བླངས་དམ་བཅས་མ་གཡེལ་དྲན་མཛོད་ལ། །སྒྲུབ་མཆོག་བསྟན་པ་སྐྱོང་བར་མངའ་གསོལ་ལོ། །དབང་དྲག་པདྨས་དམ་ལ་བཞག་པ་ཡི། །གནས་བརྒྱད་དགེ་བསྙེན་གཅིག་ཏུ་ཐ་དད་མེད། །རོལ་མཚོ་བདུན་དང་བླ་མཚོ་ནག་པོའི་བདག །ཀླུ་ཆེན་བརྒྱད་ཀྱི་གཙོ་བོར་མངའ་གསོལ་ལོ། །སྲིད་གསུམ་འདི་ན་འགྲན་ཟླ་མ་མཆིས་པའི། །སྦྲུལ་ནག་གདེང་ཀ་སྲིད་པའི་རྩེ་མོར་སླེབས། །མགོ་ལུས་མེད་པར་མིག་གིས་གང་བ་ཁྱོད། །བསྟན་པའི་བྱ་ར་གཟིགས་པར་མངའ་གསོལ་ལོ། །ཀླུ་བདུད་འབུམ་གྱི་འཁོར་གྱིས་ཡོངས་བསྐོར་བའི། །ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ་བོར་བཞུགས། །ཁྱོད་ལ་བདག་གིས་མངའ་གསོལ་ཞུ་བ་ནི། །དམ་ཉམས་སྲོག་གི་གཤེད་མར་མངའ་གསོལ་ལོ། །སྒྲུབ་

p. 148

པའི་འགལ་རྐྱེན་སོལ་ཅིག་མངའ་གསོལ་ལོ། །མཐུན་རྐྱེན་བསམ་པ་སྒྲུབས་ཤིག་མངའ་གསོལ་ལོ། །འདོད་དོན་ཕྲིན་ལས་མཛོད་ཅིག་མངའ་གསོལ་ལོ། །དམིགས་པའི་དགྲ་བགེགས་སྒྲོལ་ཅིག་མངའ་གསོལ་ལོ། །བསྟན་པའི་སྒྲོན་མེ་སྦོར་ཅིག་མངའ་གསོལ་ལོ། །སྔ་བཅོལ་ལས་ཀྱི་བཏང་རག་གཉན་པོ། ད་བཅོལ་ལས་ཀྱི་ཞུ་སྐྱེམས་དམ་པ། མེ་ཏོག་བདུག་སྤོས་ཕྱི་ཡི་མཆོད་པ། འདོད་ཡོན་རྣམ་ལྔ་སྤྱི་ཡི་མཆོད་པ། རྒྱལ་སྲིད་སྣ་བདུན་རང་གི་མཐུན་རྫས། བ་ལིང་རྣམ་ལྔ་དགྱེས་པའི་དམ་རྫས། བདུད་རྩི་སྨན་རཀ་གསང་བའི་དམ་རྫས། མཾ་ས་རྣམ་ལྔ་དབང་པོའི་མེ་ཏོག་དགྲ་བགེགས་བསྒྲལ་བའི་སྲོག་དབུགས་དང་བཅས་པ་འདིས་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །སྒྲུབ་པ་པོ་བདག་གིས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་བ་དེ་ཐོགས་པ་མེད་པར་སྒྲུབས་

p. 149

ཤིག །ཀླུ་བདུད་ནག་པོ་དགེ་བསྙེན་སྨྱོ་ཁ་ཡི། །གསོལ་མཆོད་ཚང་མ་བསྡུས་པ་འདི་ཉིད་ནི། །རཱ་གའི་མིང་ཅན་བསམ་གཏན་པ་དེས་སྦྱར། །འདི་ལ་ཉེས་འགལ་གང་མཆིས་ཡོད་པའང་། །གཏེར་སྲུང་གཉན་པོ་འཁོར་དང་བཅས་ལ་བཤགས། །དགེ་བས་གསང་སྔགས་བསྟན་པ་དར་རྒྱས་ཤོག ། ༈ ཧཱུྃ། དུས་གསུམ་རྒྱལ་བའི་གདུང་འཚོབ་མཚོ་སྐྱེས་རྗེས། །དམ་བཞག་དབང་བསྐུར་གསང་མཚན་ཕོག་པ་ཡི། །གཏེར་སྲུང་རྦ་ནག་དགེ་བསྙེན་འཁོར་བཅས་རྣམས། །ཐོག་མའི་དུས་ཀྱི་ཐ་ཚིག་རྗེས་དགོངས་ལ། །རྣལ་འབྱོར་དམ་ཚིག་གཙང་མའི་ཚོགས་ཞིང་དུ། །སྐད་ཅིག་ཡུད་ཙམ་ཉིད་ལ་གཤེགས་ནས་ཀྱང་། །མདུན་མཁར་འོས་པའི་གདན་ལ་བརྟན་པར་བཞུགས། །ཕྱི་མཆོད་ཀུན་བཟང་མཆོད་པའི་སྤྲིན་ཆེན་དང་། །ནང་མཆོད་སྨན་གཏོར་རཀྟ་དགྱེས་དགུའི་སྤྲིན། །གསང་མཆོད་བདེ་སྟེར་རིག་མའི་སྒྱུ་རྩལ་ངོམ། །ཡང་གསང་དགྱེས་ཉམས་དགོངས་

p. 150

པའི་མཆོད་སྤྲིན་འདིས། །གསོལ་ལོ་མཆོད་དོ་བསྟེན་ནོ་མངའ་གསོལ་ལོ། །བསྒྲུབ་བོ་བསྟེན་ནོ་གཏེར་སྲུང་ཁྱེད་རང་མཁྱེན། །དེང་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྲུང་མ་ཁྱེད་ལ་ང་ཅག་རེ་བཅས་ཀུན། །ལུས་ངག་ཡིད་ཀྱི་འདུན་མ་ཁྱོད་ལ་བཅའ། །དེ་བས་མནའ་དང་ཁྲེལ་ལས་མ་འདའ་བར། །ཡུལ་འདིའི་དགོན་སྡེ་བླ་གྲྭ་སྡེ་ཡུལ་བཅས། །ཁྱོད་ལ་བཅོལ་བ་ཡིན་པས་ཁྱོད་མ་འཆུག །དེ་ལྟ་བུ་ཡི་དམ་ཚིག་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དགའ་ཚལ་ཕུག་ཏུ་ཨ་ཁུས་ཐོལ་བྱུང་དུ་བྲིས་པའོ། །༈ གཏེར་སྲུང་དགེ་བསྙེན་རྦ་བ་ནག་པོའི་ཀ་བསྟོད་ནི། ཀ་ཡེ་གསོན་དང་རྦ་ནག་དགེ་བསྙེན་ཁྱོད། །ཁ་བ་ཅན་གྱི་གནས་མཆོག་སྤྱི་འབྱམས་འདིར། །ག་ནས་བསམས་ཀྱང་གཏེར་སྲུང་ཁྱོད་ཡིན་པས། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་སྤྱན་འདྲེན་རོལ་

p. 151

མོ་གསན་ལགས་སམ། །ཆ་ལུགས་མི་སྔོན་ཉ་ཡི་མགོ་བོ་ཅན། །ཇ་ཆང་ཕུད་དང་དཀར་གསུམ་གཏོར་མས་མཆོད། །ཉ་རྒྱས་ཟླ་ལྟར་དགེ་ལེགས་འཕེལ་བར་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཆེན་པོ་ཁྱོད། །ཐ་མལ་ལྷ་འདྲེ་གཞན་གྱིས་དོ་ཟླ་མེད། །ད་ནི་བདག་གིས་སྲུང་མ་ཁྱོད་བསྟེན་ན། །ན་ཚ་དགྲ་གྱོད་གོད་ཁ་མེད་པར་མཛོད། །པ་དེ་པུ་དེའི་ཆོ་འཕྲུལ་མི་སྟོན་པར། །ཕ་རོལ་དགྲ་བགེགས་འཇོམས་པའི་མཐུ་རྩལ་ཅན། །བ་མོར་ཉི་ཟེར་ཕོག་ལྟར་གནོད་བྱེད་ཐུལ། །མ་ལྟར་བྱམས་པའི་ཐུགས་ཀྱིས་དད་ལྡན་སྐྱོངས། །རྩྭ་ཁ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུ་བའི་ནད་རྣམས་ཞི་བར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་སྲིད་གསུམ་གཟིགས་པའི་སྲུང་མ་ཁྱོད། །ཞྭ་ལྟར་རྒྱལ་བའི་བསྟན་པ་སྤྱི་བོར་ཁུར། །ཟ་བྱེད་ལྷ་བཙན་དྲེགས་པའི་

p. 152

འཁོར་དང་བཅས། །འ་རེ་འུ་རེའི་འབྲུག་སྒྲ་ཐོག་སེར་འབེབས། །ཡ་མཚན་མཛེས་པའི་བཙུན་མོ་ཀླུ་སྨན་སོགས། །ར་ཆེན་འབུམ་གྱི་འཁོར་དང་ཡང་འཁོར་བཅས། །ལ་ཆེན་སྲུང་མར་བརྟེན་ཅིང་མཆོད་པ་འབུལ། །ཤ་ཚ་སྙིང་བརྩེས་ཕ་ཁུ་སྤུན་ཟླ་ལྟར། །ས་ཆ་གང་དུ་འདུག་ཀྱང་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ཏེ། །ཨ་ལ་ལ་ཞེས་ངོ་མཚར་དངོས་གྲུབ་སྩོལ། །ཅེས་དཀར་གཏོར་གཅིག་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་བསང་གི་གཤམ་དུ་འབུལ། རཱ་ག་ཨ་སྱས་དགེ་བསྙེན་ཞལ་གཟིགས་དུས་གནས་བདག་ལ་བསྟོད་པ་མཛད་པའོ། །༈ ༁ྃཿ གཉན་ཆེན་ཐང་ལྷའི་གཏོར་བསྔོས་བསྡུས་པ་སུ་ལ་མེད་པའི་བཀའ་རྒྱ་ཅན་བཞུགས་སོ། །ཨོཾ་ཨཱཿཀཱ་རོ་སོགས། བྱིན་རླབས་ལན་གསུམ་བྱ། ཨོཾ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་ཕྱུག་མོར་

p. 153

བཅས་པས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་། །བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང་། །ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ། །ཨོཾ་ཨཱཿམ་ནུ་ཥེ་གྷནྡྷར་བྷ་ཝ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཱ་ག་ཨ་སྲས་མཛད་པའོ། །༈ ཨོཾ༔ དགོངས་གཏེར་ཐང་ལྷ་རྡོ་རྗེ་འབར་བ་རྩལ་གྱི་སྒྲུབ་ཐབས་བཞུགས་སོ། །ཀྱེ། འཛམ་གླིང་སྐྱོང་བའི་སྐྱེས་གཅིག་པུ༔ དྲི་ཟའི་རྒྱལ་པོ་མཐུ་བོ་ཆེ༔ གསང་མཚན་ཐང་ལྷ་རྡོ་རྗེ་འབར༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ མེ་ཏོག་སྣ་ཚོགས་སྤོས་མཆོག་རིགས༔ མར་མེའི་ཕྲེང་བ་དྲི་ཆབ་མཚོ༔ རོ་བརྒྱའི་ཞལ་ཟས་རོལ་མོའི་སྒྲ༔ བདུད་རྩི་གསེར་སྐྱེམས་རྒྱ་ཇའི་ཕུད༔ དཀར་གསུམ་མངར་གསུམ་འབྲུ་ཡི་མཛོད༔ ཕྱེ་མར་འོ་

p. 154

སྐོལ་ཤིང་སྣའི་བསང་༔ དར་ཟབ་གོ་མཚོན་རྟ་ནོར་ཕྱུགས༔ འདོད་ཡོན་ལྔ་ལྡན་གཏོར་མ་འབུལ༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་པཱུ་ཛ་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལེ་སྭཱ་ཧཱ༔ བིགྷྣན་རཱ་ཛ་ཏྲི་མཱ་ར་ཡ་ཕཊ༔ ཧཱུྃ༔ པདྨ་ཧེ་རུ་ཀ་ཡི་ནི༔ དམ་ཚིག་རྡོ་རྗེ་ལེགས་འཆང་བའི༔ དྲི་ཟའི་རྒྱལ་པོ་རྫུ་འཕྲུལ་ཅན༔ སྐུ་མདོག་དཀར་ལ་འོད་ཟེར་འབར༔ སྐུ་ལ་དར་དཀར་བེར་ཆེན་གསོལ༔ དབུ་ལ་དར་ཐོད་པྲོག་ཞུ་མཛེས༔ ཕྱག་གཡས་སྦ་ལྕག་ནམ་མཁར་ཕྱར༔ གཡོན་པས་དར་མདུང་མེ་འབར་འཛིན༔ རིན་ཆེན་དུ་མས་སྐུ་ལ་བརྒྱན༔ ཆིབས་སུ་རྟ་དཀར་གཡུ་རྔོག་ཆིབས༔ སྤྲུལ་པ་དུང་གི་བྱ་ཁྲ་དང་༔ དུང་གཡག་སྡིག་རྒོད་མགོ་དགུ་འགྱེད༔ ཐང་ལྷ་རྡོ་རྗེ་འབར་བ་ཆོས༔ བདག་ལ་གནོད་ཅིང་འཚེ་བ་ཡི༔ རྒྱལ་འགོང་གདུག་འདྲེ་རྦད་ཀྱིས་ཐུལ༔ སོད་ཅིག་ཐུལ་

p. 155

ཅིག་མཐུ་རྩལ་ཅན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཆུ་རྟ་ལོ་ཡི་ལོ་མཇུག་ཏུ༔ རྒྱལ་གདོན་གཅོད་པ་ཟླ་བ་དེས༔ བདག་ལ་ཐོ་འཚམས་བྱེད་དུ་བྱུང་༔ ཨོ་རྒྱན་ཆེན་པོར་གསོལ་བཏབ་པས༔ ངོ་བོ་ཨོ་རྒྱན་ཡིན་མོད་ཀྱང་༔ རྣམ་པ་བདུད་འདུལ་རྡོ་རྗེའི་ཚུལ༔ ཐང་ལྷར་ཕྲིན་ལས་བསྐུལ་ཅིག་གསུངས༔ དེ་མ་ཐག་ཏུ་ཐང་ལྷ་དེས༔ རྒྱལ་གདོན་དེད་ནས་བྲོས་པར་མཐོང་༔ དེ་ཕྱིར་ཡིད་ཀྱིས་སྲུང་མར་བསྐོས༔ རིག་འཛིན་ཐུགས་ཀྱི་རྡོ་རྗེ་ཡིས༔ ཚེས་དགུར་བྲིས་པ་དགེ་གྱུར་ཅིག༔ ༈ དམག་རྒྱལ་མའི་གཏོར་བསྔོས་ནི། བྷྱོ། མ་གཅིག་དམག་གི་རྒྱལ་མོ་འཁོར་བཅས་ལ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །དམར་ཆེན་གཏོར་མ་བསྟན་དགྲ་དངོས་ཀྱི་གཟུགས། །བདུད་རྩི་སྨན་རཀ་མཆོད་པ་རྣམ་པ་ལྔས། །མ་གཅིག་དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཇ་ཆང་ཕུད་རྒོད་མདའ་དར་ནག་པོའི་རྫས། །གསོད་པའི་མཚོན་ཆ་གྲི་ལྕགས་གྲི་སྙིང་དང་། །བརྟེན་

p. 156

པའི་དམ་རྫས་ས་སྟེང་ཀུན་བཀང་ནས། །མ་གཅིག་དམག་གི་རྒྱལ་མོ་མངའ་གསོལ་ལོ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་བླ་ཚེ་དབུགས། །སྲོག་རྩ་སྙིང་ཁྲག་དབང་པོ་རྣམ་ལྔ་གསོལ། །ཤ་ཁྲག་ནང་གྲོལ་རླངས་པ་མ་ཡལ་བས། །མ་གཅིག་དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཁྱོད་ལ་འདོད་གསོལ་ཕྲིན་ལས་བཅོལ་བ་ནི། །རྣལ་འབྱོར་བདག་ལ་འཚེ་བའི་བྱད་མ་དང་། །བསྟན་དགྲ་གང་ལ་དམིགས་པའི་དགྲ་བོ་རྣམས། །ལོ་ཟླར་མ་བཞག་ཁྱོད་ཀྱི་ཟས་སྐལ་གྱིས། །སྤྲུལ་པ་ལྟས་ངན་ཐོངས་ལ་དགྲ་བགེགས་སྒྲོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་སྐྱོ་བྲག་བླ་མ་ཀརྨ་ཆོས་འཛིན་གྱིས་དམག་རྒྱལ་མ་ཞལ་གཟིགས་དུས་མཛད་པའོ། །༈ གཏེར་གསར་ཚེ་རིང་མའི་གཏོར་མ་འབུལ་བའི་འདོད་གསོལ་བཞུགས་སོ། །ཧྲཱིཿ འོད་གསལ་དབྱིངས་ལས་བདེ་ཆེན་ཡེ་ཤེས་མདངས། །ཞིང་སྐྱོང་ལྷ་སྨན་རྒྱལ་

p. 157

མོ་མཆེད་ལྔ་དང་། །རིགས་ཀྱི་ཚོམ་བུ་འབུམ་སྡེ་འཁོར་བཅས་ཀྱིས། །གཏོར་མ་གསེར་སྐྱེམས་ཕུད་མཆོད་དགྱེས་བཞེས་ལ། །རྒྱལ་བའི་བསྟན་སྲུང་བླ་མའི་སྐུ་ཚེ་སྲིངས། །འདུས་པའི་སྡེ་རྒྱས་འཕགས་པའི་ནོར་གྱིས་ཕྱུག །རྣལ་འབྱོར་ཚེ་དབངའབྱོར་པ་སྙན་གྲགས་སྤེལ། །བདེ་སྟོང་ཡེ་ཤེས་རྒྱས་པའི་གྲོགས་མཛོད་ཅིག །གཞི་བྱེས་ཉིན་དང་མཚན་མོ་དུས་རྟག་ཏུ། །བདག་འཁོར་ཡོན་བདག་བྱམས་པའི་ཐུགས་ཀྱིས་སྐྱོངས། །འཇིགས་དང་འཚེ་བ་བར་ཆད་ཀུན་ལས་སྐྱོབས། །བཀྲ་ཤིས་དགེ་ལེགས་དབྱར་མཚོ་ལྟར་རྒྱས་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི། །ལོ་ཕྱུགས་ལེགས་ཤིང་དགེ་བའི་ཆོས་སྤྱོད་འཕེལ། །སྐྱེ་དགུའི་མོས་སྣང་དམ་པའི་ཆོས་ལ་བསྒྱུར། །དག་པ་མཁའ་སྤྱོད་གནས་སུ་བསུ་སྐྱེལ་མཛོད། །ཐུགས་དམ་མ་བསྙེལ་བརྩེ་གདུང་མ་ཆུང་

p. 158

བར། །མདོར་ན་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ལས་དང་དངོས་གྲུབ་ཇི་ལྟར་བསམ་པའི་དོན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཀུན་མཁྱེན་འཇམ་དབྱངས་བླ་མའི་བཀའ་བཞིན། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ། ༈ ཚེ་རིང་མའི་གསོལ་བསྡུས་ནི། ཨོཾ་ཨཱཿཧ་སྱ་བཛྲ་ཧཱུྃ། ཨོཾ་ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཨཱཿམཆོད་རྫས་ཀུན་བཟང་མཆོད་སྤྲིན་འབུལ། །ཧཱུྃ་ཐུགས་དམ་དགྱེས་བསྐང་ཐུགས་འགལ་བཤགས། །ཧྲཱིཿགང་འདོད་མཆོག་ཐུན་དངོས་གྲུབ་སྩོལ། །ཧོཿལུས་དང་མི་འབྲལ་སྡོང་གྲོགས་མཛོད། །ཕཊ་བྱང་ཆུབ་སྒྲུབ་པའི་བར་ཆད་སྒྲོལ། །བྷྲཱུྃ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །མཆོག་ཕྱག་རྒྱ་ཆེན་པོ་མངོན་གྱུར་ནས། །སྒོམ་རྩ་རླུང་ཐིག་གསུམ་མཐར་ཕྱིན་མཛོད། །ས་མ་ཡ། ཞེས་གྲུབ་ཆེན་ཚོགས་གཉིས་ཀྱི་ཐུགས་བཞེད་ལྟར་ཆོས་རྒྱལ་རྡོ་རྗེས་ཕུལ། ༈ མགོན་དཀར་དུར་ཁྲོད་བདག་པོའི་གསོལ་ཀ་ནི། ཧཱུྃ་

p. 159

ཛཿ བདེ་མཆོག་རྣམ་སྤྲུལ་མགོན་དཀར་ཡབ་ཡུམ་ནི། །ཀེང་རུས་ཆེན་པོ་དབྱུག་ཏོ་ཐོད་ཁྲག་འཛིན། །དུར་ཁྲོད་ཀུན་ནས་འདིར་གཤེགས་མདུན་དེར་བཞུགས། །རང་འདྲའི་སྤྲུལ་པས་འཇིག་རྟེན་ཐམས་ཅད་གང་། །གནོད་བྱེད་དགྲ་ཇག་ཆོམ་རྐུན་གཅན་གཟན་རྣམས། །དབྱུག་ཏོས་བརྡུང་ཞིང་སྦྲུལ་གྱི་ཞགས་པས་ཆིངས། །ཐོད་ཁྲག་རླངས་པས་གདུག་པ་མྱོས་ཤིང་རིང་། །ཐམས་ཅད་ཚུར་འདུས་བདག་ཅག་མི་ནོར་ལ། །མཐའ་ནས་བསྐོར་ཞིང་ཉིན་མཚན་རྒྱུན་དུ་སྲུངས། །གནོད་བྱེད་དཔག་ཚད་ཙམ་དུ་བསྐྲད་པར་གྱུར། །ཨོཾ་གྷྲི་རཱ་ཛ་གྷྲི་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཨོཾ་གྷྲི་རཱ་ཛ་གྷྲི་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་ཇག་གསུམ་གཅན་གཟན་བྷནྡྷ་བྷནྡྷ་སྭཱ་ཧཱ། ཨ་རཱ་གས་མཛད་པའོ། །དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེ་གིང་ཀ་ར། །འདིར་གཤེགས་མཆོད་སྤྲིན་རབ་བཞེས་

p. 160

ཕྲིན་ལས་ནི། །དགྲ་ཇག་ཆོམ་རྐུན་མི་མཐུན་རྐྱེན་སོགས་སོལ། །མཐུན་རྐྱེན་འདོད་དགུ་ལས་བཞི་ལྷུན་གྱིས་གྲུབ། །བསམ་པའི་དོན་ཀུན་ད་ལྟ་ཉིད་དུ་སྒྲུབས། །ཀྵིཾ་གྷྲི་རཱ་ཛ་སིདྡྷི་སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱུན་ཁྱེར་ཤྲཱི་བྷ་དྲས་བྲིས་པ་ཞལ་དྲོ། ༈ ངས་ནུས་མའི་གསོལ་བསྡུས་ནི། ཨོཾ་བཛྲ་ཨ་མྲི་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་དགྲ་རྐུན་ཇག་གསུམ་བསྒྲལ་བ་ལས་བྱུང་བའི་གཏོར་མ་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། མདུན་དུ་བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་། །པད་ཟླའི་སྟེང་དུ་བྷྱོ་ཡིག་ཡོངས་གྱུར་ལས། །དུར་ཁྲོད་བདག་མོ་མཁའ་འགྲོ་ངས་ནུས་མ། །དཀར་མོ་འཛུམ་མདངས་ནོར་བུ་ནེའུ་ལེ་འཛིན། །གཟིག་ཤམ་དར་དང་རིན་ཆེན་རྒྱན་

p. 161

གྱིས་ཀླུབ། །རྫུ་འཕྲུལ་ཤུགས་ལྡན་བོང་བུ་གྭ་དམར་ཆིབས། །འོད་འཕྲོས་དུར་ཁྲོད་གནས་ནས་སྤྱན་དྲངས་གྱུར། །བྷྱོ། བསིལ་བ་ཚལ་དང་ཉེ་བའི་ཚནྡྷོ་ཧ། །བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས། །དཀོར་གྱི་སྲུང་མ་རྡོ་རྗེ་ངས་ནུས་མ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད། །ཨོཾ་ར་ལི་པྲ་མ་ཡ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཨ་རཱ་གས་སོ། །༈ ངས་ནུས་མའི་གསོལ་ཀ་ནི། བྷྱོ། དཀོར་སྲུང་དུར་ཁྲོད་བདག་མོ་འཁོར་བཅས་ལ། །དགྱེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི། །མེ་ཏོག་སྣ་ཚོགས་སྤོས་དཀར་དུད་པ་དང་། །གསེར་དངུལ་བྱུ་རུ་མུ་ཏིག་ཤེལ་གྱི་འོད། །ཇ་ཆང་ཕུད་རྒོད་དཀར་གསུམ་མངར་གསུམ་བཤོས། །རྔ་དུང་ཌཱ་རུ་དྲིལ་བུ་པི་ཝཾ་སྒྲ། །བདུད་རྩི་ར་ཁྲག་དམར་གཏོར་ར་

p. 162

ཤས་བརྒྱན། །མདའ་མོ་རྒོད་སྒྲོ་དར་སྣ་སྟག་གཟིག་རས། །དངུལ་དཀར་མེ་ལོང་སྦ་སྙུག་གླིང་བུ་སོགས། །དངོས་འབྱོར་ཡིད་སྤྲུལ་དུ་མས་མངའ་གསོལ་ལོ། །ཁྱད་པར་དགྲ་ཇག་རྐུན་པོའི་ཤ་ཁྲག་རུས། །རྣམ་པ་དཀར་གསུམ་བདུད་རྩིར་བྱིན་བརླབས་ནས། །དུར་ཁྲོད་བདག་མོ་ངས་ནུས་མ་ལ་འབུལ། །དམར་མོ་ཁྲག་མདོག་སྔོན་མོ་གཡུ་མདོག་མ། །སེར་མོ་གསེར་མདོག་སྔོན་མོ་ལྕགས་མདོག་མ། །ནག་མོ་སོལ་མདོག་སྔོ་སྐྱ་ཐལ་མདོག་མ། །དབུ་ལྔ་དྲེད་མགོ་ལ་སོགས་འཁོར་བཅས་ལ། །འབུལ་ལོ་རབ་ཏུ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ར་ལི་པྲ་མ་ཡ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་རཱ་གས་མཛད་པའོ། །༈ དབྱི་རྒྱལ་རིན་ཆེན་གྱི་གསོལ་མཆོད་ནི། རྒྱལ་དབང་སྟོབས་བཅུའི་མངའ་བདག་ཐམས་ཅད་མཁྱེན། །ཟླ་བྲལ་འདྲེན་པ་མཚུངས་མེད་སྟག་ལུང་པ། །རྗེ་བཙུན་སངས་རྒྱས་དབོན་

p. 163

པོ་རྡོ་རྗེའི་བཀའ། །མི་འདའ་དམ་ཚིག་མཆོག་ལ་རབ་གནས་པའི། །དྲག་པོའི་སྟོབས་ལྡན་དགེ་བསྙེན་མྱུར་མགྱོགས་ཅན། །བསྟན་པའི་བཀའ་སྲུང་དཀར་ཕྱོགས་སྐྱོང་བའི་ལྷ། །དབྱི་རྒྱལ་རིན་ཆེན་ཁྱོད་ལ་དུས་ཀུན་ཏུ། །མཆོད་པའི་འབྱོར་ཚོགས་དག་གིས་རབ་མཆོད་ཅིང་། །བསྔགས་ཚིག་བསྟོད་པའི་གསོལ་བས་དུས་ཀུན་གྱི། །རྣལ་འབྱོར་བདག་གིས་འདོད་པའི་དོན་རྣམས་ཀུན། །ཇི་བཞིན་ད་ལྟ་ཉིད་དུ་འགྲུབ་པར་མཛོད། །གངས་ཅན་ལྗོངས་སུ་ལུང་གི་བསྟན་པའི་བདག །བཤད་སྒྲུབ་ཤིང་རྟའི་བརྒྱུད་འཛིན་སྐྱོ་བྲག་པའི། །ཆོས་སྲིད་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། །སྲིད་གསུམ་ནམ་མཁའི་ཁྱོན་ཀུན་ཁྱབ་པ་དང་། །ཕྲིན་ལས་མཆོག་རྣམས་སྟོབས་ལྡན་ཁྱོད་ཀྱིས་སྒྲུབས། །ཁྱོད་ནི་རྫུ་འཕྲུལ་མྱུར་མགྱོགས་ཆེན་པོ་སྟེ། །སྐད་ཅིག་རེ་རེར་སྤྲུལ་པ་སྣ་ཚོགས་འགྱེད། །

p. 164

ལོག་འདྲེན་མི་སྲུན་དགྲ་སྡེའི་དཔུང་འཇོམས་ཤིང་། །རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་ཚེ། །མི་སྲུན་ཁྲོས་པའི་ཆ་བྱད་འཇིགས་རུང་བ། །གང་གིས་ལྟ་བར་མི་ནུས་ཁྲོས་པའི་སྐུ། །དྲག་ཤུལ་མ་རུངས་ཤན་པའི་ཚུལ་སྟོན་ཅིང་། །གསོད་གཅོད་བསྒྲལ་བའི་ལས་ལ་མངའ་མཛད་པའི། །ལས་མཁན་དྲག་རྩལ་ལྡན་པ་ཁྱོད་ལ་བསྟོད། །ཞི་བའི་ཕྲིན་ལས་བསྟན་པ་རྒྱས་པ་དང་། །དབང་གི་ཕྲིན་ལས་ཁམས་གསུམ་དབང་དུ་བསྡུས། །རྒྱས་པའི་ཕྲིན་ལས་མངའ་ཐང་རྒྱས་པ་དང་། །དྲག་པོའི་ཕྲིན་ལས་དགྲ་བགེགས་རྡུལ་དུ་རློགས། །ཡུལ་ཕྱོགས་རྒྱལ་ཁམས་ས་ཕྱོགས་འདི་དག་ཀུན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །རྗེ་བཙུན་སངས་རྒྱས་དབོན་རིན་པོ་ཆེ་གྲགས་པ་དཔལ་བཟང་པོས་མཛད་པའོ། །༈ སྤྲག་བཙན་གྱི་གསོལ་ཀ་ནི། ཀྱེ། སྲིའུ་གསོ་བའི་ཁ་དྲོན་པོ། །དགྲ་བགེགས་འདུལ་བའི་མཐུ་རྩལ་

p. 165

ཅན། །བཙན་བཤོས་རི་རབ་མཉམ་པ་དང་། །མཛེས་ཤིང་བརྗིད་པའི་དར་མདུང་དང་། །འོ་མའི་གཙང་ཆབ་སྨན་དང་བཅས། །ལྷ་བཙན་འཁོར་དང་བཅས་ལ་འབུལ། །བཞེས་ཤིག་རོལ་ཅིག་མཉེས་མཛོད་ལ། །བདག་ལ་སྡང་བའི་དགྲ་བགེགས་ཀྱི། །མཐུ་སྟོབས་རྫུ་འཕྲུལ་འཕྲོག་པའི་ཕྱིར། །བཙན་རྒོད་རྒྱལ་པོ་དམག་ལ་ཆོས། །བཙན་ཁྲོམ་མང་པོས་དམག་སྡེ་བསྐུལ། །དགྲ་བགེགས་རྣམས་ཀྱི་ནུས་པ་ཆོམས། །དཀར་པོའི་ཕྱོགས་ཀྱི་བསྟན་པ་སྤེལ། །ལེགས་ཉེས་ལས་ཀྱི་བཏང་འཛིན་མཛོད། །མཛེས་པ་ལྷ་ཡི་བཤོས་གཙང་འདི། །སྔ་མ་ལེགས་པའི་བཏང་རག་ཡིན། །ད་ཡང་ལས་ཀྱི་ཞུ་འབུལ་བཞེས། །བདག་སོགས་དར་ཞིང་རྒྱས་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཐང་པ་རིན་པོ་ཆེས་མཛད་པའོ། །༈ གྲོགས་སྡུད་དུས། སྐྱེས་བུ་དམ་ཅན་དབུལ་སེལ་བ། །

p. 166

ཀོང་བཙུན་རྣམ་སྲས་གནོད་སྦྱིན་སྡེ། །གསང་བདག་བཀའ་དྲིན་ཡོན་བདག་འབངས། །རྒྱལ་བློན་སྙིང་ལག་ཁྱོད་ཀྱིས་སྒུལ། །ཟས་ནོར་རིན་ཆེན་དབང་སྡུད་ཅིག །མཐུ་དང་རྫུ་འཕྲུལ་ཅི་འདུག་བལྟ། །མ་ཐོགས་དམ་ལ་མ་འདའ་སྒྲུབས། །རྒྱལ་བསྟན་ཉིན་བྱེད་ལྟར་འཚེར་བར། །ལོག་ཆོས་མུན་པའི་རྩ་ལག་ཁུམ། །ཟབ་ཆོས་ཟླ་འོད་བདུད་རྩི་ཡིས། །སྐལ་ལྡན་ཀུ་མུད་ཚལ་དུ་ནོད། །མི་ནུབ་དབྱིངས་ཀྱི་རྒྱལ་མཚན་དེ། །བསྟན་པ་ས་གཞིའི་རྒྱན་དུ་མཛེས། །བསྟན་པར་སྙན་སྨྲའི་དབང་པོ་བསྐུལ། །བསྟན་པར་ངན་སྨྲའི་སྲོག་དབུགས་ཁུམ། །ཐུབ་བསྟན་དགེ་འདུན་འདུས་སྡེ་ཡང་། །འབད་མེད་དབྱར་མཚོ་ལྟར་རྒྱས་ཤིང་། །ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། །འགྲོ་རྣམས་བདེ་འགྲོར་བཀོད་ནུས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བསྲུང་ཞིང་བསྐྱབ་མཛོད་སྡང་

p. 167

དགྲ་ཟློག །ཕོ་བདུད་མོ་བདུད་དལ་ཁ་ཟློག །ཞིང་གི་བཙའ་སད་སེར་གསུམ་ཟློག །མི་ཁ་བྲ་མཆུ་ངན་སྦྱོར་ཟློག །ལྷ་འདྲེའི་གདུག་རྩུབ་བྱད་ཁ་ཟློག །ཕྱུགས་ཀྱི་གོད་ཁ་ངན་པ་ཟློག །ནད་ཡམས་རིམས་སྣ་དུག་སྦྱོར་ཟློག །སྔོན་ཚེ་ཧེ་རུ་ཀ་དཔལ་དང་། །ཕྱག་རྡོར་རྒྱལ་དབང་པདྨ་འབྱུང་། །རིག་འཛིན་རྩ་བརྒྱུད་བླ་མའི་བཀའ། །རྗེས་འཇུག་དམ་མདའ་སྦྲན་པ་འདིས། །ཐུགས་དམ་བསྐུལ་བ་འདི་བཞིན་དུ། །བཀའ་དང་དམ་ལས་མ་འདའ་བར། །རེ་བའི་དོན་རྣམས་ལྷུན་འགྲུབ་པར། །བསྒྲུབ་ཅིང་བཅོལ་བའི་ཕྲིན་ལས་རྣམས། །གཡེལ་བ་མེད་པར་ད་སྒྲུབས་ཤིག །ཤྲཱི་བྷ་དྲས་སོ། །༈ བྱང་ཆུབ་སེམས་དང་ལྡན་པའི་སྐྱེས་བུ་རྣམས། །ཐུགས་བསྐྱེད་དམ་བཅའ་མི་ཉམས་བསྟན་འགྲོའི་དོན། །སྐལ་མེད་ཐར་པའི་ས་བོན་འདེབས་པ་ལ། །དམ་ཅན་རྒྱ་མཚོས་རུ་ང་ཕྲག་དོག་སྤོངས། །

p. 168

ཤིན་ཏུ་འདུལ་དཀའ་ལས་འབྲས་མེད་པའི་རིགས། །བཀའ་སྲུང་དྲེགས་པའི་ཟ་ཁ་ཟུག་པ་ལ། །ཕྱི་ཚུལ་འཇམ་པོས་འབྲེལ་བ་བཞག་པ་ཡང་། །བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་ཟ་ངུ་གྱིས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །རྒྱལ་བསྟན་དར་རྒྱས་འགྲོ་བའི་བདེ་སྐྱིད་སྤེལ། །དམག་ཇག་ཆོམ་པོའི་ལས་ངན་རྒྱུན་ཆད་ནས། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་འདིའང་དགྲ་ལ་དམ་ཅན་རྒྱ་མཚོ་དྲག་ཏུ་རྦད་པའི་ཟ་ཁ་ཟུག་ཀྱང་རྗེས་ནས་ཕན་ཚུན་འབྲེལ་ན་ཡང་། བཀའ་སྲུང་དྲེགས་པ་ཁྱེད་རྣམས་ཀྱིས་ཟ་ཞིང་ངུ་ཞེས་པའི་ཐ་ཚིག་ཏུ་བཅོལ་བ་ནི་རྫ་དཔལ་དགེ་སྤྲུལ་སྐུས་མཛད་པའི་བྱིན་རླབས་ཆེ་བར་གྲགས་སོ། །སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་

p. 169

ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོས་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་བས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱའི་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་འཕེལ། །ཟག་མེད་བདེ་བས་ནམ་ཡང་ངོམས་པར་མཛོད། །ཁྱོད་གསོལ་ཁྱོད་མཆོད་ཁྱོད་བསྟེན་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་པའི་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་

p. 170

ལུས་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་རྒྱས་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་དུ་མཐུ་དང་ལྡན་པར་མཛོད། །ཅེས་པས་འདོད་དོན་གསོལ། རྒྱ་གཞུང་ནས་སོ། །ཧོ། དགོངས་ཤིག་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །བདག་དང་འདྲེན་མཆོག་རྩ་བའི་བླ་མ་ལ། །གནོད་འཚེ་དགྲ་ཇག་ཆོམ་རྐུན་གྲོས་ངན་འཆང་། །མཚོན་དུག་སྦྱོར་ངན་ཤོམས་ཤིང་མི་ཁ་བརྗོད། །གྲྭ་འཁོར་སྙིང་རིང་འགྲོ་མགོ་བུད་མཇུག་བསྟན། །ངོ་ཤག་ལྐོག་ལབ་གསང་

p. 171

འཆལ་ངོ་དམ་ལོག །དྲུང་རྐུན་མནའ་ཟན་ཁས་བླངས་དོར་བྱེད་དང་། །བྱད་མ་རྦོད་གཏོང་ཕུང་སེལ་རླུང་འཁོར་དང་། །སྦྱིན་བསྲེག་ཧོམ་ཟོར་སྐམ་བཤེར་རོ་གསོན་གཏད། །ཕྲ་མེན་ངན་སྔགས་རྫས་མཐུ་བྱེད་པ་ཡི། །ནུས་པ་ཕྱིར་ཟློག་རང་གཤེད་རང་ལ་ཕོབས། །ཚེ་སྲོག་ལོ་ཟླར་མ་འགྱང་ཞག་ཟ་མར། །དུས་ཐོབ་ཆོད་ཅིག་བྲང་ཤོགས་སྙིང་ལོངས་ལ། །སྙིང་ཁྲག་རླངས་པ་མ་ཡལ་འཇིབས་ལ་སོད། །དམ་ཅན་དམ་ལ་མ་འདའ་ཕྲིན་ལས་མཛོད། །ཁྱད་པར་བདག་ནི་སངས་རྒྱས་མ་ཐོབ་བར། །སྐྱེ་བ་ཀུན་ཏུ་དམ་ཅན་ཁྱེད་རྣམས་ཀྱིས། །བདུད་དང་མུ་སྟེགས་ཀླ་ཀློ་ཟིན་ཤིང་སོགས། །གྲུབ་མཐའ་ངན་པའི་དབང་དུ་མ་གཏོང་བར། །སངས་རྒྱས་བསྟན་པ་ལ་ཞུགས་མཚན་ལྡན་གྱི། །བླ་མ་མཆོག་དང་འཕྲད་མཛོད་ཐུགས་བརྩེས་གཟིགས། །དམ་ཚིག་སེལ་མེད་གདམས་པའི་བུམ་

p. 172

བཟང་གཏམས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཕྲིན་ལས་མཛོད། །ཅེས་རྒྱལ་ཁམས་པ་ཚེ་དབང་ནོར་བུ་དགེ་ལེགས་དཔལ་བཟང་པོས་སྦྱར་བ་དགེ་ལེགས་འཕེལ། གང་ཞིག་རྡོ་རྗེ་སློབ་དཔོན་སྨད། །བཀའ་བརྒྱུད་བསྟན་ལ་སྡང་བ་དང་། །བདག་ཅག་རྣམས་ལ་འཚེ་བྱེད་ཅིང་། །དམག་སྣ་ཇག་སྣ་རྐུ་སྣ་སྟོན། །བྱད་ཕུར་རྦོད་གཏོང་བསམ་སྦྱོར་རྩུབ། །ཡིད་ལ་གནག་པའི་དགྲ་བོ་སྒྲོལ། །ཆོས་ལོག་བསྟན་བཤིག་ལོག་ལྟ་མཁན། །རྒྱབ་བརྟེན་དཔུང་བཅས་དེར་ཕྱོགས་འབངས། །སྡེ་རིགས་བཅས་ཀུན་རྡུལ་དུ་རློགས། །རྣམ་དག་རྒྱལ་བསྟན་འཛིན་པའི་མགོན། །དཔལ་ལྡན་བླ་མ་དམ་པ་ཡི། །བརྒྱུད་འཛིན་རྗེས་འཇུག་བུ་སློབ་འབངས། །དད་མོས་ཡོན་བདག་བསྲུང་ཞིང་སྐྱོབས། །ཟས་ནོར་མཁོ་དགུ་དབང་དུ་བསྡུས། །ཆོས་དང་མཐུན་པའི་བསམ་པ་སྒྲུབས། །བྱང་ཆུབ་ལམ་གྱི་བར་ཆད་སོལ། །བཅོལ་བའི་

p. 173

ཕྲིན་ལས་འགྲུབ་པར་མཛོད། །རྡོ་རྗེ་དྲག་པོས་བརྗོད་པའོ། །གཞན་ཡང་བསྐང་གསོལ་ཐམས་ཅད་ཀྱི་མཇུག་ཏུ་འདི་བརྗོད་དོ། །༈ ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་སྙན་གྱིས་གསོན། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས་སུ་གསོལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་། སྒོས་སྒྲུབ་བརྒྱུད་ཀྱི་སྐྱེས་བུ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བ་དང་། ཁྱད་པར་དུ་ལོག་པར་ལྟ་བའི་དགྲ་བགེགས་ལོག་འདྲེན་རྣམས་ཚར་གཅོད་པའི་ཕྱིར་དུ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་བསྐལ་པ་ནས་བསྐལ་པའི་བར་དུ་ཡང་ནས་ཡང་དུ་བསྐང་བར་

p. 174

གྱུར་ཅིག །ཐུགས་དམ་གཉན་པོའི་རྒྱུད་ཡོངས་སུ་བསྐང་ནས་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །ལྷ་མཉེས་པར་གྱུར་ཅིག །བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་རྫོགས་པར་གྱུར་ཅིག །ཁྱད་པར་དུའང་སྔ་བཅོལ་ལས་ཀྱི་བཏང་རག །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས། ད་བཅོལ་ལས་ཀྱི་གཉེར་ཟས་སུ་འབུལ་ལོ། །རྣལ་འབྱོར་པ་བདག་གི་བཀའ་དང་དམ་ལ་མ་འདའ་བར་བྱིན་པའི་ཟས་ཟོ། བསྒོས་པའི་ངག་ལ་ཉོན། བཅོལ་བའི་ལས་སྒྲུབས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྔོན་གྱི་ལས་ལས་གྱུར་པ། འཕྲལ་གྱི་རྐྱེན་ལས་གྱུར་པ་འབྱུང་པོ་མི་དང་མི་མ་ཡིན་པའི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བཀའ་དྲིན་མ་ལུས་པ་བསྩལ་བར་མཛད་དུ་

p. 175

གསོལ། སུམ་ཅུ་པའི་ལས་གཏོར་ནི་འདིར་མ་ཧཱ་ཀཱ་ལའི་དགྲ་བགེགས་བསྒྲལ་བའི་མན་ངག་ལས། སྟོད་ལས་བྱང་ཆུབ་ལམ་ཁྱེར་གྱི་བྱ་བ་ཐམས་ཅད་རྫོགས་ནས། སྨད་ལས་དགྲ་བགེགས་ལམ་ཁྱེར་སྤུ་གྲི་རེག་འཇོམས་ཀྱི་སྐོར་ལས་ལས་གཏོར་ལ་བརྟེན་ནས་དགྲ་བགེགས་བསྒྲལ་བའི་ཐབས་ལམ་སྟེ་ཞལ་ཤེས་སོ། །དམར་གཏོར་གཅིག་ལ་ཤ་ཁྲག་ཟན་ཆད་ཀྱིས་གསོས་ལ། ཨེ་ལས་གཏོར་སྣོད་བྷནྡྷ་ཟུར་གསུམ་ནང་། །གཏོར་མ་ཁ་ཊྭཱཾ་ནག་པོ་གྱེན་འབར་མགུལ། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་གཡོན་འཁོར་བའི། །རྩིབས་བར་བྱད་མ་དགྲ་བགེགས་གསལ་བར་གྱུར། །ན་མོ། བླ་མ་བདེ་གཤེགས་ཡི་དམ་ཞི་དང་ཁྲོ། །མཆོག་གསུམ་རྩ་གསུམ་ཡེ་ཤེས་མགོན་པོ་དང་། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་སོགས། །བཀའ་སྡོད་ལས་མགོན་བཀའ་ཉན་ཕོ་ཉའི་ཚོགས། །མངག་གཞུགས་དྲག་རྩལ་ཕོ་ཉ་རླུང་ལྟར་འཚུབས། །བཀའ་སྲུང་ལྷ་མོ་ཆོས་སྐྱོང་དམ་ཅན་

p. 176

ཚོགས། །གཏེར་སྲུང་ལྷ་བདུད་ཀླུ་བཙན་ཐོག་ལྟར་རྒྱུག །མ་ལུས་ལུས་པ་མེད་པའི་བདེན་སྟོབས་ཀྱིས། །བསྟན་དགྲ་དངོས་ཅན་དངོས་མེད་ཡོངས་འཚེ་བ། །ལྷ་མིའི་སྟོན་པ་མཆོག་ལ་རབ་འཚེ་ཞིང་། །འགྲོ་བ་སེམས་ཅན་རྣམས་ཀྱང་སྡིག་ལ་སྦྱར། །ཆོས་བྱེད་དཀར་པོར་སྤྱོད་པ་ངན་གྱིས་མནར། །མི་དགེར་སྤྱོད་ཅིང་ནག་པོའི་ཁ་འཛིན་བྱེད། །ཆོས་སྐྱོང་ཕུད་བཙུག་རྣལ་འབྱོར་བདག་ལ་བརྙས། །ཁ་ནི་དར་འདྲ་ཁོག་ནི་དུག་ལྟར་འཚེ། །མི་ལ་ལྷ་མེད་ཟེར་ཞིང་ལྐོག་ནས་ལབ། །ལྷ་ལ་མཐུ་མེད་ཟེར་ཞིང་དོ་ཡང་བསྡོ། །ཡོད་ན་ག་རེ་ཟེར་ཞིང་འགྲས་ཀྱང་འཚོལ། །མནའ་ལ་ཟ་ཞིང་ཆོས་ལ་དུག་ལྟར་འཛེམ། །སངས་རྒྱས་བསྟན་བཤིགས་སེམས་ཅན་ཡོངས་འཚེ་བའི། །ལས་ངན་བསྟན་བཤིག་རུ་དྲ་དམ་ལོག་དང་། །བྱད་མ་དངོས་ཅན་དགྲ་དང་དངོས་མེད་བགེགས། །ལན་པ་མེད་པར་ངན་གྱིས་

p. 177

མནར་བྱེད་པ། །ཞིང་བཅུ་ཚང་བའི་བསྟན་དགྲའི་བླ་སྲོག་དེ། །སྟེང་འོག་ཕྱོགས་བཞི་ཉེ་རིང་གར་ཡོད་ཀྱང་། །མ་ཤོར་མ་བཏང་བ་ལིང་གཏོར་རྫས་ལ། །རང་དབང་མེད་པར་ཐུན་གྱི་གཏོར་མར་ཁུག །ཡི་དམ་ལྷའི་ཏིང་ངེ་འཛིན་གྱི་ངང་ནས་བདེན་པ་ཚར་གསུམ་སོགས་དོ་གལ་དང་བསྟུན་ནོ། །མ་ཧཱ་ཀཱ་ལ་དགྲ་བགེགས་ཨཾ་ཀུ་ཤ་ནྲྀ་ཨཾ་ཀུ་ཤ །བླ་སྲོག་རྣམ་པར་ཤེས་པ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྲོག་རྩ་ལ་རྦད། དབུགས་ཚེ་ལ་རྦད། ཤ་རུས་ཁྲག་ལ་མཱ་ར་ཡ་རྦད། རིག་པ་རྡོ་རྗེ་འཆང་གི་ཐུགས་ཀར་ཕཊ། གཏོར་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨ་ལས་ཐོད་པའི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩི་ལྔའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ཧཱུྃ། བདེ་གཤེགས་བསྟན་ལ་རབ་འཚེ་བའི། །ལས་ངན་བསྟན་དགྲ་

p. 178

བྱུང་བ་འདི། །ཆོས་སྐྱོང་ཁྱོད་ཀྱིས་མི་གཟིགས་སམ། །ཡེ་ཤེས་སྤྱན་ལྡན་དུས་ལ་བབས། །ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ཅིག །ཁྲག་མཚོ་འཁྲུགས་པའི་ཀློང་ནས་བཞེངས། །དུར་ཁྲོད་བརྒྱད་ནས་སྐུ་བཞེངས་ཤིག །མེ་དཔུང་རླུང་ནག་དཀྱིལ་ནས་བཞེངས། །སྤྲིན་ནག་འབྲུག་སྒྲ་སྒྲོགས་པའི་ཀློང་། །སྡེ་བརྒྱད་དྲེགས་པ་འཁྲུགས་པའི་དཀྱིལ། །ཡེ་ཤེས་མགོན་པོ་སྐུ་བཞེངས་ཤིག །བྱ་རོག་གདོང་ཅན་སྐུ་བཞེངས་ཤིག །ཡུམ་ཆེན་རྩ་འཇིབ་སྐུ་བཞེངས་ཤིག །ཤ་ཟ་སེང་གདོང་སྐུ་བཞེངས་ཤིག །ཡབ་གཅིག་ལེགས་ལྡན་སྐུ་བཞེངས་ཤིག །ནག་པོ་སྟོང་ཡང་སྐུ་བཞེངས་ཤིག །ཤ་ཟ་འབུམ་སྡེ་སྐུ་བཞེངས་ཤིག །མ་མོ་བྱེ་བ་སྐུ་བཞེངས་ཤིག ། གནོད་སྦྱིན་ཁྲི་ཡང་སྐུ་བཞེངས་ཤིག །ཞིང་སྐྱོང་འཁོར་བཅས་སྐུ་བཞེངས་ཤིག །གུར་མགོན་སྡེ་འཁོར་སྐུ་བཞེངས་ཤིག །ལྷ་མོ་དཔོན་གཡོག་སྐུ་བཞེངས་ཤིག །

p. 179

ཕྱག་དྲུག་འཁོར་བཅས་སྐུ་བཞེངས་ཤིག །གནོད་སྦྱིན་སྡེ་འཁོར་སྐུ་བཞེངས་ཤིག །གཟའ་བརྒྱད་གདོང་མོ་སྐུ་བཞེངས་ཤིག །སྐྱེས་བུ་མཆེད་འཁོར་སྐུ་བཞེངས་ཤིག །ཇག་མེ་འཁོར་བཅས་སྐུ་བཞེངས་ཤིག །དགེ་བསྙེན་གནས་བརྒྱད་སྐུ་བཞེངས་ཤིག །སྨྱོ་ཁ་ཀླུ་བརྒྱད་སྐུ་བཞེངས་ཤིག །ཐང་ལྷ་འཁོར་བཅས་སྐུ་བཞེངས་ཤིག །དམག་རྒྱལ་ཐན་འགྱེད་སྐུ་བཞེངས་ཤིག །སྨན་མོ་དྲག་མོ་སྐུ་བཞེངས་ཤིག །དཀོར་བདག་ངས་ནུས་སྐུ་བཞེངས་ཤིག །སྤྲག་བཙན་དབྱི་རྒྱལ་སྐུ་བཞེངས་ཤིག །འཁོར་ཚོགས་ཐོག་ལྟར་ཤ་ར་ར། །སྡེ་བརྒྱད་རླུང་ལྟར་ཚུབས་ཚེ་ཚུབ། །མཚོན་ཆ་མེ་ལྟར་ཟངས་སེ་ཟང་། །དོ་ནུབ་སྡང་བའི་དགྲ་ལ་རྦད། །དོ་ནུབ་གནོད་པའི་བགེགས་ལ་བྷྱོ། །བསྟན་བཤིག་རུ་དྲའི་སྲོག་རྩ་ལ། །རལ་གྲི་གྲི་གུག་སྣུན་གྱིས་ལ། །ཐལ་བར་རློགས་ཤིག་སྲུང་མའི་ཚོགས། །ཤ་

p. 180

ཁྲག་དམར་གཏོར་དགྲ་དང་བགེགས། །མཉམ་པོར་བཞེས་ཤིག་མགོན་པོའི་ཚོགས། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧཱ་རི་ནི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎ་ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚན་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྨ་ར་སྨ་ར། གྷྲྀཧྞ་གྷྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་དགྲ་བགེགས་བྱད་མ་མཱ་ར་ཡ་ཧཱུྃ་ཕཊ། ཐུན་གཏོར་འཕང་། བདེན་པ་བརྗོད་ཅིང་ཐལ་བརྡབ་བྱ། ན་མོ། རྡོ་རྗེ་འཆང་དང་བརྒྱུད་པར་བཅས་པ་དང་། །རྒྱུད་སྡེ་གསར་རྙིང་ཡི་དམ་ཞི་དང་ཁྲོ། །ཁྱད་པར་དཔལ་ལྡན་མགོན་པོ་ཕྱག་བཞི་པ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བདེན་མཐུ་ཡིས། །བླ་མའི་སྐུ་དགྲ་སེམས་ཅན་ཡོངས་འཚེའི་བགེགས། །བར་ཆད་ནད་དང་ལོ་སྐག་ཟླ་སྐག་བཟློག །ཞག་སྐག་སྲི་ངན་མི་ཁ་བྲ་མཆུ་དང་། །རྨིས་ལྟས་

p. 181

མཚན་ལྟས་ངན་པ་དགྲ་ལ་བྷྱོ། །བྱད་དང་གཏད་ཁྲམ་བདེན་སྟོབས་ངན་པ་དང་། །བན་བྱད་བོན་བྱད་སྐག་རིགས་སུམ་བརྒྱའི་ཚོགས། །བྱད་མ་རྦོད་སྟོང་དགྲ་བགེགས་སྟེང་དུ་བྷྱོ། །མི་ཕྱུགས་ཁང་ཁྱིམ་གནོད་པ་གདོན་གྱི་ཚོགས། །མེད་པར་རློགས་ཤིག་མགོན་པོ་དགྲ་ལ་བྷྱོ། །ལས་ལ་བསྐུལ་དུས་ཆོས་སྐྱོང་སྙིང་མ་རིང་། །ཕྱོགས་མཚམས་སྟེང་འོག་དགྲ་བགེགས་གར་གནས་ཀྱང་། །ལོ་ཟླ་ཞག་ལ་མ་བཞག་ལས་མ་འགྱངས། །ཐལ་བར་རློགས་ཤིག་ཆོས་སྐྱོང་བགེགས་ལ་བྷྱོ། །གླིང་བཞི་རིགས་དྲུག་རྐྱེན་ངན་དགྲ་ལ་བྷྱོ། །ནམ་ཡང་སྡང་བར་མ་བྱེད་སྟྭཾ་བྷ་ཡ། །མིང་རུས་རྗེས་ཤུལ་མེད་པར་མཛད་དུ་གསོལ། །ཤ་རུས་ཁྲག་དང་དབང་པོ་རྣམ་ལྔ་རོལ། །རྣམ་ཤེས་ཆོས་དབྱིངས་ཀློང་དུ་ས་མ་ཡ། །སྐྱེ་བའི་སྒོ་ཆོད་རིག་པ་བདེ་ཆེན་ཞིང་། །གཉེར་དུ་གཏད་དོ་རིག་པ་ཨེ་མ་ཧོ། །ཞེས་

p. 182

བརྗོད་མཆོད་བསྟོད་བཀྲ་ཤིས་ནི། ཧཱུྃ། ཁྲག་ཞག་མཆོད་ཡོན་མྱོས་བྱེད་འབྲུ་ཡི་ཆང་། །དུག་གི་མེ་ཏོག་ཤ་ཆེན་གསུར་གྱི་དུད། །ཚིལ་ཆེན་ཞུན་སྦར་ཡེ་ཤེས་བདུད་རྩིའི་མཚོ། །རོ་བརྒྱ་དང་ལྡན་བཤོས་བུ་རོལ་མོའི་སྒྲ། །འབུལ་ལོ་བཞེས་ཤིག་རོལ་ཅིག་ལྷ་ཚོགས་མཆོད། །ཞིང་གི་ཁྱབ་བདག་ཐོག་མའི་མགོན་པོ་མཆོད། །ཡི་དམ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཡེ་ཤེས་འཇིག་རྟེན་ལས་ལས་གྲུབ་པའི་ཚོགས། །ཆོས་སྐྱོང་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །མཐུ་དང་རྫུ་འཕྲུལ་མངོན་སྤྱོད་ཡོངས་ཀྱི་རྗེ། །བཀའ་སྲུང་དམ་ཅན་རྣམས་ལ་ཕྱག་འཚལ་ལོ། །མངོན་ཤེས་ཡིད་ཀྱིས་དཔྱོད་པར་ཤེས་པའི་ཚོགས། །འཁོར་ཚོགས་དྲག་ཤུལ་རྣམས་ལ་ཕྱག་འཚལ་ལོ། །བདག་ཅག་མི་ཤེས་བག་མེད་ལེ་ལོ་ཡིས། །མཆོད་རྫས་འབག་བཙོག་ཏིང་འཛིན་གཡེལ་བ་དང་། །ཉ་ཤི་དུས་དྲུག་མཆོད་པ་ཆགས་པ་སོགས། །

p. 183

རབ་ཏུ་བཤགས་ཤིང་དག་ཚངས་མཛད་དུ་གསོལ། །འཁོར་བར་འཁྱམས་པ་ཉོན་མོངས་དུག་ལྔའི་ལུས། །མ་ལུས་ཁྱོད་ཀྱི་སྙིང་རྗེའི་རྗེས་བཟུང་སྟེ། །བླ་མེད་བདེ་གཤེགས་ས་ལ་འགོད་གྱུར་ནས། །དགེ་བའི་འབྲས་བུ་སངས་རྒྱས་ཐོབ་པར་ཤོག །སྔོན་དུས་གྲུབ་རྒྱལ་སངས་རྒྱས་བསྟན་འཛིན་གྱིས། །ཐུགས་བསྐྱེད་འགྲོ་དོན་མཛད་པ་ཇི་བཞིན་དུ། །བདག་ནི་ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བདག་གིས་འགྲོ་བའི་དོན་ཀྱང་སྨོན། །ལམ་བཟང་ཐེག་པའི་ས་ལ་འཇུག་མཛོད་ཅིག །བླ་མ་ཡི་དམ་ཆོས་སྐྱོང་རྒྱ་མཚོ་ཡིས། །ལེགས་ཚོགས་སྨོན་པ་སྐུ་གསུང་ཐུགས་མཉེས་ནས། །རྒྱུད་ལ་ཏིང་འཛིན་ཡེ་ཤེས་འཆར་བར་ཤོག །རྒྱལ་ཁམས་བདེ་སྐྱིད་རྫོགས་ལྡན་གསར་འཁྲུངས་ཤིང་། །ནད་མུག་མཚོན་བསྐལ་མི་མཐུན་མེད་པར་ཤོག །ཡུལ་འདིར་ཕུན་ཚོགས་པདྨོའི་ཚལ་

p. 184

ཆེན་ལ། །དགེ་ལེགས་རྟ་ལྗང་གཞོན་ནུ་འཆར་བར་ཤོག །ཡོངས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་ས་འཛིན། །མི་མཐུན་མེད་ཅིང་བསྟན་པའི་སྒོར་ཞུགས་ཤོག ། བདག་ཅག་སྒྲུབ་པོའི་དཔལ་འབྱོར་ཚེ་བསོད་ནམས། །འབད་མེད་བདེ་དགེའི་དཔལ་ལ་སྤྱོད་པར་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤིང་། །འཛམ་གླིང་ཐུབ་བསྟན་མཛེས་པའི་རྒྱན་དུ་ཤོག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་མངྒ་ལཾ་ཨ་ལ་ལ་ཧོཿ ཞེས་པའི་མཆོད་ཕྲེང་འདིའང་བྱེས་སྒར་དུ་ཆས་པའི་དུས་སུ་ཁྱེར་བདེ་ཞིག་དགོས་པའི་བཀའ་ཡིས་བསྐུལ་བ་པོ་ཡོངས་སུ་གྲགས་པ་སྐྱོ་བྲག་ཀརྨ་ཚེ་བརྟན་གྱི་སྤྲུལ་སྐུ་འཁྲུལ་མེད་རིམ་བྱོན་སྐྱེ་བ་བཞི་པ་གསལ་བྱེད་མཆོག་གི་སྤྲུལ་སྐུས་དར་གྱི་ཕོན་ཚར་མ་ཉམས་པའི་བརྒྱུད་ནས་ཡང་ཡང་བཀའ་ཡི་བདུད་རྩི་ཕེབས་པ་དང་། བརྒྱུད་པའི་རྗེས་འཇུག་པ་

p. 185

བྱང་འདྲེན་ཤྲཱི་ནནྟ་དང་བཙུན་ཆུང་ཏཱ་རེ་ཨ་ཡུཿ དེ་རྣམས་ཀྱིས་ཡང་ཡང་བསྐུལ་ནས་དེ་ལྟར་ལྕགས་ཕག་ལོའི་ཁྲུམས་སྟོད་ཟླ་བ་བརྒྱད་པའི་ཡར་ཚེས་ནས་བྲིས་པ་དམར་ཕྱོགས་མགོན་པོ་རྒྱུ་བའི་དུས་ཆེན་དུ་ཤྲཱི་བྷ་དྲའི་མིང་གིས་རང་ལོ་ཉེར་དྲུག་དུས་ལྷག་བསམ་དཀར་པོས་གང་དྲན་ལྷུག་པར་བྲིས་པས། བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་ལ་མཐོལ་ལོ་བཤགས་ཤིང་ལོག་རྟོག་མི་མཐུན་ཚར་ཆོད་ནས་སྒྲུབ་བསྟན་ཆོས་སྐུའི་ཉི་མ་འབར་གྱུར་ཅིག །དགེ་བསྙེན་གཡང་སྒྲུབ་ཀྱི་གོང་དུ་འདི་སྦྱར་ན་འཐད་པར་གདའོ། །༈ བསྡུ་རིམ་རྗེས་ཆོག་ནི། དེ་མཐར་ལུས་དང་ངག་དང་ཡིད། །ཨོཾ་ཨཱཿཧཱུྃ་དུ་གྱུར་ལ་བསྡུ། །བདག་མེད་ངང་དུ་སྟོང་པར་བྱ། །གང་ཞིག་དེ་ཉིད་ཤེས་པས་ན། །དེང་འདིར་དངོས་གྲུབ་མཆོག་ཉིད་དུ། །ཐེ་ཚོམ་མེད་དེ་དེ་ཉིད་ནི། །མཁའ་འགྲོ་དྲྭ་བའི་བདེ་མཆོག་ཀྱང་། །སེམས་ལ་རྟག་གནས་རྣལ་འབྱོར་པ། །མྱ་ངན་འདའ་བར་མི་སྟོན་ནོ། །ཞེས་ཡེ་ཤེས་པ་བརྟན་བཞུགས་བྱ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་

p. 186

མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་ནི། བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག །ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་རྣམས་ཀྱིས་བཀྲ་ཤིས་ཤོག །གནས་པོ་དགེ་བསྙེན་རྣམས་ཀྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་

p. 187

ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །འབྱུང་པོ་གཤེགས། མཆོད་སྦྱིན་གནས་འདིར་གང་ལྷག་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། དེ་ནས་བསྔོ་སྨོན་བྱ་བ་ནི། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་བྱས་ནས། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །

p. 188

ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡི། །འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་ཐོབ་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག ། ༈ ལྷ་མཆོག་ཁྱེད་ལ་བསྟོད་པའི་བསོད་ནམས་ཀྱིས། །ཚེ་འདིར་སྒྲུབ་པའི་བར་ཆད་ཞི་བ་དང་། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ནས། །མ་འོངས་དུས་སུ་འགྲོ་བ་འདྲེན་པར་ཤོག ། ༧ ཀུན་ཁྱབ་དང་པོའི་སངས་རྒྱས་གདོད་མའི་མགོན། །དེ་དང་དབྱེར་མེད་ཧེ་རུ་ཀ་དཔལ་མཆོག །དབྱིངས་ཀྱི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ། །ཐུགས་གསུང་སྐུ་དང་ཡེ་ཤེས་འཁོར་

p. 189

ལོའི་བདག །དམ་ཚིག་བདེ་ཆེན་འཁོར་ལོ་ཐམས་ཅད་ལ། །མི་ཕྱེད་དད་པ་ཆེན་པོས་གསོལ་བ་འདེབས། །འདི་དང་ཕྱི་མའི་དུས་ཀུན་ཐམས་ཅད་དུ། །ཧེ་རུ་ཀ་ཡི་ཐུགས་ཀྱིས་རྗེས་བཟུང་ནས། །ངན་སོང་འཁོར་བའི་གནས་ནས་འདྲེན་དུ་གསོལ། །དག་པ་མཁའ་སྤྱོད་ཞིང་དུ་ལམ་སྣ་དྲོངས། །ཞེས་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ།། །།ཞེས་བླ་མ་བསམ་གཏན་རྟེན་གྱི་བརྒྱུད་བཅས་ནས། ཕྲན་ལ་སྐྱེས་རབས་གསོལ་འདེབས་ཤིག་གསུངས་ཀྱང་དེ་ལྟར་འོས་བག་ཆེར་མེད་པས། ཞིང་ཁམས་ཀུན་གྱི་མངའ་བདག་འཁོར་ལོ་བདེ་མཆོག་ལ་གསོལ་བཏབ་གང་དྲན་སྐྱོ་བྲག་ཤྲཱི་བྷ་དྲའི་མིང་གིས་བྲིས་པ་དགེའོ། །

ཆོས་རྗེ་སྐྱོ་བྲག་པའི་རང་ལུགས་ཆོས་སྐྱོང་བཀའ་སྲུང་རྣམས་ཀྱི་བསྐང་གསོལ་གཏོར་བསྔོས་རྒྱས་པའི་འབུལ་གཏོར་གྱི་ཐོ་ཡིག །ཀརྨ་བདེ་གྲགས།

p. 190
p. 191

༈ ཆོས་རྗེ་སྐྱོ་བྲག་པའི་རང་ལུགས་ཆོས་སྐྱོང་བཀའ་སྲུང་རྣམས་ཀྱི་བསྐང་གསོལ་གཏོར་བསྔོས་རྒྱས་པའི་འབུལ་གཏོར་གྱི་ཐོ་ཡིག་བཞུགས། ཐོག་མར། ཕུར་གསོལ། རྣམ་སྲས་ལ་ས་འདབ་མ་-༡ མཁའ་འགྲོ་སྤྱི་གཏོར་ལ་ས་འདབ་མ་-༢ མ་དག་མའི་བཅུ་སྤུངས་མདིལ་རྩེ་བང་རྒྱན། སྔགས་སྲུང་མ་ཐོད་སྐམ་གསུམ་ཅན་བཅད་ཁའི་ཐོག་ལ་ནོར་ཐིག་གོར་རྒྱན། གེ་སར་འཁོར་སུམ་ཅུ་གོར་རྒྱན་གཉིས་དང་མེ་རི། ལྷ་མོའི་དམར་སྤུངས་འཁོར་དགུ་ཅན། དམ་ཅན་མཁར་ཐབ་ཏི་ཚ་དང་ར་མགོས་མཚན་པ། རྟ་ལྷ་ལ་དཀར་གཏོར་འཁོར་བརྒྱད་ཅན་སུམ་རྒྱན་ཉིས་བརྩེགས། ལམ་ལྷ་ལ་གནམ་ཆོས་དཀར་གཏོར་གཅིག་དང་དམར་གཏོར་གཉིས་བཅས་མདིལ་རྩེ་བང་རྒྱན་བར་དུ་དཀར་ཐིག་རེ་རེ་ཡོད། དགེ་བསྙེན་ལ་དཀར་གཏོར་འདབ་བརྒྱད་སྦྲུལ་

p. 192

དཀྲིས་ཅན། ངས་ནུས་མ་སྨན་ཏིང་ཐོག་ཏུ་ཟན་ཟླུམ་པོ་དེའི་ཁར་བཤོས་བུ་རྩེ་མོ་གནམ་ཆོས་དཀར་གཏོར་ལྟར་རྒྱན་མེ་ཏོག་ཉིས་བརྩེགས་རྩི་དཀར། དམག་རྒྱལ་མ་ཟན་ཀོང་གྲུ་གསུམ་ཐོག་ཏུ་དམར་གཏོར་བསྣོལ་ནས་བཞག་པ་བཅད་ཁ་བང་རྒྱན་ཅན། སྤྲག་བཙན་དཀར་གཏོར་འདབ་མ་ཡུ་བ་ཅན་བཞི་ཟན་གྱི་མེ་ཏོག་རྒྱན་མེ་ཏོག་ཉིས་བརྩེགས། དབྱི་རྒྱལ་ཞལ་ཟས་རྟ་དགུ་བན་བཅུ་གོར་རྒྱན་ཉིས་བརྩེགས་རྩི་དམར། མགོན་པོའི་གསོལ་སྤུངས་འཁོར་བཅུ་གསུམ་ཅན། ཐུན་གཏོར་ཟན་ཆད་ཅན་བཅས་སོ། །ཁུངས་དག་ཡིན། གུས་དགེན་མིང་པ་ཀརྨ་བདེ་གྲགས་ནས་ཕུལ། དགེ་ལེགས་འཕེལ།། །།

དཔལ་མགོན་ཕྱག་བཞི་པའི་སྒོ་ནས་གཡང་འགུག་ནོར་བུའི་བང་མཛོད་དངོས་གྲུབ་མྱུར་མགྱོགས། སྐྱོ་བྲག་ཤྲཱི་བྷ་དྲ།

p. 193

༄༅། །དཔལ་མགོན་ཕྱག་བཞི་པའི་སྒོ་ནས་གཡང་འགུག་ནོར་བུའི་བང་མཛོད་དངོས་གྲུབ་མྱུར་མགྱོགས་བཞུགས་སོ། །

p. 194

ན་མོ་མ་ཧཱ་ཀཱ་ལ་ཤྲཱི་དཱེ་ཝི་ཡེ། འདིར་གསར་མའི་མཆོད་ཕྲེང་ལ་བརྟེན་ནས་གཡང་འགུག་བྱེད་པར་སྤྲོ་ན། དུས་རྒྱུན་གནས་སྐབས་ཡར་ངོའི་ཚེས་བཟང་མགོན་པོ་རྣམ་སྲས་ཆོས་སྐྱོང་རྒྱུ་བའི་དུས་ཆེན་སོགས་ལ། གཡང་གཏོར་རི་རབ་བང་རིམ་བཞི་པའི་སྟེང་དུ་གཏོར་མ་སྙིང་དབྱིབས་ནོར་བུས་བརྒྱན་པ། འཁོར་བསྡུ་ན་དྲུག ། འབྲིང་ན་དགུ། རྒྱས་པར་ཉེར་ལྔ་ཟིན་རིལ་ལྡན་པ། གྲུབ་བརྙེས་རིག་འཛིན་རྣམས་ཀྱི་ནོར་བུ། ཆོས་སྐྱོང་སྲུང་མའི་རྟེན་འཁོར་དང་གཟུངས་སྔགས། འཇིག་རྟེན་སྲིད་པའི་གཡང་རྫས་བྱིན་རླབས་དང་ལྡན་པ། མཆོད་རྫས་གང་འབྱོར་བཤམས་ལ། གླུད་གཏོར་ཡས་རྫས་ཀྱིས་བསྐོར་བ་བྱང་ཆུབ་སེམས་ཀྱི་སྔགས་རྒྱས་བྱིན་བརླབས་ལ། ཧཱུྃ། ང་ནི་ཁྲོ་རྒྱལ་བཅོམ་ལྡན་འཁོར་ལོ་སྡོམ། །ཐུགས་ལས་སྤྲུལ་པའི་དྲག་པོ་ཕྱག་བཞི་པ། །བཀའ་སྲུང་ལས་བྱེད་མ་མོ་སྤྲུལ་པ་འབུམ། །

p. 195

འཁོར་འདས་ཀུན་ལ་ཆེ་བཙན་ལྷ་སྔགས་སྟོབས། །རྣལ་འབྱོར་དཔོན་སློབ་བསྲུང་བྱ་མི་ནོར་ལ། །སྔོན་ལས་འཕྲལ་རྐྱེན་གདོན་བགེགས་འགོང་པོའི་རིགས། །གླུད་གཏོར་འདི་ལ་རང་དབང་མེད་པར་ཁུག །ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིང་འཛིན་ལྷ་དང་སྔགས་ཀྱིས་གཟིར། ཧཱུྃ། ཉོན་ཅིག་འཇིག་རྟེན་དྲེགས་པའི་ལན་ཆགས་གདོན། །མ་རིག་འཁོར་བར་འཁྱམས་པའི་འདྲེ་ལྟོག་དང་། །ཟ་འདྲེ་གཤེད་འགོང་ཡུལ་ཐན་དབུལ་ཕུངས་སྲི། །སྡེ་བརྒྱད་ཡུལ་བཙན་རྩྭ་སད་སེར་བའི་བདག །བསེ་རག་འབྱུང་པོ་

p. 196

ནད་མུག་གག་ལྷོག་རིགས། །ཆགས་འདྲེ་བོར་གཏོར་དཀར་འགོང་གཤིན་ལྕགས་སྡང་། །བདག་ཅག་ཡོན་མཆོད་མི་ནོར་བསྲུང་བྱ་ལ། །ཚེ་སྔོན་འཁོར་བ་ཐོག་མེད་སྡིག་པའི་ལས། །དབུལ་ཕོངས་བཀྲེས་སྐོམ་ཉམས་གུད་སྡུག་བསྔལ་མྱོང་། །ཚེ་བསོད་ཡོན་ཏན་ཟས་ནོར་ལོག་པའི་ལམ། །འཕེལ་སྟོབས་མི་འབྱུང་ཟད་པའི་ཁ་དག་སྟོང་། །མི་རྟག་འཁོར་བ་སྒྱུ་མའི་རང་བཞིན་ལ། །གཉིས་འཛིན་བག་ཆགས་ཨ་འཐས་ཞེན་ཆགས་བྲལ། །བླ་མེད་ཀུན་བཟང་ཀློང་དུ་དོན་རྟོགས་ནས། །བརྔན་པའི་གླུད་བསྔོས་ཏིང་འཛིན་བདེན་པའི་སྟོབས། །ཟད་མེད་ཐོབ་ལ་བྱང་ཆུབ་སེམས་ལྡན་ཤོག །ཡང་སྙིང་རྗེས་སྔགས་བཅས་བསྔོ། ཕྱོགས་མེད་ཕ་མཐར་རམ་ནི་ཞིང་བཅུའི་ཡུལ། །ཕྱི་མིག་མ་བལྟ་ད་ལྟ་ཕྱིར་དེངས་ཤིག །ཕྱི་ནང་སྣོད་བཅུད་སྐྱེ་འགྲོ་ཁྲོ་བོའི་རྒྱལ། །ཡེ་ཤེས་མེ་དཔུང་རིག་སྟོང་སྲུང་འཁོར་ཨ། །དྲག་

p. 197

སྔགས་ཐུན་གྱིས་གཟེར་ལ་ཡས་ལམ་དུ་བསྐྱལ། འབྱུང་བཞིའི་སྔགས་ཀྱིས་ཁྲུས་ཆབ་གཏོར། །དེ་ནས་གཡང་གཏོར་བདུད་རྩིས་བྲན། །སྤོས་རོལ་དབྱངས་དང་དར་སྣ་གཡབ། །དད་མོས་གདུང་བའི་ཤུགས་ཀྱིས་འབོད། །ཕྱི་ཡི་དམ་ཚིག་འདི་ལྟར་བསྒོམ། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཧཱུྃ་ཧྲཱི། ཡིད་བཞིན་ནོར་བུ་དགོས་འདོད་ལྷུན་གྲུབ་གནས། །དཔག་བསམ་ཤིང་དང་གཏེར་གྱི་བུམ་པ་བཟང་། །རྩ་གསུམ་རྒྱལ་བ་སྲས་བཅས་ཆོས་ཉིད་ཀློང་། །ཡེ་ཤེས་ཐུགས་རྗེའི་སྲིད་གསུམ་གཡང་བསྡུས་ལ། །འགྲོ་དྲུག་དབུལ་ཕོངས་སྡུག་བསྔལ་མི་འབྱུང་བའི། །བཅོམ་ལྡན་བསྐལ་བཟང་སངས་རྒྱས་སྟོང་རྣམས་དང་། །པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་སོགས། །མར་མི་དྭགས་གསུམ་བཀའ་བརྒྱུད་བླ་མའི་ཚོགས། །བཀའ་གཏེར་རིག་འཛིན་རྣམས་ཀྱི་གཡང་ཁུག་ལ། །དངོས་གྲུབ་སྤྲིན་བཞིན་བསྡུས་ལ་ཆར་ལྟར་ཕོབ། །ནོར་བུ་རི་ལྟར་སྤུངས་ལ་

p. 198

མཚོ་ལྟར་བསྐྱིལ། །འཁོར་ལོ་བདེ་མཆོག་ཀྱཻ་རྡོར་གསང་འདུས་འཇིགས། །ཕུར་པ་གཤིན་རྗེ་གུ་རུ་དྲག་ཏུ་ཁྲོས། །རྟ་ཕྱག་ཁྱུང་ཆེན་རྡོ་རྗེ་ཁྲོ་བོའི་རྒྱལ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་གཡང་ཁུག་ལ། །དངོས་གྲུབ་སྤྲིན་བཞིན་བསྡུས་ལ་ཆར་ལྟར་ཕོབ། །ནོར་བུ་རི་ལྟར་སྤུངས་ལ་མཚོ་ལྟར་བསྐྱིལ། །མ་གཅིག་སྒྲོལ་མ་ཡེ་ཤེས་མཚོ་རྒྱལ་མ། །རྡོ་རྗེ་ཕག་མོ་བཀྲ་ཤིས་ལྷ་མོ་བརྒྱད། །དཔལ་ཆེན་མ་སོགས་འཁོར་གྱི་གྲོགས་མོ་བརྒྱད། །མ་རྒྱུད་མཁའ་འགྲོ་རྣམས་ཀྱི་གཡང་ཁུག་ལ། །དངོས་གྲུབ་སྤྲིན་བཞིན་བསྡུས་ལ་ཆར་ལྟར་ཕོབ། །ནོར་བུ་རི་ལྟར་སྤུངས་ལ་མཚོ་ལྟར་བསྐྱིལ། །ཐར་པའི་ལམ་མཆོག་ཆོས་ཕུང་བརྒྱད་ཁྲི་དང་། །དམ་ཆོས་གསེར་འོད་བཀའ་ཐང་ཕར་ཕྱིན་དྲུག །གསར་རྙིང་བསྟན་བཅོས་གཞུང་ལུགས་རྣམ་པར་རྒྱལ། །གཟུངས་སྔགས་བདེན་གྲུབ་རྣམས་ཀྱི་གཡང་ཁུག་ལ། །དངོས་

p. 199

གྲུབ་སྤྲིན་བཞིན་བསྡུས་ལ་ཆར་ལྟར་ཕོབ། །ནོར་བུ་རི་ལྟར་སྤུངས་ལ་མཚོ་ལྟར་བསྐྱིལ། །ལས་ཉོན་འཁོར་བའི་སྡུག་སྔལ་བྱང་ནས་ཀྱང་། །ཀུན་མཁྱེན་ཡེ་ཤེས་སངས་རྒྱས་མྱུར་ཐོབ་ཤོག །ནང་གི་དམ་ཚིག་ཆོས་སྐྱོང་སྲུང་མའོ། །ཧཱུྃ་བྷྱོ། རིན་ཆེན་གཞལ་ཡས་ཆོས་དབྱིངས་དཀྱིལ་འཁོར་ནས། །མ་ཧཱ་ཀཱ་ལ་དཔལ་མགོན་ཕྱག་བཞི་པ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པ་བརྒྱ། །ཡིད་བཞིན་ནོར་བུ་དངོས་གྲུབ་ཆར་འབེབས་མཛོད། །སྲིད་སྲུང་དཔལ་འབྱོར་ཡོན་ཏན་ས་ལམ་འཕེལ། །ཚེ་བསོད་སྙན་གྲགས་ལོངས་སྤྱོད་མངའ་ཐང་རྒྱས། །འབད་མེད་ལྷུན་གྲུབ་རྫོགས་སངས་མྱུར་ཐོབ་ཤོག །ཕྱོགས་བཞི་མཚམས་བརྒྱད་པདྨ་ཉི་ཟླའི་གདན། །ལས་མགོན་བྱ་རོག་གདོང་དང་རྩ་འཇིབ་དམར། །ཞིང་སྐྱོང་ལེགས་ལྡན་གུར་མགོན་དུད་སོལ་མ། །རྣམ་སྲས་རྟ་ལྷ་གཟའ་མཆོག་དམ་ཅན་

p. 200

ལེགས། །དགེ་བསྙེན་གནས་བརྒྱད་ཐང་ལྷ་དམག་གི་རྒྱལ། །ཚེ་རིང་མཆེད་ལྔ་མགོན་དཀར་ངས་ནུས་མ། །སྤྲག་བཙན་དབྱི་རྒྱལ་གསར་མའི་ལྷ་འཁོར་རྣམས། །དད་པས་འབོད་དོ་བསྲུང་བྱའི་འགྲོ་བ་ལ། །ཉམས་རྟོགས་གོང་འཕེལ་འགྲོ་དོན་མཐར་ཕྱིན་ནས། །ཆེ་བཙན་སྙན་གྲགས་དར་རྒྱས་ཟས་གོས་འཕེལ། །ཞི་རྒྱས་དབང་དྲག་འདོད་དོན་གཡང་ཁུག་ལ། །དངོས་གྲུབ་སྤྲིན་བཞིན་བསྡུས་ལ་ཆར་ལྟར་ཕོབ། །ནོར་བུ་རི་ལྟར་སྤུངས་ལ་མཚོ་ལྟར་བསྐྱིལ། །ཕྲིན་ལས་བྱིན་རླབས་སྐད་ཅིག་ད་ལྟ་མཛོད། །དེ་ནས་སྤོས་དུད་གཡུ་ཤུག་ཕྱེ་མར་བསྲེག ། ཀྱེ། སྐྱབས་གནས་དམ་པ་དཀོན་མཆོག་རྩ་བ་གསུམ། །སྟོང་གསུམ་འཇིག་རྟེན་བོད་ཁམས་སྲུང་མ་དང་། །གཟའ་སྐར་ཚེས་གྲངས་དུས་ཚོད་ལོ་ཟླའི་བདག །བསང་མཆོད་ཀུན་བཟང་མཆོད་པས་ཐུགས་དམ་བསྐང་། །འདོད་དགུ་ཕོངས་མེད་བསམ་དོན་མྱུར་

p. 201

འགྲུབ་མཛོད། །གཡང་བདག་ཛམ་ལྷ་རིགས་ལྔ་ས་སྙིང་སེམས། །ལྷ་ཆེན་ཚོགས་བདག་ཀླུ་ཆེན་མི་མགོན་དཀར། །རྨ་རྒྱལ་རྫ་རྒྱལ་སྐུ་རྒྱལ་གནས་ཆེན་བརྒྱད། །འགོ་བའི་ལྷ་ལྔ་དགྲ་ལྷ་བཅུ་གསུམ་དང་། །ཡུལ་ཕྱོགས་འདིར་གནས་གཞི་བདག་དཀར་པོའི་ཕྱོགས། །བསང་དང་གསེར་སྐྱེམས་འདོད་ཡོན་མཆོད་པ་འབུལ། །ཕྱི་ནང་སྣོད་བཅུད་ཉམས་གུད་རྨུག་པ་བསངས། །ཡུལ་ལ་བདེ་དགའ་རྒྱ་མཚོ་ནད་མུག་ཞི། །གསེར་དངུལ་རྟ་དྲེལ་ནོར་ཕྱུགས་ཁྲི་འབུམ་གཡང་། །གང་འདོད་མཆོད་སྤྲིན་དག་པའི་ཞིང་བཞིན་དུ། །བླ་མེད་འབྲས་བུ་འཁོར་གསུམ་ཡོངས་དག་བསྔོ། །ཡི་དྭགས་གྲོང་ཁྱེར་འཁོར་ལོས་རྒྱལ་སྲིད་ཐོབ། །རང་རིག་བླ་མེད་དོན་རྟོགས་རྡོ་རྗེ་འཆང་། །ཕྱི་མ་མཁའ་སྤྱོད་ས་ལམ་མྱུར་ཐོབ་ཤོག །གསང་བའི་དཀྱིལ་འཁོར་གཏོར་མར་བསྐྱེད། །ཨཱཿ གཡང་གཏོར་ཡེ་ཤེས་

p. 202

ལྔ་ལྡན་རི་རབ་ལྟར། །རྩ་གསུམ་རྒྱལ་བ་སྲས་བཅས་དངོས་གྲུབ་རྟེན། །ནོར་ལྷ་གཏེར་བདག་རྣམས་ཀྱི་གཞལ་ཡས་ཁང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་དཀྱིལ་འཁོར་གསལ། །ཀུན་བཟང་མཆོད་པས་ཐུགས་དམ་དགྱེས་པར་བསྐང་། །ནད་གདོན་འཇིགས་བརྒྱད་དབུལ་ཕོངས་བཀྲེས་སྐོམ་ཞི། །འོད་ཟེར་འཕྲོས་པས་ལྷ་མིན་གཡུལ་ལས་རྒྱལ། །བདེན་སྟོབས་སྨོན་ལམ་རིགས་དྲུག་དོང་ནས་སྤྲུགས། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དགྱེས་པར་བཞེས་ལ་བདག་གཞན་ཚོགས་རྫོགས་ནས། །ལྷ་དང་རང་སེམས་གང་ཤར་ངང་ལ་བཞག །མ་ཡེངས་རིག་སྟོང་དམ་པ་རིགས་བརྒྱའི་ལྷ། །ཐོས་བསམ་སྒོམ་སྒྲུབ་མཁས་དང་གྲུབ་པའི་ཆོས། །རྒྱལ་བ་སྲས་བཅས་ཐུགས་རྗེ་བྱིན་རླབས་སྟོབས། །བདེ་སྐྱིད་དཔལ་གཡང་འཛམ་གླིང་བཀྲ་ཤིས་མཛོད། །ཅེས་པས་གཡང་དང་དངོས་གྲུབ་འགུགས་

p. 203

བསྟིམ་བྱ། །བྱིན་རླབས་མྱུར་འདོད་བཟླས་པ་ཡང་ཡང་འབད། །བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་འོད་ཟེར་སྣ་ཚོགས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྱབ། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་ཟེར་ཐག་གི་བརྒྱུད་ནས་བྱོན་པར་གྱུར། བདག་དང་ཡོན་བདག་རྣམས་ལ་དབང་བཞི་བསྐུར་ནས་སྒྲིབ་བཞི་དག་པར་མཛད། མཆོག་ཐུན་མོང་ལས་བཞིའི་དངོས་གྲུབ་མྱུར་དུ་ཐོབ་ནས་འཁོར་འདས་སྣང་སྲིད་ཐམས་ཅད་དབང་འདུས་གྱུར། རྒྱས་པར་ལྷ་སྔགས་རེ་རེ་བཞིན་སརྦ་སིདྡྷི་སྦྱར་བ་ལེགས། མ་གྲུབ་ཀྱང་བསྡུ་ན་བདེ་མཆོག་མགོན་པོ་ལྷ་མོ་རྣམས་ཀྱི་སྔགས་མཐར་སརྦ་སིདྡྷི་པུཥྚིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། དཔའ་བོ་གཅིག་སྒྲུབ་སྔགས་བཅས་ཡང་ཡང་བཟླས་པར་འབད། མཐར་ཡིག་བརྒྱས་ལྷག་ཆད་བཤགས་མཐར། ཡེ་ཤེས་ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས། །རྟེན་ལ་བཞུགས་སམ་རང་ཐིམ་

p. 204

ཏིཥྛ་ལྷན། །འཇིག་རྟེན་པ་ནི་རང་གནས་བཛྲ་མུཿ འདོད་དགུས་ཕོངས་མེད་རེ་བ་ཡོངས་རྫོགས་ནས། །སངས་རྒྱས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །མེ་ཏོག་འཐོར་ལ་བདེན་ཚིག་བརྗོད། །བཀྲ་ཤིས་སྨོན་ལམ་རོལ་མོ་ལྡིར། །ཡོན་བདག་རྟེན་འབྲེལ་དར་གོས་བརྒྱན། །གླུ་གར་དགའ་སྟོན་སྤྲོ་བ་བསྐྱེད། །དར་སྣ་གཡབ་ལ་གཡང་འབོད་བྱ། །དངོས་གྲུབ་འབྱུང་བའི་རྫས་ལ་རོལ། །གཡང་གི་རྟེན་ཕྱིར་གཡང་རྫས་འཕྲོ། །རྒྱབ་རི་འམ་ནི་མཛོད་དུ་སྦ། །དམ་ཆོས་བདེན་ཚིག་བསླུ་མེད་སྐྱབས། །བསོད་ནམས་ཚོགས་ཆེན་རྫོགས་པར་ངེས། །འབྲས་བུ་ལོངས་སྤྱོད་མྱུར་དུ་ཐོབ། །མི་ཕྱུགས་ནད་ཡམས་འབྱུང་མི་སྲིད། །སྲུང་བ་བྱིན་རླབས་མཆོག་ཏུ་འགྱུར། །བཀའ་གཏེར་ཟུང་འབྲེལ་མཁའ་འགྲོའི་བརྡ། །དེ་ཕྱིར་སྐལ་ལྡན་བརྩོན་པར་མཛོད། །དམ་མེད་མི་ལ་མ་བསྟན་རྒྱ། སྔགས་འཆང་རིག་འཛིན་(གསང་བདག་བདུད་འཇོམས་རྡོ་རྗེའམ་དུང་དཀར་ཤྲཱི་བྷ་དྲ།) གདམས་ངག་ཡིན། །མཆོད་བསྟོད་བཀྲ་ཤིས་སྨོན་ལམ་འཇུག །ཤུ་བྷཾ།། ༈ ཨོཾ་ཧྲཱི་ཧ་ཧ་ཧུྃ་ཧཱུྃ་ཕཊ། ཅི་འགྲུབ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་སརྦ་སིདྡྷི་པུཥྚིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཨོཾ་

p. 205

མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་སརྦ༴ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་སརྦ༴ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་སརྦ༴ ཨོཾ་བཻ་ཤྲ་བ་ཎ་ཡེ་སརྦ༴ ཨོཾ་ཨརྱ་རེ་མནྟ་ཡེ་སརྦ༴ ཨོཾ་ཀེ་ཏ་ཀེ་ཏ་ཡེ་སརྦ༴ ཨོཾ་བཛྲ་ས་དུ་ཏྲི་ཤུ་ལ་ཛ་སརྦ༴ ཕུ༔ན་ག་རཱ་ཛ་སརྦ༴ ཨོཾ་བཛྲ་ཐང་ཀ་ར་སརྦ༴ ཨོཾ་མ་མ་རུ་ལུ་རུ་ལུ་སརྦ༴ ཨོཾ་ཛྙཱ་ན་ཌཱ་ཀི་ནི་སརྦ༴ ཨོཾ་གྷྲི་ར་ཛ་སརྦ༴ ཨོཾ་ར་ལི་པྲ་མ་ཡ་སརྦ༴ ཨོཾ་ཙཎྜ་པྲ་མ་ནི་སརྦ༴ ཨོཾ་བྷུ་མི་པ་ཏི་སརྦ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལི། མ་ཧཱ་ལཀྵིཾ་རཱ་ཛྱྃ་མེ། བ་སུ་ནཱ་ནཱ་ཁ་དྷི་སརྦ་སིདྡྷི་དེ་ཧི་དེ་ཧི་བ་ར་དི་སྭཱ་ཧཱ། རྩ་བསྙེན་ཅི་འགྲུབ་འབད་པར་བྱ། དགེའོ།། །།

