← Search

དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད།

འཇམ་མགོན་བློ་གྲོས་མཐའ་ཡས། གཡུལ་ལས་རྣམ་པར་རྒྱལ་བ། མཁས་གྲུབ་ཀརྨ་ཆགས་མེད། སྒྲུབ་དཔོན་ཨོ་རྒྱན་ཐེག་མཆོག །སློབ་དཔོན་རྡོ་རྗེ་མཚོན་ཆ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ། སྐྱོ་བྲག་མི་འགྱུར། ཨཀྵ་ར། མཉྫུ་གྷོ་ཥ། བདེ་ཆེན་འབར་བའི་རྡོ་རྗེ། མཆོག་གྱུར་བདེ་ཆེན་གླིང་པ། བསྟན་གཉིས་གཡུང་དྲུང་གླིང་པ། ཀརྨ་དྲི་མེད་བློ་གྲོས། པདྨ་རྣམ་པར་རྒྱལ་བ། པདྨ་རྣམ་པར་རྒྱལ་བ། མཁན་པོ་ཀརྨ་རཏྣ། རིག་འཛིན་འཇའ་ཚོན་སྙིང་པོ། པདྨ་གར་དབང་ཕྲིན་ལས། མཁའ་ཀློང་ཡངས་པ། རིག་འཛིན་ཆོས་རྒྱལ་རྡོ་རྗེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

ཐུན་མཚམས་རྣལ་འབྱོར་ལ་ཉེ་བར་མཁོ་བ་གསར་རྙིང་གི་གདམས་ངག་སྙིང་པོ་བསྡུས་པ་དགོས་པ་ཀུན་ཚང་། བློ་གྲོས་མཐའ་ཡས།

p. 0

༄༅། །དཔལ་འབའ་རོམ་བཀའ་བརྒྱུད་ཀྱི་རྩ་གསུམ་སྒྲུབ་ཐབས་ཕྱོགས་བསྒྲིགས་གྲུབ་གཉིས་ནོར་བུའི་གཏེར་མཛོད་ལས་{ཉེར་མཁོའི་གསར་རྙིང་ཆོས་སྤྱོད་སྐོར་}བཞུགས་སོ། །

p. 1

༄༅། །ཐུན་མཚམས་རྣལ་འབྱོར་ལ་ཉེ་བར་མཁོ་བ་གསར་རྙིང་གི་གདམས་ངག་སྙིང་པོ་བསྡུས་པ་དགོས་པ་ཀུན་ཚང་ཞེས་བྱ་བ་བཞུགས་སོ། །

p. 2

གནས་སྐབས་བཞི་ཡི་འཁྲུལ་རྟོག་ནི། །ཡེ་ཤེས་ཆེན་པོའི་འཁོར་ལོར་ཤར། །སྐྱབས་གསུམ་ཀུན་འདུས་བླ་མ་རྗེར། །མི་ཕྱེད་སྙིང་ནས་གུས་པས་འདུད། །ཐེག་པའི་འཇུག་སྒོ་མཐའ་ཡས་ཤིང༌། །གང་ཟག་མོས་པའང་ཐ་དད་ཀྱང༌། །རང་འདྲའི་བློ་དམན་ཐ་མལ་བློ། །རྣལ་མའི་དོན་ལ་འདི་ལྟར་སྦྱོར། །དེའང་རང་རེ་ལས་དང་པོ་པ་རྣམས་ལ་མཉམ་རྗེས་མཚན་ཉིད་པ་མེད་པས་ཐབས་སྣ་ཚོགས་ཀྱིས་སྒོ་གསུམ་དགེ་བའི་ལམ་དུ་སྦྱོར་བར་བྱེད་དགོས། དེ་ལ་གྲུབ་ཐོབ་གོང་མ་རྣམས་ཀྱིས་མཛད་པའི་རི་ཆོས་དང་ཆོས་སྤྱོད་ཀྱི་རིགས་དང༌། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་ཉམས་ལེན་དྲུག་པ། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་དགེ་སྦྱོར་བདུན་པ། རྒྱལ་བ་རྒོད་ཚང་བའི་

p. 3

དམ་བཅའ་བཅུ་གཉིས་པ། ལ་སྟོད་གྲུབ་ཐོབ་ཤེས་རབ་མགོན་པོའི་གདམས་ངག་ཉེར་མཁོ་རྒྱལ་བ་དཀོན་མཆོག་ཡན་ལག་གིས་བསྡུས་པའི་ཆོས་སྤྱོད་རབ་གསལ། དཔལ་གཙུག་ལག་ཕྲེང་བའི་ཉིན་ཞག་ཕྲུག་གཅིག་གི་ཆོས་སྤྱོད་ལ་སོགས་པ་ལྟར་ཅི་ནུས་སུ་སློབ་དགོས་པ་ཡིན་ཀྱང་དེ་ལྟར་ཇི་བཞིན་མི་འཁྱོངས་པ་དག་གིས་རྣལ་འབྱོར་དུ་བྱ་བ་མདོར་བསྡུ་ན། མཉམ་བཞག་ཏུ་བསྐྱེད་རྫོགས་སྐབས་སུ་གང་བབས་པ་དེ་ཉིད་རྩེ་གཅིག་ཏུ་ཉམས་སུ་ལེན། རྗེས་ཐོབ་ཐུན་མཚམས་ཀྱི་བྱ་བར་རྒྱུད་དང་གྲུབ་པའི་མན་ངག་ལས་རྒྱས་བསྡུས་ཅི་རིགས་པ་འབྱུང་ཡང༌། རང་རེ་སྡོམ་པ་གསུམ་ཀའི་ཚུལ་ཁྲིམས་བླངས་ཤིང་དེའང་སྔགས་བླ་མེད་ལ་མོས་པས་ཞུགས་པ་དང༌། དེའང་གསར་རྙིང་གཉིས་ཀའི་ཚ་བྲོ་མྱང་བ་རྣམས་ཀྱི་དབང་དུ་བྱས་ཏེ། ཐོ་རངས་ལྡང་བའི་རྣལ་འབྱོར། དག་བྱེད་ཁྲུས་ཀྱི་རྣལ་འབྱོར། སྲུང་སྡོམ་གོ་ཆའི་རྣལ་འབྱོར། ཐུན་མཚམས་གཏོར་མའི་རྣལ་འབྱོར། བཟའ་
བཏུང་ཟས་ཀྱི་རྣལ་འབྱོར། འགྲོ་འདུག་སྤྱོད་ལམ་གྱི་རྣལ་འབྱོར། སྒྲིབ་སྦྱོང་ཉམས་སྐོང་གི་རྣལ་འབྱོར། ཟབ་མོ་ཚོགས་ཀྱི་རྣལ་འབྱོར། ཉལ་བ་གཉིད་ཀྱི་རྣལ་འབྱོར། འཆི་བསླུ་སྲུང་ཟློག་གི་རྣལ་འབྱོར། གཞན་དོན་ཕྲིན་ལས་ཀྱི་རྣལ་འབྱོར། ཐུན་མཚམས་ཆོས་སྤྱོད་ཀྱི་བྱ་བ། བསྔོ་སྨོན་ཟབ་མོའི་རྒྱས་གདབ་པ་སྟེ་བཅུ་གསུམ་དུ་ཤེས་པར་བྱའོ། །དེའང་ཐུན་སྔ་མ་གྲོལ་ནས་ཕྱི་མ་མ་ཚུགས་པའི་བར་སྐབས་རྣམས་སུ་སྒོ་གསུམ་ཐ་མལ་དང་རྣམ་གཡེང་དུ་མ་ཤོར་བར་དགེ་བའི་བྱ་བས་དུས་འདའ་དགོས་པས་ཐུན་མཚམས་ཀྱི་རྣལ་འབྱོར་ཅེས་བྱ་བ་ཉེར་མཁོ་རགས་པ་ཙམ་བསྡུས་པ་ཡིན་གྱི་གང་ཟག་དབང་པོ་དང་ཉམས་སུ་ལེན་བྱའི་ཁྱད་པར་གྱིས་མང་དུ་འགྱུར་རོ། །རྣལ་འབྱོར་བཅུ་གསུམ་པོ་དེའང་ཉམས་སུ་ལེན་ཚུལ་ཕྱི་ནང་གསང་བ་གསུམ་དུ་དབྱེར་ཡོད་ཅིང༌། དེའང་སྡོམ་པ་གསུམ་པོ་གཙོ་བོར་གང་ལ་ཉམས་ལེན་བྱེད་པ་དེ་དང་མཐུན་པར་སོ་སོར་སྦྱོར་དགོས་པ་ཡིན་ཀྱང༌། འདིར་ལག་ཏུ་བླང་བདེ་བའི་ཆེད་དུ་ཕལ་ཆེར་སྟབས་གཅིག་ཏུ་བཀོད་པར་བྱའོ། །