དཔལ་ནག་པོ་ཆེན་པོ་ཕྱག་བཞི་པའི་གསང་བའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་གསལ་བར་བཀོད་པ་བདེ་ཆེན་རྣམ་རོལ། འཇམ་དབྱངས་བློ་གྲོས་རིན་ཆེན།

p. 206
p. 207

༄༅། །དཔལ་ནག་པོ་ཆེན་པོ་ཕྱག་བཞི་པའི་གསང་བའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་གསལ་བར་བཀོད་པ་བདེ་ཆེན་རྣམ་རོལ་ཞེས་བྱ་བ་བཞུགས་སོ། །

p. 208

དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་ཡེ་ཤེས་སྒྱུ་མའི་གར་མཁན་ནི། །སྟོང་དང་སྙིང་རྗེའི་རོལ་པ་བསམ་མི་ཁྱབ། །ཚོམ་བུའི་རྣམ་པར་ཤར་བའི་འཁོར་ལོ་དང་། །གཉིས་མེད་དཔལ་ལྡན་བླ་མས་དེང་འདིར་སྐྱོངས། །གསང་སྔགས་མ་རྒྱུད་དངོས་གྲུབ་འབྱུང་བའི་གཞུང་། །ཀླུ་སྒྲུབ་ཡབ་སྲས་མན་ངག་གིས་བཀྲལ་བའི། །སྒྲུབ་དཀྱིལ་གྲུབ་པའི་བཀའ་སྲོལ་ཁྱད་འཕགས་ཉིད། །འཇུག་བདེར་འཆད་ལ་གནང་བའི་སྐབས་དབྱེ་གསོལ། །དེའང་དཔལ་ནག་པོ་ཆེན་པོའི་གསང་བའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོར་འཇུག་པའི་ཚུལ་ལ། སྤྱི་དོན་རྣམ་པ་དྲུག་གིས་སྟོན་ཏེ། གང་བསྒྲུབ་པར་བྱ་བ། གང་གིས་སྒྲུབ་པའི་གང་ཟག །གང་དུ་བྱ་བའི་གནས། གང་དེར་འཇུག་པའི་དུས། གང་ཞིག་སྒྲུབ་པའི་ཚུལ། གང་དག་བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་དངོས་གྲུབ་འབྱུང་བའི་ལེའུ་ལྔ་པ་ལས། གསང་བའི་སྤྲུལ་པ་ནག་པོ་

p. 209

ཆེ། །འདི་ཡི་སྒྲུབ་པའི་རིམ་བཤད་བྱ། །གསང་བ་སྒྲུབ་པའི་ཐབས་མཆོག་སྟེ། །སྐལ་བ་ཅན་ལ་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། དཔལ་མགོན་པོ་ཡི་དམ་དུ་སྒྲུབ་པའི་སྐོར་ལ་བཀའ་སྒྲུབ་རྒྱས་འབྲིང་བསྡུས་གསུམ་དུ་གྲགས་པ་ལས། འདི་ནི་བཀའ་སྒྲུབ་རྒྱས་པར་ཕྱེ་བ་ལྷ་སུམ་ཅུའི་སྒྲུབ་དཀྱིལ་གསང་ཆེན་རྨད་དུ་བྱུང་བའོ། །གཉིས་པ་ནི། ལེའུ་གསུམ་པ་ལས། རྟེན་གྱི་གང་ཟག་འགའ་ཞིག་གིས། །དང་པོ་བླ་མ་མཉེས་པར་བྱ། །གཉིས་པ་དབང་བཞི་ཐོབ་པ་དང་། །གསུམ་པ་བྱིན་གྱིས་བརླབས་ནས་ནི། །བཀའ་བསྒོ་རྗེས་གནང་ཚུལ་བཞིན་དུ། །མ་ནོར་འཇུག་པའི་ཚུལ་གྱིས་ཤེས། །ཞེས་གསུངས་པ་ལྟར། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་བསྙེན་པ་སོང་ནས། དཔལ་ནག་པོ་ཆེན་པོའི་དལ་དུ་དབང་དང་རྗེས་གནང་ཐོབ་ངེས་བྱ་བའོ། །གསུམ་པ་ནི། སྔ་མ་ལས། རི་བོའི་རྩེ་དང་ནགས་ཚལ་བྲག །རྒྱ་མཚོའི་འགྲམ་དང་ཤིང་གཅིག་པ། །གདོད་ནས་

p. 210

གྲུབ་པའི་དུར་ཁྲོད་དེ། །གནས་འདི་དག་ཏུ་བསམ་གཏན་བསྒོམ། །ཞེས་པ་ལྟར་རམ། གྲུབ་པ་གོང་མའི་གནས་སམ། ཡིད་དང་མཐུན་པའི་གནས་སོ། །བཞི་པ་ནི། ཡང་དེ་ཉིད་ལས། དེ་ནས་དབེན་པར་སོང་ནས་ནི། །ཡར་ངོ་ཡི་ནི་ཚེས་བརྒྱད་དམ། །བཅུ་བཞི་ལ་སོགས་སྒྲུབ་དུས་ལ། །ཞེས་གཟའ་སྐར་འཕྲོད་དང་རྒྱུ་དུས་ལེགས་པ་དག་ཏུའོ། །ལྔ་པ་ནི། དམ་ཚིག་ལྡན་པའི་སྔགས་པ་ཡིས། །སྒྲུབ་པའི་དམ་རྫས་ཁྱད་པར་ལས། །འབྲུ་ནག་གཏོར་མ་རབ་ཏུ་ཤེས། །ཤ་ཆེན་ཚིལ་གྱིས་བརྒྱན་པ་ཡི། །ཚོགས་རྫས་པཱུ་ཛ་གུས་པས་འབུལ། །ཞེས་གསུངས་པ་ལྟར་བསྒྲུབ་པར་བྱ་བའི་ཚུལ་དངོས་ལ་བཞི། སྦྱོར་བ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གང་དུ་བྱ་བའི་གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས་ཤིང་། སྟེགས་བུ་ཁེབས་ལྡན་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ། ཚོན་དཀྱིལ་གཉིས་ལས་སྐབས་ཐོབ་བྲིས་དཀྱིལ་གཙོ་ཆེར་ཡིན་པས་དེ་ཉིད་དང་། དེ་སྟེང་འཕྲུལ་སྟེགས་ཀྱི་ཁར་དབུས་སུ་བུམ་གདན་པདྨ་འདབ་བརྒྱད་ཉི་དཀྱིལ་རྡོ་རྗེས་མཚན་པ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་རྒྱན་གཟུངས་རྡོར་དུང་ཆུ་བཅས་པ། གཡོན་དུ་བུམ་གདན་པད་ཉི་གྲི་གུག་གིས་མཚན་པར་ལས་ཐམས་ཅད་པའི་བུམ་པ་རྒྱན་ལྡན་གོང་སྨོས་བཞིན་དང་། ཤར་དུ་གསང་ཐོད་བུར་ཆང་སྦྱར་བ་དར་སྔོན་ཁེབས་ལྡན། ལྷོར་དབུ་རྒྱན་ཅོད་པན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། བྱང་ཤར་དུ་མིང་དབང་། ཤར་ལྷོར་རྡོར་དྲིལ་གྲི་ཐོད། ལྷོ་ནུབ་སྔགས་ཕྲེང་།

p. 211

ནུབ་བྱང་ཌཱ་དྲིལ་དཔལ་ཆས་སོགས་རྗེས་གནང་སྐོར། བྱང་ཤར་རྟེན་གཏོར་རྣམས་བཤམས། ལྡིང་ཁྲི་གོང་མར་སྐུ་རྟེན་རིགས། རྒྱུད་དང་སྒྲུབ་པོད། རྟེན་མདའ་སྲོག་འཁོར་གྲི་སྙིང་བླ་རྡོས་སྤྲས་པ། དར་ནག་རུ་མཚོན། བེང་རཀྵའི་ཕྲེང་བ་སོགས་རྟེན་གྱི་རིགས་བཀྲམ། སྟེང་ནས་གདུགས་བླ་བྲེ། ཕྱོགས་ཀུན་དར་གྱི་ལྡ་ལྡི། ཡོལ་བ་དང་དྲྭ་བ་དྲྭ་ཕྱེད། ཕྱེ་མའི་ཕུར་མ་དར་གྱི་ཤམ་བུ་རྣམས་ཀྱིས་བཀླུབས། དཀྱིལ་འཁོར་ཕྱི་མཐར་ཉེར་སྤྱོད་སྐོར་བཤམས་དང་། དེ་རྒྱབ་ཤར་དུ་ཞི་མཆོད། བྱང་དུ་དྲག་མཆོད། ནུབ་ཏུ་རིག་མ་བཅུ་དྲུག །ལྷོར་འདོད་ཡོན་རྣམ་ལྔ། དེ་རྒྱབ་མེ་ཏོག །སྤོས་སྣོད། ཞལ་ཟས། མར་མེ་རྣམས་བརྒྱ་རྩ་རེ། མདུན་ལོགས་བདུད་རྩི་རིལ་བུ་སྦྱར་བའི་ནང་མཆོད། འདས་མ་འདས་ཀྱི་གཏོར་མ། སྲུང་མའི་རྒྱུན་གཏོར། རཀྟ་ཕུད་རྒོད་ཚོགས་ཀྱི་རྫས་ཡོ་བྱད། སྔོན་གཏོར་རྣམས་གཙང་ཞིང་མ་འདྲེས་པར་བཤམ། སློབ་དཔོན་མདུན་གཡོན་ནས་བརྩམས་བདུད་རྩི་ཀ་པཱ་ལ། ཌཱ་དྲིལ། འཐོར་ནས། བསང་ཆུ་དང་། གཡས་ནས་བཟུང་ཉེར་སྤྱོད་རྣམས་བཀོད། རོལ་མོ་སོགས་འོག་ནས་འབྱུང་རིགས་སྔ་ཚགས་སུ་བྱའོ། །གཉིས་པ་ནི། འདི་ལ་རྣམ་གྲངས་བཅུ་ལས་དང་པོ་དག་པ་གསུམ་དྲན་པ་ནི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། རང་ཉིད་སྐད་ཅིག་གིས་དཔལ་ནག་པོ་ཆེན་པོ་ཕྱག་བཞི་པ་གྲི་ཐོད་དང་རལ་གྲི་ཁ་ཊྭཱཾ་འཛིན་ཅིང་། རང་སྣང་གི་ཡུམ་ཙཎྜི་ཀ་

p. 212

མཐིང་ནག་གྲི་ཐོད་འཛིན་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། ངག་དག་པ་ཨཱ་ལི་ཀཱ་ལི་བརྗོད། ཤྲཱི་མ་ཧཱ་ཀཱ་ལ་ཨ་ཧཾ། ཞེས་ཡིད་དག་པའོ། །གཉིས་པ་བདུད་རྩི་བརླབ་པ་ནི། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་ཞལ་བཞི་པ་ལས་ཐམས་ཅད་པའི་སྔགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་། རྃ་ལས་མེ། ཀེཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་རྣམས་ཧཱུྃ་ཨོཾ་བྷྲཱུྃ་ཛྷིཾ་ཁྃ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སྟེ་རིགས་ལྔ་ཡུམ་ལྔའི་ས་བོན་གྱིས་མཚན་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རླུང་གཡོས་མེ་སྦར་ཐོད་པའི་རྫས་ཡིག་འབྲུ་དང་བཅས་པ་ཞུ་བ་ལས་དམ་ཚིག་གི་བདུད་རྩིར་གྱུར་པ་དང་། རླངས་པའི་འོད་ཟེར་གྱིས་རྒྱལ་བའི་རྡོ་རྗེ་

p. 213

གསུམ་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས་པ་འབྲུ་གསུམ་ལ་ཐིམ། དེ་ཉིད་བདུད་རྩིར་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། གསུམ་པ་སྔོན་གཏོར་ནི། བདུད་རྩི་ལྟར་བྱིན་བརླབ། ཕེཾ་ཕེཾ་ཕེཾ་གྱི་སྒྲས་མགྲོན་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་སོགས་ལན་གསུམ་གྱིས་ཕུལ་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་སོགས་ནས་མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ནི་འབྱུང་པོའི་ཚོགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། བཞི་པ་བགེགས་ལ་བཀའ་བསྒོ་བ་ནི། ཨོཾ་ཨཱཿཧཱུྃ། ལུས་ངག་སེམས་ལ་གནོད་བྱེད་པའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །བསྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །ལུས་སྲུལ་ལ་སོགས་བགེགས་ཀྱི་ཚོགས། །བཀའ་ལས་མ་འདའ་

p. 214

ཕྱིར་དེངས་ཤིག །ཅི་སྟེ་མི་འགྲོ་འདུག་གྱུར་ན། །ཧེ་རུ་ཀ་དཔལ་ཐུགས་ཁྲོས་ནས། །རྡོ་རྗེ་ཁ་ཊྭཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །ལུས་ནི་དུམ་བུ་སྟོང་དུ་འགྱུར། །བརླག་པར་འགྱུར་བ་གདོན་མི་ཟ། །བགེགས་ཆེན་པོ་རྣམས་སོ་སོར་སོང་། །ཞེས་དང་། སུམྦྷ་ནིའི་སྔགས་ཀྱིས་བགེགས་བསྐྲད་པར་བྱའོ། །ལྔ་པ་མཚམས་གཅད་པར་བྱ་བ་ནི། ཧཱུྃ། འབར་བའི་ཕོ་བྲང་ཆེན་པོ་ཡི། །ཤར་སྒོ་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་བྱ་རྒོད་གདོང་པ་ཅན། །ཕྲ་མེན་ཆེན་མོའི་དུས་ལ་བབ། །ཤར་གྱི་ཕྱོགས་ཀྱི་མཚམས་ཆོད་ལ། །ཤར་གྱི་བར་ཆད་བཟློག་པར་མཛོད། །ཧཱུྃ། འབར་བའི་ཕོ་བྲང་ཆེན་པོ་ཡི། །བྱང་སྒོ་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་ཁྱུང་གི་གདོང་པ་ཅན། །ཕྲ་མེན་ཆེན་མོའི་དུས་ལ་བབ། །བྱང་གི་ཕྱོགས་ཀྱི་མཚམས་ཆོད་ལ། །བྱང་གི་བར་ཆད་བཟློག་པར་མཛོད། །ཧཱུྃ། འབར་

p. 215

བའི་ཕོ་བྲང་ཆེན་པོ་ཡི། །ནུབ་སྒོ་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་ཁྭ་ཏའི་གདོང་པ་ཅན། །ཕྲ་མེན་ཆེན་མོའི་དུས་ལ་བབ། །ནུབ་ཀྱི་ཕྱོགས་ཀྱི་མཚམས་ཆོད་ལ། །ནུབ་ཀྱི་བར་ཆད་བཟློག་པར་མཛོད། །ཧཱུྃ། འབར་བའི་ཕོ་བྲང་ཆེན་པོ་ཡི། །ལྷོ་སྒོ་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་འུག་པའི་གདོང་པ་ཅན། །ཕྲ་མེན་ཆེན་མོའི་དུས་ལ་བབ། །ལྷོ་ཡི་ཕྱོགས་ཀྱི་མཚམས་ཆོད་ལ། །ལྷོ་ཡི་བར་ཆད་བཟློག་པར་མཛོད། །ཧཱུྃ། འབར་བའི་ཕོ་བྲང་ཆེན་པོ་ཡི། །ཤར་ལྷོ་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་ཕག་གི་གདོང་པ་ཅན། །ཕྲ་མེན་ཆེན་མོའི་དུས་ལ་བབ། །ཤར་ལྷོའི་ཕྱོགས་ཀྱི་མཚམས་ཆོད་ལ། །ཤར་ལྷོའི་བར་ཆད་བཟློག་པར་མཛོད། །ཧཱུྃ། འབར་བའི་ཕོ་བྲང་ཆེན་པོ་ཡི། །ལྷོ་ནུབ་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་ཁྱི་ཡི་གདོང་པ་ཅན། །ཕྲ་མེན་ཆེན་

p. 216

མོའི་དུས་ལ་བབ། །ལྷོ་ནུབ་ཕྱོགས་ཀྱི་མཚམས་ཆོད་ལ། །ལྷོ་ནུབ་བར་ཆད་བཟློག་པར་མཛོད། །ཧཱུྃ། འབར་བའི་ཕོ་བྲང་ཆེན་པོ་ཡི། །ནུབ་བྱང་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་སྤྱང་ཀིའི་གདོང་པ་ཅན། །ཕྲ་མེན་ཆེན་མོའི་དུས་ལ་བབ། །ནུབ་བྱང་ཕྱོགས་ཀྱི་མཚམས་ཆོད་ལ། །ནུབ་བྱང་བར་ཆད་བཟློག་པར་མཛོད། །ཧཱུྃ། འབར་བའི་ཕོ་བྲང་ཆེན་པོ་ཡི། །བྱང་ཤར་སྲུང་བའི་མཁའ་འགྲོ་མ། །འཇིགས་རུང་སྟག་གི་གདོང་པ་ཅན། །ཕྲ་མེན་ཆེན་མོའི་དུས་ལ་བབ། །བྱང་ཤར་ཕྱོགས་ཀྱི་མཚམས་ཆོད་ལ། །བྱང་ཤར་བར་ཆད་བཟློག་པར་མཛོད། །ཨོཾ་ཧྲཱིཿགྷ་གྷ་ཏ་ཡ་སརྦ་དུཥྚན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་མཚམས་བཅིང་། དྲུག་པ་སྲུང་བའི་གུར་ཁང་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ལོགས་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། །ཕྱི་རོལ་གྲི་གུག་དང་མདའ་

p. 217

ཡི་དྲྭ་བ་ཡེ་ཤེས་ཀྱི་མེ་རིས་བསྐོར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད། བདུན་པ་མཆོད་རྫས་བྱིན་བརླབ་པ་ནི། བསང་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་རྣམས་ཀྱི་ནང་དུ་ཧཱུྃ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྟ་ཨཱཿཧཱུྃ། ཞེས་དང་། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་མཆོད་སྤྲིན་འབྱུང་བའི་གཟུངས་བརྗོད་བཞིན་རོལ་མོ་རྒྱ་ཆེར་བྱའོ། །བརྒྱད་པ་སྐྱབས་སེམས་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །

p. 218

ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་ཀུན་དོན་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །ལན་གསུམ། དགུ་པ་ཚོགས་བསགས་པ་ནི། བདག་ཉིད་དཔལ་མགོན་པོར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་ཧེ་རུ་ཀས་དབུ་བརྒྱན་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་། ན་མོ་གུ་རུ་བྷྱཿ ཞེས་བླ་མ་རྣམས་དང་། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ ཞེས་སངས་རྒྱས་བྱང་སེམས་རྣམས་དང་། ན་མོ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་རེ་བྷྱཿ ཞེས་མགོན་པོ་རྣམས་ལ་ཕྱག་བྱ། ཨོཾ་ཤྲཱི་ནཱ་ཐཿམ་ཧཱ་ཀཱ་ལ་མཎྜ་ལ་ས་པཱ་རི་ཝ་རེ་བྷྱཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་

p. 219

ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བདུན་རྣམ་དག་བྱ། བླ་མ་བརྒྱུད་པའི་གསོལ་འདེབས་ནི། རྡོ་རྗེ་འཆང་ཆེན་གསང་བདག་སློབ་དཔོན་ཀླུ། །ཀེ་པ་རཏྣ་བཛྲ་གྷནྜེ་པ། །ཛཱ་ལནྡྷ་ར་སློབ་དཔོན་ནག་པོའི་ཞབས། །སྤྱོད་མཛད་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས། །ཨ་ཝ་དྷཱུ་ཏི་ཁ་ཆེ་བྱང་ཆུབ་བཟང་། །དགའ་བའི་རྡོ་རྗེ་རྡོ་རྗེ་གདན་ཆེན་པོ། །ཨ་བྷྱ་ཀ་ར་ཙ་མི་སངས་རྒྱས་གྲགས། །དཔལ་ཆེན་རྒྭ་ལོའི་ཞབས་ལ་གསོལ་བ་འདེབས། །ཆོས་རྗེ་ཕག་མོ་གྲུ་པ་རྒྱ་ཀུན་མཁྱེན། །རྩ་བྲག་པ་དང་རིན་གཞོན་རིན་ཆེན་གྲགས། །རིན་ཆེན་སྨོན་ལམ་སྨོན་ལམ་ཤེས་རབ་མཚན། །དཔལ་ལྡན་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །ནོར་བུ་དཔལ་དང་ཟླ་རྒྱལ་རཏྣའི་མཚན། །ག་གཱ་བོ་དྷི་རིན་ཆེན་རྡོ་རྗེ་བ། །

p. 220

ཤཱཀྱ་བཛྲ་བསྟན་པ་རྒྱལ་མཚན་ཞབས། །ནམ་མཁའི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཀུན་དགའ་རྒྱལ་མཚན་བཀྲ་ཤིས་རྒྱལ་མཚན་རྗེ། །སྙན་གྲགས་དཔལ་བཟང་རབ་གསལ་དཔལ་འབྱོར་དང་། །རིན་ཆེན་ལྷུན་གྲུབ་ངག་དབང་ཕྲིན་ལས་སོགས། །རྩ་བརྒྱུད་བླ་མའི་ཞབས་ལ་གསོལ་བ་འདེབས། །ཧེ་རུ་ཀ་དཔལ་འཁོར་ལོའི་མགོན་སྟངས་དཔྱལ། །རྣལ་འབྱོར་མ་བཞི་མགོན་ཆེན་ཡབ་ཡུམ་བརྒྱད། །སྒོ་མཚམས་མ་བརྒྱད་ལས་མགོན་རྣམ་པ་བཞི། །ཞིང་སྐྱོང་ཉེར་བཞིའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་མཐུས་དེང་ནས་བདག །ཟབ་མོའི་དབང་བཞི་རྒྱུད་སྨིན་ལམ་འབྱོངས་ཏེ། །སྐུ་བཞིའི་འབྲས་ཐོབ་དོན་གཉིས་ཕུན་ཚོགས་ཤོག །རྒྱལ་མཚན་རྩེ་མོའི་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་ཅིང་། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་

p. 221

སྩོལ་བའི། །དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་དང་། ཨོཾ་ཨཱཿཧཱུྃ་མུཿ ས་ཚོགས་ཞིང་རང་ལ་བསྟིམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་པ་སྟེ་བསོད་ནམས་ཚོགས་སོ། །བཅུ་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ལ་བསྡུས། དེ་ཐམས་ཅད་རང་མགོན་པོར་གསལ་བ་ལ་ཐིམ། དེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཞབས་ཀྱུ་ཧ་ལ་ཐིམ། དེ་མགོ་བོ་ལ་ཐིམ། དེ་ཟླ་ཚེས་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། དེ་ནཱ་ད་ཕྲ་བའི་རྣམ་པར་གྱུར་པ་ལས་སྟོང་ཉིད་ཀྱི་རང་སྒྲ་འབྱུང་བར་གྱུར། ཨོཾ་ཤཱུ་ནྱ་་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་སྟོང་ཉིད་ཀྱི་དོན་ལ་མཉམ་པར་བཞག་གོ། །འདི་ནི་བསྐྱེད་རིམ་རྡོ་རྗེ་བཞི་ལས་སྟོང་ཉིད་བྱང་ཆུབ་ཅེས་བྱའོ། །རྩ་བའི་གཉིས་པ་དངོས་གཞི་ལ་དྲུག །བདག་ཉིད་ལྷའི་རྣལ་འབྱོར་བསྒོམ་པ། བུམ་པའི་ཆོ་ག །མདུན་དཀྱིལ་སྒྲུབ་མཆོད། ཐུན་མཚམས་གཏོར་མའི་བྱ་བ།

p. 222

བདག་འཇུག་དབང་བླང་བ། ཚོགས་ཀྱི་མཆོད་པའོ། །དང་པོ་ནི། འདི་ལ་བཞི། བསྐྱེད་རིམ། བཟླས་པ། རྫོགས་རིམ། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་ཡན་ལག་དྲུག་ལས་ཐོག་མར་ཕོ་བྲང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་སྟེ། འདི་ལ་གསུམ་ལས། དང་པོ་སྲུང་འཁོར་བསྒོམ་པ་ནི། དངོས་གྲུབ་འབྱུང་བའི་རྒྱུད་ལེའུ་ལྔ་པ་ལས། ཕྱི་དང་ནང་གི་དངོས་པོ་ཀུན། །གདོད་ནས་དག་པའི་ངང་ནས་བསམ། །དེ་ཉིད་ཧཱུྃ་དང་བཅས་པ་ཡང་། །ནཱ་ད་ཙམ་དུ་གནས་པ་ལས། །ནམ་མཁའ་ལྟ་བུའི་ངང་ལས་ནི། །ཞེས་གསུངས་པ་ལྟར་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨཱཿབཛྲ་ཤུདྡྷོ྅་ཧཾ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཆོས་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག་ཅན་རྩེ་མོ་བཅུ་གཉིས་པ་ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོ་གྲངས་མེད་པ་འཕྲོས་པ་ལས་བྱུང་བའི་འོག་ཐམས་ཅད་

p. 223

རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རིམ་དུ་རྡོ་རྗེ་འཁོར་ལོ་རལ་གྲི་མདའ་དང་ཕུར་བུ་གྲི་གུག་ཁ་ཊྭཱཾ་ལ་སོགས་པའི་གུར་གྱི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་འབར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེའི་དབུས་སུ་བྷྲཱུྃ་ལས་སྲུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བ། ཁོང་སྟོང་གུར་ཐབས་སུ་ཡོད་པའི་སྟེང་འོག་དང་རྩིབས་རྣམས་སུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་རེ་རེ། དེ་དག་གི་སྟེང་དུ་ཕྱོགས་སྐྱོང་བཅུ་བསྒྱེལ་བའི་གདན་ལ་ཧཱུྃ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཤར་དུ་རྣམ་པར་རྒྱལ་བ་དཀར་པོ་གཡས་རྡོ་རྗེའི་དབྱུག་པ་འཛིན་པ། ལྷོར་གཤིན་རྗེ་གཤེད་སེར་པོ་གཡས་ཐོད་དབྱུག་འཛིན་པ། ནུབ་ཏུ་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་པ་འཛིན་པ། བྱང་དུ་བདུད་རྩི་འཁྱིལ་

p. 224

པ་ལྗང་གུ་གཡས་ཁྲམ་ཤིང་འཛིན་པ། ཤར་ལྷོར་འདོད་རྒྱལ་སྔོ་ནག་གཡས་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་ཏུ་དབྱུག་སྔོན་ཅན་སྔོན་པོ་བེ་ཅོན་འཛིན་པ། ནུབ་བྱང་དུ་སྟོབས་པོ་ཆེ་དུད་ཁ་གཡས་རྩེ་གསུམ་འཛིན་པ། བྱང་ཤར་དུ་མི་གཡོ་བ་ལྗང་ནག་གཡས་རལ་གྲི་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ་གཡས་འཁོར་ལོ་འཛིན་པ། འོག་ཏུ་གནོད་མཛེས་ནག་པོ་གཡས་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་རང་རང་གི་ཕྱག་མཚན་གདེངས་ཤིང་གཡོན་རྣམས་ཐུགས་ཀར་དྲིལ་བུ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྦྲུལ་སྟག་ལ་སོགས་མི་སྡུག་པའི་རྒྱན་དུ་མས་བརྒྱན་པ། ཞལ་ཕྱིར་གཟིགས་ཤིང་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་

p. 225

འགྱིང་བ། སྐུའི་བ་སྤུའི་བུ་ག་ནས་ཁྲོ་བོའི་སྤྲིན་དུ་མ་སྤྲོ་བས་བགེགས་ཀྱི་ཚོགས་འདར་མི་ནུས་པའི་སྲུང་བའི་གུར་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་གསལ་གདབ་ལ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། ཞེས་བརྗོད། གཉིས་པ་གཞལ་ཡས་ཁང་དངོས་སུ་བསྐྱེད་པ་ནི། དངོས་གྲུབ་འབྱུང་བ་ལས། ཨོཾ་དཀར་འཁོར་ལོ་དང་བཅས་པས། །འོད་དུ་ཞུ་ནས་གཞལ་ཡས་ཁང་། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །ཞེས་འབྱུང་བ་ལྟར། སྲུང་བའི་འཁོར་ལོ་དེའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་རྩ་བ་ཐུར་དུ་ཟུག་པ། ཁ་གདིང་ཆེ་བ་གྱེན་དུ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་ཁུ་ཡང་ཞིང་གཡོ་བ། དེའི་སྟེང་དུ་རྃ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ཚ་ཞིང་སྲེག་པ། དེའི་སྟེང་དུ་བྃ་ལས་ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་རྦ་རླབས་འཁྲུགས་པ།

p. 226

དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་སྲ་ཞིང་བརྟན་པ། དེའི་སྟེང་དུ་བྷྲཱུྃ་ལས་རི་རབ་ལྷུན་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་བང་རིམ་བཞི་དང་ལྡན་པ། དེའི་སྟེང་དུ་ཧ་ལས་སྣ་ཚོགས་རྡོ་རྗེ་ལེབ་ཆགས་ལྟེ་བ་གྲུ་བཞི་པའི་དབུས་སུ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་ཐེམ་སྐས་བཞི་བཞིས་སྤྲས་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་ལྡན་གྱི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ། དེའི་སྟེང་ནས་བྲེ་ཕུལ་གྱིས་བཏེགས་པའི་ཤར་བུ་མདའ་ཡབ་རྣམས་དྲ་བ་དྲ་ཕྱེད་ཀྱི་འཕྱང་འཕྲུལ་གྱིས་མཛེས་པ། སྒོ་བཞི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པའི་རྩེར་པདྨ་ལ་གནས་པའི་ཆོས་འཁོར་གདུགས་རི་དྭགས་དང་བཅས་པ།

p. 227

རྩིབ་པའི་རྩ་བར་འདོད་སྣམ་དམར་པོ་ལ་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་སྣ་ཚོགས་ཐོགས་ནས་གར་དང་བཅས་པས་མཆོད་པ། ནང་ཀ་བ་བརྒྱད་རྡོ་རྗེའི་གདུང་ཟླུམ་གྱིས་བྲིས་ཤིང་རྡོ་རྗེའི་གདུང་བཞི་རེའུ་མིག་ཏུ་བསྣོལ་བས་ཐོག་ཕུབ་པ། དབུས་ཕྱུར་བུའི་རྩེར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། གཞན་ཡང་བ་དན་དང་། གདུགས་དང་། འཕན་དང་། གོས་དང་། མེ་ཏོག་གི་ཕྲེང་བ། རྔ་ཡབ་ལ་སོགས་པ་རྒྱན་གྱི་རྣམ་པ་མ་ཚང་བ་མེད་པས་བཀླུབས་པ། ཕྱི་རོལ་དུ་མི་བཟད་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཞིང་། དེ་དག་ལ་གནས་པའི་ཕྱོགས་སྐྱོང་དང་། ཞིང་སྐྱོང་། ཕྲ་མེན་མ། ཀླུ་དང་རྣལ་འབྱོར་མཆོད་རྟེན། རི་དང་ཤིང་མེ་སྤྲིན་ཆུ། ཤ་ཟ་རོ་ལངས་བྱ་དང་གཅན་གཟན་སོགས་བཀོད་པ་འཇིགས་སུ་རུང་བ་དང་ལྡན་པ། མཐའ་བསྐོར་དུ་པདྨ་རྡོ་རྗེ་འོད་ཕྲེང་

p. 228

མེ་རིའི་ར་བས་གཏམས་པ། གཞལ་ཡས་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོ་ལིང་ཚེ་དགུ་པར་གྱུར་པའི་ལྟེ་བར་གྲུ་གསུམ་མཐིང་ནག་པདྨ་ཉི་ཟླ་འདོད་ཁམས་ཀྱི་དྲག་པོ་ཕོ་མོ་བསྣོལ་བའི་གདན། མུ་ཁྱུད་གྲི་གུག་གི་ཕྲེང་བས་བསྐོར་བ། ལིང་ཚེའི་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་ཕྱོགས་བཞིར་རོ་དང་ཉི་མ་མཚམས་བཞིར་ཉི་རྐྱང་སྟེ་མུ་ཁྱུད་པདྨའི་ཕྲེང་བས་བསྐོར་བ། དེ་རྒྱབ་པདྨ་འདབ་བརྒྱད་ལ་ཉི་མ་རོ་ཡི་གདན། མུ་ཁྱུད་རྡོ་རྗེའི་ཕྲེང་བས་བསྐོར་བ། སྒོ་མཚམས་རྣམས་སུ་ཉི་མ་དང་རོ་ཡི་གདན་ནོ། །གསུམ་པ་སྔགས་ཀྱིས་རྒྱས་གདབ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནཱི་ལ་ཏ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད། གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་འཆང་གི་ཡན་ལག་ལ་གསུམ་ལས། དང་པོ་མངོན་བྱང་ལྔས་གཙོ་བོ་རྒྱུ་རྡོར་འཛིན་བསྐྱེད་པ་ནི། དངོས་གྲུབ་འབྱུང་རྒྱུད་ལས། དབུས་མའི་ནང་དུ་པྃ་ལས་ནི། །པདྨ་ཉི་མར་བཅས་པ་བསམ། །

p. 229

ཨཱ་ལི་ཀཱ་ལི་འདུས་པ་ལས། །དེ་ལས་ནམ་མཁའི་ས་བོན་ཏེ། །ནམ་མཁའ་ལ་ནི་ཧཱུྃ་ཕྱུངས་ཏེ། །གཉིས་མེད་གཞུག་ལས་འོད་དུ་ཞུ། །དེ་ལས་རྡོ་རྗེའི་གྲི་གུག་བསམ། །འོད་ཀྱི་རྣམ་པ་ཁྱབ་པ་ལས། །སྐད་ཅིག་གིས་ནི་སྐུ་རྫོགས་པ། །ཞེས་པ་ལྟར་ལས། གཞལ་ཡས་དབུས་ཀྱི་གདན་སྟེང་དུ་ཨཱ་ལི་བཅུ་དྲུག་གཡས་སུ་འཁོར་བ་ཡོངས་སུ་གྱུར་པ་ལས་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ནམ་མཁའི་ས་བོན་ཧཱུྃ་བབས་པ་ལས་གྲི་གུག་ཧཱུྃ་དང་ཐོད་པ་ཨྃ་གིས་མཚན་པར་གྱུར་པ་སོ་སོར་རྟོགས་པའི་ཡེ་ཤེས། དེའི་སྟེང་དུ་ཀཱ་ལི་སོ་བཞི་གཡོན་དུ་འཁོར་བ་ཡོངས་སུ་གྱུར་པ་ལས་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་ཐམས་ཅད་གཅིག་ཏུ་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་དང་གྲི་གུག་ཨྃ་གིས་མཚན་པར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རྡོ་རྗེ་བཞི་ལས་ས་བོན་བསྡུ་བའོ། །དེ་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་

p. 230

ཕྱག་བཞི་པ་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པ་ལྟར་ཆེར་གནག་པའི་གཟི་བྱིན་ཉི་མ་འབུམ་ལས་ལྷག་པ་སྤྱན་གསུམ་དམར་ལ་ཟླུམ་ཞིང་ཁྲོ་གཉེར་རྒྱ་མཚོའི་རླབས་ཕྲེང་ལྟར་གཡོ་བ། ཞལ་རབ་ཏུ་གདངས་ཤིང་ཚེམས་གངས་རི་ལྟར་གཙིགས་པའི་ཀློང་ནས་ལྗགས་དམར་གློག་ལྟར་འཁྱུག་པ། སྨ་ར་དང་སྨིན་མ་ཨག་ཚོམ་མེ་ལྟར་འབར་ཞིང་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཕྱག་བཞི་གཡས་ཀྱི་དང་པོས་རྡོ་རྗེའི་གྲི་གུག་དང་གཡོན་གྱི་དང་པོས་ཐོད་ཁྲག་ཐུགས་ཀར་སྟེང་འོག་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་འོག་མས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་འཕྱར་སྟབས་སུ་འཛིན་ཅིང་གཡོན་གྱི་འོག་མས་ཁ་ཊྭཱཾ་རྩེ་གསུམ་པ་དཀུར་བརྟེན་པ། ཐོད་སྐམ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་དང་། ཐོད་རློན་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་འཕྱང་བ། སྤྱི་བོར་རུས་པའི་

p. 231

འཁོར་ལོ། སྙན་ཆ་མགུལ་རྒྱན། གདུབ་བུ་ཚངས་སྐུད། སྐ་རགས་ཐལ་ཆེན་གྱི་བྱུག་པ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྐུ་ལ་དར་ལེ་བརྒན་དང་ཞིང་གི་སྟོད་གཡོགས་གླང་ཆེན་གྱི་པགས་པའི་སྐེད་དཀྲིས། སྟག་ལྤགས་ཀྱི་ཤམ་ཐབས་སྦྲུལ་རིགས་ལྔས་སྐུ་དང་ཕྱག་ཞབས་བརྒྱན་པ། གནོད་སྦྱིན་ལྟར་ཁྲོས་པའི་ཉམས་ཅན་ལྷུ་ཐུང་ལ་གསུས་པ་འཕྱང་ཞིང་འབུར་བ། ཞབས་གཡས་བརྐྱང་གཡོན་བསྐུམ་དཔའ་བོ་རོལ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་འགྱིང་བ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པའོ། །དེ་དང་གཉིས་སུ་མེད་པའི་ཡུམ་བཅོམ་ལྡན་འདས་མ་གཏུམ་མོ་སྔོ་བསངས་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཁྲོ་ཞིང་འཛུམ་པའི་ཉམས་ལྡན་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་པ་རྡོ་རྗེའི་གྲི་

p. 232

གུག་གིས་ཕྱོགས་བཅུའི་བགེགས་ལ་བསྡིགས་པ། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་དང་རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། ལང་ཚོ་ལྡན་ཞིང་བཅུད་ཀྱིས་རྒྱས་པས་བྱིན་པ་གཉིས་ཡབ་ཀྱི་སྐེད་པར་འཁྲིལ་ཞིང་སྦྱོར་བ། དགའ་བ་སྒྱུ་མའི་སྒྲས་བསྐུལ་ཞིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་གནས་པའོ། །བསྙེན་པ་སྟེ། རྡོ་རྗེ་བཞི་ལས་སྐུ་རྫོགས་པའོ། །ཡབ་ཡུམ་གཉིས་ཀའི་དཔྲལ་བར་བྷྲཱུྃ་ལས་གཟུགས་ཀྱི་ཕུང་པོ་དེ་བཞིན་གཤེགས་པ། ལྟེ་བར་ཨོཾ་ལས་ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མ། མགྲིན་པར་ཛྷིཾ་ལས་འདུ་ཤེས་ཀྱི་ཕུང་པོ་པདྨ་གར་དབང་། གསང་བར་ཁཾ་ལས་འདུ་བྱེད་ཀྱི་ཕུང་པོ་རྡོ་རྗེ་རྒྱལ་པོ། སྙིང་ཁར་ཧཱུྃ་ལས་རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་སེམས་དཔའ། སྤྱི་གཙུག་ཏུ་ཧཱུྃ་ལས་ཡེ་ཤེས་ཀྱི་ཕུང་པོ་ཧེ་རུ་ཀ །སའི་

p. 233

ཁམས་ལྟུང་བྱེད་མ། ཆུ་ཡི་ཁམས་གསོད་བྱེད་མ། མེ་ཡི་ཁམས་འགུགས་བྱེད་མ། རླུང་གི་ཁམས་གར་དབང་མ། ནམ་མཁའི་ཁམས་པདྨ་དྲ་བ་ཅན་མ། ཡེ་ཤེས་ཀྱི་ཁམས་སྙེམས། མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ལྕེ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། ཡིད་དབང་ཕྱུག་རྡོ་རྗེ། ཉེ་བསྙེན་ནོ། །གནས་རྣམས་སུ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ། དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་པོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་མཐིང་ནག །སྤྱི་གཙུག་ཏུ་ཧྃ་ལས་ཡེ་ཤེས་རྡོ་རྗེ་སྔོན་པོ། ཡབ་ཀྱི་མིག་ཏུ་ཁྃ། རྣ་བ་གཡས་པ་ལ་ཨོཾ། གཡོན་པ་ལ་ཨཱཿ སྣ་ལ་ཏྲཱྃ། ལྕེ་ལ་ཧྲཱིཿ རྐང་པ་གཉིས་ལ་བྃ། ལྟེ་བ་ལ་ཨ། སྙིང་གར་ཧཱུྃ། མགྲིན་པར་ཨཱཿ སྤྱི་བོར་ཧྲིཾ། ཡུམ་གྱི་ལག་པ་གཉིས་ལ་བྃ། མིག་ཏུ་ཁཾ། རྣ་བ་གཡས་པར་ཨཱཿ གཡོན་པར་ཨོཾ། སྣ་

p. 234

ལ་ཏྲཱྃ། ལྕེ་ལ་ཧྲིཾ། རྐང་པ་གཉིས་སུ་ཨ། ལྟེ་བར་ཧྲཱིཿ སྙིང་གར་ཨོཾ། མགྲིན་པར་ཧཱུྃ། དཔྲལ་བར་ཨཱཿརྣམས་ཀྱིས་མཚན་པའོ། །སྒྲུབ་པ་སྟེ། རྡོ་རྗེ་བཞི་ལས་ཡིག་འབྲུ་འགོད་པའོ། །གཉིས་པ་མཁའ་གསང་བྱིན་བརླབས་ནས་སྙོམས་པར་ཞུགས་པ་ནི། སྔ་མ་ལས། དེ་ལྟར་ཡབ་ཡུམ་རྫོགས་པར་བསྐྱེད་ནས་མཁའ་གསང་བྱིན་བརླབ་བྱ་སྟེ། སྔགས་བརྗོད་པས་ནི་དགྱེས་པ་བསྐྱེད། །དེ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །ཡུམ་གྱི་མཁའ་དབྱིངས་བདེ་ཆེན་དུ། །སོ་སོར་ཆོ་གས་བསྐྱེད་བྱས་ལ། །ཕྱི་རོལ་དུ་ནི་རིམ་གྱིས་འབྱུང་། །ཞེས་གསུངས་པ་ལྟར་ལས། ཡབ་ཀྱི་གསང་བའི་གནས་མི་དམིགས་པ་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཕཊ་སེར་པོས་མཚན་པ། ཨོཾ་ཧྲཱིཾ་ཧྲཱིཾ་ཀཱ་ལི་དེ་ཝཱི། མྃ་རྃ་ར་ཏི་མོ་ཧཱ་བཛྲཱི་ནི་ས་མ་ཡ་དྲྀ་ཌྷོ་མེ་བྷ་ཝ། སརྦ་ཀུ་རུ་ཧྲཱིཿཧ་ཧ་ཧ་ཧ་ཧཱུྃ་ཕཊ་སྭཱ་ཧཱ། ཡུམ་གྱི་མཁའ་མི་དམིགས་པ་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བཞི་པ་ཟེའུ་འབྲུ་ཨཱཿས་མཚན་པ། ཨ་ཙཎྜ་ཨཀྵི་

p. 235

མ་ཧཱ་ནནྟ་ནི་སརྦ་ཤནྟིཾ་ཀུ་རུ་ཀུ་རུ་ཧ་ཧོ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད། ཞེས་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ཏེ་བསྲུབ་པ་དང་བསྲུབ་པའི་སྦྱོར་བས་སྒྱུ་མ་ལྟ་བུའི་དགའ་བའི་རྐྱེན་གྱིས་སྐུ་ཡི་གནས་ཀྱི་ཡི་གེ་རྣམས་ལས་འོད་ཟེར་དང་། ཨོཾ་མ་ཧཱ་ཀཱ་ལ་ཨ་ཀརྴ་ཡ། མ་ས་ཤ་མ་ནཱ་ཡ་ཨ། ས་མ་ཡ་སྟྭཾ། ཞེས་པའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཞུ། གསང་བར་བྱང་སེམས་དཀར་པོ་དང་འདྲེས། ཡུམ་གྱི་མཁར་བབས། བྱང་སེམས་དམར་པོ་དང་འདྲེས། ཡབ་ཡུམ་དང་དེ་བཞིན་གཤེགས་པ་ཐམས་ཅད་བདེ་བ་ཆེན་པོས་མཆོད་པར་གྱུར། གསུམ་པ་སྔགས་ཀྱིས་རྒྱས་གདབ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེསབརྗོད། གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ་

p. 236

གསུམ་ལས་དང་པོ་མངལ་ནས་འབྱིན་ཞིང་འཁོར་སྤྲོ་བ་ནི། དེ་ལྟར་རོལ་པའི་བྱང་ཆུབ་སེམས་སྤྲིན་གྱི་ཡི་གེ་ལས་དཀྱིལ་འཁོར་གྱི་ལྷར་གྱུར་པ་ནི། ཧཱུྃ་དང་ཨྃ་ལས་གཙོ་བོ་ཡབ་ཡུམ། གཡོན་བསྐོར་དུ་མྃ་རྃ་ཧྲཱིཾ་ལྃ་ལས་རྣལ་འབྱོར་མ་བཞི། ཨཱ་བཞི་ལས་ཐོད་བཞི། གཡོན་བསྐོར་དུ་ཧཱུྃ་བྰྃ་ཧཱུྃ་རྃ་ཧཱུྃ་ལྃ་ཧཱུྃ་ཀྃ་ལས་ཕྱོགས་ཀྱི་མགོན་པོ་ཡབ་ཡུམ་བཞི། གཡས་བསྐོར་དུ་ཧཱུྃ་ཛཿཧཱུྃ་ཧཱུྃ་ཧཱུྃ་བྃ་ཧཱུྃ་ཧོཿ ལས་མཚམས་ཀྱི་མགོན་པོ་ཡབ་ཡུམ་བཞི། ཧཱུྃ་བརྒྱད་ལས་སྒོ་མཚམས་མ་བརྒྱད་རྣམས་སུ་གྱུར། ཅེས་དང་། སྔ་མ་ལས། དང་པོ་གཙོ་བོའི་རྒྱན་དང་བཅས། །རྫོགས་པར་སོང་སྟེ་དྷུ་ཏཱི་ནས། །གྱེན་དུ་ཐུགས་ཀའི་པདྨ་ནས། །ཐོན་ཏེ་འགྲོ་བའི་དོན་བྱས་ལ། །སླར་འདུས་རང་ལ་ཐིམ་གྱུར་པ། །དཔལ་ལྡན་སྙིང་རྗེའི་སྟོབས་སུ་གནས། །དེ་ལས་རིམ་པ་ཇི་བཞིན་དུ། །ཕྱུང་ནས་སོ་སོའི་གདན་ལ་བཞུགས། །ཞེས་འབྱུང་བ་བཞིན་ནི། དེ་ནས་གཙོ་བོ་ཡབ་ཡུམ་དྷཱུ་ཏི་ནས་ཡར་བྱོན། ཐུགས་ཀ་ནས་ཐོན་ཏེ་ཕྱོགས་བཅུའི་ཞིང་

p. 237

ཁམས་མ་ལུས་པར་མཛད་པ་དཔག་ཏུ་མེད་པས་སེམས་ཅན་སྨིན་ཅིང་གྲོལ་བར་མཛད་དེ་ཚུར་འདུས་ཏེ་གཉིས་སུ་མེད་པར་གྱུར། དེ་ནས་ཡུམ་གྱི་མཁའ་ནས་རིམ་བཞིན་ཕྱུང་བ་ལས། གཙོ་བོའི་ཕྱི་རོལ་གྱི་པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞིར་རྣལ་འབྱོར་མ་བཞི་འཁོད་པ་ནི། ཤར་དུ་འཕྲོག་བྱེད་མ་སྔོན་མོ། བྱང་དུ་ས་ཚུགས་མ་ལྗང་མོ། ནུབ་ཏུ་སྲིན་མོ་རལ་པ་ཅན་དམར་མོ། ལྷོར་གླང་སྣ་མ་སེར་མོ་སྟེ་རྣལ་འབྱོར་མ་རྣམས་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་ཌཱ་མ་རུ་དང་རྩེ་གསུམ་འཛིན་པ། མཚམས་བཞིར་ཐོད་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་བཞིའོ། །དེ་རྒྱབ་ཀྱི་པདྨ་འདབ་མ་བརྒྱད་ལ་མགོན་པོ་ཡབ་ཡུམ་བཅུ་དྲུག་འཁོད་པ་ནི། ཤར་དུ་སྐུ་ཡི་མགོན་པོ་དཀར་པོ། ཡུམ་གཏུམ་མོ་སྔོན་མོ། བྱང་དུ་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ། ཡུམ་

p. 238

དཔའ་མོ་ལྗང་སེར། ནུབ་ཏུ་གསུང་གི་མགོན་པོ་དམར་པོ། ཡུམ་ཟློག་བྱེད་མ་སྨུག་ནག །ལྷོར་ཡོན་ཏན་གྱི་མགོན་པོ་སེར་པོ། ཡུམ་དྲག་མོ་སེར་སྐྱ་སྟེ་ཡབ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། གྲ་བཞིར་ཤར་ལྷོར་བེང་འཛིན་པ་དམར་སྨུག །ཡུམ་དགྱེས་མཛད་མ་ནག་མོ། ལྷོ་ནུབ་ཏུ་གཎྜི་འཛིན་པ་མཐིང་ནག །ཡུམ་ཙ་མུཎྜི་དམར་མོ། ནུབ་བྱང་དུ་རྩེ་གསུམ་འཛིན་པ་སྔོ་བསངས། ཡུམ་མིག་འགྱུར་མ་ནག་མོ། བྱང་ཤར་དུ་ཀེང་རུས་ཀྱི་རྒྱལ་མཚན་འཛིན་པ་དུད་ཁ། ཡུམ་སྣ་ཚོགས་གདོང་མ་ལྗང་མོ། མགོན་པོ་ཡབ་རྣམས་གཡས་རང་རྟགས་ཕྱར་ཞིང་གཡོན་ཐོད་ཁྲག་ཡུམ་ལ་འཁྱུད་པ། ཡུམ་ཀུན་ཀྱང་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཡབ་ཡུམ་བརྒྱད་ཀའང་རྔམ་ཁྲོས་

p. 239

འཇིགས་གཟུགས་རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་ཡབ་ཡུམ་དང་མཚུངས་པའོ། །ཕྱི་རོལ་གྱི་སྒོ་བཞིའི་ཤར་སྒོར་བྱ་རྒོད་གདོང་མ། བྱང་སྒོར་ཁྱུང་གདོང་མ། ནུབ་སྒོར་ཁྭ་གདོང་མ། ལྷོ་སྒོར་འུག་གདོང་མ། མེར་ཕག་གདོང་མ། སྲིན་པོ་རུ་ཁྱི་གདོང་མ། རླུང་དུ་སྤྱང་གདོང་མ། དབང་ལྡན་དུ་སྟག་གདོང་མ། མ་མོ་བརྒྱད་པོ་སྐུ་མདོག་མཐིང་ནག་རོལ་པའི་ཁྲོ་མོ་ཁྲོ་གཏུམ་ཤིན་ཏུ་འཇིགས་པའི་སྐུ། ཞལ་གཅིག་ཕྱག་གཉིས་གཡས་པས་གྲི་གུག་ཐུར་དུ་འདེབས་པ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཁ་ཊྭཱཾ་ག་གྲུ་མོ་ལ་བརྟེན་པ། མེ་དཔུང་འབར་བའི་དཀྱིལ་ན་གཡས་བརྐྱངས་པས་གནས་པ། ཆ་བྱད་ཐམས་ཅད་གཙོ་མོ་ལྟ་བུའོ། །ཞེས་འགོད་པར་བྱ། སྒྲུབ་པ་ཆེན་པོའོ། །གཉིས་པ་ལ་བར་སྲིད་ཞུགས་ནས་ཞུ་བ་ཀླུས་བསྐུལ་ཏེ་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པ་ནི། དེ་ནས་ནམ་མཁའི་ནཱ་ད་སྐར་མདའ་

p. 240

འཕོས་པ་བཞིན་བཅོམ་ལྡན་འདས་ཀྱི་ཞལ་ནས་ཞུགས་ཡུམ་གྱི་པདྨར་བབས་པས་ཡུམ་བདེ་བའི་ངོ་བོར་ཞུ། ཡུམ་ཞུ་བས་ཡབ་ཀྱང་བདེ་བ་ཆེན་པོར་ཞུ་བ་ལས་ཐིག་ལེ་ཕྲ་མོ་འོད་ཟེར་བྱེ་བ་ཕྲག་བརྒྱ་དང་ལྡན་པར་གྱུར། ཅེས་དང་། སྔ་མ་ལས། དེ་ནས་ཙོ་བོ་ཡབ་ཡུམ་དག །སྙོམས་པར་ཞུགས་པས་འོད་དུ་ཞུ། །དེ་ལ་ལྷ་མོ་བཞི་ཡིས་ནི། །རྡོ་རྗེ་ཚད་མེད་དབྱངས་ཀྱིས་བསྐུལ། །ཞེས་པ་ལྟར་ནི། དེ་ལ་ལྷ་མོ་བཞི་ཡིད་གཡོས་ཏེ་ཉེ་བར་རྡོ་རྗེའི་གླུས་བསྐུལ་བ་ནི་འདི་ལྟ་སྟེ། ཨེ་བྃ་སི་ཏ་ཨུ་ཌ་ན་ནཱི་བཱ། ཛ་ཏི་དྷ་མ་དྷ་མ། གྷ་མ་གྷ་མ་ཨྃ་ཀ་མ། དྷ་དྷ་ཤ་རི་དྷ་རྃ། ས་ནི་ས་ས་ས་ནི། ག་མི་ས་ས་ས། རི་ག་མོ་བུ་མ་ཏི་ས་རི། ས་ར་ས་རི་རི་ས་ནི་ཤ། མ་ཧཱ་མ་ཨ་དྷ་མ་ས་ས། ཤྲུ་ཏྲ་ནི་སཱ་ས་སཱ། ས་ནི་ས་རི་ཏ་གྷ་མ་ཨྃ་གྷྃ། ཨ་ཏ་མ་ཏ་ཡ། ས་སཱ་པ་པ། མ་ཡ་ཨ་བ་ས་དྷཻ་ན་མ་ཨ་ཨི། ཞེས་དང་། དེ་ལྟར་རྡོ་རྗེའི་གླུས་བསྐུལ་བས། སྙིང་རྗེ་ཆེན་པོས་གཟུགས་སྐུར་

p. 241

བཞེངས་པ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཧཱུྃ་དང་གྲི་གུག་ཨྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་འབྲས་བུའི་ཧེ་རུ་ཀ་རྡོ་རྗེ་འཛིན་པ་ནག་པོ་ཆེན་པོ་ཕྱག་བཞི་པ་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པ་ལྟར་ཆེར་གནག་པའི་གཟི་བྱིན་ཉི་མ་འབུམ་ལས་ལྷག་པ་སྤྱན་གསུམ་དམར་ལ་ཟླུམ་ཞིང་ཁྲོ་གཉེར་རྒྱ་མཚོའི་རླབས་ཕྲེང་ལྟར་གཡོ་བ། ཞལ་རབ་ཏུ་གདངས་ཤིང་ཚེམས་གངས་རི་ལྟར་གཙིགས་པའི་ཀློང་ནས་ལྗགས་དམར་གློག་ལྟར་འཁྱུག་པ། སྨ་ར་དང་སྨིན་མ་ཨག་ཚོམ་མེ་ལྟར་འབར་ཞིང་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཕྱག་བཞི་གཡས་ཀྱི་དང་པོས་རྡོ་རྗེའི་གྲི་གུག་དང་གཡོན་གྱི་དང་པོས་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་འོག་མས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་འཕྱར་སྟབས་སུ་འཛིན་ཅིང་གཡོན་གྱི་འོག་

p. 242

མས་ཁ་ཊྭཱཾ་རྩེ་གསུམ་པ་དཀུར་བརྟེན་པ། ཐོད་སྐམ་ལྔས་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་དང་ཐོད་རློན་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་འཕྱང་བ། སྤྱི་བོར་རུས་པའི་འཁོར་ལོ། སྙན་ཆ་མགུལ་རྒྱན། གདུ་བུ་ཚངས་སྐུད། སྐ་རགས་ཐལ་ཆེན་གྱིས་བྱུགས་པ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྐུ་ལ་དར་ལེ་བརྒན་དང་ཞིང་གི་སྟོད་གཡོགས་གླང་ཆེན་གྱི་པགས་པའི་སྐེད་དཀྲིས། སྟག་ལྤགས་ཀྱི་ཤམ་ཐབས་སྦྲུལ་རིགས་ལྔས་སྐུ་དང་ཕྱག་ཞབས་བརྒྱན་པ། གནོད་སྦྱིན་ལྟར་ཁྲོས་པའི་ཉམས་ཅན་ལྷུ་ཐུང་ལ་གསུས་པ་འཕྱང་ཞིང་འབུར་བ། ཞབས་གཡས་བརྐྱང་གཡོན་བསྐུམ་དཔའ་བོ་རོལ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་འགྱིང་བ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པའོ། །དེ་དང་གཉིས་སུ་མེད་པའི་ཡུམ་བཅོམ་ལྡན་འདས་མ་གཏུམ་མོ་སྔོ་བསངས་ནམ་

p. 243

མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཁྲོ་ཞིང་འཛུམ་པའི་ཉམས་ལྡན་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་པ་རྡོ་རྗེའི་གྲི་གུག་གིས་ཕྱོགས་བཅུའི་བགེགས་ལ་བསྡིགས་པ། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་དང་རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་བྱས་པ། ལང་ཚོ་ལྡན་ཞིང་བཅུད་ཀྱིས་རྒྱས་པས་བྱིན་པ་གཉིས་ཡབ་ཀྱི་སྐེད་པར་འཁྲིལ་ཞིང་སྦྱོར་བ། དགའ་བ་སྒྱུ་མའི་སྒྲས་བསྐུལ་ཞིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་གནས་པའོ། །ཞེས་གསལ་གདབ། དེ་ལྟར་གཙོ་བོ་ཡབ་ཡུམ་སོགས་ལྷ་ཐམས་ཅད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ལྷ་ཚོགས་ཐམས་ཅད་རང་ཆས་སུ་བཞུགས་པར་གྱུར། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ།

p. 244

ཞེས་ང་རྒྱལ་བཟུང་། རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཞལ་གཅིག་ཕྱག་གཉིས་དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེའི་ལྟེ་བར་དྭངས་མའི་སྲོག་ཧཱུྃ་མཐིང་ནག་ཡེ་ཤེས་ལྔ་ཡི་བདག་ཉིད། ཡུམ་གྱི་ཐུགས་ཀར་པད་ཉིར་མ་མཐིང་ནག །འཁོར་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་སོ་སོའི་ས་བོན་གྱིས་མཚན་པའོ། །ཞེས་དང་། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་མདུན་མཁར་སྤྱན་དྲངས་པ་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ཞེས་པ་ནས་ཤབྟའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་

p. 245

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། ཁྲོ་བོ་ཁྲོ་མོས་བགེགས་བསྐྲད། དཔའ་བོ་དང་དཔའ་མོས་གླུ་གར་དང་མེ་ཏོག་གི་ཆར་འབེབས་ཤིང་། བདེ་ཆེན་གྱི་ལྷ་མོ་བཞིས་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་

p. 246

དག །ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་གཙོ་བོ་ལ་ཧེ་རུ་ཀ །ཡུམ་ལ་རྣམ་པར་སྣང་མཛད། རྣལ་འབྱོར་མ་བཞི་ལ་རིན་ཆེན་འབྱུང་ལྡན། མགོན་པོ་བརྒྱད་ལ་མི་བསྐྱོད་པ། ཡུམ་བརྒྱད་ལ་རྣམ་པར་སྣང་མཛད། ལྷ་མོ་བརྒྱད་ལ་དོན་ཡོན་གྲུབ་པས་དབུ་བརྒྱན་པར་གྱུར། གསུམ་པ་སྔགས་ཀྱི་རྒྱས་གདབ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད། བཞི་པ་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་ལ་གསུམ་ལས། དང་པོ་ནི་བྱིན་རླབས་གོང་ལྟར་བྱས་ལ། གཉིས་པ་འབུལ་བ་ནི། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་རྡོ་རྗེར་གྱུར་པའི་འོད་ཀྱི་སྦུ་གུས་བདུད་རྩི་དྲངས་ཏེ་གསོལ་བར་གྱུར་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་འབུལ་ཞིང་། རྡོ་རྗེ་འཆང་ཆེན་གསང་བདག་སློབ་དཔོན་ཀླུ། །ཀེ་པ་རཏྣ་བཛྲ་གྷནྜེ་པ། །ཛཱ་ལནྡྷ་ར་གྲུབ་ཆེན་ནག་པོའི་ཞབས། །སྤྱོད་མཛད་ཆོས་རྡོར་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཨ་ཝ་དྷཱུ་ཏི་ཁ་ཆེ་

p. 247

བྱང་ཆུབ་བཟང་། །དགའ་བའི་རྡོ་རྗེ་རྡོ་རྗེ་གདན་ཆེན་པོ། །ཨ་བྷྱ་ཀ་ར་ཙ་མི་སངས་རྒྱས་གྲགས། །དཔལ་ཆེན་རྒྭ་ལོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཆོས་རྗེ་ཕག་མོ་གྲུ་པ་རྒྱ་ཀུན་མཁྱེན། །རྩ་གྲགས་པ་དང་རིན་གཞོན་རིན་ཆེན་གྲགས། །རིན་ཆེན་སྨོན་ལམ་སྨོན་ལམ་ཤེས་རབ་མཚན། །དཔལ་ལྡན་བྱང་ཆུབ་ཞལ་དུ་ཨོཾ་ཨཱཿཧཱུྃ། །ནོར་བུ་དཔལ་དང་ཟླ་རྒྱལ་རཏྣའི་མཚན། །གཱ་ག་བོ་དྷི་རིན་ཆེན་རྡོ་རྗེ་བ། །ཤཱཀྱ་བཛྲ་བསྟན་པ་རྒྱལ་མཚན་ཞབས། །ནམ་མཁའི་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཀུན་དགའ་རྒྱལ་མཚན་བཀྲ་ཤིས་རྒྱལ་མཚན་རྗེ། །སྙན་གྲགས་དཔལ་བཟང་རབ་གསལ་དཔལ་འབྱོར་དང་། །རིན་ཆེན་ལྷུན་གྲུབ་ངག་དབང་ཕྲིན་ལས་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཧེ་རུ་ཀ་དཔལ་འཁོར་ལོའི་མགོན་སྟངས་དཔྱལ། །རྣལ་འབྱོར་མ་བཞི་མགོན་ཆེན་ཡབ་ཡུམ་བརྒྱད། །

p. 248

སྒོ་མཚམས་མ་བརྒྱད་ལས་མགོན་རྣམ་པ་བཞི། །ཞིང་སྐྱོང་ཉེར་བཞིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་ས་གསུམ་ཞིང་སྔགས་ལྷན་ཅིག་སྐྱེས། །དམ་ཅན་ཆོས་སྲུང་དུར་ཁྲོད་ཕྱོགས་སྐྱོང་ཚོགས། །སྣོད་བཅུད་ལྷ་ཡི་འཁོར་ལོའི་རྣམ་རོལ་པ། །ཟག་མེད་བདུད་རྩིའི་མཆོད་པས་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་དང་། སླར་འབྲུ་གསུམ་བརྗོད་ལ་མྱང་། གསུམ་པ་སྔགས་ཀྱིས་རྒྱས་གདབ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད། ལྔ་པ་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ལ་གསུམ་ལས། དང་པོ་ཏིང་འཛིན་ནི། རང་གི་ཐུགས་ཀའི་ས་བོན་ལས་སྤྲུལ་པའི་ལྷ་མོ་སྣ་ཚོགས་པ་དག་གིས་འཕྲུལ་དགའི་ལྷ་ལྟར་མངོན་པར་མཆོད་པར་གྱུར་པར་མོས་ལ། གཉིས་པ་འབུལ་བ་ནི། ཨོཾ་གུ་རུ་ཤྲཱི་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་མཎྜ་ལ་ས་པཱ་རི་ཝ་རེ་བྷྱཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ཨོཾ་བཛྲ་

p. 249

ཝཱི་ནི་ཧུྃ་ཧཱུྃ་ཕཊ། བཾ་ཤེ། མྲྀ་དཾ་གེ། མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱིརྟི། ནྲི་ཏྱ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ཨོཾ་རཱུ་པ་བཛྲི་ཧུྃ་ཧཱུྃ་ཕཊ། ར་ས། སྤརྴེ། དྷརྨ་དྷཱ་ཏུ་བཛྲི་ཧུྃ་ཧཱུྃ་ཕཊ། ཅེས་རིག་མ་བཅུ་དྲུག་གིས་མཆོད། གསུམ་པ་སྔགས་ཀྱིས་རྒྱས་གདབ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད། དྲུག་པ་བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ལ་གསུམ་ལས། དང་པོ་ཏིང་འཛིན་ནི། ཐུགས་ཀའི་འོད་ཟེར་ལས་སྤྲུལ་པའི་རྒྱལ་སྲས་ཚོགས་དང་སྲིད་འདིར་ཆེ་བའི་ཚངས་དང་དབང་པོ་འབྱུང་བའི་སྒྲ་སྐད་སོགས་ཀྱིས་ཆེ་བའི་ཡོན་ཏན་ལ་བསྟོད་ཅིང་བསྔགས་པར་མོས། གཉིས་པ་བསྟོད་པ་དངོས་ལ་ནི། ཧཱུྃ། བདེ་གཤེགས་ཐུགས་རྗེའི་སྐུ་སྤྲུལ་པ། །སེམས་ཅན་ཡོངས་ལ་མགོན་སྐྱབས་མཛད། །འོག་མིན་གནས་ན་བཞུགས་པ་ལ། །རབ་ཏུ་བཏུད་དེ་ཕྱག་ཀྱང་འཚལ། །བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། །འདྲེན་པ་འཇིག་རྟེན་

p. 250

མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །འཇིག་རྟེན་ལ་གནས་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །ལྷ་ཆེན་འཇིགས་པའི་སྐུར་བསྟན་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གསུམ་པ་སྔགས་ཀྱིས་རྒྱས་གདབ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་དེ་དག་གི་བསྐྱེད་རིམ་རྗེས་འབྲེལ་དང་བཅས་པ་གྲུབ་བོ། །དོན་གཉིས་པ་བཟླས་པའི་རིམ་པ་ལ་གསུམ་ལས། དང་པོ་ཏིང་འཛིན་གསལ་གདབ་པ་ནི། དེ་ནས་བདག་ཉིད་གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་གི་མཐར་སྙིང་པོ་ཉེ་སྙིང་ཕྲེང་སྔགས་རྣམས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད། རང་གི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་

p. 251

སྟེང་དུ་ཨཾ་མཐིང་ནག་གི་མཐར་སྙིང་པོ་དང་ཉེ་སྙིང་གིས་བསྐོར་བ་ལ་ཐིམ། དེ་ལས་སྔགས་ཕྲེང་འཕྲོས་པ། ཡུམ་གྱི་གསང་བ་ནས་ཡབ་གྱི་གསང་བར་བརྒྱུད། ཐུགས་ཀའི་ཧཱུྃ་ལ་ཐིམ་ཞིང་འཁོར་བའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། རྣམ་གཉིས་དངོས་གྲུབ་རྩོལ་མེད་དུ་འགྲུབ་སྟེ། བདེ་བ་ཆེན་པོར་ཉམས་སུ་མྱོང་བར་གྱུར་པར་དམིགས་ལ། གཉིས་པ་བཟླས་པ་ནི། ཨོཾ་མ་ཧཱ་ཀཱ་ལ་ཧུྃ་ཧཱུྃ་ཕཊ། སྙིང་པོའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། སྲོག་གི་སྙིང་པོའོ། །ཨོཾ་མ་ཧཱ་ཀཱ་ལ་ཧ་ན་བཛྲ་ཧཱུྃ་ཕཊ། གསང་བའི་སྙིང་པོའོ། །ཨོཾ་མ་ཧཱ་ཀཱ་ལི་ཀྲོ་དྷ་ས་ཀི་ལ་རཀྵི་ཎཱི་ཙཎྜ་ཨཀྵི་ཡེ་ཧཱུྃ་ཕཊ། ཡུམ་གྱི་སྙིང་པོའོ། །ཨོཾ་ཧྲཱིཿཧཱུྃ་ཀཱ་ལི་རཀྟ་མྃ་ས་ན། བྷཀྵ་ཎི་ཨ་མུ་ཀ་སྱ། སརྦ་ལཾ་སྟྭཾ་བྷ་ཡ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་

p. 252

རི་ཎཱཾ། ཨེ་ཥཱ་པཉྩི། མ་ཀཱ་ལོཿ ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡ་ཡ། ཨ་པ་ཀཱ་རི་ཎ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་སརྦ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྷྲྀ་ཧྞཱ་གྷྲྀ་ཧྞཱ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། སརྦ་དུཥྚཾ། དི་ན་མེ་ཀེ་ན་མཱ་ར་ཡ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྩ་སྔགས་སམ་ཕྲེང་སྔགས་སོ། །ཨོཾ་ཨ་མྃ་ཧྲཾ་རྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཀཱ་ར་ལི་མྃ་ཧཱུྃ་ཕཊ། ཨོཾ་ཀངྐ་ལཾ་ཧྲཱིཿ ཧཱུྃ་ཕཊ། ཨོཾ་ཀཱ་ལ་ར་ཏྲི་རྃ་ཧཱུྃ་ཕཊ། རྣལ་འབྱོར་མ་བཞིའོ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། སྐུ་ཡི་མགོན་པོའོ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། ཡོན་ཏན་གྱི་མགོན་པོའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རཀྵ་རུ་ཏྲི་བྷཀྵ་ནི་ཧཱུྃ་ཕཊ། གསུང་གི་མགོན་པོའོ། །ཨོཾ་བཛྲ་ཀྲྀཥྞ་ཙཎྚ་མཱ་ར་ཡ་མ་ཧཱ་ཀཱ་ལ་ཙིཏྟ་ལ་ཧྲིཾ་ཛཿ ཕྲིན་ལས་ཀྱི་མགོན་པོའོ། །ཨོཾ་ཙནྜ་ཤྭ་རཱི་ཡེ་སྭཱ་ཧཱ། གཏུམ་མོའི་སྔགས་སོ། །ཨོཾ་ཙཎྜི་ཙ་ཀཱི་ཡེ་སྭཱ་ཧཱ། དྲག་མོའི་སྔགས་སོ། །ཨོཾ་ཀཱ་ལི་ཀ་ཡེ་སྭཱ་ཧཱ། ཟློག་བྱེད་མའི་སྔགས་སོ། །ཨོཾ་ཀུ་ལི་ཤེ་ཥ་རི་

p. 253

ཡེ་སྭཱ་ཧཱ། དཔའ་མོའི་སྔགས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་མཻ་ཏྲི་ཛཿ བེང་འཛིན་པའོ། །ཨོཾ་རེ་དནྟི་མ་ཧཱ་ཀཱ་ལ་ཏྲི་ཤཱུ་ལ་སརྦ་ཤ་ཏྲུཾ་ཛཿ རྩེ་གསུམ་འཛིན་པའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྲོ་ཏྲི་གནྜི་ས་མ་ཡ་ཧཱུྃ་ཕཊ། གནྜི་འཛིན་པའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཏེ་ཅི་ཙཽ་ཏ་ཀ་ར་མ་རཱ་ཎཱཾ་ཧཱུྃ་ཕཊ། རྒྱལ་མཚན་འཛིན་པའོ། །ཨོཾ་བཛྲ་ཛཿཧཱུྃ་ཕཊ། དགྱེས་མཛད་མའོ། །ཨོཾ་བཛྲ་ཧུྃ་ཧཱུྃ་ཕཊ། ཙ་མུཎྜིའོ། །ཨོཾ་བཛྲ་བྃ་ཧཱུྃ་ཕཊ། མིག་མི་འགྱུར་མའོ། །ཨོཾ་བཛྲ་ཧོཿཧཱུྃ་ཕཊ། སྣ་ཚོགས་གདོང་མའོ། །ཨོཾ་ཀྲི་ཏ་སྱེ་ཧུྃ་ཧཱུྃ་ཕཊ། བྱ་རྒོད་གདོང་མའོ། །ཨོཾ་ག་རུ་ཊ་སྱེ་ཧུྃ་ཧཱུྃ་ཕཊ། ཁྱུང་གདོང་མའོ། །ཨོཾ་ཀ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཁྭ་ཏའི་གདོང་མའོ། །ཨོཾ་ཨུ་ལུ་ཀ་སྱེ་ཧུྃ་ཧཱུྃ་ཕཊ། འུག་གདོང་མའོ། །ཨོཾ་སུ་ཀ་ར་སྱེ་ཧུྃ་ཧཱུྃ་ཕཊ། ཕག་གདོང་མའོ། །ཨོཾ་ཤྭ་ན་ཀ་སྱེ་ཧུྃ་ཧཱུྃ་ཕཊ། ཁྱི་གདོང་མའོ། །ཨོཾ་ཤྲཱི་ཀ་སྱེ་ཧུྃ་ཧཱུྃ་ཕཊ། སྤྱང་གདོང་མའོ། །ཨོཾ་བྱཱ་ཀྲི་ཀ་སྱེ་ཧུྃ་ཧཱུྃ་ཕཊ། སྟག་གདོང་མའོ། །དེ་ལྟར་གཙོ་འཁོར་དང་བསྟུན་པའི་སྔགས་རྣམས་ཅི་འགྲུབ་བཟླས་རྗེས་སྔགས་ཡོངས་