དང་པོ་ལྡང་བའི་རྣལ་འབྱོར།

p. 4

༈ དེ་ལ་དང་པོ་ལྡང་བའི་རྣལ་འབྱོར་ནི། ཐོ་རངས་ཀྱི་སྐབས་སུ། སྣང་བ་ཐམས་ཅད་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེ་རང་འོད་འཁྲུགས་པའི་དབུས་ནས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཌཱ་རུ་དང་གཡེར་ཁ་དང་ཡི་དམ་གྱི་སྔགས་སྒྲ་སྒྲོགས་པས་གཉིད་ལས་སད་པར་མོས་ལ། ལུས་དྲང་པོར་བསྲང་། རླུང་རོ་ལན་

p. 5

གསུམ་བསལ། ཆོས་ཐམས་ཅད་རང་བཞིན་སྐྱེ་འགག་གནས་གསུམ་མེད། འགྲོ་འོང་དམིགས་པ་མེད་པའོ་ཞེས་དྲན་པར་བྱས་ལ་རིག་པ་ནམ་མཁར་གཏད་དེ་མི་རྟོག་པའི་ངང་དུ་ཅི་གནས་སུ་བཞག་པས་རིག་པ་དྭངས་སྙིགས་ཕྱེད། རྟོག་ཚོགས་ཆོས་སྐུར་འཆར་རོ། །རྫོགས་ཆེན་པ་ཡིན་ན་ལུས་གནད་སེང་གེའི་འདུག་སྟངས་བྱ། ཧ་ཞེས་དབུགས་རིང་བ་གསུམ་བུས་ལ་ཕྱིར་འཛིན་བྱ་བའི་ཚེ། སྔར་ཉལ་དུས་སྙིང་པདྨ་དམར་པོ་འདབ་བཞིའི་ནང་དུ་མ་ཡིག་དཀར་པོ་འོད་འབར་བ་བསྒོམས་པ་དེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན། སྤྱི་བོའི་འདོམ་གང་ཙམ་གྱི་ནམ་མཁར་ལིང་ངེར་འདུག་པ་ལ་སེམས་གཏད་པས་མི་རྟོག་པའི་ཡེ་ཤེས་འཆར་རོ། །དེའི་ངང་ལས་རང་ལུས་ཡི་དམ་ལྷ་སྐུ་སྒྱུ་མའི་ཚུལ་ཅན་དུ་ལམ་གྱིས་གསལ་གདབ་ཅིང་སྣང་བ་ཐམས་ཅད་ལྷའི་རང་བཞིན་ཏུ་བལྟས་ལ། སེམས་ཅན་ཐམས་ཅད་འཁོར་བའི་མལ་ནས་ལྡངས་པར་གྱུར་ཅིག །སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེས་འཁྲུལ་སྣང་ལྷར་འཆར་བའི་རྟེན་འབྲེལ་འགྲིག་གོ། །རླུང་འཇུག་གནས་ལྡང་གསུམ་རྩ་བའི་ཡི་དམ་གྱི་སྔགས་དང་སྦྱར་བའམ། སྤྱི་ཙམ་དུ་འཇུག་པ་ཨོཾ། གནས་པ་ཨཱཿ དབྱུང་བ་ཧཱུྃ་དུ་དྲན་པའི་བརྡ་འགྱུར་རྡོར་བཟླས་ཅི་ནུས་བྱས་པས་ངག་རླུང་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་དག་པར་འགྱུར་རོ། །དེ་ནས་ཉི་མ་དེ་རིང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་ཅི་ནས་ཀྱང་

p. 6

མ་བྲལ་བ་བྱའོ་སྙམ་པའི་འཕེན་པ་ཤུགས་དྲག་པོ་བཏང༌། དེ་ནས་རྙིང་མ་ཡིན་ན་གཡོན་པའི་མཐེབ་སྲིན་ཐབས་ཤེས་ཀྱི་སྦྱོར་བས་བདུད་རྩི་ཆོས་སྨན་བླངས་ལ་ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པར་གྱུར་པར་བསམས་ལ་མྱང༌། གསར་མ་ཡིན་ན་ཀ་པཱ་ལ་ཆང་དང་བདུད་རྩི་རིལ་བུ་སྦྱར་བ་མདུན་དུ་བཞག་པ་རྩ་བའི་ཡི་དམ་གྱི་གཞུང་ལྟར་བྱིན་བརླབས་བྱ། མི་ལྕོགས་པའམ་མདོར་བསྡུ་དགོས་པའི་སྐབས་སུ་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས་གསུངས་པ་ལྟར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་བརྗོད་པས་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་མོས་ལ་གོང་སྨོས་ལྟར་མྱང༌། དེ་ནས་བཟླས་བརྗོད་ཁ་ཏོན་ལ་གཙོར་བྱེད་པ་རྣམས་ཀྱིས་ངག་བྱིན་རླབས་རྒྱས་པར་སྤྲོ་ན། བླ་མ་དགོངས་འདུས་ཀྱི་བཟླས་བརྗོད་ནུས་པ་སྟོབས་སྐྱེད་ལྟར་བྱ་བའམ། ཡང་ན། མཁས་གྲུབ་ཁྱུང་པོའི་གདམས་ངག་ལས་འབྱུང་བ་འདི་ཉིད་བྱ་སྟེ། རང་ཉིད་ཡི་དམ་ལྷར་གསལ་ལྕེ་ཡི་སྟེང༌། །ཨ་ལས་ཟླ་སྟེང་ཨ་དཀར་འོད་འབར་བའི། །མདུན་ནས་གཡས་བསྐོར་ཨོཾ་དང་དབྱངས་ཡིག་དཀར། །དེ་རྒྱབ་གསལ་བྱེད་སྭཱ་ཧཱ་གཡོན་

p. 7

བསྐོར་དམར། །དེ་རྒྱབ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་སྔོ། །དེ་ལས་འོད་འཕྲོས་རྩ་གསུམ་མཆོག་གསུམ་གྱི། །བྱིན་རླབས་ལྷ་སྔགས་འོད་ཟེར་རྣམ་པར་བསྡུས། །སླར་ཡང་འོད་འཕྲོས་གྲུབ་པ་རིག་འཛིན་དང༌། །དྲང་སྲོང་བདེན་གྲུབ་རྣམས་ཀྱི་ངག་ནུས་མཐུ། །ཡིག་འབྲུའི་ཚུལ་བསྡུས་ལྕེ་ལ་ཐིམ་པར་གྱུར། །ཡི་དམ་ལྷ་སྔགས་ཀྱི་ཤམ་དུ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་བ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དབྱངས་གསལ་རྟེན་སྙིང་རྣམས་སྦྲེལ་མར་ལན་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་ལོངས་ཁྱབ་དང་སྦྱར་ལ་བཟླས་མཐར། སྔགས་ཕྲེང་ཟླ་བ་རིམ་ཞུ་ཨ་ལ་ཐིམ། །དེ་ཡང་བདུད་རྩི་དཀར་དམར་རྣམ་པར་