p. 254

རྫོགས་སྦྲེལ་ཏེ་ལན་གསུམ་གྱིས་སྔགས་མཆོད་འབུལ་བར་གསུངས་སོ། །གསུམ་པ་གྲངས་དུས་རྟགས་ཀྱི་ངེས་པ་ནི། དེའང་དངོས་གྲུབ་འབྱུང་བ་ལས། དུས་དང་གྲངས་དང་མཚན་མ་སྟེ། །དང་པོར་བར་དང་ཐ་མ་ཡང་། །གཙོ་བོ་དང་ནི་འཁོར་རྣམས་ཀྱི། །གང་འགྲུབ་རབ་འབྲིང་ཐ་མ་རུ། །རྟགས་ཀྱི་དབྱེ་བ་བསྟན་པ་ཡིན། །ཞེས་དང་། ཡང་དེ་ཉིད་ལས། དེ་ལས་དངོས་དང་ཉམས་སུ་ཡང་། །ནག་པོ་ཆེན་པོའི་ཞལ་སྟོན་པ། །ཐ་མ་རྨི་ལམ་ལུང་བསྟན་དང་། །མི་ནག་བོང་ཐུང་གསུས་འཕྱང་དང་། །བྱ་ནག་ཁྭ་ཏ་ལ་སོགས་འོང་། །དེ་ཡང་རབ་འབྲིང་ཐ་མ་ཡི། །བྱེ་བྲག་རྟགས་སུ་འཆར་བར་འགྱུར། །ཞེས་དང་། གྲངས་ནི་བདུན་འབུམ་དག་དང་ནི། །མངོན་སུམ་གསལ་བའི་ངེས་པ་འཆར། །ཁྲི་ཕྲག་བདུན་དང་ཁྲི་ཕྲག་དགུ། །སྟོང་ཕྲག་བདུན་གྱིས་ཉེ་བར་འགྱུར། །ཐབས་དང་ཤེས་རབ་བཅས་པ་ཡི། །སྔགས་ཀྱི་སྟོང་ཕྲག་བཅུ་དག་ནི། །དུས་ནི་ཟླ་དྲུག་ཞག་བདུན་བར། །རྣལ་འབྱོར་སྨྲ་བ་བཅད་དེ་བཟླས། །མི་ཚིག་བར་མ་ཆོད་པ་ཡིས། །གསང་སྔགས་ཕྲིན་ལས་ངེས་པར་འགྲུབ། །ཅེས་པ་ལྟར་བསྙེན་སྒྲུབ་ཀྱི་རིམ་པ་ཇི་ལྟར་རིགས་པ་སྐབས་དང་བསྟུན་ལ་བྱའོ། །དོན་གསུམ་པ་རྫོགས་པའི་རིམ་པ་ལ་གསུམ་ལས། དང་པོ་ཐུན་བསྡུ་བ་ནི། དེ་ནས་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ།

p. 255

དེ་འཁོར་རྣམས་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་སྔགས་འཁོར་ལ་ཐིམ། དེ་ཧཱུྃ་ལ་ཐིམ། ཧཱུྃ་གི་ཞབས་ཀྱུ་ཁོག་པ་ལ་ཐིམ། དེ་མགོ་བོ་ལ་ཐིམ། དེ་ཟླ་ཚེས་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། དེ་ནཱ་ད་ལ་ཐིམ། དེའང་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུའོ། །ཞེས་ཅི་གནས་སུ་མཉམ་པར་བཞག །སླར་ཡང་ཟུང་འཇུག་གཟུགས་ཀྱི་སྐུ་རང་སྣང་གི་ཡུམ་ཅན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཅེས་ལྡང་ངོ་། །གཉིས་པ་རྫོགས་རིམ་ལ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་གཉིས་ལས། རྒྱུད་དེ་ཉིད་ལས། དེ་ཡི་ངང་ལ་ཏིང་ངེ་འཛིན། །གསང་བ་ཁྱད་པར་རྫོགས་པར་བྱ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །རྟོག་པ་དག་པའི་ཐབས་མཆོག་ལྡན། །རྣམ་རྟོག་རང་བཞིན་སྤོང་ཤེས་ན། །དེ་ཉིད་ཐོབ་ཏུ་མེད་པ་སྟེ། །བདེ་བ་ཆེན་པོ་ཡང་དག་འབྱུང་། །ཆགས་པ་མེད་པས་ཀུན་ཏུ་སྤྱད། །འདི་དེའི་རང་བཞིན་རྣལ་

p. 256

འབྱོར་མ། །རིག་མ་རྣམས་ལ་རོལ་བྱེད་ནའང་། །དེ་ཉིད་ཤེས་ལ་བཅིང་མེད་དེ། །རྣམ་པར་རོལ་པའི་ཚུལ་མཆོག་གོ། །ཞེས་རང་ལུས་དང་གཞན་ལུས་ཐབས་ལྡན་གྱི་བདེ་བ་ཆེན་པོའི་ལམ་མཆོག་མངོན་དུ་བྱས་པས། གཏུམ་མོ་སྒྱུ་ལུས་སོགས་ཟབ་ཁྱད་རྨད་དུ་བྱུང་བ་རྣམས་ཀྱང་འདིས་མཐུས་པར་འགྱུར་རོ། །གསུམ་པ་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་སུམ་ལམ་བྱེད་ཀྱི་ཚུལ་ཡང་། གང་དུ་ཐོགས་མེད་རྡོ་རྗེ་ཡི། །སྙིང་པོ་ཟད་པ་མེད་པའི་དོན། །ཡང་དག་ཡེ་ཤེས་སྣང་བའོ། །བླ་མའི་དྲིན་ལས་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ལྷག་པའི་ལྷ་དང་གཉིས་སུ་མེད་པའི་བླ་མས་དབང་བསྐུར་བ་ལས་ངེས་པ་རྙེད་པ་ཉིད་ལ་རྩེ་གཅིག་ཏུ་གཞོལ་བ་སྟེ། རྡོ་རྗེ་འཛིན་པས་དུས་ཀུན་ཏུ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཕྱི་ནང་གསང་བའི་མགོན་པོ་ཆེ། །བདེ་བ་ཆེན་པོའི་རོལ་པ་ཡིས། །ཡེ་ཤེས་གསང་བ་བསམ་མི་ཁྱབ། །ཚེ་འདི་ཉིད་ལ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པོ་ནི་མ་ལུས་པ། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་ཐོས་ལ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུར་འཆར། །གང་གིས་སྐྱེ་བོ་འཆིང་གྱུར་པ། །དེ་ཉིད་ཡོངས་ཤེས་རྣམ་པར་གྲོལ། །ཕྱག་རྒྱ་སྦྱོར་བ་འདི་ཡིས་ནི། །ས་གསུམ་བདེ་བ་ཆེན་པོར་བསྒྱུར། །ཞེས་དངོས་གྲུབ་འབྱུང་བའི་རྒྱུད་ལས་མངོན་

p. 257

པར་བྱང་ཆུབ་པའི་ལེའུ་དང་པོ་ལས་གསུངས་པ་ལྟར་གྱིས་འགྲུབ་བོ། །དོན་གསུམ་པ་ཐུན་མཚམས་ཀྱི་བྱ་བ་ནི། གཟའ་སྲུང་བཅང་བའི་དམ་ཚིག །རྩ་ལྟུང་ཡན་ལག་དང་བཅས་པ་དང་། གྲོགས་སྤྱོད་པ་རྣམ་གསུམ་གྱིས་ལམ་གྱི་བོགས་དང་རྩལ་འདོན་པར་བྱ་ཞིང་འབྲས་བུ་མངོན་དུ་བྱེད་པའོ། །བྱེ་བྲག་གཏོར་མའི་རིམ་པ་ནི་འོག་ནས་འབྱུང་བས་སོ། །རྩ་བའི་གཉིས་པ་བུམ་པའི་ཆོ་ག་ལ་དྲུག །བུམ་ལྷ་བསྐྱེད་པ། སྤྱན་དྲངས་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་བསྟོད། བཟླས་དམིགས། རྗེས་བསྡུ་འོད་ཞུའོ། །དང་པོ་ནི། རྒྱུད་ལས། བུམ་པ་བཀྲ་ཤིས་ཡང་དག་ལྡན། །མ་ཉམས་མཚན་ཉིད་ལྡན་པ་ལྔ། །ཁ་ཚར་མ་ཉམས་རས་ཟུང་དཀྲི། །སྙིང་པོ་སྨན་དང་འབྲུ་ལྔ་སོགས། །སྤོས་དང་རིན་ཆེན་དག་གིས་དགང་། རྒྱུན་འབབས་ཆུ་ཡིས་བཀང་བ་དང་། འབྲས་ལྡན་ཤིང་གིས་ཁ་བརྒྱན་པའོ། །ཞེས་གསུངས་པ་ལྟར་སོ་ལྔའི་བཅུད་ལྡན་རྣམ་བུམ་དབུས་དང་། ལས་བུམ་གཡོན་དུ་བཤམས་ལ་ཉེར་སྤྱོད་ཀྱིས་བསྐོར། ཁ་རྒྱན་གཟུངས་རྡོར་སོགས་རྒྱན་གྱིས་སྤྲས་ལ། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་ཨཱཿལས་ཟླ་བའི་སྟེང་དུ་བྷྲཱུྃ་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་གཉིས་པའི་རང་བཞིན་དཀར་པོ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ།

p. 258

མཆུ་འཕྱང་བ། ཁ་གཡེར་བ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྷ་རྫས་གོས་ཀྱིས་མགུལ་དཀྲིས་པ། མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལྷ་ཡི་ཆུ་དང་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མེད་པར་གྱུར་པར་བསམ། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨ་འདབ་བརྒྱད་ཉི་མའི་གདན་སུམ་རིམ་དུ་གྱུར་པ་རྣམས་ཀྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་སུམ་ཅུ་ལས་འོད་འཕྲོས། དོན་གཉིས་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མགོན་པོ་ལྷ་སུམ་ཅུ་ཐོད་པ་བཞི་དང་བཅས་པར་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་སྐུ་མདོག་མཐིང་ནག་ཆེར་འབར་བ། ཞལ་གྱི་དཀྱིལ་འཁོར་རྣམ་པར་རྒྱས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཧ་ཧ་ཞེས་བཞད་པ། ལྗགས་འདྲིལ་

p. 259

བ། མཆེ་བ་རབ་ཏུ་གཙིགས་པ། སྨར་སྨིན་དང་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་རལ་གྲི་དང་རྩེ་གསུམ་ཐོགས་པ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རིན་པོ་ཆེ་དང་རུས་པའི་རྒྱན་དྲུག །སྦྲུལ་ནག་གི་ཆུན་འཕྱང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་དུ་ཡུམ་གཏུམ་མོ་སྔོ་བསངས་གཅེར་བུ་སྐྲ་གྲོལ་བ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཉིས་ཀྱིས་གྲི་ཐོད་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡས་བརྐྱང་གཡོན་བསྐུམ་པའི་རོལ་སྟབས་ཀྱིས་པད་ཟླ་ཉི་མ་རུ་དྲ་ཕོ་མོའི་གདན་ལ་བཞུགས་པའོ། །དེའི་ཤར་གྱི་པད་འདབ་

p. 260

ལ་འཕྲོག་མ་སྔོན་མོ། བྱང་དུ་ས་གཙུག་མ་ལྗང་མོ། ནུབ་ཏུ་སྲིན་མོ་རལ་པ་ཅན་དམར་མོ། ལྷོར་གླང་སྣ་མ་སེར་མོ། དེ་བཞི་ཀའང་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་གུག་དང་ཐོད་ཁྲག །འོག་མ་གཉིས་རལ་གྲི་དང་རྩེ་གསུམ་འཛིན་པ། མཚམས་བཞིར་ཐོད་པ་དཀར་པོ། བྱང་ཆུབ་སེམས་ཀྱིས་གང་བ་བཞིའོ། །དེ་རྒྱབ་ཀྱི་པདྨ་འདབ་མ་བརྒྱད་ལ་ཤར་དུ་སྐུ་ཡི་མགོན་པོ་དཀར་པོ། ཡུམ་གཏུམ་མོ་སྔོན་མོ། བྱང་དུ་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ། ཡུམ་དཔའ་མོ་ལྗང་སེར། ནུབ་ཏུ་གསུང་གི་མགོན་པོ་དམར་པོ། ཡུམ་ཟློག་བྱེད་མ་སྨུག་ནག །ལྷོར་ཡོན་ཏན་གྱི་མགོན་པོ་སེར་པོ། ཡུམ་དྲག་མོ་སེར་སྐྱ། དེ་ཐམས་ཅད་ཀྱིས་ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ། གྲ་བཞིར་ཤར་ལྷོར་བེང་འཛིན་པ་དམར་སྨུག །དགྱེས་མཛད་མ་ནག་མོ། ལྷོ་ནུབ་ཏུ་གཎྜི་འཛིན་པ་མཐིང་

p. 261

ནག །ཡུམ་ཙ་མུཎྜི་དམར་མོ། ནུབ་བྱང་དུ་རྩེ་གསུམ་འཛིན་པ་སྔོ་བསངས། ཡུམ་མིག་འགྱུར་མ་ནག་མོ། བྱང་ཤར་དུ་ཀེཾ་རུས་ཀྱི་རྒྱལ་མཚན་འཛིན་པ་དུད་ཁ། ཡུམ་སྣ་ཚོགས་གདོང་མ་ལྗང་མོ། མགོན་པོ་ཡབ་རྣམས་གཡས་རང་རྟགས་ཕྱར་ཞིང་གཡོན་ཐོད་ཁྲག་ཡུམ་ལ་འཁྱུད་པ། ཡུམ་ཀུན་ཀྱང་གྲི་ཐོད་འཛིན་ཅིང་ཡབ་ཀྱི་མགུལ་ནས་འཁྱུད་པ། ཡབ་ཡུམ་བརྒྱད་ཀའང་རྔམ་ཁྲོས་འཇིགས་གཟུགས་རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་ཡབ་ཡུམ་དང་མཚུངས་པའོ། །པད་འདབ་ཕྱི་མར་ཤར་དུ་བྱ་རྒོད་གདོང་མ། བྱང་དུ་ཁྱུང་གདོང་མ། ནུབ་ཏུ་ཁྭ་གདོང་མ། ལྷོར་འུག་གདོང་མ། མེར་ཕག་གདོང་མ། སྲིན་པོར་ཁྱི་གདོང་མ། རླུང་དུ་སྤྱང་གདོང་མ། དབང་ལྡན་དུ་སྟག་གདོང་མ། མ་མོ་བརྒྱད་པོ་སྐུ་མདོག་མཐིང་ནག་རོལ་པའི་ཁྲོ་མོ་ཁྲོ་གཏུམ་ཤིན་ཏུ་འཇིགས་པའི་སྐུ། ཞལ་གཅིག་

p. 262

ཕྱག་གཉིས་གཡས་པས་གྲི་གུག་ཐུར་དུ་འདེབས་པ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཁ་ཊྭཱཾ་ག་གྲུ་མོ་ལ་བརྟེན་པ། མེ་དཔུང་འབར་བའི་དཀྱིལ་ན་གཡས་བརྐྱངས་པས་གནས་པ། ཆ་བྱད་ཐམས་ཅད་གཙོ་མོ་ལྟ་བུའོ། །ལས་བུམ་གྱི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ། ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས། བསྟན་དགྲ་ཐམས་ཅད་རྡུལ་དུ་བརླག །སླར་འདུས་ཡོངས་སུ་གྱུར་པ་ལས་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། ཐོད་པ་སྐམ་རློན་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རི་འབར་བའི་ཀློང་ན་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་

p. 263

རང་བཞིན་གྱི་གནས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། འབར་བའི་རྒྱ་བཅས་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཞེས་བརྗོད། གཉིས་པ་ནི། སྤོས་རོལ་དབྱངས་བཅས། ཧཱུྃ། མ་ལུས་སངས་རྒྱས་ཀུན་གྱི་བསྟན་སྲུང་ཞིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་གྲུབ་ཕྲིན་ལས་རྒྱ་མཚོའི་དཔལ་འབར་བ། །རྡོ་རྗེ་ནག་པོ་ཆེན་པོ་གཤེགས་སུ་གསོལ། །འོག་མིན་ཆོས་ཀྱི་དབྱིངས་སུ་རྟག་བཞུགས་ཤིང་། །ཧེ་རུ་ཀ་དཔལ་ཀུན་དང་མཉམ་སྦྱོར་བའི། །འབར་བའི་རྒྱལ་པོ་བཅོམ་ལྡན་མགོན་པོ་ཆེ། །ཡབ་ཡུམ་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿས་སྤྱན་དྲངས་ལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ། ཞེས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བསྟིམ།

p. 264

གསུམ་པ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མ་ཛཿ ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། ཁྲོ་བོ་དང་ཁྲོ་མོས་བགེགས་བསྐྲད། དཔའ་བོ་དང་དཔའ་མོས་གླུ་གར་དང་མེ་ཏོག་གི་ཆར་འབེབས་ཤིང་། བདེ་ཆེན་གྱི་ལྷ་མོ་བཞིས་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་

p. 265

གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་གཙོ་བོ་ལ་ཧེ་རུ་ཀ །ཡུམ་ལ་རྣམ་པར་སྣང་མཛད། རྣལ་འབྱོར་མ་བཞི་ལ་རིན་ཆེན་འབྱུང་ལྡན། མགོན་པོ་བརྒྱད་ལ་མི་བསྐྱོད་པ། ཡུམ་བརྒྱད་ལ་རྣམ་པར་སྣང་མཛད། ལྷ་མོ་བརྒྱད་ལ་དོན་ཡོན་གྲུབ་པས་དབུ་བརྒྱན་པར་གྱུར། ཅེས་དང་། ལས་ཀྱི་མགོན་པོ་ལ་ཡེ་ཤེས་མགོན་པོས་དབུ་བརྒྱན་པར་གྱུར། ཅེས་བརྗོད། བཞི་པ་ནི། མཆོད་པ་གོང་ལྟར་བྱིན་བརླབ། ཨོཾ་གུ་རུ་ཤྲཱི་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་མཎྜ་ལ་ས་པཱ་རི་ཝ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྟའི་བར་གྱིས་ཕྱི་མཆོད་དང་། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། གིས་ནང་མཆོད་དང་། མ་ཏངྒི་ཨཱཿཧཱུྃ། གསང་མཆོད་འབུལ། ཧཱུྃ། བདུད་དང་བདུད་ཀྱི་ཕྱོགས་གྱུར་པའི། །སེམས་ཅན་མ་ལུས་མྱུར་དུ་ནི། །ཚར་བཅད་བསད་ནས་ཁྲག་གི་རྒྱུན། །གསོལ་མཛད་ནག་པོ་ཆེན་པོ་ནི། །རབ་འཇིགས་མདོག་ནག་གཟུགས་

p. 266

ཐུང་པོ། །གསུས་པ་འཕྱང་ཞིང་དབུ་སྐྲ་སེར། །འཇིགས་པའི་མེ་དཔུང་ནང་ན་བཞུགས། །གཏུམ་ཆེན་ཁྲོས་པའི་གད་མོ་ནི། །ཧ་ཧཱུྃ་ཕེཾ་གྱི་སྒྲ་སྒྲོགས་པས། །བྲོས་ཤིང་འགྱེལ་བའི་མགོ་བཅད་ཅིང་། །ཞབས་ཀྱིས་རོ་མནན་དྲག་པོའི་ཚུལ། །སྐ་རགས་དྲིལ་བུ་གཡེར་ཁས་བརྒྱན། །སིལ་སིལ་ཌཱ་མ་རུ་ཡི་སྒྲ། །ཌི་ཌི་ཧཱུྃ་ཧ་རྔ་སྒྲ་ནི། །ཏ་ཀེཾ་ན་ར་ཀི་ཡི་སྒྲ། །སྒྲོག་ཅིང་མཉམ་དང་མི་མཉམ་པའི། །གར་བྱེད་ལྷ་དང་ལྷ་མོ་ཡི། །ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ནི། །དུར་ཁྲོད་གནས་སུ་རོལ་བར་མཛད། །ཐུང་ལ་སྦོམ་པའི་སྤྱན་གསུམ་པོ། །མེ་ཏོག་བིནྡྷུ་ར་ལྟར་དམར། །བགེགས་རྣམས་སྐྲག་ཅིང་སྔངས་མཛད་ཅིང་། །ལྗགས་ནི་གློག་ལྟར་འཁྱུག་པར་བྱེད། །མཆེ་བ་རྣམ་པར་གཙིགས་པ་ཡིས། །མ་རུངས་གདུག་པའི་སེམས་ཅན་གྱི། །ཤ་རུས་ཀྲུམ་ཀྲུམ་འཆའ་བྱེད་ཅིང་། །ལྷ་བའི་ཞག་རྣམས་འཇིབ་མཛད་པ། །

p. 267

ཕྱག་རྒྱ་ལྔ་དང་ཀླུ་བརྒྱད་ཀྱི། །རྒྱན་རྣམས་ཀྱིས་ནི་རྣམ་པར་བརྒྱན། །སྟག་གི་པགས་པས་སྨད་གཡོགས་ཤིང་། །སྐ་རགས་དང་ནི་ཤམ་ཐབས་མཛད། །མི་བསྐྱོད་ལ་སོགས་བདེ་གཤེགས་ཀྱིས། །དབུ་ལ་བརྒྱན་ཅིང་སྐུ་ལས་འཕྲོ། །མི་ཡི་རྒྱུ་མའི་ཐག་པ་ལ། །མི་མགོ་ལྔ་བཅུ་འཕྱངས་པ་ཡི། །ཕྲེང་བ་ཡི་ནི་དོ་ཤལ་བྱས། །དྲག་པོ་ཆུ་བདག་ལ་སོགས་པ། །ཟློག་པར་དཀའ་བའི་ཚོགས་རྣམས་ཀྱང་། །ཞལ་དུ་གསོལ་མཛད་ཕྱག་གཡོན་དུ། །རྩེ་གསུམ་དང་ནི་ཐོད་ཁྲག་འཛིན། །གཤིན་རྗེའི་ལྕེ་འདྲའི་གྲི་གུག་དང་། །རལ་གྲི་ཕྱག་གཡས་བསྣམས་ནས་ནི། །གདུག་པ་ཅན་རྣམས་བརླག་མཛད་ཅིང་། །མི་བཟད་སྡིག་པ་རིང་དུ་སྤོངས། །མཛེས་པའི་ལྷ་མོས་གར་བྱེད་པ། །བརྒྱད་དང་རོལ་པའི་རྗེ་བཙུན་དཔལ། །རྡོ་རྗེ་ནག་པོ་ཆེན་པོ་ལ། །སངས་རྒྱས་གྲགས་པས་བསྐུལ་བ་ནི། །གང་

p. 268

གིས་ཉིན་མཚན་འདིས་བསྟོད་པས། །སྒྲུབ་པོའི་དོན་རྣམས་འགྲུབ་པ་དང་། །སེམས་ཅན་མ་ལུས་ཁྱོད་ལྟ་བུར། །ས་བཅུ་ལ་ནི་གནས་པར་མཛོད། །ཅེས་རྗེ་བཙུན་དཔལ་ནག་པོ་བྱ་རོག་མིང་ཅན་ལ། མཁས་པ་ཆེན་པོ་སངས་རྒྱས་གྲགས་པས་བསྟོད་པ་བྱིན་རླབས་ཆེ་བར་གྲགས་སོ། །ཧཱུྃ། སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །སྲིན་པོའི་གཟུགས་ཀྱིས་གདུག་པ་མ་རུངས་འདུལ། །ལས་མགོན་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྔ་པ་ནི། སློབ་དཔོན་གྱིས་པད་ཀོར་བཅས་རྡོ་རྗེའི་གཟུངས་ཐག་བླངས་ལ་དམིགས་པ་ནི། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ། སྐུ་དང་སྔགས་འཁོར་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་

p. 269

སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་ཞིང་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་སྐད་བྱུང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་ཤྭ་རི་ཧཱུྃ་ཕཊ། ཅེས་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་བརྒྱ་རྩ་བརྒྱད་དང་། ཨོཾ་ཀཱ་ལི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལི་ཧཱུྃ་ཕཊ། ཨོཾ་ཀཾ་ཀཱ་ལི་ཧཱུྃ་ཕཊ། ཨོཾ་ཀ་ར་ལི་ཧཱུྃ་ཕཊ། ཅེས་རྣལ་འབྱོར་མ་བཞི་དང་། སྐུ་མགོན་ནས་སྒོ་མཚམས་མ་བརྒྱད་ཡན་ལན་བདུན་ནམ་ཉེར་གཅིག་རེ་གོང་ལྟར་བཟླ་ཞིང་། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླ། དེ་ནས་ལས་བུམ་དུ་གཟུངས་རྡོར་སྤེལ་ལ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། ཅེས་ལས་ཐམས་ཅད་པ་ཉེར་གཅིག་བཟླ། དྲུག་པ་ནི། ཨོཾ་གུ་རུ་ཤྲཱི་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་མཎྜ་ལ་ས་པཱ་རི་ཝ་རེ་བྷྱཿ བཛྲ་ཨརྒྷཾ་ནས་ཤབྟ་པཉྩ་ཨ་མྲྀ་ཏ་མ་ཏངྒི་ཨཱཿཧཱུྃ། ཞེས་མཆོད། ཧཱུྃ། བདེ་གཤེགས་ཐུགས་རྗེའི་སྐུ་སྤྲུལ་པ། །སེམས་ཅན་ཡོངས་ལ་མགོན་

p. 270

སྐྱབས་མཛད། །འོག་མིན་གནས་ན་བཞུགས་པ་ལ། །རབ་ཏུ་བཏུད་དེ་ཕྱག་ཀྱང་འཚལ། །བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། །འདྲེན་པ་འཇིག་རྟེན་མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །འཇིག་རྟེན་ལ་གནས་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །ལྷ་ཆེན་འཇིགས་པའི་སྐུར་བསྟན་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དུང་ཞལ་གྱི་ཆུ་རྣམ་བུམ་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ། ལྷ་ཐམས་ཅད་བདེ་བ་ཆེན་པོའི་ངང་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། ལས་བུམ་གྱི་ཆུས་སྔགས་དང་བཅས་པས་བསངས་ལ། འདིར་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བཟློག་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། དེས་བུམ་བཟླས་ཀྱི་ཆོ་ག་གྲུབ་བོ། །རྩ་བའི་གསུམ་པ་མདུན་དཀྱིལ་སྒྲུབ་མཆོད་ཀྱི་རིམ་པ་ལ་ལྔ། དཀྱིལ་འཁོར་

p. 271

བསྐྱེད་པ། སྤྱན་དྲངས་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་བསྟོད། བཟླས་པའོ། །དང་པོ་ནི། དངོས་གྲུབ་འབྱུང་བ་ལས། རྡུལ་ཚོན་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་དང་། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པ་ཡི། །ཟླུམ་བསྐོར་ཕོ་བྲང་ལིང་ཚེ་དགུ། །དབུས་མ་ཨེ་དབྱིབས་དྲག་པོ་ཉིད། །ཅེས་གསུངས་པ་ལྟར་ཚོན་དཀྱིལ་གཉིས་གང་རུང་བཀྲམ་པའི་ལྡིང་ཁྲི་ལ་དབང་རྫས་རྟེན་མཆོད་རྒྱན་གྱི་རིམ་པ་མ་ཚང་བ་མེད་པར་འདུ་བྱས་ལ། དཀྱིལ་འཁོར་སུམྦྷ་ནིའམ་གུ་ཎ་ཧྲྀ་དས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདིང་ཆེ་བ་གྱེན་དུ་བསྟན་པ། ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་གུ་ཡང་ཞིང་གཡོ་བ། དེའི་སྟེང་དུ་རྃ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ཚ་ཞིང་སྲེག་པ། དེའི་སྟེང་དུ་བྃ་ལས་ཆུ་ཡི་དཀྱིལ་འཁོར་

p. 272

ཟླུམ་པོ་རྦ་རླབས་འཁྲུགས་པ། དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་སྲ་ཞིང་བརྟན་པ། དེའི་སྟེང་དུ་བྷྲཱུྃ་ལས་རི་རབ་ལྷུན་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་བང་རིམ་བཞི་དང་ལྡན་པ། དེའི་སྟེང་དུ་ཧ་ལས་སྣ་ཚོགས་རྡོ་རྗེ་ལེབ་ཆགས་ལྟེ་བ་གྲུ་བཞི་པའི་དབུས་སུ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་ཐེམ་སྐས་བཞི་བཞིས་སྤྲས་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་ལྡན་གྱི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ། དེའི་སྟེང་དུ་བྲེ་ཕུལ་བཏེགས་པས་ཤར་བུ་མདའ་ཡབ་རྣམས་དྲ་བ་དྲ་ཕྱེད་ཀྱི་འཕྱང་འཕྲུལ་གྱིས་མཛེས་པ། སྒོ་བཞི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པའི་རྩེར་པདྨ་ལ་གནས་པའི་ཆོས་འཁོར་

p. 273

གདུགས་རི་དྭགས་དང་བཅས་པ། རྩིག་པའི་རྩ་བར་འདོད་སྣམ་དམར་པོ་ལ་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་སྣ་ཚོགས་ཐོགས་ནས་གར་དང་བཅས་པས་མཆོད་པ། ནང་ཀ་བ་བརྒྱད་རྡོ་རྗེའི་གདུང་ཟླུམ་གྱིས་བྲིས་ཤིང་རྡོ་རྗེའི་གདུང་བཞི་རེའུ་མིག་ཏུ་བསྣོལ་བས་ཐོག་ཕུབ་པ། དབུས་ཕྱུར་བུའི་རྩེར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། གཞན་ཡང་བ་དན་དང་། གདུགས་དང་། འཕན་དང་། གོས་དང་། མེ་ཏོག་གི་ཕྲེང་བ། རྔ་ཡབ་ལ་སོགས་པ་རྒྱན་གྱི་རྣམ་པ་མ་ཚང་བ་མེད་པས་བཀླུབས་པ། ཕྱི་རོལ་དུ་མི་བཟད་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཞིང་། དེ་དག་ལ་གནས་པའི་ཕྱོགས་སྐྱོང་དང་། ཞིང་སྐྱོང་། ཕྲ་མེན་མ། ཀླུ་དང་རྣལ་འབྱོར་མཆོད་རྟེན། རི་དང་ཤིང་མེ་སྤྲིན་ཆུ། ཤ་ཟ་རོ་ལངས་བྱ་དང་གཅན་གཟན་ལ་སོགས་བཀོད་པ་འཇིགས་སུ་རུང་བ་དང་

p. 274

ལྡན་པ། མཐའ་བསྐོར་དུ་པདྨ་རྡོ་རྗེ་འོད་ཕྲེང་མེའི་ར་བས་གཏམས་པ། གཞལ་ཡས་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོ་ལིང་ཚེ་དགུ་པར་གྱུར་པའི་ལྟེ་བར་གྲུ་གསུམ་མཐིང་ནག་པདྨ་ཉི་ཟླ་འདོད་ཁམས་ཀྱི་དྲག་པོ་ཕོ་མོ་བསྣོལ་བའི་གདན་མུ་ཁྱུད་གྲི་གུག་གི་ཕྲེང་བས་བསྐོར་བ། ལིང་ཚེའི་ཕྱོགས་མཚམས་ཀྱི་འདབ་མ་བརྒྱད་ལ་ཕྱོགས་བཞི་རོ་དང་ཉི་མ་མཚམས་བཞིར་ཉི་རྐྱང་སྟེ་མུ་ཁྱུད་པདྨའི་ཕྲེང་བས་བསྐོར་བ། དེ་རྒྱབ་པདྨ་འདབ་བརྒྱད་ལ་ཉི་མ་རོ་ཡི་གདན་མུ་ཁྱུད་རྡོ་རྗེའི་ཕྲེང་བས་བསྐོར་བ། སྒོ་མཚམས་རྣམས་སུ་ཉི་མ་དང་རོ་ཡི་གདན་ནོ། །གཞལ་ཡས་དབུས་ཀྱི་གདན་སྟེང་དུ་གྲི་གུག་ཧཱུྃ་དང་ཐོད་པ་ཨྃ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་

p. 275

འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ཕྱག་བཞི་པ་སྐུ་མདོག་མཐིང་ནག་དུས་ཀྱི་མུན་པ་ལྟར་ཆེར་གནག་པའི་གཟི་བྱིན་ཉི་མ་འབུམ་ལས་ལྷག་པ་སྤྱན་གསུམ་དམར་ལ་ཟླུམ་ཞིང་ཁྲོ་གཉེར་རྒྱ་མཚོའི་རླབས་ཕྲེང་ལྟར་གཡོ་བ། ཞལ་རབ་ཏུ་གདངས་ཤིང་ཚེམས་གངས་རི་ལྟར་གཙིགས་པའི་ཀློང་ནས་ལྗགས་དམར་གློག་ལྟར་འཁྱུག་པ། སྨ་ར་དང་སྨིན་མ་ཨག་ཚོམ་མེ་ལྟར་འབར་ཞིང་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཕྱག་བཞི་གཡས་ཀྱི་དང་པོས་རྡོ་རྗེའི་གྲི་གུག་དང་གཡོན་གྱི་དང་པོའི་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་འོག་མས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་འཕྱར་སྟབས་སུ་འཛིན་ཅིང་གཡོན་གྱི་འོག་མས་ཁ་ཊྭཱཾ་རྩེ་གསུམ་པ་དཀུར་བརྟེན་པ། ཐོད་སྐམ་ལྔས་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན་དང་

p. 276

ཐོད་རློན་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་འཕྱང་བ། སྤྱི་བོར་རུས་པའི་འཁོར་ལོ། སྙན་ཆ་མགུལ་རྒྱན། གདུབ་བུ་ཚངས་སྐུད། སྐ་རགས་ཐལ་ཆེན་གྱིས་བྱུག་པ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། སྐུ་ལ་དར་ལེ་བརྒན་དང་ཞིང་གི་སྟོད་གཡོགས། གླང་ཆེན་གྱི་པགས་པའི་སྐེད་དཀྲིས། སྟག་ལྤགས་ཀྱི་ཤམ་ཐབས། སྦྲུལ་རིགས་ལྔས་སྐུ་དང་ཕྱག་ཞབས་བརྒྱན་པ། གནོད་སྦྱིན་ལྟར་ཁྲོས་པའི་ཉམས་ཅན་ལྷུ་ཐུང་ལ་གསུས་པ་འཕྱང་ཞིང་འབུར་བ། ཞབས་གཡས་བརྐྱང་གཡོན་བསྐུམ་དཔའ་བོ་རོལ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་འགྱིང་བ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པའོ། །དེ་དང་གཉིས་སུ་མེད་པའི་ཡུམ་བཅོམ་ལྡན་འདས་མ་གཏུམ་མོ་སྔོ་བསངས་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཁྲོ་ཞིང་འཛུམ་

p. 277

པའི་ཉམས་ལྡན་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་པ་རྡོ་རྗེའི་གྲི་གུག་གིས་ཕྱོགས་བཅུའི་བགེགས་ལ་བསྡིགས་པ། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་དང་རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། ལང་ཚོ་ལྡན་ཞིང་བཅུད་ཀྱིས་རྒྱས་པས་བྱིན་པ་གཉིས་ཡབ་ཀྱི་སྐེད་པར་འཁྲིལ་ཞིང་སྦྱོར་བ། དགའ་བ་སྒྱུ་མའི་སྒྲས་བསྐུལ་ཞིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་གནས་པའོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་འཁོར་སོ་སོའི་ས་བོན་སྤྲོས་གདན་གྱི་སྟེང་དུ་འཁོད་པ་ཡོངས་སུ་གྱུར་པ་ལས། གཙོ་བོའི་ཕྱི་རོལ་གྱི་པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞིར་རྣལ་འབྱོར་མ་བཞི་འཁོད་པ་ནི། ཤར་དུ་འཕྲོག་མ་སྔོན་མོ། བྱང་དུ་ཚུགས་མ་ལྗང་མོ། ནུབ་ཏུ་སྲིན་མོ་རལ་པ་ཅན་དམར་མོ།

p. 278

ལྷོར་གླང་སྣ་མ་སེར་མོ་སྟེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་ཌཱ་མ་རུ་དང་རྩེ་གསུམ་འཛིན་པ། མཚམས་བཞིར་ཐོད་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་བཞིའོ། །དེ་རྒྱབ་ཀྱི་པདྨ་འདབ་མ་བརྒྱད་ལ་མགོན་པོ་ཡབ་ཡུམ་བཅུ་དྲུག་འཁོད་པ་ནི། ཤར་དུ་སྐུ་ཡི་མགོན་པོ་དཀར་པོ། ཡུམ་གཏུམ་མོ་སྔོན་མོ། བྱང་དུ་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ། ཡུམ་དཔའ་མོ་ལྗང་སེར། ནུབ་ཏུ་གསུང་གི་མགོན་པོ་དམར་པོ། ཡུམ་ཟློག་བྱེད་མ་སྨུག་ནག །ལྷོར་ཡོན་ཏན་གྱི་མགོན་པོ་སེར་པོ། ཡུམ་དྲག་མོ་སེར་སྐྱ་སྟེ་ཡབ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། གྲྭ་བཞིར་ཤར་ལྷོར་བེང་འཛིན་པ་དམར་སྨུག །ཡུམ་དགྱེས་མཛད་མ་ནག་མོ། ལྷོ་ནུབ་ཏུ་གཎྜི་འཛིན་པ་མཐིང་

p. 279

ནག །ཡུམ་ཙ་མུཎྜི་དམར་མོ། ནུབ་བྱང་དུ་རྩེ་གསུམ་འཛིན་པ་སྔོ་བསངས། ཡུམ་མིག་འགྱུར་མ་ནག་མོ། བྱང་ཤར་དུ་ཀེཾ་རུས་ཀྱི་རྒྱལ་མཚན་འཛིན་པ་དུད་ཁ། ཡུམ་སྣ་ཚོགས་གདོང་མ་ལྗང་མོ། མགོན་པོ་ཡབ་རྣམས་གཡས་རང་རྟགས་ཕྱར་ཞིང་གཡོན་ཐོད་ཁྲག་ཡུམ་ལ་འཁྱུད་པ། ཡུམ་ཀུན་ཀྱང་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཡབ་ཡུམ་བརྒྱད་ཀའང་རྔམ་ཁྲོས་འཇིགས་གཟུགས་རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་ཡབ་ཡུམ་དང་མཚུངས་པའོ། །ཕྱི་རོལ་གྱི་སྒོ་བཞིའི་ཤར་སྒོར་བྱ་རྒོད་གདོང་མ། བྱང་སྒོར་ཁྱུང་གདོང་མ། ནུབ་སྒོར་ཁྭ་གདོང་མ། ལྷོ་སྒོར་འུག་གདོང་མ། མེར་ཕག་གདོང་མ། སྲིན་པོ་རུ་ཁྱི་གདོང་མ། རླུང་དུ་སྤྱང་གདོང་མ། དབང་ལྡན་དུ་སྟག་གདོང་མ། མ་མོ་བརྒྱད་པོ་སྐུ་མདོག་མཐིང་ནག་རོལ་པའི་ཁྲོ་མོ་ཁྲོ་གཏུམ་

p. 280

འཇིགས་པའི་སྐུ། ཞལ་གཅིག་ཕྱག་གཉིས་གཡས་པས་གྲི་གུག་ཐུར་དུ་འདེབས་པ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཁ་ཊྭཱཾ་ག་གྲུ་མོ་ལ་བརྟེན་པ། མེ་དཔུང་འབར་བའི་དཀྱིལ་ན་གཡས་བརྐྱང་བར་གནས་པ། ཆ་བྱད་ཐམས་ཅད་གཙོ་མོ་ལྟ་བུའོ། །གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ་དྲག་པོ་ཞིང་སྐྱོང་ཉི་ཤུ་རྩ་བཞི། ཤར་དུ་བྱ་རོག་གདོང་ཅན་ནག་པོ་སྟོང་། ལྷོར་དཔལ་ལྡན་ལྷ་མོ་མ་མོ་བྱེ་བ། ནུབ་ཏུ་ཤ་ཟ་སེང་གདོང་ཤ་ཟ་འབུམ། བྱང་དུ་བཀའ་སྡོད་ལྕེ་སྤྱང་གདོང་གནོད་སྦྱིན་ཁྲི། འཁོར་ཡུག་ཏུ་དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱི་ཚོགས་དང་བཅས་པའོ། །ཞེས་གསལ་གདབ། གཉིས་པ་ནི། བུམ་བསྐྱེད་ལྟར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་

p. 281

ནས་དཔལ་ཡེ་ཤེས་ཀྱི་མགོན་པོའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། འབར་བའི་རྒྱ་བཅས་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཞེས་བརྗོད། གཉིས་པ་ནི། སྤོས་རོལ་དབྱངས་བཅས། ཧཱུྃ། མ་ལུས་སངས་རྒྱས་ཀུན་གྱི་བསྟན་སྲུང་ཞིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་གྲུབ་ཕྲིན་ལས་རྒྱ་མཚོའི་དཔལ་འབར་བ། །རྡོ་རྗེ་ནག་པོ་ཆེན་པོ་གཤེགས་སུ་གསོལ། །འོག་མིན་ཆོས་ཀྱི་དབྱིངས་སུ་རྟག་བཞུགས་ཤིང་། །ཧེ་རུ་ཀ་དཔལ་ཀུན་དང་མཉམ་སྦྱོར་བའི། །འབར་བའི་རྒྱལ་པོ་བཅོམ་ལྡན་མགོན་པོ་ཆེ། །ཡབ་ཡུམ་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ས་སྤྱན་དྲངས་ལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ། ཞེས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བསྟིམ། གསུམ་པ་ནི། སླར་ཡང་ཐུགས་ཀའི་ས་

p. 282

བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། ཁྲོ་བོ་ཁྲོ་མོས་བགེགས་བསྐྲད། དཔའ་བོ་དང་དཔའ་མོས་གླུ་གར་དང་མེ་ཏོག་གི་ཆར་འབེབས་ཤིང་། བདེ་ཆེན་གྱི་ལྷ་མོ་བཞིས་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་

p. 283

ལུད་པ་ལས་གཙོ་བོ་ལ་ཧེ་རུ་ཀ །ཡུམ་ལ་རྣམ་པར་སྣང་མཛད། རྣལ་འབྱོར་མ་བཞི་ལ་རིན་ཆེན་འབྱུང་ལྡན། མགོན་པོ་བརྒྱད་ལ་མི་བསྐྱོད་པ། ཡུམ་བརྒྱད་ལ་རྣམ་པར་སྣང་མཛད། ལྷ་མོ་བརྒྱད་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། གསུམ་པ་ནི། མཆོད་པ་གོང་ལྟར་བྱིན་བརླབ། ཧཱུྃ། དག་ཅིང་དྲི་མེད་ཡིད་འོང་བའི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། པཱདྱཾ། མེ་ཏོག །པུཥྤེ། བདུག་སྤོས། དྷཱུ་པེ། མར་མེ། ཨཱ་ལོ་ཀེ། དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་དྱ། རོལ་མོ། ཤབྟ། ཞེས་སྦྱར་བ་ཕྱི་མཆོད་དང་། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །དམར་ཆེན་ཁྲག་གི་ཨརྒྷཾ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་

p. 284

མ་ཧཱ་ཨརྒྷཾ་པཱུ་ཛ་ཧོ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །དུག་ཁྲག་སྦྱར་བའི་ཞབས་བསིལ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་པཱདྱཾ་པཱུ་ཛ་ཧོ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །དབང་པོ་ལྔ་ཡི་མེ་ཏོག་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་པུཥྤེ་པཱུ་ཛ་ཧོ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཚིལ་ཆེན་སྦྱར་བའི་བདུག་སྤོས་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་དྷཱུ་པེ་པཱུ་ཛ་ཧོ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཞུན་ཆེན་རྐང་གི་མར་མེ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་ཨཱ་ལོ་ཀེ་པཱུ་ཛ་ཧོ། ཧཱུྃ། བསྟན་དགྲ་མ་ལུས་

p. 285

ཀུན་བསྒྲལ་བའི། །རྡོ་རྗེ་དྲི་ཆུའི་བྱུག་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་གནྡྷེ་པཱུ་ཛ་ཧོ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །ཤ་རུས་ཞལ་ཟས་དམ་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་ནཻ་ཝི་དྱ་པཱུ་ཛ་ཧོ། ཧཱུྃ། བསྟན་དགྲ་མ་ལུས་ཀུན་བསྒྲལ་བའི། །རྐང་གླིང་ཐོད་རྔའི་རོལ་མོ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །སྔགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་ཤབྟ་པཱུ་ཛ་ཧོ། ཞེས་ནང་མཆོད་དང་། ཧཱུྃ། གཟུགས་ཀྱི་མཆོད་པ་ཁྱད་པར་ཅན། །སྒྲ་ཡི་མཆོད་པ་རྨད་བྱུང་བ། །དྲི་ཡི་མཆོད་པ་ཚིམས་པའི་མཆོག །རོ་ཡི་མཆོད་པ་བླ་ན་མེད། །རེག་བྱའི་མཆོད་པ་བདེ་བ་ཆེ། །གསང་མཆོག་བདེ་བའི་གནས་ལ་རོལ། །ཨོཾ་རཱུ་པ་ཤབྟ་གནྡྷེ་རཱ་ས་

p. 286

སྤརྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་གསང་མཆོད་དང་། ཨོཾ། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སྤངས་ཤིང་། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་གསང་བདག་སློབ་དཔོན་ཀླུ། །ཀེ་པ་རཏྣ་བཛྲ་གྷནྜེ་པ། །ཛཱ་ལནྡྷ་ར་གྲུབ་ཆེན་ནག་པོའི་ཞབས། །སྤྱོད་མཛད་ཆོས་རྡོར་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཨ་ཝ་དྷཱུ་ཏི་ཁ་ཆེ་བྱང་ཆུབ་བཟང་། །དགའ་བའི་རྡོ་རྗེ་རྡོ་རྗེ་གདན་ཆེ་ཆུང་། །ཨ་བྷྱ་ཀ་ར་ཙ་མི་སངས་རྒྱས་གྲགས། །དཔལ་ཆེན་རྒྭ་ལོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཆོས་རྗེ་ཕག་མོ་གྲུ་པ་རྒྱ་ཀུན་མཁྱེན། །རྩ་གྲགས་པ་དང་རིན་གཞོན་རིན་ཆེན་གྲགས། །རིན་ཆེན་སྨོན་

p. 287

ལམ་སྨོན་ལམ་ཤེས་རབ་མཚན། །དཔལ་ལྡན་བྱང་ཆུབ་ཞལ་དུ་ཨོཾ་ཨཱཿཧཱུྃ། །ནོར་བུ་དཔལ་དང་ཟླ་རྒྱལ་རཏྣའི་མཚན། །ག་གཱ་བོ་དྷི་རིན་ཆེན་རྡོ་རྗེ་བ། །ཤཱཀྱ་བཛྲ་བསྟན་པ་རྒྱལ་མཚན་ཞབས། །ནམ་མཁའི་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཀུན་དགའ་རྒྱལ་མཚན་བཀྲ་ཤིས་རྒྱལ་མཚན་རྗེ། །སྙན་གྲགས་དཔལ་བཟང་རབ་གསལ་དཔལ་འབྱོར་དང་། །རིན་ཆེན་ལྷུན་གྲུབ་ངག་དབང་ཕྲིན་ལས་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཧེ་རུ་ཀ་དཔལ་འཁོར་ལོའི་མགོན་སྟངས་དཔྱལ། །རྣལ་འབྱོར་མ་བཞི་མགོན་ཆེན་ཡབ་ཡུམ་བརྒྱད། །སྒོ་མཚམས་མ་བརྒྱད་ལས་མགོན་རྣམ་པ་བཞི། །ཕྱོགས་སྐྱོང་ཉེར་བཞིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་ས་གསུམ་ཞིང་སྔགས་ལྷན་ཅིག་སྐྱེས། །དམ་ཅན་ཆོས་སྲུང་དུར་ཁྲོད་ཕྱོགས་སྐྱོང་ཚོགས། །སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་རྣམ་རོལ་

p. 288

པ། །ཟག་མེད་བདུད་རྩིའི་མཆོད་པས་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་དང་། སླར་འབྲུ་གསུམ་བརྗོད་ལ་མྱང་། ལྷ་ཚོགས་ཐམས་ཅད་རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བས་བདེ་སྟོང་དགའ་བ་བཞིས་ཐུགས་གཏམས་པ་ནི་གསང་མཆོད་དེ། སྤྲོས་པ་དང་བྲལ་བ་ནི་དེ་ཁོ་ན་ཉིད་དོ། །ཞེས་ཡང་གསང་གི་མཆོད་པའོ། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །ཞལ་གཅིག་ཕྱག་བཞི་མཐིང་ནག་འཇིགས། །དམ་ཚིག་མགོན་པོར་ཕྱག་འཚལ་བསྟོད། །རྒྱལ་བའི་བསྟན་པ་བསྲུང་བ་དང་། །དམ་ལྡན་རྣལ་འབྱོར་སྐྱོང་བའི་ཕྱིར། །རང་བཞིན་གནས་ནས་དུས་འདིར་དགོངས། །ཡེ་ཤེས་མགོན་པོར་ཕྱག་འཚལ་བསྟོད། །རྡོ་རྗེ་སྐུ་ཡི་བྱིན་རླབས་ཀྱིས། །ལུས་ཀྱི་ཉེས་པ་ཀུན་སྤངས་ཤིང་། །མཚན་དང་དཔེ་བྱད་སྐུ་ལ་སྤྲས། །སྐུ་ཡི་མགོན་པོར་ཕྱག་འཚལ་བསྟོད། །རྡོ་རྗེ་གསུང་གི་བྱིན་

p. 289

རླབས་ཀྱིས། །ངག་གི་ཉེས་པ་ཀུན་སྤངས་ཤིང་། །གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན། །གསུང་གི་མགོན་པོར་ཕྱག་འཚལ་བསྟོད། །རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཀྱིས། །སེམས་རྟོག་ཉེས་པ་ཀུན་སྤངས་ཤིང་། །མི་རྟོག་ཡེ་ཤེས་བདེ་བའི་ཐུགས། །ཐུགས་ཀྱི་མགོན་པོར་ཕྱག་འཚལ་བསྟོད། །སྒོ་གསུམ་དྲི་མ་ཀུན་སྤངས་ཤིང་། །ཡོན་ཏན་ཀུན་གྱིས་བརྒྱན་པ་པོ། །ཆོས་ཀྱི་རྒྱལ་པོར་མངའ་བརྙེས་པ། །ཡོན་ཏན་མགོན་པོར་ཕྱག་འཚལ་བསྟོད། །དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལས། །སྣ་ཚོགས་སྤྲུལ་པའི་སྤྲིན་འཕྲོས་པས། །སྡང་དགྲ་འདུལ་ཞིང་གདུག་པ་འཇོམས། །ཕྲིན་ལས་མགོན་པོར་ཕྱག་འཚལ་བསྟོད། །སྟོན་པའི་ལུང་ནོད་བསྟན་པ་སྲུང་། །རྣལ་འབྱོར་བཀའ་ཉན་དམ་ལྡན་སྐྱོང་། །དམ་ཉམས་སྡིག་ཅན་ཀུན་སྒྲོལ་བའི། །ཆོས་སྐྱོང་མགོན་པོར་ཕྱག་འཚལ་བསྟོད། །

p. 290

བསྟན་སྲུང་མགོན་པོ་ནག་པོ་ལ། །རྐང་པ་བརྒྱད་ཀྱིས་བསྟོད་བྱས་པས། །དམ་ཅན་མགོན་པོ་ཐུགས་དགྱེས་ནས། །བདག་གིས་ཅི་འདོད་འགྲུབ་པར་མཛོད། །བདག་ཅག་འཁོར་དང་བཅས་པ་ཡི། །ནད་དང་གནོད་པ་ཞི་བ་དང་། །ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཐམས་ཅད་དབང་དུ་སྡུད་པ་དང་། །དགྲ་བགེགས་འཇོམས་པའི་ཕྲིན་ལས་མཛོད། །ཅེས་རྐང་པ་བརྒྱད་པའི་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཙཱ་བ་རོང་གླིང་ཆོས་འབར་གྱིས་བསྒྱུར་བའོ། །ལྔ་པ་ནི། བདག་ཉིད་ཀྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་སྲོག་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད་པས་མཉེས་ཤིང་། དེ་དག་གི་ཐུགས་དང་གཉིས་སུ་མེད་པར་བྱིན་རླབས་དང་ནུས་པ་ཐམས་ཅད་དང་། འཇིག་རྟེན་གྱི་དྲེགས་

p. 291

པ་ཅན་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སོགས་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་དབང་ཐང་དང་། སྣོད་ཀྱི་འབྱུང་བའི་ཁམས་ཀྱི་དྭངས་བཅུད་དང་ནུས་མཐུ་ཐམས་ཅད་བསྡུས་ཏེ་བདག་མདུན་གྱི་ཐུགས་ཀར་ཐིམ་པས་གཟི་བརྗིད་མཐུ་སྟོབས་ཚད་མེད་པར་གྱུར། ཅེས་དམིགས་པ་གསལ་བའི་ངང་ནས། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཌཱ་ཀི་ནི་ཤྭ་རི་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླ་ཞིང་། འཁོར་སྤྱི་ལ་ཕྲེང་སྔགས་ཤཱ་ས་ན་ཅི་འགྲུབ་བཟླས་པའི་མཐར་སྔགས་མཆོད་ལན་གསུམ་བྱ། དེ་དག་གིས་མདུན་དཀྱིལ་གྱི་རིམ་པ་གྲུབ། རྩ་བའི་བཞི་པ་ཐུན་མཚམས་གཏོར་མའི་བྱ་བ་ལ་གསུམ། འདས་པའི་གཏོར་མ། ཕྱི་རོལ་འཇིག་རྟེན་པ། ནང་དུ་འཇུག་པའོ། །དང་པོ་ནི། འདས་གཏོར་བདུད་རྩི་ལྟར་བྱིན་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཧཱུྃ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །རྡོ་རྗེ་མགོན་པོ་འཁོར་བཅས་རྣམས། །རང་བཞིན་གནས་ནས་

p. 292

སྐུ་བཞེངས་ལ། །འདིར་ནི་བསྟན་སྲུང་བཞུགས་སུ་གསོལ། །པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་གཏོར་མགྲོན་མདུན་རྟེན་དང་དབྱེར་མེད་བྱ། མགོན་པོ་གཙོ་འཁོར་གྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བདུད་རྩི་གསོལ་བས་དགྱེས་པར་གྱུར། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་། འཁོར་སྤྱིར་ཕྲེང་སྔགས་ཀྱི་མཐར། ས་པཱ་རི་ཝ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་གསུམ་གྱིས་འབུལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་པཉྩ་ཨ་མྲྀ་ཏ་མ་ཏངྒི་ཨཱཿཧཱུྃ། ཞེས་མཆོད། ཧཱུྃ། བདེ་གཤེགས་ཐུགས་རྗེའི་སྐུ་སྤྲུལ་པ། །སེམས་ཅན་ཡོངས་ལ་མགོན་སྐྱབས་མཛད། །འོག་མིན་གནས་ན་བཞུགས་པ་ལ། །རབ་ཏུ་བཏུད་དེ་ཕྱག་ཀྱང་འཚལ། །བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། །འདྲེན་པ་འཇིག་རྟེན་མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །འཇིག་རྟེན་ལ་གནས་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །

p. 293

ལྷ་ཆེན་འཇིགས་པའི་སྐུར་བསྟན་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་འདོད་དོན་གསོལ། གཉིས་པ་ནི། དེ་ནས་ཕྱི་རོལ་བླ་གབ་མེད་པར་རྒྱལ་ཆེན་ཞིང་སྐྱོང་དཔལ་མགོན་བཅས་ལ་གཏོར་མ་དང་། གནས་བདག་གཞི་བདག །བགེགས་དང་འབྱུང་པོ་བཅས་ལ་གཏོར་མ་ཆ་གསུམ་འབུལ་བར་གསུངས་པས། དེ་དག་གི་ཆོ་ག་ནི་ལོགས་སུ་འབྱུང་བ་བཞིན་བསྔོ་བར་བྱའོ། །གསུམ་པ་ནི། ཡི་གེ་བརྒྱ་པ་བརྗོད་བཞིན་དྲིའི་དུང་ཕོར་གྱི་ཆུས་ཉེ་རེག་སྤྱི་ལྟར་བྱ། སུམྦྷ་ནི་བཟླ་བཞིན་ནང་དུ་འོང་ལ། རང་ཉིད་སྐད་ཅིག་གིས་ཧཱུྃ་མཛད་དུ་གྱུར། ཨོཾ་བཛྲ་བྷེ་ག་ཏྲ་མ་ཧཱུྃ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ལ། ཨོཾ་ཨཱཿཧཱུྃ། དང་ཡིག་བརྒྱ་བརྗོད་བཞིན་དཀྱིལ་འཁོར་བསྐོར་ལ། ཤར་སྒོ་ནས་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་འབུལ་

p. 294

བས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཕྱོགས་བཞི་ནས་ཧཱུྃ་མཛད་ཀྱི་རྒྱས་བཀྲོལ་ལ། ཨོཾ་བཛྲ་ཨུདྒྷ་ཊ་ཡ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་སྒོ་རིམ་པར་ཕྱེས་ཏེ། ཨོཾ་ས་མ་ཡ་པྲ་ཝེ་ཤ་ཡ་མི། ཞེས་སྔར་ཕུལ་བའི་མེ་ཏོག་ཕྲེང་བ་རང་གི་མགོར་བཅིངས་ཕྱག་བྱས་ལ། སེམས་ཅན་རྣམས་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །ཅེས་གསོལ་བ་གདབ་བོ། །རྩ་བའི་ལྔ་པ་བདག་འཇུག་དབང་བླང་བ་ལ་གཉིས། དཀྱིལ་འཁོར་དུ་གཞུག་པ་དང་། ཞུགས་ནས་དབང་བསྐུར་དངོས་སོ། །དང་པོ་ལ་གཉིས། ཕྱི་འཇུག་དང་ནང་འཇུག་གོ། །དང་པོ་ལ་ལྔ་ལས་ཐོག་མར་ལས་ཐམས་ཅད་པའི་བུམ་པས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་འབུལ། གསོལ་བ་གདབ་པ་ནི། རྡོ་རྗེ་འཛིན་པ་མ་ལུས་དང་། །རྒྱལ་བ་མགོན་པོ་ཀུན་གྱི་གནས། །དབང་ཕྱུག་དམ་པའི་དཀྱིལ་འཁོར་དུ། །དབང་བསྐུར་གནང་བར་མཛད་དུ་གསོལ། །ལན་གསུམ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱེད་ནི་དགོངས་སུ་

p. 295

གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ། གནང་བ་སྦྱིན་པ་ནི། ཤིན་ཏུ་རྨད་དུ་བྱུང་བ་ཡི། །འདུལ་དཀའ་མ་ལུས་འདུལ་དོན་དུ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་མཛོད། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཞེས་བརྗོད། གཉིས་པ་ཆས་ཞུགས་བྱ་བ་ལ། སློབ་མ་ལས་ཆུས་བསང་། གུ་ཎ་ཧྲྀ་ད་བརྗོད། རང་ཉིད་སྐད་ཅིག་གིས་ཡེ་ཤེས་མགོན་པོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་པའི་སྐུར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཝསྟྲ་ཨཱཿཧཱུྃ། ཞེས་སྟོད་གཡོགས་ནག་པོ་བགོ །ཨོཾ་ཙཀྵུཿབྷནྡྷ་བ་ར་མ་ན་ཡེ་སྭཱ་ཧཱ། གདོང་གཡོགས་དམར་པོ་བཅིངས་ལ། ཨཱ་ཁཾ་བཱི་ར་ཧཱུྃ། མེ་ཏོག་ཕྲེང་བ་ཐོགས། གནས་གསུམ་དུ་དྲི་ཡིས་ཐིག་

p. 296

ལེ་བྱ། རང་གི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་རྣམས་ཀྱི་འོད་ཟེར་གྱིས་དྲི་མ་ཐམས་ཅད་སྦྱངས་ཤིང་ལུས་འོད་གསལ་བར་གྱུར། གསུམ་པ་སྡོམ་པ་གཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་གསོལ་བ་འདེབས། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་། །དམ་ཚིག་ཐམས་ཅད་སྦྱོང་བ་དང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བར་བདག་གིས་བསྒྲུབ་པར་བགྱི། །རྟེན་སོགས་དགེ་བ་འདི་དག་གིས། །རྣམ་པ་མཆོག་ཀུན་བདེན་པ་ཡི། །སངས་རྒྱས་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །གསུམ། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་

p. 297

ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །

p. 298

དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་དག་པ་ལ། །སྡོམ་པ་ཐམས་ཅད་ལེན་པར་བགྱི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་བརྗོད། བཞི་པ་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར་དྲི་བ་དྲིས་ལན་ནི། བདུད་རྩི་ལྕེར་བྱིན་ལ། ཨོཾ་ཨཱཿཧཱུྃ། ཞེས་

p. 299

བརྗོད། རིགས་ངེས་ཕྱིར། ཀྱེ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པའི་ལན་དུ། སློབ་མས། སྐལ་བཟང་བདག་ནི་བདེ་ཆེན་ལའོ། །འདུན་པ་ངེས་ཕྱིར། དེ་ནས་བུ་ལ་ཅི་ཞིག་བྱ། སློབ་མས། སངས་རྒྱས་མཆོག་གི་དམ་ཚིག་གོ། །ལྔ་པ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབུས་སུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ཁ་ཊྭཱཾ་ག་སྔོན་པོ་འོད་ཟེར་འབར་བ་ཅན་དུ་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡཱ་མི། ལན་གསུམ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་བརྟན་པར་བྱས་སོ། །དེ་ནས་ཚངས་སྐུད་དང་བཅས་པའི་ཁ་ཊྭཱཾ་ག་སྙིང་གར་བཙུགས་ལ། ཧཱུྃ། འདི་ནི་དམ་ཚིག་ཁ་ཊྭཱཾ་ག །མ་ཧཱ་ཀཱ་ལ་ཡིན་པར་གྲགས། །སྐུ་ལ་ཕྱག་མཚན་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །དམ་ཚིག་

p. 300

འདི་ནི་གཞན་དག་ལ། །སྨྲས་ན་ཁྱོད་ཀྱི་སྙིང་འགས་འགྱུར། །ཞེས་བརྗོད། གཉིས་པ་ནང་འཇུག་ལ་ལྔ་ལས། དང་པོ་གསོལ་བ་གདབ་ཅིང་ཕྱག་འཚལ་བ་ནི། གསང་ཆེན་ཁྱད་པར་འཕགས་པ་ཡི། །ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཆེ། །བླ་ན་མེད་པ་བསྟན་དུ་གསོལ། །དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ། །ལན་གསུམ། ལས་མགོན་གྲི་གུག་འོད་ཀྱིས་ཡོལ་བའི་ནང་དུ་དྲངས་པར་བསམ་ལ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། སིདྡྷྱ་མཾ། ཞེས་ཡོལ་བ་ཕྱེ། དཀྱིལ་འཁོར་བསྐོར་བ་དང་ཕྱོགས་བཞི་ནས་ཐལ་མོ་གནས་གསུམ་མགོ་བོ་འདུད་པ་རེ་བཅས། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ཤྲཱི་ཙཀྲ་སམྦ་ར་མ་ཧཱ་ཀཱ་ལ་ཡེ་ན་མོ། ན་མཿ ན་མ་ཏེཿ ན་མ་མིཿ ལན་བཞིར་ཕྱག་བྱ། གཉིས་པ་དམ་ལ་བཞག་པ་ལ། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔལ་ནག་པོ་ཆེན་པོའི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་དཔལ་ནག་པོ་ཆེན་པོའི་ཡེ་ཤེས་བསྐྱེད་པར་བྱ་སྟེ།

p. 301

ཡེ་ཤེས་ཀྱིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། སྨྲས་ན་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་དང་། རྡོ་རྗེ་སྤྱི་བོར་བཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་ཁར་བཞག་ལ། ཧཱུྃ། མ་ཧཱ་ཀཱ་ལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཞེས་བརྗོད། ཕན་ཡོན་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེའི་དམ་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་

p. 302

དངོས་གྲུབ་ནི། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ། རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་ལག་ཏུ་གཏད་ལ། དེང་ཕྱིན་བུ་ཁྱོད་ཀྱིས། དཔལ་མ་ཧཱ་ཀཱ་ལ་ང་ཡིན་གྱིས། དེས་ན་ངས་གང་བསྒོས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཡང་བརྙས་པར་མི་བྱ་སྟེ། ཁྱོད་དམ་ཚིག་འདས་ན་དམྱལ་བའི་གནས་སུ་སྐྱེ་བར་འགྱུར་ཏ་རེ། ཞེས་བརྗོད། གསུམ་པ་ཡེ་ཤེས་དབབ་པ་ལ། དང་པོ་མཎྜལ་འབུལ། ཐལ་མོ་སྦྱར་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་མ་ཧཱ་ཀཱ་ལའི་ལྷ་ཚོགས་བདག་ལ་དབབ་ཏུ་གསོལ། ལན་གསུམ། སློབ་མ་ལངས་ཏེ་ཐལ་མོ་སྙིང་གར་སྦྱར། སྟེང་འོག་རླུང་ཁ་སྦྱོར་ལ་དམིགས་པ་རྩེ་གཅིག་པས། རང་ཉིད་རྣམས་སྐད་ཅིག་གིས་དཔལ་མགོན་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་འཛིན་པ་

p. 303

ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་། ཉི་ཟླའི་སྟེང་ན་གར་མཛད་པ་དང་། བླ་མ་ཧེ་རུ་ཀ་ཡབ་ཡུམ་དུ་བཞུགས་པ་དང་། ད་ལའི་དབུས་ཀྱི་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། གྲུབ་པའི་གནས་ཐམས་ཅད་ནས་དཔལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་མགོན་པོ། ལས་ཀྱི་མགོན་པོ། ལྷ་མོ་ནག་མོ། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ་ལ་སོགས་པ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པ་ནམ་མཁའ་ལས་སྤྲིན་ཆད་པ་ལྟར་དང་། ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་སྙིང་ཁར་ཐིམ་པར་མོས་མཛོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་བཛྲ་ཀ་ཝུ་ཝ་ཀཱ་ལི་ཡེ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྤོས་རོལ་རྒྱ་ཆེར་བྱ། དེས་མ་ཕེབས་ན། སློབ་མའི་ལྟེ་བར་ཨཾ་ལས་ཉི་མ་ལ་གནས་པའི་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་གར་

p. 304

མཛད་པ་དང་། ནང་གི་ལྷ་རྣམས་ལས་འོད་ཟེར་འཕྲོས་པ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་གནས་གསུམ་གྱི་ཌཱཀྐི་མ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་བྱོན་པ་བ་སྤུའི་བུ་གར་ཐིམ་པས་ལུས་ངག་ཡིད་གསུམ་རྡོ་རྗེའི་རང་བཞིན་དུ་གྱུར་པར་མོས་མཛོད། ཡེ་ཤེས་འབེབ་རྫས་གུ་གུལ་ཤ་ཆེན་མགོན་སྤོས་རྣམས་བསྲེག །རོལ་མོ་སྣ་ཚོགས་དཀྲོལ་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཨཱ་བེ་ཤ་ཡ་ཝྃ་ཝྃ། ཨོཾ་མ་ཧཱ་ཀཱ་ལ་ཝ་པུ་ཥ་ཡ། ཌཱ་ཀི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ནི་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿཧཱུྃ། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་གྲངས་མང་བརྗོད་ལ། རྟགས་མ་བྱུང་བར་འབད་དོ། །དེ་ནས་རྡོ་རྗེ་མགོར་བཞག་ལ། ཨོཾ་བཛྲ་ཏིཥྛས་བརྟན་པར་བྱ། བཞི་པ་རིགས་དང་དངོས་གྲུབ་བརྟག་པ་ནི། མིག་རས་ཀྱི་འོག་ནས་སྣང་བ་བརྟགས། ཨོཾ་བཛྲ་ཨུཏྒྷ་ཊ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་དཀྱིལ་འཁོར་གྱི་སྒོ་ཕྱེས་ནས་ནང་དུ་

p. 305

ཞུགས་པར་མོས། ཁྲག་འཐུང་རྒྱལ་པོའི་གྲོང་ཁྱེར་མཆོག །དཀྱིལ་འཁོར་མཆོག་ནི་དམ་པ་འདིར། །བདག་གིས་སློབ་མ་གཞུག་པ་ནི། །རིགས་དང་དངོས་གྲུབ་གང་ཡིན་པ། །དེང་འདིར་གསལ་བར་འགྱུར་བར་ཤོག །ཅེས་བདེན་པ་བརྗོད། མེ་ཏོག་ཕྲེང་བ་ཐོགས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དཀྱིལ་འཁོར་དུ་དོར། སླར་སྤྱི་བོར་བཅིངས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་པུཥྤེ་པྲ་ཏི་གྲྀ་ཧྣ་ཧཱུྃ། ཞེས་ལྷ་ལ་གཏད། ལྔ་པ་དཀྱིལ་འཁོར་བསྟན་པ་ནི། རྡོ་རྗེ་དང་བཅས་ཏེ། ཨོཾ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛོད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་ཝ་ཧ་ར་པ་ཏྲ་ལཾ་ཧྲི། ཞེས་མིག་དར་དབྱེ། ད་ནི་དད་པའི་སྟོབས་ཀྱིས་ནི། །དཀྱིལ་འཁོར་འདི་ལ་ཡང་དག་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་སངས་རྒྱས་བྱིན་གྱིས་རློབས། །འགྲོ་བའི་

p. 306

ཕུན་ཚོགས་དངོས་གྲུབ་ཀུན། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཧེ་བཛྲ་པཱ་ཤྱ། ཞེས་རྟེན་བརྟེན་པའི་དཀྱིལ་འཁོར་མངོན་སུམ་མཐོང་བར་བསམ། གདུལ་བྱ་མཆོག་དམན་སྣ་ཚོགས་འདུལ་བའི་ངོར། །རྟེན་དང་བརྟེན་པ་སྣ་ཚོགས་སུ་ཤར་ཡང་། །དོན་དམ་ཆོས་སྐུའི་རང་བཞིན་རྣམ་པར་དག་པའོ། །ཞེས་དག་པ་བརྗོད། ཨོཾ། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ། རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང་། །ཨོཾ། གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོ། ཞེས་སྤྲོ་བ་བསྐྱེད། དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་བོ། །གཉིས་པ་ཞུགས་ནས་དབང་བསྐུར་བ་ལ། དངོས་གྲུབ་འབྱུང་བའི་རྒྱུད་ལས། བུམ་པ་སྤྱི་བོར་བྱིན་པ་དང་། །ཐོད་པའི་

p. 307

བདུད་རྩི་བླུག་པ་ཡིས། །གསང་བ་བདེ་ཆེན་ཡེ་ཤེས་ཉིད། །རང་བྱུང་དྲི་མེད་དབང་བསྐུར་བའོ། །ཞེས་གསུངས་པ་ལྟར་ལ་བཞི། བུམ་པ། གསང་བ། ཤེས་རབ་ཡེ་ཤེས། བཞི་པའོ། དང་པོ་ལ་གསུམ། ཐུན་མོང་རྡོ་རྗེ་སློབ་མའི་དབང་དང་། ཐུན་མིན་རྡོ་རྗེ་སློབ་དཔོན་དབང་། མཐའ་རྟེན་རྗེས་སུ་གནང་བའོ། །དང་པོ་ལ་ལྔ་ལས་ཐོག་མར་དབང་གི་དོན་དུ་མཎྜལ་འབུལ། གསོལ་བ་གདབ་པ་ནི། སངས་རྒྱས་རྡོ་རྗེ་ཅན་ཁྱོད་ཀྱིས། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་སྣ་ཚོགས་པ། །དེང་འདིར་བདག་ལ་སྩལ་དུ་གསོལ། །ལན་གསུམ། དང་པོ་མི་བསྐྱོད་པ་ཆུའི་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་འོད་ཀྱིས། །སློབ་མ་དྲངས་ཏེ་ཞལ་ཞུགས་སྐུའི་དབྱིབས་བརྒྱུད། །རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོ་རུ། །བྱང་ཆུབ་སེམས་སུ་ཞུ་བ་དེ་ཉིད་དང་། །དབང་རྫས་བུམ་ཐོད་མི་དམིགས་སྟོང་པར་སྦྱང་། །གུ་ཎ་ཧྲི་ད་བརྗོད་བཞིན་སློབ་མ་དབང་རྫས་ལས་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་པད་ཉིར་གྲི་ཐོད་

p. 308

ཧཱུྃ་གིས་མཚན། །ཡོངས་གྱུར་ཐུགས་ཀྱི་མགོན་པོ་ཡབ་ཡུམ་མཐིང་། །ཞལ་གཅིག་ཕྱག་བཞི་གྲི་ཐོད་རལ་རྩེ་གསུམ། །ཞེས་དང་། རིག་དབང་བཞི་ལ། སྟོང་ལས་པད་ཉིར་རིན་ཆེན་ཏྲཱྃ་གྱིས་མཚན། །ཡོངས་གྱུར་ཡོན་ཏན་མགོན་པོ་ཡབ་ཡུམ་སེར། །ཞལ་གཅིག་ཕྱག་གཉིས་རལ་གྲི་ཐོད་ཁྲག་བཅས། །ཞེས་དང་། སྟོང་ལས་པད་ཉིར་པདྨ་ཧྲཱིཿ ཡིས་མཚན། །ཡོངས་གྱུར་གསུང་གི་མགོན་པོ་ཡབ་ཡུམ་དམར། །ཞལ་གཅིག་ཕྱག་གཉིས་པདྨ་ཐོད་ཁྲག་བཅས། །ཞེས་དང་། སྟོང་ལས་པད་ཉིར་རལ་གྲི་ཁྃ་གིས་མཚན། །ཡོངས་གྱུར་ཕྲིན་ལས་མགོན་པོ་ཡབ་ཡུམ་ལྗང་། །ཞལ་གཅིག་ཕྱག་གཉིས་རལ་གྲི་ཐོད་ཁྲག་བཅས། །ཞེས་དང་། སྟོང་ལས་པད་ཉིར་འཁོར་ལོ་བྷྲཱུྃ་གྱིས་མཚན། །ཡོངས་གྱུར་སྐུ་ཡི་མགོན་པོ་ཡབ་ཡུམ་དཀར། །ཞལ་གཅིག་ཕྱག་གཉིས་འཁོར་ལོ་ཐོད་ཁྲག་བཅས། །གང་ལྟར་ཡང་། འཁྲིལ་སྦྱོར་རྒྱན་རྫོགས་

p. 309

སྐུར་གསལ་ཐུགས་ཀ་དང་། །བླ་མ་དཀྱིལ་འཁོར་གཙོ་བོའི་ཧཱུྃ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་གྱུར་ཅིང་། །སླར་ཡང་དབང་ལྷ་སད་པར་མཆོད་གསོལ་མཐུས། །དབང་བསྐུར་དྲི་སྦྱངས་རིགས་བདག་དབུར་བརྒྱན་ཏེ། །དབང་རྫས་ལྷ་ཉིད་འོད་ཞུ་བུམ་ཆུར་གྱུར། །དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དུ། ཞེས་བསྒྱུར། མཆན། ནམ་མཁའི་དབང་ལྷ་བདེ་སྦྱོར་བྱང་སེམས་ཞུ། །གཙོ་བོའི་སྤྱི་བོ་ནས་ཞུགས་སྐུའི་དབྱིབས་བརྒྱུད། །ཡུམ་མཁར་སློབ་མ་མགོན་པོར་གནས་དབང་བསྐུར། །པདྨ་ནས་ཐོན་ཤར་སྒོའི་དབང་སྟེགས་འཁོད། །ལྷོ་སྒོའི། ནུབ་སྒོའི། བྱང་སྒོའི། ཞེས་བསྒྱུར། མཆན། དཀྱིལ་འཁོར་པ་རྣམས་དགོངས་མཛད་དབང་བསྐུར་ཞིང་། །གཟུགས་སོགས་འདོད་ཡོན་ལྷ་མོས་རབ་མཆོད་དེ། །དཔའ་བོ་དཔའ་མོས་བཀྲ་ཤིས་གླུ་གར་བཅས། །ཞིང་སྐྱོང་ཚོགས་ཀྱིས་འཕན་གདུགས་རྒྱལ་མཚན་གྱིས། །མངའ་

p. 310

དབུལ་རོལ་མོའི་ཚོགས་དང་མེ་ཏོག་འཐོར། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མེ་ཏོག་འཐོར། རྣམ་བུམ་བཏེགས་ལ། ཧཱུྃ། མེ་ལོང་ཡེ་ཤེས་རང་བཞིན་ཏེ། །རྡོ་རྗེ་རིགས་ཀྱི་མགོན་པོ་ཡིས། །རྣམ་ཤེས་ཆུ་ཡི་དབང་བསྐུར་བས། །ཞེ་སྡང་རང་བཞིན་གནས་སུ་དག །ཨོཾ་མ་ཧཱ་ཀཱ་ལ་ཨུ་ད་ཀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བུམ་པ་མགོར་བཞག་བདུད་རྩི་མྱང་། ཐོད་པ་སྤྱི་བོར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩི་མྱང་ལ་བུམ་ཆུ་སྤྱི་བོར་འཐོར་ཞིང་། དབང་བསྐུར་སྐུ་གང་ཆུ་ལྷག་གཙུག་འཁྱིལ་བས། །

p. 311

མི་བསྐྱོད་དབུར་བརྒྱན་དབང་ལྷ་སློབ་མར་ཐིམ། །རིགས་ཀྱི་ལྷར་བྱས་ལྷ་མོས་མངོན་པར་མཆོད། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ། ཞེས་མཆོད། དེ་ལྟར་ཆུ་ཡི་དབང་ཐོབ་ཞེ་སྡང་དག །རྣམ་ཤེས་གནས་འགྱུར་མེ་ལོང་ཡེ་ཤེས་ཉིད། །མངོན་བྱས་མི་བསྐྱོད་རིགས་ཀྱི་དངོས་གྲུབ་འགྲུབ། །ཅེས་བརྗོད། གཉིས་པ་རིན་འབྱུང་མགོན་པོའི་དབུ་རྒྱན་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་འོད་ཀྱིས། །སོགས་ནས་གོང་ལྟར་ལ། དབུ་རྒྱན་དང་དབང་སྟེགས་ལྷོ་སྒོ་ཞེས་བསྒྱུར་སྟེ། དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མེ་ཏོག་འཐོར། དབུ་རྒྱན་ཅོད་པན་ཐོགས་ལ། ཧཱུྃ། མཉམ་ཉིད་ཡེ་ཤེས་རང་བཞིན་ཏེ། །རིན་ཆེན་རིགས་ཀྱི་མགོན་པོ་ཡིས། །ཚོར་བར་ཅོད་པན་དབང་བསྐུར་བས། །སེར་སྣ་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཏྣ་ཨ་བྷི་ཥཱིཉྩ་ཏྲཱྃ། ཞེས་དབུ་རྒྱན་བཅིངས། བུམ་པ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་

p. 312

གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་གཏོར་བླུགས་བྱ། དབང་བསྐུར་སྐུ་གང་ཆུ་ལྷག་གཙུག་འཁྱིལ་བས། །རིན་འབྱུང་དབུར་བརྒྱན་དབང་ལྷ་སློབ་མར་ཐིམ། རིགས་ཀྱི་ལྷར་བྱས་ལྷ་མོས་མངོན་པར་མཆོད། །ཨརྒྷཾ་སོགས་བརྗོད། དེ་ལྟར་དབུ་རྒྱན་དབང་ཐོབ་ང་རྒྱལ་དག །ཚོར་བ་གནས་འགྱུར་མཉམ་ཉིད་ཡེ་ཤེས་ཉིད། །མངོན་བྱས་རིན་འབྱུང་རིགས་ཀྱི་དངོས་གྲུབ་འགྲུབ། །ཅེས་བརྗོད། གསུམ་པ་སྣང་མཐའ་མགོན་པོའི་རྡོ་རྗེའི་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོ་ཐུགས་འོད་ཀྱིས། །སོགས་ཀྱིས་གོང་ལྟར་ལ་རྡོ་རྗེ་དང་དབང་སྟེགས་ནུབ་སྒོ་ཞེས་བསྒྱུར་ལ། དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མེ་ཏོག་འཐོར། རྡོ་རྗེ་དང་པདྨ་ཐོགས་ལ། ཧཱུྃ། སོར་རྟོགས་ཡེ་ཤེས་རང་བཞིན་ཏེ། །གསུང་གི་རིགས་ཀྱི་མགོན་

p. 313

པོ་ཡིས། །འདུ་ཤེས་པདྨའི་དབང་བསྐུར་བས། །འདོད་ཆགས་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ལག་གཡས་སུ་གཏད། བུམ་པ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་གཏོར་བླུགས་བྱ། དབང་བསྐུར་སྐུ་གང་ཆུ་ལྷག་གཙུག་འཁྱིལ་བས། །སྣང་མཐས་དབུར་བརྒྱན་དབང་ལྷ་སློབ་མར་ཐིམ། རིགས་ཀྱི་ལྷར་བྱས་ལྷ་མོས་མངོན་པར་མཆོད། །ཨརྒྷཾ་སོགས་བརྗོད། དེ་ལྟར་རྡོ་རྗེའི་དབང་ཐོབ་འདོད་ཆགས་དག །འདུ་ཤེས་གནས་འགྱུར་སོར་རྟོག་ཡེ་ཤེས་ཉིད། །མངོན་བྱས་སྣང་མཐའི་རིགས་ཀྱི་དངོས་གྲུབ་འགྲུབ། །ཅེས་བརྗོད། བཞི་པ་དོན་གྲུབ་མགོན་པོའི་དྲིལ་བུའི་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོའི་

p. 314

ཐུགས་འོད་ཀྱིས། །སོགས་ཀྱིས་གོང་ལྟར་ལ། དྲིལ་དང་དབང་སྟེགས་བྱང་སྒོ་ཞེས་བསྒྱུར་ལ། དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མེ་ཏོག་འཐོར། དྲིལ་བུ་རྒྱ་གྲམ་ཐོགས་ལ། ཧཱུྃ། བྱ་གྲུབ་ཡེ་ཤེས་རང་བཞིན་ཏེ། །ཕྲིན་ལས་རིགས་ཀྱི་མགོན་པོ་ཡིས། །འདུ་བྱེད་ལས་ཀྱི་དབང་བསྐུར་བས། །ཕྲག་དོག་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཁཾ། ལག་གཡོན་དུ་གཏད། བུམ་པ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་གཏོར་བླུགས་བྱ། དབང་བསྐུར་སྐུ་གང་ཆུ་ལྷག་གཙུག་འཁྱིལ་བས། །དོན་གྲུབ་དབུར་བརྒྱན་དབང་ལྷ་སློབ་མར་ཐིམ། རིགས་ཀྱི་ལྷར་བྱས་ལྷ་མོས་མངོན་པར་མཆོད། །ཨརྒྷཾ་སོགས་བརྗོད། དེ་ལྟར་དྲིལ་བུའི་དབང་

p. 315

ཐོབ་ཕྲག་དོག་དག །འདུ་བྱེད་གནས་འགྱུར་བྱ་གྲུབ་ཡེ་ཤེས་ཉིད། །མངོན་བྱས་དོན་གྲུབ་རིགས་ཀྱི་དངོས་གྲུབ་འགྲུབ། །ཅེས་བརྗོད། ལྔ་པ་རྣམ་སྣང་མགོན་པོའི་མིང་གི་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་འོད་ཀྱིས། །སོགས་ཀྱིས་གོང་ལྟར་ལ། མིང་དང་དབང་སྟེགས་ཤར་སྒོ་ཞེས་བསྒྱུར། དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མེ་ཏོག་འཐོར། རྡོར་དྲིལ་ཐོགས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། །སྐུ་ཡི་རིགས་ཀྱི་མགོན་པོ་ཡིས། །གཟུགས་ལ་མིང་གི་དབང་བསྐུར་བས། །གཏི་མུག་རང་བཞིན་གནས་སུ་དག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བུདྡྷ་ན་མཿཨ་བྷི་ཥིཉྩ་བྷྲཱུྃ། ཀྱེ། དཔལ་སངས་རྒྱས་མགོན་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿ རྡོར་དྲིལ་སྤྱི་བོར་དཀྲོལ། རྡོ་རྗེ་མགོན་པོ། ཡོན་ཏན་མགོན་པོ། གསུང་གི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ་ཞེས་བསྒྱུར། མཆན། བུམ་པ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་

p. 316

གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་གཏོར་བླུགས་བྱ། དབང་བསྐུར་སྐུ་གང་ཆུ་ལྷག་གཙུག་འཁྱིལ་བས། །རྣམ་སྣང་དབུ་བརྒྱན་དབང་ལྷ་སློབ་མར་ཐིམ། རིགས་ཀྱི་ལྷར་བྱས་ལྷ་མོས་མངོན་པར་མཆོད། །ཨརྒྷཾ་སོགས་བརྗོད། དེ་ལྟར་མིང་གི་དབང་ཐོབ་གཏི་མུག་དག །གཟུགས་ཕུང་གནས་འགྱུར་ཆོས་དབྱིངས་ཡེ་ཤེས་ཉིད། །མངོན་བྱས་རྣམ་སྣང་རིགས་ཀྱི་དངོས་གྲུབ་འགྲུབ། །ཅེས་བརྗོད། གཉིས་པ་ནི། མཎྜལ་འབུལ། གསོལ་བ་གདབ་པ་ནི། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བའི་མཚན་མ་མེད་བྱེད་པ། །དེ་ནི་དེང་འདིར་མཛད་དུ་གསོལ། །ལན་གསུམ། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་འོད་ཀྱིས། །སློབ་མ་དྲངས་ཏེ་ཞལ་ཞུགས་སྐུའི་དབྱིབས་བརྒྱུད། །

p. 317

རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨོ་རུ། །བྱང་ཆུབ་སེམས་སུ་ཞུ་བ་དེ་ཉིད་སྦྱངས། །གུ་ཎ་ཧྲྀ་དས་སློབ་མ་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་པད་ཉིར་རྡོར་དྲིལ་ཧཱུྃ་གིས་མཚན། །ཡོངས་གྱུར་ཐུགས་ཀྱི་མགོན་པོ་ཡབ་ཡུམ་མཐིང་། །ཞལ་གཅིག་ཕྱག་བཞི་རྡོར་དྲིལ་རལ་རྩེ་གསུམ། །འཁྲིལ་སྦྱོར་རྒྱན་རྫོགས་སྐུར་གསལ་ཐུགས་ཀ་དང་། །བླ་མ་དཀྱིལ་འཁོར་གཙོ་བོའི་ཧཱུྃ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་གྱུར་ཅིང་། །སླར་ཡང་དབང་ལྷ་སད་པར་མཆོད་གསོལ་མཐུས། །ནམ་མཁའི་དབང་ལྷ་བདེ་སྦྱོར་བྱང་སེམས་ཞུ། །གཙོ་བོའི་སྤྱི་བོ་ནས་ཞུགས་སྐུའི་དབྱིབས་བརྒྱུད། །ཡུམ་མཁར་སློབ་མ་མགོན་པོར་གནས་དབང་བསྐུར། །པདྨ་ནས་ཐོན་ཤར་སྒོའི་དབང་སྟེགས་འཁོད། །ཅེས་བརྗོད། དབང་རྫས་རྡོར་དྲིལ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་དང་ཨཱཿལས་སྐྱེས་པའི་རྡོ་རྗེ་དྲིལ་བུར་གྱུར།

p. 318

རྡོ་རྗེ་གསོར་ཞིང་ཐུགས་ཀར་གཏོད། ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། གཡོན་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། ཨཱཿ འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་བཛྲ་གྷནྜེ་ཨཱཿ རྡོར་དྲིལ་འཁྱུད་རྒྱ་བྱ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་མཐའ་རྟེན་དུ་ཆུ་དབང་ནི། དཀྱིལ་འཁོར་པ་རྣམས་དགོངས་མཛད་དབང་བསྐུར་ཞིང་། །གཟུགས་སོགས་འདོད་ཡོན་ལྷ་མོས་རབ་མཆོད་དེ། །དཔའ་བོ་དཔའ་མོས་བཀྲ་ཤིས་གླུ་

p. 319

གར་བཅས། །ཞིང་སྐྱོང་ཚོགས་ཀྱིས་འཕན་གདུགས་རྒྱལ་མཚན་གྱིས། །མངའ་དབུལ་རོལ་མོའི་ཚོགས་དང་མེ་ཏོག་འཐོར། །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །མེ་ཏོག་འཐོར། རྣམ་བུམ་ཐོགས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། དེ་ཉིད་བརྟན་པའི་ཕྱིར་གྲི་ཐོད་ཀྱི་དབང་བསྐུར་ལག་ཏུ་བྱིན་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཀརྟ་རི་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། དབང་བསྐུར་སྐུ་གང་ཆུ་ལྷག་གཙུག་འཁྱིལ་བས། །རྡོར་སེམས་དབུར་བརྒྱན་དབང་ལྷ་སློབ་མར་

p. 320

ཐིམ། རིགས་ཀྱི་ལྷར་བྱས་ལྷ་མོས་མངོན་པར་མཆོད། །ཨརྒྷཾ་སོགས་ཀྱིས་མཆོད། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བརྗོད། འོ། དེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་པས། རྡོ་རྗེ་ཐེག་པའི་ལམ་ནས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་དབང་བ་ཡིན་ནོ། །ཞེས་བརྗོད། གསུམ་པ་ནི། འདི་ལ་བཞི་ལས་དང་པོ་བཟླས་ལུང་ནི། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ལན་གསུམ། སློབ་དཔོན་གཙོ་བོའི་ཐུགས་ཀའི་སྔགས་འཁོར་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། སློབ་མའི་ཁར་ཞུགས། སྙིང་ཁར་ཉི་སྟེང་ཧཱུྃ་གི་མཐར་འཁོར་བར་མོས་ལ། ཨོཾ་མ་ཧཱ་ཀཱ་ལ་

p. 321

ཧཱུྃ་ཕཊ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ལན་གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །མེ་ཏོག་མགོར་བཞག །གཉིས་པ་དམ་ཚིག་གི་རྗེས་གནང་ནི། རྡོ་རྗེའི་གྲི་གུག་ཐོད་ཁྲག་དང་། །རལ་གྲི་དང་ནི་ཁ་ཊྭཱཾ་ག །ཕྱག་རྒྱའི་གཟུགས་སྟེ་དམ་ཚིག་གིས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྦྱིན་སྲེག་ལ་སོགས་ལས་ལ་དབང་། །ཨོཾ་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཕྱག་མཚན་བཞི་གཏད། གསུམ་པ་ལས་སྒྲུབ་པར་གདམས་པ་ནི། ཐམས་ཅད་བྱམས་པའི་སེམས་ལྡན་པའི། །བླ་མ་ལ་སྨོད་བསྟན་ལ་སྡང་། །དཀོན་མཆོག་གསུམ་ལ་གནོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །ཞི་རྒྱས་དབང་དྲག་ལས་ལ་སྦྱོར། །དེ་རིང་མ་ཧཱ་ཀཱ་ལར་གྱུར། །རྡོ་རྗེ་ཅན་གྱི་རིགས་སུ་སྐྱེས། །མི་འཇིགས་ཁྱོད་ལ་སྡིག་པ་མེད། །དུས་སུ་ནག་པོ་ཆེན་པོ་མཆོད། །རྡོ་རྗེ་འཛིན་པ་

p. 322

ཇི་བཞིན་དུ། །འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོགས་ཁྲག་མཚོ་ཁོལ་མ་ནས་བཤད་པའི་རྗེས་གནང་སྐོར་རྣམས་སྤྲོ་ན་འདིར་བྱ། བཞི་པ་བསྙེན་སྒྲུབ་ཀྱི་རྗེས་གནང་སྦྱིན་པ་ནི། ཁྱོད་ལ་སྐུ་གསུང་ཐུགས་ཉིད་ཀྱིས། །མཐུ་སྟོབས་ནུས་པ་རྫུ་འཕྲུལ་རྣམས། །ཞི་རྒྱས་ལ་སོགས་ལས་ཆེ་ཕྲ། །ད་ལྟ་ཉིད་དུ་འདིར་ཐོབ་འགྱུར། །དཔལ་ལྡན་ནག་པོ་འཁོར་བཅས་ལ། །ཕྱི་ནང་གསང་གསུམ་གྱིས་མཆོད་ཅིང་། །ལྷ་མོ་ལས་མཁན་བསྐུལ་བའི་ཕྱིར། །རྡོ་རྗེ་དྲིལ་བུ་ཌཱ་མ་རུ། །རྣལ་འབྱོར་སྤྱོད་ཕྱིར་སྦྱིན་པར་བྱ། །ཡང་དག་དོན་ལྡན་མཆོག་དོན་དུ། །རྣལ་འབྱོར་དབང་ཕྱུག་བརྟུལ་ཞུགས་ལྡན། །གསང་བ་འཛིན་པར་གྱུར་པ་ནི། །ནམ་ཡང་འབྲལ་བར་མ་བྱེད་ཅིག །ཅེས་ཌཱ་དྲིལ་གཏད། གསང་བ་འཛིན་པའི་རྗེས་གནང་ངོ་། །དེ་ལྟར་ཕྱི་རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་པའི་རིམ་པ་བསྒོམ་

p. 323

པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་དང་ལྡན་པར་བྱས་པའོ། །ཞེས་དག་པ་སྦྱིན། གཉིས་པ་ནི། འདི་ལ་གསུམ་ལས་དང་པོ་གསོལ་བ་གདབ་པ་ནི། རྡོ་རྗེ་འཛིན་པ་མ་ལུས་དང་། །རྒྱལ་བ་མགོན་པོ་མ་ལུས་པ། །དབང་ཕྱུག་དམ་པའི་འཁོར་ལོ་ཡི། །དབང་བསྐུར་བདག་ལ་སྩལ་དུ་གསོལ། །ལན་གསུམ། འབྲུ་གསུམ་གྱིས་གདོང་གཡོགས་བཅིངས། གཉིས་པ་དབང་དངོས་ལ་དམིགས་པ་ནི། སློབ་དཔོན་ཡེ་ཤེས་མགོན་པོ་ཕྱག་བཞི་པར་གསལ་བའི་ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་དམར་པོ་འདབ་མ་གསུམ་པ། གཉིས་ཀའི་བུ་ག་ཕཊ་ཀྱིས་བཀག་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་ཧ་ཧ་དང་སི་སི་ཀུནྟུ་རུ་དྷིཀྲ་ཞེས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དཔའ་བོ་ཡབ་ཡུམ་རྣམས་སྤྱན་དྲངས་སྤྱི་བོ་ནས་ཞུགས།

p. 324

འཁོར་ལོ་བཞི་རིམ་གྱིས་བརྒྱུད་དེ་བྱང་ཆུབ་སེམས་སུ་ཞུ་ནས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པར་མོས་ལ། སློབ་མ་འོད་དཔག་མེད་དུ་གསལ་བའི་ལྕེར་བདུད་རྩི་བཞག ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ངག་གི་སྒྲིབ་པ་དག་བྱེད་པ། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད། དེ་ལྟར་བླ་མ་ཡབ་ཡུམ་གྱི་བྱང་སེམས་ཀྱི་བདུད་རྩི་དེས་ལུས་ཀྱི་རྩ་གནས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ། བདེ་སྟོང་དབྱེར་མེད་གསང་དབང་གི་ངོ་བོ་རྒྱུད་ལ་སྐྱེས། གསུང་རྣམ་དག་འོད་དཔག་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་དང་། འབྲུ་གསུམ་གྱིས་གདོང་གཡོགས་བསལ། དེས་གསུང་ཡི་གེའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་དང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་དང་ལྡན་

p. 325

པར་བྱས་པའོ། །ཞེས་དག་པ་སྦྱིན། གསུམ་པ་མཐའ་རྟེན་ལུང་བསྟན་པ་ནི། སློབ་དཔོན་གཡས་རྡོ་རྗེ་བཅས་མི་འཇིགས་པའི་རྒྱ་དང་། གཡོན་དྲིལ་བུ་བཅས་ཆོས་གོས་གྲ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ཏེ། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ། དཔལ་རྡོ་རྗེ་མགོན་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་གྲུབ་པ་ས་གསུམ་གྱི་བདག་པོར་འགྱུར་རོ། །གང་དག་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་དེ་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་བརྗོད། གསུམ་པ་ནི། འདི་ལ་གསུམ་ལས་དང་པོ་གསོལ་བ་གདབ་པ་ནི། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །རྡོ་རྗེ་རྣལ་འབྱོར་

p. 326

གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །གཙོ་བོས་བདག་ཀྱང་མཛད་དུ་གསོལ། །ལན་གསུམ། འབྲུ་གསུམ་གྱིས་གདོང་གཡོགས། གཉིས་པ་དབང་དངོས་ནི། སློབ་མ་མགོན་པོར་གསལ་བ་ལ་རིག་མ་གཏུམ་མོའི་རང་བཞིན་དུ་གནས་པ་གཏད་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །འཁོར་ལོ་བཞི་ཡི་རིམ་པ་ཡིས། །བདེ་བ་མཆོག་ནི་མྱོང་བར་གྱིས། །རིག་མས། དཔའ་བོ་བྱང་ཆུབ་སེམས་བྱ་བར། །བུ་ཁྱོད་སྤྲོ་བ་མིན་ནམ་ཅི། །རིགས་ལྔ་དག་ལས་བྱུང་བ་ཡི། །རིག་མ་མཆོད་པར་བྱེད་ནུས་སམ། །ཞེས་དྲིས་པའི་ལན་དུ། ཇི་ལྟར་གསུངས་པའི་དམ་ཚིག་ལ། །ལྷ་མོར་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་རྟག་གུས་ཅིས་མི་བགྱིད། །པདྨར་མཆོད་པ་ཅིས་མི་སྤྲོ། །ཞེས་བསྐུལ་བས། ང་ཡི་པདྨོ་མཛེས་པ་འདི། །ཐར་པའི་སྣོད་ནི་དམ་

p. 327

པ་སྟེ། །པདྨོར་འོ་བྱེད་མཆོད་པ་ན། །དེ་ཡི་མདུན་དུ་བདག་གནས་སོ། །བཛྲ་མོཀྵ་ཧོ། ཞེས་གསུངས་ནས་ལྷ་མོ་པང་དུ་བྱོན་ནས་འཁྱུད་པས་ཐིག་ལེ་སྤྱི་བོ་ནས་མགྲིན་པར་སླེབས་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་ཁྱད་པར་དགའ་བ། གསང་གནས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་ཡས་བབས་ཀྱི་དགའ་བ་བཞི་དང་། སླར་ཡང་སྔར་བཞིན་གྱེན་དུ་ལྡོག་པ་མས་བརྟན་གྱི་དགའ་བཞི་མངོན་དུ་བྱས་ཏེ་བདེ་སྟོང་དབྱེར་མེད་ཟག་པ་མེད་པའི་ཏིང་འཛིན་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཞེས་དཔེ་དོན་ངོ་སྤྲད། འབྲུ་གསུམ་གྱིས་མིག་རས་བསལ། དེས་ཐིག་ལེ་བདེ་བའི་དཀྱིལ་འཁོར་དུ་ཤེས་རབ་མ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་

p. 328

འགྲུབ་པའི་སྐལ་བ་དང་ལྡན་པར་བྱས་པའོ། །ཞེས་དག་པ་སྦྱིན། གསུམ་པ་མཐའ་རྟེན་དབུགས་དབྱུང་བ་ནི། འདོད་དང་བྲལ་བ་ལྟ་བུ་ནི། །ཁམས་གསུམ་ན་ནི་སྡིག་མེད་དོ། །དེ་བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་བརྗོད། བཞི་པ་ནི། འདི་ལ་གསུམ་ལས་དང་པོ་གསོལ་བ་གདབ་པ་ནི། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་བསྐྱང་དུ་གསོལ། །ལན་གསུམ། འབྲུ་གསུམ་གྱིས་མིག་དར་འཆིང་། གཉིས་པ་དབང་དངོས་ནི། དེའང་སེམས་ཉིད་རིག་སྟོང་མ་བཅོས་པ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཁམས་

p. 329

གསུམ་པོ་ནི་མ་ལུས་པ། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པའོ། །ཞེས་མགོན་པོ་དངོས་གྲུབ་འབྱུང་བའི་ལེའུ་དང་པོ་ལས་གསུངས་སོ། །ཞེས་ངོ་སྤྲོད་གདབ། འབྲུ་གསུམ་གྱིས་མིག་དར་བཀྲོལ། དེ་ལྟར་སྙིང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །བདེན་གཉིས་ཟུང་འཇུག་གི་རྫོགས་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་གྱུར་པའི་སྐལ་བ་དང་ལྡན་པར་བྱས་པའོ། །ཞེས་དག་པ་སྦྱིན། གསུམ་པ་མཐའ་རྟེན་གཟེངས་བསྟོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །ཁྱེད་རྣམས་བདེ་བར་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །

p. 330

སླར་ཁྱོད་མཆི་བ་ཡོད་མིན་ཏེ། །མི་ཐུབ་པ་དང་མི་ཆོད་པ། །ཅིས་ཀྱང་མི་འཇིག་དགའ་བར་གྱིས། །ཞེས་དང་། གསང་མཆོག་འདིར་ནི་ལེགས་གནས་པ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེ་རིང་ཁྱོད་དབང་བསྐུར། །ཁམས་གསུམ་འདིར་ནི་ཁྱོད་དབང་ཕྱུག །ཁྲག་འཐུང་ཆེན་པོར་བསྟན་པ་ཡིན། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་རིང་ཐོབ་པ་གདོན་མི་ཟ། །ཞེས་བརྗོད། རྗེས་སུ་དམ་ཚིག་བསྒྲག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །སྐད་ཅིག་ཙམ་ཡང་མི་སྤང་ངོ་། །གསང་བའི་རྟེན་དང་བདེ་གཤེགས་བཀའ། །ནམ་ཡང་འབྲལ་བར་མི་བྱའོ། །ཐེག་པ་ཀུན་ལ་མི་སྨད་ཅིང་། །བྱང་ཆུབ་སེམས་ཀྱང་བཟུང་བར་བྱ། །ཟབ་མོའི་དོན་ལ་སྐུར་པ་སྤང་། །རྡོ་རྗེ་སྤུན་དང་སྲུང་མ་ལ། །སྤོང་ལེན་ཁྱད་

p. 331

གསོད་རྟག་ཏུ་སྤོང་། །གསང་སྔགས་དམ་ཚིག་མི་སྤོང་དང་། །དམ་རྫས་རྟེན་རྫས་མི་སྤོང་དང་། །ཆོས་དང་གང་ཟག་ཁྱད་མི་གསོད། །བསླབ་དང་སྡོམ་ལ་གུས་པ་དང་། །རྒྱུད་དང་སྒྲུབ་ཐབས་མི་སྤེལ་དང་། །ཆོས་ཀྱི་ནོར་རྫས་མི་ལེན་དང་། །དམ་ཉམས་སྣོད་མིན་མི་འགྲོགས་དང་། །དོན་མེད་ལས་ལ་མི་སྦྱོར་བ། །ཆོས་སྐྱོང་བཀའ་ཡི་དམ་ཚིག་ཡིན། །ཞེས་ཁྲག་མཚོ་ཁོལ་མའི་རྒྱུད་ལས་སོ། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་གུས། འདི་ནི་སངས་རྒྱས་ཀུན་དང་མཉམ། །སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། བླ་མའི་ཞབས་ལ་ཕྱག་འཚལ་མཎྜལ་འབུལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་དང་ནི་ནག་པོ་ཆེ། །དེ་ཡི་མཁའ་འགྲོ་མ་ཚོགས་ཀྱི། །རྟག་ཏུ་དམ་ཚིག་ལ་གནས་ཤོག །

p. 332

དེང་བདག་སྐྱེ་བ་འབྲས་བུར་བཅས། །རྡོ་རྗེའི་རིགས་སུ་ད་གྱུར་ཏོ། །ཞེས་བདག་འཇུག་བླངས་པ་གྲུབ་ནས། གཞན་དོན་སློབ་མའི་དོན་བྱ་སྐབས་གསོལ་བ་གདབ་པ་ནི། ཨོཾ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །དཔལ་ལྡན་མགོན་པོར་བདག་གྲུབ་མཛོད། །དྲིལ་གསིལ་བཅས་ལན་གསུམ་བརྗོད། དྲུག་པ་ནི། དངོས་གྲུབ་འབྱུང་བའི་རྒྱུད་ལས། དཔལ་ལྡན་ནག་པོ་ཆེན་པོ་དང་། །བླ་མ་ཐ་དད་མེད་པ་ལ། །ཚོགས་ཀྱི་འཁོར་ལོས་ལེགས་མཆོད་དེ། །ཞབས་ལ་གཏུགས་ནས་གསོལ་བ་གདབ། །འདི་ནི་ཐོབ་པ་ཙམ་གྱིས་ནི། །ཕྲིན་ལས་ཀུན་གྲུབ་བྱེད་པ་སྟེ། །ཞེས་གསུངས་པ་ལྟར། སྐབས་འདིར་ཚོགས་ཀྱི་མཆོད་པ་འབུལ་བར་བྱ་སྟེ། དེའང་རིན་པོ་ཆེའི་སྣོད་དུ་ཐབས་ཤེས་ཀྱི་རྫས་ཕུན་སུམ་ཚོགས་པའི་ཚོགས་གཏོར་དཀར་ཐིག་དམར་གུར་གྱིས་སྤྲས་པ་བ་ལིང་དང་མ་དཱ་ན་སྤུངས་པ་ལེགས་པར་བཤམས། ཆུ་ཆང་ནང་མཆོད་ཀྱིས་བྲན་ལ་བདུད་རྩི་ལྟར་བྱིན་བརླབ། རྡོར་ཐལ་ཁ་ཕྱེ་བའི་རྒྱ་བཅས། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་

p. 333

ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པ་ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁཱ་ཧི། རྟེན་འབྲེལ་གྱི་རྩ་བ་མ་དང་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ། སྤོས་རོལ་དབྱངས་བཅས། ཧཱུྃ། རང་བྱུང་བདེ་ཆེན་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་ནི། །རིག་འཛིན་གྲུབ་ཐོབ་ཚོགས་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབུ་ལ་

p. 334

ཐོར་ཚུགས་ལྡེམས་སེ་ལྡེམ། །རིན་ཆེན་སྙན་ཆ་ཁྲ་ལ་ལ། །ཕྱག་ཞབས་གདུ་བུ་སི་ལི་ལི། །རུས་པའི་རྒྱན་ཆ་ཤིགས་སེ་ཤིག །གནས་ཁང་འདི་ལ་བྱིན་ཅིག་ཕོབས། །ཚོགས་གཏོར་ཟག་མེད་བདུད་རྩིར་བསྒྱུར། །རྣལ་འབྱོར་ཕོ་མོའི་ཉམས་རྟོགས་སྤོར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ན་མོ་རཏྣ་གུ་རུ་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། འོག་མིན་སྣང་མཛད་དུར་ཁྲོད་ནས། །ཁྲག་འཐུང་རྒྱལ་པོ་ཕྱག་བཞི་པ། །དགྱེས་ཡུམ་རྣལ་འབྱོར་མ་བཞི་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །འཇིགས་རུང་གཟི་བརྗིད་ཡ་ལ་ལ། །ཧཱུྃ་ཕཊ་བཞད་སྒྲ་དི་རི་རི། །སྙིང་རྗེ་རྔམ་ཁྲོས་ཏ་ལ་ལ། །གར་དགུའི་རོལ་སྟབས་ཁྲིགས་སེ་ཁྲིག །གནས་ཁང་འདི་ལ་བྱིན་ཅིག་ཕོབས། །ཚོགས་གཏོར་ཟག་མེད་བདུད་རྩིར་

p. 335

བསྒྱུར། །རྣལ་འབྱོར་ཕོ་མོའི་ཉམས་རྟོགས་སྤོར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་ཡོ་གཱི་ནི་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། ཕྱོགས་མཚམས་འཇིགས་པའི་དུར་ཁྲོད་ནས། །སྤྲུལ་པའི་མགོན་ཆེན་ཡབ་ཡུམ་བརྒྱད། །སྒོ་མཚམས་དཔའ་མོའི་ཚོགས་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །འཇིགས་རུང་གཟི་བརྗིད་ཡ་ལ་ལ། །ཧཱུྃ་ཕཊ་བཞད་སྒྲ་དི་རི་རི། །སྙིང་རྗེ་རྔམ་ཁྲོས་ཏ་ལ་ལ། །གར་དགུའི་རོལ་སྟབས་ཁྲིགས་སེ་ཁྲིག །གནས་ཁང་འདི་ལ་བྱིན་ཅིག་ཕོབས། །ཚོགས་གཏོར་ཟག་མེད་བདུད་རྩིར་བསྒྱུར། །རྣལ་འབྱོར་ཕོ་མོའི་ཉམས་རྟོགས་སྤོར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་ཡོ་གཱི་ནི་ས་པཱ་རི་ཝཱ་ར་ག་ཎ་

p. 336

ཙཀྲ་པཱུ་ཛ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། བསིལ་བ་ཚལ་དང་འཇིགས་རུང་ལྷོ། །གནས་དང་ཡུལ་གྱི་དུར་ཁྲོད་ནས་། །ལས་ཀྱི་མགོན་པོ་དཔལ་ལྷ་མོ། །ཤ་ཟའི་མགོན་པོ་ལྕེ་སྤྱང་གདོང་། །ཞིང་སྐྱོང་ཉེར་བཞི་དཔལ་མགོན་བཅས། །ཕོ་ཉ་ཡང་སྤྲུལ་རྡུལ་ལྟར་འཚུབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ཁང་འགྲིམས་ཤིང་རྣལ་འབྱོར་སྐྱོངས། །སྒྲུབ་ལ་བར་གཅོད་དགྲ་བགེགས་སྒྲོལ། །ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ། ཀ་ཀ་མུ་ཁ། དེ་ཝི་ཀཱ་ལི། སིངྷ་མུ་ཁ། ཛམྦུ་ཀ་སྱ་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་རོལ་མོ་དང་བཅས་བར་སྐབས་སུ་ཚོགས་ཕུད་འདས་གཏོར་དུ་བསྟབ་ལ་གསོ་བྲན་བྱ། བདུད་རྩི་ལྟར་བྱིན་བརླབ། བདག་བསྐྱེད་ནི། མགོན་པོ་གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་རྡོ་རྗེར་གྱུར་པའི་འོད་ཀྱི་སྦུ་གུས་ཚོགས་གཏོར་བདུད་རྩི་རྒྱ་མཚོའི་

p. 337

བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་མཉེས་ནས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་གྱུར་པར་བསམ་ལ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་། འཁོར་སྤྱི་ཕྲེང་སྔགས་ཀྱི་མཐར། ས་པཱ་རི་ཝཱ་ར་གཱ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་འབུལ་ཞིང་། རྡོ་རྗེ་འཆང་ཆེན་གསང་བདག་སློབ་དཔོན་ཀླུ། །ཀེ་པ་རཏྣ་བཛྲ་གྷནྜེ་པ། །ཛཱ་ལནྡྷ་ར་གྲུབ་ཆེན་ནག་པོའི་ཞབས། །སྤྱོད་མཛད་ཆོས་རྡོར་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཨ་ཝ་དྷཱུ་ཏི་ཁ་ཆེ་བྱང་ཆུབ་བཟང་། །དགའ་བའི་རྡོ་རྗེ་རྡོ་རྗེ་གདན་ཆེན་པོ། །ཨ་བྷྱ་ཀ་ར་ཙ་མི་སངས་རྒྱས་གྲགས། །དཔལ་ཆེན་རྒྭ་ལོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཆོས་རྗེ་ཕག་མོ་གྲུ་པ་རྒྱ་ཀུན་མཁྱེན། །རྩ་གྲགས་པ་དང་རིན་གཞོན་རིན་ཆེན་གྲགས། །རིན་ཆེན་སྨོན་ལམ་སྨོན་ལམ་ཤེས་རབ་མཚན། །དཔལ་ལྡན་བྱང་ཆུབ་ཞལ་དུ་ཨོཾ་ཨཱཿཧཱུྃ། །ནོར་

p. 338

བུ་དཔལ་དང་ཟླ་རྒྱལ་རཏྣའི་མཚན། །ག་ག་བོ་དྷི་རིན་ཆེན་རྡོ་རྗེ་བ། །ཤཱཀྱ་བཛྲ་བསྟན་པ་རྒྱལ་མཚན་ཞབས། །ནམ་མཁའི་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཀུན་དགའ་རྒྱལ་མཚན་བཀྲ་ཤིས་རྒྱལ་མཚན་རྗེ། །སྙན་གྲགས་དཔལ་བཟང་རབ་གསལ་དཔལ་འབྱོར་དང་། །རིན་ཆེན་ལྷུན་གྲུབ་ངག་དབང་ཕྲིན་ལས་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཧེ་རུ་ཀ་དཔལ་འཁོར་ལོའི་མགོན་སྟངས་དཔྱལ། །རྣལ་འབྱོར་མ་བཞི་མགོན་ཆེན་ཡབ་ཡུམ་བརྒྱད། །སྒོ་མཚམས་མ་བརྒྱད་ལས་མགོན་རྣམ་པ་བཞི། །ཕྱོགས་སྐྱོང་ཉེར་བཞིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་ས་གསུམ་ཞིང་སྔགས་ལྷན་ཅིག་སྐྱེས། །དམ་ཅན་ཆོས་སྲུང་དུར་ཁྲོད་ཕྱོགས་སྐྱོང་ཚོགས། །སྣོད་བཅུད་ལྷ་ཡི་དཀྱིལ་འཁོར་རྣམ་རོལ་པ། །ཟག་མེད་བདུད་རྩིའི་མཆོད་པས་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་དང་། ཨོཾ་གུ་རུ་ཤྲཱི་ཛྙཱ་ན་

p. 339

ནཱ་ཐ་མ་ཧཱ་ཀཱ་ལ་མཎྜ་ལ་ས་པཱ་རི་ཝ་རེ་བྷྱཿ བཛྲ་ཨརྒྷཾ་ནས་ཤབྟ་པཉྩ་ཨ་མྲྀ་ཏ་མ་ཏངྒི་ཨཱཿཧཱུྃ། དཔལ་གྲི་གུག་བརྩེགས་པའི་རྒྱུད་ལས་བྱུང་བའི་རྒྱལ་ཆེན་བཞིའི་བསྟོད་པ་ནི། ཧཱུྃ། དཔལ་ལྡན་ནག་པོ་ཆེན་པོ་གཏུམ་པའི་ཞལ། །སྣང་སྲིད་མ་ལུས་དབང་དུ་སྡུད་མཛད་པ། །རབ་འཇིགས་རྔམ་བྱེད་དྲག་པོ་ཆེན་པོ་ཡིས། །བདུད་དཔུང་མ་ལུས་འཇོམས་ལ་ཕྱག་འཚལ་བསྟོད། །རབ་གྱུར་ལྷ་དང་མི་ཡི་འཇིག་རྟེན་ན། །སྲིན་པོའི་གཟུགས་ཀྱིས་ས་གསུམ་ཁྱབ་པའི་སྐུ། །དཔེ་མེད་མཚན་གྱིས་སྤྲས་པའི་རྒྱལ་བ་ཆེ། །སྤྲོས་མེད་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །འགྱུར་མེད་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པ། །ཐུགས་རྗེ་ཆེན་པོའི་ཚད་མེད་སྟོབས་ཀྱིས་ནི། །སྐྱེ་མེད་བྱང་ཆུབ་སེམས་ལས་བྱུང་བའི་ཐུགས། །བདེ་ཆེན་རང་བྱུང་ཁྱོད་ལ་ཕྱག་འཚལ་བསྟོད། །ཡོན་ཏན་མཐའ་ཡས་འབྱུང་གནས་མགོན་པོ་ནི། །

p. 340

སྒྱུ་མའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པས། །གདུལ་དཀའ་མ་ལུས་འདུལ་ཞིང་དབང་བསྒྱུར་བའི། །དཔལ་ལྡན་བྱ་རོག་ཅན་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་དབང་བསྒྱུར་དཔལ་ལྡན་རེ་མ་ཏི། །མ་ཆགས་ལྷ་མོའི་ལོག་འདྲེན་འདུལ་མཛད་ཅིང་། །སྣ་ཚོགས་རྡོ་རྗེ་ཕྲིན་ལས་རྡོ་རྗེ་ཅན། །ཀུན་སྤྱོད་ལྷ་མོ་འཁོར་བཅས་ཕྱག་འཚལ་བསྟོད། །བསྟན་པ་སྲུང་བའི་ལས་བྱེད་འཇིག་རྟེན་མགོན། །གསོད་བྱེད་རྔམ་བྱེད་སྒྲོལ་བྱེད་ལས་མཛད་པའི། །སྤྲུལ་བའི་བྱ་རོག་མང་པོས་བར་སྣང་ཁེངས། །བྱ་རོག་གདོང་ཅན་འཁོར་བཅས་ཕྱག་འཚལ་བསྟོད། །ཕྱོགས་བཅུ་ཀུན་ནས་འཁྲིགས་པའི་མ་མགོན་ཚོགས། །འཁོར་བཅས་དཔུང་ཆེན་མ་ལུས་ཞིང་འདིར་སྣང་། །མ་རུངས་འདུལ་བའི་དོན་དུ་གཤེགས་པའི་ཚེ། །རྒྱུད་འདི་འཛིན་པའི་རྣལ་འབྱོར་སྒྲུབ་པོ་རྣམས། །དེ་དག་ཀུན་ལ་སྲུང་བ་ཆེར་བགྱིད་

p. 341

ལ། །ཡིད་འོང་དངོས་གྲུབ་མཆོག་སྩོལ་འགྲུབ་པར་མཛོད། །ཅེས་མཆོད་ཅིང་བསྟོད། ཕྱི་རོལ་དུར་ཁྲོད་ཕྱོགས་སྐྱོང་ཞིང་སྐྱོང་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་སོགས་སྔགས་རིང་ལན་གསུམ་གྱིས་འབུལ་ལ། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་མ་ལུས་དང་། །མ་མོའི་ཚོགས་རྣམས་མ་ལུས་དང་། །མ་ལུས་པ་ཡི་འབྱུང་པོའི་ཚོགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། དེ་ནས་ཚོགས་བར་པ། དཔའ་བོ་ཆེན་པོ་སོགས་ཀྱིས་དྲངས་ལ། བདེ་བར་གཤེགས་པ་སོགས་ཀྱིས་བླངས་ཏེ་རོལ། མངོན་འབྱུང་གི་རྒྱུད་ལས་གསུངས་པའི་རྡོ་རྗེའི་གླུ་གར་བྱ། ལྷག་མ་བསྡུས་པར་ཚོགས་ཀྱི་ཆ་གསུམ་བསྣན་ལ་བདུད་རྩི་བྲན། ཨ་ཀཱ་རོས་བྱིན་བརླབ། ཧཱུྃ། ཁྲག་འཐུང་ཚོགས་ཀྱི་ལྷག་མའི་བདག །ཡེ་ཤེས་རིགས་ལྔའི་མཁའ་འགྲོ་དང་། །འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ། །ཕོ་ཉ་བཀའ་སྡོད་གནས་ཉུལ་ཀུན། །

p. 342

ཕུད་ལ་དགྱེས་ཤིང་ལྷག་ལ་གདུང་། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་བཤམས་བདུད་རྩིའི་ལྷག་གཏོར་བཞེས། །ལས་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། །སྒྲུབ་པའི་བར་ཆད་ཀུན་བསྲུང་མཛོད། །ཨོཾ་ཁ་ཁ་ཁཱ་ཧི་ཨུཙྪིཥྚ་བ་ལིངྟ་བྷཀྵ་སི་སྭཱ་ཧཱ། ལྷག་གཏོར་གཙང་གནས་སུ་ཕུལ་ལ་བཤལ་ཆུ་དེར་བླུགས། སྨོན་ལམ་ཁྱད་པར་ཅན་གདབ་པར་བྱའོ། །བཞི་པ་རྗེས་ཀྱི་རིམ་པ་ལ་བརྒྱད་ལས། དང་པོ་ལས་གཏོར་འབུལ་བ་ནི། གཏོར་མ་ཤ་ཁྲག་གིས་བརྒྱན་པ་ལེགས་པ་ཞིག་བཤམས་ལ་བྱིན་གྱིས་བརླབས་ཏེ་སོ་སོའི་བསྐུལ་པ་བཅས་འབུལ་བར་བྱའོ། །གཉིས་པ་མཆོད་བསྟོད་ནི། གསོ་བྲན་བྱས་ལ་སྔོན་འགྲོའི་སྐབས་ལྟར་བྱིན་བརླབ། ཨོཾ་གུ་རུ་ཤྲཱི་ཛྙཱ་ན་ནཱ་ཐ་མ་ཧཱ་ཀཱ་ལ་མཎྜལ་ས་པཱ་རི་ཝ་རེ་བྷྱཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད། ཨོཾ་བཛྲ་ཝཱི་ཎི་

p. 343

ཧུྃ་ཧཱུྃ་ཕཊ། བཾ་ཤེ། མྲྀ་དཾ་གེ། མུ་ར་ཛེ། ཧཱ་སྱེ། ལཱ་སྱེ། གཱི་ཏི། ནྲི་ཏྱ། པུཥྤེ། དྷཱུ་པེ། དི་པེ། གནྡྷེ། ཨོཾ་རཱུ་པ་བཛྲི་ཧུྃ་ཧཱུྃ་ཕཊ། དེ་བཞིན་དུ། ར་ས། སྤརྴེ། དྷརྨ་དྷཱ་ཏུ་བཛྲི་ཧུྃ་ཧཱུྃ་ཕཊ། ཅེས་མཆོད། ཨོཾ། འགྲུབ་པར་གྱུར་ཅིག་ཧཱུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱིས་ཁོངས་ནས་མ་ལུས་འགེངས་ནུས་ཤིང་། །ཧཱ་ཧཱ་ཌྜ་ཌྜ་ཞེས་བཞད་གད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། །ཀཾ་ཀཾ་ཀཾ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཆུ་དང་མཚུངས་པའི་སྐུ། །བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང་། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུགས་ཤིང་བསྒྱུར་མཛད་ཀྲཱུཾ་ཀྲཱུཾ་ཀྲཱུཾ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་

p. 344

སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧཱ་ཧཱ་ཧཱུྃ་དང་ཀཱི་ལི་ཀི་ལི་ཞེས་སྒྲོག་ཕྱག་གཡོན་ཁ་ཊྭཱཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབས་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང་། །ཁྃ་ཁྃ་ཁྃ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པ། །ཌྃ་ཌྃ་ཌྃ་ཞེས་ཌཱ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱེད་ཀྱི་གསུང་། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྵྃ་ཀྵྃ་ཀྵྃ་ཞེས་བརྗོད་པའི་གཟུགས་ཅན་ཅ་ཅོ་སྒྲོག་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ཅིང་མནན་ནས་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་

p. 345

བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾཿཀྵཱུྃ་ཤྲཱི་ཡི་སྔགས་ཀྱི་གཟུགས་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་སེལ་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཕེཾ་ཕེཾ་ཕེཾ་ཞེས་སྒྲོགས་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙྃ་ཙྃ་ཙྃ་ཞེས་གཏུམ་པོའི་ཤུགས་ཀྱིས་

p. 346

རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲཱྃ་ཀྲཱྃ་ཀྲཱྃ་ཞེས་གཤེགས་པའི་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་འཇོམས་མཛད་ཅིང་། །སྃ་སྃ་སྃ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་ལྡན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོང་། །བཾ་བཾ་བཾ་ཞེས་གཤིན་རྗེ་ལྟར་ཁྲོས་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡཾ་ཡཾ་ཡཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླྃ་ཀླྃ་ཀླྃ་ཞེས་གདུག་པའི་གཟུགས་ཀྱི་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །ཀྵཾ་ཀྵཾ་ཀྵཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །པྃ་པྃ་པྃ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱིས་སྔགས་པ་

p. 347

རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་ཐོས་ལྡན་གང་ཞིག་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་མེད་གཏེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་རྣམས་རྟག་ཏུ་ཉམས་པར་གྱུར། །གསུམ་པ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་ཅིང་། ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་

p. 348

ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་དེད་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་རྣལ་འབྱོར་བུ་བཞིན་དུ་སྐྱོང་བ། དམ་ལྡན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་པའི་ལས་ལ་མྱུར་བ། བསྟན་པ་སྲུང་བའི་ལས་ལ་རྩལ་འབྱིན་པ། མཐུ་དང་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་རྩལ་དྲག་བདག་ལ་དགོངས་སུ་གསོལ། རྡོ་རྗེ་འཛིན་པ་བདག་མིང་འདི་ཞེས་བྱ་བའི་རྟེན་འདི་ལ་བརྟན་པར་བཞུགས་ལ། རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་བདེ་བ་ཆེན་པོའི་ཞིང་ཁམས་བགྲོད་པའི་ལམ་གྱི་བར་ཆད་བདུད་བཞིའི་འཇིགས་པ་ལས་སྒྲོལ་བའི་ལམ་གྱི་སྐྱེལ་མ་དམ་པ་

p. 349

མཛོད་ཅིག །ཡང་དག་པའི་ལམ་ལ་ཁྲིད་པའི་ཏིང་འཛིན་གྱི་བསུ་མ་དང་འཕྲད་པར་མཛོད་ཅིག །དེ་ལྟར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་མི་འཇུག་ཅིང་། ཐར་པ་དང་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་། བཀྲ་ཤིས་དང་བདེ་ལེགས་ཀྱི་གནས་ནས། ཅི་བསམ་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་ཐོབ་ནས་འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི་བྱ་བ་ལ་གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བཞི་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །

p. 350

གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་གསོལ་ལ་ཡིག་བརྒྱ་ལན་གསུམ་བརྗོད་པས་ལྷག་ཆད་ཁ་སྐོང་། ལྔ་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང་། འོག་མིན་རྣམ་པར་སྣང་མཛད་དུར་ཁྲོད་ཚལ། །སྟོན་པ་བཅོམ་ལྡན་ཁྲག་འཐུང་ཕྱག་བཞི་མགོན། །དག་པའི་ལམ་གནས་ས་བཅུའི་དབང་ཕྱུག་སྟེ། །སྤྲུལ་དང་དོན་སྤྱོད་ཟག་པ་མེད་འབྲས་ཐོབ། །དགའ་བའི་ཤུགས་ཀྱིས་སྟོབས་ལྡན་དེའི་ཞིང་དུ། །སྐྱེ་ཞིང་མགོན་པོ་ཉིད་དང་དབྱེར་མེད་ཤོག །ཅེས་དང་། གཞན་ཡང་ཐེག་ཆེན་བསྔོ་སྨོན་ཅི་རིགས་པ་བརྗོད། དྲུག་པ་བཀྲ་ཤིས་བརྗོད་པ་ནི། བཀྲ་ཤིས་གང་ཞིག་མཐིང་ནག་གྲུ་གསུམ་འབར་བའི་དབུས། །ཞལ་གཅིག་ཕྱག་བཞི་ཡུམ་ཆེན་ཙཎྜི་ཀ་དང་འཁྲིལ། །

p. 351

དཀྱིལ་འཁོར་ཀུན་གྱི་བདག་ཉིད་དཔལ་ལྡན་ཡེ་ཤེས་མགོན། །བདེན་པ་དེས་ནི་སྒྲུབ་པོ་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕོ་བྲང་ལིང་ཚེའི་ཕྱིའི་མུ་ཁྱུད། །པདྨའི་ཕྲེང་བ་ནང་གི་འདབ་བཞིར་ལྷ་མོ་བཞི། །མཚམས་བཞིར་ཐོད་པ་བྱང་སེམས་བདུད་རྩིས་རབ་མཆོད་པའི། །བདེན་པ་དེས་ནི་སྒྲུབ་པོ་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྡོ་རྗེའི་ཕྲེང་བསྐོར་འདབ་བརྒྱད་ཀྱི། །ཕྱོགས་བཞིར་རིགས་བཞིའི་མགོན་པོ་ཡབ་ཡུམ་གཟི་འབར་ཞིང་། །མཚམས་བཞིར་བེང་འཛིན་ལ་སོགས་སྟངས་དཔྱལ་བཞིས་བསྐོར་བའི། །བདེན་པ་དེས་ནི་སྒྲུབ་པོ་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དཀྱིལ་འཁོར་སྒོ་མཚམས་ལེགས་སྲུང་པའི། །བྱ་རྒོད་ཁྱུང་དང་ཁྭ་ཏ་འུག་པའི་མགོ་བརྙན་ཅན། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་ཅན་མ་མོ་བརྒྱད། །བདེན་པ་དེས་ནི་

p. 352

སྒྲུབ་པོ་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱི་རིམ་ལས་མགོན་རྣམ་བཞིའི་ཚོགས། །ཞིང་སྐྱོང་ཉེར་བཞི་དཔལ་མགོན་བདུན་ཅུ་ནག་པོ་སྟོང་། །ཤ་ཟ་འབུམ་དང་མ་མོ་བྱེ་བ་གནོད་སྦྱིན་ཁྲི། །བདེན་པ་དེས་ནི་སྒྲུབ་པོ་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱི་རོལ་དུར་ཁྲོད་གནས་བརྒྱད་ན། །ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་དང་རྣལ་འབྱོར་མཆོད་རྟེན་རི། །ཤིང་མེ་སྤྲིན་ཆུ་ཤ་ཟ་རོ་ལངས་ཚོགས་ཀྱིས་བསྐོར། །བདེན་པ་དེས་ནི་སྒྲུབ་པོ་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་པདྨ་རྡོ་རྗེ་འོད་ལྔའི་ཕྲེང་། །ཡེ་ཤེས་མེ་རིས་ཡོངས་བསྐོར་ཚོགས་བརྒྱད་རྣམ་པར་དག །བྱང་ཆུབ་ཕྱོགས་ཆོས་ཡོངས་རྫོགས་རྟེན་དང་བརྟེན་པར་བཅས། །བདེན་པ་དེས་ནི་སྒྲུབ་པོ་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་སིལ་མའི་ཆར་དང་སྙན་པའི་རོལ་མོས་དགེ་ལེགས་བྱའོ། །བདུན་པ་གཤེགས་བསྟིམ་ནི། རས་བྲིས་ལ། བདག་དང་

p. 353

འགྲོ་ལ་ཐུགས་བརྩེའི་ཕྱིར། །སོགས་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། རྡུལ་ཚོན་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས་བཛྲ་མུཿས་ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ། གིས་དམ་ཚིག་པ་རང་གི་སྙིང་གར་བསྡུའོ། །བརྒྱད་པ་བདག་བསྐྱེད་ཉེར་བསྡུ་ནི། དེ་ནས་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཕོག་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་བའི་འཁོར་ལོ་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེ་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་མགོ་བོ་ལ་ཐིམ། དེ་ཟླ་ཚེས་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། དེ་ནཱ་ད་ལ་ཐིམ། དེའང་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུའོ། །ཞེས་ཅི་གནས་སུ་མཉམ་པར་བཞག །སླར་ཡང་ཟུང་འཇུག་གཟུགས་ཀྱི་སྐུ་རང་སྣང་གི་ཡུམ་ཅན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཅེས་ལྡང་སྟེ་སྤྱོད་ལམ་ལ་འཇུག་པར་བྱ། དེ་ནས།

p. 354

དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །སོགས་བརྗོད་པར་བྱའོ། །དེ་ལྟར་སྒྲུབ་མཆོད་ཞག་གསུམ་ལྔ་བདུན་སོགས་ཅི་རིགས་རྗེས་གསང་བ་སྤྱི་ལྟར་ལས་ཀྱི་རྗེས་མི་མངོན་པར་བྱས་ལ་བསྔོ་སྨོན་རྒྱ་ཆེར་བྱ་བ་སོགས་ཀྱིས་མཐའ་བརྒྱན་ནོ། །སྤྱི་དོན་དྲུག་པ་སྒྲུབ་པའི་འབྲས་བུ་བསྟན་པ་ནི། ཁྱད་པར་དུ་ཡང་གསང་བ་ཆེན་པོའི་དམ་ཚིག་ལ་ངེས་པར་གནས་པ་ཉིད་ཀྱིས་ཕྱོགས་དང་དུས་ཐམས་ཅད་དུ་ཡེ་ཤེས་ཀྱི་ནག་པོ་ཆེན་པོས་རྗེས་སུ་སྐྱོང་བ་དང་། རྒྱང་རིང་པོ་ནས་ཀྱང་ངེས་པར་གཟིགས་པར་མཛད་དོ། །འཇིགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་འགྱུར་རོ། །སྟོབས་དང་ཚེ་དང་དཔལ་རབ་ཏུ་སྟེར་ཞིང་མི་ཟད་པའི་ཡེ་ཤེས་ཐོབ་པར་བྱེད་པ་དང་། ཉམ་ང་བ་བག་ཚ་མེད་པར་སེང་གེའི་སྟོབས་ཀྱིས་རྒྱུ་ཞིང་བདུད་ཀྱི་རིས་ཀྱི་ཕྱོགས་མ་ལུས་པ་ཕམ་ཞིང་སྐྲག་སྟེ་མགོ་འགས་པ་ཙམ་དུ་བྱེད་པར་འགྱུར་ཞིང་རྒྱ་མཚོ་ཆེན་པོའི་མཐར་ཐུག་པར་འབྱེར་བར་འགྱུར་རོ། །གང་གིས་གཏུམ་པ་དང་དཔའ་བ་དང་དྲག་པོའི་བརྟུལ་ཞུགས་ཀྱིས་ཀུན་ཏུ་སྤྱོད་ལ་རྡོ་རྗེའི་ཏིང་ངེ་འཛིན་མི་ཤིགས་པར་འགྱུར་བ་མེད་པའི་ཚུལ་གྱིས་ཁྱད་པར་རྒྱུ་བའོ། །གནས་ཀྱི་མཁའ་འགྲོ་མ་དང་ཕོ་ཉའི་མཁའ་འགྲོ་མ་དང་། འཇིག་རྟེན་གྱི་མཁའ་འགྲོ་མ་དང་། དམ་ཚིག་གི་མཁའ་འགྲོ་མ་དང་། ཤ་ཟའི་མཁའ་འགྲོ་མའི་དབང་ཕྱུག་ཏུ་འགྱུར་རོ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་ཀྱང་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་བྱེད་

p. 355

དོ། །ཞིང་སྐྱོང་ཆེན་པོ་དང་ཉེ་བའི་ཞིང་སྐྱོང་ཉི་ཤུ་རྩ་བཞི་པོ་དག་གིས་ཀྱང་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བྱེད་པའོ། །གདུལ་དཀའ་བ་མ་ལུས་པ་འདུལ་ཞིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་བྱེད་དོ། །གང་དུ་རྒྱུད་འདི་འཆང་བ་དང་གླེགས་བམ་དུ་འཛིན་པ་དང་། དེ་བཞིན་ཉིད་དུ་གནས་པ་དང་། རྣལ་འབྱོར་དུ་གང་གནས་པ་ལ་ཉེ་བར་སྐྱོབ་པར་བྱེད་དོ། །ཉེ་བར་དགོངས་པས་མཁྱེན་པར་འགྱུར་རོ། །ཞེས་དཔལ་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས་ས་གསུམ་དབང་ཕྱུག་ཏུ་སྒྲུབ་པའི་ལེའུ་ཉེར་བཞི་པ་ལས་ཇི་སྐད་གསུངས་པ་བཞིན། ཐུན་མོང་གི་དངོས་གྲུབ་ལས་ཆེན་དྲུག་དང་གྲུབ་པ་བརྒྱད། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའོ། །༧དངོས་གྲུབ་འབྱུང་བའི་རྒྱུད་དོན་རྒྱ་མཚོ་ལས། །མཁས་གྲུབ་དེད་དཔོན་དུ་མས་ལེགས་བླངས་པའི། །སྒྲུབ་ཐབས་ཡིད་བཞིན་དབང་གི་རྒྱལ་པོ་ཉིད། །རྣམ་གསལ་དཀྱིལ་ཆོག་བ་གམ་སྤོ་རུ་བཀོད། །དེ་ལས་བྱུང་བའི་ལེགས་བྱས་སྤྲིན་ཆེན་ལས། །དགེ་ལེགས་གྲུབ་བརྙེས་གྲུ་ཆར་ཆེར་གཡོས་པས། །འགྲོ་ཁམས་བྱང་ཆུབ་ལྗོན་བཟང་རབ་སྨིན་ཏེ། །སྐུ་བཞིའི་འབྲས་བུའི་དཔལ་ལ་སྤྱོད་གྱུར་ཅིག ། ཅེས་པ་འདིའང་སྒྲུབ་བརྒྱུད་འབའ་རོམ་པའི་བསྟན་པ་ལ་ཕྱོགས་གཅིག་ཏུ་གུས་ཤིང་གྲུབ་བརྙེས་སྐྱོ་བྲག་པའི་བསྟན་པའི་རྒྱལ་མཚན་འཛིན་པ་སྐྱེས་མཆོག་ཉི་ཟླ་ཟུང་གི་ཐུགས་བཞེད་བཞིན། དཔལ་ལྡན་འབའ་རོམ་པའི་བསྟན་

p. 356

པའི་རྩ་ལག་ནང་པ་ཚང་གསར་པའི་གྲལ་མཐར་འཁོད་པའི་སྙོམས་ལས་པ་འཇམ་དབྱངས་བློ་གྲོས་རིན་ཆེན་དུ་འབོད་པས་ཆུ་སྟོད་ཟླ་བའི་གྲལ་ཚེས་བཟང་པོར་ཕུན་ཚོགས་བཀྲ་ཤིས་ཡང་རྩེར་གྲུབ་པར་བགྱིས་པས་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག ། །།

རྡུལ་ཚོན་སྐབས་ཀྱི་ཚོན་ཐོབ་ཞལ་ཤེས་ཟུར་བཀོད།

p. 357

རྡུལ་ཚོན་སྐབས་ཀྱི་ཚོན་ཐོབ་ཞལ་ཤེས་ཟུར་བཀོད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ། རེའུ་མིག་རྡོ་ར་སྔོ། གྲུ་གསུམ་ནག །སྣ་ཚོགས་པདྨ་མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་ནག །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ཐོད་ར་དཀར། གྲྭ་བཞི་པོ་སྟེགས་བུ་སེར། མུ་དམར་རྩིག་པ་ཕྱི་ནས་དཀར་སེར་དམར་ལྗང་སྔོ་བ། འདོད་སྣམ་དམར། ཕ་གུ་གཞི་དམར་ལ་རིན་པོ་ཆེ་ཟུར་གསུམ་གྲུ་བཞི་སེར་པོས་སྤྲས་པ། དྲྭ་ཕྱེད་གཞི་ནག །ཤར་བུ་དཀར། མདའ་ཡབ་ཀྱི་གཞི་ནག །རྟ་བབས་ཀྱི་ཀ་བ་དང་གླང་རྒྱབ་ཀྱི་ཕྱི་ནང་ཕྱོགས་མདོག །གསེར་སེར། ཤར་བུ་སྔོ། རིན་ཆེན་ཕ་གུ་བཞིན། རྨིག་པ་ལ་ཝ་ཎ་མཛེས་ཚོན། མུན་པ་གཉིས་ནག །ཤར་བུ་མདའ་ཡབ་སྔར་བཞིན། འཁོར་ལོ་སེར། རི་དྭགས་སེར། ཕྱི་སྣ་

p. 358

ཚོགས་རྡོ་རྗེའི་ར་དབུས་མ་ཕྱོགས་མདོག །ཕྱོགས་དེའི་རྭ་ཐོད་དང་ཕྱོགས་ཀྱི་རྒྱལ་བའི་མདོག །པདྨ་སྣ་ཚོགས་མདོག །རྡོ་རྗེའི་རྭ་གཞི་ནག །རྡོ་རྗེ་དཀར་སེར། མེ་རི་སྣ་ཚོགས་མདོག །དུར་ཁྲོད་གཞི་ནག །དེ་མིན་ཕྱོགས་མདོག་གོ།།

ཐུན་མཚམས་གཏོར་འབུལ། འགྲོ་མགོན་ཞང་གཡུ་བྲག་པ།

p. 359

དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཐུན་མཚམས་སུ་གཏོར་མ་འབུལ་ཞིང་ཐུགས་དམ་བསྐུལ་བ་ལ། ཤ་ཁྲག་གིས་བརྒྱན་པའི་དམར་གཏོར་ལེགས་པ་ལྔ་བཤམས་ལ་བྱིན་གྱིས་བརླབ་པ་ནི། གུ་ཎ་ཧྲྀ་དས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་། །རྃ་ལས་མེ་དང་ཀེཾ་ལས་ནི། །མི་མགོ་གསུམ་གྱི་སྒྱེད་པུའི་སྟེང་། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་པོ་དང་། །བདུད་དགྲའི་ཤ་རུས་སྤུངས་པ་ལ། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། །ཨོཾ་ཨཱཿཧཱུྃ། ལན་གསུམ།

p. 360

ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །ཧཱུྃ་ལས་བྱུང་བའི་མཚོན་ཆའི་ལྗགས། །འོད་ཀྱི་སྦུ་གུས་བདུད་རྩི་རྣམས། །དྲངས་ཤིང་གསོལ་བས་མཉེས་པར་གྱུར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎཱཾ། ཨེ་ཥ་ཨ་པཉྩི། མ་ཀཱ་ལོཿཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ས་ཏྭ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྷྲྀཧྞ་གྷྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། སརྦ་དུཥྚཾ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྔགས་རྒྱ་ལན་གསུམ་གྱིས་འབུལ། ཧཱུྃ། དཔལ་ལྡན་མགོན་པོ་ཁྲག་འཐུང་རྒྱལ། །ལེགས་ལྡན་ནག་པོ་འཇིགས་པའི་གཟུགས། །ཞལ་ནས་ཧཱུྃ་ཕཊ་འབྲུག་སྒྲ་སྒྲོགས། །ལྗགས་ནི་ཕྱོགས་བཅུར་གློག་ལྟར་འཁྱུག །འཇིགས་པའི་གད་མོ་ཆེན་པོ་འབྱིན། །ཀེང་རུས་སྐམ་རློན་ཁྲི་ལ་བཞུགས། །ཤངས་ཀྱི་

p. 361

འཚུབ་མས་ཁམས་གསུམ་གཏོར། །སངས་རྒྱས་བསྟན་པའི་བཀའ་སྲུང་ཆེ། །དམ་ཉམས་རྣམས་ཀྱི་སྲོག་གཅོད་ཆེ། །རིག་འཛིན་རྣམས་ཀྱི་སྲོག་ཤིང་ཆེ། །རྣལ་འབྱོར་ཀུན་གྱི་དགྲ་བླ་ཆེ། །དུག་གསུམ་ནད་ཀྱི་སྨན་པ་ཆེ། །བདུད་འདུལ་ཡོངས་ཀྱི་དབང་ཕྱུག་ཆེ། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །ལྷ་དམག་འབུམ་གྱི་དབུགས་འབྱིན་པ། །ནམ་མཁའི་ཁམས་ཀྱི་གློག་མ་སྤྲིན། །འདུལ་བར་ཞལ་གྱིས་བཞེས་མཛད་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གཙུག་ལག་ཁང་དང་དཀྱིལ་འཁོར་གྱི། །སྲུང་མ་ཆེན་པོར་མངའ་གསོལ་བ། །ཡེ་ཤེས་མགོན་པོ་འཁོར་བཅས་ལ། །ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །ཚིལ་དང་རུས་པ་སྣ་ཚོགས་དང་། །འབྲུ་སྣ་ཀུན་ལ་སྦྱར་བ་ཡིས། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །

p. 362

ཐུང་ལ་སྦོམ་པའི་གསུས་པོ་ཆེ། །སྤྱན་གསུམ་དམར་ཟླུམ་སྡང་མིག་བསྒྲད། །དགྲ་བགེགས་ཐམས་ཅད་ཟིལ་གྱིས་གནོན། །ཡང་འཁོར་ནག་པོ་སྟོང་གིས་བསྐོར། །ལྕགས་སྤྱང་སྔོན་པོས་འབྲོས་དེད་བྱེད། །བྱ་རོག་མང་པོས་གཤོག་པ་རྡེབས། །མཆུ་སྡེར་བདར་ཞིང་དགྲ་ཤ་ཟ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཧྲཱིཿ ཤ་ཟ་ནག་པོ་སེང་གེའི་གདོང་། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །རལ་གྲི་ཐོད་ཁྲག་ཕྱག་ན་བསྣམས། །ཡང་འཁོར་ཤ་ཟ་འབུམ་གྱིས་བསྐོར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །བྷྱོ། དུས་མཚན་ལྷ་མོ་རེ་མ་ཏི། །ཨེ་ཀ་ཛཱ་ཊི་རལ་གཅིག་མ། །ཞལ་གཅིག་ཕྱག་བཞི་འཇིགས་པ་སྟེ། །ཕྱག་གཡས་རལ་གྲི་ཏྲི་ཤུ་ལ། །གཡོན་པས་མདའ་གཞུ་དགྲ་མགོ་

p. 363

འཛིན། །སྐུ་མདོག་ནག་མོ་དྲེལ་ལ་ཞོན། །རལ་པའི་ཕུར་བུ་ས་ལ་དྲུད། །ཡང་འཁོར་མ་མོ་བྱེ་བས་བསྐོར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཐུགས་སྤྲུལ་ཙནྡན་བེང་ཆེན་ནི། །ཀླད་ན་ཁྱུང་ཆེན་བྱ་ཁྲ་ལྡིང་། །ཕྱི་ན་སྟག་གཟིག་དོམ་དྲེད་འགྲོལ། །བདུད་འདུལ་དམག་དཔོན་བརྒྱད་ཀྱིས་བསྐོར། །སྤྲུལ་པ་གནོད་སྦྱིན་ཁྲི་དང་བཅས། །ཡང་སྤྲུལ་ལྷ་དམག་བྱེ་བ་འབུམ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅག་འཁོར་དང་བཅས་པ་ལ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་བདུད་ལ་སོགས་པ། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །

p. 364

རྨི་ལམ་ངན་སོགས་ཞི་བར་མཛོད། །བདག་ཉིད་རྣལ་འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་འགྲོ་མགོན་ཞང་གཡུ་བྲག་པས་མཛད་པའོ།། །།

མགོན་བསྐང་བདེ་ཆེན་མཆོད་སྤྲིན། མ་ཏི་རཏྣ།

p. 365

མགོན་བསྐང་བདེ་ཆེན་མཆོད་སྤྲིན་བཞུགས། ཧཱུྃ། ཆོས་དབྱིངས་རྒྱས་པར་འགེངས་པ་ཡི། །ཀུན་བཟང་བླ་མེད་མཆོད་པའི་སྤྲིན། །བདེ་བ་ཆེན་པོའི་རྣམ་རོལ་གྱིས། །མགོན་པོའི་དཀྱིལ་འཁོར་ཐུགས་དམ་བསྐང༌། །ཕྱི་ནང་གསང་བ་ཁྱད་པར་གྱི། །རྟེན་བསྐང་སྒྲུབ་རྫས་བསམ་མི་ཁྱབ། །བཀོད་པ་རྨད་བྱུང་ཕུན་ཚོགས་ཀྱིས། །མགོན་པོའི་དཀྱིལ་འཁོར་ཐུགས་དམ་བསྐང༌། །བཱ་ལ་མ་དཱ་ཏྲི་པི་ཏ། །ཐབས་དང་ཤེས་རབ་རྫས་ཀྱི་མཆོག །ཚོགས་ཀྱི་འཁོར་ལོར་རབ་སྦྱོར་བས། །མགོན་པོའི་དཀྱིལ་འཁོར་

p. 366

ཐུགས་དམ་བསྐང༌། །སྣང་སྟོང་མཚན་དཔེ་སྐུའི་དཀྱིལ་འཁོར། །གྲག་སྟོང་སྙིང་པོ་སྔགས་ཀྱི་སྒྲ། །བདེ་སྟོང་འོད་གསལ་འགྱུར་མེད་ཐུགས། །གསང་གསུམ་དག་པས་ཐུགས་དམ་བསྐང༌། །ཧེ་རུ་ཀ་དཔལ་དབུ་བརྒྱན་ཅིང༌། །གཏུམ་པ་མོ་དང་གཉིས་མེད་སྦྱོར། །དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཆེ། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང༌། །དྲན་པ་ཉེར་བཞག་བཞིའི་རང་བཞིན། །བདེ་ཆེན་བདེ་བའི་གར་གྱིས་རོལ། །དགའ་བཞིའི་མཆོད་པས་དགྱེས་བསྐྱེད་པའི། །རྣལ་འབྱོར་མ་བཞིའི་ཐུགས་དམ་བསྐང༌། །ཆོས་དབྱིངས་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རིགས་བཞིའི་མགོན། །བེང་འཛིན་ལ་སོགས་ཁྲོ་ཆེན་བཞི། །མགོན་ཆེན་རྣམ་བརྒྱད་ཐུགས་དམ་བསྐང༌། །དཔལ་ཆེན་ཡབ་ཀྱི་དགྱེས་སྐོང་བའི། །འབྱུང་བཞི་དག་པའི་ཡུམ་ཆེན་བཞི། །ལས་བཞི་སྒྲུབ་མཛད་མ་མོ་བཞི། །

p. 367

ལྷ་མོ་ཡུམ་བརྒྱད་ཐུགས་དམ་བསྐང༌། །འགུགས་འཆིང་སྡོམ་མྱོས་ཕྱག་རྒྱ་བཞི། །དབྱེ་བསྐྲད་བཅིང་མནན་ལས་ཆེན་བཞི། །ཡོངས་གྲུབ་རྣམ་ཐར་བརྒྱད་ལྡན་བདག །སྒོ་མཚམས་མ་བརྒྱད་ཐུགས་དམ་བསྐང༌། །དཀྱིལ་འཁོར་ཕྱི་ཁྱམས་ཕྱོགས་བཞིའི་བདག །བྱ་རོག་གདོང་ཅན་དཔལ་ལྷ་མོ། །སེང་གདོང་གནོད་སྦྱིན་ལྕེ་སྤྱང་གདོང༌། །བཀའ་སྲུང་སྡེ་བཞིའི་ཐུགས་དམ་བསྐང༌། །གཞན་ཡང་ནག་སྟོང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །དུར་ཁྲོད་ཕྱོགས་སྐྱོང་ཞིང་སྐྱོང་བ། །མ་ལུས་འཁོར་བཅས་ཐུགས་དམ་བསྐང༌། །གསང་བའི་དཀྱིལ་འཁོར་སྒོར་ཞུགས་ནས། །བཅས་དང་ཁ་ན་མ་ཐོ་བ། །སྡོམ་དང་བསླབ་པའི་དམ་འགལ་ཀུན། །ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས། །ཐུགས་དམ་བསྐང་མཐུས་གནས་སྐབས་ཀྱི། །ཆོས་མཐུན་འདོད་དོན་ཀུན་འགྲུབ་

p. 368

ཅིང༌། །མཐར་ཐུག་ས་ལམ་ཡོན་ཏན་རྫོགས། །རྡོ་རྗེ་མགོན་པོ་ཉིད་འགྲུབ་ཤོག །ཅེས་མན་ངག་ཡིག་བརྒྱ་བརྗོད། ཚུལ་འདི་ནི་བསམ་འགྲུབ་མཐོང་སྨོན་དུ་མ་ཏི་རཏྣས་སྦྱར་བའོ།། །།

མགོན་བཀའ་རྒྱས་པའི་ཆོ་ག་དང་འབྲེལ་བའི་ཕྱི་རོལ་པའི་གཏོར་མ་ཆ་གསུམ་གྱི་རིམ་པ། མ་ཏི་རཏྣ།

p. 369

༄༅། །མགོན་བཀའ་རྒྱས་པའི་ཆོ་ག་དང་འབྲེལ་བའི་ཕྱི་རོལ་པའི་གཏོར་མ་ཆ་གསུམ་གྱི་རིམ་པ་བཞུགས་སོ། །

p. 370

ཨོཾ་སྭ་སྟི། འདིར་ཕྱི་རོལ་པའི་གཏོར་མ་ཆ་གསུམ་བྱ་བའི་ཚུལ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། གཞུང་གི་འདས་གཏོར་རྗེས་ལྕོག་སྟེགས་འཁྱེར་བདེ་བར་ཞིང་སྐྱོང་རྒྱལ་ཆེན་དང་བཅས་པའི་གཏོར་མ་ཅོག་ཟླུམ་ཐེབ་རིལ་བཅུ་པ། གཞི་བདག་དཀར་གཏོར། བགེགས་གཏོར་གླུད་གཟུགས་ཆ་ལྔ་ཆངས་བུ་ཏིང་ལོ་ཅན་བཅས་གསུམ་གྱི་མཐར་ཉེར་སྤྱོད་སྣ་བདུན་ཕྲེང་ཚར་བཤམས། ཟུར་དུ་བསང་ཆུ་འཐོར་གཡབ། ཉེ་རེག་དྲི་ཡི་དུང་ཕོར་རྣམས་འདུ་བྱ། གཉིས་པ་ལ་གསུམ། ཞིང་སྐྱོང་དཔལ་མགོན། གཞི་གནས་བདག་པོ། བགེགས་ཀྱི་གཏོར་མའོ། །དང་པོ་ནི། སློབ་དཔོན་ཕྲིན་ལས་མགོན་པོའི་ང་རྒྱལ་གྱིས་ཕྱི་རོལ་བླ་གབ་མེད་པར་ཕྱིན་ལ། ལས་སློབ་ཀྱིས་ཕྱག་འདུད་རྒྱ་བཅས། ཕྱི་རོལ་འབྱུང་པོ་འཆོལ་བའི་ཚོགས་ལ་གཏོར་མ་སྦྱིན་དུ་གསོལ། ཞེས་བསྐུལ། གཏོར་མ་དང་པོ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎས་བསང་། སྭ་

p. 371

བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་འོད་དུ་ཞུ་བ་ལས། གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཕྱི་རོལ་གྱི་ཕྱོགས་མཚམས་སྟེང་འོག་ཀུན་ནས་དཔལ་མགོན་པོའི་ཕྱི་འཁོར་ཞིང་སྐྱོང་ཉེར་བཞི་རྒྱལ་ཆེན་ཕྱོགས་སྐྱོང་དཔལ་མགོན་དང་བཅས་པ་སྤྱན་དྲངས། ཨོཾ་ཀྵེ་ཏྲ་པཱ་ལ་

p. 372

ལོ་ཀ་ནཱ་ཐ་ས་པ་རི་ཝཱ་ར་ཨེ་ཧྱ་ཧེ། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་དང༌། ཨོཾ་ཀྵེ་ཏྲ་པཱ་ལ་ལོ་ཀ་ནཱ་ཐ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྔགས་གོང་བཞིན་མཐར། ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས་གྷྲྀ་ཧྞ་དཾ་བ་ལིང་དེ་སྭཱ་ཧཱ། ལན་གསུམ། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་རྒྱ་ཆེན་པོ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། དཔལ་མགོན་པོའི་ཁོར་ཡུག་སྐྱོང་བའི་ཞིང་སྐྱོང་ཉི་ཤུ་རྩ་བཞི། སྟེང་ཚངས་པ་དང་བརྒྱ་བྱིན། འོག་ས་ཡི་ལྷ་མོ་བརྟན་མ། བར་རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། གནོད་སྦྱིན་ཆེན་པོ་བརྒྱད། རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སྟེ་ཕྱི་བརྒྱུད་པའི་སྲུང་མ་ཐམས་ཅད་ལ་འབུལ་ལོ། །མཉེས་ཞིང་ཚིམས་ནས་དེང་འདིར་དཀྱིལ་འཁོར་གཉན་པོ་བསྒྲུབ་པ་ལ་ཕན་པའི་གདོང་གྲོགས་

p. 373

དང༌། བར་ཆད་བསྲུང་བའི་མཐུ་དཔུང་སོགས་ཆོས་དང་མཐུན་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་མེ་ཏོག་འཐོར། གཉིས་པ་ནི། གཏོར་མ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པད་གཞོང་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཁཾ་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་ཀླུ་གཞི་བདག་ལན་ཆགས་བགེགས་རིགས་རྣམས་ཀྱི་ཞལ་ཟས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཆར་བཞིན་འབེབས་པར་གྱུར། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨ་ཏེ་བཛྲ་སིདྡྷི་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྣ་དཾ་བ་ལིང་དེ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ། ཨོཾ་བཛྲ་ཨྲྀ་ཏ་ཀུནྜ་ལི་ཧ་ན་

p. 374

ཧ་ན་ཧཱུྃ་ཕཊ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་དང༌། བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་འབུལ། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་རྒྱ་ཆེན་པོ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། སྟོང་གསུམ་སྟོང་གི་གཞི་བདག །མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། མདོ་ཁམས་སྒང་དྲུག་

p. 375

ལ་གནས་པའི་སྐུ་རྒྱལ་བོད་ཡུལ་གྱི་གཞི་བདག་རྣམས་དང༌། ས་ཡི་ལྷ་མོ་བརྟན་མ་ལོ་ཟླ་ཞག་དུས་ཀྱི་བདག་པོ། གཟའ་སྐར་སྤར་སྨེ་དུས་ཚོད་ཚེས་གྲངས་ལ་རྒྱུ་བ་རྣམས་དང༌། སྒོས་ཡུལ་ཕྱོགས་འདིར་གནས་པའི་གཞི་བདག་མཐུ་བོ་ཆེ་དབེན་གནས་སྒྲུབ་གནས་ཉེ་བར་སྐྱོང་བ་དང་བཅས་པ་རྣམས་ལ་འབུལ་ལོ། །མཉེས་ཤིང་ཚིམས་ནས་དེང་འདིར་དཀྱིལ་འཁོར་གཉན་པོ་བསྒྲུབ་པ་ལ་ཕན་པའི་གདོང་གྲོགས་དང༌། བར་ཆད་སྲུང་བའི་མཐུ་དཔུང་སོགས་ཆོས་དང་མཐུན་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་མེ་ཏོག་འཐོར། གསུམ་པ་ནི། གཏོར་མ་གོང་ལྟར་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བགེགས་འགུགས་པ་ནི། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །དུས་

p. 376

གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་འདུས་པའི་ངོ་བོ་ཉིད། །ཊཱཀྐི་རཱ་ཛ་ཁྲོ་རྒྱལ་གྱིས། །ནམ་མཁའ་སྟོང་པ་འགུགས་བྱེད་ན། །སེམས་མེད་པ་ཡང་འགུགས་པར་བྱེད། །ལུས་སེམས་ལྡན་པ་སྨོས་ཅི་དགོས། །འདི་རུ་གནོད་བྱེད་དགུག་ཏུ་གསོལ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས༴ ཆོས༴ དགེ་འདུན༴ གསང་སྔགས། རིག་སྔགས། གཟུངས་སྔགས། སྙིང་པོ། ཕྱག་རྒྱ། ཏིང་ངེ་འཛིན་རྣམས་ཀྱི་བཀའ༴ ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང༌། ཡི་དམ་འཁོར་ལོ་བདེ་མཆོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། ཁྲག་འཐུང་དུད་སོལ་ལྷ་མོ། ཡབ་ཡུམ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་ཕོ་ཉ་ལས་མཁན་འཁོར་དང་

p. 377

བཅས་པ་རྣམས་ཀྱི་བཀའ༴ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། དེང་འདིར་དཀྱིལ་འཁོར་གཉན་པོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་གཏོར་མ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཱཀྐི་ཧཱུྃ་ཛཿ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙུ་པི་ཙུ་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་དང༌། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས་གྲྀ་ཧྞ་དཾ་བ་ལིང་དེ་སྭཱ་ཧཱ། ལན་གསུམ། ཨོཾ་སརྦ་བིགྷྣན་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་རྒྱ་ཆེན་པོ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བགེགས་ཀྱི་རྒྱལ་པོ་བཱི་ན་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་ཉི་ཁྲི་ཆིག་སྟོང༌། ཡེ་

p. 378

འདྲོག་སུམ་བརྒྱ་དྲུག་ཅུ། གློ་བུར་དགུ་བཅུ་རྩ་གཅིག །ནད་རིམས་དང་ཡམས་ཀྱི་བདག་མོ་སོགས་གང་དག་གསང་བའི་དཀྱིལ་འཁོར་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་གླུད་འདིས་ཚིམས་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་བ་དེ་དག་ཐམས་ཅད་ང་ཡི་ཡེ་ཤེས་ཀྱི་རྡོ་རྗེའི་གྲི་གུག་དང་། ཁ་ཊྭཱཾ་ག་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་དང༌། ཤཱ་ས་ནའི་ཕྲེང་སྔགས་དང་རོལ་མོ་མཚམས་རྔམ་དྲག་ཏུ་བྱ། གསུམ་པ་རྗེས་ཀྱི་བྱ་བ་ནི། ཡི་གེ་བརྒྱ་པ་བརྗོད་བཞིན་དྲིའི་དུང་ཕོར་གྱིས་ཉེ་རེག་བྱས་ལ། རོལ་མོ་དང་བཅས་སུམྦྷ་ནི་བརྗོད་པ་དང་བཅས་ནང་དུ་ལོག་ལ་དཀྱིལ་འཁོར་བསྐོར་བ་སོགས་བྱའོ། །ཞེས་པ་འདི་ནི་མགོན་བཀའ་རྒྱས་པའི་ཡན་ལག་ཏུ་ཉེར་མཁོའི་ཕྱིར་མ་ཏི་རཏྣས་སྦྱར་བ་དགེའོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱི་ཕྲིན་ལས་བསྡུས་པ་བདུད་འཇོམས་མཚོན་ཆ། འཇམ་དབྱངས་བློ་གྲོས་རིན་ཆེན།

p. 379

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱི་ཕྲིན་ལས་བསྡུས་པ་བདུད་འཇོམས་མཚོན་ཆ་ཞེས་བྱ་བ་བཞུགས་སོ། །

p. 380

བརྒྱུད་པའི་གསོལ་འདེབས་ནི། ན་མོ་གུ་རུ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་འཛམ་གླིང་གྲགས། །སྒོམ་ཚུལ་ཕག་གྲུ་དུས་མཁྱེན་འབའ་རོམ་པ། །བཀའ་བརྒྱུད་ཆེ་བཞིའི་བརྒྱུད་འཛིན་རྣམས་ལ་འདུད། །འབྲི་གུང་སྐྱོབ་པ་སྟག་ལུང་ཐང་པ་དང༌། །ཁྲོ་ཕུ་ལོ་ཙཱ་གྲུབ་ཐོབ་གླིང་རྗེ་རས། །སྨར་པ་ཡེལ་པ་གཡའ་བཟང་ཤུག་གསེབ་པ། །བཀའ་བརྒྱུད་ཆུང་བརྒྱད་བརྒྱུད་འཛིན་རྣམས་ལ་འདུད། །བླ་མེད་རྒྱུད་སྡེའི་ཡང་སྙིང་སྡོམ་པ་ཡི། །སྙན་བརྒྱུད་གྲུབ་ཆེན་རྣམས་ཀྱི་དགོངས་པའི་

p. 381

བཅུད། །བདུད་རྩིའི་ཆུ་བོ་ཀུན་འདུས་ཏི་ཤྲི་རས། །བརྒྱུད་འཛིན་གྲུབ་པའི་དབང་ཕྱུག་ཚོགས་ལ་འདུད། །གང་གི་བྱིན་རླབས་ཉི་མའི་འོད་སྣང་གིས། །བདག་རྒྱུད་འཁོར་བའི་མུན་ཁང་རབ་བརྟོལ་ནས། །ལྷན་སྐྱེས་ཡེ་ཤེས་སྣང་བའི་སྐབས་འབྱེད་པ། །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །དམ་ཚིག་ས་གཞིར་དབང་བཞིའི་ས་བོན་ཐེབས། །ཞེན་ལོག་རྐང་ཚུགས་སྙིང་རྗེའི་ལོ་འདབ་རྒྱས། །མོས་གུས་སྙེ་མར་ཉམས་རྟོགས་འབྲས་བཟང་སྨིན། །བརྒྱུད་པའི་སྲོལ་ཁ་ཟིན་པར་བྱིན་