p. 8

ཞུ། །ལྕེ་ལ་ཐིམ་པས་ནུས་པའི་སྟོབས་ལྡན་གྱུར། །བདག་གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་ཤོག །ཚིག་གི་གཟི་བརྗིད་མཐུ་དེས་ནི། །སེམས་ཅན་ཐམས་ཅད་འདུལ་བར་ཤོག །བདག་གིས་ཚིག་ནི་ཅི་སྨྲས་པའི། །དོན་དེ་ཐམས་ཅད་འགྲུབ་པར་ཤོག །ཅེས་བརྗོད། འདི་ནི་གདམས་ངག་སྤྱི་དང་ཁྱད་པར་ཨོ་རྒྱན་རིན་པོ་ཆེ། ཕ་དམ་པ་རྣམས་ཀྱིས་ཆེད་དུ་གདམས་ཤིང་སྨོན་ལམ་སངས་རྒྱས་ཀྱི་བཀའོ། །འགྱུར་སྔགས་ཀྱི་རིགས་མང་ཡང་ལྕོགས་དཀའ་བས་ཨོཾ་སམྦྷ་ར་སམྦྷ་ར་བི་མཱ་ན་སཱ་ར་མ་ཧཱ་ཛམྦྷ་ཧཱུྃ། ཨོཾ་སྨ་ར་སྨ་ར་བི་མཱ་ན་སྐ་ར་མ་ཧཱ་ཛ་བ་ཧཱུྃ། ཞེས་སྤྲེལ་མར་ལན་བདུན་བཟླས་པས་དེ་ཉིན་བཟླས་བརྗོད་བྱས་ཚད་གྲངས་མེད་དུ་འགྱུར་རོ། །གཞན་ཡང༌། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ནཱ་ཡ་སྭཱ་ཧཱ། ཧྲཱིཿབཛྲ་ཛི་ཧྭཱ་མནྟྲ་དྷ་ར་བརྡྷ་ནི་ཨོཾ། ཞེས་པའང་བདུན་ནམ་གསུམ་བཟླས་པས་སྔགས་ཀྱི་ནུས་པ་འབུམ་དུ་སྐྱེད་པར་གསུངས། ཡི་དམ་གྱི་བཟླས་པའི་ཐོག་མར་འདི་དང་དབྱངས་གསལ་རྟེན་སྙིང་བཅས་བཟླས་པས་ཕྲེང་བ་བྱིན་
གྱིས་བརླབ་པ་དང༌། སྐབས་སུ་ཁ་ཟས་ལའང་བཏབ་གྲུབ་ན་ནུས་པའི་མཐུ་སྐྱེད་པར་གསུངས་སོ། །དྲི་མེད་རྡོ་རྗེའི་གཏེར་མ་དུང་འགྱུར་ཟ་ཡིག་བརྟེན་ན་སྔགས་དམིགས་ཁྱད་པར་བ་དང་བཅས་སྐབས་འདིར་བརྟེན། དེ་ནས་དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་སྔོན་འགྲོ་བཞི་པོས་ངེས་འབྱུང་བསྐྱེད་ཅིང་བློ་ཆོས་ལ་བསྐུལ། སྐྱབས་སེམས་ཚད་དུ་ལོངས་པ་དང༌། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་ཏེ་ཐུན་མིན་སྔོན་འགྲོ་རྣམས་སོ་སོའི་དམིགས་སྒོམ་རྡོ་རུས་འཕྲོད་པར་བྱ། ཁྱད་པར་བླ་མའི་རྣལ་འབྱོར་སྤྱི་དང་བྱེ་བྲག་ལ་གནད་དུ་བསྣུན་པའི་མཐར། རྫོགས་ཆེན་རྣལ་འབྱོར་སྐབས། སྤྱི་བོར་བླ་མ་གསལ་བཏབ་ལ་རང་ཉིད་འོད་དུ་ལྟེམ་གྱིས་ཞུ་འོད་ལྔའི་གོང་བུར་གྱུར་པ་རྒྱངས་ཀྱིས་སོང༌། བླ་མའི་ཐུགས་ཀར་ཐིམ། བླ་མ་ཡང་ཇེ་མཐོར་གཤེགས་པའི་མཐར་འོད་གསལ་གྱི་དབྱིངས་སུ་ཡལ་བར་བསམས་ལ་ཅིའང་ཡིད་ལ་མི་བྱེད་པའི་ངང་དུ་དར་ཅིག་བཞག །དེ་ལ་དགོས་པ་ཚད་མེད་པ་ཡོད་དོ། །

གཉིས་པ་ཁྲུས་ཀྱི་རྣལ་འབྱོར།

p. 9

༈ གཉིས་པ་ཁྲུས་ཀྱི་རྣལ་འབྱོར་ནི། ནམ་ལངས་པའི་ཚེ་རྒྱས་པར་འགྲུབ་ན་བུམ་པ་བཅུད་ལྡན་བཤམ། གཏེར་གསར་གསང་ཐིག་རྡོར་སེམས་ལྟ་བུས་བདག་བུམ་སྒྲུབ་ཅིང་ཁྲུས་དང་དབང་ལེན་བྱ། དེ་མི་འགྲུབ་པའམ་ལོང་ཁོམ་མེད་སྐབས། བུམ་པ་རང་བྱུང་གཞལ་ཡས་སུ། །པད་ཟླར་རྡོར་སེམས་སྐུ་མདོག་དཀར། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །

p. 10

ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡིག་བརྒྱས་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཡིག་བརྒྱ་ཅི་འགྲུབ་བཟླ། བུམ་ལྷ་འོད་ཞུ་བདུད་རྩིར་གྱུར། །འོག་མིན་གནས་ནས་རྡོ་རྗེ་སེམས། །བྱོན་ཏེ་བདག་ལ་ཁྲུས་མཛད་གྱུར། །ཅེས་མོས་ལ་ཡིག་བརྒྱ་དང༌། །ཁྲུས་བདུན་རིག་པ་བཟླས་ལ་ཁྲུས་དང་འཐོར་འཐུང་བྱའོ། །ཁྲུས་ལྷ་འོད་ཞུ་རང་ལ་ཐིམ། །རང་ཉིད་རྡོར་སེམས་ངོ་བོར་གྱུར། །ཅེས་མོས། གསར་རྙིང་ཀུན་ལས་རྣལ་འབྱོར་པའི་སྤྱི་ཁྲུས་འདི་ཁོ་ནར་བསྔགས་ཤིང༌། ནང་གི་ཁྲུས་ནི་རྡོར་སེམས་སྤྱི་བོར་བསྒོམས་ནས་བདུད་རྩི་འབེབས་སྦྱོང་བྱ་བ་དང༌། གསང་ཁྲུས་རང་ཉིད་རྡོར་སེམས་སུ་བསྒོམས་ནས་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་བྱེད་པ་སྟེ་ཐམས་ཅད་ཆང་བ་གྲུབ་ན་རབ། མ་གྲུབ་ན་གང་ལྕོགས་རེ་མ་ཆག་པ་གལ་ཆེ་བས་དམིགས་སུ་སྨོས་པའོ། །ཡང་རྣམ་འཇོམས་ཆག་མེད་བྱེད་མཁན་ཡིན་ན། བདག་མདུན་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ། །ཁྲོ་འཛུམ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་སྣ་ཚོགས་རྡོ་རྗེ་

p. 11

དྲིལ་བུ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་པད་ཉིའི་སྟེང༌། །སྐྱིལ་ཀྲུང་ཕྱེད་བཅས་སྟོད་གཡོགས་སྨད་ཤམ་ཅན། །ཡེ་ཤེས་རང་འོད་འཁྲིགས་པའི་དབུས་ན་བཞུགས། །ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར། །མདུན་བསྐྱེད་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས། །བུམ་ནང་དག་བྱེད་བདུད་རྩིས་གང་བར་གྱུར། །ཅེས་མོས་ལ་རྣམ་འཇོམས་གཟུངས་རིང་ཐུང་གང་འགྲུབ་དང༌། ཨོཾ་ཨེ་ཧོཿཤུདྡྷེ་སོགས་ཁྲུས་བདུན་རིག་པའི་ཤམ་བུ་གདགས་པའང་བཟླས་ལ་འཐོར་འཐུང་བྱ། ལྷ་སྔགས་དེ་འདྲ་རང་གི་ལྕེ་ཐོག་ཏུ་བསྒོམས་པའི་འོད་ཀྱིས་ངག་མནན་དིགས་ལྐུག་སོགས་ངག་གི་ཉེས་སྐྱོན་ཐམས་ཅད་སེལ་བར་བསམས་ལ། གཟུངས་ཐུང་སྔགས་ཤམ་དུ། མནྟྲ་གུ་ཧྱ་ས་མནྟ་མ་ཧཱ་བ་ལ་ཧཱུྃ་སྭཱ་ཧཱ། ཞེས་བཏགས་པ་བཟླས། མཐར་ལྷ་སྔགས་ལྕེ་ལ་བསྟིམས་པས་ངག་སྐྱོན་སེལ་བའི་ཐབས་མཆོག་ཏུ་གྱུར་པའོ། །ཡང་རྣམ་འཇོམས་གཟུངས་ཐུང་མཐར། ཏདྱ་ཐཱ། ཀ་པ་ཙ་ཀརྑ་ལ་ཏེ་སྭཱ་ཧཱ། ཞེས་བཏགས་པ་ལན་བདུན་བཟླས་

p. 12

པའི་ཆུ་གཙང་གིས་གདོང་དང་ལག་པ་བཀྲུས་པས་བློ་རྣོ་བ་དང་བདག་གཞན་གྱི་རྒྱུད་ལ་བྱམས་པའི་ཏིང་ངེ་འཛིན་སྐྱེ་བ་སོགས་ཡོན་ཏན་མང་ངོ༌། །བུམ་པ་སོགས་དངོས་སུ་མི་འཛོམ་སྐབས། མདུན་གྱི་ནམ་མཁར་སྐད་ཅིག་གིས། །རིགས་ལྔའི་ལྷ་ཚོགས་བྱོན་པར་གྱུར། །བདག་གི་སྡིག་སྒྲིབ་མ་ལུས་པ་སྦྱང་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀ་ནས་ལྷ་མོ་བདུད་རྩིས་གང་བའི་བུམ་པ་ཐོགས་པ་སྤྲོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་ཁྲུས་བྱས་པས། དབང་བཞི་ཐོབ། སྡིག་སྒྲིབ་ཐམས་ཅད་དག །ལུས་ཤེལ་གོང་གཡའ་དག་པ་ལྟར་གྱུར། ཅེས་བསྒོམས་པས་ཀྱང་འགྲུབ། ཡང་མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་དང༌། གྲོལ་ཏིག་ལས་འབྱུང་བའི་དམ་གྲིབ་ཉེས་པ་ཀུན་སེལ་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྟོང་པའི་ངང་ལས་སྐད་ཅིག་གིས། །སྣ་ཚོགས་པད་ཉིའི་གདན་སྟེང་དུ། །རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི། །མཐིང་ནག་འོད་ཟེར་

p. 13

ཀུན་འཕྲོ་བ། །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད། །ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ། །གནས་གསུམ་ཡི་གེའི་འཕྲོ་འདུ་ལས། །ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་ཐིམ། །ཐུགས་ཀར་པད་ཉིར་ཧཱུྃ་མཐིང་མཐར། །བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན། །མེ་ཡི་ཚྭ་ཚྭ་འཁྲུག་ཅིང་འཕྲོ། །གནོད་བྱེད་ཉམས་ཆགས་ཀུན་བསྲེག་གྱུར། ཨོཾ་ཨིས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨ་ཀ་ཊོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ། ཨོཾ་བྷུར་ཀུར་མ་ཧཱ་པྲཱ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙྩུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་

p. 14

ཧཱ། ཞེས་ཉམས་གྲིབ་ཆེན་པོ་ལ་བརྒྱ་རྩ། འབྲིང་ལ་བདུན་གསུམ་ཉེར་གཅིག །ཆུང་ངུ་ལ་བདུན་བཟླས་ལ་སྣ་བུག་ཏུ་ཕུས་གདབ་པས་ཉམས་གྲིབ་ཐམས་ཅད་ཉི་མས་མུན་པ་ལྟར་འཇོམས་པར་གསུངས་ཏེ་ད་ལྟའི་གསང་སྔགས་པ་རྣམས་ལ་མེད་ཐབས་མེད་པའི་གདམས་ངག་ཟབ་མོའོ། །ནང་གི་ཁྲུས་རྡོ་རྗེ་གུར་གྱི་དགོངས་པ་ནི། རང་ལུས་བུམ་པ་ནང་ཁྲོལ་བུམ་པའི་རྫས། །རང་སེམས་ཡི་དམ་ལྷ་ལས་རང་བྱུང་གི། །བདུད་རྩི་མི་བསྐྱོད་ངོ་བོར་བབས་པར་གྱུར། །ཅེས་མོས་ལ་རྩ་བའི་ཡི་དམ་མམ། རྡོར་སེམས། སྨེ་བརྩེགས་སོགས་ཀྱི་སྔགས་བཟླས། །དྲི་ཆུ་བཏང་བའི་ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད། བར་པས་ཁྲུས་བྱ་ཞིང་ཧུབ་གསུམ་འཐུང། ལྷག་མ་ཡི་དྭགས་ལ་སྦྱིན། འདི་ནི་སྲུང་བ་ཐམས་ཅད་ཀྱི་མཆོག་ཡིན་ཅིང་བཅུད་ལེན་དུ་འགྱུར་བ་སོགས་དགོས་པ་མང་པོ་ཡོད། རས་འབུད་སྐབས་ཀྱང་ལག་ལེན་འདི་ལྟར་བྱ་དགོས་ལ། འདི་ནི་ཐོ་རངས་སམ་ཟས་མ་ཟོས་པའི་གོང་དུ་བྱ་བ་ཡིན་ནོ། །ཆོས་དྲུག་གི་རྨི་ལམ་འོད་གསལ་སོགས་ཀྱི་སྐབས་སུ་ལྷག་པར་མཁོ་ཞིང་གྲིབ་སེལ་བའི་མན་ངག་ཤིན་ཏུ་ཟབ་པ་ཤངས་ལུགས་རྣམ་འཇོམས་གསང་སྒྲུབ་བཀའ་

p. 15

རྒྱའི་རྒྱུན་ཁྱེར་ཉམས་སུ་ལེན་ན། ཐོ་རངས་གཞན་དང་ངག་མ་འདྲེས་པའི་ལྟོ་སྟོང་མར་སྐྱབས་སེམས་སྔོན་འགྲོས། རང་ལུས་ཡེ་ནས་བུམ་པ་ནི། །རང་ཆས་གྲུབ་ཏེ་སྐྲ་སྣ་དག །བུམ་པའི་ཁ་རྒྱན་ཤིང་ལོ་ཉིད། །མགུལ་པ་བུམ་པའི་མགྲིན་པའོ། །གསུས་པ་བུམ་པའི་ལྟོ་བ་ལྡིར། །རྡོ་རྗེ་ནོར་བུ་བུམ་པའི་མཆུ། །སྲིན་ཞལ་འོག་སྒོ་བུམ་པའི་ཞབས། །རྐང་པ་བུམ་པའི་ཞབས་བཏེག་གོ། །ལྷུན་གྱིས་གྲུབ་པའི་ལྟེ་བའི་ནང༌། །པད་ཉིའི་སྟེང་དུ་ཡི་གེ་ཧཱུྃ། །དེ་མཐར་གཟུངས་རིང་ཚར་གསུམ་གྱིས། །སྔགས་ཕྲེང་ལན་གསུམ་བསྐོར་བར་གྱུར། །ཧཱུྃ་དང་གཟུངས་ལས་འོད་འཕྲོས་པས། །སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །དེ་ཀུན་བྱིན་རླབས་འོད་ཟེར་ཚོགས། །ཚུར་འདུས་སྔགས་ཕྲེང་རྣམས་ལ་ཐིམ། །གཟུངས་རིང་བདུན་ལྔ་གསུམ་གྱི་བར། །རྒྱས་བསྡུས་ལོང་སྐབས་བསྟུན་ལ་བཟླ། །སྔགས་ཕྲེང་འོད་དུ་ཞུ་བ་ལས། །ཁྲུས་ཆུ་

p. 16

གདོན་ལ་ཁྲོ་ཆུང་དང༌། །བར་ཆད་སྲུང་ལ་རྡོ་རྗེའི་རྡུལ། །ཕྲ་མོ་མཚོར་འཁྱིལ་མེ་འོད་འཕྲོ། །ཆུ་ཕུད་ཕར་བཏང་བར་པ་ནས། །ཁྱོར་བ་གསུམ་བཏུང་ཁྲུས་བྱའོ། །དེ་བྱས་ནད་རིམས་མཐའ་དག་དང༌། །གྲིབ་གདོན་ཀུན་ལས་རྒྱལ་བ་ཡིན། །གསང་བའི་ཁྲུས་ཆོག་ཟབ་མོ་འདི། །སྐལ་ལྡན་རེ་རེ་ཙམ་ལའོ། །ཞེས་པའི་དོན་ཉམས་སུ་བླང་ངོ༌། །རྣལ་འབྱོར་པ་ལ་གྲིབ་ཀྱི་རིགས་རྡོར་སེམས་རྣམ་འཇོམས་སོགས་ཀྱིས་མི་སེལ་བ་བྱུང་ན། གནམ་ཆོས་གྲིབ་སེལ་གསེར་གྱི་ཕ་ཝཾ་སོགས་སྨེ་བརྩེགས་ཀྱི་རིགས་ཕལ་ཆེར་ཟབ་ཅིང༌། ཁྱེར་བདེ་བའི་ཁྲོ་མོ་སྨེ་བརྩེགས་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སྤྱི་བོར་པད་ཉིའི་སྟེང༌། །ཧཱུྃ་ལས་མཁའ་འགྲོ་སྨེ་བརྩེགས་སྐུ་མདོག་ནག །སྤྱན་གསུམ་སྐྲ་གྲོལ་དར་ནག་ན་བཟའ་འཕྱང༌། །ཕྱག་གཉིས་དག་བྱེད་བུམ་པ་ཐུགས་ཀར་འཛིན། །རྒྱན་སྤངས་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་རང་འདྲ་བའི། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ

p. 17

དབང་ལྷས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་མི་བསྐྱོད་རྒྱས་བཏབ་གྱུར། །ཨརྒྷཾ་སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་མཆོད་བསྟོད། བུམ་པའི་བདུད་རྩི་བདག་གི་སྤྱི་བོར་བླུགས། །མི་གཙང་གྲིབ་ཀུན་སང་སང་བཀྲུས་པར་གྱུར། །ཨོཾ་གྷརྑཾ་ཙརྑཾ་བི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྃ་ཕཊ། ཅེས་བཟླ། ཁྲོ་མོ་འོད་ཞུ་རང་ལ་ཐིམ་པར་གྱུར། ཅེས་མོས། འདི་ནི་ཉམས་གྲིབ་སེལ་བ་ལ་ལྷག་པར་བསྔགས་ཏེ་གསར་རྙིང་ལུགས་གཅིག་དྲིལ་ལོ། །དེ་ནས་འཛོམས་ན་སྤོས་དཀར་དང༌། མ་འཛོམ་ན་བཟང་ཤིང་གི་ཕྱེ་མ་ལ། ཨོཾ་པདྨོ་ཨུཥྞི་ཥ་བི་མ་ལེ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཨུཥྞི་ཥ་ཡ། དྷ་ར་དྷ་ར། དྷ་རནྟེ་སྭཱ་ཧཱ། ཞེས་ལན་བདུན་སོགས་ཀྱིས་སྔགས་པས་ལུས་དང་གོས་དང༌། ཁྱད་པར་ཆོས་གོས་རྣམ་གསུམ་གྱོན་ཁར་བདུག་ན་ཚུལ་ཁྲིམས་དག་པར་འགྱུར་བ་དང༌། རླུང་རྫིས་ཕོག་པའི་སྐྱེ་འགྲོ་གྲོལ་བ་སོགས་ཕན་ཡོན་མང་དུ་གསུངས་སོ། །

གསུམ་པ་སྲུང་སྡོམ་གོ་ཆའི་རྣལ་འབྱོར།

p. 18

༈ གསུམ་པ་སྲུང་སྡོམ་གོ་ཆའི་རྣལ་འབྱོར་ནི། ནངས་
མོར་བླ་མ་དཀོན་མཆོག་རྣམས་མངོན་སུམ་བཞིན་དུ་མདུན་གྱི་ནམ་མཁར་དཔང་པོའི་ཚུལ་དུ་བཞུགས་པར་མོས་ལ། མཚན་མོ་རྨི་ལམ་ཚུན་དུ་ཉེས་པ་བྱུང་ཚད་ལྟུང་བཤགས་སམ། སངས་རྒྱས་རྐང་གཉིས་སོགས་སམ། བླ་མ་རྡོར་འཛིན་མའམ། མགོན་པོ་བདག་ནི་ལྟ་བུས་སྙིང་ནས་བཤགས། དེ་ནས་ཐལ་མོ་སྦྱར་ཏེ། བླ་མ་རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པའི་ཕྱིར། །སྡོམ་པའི་ཚུལ་ཁྲིམས་ནམ་ཡང་མི་ཉམས་ཤིང༌། །བདག་རྒྱུད་རྣམ་པར་དག་པར་བྱིན་གྱིས་རློབས། །འཇིགས་ཚེ་འཇིག་རྟེན་ལྷ་མིར་སྐྱབས་འཚོལ་དང༌། །ཆོས་སྤངས་སྨན་སྔགས་རྫས་བོན་སོགས་ལ་སྐྱབས། །རབ་བྱུང་རྟགས་དོར་ཁྱིམ་པ་མུ་སྟེགས་འགྲོགས། །སྐྱབས་འགྲོ་གཏོང་བའི་བསམ་སྦྱོར་མི་བྱའོ། །ཉོན་མོངས་ཞེ་སྡང་དབང་གིས་སྲོག་གཅོད་དང༌། དེ་དང་ཆ་མཐུན་གསོད་སེམས་གནོད་སེམས་དང༌། །རྡེག་འཚོག་བསྔོས་ཤ་གཞན་ལ་འཚེ་བའི་ལས། །ལག་ཏུ་ལེན་པའི་

p. 19

བསམ་སྦྱོར་མི་བྱའོ། །ཕྱི་རོལ་རྫས་ལ་ཆགས་པའི་འདོད་ཆགས་ཀྱིས། །མ་བྱིན་ལེན་པ་དངོས་དང་དེའི་ཆ་མཐུན། །གཞོག་སློང་ཐོབ་འཇལ་གཡོ་སྒྱུས་བླངས་དང་ཆང༌། །བརྣབ་སེམས་སེར་སྣའི་བསམ་སྦྱོར་མི་བྱའོ། །ནང་གི་ལུས་ལ་ཆགས་པའི་འདོད་ཆགས་ཀྱིས། །མི་གཙང་སྤྱོད་དང་ཆ་མཐུན་ཁུ་བ་འབྱིན། །འཁྲིག་ཚིག་སྒེག་ཆོས་འཕྱར་གཡེང་རྒོད་དང་གར། །འཕྱོར་འདོད་རྩེད་མོའི་བསམ་སྦྱོར་མི་བྱའོ། །གཏི་མུག་དབང་གིས་མི་ཆོས་བླ་མའི་རྫུན། །ཆ་མཐུན་བརྫུན་ཚིག་གཞན་ལ་གཡོ་སྒྱུའི་སེམས། །དཀོན་མཆོག་ལས་འབྲས་ཚུལ་ལ་ལོག་ལྟ་དང༌། །ང་རྒྱལ་བརྫུན་པའི་བསམ་སྦྱོར་མི་བྱའོ། །དུག་གསུམ་གང་རུང་གིས་བསླང་ཕ་རོལ་པོ། །འབྱེད་ཕྱིར་ཕྲ་མ་དངོས་དང་ཆ་མཐུན་གྱི། །རིང་ཐབས་འགྱང་ཐབས་དཀྲུག་ཐབས་མཁོན་ཐབས་ཀྱིས། །རྩོད་གཞིར་གྱུར་པའི་

p. 20

བསམ་སྦྱོར་མི་བྱའོ། །ཉོན་མོངས་ཞེ་སྡང་གཙོར་གྱུར་ཕ་རོལ་ལ། །ཚིག་རྩུབ་དངོས་དང་སྐུར་འདེབས་ལྐོག་སྨྲས་དང༌། །འཕྱ་དང་དམོད་བོར་གཏིང་ཚིགས་ཤུབ་བུ་སོགས། །གནོད་འཚེའི་སྨྲ་བརྗོད་བསམ་སྦྱོར་མི་བྱའོ། །ཉོན་མོངས་དབང་གིས་ངག་ཀྱལ་སྣ་ཚོགས་དང༌། །ཟེར་ཟློས་བསྐྱར་བརྗོད་བཤུག་གླུ་ཀུ་ཅོ་འདོན། །འོག་འགྱུ་བོན་དང་མུ་སྟེགས་བསྟོད་སྨད་གླེང༌། །སྒྲོ་སྐུར་ངག་ཀྱལ་བསམ་སྦྱོར་མི་བྱའོ། །སེམས་ཅན་བློས་སྤངས་ཕ་རོལ་འགྱོད་པ་བསྐྱེད། །སློབ་དཔོན་ལ་ཡང་ཁྲོ་བས་མི་སྙན་སྨྲས། །འགྲོ་བ་རྣམས་ལ་གཡོ་སྒྱུས་སྤྱོད་པ་སོགས། །སྨོན་སེམས་འགལ་བའི་བསམ་སྦྱོར་མི་བྱའོ། །རྙེད་བཀུར་ཆགས་པས་བདག་བསྟོད་གཞན་སྨོད་དང༌། །ཆོས་ནོར་མི་སྟེར་བཤགས་དང་མི་བཟོད་དང༌། །ཐེག་ཆེན་སྤང་ཞིང་དམ་ཆོས་འདྲར་སྣང་སྟོན། །འཇུག་སེམས་གཏོང་བའི་

p. 21

བསམ་སྦྱོར་མི་བྱའོ། །སྒྱུ་མ་ལྟ་བུའི་སེམས་ཅན་དོན་སླད་དུ། །བདག་ཉིད་སྒྱུ་མས་སངས་རྒྱས་སྒྱུ་མའི་སྐུ། །སྒྲུབ་ལ་རྟག་ཆད་འཛིན་པ་དོན་དམ་པའི། །བྱང་སེམས་གཏོང་བའི་བསམ་སྦྱོར་མི་བྱའོ། །རྡོ་རྗེ་སློབ་དཔོན་ཐུགས་དཀྲུགས་སུན་ཕྱུང་དང༌། །ལུས་ངག་ཡིད་ཀྱིས་བརྙས་ཐབས་བག་མེད་སྤྱད། །བཀའ་བཅག་སྐུར་འདེབས་སྨོད་དང་ཡལ་བར་འདོར། །རྩ་ལྟུང་དང་པོ་ཉམས་པར་མི་བྱའོ། །བླ་མའི་གདམས་ངག་སངས་རྒྱས་བཀའ་དང་ནི། །ཚད་མར་གྱུར་པའི་བསྟན་བཅོས་དང་འགལ་བའི། །ལྟ་སྒོམ་སྤྱོད་པ་འཆོལ་བར་སྤྱད་པ་སོགས། །རྩ་ལྟུང་གཉིས་པ་ཉམས་པར་མི་བྱའོ། །རྡོ་རྗེ་སྤུན་ལ་གནོད་འཚེ་བྱེད་པ་དང༌། །ཁྲོས་འཁྲུག་ངན་གཡོ་ཚིག་ངན་དམའ་འབེབས་སོགས། །དངོས་བརྒྱུད་སྒོ་ནས་གཞན་སེམས་སུན་འབྱིན་པའི། །རྩ་ལྟུང་གསུམ་པ་ཉམས་པར་མི་བྱའོ། །