p. 382

གྱིས་རློབས། །གཏུམ་མོའི་གཞི་ཐིངས་སྒྱུ་ལུས་རྩལ་ཆེན་འབྱོངས། །འོད་གསལ་མངོན་གྱུར་རྨི་ལམ་སྤྲུལ་བསྒྱུར་གྲུབ། །བར་དོ་གཏན་ཕེབས་འཕོ་འཇུག་རང་དབང་ཐོབ། །ཐབས་ལམ་ཉམས་ལེན་མཐའ་རུ་ཕྱིན་པར་ཤོག །རྩེ་གཅིག་བརྟན་ཐོབ་སྤྲོས་བྲལ་གནས་ལུགས་མཐོང༌། །རོ་གཅིག་གདེང་ཐོབ་སྒོམ་མེད་ཟད་སར་འཁྱོལ། །གནས་ལུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི། །གྲོལ་ལམ་ཉམས་ལེན་མཐའ་རུ་ཕྱིན་པར་ཤོག །སྐྱེ་བ་ཀུན་ཏུ་སོགས་བརྗོད། ཅེས་ཚང་གསར་སྤྲུལ་སྐུ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་འཆི་མེད་གྲུབ་པའི་རྡོ་རྗེས་མཛད་པའོ།། །། ༈ ན་མོ་གུ་རུ་ཛྙཱ་ན་ནཱ་ཐ་བྷྱཿ རྒྱལ་ཀུན་བདག་ཉིད་རྡོ་རྗེ་འཛིན། །ཕྲིན་ལས་བདག་ཉིད་ཡེ་ཤེས་མགོན། །འདོད་ཁམས་དབང་མོ་དང་བཅས་པའི། །ཧེ་རུ་ཀ་དཔལ་ངོ་བོར་འདུད། །སྒྲུབ་པའི་བར་ཆད་ཞི་བ་དང༌། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ནག་པོ་ཆེན་པོ་ལྕམ་དྲལ་གྱི། །ཕྲིན་ལས་སྙིང་པོ་རབ་གསལ་བྱ། །དེའང་རྒྱུད་ལས། དུས་གསུམ་སངས་རྒྱས་

p. 383

ཐམས་ཅད་ཀྱི། །ཡེ་ཤེས་ཐུགས་ལས་བྱུང་བ་ཡི། །སེམས་ཅན་ཀུན་གྱི་མགོན་ཡིན་ཕྱིར། །དཔལ་ལྡན་མགོན་པོ་ཞེས་བྱའོ། །ཞེས་བསྔགས་པ་འདི་ཉིད་སྒྲུབ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གང་དུ་བྱ་བའི་གནས་དེར་སྒྲུབ་པའི་རྟེན་གང་འཛོམས་དང༌། མཆོད་གཏོར་སྨན་རཀ་ཉེར་སྤྱོད་སོགས་ཉེ་བར་མཁོ་བ་རྣམས་འདུ་བྱས་ལ། བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ནས། སྐྱབས་འགྲོ་ནི། བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མ་སངས་རྒྱས་ཆོས་དགེ་འདུན། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །སེམས་བསྐྱེད་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ཞེས་བརྗོད། །དེ་ནས་ཡི་དམ་གྱི་གསལ་སྣང་

p. 384

བརྟན་པ་ནི། རང་ཉིད་སྐད་ཅིག་གིས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྐུར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། གཉིས་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་མདུན་དུ་འབྱུང་རིམ་ཀེང་རུས་རི་རབ་མེ་རླུང་དབུས། །སྣ་ཚོགས་པདྨ་དུར་ཁྲོད་བརྒྱད་དབུས་བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༌། །དུར་ཁྲོད་ཐོད་མཁར་འཇིགས་རུང་རྒྱན་ལྡན་བསིལ་བ་ཚལ་དང་གཉིས་མེད་པར། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ་མཐིང་ནག་ཧཱུྃ་འོད་དོན་གཉིས་བྱས། །གདུག་ཅན་ཚར་བཅད་ཡོངས་གྱུར་དཔལ་ལྡན་ཡེ་ཤེས་མགོན་པོ་བྱ་རོག་མཚན། །མཐིང་ནག་ཁྲོས་རྔམ་ཞལ་གཅིག་སྤྱན་གསུམ་མཆེ་གཙིགས་ཧ་ཧའི་གད་རྒྱང་སྒྲོགས། །མི་བསྐྱོད་དབུ་བརྒྱན་ཕྱག་བཞི་གྲི་ཐོད་རལ་གྲི་ཁ་ཊྭཱཾ་ཕྱར་སྟབས་འཛིན། །དུར་ཁྲོད་ཆས་ལྡན་གསུས་

p. 385

འཕྱང་འཇིགས་གཟུགས་ཙནྡན་འཁྱིལ་བའི་སྟབས་ཀྱིས་འགྱིངས། །ཡེ་ཤེས་མེ་དབུས་གར་དགུའི་རྣམ་རོལ་དགྱེས་ཡུམ་ཙཎྜི་ཀ་དམར་མོ། །གྲི་ཐོད་འཛིན་འཁྱུད་གཉིས་ཀ་མཆོག་ཏུ་མི་འགྱུར་བདེ་ཆེན་ཉམས་ཀྱིས་སྒེག །ཕྱི་རིམ་སྣང་སྲིད་མ་མོའི་དཀྱིལ་འཁོར་རཀྟའི་རྦ་ཀློང་རབ་འཁྲུགས་པའི། །ཟླ་གམ་གསུམ་གྱི་གཡས་སུ་བྷྱོ་ལས་སྒྲོལ་ཡུམ་དུད་སོལ་བུང་བའི་མདོག །ཀེང་རུས་ལུས་ཅན་ཕྱག་བཞིས་རལ་གྲི་བྷནྡྷ་ཤཀྟི་ཏྲི་ཤུལ་འཛིན། །མ་མོའི་ཆས་རྫོགས་ཞབས་གཉིས་ལྕགས་སྒྲོག་བོང་བུ་ག་པར་བཙན་སྐྱིལ་བཞུགས། །ཤན་པ་མ་གསུམ་ལྷ་མོ་བཞིས་བསྐོར་རྒྱབ་ཏུ་མ་ལས་དབྱིངས་ཀྱི་ཡུམ། །ཨེ་ཀ་ཛ་ཏི་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཙིཏྟ་གཡུ་སྤྱང་འགྱེད། ཡེ་ཤེས་མ་མོ་འབུམ་གྱི་དབུས་ན་རབ་བརྗིད་གཡོན་དུ་བྷྱོ་ཡིག་ལས། །གསང་བའི་ཡུམ་ཆེན་རྩ་འཇིབས་

p. 386

ནག་མོ་ཞལ་གཅིག་ཕྱག་བཞིས་རལ་གྲི་དང༌། །དགྲ་མགོ་རྩེ་གསུམ་མདའ་གཞུ་འཛིན་ཅིང་རང་འདྲའི་མ་མོ་ཟུང་གིས་བསྟེན། །ཕྱི་རོལ་སྣ་ཚོགས་པདྨ་འདབ་བཞིའི་ཤར་དུ་ཧཱུྃ་ལས་ལས་མགོན་ནི། །བྱ་རོག་གདོང་ཅན་གྲི་ཐོད་ཁྲག་གསོལ་འཁོར་དུ་ལས་མགོན་བཞི་ཡིས་བསྐོར། །ལྷོ་རུ་ཧཱུྃ་ལས་ལེགས་ལྡན་ནག་པོ་དར་ནག་བེར་གྱོན་བིང་ཆེན་བསྒྲིལ། །ཡེ་ཤེས་འཇིག་རྟེན་མགོན་པོས་ཡོངས་བསྐོར་ནུབ་ཏུ་ཧྲཱིཿལས་ཤ་ཟ་ནི། །སེང་གདོང་རལ་གྲི་ཐོད་ཁྲག་བསྣམས་པ་ལས་མཁན་ཕོ་མོ་ཕོ་ཉར་འགྱེད། །བྱང་དུ་ཧཱུྃ་ལས་གནོད་སྦྱིན་གངས་པོ་ལྗང་སེར་ཁྲོ་ཞིང་འཛུམ་པའི་ཉམས། །ནོར་བུ་གཏེར་བུམ་བསྣམས་ཤིང་མཛེས་མ་དང་བཅས་གཏེར་བདག་བྱེ་བས་བསྐོར། །དེ་ཕྱིར་མ་མོ་གདོང་ཅན་བརྒྱད་དང་མཁའ་འགྲོ་དྲུག་དང་དུར་ཁྲོད་ཀྱི། །ལྷ་མོ་རྣམ་བརྒྱད་དམག་དཔོན་བརྒྱད་པོ་དྲེགས་

p. 387

པའི་དམག་ཚོགས་ཕྱོགས་སྐྱོང་བཅུ། །སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་བར་ཁྱམས་བྱ་རོག་གདོང་ཅན་བརྒྱད། །ནག་པོ་སྟོང་སྡེ་ཞིང་སྐྱོང་ཉེར་བཞི་ཤ་ཟ་འབུམ་དང་རེ་ཏི་བཞི། །མ་མོ་བྱེ་བ་ཁྲབ་ཅན་འབུམ་ཕྲག་གནོད་སྦྱིན་ཁྲིར་བཅས་ཁོར་ཡུག་གི །དུར་ཁྲོད་བརྒྱད་ལ་སྤྲུལ་པའི་མགོ་བརྙན་བཅུ་དྲུག་གིང་ཆེན་བཅོ་བརྒྱད་དང༌། །ཕོ་བདུད་ཉེར་གཅིག་དབང་ཕྱུག་ཉེར་བརྒྱད་སྡེ་དཔོན་སུམ་ཅུ་གཙང་རིས་ཀྱི། །དཔལ་མགོན་བདུན་ཅུ་རོ་ལངས་བརྒྱ་དང་མ་མོ་མཁའ་འགྲོ་ལྷ་དམག་ཚོགས། །དམ་ཅན་རྒྱ་མཚོས་ཡོངས་སུ་བསྐོར་བའི་ཐམས་ཅད་གནས་གསུམ་འབྲུ་གསུམ་མཚན། །ལྕམ་དྲལ་ཐུགས་ཀའི་ས་བོན་ཧཱུྃ་ལས་འོད་འཕྲོས་གནས་ཡུལ་དུར་ཁྲོད་ནས། །ཡེ་ཤེས་མགོན་པོ་དཔལ་ལྡན་ལྷ་མོ་འཁོར་བཅས་མངོན་སུམ་སྤྱན་དྲངས་གྱུར། །རྔ་རོལ་དབྱངས་དང་བཅས། ཧཱུྃ། རིན་

p. 388

ཆེན་འབར་བའི་གཞལ་ཡས་ཁང༌། །མཆོད་པའི་སྤྲིན་ཚོགས་མཛེས་པས་བརྒྱན། །སྣ་ཚོགས་པདྨ་ཉི་མའི་གདན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་མགོན་པོའི་ཚོགས། །ནག་པོ་ཆེན་པོ་གཟི་བརྗིད་ཅན། །གནས་འདིར་སྤྱན་འདྲེན༴ དབྱིངས་ནས་བཞེངས་པ་མི་མངའ་ཡང༌། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །གསང་བའི་གནས་འདིར༴ ཧཱུྃ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །རྡོ་རྗེ་མགོན་པོ་འཁོར་བཅས་རྣམས། །རང་བཞིན་གནས་ནས་སྐུར་བཞེངས་ལ། །འདིར་ནི་བསྟན་སྲུང་༴ ཧཱུྃ། ཐུགས་རྗེ་ཆེན་པོའི་འགྲོ་དོན་དུ། །ཆོས་དབྱིངས་རྣམ་དག་མཚོན་པའི་ཕྱིར། །ཡུམ་ཆེན་ལྷ་མོ་ཙཎྜི་ཀ །མ་མོ་བྱེ་བའི་འཁོར་གྱིས་བསྐོར། །གནས་འདིར་སྤྱན་འདྲེན༴ བྷྱོ། རི་རབ་

p. 389

ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་མཐིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང༌། །དེ་དབུས་སྲིད་གསུམ་ཐོད་མཁར་དབུས། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་མ་མོ་འབུམ་སྡེའི་ཚོགས། །གནས་འདི་ཉིད་དུ༴ ད་ལྟ་སྙིགས་མའི་དུས་ཉིད་དུ། །དམ་ཅན་གཤེགས་པར་མི་འོས་ཀྱང༌། །སྔོན་ཚེ་བྱང་ཆུབ་ཤིང་དྲུང་དུ། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ༴ གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གནས་འདིར༴ བྷྱོ། མི་དམིགས་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཨེ་ཀ་ཙ་ཏི་

p. 390

མཐུ་མོ་ཆེ། །སྒྲོལ་བདག་ལྕམ་མོ་ཆོ་འཕྲུལ་ཅན། །གྲུ་གསུམ་ཐོད་པའི་གཞལ་ཡས་འདིར། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་གཅིག་སྤྱན་འདྲེན་ན། །མ་མོ་འབུམ་བཅས༴ བྷྱོ། མེ་རླུང་འཁྲུགས་པའི་དུར་ཁྲོད་ནས། །དཔལ་འབར་གསང་བའི་ཡུམ་གཅིག་མ། །དགའ་བྱེད་འདོད་པའི་དབང་ཕྱུག་ཆེ། །མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས། །གནས་འདིར་སྤྱན་འདྲེན༴ ཧཱུྃ། ཡེ་ཤེས་ཐུགས་རྗེའི་རྫུ་འཕྲུལ་ཅན། །གཙོ་བོ་དང་མཚུངས་གཟི་བརྗིད་ཅན། །ལས་ཀྱི་མགོན་པོ་བྱ་རོག་གདོང༌། །ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། གནས་འདིར་སྤྱན་འདྲེན༴ ཧཱུྃ། སྣང་སྟོང་ཐུགས་ཀྱི་སྤྲུལ་པ་ལས། །ལེགས་ལྡན་རྔམ་བརྗིད་འཇིགས་པའི་སྐུ། །ལྷ་ཆེན་བདུད་འདུལ་མཐུ་བོ་ཆེ། །མགོན་པོ་འབུམ་གྱི་འཁོར་གྱིས་བསྐོར། །གནས་འདིར་སྤྱན་འདྲེན༴ ཧཱུྃ། གཙང་རིགས་མགོན་པོ་ཆེན་པོ་

p. 391

སྟེ། །བདུད་དཔུང་མ་ལུས་འཇོམས་མཛད་པའི། །ཤ་ཟ་སེང་གེའི་གདོང་པ་ཅན། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །གནས་འདིར་སྤྱན་འདྲེན༴ ཧཱུྃ། བཀའ་སྡོད་སྦས་པའི་མགོན་པོ་ཆེ། །གནོད་སྦྱིན་ནག་པོ་ཁྲག་རལ་ཅན། །གང་པོ་རྡོ་རྗེ་བདུད་འདུལ་བ། །གནོད་སྦྱིན་ཁྲི་ཡི་ཚོགས་ཀྱིས་བསྐོར། །གནས་འདིར་སྤྱན་འདྲེན༴ ཧཱུྃ། འོག་མིན་གནས་མཆོག་དམ་པ་དང༌། །ལྕང་ལོ་ཅན་གྱི་ཕོ་བྲང་དང༌། །བསིལ་བ་ཚལ་སོགས་དུར་ཁྲོད་བརྒྱད། །རང་བཞིན་གར་བཞུགས་གནས་མཆོག་ནས། །དཔལ་ལྡན་མགོན་པོ་ལྕམ་དྲལ་དང༌། །བཀའ་སྡོད་དམ་ཅན་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་དགྱེས་དགོངས་ལ། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ སྤྱན་དྲངས་མདུན་མཁར་བཞུགས་པ་ལ། ཧཱུྃ། ནག་པོ་ཆེན་པོ་དྲག་ཤུལ་

p. 392

ཅན། །བྱ་རོག་མིང་ཅན་སྲིན་པོའི་གཟུགས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང༌། །འཇིག་རྟེན་པ་དང་མཐུན་འཇུག་ཕྱིར། །ཕྱག་དང་ཞབས་ནི་བསིལ་བར་མཛོད། །ཁྲག་གི་ཨརྒྷཾ་དུག་གི་འཐོར་འཐུང་དང༌། །ཆང་གི་ཞབས་བསིལ་དམ་པ་འདི་བཞེས་ཤིག །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཨརྒྷཾ་ཨཱཉྩ་མ་ནཾ་པཱདྱཾ་པྲ་ཏཱིཙྪ་ཨཱཿཧཱུྃ། ཞེས་པས་མཆོད་ལ། ཛཿཧཱུྃ་བཾ་ཧོཿས་དམ་ཡེ་གཉིས་སུ་མེད་པར་གྱུར་པར་བསམ། །དེ་ནས་གདན་འབུལ་ཞིང་བཞུགས་སུ་གསོལ་བ་ནི། ཧཱུྃ། སྟོབས་ཆེན་མ་རུངས་བདུད་འདུལ་དཔའ་བོ་རྗེ། །མི་བཟད་རྔམ་གཏུམ་བཀའ་ཉན་འཁོར་དང་བཅས། །རབ་འཇིགས་དུར་ཁྲོད་ཕོ་བྲང་གཞལ་ཡས་འདིར། །པད་ཉི་ཞིང་ཆེན་གདན་ལ་བཞུགས་སུ་གསོལ། །བྷྱོ། རླུང་དམར་དྲག་པོའི་ཤུགས་ལྡན་བོང་བུའི་སྟེང༌། །དུར་ཁྲོད་ཆས་ལྡན་ཞབས་གཉིས་ལྕགས་སྒྲོག་མཛེས། །ཞལ་གདངས་མཆེ་གཙིགས་

p. 393

ཀཱི་ལི་ཀཱི་ལ་སྒྲོགས། །དཔལ་ལྡན་འདོད་ཁམས་དབང་བསྒྱུར་གདན་ལ་བཞུགས། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོ་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛ་ལྷན། དམ་ལ་བཞག་པ་ནི། ཧཱུྃ། དམ་ལས་མ་འདའ་ནག་པོ་ཆེ། །དམ་ཚིག་སྲུངས་ཤིག་ནག་པོ་ཆེ། །རྣལ་འབྱོར་སྐྱོངས་ཤིག་ནག་པོ་ཆེ། །བཀའ་བཞིན་སྒྲུབས་ཤིག་ནག་པོ་ཆེ། །གལ་ཏེ་དམ་ལས་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བསླུས། །ཁྱོད་ཉིད་ཉམས་པར་འགྱུར་ཏ་རེ། །དེ་བས་དམ་ལས་མ་འདའ་ཞིག །རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བསྟན་ཅིང༌། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཐོད་རློན་རྒྱ་བསྟན་ལ། ཨོཾ་ཧ་ན་ཧ་ན་བཛྲ་ས་མ་ཡ་ཨ་ཏི་ཀྲ་མ་ནི་ཧཱུྃ་ཕཊ། ཅེས་དམ་ལ་བཞག་གོ། །དེ་ནས་དབང་བསྐུར་

p. 394

རྒྱས་གདབ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་ཡུམ་བཞི་དཔའ་བོ་དཔའ་མོ་ཁྲོ་བོའི་ཚོགས་རྣམས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཨཱཉྩ་མ་ནཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་གར་དང་། མེ་ཏོག་གི་ཆར་འབེབས་ཤིང་རིགས་ལྔ་དང་བདེ་ཆེན་གྱི་མཁའ་འགྲོ་བཞིས་བུམ་པ་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་

p. 395

ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་བདེ་མཆོག་ལྷན་སྐྱེས། དཔལ་ལྷ་མོ་ལ་མ་ཧཱ་བོ་དྷི། ལས་ཀྱི་མགོན་པོ་ལ་ཡེ་ཤེས་མགོན་པོ། འཁོར་རྣམས་ལ་ལས་ཀྱི་མགོན་པོས་དབུ་བརྒྱན་པར་གྱུར་པར་བསམས་ལ། དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། མི་འགྱུར་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེས་སྐུ་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོ་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་དགྱེས་བསྐྱེད་ཡུམ་དང་ལེགས་ལྡན་ནག །བཀའ་སྡོད་ལས་མགོན་ཤ་ཟ་སེང་གེའི་གདོང༌། །ལས་ཀུན་སྒྲུབ་བྱེད་མཁའ་འགྲོ་བརྒྱད་དྲུག་སོགས། །སྤྲུལ་པའི་འཁོར་གྱི་ཚོགས་ལ་ཕྱག་འཚལ་ལོ། །བྷྱོ། སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང༌། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་

p. 396

གཉན་པོ་བསྲུང་བར་དམ་བཅས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བཀའ་སྡོད་རིག་འཛིན་ཕོ་ཉ་མོ། །བསྟན་དགྲ་ཚར་གཅོད་གསང་སྔགས་སྲུང་མའི་གཙོ། །བཀའ་སྡོད་ཕོ་ཉ་ཡང་སྤྲུལ་སྡེ་དཔུང་བཅས། །མ་མོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །མཆོད་རྫས་རྣམས། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་སྣོད། །ཧཱུྃ་ལས་མཆོད་རྫས་དྲག་པོའི་ཉེར་སྤྱོད་དང༌། །ཕྱི་ནང་གསང་བའི་འདོད་ཡོན་རྣམ་མང་པོ། །དམ་ཅན་དགྱེས་པའི་མཆོད་སྤྲིན་མཁའ་ཁྱབ་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱཉྩ་མ་ནཾ་ཨཱཿཧཱུྃ། པཱདྱཾ་སོགས་ཀྱིས་བྱིན་བརླབས་ལ། ཧཱུྃ། གདུག་པའི་སྙིང་ཁྲག་མཚོ་ལྟར་འཁྱིལ་བ་ཡི། །མཆོད་ཡོན་མཆོག་འདི་རྡོ་རྗེ་ནག་པོ་ཆེ། །ཡབ་ཡུམ་སྲས་འཁོར་དམ་ཅན་ཚོགས་ལ་འབུལ། །བཞེས་ནས་བསྟན་པ་བསྲུང་ལ་གཡེལ་མེད་

p. 397

མཛོད། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཧ་ལ་ནག་པོ་དང་སྦྱར་དུག་ཆུ་ཡི། །འཐོར་འཐུང་མཆོག་འདི༴ ཡབ་ཡུམ་སྲས་འཁོར་དམ༴ བཞེས་ནས་བསྟན་པ་བསྲུང་ལ༴ ཨཱཉྩ་མ་ནཾ། དེ་བཞིན་དུ། འབྲུ་བཅུད་སྟོང་སྦྱར་ཛ་གད་རྒྱ་མཚོ་ཡི། །ཞབས་བསིལ་མཆོག་འདི༴ ཡབ་ཡུམ་སྲས་འཁོར་དམ༴ བཞེས་ནས་བསྟན་པ་སྲུངས་ལ༴ པཱདྱཾ། བསྟན་ལ་ཉེར་འཚེའི་དབང་པོ་རྣམ་ལྔ་ཡི། །མེ་ཏོག་མཆོག་འདི༴ ཡབ་ཡུམ་སྲས་འཁོར་དམ༴ བཞེས་ནས་བསྟན་པ་བསྲུང་ལ༴ པུཥྤེ། བསྟན་དགྲའི་ཤ་ཆེན་ཚིལ་ཆེན་དང་སྦྱར་བའི། །བདུག་སྤོས་མཆོག་འདི༴ ཡབ་ཡུམ་སྲས་འཁོར་དམ༴ བཞེས་ནས་བསྟན་པ་བསྲུང་ལ༴ དྷཱུ་པེ། ཚིལ་ཆེན་ཞུན་དང་མར་ནག་ལས་བྱས་པའི། །སྣང་གསལ་མཆོག་འདི༴ ཡབ་ཡུམ་སྲས་འཁོར་

p. 398

དམ༴ བཞེས་ནས་བསྟན་པ་བསྲུང་ལ༴ ཨཱ་ལོ་ཀེ བདུད་རྩི་ལྔ་དང་ཁྲག་ཞག་མཉམ་སྦྱར་བའི། །དྲི་ཆབ་མཆོག་འདི༴ ཡབ་ཡུམ་སྲས་འཁོར་དམ༴ བཞེས་ནས་བསྟན་པ་བསྲུང་ལ༴ གནྡྷེ། དམ་ཉམས་དགྲ་བོའི་ཤ་ཁྲག་རུས་པ་ཡི། །ཞལ་ཟས་མཆོག་འདི༴ ཡབ་ཡུམ་སྲས་འཁོར་དམ༴ བཞེས་ནས་བསྟན་པ་བསྲུང་ལ༴ ནཻ་ཝི་དྱ། ཞིང་བཅུའི་རྐང་དང་ཐོད་པ་ལས་བྱས་པའི། །སྒྲ་སྙན་མཆོག་འདི་རྡོ་རྗེ་ནག་པོ་ཆེ། །ཡབ་ཡུམ་སྲས་འཁོར་དམ་ཅན་ཚོགས་ལ་འབུལ། །བཞེས་ནས་བསྟན་པ་བསྲུང་ལ་གཡེལ་མེད་མཛོད། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། བསྡུ་ན། ཨོཾ། ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང༌། །ཚིལ་ཆེན་བདུག་སྤོས་ཞུན་ཆེན་མར་མེ་དང༌། །ཁྲག་ཞག་དྲི་ཆབ་ཙིཏྟའི་ཞལ་ཟས་མཆོག །རྐང་ཆེན་གླིང་བུའི་ཕྱོགས་

p. 399

རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་ཨརྒྷཾ་ཨཱཉྩ་མ་ནཾ་སོགས་ནས།ཤབྡ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། གསེར་གཞི་ཡངས་པར་རིན་ཆེན་རི་དབང་དང༌། །རོལ་མཚོ་རི་གླིང་ཉི་ཟླའི་སྣང་བ་ཅན། །ཕྱོགས་ཀྱི་རྒྱ་མཚོ་ལྷ་ཀླུ་མི་དབང་གི །དཔལ་གྱི་འབྱོར་པ་ཆེན་པོས་ཡོངས་གང་བ། །དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །སྲིད་པ་གསུམ་ལས་རྣམ་པར་རྒྱལ་བར་མཛོད། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་རཏྣ་མཎྜལ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། གཏོར་མ། ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༌། །ཨ་ལས་ཐོད་སྣོད་སོ་སོའི་ས་བོན་ལས། །ཤ་ལྔ་བདུད་རྩི་འབྲུ་གསུམ་རབ་ཏུ་གསལ། །རླུང་གཡོས་མེ་སྦར་ཐོད་དྲོས་རྫས་རྣམས་ཁོལ། །ཡེ་ཤེས་བདུད་རྩི་སྤྱན་

p. 400

དྲངས་གཉིས་མེད་འདྲེས། །འབྲུ་གསུམ་འོད་ཞུ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། འབར་བའི་ཕྱག་རྒྱ་དཔྲལ་བ་བསྐོར་ཞིང༌། ཕེཾ་ཕེཾ་ཕེཾ་གྱིས་གཏོར་མགྲོན་སྤྱན་དྲངས། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། པད་སྐོར་སྔོན་དུ་འགྲོ་བའི་རྡོར་ཐལ་ཁ་ཕྱེ་བས། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བླ་མ་རྣམས་ལ་འབུལ། དེ་ནས་

p. 401

ཡི་དམ་རྣམས་ལ་འབུལ་བ་ནི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ལཱ་མེ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ཎི་ཡེ་ཧུྃ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་དེ་ཝ་པི་ཙུ་བཛྲ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ཨོཾ་ཧྲཱིཿཧཱུྃ་ཧཱུྃ། ཨི་དཾ༴ ཨོཾ་ཨཱཿཧཱུྃ་ཧོ་ཤྲཱི་ཀ་ལ་ཙཀྲ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ཨོཾ་ཧཱུྃ་སྭཱ་ཧཱ། ཨི་དཾ༴ ཨོཾ་ཧྲཱིཿ ཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ༴ ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཛྲ་གྷ་རུ་ཊ་ཧཱུྃ་ཕཊ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དེ། རྒྱུད་སྡེ་བཞི་ཡི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །བདག་ཅག་དཔོན་སློབ་བསྲུང་བྱ་ཐམས་ཅད་བསྲུང་བ་དང་བསྐྱབ་པ་དང༌། ལུས་ངག་ཡིད་གསུམ་སྐུ་གསུང་

p. 402

ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། དེ་ནས་མཁའ་འགྲོ་སྤྱིའི་གཏོར་མ་ནི། ཨོཾ་བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། བི་ཤྭ་ཌཱ་ཀི་ནཱི། ལོ་ཀ་ཌཱ་ཀི་ནཱི། ཨི་དཾ་བ་ལིང་པཱུ་ཛ་ཁཱ་ཧི་ཁཱ་ཧི། གྲིཧྣ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙི་ཨུནྨ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ཨི་དཾ་བ་ལིང་གྷྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཛྙ་ཐ། པི་པ་ཐ། ཛི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟཱ་ཡ་སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཾ་བྷ་ཝནྟུ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞི་བརྗོད། ཨོཾ། གནས་གསུམ་དཔའ་བོ་མཁའ་འགྲོ་དང༌། །དུར་ཁྲོད་ཕྱོགས་སྐྱོང་ཞིང་སྐྱོང་རྣམས། །མཆོད་གཏོར་དམ་པ་འདི་

p. 403

བཞེས་ལ། །ལས་རྣམས་ཐོགས་མེད་མྱུར་འགྲུབ་མཛོད། །དེ་ནས་མགོན་པོ་ལྕམ་དྲལ་གྱི་གཏོར་མ་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང༌། །རྃ་ལས་མེ་དང་ཀེཾ་ལས་ནི། །མི་མགོ་གསུམ་གྱི་སྒྱེད་པུའི་སྟེང༌། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་པོ་དང༌། །བདུད་དགྲའི་ཤ་རུས་སྤུངས་པ་ལ། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། །ཨོཾ་ཨཱཿཧཱུྃ་ལན་གསུམ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །ཧཱུྃ་ལས་བྱུང་བའི་མཚོན་ཆའི་ལྗགས། །འོད་ཀྱི་སྦུ་གུས་བདུད་རྩི་རྣམས། །དྲངས་ཤིང་གསོལ་བས་མཉེས་པར་གྱུར། །ཧཱུྃ། གཤེགས་ཤིག་གཤེགས་ཤིག་གནས་འདིར་གཤེགས། །བུ་ཡི་གནས་མཆོག་དམ་པ་ན། །ཁྱོད་ཀྱི་མཐུན་པའི་དམ་རྫས་ནི། །འབྱོར་པ་འཚོགས་སོ་ཐུགས་དམ་རྫས། །རྒྱ་ཤུག་

p. 404

ལ་སོགས་སྤོས་ལྔ་ཐུ་ལུ་ལུ། །ག་པུར་ལ་སོགས་སྨན་ལྔ་སི་ལི་ལི། །འབྲུ་བཅུད་ཆང་གི་ཕུད་ནི་པྲེངས་སེ་པྲེང༌། །རཀྟ་དམར་གྱི་རྒྱ་མཚོ་ཀྱི་ལི་ལི། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། །ཤ་ཆེན་བདུད་རྩིའི་ཚོགས་ནི་ཚངས་སེ་ཚང༌། །མཐུན་པའི་དམ་རྫས་འཚོགས་པའི་གནས་འདིར་བྱོན། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །འཆི་མེད་བདུད་རྩི་སྨན་གྱི་མཆོག །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨའི་མེ་ཏོག་མདངས་དང་ལྡན། །ག་པུར་ཤེལ་གྱི་སོགས་སྤོས་དྲི། །རྡོ་རྗེའི་དྲི་སྟེ་ཡང་དག་ལྡན། །རིགས་ལྔ་བདུད་རྩི་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །དུག་ལྔ་སེལ་བའི་བདུད་རྩི་འདི། །བླ་མ་ཡི་དམ་ལྷ་ཚོགས་དང༌། །དཔལ་ལྡན་མགོན་

p. 405

པོ་འཁོར་དང་བཅས། །ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་པས་བདུད་རྩི་མཆོད། ཧཱུྃ། སྤྲོས་མེད་མཁའ་དབྱིངས་དག་པ་ཡི། །གསང་བའི་ཡུམ་གྱི་བྷ་གའི་ཀློང༌། །པདྨའི་རཀྟ་གསང་བའི་མཆོག །ཡང་དག་དོན་རྟོགས་བྱང་ཆུབ་སེམས། །གཉིས་མེད་བྱང་སེམས་ཐིག་ལེ་འཕྲོས། །འདུ་འབྲལ་མེད་པའི་གསང་མཆོད་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། ཞེས་པས་རཀྟ་མཆོད། ཧཱུྃ། དཔལ་ལྡན་མགོན་པོ་ཕྱག་བཞི་པ། །འདོད་ཁམས་དབང་ཕྱུག་འཁོར་བཅས་ལ། །མཆོད་པ་དམ་པ་འབུལ་བ་ནི། །འཇིག་རྟེན་ཁམས་ཀྱི་མཆོད་པ་དང༌། །བསྲེག་པའི་གསུར་དང་བཙོས་པའི་ཞག །མྱོས་པའི་ཆང་དང་བདུད་རྩི་ལྔ། །རཀྟ་བ་ལིང་ཨ་མྲི་ཏ། །ཞལ་དུ་འབུལ་ལོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྐྱང་ངོ་ཨ་ལ་

p. 406

ལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་དབུ་འཕང་སྨད་པ་དང༌། །བླ་མའི་སྐུ་དགྲར་གྱུར་པ་དང༌། །སེམས་ཅན་ཡོངས་ལ་འཚེ་བ་དང༌། །བདག་ལ་བརྙས་བྱེད་དགྲ་བགེགས་རྣམས། །སོད་ཅིག་གཏུབས་ཤིག་མཱ་ར་ཡ། །ཙིཏྟ་ཁ་རཾ་ཛཿཛཿཿཛཿ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་གང་ཡིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དངོས་གྲུབ་རྣམ་གཉིས་འབྱུང་བ་དང༌། །གཞན་དོན་མཐར་ཕྱིན་མཛད་ནས་ཀྱང༌། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་ནས་པད་སྐོར་སྔོན་དུ་འགྲོ་བའི་རྡོ་རྗེའི་ཐལ་མོ་ཁ་ཕྱེ་བས། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་དཱེ་ཝི་རཱུ་པི་ནི་ཧཱུྃ་ཕཊ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨི་དཾ༴ ཨོཾ་ཨེ་ཀ་ཙ་ཏི་བྷྱོ་ཛཿ ཨི་དཾ༴ ཨོཾ་ཌཱ་ཀི་ནི་ཤྭ་རི་

p. 407

སྙིང་ཁ་རག་ཙིཏྟ་སྲོག་དུང་དུང་དུན་དུན་བྲེང་བྲེང་ཛ་ཛཿ ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་གྷུ་ན་ཧྲཱི་ད་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བིང་ཛཿ ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་སེངྷ་མུ་ཁ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་ཙིཏྟ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཨི་དཾ༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ནཱ་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་ཧྞ་གྲྀ་ཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་ཧཱུྃ་ཕཊ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་ནན་གྱིས་བསྟབ་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང༌། །སྒོ་

p. 408

གསུམ་ལོངས་སྤྱོད་བཅས་པའི་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང༌། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། །གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང༌། །དེ་ཁོ་ན་ཉིད་ཐུགས་དང་གཅིག་བསྡོམ་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །དགྱེས་པ་ཆེན་པོས་བཞེས་ནས་བྱིན་གྱིས་རློབས། །དབང་བཞི་ཐོབ་ནས་ཕྲིན་ལས་རྣམ་བཞི་འགྲུབ། །མཁའ་མཉམ་སེམས་ཅན་བདེ་ལ་འགོད་ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྟན་ཐོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ། །བྷྱོ་བཻ་ཏ་ལི་བཻ་ཏ་ལི་ཚེ་ཚེ། ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་དམར་གྭ་ལ་ཆིབས་པ་སྤྱན་དྲངས་ཤིང་དེ་ཡིས་གཏོར་མ་གསོལ་བར་གྱུར། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་

p. 409

ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་འཛིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་མཛོད། །བདག་གིས་ལས་རྣམས་ཅི་བྱེད་ཀྱང༌། །དེ་ལ་ཁྱོད་ཀྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་གྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མར་པའི་སྙན་བརྒྱུད་ཤོག་དྲིལ་མའོ། །དེ་ནས་བསྟོད་པ་ནི། ཧཱུྃ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་

p. 410

འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །མཆེ་བ་གཙིགས་ཤིང་དྲག་ཆེན་པོ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་པོ་ནི་གསོལ་མཛད་པའི། །ཁྲག་འཐུང་རྒྱལ་པོར་ཕྱག་འཚལ་བསྟོད། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །ཀྱཻ་རྡོ་རྗེར་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ། བདེ་གཤེགས་ཐུགས་རྗེས་སྐུ་སྤྲུལ་པ། །སེམས་ཅན་ཡོངས་ལ་མགོན་སྐྱབས་མཛད། །འོག་མིན་གནས་ན་བཞུགས་

p. 411

པ་ལ། །རབ་ཏུ་བཏུད་དེ་ཕྱག་ཀྱང་འཚལ། །བཅོམ་ལྡན་འདས་ཀྱི་སྐུར་བསྟན་པ། །འདྲེན་པ་འཇིག་རྟེན་མཁའ་འགྲོའི་གཙོ། །དྲག་པོ་མ་རུངས་འདུལ་མཛད་པ། །མ་ཧཱ་ཀཱ་ལར་ཕྱག་འཚལ་བསྟོད། །འཇིག་རྟེན་ལ་གནས་གདུག་པ་འདུལ། །དུར་ཁྲོད་མ་མོ་རྣམས་ཀྱི་གཙོ། །ལྷ་ཆེན་འཇིགས་པའི་སྐུར་བསྟན་པ། །འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད། །རྒྱས་པར་བསྟོད་ན་རྐང་བརྒྱད་དང་ཏིལ་མར་མས་བསྟོད། ཨོཾ་འགྲུབ་པར་གྱུར་ཅིག །ཧཱུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་ཤིང༌། །ཧཱ་ཧཱ་ཊྚཱ་ཊྚཱ་ཞེས་བཞད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། །ཀྃ་ཀྃ་ཀྃ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཆུ་དང་མཚུངས་པའི་སྐུ། །བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་

p. 412

ཞིང༌། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །རྃ་རྃ་རྃ་ཞེས་སྤྱན་དམར་འཁྲུག་ཅིང་སྒྱུར་མཛད་ཀྲཱུྃ་ཀྲཱུྃ་ཀྲཱུྃ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧ་ཧ་ཧཱུྃ་དང་ཀཱི་ལི་ཀཱི་ལི་ཞེས་སྒྲོགས་ཕྱག་གཡོན་ཁ་ཊྭཱཾ་ག་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང༌། །ཁྃ་ཁྃ་ཁྃ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པ། །ཌྃ་ཌྃ་ཌྃ་ཞེས་ཌཱ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང༌། །ཀྵིཾ་ཀྵིཾ་ཀྵིཾ་ཞེས་འདོད་པའི་

p. 413

གཟུགས་ཅན་ཅ་ཅོ་སྒྲོག་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ཅིང་མནན་ནས་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾ་ཀྵུཾ་ཤྲཱིའི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་སེལ་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཕེཾ་ཕེཾ་ཕེཾ་ཞེས་སྒྲོགས་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་

p. 414

རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙྃ་ཙྃ་ཙྃ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲྃ་ཀྲྃ་ཀྲྃ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང༌། །སྃ་སྃ་སྃ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བྃ་བྃ་བྃ་ཞེས་གཤིན་རྗེ་ལྟར་ཁྲོས་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང༌། །ཡྃ་ཡྃ་ཡྃ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླཱྃ་ཀླཱྃ་ཀླཱྃ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང༌། །ཀྵྃ་ཀྵྃ་ཀྵྃ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་

p. 415

གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །པྃ་པྃ་པྃ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱིས་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཞིག་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང༌། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་ནི་རྟག་ཏུ་ཉམས་པར་གྱུར། །བྷྱོ། ཏིལ་མར་གྱིས་བསྐུས་ལན་བུ་གཅིག་

p. 416

འཕྱང་རོ་ཉེའི་རྣ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཆང༌། །རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་གཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་སྟེ། །གཅེར་བུ་བོང་བུ་ཞོན་ནས་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཡིན་ཏེ། །བདག་ཉིད་མཛེས་པར་ཤེས་ཀྱི་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི་ཚེ་ན་མི་ལུས་དག་ལས་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མཆེ་བ་གཙིགས་པ་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་སྒྲུབ་པའི་སྤྱོད་ཡུལ་ཅན་ཏེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོན་ཅན་མནན་ཅིང་ནད་དང་འཆི་བའི་འཇིགས་པ་སེལ་ཞིང་མི་ཟད་དྲིལ་ཡང་སྒྲོགས། །ཁྱོད་ནི་དཔའ་བོ་དག་གི་མགོ་བོའི་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །ཕྲེང་

p. 417

བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་བརྐྱང་རྐུབ་ཚོས་ཆེ་ཤིང་ཀླུ་དབང་གཤིབས་པ་ཡི། །སྐ་རགས་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་ནས་ཁྲག་དང་ཆང་གིས་མྱོས་གྱུར་པ། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང༌། །ཀོ་རློན་ཆེན་པོ་དྲལ་ཏེ་བརྒྱང་བའི་གོས་ཀྱིས་སྟོད་གཡོགས་སྨད་ནི་རེ་ལྡེ་སེར་པོས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབ་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་ལ་སོགས་པའི་ཐིག་ལེ་ཚོམ་བུར་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་བྱེད་ཐོད་པ་ཅན་དེས་བདག་ལ་སྐྱོང་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ནས། །མ་མོ་རྣམས་ཀྱང་སྐྲག་ཅིང་རྟབས་ལ་རྔམ་པ་འཐོན་

p. 418

ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང༌། །ཉིན་གཅིག་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་འདར་ཞིང་འདུད་པར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་མཇུག་བརྟུལ་ནས་ནི་ཁྱོད་ཀྱི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བའི་གདེངས་ཀ་སྟོང་དང་ལྡན་པ་གཅིག་གིས་རྒྱབ་ནས་ཁྱོད་ལ་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་འཕྱོ་ཞིང་རྒྱ་མཚོའི་མཐའ་བསྐོར་ས་གཞི་མ་ལུས་གནོན། །སྟེང་ནས་རྒྱུ་བའི་ཉི་མ་འོད་ཟེར་སྟོང་ལྡན་དེ་ནི་ཁྱོད་ཀྱི་ལྟེ་བའི་ཕྱོགས་སུ་བཞག །བྷྱོ། རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་སྟེ། །

p. 419

ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་སྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །བདག་གི་བར་ཆད་ཐམས་ཅད་སོལ། །འདོད་པའི་དོན་རྣམས་གྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་ཡེ་ཤེས་མགོན་པོ་ཡི། །དཀྱིལ་འཁོར་ཆེན་པོའི་བར་ཁྱམས་སུ། །ལེགས་ཉེས་སྟངས་འཛིན་རྣལ་འབྱོར་སྐྱོང༌། །དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། །དེ་ནས་བཟླས་པ་བྱ་བ་ནི། བདག་ཉིད་ཀྱི་ཐུགས་ཀའི་འོད་ཀྱིས་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ་བས་ཕྲིན་ལས་རབ་འབྱམས་བསྒྲུབ་པར་དམིགས་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། །

p. 420

དཔལ་མགོན་ཉེ་བའི་སྙིང་པོ་ནི། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། །ལྷ་མོའི་སྙིང་པོ་ནི། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ཅི་འགྲུབ་བཟླ། འཁོར་རྣམས་ལ་ཤཱ་ས་ན་ལན་གསུམ་བརྗོད་པར་བྱའོ། ༈ །འདོད་གསོལ་རྒྭ་ལོས་མཛད་པ་ནི། ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། འཁོར་ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ། ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ། མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། བསྟན་པའི་བཀའ་སྲུང༌། ཡེ་ཤེས་ཀྱི་སྤྱན་ཅན། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲོག་ཤིང༌། རྣལ་འབྱོར་གྱི་དགྲ་བླ། བདུད་འདུལ་གྱི་དབང་ཕྱུག །དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དཔལ་མ་ཧཱ་ཀཱ་ལ་ཆོས་སྐྱོང་འཁོར་དང་བཅས་པས་བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ལ་སྲུངས་ཤིག །

p. 421

ཚེ་དང་དབང་ཕྱུག་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འབྲུ་ནོར་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛོད་ཅིག །འཁོར་དང་བསྟན་པ་སྲུངས་ཤིག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །ལེགས་པ་ཀུན་དང་སྤྲོད་ཅིག །ཉེས་པ་ཀུན་དང་སྣོལ་ཅིག །དམ་ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར་ཅིག ། ཅེས་བརྗོད་ལ་མེ་ཏོག་འཐོར། སྐབས་འདིར་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་མ་འབུལ། མ་མགོན་འཁོར་བཅས་ལ་གཏོར་མ་བསྔོ་བ་ནི། ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་གིས། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་རླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །དཔའ་བོ་

p. 422

མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང༌། །མཁར་ནག་རྡོ་རྗེ་རྒྱལ་པོ་ཨ་ཕྱི་དང༌། །ཚེ་རིང་མཆེད་ལྔ་སྤྲག་བཙན་ཐང་ལྷ་སོགས། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི ། གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པ་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་རྣམས། །དེ་ཁོ་ན་ཡི་ཀུན་བཟང་མཆོད་

p. 423

པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང༌། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །བསྒྲུབས་ནས་ཀརྨ་པ་ཡིས་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང༌། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་བརླག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་པ་འདི་དད་པའི་ནོར་ཅན་རིན་ཆེན་

p. 424

དཔལ་མོས་བསྐུལ་བའི་ངོར། ཀརྨ་པ་མི་བསྐྱོད་རྡོ་རྗེས་སྩལ་བའོ། །༈ དེ་ནས་དབུ་སྨུག་གི་རྒྱུན་གཏོར་བསྡུས་པ་ནི། ཧཱུྃ། རང་བཞིན་གར་བཞུགས་གནས་མཆོག་ནས། །ལས་མགོན་དབུ་སྨུག་འཁོར་དང་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །སངས་རྒྱས་བསྟན་པ་སྲུང་བ་དང༌། །རིགས་རྒྱུད་ཆོས་བརྒྱུད་དར་ཞིང་རྒྱས། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཨོཾ་བཛྲ་དྷ་དྷེ་མ་ཧཱ་ཀཱ་ལ་ཥ་ཎ་ཊ་གུ་ཎ་བྷྱོ་ཧཱུྃ་ཌྷྲོ་སྭཱ་རྦད་སྭཱ་ཧཱ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་མཱྃ་ས་རཀྟ་ཙིཏྟ་ཁཱ་ཧི། ཨརྒྷཾ་སོགས། ཧཱུྃ། བདེ་གཤེགས་བྱེ་བ་ཕྲག་བརྒྱའི་ཐུགས་སྤྲུལ་པ། །ཧེ་རུ་ཀ་དཔལ་ནག་པོ་ཕྱག་བཞི་པའི། །ཡོན་ཏན་སྤྲུལ་པ་དངོས་གྲུབ་ཀུན་འབྱུང་བ། །མ་ཧཱ་ཀཱ་ལ་དབུ་སྨུག་ཁྱོད་ལ་བསྟོད། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ དེ་ནས་

p. 425

ལས་གཤིན་ནི། ཨོཾ་སྭ་བྷཱ་སོགས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཨ་ལས་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཁྲག་དམར་གྱི་གཏོར་མ་དང་། གཞན་ཡང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཧཱུྃ། འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་དང༌། །བཀའ་ཉན་དྲེགས་བྱེད་ལྷ་ཚོགས་ལ། །ཁྲག་དང་དུག་གི་ཡོན་ཆབ་འབུལ། །དབང་པོ་ལྔ་ཡི་མེ་ཏོག༴ ཤ་ཆེན་གསུར་གྱི་བདུག་སྤོས༴ ཞུན་ཆེན་རྐང་གི་མར་མེ༴ ཁྲག་དང་ཞག་གི་དྲི་ཆབ༴ ཤ་ཆེན་ལང་ལིང་ཞལ་ཟས༴ རྐང་གླིང་རྔ་སྒྲའི་རོལ་མོ༴ དམ་རྫས་གཏོར་མའི་མཆོད་པ༴ བདུད་རྩི་སྨན་རཀ་མཆོད་པ༴ བ་ལིང་གཏོར་མའི་མཆོད་པ༴ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །དགྲ་བགེགས་བྱད་མ་བསྒྲལ་བའི་ཕྱིར། །ཤ་དང་ཁྲག་གི་མཆོད་པ་

p. 426

འབུལ། །གཤིན་རྗེ་ཁྲོ་ཆུ་དུག་གདོང་དང༌། །བཀའ་སྡོད་ལས་མཁན་ལྷ་ཚོགས་ཀྱི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བྱད་མ་དགྲ་བགེགས་མྱུར་དུ་སྒྲོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀྴ། ཀྲོ་ཏ་པ་ཙ་ལ་ཏི། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ་ས་མཱ་ཡ་ཛཿཛཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་མཱྃ་ས་ཁཱ་ཧི། རཀྟ༴ ཙིཏྟ༴ གོ་རོ་ཙ་ན༴ བ་སུ་ཏ༴ ཨ་མྲྀ་ཏ་ཁཱ་ཧི། ཞལ་བཞི་ནི། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་པར་བྱས་ལ། ལྷ་ཆེན་གདོང་བཞི་ཡབ་ཡུམ་གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་འོད་ཀྱི་སྦུ་གུས་གཏོར་མར་གསོལ་བས་སྐུ་གསུང་ཐུགས་མཉེས་ཤིང་ཚིམས་པར་གྱུར་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་རཱ་ཏྲི་ཏ་ཌོམྦྷི་ནཱི། ཙཎྜ་ལཱི། རཀྴ་སི། སིངྒ་ལི་དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་

p. 427

ཁཱ་ཧི། དཔལ་མགོན་པོ་གདོང་བཞི་པ། ཡུམ་ཆེན་སྲིང་མོ་བཞི། ལས་བྱེད་དྲེགས་པའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི། ཧཱུྃ། མི་རྟོག་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་ལ། །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ནས་བཞེངས། །དཔལ་ལྡན་དབང་ཕྱུག་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གདོང་བཞི་ལྡན་ཁྱོད་ཏི་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་ཞལ་བཞི་པ། །

p. 428

ཡུམ་ཆེན་སྲིང་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྲུང་བ་དང༌། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཏྲཀྴད་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱྃ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ལ་ཁཱ་ཧི། བ་སུ་ཏ་ལ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། རྃ་ལས་བྱུང་བའི་སྟོབས་པོ་ཆེ། །བདུད་ཀྱི་རྒྱལ་པོ་ཁྲོ་གཏུམ་ཅན། །རྟ་ནག་ཞོན་པ་རྫུ་འཕྲུལ་ཆེ། །སྡིག་ཅན་སྒྲོལ་མཛད་ཁྱོད་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཕྲིན་ལས་ཞུ། ༈ རྒྱལ་ཆེན་རྣམ་སྲས་ཀྱི་གཏོར་ཆོག་ཉེར་བསྡུས་ནི། དཀར་གསུམ་གྱིས་བརྒྱན་པའི་གཏོར་མ། རྃ་ཡྃ་ཁྃ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། ཧཱུྃ། རི་རབ་བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་

p. 429

ཐོས་སྲས། །འདོད་ཡོན་ནོར་ལ་དབང་བསྒྱུར་རིན་ཆེན་ཆར་པ་འབེབས། །ཁྱོད་ཀྱི་དངོས་གྲུབ་ཆེན་པོ་བསྒྲུབ་ཅིང་རེ་འདོད་སྐོང་བའི་ཕྱིར། །ཐུགས་རྗེའི་དབང་གིས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་བ་ཎ་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿས་སྤྱན་དྲངས། ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཧཱུྃ། དངོས་གྲུབ་སྩོལ་མཛད་ནོར་བདག་འཁོར་བཅས་ལ། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སིལ་སྙན་ལ་སོགས་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པས་མཆོད། །ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། ཞེས་དང༌། ཨོཾ་བཻ་ཤྲ་མ་ཎ་ཡ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། བཻ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་གྱི་བདག་པོ་ཨཱརྻ་ཛཾ་བྷ་ལ། །དབུལ་བ་

p. 430

སེལ་བའི་ལྷ་མོ་ནོར་རྒྱུན་མ། །འཁོར་ཚོགས་རྟ་བདག་བརྒྱད་དང་བཅས་པ་རྣམས། །གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང༌། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །བསོད་ནམས་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བུ་སྡུག་བཞིན་དུ་སྐྱོང་བར་མཛད་དུ་གསོལ། །བདག་ལ་གནོད་པར་སེམས་པ་དང༌། །ལོག་པར་ཞུགས་པའི་དགྲ་ཚོགས་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང༌། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་རྣམས་འགྲུབ་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་གསོལ་ཞིང་གཏོར་མ་འབུལ་ལོ། །ཞེས་པ་འདི་ནི་འཇམ་དབྱངས་བློ་གྲོས་རིན་ཆེན་གྱིས་བགྱིས་པའོ།། །།

འཕགས་པ་སྨུག་འཛིན་དཀར་པོའི་གཏོར་ཆོག་མདོར་བསྡུས། འཇམ་དབྱངས་བློ་གྲོས་རིན་ཆེན།

p. 431

འཕགས་པ་སྨུག་འཛིན་དཀར་པོའི་གཏོར་ཆོག་མདོར་བསྡུས་བཞུགས་སོ། །ན་མོ་ཨཱརྱ་ཛམྦྷ་ལ་ཡེ། འདིར་འཕགས་པ་སྨུག་འཛིན་དཀར་པོ་ལ་གཏོར་མ་འབུལ་བའི་རིམ་པ་མདོར་བསྡུས་ནི། རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་གཙང་ཞིང་མཛེས་པར་བཤམ། རྃ་ཡྃ་ཁྃ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ། བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས། །ནོར་གྱི་དབང་ཕྱུག་ཛམྦྷ་ལ། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །ཇི་སྲིད་བར་དུ་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཧཱུྃ། སྟོང་

p. 432

གསུམ་འདིའམ་གཞན་དག་ན། །དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ། །ཡིད་སྤྲུལ་རྟགས་བརྒྱད་རྒྱལ་སྲིད་བདུན། །དངོས་འབྱོར་ཡིད་སྤྲུལ་འབུལ་གྱིས་བཞེས། །ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང༌། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲཱིཿད་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཧཱུྃ། བདེ་གཤེགས་སྦྱིན་པའི་ཕ་རོལ་ཕྱིན། །གཟུགས་ཀྱི་སྐུར་སྟོན་ཛམྦྷ་ལ། །དྲན་པ་ཙམ་གྱིས་དབུལ་ཕོངས་སེལ། །ཛཾ་ལྷ་འཁོར་དང་བཅས་ལ་བསྟོད། །ཐོག་མེད་སེར་སྣའི་ལས་བསགས་པའི། །མཐོལ་བཤགས་བྱང་ཞིང་དག་གྱུར་ཅིག །དབུལ་ཕོངས་ཐམས་ཅད་ཞི་བ་དང༌། །དཔལ་འབྱོར་ནོར་དབྱིག་འཕེལ་ཞིང་རྒྱས། །འདོད་དགུ་སྣང་སྲིད་དབང་དུ་སྡུད། །སྙིགས་དུས་མུ་གེའི་བསྐལ་པ་བཟློག །ཐུགས་དམ་དུས་བབ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཏདྱ་

p. 433

ཐཱ། ཨོཾ་ཚོམ་མེ་ལེ་འདུ་ཀ་ཧཱུྃ་ཕཊ། མཆོད་གཏོར་གཙང་སར་ཕུལ། །ཞེས་པ་འཇམ་དབྱངས་བློ་གྲོས་རིན་ཆེན་གྱིས་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་སྤེལ་བ་དགེའོ།། །། ༈ ལྷ་ཆེན་ཚོགས་ཀྱི་བདག་པོ་རིགས་ལྔ་དང་ཚེ་རིང་མཆེད་ལྔ་ཡབ་ཡུམ་གྱི་གཏོར་འབུལ་ཉུང་བསྡུས་ནི། རིན་པོ་ཆེའི་སྣོད་དུ་གཙང་སྦྱར་གྱི་གཏོར་མ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས་ལ། རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབ། ཨོཾ། དངོས་གྲུབ་འབྱུང་བའི་དབང་ཕྱུག་ཅན། །གདུལ་བྱའི་དབང་གིས་སྐུ་སྤྲུལ་པ། །ཇོ་བོ་ལྷ་ཆེན་ཚོགས་ཀྱི་བདག །འདོད་ཁམས་གནས་ནས་འདིར་བྱོན་བཞུགས། །འཕགས་ཡུལ་བྱང་ཕྱོགས་བལ་ཡུལ་མཚམས། །གངས་དཀར་དགུང་དུ་རྩེ་མཐོ་ནས། །ཚེ་རིང་མཆེད་ལྔ་འདིར་བྱོན་བཞུགས། །ལྷ་རྫས་ཡིད་འོང་ཉེར་སྤྱོད་བདུན། །རིན་ཆེན་བདུན་དང་རྫས་རྟགས་བརྒྱད། །ཤ་ལྔ་བདུད་རྩི་རྣམ་ལྔ་དང༌། །ཡབ་ཡུམ་སྙོམས་འཇུག་བདེ་

p. 434

སྟོང་རྒྱུན། །མཆོད་གཏོར་ཟག་མེད་རོ་ནུས་ལྡན། །སྐུ་གཟུགས་མདའ་དར་མེ་ལོང་དང༌། །དར་ཟབ་སྨན་འབྲུ་རིན་ཆེན་རིགས། །ཉ་ཤ་སྒོག་ཙོང་ལ་ཕུད་སོགས། །མཐུན་རྫས་སྤྱན་གཟིགས་ཕུན་ཚོགས་པའི། །མཆོད་སྤྲིན་ནམ་མཁའི་ཁྱོན་འགེངས་འདི། །ཡབ་གཅིག་ཚོགས་བདག་རིགས་ལྔ་དང༌། །ཡུམ་མཆོག་བཀྲ་ཤིས་ཚེ་རིང་མཆེད། །ལས་མཁན་ཚོགས་བདག་སྤྲེལ་གཟུགས་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས། །སོ་སོའི་ཡོན་ཏན་རྣམས་ལ་བསྟོད། །སྐབས་གསུམ་གནས་ཀྱི་དཔལ་གཡང་བཅུད། །སྟོབས་རྩལ་ཡོན་ཏན་གནས་འདིར་བསྡུས། །མི་ནོར་ཟས་གོས་འཕེལ་རྒྱས་མཛོད། །བདག་ཅག་ལ་གནོད་བགེགས་དམ་སྲི། །ཐལ་བ་རྡུལ་ལྟར་ད་རློགས་ཤིག །འཁོར་ལ་བཀའ་ནན་མ་ཆུང་ཞིག །ཞིང་བཅུ་ཚང་བའི་བསྟན་དགྲ་ལ། །འཁོར་ཚོགས་ཟ་ཁ་དེ་ན་སྟོན། །ལུས་མེད་རྡོ་རྗེའི་བཀའ་

p. 435

བཞིན་དུ། །ལུས་གྲིབ་ལྟ་བུར་འབྲལ་མེད་འགྲོགས། །ཅི་བཅོལ་ལས་རྣམས་ཐོགས་མེད་མཛོད། །གཱ་ཎ་པཱ་ཏི་པཱུ་ཛ་ཧོ༔ པཉྩ་ཌཱ་ཀི་པཱུ་ཛ་ཧོཿ ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ། ཞེས་གཏོར་མཆོད་གཙང་སར་ཕུལ། ༈ གཉན་ཆེན་ཐང་ལྷའི་གཏོར་འབུལ་ནི། གཏོར་མ་ཨ་ཀཱ་རོས་བྱིན་གྱིས་བརླབ། ཨོཾ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་བཅས་པ་འདིར་གཤེགས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང༌། །བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང༌། །ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ། །ཨོཾ་ཨཱཿམ་ནུ་ཥེ་གྷནྡྷར་བྷ་ཝ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལེ་ཨ་མྲྀ་ཏ་ཁ་ཁ་ཁཱ་

p. 436

ཧི་ཁཱ་ཧི། ཨོཾ་བཛྲ་འབར་བ་རྩལ་ཨརྒྷཾ་པུཥྤེ་སོགས།ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། ཧཱུྃ། ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་རཱ་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ། །གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་ཅན། །ལྕགས་སྡིག་མགོ་དགུའི་ཚུལ་དུ་འདིར་བྱོན་ལ། །གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློགས། །དམ་ཅན་དམ་ལ་མ་འདའ་ས་མ་ཡ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་འབར་བ་རྩལ་བིགྷྣན་རཱ་ཛ་མཱ་ར་ཡ་ཕཊ༔ ༈ འབའ་རོམ་གནས་བདག་རྩམ་ཆེན་ལྷ་སྒོའི་གསོལ་བསྡུས་ནི། ཧཱུྃ། བསྟན་པའི་སྙིང་པོ་འབའ་རོམ་པའི། །ཕྲིན་ལས་སྐྱོང་བ་ལྷ་ཡི་རྗེ། །དཀར་པོ་རྩམ་ཆེན་ལྷ་སྒོ་ནི། །བསམ་གཏན་གངས་བ་བཟང་པོར་

p. 437

གྲགས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཕུད་སྐྱེམས་སྨན་རཀ་གཏོར་མ་བཞེས། །སྔོན་ཚེ་གུ་རུ་པདྨ་དང༌། །བར་དུ་དར་མ་དབང་ཕྱུག་ཆེ། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །དམ་ཚིག་གཉན་དགོངས་ཕྲིན་ལས་སྤེལ། །ནག་ཕྱོགས་སྣུབ་ལ་རྐྱེན་ངན་སོལ། །དཀར་ཕྱོགས་སྲུང་ལ་མཐུན་རྐྱེན་བསྐྱེད། །བསྟན་བརྒྱུད་འཕེལ་བའི་ལས་མཛོད་ཅིག །ཚང་སྤྲུལ་བཀའ་ནན་ཤིན་ཏུ་ཆེ། །ང་རང་འབྲི་འདོད་ཤིན་ཏུ་ཆེ། །ཕ་མྱེས་རྒྱུད་ལྷ་ངོ་མཚར་ཆེ། །གསོལ་བསྡུས་མཁོ་གལ་ཤིན་ཏུ་ཆེ། །བཀྲ་ཤིས་སོ། །༈ གཞི་བདག་སྤྱི་གཏོར་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སྟོང་

p. 438

གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུར་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ས་བདག་ས་ཡི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ་དེ་རིང་གི་ཉི་

p. 439

མ། གཟའ། རྒྱུ་སྐར། དུས་ཚོད་ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་། ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕར་རི་གཡས། ཚུར་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང༌། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང༌། བརྟན་པ་མཁར་ལ་སོགས་པ་ས་ཕྱོགས་ཡུལ་ཕྱོགས་དབེན་གནས། སྒྲུབ་གནས་འདི་ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་མཉེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འགྲོ་ན་མ་བཀག །སྡོད་ན་མ་བསྐྲད། བསམ་པ་མ་ངན། སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གྱིས།

p. 440

མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །ཅེས་པ་འདི་ནི་གདོང་མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་རི་མགོ་ཞིག་ཏུ་ཕེབས་སྐབས་དཀར་གཏོར་གཏོང་དགོས་གསུངས་ནས་བྱུང་རྒྱལ་དུ་གསུངས་པའི་རྒྱུན་ཡིན་པས་བྱིན་རླབས་ཆེ་བར་གྲགས་སོ། །༈ ཁྱད་པར་དུ་མཆོད་ཅིང་གསོལ་བ་ནི། ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་མཚན་ལྡན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སྟེ། འོག་གི་རླུང་གཡོས། མེ་སྦར་རྫས་རྣམས་ཞུ་ཞིང་ཁོལ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གནས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་ལས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ། ཨོཾ་ཨཱཿཧཱུྃ་རྣམས་ཀྱང་འོད་དུ་ཞུ་ཞིང་ཐིམ་པས་ཁ་དོག་དྲི་རོ་ནུས་

p. 441

བཅུད་ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པ་དང༌། རྟེན་སྐོང་བསྒྲུབ་ཅིང་མཆོད་པའི་དམ་རྫས་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། དེ་ནས་དབྱངས་རོལ་བཅས་འདི་སྐད་དོ། །ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདོད་ཁམས་དབང་ཕྱུག་དུད་སོལ་མ། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་སྐྱོང་སྲུང་མ་མ་ལུས་པ། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ཤ་ཆེན་གཏོར་མ་རི་

p. 442

ལྟར་སྤུངས། །ཁྲག་ཆེན་ཨརྒྷཾ་མཚོ་ལྟར་བསྐྱིལ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ། །དར་ནག་བ་དན་རྒྱལ་མཚན་བསྒྲེངས། །རོལ་མོ་སིལ་སྙན་འབྲུག་སྟོང་ལྡིར། །ཏིང་འཛིན་མཆོད་པ་བསམ་མི་ཁྱབ། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །མ་ཧཱ་ཀཱ་ལ་མངའ་གསོལ་ལོ། །བྱ་རོག་མཚན་ཅན་མངའ༴ ལྷ་ཆེན་དཔལ་འབར་མངའ༴ རིག་འཛིན་སྲུང་མ་མངའ༴ རྣལ་འབྱོར་དགྲ་ལྷ་མངའ༴ དམ་ཉམས་སྲོག་གཅོད་མངའ༴ དུག་གསུམ་ནད་སེལ་མངའ༴ ཡུམ་མཆོག་ལྷ་མོ་མངའ༴ འདོད་ཁམས་དབང་མོ་མངའ༴ དབྱིངས་ཀྱི་ཡུམ་ཆེན་མངའ༴ གསང་བའི་ལྕམ་གཅིག་མངའ༴ བྱ་རོག་གདོང་ཅན་མངའ༴ ལེགས་ལྡན་ནག་པོ་མངའ༴ ཤ་ཟ་སེང་གདོང༴ གནོད་སྦྱིན་ཁྲག་རལ་མངའ༴ གདོང་ཅན་བརྒྱད་པོ་མངའ༴ ཌཱ་ཀི་མ་དྲུག་མངའ༴ ལྷ་

p. 443

མོ་རྣམ་བརྒྱད་མངའ༴ དམག་དཔོན་བརྒྱད་པོ་མངའ༴ ཕྱོགས་སྐྱོང་བཅུ་པོ་མངའ༴ རྒྱལ་ཆེན་སྡེ་བཞི་མངའ༴ ལས་མགོན་རྣམ་བརྒྱད་མངའ༴ ཞིང་སྐྱོང་ཉེར་བཞི་མངའ༴ རེ་ཏི་མཆེད་བཞི་མངའ༴ ཁྲབ་ཅན་བྱེ་བ་མངའ༴ མགོ་བརྙན་བཅུ་དྲུག་མངའ༴ གིང་ཆེན་བཅོ་བརྒྱད་མངའ༴ ཕོ་བདུད་ཉེར་གཅིག་མངའ༴ དབང་ཕྱུག་ཉེར་བརྒྱད་མངའ༴ དྲེགས་པ་སུམ་ཅུ་མངའ༴ དཔལ་མགོན་བདུན་ཅུ་མངའ༴ ནག་པོ་སྟོང་སྡེ་མངའ༴ ཤ་ཟ་འབུམ་སྡེ་མངའ༴ མ་མོ་བྱེ་བ་མངའ༴ གནོད་སྦྱིན་ཁྲི་ཕྲག་མངའ༴ སྤྲུལ་པ་ཡང་སྤྲུལ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པ་མཐའ་དག་སོལ། །དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག །སྤྲོ་ན་མ་མགོན་ལྕམ་དྲལ་གྱི་མངའ་གསོལ་ནི། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །དུས་གསུམ་

p. 444

སངས་རྒྱས་རྣམས་ཀྱིས་མངའ་གསོལ་བས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཧཱུྃ་དཔལ་ལྡན་མགོན༴ དཀོན་མཆོག་གསུམ་གྱིས་མངའ༴ ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །ཧཱུྃ་དཔལ་ལྡན་མགོན༴ རིགས་གསུམ་མགོན་པོས༴ ཞལ་གྱི་གདངས་སྐད་གསུམ་དང་ལྡན། །ཧཱུྃ་དཔལ་ལྡན་མགོན༴ རིགས་གསུམ་ཁྲོ་བོས༴ ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །ཧཱུྃ་དཔལ་ལྡན་མགོན༴ དྲང་སྲོང་རྣམས་ཀྱིས༴ སྐུ་ཡི་ཆ་ལུགས་གསུམ་དང་ལྡན། །ཧཱུྃ་དཔལ་ལྡན་མགོན༴ ནོར་ལྷ་རྣམས་ཀྱིས༴ གཡས་ཀྱི་དང་པོའི་ཤིང་ཐོག་བསྣམས། །ཧཱུྃ་དཔལ་ལྡན་མགོན༴ དཔའ་བོ་རྣམས་ཀྱིས༴ ཕྱག་གཡས་འོག་མས་རལ་གྲི་འཛིན། །ཧཱུྃ་དཔལ་ལྡན༴ མ་མོ་རྣམས་ཀྱིས༴ ཕྱག་གཡོན་དང་པོས་ཐོད་ཁྲག་འཛིན། །ཧཱུྃ་དཔལ་ལྡན་མགོན༴ དབང་ཕྱུག་ཆེན་པོས༴ ཕྱག་གཡོན་འོག་མས་རྩེ་གསུམ་འཛིན། །ཧཱུྃ་

p. 445

དཔལ་ལྡན་མགོན༴ ཁྲོ་བོ་རྣམས་ཀྱིས༴ གསུས་ཁྱིམ་ཆེ་ཞིང་མཐུར་དུ་འཕྱང༌། །ཧཱུྃ་དཔལ་ལྡན་མགོན༴ ལྷ་མོ་ཨུ་མས༴ པདྨ་ཉི་མའི་གདན་ལ་བཞུགས། །ཧཱུྃ་དཔལ་ལྡན་མགོན༴ མཁའ་འགྲོ་རྣམས་ཀྱིས༴ རོ་ལངས་བམ་གྱིས་གདན་དུ་བྱས། །ཧཱུྃ་དཔལ་ལྡན་མགོན༴ ཞིང་སྐྱོང་རྣམས་ཀྱིས༴ ཐོད་རློན་ཕྲེང་བས་དོ་ཤལ་བྱས། །ཧཱུྃ་དཔལ་ལྡན་མགོན༴ ལྷ་ཆེན་བརྒྱད་ཀྱིས༴ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཧཱུྃ་དཔལ་ལྡན་མགོན༴ ཀླུ་ཆེན་བརྒྱད་ཀྱིས༴ ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན། །ཧཱུྃ་དཔལ་ལྡན་མགོན༴ གཟའ་ཆེན་བརྒྱད་ཀྱིས༴ སྨ་ར་སེར་པོ་མེ་ལྟར་འབར། །ཧཱུྃ་དཔལ་ལྡན་མགོན༴ རྒྱུ་སྐར་རྣམས་ཀྱིས༴ སྐུ་ལ་སྨེ་བའི་ཆུན་པོས་བརྒྱན། །ཧཱུྃ་དཔལ་ལྡན་མགོན༴ གནོད་སྦྱིན་རྣམས་ཀྱིས༴ རིན་ཆེན་འབར་བས་དབུ་ལ་བརྒྱན། །ཧཱུྃ་དཔལ་ལྡན་མགོན༴ ས་བདག་རྣམས་

p. 446

ཀྱིས༴ སྦྲུལ་ནག་འབར་བས་སྐ་རགས་བྱས། །ཧཱུྃ་དཔལ་ལྡན་མགོན༴ སྲིན་མོ་རྣམས་ཀྱིས༴ རཀྟའི་ཐིག་ལེས་སྐུ་ལ་བརྒྱན། །ཧཱུྃ་དཔལ་ལྡན་མགོན༴ སྨན་མོ་རྣམས་ཀྱིས༴ དྲིལ་བུ་གཡེར་ཁའི་སྒྲ་དང་ལྡན། །ཧཱུྃ་དཔལ་ལྡན་མགོན༴ གཅན་གཟན་རྣམས་ཀྱིས༴ དཔའ་བོ་སྟག་གི་ཤམ་ཐབ་བཅིངས། །ཧཱུྃ་དཔལ་ལྡན་མགོན༴ གཤིན་རྗེ་རྣམས་ཀྱིས༴ མེ་དཔུང་འབར་བའི་དབུས་ན་བཞུགས། །ཧཱུྃ་དཔལ་ལྡན་མགོན་པོ་ནག་པོ་ལ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །ཤ་ཁྲག་གཏོར་མས་མངའ་གསོལ་ལོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོ། དཔལ་ལྡན་དུད་སོལ་ལྷ་མོ་ལ། །འདས་པའི་སངས་རྒྱས་ཡིན་པའི་ཕྱིར། །མར་མེ་མཛད་ཀྱིས་མངའ་གསོལ་བས། །དམ་ཆོས་མི་ནུབ་སྒྲོན་མེ་སྦར། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ད་ལྟའི་སངས་རྒྱས་ཡིན་པའི་

p. 447

ཕྱིར། །ཤཱཀྱ་ཐུབ་པས་མངའ་གསོལ་བས། །སངས་རྒྱས་བསྟན་པ་སྲུང་བའི་ལས་ལ་བརྩོན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །མ་བྱོན་སངས་རྒྱས་ཡིན་པའི་ཕྱིར། །བྱམས་པ་མགོན་པོས༴ ཐུགས་ཉིད་མི་གཡོ་བྱམས་པའི་ངང༌། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དུས་གསུམ་སངས་རྒྱས་རྣམས་ཀྱིས༴ མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །རྒྱལ་བ་རིགས་ལྔས༴ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །རིགས་གསུམ་མགོན་པོས༴ སྤྱན་གསུམ་དམར་ལ་སྡང་མིག་ལྡོག །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ལྷ་ཆེན་བརྒྱད་ཀྱི༴ དབུ་སྐྲ་དམར་སེར་གྱེན་དུ་འབར། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ཀླུ་ཆེན་བརྒྱད་ཀྱིས༴ སྦྲུལ་ཆེན་བརྒྱད་ཀྱིས་སྐུ་ལུས་བརྒྱན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །གཟའ་ཆེན་

p. 448

བརྒྱད་ཀྱིས༴ སྨིན་མ་ཁམ་སེར་གྱེན་དུ་འབར། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དྲང་སྲོང་རྣམས་ཀྱིས༴ སྐུ་མདོག་སྔོ་ལ་ཀེང་རུས་གཟུགས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དཔའ་བོ་རྣམས་ཀྱིས༴ ཕྱག་གཡས་དང་པོས་རལ་གྲི་འཕྱར། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དཔའ་མོ་རྣམས་ཀྱིས༴ ཕྱག་གཡས་འོག་མས་ཐོད་ཁྲག་བསྣམས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ལྷ་ཆེན་རྣམས་ཀྱིས༴ ཕྱག་གཡོན་དང་པོས་མདུང་དར་ཕྱར། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དབང་ཕྱུག་ཆེན་པོས༴ འོག་མས་ཁ་ཊྭཱཾ་རྩེ་གསུམ་འཛིན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །མགོན་པོ་རྣམས་ཀྱིས༴ གསུས་ཁྱིམ་ཆེ་ཞིང་མཐུར་དུ་འཕྱངས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ནོར་ལྷ་རྣམས་ཀྱིས༴ རིན་ཆེན་འབར་བས་དབུ་ལ་བརྒྱན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དུར་

p. 449

ཁྲོད་ཤ་ཟ་རྣམས་ཀྱིས༴ མི་མགོ་རློན་པས་དོ་ཤལ་བྱས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །གཤིན་རྗེ་རྣམས་ཀྱིས༴ གླང་ཆེན་ཀོ་རློན་སྐུ་ལ་བརྒྱན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དམན་མོ་རྣམས་ཀྱིས༴ ཞིང་ཆེན་པགས་པས་སྒ་གཡོགས་བྱས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ལྷ་མོ་རྣམས་ཀྱིས༴ རེ་ལྡེ་སེར་པོས་སྐུ་སྨད་དཀྲིས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །རོ་ལངས་རྣམས་ཀྱིས༴ ཐལ་ཆེན་ཚོམ་བུ་སྐུ་ལ་བཀོད། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །མ་མོ་རྣམས་ཀྱིས༴ ཁྲག་ཆེན་ཐིག་ལེས་སྐུ་ལ་བྱུགས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །དྲི་ཟ་རྣམས་ཀྱིས༴ ཞག་གི་ཟོ་རིས་སྐུ་ལ་བརྒྱན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །མཁའ་འགྲོ་རྣམས་ཀྱིས༴ བམ་ཆེན་རོ་ཡི་གདན་ལ་བཞུགས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །སྲིན་མོ་

p. 450

རྣམས་ཀྱིས༴ ཞབས་གཉིས་ལྕགས་སྒྲོག་འབར་བས་བརྒྱན། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །སྲིན་པོའི་རྒྱལ་པོ་རྣམས་ཀྱིས༴ རྫུ་འཕྲུལ་བོང་བུ་དམར་གྭ་ཆིབས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ཁྲོ་བོ་རྣམས་ཀྱིས༴ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །མེ་ལྷ་རྣམས་ཀྱིས༴ སྐུ་ལ་བསྐལ་པའི་མེ་རི་འབར། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །རླུང་ལྷ་རྣམས་ཀྱིས༴ རླུང་ནག་འཚུབས་མའི་ནང་དུ་བཞུགས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །ས་བདག་རྣམས་ཀྱིས༴ རིན་ཆེན་འབར་བའི་མཁར་དུ་བཞུགས། །བྷྱོ་དཔལ་ལྡན་དུད་སོལ་ལྷ་མོ་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་བ། །ཤ་ཁྲག་གཏོར་མས་མངའ་གསོལ་ལོ། །དགྲ་ལ་རྦད་ན་ལས་ལ་མྱུར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་ལྡན་ནཱ་རོའི་བརྒྱུད་འཛིན་བསྟན་པ་

p. 451

སྲུང༌། །ཆོས་སྐྱོང་ཀུན་གྱི་མཆོག་གྱུར་སྲུང་མའི་གཙོ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་མཛོད་ལ། །དེང་འདིར་རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག ། ༈ རྩ་གསུམ་དམ་ཅན་སྲུང་མའི་ཚོགས་ལ་མངོན་པར་བསྟོད་པ་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དཱེ་ཝ་ཌཱ་ཀི་ནཱི་ཤྲཱི་དྷརྨ་པཱ་ལ་ཡེ། གང་ཞིག་དྲན་པས་ཆོས་དབྱིངས་མཁའ་ལ་བྱིན་རླབས་སྤྲིན་ཆེན་མཐའ་ཀླས་པ། །རྣམ་གཉིས་དངོས་གྲུབ་ཡིད་བཞིན་ཆར་འབེབས་ཕྲིན་ལས་ཐོགས་མེད་འོད་སྣང་ཅན། །སྙན་པའི་རྔ་སྒྲ་ཕྱོགས་བརྒྱར་སྒྲོགས་པའི་རྫོགས་ལྡན་དགའ་བ་མཆོག་སྦྱིན་པ། །བླ་མ་ཡི་དམ་མཁའ་འགྲོ་ཚོགས་བཅས་ཀུན་ནས་དགྱེས་པས་སྐྱོངས་གྱུར་ཅིག །ཆོས་ཀྱི་དབྱིངས་ནས་སྙིང་རྗེས་རབ་ཁྲོས་དུས་ཀྱི་མུན་པའི་གཟི་བྱིན་ཅན། །འཇིགས་རུང་སྒེག་པའི་གོམ་སྟབས་གསུམ་གྱིས་ལྷ་མིན་བདུད་རིས་ཀླད་འགེམས་

p. 452

པ། །ཡེ་ཤེས་མགོན་པོ་རྡོ་རྗེ་སྲིན་པོ་གཏུམ་མོ་ཕྱག་བརྙན་བྱ་རོག་གདོང༌། །བཀའ་སྡོད་མཐུ་ཆེན་རྣམ་མང་དང་བཅས་བསྟན་སྲུང་ཆེན་པོ་ཁྱོད་ལ་འདུད། །སྨོན་ལམ་མེ་ལྕེས་བདུད་རིས་ཟོས་པའི་དུད་སྤྲིན་འཁྲིགས་པའི་ལང་ཚོ་ཅན། །དམ་ཚིག་ཅན་ལ་བུ་ལྟར་བྱམས་པའི་ནུ་འབུར་བདུད་རྩིའི་རྒྱུན་འཛག་ཅིང༌། །ཁྲག་གི་ཁ་རླངས་གདུག་པའི་ངད་ཀྱིས་གདུག་ཅན་ཉམས་པའི་མདངས་འཕྲོག་པ། །རི་དབང་ལྟར་བརྗིད་ཉི་ཟླས་རྣམ་མཛེས་འདོད་ཁམས་དབང་ཕྱུག་མ་ལ་འདུད། །རིག་སྔགས་གྲུབ་པའི་དྲང་སྲོང་ཆེན་པོ་བདུད་འཇོམས་རོལ་པའི་རྔམ་སྟབས་ཅན། །ཡེ་ཤེས་གྲུབ་ཅིང་ལས་ཀྱི་ཚུལ་འཆང་འདོད་དགུའི་དཔལ་སྟེར་ཡོན་ཏན་མགོན། །རིགས་གསུམ་ཡོངས་འདུས་དུས་གསུམ་གཤེད་ཆེན་ཁམས་གསུམ་ཟ་བའི་སྟོབས་པོ་ཆེ། །རྡོ་རྗེའི་ལྕེ་འབེབས་བྱད་མའི་སྙིང་འབྱིན་ནག་པོ་གཙིགས་

p. 453

པའི་གདོང་ལ་འདུད། །འཇིགས་བྱེད་ཆེན་པོ་སྲིན་པོའི་རིག་འཛིན་བྲམ་ཟེའི་གཟུགས་འཆང་དམ་ཚིག་ཅན། །ཚངས་ཆེན་ལ་འགེངས་གདོང་བཞིའི་ཞལ་གདངས་ཕྱོགས་ཀྱི་དགྲ་བཞིའི་སྲོག་འགེམས་པ། །བདུད་ཀྱི་དམག་དཔོན་མོན་པའི་གར་བྱེད་མུན་ལྟར་གནག་ཅིང་རླུང་ལྟར་འཚུབས། །དྭགས་བརྒྱུད་བསྟན་སྲུང་དམ་སྲིའི་གཤེད་པོ་ཏྲཀྴད་ལས་མགོན་བཅས་ལ་འདུད། །ཐུབ་བསྟན་གཉེན་གཅིག་ནམ་མཁའ་མཛོད་མངའ་བསོད་ནམས་གསེར་གྱི་རི་དབང་སྐུ། །གཏེར་བདག་བྱེ་བའི་འཁོར་ལོའི་བསྒྱུར་བ་རྣམ་མང་ཐོས་སྲས་དབྱིག་གི་བདག །འཇིག་རྟེན་དབང་ཕྱུག་བཀྲེན་ལ་རྗེས་བརྩེའི་ཞལ་ཁྱིམ་བདུད་རྩིའི་ཐིག་ལེ་མཆོག །སྨུག་འཛིན་ཟླ་གཞོན་ཕོངས་པའི་གདུང་སེལ་འདོད་རྒུ་ཅི་དགར་འགྱེད་ལ་འདུད། །སྲིད་པའི་མེས་པོ་དབང་མཛད་སྲས་མཆོག་ལོག་འདྲེན་སྡེར་བཅས་

p. 454

ཟིལ་གནོན་པ། །ཚོགས་རྗེ་ཚོགས་བདག་ཤནྟ་པུ་རིའི་ས་སྲུང་དབང་པོར་ཐབས་གཅིག་པའི། །ཞིང་སྐྱོང་རྒྱལ་མོ་བཀྲ་ཤིས་ཚེ་དང་དངོས་གྲུབ་རྣམ་ལྔའི་གཏེར་བུམ་འཛིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་སྩོལ་རྒྱལ་ཡུམ་རྣམ་ལྔར་བཅས་ལ་འདུད། །ས་བརྒྱད་དབང་ཕྱུག་རབ་དཀར་ཟླ་ཞལ་གངས་ཅན་དཀར་ཕྱོགས་སྐྱོང་བའི་རྗེ། །སྲིད་ན་མངོན་མཐོའི་སྐུ་ལྷ་གཉན་པོ་ཐང་ལྷ་རྡོ་རྗེ་འབར་བ་རྩལ། །བཀའ་ཡི་ཕྱག་བརྙན་སྤོང་བ་བསམ་གཏན་སྒྲུབ་མཆོག་སྐྱོང་ལ་རབ་དགའ་བའི། །གང་བཟང་ཞེས་གྲགས་བཟང་དགུ་བརྩེགས་པའི་དགྲ་བླའི་དཔའ་བོ་ཆེན་པོར་འདུད། །ཡིད་ལ་མི་བྱེད་ལྟ་བའི་དབྱིངས་སུ་གཉུག་མའི་གཟི་བྱིན་རབ་བསྐྱེད་དེ། །འདའ་དཀའི་དམ་ཚིག་རིམ་གཉིས་དབྱེར་མེད་མཉམ་ཉིད་ཕྱག་རྒྱ་ཆེས་བཏབ་ནས། །མཆོད་སྤྲིན་རྒྱ་མཚོས་བསྟན་སྲུང་རྒྱ་མཚོ་ཆོས་ཀྱི་དབྱིངས་

p. 455

སུ་མངའ་གསོལ་ན། །བདག་སོགས་ལྟོས་བཅས་བྱང་ཆུབ་བར་དུ་སྲུང་སྐྱོབ་མེལ་ཚེས་འབྲལ་མེད་སྐྱོངས། །ངེས་དོན་སྙིང་པོའི་བསྟན་པ་རིན་ཆེན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་ཞིང༌། །བསྟན་འཛིན་སྐྱེས་མཆོག་སྐུ་ཚེ་མཛད་བཟང་ལྷུན་པོའི་གཏོས་བཞིན་རབ་ཏུ་བརླིང༌། །ཆོས་སྲིད་ལུགས་གཉིས་ཉི་ཟླ་ཟུང་གཅིག་ཡངས་པའི་འཇིག་རྟེན་ཕན་བདེའི་མཚོ། །དོན་གཉིས་ལྷུན་འགྲུབ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དགེ་ལེགས་རབ་འཕེལ་མཛོད། །ལྔ་ལྡན་བརྒྱུད་པའི་བྱིན་རླབས་སྤྲིན་ཆེན་དྲྭ་བས་ཆོས་དབྱིངས་ཀུན་ཏུ་ཁྱབ། །ཧེ་རུ་ཀ་དཔལ་དངོས་ཀུན་བདག་པོས་མཆོག་ཐུན་ཆར་གྱིས་སྲིད་གསུམ་ཁེངས། །ས་གསུམ་ཌཱ་ཀིའི་རྟེན་འབྲེལ་ལྗོན་བཟང་ཕུན་ཚོགས་འབྲས་བུའི་ཁུར་གྱིས་དུད། །རྡོ་རྗེ་སྲུང་མའི་མཐུ་སྟོབས་ཞུགས་ལྕེས་བདུད་སྡེའི་ཚང་ཚིང་བསྲེགས་པར་མཛོད། །

p. 456

ཅེས་པའང་དམ་པའི་ངང་ཚུལ་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པ་ཚང་གསར་མཆོག་སྤྲུལ་མ་ཏི་རཏྣ་དང༌། དྷརྨ་སེང་གེ་ཟུང་གི་ཞལ་སྔ་ནས། བཀྲ་ཤིས་པའི་ལྷ་གོས་དང་གྲུ་དཀར་གཡུ་བཟང་གི་རྟེན་བཅས་གསུང་གིས་བསྐུལ་བའི་ངོར་དེ་འཕྲལ་ཉིད་དུ། མདོ་སྟོད་དཔལ་གྱི་རི་བོར་བསྟི་བའི་རིག་སྔགས་འཆང་བ་༧པདྨ་ཕྲིན་ལས་རྒྱ་མཚོས་རིན་ཆེན་སྤུངས་པ་དང་འདབས་འབྱོར་བའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། །༈ དེ་ནས་རོལ་མོ་དང་བཅས་པས་གཏོར་མའི་ཕུད་དང་བདུད་རྩི་ནམ་མཁར་འབུལ་ཞིང༌། ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་ཕྱག་བཞི་པ་ཡབ་ཡུམ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་སྒྲུབ་པ་པོ་བདག་ཅག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ལ་ཉོན། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །རྡོ་རྗེ་སློབ་དཔོན་གྱི་སྐུ་ཚེ་སྲིངས། སངས་རྒྱས་ཀྱི་བསྟན་པ་སྲུངས། དགེ་

p. 457

འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་དཔལ་ལྡན་འབའ་རོམ་པའི་བསྟན་པ་འདི་ཉིད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད་དུ་གསོལ། སྐོང་བ་ནི། བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་རབ་འཇིགས་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕྱོགས་ཀུན་ཏུ་ཧཱུྃ་ཡིག་འབར་བ་ཉི་ཟེར་གྱི་རྡུལ་ལྟ་བུ་འོད་དུ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་རྟེན་སྒྲུབ་སྐོང་མཆོད་མཐུན་པའི་ཡོ་བྱད་ལ་སོགས་པ་རོལ་པ་ཆེན་པོའི་དམ་ཚིག་གི་རྫས་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པ། རྒྱ་ནམ་མཁའི་མཐར་ཁྱབ་ཅིང་དུས་འཁོར་བ་ཇི་སྲིད་རྒྱུན་མི་ཆད་པ་འབྱུང་བར་གྱུར། ཨོཾ་སརྦ་དྷརྨ་པཱུ་ཛ་པཉྩ་རཏྣ་ཀཱ་ཡ་ཀོ་ཊི་བྷཱི་བྷཱ་བ་ཀ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་

p. 458

རྩ་གསུམ་ཆོས་སྐྱོང་དང༌། །བཀའ་སྡོད་དམ་ཅན་རྒྱ་མཚོ་རྣམས། །ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །མཚན་ཉིད་ལྡན་པའི་གནས་མཆོག་འདིར། །དམ་ཚིག་ལྡན་པའི་སྒྲུབ་པ་པོས། །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་ལ། །དགྱེས་པས་དགོངས་ཏེ་བཞུགས་སུ་གསོལ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི། །ཆོས་དབྱིངས་ཀུན་ཏུ་ཁྱབ་པ་ཡི། །རྡོ་རྗེ་འཆང་ཆེན་ས་ར་ཧ། །གྲུབ་ཆེན་ཏཻ་ལོ་ནཱ་རོ་དང༌། །མར་མི་དྭགས་པོ་འབའ་རོམ་པ། །འགྲོ་མགོན་ཏི་ཤྲི་རས་པ་སོགས། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་རྣམས། །དད་གུས་མོས་པའི་གདུང་ཤུགས་དང༌། །ལྟ་སྒོམ་སྤྱོད་པའི་དམ་ཚིག་གིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༌། །ལུས་ངག་ཡིད་ལ་བྱིན་གྱིས་རློབས། །བདེ་དགྱེས་མཱ་ཡ་གདན་བཞི་པ། །དུས་

p. 459

འཁོར་གསང་འདུས་འཇིགས་བྱེད་སོགས། །བླ་མེད་རྡོ་རྗེའི་དཀྱིལ་འཁོར་དང༌། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །ཡི་དམ་ལྷ་ཚོགས་རབ་འབྱམས་ཀུན། །ཕྱི་ནང་གསང་བའི་མཆོད་སྤྲིན་དང༌། །རིམ་གཉིས་རྣལ་འབྱོར་ཟབ་མོ་ཡིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རིགས་ལྔའི་མཁའ་འགྲོ་ལ་སོགས་པ། །ཡུལ་ཆེན་ཉེར་བཞི་དུར་ཁྲོད་བརྒྱད། །གནས་མཆོག་སོ་གཉིས་ལ་བཞུགས་པའི། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས། །སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོ་དང༌། །རྨད་བྱུང་རིག་པའི་བརྟུལ་ཞུགས་ཀྱིས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༌། །ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཧཱུྃ། དཔལ་ཆེན་འཁོར་ལོ་སྡོམ་པ་ཡི། །ཐུགས་ལས་སྤྲུལ་པའི་ནག་པོ་ཆེ། །ཁྲག་འཐུང་རྒྱལ་པོ་ཕྱག་བཞི་པ། །འཁོར་དང་བཅས་

p. 460

པའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཁྲག་གི་ཨརྒྷཾ་མཚོ་ལྟར་འཁྱིལ། །དབང་ལྔའི་མེ་ཏོག་སྐར་ལྟར་བཀྲམ། །གསུར་ཆེན་དུད་པ་སྤྲིན་ལྟར་འཁྲིགས། །ཚིལ་ཆེན་མར་མེ་ཉི་ལྟར་གསལ། །ཁྲག་ཞག་དྲི་ཆབ་ཆུ་ལྟར་འབྲུབ། །དམར་གྱི་གཏོར་མ་རི་ལྟར་སྤུངས། །རྐང་གླིང་ཐོད་རྔ་འབྲུག་ལྟར་སྒྲོགས། །སྨན་རཀ་གཏོར་མ་ཞལ་ཟས་ཚོགས། །སྤྱན་གཟིགས་དཀོར་ཆ་མཐུན་པའི་རྫས། །བསྐྱེད་སྔགས་རྫོགས་པའི་རྣལ་འབྱོར་སོགས། །ཕྱི་དང་ནང་དང་གསང་བ་ཡི། །རྟེན་སྐོང་སྒྲུབ་པའི་རྫས་རྣམས་ཀྱིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །བྱ་རོག་མཚན་ཅན་ཐུགས་དམ་བསྐང༌། །ཙནྜི་ཀ་ཡི་ཐུགས་དམ་བསྐང༌། །དུད་སོལ་ལྷ་མོའི་ཐུགས༴ ཨེ་ཀ་ཙ་ཏིའི་ཐུགས༴ ཙ་མུནྚི་ཡི་ཐུགས༴ བྱ་རོག་གདོང་ཅན་ཐུགས༴ ལེགས་ལྡན་ནག་པོའི་ཐུགས༴ སེང་གེའི་གདོང་ཅན༴

p. 461

གནོད་སྦྱིན་གངས་པོའི་ཐུགས༴ མཁའ་འགྲོ་བརྒྱད་དྲུག་ཐུགས༴ ལྷ་མོ་བརྒྱད་ཀྱི་ཐུགས༴ དམག་དཔོན་བརྒྱད་ཀྱི་ཐུགས༴ ཕྱོགས་སྐྱོང་བཅུ་ཡི་ཐུགས༴ རྒྱལ་ཆེན་བཞི་ཡི་ཐུགས༴ ལས་མགོན་བརྒྱད་ཀྱི་ཐུགས༴ ཞིང་སྐྱོང་ཉེར་བཞིའི་ཐུགས༴ རེ་ཏི་མཆེད་བཞིའི་ཐུགས༴ ཁྲབ་ཅན་བྱེ་བའི་ཐུགས༴ མགོ་བརྙན་བཅུ་དྲུག་ཐུགས༴ གིང་ཆེན་བཅོ་བརྒྱད་ཐུགས༴ ཕོ་བདུད་ཉེར་གཅིག་ཐུགས༴ དབང་ཕྱུག་ཉེར་བརྒྱད་ཐུགས༴ དྲེགས་པ་སུམ་ཅུའི་ཐུགས༴ དཔལ་མགོན་བདུན་ཅུའི་ཐུགས༴ ནག་པོ་སྟོང་གི་ཐུགས༴ ཤ་ཟ་འབུམ་གྱི་ཐུགས༴ མ་མོ་བྱེ་བའི་ཐུགས༴ གནོད་སྦྱིན་ཁྲི་ཡི་ཐུགས༴ སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང༌། །ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །འབའ་རོམ་དར་མ་དབང་ཕྱུག་གི །སྒྲུབ་བརྒྱུད་རིང་ལུགས་དར་རྒྱས་

p. 462

སྤེལ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རིག་འཛིན་རྣལ་འབྱོར་འཁོར་བཅས་ལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་མཛོད། །ཐུགས་དམ་བསྐངས་བའི་བྱིན་མཐུ་ཡིས། །གཤིན་རྗེའི་འཁྲུལ་འཁོར་བཟློག་ཏུ་གསོལ། །ཁྲོ་བོའི་ཁྲག་ཐུན་བཟློག༴ མ་མོའི་ཁྲག་ཟོར་བཟློག༴ ཕུར་པའི་དབལ་ཟོར༴ བདུད་ཀྱི་ཁྲམ་ཁ༴ མུ་སྟེགས་དམོད་པ༴ ཀླུ་ཡི་གཏད་ཁྲམ༴ བལ་པོའི་དུག་མཚོན༴ རོ་ལངས་དམོད་པ༴ མོན་པའི་གཅེར་རྒྱུག༴ མ་མགོན་སྤར་བུ༴ རྒྱལ་པོའི་སྨྱོ་འབོག༴ བཙན་གྱི་ཤྭ་རྒྱུག༴ ས་བདག་ཡམས་ནད་བཟློག་ཏུ་གསོལ། །གཤིན་རྗེའི་ཁྲམ་ལ་བཏབ་པ་ཟློག ། བདུད་ཀྱི་ཞགས་པ་ནག་པོ་ཆོད། །བན་སྡེའི་བྱད་ཁ་སླར་ལ་སྒྱུར། །སྡེ་བརྒྱད་གནོད་པ་ཐམས་ཅད་ཟློག །གཞན་གྱི་རྦད་འདྲེ་ཕུར་ཁ་དང༌། །རྨིས་ལྟས་མཚན་ལྟས་

p. 463

ངན་པ་སྒྱུར། །ལོ་སྐག་ཟླ་སྐག་ཐམས་ཅད་སྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བ་རྡུལ་དུ་རློགས། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་མ་ཧཱ་མཱྃ་ས་རཀྟ། ཙིཏྟ། བ་སུ་ཏ། མུཉྩ་མེ་ཙི། གོ་རོ་ཙ་ན་ཨ་མྲྀ་ཏ་སུ་ར་ཏ་བ་ལིངྟ། ཀིཾ་རི་ཏི་ཁ་རཾ་ཁཱ་ཧི། སྤྲོ་ན་འཁྲུགས་སྐོང་ནི། བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་དུ་གྱེར་བའི་དུས། །ཕས་ཟེར་བུ་ཡིས་མི་ཉན་དུས། །དུས་ངན་ཉེ་བ་འཐབ་པ་དང༌། །གོས་ངན་རེ་ཐུལ་གྱོན་པ་དང༌། །ཟས་ངན་ལྕི་བ་ཟ་བ་དང༌། །སྡེ་འཁྲུགས་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་སྣ་ཚོགས་སྟོང་ཁམས་གང༌། །མི་ནད་ཕྱུགས་ནད་སྣ་ཚོགས་གཏོང༌། །མཁའ་ལ་ནད་སྤྲིན་སྣ་ཚོགས་འཁྲིགས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་བསྐལ་པས་འཇིགས་བྱེད་མ། །གློ་

p. 464

བུར་མི་ལ་ལྷོག་རྒོད་འབེབས། །ཐོག་སེར་འབེབས་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱོད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །དམ་རྫས་བདུད་རྩིའི་གཏོར་མ་དང༌། །རྟེན་རྫས་བསྐང་རྫས་སྒྲུབ་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ངོ་ས་མ་ཡ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མོ་ངན་འཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་

p. 465

གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །ཟློག་བསྒྱུར་ཆེན་པོའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །མི་ཤེས་སྒྲིབ་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལ་འགལ་བ་རྣམས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །ཞེས་དང་མན་ངག་གི་ཡི་གེ་བརྒྱ་པ་བརྗོད། བཤགས་པ་ནི། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །བརྩེ་བའི་ཐུགས་ཀྱིས་དགོངས་སུ་གསོལ། །བདག་ནི་གསང་སྔགས་སྒོར་ཞུགས་པས། །རྩ་བ་དང་ནི་ཡན་ལག་གི །ཁས་བླངས་དམ་ཚིག་ཉམས་པ་རྣམས། །མགོན་པོ་འཁོར་དང་བཅས་པ་ཡི། །སྤྱན་སྔར་མཐོལ་ཞིང་བཤགས་པར་བགྱི། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་

p. 466

བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་མན་ངག་གི་ཡི་གེ་བརྒྱ་པ་བརྗོད། ལས་ཀྱི་གཉེར་བསྒོ་བ་ནི། ཧཱུྃ། བདག་ཉིད་རྣལ་འབྱོར་དབང་ཕྱུག་གིས། །བདེ་ཆེན་འབྲས་བུ་སྒྲུབ་པའི་ཚེ། །ཕྱི་ནང་བར་ཆད་བགེགས་ཀྱི་ཚོགས། །གང་ཡིན་ནག་པོ་ཆེན་པོས་ཟློག ། བསམ་གཏན་སྒྲུབ་ལ་ཞུགས་པའི་ཚེ། །མཐུན་རྐྱེན་འཛོམས་པའི་སྐབས་མེད་ཀྱང༌། །ལོངས་སྤྱོད་རྒྱ་ཆེན་ཕུན་སུམ་ཚོགས། །གང་ཡིན་ནག་པོས་བདག་ལ་སྩོལ། །གདུལ་བྱའི་སེམས་ཅན་མ་ལུས་པ། །འདུལ་བའི་དུས་ལ་བབ་པའི་ཚེ། །ཕྲིན་ལས་བྱེ་བྲག་སྣ་ཚོགས་པ། །གང་ཡིན་ནག་པོ་ཆེན་པོས་སྒྲུབས། །བླ་མ་ལ་སྨོད་བསྟན་ལ་སྡང༌། །རྣལ་འབྱོར་སྐུ་ལ་བསྡོ་བྱེད་པའི། །དམ་ཉམས་དགྲ་བོའི་ཚོགས་རྣམས་ཀྱང༌། །གང་ཡིན་ནག་པོ་ཆེན་པོས་སྒྲོལ། །གཞན་ཡང་འཇིག་

p. 467

རྟེན་འཇིག་རྟེན་འདས། །དངོས་གྲུབ་ཚེ་དང་དབང་ཕྱུག་དཔལ། །གང་ཡིན་ནག་པོ་ཆེན་པོ་ཡིས། །རྒྱུན་ཆད་མེད་པར་བདག་ལ་སྩོལ། །ཐུན་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨཱཿལས་དྲག་པོའི་གཏོར་སྣོད་བྷནྡྷ་རློན་པ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་གནམ་ལྕགས་ཀྱི་ཁ་ཊྭཱཾ་ག་ནག་པོ་རྩེ་གསུམ་པ་གཅོད་པའི་སོ་རྣོ་བའི་ངར་དང་ལྡན་པ། དེའི་མགུལ་དུ་གྲི་གུག་གི་འཁོར་ལོ་གཉིས་གཡས་གཡོན་དུ་འཁོར་བའི་བར་དུ་དགྲ་བགེགས་བྱད་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང༌། །མགོན་པོ་ལྕམ་དྲལ་འཁོར་བཅས་བདེན་མཐུ་ཡིས། །དཀོན་མཆོག་བསྟན་ལ་འཚེ་བའི་དགྲ་འདྲེ་རྣམས། །སྐད་ཅིག་ཡུད་ཙམ་ཉིད་ལ་འདིར་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་པས་བཀུག །ཨོཾ་མ་ཧཱ་ཀཱ་ལ་

p. 468

དགྲ་བགེགས་ཀྱི་ལྷ་དང་ཤག་ཕྱེས་ཤག་ཕྱེས། ཨོཾ་མ་ཧཱ་ཀཱ་ལ་ཐུན་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད་རྦད། ནྲྀ་སྥ་ར་ན་ཕཊ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་སོགས་ཀྱི་མཐར་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མཾ་ས་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡེ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །ལེགས་ལྡན་ནག་པོ་ལས་མགོན་བྱ་རོག་གདོང༌། །ཤ་ཟ་སེང་གདོང་མཁའ་འགྲོ་བརྒྱད་དྲུག་སོགས། །ཕོ་རྒྱུད་མོ་རྒྱུད་དྲེགས་པའི་དམག་ཚོགས་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་དཱི་པའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་བདུད་རྩིའི་མཆོད་གཏོར་འདི་བཞེས་

p. 469

ཤིག །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོ་བཞེས། །ད་བཅོལ་ལས་ཀྱི་ཞུ་དོན་གཉན་པོ་འབུལ། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྤྲོ་ན་རྡོ་རྗེ་གར་བཟློག་ནི། བྷྱོ། རྡོ་རྗེ་གར་གྱི་སྐག་ཟློག་མ། །ཤར་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་སྐག་ཟློག་མ། །ལྷོ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་སྐག་ཟློག་མ། །ནུབ་ཕྱོགས་གདོན་གྱི་སྐག་

p. 470

སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་སྐག་ཟློག་མ། །བྱང་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག ། བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཞན་གྱིས་ཕུར་ཆེན་འབེབས་པ་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག ། གཤིན་རྗེས་འཁོར་ལོ་བསྐོར་བ་བཟློག །བདུད་ཀྱི་ཁྲམ་ལ་བཏབ་པ་བཟློག །མ་མོས་ཐུན་ཟོར་འཕེན་པ་བཟློག །ཀླུ་ཡི་བྱད་དུ་བཅུག་པ་བཟློག །ཕོ་ཉས་བླ་སྲོག་འཕྲོག་པ་བཟློག །ཐེའུ་རང་ཚེ་ལ་རྐུ་བ་བཟློག །མུ་སྟེགས་བར་ཆད་བྱེད་པ་བཟློག །ཞང་ཞུང་ཛོ་དམར་འཕེན་པ་བཟློག །བོན་པོའི་སྔགས་ལོག་སྒྲུབ་པ་བཟློག །སུམ་པས་གླང་ཟོར་འཕེན་པ་བཟློག །སྐྱེས་པས་མདའ་ཟོར་འཕེན་པ་བཟློག །བུད་མེད་དམོད་ཟོར་འཕེན་པ་བཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་

p. 471

བཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག །བཟློག་གོ་དམར་ཆེན་གཏོར་མས་བཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ཅེས་དང༌། གཏོར་ཟོར་སྐད་ཅིག་མཚོན་ཆར་གྱུར། །བཀའ་སྲུང་ཕོ་ཉ་ལས་མཁན་གྱིས། །དགྲ་ཡུལ་དམག་དྲངས་ཕོ་བྲང་བཏབ། །རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཧེ་ཐུན་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་པྲ་མོ་ཧེ་ཐུན་བྷྱོ། ཆགས་ཆེན་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་དཱི་ཝི་ཀཱ་ལི་དུཥྛན་ཏ་ཀ་ཧ་ནཾ་ད་ཧ་རུ་ལུ་བྷནྡྷ་པ་ཙ་ར་ན་ཧཱུྃ་ཕཊ། ཨོཾ་ལོག་ཏྲི་པཱ་ལ་ནན། ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ། རྦད་ཊ་ཀོ་ཤ་ཡ། རྦད་ཊ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་བཏུབ་ཧ་ལ་པ་ཏི་

p. 472

ནན། འཁོར་བ་ཐུལ་གནོད་བྱེད་འབྱུང་པོ་ཀཱ་ཝཱ་ཙི་བརླག་བརླག །ལོཀྟྲིའི་སྔགས་སོགས་དྲག་སྔགས་བརྗོད་ལ་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ༌། །བཀའ་ལྟར་མི་བྱེད་ཅིང༌དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་རྩེ་ནས་བཤིག་ཅིག །སྲིད་གསུམ་རྨང་ནས་བསྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེ་ཡིས་སྲེགས་ཤིག །དམ་ཚིག་གི་དམོད་པས་རྡེགས་ཤིག །བཀའ་ཡིས་ཆད་པ་ཆོད་ཅིག །གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམ་བྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང༌སྡིག་ཅན་འདི་ཡི་སྟེང་དུ་གནམ་ལྕགས་རྡོ་རྗེའི་མེ་ཆར་ཆེན་པོ་ཕོབ་ཅིག ། གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐམས་ཅད་ཐུལ་ཅིག །དྲང་སྲོང་བདེན་པའི་དམོད་པ་ཡིས་སོགས་བརྗོད། གསུམ་པ་ནི། མཆོད་པ་གོང་ལྟར། ཨོཾ། ཁྲག་

p. 473

གི་མཆོད་ཡོན་དབང་པོའི་མེ་ཏོག་དང༌། །ཚིལ་ཆེན་བདུག་སྤོས་ཞུན་ཆེན་མར་མེ་དང༌། །ཁྲག་ཞག་དྲི་ཆབ་ཙིཏྟའི་ཞལ་ཟས་མཆོག །རྐང་ཆེན་གླིང་བུས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དཱེ་ཝི་ས་པཱ་རི་ཝཱ་ར་ཨརྒྷཾ་ཨཱཉྩ་མ་ནཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། བསྟོད་པ་ནི། ཧཱུྃ་ལས་སྐྱེས་པའི་ནག་པོ་ཆེ། །པདྨ་ཉི་མའི་གདན་ལ་བཞུགས། །གདུག་པ་ཟིལ་གནོན་མེ་དཔུང་འབར། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་མངའ་གསོལ་བའི། །དུད་སོལ་ལྷ་མོ་ཁྱོད་ལ་བསྟོད། །གསང་བའི་གསོལ་གདབ་ནི། ཧོཿ དགོངས་སུ་གསོལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཇིགས་བྱེད་ཆེན་པོ། དཔལ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་པ། ངོ་བོ་ཡེ་

p. 474

ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་དེད་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་རྣལ་འབྱོར་བུ་བཞིན་དུ་སྐྱོང་བ། དམ་ཅན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་སྲུང་བའི་ལས་ལ་རྩལ་འབྱིན་པ། མཐུ་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་ལྕམ་དྲལ་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་འཛིན་པས་བཙུགས་པའི་ཕྱི་ནང་གསང་བ་གསུམ་གྱི་རྟེན་འདི་རྣམས་ལ་བཞུགས་ལ། རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་དང་བདེ་བ་ཆེན་པོའི་

p. 475

ཞིང་ཁམས་སུ་བསྒྲོད་པའི་ལམ་གྱི་བར་ཆད་དང་བདུད་བཞིའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་ལམ་གྱི་སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་ལམ་དང་འཕྲད་པའི་ཏིང་ངེ་འཛིན་གྱི་སུན་མ་དང་འཕྲད་པར་མཛོད་ཅིག །དེ་ལྟར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་དུ་མི་འགྲོ་ཞིང༌། ཐར་པ་དང་བྱང་ཆུབ་ཀྱི་ལམ་དུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་བཀྲ་ཤིས་དང་བདེ་ལེགས་ཀྱི་གནས་ནས་ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ནས་འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཕྲིན་ལས་བཞིའི་བྱ་བ་ལ་གསོལ་བ་ཇི་ལྟར་བཏབ་པའི་

p. 476

དོན་ཐམས་ཅད་དེ་ཁོ་ན་ཉིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཧཱུྃ། ཆོས་སྐུ་རྣམ་དག་ནམ་མཁའ་ལྟ་བུ་ལ། །མཚན་དཔེའི་དཔལ་འབར་བཅོམ་ལྡན་སྐུ་ལྔའི་མགོན། །ཕྱོགས་བཅུའི་རྒྱལ་བ་དཔའ་བོ་མཁའ་འགྲོ་དང༌། །དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན་གྱི་ཚོགས། །དབྱིངས་ནས་ཐུགས་རྗེའི་བྱིན་རླབས་དབང་མཆོག་སྩོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །བགེགས་དང་ལོག་འདྲེན་བར་ཆད་ཞི་བར་མཛོད། །མགོན་པོའི་རྩ་སྔགས་འབྲུ་བཅུ་གསུམ་པའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་བཛྲ་ཌཱ་ཀི་ནི་དཱེ་ཝཱི་མ་ཧཱ་ཀཱ་ལི་རེ་མ་ཏི། ཀཱ་ཡ་ཝ་ཀཱ་ཙིཏྟ་སིདྡྷི་ས་མ་ཡ་ཕ་ལ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་དངོས་གྲུབ་བླངས་སོ། །ཉེས་སྐྱོན་བཤགས་ཤིང་

p. 477

བཟོད་གསོལ་ནི། མ་འབྱོར་པ་དང་སོགས་ཡིག་བརྒྱ་བརྗོད། བཀྲ་ཤིས་པའི་གཟུངས་སྔགས་བཟླ་བ་ནི། ཚེ་རབས་སྔོན་ནས་རྒྱལ་བས་དབང་བསྐུར་ནས། །ཚེ་རབས་བརྒྱུད་ནས་བསྟན་པ་སྲུང་བར་མཛད། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ན་མོ་ཡོ་གི་ནཱ། ན་མོ་ཧ་གི་ནི། ཏདྱ་ཐཱ། ཧི་ལི་ཧི་ལི། ཀི་ཏི་ཙི་ཏི། ནི་ཏི་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །རྒྱལ་བའི་བསྟན་པ་བསྲུང་བར་ཞལ་བཞེས་པའི། །ད་ལྟ་དུས་འདིར་བསྟན་པ་རྒྱས་པར་མཛོད། །ན་མོ་བཛྲ་པཱ་ཎི་སྱཾ། ཙི་ལི་ཙི་ལི། བྷིཎྜ་བྷིཎྜ། མུཉྩ་མུཉྩ། ཏི་པཱ་ལ་ཀ་ན་སྭཱ་ཧཱ། བདག་ནི་དུས་ཀུན་ལྷ་མོ་ཁྱོད་ཉིད་དང༌། །སྐད་ཅིག་མི་འབྲལ་ཕྲིན་ལས་རྣམ་བཞི་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །རྟེན་བཞུགས་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་

p. 478

མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིས་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཡེ་ཤེས་པ་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། འཇིག་རྟེན་པ་རྣམས། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪས་རང་གནས་སུ་བཏང་ངོ༌། །སྨོན་ལམ་གདབ་པ་ནི། བདག་གིས་དེང་ནས་ལྷག་པའི་ལྷ། །དཔལ་ལྡན་མགོན་པོ་ཉིད་བསྒྲུབས་པས། །སྟུག་པོ་བཀོད་པའི་ཞིང་མཆོག་ཏུ། །ཁྱབ་བདག་འཁོར་ལོ་སྡོམ་པ་དང༌། །དབྱེར་མེད་མངོན་པར་བྱང་ཆུབ་སྟེ། །མཐའ་ཡས་འགྲོ་ཀུན་འདྲེན་པ་དང༌། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །བསྔོ་བ་ནི། དགེ་བ་འདི་

p. 479

ཡིས་མྱུར་དུ་བདག །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་ནི། སྤྲོ་ན། རྡོ་རྗེ་འཆང་ཆེན་གྲུབ་ཆེན་ས་ར་ཧ། །ཏཻ་ལོ་ནཱ་རོ་མར་པ་མི་ལ་རས། །དྭགས་པོ་འབའ་རོམ་ཏི་ཤྲི་རས་པ་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་བཅོམ་ལྡན་རྣལ་འབྱོར་མ། །མཁའ་འགྲོ་མ་བཞི་མཚམས་བཞིར་བུམ་པ་བཞི། །ཐོད་པ་དང་བཅས་དཀྱིལ་འཁོར་འཁོར་ལོའི་མགོན། །དཔལ་ལྡན་བདེ་བ་མཆོག་གི་བཀྲ་ཤིས་ཤོག །ཡེ་ཤེས་མགོན་པོས་བདུད་བཞི་བཅོམ་པ་དང༌། །དཔལ་ལྡན་ལྷ་མོས་འདོད་རྒུ་སྟེར་བ་དང༌། །ཕོ་ཉ་ལས་མཁན་བཀའ་བཞིན་སྒྲུབ་པ་ཡི། །དཔལ་མགོན་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །བསྡུ་ན། ཨོཾ། དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་

p. 480

ཤིས་ཤིང༌། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོ། །ཞེས་དབྱངས་སུ་གྱེར་ཞིང་མེ་ཏོག་སིལ་མའི་ཆར་དང༌། སྙན་པའི་རོལ་མོས་དགེ་ལེགས་སུ་བྱའོ། །མཐའ་ཡས་འགྲོ་བའི་དཔུང་གཉེན་དུ། །རྒྱལ་བའི་བསྟན་ལས་གཞན་སུ་ཞིག །དེ་སྲུང་འགྲན་ཟླ་བྲལ་བའི་ལྷ། །དཔའ་བོ་ནག་པོ་ཆེ་ལས་མིན། །དེ་ཕྱིར་དེ་མཉེས་བྱེད་པའི་ཐབས། །རྒྱལ་བསྟན་འཛིན་ལ་མེད་ཐབས་མེད། །བདུད་འཇོམས་རྡོ་རྗེའི་མཚོན་འཆང་བའི། །བསྟན་དགྲ་ལྷག་མེད་མཐར་བགྱིད་ཤོག ། ཅེས་པའང་མདོ་སྟོད་གནམ་རྒྱལ་གསང་བ་ལྷ་རྩེའི་ཆོས་སྡེ། ཐུབ་བསྟན་རྣམ་དག་གླིང་གི་ཆོས་གྲྭ་ཆེན་པོར། རྡོ་རྗེ་འཛིན་པ་རིག་འཛིན་ཆོས་འཕེལ་དང༌། བླ་མ་ཀརྨ་དགེ་ལེགས་རྣམ་རྒྱལ་ཟུང་ནས་ཐུགས་བཞེད་ལྟར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དམར་ཕྱོགས་ཀྱི་སྲོད་འཁོར་དམ་ཅན་འདུ་བའི་དུས་སུ་ལེགས་པར་སྦྱར་བ་ཛ་ཡནྟུ། དགེའོ།། །།

དཔལ་མགོན་ལྕམ་དྲལ་གྱི་ཕྲིན་ལས་བདུད་འཇོམས་མཚོན་ཆའི་ཟུར་འདེབས་ཨུཏྤ་ལའི་མགུལ་རྒྱན། རིག་འཛིན་རྒན་པོ།

p. 481

༄༅། །དཔལ་མགོན་ལྕམ་དྲལ་གྱི་ཕྲིན་ལས་བདུད་འཇོམས་མཚོན་ཆའི་ཟུར་འདེབས་ཨུཏྤ་ལའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །

p. 482

༈ གུ་རུ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། འཁོར་འདས་ཀུན་བདག་ཧེ་རུ་ཀ་དཔལ་མཆོག །གདུག་ཅན་གཞོམ་ཕྱིར་སྙིང་རྗེ་ཆེར་ཁྲོས་པ། །རྡོ་རྗེ་ནག་པོ་ཆེ་ཞབས་སྟངས་དཔྱལ་ཟུང༌། །དབྱེར་མེད་དཔལ་ལྡན་བླ་མས་རྗེས་སུ་སྐྱོངས། །འདིར་དཔལ་མགོན་ཕྲིན་ལས་བདུད་འཇོམས་མཚོན་ཆའི་ཟུར་རྒྱན་ཅུང་ཟད་སྤྲོ་བ་ལ་གསུམ། །སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་གཉིས། སྦྱོར་བ་དང་སྔོན་འགྲོའོ། །དང་པོ་ནི། གང་དུ་བྱ་བའི་སྟེགས་གཙང་མར་གོང་དུ་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་མཎྜལ་འབྲུ་ནག་གི་ཚོམ་བུ་བཀོད་པའི་ཁར་ཟངས་ལྕགས་ཀྱི་སྣོད་དུ་མགོན་པོའི་རྟེན་གཏོར་མཐར་དཔལ་བཤོས་བཞིས་བསྐོར་བའི་མདུན་སྤྱན་གཟིགས་བ་ལིཾ་དང༌། མཐར་ཐེབ་ཀྱུ་སྤོད་ཀྱིས་བསྐོར་ཞིང་སྐུ་ཙཀ་དར་གདུགས་རྒྱན་སྤྲོས་ཅན་བཞག །དེའི་གཡས་གཡོན་དུ་སྨན་དང་རཀྟ་ནོར་ལྷ་དང་གཞི་བདག་གི་སྤྱི་གཏོར་དང༌། སྤྲོ་ན་བསྐང་གཏོར་དཔལ་བཤོས་ནག་པོ་

p. 483

སུམ་ཅན་སྙིང་ཕྲེང་དར་གདུགས་ནག་པོས་བརྒྱན་པ་དང༌། གཡས་གཡོན་གསོལ་ཁ་ཐུན་གཏོར། གང་ལྟར་རིགས་མཐུན་ཞི་དྲག་གི་ཉེར་སྤྱོད་ཉིས་རིམ། གཞན་ཡང་སྔོན་གཏོར་རྒྱུན་གཏོར་ཕུད་སྐྱེམས་དང༌། དུས་བཟང་ཚོགས་མཆོད་ཀྱི་ཡོ་བྱད། རང་མདུན་བདུད་རྩིའི་ཀ་པཱ་ལ་ཌཱ་དྲིལ་སོགས་དགོས་པའི་ཡོ་བྱད་རྣམས་ཚང་བར་འདུ་བྱའོ། །གཉིས་པ་ནི། བརྒྱུད་པའི་གསོལ་འདེབས་དང་། སྐྱབས་སེམས། ཡི་དམ་གྱི་གསལ་སྣང་བརྟེན་པ་རྣམས་གཞུང་བཞིན་སྔོན་དུ་འགྲོ་བས། ནང་མཆོད་བྱིན་རླབས་ནི། ཁཎྜ་རོ་ཧེས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་རང་མདུན་རླུང་མེ་ཐོད་སྒྱེད་སྟེང༌། །ཨ་ལས་བྷནྡྷ་གོ་ཀུ་ད་ཧ་ན། །བི་མུ་མ་ར་ཤུ་ལས་ཤ་ལྔ་

p. 484

དང༌། །བདུད་རྩི་ལྔ་གྱུར་རང་རང་ཡི་གེས་མཚན། །རླུང་གཡོས་མེ་སྦར་ཐོད་དྲོད་རྫས་ཞུ་ཁོལ། །ཉེས་སྐྱོན་ཕྱིར་ལུད་རླངས་པ་ཁ་ཊྭཱཾ་ག །སྔོ་སྐྱ་འབྲུ་གསུམ་མཚན་པའི་ལས་འོད་འཕྲོས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བདུད་རྩི་རྣམས། །སྤྱན་དྲངས་དམ་ཚིག་བདུད་རྩིར་གཉིས་མེད་འདྲེས། །འབྲུ་གསུམ་ཁ་ཊྭཱཾ་དང་བཅས་འོད་ཞུ་བའི། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། སྔོན་གཏོར་བདུད་རྩི་ལྟར་བརླབ། འབར་བའི་རྒྱ་བཅས། ཕེཾ་ཕེཾ་ཕེཾ་ཞེས་མགྲོན་རྣམས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧི་སོགས་ལན་བཞིས་མཁའ་འགྲོ་དང་དཔའ་བོ་དང་འབྱུང་པོ་རྣམས་ལ་ཚིམ་པར་བསྔོས་ལ། ཕྲིན་ལས་བཅོལ་བ་ནི། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས༴ གནོད་སྦྱིན་ཚོགས༴ སྲིན་པོའི་ཚོགས༴ འབྱུང་པོའི་ཚོགས༴ ཡི་དྭགས་ཚོགས༴ ཤ་ཟའི་ཚོགས༴ སྨྱོ་བྱེད་ཚོགས༴ བརྗེད་བྱེད་ཚོགས༴ མཁའ་འགྲོའི་ཚོགས༴

p. 485

མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་འབྱུང་པོའི་ཚོགས། །འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །མཆོད་སྦྱིན་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་དང༌། བཀའ་བསྒོ་བ་ནི། གང་དག་ནག་པོའི་ཕྱོགས་གྱུར་ཅིང༌། །གསང་སྔགས་ཟབ་མོའི་ཆོ་ག་ལ། །ཉན་དང་ལྟ་བར་མི་དབང་བ། །དེ་དག་ཐམས་ཅད་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདའ་བྱེད་ན། །རྡོ་རྗེ་ཁ་ཊྭཱཾ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །ཞེས་དང་། ཧཱུྃ་བཞི་བརྗོད་ལ་བགེགས་ཚོགས་ཚར་བཅད། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན། །དེ་ལས་སྣ་ཚོགས་རྡོ་རྗེ་གྲངས་མེད་འཕྲོས། །སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ར་གུར་ནི། །མི་ཤིགས་སྲ་བརྟན་སྲུང་བའི་འཁོར་ལོ་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧུྃ་ཧཱུྃ་ཕཊ། ཅེས་སྲུང་འཁོར་བསྒོམ། མཆོད་རྫས་བྱིན་བརླབ་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཨ་

p. 486

ལས་ཀ་པཱ་ལར། ཧཱུྃ་ལས་རྡོ་རྗེའི་མཆོད་ཡོན་ཞབས་བསིལ་དང༌། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །བཤོས་གཙང་རོལ་མོ་ལྷ་རྫས་མཆོད་པའི་སྤྲིན། །བསམ་གྱིས་མི་ཁྱབ་བདེ་ཆེན་དགྱེས་བསྐྱེད་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། མཆོད་སྤྲིན་འབྱུང་བའི་གཟུངས་བརྗོད་པས་སྤེལ། གཉིས་པ་དངོས་གཞི་ལ་གསུམ། བདག་གི་རྣལ་འབྱོར། མདུན་དཀྱིལ་གཏོར་ཆོག་ཚོགས་མཆོད་དོ། །དང་པོ་ལ་གཉིས། ཚོགས་བསགས་དང་བདག་བསྒོམ་དངོས་སོ། །དང་པོ་ནི། རང་གི་སྙིང་གི་ཧཱུྃ་འོད་ཀྱིས། །བླ་མ་ལྷག་པའི་ལྷར་བཅས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་པར། །སྤྲུལ་པའི་ལྷ་མོ་དག་གིས་མཆོད། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་དང༌། སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ཤོག །ཅེས་བརྗོད།

p. 487

གཉིས་པ་ལ་གསུམ། བསྐྱེད་བཟླས་རྫོགས་རིམ་མོ། །དང་པོ་ནི། ཨོཾ་ཤཱུ་ནྱ་་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། སྟོང་པའི་ངང་ལས་སྲུང་བའི་གུར་ཁང་ནི། །རྡོ་རྗེ་ར་བ་དྲྭ་བ་གུར་བླ་བྲེ། །ཡངས་ཤིང་རྒྱ་ཆེ་མི་ཤིགས་སྲ་བརྟན་དབུས། །ནམ་མཁའ་འབྱུང་བཞི་རིམ་བརྩེགས་རི་རབ་སྟེང༌། །པདྨ་ཉི་ཟླ་འཇིགས་དུས་བསྣོལ་བའི་ཁྲི། །རང་རིག་ཧཱུྃ་སྔོན་འོད་ཀྱིས་དོན་གཉིས་བྱས། །ཡོངས་གྱུར་བཅོམ་ལྡན་འཁོར་ལོ་བདེ་བ་མཆོག །སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་བཞིན། །ཞལ་གཅིག་སྤྱན་གསུམ་བྲམ་ཟེ་ཁྲོས་པའི་ཚུལ། །དབུ་སྐྲ་ཐོར་ཚུགས་ནོར་བུ་ཟླ་ཕྱེད་དང༌། །སྣ་ཚོགས་རྡོ་རྗེ་མི་བསྐྱོད་དབུ་བརྒྱན་སྤྲས། །དར་གྱི་སྟོད་གཡོགས་རུས་རྒྱན་སྟག་ཤམ་སོགས། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །ཕྱག་གཉིས་རྡོ་དྲིལ་བསྣོལ་སྟབས་ཡུམ་ལ་འཁྱུད། །ཞབས་ཟུང་གཡོན་བསྐུམ་གཡས་བརྐྱང་འཇིགས་

p. 488

དུས་བརྫིས། །རྡོ་རྗེ་ཕག་མོ་དམར་གསལ་བཅུ་དྲུག་ཉམས། །གྲི་ཐོད་མགུལ་འཁྱུད་ཕྱག་རྒྱ་ལྔ་འཆང་ཞིང༌། །གཡོན་བརྐྱང་གར་གྱིས་ཡབ་དང་གཉིས་མེད་སྦྱོར། །ཡེ་ཤེས་མེ་དཔུང་གར་དགུའི་ཉམས་ཀྱིས་རོལ། །ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེའི་དབྱིངས། །ཡོངས་གྲུབ་གདན་གསུམ་ལྷ་ཡི་འཁོར་ལོར་རྫོགས། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧཱུྃ་ཧྲཱིཿས་མཚན། །འོད་ཀྱིས་ཆོས་དབྱིངས་ཁྱབ་གདལ་རྒྱུད་བསྐུལ་མཐུས། །བསམ་ཡས་རྒྱལ་ཀུན་ལྷན་སྐྱེས་ཡབ་ཡུམ་བསྐུལ། །སྤྱན་དྲངས་དམ་ཡེ་དབྱེར་མེད་གཅིག་འདྲེས་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་སྤྱན་དྲངས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་ཆུ་ལྷག་ཡར་འཁྱིལ་བ། །མི་བསྐྱོད་རྣམ་སྣང་མཛད་ཀྱིས་དབུ་བརྒྱན་གྱུར། །བཛྲོདྦྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་ལས་འཕྲུལ་དགའི་ལྷ་ལྟར་ཡིད་

p. 489

སྤྲུལ་གྱི། །མཆོད་པའི་ལྷ་མོ་རྣམ་པ་དུ་མས་མཆོད། །ཨོཾ་ཤྲཱི་ཙཀྲ་སམྦྷ་ར་སརྦ་བི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །ཅེས་མཆོད་བསྟོད། གཉིས་པ་ནི། ཡབ་ཡུམ་ཐུགས་ཀའི་པད་ཉི་ཧཱུྃ་དང་ཧྲཱིཿ དེ་མཐར་སྙིང་པོའི་སྔགས་ཕྲེང་གཡོན་དུ་འཁོར། །འོད་ཟེར་འཕྲོ་འདུས་རྒྱལ་མཆོད་བྱིན་རླབས་བསྡུས། །འགྲོ་བའི་དོན་བྱས་སྣོད་བཅུད་ལྷ་དང་སྔགས། །བསམ་གྱིས་མི་ཁྱབ་ཡེ་ཤེས་རོལ་པར་གྱུར། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླས་པ་སྟོང་རྩ་སོགས་ཅི་རིགས་བཟླས། གསུམ་པ་ནི། ཐུགས་འོད་ཕྱིར་འཕྲོས་སྣོད་བཅུད་རིམ་ཞུ་འདུས། །ཡབ་ཡུམ་འོད་ཞུ་ཐུགས་སྲོག་ནཱ་ད་ལས། །ཡལ་ཏེ་མི་དམིགས་འོད་གསལ་སྟོང་ཉིད་དོ། །ཅུང་ཟད་མཉམ་

p. 490

པར་བཞག །སླར་ཡང་སྐད་ཅིག་དྲན་རྫོགས་སྒྱུ་མའི་སྐུ། །དཔལ་ཆེན་ཡབ་ཡུམ་སྲུང་འཁོར་ལྷུན་གྲུབ་དབུས། །བདེ་བ་ཆེན་པོའི་རྣལ་རོལ་ལམ་དུ་ཁྱེར། །ཞེས་གཉུག་པའི་ལྷར་ལྡང་ངོ་། །རྩ་བའི་གཉིས་པ་ནི། དེ་ནས་གཞུང་གི་མདུན་རྟེན་བསྐྱེད་པ་ནས་བརྩམས་མཚམས་མི་ཕྱེད་བར་འཕྲིན་ལས་ཀྱི་རིམ་པ་མཆོད་བསྟོད་བཟླས་པ་རྣམས། ཆོས་སྐྱོང་བྱེ་བྲག་གི་གཏོར་མཆོད། གཞི་བདག་སྤྱི་གཏོར་ཁྱད་པར་གྱི་གསོལ་མཆོད་ཡན་འགྲུབ་པར་བྱའོ། །གསུམ་པ་ནི། དུས་བཟང་མཆོད་པའི་སྐབས་ཚོགས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་རྒྱ་ཆེ་ལ་གཙང་ཞིང་མཛེས་པར་བཤམས། ཞུ་བ་སྤྱི་ལྟར་བཅས་བདུད་རྩི་ལྟར་བྱིན་བརླབ། འབར་བའི་རྒྱ་བཅས་ཕེཾ་ཕེཾ་ཕེཾ། ཞེས་ཚོགས་མགྲོན་སྤྱན་དྲངས་རྡོ་ཐལ་རྒྱ་བྱེད་པས། ན་མོ། ཐབས་དང་ཤེས་རབ་གཉིས་མེད་པའི། །ཚོགས་ཀྱི་འཁོར་ལོའི་རྫས་ཆེན་པོ། །ངོ་བོ་གདོད་ནས་སྐྱེ་མེད་དབྱིངས། །རང་བཞིན་ཨ་དི་ཀ་དི་ཚུལ། །རྣམ་པ་ཤ་ལྔ་བདུད་རྩི་ལྔས། །རྒྱས་བཏབ་ཟག་མེད་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་

p. 491

འགྲོ་དང༌། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །མཆོད་འོས་རྒྱ་མཚོའི་ཞལ་དུ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ། ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ་སྤོས་རོལ་དབྱངས་བཅས། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །དཔལ་ལྡན་མཁའ་འགྲོ་དྲྭ་བ་སྡོམ། །ཕག་མོ་ཡུམ་བཅས་སྐུ་བསྐྱོད་འཚལ། །ཉེར་བཞིའི་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས༴ དཔལ་ལྡན་མགོན་པོ་ཕྱག་བཞི་པ། །བྱ་རོག་མཚན་ཅན་སྐུ་བསྐྱོད་འཚལ། །ཡུམ་དང་སྤྲུལ་པ་ལས་མཁན་དང༌། །མཁའ་

p. 492

འགྲོ་བརྒྱད་དྲུག་ཡང་འཁོར་བཅས། །ཡེ་ཤེས་མགོན་པོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས༴ བདུད་དང་མུ་སྟེགས་ལོག་ལྟ་སྒྲོལ། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོར། །བྷྱོ། བཞེངས་ཤིག་སྲུང་མ་རྣམས༴ རྟག་པའི་རྒྱལ་མོ་གཏུམ་མོ་ཆེ། །དུད་སོལ་ལྷ་མོ་སྐུ་བསྐྱོད་འཚལ། །དཀར་སེར་དམར་ལྗང་རེ་མ་ཏི། །རྗེ་བློན་སྙིང་འཕྲོག་ལས་མཁན་བཅས། །སྣང་སྲིད་མ་མོ་འབུམ༴ འདིར་གཤེགས་ཚོགས༴ བསྟན་པ་འཇིག་པའི་དགྲ་བགེགས་ཐུལ། །སྒྲུབ་བརྒྱུད་རིང་ལུགས་དར་བར་མཛོད། །ཧཱུྃ། བཞེངས་ཤིག་བཀའ་སྲུང་རྣམས་བཞེངས་ཤིག །ཡེ་ཤེས་ལས་གྲུབ་འཇིག་རྟེན་གྱི། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །སྣང་སྲིད་དྲེགས་བྱེད་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དགྲ་བགེགས་བྱད་མ་རྡུལ་དུ་རློགས། །ཕྲིན་ལས་རབ་འབྱམས་ཐོགས་མེད་

p. 493

སྒྲུབས། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པུ་ཛ་ཁཱ་ཧི། ཞེས་ལས་ཀྱི་རྡོ་རྗེས་ཚོགས་ཆ་གསུམ་དུ་བཅད་ལ་ཕུད་གཏོར་མར་བཏབ་ཅིང་བདུད་རྩི་ནམ་མཁར་ཕུལ་བར་བྱས། བར་འདི་བསྐང་བ་དང་འཁྲུགས་སྐོང་བཤགས་པ་རྣམས་རྒྱས་པར་བྱ་ཞིང༌། ལས་ཀྱི་གཉེར་གཏད་བཅས་བྱའོ། །དེ་ནས་ཚོགས་ཀྱི་བར་པ་བརྡ་ཡི་འབུལ་ལེན་གྱི་ལོངས་སྤྱོད། མང་ལྷག་བསྡུས་པར་སློབ་དཔོན་དང་ཚོགས་ཀྱི་ཆ་གསུམ་ལ་བསྣན། བདུད་རྩིའི་བྲན་ལ། ཨ་ཀཱ་རོས་ལན་གསུམ་གྱིས་བྱིན་བརླབ། ཧཱུྃ། ཕྱོགས་བཞི་དབུས་ལྔའི་དུར་ཁྲོད་ནས། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱའི་ཚུལ། །བྲན་གྱི་ཚུལ་དུ་ཁས་བླངས་པས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིངྟ་བྷཀྵ་སི་སྭཱ་ཧཱ། ཞེས་ལྷག་

p. 494

གཏོར་སྒོ་དྲུང་དུ་བཤལ་ཆུ་བཅས་འབུལ་ལོ། །དེ་ནས་དྲག་པོའི་ཐུན་གཏོར་འབུལ་ཞིང་བཟློག་བསྒྱུར་རྣམས་བྱའོ། །གསུམ་པ་ནི་མཆོད་པ་རྣམས་གསོ་བྲན་བྱས་ལ་རྗེས་རིམ་བཞིན། མཆོད་བསྟོད་འདོད་གསོལ་སོགས་དཀྱུས་ལྟར་མཐར་དབྱུང་བས་འགྲུབ་བོ། །གྲུབ་པའི་གསུང་གསང་ཉམས་མེད་སྲུང་མ་ཡིས། །ཕྲིན་ལས་བདུད་སྡེ་འཇོམས་པའི་མཚོན་རྣོན་པོའི། །ཟུར་རྒྱན་ཨུཏྤལ་ལ་ཡི་ཆུ་ཕྲེང་འདི། །གྲུབ་པའི་རིག་འཛིན་མགུལ་རྒྱན་མཆོག་ཏུ་ཤོག ། ཅེས་པ་འང་གསང་ཆེན་ཆོས་གླིང་དགོན་སྒྲུབ་བརྩོན་རྣམས་ནས་ཆེད་དུ་བསྐུལ་བའི་གཡར་ཁྲལ་དུ། རིག་འཛིན་རྒན་པོས་གུ་རུ་ལུང་དུ་སྦྱར་བ་དགེ་ལེགས་འཕེལ། །

བདུད་འཇོམས་མཚོན་ཆའི་མཚལ་མའི་སྐབས་ཀྱི་རྗེས་འབྲང་བསྡུས་པ། ཀརྨ་པ་བྱང་ཆུབ་རྡོ་རྗེ།

p. 495

༄༅། །བདུད་འཇོམས་མཚོན་ཆའི་མཚལ་མའི་སྐབས་ཀྱི་རྗེས་འབྲང་བསྡུས་པ་བཞུགས།

p. 496

རྗེས་འབྲང་རྣམས་ཀྱི་གཏོར་འབུལ་བསྡུ་སྐབས་སྔགས་བསྔོས་ནི། ཨོཾ་བཛྲ་དྷ་དྷེ་མ་ཧཱ་ཀཱ་ལ་ཥ་ཎ་ཊ་གུ་ཎ་བྷྱོ་ཧཱུྃ་ཌྷྲོ་སྭཱ་རྦད་སྭཱ་ཧཱ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ། ཀྲོ་ཏ་པ་ཙ་ལ་ཏེ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ་ས་མ་ཡ་ཛཿཛཿ ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲི་ཏ། ཌོམྦྷི་ནཱི། ཙཎྜ་ལཱི། རཀྵ་སི། སིངྒ་ལི་དེ་ཝི་ས་པཱ་རི་ཝཱ་ར་ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཨི་དཾ༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་སོགས་གཞུང་ལྟར་བརྗོད་མཐར། ནོར་ལྷ་གཏེར་བདག་ཕྱི་རྒྱུད་འཇིག་

p. 497

རྟེན་པ་བཅས་ཀྱི་གཏོར་འབུལ་ནི། ཨོཾ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཁྃ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨ་ཀཱ་རོ་སོགས་བརྗོད་པས་བྱིན་བརླབ། ཨོཾ་བཻ་ཤྲ་བ་ཎ་ས་པཱ་རི་ཝཱ་ར་མ་ཧཱ་བ་ལིངྟ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲི་དཱ་ཡ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་ག་ན་པ་ཏི་ཨི་དཾ༴ ཨོཾ་པཉྩ་ཌཱ་ཀི་ནི་ཨི་དཾ༴ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨི་དཾ༴ ཨོཾ་ཡཀྵ་པུརྞ་བྷ་དྲ་ཡེ་ཨི་དཾ༴ ཨོཾ་སརྦ་ལོ་ཀ་

p. 498

པཱ་ལ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བསྟོད་པ་ལ་འཇུག་པར་བྱའོ། །༈ ཧཱུྃ། བསྟན་སྲུང་མཐར་ཐུག་རྡོ་རྗེ་བེར་ཅན་དང༌། །ཡུམ་མཆོག་དཔལ་ལྡན་ལྷ་མོ་རང་བྱུང་མ། །ནག་པོ་ཡབ་ཡུམ་ཕྱོགས་བཅུའི་མགོན་པོ་དང༌། །ཕྱག་བཞི་དབུ་སྨུག་དུད་པའི་སོལ་བ་མོ། །གཤིན་རྗེ་ཁྲོ་ཆུ་ཞལ་བཞི་ཏྲཀྴད་སོགས། །དྲེགས་པ་དོན་གཉིས་བདུད་བཙན་ཀླུ་ཡི་མགོན། །རྣམ་སྲས་སྔགས་བདག་སྐྱེས་བུ་རྡོ་རྗེ་ལེགས། །སྲིད་མགོན་ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང༌། །མ་བདུད་སྲིང་བཞི་འབར་མ་དགུ་རྣམས་དང༌། །དུས་བཞིའི་ལྷ་མོ་དམག་གི་རྒྱལ་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བསྟན་མ་བཅུ་གཉིས་དང༌། །མཁར་ནག་རྡོར་རྒྱལ་བཀྲ་ཤིས་ཚེ་རིང་སོགས། །ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་རྣམས་དང༌། །ཕོ་ཉ་ལས་མཁན་བསམ་ལས་གྲངས་འདས་ལ། །མཉེས་རྫས་དྲག་པོའི་གཏའ་

p. 499

གཏོར་ཆེན་པོ་དང༌། །སྨན་དང་རཀྟ་གསེར་དངུལ་དར་ཟབ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་འབུལ། །དགྱེས་པར་བཞེས་ལ་ཅི་བསམ་འཕྲིན་ལས་མཛོད། །ཅེས་པའང་ཀརྨ་པ་བཅུ་གཉིས་པས་སོ། །

དཔལ་ལྡན་མགོན་པོའི་ལས་མཐའ་དགྲ་ཟློག་བྱད་མ་ཚར་གཅོད། འཇིགས་བྲལ་དབང་པོའི་སྡེ།

p. 500
p. 501

༄༅། །དཔལ་ལྡན་མགོན་པོའི་ལས་མཐའ་དགྲ་ཟློག་བྱད་མ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །

p. 502

དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་ཞིག་གིས་གློ་བུར་ལས་བཅོལ་གྱི་དགྲ་ཟློག་བྱ་བར་འདོད་པས། དེ་ལ་ཐོད་སྣོད་དམ་ལྕགས་སྣོད་གྲུ་གསུམ་པར་ཤ་ཁྲག་གི་དམར་གཏོར་ལྔ་ཐེབ་ཀྱུ་བརྒྱད་བཅུས་བསྐོར་བའི་ཞབས་སུ་ཨ་མུ་ཀའི་གཟུགས་བྱང་གནད་རྫས་བཅུག་པ་རྩང་རྣོན་མེ་རི་ཤ་དར་གྱིས་བརྒྱན་པ་བྱ། ཆོས་སྐྱོང་གི་ཕྲིན་ལས་ཐུན་མཐར་འགུགས་འདྲེན་བསྒྲལ་བསྟབ་དྲག་ཏུ་བྱས་ལ་གཏུམ་རྔམས་ཁྲོས་པའི་ཡིད་ཀྱིས་གཞུང་འདི་ལྟར་བྱའོ། །ཧཱུྃ། ཡེ་ཤེས་མེ་རི་དམར་ནག་འབར་བའི་ཀློང༌། །པད་ནག་ཉི་མ་དགྲ་བགེགས་བསྣོལ་བའི་སྟེང༌། །འཇིགས་བྱེད་ཆེ་བའི་ཆེ་མཆོག་ཧེ་རུ་ཀ །དཔལ་

p. 503

ལྡན་ཡེ་ཤེས་མགོན་པོ་དབྱིངས་ནས་བཞེངས། །ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད། །གདུག་བྱེད་བྱད་མ་དྲག་པོས་བསྒྲལ་བ་ཡི། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་ཤ་ཁྲག་རུས་པས་ཐུགས་དམ་བསྐང༌། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །ཁ་རཾ་ཁཱ་ཧི་ལས་ལ་མཐུ་མ་ཆུང༌། །མ་གཡེལ་མ་གཡེལ་ཆོས་སྐྱོང་མགོན་པོའི་ཚོགས། །བྱད་ཁ་ཕུར་ཁ་བཟློག་པའི་ཕྲིན་ལས་མཛོད། །རྦོད་གཏོང་རྦད་འདྲེ་བཟློག་པའི་ཕྲིན་

p. 504

ལས་མཛོད། །གནོད་བྱེད་གཟའ་ཀླུ་བཟློག་པའི་ཕྲིན་ལས་མཛོད། །རྒྱལ་བསེན་དམ་སྲི་བཟློག་པའི་ཕྲིན་ལས་མཛོད། །ཐུན་ཟོར་སྲེག་མནན་བཟློག་པའི་ཕྲིན་ལས་མཛོད། །གཏད་སེལ་ངག་མནན་བཟློག་པའི་ཕྲིན་ལས་མཛོད། །རླུང་འཁོར་ཕྲ་མེན་བཟློག་པའི་ཕྲིན་ལས་མཛོད། །སྐག་དང་ལྟས་ངན་བཟློག་པའི་ཕྲིན་ལས་མཛོད། །གོད་ཁ་གྱོད་བྱུར་བཟློག་པའི་ཕྲིན་ལས་མཛོད། །ནད་ཁ་རིམས་ཡམས་བཟློག་པའི་ཕྲིན་ལས་མཛོད། །ཟ་འདྲེ་ཤི་སྲི་བཟློག་པའི་ཕྲིན་ལས་མཛོད། །ཆག་ཆེན་ཉམ་ང་བཟློག་པའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །བྱད་མ་གནོད་བྱེད་རང་གཤེད་རང་ལ་ཕོབས། །ཁོ་ཡི་ལྷ་སྲུང་ཁོ་རང་གཤེད་དུ་ཕོབས། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བྷྱོ། དམར་ནག་རཀྟའི་རྦ་ཀློང་འཁྲུགས་པའི་དཀྱིལ། །མགྱོགས་

p. 505

བྱེད་བོང་བུ་གྭ་དམར་ལ་གནས་པའི། །མ་མོ་ཆེན་མོ་འཇིགས་པའི་གློག་འགྱུ་མ། །དགའ་བྱེད་འདོད་པའི་དབང་ཕྱུག་དབྱིངས་ནས་བཞེངས། །ཐུགས་དམ་གནད་ནས་སོགས་འགྲེའོ། །ཧཱུྃ། ཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རབ་འཇིགས་སྐུ་ཡི་སྤྲུལ་པ་ལས་ཀྱི་མགོན། །དགྲ་བོའི་གཟུགས་ཕུང་བཀྲག་མདངས་བཅོམ་བྱེད་བདུད། །འཆི་བདག་བྱ་རོག་གདོང་ཅན་དབྱིངས་ནས་བཞེངས། །ཐུགས་དམ་གནད་ནས་སོགས་འགྲེའོ། །ཧཱུྃ། འདོད་ཆགས་ཁྲག་མཚོ་ཁོལ་མའི་ཀློང་དཀྱིལ་ནས། །རབ་རྔམས་གསུང་གི་སྤྲུལ་པ་ལས་ཀྱི་མགོན། །དགྲ་བོའི་དབུགས་རླུང་རྒྱུ་བ་གཅོད་བྱེད་བདུད། །ཚེ་བདག་བྱ་རོག་གདོང་ཅན་དབྱིངས་ནས་བཞེངས། །ཐུགས་དམ་གནད་ནས་སོགས་འགྲེའོ། །ཧཱུྃ། གཏི་མུག་མུན་ལྟར་གཏིབས་པའི་ཀློང་དཀྱིལ་ནས། །རབ་གཏུམ་ཐུགས་ཀྱི་སྤྲུལ་པ་ལས་ཀྱི་

p. 506

མགོན། །དགྲ་བོའི་རྣམ་ཤེས་ཐིམ་རིམ་སྡུད་བྱེད་བདུད། །སྲོག་བདག་བྱ་རོག་གདོང་ཅན་དབྱིངས་ནས་བཞེངས། །ཐུགས་དམ་གནད་ནས་སོགས་འགྲེའོ། །ཧཱུྃ། ཕྱོགས་མཚམས་ཀེང་རུས་མེ་དཔུང་དུར་ཁྲོད་ནས། །ལས་ལ་སྤྲུལ་པའི་བཀའ་སྡོད་མགོན་པོ་བརྒྱད། །མི་སྡུག་མགོ་བརྙན་སྣ་ཚོགས་ཅིར་ཡང་སྒྱུར། །ཕྲིན་ལས་སྡེ་བརྒྱད་མགོན་པོ་དབྱིངས་ནས་བཞེངས། །ཐུགས་དམ་གནད་ནས་སོགས་འགྲེའོ། །ཧཱུྃ། ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །མཐུ་ཆེན་མི་བཟད་ཕྱོགས་བཅུའི་མགོན་པོ་ཆེ། །སོ་སོའི་དམག་དང་དཔུང་སྡེ་བསམ་མི་ཁྱབ། །མེ་དུད་ཐོག་སེར་འཁྲུགས་པའི་ཀློང་ནས་བཞེངས། །ཐུགས་དམ་གནད་ནས་སོགས་འགྲེའོ། །ཧཱུྃ། ཕྱི་རིམ་བསྐལ་མེ་རབ་འབར་གཡུལ་ས་ནས། །ཡང་འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཡི་ཚོགས། །ཕོ་ཉ་

p. 507

བྱ་གཅན་བགྲང་འདས་ལས་ལ་བཞེངས། །ཐུགས་དམ་གནད་ནས་སོགས་འགྲེའོ། །ཞེས་ཕྲིན་ལས་དྲག་ཏུ་གྱེར་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དེ་ཝི་ཀ་ཀ་མུ་ཁ་པཱ་ར་བི་དན། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། གྱེར་ཙེ་ཉམས་པའི་ནུས་པ་ཁོ་རང་ལ་ཟློག་ཟློག །དུན་ཙེ་ཉམས་པའི་ནུས་པ་ཁོ་རང་ལ་ཟློག་ཟློག །ཏིརྟ་ཀ་ཉམས་པའི་ནུས་པ་ཁོ་རང་ལ་ཟློག་ཟློག །ཅེས་ཟློག་སྔགས་ཅི་རིགས་བཟླ། དེ་ནས་གསེར་སྐྱེམས་དང་གཟུ་དཔང་བྱ། རྦད་བསྐུལ་རྣམས་བཏང་ལ། ཀཱ་ལི་ནག་མོའི་དམིགས་པ་བཅས། ཧཱུྃ་བྷྱོ། དྲག་པོ་དཔལ་གྱི་གཏོར་ཆེན་མི་བཟད་པ། །ངོ་བོ་ཡེ་ཤེས་འཇིག་རྟེན་དྲེགས་བྱེད་ཀྱི། །མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པའི་ཟོར། །རྣམ་པ་གནམ་ལྕགས་ཨུརྨོའི་སྒྱོགས་རྡོ་འབར། །མེ་དུད་སེར་བ་ཤྭ་འུད་དང་བཅས་ཏེ། །ནམ་མཁའི་མཐོངས་ནས་གཟའ་རྒོད་རྒྱུག་པ་བཞིན། །སྡེ་བརྒྱད་དྲེགས་པའི་དཔུང་གིས་ཤུལ་མཚོན་ཏེ། །དགྲ་

p. 508

བགེགས་བྱད་མའི་ལུས་སྲོག་འབེན་ལ་ཡ། །སྐད་ཅིག་ཡུད་ཙམ་ཞིག་གིས་ཐོག་ལྟར་རྒྱོབས། །གནས་ལུས་ལོངས་སྤྱོད་རྩྭ་ཕུང་མེ་བསྲེགས་བཞིན། །མིང་རུས་རྗེས་ཤུལ་ལྷག་མེད་ཉིད་དུ་མཛོད། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ། སཱ་དྷཱུ་ཏྲི་འུར་བ་འུར་བ། རྒྱུག་ཏྲི་རྒྱུག་ཏྲི། ཏྲི་ཏྲི་མ་བྷྱོ། མ་ཧཱ་ཀཱ་ལ་ཏེ་ཤང་ཀུ་རུ་ཏེ་ཤང་ཀུ་རུ། བྲེང་ཤག་བྲེང་ཤག །མྱོག་ཆོད། ཚལ་པ་ཚལ་པ། རྦད་རྦད། ཅེས་སོགས་དྲག་སྔགས་རྣམས་བརྗོད་ལ་ཐེབས་དང་བསྟུན་ཏེ་དགྲ་ཕྱོགས་སུ་ཟོར་དུ་འཕངས་པས་ནག་པོའི་ཕྱོགས་དང་རྐྱེན་ངན་མཐའ་དག་ཚར་ཆོད་པར་འགྱུར་རོ། །ཞེས་པ་འདིའང་རྩོད་དུས་ཀྱི་སྔགས་འཆང་༧འཇིགས་བྲལ་དབང་པོའི་སྡེས་དགོས་པ་དང་འབྲེལ་དྲག་པོ་སྲོད་ཀྱི་ཐུན་མཚམས་སུ་སྦྱར་བ་སུ་ཛ་ཡནྟུ།། །།

ཟུར་དེབ།

p. 509

༓ ༈ ཡང་ཐོག་ཕྱི་རོལ་ཕྱོགས་གཙང་སར་རམ། དགྲ་ཕྱོགས་དང་བསྟུན་ལ་གསེར་སྐྱེམས་ལྷ་སྔགས་ཕྱག་རྒྱ་དྲུག་ལྡན་གྱིས་བྱིན་བརླབས་ནས་ཕྱོགས་མཚམས་ཀུན་ཏུ་འབུལ་ཞིང༌། ཀྱེ། འཛམ་གླིང་འཇིག་རྟེན་སྟེང་དང་འོག །ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི། །དམ་ལ་གནས་པའི་ལྷ་འདྲེ་ཀུན། །སྔགས་འཆང་བདེན་པའི་ཚིག་ལ་ཉོན། །གཏོར་མདོས་དགྲ་ཡུལ་བསྐྱོད་པའི་ཚེ། །དགྲ་དང་བགེགས་ལ་ཟོར་འཕེན་ན། །ཕྱོགས་བཅུ་ཀུན་ན་གནས་པ་དང༌། །ཡུལ་ཕྱོགས་འདི་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ས་

p. 510

བདག་ཀླུ་གཉན་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང༌། །ནང་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱབས་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག ། གང་ཞིག་བསྒོ་བ་མ་ཉན་ཏེ། །ཉམས་པ་གྲིབ་ཀྱིས་ཉེས་བྱུང་ན། །ང་ནི་མ་ཉེས་མ་ལན་གྱི། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། དྲག་པོ་ལས་ཀྱི་མདོས་ཟོར་འདི། །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི་འཕེན་ནོ། །བར་གྱི་གཉན་ལ་མི་འཕེན་ནོ། །དྲག་པོའི་ཟོར་ཁར་མ་འབྱོན་ཅིག །ས་བདག་ཀླུ་ལ་མི་འཕེན་ནོ། །དྲག་པོའི་ཟོར་ཁར་མ་འབྱོན་ཅིག །རྒྱལ་ཆེན་བཞི་ལ་མི་འཕེན་ནོ། །དྲག་པོའི་ཟོར་ཁར་མ་འབྱོན་ཅིག །

p. 511

ཕྱོགས་སྐྱོང་བཅུ་ལ་མི༴ དྲག་པོའི་ཟོར་ཁར༴ ལྷ་སྲིན་ཡོངས་ལ་མི༴ དྲག་པོའི་ཟོར་ཁར༴ དྲེགས་པའི་བཙན་ལ་མི་འཕེན་ནོ། །དྲག་པོའི་ཟོར་ཁར་མ་འབྱོན་ཅིག །ལྷ་སྲིན་སྡེ་བརྒྱད་སྐུ་བཟུར་ཅིག །དྲག་པོའི་ཟོར་ཁར་མ་འབྱོན་ཅིག །འཇིག་རྟེན་ལྷ་འདྲེ་ཐམས་ཅད་ཀྱིས། །ཉམས་པའི་མགོན་སྐྱབས་མ་བྱེད་ཅིག །ལྷ་སྲིན་སྡེ་བརྒྱད་མ་གཏོགས་ཤིག །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །མདོས་ལམ་ཕྱེས་ལ་ཟོར་ཁ་དྲོངས། །ཉམས་པའི་མགོན་སྐྱབས་མ་མཛད་ཅིག །གལ་ཏེ་མགོན་སྐྱབས་བྱེད་གྱུར་ན། །གཟེར་ནད་ཁྲག་སྐྱུག་དམྱལ་ཐག་གཅོད། །མཐོ་བ་རྣམས་ཀྱིས་ཞབས་ཡར་བསྐུམ། །དམའ་བ་རྣམས་ཀྱི་དབུ་མར་སྨོད། །བར་ན་བཞུགས་པ་སྐུ་བཟུར་ཅིག །ཕོ་བྲང་རྣམས་ཀྱི་སྒོ་ཆོད་ཅིག །ན་བཟའ་ལྷབ་ལྷུབ་མཐའ་སྡུས་ཤིག །སྐུ་བཟུར་དེ་ནི་སྤྱན་བྱོལ་ཅིག །ཟོར་

p. 512

དང་མདོས་ཀྱི་ལམ་ཕྱེས་ཤིག །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད། ཧཱུྃ། འཕགས་པ་དཀོན་མཆོག་གསུམ་པོ་གཟུ་དང་དཔང༌། །བླ་མ་ཡི་དམ་གཟུ༴ དཔའ་བོ་མཁའ་འགྲོ་གཟུ༴ ཆོས་སྐྱོང་སྲུང་མ༴ མ་མགོན་ལྕམ་དྲལ༴ ནོར་ལྷ་གཏེར་བདག༴ ཡུལ་ལྷ་ཟོག་དོར༴ གནས་པོ་དགེ་བསྙེན་གཟུ་དང་དཔང༌། ཁྱེད་རྣམས་གཟུ་དང་དཔང་མཛོད་ཅིག །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །ང་ནི་མ་ཉེས་མ་ལན་ནོ། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །༓

དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་ངེས་དོན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག

p. 513

༄༅། །དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་ངེས་དོན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །

p. 514

རྡོ་རྗེ་འཆང་ཆེན་དབང་ཕྱུག་ཏཻ་ལོ་པ། །ནཱ་རོ་པཎ་ཆེན་མར་པ་ལྷོ་བྲག་པ། །མི་ལ་རས་པ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཟླ་འོད་གཞོན་ནུ་དར་མ་དབང་ཕྱུག་དང་། །ཏི་ཤྲི་རས་པ་མཚུངས་མེད་རས་དཀར་བ། །ལུས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བྱང་ཆུབ་གཞོན་ནུ་བློ་གྲོས་རྡོ་རྗེའི་མཚན། །བརྩོན་འགྲུས་དཔལ་བ་རླངས་{གླང་}རས་རྒྱལ་མཚན་གྲགས། །བསོད་ནམས་བཟང་

p. 515

པོ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །རིན་ཆེན་བཟང་པོ་བསོད་ནམས་དབང་ཕྱུག་དང་། །བཀྲ་ཤིས་དབང་ཕྱུག་འགྲོ་མགོན་ཆོས་འོད་ཟེར། །ཀུན་དགའ་སྙིང་པོ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཀུན་དགའ་རྒྱ་མཚོ་བསྟན་འཛིན་བཟང་པོ་དང་། །མཐུ་སྟོབས་མངའ་བདག་ཀརྨ་ཛྙཱ་ནའི་མཚན། །དོན་དམ་སྙིང་པོ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཀརྨ་

p. 516

ཚེ་བརྟན་རས་པ་ཆེན་པོའི་མཚན། །བསྟན་པའི་སྙིང་པོ་ལུང་རིགས་རྒྱ་མཚོའི་དཔལ། །ཚེ་དབང་བདུད་འདུལ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །དགེ་ལེགས་དཔལ་གྲུབ་ངེས་དོན་ཆོས་མཛོད་འཛིན། །བསྟན་འཛིན་རྣམ་རྒྱལ་སྒྲུབ་བརྒྱུད་ཆོས་ཀྱི་དབྱངས། །ཆོས་འགྲུབ་སེང་གེ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཚོགས་གཉིས་འོད་ཟེར་བདུད་འཇོམས་རྡོ་རྗེའི་ཞབས། །བསྟན་འཛིན་ཆོས་འཕེལ་ཐེག་མཆོག་འོད་ཟེར་སོགས། །དོན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །ཆོས་ཀྱི་སེང་གེ་ཀརྨ་མངྒ་ལཾ། །འཇིགས་བྲལ་དབང་པོ་ཀརྨ་མ་ཏིའི་གསང་མཚན། མཆན། མ་ཏི་རཏྣའི་ཞབས། །ཉེ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་

p. 517

བྱིན་གྱིས་རློབས། །སྲིད་ཞི་ཀུན་ཁྱབ་ཆོས་སྐུའི་ཀློང་ཡངས་ནས། །ཞི་དང་ཁྲོ་བོའི་ཉམས་འགྱུར་འབུམ་གྱི་བདག །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཕྱག་ཆེན་མངོན་འགྱུར་ཤོག །འཁོར་ལོ་བདེ་མཆོག་ཀྱཻ་རྡོར་གསང་བ་འདུས། །མཱ་ཡ་གདན་བཞི་དུས་ཀྱི་འཁོར་ལོ་སོགས། །ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བདག་མེད་མ་དང་རྡོ་རྗེ་རྣལ་འབྱོར་མ། །ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །དཔའ་བོ་མཁའ་འགྲོ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་རློབས། །བྱ་རོག་མཚན་ཅན་རྡོ་རྗེ་གུར་མགོན་དང་། །དུད་སོལ་ལྷ་མོ་དམ་ཅན་རྒྱ་མཚོའི་ཚོགས། །ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་བ་འདེབས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱིན་གྱིས་

p. 518

རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་རྣམས་མ་རིག་མུན་པ་རབ་བསལ་ནས། །ཐར་པ་ཆེན་པོའི་ལམ་མཆོག་རབ་བགྲོད་དེ། །རྣམ་མཁྱེན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་ངེས་དོན་བརྒྱུད་པའི་གསོལ་འདེབས་འདི་ཉིད་༧གྲུབ་ཆེན་ཀརྨ་ཡེ་ཤེས་ཀྱིས་མཛད་པའི་རྡོ་རྗེའི་ཚིག་སོར་བཞག་ལ་རྣལ་འབྱོར་མཁའ་ཀློང་ཡངས་པས་བརྒྱུད་མར་སྤེལ་བ་དང་། སླར་ཉེ་བརྒྱུད་བླ་མ་རྣམས་གསབ་ཁ་ཅུང་ཟད་བགྱིས་ཏེ་གསལ་བར་བཀོད་པས་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། །