p. 22

སེམས་ཅན་རྣམས་ལ་བྱམས་པའི་སེམས་སྤངས་ནས། །དགྲ་ལ་ཅི་གནོད་སྡང་སེམས་གནོད་སྐྱེལ་དང༌། །གནོད་ལེན་གནོད་འཇལ་གཡོ་སྒྱུ་ངན་བསླུས་སོགས། །རྩ་ལྟུང་བཞི་པ་ཉམས་པར་མི་བྱའོ། །སྤྱི་དོན་དབང་བྱས་ཀུན་རྫོབ་དོན་དམ་གྱི། །བྱང་སེམས་ཉམས་དང་སྦས་དོན་དབང་བྱས་ནས། །རྟེན་གྱི་ཐིག་ལེ་བརྟེན་པ་བདེ་ཆེན་ཉམས། །རྩ་ལྟུང་ལྔ་པ་ཉམས་པར་མི་བྱའོ། །ཕྱི་རོལ་པ་དང་བྱེ་མདོ་སེམས་ཙམ་དང༌། །དབུ་མ་ལ་སོགས་རང་གཞན་གྲུབ་མཐའ་ལ། །སྡང་བས་དམོད་ཅིང་སྐུར་པ་འདེབས་པ་ཡི། །རྩ་ལྟུང་དྲུག་པ་ཉམས་པར་མི་བྱའོ། །སྣོད་མིན་རྣམས་ལ་དབང་བསྐུར་རྒྱུད་འཆད་དང༌། །མན་ངག་སྟེར་དང་གྲོང་ཆོག་གཏོར་ཟློག་སྲུང༌། །གསང་མི་ཐུབ་དང་མཐུ་གཏད་ལ་སོགས་པ། །རྩ་ལྟུང་བདུན་པ་ཉམས་པར་མི་བྱའོ། །རང་གཞན་ཕུང་ཁམས་གདོད་ནས་རྡོ་རྗེའི་

p. 23

གཞིའི། །རྒྱུ་ཡིན་པ་ལ་ངན་པར་བལྟ་བ་དང༌། །བྱང་ཆུབ་བདག་ལྟས་མི་ཐོབ་ཅེས་སྤངས་པས། །རྩ་ལྟུང་བརྒྱད་པ་ཉམས་པར་མི་བྱའོ། །འཁྲུལ་མེད་རྒྱུ་འབྲས་ཐེག་པའི་དམ་ཆོས་ལ། །ཐེ་ཚོམ་སོམ་ཉིས་སྤོང་བར་བྱེད་པའམ། །ཡིད་མི་ཆེས་པས་ཡལ་བར་འདོར་བ་ཡི། །རྩ་ལྟུང་དགུ་པ་ཉམས་པར་མི་བྱའོ། །བླ་མ་ལ་སྡང་དཀོན་མཆོག་གསུམ་ལ་གནོད། །ཆོས་སྤོང་མཚམས་མེད་བྱེད་པའི་སྐྱེ་བོ་ལ། །འདི་ལྟོས་འབྲེལ་པ་ཕྱོགས་འཛིན་བྱམས་གདུང་གིས། །རྩ་ལྟུང་བཅུ་པ་ཉམས་པར་མི་བྱའོ། །མིང་དང་བསམ་བརྗོད་སྤྲོས་བྲལ་གནས་ལུགས་ལ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང༌། །རྟག་ཆད་མཚན་མའི་མཐའ་རུ་འཛིན་པ་ཡིས། །རྩ་ལྟུང་བཅུ་གཅིག་པ་ཡང་མི་བྱའོ། །ཕ་རོལ་དག་པའི་ཞིང་ལ་སྐུར་པ་དང༌། །སྦྱིན་བདག་ལ་སོགས་སྐྱེ་བོ་སུན་ཕྱུང་དང༌། །སྒོ་

p. 24

གསུམ་སྒོ་ནས་སྐྱེ་རྒུ་གཅོར་བགྱིད་པ། །རྩ་ལྟུང་བཅུ་གཉིས་པ་ཡང་མི་བྱའོ། །སོ་སོར་ཐར་དང་བྱང་སེམས་གསང་སྔགས་ཀྱི། །སྡོམ་པ་དམ་ཚིག་བླངས་ཤིང་དམ་བཅས་པ། །བཏང་དང་ཉམས་དང་འགལ་བར་བགྱིད་པ་ཡི། །རྩ་ལྟུང་བཅུ་གསུམ་པ་ཡང་མི་བྱའོ། །ལས་རྒྱ་བུད་མེད་ཆོས་རྒྱ་སྣང་བ་ཀུན། །དམ་རྒྱ་གཏུམ་མོ་ཡེ་རྒྱ་སྒོམ་པའི་ལྷ། །གཉིས་མེད་ཕྱག་ཆེན་སྨོད་ཅིང་སྤོང་བ་ཡི། །རྩ་ལྟུང་བཅུ་བཞི་པ་ཡང་མི་བྱའོ། །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྡོམ་པ་ཉེར་ལྔ་པ་ཚིག་དོན་དྲན་བཞིན་དུ་བརྗོད་ལ་དམ་བཅའི་གོ་ཆ་བརྟན་པོ་བྱས་ཏེ། འགྲོ་འདུག་སྤྱོད་ལམ་ཐམས་ཅད་ཀྱི་སྐབས་སུའང་བག་ཡོད་དྲན་ཤེས་དང་མ་བྲལ་བས་སྡོམ་གསུམ་གྱི་བསླབ་བྱ་དེ་དག་དང་ནམ་ཡང་མ་

p. 25

འགལ་བར་བྱ་དགོང་མོ་རང་རྒྱུད་ལ་ལྟུང་བས་གོས་མ་གོས་བརྟགས་ནས་མ་གོས་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ། གོས་པ་ལ་ཁྱད་པར་དུ་བཤགས་སྡོམ་བྱ་དགོས་པ་ཡིན་ཀྱང༌། དེང་སང་དུས་དབང་གིས་ལྟུང་བས་མ་གོས་པ་ཆེར་མི་འབྱུང་བས། དམིགས་འདུན་བཤགས་པ་སྔ་མ་ལྟར་གང་ལྕོགས་དང༌། སྡོམ་པ་ཉེར་ལྔ་པའི་ཚིག་མཇུག །སྐྱབས་འགྲོ་བཏང་བའི་བསམ་སྦྱོར་བྱས་པ་བཤགས། །སོགས་ནས། རྩ་ལྟུང་བཅུ་བཞི་ཉམས་པ་མཐོལ་ལོ་བཤགས། །ཞེས་པའི་བར་བཤགས་ཚིག་ཏུ་བསྒྱུར་བས་ཉེས་པ་བཤགས་ཏེ། དུས་རྟག་ཏུ་སྡོམ་གསུམ་གྱི་རྩ་བ་ཙམ་ལ་ཉེས་པས་མ་གོས་པ་ཞིག་བྱུང་ན་ཐར་པའི་ལམ་སྣ་ཟིན་པར་འགྱུར་གྱི། ཉེས་ལྟུང་གི་ཁུར་པོ་ཁུར་ནས་ལྟར་སྣང་གི་སྒོམ་སྒྲུབ་ཅི་བྱས་ཀྱང་ངན་སོང་ལས་སྐྱོབ་པར་དཀའོ། །དེ་ཙམ་ལོངས་ཁྱབ་མེད་སྐབས་བཤགས་ཚིག་བསྡུས་པ་དང༌། ཨོཾ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་བྱ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་
བགྱི། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང༌། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ཞེས་པ་ཙམ་བརྗོད་ལ་དོན་གསལ་གདབ་བོ། །