སྙན་བརྒྱུད་བདེ་མཆོག་རྒྱ་གཞུང་། མར་སྟོན་ཆོས་ཀྱི་བློ་གྲོས།

p. 519

༄༅། །སྙན་བརྒྱུད་བདེ་མཆོག་རྒྱ་གཞུང་བཞུགས་སོ། །

p. 520

རྒྱ་གར་སྐད་དུ། གུ་ཧྱ་རཏྣ། བོད་སྐད་དུ། གསང་བ་རིན་པོ་ཆེ། དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་སྐུར་གྱུར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་

p. 521

ཨཱཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཧུྃ་ཧཱུྃ་ཕཊཿ ཤྲཱི་ཧེ་རུ་ཀ་ཨ་ཧཾཿ རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་དུ་བླ་མ་རྡོ་རྗེ་འཛིན་པ་ལྷག་པའི་ལྷ་ལ་དཔའ་བོ་རྣལ་འབྱོར་མས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་གུ་རུ་ས་ཏྭ་པ་དྱ་བྷྱཿ སརྦ་ས་ཏྭ་ཨུ་པ་ཀ་ར་ཎ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་ཙཀྲ་སམྦྷ་ར་སརྦ་བི་ར་ཡོ་གི་ནི། ན་མ་ཏེ་ཧཱུྃཿ ན་མ་མི་ཧཱུྃཿ ན་མ་ན་མོ་ཧཱུྃཿ ཨོཾ་ཤྲཱི་ཙཀྲ་སམྦྷ་ར་སརྦ་བི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པཱདྱཾ་

p. 522

པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བདུན་རྣམ་དག་འབུལ་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །རྣལ་འབྱོར་ལམ་ལ་གནས་བགྱི་ཞིང་། །དམ་ཚིག་ཐམས་ཅད་སྦྱོང་བ་དང་། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བ་བདག་གིས་འགྲུབ་པར་བགྱི། །རྟེན་སོགས་དགེ་བ་འདི་དག་གིས། །རྣམ་པ་མཆོག་ཀུན་ལྡན་པ་ཡི། །སངས་རྒྱས་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་

p. 523

ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ་མོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བདག་ཉིད་ཀྱི་སྤྱི་བོར་པྃ་དང་ཨ་དང་རྃ་ལས་སྐྱེས་པའི་པད་ཟླ་ཉི་མའི་སྟེང་དུ་ཧཱུྃ་ཡིག་ནག་པོ་ལས་འོད་འཕྲོས། རྒྱལ་བ་མཆོད་ཅིང་སེམས་ཅན་ཐམས་ཅད་ཧེ་རུ་ཀར་བྱས། ཚུར་འདུས་པ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བདེ་མཆོག་སྐུ་མདོག་མཐིང་ནག་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་ཉམས་དགུ་དང་ལྡན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་འཁྲིལ་བ། གཟུགས་བརྙན་ལྟར་ལྷ་ཡི་སྐུར་གསལ་ལ་རྫོགས་པ་འཇའ་ཚོན་ལྟར་ཁ་དོག་དང་བཅས་པ་ཆུ་ཟླ་ཤར་བ་ལྟར་སྒྲོ་སྐུར་དང་བྲལ་བ་སྒྱུ་འཕྲུལ་རྡོ་རྗེའི་སྐུའོ། །ཨོཾ་ཤྲཱི་ཙཀྲ་སམྦྷ་ར་

p. 524

སརྦ་བི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་ནས་གསོལ་བ་གདབ་པ་ནི། བདེ་ཆེན་དཔལ་གྱི་མགོན་པོ་ཡིས། །སངས་རྒྱས་སྤྱོད་པ་ཇི་ལྟ་བར། །དག་པ་དེ་ཉིད་སྟོན་མཛད་པ། །དེ་རིང་བདག་ལ་མགོན་དགྱེས་མཛོད། །ཅེས་གསོལ་བ་བཏབ་པས་ཡབ་ཡུམ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བབས་པས་རྩ་གསུམ་ལས་བརྒྱུད་ཅིང་ལུས་དང་ངག་ཐ་དད་དུ་འཛིན་པ་དག་པར་བྱས་ནས་ལུས་བདེ་བའི་རང་བཞིན་དུ་སོང་བའོ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་ལྔ་བསྲེགས་བྱས་ཏེ། །སྤྱན་མ་སོགས་པ་ཡང་བསྲེགས་ནས། །ཧྃ་ལས་བདུད་རྩིའི་ཟླ་རྒྱུན་བབས། །རྟེན་དང་བརྟེན་པ་ཉམས་ལྡན་པ། །གཅིག་ཏུ་གྱུར་པ་བདེ་བ་ཆེ། །རྣལ་འབྱོར་མ་བཞིའི་ཌཱ་མ་རུའི། །སྒྲ་ཡིས་བསྐུལ་གྱུར་བཞེངས་པར་བྱེད། །པད་

p. 525

ཟླ་ཉི་མའི་གདན་སྟེང་དུ། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་ཚུལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །སྐུ་ནི་བཻ་ཌཱུརྱའི་རང་བཞིན། །ཕྱག་རྒྱ་དྲུག་གིས་སྤྲས་པའི་སྐུ། །འོད་ཟེར་འབར་བའི་ཟླ་ཚེས་ལ། །ཡིད་བཞིན་ནོར་བུས་དབུ་ལ་བརྒྱན། །འཇིགས་བྱེད་ཆུང་མར་བཅས་པ་མནན། །རྡོ་རྗེ་ཕག་མོ་ཞལ་གཅིག་མ། །ཕྱག་གཉིས་ཀྱིས་ནི་ཡབ་ལ་འཁྱུད། །རྡོ་རྗེ་དང་ནི་ཐོད་པ་འཛིན། །གཙོ་བོ་ལ་ནི་བདུད་རྩི་སྟོབ། །སྐུ་ནི་སིནྡྷུ་ར་ལྟར་དམར། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །གཉིས་མེད་བདེ་བའི་རང་བཞིན་ཅན། །གསལ་བའི་སྐུ་ནི་བསྒོམ་པར་བྱ། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པོའི་སྔགས་ནི་འདུ་བྱེད་པ། །སྦྲུལ་འཁྱིལ་ལྟ་བུར་དམིགས་ལ་བཟླས། །བསྙེན་པ་བྱ། དེ་མཐར་ལུས་དང་ངག་དང་ཡིད། །ཨོཾ་ཨཱཿཧཱུྃ་དུ་གྱུར་ལ་བསྡུ། །བདག་མེད་ངང་དུ་སྟོང་པར་བྱ། །གང་ཞིག་དེ་

p. 526

ཉིད་ཤེས་པས་ན། །དེང་འདིར་དངོས་གྲུབ་མཆོག་ཉིད་དུ། །ཐེ་ཚོམ་མེད་དེ་དེ་ཉིད་ནི། །མཁའ་འགྲོ་དྲ་བའི་བདེ་མཆོག་ཀྱང་། །སེམས་ལ་རྟག་གནས་རྣལ་འབྱོར་པ། །མྱ་ངན་འདའ་བར་མི་སྟོན་ནོ། །སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པའི་གསང་བའི་མན་ངག་འདི་སྙན་ནས་སྙན་དུ་བརྒྱུད་དེ་པཎྜི་ཏ་ཉིད་དང་། ལོ་ཙཱ་བ་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་པཱུ་ལ་ཧ་རིར་བསྒྱུར་བའོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ།

p. 527

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །

p. 528

ན་མོ་མ་ཧཱ་ཀཱ་ལ་ཡེ། ནག་པོ་ཆེན་པོ་ལྷ་བཅུ་གསུམ་གྱི་མངོན་རྟོགས་མདོར་བསྡུས་ནི། ཐོག་མར་བདེ་མགོན་གྱི་སྐུ་རྟེན་བཤམས་པའི་མདུན་དུ་སྨན་རཀ་གཏོར་གསུམ་དང་ཉེར་སྤྱོད་སྣ་བདུན་བཀོད། རྒྱུན་གཏོར་དམར་གཏོར་ཆེ་ལེགས་གཅིག་ལ་འཁོར་བཅུ་གསུམ་མམ་བཅུ་གཉིས་ཀྱིས་བསྐོར་བ་ཕུད་རྒོད་བཅས་བཤམས་ལ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་སྐད་ཅིག་གདོས་བཅས་ལུས་དོར་ནས། །རང་ཉིད་ཧེ་རུ་ཀ་དཔལ་བཅོམ་ལྡན་འཁོར་ལོ་སྡོམ། །རྒྱན་དང་ཆ་ལུགས་མ་འདྲེས་ཡོངས་རྫོགས་གསལ་བར་གྱུར། །མདུན་

p. 529

དུ་བྷྲཱུྃ་ལས་རྡོ་རྗེའི་བྲག་རི་ལྷུན་ཆགས་སྟེང་། །ཡྃ་ལས་རླུང་ནག་དྲག་པོ་དུས་ཀྱི་གཡོ་བྱེད་རབ་ཏུ་འཚུབ། །དེ་སྟེང་རྃ་ལས་བསྐལ་པའི་མེ་ཆེན་ཟུར་གསུམ་འབར། །དེ་སྟེང་ར་ལས་རཀྟའི་རྒྱ་མཚོ་དམར་ཞིང་འཁྱིལ། །མི་རོ་རྟ་རོ་ཤ་ཆེན་ལྷུ་དུམ་བྱ་གཅན་ལྡིང་། །སྟག་གཟིག་གཏུམ་པོ་སྟོབས་འགྲན་ངར་ཞིང་རབ་ཏུ་བརྒྱུགས། །དེ་ལྟར་ལྷ་སྲིན་ཀླུ་སོགས་སྡེ་བརྒྱད་སྐར་ལྟར་འཁྲུགས། །དུར་ཁྲོད་རབ་འཇིགས་མེ་རླུང་རབ་ཏུ་བསྐོར་བའི་དཀྱིལ། །པྃ་ལས་པད་ནག་སུརྱ་དབུགས་བྲལ་གདན་

p. 530

སྟེང་དུ། །ཧཱུྃ་ཡིག་མཐིང་ནག་འོད་འཕྲོས་སྟོང་གསུམ་མཐུ་སྟོབས་བསྡུས། །ཡོངས་གྱུར་མ་ཧཱ་ཀཱ་ལ་ནག་པོ་ཕྱག་བཞི་པ། །ཆར་སྤྲིན་གཏིབས་པ་ལྟར་མཚུངས་ཞལ་གཅིག་སྤྱན་གསུམ་བསྒྲད། །ཐོད་སྐམ་དབུ་རྒྱན་རལ་དམར་གྱེན་འབར་རྡོ་རྗེ་སྦྲུལ་དང་ཁྱུང་གིས་བརྒྱན། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཁྲོ་གཉེར་སྨིན་མ་གློག་ལྟར་རབ་ཏུ་འབར། །སྙན་ལུང་རིན་ཆེན་སྦྲུལ་དང་དར་དཔྱང་རྒྱན་ཆ་དུ་མས་རབ་ཏུ་བརྒྱན། །ཕྱག་གཡས་དང་པོས་གྲི་གུག་བེ་འབྲས་ཐུགས་ཀར་བསྣམས་ཤིང་འོག་མས་རལ་གྲི་མེ་འབར་ཕྱར། །གཡོན་གྱི་དང་པོས་ཐོད་ཁྲག་ཐུགས་ཀར་བསྣམས་ཤིང་འོག་མས་ཏྲི་ཤུ་དར་དཔྱངས་ཕྱར་སྟབས་འཛིན། །གླང་ཀོ་ཞིང་ཆེན་མགོ་བོའི་ཕྲེང་བ་སྟག་གི་པགས་པའི་ཤམ་ཐབས་ཁྲོ་བོའི་ཆ་ལུགས་མ་ལུས་རབ་ཏུ་རྫོགས། །ཞབས་གཉིས་བཙན་སྐྱིལ་དཔའ་བོའི་འདུག་

p. 531

སྟངས་རབ་བརྗིད་ཁམས་གསུམ་དབང་སྡུད་ཆེན་པོར་གསལ་བའོ། །དེའི་གཡས་སུ་ཧཱུྃ་ལས་ལས་མགོན་བྱ་རོག་གདོང་ཅན་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཞིང་ཀོ་སྟག་ཤམ་བརྒྱན། ཐོད་སྐམ་དབུ་རྒྱན་སྤྱན་གསུམ་ལྟ་སྟངས་རལ་དམར་གྱེན་བརྫེས་པད་ཉི་མི་རོ་མེ་དཔུང་དབུས་སུ་བཞེངས། འཁོར་ཚོགས་ནག་པོ་སྟོང་གི་དམག་དཔུང་རུ་དར་ཕྱར་ཞིང་འུ་རུ་རུ། གཡོན་དུ་བྷྱོཿལས་རྩ་འཇིབ་དམར་མོ་ཞལ་གཅིག་ཕྱག་བཞི་རལ་གྲི་ཏྲི་ཤུ་མདའ་གཞུ་མི་མགོ་འཛིན་པ་མ་མོ་བྱེ་བའི་དམག་ཚོགས་མང་པོ་རྔམས་སེ་རྔམ། མདུན་དུ་ཧཱུྃ་ལས་ཤ་ཟ་སེང་གདོང་རལ་གྲི་ཐོད་ཁྲག་གར་སྟབས་མཛད་ཅིང་ཤ་ཟ་འབུམ་གྱི་དམག་ཚོགས་མང་པོ་ཐིབས་སེ་ཐིབ། རྒྱབ་ཏུ་ཧཱུྃ་ལས་ལེགས་ལྡན་ཞལ་གཅིག་བེང་འཛིན་དར་བེར་མནབས་པ་མགོན་པོ་འབུམ་གྱི་དམག་ཚོགས་མང་པོ་ཀྱི་ལི་ལི།

p. 532

ཤར་དུ་མཁའ་འགྲོ་བྱ་རྒོད་གདོང་དང་བྱང་དུ་ཁྱུང་གི་གདོང་པ་ཅན། ནུབ་ཏུ་ཁྭ་ཏའི་གདོང་དང་ལྷོ་རུ་འུག་པའི་གདོང་པ་ཅན། ཤར་ལྷོར་ཕག་གི་གདོང་དང་ལྷོ་ནུབ་ཁྱི་ཡི་གདོང་པ་ཅན། ནུབ་བྱང་སྤྱང་ཀིའི་གདོང་དང་བྱང་ཤར་སྟག་གི་གདོང་པ་ཅན། ཐམས་ཅད་སྐྲ་གྲོལ་གྲི་ཐོད་འཛིན་ཅིང་པད་ཉི་རོ་སྟེང་གར་མཆོང་སྟབས་ཀྱིས་རྒྱུག་པའོ། །མགོན་པོའི་སྤྱི་བོར་ཧེ་རུ་ཀཿནི་སྐུ་མདོག་ཆ་ལུགས་མ་འདྲེས་ཡོངས་རྫོགས་གསལ་བར་གྱུར། གཙོ་འཁོར་རྣམས་ཀྱི་སྤྱི་བོར་ཨོཾ་ཡིག་དང་། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་མཐིང་ལས། །འོད་འཕྲོས་རང་བཞིན་གནས་ནས་སྐུ་བསྐྱོད་ལ། །བདག་གི་མདུན་དུ་བཛྲ་ས་མཱ་ཛཿ མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་ཛཿ རྔ་རོལ་ལྡིར་ཞིང་སྤོས་དུད་བཏང་ལ་དབྱངས་དང་བཅས། ཧཱུྃ། འོག་མིན་ཆོས་དབྱིངས་དཀྱིལ་འཁོར་ནས། །ཧེ་རུ་ཀ་སྤྲུལ་དྲག་པོའི་སྐུ། །བཟོད་དཀའི་གཟི་བྱིན་

p. 533

ཆེར་འབར་བ། །ལྷ་ཆེན་ཀུན་གྱི་དབང་ཕྱུག་པོ། །མ་ཧཱ་ཀཱ་ལ་ཕྱག་བཞི་པ། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས། །ནཱ་ལེནྡྲ་དང་བསིལ་བའི་ཚལ། །དུར་ཁྲོད་བརྒྱད་ཀྱི་གནས་མཆོག་ནས། །མགོན་པོ་ནག་པོ་སྤྱན་འདྲེན་གཤེགས། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཡེ་ཤེས་མགོན་པོ་གཤེགས་སུ་གསོལ། །བྱ་རོག་གདོང་ཅན་གཤེགས་སུ་གསོལ། །ཡུམ་ཆེན་རྩ་འཇིབ་གཤེགས་སུ་གསོལ། །ཤ་ཟ་སེང་གདོང་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །མཁའ་འགྲོ་བརྒྱད་པོ་གཤེགས་སུ་གསོལ། །ནག་པོ་སྟོང་ཚོགས་གཤེགས་སུ་གསོལ། །ཤ་ཟ་འབུམ་སྡེ་གཤེགས་སུ་གསོལ། །མ་མོ་བྱེ་བ་གཤེགས་སུ་གསོལ། །རོ་ལངས་བརྒྱད་པོ་གཤེགས་སུ་གསོལ། །གནོད་སྦྱིན་ཁྲི་ཡང་གཤེགས་སུ་གསོལ། །དཔལ་མགོན་དོན་གཉིས་གཤེགས་སུ་གསོལ། །

p. 534

བཀའ་སྡོད་བརྒྱད་པོ་གཤེགས་སུ་གསོལ། །གཤིན་རྗེ་བཅུ་ཡང་གཤེགས་སུ་གསོལ། །མགོ་བརྙན་བཅུ་དྲུག་གཤེགས་སུ་གསོལ། །གིང་ཆེན་བཅོ་བརྒྱད་གཤེགས་སུ་གསོལ། །ཕོ་བདུད་ཉེར་གཅིག་གཤེགས་སུ་གསོལ། །དབང་ཕྱུག་ཉེར་བརྒྱད་གཤེགས་སུ་གསོལ། །དྲེགས་པ་སུམ་ཅུ་གཤེགས་སུ་གསོལ། །སྤྲུལ་པ་ཡང་སྤྲུལ་གཤེགས་སུ་གསོལ། །ཕྱོགས་སྐྱོང་ཞིང་སྐྱོང་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གཤེགས་སུ་གསོལ། །དགྲ་ཡི་གཤེད་པོ་གཤེགས་སུ་གསོལ། །བགེགས་ཀྱི་གཉེན་པོ་གཤེགས་སུ་གསོལ། །འཁོར་དང་ཡང་སྤྲུལ་གཤེགས་སུ་གསོལ། །གློག་ལྟར་མྱུར་བས་གཤེགས་སུ་གསོལ། །ཐོག་ལྟར་དྲག་པོས་གཤེགས་སུ་གསོལ། །མ་ཐོགས་འབོད་པས་གཤེགས་སུ་གསོལ། །རྣལ་འབྱོར་བསྲུང་ཕྱིར་གཤེགས་སུ་གསོལ། །རྐྱེན་གེགས་སེལ་ཕྱིར་གཤེགས་སུ་

p. 535

གསོལ། །ཚུར་ཚུར་བྱོན་ལ་གཉིས་སུ་མེད། །གཉིས་མེད་དབྱིངས་སུ་རོ་གཅིག་པར། །ཐིམ་པ་ཆོས་སྐུའི་རང་བཞིན་གྱི། །ལྷ་ཚོགས་མ་ལུས་འཁོར་བཅས་རྣམས། །འདམ་སྐྱེས་གེ་སར་རབ་བྱེ་ཞིང་། །ཚ་ཟེར་མེ་བརྒྱ་རབ་སྤྲོ་བ། །འོད་དཀར་མུན་པ་རབ་བསལ་ཞིང་། །བདག་མེད་དབུགས་བྲལ་རྐང་གཉིས་ལྡན། །ཞིང་བཅུའི་རེག་བྱ་བཤུས་གདན་དང་། །རཏྣ་སུམ་བརྩེགས་དྲག་པོའི་མཁར། །རྐང་གཉིས་རྣམ་རྒྱལ་ཁང་བཟང་དབུས། །རང་མཐུན་དགྱེས་པའི་གདན་སྟེང་དུ། །བསྟན་པ་ཇི་སྲིད་གནས་ཀྱི་བར། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛནྟུ་ཧ་ན་ཧ་ན་ཧཱུྃ་ཕཊ། དབང་བསྐུར་བ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་རིགས་ལྔ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་ཆུ་ལྷག་རྣམས། །ཡར་འཁྱིལ་གཙོ་བོ་འཁོར་བཅས་ལ། །ཧེ་རུ་ཀ་དང་

p. 536

མི་བསྐྱོད་པས། །དབུ་ཡི་ཅོད་པན་མཆོག་ཏུ་མཛེས། །ཕྱག་བྱ་བ་ནི། ཧཱུྃ། མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེས་སྐུར་བསྟན་པ། །གདུལ་དཀའ་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོ་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །མཆོད་པ་འབུལ་བ་ནི། ཧཱུྃ། མགོན་པོ་འཁོར་དང་བཅས་པ་དང་། །ཞིང་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །སྲུང་མ་སྡེ་འཁོར་བཅས་པ་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །དངོས་པོའི་རྫས་དང་སྤྲུལ་པའི་མཐུས། །སྐྱོན་སྤངས་ལྕང་ལོར་བཅས་པའི་སྣོད། །རྡོ་རྗེ་གསུམ་པོས་སྦྱངས་སྤེལ་བ། །ཉམས་པའི་རཀྟའི་ཨརྒྷཾ་དང་། །མྱོས་བྱེད་དུག་གི་ཐོར་འཐུང་དང་། །འབྲུ་བཅུད་དྭངས་མའི་ཡོན་ཆབ་དང་། །དབང་ལྔའི་ཀུ་མུད་ཚོམ་བུ་དང་། །མཾ་ས་དྲི་ལྡན་ཞུགས་སྦར་དུད། །ཚིལ་ཆེན་དྭངས་ཞུན་འོད་འབུམ་མེ། །ཨ་མྲྀ་ལྔ་ཡི་དྲི་མཆོག་

p. 537

དང་། །ཤ་ཆེན་རོ་བརྒྱ་ལྡན་པའི་བཤོས། །ཡན་ལག་སྦུ་གུ་རླུང་གི་སྒྲ། །ཀ་པཱ་ལྟག་སྤྲོད་རྔ་སྒྲ་དང་། །སྐྱེ་བ་ལྔ་པ་སྙན་པའི་སྒྲ། །བསྟོད་ཚིག་གླུ་ཡིས་འབོད་པའི་དབྱངས། །རབ་འབྱམས་ཆོས་སྐུའི་ཀློང་གང་བ། །ཡིད་སྤྲུལ་ལོངས་སྤྱོད་རྒྱ་ཆེ་ཞིང་། །ཀཾ་ལས་ཐོད་སྒྱེད་སྟེང་དུ་ནི། །ཨ་ལས་སྐྱོན་སྤངས་དུམ་གཅིག་ནང་། །དབུས་སུ་ན་ལས་མི་ཡི་ཤ །ཤར་དུ་གོ་ལས་བ་གླང་ཤ །ལྷོ་རུ་ཀུ་ལས་ཁྱི་ཡི་ཤ །ནུབ་ཏུ་ད་ལས་རྟ་ཡི་ཤ །བྱང་དུ་ཧ་ལས་གླང་པོའི་ཤ །དབུས་སུ་ཤུ་ལས་བྱང་སེམས་དཀར། །བྱང་ཤར་བི་ལས་དྲི་ཆེན་སེར། །ཤར་ལྷོར་མུ་ལས་དྲི་ཆུ་སྔོ། །ལྷོ་ནུབ་མ་ལས་ཀླད་པ་དཀར། །ནུབ་བྱང་ར་ལས་རཀྟ་དམར། །སྔགས་དང་ཡི་གེས་རྒྱས་བཏབ་པའི། །སྟེང་དུ་ཟླ་བའི་ཁ་གེབ་སྟེང་། །ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས། །བདུད་རྩི་བཀུག་པས་དབྱེར་མེད་སྟིམ། །ཐུགས་ཀའི་ཧཱུྃ་

p. 538

ལས་འོད་འཕྲོས་པས། །རླུང་གཡོས་མེ་སྦར་ཐོད་པ་ཁོལ། །རྫས་རྣམས་འོད་ཞུ་རླངས་པ་ལས། །ཁ་ཊྭཱཾ་ག་འོག་དངུལ་ཆུའི་མདོག །ཡེ་ཤེས་བདུད་རྩིར་གཉིས་མེད་གྱུར། །ཟླ་བ་འབྲུ་གསུམ་ཁ་ཊྭཱཾ་ག །ཞུ་བས་མུ་ཁྱུད་བསྐྱིལ་བ་ལྟར། །དཀར་དམར་སྔོ་བའི་གཟི་ཆགས་པ། །ཁོར་ཡུག་དང་འདྲ་རྒྱ་ཆེ་བ། །དཔའ་བོ་དགྱེས་པའི་བདུད་རྩིས་གང་། །དཔའ་མོ་འདུ་བའི་རང་བཞིན་གྱུར། །ཐོད་པར་ར་ཞུ་ཉམས་པའི་ཁྲག །དུག་གསུམ་རིགས་དྲུག་བསྒྲལ་བའི་ཁྲག །སྦུ་ཕྲེང་རབ་གཡོ་འོད་འཕྲོ་བ། །རང་བཞིན་ལྷ་ཚོགས་དགྱེས་པའི་རྫས། །འབྲུ་བཅུད་ཕྱེ་མ་བརྡར་བ་ལས། །གྲུབ་པའི་གཏོར་མ་བ་ལྟིཾ། །བརྒྱན་པས་བརྗིད་ལྡན་དང་འདྲ་བ། །ཕུན་ཚོགས་འབྱུང་བའི་གཏོར་མ་འདི། །དཔལ་ཆེན་འཁོར་བཅས་སྐུ་གསུང་ཐུགས། །སྤྲུལ་པ་ཡང་སྤྲུལ་སྲུང་མའི་ཚོགས། །མ་ལུས་འཁོར་དང་

p. 539

བཅས་པ་ཡི། །རོ་འཛིན་བདེ་བ་དབང་པོའི་གཞུ། །སྦུ་གུའི་ལམ་ནས་ཟས་འཛིན་བརྟོལ། །སྐུ་གསུང་ཐུགས་ཀློང་དབྱིངས་སུ་བཞེས། །དབྱིངས་སུ་སྦོས་ཤིག་དགྱེས་མཛོད་ཅིག །འགལ་འཁྲུལ་ཉེས་པའི་སྐྱོན་རྣམས་ཀྱང་། །སོར་ཆུད་རབ་བྱང་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པཱདྱཾ་ཨཱཉྩ་མ་ནཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། སྔགས་འདི་རོལ་འོག་ནས་གདོན་པར་བྱ་སྟེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི། དེ་ནས་རྩ་གསུམ་དགྱེས་མཆོད་བྱིན་བརླབ་བྱ་བ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་མཚན་ཉིད་དང་ལྡན་པ། སྟོང་གསུམ་

p. 540

དང་མཉམ་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔའི་ཡི་གེ་རྣམས་ཀྱིས་མཚན་པ་ལས། རང་གི་ཐུགས་ཀའི་འོད་ཟེར་གྱིས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཞུ་བའི་རླངས་པ་ལས་གྲུབ་པའི་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། རྒྱལ་བ་མཆོད། སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་ངོ་བོར་བཀུག་ནས་གཉིས་སུ་མེད་པར་གྱུར། ཕེཾ་ཕེཾ་ཕེཾ། ཨོཾ་བཛྲ་ཨ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ན་མོ་རཏྣ་གུ་རུ་ཨི་དཾ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བཀའ་དྲིན་འཁོར་མཐའ་དང་བྲལ་བ་དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་

p. 541

ཧི། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ལྷ་ལྔ་ལྷ་དྲུག་ཅུ་རྩ་གཉིས་མ་ཡུམ་མཆོག་རྡོ་རྗེ་ཕག་མོ་འཁོར་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། གཉིས་མེད་དུས་ཀྱི་འཁོར་ལོ། སྙིང་པོ་ཀྱཻ་རྡོ་རྗེ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་མཉེས་ནས་བདག་ཅག་ལ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བཀའ་དྲིན་མ་ལུས་པ་ད་ལྟ་ཉིད་དུ་སྩལ་བར་མཛད་དུ་གསོལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨ་དཱ་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་དཱ་ཡ། ཨི་དཾ་བ་ལིཾ་གྷྲྀ་ཧ་ནནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། ཛི་གྷྲ་ཐ། པི་པ་

p. 542

ཐ། མ་ཏི་པྲ་མ་ཐ། མ་མ་སརྦ་ཀརྟ་ཡ་སཏྶུ་ཁཾ་བི་ཤུདྡྷེ་ས་ཧཱ་ཡི་ཀཾ་བྷ་ཝནྟུ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ། ཨོཾ་ཨཱཿཧཱུྃ། བླ་མར་བརྒྱུད་པ་འཁོར་དང་བཅས། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དཔའ་བོ་མཁའ་འགྲོ་འཁོར་དང་བཅས། །མཆོ༷ད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོ༷ངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོ༷ས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ༷་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་

p. 543

ནོར་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡི༷ད་ལ་འདོད་པ་ཀུན་འགྲུབ་མཛོད། །མགོན་པོ་གཙོ་འཁོར་རྣམས་ལ་གཏོར་འབུལ་བྱིན་རླབས་ཀྱི་རིམ་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང་། །རྃ་ལས་མེ་དང་ཀེཾ་ལས་ནི། །མི་མགོ་གསུམ་གྱི་སྒྱེད་པུའི་སྟེང་། །ཨ་ལས་ཡེ་ཤེས་ཀ་པཱ་ལ། །ཤ་ལྔ་བདུད་རྩི་ལྔ་པོ་དང་། །བདུད་དགྲའི་ཤ་རུས་སྤུངས་པ་ལས། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབ། །ཨོཾ་ཨཱཿཧཱུྃ། ལན་གསུམ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྗགས། །འོད་ཀྱི་སྦུ་གུས་བདུད་རྩི་རྣམས། །དྲངས་ཤིང་གསོལ་བས་མཉེས་པར་གྱུར། །ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་དེ་ཝི་རུ་

p. 544

པི་ནི་ཧུྃ་ཧཱུྃ་ཕཊ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧུྃ་ཧཱུྃ་ཕཊ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ནི། ཨེ་ཥ་ཨ་པཉྩི་མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎ་ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚན་ཁ་ཁ་ཁཱ་ཧི་ཁཱ་ཧི། སྨ་ར་སྨ་ར། གྷྲྀཧྞ་གྷྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༈ གཏོར་བསྔོ་བསྡུས་པ་ནི། ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པ་

p. 545

ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། །གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་། །དེ་ཁོ་ན་ཉིད་ཐུགས་དམ་གཅིག་སྡོམ་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །དགྱེས་པ་ཆེན་པོས་བཞེས་ལ་བྱིན་གྱིས་རློབས། །དབང་བཞི་རྫོགས་ནས་ཕྲིན་ལས་རྣམ་བཞི་འགྲུབ། །མཁའ་མཉམ་སེམས་ཅན་བདེ་ལ་འགོད་ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་སྩོལ། །སྟན་ཐོག་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །བསྟོད་པ་ནི། ཧཱུྃ། ཆོས་སྐུའི་དཀྱིལ་འཁོར་མི་འགྱུར་ཞི་བའི་ངང་། །ལོངས་སྐུ་ཧེ་རུ་ཀ་དཔལ་སྙིང་རྗེའི་ཀློང་། །སྤྲུལ་སྐུ་འགགས་མེད་ལོག་རྟོག་བསྒྲལ་བའི་སྐུར། །བཞེངས་པའི་ལྷ་ཆེན་དཔལ་མགོན་ནག་པོ་ཆེ། །སྐུ་མདོག་དུས་ཀྱི་ཆར་སྤྲིན་རབ་གནག་པ། །མཐོང་བྱེད་ཉི་ཟླ་སྡང་མིག་གློག་གིས་

p. 546

འཁྱུད། །རིགས་ལྔ་ཐོད་སྐམ་ལྔ་ཡིས་གཙུག་ན་བརྒྱན། །ངག་གི་སྒྲ་ལས་ཧཱུྃ་གི་འབྲུག་སྒྲ་ལྡིར། །དབུ་སྐྲ་བསྐལ་མེ་ལྟར་འབར་ལྟོ་འགྲོས་བརྒྱན། །སྙན་ལུང་ཡན་ལག་རྣམ་བཞི་རཏྣས་སྤྲས། །གཡས་པས་གྲི་གུག་བེ་འབྲས་ཐུགས་ཀར་འཛིན། །གཡས་འོག་བསམ་གཅོད་རལ་གྲི་མེ་འབར་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་བསྣམས། །གཡོན་འོག་ཏྲི་ཤུ་དར་དཔྱང་ཕྱར་སྟབས་འཛིན། །མཆེ་སྡེར་སྟོབས་ཆེན་རྣམས་ཀྱི་པགས་པས་བཀླུབས། །ཞབས་གཉིས་བཙན་སྐྱིལ་གདོང་ལྔ་ལྟ་བུར་འགྱིང་། །པད་ཉི་རོ་གདན་བསྲེག་འོད་འཁྱིལ་བའི་ཀློང་། །བཞུགས་མཛད་མཐུ་ཆེན་ཕྱག་བཞི་མགོན་པོ་བསྟོད། །སྐུ་ཡི་གཟི་བརྗིད་སྟོང་གསུམ་མ་ལུས་ཁྱབ། །གསུང་གི་ཧཱུྃ་སྒྲས་ལྷ་སྲིན་སྡེ་བརྒྱད་འདུལ། །ཐུགས་ཀྱི་སྤྲུལ་པས་འདས་དང་མ་འདས་ཁྱབ། །ཡོན་ཏན་ཀུན་རྫོགས་ཕྲིན་ལས་

p. 547

ནག་པོ་བསྟོད། །ཕྱི་ལྟར་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ། །ནང་ལྟར་བཅོམ་ལྡན་འཁོར་ལོ་བདེ་བ་མཆོག །གསང་བ་མགོན་པོ་ནག་པོ་ཆེན་པོ་ནི། །དབྱེར་མེད་ལྷུན་གྲུབ་ལྷ་ཆེན་ཁྱོད་ལ་བསྟོད། །སྐུ་ཡི་དགྱེས་ཡུམ་རྩ་འཇིབ་དམར་མོ་བསྟོད། །གཡས་ཀྱི་བཀའ་སྡོད་བྱ་རོག་གདོང་ཅན་བསྟོད། །མདུན་གྱི་བཀའ་སྡོད་ཤ་ཟ་སེང་གདོང་བསྟོད། །རྒྱབ་ཏུ་ཡབ་གཅིག་ལེགས་ལྡན་ནག་པོ་བསྟོད། །ཕྱོགས་མཚམས་ལས་བྱེད་མཁའ་འགྲོ་མ་ཚོགས་བརྒྱད། །གཅེར་བུ་སྐྲ་གྲོལ་གྲི་ཐོད་ཕྱག་ན་བསྣམས། །ཡང་འཁོར་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཚོགས་བསྟོད། །གཞན་ཡང་ཕྱག་བཞི་མགོན་པོའི་བཀའ་འཁོར་བ། །མ་ལུས་འཁོར་བཅས་རབ་ཏུ་བསྟོད་པའི་མཐུས། །སྒྲུབ་བསྟན་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ། །དམ་པ་ཆོས་ཀྱི་ཟབ་བཅུད་མི་ནུབ་

p. 548

སྲུངས། །དཔལ་ལྡན་འབའ་རོམ་ངེས་དོན་བཤད་སྒྲུབ་སྒོར། །ཐོས་བསམ་སྒོམ་སྒྲུབ་སུ་ཡིས་བྱེད་པ་ལ། །བུ་བཞིན་སྐྱོངས་ལ་ལོག་ཆོས་མི་འཕྲད་ཅིང་། །ཉམས་རྟོགས་གོང་འཕེལ་ཚེ་བསོད་འབྱོར་རྒྱས་སྤེལ། །ཁ་འཛིན་སྡོང་གྲོགས་སྲུང་སྐྱོབ་མ་གཡེལ་ཅིག །ཉམས་པ་གདོན་བགེགས་གཟུགས་ཅན་གཟུགས་མེད་རྣམས། །ཞི་དང་དྲག་པོས་གང་ལ་གང་འདུལ་གྱིས། །ཚར་གཅོད་རྗེས་འཛིན་བྱང་ཆུབ་ས་རུ་སྐྱོལ། །སྔོན་ཚེ་ཧེ་རུ་ཀ་དང་དཔལ་ཆེན་དང་། །ཤཱཀ་ཐུབ་པདྨ་འབྱུང་གནས་བཀའ་བསྒོས་བཞིན། །རང་གི་ཞལ་བཞེས་དེ་ལྟར་དྲན་གྱིས་ལ། །ཇི་ལྟར་བསྒོས་པ་བཞིན་དུ་བསྒྲུབ་མཛོད་ཅིག །བསྙེན་དམིགས་ནི། མགོན་པོའི་ཐུགས་ཀར་པད་ཉིའི་སྟེང་། །ཧཱུྃ་མཐིང་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་འགྲོ་བའི་སྒྲིབ་པ་སྦྱངས། །རྒྱལ་མཆོད་བྱིན་རླབས་དངོས་གྲུབ་བསྡུས། །སླར་

p. 549

ཡང་འོད་ཟེར་རབ་འཕྲོས་པས། །དམ་ཉམས་དགྲ་བགེགས་ཚར་བཅད་དེ། །སྲིད་གསུམ་ཀུན་ཀྱང་དབང་བསྡུས་ནས། །ལས་བཞིའི་ཕྲིན་ལས་ལྷུན་གྲུབ་གྱུར། །ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ནི། ཨེ་ཥ་ཨ་པཉྩི་མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎ་ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚན་ཁ་ཁ་ཁཱ་ཧི་ཁཱ་ཧི། སྨ་ར་སྨ་ར། གྷྲྀཧྞ་གྷྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། གསང་བའི་གསོལ་འདེབས་ནི། དཔལ་རྡོ་རྗེ་མགོན་པོ་འཇིགས་བྱེད་ཆེན་པོ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་དུ་གཅིག་ཅིང་། ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པའི་དཔའ་བོ། སྣང་སྲིད་ལྷ་

p. 550

འདྲེ་ཀུན་གྱི་ཡང་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་དེད་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་བ། དམ་ཅན་སྒྲུབ་པ་པོའི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་སྲུང་བའི་ལས་ལ་རྩལ་འབྱིན་པ། མཐུ་དང་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་རྩལ་དྲག་བདག་ལ་དགོངས་སུ་གསོལ། རྡོ་རྗེ་འཛིན་པ་བདག་སྒྲུབ་པ་པོའི་རྟེན་འདི་ལ་བརྟན་པར་བཞུགས་ལ། རྣལ་འབྱོར་པ་བདག་བླ་ན་མེད་པའི་བྱང་ཆུབ་བདེ་བ་ཆེན་པོའི་ཞིང་ཁམས་བགྲོད་པའི་ལམ་གྱི་བར་ཆད་བདུད་བཞིའི་འཇིགས་པ་ལས་སྒྲོལ་བའི་ལམ་གྱི་སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་ལམ་ལ་འཁྲིད་པའི་ཏིང་ངེ་འཛིན་གྱི་

p. 551

བསུ་མ་དང་འཕྲད་པར་མཛོད་ཅིག །དེ་ལྟར་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་མི་འཇུག་ཅིང་། ཐར་པ་དང་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་། བཀྲ་ཤིས་དང་བདེ་ལེགས་ཀྱི་གནས་ནས་ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་ཐོབ་ནས་འགྲོ་བ་ཡོངས་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི་བྱ་བ་ལ་གསོལ་བ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་མཛད་དུ་གསོལ། དཔལ་རྒྭ་ལོས་བསིལ་བའི་ཚལ་དུ་རྡོ་རྗེ་མགོན་པོ་ཞལ་གཟིགས་པའི་དུས་སུ་མཛད་པའོ།། །།

དཔལ་ལྡན་ལྷ་མོ་དུད་སོལ་མའི་གསོལ་བསྡུས་ལས་བཞི་ལྷུན་གྲུབ། ཀརྨ་པ་བདུད་འདུལ་རྡོ་རྗེ།

p. 552
p. 553

དཔལ་ལྡན་ལྷ་མོ་དུད་སོལ་མའི་གསོལ་བསྡུས་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །༈ ཐོག་མར་ལྷ་བསྐྱེད་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨཾ་ཡིག་ཡོངས་གྱུར་ལས། །དཔལ་ལྡན་ལྷ་མོ་སྐུ་མདོག་ནག་མོ་ནི། །ཆར་སྤྲིན་ལྟར་གནག་ཤིན་ཏུ་སྒེག་མའི་གཟུགས། །ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་། །དབུ་སྐྲ་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ། །སྐྲ་གསེབ་སྦྲུལ་དང་ཐོད་སྐམ་ལྔ་ཡིས་བརྒྱན། །སྙན་རྒྱན་སྦྲུལ་དང་སེང་གེའི་རལ་པ་

p. 554

དམར། །དྲིལ་ཆུང་མེ་ཏོག་དར་ནག་ཅོད་པན་འཕུར། །ཕྱག་བཞི་གཡས་ཀྱི་དང་པོས་རལ་གྲི་དང་། །འོག་མས་བྷནྡྷ་རཀྟ་དམར་བསྐྱིལ་འཛིན། །གཡོན་གྱི་དང་པོས་ཤག་ཏི་མཚོན་ཆ་འཛིན། །འོག་མས་ཏྲི་ཤུའི་མགུལ་ནས་དར་དཔྱངས་འཕྱང་། །ལྷ་མ་ཡིན་སོགས་ཐོད་པས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་བས་སྟོད་གཡོགས་ཤིང་། །རེ་ལྡེ་སེར་པོའི་ཤམ་བུས་སྨད་དཀྲིས་པ། །སྐུ་ལ་ཁྲག་ཞག་ཐིག་ལེའི་ཚོམ་བུར་བཀྲ། །ཀླུ་རིགས་ལྔ་ཡི་དབང་པོས་སྐ་རགས་བྱས། །ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །བོང་བུ་དམར་གྭའི་སྟེང་ན་བཙན་སྐྱིལ་བཞུགས། །དུར་ཁྲོད་བརྒྱད་དབུས་འབྲུག་ལྟར་སྒྲ་སྒྲོག་ཅིང་། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་བསྡུད། །ནག་མོ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བའོ། །དེ་ལྟར་གསལ་བའི་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་དཔལ་ལྡན་

p. 555

ལྷ་མོ་དུད་སོལ་མ། །འཁོར་དང་བཅས་པ་ཐམས་ཅད་སྐད་ཅིག་གིས། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿཛཿ སྤྱན་འདྲེན་པ་ནི། བྷྱོཿ བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུ་ཤིང་ལ་གནས་བཅས་ཤིང་། །རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་འཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམ། །ཟ་བྱེད་ཆེན་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་

p. 556

མོ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་སྲིན་མོའི་ཚུལ། །འཇིགས་བྱེད་ཆེན་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །ད་ལྟ་ཉིད་དུ་བྱོན་ནས་ཀྱང་། །གཉིས་མེད་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ས་མ་ཡ་སྟྭཾ་ས་མ་ཡ་ཧོ། ཨོཾ་ཧ་ན་ཧ་ན་ས་མ་ཡ་ཨ་ཏི་ཀྲ་མ་ནན་ཧཱུྃ་ཕཊ། གཏོར་མ་འབུལ་བ་ནི། ཨོཾ་བཻ་ཏ་ལི་བཻ་ཏ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་གྭ་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨི་དཾ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །

p. 557

དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་མཛོད། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཁྱོད་ཀྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་མར་པའི་སྙན་བརྒྱུད་ཤོག་དྲིལ་ལོ། །བཟླས་པ་བྱ་བར་སྤྲོ་ན། བསྙེན་དམིགས་ནི། ལྷ་མོའི་ཐུགས་ཀར་ཉི་མའི་སྟེང་། །བྷྱོ་ཡིག་མཐིང་ནག་མཐའ་བསྐོར་དུ། །སྔགས་

p. 558

ཕྲེང་གཡོན་དུ་འཁོར་བ་ལས། །འོད་འཕྲོས་བསྟན་དགྲ་ཚར་བཅད་ནས། །ཚུར་འདུས་གཟི་བྱིན་འབར་བར་གྱུར། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ཅི་འགྲུབ་མཐར། ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ལན་གསུམ་སྦྲེལ་ནས་བཟླའོ། །མངའ་གསོལ་ནི། ཧཱུྃ་བྷྱོཿ ཡིད་བཞིན་འདོད་རྒུ་ཀུན་སྩོལ་རྫོགས་སངས་རྒྱས། །ཕྱོགས་བཅུ་དུས་གསུམ་ཞིང་ཀུན་ན་བཞུགས་པ། །ཀུན་གྱིས་མཁྱེན་བརྩེ་ནུས་མཐུའི་དཔུང་བསྐྱེད་དེ། །དཔལ་ལྡན་ལྷ་མོའི་མཐུ་སྟོབས་བསྐྱེད་དུ་གསོལ། །སྤྱི་བོར་ཨོཾ་ལས་སྐུ་ཡི་རྡོ་རྗེ་དཀར། །མགྲིན་པར་ཨཱཿལས་གསུང་གི་རྡོ་རྗེ་དམར། །ཐུགས་ཀར་ཧཱུྃ་ལས་ཐུགས་ཀྱི་རྡོ་རྗེ་མཐིང་། །ལྟེ་བར་ཧོ་ལས་ཡོན་ཏན་རྡོ་རྗེ་སེར། །གསང་བར་ཀྵ་ལས་ཕྲིན་ལས་རྡོ་རྗེ་ལྗང་། །འབྱུང་ལྔ་རྣམ་དག་སྤྱན་སོགས་ལྷ་མོ་ལྔ། །སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མའི་ཚོགས། །ལས་

p. 559

དབང་ཡུམ་བཅས་ཁྲོ་བོ་ཁྲོ་མོའི་སྤྲིན། །རྩ་བརྒྱུད་བླ་མ་ཀུན་འདུས་རིགས་ཀྱི་བདག །འོད་ཟེར་སྤྲིན་གྱིས་ཆོས་ཀྱི་དབྱིངས་ཀུན་འགེངས། །ཞི་རྒྱས་དབང་དྲག་སྣ་ཚོགས་ལས་སྒྲུབ་པ། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ལྷ་མོའི་ཚོགས། །བསམ་གྱིས་མི་ཁྱབ་ས་གསུམ་སྤྲིན་ལྟར་གཡོ། །ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་ཐམས་ཅད་ཀྱིས། །སྤྱི་བོས་བཏུད་དེ་མདུན་ནས་བཀའ་སྡོད་བྱེད། །ཚངས་དང་བརྒྱ་བྱིན་བདུད་དང་རྒྱལ་ཆེན་བཞི། །ཀླུ་རྒྱལ་ཐམས་ཅད་འཁོར་གྱི་ཡང་བྲན་དང་། །ཉིང་བྲན་སུམ་བྲན་ཕོ་ཉར་བསྐུལ་བྱེད་ན། །ལྷ་སྲིན་སྡེ་བརྒྱད་གཞན་རྣམས་ལྟ་ཅི་སྨོས། །གསུང་གི་ང་རོས་ཚངས་དབྱངས་ཟིལ་གྱིས་གནོན། །སངས་རྒྱས་ཀུན་གྱི་ཕྲིན་ལས་བསྐུལ་མཛད་མ། །ཁྱོད་ཀྱི་ཡོན་ཏན་རྒྱལ་བ་ཀུན་གྱིས་ཀྱང་། །དཔག་པར་མི་ནུས་མགྲིན་གཅིག་བསྔགས་པ་བརྗོད། །ཕྱོགས་བཅུའི་

p. 560

སངས་རྒྱས་ཀུན་གྱིས་དབང་བསྐུར་བ། །འོད་ཟེར་མཆོག་གིས་ཀུན་ནས་དབང་བསྐུར་ཏེ། །རིགས་རྣམས་ཀུན་གྱི་བདག་མོར་མངའ་གསོལ་ལོ། །འཇིག་རྟེན་འཇིག་རྟེན་འདས་པའི་སྣང་སྲིད་འདིར། །མཐུ་ལྡན་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པས། །ཁྱོད་ཀྱི་བ་སྤུའི་ཆར་ཡང་མི་དོ་བའི། །གཟི་བྱིན་མཐུ་སྟོབས་ལྡན་པར་བྱིན་བརླབས་ཏེ། །རྒྱལ་བ་ཀུན་གྱིས་མངའ་གསོལ་དེ་བཞིན་དུ། །དམ་ཚིག་ལྡན་པའི་རྣལ་འབྱོར་བདག་གིས་ཀྱང་། །བཀའ་སྲུང་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཕོ་རྒྱུད་མོ་རྒྱུད་གཙོ་མོར༴ རིགས་རྣམས་ཀུན་གྱི་བདག་མོར༴ དཀྱིལ་འཁོར་ཀུན་གྱི་སྲུང་མར༴ རྒྱལ་བ་ཀུན་གྱི་ཡུམ་དུ༴ བདུད་སྡེའི་ཚོགས་ཀྱི་གཤེད་མར༴ རྣལ་འབྱོར་བདག་གི་དགྲ་ལྷར༴ དགྲ་བགེགས་རྩད་ནས་གཅོད་པར༴ སྣང་སྲིད་ལྷ་འདྲེའི་རྒྱལ་མོར༴ བསྟན་སྲུང་ཀུན་གྱི་བདག་མོར༴ མ་སྲིང་

p. 561

གྲོགས་ཀྱི་མཆོག་ཏུ༴ མཐུ་སྟོབས་ཕ་མཐའ་ཡས་པར༴ གཟི་བྱིན་མཚུངས་པ་མེད་པར༴ བཅོལ་བའི་ཕྲིན་ལས་མཛད་ཕྱིར༴ བཀྲ་ཤིས་བདེ་ལེགས་སྩོལ་བར༴ ཁྱོད་ཀྱི་མཐུ་སྟོབས་མཐའ་ཡས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ནི། །ཁྱོད་ཉིད་ཁོ་ནར་ལྟོས་པ་སྟེ། །གནས་སྐབས་མཐར་ཐུག་འགལ་རྐྱེན་ཀུན། །སོལ་ལ་རྣམ་པར་དཀར་བ་ཡི། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །དཔལ་ལྡན་ལྷ་མོའི་མངའ་གསོལ་རིག་པ་འཛིན་པ་བདུད་ལས་རྒྱལ་བའི་རྡོ་རྗེས་སྦྱར་བའོ། །འདོད་དོན་གསོལ་བ་ནི། གསོལ་ལོ་མཆོད་དོ། །སྲིད་གསུམ་དབང་སྒྱུར་ཆེན་མོ་དཔལ་ལྡན་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེ་ཡང་སྤྲུལ་བྱེ་བའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ༴ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་

p. 562

འདུན་གྱི་སྡེ་སྐྱོངས། བླ་མ་དམ་པའི་སྐུ་ཚེ་སྲིངས། སེམས་ཅན་གྱི་བདེ་སྐྱིད་སྤེལ། དམ་ཉམས་དགྲ་བོའི་སྙིང་ཁྲག་བཞེས། ཆོས་འཁོར་ཡོངས་ཀྱི་སྲུང་མ་གཉན་པོ་མཛོད་ལ་རྣལ་འབྱོར་པ་བདག་གིས་ཅི་བཅོལ་བའི་ལས་བཞིའི་ཕྲིན་ལས་གཡེལ་བ་མེད་པར་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་དུ་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །༈ མ་མོ་སྔགས་ཀྱི་སྲུང་མའི་གཏོར་བསྔོ་ནི། བྷྱོཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །མ་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཊི་མ། །འཁོར་དུ་ཡེ་ཤེས་མ་མོ་འབུམ་གྱིས་བསྐོར། །ལས་སུ་སངས་རྒྱས་བསྟན་པ་རིན་ཆེན་སྲུང་། །ཟས་སུ་དམ་ཉམས་དགྲ་བོའི་ཤ་ཁྲག་ཟ། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་འདི་

p. 563

བཞེས་ལ། །སངས་རྒྱས་བསྟན་པ་སྲུང་བའི་དུས་ལ་བབས། །དཀོན་མཆོག་དབུ་འཕང་བསྟོད་པའི༴ བླ་མའི་སྐུ་ཚེ་བསྲིང་བའི༴ རྣལ་འབྱོར་བར་ཆད་བསལ་བའི༴ ཆོས་སྐྱོང་ཕྲིན་ལས་སྒྲུབ་པའི༴ དེ་བས་མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དྲུང་རྨ་སེ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའོ། །༈ འཁྲུགས་བསྐང་ནི། བྷྱོཿ དུས་ངན་སྙིགས་མའི་མཐར་ཐུག་ལ། །བནྡེ་བླ་མའི་དམ་ཚིག་ཉམས། །སྐྱེ་བོ་ཁྲེལ་དང་ངོ་ཚ་བོར། །དེ་ཚེ་མ་མོ་ཐུགས་ཁྲོས་ནས། །ནད་མུག་མཚོན་འཁྲུགས་སྤྲིན་ལྟར་གཡོ། །དེ་དག་ཁྱོད་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་དམ་རྫས་གཏོར་བདུད་རྩི། །བརྟེན་བསྐང་སྒྲུབ་པ་གསུམ་གྱི་རྫས། །མ་མོ་འཁྲུགས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་མཐུས། །བདག་སོགས་མཁའ་མཉམ་འགྲོ་ཚོགས་ཀྱི། །ནད་

p. 564

གདོན་བར་ཆད་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ཀུན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདག་གཞན་མི་ཤེས་ལེ་ལོ་ཡིས། །ས་ལམ་བགྲོད་ལ་འགལ་བ་རྣམས། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །ཅེས་ཀརྨ་པ་བདུད་འདུལ་རྡོ་རྗེས་མཛད་པའོ།། །།

བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གཏོར་འབུལ་དངོས་གྲུབ་ཀུན་འབྱུང་། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 565

བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གཏོར་འབུལ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། ༈ ཐོག་མར་ལྷ་བསྐྱེད་ཅིང་སྤྱན་འདྲེན་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧྃ། སྟོང་ལས་རང་ཉིད་ཡི་དམ་ཐུགས་ཀ་ནས། །འོད་འཕྲོས་མདུན་དུ་བེེ་ཡིག་གསལ་བ་ལས། །འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་འཕྲོས། །ལྷ་མིའི་ལོངས་སྤྱོད་ཚུར་བསྡུས་བཻ་ལ་ཐིམ། །དེ་ཉིད་ཡོངས་གྱུར་པདྨ་ཉི་མའི་སྟེང་། །བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་གསེར་ལྟར་སེར་

p. 566

ཞིང་སྐུ་ཤ་རྒྱས། །ཞལ་གཅིག་ཞི་མ་ཁྲོ་ཡི་ཉམས་འགྱུར་ཅན། །ཕྱག་གཡས་ཟ་འོག་རྒྱལ་མཚན་ནོར་བུའི་ཏོག །གཡོན་པས་ནེའུ་ལེ་རིན་ཆེན་ནོར་རྐྱལ་འཛིན། །འཇིགས་བྲལ་སེང་གེའི་སྟེང་དུ་ལྷུན་ཆགས་བརྗིད། །སྙན་ཆ་མགུལ་རྒྱན་གདུབ་བུ་དོ་ཤལ་སོགས། །རིན་ཆེན་རྒྱན་གྱིས་ཀུན་ནས་མཛེས་པར་སྤྲས། །ནམ་མཁའི་མཛོད་མངའ་རིན་ཆེན་ཆར་བཞིན་འབེབས། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །སྒྲུབ་པ་པོ་ལ་དགྱེས་པའི་འཛུམ་ཞལ་སྟོན། །དགོས་འདོད་རེ་བ་ཡིད་བཞིན་སྐོང་བའི་ཕྱིར། །ཐུགས་ཀར་མེ་ལོང་གཟུགས་བརྙན་ཤར་བ་བཞིན། །པད་ཉིའི་སྟེང་དུ་ས་བོན་བཻ་སེར་པོའི། །འོད་ཟེར་བྱང་ཕྱོགས་ལྕང་ལོ་ཅན་དུ་འཕྲོས། །རིན་ཆེན་སྣ་ལྔའི་ཕོ་བྲང་གཞལ་མེད་ཁང་། །སྦྱིན་པའི་ཕར་ཕྱིན་སྟོབས་ལས་དབང་གི་རྒྱལ། །ས་བརྒྱད་ནོན་པའི་སེམས་དཔའ་

p. 567

རྣམ་ཐོས་སྲས། །གནོད་སྦྱིན་བྱེ་བ་འབུམ་གྱི་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་བ་ཎཱ་ཡ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ། ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་བ་ཎཱ་ཡ་ཨ་ཀརྵ་ཡ་ཛཿ གཉིས་པ་གཙོ་འཁོར་རྣམས་ལ་ཉེར་སྤྱོད་དང་མཆོད་གཏོར་འབུལ་བ་ནི། ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྱེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དམ་རྫས་ཕུད་སྐྱེམས་མཆོད་གཏོར་འདི་ཉིད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། གང་བ་བཟང་པོ། ལྷ་མོ་ནོར་རྒྱུན་མ། སྲས་ཛཾ་བྷ་ལ་མཆེད་བརྒྱད། གཏེར་བདག་གནོད་སྦྱིན་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་ས་པཱ་རི་ཝཱ་ར་ཨི་དཾ་བ་

p. 568

ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ༈ གསུམ་པ་བསྟོད་གསོལ་དབང་བསྡུད་ནི། ཧཱུྃ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ཏུ། །རིན་ཆེན་འབར་བའི་ཕོ་བྲང་དབུས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྟོང་གསུམ་རིན་ཆེན་གཏེར་གྱི་བདག །གླིང་བཞི་བྱང་ཕྱོགས་སྐྱོང་ཙ་ན། །ཕྲིན་ལས་བཞི་ལ་མངའ་བརྙེས་པ། །ཨིནྡྲ་ནི་ལའི་མདངས་དང་ལྡན། །ས་བརྒྱད་སེམས་དཔར་བཞུགས་པ་པོ། །གནོད་སྦྱིན་ཕོ་མོ་མང་པོ་དང་། །ཀླུ་ཡི་དེད་དཔོན་མཛད་ཙ་ན། །རིན་ཆེན་གསེར་གྱི་ཁ་དོག་ཅན། །ཌཱ་ཀི་མ་དང་ཀླུ་མོ་དང་། །བདུད་མོའི་དེད་དཔོན་མཛད་ཙ་ན། །བཻ་ཌཱུར་སྔོན་པོའི་སྐུ་མདོག་ཅན། །སྣང་སྲིད་དབང་དུ་སྡུད་པ་དང་། །འགྲོ་བའི་རྣམ་ཤེས་བཀུག་པའི་ཚེ། །པདྨ་རཱ་གའི་མདོག་འདྲ་ཞིང་། །མིའུ་ཐུང་གི་ཆ་ལུགས་ལ། །ལེབ་རྒན་དར་གྱི་ཅོད་པན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་

p. 569

གསོལ། །དབུ་ལ་རིན་ཆེན་པྲོག་ཞུ་མཛེས། །ཕྱག་གཡས་མདུང་དར་རྒྱལ་མཚན་བསྣམས། །ཁམས་གསུམ་ཟིལ་གྱིས་གནོན་པར་མཛད། །ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་བསྣམས། །འགྲོ་བའི་རྣམ་ཤེས་དབང་དུ་བསྡུས། །སྐུ་ལས་འོད་ཟེར་དམར་པོ་འཕྲོས། །སྲིད་པ་གསུམ་ཡང་དབང་དུ་བསྡུས། །འགྲོ་བ་མི་ཡི་རྣམ་ཤེས་འགུགས། །སྦྱིན་བདག་ཕོ་མོའི་སྙིང་ལག་སྒུལ། །གཡང་ཅན་ནོར་དང་བརྗིད་ཅན་གོས། །བཅུད་ཅན་ཟས་ལ་སོགས་པ་ཡི། །བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི། །དངོས་གྲུབ་མ་ལུས་ཐམས་ཅད་སྩོལ། །ནོར་བདག་རྒྱལ་པོ་ཆེན་པོ་ཡི། །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །ཁྱོད་ཀྱི་སྤྲུལ་པའི་རྒྱལ་ཕྲན་ནི། །འགྲོ་བ་མི་ཡི་སྙིང་ལ་ཞུགས། །རྣམ་ཤེས་བསྒྱུར་ལ་དབང་དུ་སྡུས། །འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས། །མ་ལུས་ཐམས་ཅད་དབང་དུ་

p. 570

སྡུས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །༈ སླར་ཡང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཁྱད་པར་འགྲོ་མགོན་བླ་མ་ཡི། །བཀའ་བཞིན་ཕྲིན་ལས་སྒྲུབ་པའི་ལྷ། །བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས། །བརྒྱུད་འཛིན་སྐྱེས་བུ་འདུས་སྡེ་ཡི། །བསྟན་སྲུང་ཆེན་པོ་ཁྱོད་ཡིན་པས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེངས། །བསྟན་རྩ་བཤད་སྒྲུབ་འདུས་སྡེ་སྤེལ། །བསྟན་ལ་གནོད་བྱེད་རྐྱེན་རྣམས་བཟློག །མཐུ་རྩལ་རྫུ་འཕྲུལ་མ་ཆུང་བར། །མངོན་སྤྱོད་ཕྲིན་ལས་མ་གཡེལ་ཅིག །རྟག་ཏུ་བརྩེ་གདུང་ཆེ་བ་ཡིས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདེ་བའི་འབྱུང་གནས་དམ་པའི་ཆོས། །བདེ་སྐྱིད་དགེ་མཚན་དཔལ་གྱི་འབྱོར། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །ཅེས་པའང་འགྲོ་བའི་མགོན་པོ་ཆོས་རྗེ་རྒྱལ་བ་འབའ་རོམ་པ་ཡབ་སྲས་ཀྱི་བཀའ་བཞིན་དུ་ཕྲིན་ལས་བསྒྲུབས་པའི་ཆོས་སྲུང་མ་མགོན་རྣམ་

p. 571

གསུམ་ཡིན་པ་དང་། ཁྱད་པར་རྒྱལ་བ་འབའ་རོམ་པའི་གདན་ས་བསམ་གཏན་གངས་བཟང་ནི་གནོད་སྦྱིན་རྣམས་ཀྱི་རྟེན་མཁར་ནོར་ལྷའི་གནས་མཆོག་གལ་ཆེན་ཡིན་པའི་དབང་གིས་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཡོངས་ཀྱིས་བསྟེན་འོས་པའི་བསྟན་སྲུང་ཆེན་པོའི་གཏོར་འབུལ་འདི་ཉིད། རིག་འཛིན་གོང་མ་རྣམས་ཀྱི་གསུང་ཁྱད་པར་ཅན་རྣམས་ལས་སྟབས་བདེའི་ཆེད་བསྡུས་དོན་དུ་རྒྱལ་བ་འབའ་རོམ་པའི་བརྒྱུད་པའི་རྗེས་སུ་ཞུགས་པ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དགོས་པ་དང་རྒྱུ་མཚན་བསྐུལ་མ་སོགས་གང་ལ་ཡང་བརྟག་གཞིག་བྱས་ཏེ་སྦྱར་བ་འདིས་ཀྱང་སྒྲུབ་བརྒྱུད་ཀྱི་བསྟན་པ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག།། ༈ བསྟན་སྐྱོང་གངས་བཟང་འཁོར་བཅས་ཀྱི་གཏོར་བསྔོ་ནི། ཧཱུྃ། ཀ་དག་དབྱིངས་ལས་རིག་པའི་རྩལ། །འགྱུར་མེད་བདེ་ཆེན་སྒྱུ་མའི་འཕྲུལ། །བསིལ་ལྡན་ལྷུན་པོའི་ཕོ་བྲང་དུ། །བཞུགས་པའི་ལྷ་གཉན་གངས་བཟང་ནི། །དཀར་གསལ་མཛེས་འཛུམ་དར་གོས་གསོལ། །རིན་ཆེན་དབུ་རྒྱན་དར་ཐོད་མཛེས། །འཁོར་

p. 572

གསུམ་དཔའ་ཆས་སྐུ་ལ་རྫོགས། །མ་རུངས་བདུད་ཀྱི་རུ་མཚོན་བསྙིལ། །ཕྱག་གཡས་མདུང་དར་ནམ་མཁར་ཕྱར། །དཀར་པོའི་ཕྱོགས་ཀྱི་བསྟན་པ་སྤེལ། །གཡོན་པས་འདོད་འབྱུང་ནོར་གཞོང་འཛིན། །སྒྲུབ་མཆོག་རྣམས་ལ་དངོས་གྲུབ་སྟེར། །ཆིབས་སུ་ངང་དཀར་རྒྱན་ལྡན་ཆིབས། །ལྷ་ཀླུ་གནོད་སྦྱིན་སྡེ་བརྒྱད་འབུམ། །བསྟན་སྐྱོང་གཉན་གྱི་སྡེ་ཚོགས་དང་། །གནས་དང་དཀོར་གྱི་སྲུང་མ་མཆོག །རབ་འཇིགས་ཁྲོ་གཏུམ་མཆེ་སྡེར་རྔམ། །བསྟན་དགྲའི་གཤེད་མ་མཐུ་རྩལ་ཅན། །ཁྱི་ནག་འཁོར་དང་བཅས་པ་རྣམས། །དམ་རྫས་གཏོར་མ་འདི་བཞེས་ལ། །སྔོན་ཚེ་རིག་འཛིན་བླ་མ་ཡིས། །བཀའ་བསྒོས་དམ་བཞག་ཇི་བཞིན་དུ། །བཅོལ་བའི་ལས་རྣམས་མ་གཡེལ་སྒྲུབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཅེས་པ་འདི་འབའ་རོམ་པ་ཆེན་པོའི་གདན་ས་ཉམས་གསོ་སྐབས་རྨི་ལམ་གྱི་འཆར་སྣང་ལྟར་

p. 573

སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བྲིས་པ་འདིས་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ། ༈ གྲོགས་སྡུད་ནི། སྐྱེས་བུ་དམ་ཅན་དབུལ་སེལ་བ། །ཀོང་བཙུན་རྣམ་སྲས་གནོད་སྦྱིན་སྡེ། །གསང་བདག་བཀའ་དྲིན་ཡོན་བདག་འབངས། །རྒྱལ་བློན་སྙིང་ལག་ཁྱོད་ཀྱིས་སྒུལ། །ཟས་ནོར་རིན་ཆེན་དབང་སྡུད་ཅིག །མཐུ་དང་རྫུ་འཕྲུལ་ཅི་འདུག་བལྟ། །མ་ཐོགས་དམ་ལ་མ་འདའ་སྒྲུབས། །རྒྱལ་བསྟན་ཉིན་བྱེད་ལྟར་འཚེར་བར། །ལོག་ཆོས་མུན་པའི་རྩ་ལག་སྐུམས། །ཟབ་ཆོས་ཟླ་འོད་བདུད་རྩི་ཡིས། །སྐལ་ལྡན་ཀུ་མུད་ཚལ་དུ་ནོད། །མི་ནུབ་དབྱིངས་ཀྱི་རྒྱལ་མཚན་དེ། །བསྟན་པ་ས་གཞིའི་རྒྱན་དུ་མཛེས། །བསྟན་པར་སྙན་སྨྲའི་དབང་པོ་བསྐུལ། །བསྟན་པར་ངན་སྨྲ་སྲོག་དབུགས་ཁུམས། །ཐུབ་བསྟན་དགེ་འདུན་འདུས་སྡེ་ཡང་། །འབད་མེད་དབྱར་མཚོ་ལྟར་རྒྱས་ཤིང་། །ཐོས་

p. 574

བསམ་སྒོམ་གསུམ་མཐར་ཕྱིན་ནས། །འགྲོ་རྣམས་བདེ་འགྲོར་བཀོད་ནུས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བསྲུང་ཞིང་བསྐྱབ་མཛོད་སྡང་དགྲ་བཟློག །ཕོ་བདུད་མོ་བདུད་དལ་ཁ་བཟློག །ཞིང་གི་བཙའ་སད་སེར་གསུམ་བཟློག །མི་ཁ་བྲ་མཆུ་ངན་སྦྱོར་བཟློག །ལྷ་འདྲེའི་གདུག་རྩུབ་བྱད་ཁ་བཟློག ། ཕྱུགས་ཀྱི་གོད་ཁ་ངན་པ་བཟློག །ནད་ཡམས་རིམས་སྣ་དུག་སྦྱོར་བཟློག །སྔོན་ཚེ་ཧེ་རུ་ཀ་དཔལ་དང་། །ཕྱག་རྡོར་རྒྱལ་དབང་པདྨ་འབྱུང་། །རིག་འཛིན་རྩ་བརྒྱུད་བླ་མའི་བཀའ། །རྗེས་འཇུག་དམ་བདར་སྦྲན་པ་འདིས། །ཐུགས་དམ་བསྐུལ་བ་འདི་བཞིན་དུ། །བཀའ་དང་དམ་ལས་མ་འདའ་བར། །རེ་བའི་དོན་རྣམས་ལྷུན་འགྲུབ་པར། །བསྒྲུབ་ཅིང་བཅོལ་བའི་ཕྲིན་ལས་རྣམས། །གཡེལ་བ་མེད་པར་ད་སྒྲུབས་ཤིག ། ༈ དམ་ཅན་སྤྱི་ཡི་བསྐང་བསྡུས་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་

p. 575

བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ནང་། །ཤ་ལྔ་བདུད་རྩི་རྣམ་ལྔ་ཞུ་བ་ལས། །བྱུང་བའི་རླངས་པ་ལས་གྲུབ་བསྐང་བའི་རྫས། །བརྟེན་རྫས་སྒྲུབ་རྫས་དཔག་མེད་རྒྱ་ཆེ་ཞིང་། །འབྲུ་དར་རཏྣ་ཁང་བཟང་དཔག་བསམ་ཤིང་། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །གོ་མཚོན་སྐྱེས་ཆས་འདོད་ཡོན་མཆོད་ལྷ་ཡིས། །རབ་འབྱམས་ཞིང་ཀུན་ཐམས་ཅད་ཡོངས་གང་གྱུར། །ཨོཾ་ཨཱཿཧཱུྃ་དང་ཧ་ཧོས་བྱིན་བརླབས་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། རྔ་རོལ་སྙན་པའི་དབྱངས་དང་སྤོས་བཏུལ་ཏེ། ཧཱུྃ། དག་པ་ཆོས་སྐུའི་ཞིང་ཁམས་ནས། །བརྒྱུད་པ་སུམ་ལྡན་ཐུགས་དམ་བསྐང་། །ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས། །འཁོར་ལོ་བདེ་མཆོག༴ སྤྲུལ་ཞིང་མཁའ་འགྲོའི་ཚོགས་ཁང་ནས། །ཕག་མོ་ལྷ་ལྔའི༴ དབེན་གནས་ཡོངས་རྫོགས་སོ་སོ་ནས། །

p. 576

གསར་རྙིང་རྒྱུད་སྡེ་རབ་འབྱམས་དང་། །ཕ་རྒྱུད་མ་རྒྱུད༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ལྷ་ཆེན་ཀུན་གྱི་གཙོ་བོ་མཆོག །དཔལ་ལྡན་ཕྱག་བཞི་མགོན་པོ་དང་། །ཡུམ་ཆེན་བྱ་རོག་སེང་གེའི་གདོང་། །ཡབ་གཅིག་ལེགས་ལྡན་མཁའ་འགྲོ་བརྒྱད། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །མགོན་པོ་སྟག་ཞོན་སེང་ཞོན་དང་། །བེང་འཛིན་ཕྱག་དྲུག་འཁོར་དང་བཅས། །སྤྲུལ་པ་བསམ་འདས་མ་ལུས་རྣམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །གཞན་ཡང་ཆོས་སྐྱོང་ཕོ་མོ་རྣམས། །ཞིང་སྐྱོང་གུར་མགོན་ལྷ་མོའི་ཚོགས། །རྣམ་སྲས་རྟ་ལྷ་གནོད་སྦྱིན་ཁྲི། །མ་གཟའ་དམ་གསུམ་ཇག་དམར་བཙན། །གཏེར་སྲུང་ཉ་མགོ་ཀླུ་ཆེན་བརྒྱད། །སྨྱོ་ཁ་སྐྱེས་མཆོག་དགྲ་ལྷའི་རྒྱལ། །ཐང་ལྷ་སྲས་ཡུམ་གངས་བཟང་དང་། །དམག་རྒྱལ་ཚེ་རིང་ངས་ནུས་སོགས། །བཀའ་སྲུང་

p. 577

དམ་ཅན་རྒྱ་མཚོ་དང་། །སྤྲག་གི་བཙན་རྒོད་དབྱི་རྒྱལ་སྡེ། །དཀར་ཕྱོགས་ཡུལ་ལྷ་གཞི་བདག་སོགས། །སྲུང་མའི་འཁོར་དུ་གཏོགས་ཚོགས་རྣམས། །ཐམས་ཅད་ཐུགས་དམ་བསྐང་གྱུར་ནས། །སྐུ་གསུང་ཐུགས་ཡོན་དགྱེས་གྱུར་ཅིག །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །བསྐང་རྫས་བརྟེན་རྫས་སྒྲུབ་རྫས་དང་། །སྐུ་འབག་བླ་རྡོ་སྲོག་འཁོར་སོགས། །བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མཆོད་སྣ་བདུན་དང་སྨན་རཀ་གཏོར། །མཆོད་པའི་རྫས་ཀྱིས༴ རོལ་མོ་རྔ་གླིང་སྙན་པའི་དབྱངས། །སྤོས་དུད་དར་ནག་གཡབ་དར་སོགས། །འབོད་པའི་རྫས་ཀྱིས༴ པད་ཉི་རོ་གདན་དྲག་པོའི་མཁར། །བཞུགས་པའི་རྫས་ཀྱིས༴ ཞིང་ལྤགས་དར་གྱི་འཕན་གདུགས་དང་། །བླ་བྲེ་གོ་མཚོན་བསྐང་བའི་རྫས། །སྤྱན་གཟིགས་རྒྱ་མཚོས༴ ཆོས་དབྱིངས་བདེ་སྟོང་རྒྱས་པའི་ཕྱིར། །ཡིད་

p. 578

འཕྲོག་འདོད་ཡོན་རིག་མའི་སྡེ། །གསང་བའི་མཆོད་པས༴ གྲི་གུག་ཁ་ཊྭཱཾ་ཏྲི་ཤུའི་ཚོགས། །མི་འབྲལ་རྫས་ཀྱིས༴ འདབ་བསྐྱོད་རི་དྭགས་གཏུམ་པོ་དང་། །དཀོར་ནོར་རྟ་ཕྱུགས་མ་ལུས་རྣམས། །མཐུན་པའི་རྫས་ཀྱིས༴ ནམ་མཁར་སྤྲིན་བཞིན་ཐིབས་སེ་ཐིབ། །བར་སྣང་རྡུལ་ལྟར་ཚུབས་སེ་ཚུབ། །ས་གཞིར་མཚོ་ལྟར་ཀྱི་ལི་ལི། །གཟི་བརྗིད་ཉི་ལྟར་མདངས་སེ་མདངས། །མཐོང་ཐོས་དགའ་ཞིང་སྐྱིད་པ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །བསྐང་བའི་རྫས་སུ་ཕུལ་བའི་མཐུས། །རྒྱལ་ཁམས་ནད་མུག་མཚོན་བྲལ་ནས། །འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་མཛོད། །དཀོན་མཆོག་གསུམ་གྱི་བཞེད་དོན་སྒྲུབས། །སྒྲུབ་པོའི་ཚེ་སྲིངས་ཉམས་རྟོགས་སྤེལ། །ལྷུན་གྲུབ་བདེ་ཆེན་རབ་རྒྱས་ཤིང་། །ལྷ་མི་འགྲོ་རྣམས་

p. 579

དབང་བསྡུད་ཅིང་། །བསྟན་པའི་སྙན་གྲགས་རྒྱ་ཆེར་སྤེལ། །བསྟན་དགྲ་དམ་ལོག་རུ་དྲའི་སྡེ། །རློགས་ཤིག་མངོན་སྤྱོད་མ་གཡེལ་ཅིག །རེ་བའི་དོན་རྣམས་མ་ལྡོག་ལ། །མི་མཐུན་བཟློག་ཅིག་མགོན་པོའི་ཚོགས། །ཐུགས་དམ་མ་གཡེལ་ལས་མཛོད་ཅིག །ཉམས་ཆག་རྟོག་སྒྲིབ་རབ་བཤགས་ནས། །བྱང་དག་མཆོག་ཐུན་དངོས་གྲུབ་སྩོལ། །བསྐང་བཤགས་ཚེ་ཐུན་མོང་མ་ཡིན་པའི་དམིགས་པ་ནི། ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་དང་ཡི་དམ་འཁོར་ལོ་བདེ་མཆོག་གི་གནས་གསུམ་ཡི་གེ་གསུམ་ལ། ཨོཾ་བཛྲ་ས་ཏྭ་ཨོཾ། ཨོཾ་བཛྲ་ས་ཏྭ་ཨཱཿ ཨོཾ་བཛྲ་ས་ཏྭ་ཧཱུྃ་དཀར་དམར་མཐིང་གསུམ་གྱིས་བསྐོར་བ་དེའི་འོད་ཟེར་མགོན་པོ་འཁོར་བཅས་ལ་ཕོག་པས་དམ་ཚིག་ཉམས་ཆག་བསྐང་བར་བསྒོམ། ཡང་གནས་གསུམ་ལས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་བས་རང་གི་སྒོ་གསུམ་གྱི་སྒྲིབ་པ་དང་གཞན་གྱི་ཉམས་གྲིབ་ཕོག་པ་ཐམས་ཅད་དག་པར་བསྒོམ་ལ་ཡི་གེ་བརྒྱ་པ་བཟླའོ། །༈ དམ་ཅན་སྤྱི་ཡི་གསོལ་ཀ་ཕྱོགས་བསྡུས་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ།

p. 580

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་ལས་ཀེཾ་གསུམ་ཐོད་སྒྱེད་སྟེང་། །ཨ་ལས་ཀ་པཱ་སྟོང་གསུམ་ཚད། །ཧཱུྃ་ལས་གཏོར་རྫས་ཤ་ལྔ་པ། །ཡྃ་ལས་རླུང་གི་དཀྱིལ་འཁོར་གཡོས། །རྃ་ལས་མེ་རྣམས་རབ་ཏུ་འབར། །ཐོད་པ་ཁོལ་ཞིང་ཧཱུྃ་ཞུ་བས། །མ་དག་ཉེས་སྐྱོན་ཁོལ་ཞིང་ལུད། །དྲི་རོ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། མཁའ་སྤྱོད་གནས་ཀྱི་གཞལ་ཡས་ནས། །དཔའ་བོ་དཔའ་མོ་འབུམ་གྱི་དབུས། །ལྷ་ཡི་ལྷ་མཆོག་འཁོར་ལོ་སྡོམ། །ཡི་དམ་ལྷ་ཚོགས་མངའ་གསོལ་ལོ། །བསིལ་ཚལ་དུར་ཁྲོད་གནས་བརྒྱད་ནས། །མགོན་པོ་ནག་པོ་ཡབ་དང་ཡུམ། །བཀའ་སྡོད་བསམ་འདས་མ་ལུས་རྣམས། །མགོན་པོ་འཁོར་ཚོགས༴ འཁོར་ལོ་གསུམ་གྱི་སྲུང་མ་མཆོག །ཞིང་སྐྱོང་ཡབ་ཡུམ་བམ་རོ་ཟུང་། །འཁོར་ཚོགས་སྡེ་བརྒྱད་དམག་གི་དཔུང་། །མ་

p. 581

ལུས་འཁོར་བཅས༴ འོག་མིན་དབུས་ཀྱི་སྲུང་མ་ཞེས། །རྡོ་རྗེ་གུར་མགོན་འདོད་ཁམས་ཡུམ། །མི་ནག་ཁྱི་སྤྱང་བྱ་ནག་ཁྱུང་། །པུ་ཏྲ་རུ་འདྲེན༴ རི་རབ་ཡོངས་འདུས་མཐིང་མཚོ་ནས། །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཁོར་ཡང་ནག་མོ་འབུམ་སྡེ་དང་། །སྲིད་གསུམ་གཙོ་མོ༴ བྱང་ཕྱོགས་གནོད་སྦྱིན་ཡོངས་ཀྱི་གཙོ། །རྒྱལ་ཆེན་རྣམ་སྲས་ལྷ་ཡི་རྗེ། །ལྷ་ཡི་དབུགས་དབྱུང་ལྷ་མིན་གཤེད། །དངོས་གྲུབ་སྩོལ་ཕྱིར༴ གནོད་སྦྱིན་ཡུལ་དུ་གནས་བཅས་པའི། །རྟ་མགྲིན་ཐུགས་སྤྲུལ་སེམས་དཔའ་ཆེ། །མདོ་བ་རྟ་ཡི་ལྷ་གཅིག་པོ། །རང་འདྲ་བརྒྱད་པོ༴ གསང་སྔགས་བསྟན་སྐྱོང་མཐུ་མོ་ཆེ། །སྨུག་ནག་ཡེ་ཤེས་མཁའ་འགྲོའི་གཙོ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །འཁོར་དང་བཅས་པ༴ གནམ་ས་ཡོངས་ལ་དབང་སྒྱུར་བ། །གཟའ་བརྒྱད་བརྟན་མ་བཅུ་གཉིས་དང་། །གདོང་མོ་རྒྱུ་སྐར་

p. 582

ཉེར་བརྒྱད་སོགས། །མ་ལུས་འཁོར་བཅས༴ རྒྱ་ཡུལ་བོད་བལ་ཕྱོགས་བཅུ་དང་། །ཁྱད་པར་ཕ་ཝང་ལོང་བུ་སོགས། །གཙུག་ལག་ཡོངས་གནས་དམ་ཅན་མཆོག །སུམ་བརྒྱ་དྲུག་ཅུ༴ བཙན་རྒོད་དྲག་ཤུལ་མཐུ་སྟོབས་ཅན། །ཕྱག་རྡོར་བཀའ་ཉན་དམ་ཚིག་ཅན། །ཇག་དམར་སྒྲོལ་བྱེད་སྲོག་ལེན་དང་། །འགུགས་བྱེད་སྨན་མོ༴ ཟབ་མོ་གཏེར་གྱི་སྲུང་མ་མཆོག །ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ། །མཐུ་ཆེན་དགེ་བསྙེན་འཁོར་ཚོགས་བཅས། །ཐམས་ཅད་མ་ལུས༴ གནས་བརྒྱད་དགེ་བསྙེན་ཉེར་གཅིག་དང་། །ཀླུ་དམག་བྱེ་བ་འབུམ་སྡེ་དང་། །རིག་འཛིན་སྲུང་མ་འཁོར་བཅས་རྣམས། །མངའ་གསོལ་བཅོལ་བའི་ཕྲིན་ལས་སྒྲུབས། །པདྨའི་སྒྱུ་འཕྲུལ་རྡོ་རྗེའི་སྐུ། །བསྟན་དགྲའི་གཤེད་མ་དགྲ་ལྷའི་རྒྱལ། །གེ་སར་སྐྱེས་བུ་དཔའ་རྟུལ་དཔུང་། །ཝེར་མ་འཁོར་ཚོགས་མངའ་གསོལ་ལོ། །

p. 583

སྣང་སྲིད་ཡོངས་ཀྱི་རྗེ་བོ་ཆེ། །རྒྱལ་འགོང་ཡོངས་ཀྱི་ཁ་གནོན་མཆོག །ཐང་ལྷ་བརྒྱ་བྱིན་སྲས་མོ་ཡུམ། །འཁོར་འབངས་བློན་འབུམ༴ རབ་དཀར་ལྷུན་སྟུག་གངས་རིའི་སྤོར། །བསྟན་སྐྱོང་ཡུལ་ལྷ་མཐུ་རྩལ་ཅན། །གངས་བཟང་སྡེ་བརྒྱད་འབུམ་སྡེའི་ཚོགས། །མ་ལུས་འཁོར་བཅས༴ བྱང་ཤར་ཕྱོགས་མེད་ཕོ་བྲང་ནས། །ལྟས་ངན་འབུམ་གྱི་ཐན་བདག་མོ། །དམག་གི་རྒྱལ་མོ་འཁོར་ཚོགས་བཅས། །མ་མོ་འབུམ་སྡེ༴ དཀའ་སྤྱད་གྲུབ་གཉིས་མཐར་ཕྱིན་པ། །བཞད་པ་རྡོ་རྗེའི་རླུང་གྲོགས་མ། །ཚེ་རིང་མཆེད་ལྔ་དམ་ཚིག་ཅན། །སྨན་མོ་འབུམ་ཕྲག༴ འགྱུར་མེད་བདེ་བའི་ཐིག་ལེའི་གར། །གནོད་གདུག་དབྱིངས་སུ་སྒྲོལ་མཛད་པའི། །ཀེང་རུས་གཟུགས་ཀྱིས་འཇིག་རྟེན་ཁྱབ། །མགོན་དཀར་ཡབ་ཡུམ༴ རྒྱ་གར་དུར་ཁྲོད་ཚནྡྷོ་ནས། །དུར་ཁྲོད་བདག་མོ་ངས་ནུས་མ། །ཐུགས་རྗེ་

p. 584

ཆེན་པོའི་བཀའ་སྲུང་མཆོག །དཀོར་བདག་འཁོར་བཅས༴ དམ་གཙང་ལས་སྒྲུབ་སྤྲག་གི་བཙན། །དབྱི་རྒྱལ་འཁོར་བཅས༴ རང་རང་སྣང་སྲིད་གཞལ་ཡས་ནས། །དཀར་ཕྱོགས་ཡུལ་ལྷ་སྡེ་འཁོར་དང་། །གཉུག་གནས་ཡུལ་ལྷ་མགྲོན་རིགས་རྣམས། །མ་ལུས་འདིར་གཤེགས་མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་རྒྱས་པརམཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྐལ་ངན་དུས་ཀྱི་རྒུད་པ་སོལ། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས། །ཚེ་བསོད་དཔལ་གཡང་གོང་དུ་སྤེལ། །ནག་ཕྱོགས་མི་མཐུན་རྐྱེན་རྣམས་བཟློག །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འདོད་པའི་དོན་ཀུན་བསྒྲུབ་པ་དང་། །ཆོས་སྲིད་བསྟན་པའི་རྒྱལ་མཚན་སྒྲེངས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །དེ་ནས་སྲུང་མ་སོ་སོའི་གསོལ་ཀ་བྱ་བར་སྤྲོ་ན་