བཞི་པ་གཏོར་མའི་རྣལ་འབྱོར།

p. 26

༈ བཞི་པ་གཏོར་མའི་རྣལ་འབྱོར་ལ་སྔ་དྲོ་བྱ་དགོས་པའི་ཆུ་གཏོར་ནི། གསར་རྙིང་རང་ལུགས་རྒྱས་བསྡུས་གང་རུང་བྱ་བ་ལས་ཟུར་དུ་སྨོས་མ་དགོས་ཀྱང༌། རྒྱས་འབྲིང་རྣམས་མི་འགྲུབ་པས་ཤིན་ཏུ་བསྡུས་པ་ལ་མོས་ན། ཟན་རིལ་འབྲུ་སོགས་ལྡན་པའི་ཆུ་ཐེབ་གསུམ། ཆུ་གཙང་ཁོ་ན་བླུགས་པའི་ཐེབ་གཅིག་བཅས་འདུ་བྱས་ལ། སངས་རྒྱས་ཆོས་ཚོགས་སོགས། སྐད་ཅིག་རང་ཉིད་ཤཱཀྱ་ཐུབ། །མཆོག་གི་སྤྲུལ་སྐུའི་རྣམ་པར་གྱུར། །ལག་གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་ཀ་རི་ཧཱུྃ། རིན་པོ་ཆེ་ལས་གྲུབ་པའི་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང༌། །ཨོཾ་སརྦ་སིདྡྷི་ཧཱུྃ།

p. 27

བཅུད་ནི་བདུད་རྩིའི་རང་བཞིན་གྱུར། །བདག་གི་བསམ་པའི་སྟོབས་དག་དང༌། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་པ། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཉེར་གཅིག་གམ་བདུན་སོགས་བརྗོད། བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་ཕྲིན་ལས་སྒྲུབ་པའི་མགྲོན། །རིགས་དྲུག་འགྲོ་བ་བྱམས་དང་སྙིང་རྗེའི་མགྲོན། །གདོན་བགེགས་ཤ་མཁོན་ལན་ཆགས་བུ་ལོན་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་གྱུར་ཅིག །སྦྱིན་པས་ཚིམས་ཞིང་སྒྲིབ་གཉིས་བྱང་གྱུར་ཅིག །

p. 28

དཀོར་སྒྲིབ་ལན་ཆགས་ཐམས་ཅད་བསལ་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཞེས་བསྔོ། ཐེབ་ཆ་གཅིག་ལ་ཛཾ་གཏོར་བསྡུས་པ་ནི། མདུན་དུ་པད་ཟླར་ཛཾ་ལས་ཛཾ་ལྷ་སེར། །ཤིང་འབྲས་ནེའུ་ལེ་བསྣམས་ཤིང་རྒྱན་ལྡན་བཞུགས། །པད་ཉིར་ཧཱུྃ་ལས་ཛཾ་ནག་སྦྲུལ་རྒྱན་ཅན། །བཞེངས་སྟབས་ཕྱག་གཉིས་ཐོད་ཁྲག་ནེའུ་ལེ་བསྣམས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བསྟིམས། །དབང་ལྷས་དབང་བསྐུར་རིགས་བདག་དབུ་བརྒྱན་གྱུར། །རང་གི་ལག་མཐིལ་ཟླ་སྟེང་ཡིག་འབྲུ་ལྔ། །རིགས་ལྔ་ཞུ་བའི་བདུད་རྩིའི་ཆུ་རྒྱུན་གྱིས། །རྨ་དང་མེ་ཡི་ཟུག་རྔུ་ཞི་བར་གྱུར། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཞེས་དང༌། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཨོཾ་ཛམླུཾ་སྭཱ་ཧཱ། ཞེས་བརྗོད། ཨརྒྷཾ་སོགས། གནོད་སྦྱིན་ནོར་གྱི་བདག་པོར་ཕྱག་འཚལ་བསྟོད། །སེམས་ཅན་དབུལ་བའི་སྡུག་

p. 29

བསྔལ་ཞི་བར་མཛོད། །ཛཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཞེས་གནས་དང་རྟེན་ལ་བསྟིམ། ཐེབ་གཅིག་ལ་ཆུ་སྦྱིན་ནི། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་དང༌། སམྦྷ་ར་ལན་བདུན་བརྗོད་ལ་སེ་གོལ་གཅིག་གཏོགས། ཟན་འབྲུ་མེད་པའི་ཐེབ་ནང་ཆུ་ཐིགས་རེ་སྦྲེང༌། སྔགས་རེ་བརྗོད། གཡོན་པའི་སེ་གོལ་རེ་གཏོགས་པ་ལན་བདུན་ཙམ་བྱས་ལ། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཕྱི་མ་འདི་ནི་ཟས་མ་ཟོས་སྔོན་རོལ་ཁོ་ནར་དགོས་སོ། །སྦྱིན་པ་འདི་ཡི་བསོད་ནམས་གང༌། །དེ་དག་ཡི་དྭགས་ཕྱི་བཞིན་སོང༌། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་ནི་མྱུར་དུ་ཐར་བར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་

p. 30

པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཨོཾ་ཡེ་དྷརྨཱ་སོགས་དང༌། སྦྱིན་པ་རྒྱ་ཆེན༴ བསོད་ནམས་འདི་ཡིས་སོགས་ཀྱི་བསྔོ་སྨོན་བྱའོ། །རྒྱ་གར་བའི་ཕྱག་ལེན་རྒྱ་གཞུང་གི་ཁུངས་དང་འབྲེལ་བ་ནི་ཆབ་གཏོར་འཇམ་དཔལ་མ་དང་ཤཱཀ་ཐུབ་མ་གཉིས་ཡིན་ལ། སྔ་མ་ཅུང་ཟད་བྱ་དཀའ་ཞིང་ཕྱི་མ་འདི་སྟབས་བདེ་བས། །ཕྱག་ལེན་སོགས་རྣམ་པར་མ་དག་པའི་འདོན་བྱ་མང་པོ་ལས་འདི་ཙམ་ལག་ལེན་གཙང་དག་བྱུང་ན་ཕན་ཡོན་ཆེ་བ་དང༌། ཛཾ་གཏོར་དང་ཆུ་སྦྱིན་ནི་སངས་རྒྱས་ཀྱི་སྤྱོད་པ་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན་པས་རྒྱལ་བའི་རྗེས་འཇུག་ཡིན་ཕྱིན་འདི་ཙམ་ཆག་ཏུ་་མི་རུང་བ་ཡིན་ནོ། །ཡང་དཀོར་སྦྱོང་སོགས་ལ་ཤིན་ཏུ་ཟབ་པ་དབོན་སྟོན་ལུགས་ཀྱི་བྲུལ་གཏོར་གྲུབ་ན་གཞན་མ་དགོས་ཀྱང༌། མ་གྲུབ་པའམ་རེས་མོས་སྤྲོ་ན་གཏེར་གསར་ཐུགས་སྒྲུབ་མཆོད་སྦྱིན་སྤྱད་གྲོལ་ནི། ཡང་ནི་རིན་ཆེན་སྣོད་ཡངས་སུ༔ ཆུ་གཙང་ཟན་དང་བཅས་པ་བཤམ༔ མདུན་གྱི་ནམ་མཁར་སྤྱན་རས་གཟིགས༔ འཕགས་པ་རྡོ་རྗེ་སྙིང་པོ་ལ༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བསྐོར༔ འོག་ཏུ་གདོན་

p. 31

བགེགས་རིགས་དྲུག་དང་༔ ཁྱད་པར་ལན་ཆགས་མགྲོན་ཀུན་གསལ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ བྱུང་བའི་རིན་ཆེན་སྣོད་ཡངས་སུ༔ རང་ལུས་འོད་དུ་ཞུ་བ་ལས༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བསམ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས༔ རང་སེམས་ཁ་སརྤ་ཎིར་གྱུར༔ མཆོད་སྦྱིན་མགྲོན་ཀུན་མཆོད་པར་བསམ༔ སཾ་བྷ་ར་ཡི་སྔགས་ཀྱིས་ཕུལ༔ ཨོཾ༔ སྡིག་སྒྲིབ་ཐམས་ཅད་འཇོམས་མཛད་པའི༔ འཕགས་པ་རྡོ་རྗེ་སྙིང་པོ་དང་༔ སྐྱབས་གནས་མཆོད་འོས་རྒྱ་མཚོའི་ཚོགས༔ བདག་ལུས་བདུད་རྩིའི་གཏོར་མ་བཞེས༔ བྱིན་གྱིས་རློབས་ཤིག་སྡིག་སྒྲིབ་སྦྱོངས༔ དངོས་གྲུབ་སྩོལ་ཅིག་བར་ཆད་སོལ༔ གདོན་བགེགས་འབྱུང་པོ་རིགས་དྲུག་དང་༔ ཁྱད་པར་ལན་ཆགས་མགྲོན་རྣམས་ཀུན༔ ཟག་མེད་བདུད་རྩི་འདི་གསོལ་ལ༔ ལན་ཆགས་བུ་ལོན་བྱང་བར་མཛོད༔ གནོད་འཚེ་གདུག་
རྩུབ་ཀུན་ཞི་ཞིང་༔ བྱང་ཆུབ་སེམས་དང་ལྡན་པར་ཤོག༔ མཐར་ནི་མཆོད་སྦྱིན་མགྲོན་དང་རྫས༔ མི་དམིགས་སྟོང་པའི་ངང་ལ་བཞག༔ འདིས་ནི་ཚོགས་རྫོགས་འཆི་བ་བསླུ༔ སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ༔ དཀོར་སྒྲིབ་ལན་ཆགས་ངན་པ་སྦྱངས༔ དེ་ཕྱིར་རྒྱུན་དུ་བརྩོན་པར་བྱ༔ ཞེས་སོ། །སྔ་མ་དང་སྦྲེལ་ན་ཛཾ་གཏོར་གྱི་གོང་དུ་བྱའོ། །ཕྱི་དྲོའི་ཆ་ལ་བྱ་དགོས་པའི་གཏོར་མ་ནི་འོག་ཏུ་འཆད་པར་འགྱུར་ལ། སྔ་དྲོའི་ཆར་བསང་བྱ་བར་སྤྲོ་ན། གྲོང་སྔགས་པའི་ལུགས་ཀྱི་འདོན་བྱ་མང་པོ་ནི་རྣལ་འབྱོར་པ་ལ་དགོས་པ་མེད་པས། རིག་འཛིན་སྲོག་སྒྲུབ་ཀྱི་རི་བོ་བསང་མཆོད་ལྟ་བུ་གནད་དོན་དགོས་པ་ཅན་ཉུང་ངུས་ཆོག་ཤེས་པར་བྱའོ། །