p. 585

འདིར་སྦྱར་བར་བྱའོ། །༈ གཏེར་སྲུང་རྦ་བ་ནག་པོའི་གསོལ་མཆོད་ནི། དཀར་གཏོར་དང་ཕུད་རྒོད་བཤམས་ལ། རྃ་ཡྃ་ཁྃ་གིས་མི་གཙང་དྲི་མ་སྦྱང་༔ ཨོཾ་ཨཱཿཧཱུྃ། གཏོར་སྣོད་པདྨའི་སྣོད་ཡངས་པར༔ གཏོར་རྫས་དམ་ཚིག་བདུད་རྩི་འདི༔ ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབས་ལ། གཏེར་སྲུང་སྤྱན་འདྲེན་པ་ནི༔ རིག་འཛིན་པདྨ་འབྱུང་གནས་ཀྱི་གཏེར་སྲུང༔ ཀླུ་ཡི་དགེ་བསྙེན་རྡོ་རྗེ་རབ་བརྟན་ཞི་བ་རྩལ༔ ཀླུ་ཡི་དགེ་བསྙེན་རྒྱས་བྱེད་རྡོ་རྗེ་ཀུན་འབྱུང༔ ཀླུ་ཡི་དགེ་བསྙེན་འགུགས་བྱེད་སྣང་སྲིད་དབང་བསྡུད༔ ཀླུ་ཡི་དགེ་བསྙེན་བསྟན་སྲུང་རྡོ་རྗེ་དགྲ་འདུལ༔ བྱང་འབའ་རོམ་དུ་བཞུགས་ཚེ་ལྷ་ཡི་དགེ་བསྙེན་དཀར་པོ༔ འོག་མིན་མཚུར་ཕུར་བཞུགས་ཚེ་མཁར་ནག་རྡོ་རྗེ་རྒྱལ་པོ༔ ལྷོ་བྲག་ཕྱོགས་སུ་བཞུགས་ཚེ་དགེ་བསྙེན་མཁའ་རི༔ ཀོང་ཡུལ་དུ་བཞུགས་ཚེ་དགེ་བསྙེན་མཐུ་

p. 586

སྟོབས་ཆེན་པོ༔ ཁ་ལ་རོང་དུ་བཞུགས་ཚེ་དགེ་བསྙེན་ཞི་བ་རྡོ་རྗེ༔ རིག་འཛིན་མི་འགྱུར་རྡོ་རྗེའི་གསུང་། སེང་ཧ་རྫོང་དུ་བཞུགས་ཚེ་གཏེར་སྲུང་རྦ་བ་ནག་པོ། གཞན་ཡང་མིང་བརྒྱ་མཚན་སྟོང་གི་བདག་པོ་ཀླུ་དམག་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་སྐད་ཅིག་གློག་འགྱུའི་རྫུ་འཕྲུལ་གྱིས་རིག་འཛིན་སྒྲུབ་པ་པོ་བདག་གིས་སྤྱན་འདྲེན་པའི་གནས་འདིར་ཕུཿན་ག་རཱ་ཛ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ལ་རྔ་རོལ་འུར་བརྡུང་བྱ། སྤོས་བཏུལ་གདུང་བའི་ཤུགས་ཕྱུང་སྟེ་སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད། ཨོཾ། དུས་གསུམ་རྒྱལ་བའི་གདུང་འཚོབ་མཚོ་སྐྱེས་རྗེས། །དམ་བཞག་དབང་བསྐུར་གསང་མཚན་ཕོག་པ་ཡི། །གཏེར་སྲུང་རྦ་ནག་དགེ་བསྙེན་འཁོར་བཅས་རྣམས། །ཐོག་མའི་དུས་ཀྱི་ཐ་ཚིག་རྗེས་དགོངས་ལ། །རྣལ་འབྱོར་དམ་ཚིག་གཙང་མའི་ཚོགས་ཞིང་དུ། །མ་ཐོགས་མྱུར་བའི་ཚུལ་གྱིས་གཤེགས་ནས་ཀྱང་། །

p. 587

རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་གདན་འབུལ་བྱས་ལ། མཆོད་པ་ནི། ཨཱཿ ཕྱི་མཆོད་ཀུན་བཟང་མཆོད་པའི་སྤྲིན་ཆེན་དང་། །ནང་མཆོད་སྨན་གཏོར་རཀྟ་དགྱེས་རྒུའི་སྤྲིན། །གསང་མཆོད་བདེ་སྟེར་རིག་མའི་སྒྱུ་རྩལ་ངོམ། །ཡང་གསང་དགྱེས་ཉམས་དགོངས་པའི་མཆོད་སྤྲིན་འདིས། །གསོལ་ལོ་མཆོད་དོ་བསྟན་སྲུང་ཁྱེད་རང་མཁྱེན། །དེང་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྲུང་མ་ཁྱེད་ལ་ང་ཅག་རེ་བཅས་ཀུན། །ལུས་ངག་ཡིད་ཀྱི་འདུན་མ་ཁྱེད་ལ་བཅའ། །དེ་བས་མནའ་དང་ཁྲེལ་ལས་མ་འདའ་བར། །ཡུལ་འདིའི་དགོན་སྡེ་བླ་གྲྭ་མི་ཕྱུགས་བཅས། །ཁྱོད་ལ་བཅོལ་བ་ཡིན་པས་ཁྱོད་མ་འཆུགས། །དེ་ལྟ་བུ་ཡི་དམ་ཚིག་དྲན་མཛོད་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མི་འགྱུར་པས་སོ། །དེ་ནས་བསྟོད་པ་ནི། ཀ་

p. 588

ཡེ་གསོན་དང་རྦ་ནག་དགེ་བསྙེན་ཁྱོད། །ཁ་བ་ཅན་གྱི་གནས་མཆོག་སྤྱི་འབྱམས་འདིར། །ག་ནས་བསམས་ཀྱང་གཏེར་སྲུང་ཁྱོད་ཡིན་པས། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་སྤྱན་འདྲེན་རོལ་མོ་གསན་ལགས་སམ། །ཆ་ལུགས་མི་སྔོན་ཉ་ཡི་མགོ་བོ་ཅན། །ཇ་ཆང་ཕུད་དང་དཀར་གསུམ་གཏོར་མས་མཆོད། །ཉ་རྒྱས་ཟླ་ལྟར་དགེ་ལེགས་འཕེལ་བར་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཆེན་པོ་ཁྱོད། །ཐ་མལ་ལྷ་འདྲེ་གཞན་གྱིས་དོ་ཟླ་མེད། །ད་ནི་བདག་གིས་སྲུང་མར་ཁྱོད་བསྟེན་གྱི། །ན་ཚ་དགྲ་གྱོད་གོད་ཁ་མེད་པར་མཛོད། །པ་དེ་པུད་དེའི་ཆོ་འཕྲུལ་མི་སྟོན་པར། །ཕ་རོལ་དགྲ་བགེགས་འཇོམས་པའི་མཐུ་རྩལ་ཅན། །བ་མོར་ཉི་ཟེར་ཕོག་ལྟར་གནོད་བྱེད་ཐུལ། །མ་ལྟར་བྱམས་པའི་ཐུགས་ཀྱིས་དད་ལྡན་སྐྱོངས། །རྩྭ་ཁ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཚ་གྲང་

p. 589

འདུ་བའི་ནད་རྣམས་ཞི་བར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་སྲིད་གསུམ་གཟིགས་པའི་སྲུང་མ་ཁྱོད། །ཞྭ་ལྟར་རྒྱལ་བའི་བསྟན་པ་སྤྱི་བོར་ཁུར། །ཟ་བྱེད་ལྷ་བཙན་དྲེགས་པའི་འཁོར་དང་བཅས། །འ་རེ་འུ་རེའི་འབྲུག་སྒྲ་ཐོག་སེར་འབེབས། །ཡ་མཚན་མཛེས་པའི་བཙུན་མོ་ཀླུ་སྨན་སོགས། །རྭ་ཅན་འབུམ་གྱི་འཁོར་དང་ཡང་འཁོར་བཅས། །ལ་ཆེན་སྲུང་མར་བསྟེན་ཅིང་མཆོད་པ་འབུལ། །ཤ་ཚ་སྙིང་བརྩེས་ཕ་ཁུ་སྤུན་ཟླ་ལྟར། །ས་ཆ་གང་དུ་འདུག་ཀྱང་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ཏེ། །ཨ་ལ་ལ་ཞེས་ངོ་མཚར་དངོས་གྲུབ་སྩོལ། །ཨ་རཱ་གས་མཛད་པའོ། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། སྔོན་ཚེ་པད་འབྱུང་རིག་འཛིན་བརྒྱུད་པ་ཡིས། །གནས་གཏེར་བསྟན་པ་སྐྱོང་བར་བཀའ་བསྒོས་བཞིན། །རྡོ་རྗེའི་གཡར་དམ་གཉན་ལས་མ་འདའ་བར། །

p. 590

བཤད་སྒྲུབ་བསྟན་པ་སྤེལ་བའི་ཕྲིན་ལས་མཛོད། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་འཁོར་བཅས་ལ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པ་ཡི། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །གཞི་བྱེས་ཀུན་ཏུ་དགེ་བའི་ཕྲིན་ལས་མཛོད། །ཁྱད་པར་དྭགས་བརྒྱུད་རྒྱལ་བ་འབའ་རོམ་པའི། །བསྟན་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་རྣམས། །བསྟན་སྲུང་ཆེན་པོས་མཐུ་རྩལ་དཔུང་བསྐྱེད་ལ། །མི་གནས་དབྱིངས་སུ་བསྒྲལ་བའི་ལས་མཛོད་ཅིག །མཆོད་གཏོར་འབུལ་ཞིང་འདོད་དོན་གསོལ་བ་ནི། གསོལ་ལོ་མཆོད་དོ། །གཏེར་སྲུང་རྦ་བ་ནག་པོ་ཡུམ་སྲས་སྨན་མོའི་འཁོར་ཚོགས་ཀླུ་དམག་བྱེ་བ་འབུམ་སྡེ་དང་བཅས་པ་རྣམས་ལ་དམ་རྫས་བདུད་རྩིའི་གཏོར་མ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་བཞེད་དགུ་འབྱུང་བའི་རྒྱ་མཚོ་འདི་འབུལ་བས་དགྱེས་པར་བཞེས་ལ་རྣལ་འབྱོར་པ་བདག་ཅག་

p. 591

དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ལ་གཞི་བྱེས་ཀུན་ཏུ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ལས་རྒྱལ་ཞིང་མཐུན་རྐྱེན་བསམ་པའི་ལེགས་ཚོགས་ཐམས་ཅད་གོང་དུ་འཕེལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པའི་དངོས་གྲུབ་དམ་པ་བསྩལ་དུ་གསོལ། ༈ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོས་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་བས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་འཇམ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་

p. 592

བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམས་པར་མཛོད། །རྟག་ཏུ་ཁྱེད་བསྟེན་ཁྱེད་གསོལ་ཁྱེད་བསྒྲུབ་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བ་དང་། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་རྒྱས། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་དུ་མཐུ་དང་ལྡན་པར་མཛོད། །རྒྱ་གཞུང་ལས་སོ། །༈ དམ་ཅན་སྤྱི་

p. 593

ཡི་དགོངས་གསོལ་མཆོད་འབུལ་གྱི་རིམ་པ་ནི། ཧོ། དགོངས་ཤིག་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །བདག་དང་འདྲེན་མཆོག་རྩ་བའི་བླ་མ་ལ། །གནོད་འཚེ་དགྲ་ཇག་ཆོམ་རྐུན་གྲོས་ངན་འཆང་། །མཚོན་དུག་སྦྱོར་ངན་ཤོམ་ཞིང་མི་ཁ་བརྗོད། །གྲྭ་འཁོར་སྙིང་རིང་འགྲོ་མགོ་བུད་མཇུག་བསྟན། །ངོ་ཤགས་ལྐོག་ལབ་གསང་འཆལ་ངོ་དམ་ལོག །དྲུང་རྐུན་མནའ་གཟན་ཁས་བླངས་དོར་བྱེད་དང་། །བྱད་མ་རྦོད་གཏོང་ཕུང་སེལ་རླུང་འཁོར་དང་། །སྦྱིན་བསྲེགས་ཧོམ་ཟོར་སྐམ་གཤེར་རོ་གསོན་གཏད། །ཕྲ་མེན་ངན་སྔགས་རྫས་མཐུ་བྱེད་པ་ཡི། །ནུས་པ་ཕྱིར་བཟློག་རང་གཤེད་རང་ལ་ཕོབས། །ཚེ་སྲོག་ལོ་ཟླར་མ་འགྱང་ཞག་ཟ་མར། །དུས་ཐོག་ཆོད་ཅིག་བྲང་གཤོགས་སྙིང་ལོངས་ལ། །སྙིང་ཁྲག་རླངས་པ་མ་ཡལ་འཇིབས་ལ་སོད། །དམ་ཅན་དམ་ལས་མ་འདའ་ཕྲིན་ལས་མཛོད། །

p. 594

ཁྱད་པར་བདག་ནི་སངས་རྒྱས་མ་ཐོབ་བར། །སྐྱེ་བ་ཀུན་ཏུ་དམ་ཅན་ཁྱེད་རྣམས་ཀྱིས། །བདུད་དང་མུ་སྟེགས་ཀླ་ཀློ་ཟིན་ཤིང་སོགས། །གྲུབ་མཐའ་ངན་པའི་དབང་དུ་མ་གཏོང་བར། །སངས་རྒྱས་བསྟན་པ་ལ་ཞུགས་མཚན་ལྡན་གྱི། །བླ་མ་མཆོག་དང་འཕྲད་མཛོད་ཐུགས་རྗེས་གཟིགས། །དམ་ཚིག་སེལ་མེད་གདམས་པའི་བུམ་བཟང་གཏམས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཕྲིན་ལས་མཛོད། །ཅེས་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུ་དགེ་ལེགས་དཔལ་བཟང་པོས་སོ། །གང་ཞིག་རྡོ་རྗེ་སློབ་དཔོན་སྨད། །བཀའ་བརྒྱུད་བསྟན་ལ་སྡང་བ་དང་། །བདག་ཅག་རྣམས་ལ་འཚེ་བྱེད་ཅིང་། །དམག་སྣ་ཇག་སྣ་རྐུན་སྣ་སྟོན། །བྱད་ཕུར་རྦོད་གཏོང་བསམ་སྦྱོར་རྩུབ། །ཡིད་ལ་གནག་པའི་དགྲ་བོ་སྒྲོལ། །ཆོས་ལོག་བསྟན་བཤིག་ལོག་ལྟ་མཁན། །རྒྱབ་བརྟེན་དཔུང་བཅས་དེར་ཕྱོགས་འབངས། །སྡེ་རིགས་བཅས་ཀུན་

p. 595

རྡུལ་དུ་རློགས། །རྣམ་དག་རྒྱལ་བསྟན་འཛིན་པའི་མགོན། །དཔལ་ལྡན་བླ་མ་དམ་པ་ཡི། །བརྒྱུད་འཛིན་རྗེས་འཇུག་བུ་སློབ་འབངས། །དད་མོས་ཡོན་བདག་བསྲུང་ཞིང་སྐྱོབས། །ཟས་ནོར་མཁོ་དགུ་དབང་དུ་སྡུས། །ཆོས་དང་མཐུན་པའི་བསམ་པ་སྒྲུབས། །བྱང་ཆུབ་ལམ་གྱི་བར་ཆད་སོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་རྡོ་རྗེ་དྲག་པོའི་གསུང་ངོ་། །དེ་སྐབས་གཏོར་མ་དང་བདུད་རྩི་ནམ་མཁར་ཕུལ་ལ་བཀའ་སྲུང་དམ་ཅན་རྣམས་ཀྱིས་དགྱེས་བཞིན་དུ་གསོལ་བར་བསམ་ཞིང་འདོད་དོན་གསོལ་བ་ནི། ཧོ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་ཟག་མེད་བདེ་བའི་ལོངས་སྤྱོད་ཕྱི་ནང་གསང་གསུམ་

p. 596

གྱི་དགྱེས་རྫས་དམ་པ་འདི་འབུལ་བས། ཐུགས་རྗེའི་དབང་གིས་མྱུར་དུ་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སྒྲུབ་བརྒྱུད་ཀྱི་རིང་ལུགས་དར་ཞིང་རྒྱས་པ་དང་། དེ་འཛིན་གྱི་སྐྱེས་མཆོག་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་ཡར་ཟླའི་དཔལ་བཞིན་གོང་ནས་གོང་དུ་འཕེལ་ཞིང་ཐུགས་ཀྱི་བཞེད་དོན་མ་ལུས་པ་གེགས་མེད་དུ་འགྲུབ་པ་དང་། འཇིག་རྟེན་གྱི་ཁམས་སུ་ནད་མུག་མཚོན་འཁྲུགས་བཙའ་སད་སེར་གསུམ། སྔོན་ལས་འཕྲལ་རྐྱེན་སོགས་བསྐལ་ངན་དུས་ཀྱི་རྒུད་པ་མཐའ་དག་མཉམ་ཉིད་བརྡལ་བ་ཆེན་པོའི་ཀློང་དུ་རང་སར་ཞི་ཞིང་། ཚེ་བསོད་དབང་ཐང་རླུང་རྟ་སྙན་གྲགས་སྡེ་རིས་དཔལ་འབྱོར་ཐམས་ཅད་ཉམས་མེད་དུ་རྒྱས་ཏེ། འདི་ཕྱིའི་ལེགས་ཚོགས་སྒྲུབ་པའི་བྱ་ལས་ལ་བརྩོན་པས་ཀུན་ཀྱང་རྫོགས་ལྡན་གསར་པའི་རྩེད་དགའ་ལ་ལོངས་སྤྱོད་པ་

p. 597

དང་། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། གནས་སྐབས་དང་མཐར་ཐུག་གི་སྒྲིབ་པ་བྱང་ཆུབ་ཀྱི་ཕྱོགས་ལས་ལྡོག་པའི་མི་མཐུན་བདུད་དགྲའི་གཡུལ་ངོ་ལས་རྒྱལ་ཞིང་། ཉམས་དང་རྟོགས་པའི་རྩལ་ཤུགས་ཚེགས་མེད་དུ་རྫོགས་ནས། རླབས་ཆེན་བཟང་པོ་སྤྱོད་པའི་ཕྲིན་ལས་ཀྱིས་བསྟན་དང་འགྲོ་བའི་དོན་རབ་མཐར་ཕྱིན་ནས་གྲོལ་བ་རྣམ་བཞིས་སྲིད་མཚོ་སྐེམ་ནུས་པའི་དངོས་གྲུབ་དམ་པ་སྟན་ཐོག་འདི་རུ་སྩོལ་བར་མཛད་དུ་གསོལ། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་སྩོལ་བར་མཛད་པ་ཡི། །སྲུང་མ་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་ཅག་བསམ་དོན་མ་ལུས་ཀུན་འགྲུབ་མཛོད། །སྟོད་ལས་བྱང་ཆུབ་ལམ་ཁྱེར་གྱི་བྱ་བ་རྫོགས་སོ།། །། ༈ སྨད་ལས་དགྲ་བགེགས་ལམ་ཁྱེར་སྤུ་གྲི་རེག་འཇོམས་ཀྱི་སྐོར་ལ། ལས་གཏོར་ལ་བརྟེན་

p. 598

ནས་དགྲ་བགེགས་བསྒྲལ་བའི་ཐབས་བསྟན་པ་སྟེ། དེ་ལ་ཐོག་མར་དམར་གཏོར་གཅིག་ཤ་ཁྲག་ཟན་ཆད་ཀྱིས་ཁ་གསོ་བྱས་ལ། ཨེ་ལས་གཏོར་སྣོད་བྷནྡྷ་ཟུར་གསུམ་ནང་། །གཏོར་མ་ཁ་ཊྭཱཾ་ནག་པོ་གྱེན་འབར་མགུལ། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་གཡོན་འཁོར་བའི། །རྩིབས་བར་བྱད་མ་དགྲ་བགེགས་གསལ་བར་གྱུར། །ཅེས་དམིགས་ལ། འགུགས་གཞུག་ནི། ན་མོ། བླ་མ་བདེ་གཤེགས་ཡི་དམ་ཞི་དང་ཁྲོ། །མཆོག་གསུམ་རྩ་གསུམ་ཡེ་ཤེས་མགོན་པོ་དང་། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་སོགས། །བཀའ་སྡོད་ལས་མགོན་བཀའ་ཉན་ཕོ་ཉའི་ཚོགས། །མངག་གཞུག་དྲག་རྩལ་ཕོ་ཉ་རླུང་ལྟར་འཚུབ། །བཀའ་སྲུང་ལྷ་མོ་ཆོས་སྐྱོང་དམ་ཅན་ཚོགས། །གཏེར་སྲུང་ལྷ་བདུད་ཀླུ་བཙན་ཐོག་ལྟར་རྒྱུག །མ་ལུས་ལུས་པ་མེད་པའི་བདེན་སྟོབས་ཀྱིས། །བསྟན་དགྲ་དངོས་ཅན་དངོས་མེད་དམ་སྲིའི་རིགས། །ལྷ་མིའི་སྟོན་པ་མཆོག་

p. 599

ལ་རབ་འཚེ་ཞིང་། །འགྲོ་བ་སེམས་ཅན་རྣམས་ཀྱང་སྡིག་ལ་སྦྱོར། །ཆོས་བྱེད་དཀར་པོར་སྤྱོད་པ་ངན་གྱིས་མནར། །མི་དགེར་སྤྱོད་ཅིང་ནག་པོའི་ཁ་འཛིན་བྱེད། །ཆོས་སྐྱོང་ཕོད་བཙུག་རྣལ་འབྱོར་བདག་ལ་བརྙས། །ཁ་ནས་དར་འདྲ་ཁོག་ནས་དུག་ལྟར་འཚེ། །མི་ལ་ལྷ་མེད་ཟེར་ཞིང་ལྐོག་ནས་ལབ། །ལྷ་ལ་མཐུ་མེད་ཟེར་ཞིང་དོ་ཡང་བསྡོ། །ཡོད་ན་ག་རེ་བརྗོད་ཅིང་འགྲས་ཡ་འཚོལ། །མནའ་ལ་ཟ་ཞིང་ཆོས་ལ་དུག་ལྟར་འཛེམ། །སངས་རྒྱས་བསྟན་བཤིག་སེམས་ཅན་ཡོངས་འཚེ་བའི། །ལས་ངན་སྡིག་ཅན་རུ་དྲ་དམ་ལོག་དང་། །བྱད་མ་དངོས་ཅན་དགྲ་དང་དངོས་མེད་བགེགས། །ལན་པ་མེད་པར་ངན་གྱིས་མནར་བྱེད་པའི། །ཞིང་བཅུ་ཚང་བ་བསྟན་དགྲའི་བླ་སྲོག་དེ། །སྟེང་འོག་ཕྱོགས་མཚམས་ཉེ་རིང་གར་ཡོད་ཀྱང་། །མ་ཤོར་མ་བཏང་བ་ལིཾ་གཏོར་རྫས་ལ། །རང་དབང་མེད་

p. 600

པར་ཐུན་གྱི་གཏོར་མར་ཁུག །ཡི་དམ་ལྷ་ཡི་ང་རྒྱལ་བརྟན་ཞིང་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་འཕྲོ་འདུ་ལས་བདེན་བདར་ཚར་གསུམ་སོགས་དོ་གལ་དང་བསྟུན་ནོ། །མ་ཧཱ་ཀཱ་ལ་དགྲ་བགེགས་ཨཾ་ཀུ་ཤ །ནྲྀ་ཏྲི་ཨཾ་ཀུ་ཤ །བླ་སྲོག་རྣམ་པར་ཤེས་པ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྲོག་རྩ་ལ་རྦད། དབུགས་ཚེ་ལ་རྦད། ཤ་རུས་ཁྲག་ལ་མ་ར་ཡ་རྦད། རིག་པ་རྡོ་རྗེ་འཆང་གི་ཐུགས་ཀར་ཕཊ། ཅེས་བསྒྲལ་འདྲེན་སྟབས་གཅིག་ཏུ་བྱས་ནས། གཏོར་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། ཨ་ལས་ཐོད་པའི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩི་ལྔ་ཡི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། བདེ་གཤེགས་བསྟན་ལ་རབ་འཚེ་བའི། །ལས་ངན་བསྟན་དགྲ་བྱུང་བ་འདི། །ཆོས་སྐྱོང་ཁྱོད་ཀྱིས་མི་གཟིགས་སམ། །ཡེ་ཤེས་སྤྱན་ལྡན་དུས་ལ་བབས། །ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ཅིང་། །

p. 601

ཁྲག་མཚོ་འཁྲུགས་པའི་ཀློང་དཀྱིལ་དང་། །དུར་ཁྲོད་བརྒྱད་ནས་སྐུ་བཞེངས་ཤིག །མེ་དཔུང་རླུང་ནག་དཀྱིལ་ནས་བཞེངས། །སྤྲིན་ནག་འབྲུག་སྒྲ་སྒྲོགས་པའི་ཀློང་། །སྡེ་བརྒྱད་དྲེགས་པ་འཁྲུགས་པའི་དཀྱིལ། །ཡེ་ཤེས་མགོན་པོ་སྐུ་བཞེངས་ཤིག །བྱ་རོག་གདོང་ཅན༴ ཡུམ་ཆེན་རྩ་འཇིབ༴ ཤ་ཟ་སེང་གདོང༴ ཡབ་གཅིག་ལེགས་ལྡན༴ ནག་པོ་སྟོང་ཚོགས༴ ཤ་ཟ་འབུམ་སྡེ༴ མ་མོ་བྱེ་བ༴ གནོད་སྦྱིན་ཁྲི་ཡང༴ འཁོར་ཚོགས་ཐོག་ལྟར་ཤ་ར་ར། །སྡེ་བརྒྱད་རླུང་ལྟར་ཚུབས་སེ་ཚུབ། །མཚོན་ཆ་མེ་ལྟར་ཟངས་སེ་ཟང་། །དོ་ནུབ་སྡང་བའི་དགྲ་ལ་རྦད། །དོ་ནུབ་གནོད་པའི་བགེགས་ལ་བྷྱོ། །བསྟན་བཤིག་རུ་དྲའི་སྲོག་རྩ་ལ། །རལ་གྲི་གྲི་གུག་བསྣུན་གྱིས་ལ། །ཐལ་བར་རློགས་ཤིག་སྲུང་མའི་ཚོགས། །ཤ་ཁྲག་དམར་གཏོར་དགྲ་དང་བགེགས། །མཉམ་པོར་བཞེས་ཤིག་མགོན་པོའི་

p. 602

ཚོགས། །ཞེས་ཞལ་དུ་བསྟབ་བོ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ནི། ཨེ་ཥ་ཨ་པཉྩི་མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎ་ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚན་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྨ་ར་སྨ་ར། གྷྲྀཧྞ་གྷྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་དགྲ་བགེགས་བྱད་མ་མཱ་ར་ཡ་ཧཱུྃ་ཕཊ། ཐུན་གཏོར་འཕངས་ལ་བདེན་པ་བརྗོད། །དམོད་པ་བོར་ཞིང་ཐལ་རྡེབ་བྱ། །ན་མོ། རྡོ་རྗེ་འཆང་དབང་བརྒྱུད་པར་བཅས་པ་དང་། །རྒྱུད་སྡེ་གསར་རྙིང་ཡི་དམ་ཞི་དང་ཁྲོ། །ཁྱད་པར་དཔལ་ལྡན་མགོན་པོ་ཕྱག་བཞི་པ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བདེན་མཐུ་ཡིས། །བླ་མའི་སྐུ་དགྲ་སེམས་ཅན་ཡོངས་འཚེའི་བགེགས། །བར་ཆད་ནད་དང་ལོ་སྐག་ཟླ་སྐག་བཟློག །ཞག་སྐག་སྲི་ངན་མི་ཁ་བྲ་མཆུ་དང་། །རྨིས་ལྟས་མཚན་ལྟས་ངན་པ་དགྲ་ལ་བྷྱོ། །བྱད་

p. 603

དང་གཏད་ཁྲམ་བདེན་སྟོབས་ངན་པ་དང་། །བན་བྱད་བོན་བྱད་སྐག་རིགས་སུམ་བརྒྱའི་ཚོགས། །བྱད་མ་རྦོད་གཏོང་དགྲ་བགེགས་སྟེང་དུ་བྷྱོ། །མི་ཕྱུགས་ཁང་ཁྱིམ་གནོད་པའི་གདོན་གྱི་ཚོགས། །མེད་པར་རློགས་ཤིག་མགོན་པོ་དགྲ་ལ་བྷྱོ། །ལས་ལ་བསྐུལ་དུས་ཆོས་སྐྱོང་སྙིང་མ་རིང་། །ཕྱོགས་མཚམས་སྟེང་འོག་དགྲ་བགེགས་གར་གནས་ཀྱང་། །ལོ་ཟླ་ཞག་ལ་མ་འགྱངས་ལས་མ་འགྱངས། །ཐལ་བར་རློགས་ཤིག་ཆོས་སྐྱོང་བགེགས་ལ་བྷྱོ། །གླིང་བཞི་རིགས་དྲུག་རྐྱེན་ངན་དགྲ་ལ་བྷྱོ། །ནམ་ཡང་ལྡང་བར་མ་བྱེད་སྟྭཾ་བྷ་ཡ། །མིང་རུས་རྗེས་ཤུལ་མེད་པར་མཛད་དུ་གསོལ། །ཤ་རུས་ཁྲག་དང་དབང་པོ་རྣམ་ལྔར་རོལ། །རྣམ་ཤེས་ཆོས་དབྱིངས་ཀློང་དུ་ས་མ་ཡ། །སྐྱེ་བའི་སྒོ་ཆོད་རིག་པ་བདེ་ཆེན་ཞིང་། །གཉེར་དུ་གཏད་དོ་རིག་པ་ཨེ་མ་ཧོ། །ཞེས་བརྗོད། དབང་དང་དངོས་གྲུབ་ལེན་པ་ནི། ཧཱུྃ།

p. 604

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་གཅིག་ཏུ་འདུས་པའི་སྐུ། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །དཔལ་ལྡན་ལྷ་མོ་དུད་སོལ་མ། །འཁོར་བཅས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྐུ་གསུང་ཐུགས་ཀྱི་དབང་རྣམས་དང་། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ༈ རྗེས་ཆོག་གི་རིམ་པ་ནི། མཆོད་པ་ཁ་གསོ་བྱས་ལ། ཧཱུྃ། ཁྲག་ཞག་མཆོད་ཡོན་མྱོས་བྱེད་འབྲུ་ཡི་ཆང་། །དུག་གི་མེ་ཏོག་ཤ་ཆེན་གསུར་གྱི་དུད། །ཚིལ་ཆེན་ཞུན་སྦར་ཡེ་ཤེས་བདུད་རྩིའི་མཚོ། །རོ་བརྒྱ་དང་ལྡན་བཤོས་བུ་རོལ་མོའི་སྒྲ། །འབུལ་ལོ་བཞེས་ཤིག་རོལ་ཅིག་ལྷ་ཚོགས་མཆོད། །བསྟོད་པ་ནི། ཞིང་གི་ཁྱབ་བདག་ཐོག་མའི་མགོན་པོ་མཆོག །ཡི་དམ་ཧེ་རུ་

p. 605

ཀཿལ་ཕྱག་འཚལ་བསྟོད། །ཡེ་ཤེས་འཇིག་རྟེན་ལས་ལས་གྲུབ་པའི་ཚོགས། །ཆོས་སྐྱོང་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །མཐུ་དང་རྫུ་འཕྲུལ་མངོན་སྤྱོད་ཡོངས་ཀྱི་རྗེ། །བཀའ་སྲུང་དམ་ཅན་རྣམས་ལ་ཕྱག་འཚལ་བསྟོད། །མངོན་ཤེས་ཡིད་ཀྱིས་དཔྱོད་པར་ཤེས་པའི་ཚོགས། །འཁོར་ཚོགས་དྲག་ཤུལ་རྣམས་ལ་ཕྱག་འཚལ་བསྟོད། །ནོངས་བཤགས་ནི། བདག་ཅག་མི་ཤེས་བག་མེད་ལེ་ལོ་ཡིས། །མཆོད་རྫས་འབག་བཙོག་ཏིང་འཛིན་གཡེལ་བ་དང་། །ཉ་ཤི་དུས་དྲུག་མཆོད་པ་ཆག་པ་སོགས། །རབ་ཏུ་བཤགས་ཤིང་དག་ཚངས་མཛད་དུ་གསོལ། །སྨོན་ལམ་ནི། འཁོར་བར་འཁྱམས་པ་ཉོན་མོངས་དུག་ལྔའི་ལུས། །མ་ལུས་ཁྱེད་ཀྱི་སྙིང་རྗེས་རྗེས་བཟུང་སྟེ། །བླ་མེད་བདེ་གཤེགས་ས་ལ་འགོད་གྱུར་ནས། །དགེ་བའི་འབྲས་བུས་སངས་རྒྱས་ཐོབ་པར་ཤོག །སྔོན་བྱོན་རྒྱལ་དང་

p. 606

བྱང་ཆུབ་སེམས་དཔའ་ཡིས། །ཐུགས་བསྐྱེད་འགྲོ་དོན་མཛད་པ་ཇི་བཞིན་དུ། །བདག་ནི་ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བདག་གིས་འགྲོ་བའི་དོན་ཀྱང་སྨོན། །བླ་མ་ཡི་དམ་ཆོས་སྐྱོང་རྒྱ་མཚོ་ཡིས། །ལེགས་ཚོགས་སྨོན་པས་སྐུ་གསུང་ཐུགས་མཉེས་ནས། །ལམ་བཟང་ཐེག་ཆེན་ས་ལམ་མྱུར་རྫོགས་ཏེ། །རྒྱུད་ལ་ཏིང་འཛིན་ཡེ་ཤེས་འཆར་བར་ཤོག །རྒྱལ་ཁམས་བདེ་སྐྱིད་རྫོགས་ལྡན་གསར་འཁྲུངས་ཤིང་། །ནད་མུག་མཚོན་བསྐལ་མི་མཐུན་མེད་པ་དང་། །ཡུལ་འདིར་ཕུན་ཚོགས་པདྨོའི་ཚལ་ཆེན་ལ། །དགེ་ལེགས་རྟ་ལྗང་གཞོན་ནུ་འཆར་བར་ཤོག །ཡོངས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་ས་འཛིན། །མི་མཐུན་མེད་ཅིང་བསྟན་པའི་སྒོར་ཞུགས་ནས། །བདག་ཅག་སྒྲུབ་པོའི་དཔལ་འབྱོར་ཚེ་བསོད་ནམས། །འབད་མེད་བདེ་དགེའི་དཔལ་ལ་སྤྱོད་པར་ཤོག །བརྟན་བཞུགས་ནི། བདག་དང་

p. 607

འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྩ་གསུམ་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་ནི། བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག །ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག ། གནས་པོ་དགེ་བསྙེན་རྣམས་ཀྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་

p. 608

ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །རོལ་མོ་ལྡིར་ཞིང་མེ་ཏོག་འཐོར། གཤེགས་གསོལ་ནི། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། ༧ ལྷ་མཆོག་ཁྱེད་ལ་བསྟོད་པའི་བསོད་ནམས་ཀྱིས། །ཚེ་འདིར་སྒྲུབ་པའི་བར་ཆད་ཞི་བ་དང་། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་ནས། །མ་འོངས་དུས་སུ་འགྲོ་བ་འདྲེན་པར་ཤོག ། ༧ ཀུན་ཁྱབ་དང་པོའི་སངས་རྒྱས་གདོད་མའི་མགོན། །དེ་དང་དབྱེར་མེད་ཧེ་རུ་ཀ་དཔལ་ཆེ། །དབྱིངས་ཀྱི་ཡུམ་མཆོག་

p. 609

རྡོ་རྗེ་རྣལ་འབྱོར་མ། །ཐུགས་གསུང་སྐུ་དང་ཡོན་ཏན་ཕྲིན་ལས་བདག །དམ་ཚིག་བདེ་ཆེན་འཁོར་ལོ་ཐམས་ཅད་ལ། །མི་ཕྱེད་དད་པ་ཆེན་པོས་གསོལ་བ་འདེབས། །འདི་དང་ཕྱི་མ་དུས་ཀུན་ཐམས་ཅད་དུ། །ཧེ་རུ་ཀ་ཡི་ཐུགས་རྗེས་རྗེས་བཟུང་ནས། །ངན་སོང་འཁོར་བའི་གནས་ནས་འདྲེན་དུ་གསོལ། །དག་པ་མཁའ་སྤྱོད་ཞིང་དུ་ལམ་སྣ་དྲོངས། །ཞེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །དེ་ལྟར་བསྟན་པ་སྲུང་བའི་དམ་ཅན་ཆེན་པོ་རྣམས་ཀྱི་མཆོད་ཕྲེང་མདོར་བསྡུས་སུ་བསྒྲིགས་པ་འདི་ཉིད་རང་ལ་འབྲི་འོས་ཀྱི་ཡོན་ཏན་ན་ཕྲ་ཡང་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་དང་། བྱ་བཏང་རྣལ་འབྱོར་པ་ཚུལ་ཁྲིམས་མཐར་ཕྱིན། སྒྲུབ་དཔོན་མགོན་པོ་གྲགས་པ་རྣམས་ཀྱིས་གཙོས་བོང་བ་ལ་གསེར་དུ་འཛིན་པའི་དད་ལྡན་སློབ་བུ་དུ་མས་དགོས་དབང་དང་འབྲེལ་རིང་ནས་ནན་བསྐུལ་ངོར། བྱང་འབའ་རོམ་པའི་གདན་ས་དང་། མདོ་སྟོད་སྐྱོ་བྲག་གི་ཆོས་སྡེ་སོགས་ཀྱི་བསྐང་གསོལ་གཅིག་གྱུར་དུས་བབས་དང་བསྟུན་ནས་རྒྱས་བསྡུས་འཚམས་ཤིང་

p. 610

རྒྱུན་ཁྱེར་གྱི་ཉམས་བཞེས་བདེ་བའི་ཆེད་མདོར་བསྡུས་ཏེ་བཀོད་པ་འདིའང་ངེས་དོན་སྙིང་པོའི་རིང་ལུགས་འཛིན་པ་གསང་བདག་བདུད་འཇོམས་རྡོ་རྗེས་སྒྲིག་ཆོག་ལ་གཞིར་བྱས། གྲུབ་བརྙེས་རིག་འཛིན་གོང་མ་རྣམས་ཀྱི་གསུང་གིས་ཟུར་བརྒྱན་ནས། ༧ དཔལ་འབའ་རོམ་པའི་བརྒྱུད་འཛིན་སྐྱོ་བྲག་གསལ་བྱེད་སྐྱེ་ཕྲེང་འཛིན་པ་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་འབོད་པས་སྐྱོ་བྲག་གི་ཡང་དབེན་དཔལ་རི་བསམ་གཏན་ཆོས་གླིང་ནས་ལྷག་བསམ་དག་པས་སྦྱར་བའི་དགེ་བས་མི་མཐུན་པའི་ཕྱོགས་མཐའ་དག་ཆོས་དབྱིངས་མཉམ་པ་ཉིད་ཀྱི་ཀློང་དུ་ཞི་ནས་འགྲོ་ཀུན་དཔལ་ཧེ་རུ་ཀའི་གྲོང་ཁྱེར་དམ་པར་བདེ་བླག་ཏུ་འཇུག་པའི་རྒྱུར་གྱུར་ཅིག ། སརྦ་མངྒ་ལཾ། །དགེའོ།། །།

བསྐང་གསོལ་བསྡུས་པ། ཨ་བསྟན་ཕུན་ཚོགས།

p. 611

ཆོས་སྐྱོང་རྣམས་ཀྱི་གསོལ་ཀ་བརྒྱ་སྟོང་སོགས་གྲངས་བསག་དགོས་ཚེ་སྤྱི་བྱེ་གཉིས་ལས། སྤྱི་ལ། ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་གི །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་བརླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་

p. 612

གྱི་ནམ་མཁར་སྤྲིན་བཞིན་གཏིབ་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ཏྲཀྴད་སོགས། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བགྱི། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཉིད་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་

p. 613

དེས། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་བརླག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་བྱས་པའི་དགེ་བ་འདི། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་ལྟ་བུ་དང་། ཧཱུྃ། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། །

p. 614

བླ་མ་དཀོན་མཆོག་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །དག་པ་རབ་འབྱམས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བྱ་རོག་མཚན་ཅན་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །

p. 615

རབ་འཇིགས་དུར་ཁྲོད་གནས་མཆོག་ནས། །ཀུན་དགའ་གཞོན་ནུ་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རང་རང་སོ་སོའི་གནས་མཆོག་ནས། །ཡུལ་ལྷ་གཞི་བདག་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག ། རྣལ་འབྱོར་འདོད་དོན་འགྲུབ་པར་མཛོད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། །དམར་ཆེན་རཀྟ་གཏོར་མ་དང་། །བདུད་རྩི་སྨན་དང་རྩི་བཅུད་དང་། །རིན་ཆེན་སྨན་སྣ་མཐུན་རྫས་ཚོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས་མངའ་གསོལ་ལོ། །དཔའ་བོ་མཁའ་འགྲོ་མངའ་གསོལ་ལོ། །ཆོས་སྐྱོང་སྲུང་མ་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །མ་ཧཱ་ཀཱ་ལ་མངའ་གསོལ་ལོ། །བྱ་རོག་མཚན་

p. 616

ཅན་མངའ་གསོལ་ལོ། །སེང་གེའི་གདོང་ཅན་མངའ་གསོལ་ལོ། །ཞིང་སྐྱོང་ཡབ་ཡུམ་མངའ་གསོལ་ལོ། །རྡོ་རྗེ་གུར་མགོན་མངའ་གསོལ་ལོ། །དཔལ་ལྡན་ལྷ་མོ་མངའ་གསོལ་ལོ། །ཨེ་ཀ་ཙ་ཏི་མངའ་གསོལ་ལོ། །མགོན་མང་འཁོར་ཚོགས་མངའ་གསོལ་ལོ། །རྣམ་སྲས་སྐྱ་བརྒྱད་མངའ་གསོལ་ལོ། །རྟ་ལྷའི་རྒྱལ་པོ་མངའ་གསོལ་ལོ། །གཟའ་མཆོག་ཡབ་ཡུམ་མངའ་གསོལ་ལོ། །སྐྱེས་བུ་ཆེན་པོ་མངའ་གསོལ་ལོ། །རྡོ་རྗེ་དགྲ་འདུལ་མངའ་གསོལ་ལོ། །ཉ་ཡི་མགོ་བོ་མངའ་གསོལ་ལོ། །དགེ་བསྙེན་སྨྱོ་ཁ་མངའ་གསོལ་ལོ། །དགྲ་ལྷ་གེ་སར་མངའ་གསོལ་ལོ། །ཐང་ལྷའི་རྒྱལ་པོ་མངའ་གསོལ་ལོ། །ལྷ་གཉན་གངས་བཟང་མངའ་གསོལ་ལོ། །དམག་གི་རྒྱལ་མོ་མངའ་གསོལ་ལོ། །ཚེ་རིང་མཆེད་ལྔ་མངའ་གསོལ་ལོ། །མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །རྡོ་རྗེ་ངས་ནུས་མངའ་

p. 617

གསོལ་ལོ། །དམག་དཔོན་དབྱི་རྒྱལ་མངའ་གསོལ་ལོ། །སྤྲག་གི་བཙན་རྒོད་མངའ་གསོལ་ལོ། །རྡོ་རྗེ་གུར་མགོན་ནས་འདི་ཡན་ཤྲཱི་བྷ་དྲས་གསབ་པའོ། །དྲེགས་པའི་གཙོ་བོ་མངའ་གསོལ་ལོ། །སྡེ་བརྒྱད་མཐུ་ཆེན་མངའ་གསོལ་ལོ། །ཡུལ་ལྷ་གཞི་བདག་མངའ་གསོལ་ལོ། །མཆོད་འོས་རྒྱ་མཚོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་རྒྱས་པར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཅེས་ཞྭ་དམར་ལྔ་པའི་གསུང་ལྟ་བུའོ། །༈ བྱེ་བྲག་ལ་མགོན་པོ་ནི། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་ལོ། །བསྟན་པ་བསྲུང་བར་མངའ་གསོལ་ལོ། །

p. 618

དགྲ་བགེགས་འདུལ་བར་མངའ་གསོལ་ལོ། །རྣལ་འབྱོར་དགྲ་ལྷར་མངའ་གསོལ་ལོ། །རིག་འཛིན་སྲུང་མར་མངའ་གསོལ་ལོ། །བར་ཆད་བཟློག་ཕྱིར་མངའ་གསོལ་ལོ། །མཐུན་རྐྱེན་བསྒྲུབ་ཕྱིར་མངའ་གསོལ་ལོ། །མཐུ་དང་དྲག་རྩལ་མ་ཆུང་ཞིག །བསྟན་པ་སྲུང་བའི་ལས་འདི་ལ། །ལེ་ལོ་སྙོམ་ལས་མ་མཛད་པར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་རྒྭ་ལོས་མཛད་པའོ། །ཞིང་སྐྱོང་ནི། ཧཱུྃ། འོག་མིན་དུར་ཁྲོད་ཆེན་པོ་ནས། །ཞིང་སྐྱོང་ཆེན་པོ་ཡབ་དང་ཡུམ། །དམ་ཚིག་གཉན་པོ་དྲན་མཛོད་ལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཤ་ཁྲག་བརྒྱན་པའི་གཏོར་མ་དང་། །བདུད་རྩི་སྨན་རཀ་སྐྱེམས་ཀྱིས་མཆོད། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །ཀུན་དགའ་གཞོན་ནུ་མངའ་གསོལ་ལོ། །ལྷ་མོ་ཆེན་མོ་མངའ་གསོལ་ལོ། །བམ་རོ་ཕོ་མོ་མངའ་གསོལ་ལོ། །སྤྲུལ་པ་ཡང་སྤྲུལ་

p. 619

མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །བསམ་པའི་དོན་རྣམས་འགྲུབ་པ་དང་། །མི་མཐུན་རྐྱེན་དང་བར་ཆད་སོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གུར་མགོན་ནི། ལྷ་མཆོག་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་དབང་ཕྱུག་འཁོར་བཅས་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འཁྱིལ། །དམར་ཆེན་རཀྟའི་ལྦུ་ཕྲེང་འཁྲིགས། །རོ་བརྒྱ་ལྡན་པའི་ལྷ་བཤོས་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །སྣ་ཚོགས་མཆོད་པའི་བྱེ་བྲག་འདིས། །རྡོ་རྗེའི་ཆོས་སྲུང་དམ་ཚིག་ཅན། །གུར་མགོན་ཡབ་ཡུམ་མངའ་གསོལ་ལོ། །ཐུགས་རྗེའི་དབང་གིས་དགྱེས་བཞེས་ལ། །རྣལ་འབྱོར་བདག་གིས་བཅོལ་བ་ཡི། །ལས་རྣམས་ཐམས་ཅད་འགྲུབ་པར་མཛོད། །མ་ཧཱ་ཀཱ་ལ་དེ་ཝཱི་ཡ། མ་ཧཱ་མཾ་ས་མ་ཧཱ་པཉྩ་ཨ་མྲྀ་ཏ་བ་

p. 620

ལྟིཾ་པུ་ཛི་ཏི་ཨཱཿཧཱུྃ། ལྷ་མོ་ནི། དཔལ་ལྡན་ནཱ་རོའི་བརྒྱུད་འཛིན་བསྟན་པ་སྲུང་། །ཆོས་སྐྱོང་ཀུན་འདུས་མཆོག་གྱུར་སྲུང་མའི་གཙོ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་མཛོད་ལ། །དེང་འདིར་བདག་གིས་སྒྲུབ་པའི་གྲོགས་མཛོད་ཅིག །ནཱ་རོའི་སྙན་བརྒྱུད་དོ། །རྣམ་སྲས་ནི། ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་

p. 621

བསམ་པ་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཨ་རཱ་གས་སོ། །རྟ་ལྷ་ནི། ཧཱུྃ། ཤར་ཕྱོགས་སྐྱོང་བའི་མགོན་པོ་དཔལ་རབ་འཆང་། །ཉི་མའི་སྲས་པོ་འཕགས་པ་རེ་མནྟ། །ཟླ་བའི་སྲས་པོ་རྟ་བདག་ཀུ་བེ་ར། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཆགས་འཕེལ་སྲུང་ལམ་དགྲ་རྟ་ནད་བཟློག །ཨ་རཱ་གས་སོ། །སྔགས་སྲུང་མ་ནི། ཨོཾ། སྔགས་ཀྱི་སྲུང་མ་སྨུག་ནག་འོད་འཕྲོ་མ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བར་ཆད་སོལ་ལ་ཅི་བསམ་ཀུན་འགྲུབ་ནས། །བསམ་དོན་ཆོས་དང་མཐུན་པའི་ཕྲིན་ལས་མཛོད། །རྣམ་རྒྱལ་རྡོ་རྗེས་སོ། །དྲང་སྲོང་ཆེན་པོ་ནི། ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུ་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་

p. 622

དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་མངའ་གསོལ་ལོ། །དུག་གི་ཟོར་ཁ་དགྲ་ལ་སྒྱུར། །གདུག་པའི་ཁ་རླངས་དགྲ་ལ་སྒྱུར། །བདག་ཅག་དཔོན་སློབ་མི་ཕྱུགས་བཅས། །ཁྱོད་ཀྱི་བུ་སྤུན་ཚ་བོ་བཞིན། །རྟག་ཏུ་སྲུང་སྐྱོབས་མ་གཡེལ་ཅིག །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨི་དམ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་རཱ་གས་སོ། །དམ་ཅན་མགར་ནག་ནི། ཀྱེ། སངས་རྒྱས་བསྟན་པ་སྐྱོང་བ་ཡི། །གཙུག་ལག་ཡོངས་ཀྱི་སྲུང་མ་ཆེ། །དམ་ལ་གནས་པའི་དམ་ཚིག་ཅན། །སྐྱེས་བུ་ར་ཆིབས་འདིར་གཤེགས་ཤིག །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །དངོས་སུ་འབྱོར་དང་ཡིད་སྤྲུལ་གྱིས། །འདོད་ཡོན་མཆོད་པ་དཔག་མེད་འདི། །མ་ལུས་བློ་ཡིས་བླངས་ཏེ་འབུལ། །ཁྱོད་ནི་མྱུར་མགྱོགས་རྫུ་འཕྲུལ་ཅན། །བསྟན་པ་སྲུང་ཞིང་འཛམ་གླིང་བསྐོར། །རྣལ་འབྱོར་སྐྱོང་ཞིང་དགྲ་བགེགས་

p. 623

འདུལ། །རིག་འཛིན་སྲུང་མ་ཁྱོད་ལ་བསྟོད། །བསྟན་པ་སྤེལ་བའི་ལས་འདི་ལ། །ལེ་ལོ་སྙོམ་ལས་མ་མཛད་པར། །ཉིན་མཚན་བྱ་ར་མེལ་ཚེ་དང་། །དུས་ཀུན་བཅོལ་བའི་ཕྲིན་ལས་མཛོད། །ཇག་མེ་ནི། ཧཱུྃ། སློབ་དཔོན་པདྨས་དབང་བསྐུར་དམ་ཚིག་ཅན། །རྡོ་རྗེ་དགྲ་འདུལ་ཞེས་སུ་མཚན་གསོལ་བ། །ལྷ་ཡི་དམག་དཔོན་གཤིན་རྗེའི་ལས་མཁན་ཆེ། །དགྲ་ལྷའི་རྒྱལ་པོ་ཇག་མེ་བཙན་འཁོར་བཅས། །འདིར་གཤེགས་དྲག་པོའི་དགྱེས་རྫས་སྣ་ཚོགས་འབུལ། །སྔོན་གྱི་རིག་འཛིན་རྣམས་ཀྱིས་བཀའ་བསྒོས་བཞིན། །ཞི་རྒྱས་དབང་དྲག་ལས་རྣམས་མ་ལུས་པ། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །དགེ་བསྙེན་ནི། སེང་གེ་རྫོང་གི་གཏེར་སྲུང་མཆོག །ཀླུ་བདུད་རྦ་ནག་དགེ་བསྙེན་ཆེ། །བཙུན་མོ་སྲས་དང་གཟའ་མཆོག་བཅས། །སྡེ་བརྒྱད་ཕོ་ཉ་ཡང་འཁོར་ལ། །མངའ་

p. 624

གསོལ་གསེར་སྐྱེམས་གཏོར་མ་འབུལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཅི་བསམ་དོན་རྣམས་བསྒྲུབ་པ་དང་། །ཆོས་དང་མཐུན་པའི་སྡོང་གྲོགས་མཛོད། །སྔགས་འཆང་ལྷུན་གྲུབ་རབ་བརྟན་གྱིས་མཛད་པའོ། །གེ་སར་ནི། ཧཱུྃ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྗེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་ལྷ་ཝེར་མའི་འཁོར་དང་བཅས། །ཐུགས་རྗེའི་ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །མི་ཕམ་པས་སྦྱར་བའོ། །ཐང་ལྷ་ནི། ཨོཾ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་ཚོགས་དང་བཅས་བརྒྱ་བྱིན་

p. 625

སྲས་མོ་ནི། །མཚོ་སྨན་ཕྱུག་མོར་བཅས་པས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་། །བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང་། །ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ། །ཨོཾ་ཨཱ་མ་ནུ་ཥེ་གྷནྡྷརྦྷ་ཝ་རཱ་ཛ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་རཱ་གས་སོ། །གངས་བཟང་ནི། ཧཱུྃ། སྔོན་ཚེ་རིག་འཛིན་བླ་མ་ཡི། །བཀའ་ཉན་ཕྲིན་ལས་སྐྱོང་བའི་ལྷ། །ལྷ་གཉན་བསམ་གཏན་གངས་བཟང་ནི། །འཁོར་བཅས་འདིར་བྱོན་དགྱེས་པར་བཞུགས། །བདུད་རྩི་སྨན་རཀ་སྐྱེམས་ཀྱིས་མཆོད། །རོ་བརྒྱ་ལྡན་པའི་མཆོད་གཏོར་བཞེས། །འབའ་རོམ་རྒྱལ་བའི་བསྟན་པ་སྤེལ། །གང་བསམ་མྱུར་འགྲུབ་ཕྲིན་ལས་མཛོད། །དམག་རྒྱལ་མ་ནི། བྷྱོ། བསྟན་སྲུང་དམག་གི་རྒྱལ་མོ་ལ། །དངོས་འབྱོར་ཕྱི་ནང་གསང་

p. 626

གསུམ་དང་། །ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །མཆོད་དོ་འབུལ་ལོ་མངའ་གསོལ་ལོ། །སངས་རྒྱས་བསྟན་དང་བདག་ཅག་ལ། །གནོད་ཅིང་འཚེ་བའི་རྐྱེན་རྣམས་བཟློག །བདག་གི་ཡིད་ལ་གང་བསམ་ཀུན། །ཐོགས་མེད་འགྲུབ་པའི་ཕྲིན་ལས་མཛོད། །མ་མ་རུ་ལུ་མ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚེ་རིང་མ་ནི། ཨོཾ་ཨཱཿཧ་སྱ་བཛྲ་ཧཱུྃ། ཨོཾ་ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཨཱཿམཆོད་རྫས་ཀུན་བཟང་མཆོད་སྤྲིན་འབུལ། །ཧཱུྃ་ཐུགས་དམ་དགྱེས་བསྐང་ཐུགས་འགལ་བཤགས། །ཧྲཱིཿ གང་འདོད་མཆོག་ཐུན་དངོས་གྲུབ་སྩོལ། །ཧོཿལུས་དང་མི་འབྲལ་སྡོང་གྲོགས་མཛོད། །ཕཊ་བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །བྷྲཱུྃ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །མཆོག་ཕྱག་རྒྱ་ཆེན་པོ་མངོན་གྱུར་ནས། །སྒོམ་རྩ་རླུང་ཐིག་གསུམ་མཐར་ཕྱིན་ཤོག །ས་མ་ཡ། ཆོས་རྒྱལ་རྡོ་རྗེས་སོ། །དུར་བདག་མགོན་དཀར་ནི། དཔལ་ཆེན་

p. 627

ཐུགས་སྤྲུལ་རྡོ་རྗེ་གིང་ཀ་ར། །འདིར་གཤེགས་མཆོད་སྤྲིན་རབ་བཞེས་ཕྲིན་ལས་ནི། །དགྲ་ཇག་ཆོམ་རྐུན་མི་མཐུན་རྐྱེན་སོགས་སོལ། །མཐུན་རྐྱེན་འདོད་དགུ་ལས་བཞི་ལྷུན་གྱིས་གྲུབ། །བསམ་པའི་དོན་ཀུན་ད་ལྟ་ཉིད་དུ་སྒྲུབས། །ཀྵིཾ་གྷྲི་ར་ཛ་སརྦ་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཤྲཱི་བྷ་དྲས་སོ། །དཀོར་སྲུང་ངས་ནུས་མ་ནི། བྷྱོཿ བསིལ་བ་ཚལ་དང་ཉེ་བའི་ཚནྡྷོ་ཧ། །བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས། །དཀོར་གྱི་སྲུང་མ་རྡོ་རྗེ་ངས་ནུས་མ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད། །ཨོཾ་ར་ལི་པྲ་མ་ཡ་ཛཿས་པཱ་རི་ཝཱ་ར་ཨི་དཾ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཨ་རཱ་གས་སོ། །སྤྲག་བཙན་ནི། ཧཱུྃ། རྡོ་རྗེའི་བཀའ་ཉན་སྒྲུབ་མཆོག་བུ་བཞིན་སྐྱོང་། །དྲག་ཤུལ་སྟོབས་ཀྱིས་བསྟན་དགྲ་རྩད་ནས་གཅོད། །ཀུན་སྐྱོང་དྲག་པོའི་རྩལ་ལྡན་སྤྲག་གི་

p. 628

བཙན། །ཡུམ་བློན་གཉན་ལྷ་བདུད་བཙན་འཁོར་ཚོགས་བཅས། །དྲི་ཞིམ་རོ་བརྒྱའི་བཅུད་ལྡན་རྒྱ་ཇའི་ཕུད། །སྨན་གཏོར་ཕྱི་ནང་གསང་མཆོད་དགྱེས་བཞེས་ལ། །རྒྱལ་བསྟན་སྤྱི་དང་བྱེ་བྲག་དྭགས་བརྒྱུད་པའི། །བསྟན་པ་སྲུང་བའི་ཕྲིན་ལས་མ་གཡེལ་ཅིག །དབྱི་རྒྱལ་ནི། ཧཱུྃ། རྒྱལ་བའི་བསྟན་སྲུང་དགེ་བསྙེན་མྱུར་མགྱོགས་ཅན། །མཐུ་ཆེན་དྲེགས་འདུལ་དཀར་ཕྱོགས་སྐྱོང་བའི་ལྷ། །དབྱི་རྒྱལ་རིན་ཆེན་བློན་འཁོར་མཚོ་བཀྲ་ཡུམ། །བཀའ་ཉན་ལས་བྱེད་ཕོ་ཉའི་ཚོགས་དང་བཅས། །སྔོན་ཚེ་ཞལ་བཞེས་དུས་ལས་མ་གཡེལ་བར། །མཆོད་གཏོར་བཞེས་ལ་ཞི་རྒྱས་དབང་དྲག་གི །ཕྲིན་ལས་མྱུར་སྒྲུབས་བཤད་སྒྲུབ་བསྟན་པ་སྤེལ། །གཞི་བྱེས་ཀུན་ཏུ་འབྲལ་མེད་ཁ་འཛིན་མཛོད། །ཡང་དམ་ཅན་སྤྱི་ཡི་གསོལ་བསྡུས་ནི། ཧྲཱིཿ གདོད་ནས་ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་

p. 629

ཀྱིས་གདུག་ཅན་ཚར་གཅོད་ཕྱིར། །དབྱིངས་ནས་སྐུར་བཞེངས་བསྟན་སྲུང་རྒྱ་མཚོའི་ཚོགས། །ཨོ་རྒྱན་བླ་མ་རིག་འཛིན་བརྒྱུད་པ་ཡི། །རྡོ་རྗེའི་གཡར་དམ་གཉན་ལས་མ་འདའ་བར། །བསྟན་པའི་མེལ་ཚེ་མཛད་པའི་དུས་ལ་བབས། །དེང་དུས་བསྟན་པའི་ཡང་མཐའ་མར་འགྲིབ་འདིར། །རྒྱལ་བསྟན་རིན་ཆེན་ཕྱོགས་བརྒྱར་སྤེལ་བ་དང་། །འཛིན་ཅིང་སྡུད་པའི་རིག་འཛིན་བདག་ཅག་ལ། །སྡང་ཞིང་གདུག་པའི་སེམས་ལྡན་ཡིད་རྩུབ་སྡེ། །ལོག་སྨོན་བཏབ་པའི་གཟུགས་ཅན་གཟུགས་མེད་རྣམས། །ཡེ་ཤེས་རོལ་པའི་ཕྲིན་ལས་རྣམ་པ་བཞིས། །མི་གནས་དབྱིངས་སུ་བསྒྲལ་བའི་ལས་མཛོད་ཅིག །ཅེས་རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་མཛད་པའོ། །སརྦ་མངྒ་ལཾ། །སླར་སྨོན་པ། གདོད་ནས་རབ་ཞི་ཤྲཱི་ཧེ་རུ་ཀ །གང་འདུལ་ཁྲོས་པའི་སྐུར་བཞེངས་གཏུམ་ཆེན་ལྷ། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་སྡོད་བཅས། །ཐུགས་དམ་གནད་བསྐུལ་གསོལ་

p. 630

བསྐང་ཆོ་གའི་ཁྲིགས། །གྲུབ་པའི་དབང་ཕྱུག་རྒྱལ་བ་འབའ་རོམ་པའི། །བཀའ་སྲོལ་མངོན་རྟོགས་ནོར་བུའི་གན་མཛོད་ལས། །མཚུངས་མེད་སྒྲུབ་བརྒྱུད་གས༵ལ་བའི་ཉིན་མོར་བྱེད༵། །གང་དེས་བསྡུས་དོན་ངོ་མཚར་ཕྲེང་བ་བསྟར། །དེ་ཕྱིར་རྣམ་བཞིའི་དངོས་གྲུབ་གེགས་མེད་དུ། །བསྒྲུབ་ལ་ཉེར་མཁོའི་ཆོས་སྦྱིན་པར་གྱི་དབྱིག །འདུ་འགོད་ཡོན་སྦྱར་བགྱིས་པའི་དགེ་བ་གང་། །འགྲོ་ཁམས་ཕན་བདེར་སྤྱོད་པའི་རྒྱུ་རུ་བསྔོ། །ཁྱད་པར་ཐུབ་ཚུལ་སྤྱི་དང་དྭགས་བརྒྱུད་པའི། །བསྟན་པ་དར་རྒྱས་དེ་འཛིན་ཞབས་པད་བརྟན། །སྣོད་བཅུད་ཉེས་པའི་རྒུད་ཚོགས་ལས་གྲོལ་ནས། །འཇིག་རྟེན་དགེ་ལེགས་བྱེ་བས་མཛེས་གྱུར་ཅིག །ཅེས་པའང་ཡི་གེའི་ཕྱི་མོ་དཔར་བསྐྲུན་གྱི་ཡོན་སྦྱོར་ཞུས་པ་དང་འབྲེལ། ཆོས་རྗེ་བླ་མ་གང་གི་བཀའ་འབངས་ཨ་བསྟན་ཕུན་ཚོགས་མིང་ཙམ་འཛིན་པས་སྨོན་པའོ།། །།

རྩ་གསུམ་ལྷ་ཚོགས་དགྱེས་པའི་ཚོགས་མཆོད་བདུད་རྩིའི་དགའ་སྟོན། སྐྱོ་བྲག་ཤྲཱི་བྷ་དྲ།

p. 631

༄༅། །རྩ་གསུམ་ལྷ་ཚོགས་དགྱེས་པའི་ཚོགས་མཆོད་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །

p. 632

ཚོགས་ཀྱི་མཆོད་པ་བྱ་བ་ནི། དེའང་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པ། སྒོས་སྒྲུབ་བརྒྱུད་འདི་ཡི་ལུགས་ལ་ཚོགས་ཀྱི་འཁོར་ལོ་གལ་ཆེ་བར་གསུངས་ཏེ། རྗེ་མར་པའི་ཞལ་ནས། སྨིན་ལམ་དབང་བཞི་ཞུ་བ་དང་། །རྒྱུད་སྡེ་ཉན་བཤད་བྱེད་པ་དང་། །གདམས་ངག་ཟབ་མོ་ཞུ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཉམས་རྟོགས་ཡོན་ཏན་སྐྱེ་བ་དང་། །དམ་ཚིག་བཤགས་སྡོམ་བྱེད་པ་དང་། །ཕྲིན་ལས་རྣམ་བཞི་ཞུ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །གསུངས་པ་ལྟར་དང་། ཕན་ཡོན་ནི་ས་གཞི་བྱིན་རླབས་པ། ཡུལ་ཕྱོགས་བཀྲ་ཤིས་པ། མི་ཕྱུགས་ཀྱི་ནད་ཡམས་རྒྱུན་ཆད་པ། དུས་འཁྲུགས་ཞི་ཞིང་བདེ་བ། ཆོས་སྒྲུབ་པ་ལ་བར་ཆད་མེད་པ། བསམ་པའི་དོན་ཐམས་ཅད་འགྲུབ་པའི་དགོས་པ་ཡོད། དེའང་འགྱུར་དང་འཕེལ་སྐྱེད་ཆེ་བ་རྒྱལ་བའི་དུས་ཆེན་རྣམས་དང་། ཟླ་བ་ཡར་མར་གྱི་ཚེས་བཅུ། མགོན་པོ་རྒྱུ་བའི་དུས་ཆེན། ཉ་སྟོང་ཚེས་བརྒྱད་རྣམས་སུ་ཚོགས་ཀྱི་མཆོད་

p. 633

པ་བྱེད་པར་སྤྲོ་ན། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ་ཀྱི་སྟོད་ལས་བྱང་ཆུབ་ལམ་ཁྱེར་གྱི་མཚམས་སུ་འཇམ་དབྱངས་མ་ཏི་རཏྣས་མཛད་པའི་ཚོགས་མཆོད་འདི་བྱའོ། །༈ གུ་རུ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། དུས་བཟང་མཆོད་པའི་སྐབས་ཚོགས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་རྒྱ་ཆེ་ལ་གཙང་ཞིང་མཛེས་པར་བཤམས་ལ། ཐོག་མར་བྱིན་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་ལས་རང་མདུན་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་བྷནྡྷར་གོ་ཀུ་ད་ཧ་ན། །བི་མུ་མ་ར་ཤུ་ལས་ཤ་ལྔ་དང་། །བདུད་རྩི་ལྔར་གྱུར་རང་རང་ཡི་གེས་

p. 634

མཚན། །རླུང་གཡོས་མེ་སྦར་ཐོད་དྲོས་རྫས་ཞུ་ཁོལ། །ཉེས་སྐྱོན་ཕྱིར་ལུད་རླངས་པ་ཁ་ཊྭཱཾ་ག །སྔོ་སྐྱ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བདུད་རྩི་རྣམས། །སྤྱན་དྲངས་དམ་ཚིག་བདུད་རྩིར་གཉིས་མེད་འདྲེས། །འབྲུ་གསུམ་ཁ་ཊྭཱཾ་དང་བཅས་འོད་ཞུ་བའི། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། འབར་བའི་རྒྱ་བཅས། ཕེཾ་ཕེཾ་ཕེཾ། ཞེས་ཚོགས་མགྲོན་སྤྱན་དྲངས། རྡོ་ཐལ་ཐོད་རྒྱ་འབྱེད་པས། ན་མོ། ཐབས་དང་ཤེས་རབ་གཉིས་མེད་པའི། །ཚོགས་ཀྱི་འཁོར་ལོའི་རྫས་ཆེན་པོ། །ངོ་བོ་གདོད་ནས་སྐྱེ་མེད་དབྱིངས། །རང་བཞིན་ཨ་ལི་ཀ་ལའི་ཚུལ། །རྣམ་པ་ཤ་ལྔ་བདུད་རྩི་ལྔས། །རྒྱས་བཏབ་ཟག་མེད་ཚོགས་མཆོད་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས། །མཆོད་འོས་རྒྱ་མཚོའི་ཞལ་དུ་འབུལ། །སརྦ་

p. 635

པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་ལ་ཁཱ་ཧི། ལན་གསུམ་སྤོས་རོལ་དབྱངས་བཅས། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །དཔལ་ལྡན་འཁོར་ལོ་དྲ་བ་སྡོམ། །ཕག་མོ་ཡུམ་བཅས་སྐུ་བསྐྱོད་འཚལ། །ཉེར་བཞིའི་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །དཔལ་ལྡན་མགོན་པོ་ཕྱག་བཞི་པ། །བྱ་རོག་མཚན་ཅན་སྐུ་བསྐྱོད་འཚལ། །ཡུམ་དང་སྤྲུལ་པ་ལས་མཁན་དང་། །མཁའ་འགྲོ་བརྒྱད་དྲུག་ཡང་འཁོར་བཅས། །ཡེ་ཤེས་མགོན་པོ་

p. 636

འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བདུད་དང་མུ་སྟེགས་ལྟ་ལོག་སྒྲོལ། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོར། །བྷྱོཿ བཞེངས་ཤིག་སྲུང་མ་རྣམས་བཞེངས་ཤིག །རྟག་པའི་རྒྱལ་མོ་གཏུམ་མོ་ཆེ། །དུད་སོལ་ལྷ་མོ་སྐུ་བསྐྱོད་འཚལ། །དཀར་སེར་དམར་ལྗང་རེ་མ་ཏི། །རྗེ་བློན་སྙིང་འཕྲོག་ལས་མཁན་བཅས། །སྣང་སྲིད་མ་མོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བསྟན་པ་འཇིགས་པའི་དགྲ་བགེགས་ཐུལ། །སྒྲུབ་བརྒྱུད་རིང་ལུགས་དར་བར་མཛོད། །ཧཱུྃ། བཞེངས་ཤིག་བཀའ་སྲུང་རྣམས་བཞེངས་ཤིག །ཡེ་ཤེས་ལས་གྲུབ་འཇིག་རྟེན་གྱི། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །སྣང་སྲིད་དྲེགས་བྱེད་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དགྲ་བགེགས་བྱད་མ་རྡུལ་དུ་རློགས། །ཕྲིན་ལས་རབ་

p. 637

འབྱམས་ཐོགས་མེད་སྒྲུབས། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ལས་ཀྱི་རྡོ་རྗེས་ཚོགས་ཆ་གསུམ་དུ་བཅད་ལ། ཕུད་གཏོར་མར་བསྟབ་ཅིང་བདུད་རྩི་ནམ་མཁར་འབུལ། བར་འདིར་གསོལ་གཞུང་གི་བསྐང་བ་དང་འཁྲུགས་བསྐང་བཤགས་པ་སོགས་བྱ་བར་གསུངས་པས་ཚོགས་མཆོད་སྐབས་གོང་གི་དམ་ཅན་སྤྱི་བསྐང་དང་འཁྲུགས་བསྐང་འདིར་གདོན་པར་བྱའོ། །མཆན། དེ་ནས་བཤགས་པ་ཅུང་ཟད་རྒྱས་པར་སྤྲོ་ན། ཧཱུྃ། བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཡེ་ཤེས་སྤྱན་ལྡན་ལྷ་ཚོགས་རྣམས། །བརྩེ་བའི་ཐུགས་ཀྱིས་དགོངས་སུ་གསོལ། །བདག་ནི་མ་རིག་དབང་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཉམས་པར་གྱུར་པ་གང་མཆིས་པ། །སྤྱན་སྔར་གནོང་འགྱོད་དྲག་པོ་ཡིས། །མི་འཆབ་མི་སྦེད་མཐོལ་ཞིང་བཤགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །སོར་ཆུད་བྱང་དག་

p. 638

མཛད་ནས་ཀྱང་། །སྒྲིབ་མེད་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུྃ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ འདིར་སྨད་ལས་དགྲ་བགེགས་ལམ་ཁྱེར་སྤུ་གྲི་རེག་འཇོམས་སྐོར་དང་། དབང་ལེན་པའི་བར་གྲུབ་ནས་ཚོགས་བར་པ་བརྡ་ཡི་འབུལ་ལེན་བཅས་ལོངས་སྤྱོད། མང་ལྷག་བསྡུས་ཏེ་སློབ་དཔོན་ནས་ཚོགས་ཀྱི་ཆ་གསུམ་པ་བསྣན་བདུད་རྩིས་བྲན་ལ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། ཧཱུྃ། ཕྱོགས་བཞི་དབུས་ལྔའི་དུར་ཁྲོད་ནས། །རིགས་ལྔའི་མཁའ་འགྲོ་དཔལ་འབར་མ། །དོན་གྱི་

p. 639

སངས་རྒྱས་ཡིན་མོད་ཀྱང་། །སྒྲུབ་པ་པོ་ཡི་གྲོགས་བྱའི་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་པས། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིངྟ་བྷཀྵ་སི་སྭཱ་ཧཱ། ཞེས་ལྷག་གཏོར་སྒོ་དྲུང་དུ་བཤལ་ཆུ་བཅས་འབུལ་ལོ། །རྗེས་ཀྱི་རིམ་པ་མཆོད་བསྟོད་ནོངས་བཤགས་རྟེན་བཞུགས་བསྔོ་སྨོན་བཀྲ་ཤིས་སོགས་མཐར་དབྱུང་བས་གྲུབ་བོ། །འདིའང་མཆོག་སྤྲུལ་ཨ་བསྟན་ཕུན་ཚོགས་དང་། ཚོགས་གཉིས་འོད་ཟེར་ཟུང་གི་ཐུགས་བཞེད་ལྟར་གསོལ་བསྡུས་ཀྱི་ཁ་སྐོང་དུ་བཀོད་པ་ཡིན་ལ། རྒྱུན་གསོལ་སྐབས་ཚོགས་མཆོད་ཆད་མེད་མཛད་མོས་ཅན་ཡིན་ན་སྔར་ལུགས་ལྟར། ཧཱུྃ། བྷནྡྷ་འབར་བའི་ཡོལ་གོ་སོགས་དཀྱུས་ལྟར་གསུང་ནའང་ཤིན་ཏུ་ལེགས་པར་སེམས་སོ། །ཞེས་པའང་འཇམ་དབྱངས་མ་ཏི་རཏྣས་མཛད་པ་སོར་བཞག་ལ་ཁ་གསབ་ཕྲན་བུ་བཅས་གསལ་བྱེད་སྤྲུལ་མིང་འཛིན་པས་སྤེལ་བ་དགེ། །། ༈ ཡང་ཚོགས་མཆོད་ནི། བཟའ་བཏུང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་བཤམས། ཧཱུྃ། བྷནྡྷ་འབར་བའི་

p. 640

ཡོལ་གོ་རུ། །བཟའ་བའི་རོ་བརྒྱ་ཚོགས་པར་བཤམ། །བདག་གི་ཐུགས་ལས་རྃ་ཡྃ་ཁྃ། །འཕྲོས་པས་བསྲེགས་གཏོར་བཀྲུས་པར་གྱུར། །ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་རླུང་གཡོས་མེ་སྦར་ནས། །ཤ་ལྔ་བདུད་རྩི་ཁོལ་བའི་རླངས། །གྲུབ་པའི་ཁ་ཊྭཱཾ་འབྲུ་གསུམ་ཞུ། །ཨོཾ་ཨཱཿཧཱུྃ། ཧཱུྃ། ཚོགས་གཏོར་རི་ལྟར་སྤུངས་སེ་སྤུང་། །སྨན་རཀ་མཚོ་ལྟར་ཀྱི་ལི་ལི། །ཤ་ཆེན་སྤོས་དུད་ཐིབས་སེ་ཐིབ། །མཆོད་ལྷ་གར་སྟབས་ཁྲིགས་སེ་ཁྲིག །ཚོགས་ཁང་འདི་རུ་གཤེགས་སུ་གསོལ། །དྲུག་པ་རྡོ་རྗེ་འཆང་ཆེན་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཡི་དམ་འཁོར་ལོ་བདེ་མཆོག་ལ། །དཔའ་བོ་སྤྲིན་བཞིན་ཚུབས་སེ་ཚུབ། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བདེ་སྤྱོད་རྡོ་རྗེ་ཕག་མོ་ལ། །མཁའ་འགྲོ་མང་པོ་ཀྱུ་རུ་

p. 641

རུ། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དང་ཉེར་བཞི་ནས། །དཔལ་མགོན་བྱ་རོག་མཚན་ཅན་ལ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས། །སྲུང་མ་དམ་ཅན་རྒྱ་མཚོས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །རྣམ་སྲས་ཛཾ་ལྷ་རིགས་དགུ་ལ། །རང་རང་སྡེ་ཚན་འཁོར་གྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཚོགས་གཏོར་བཅུད་ཕོབ་འདིར་ཚོགས་ལ། །བྱིན་ཕོབ་རྐྱེན་སེལ་ཉམས་རྟོགས་སྤེལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཚོགས་ཕུད་རིམ་པ་བཞིན་མཆོད་པར་བྱ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས། །སྲུང་མ་སྡེ་འཁོར་བཅས་པ་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །བདེ་བས་བཞེས་ལ་དབྱིངས་སུ་སྟིམས། །བར་པ་བཤགས་པ་ནི། ཧཱུྃ། ཡེ་ཤེས་སྤྱན་ལྡན་བླ་མ་ཡི་དམ་ལྷ། །དཔལ་

p. 642

མགོན་ཆོས་སྐྱོང་མ་ལུས་འཁོར་བཅས་ཀྱི། །སྤྱན་སྔར་བདག་སོགས་ཉེས་པའི་སྒྲིབ་པ་རྣམས། །སྤྱན་སྔར་གནོང་འགྱོད་དྲག་པོས་རབ་བཤགས་ནས། །བྱང་དག་དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ས་ཏྭ་ཏེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཡི་གེ་བརྒྱ་པ་བཟླས། ལྷག་མ་ནི། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཧཱུྃ། ཤར་ལྷོ་ནུབ་བྱང་མཁའ་འགྲོའི་ཚོགས། །དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་དང་། །ཤུགས་འགྲོ་མ་སྲིང་བརྟན་མའི་ཚོགས། །དཀྱིལ་འཁོར་མཐའ་རུ་སྐྱོང་བའི་སྡེ། །སྔོན་གྱི་གཡར་དམ་དྲན་གྱིས་ལ། །ཧེ་རུའི་རྣལ་འབྱོར་ཉམས་

p. 643

རྟོགས་སྤེལ། །ལྷག་མ་བཞེས་ལ་ཕྲིན་ལས་རྣམས། །ཐོགས་པ་མེད་པར་འགྲུབ་པར་མཛོད། །ཅེས་ལྷག་མ་ཕུལ། སྨོན་ལམ་བཀྲ་ཤིས་གཞུང་ལྟར་བྱའོ། །ཞེས་ཚོགས་མཆོད་ཤྲཱི་ནན་ཏས་བསྐུལ་བ་ལྟར་ཤྲཱི་བྷ་དྲའི་མིང་གིས་དགེ། །།

རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་ཚོགས་སྐོང་བསྡུས་པ་འདོད་དོན་མྱུར་སྩོལ། ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 644
p. 645

རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་ཚོགས་སྐོང་བསྡུས་པ་འདོད་དོན་མྱུར་སྩོལ་བཞུགས་སོ། ། ༈ ཐོག་མར་བྱིན་བརླབ་ཅིང་ཚོགས་མཆོད་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སོགས། །སྲུང་མ་སྡེ་འཁོར་བཅས་པ་ལ། །ཟག་མེད་ཚོགས་ཀྱི་མཆོད་པ་འབུལ། །བདེ་བ་ཆེན་པོར་བཞེས་ནས་ཀྱང་། །བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། གཉིས་པ་ཐུགས་དམ་བསྐང་ཞིང་འདོད་དོན་གསོལ་བ་ནི། ཧཱུྃ། སྐུ་གསུམ་རོལ་པ་ཆེན་པོའི་ཀློང་། །

p. 646

ཀུན་བཟང་མཆོད་པའི་སྤྲིན་རྒྱ་མཚོ། །ཟག་མེད་ཚོགས་ཀྱི་འཁོར་ལོ་འདིས། །རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །ཁྱད་པར་ཆོས་སྐྱོང་བྱ་རོག་མཚན། །བཀའ་སྡོད་ཕོ་ཉ་ཡང་འཁོར་སྡེ། །དུད་སོལ་ལྷ་མོ་འཁོར་བཅས་ཀྱི། །ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང་། །ཐུགས་དམ་གཉན་པོ་བསྐངས་པའི་མཐུས། །བསྟན་དང་བསྟན་འཛིན་འདུས་པའི་སྡེ། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་འགྲུབ་མཛོད། །གསུམ་པ་ཉེས་ཚོགས་བཤགས་ཤིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཡེ་ཤེས་སྤྱན་ལྡན་དགོངས་སུ་གསོལ། །མ་རིག་ཉེས་ཚོགས་བཤགས་ཤིང་སྡོམ། །བཟོད་བཞེས་བྱང་དག་མཛད་དུ་གསོལ། །རིགས་ལྔའི་མཁའ་འགྲོ་བསྟན་མའི་ཚོགས། །ཐ་ཚིག་མ་གཡེལ་ཕྲིན་ལས་སྒྲུབས། །ཨོཾ་ཨུཙྪིཥྚ་བ་ལིངྟ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད། གྲངས་གསོག་སྐབས་ཤིན་ཏུ་བསྡུས་པར་འདོད་ན་གོང་འོག་

p. 647

བར་གྱི་སྔགས་ཁོ་ནས་ཀྱང་འགལ་བ་མེད་སྙམ། ཞེས་པའང་སྲུང་མའི་ཚོགས་འབུམ་གྲངས་གསོག་པའི་དགོས་གལ་དང་བསྟུན། སྒྲུབ་གྲྭ་ཁག་དང་། གྲྭ་མང་སོ་སོ་ནས་ནན་བསྐུལ་དང་རྟེན་འབྲེལ་རྨི་ལམ་བཟང་པོས་མཚམས་སྦྱར་ནས། གྲུབ་བརྙེས་གོང་མ་རྣམས་ཀྱི་གསུང་ལ་གཞི་བྱས་ཏེ་ཅུང་ཟད་བསྡུས་དོན་གྱི་ཚུལ་དུ་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་འབོད་པས་སྦྱར་བ་བསྟན་འགྲོའི་ལེགས་ཚོགས་དབྱར་གྱི་ཆུ་གཏེར་བཞིན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ་དགེའོ།། །།

འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།

p. 648

༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

p. 649

འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག

Pecha page