ལྔ་པ་བཟའ་བཏུང་ཟས་ཀྱི་རྣལ་འབྱོར།

p. 32

༈ ལྔ་པ་བཟའ་བཏུང་ཟས་ཀྱི་རྣལ་འབྱོར་ལ། ཚ་བ་བསྐོལ་བའི་ཚེ། རང་ཡི་དམ་དུ་བསྒོམ། ཐབ་ཀ་གཞལ་ཡས་ཁང་དུ་མེ་ལྷ་ཡེ་ཤེས་པ་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པར་མོས། བུད་ཤིང་སོགས་བསྲེག་རྫས་གང་འཛོམ་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐིམ། དེ་དག་ཕུལ་བས་སྦྱོང་བར་མོས་ལ། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད། འདི་ནི་སྒྲིབ་པ་ཞར་བྱུང་དུ་འདག་པའི་ཐབས་ཟབ་མོའོ། །ཉིན་གཅིག་གི་བཟའ་བཏུང་བྱིན་རླབས་མཁས་གྲུབ་ཁྱུང་པོའི་ཞལ་གདམས་ནི། ནངས་ཞོགས་ཀྱི་ཐུན་མགོར། རང་ཉིད་རྒྱུད་སྡེ་ལྔ་ལུས་དཀྱིལ་དང་བཅས་པའམ། ཡི་དམ་གང་ལ་བྱེད་པའི་མགྲིན་པར་བླ་མ། སྙིང་གར་ཡི་དམ།

p. 33

ལྟེ་བར་ཆོས་སྐྱོང༌། རྩ་ཁམས་ཐམས་ཅད་དཔའ་བོ་དཔའ་མོར་གསལ་ལམ་གྱིས་གདབ། འཛམ་བུའི་གླིང་གི་འོག་ཏུ་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ས་བོན་ཕྱག་མཚན་དང་བཅས་པ། རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བའི་སྟེང་གི་ནམ་མཁར་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཐིམ་པས་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཡི་དམ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་རང་བཞིན་བདེ་སྟོང་གི་ངོ་བོར་གྱུར་པར་བསྒོམས་པས་བཟའ་བཏུང་ཟོས་ཚད་བྱིན་གྱིས་བརླབ་པར་འགྱུར་ཞིང་དཀོར་དང་སྐུ་གླུད་ཀྱི་ཉེས་པ་འདག་པར་གསུངས་སོ། །བཏུང་བའི་རིགས་འཐུང་བའི་ཚེ། རང་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་བཏུང་བའི་སྟེང་དུ་ཡི་གེ་བཾ་དམར་སེར་གཅིག་ཏུ་གྱུར།

p. 34

དེ་འོད་དུ་ཞུ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བསམ། ཕུད་གཏོར་ཏེ། ཉོན་མོངས་ལྔ་པོ་རྣམ་དག་ཅིང༌། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །བདུད་རྩི་ལྔ་ཡི་རང་བཞིན་མཆོག །བླ་མ་ཡི་དམ་རྣམས་ལ་འབུལ། །ཞེས་བརྗོད་ནས་འཐུང་བའི་ཚེ་ལུས་ཀྱི་ལྷ་རྣམས་མཆོད་པར་མོས། བཟའ་བཏུང་གཉིས་ཀ་ལ་རྣལ་འབྱོར་ཅུང་ཟད་རྒྱས་པར་སྤྲོ་ན། ལག་གཡས་ཀྱིས་སྟེང་ནས་བཀབ་པའི་ཚུལ་དང་བཅས། རང་ཉིད་བདེ་གཤེགས་འདུས་པར་གསལ་བཞིན་དུ༔ ཡ་རྐན་རིགས་ལྔ་མ་རྐན་གཤེགས་མ་ལྔ༔ ལག་གཡས་དཔའ་བོ་ལག་གཡོན་དཔའ་མོ་ལྔ༔ ཟས་སྐོམ་ལག་པ་གཡས་པས་བཀབ་པ་ཡིས༔ སྙོམས་འཇུག་ཚུལ་བསམ་སྦྱོར་མཚམས་བྱང་སེམས་བབ༔ འབྲུ་གསུམ་བྱིན་རླབས་བདེ་སྟོང་བདུད་རྩིར་གྱུར༔ ལག་གཉིས་སྦྱར་བས་ཚིམ་ཞིང་མཉེས་པར་བསམ༔ མགྲིན་པའི་པདྨར་བླ་མ་ཡབ་ཡུམ་ཚོགས༔ ཆོས་འཁོར་དབུས་སུ་ཡི་དམ་ལྷ་

p. 35

ཚོགས་དང་༔ ལྟེ་བར་གྲུ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཚིགས་ཆེན་རྣམས་སུ་ཁྲོ་ཆེན་འབར་བ་དང་༔ མདོར་ན་རྩ་ཁམས་ཞི་ཁྲོའི་དཀྱིལ་འཁོར་ལ༔ གནས་གྱུར་ལག་གཡས་འདོད་ཡོན་ལྷ་མོ་ལྔ༔ ཟག་མེད་བདུད་རྩིའི་མཆོད་པ་ཕུལ་བར་གྱུར༔ ཅེས་དང༌། ཨོཾ་ཨཱཿཧཱུྃ་མང་དུ་བརྗོད། ལག་གཉིས་པད་སྐོར་གྱི་མཐར་ཐལ་མོ་སྦྱར་ལ། ཧོཿ ཞེས་བརྗོད་ཅིང་ཁ་ཟས་བླངས་ཏེ། བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པ་མི་འབྱུང་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང༌། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཁ་ཟས་

p. 36

བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བས། རང་གི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གསལ་བ་མཆོད་པའི་ཚུལ་གྱིས་ཐ་མལ་གྱི་སྣང་ཞེན་སྤངས་ཏེ་ཚིམ་པར་ལོངས་སྤྱད་པའི་མཐར། གདན་གསུམ་ཚང་བའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། འདི་ནི་གྲོལ་ཏིག་ལས་འབྱུང་བ་ཨ་ནུའི་ལུགས་ཀྱི་ནང་གི་ཚོགས་འཁོར་རོ། །ཤིན་ཏུ་བསྡུས་པ་རྒྱུད་ཀྱི་དགོངས་པ་ཆོས་རྗེ་གླིང་པའི་གསུང་ནི། རང་ཉིད་ཡི་དམ་ལྷ་རུ་གསལ། །ཐུགས་ལས་རྃ་ཡྃ་ཁྃ་གསུམ་འཕྲོས། །བཟའ་བཏུང་འབག་བཙོག་དུག་དང་ཕྲལ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེ། །ཧ་ཧོ་ཧྲཱི༔ཁ་དོག་དྲི་རོ་ཕུན་ཚོགས་བསམ། རང་ལུས་ཕུང་ཁམས་ལྷའི་ངོ་བོ། །ལྟེ་བར་ཨ་ཐུང་གཏུམ་མོའི་མེ། །ཡེ་ཤེས་མེ་ལྷའི་ངོ་བོ་ཉིད། །ལག་གཉིས་གཟར་བླུག་ཁ་ཐབ་ཁུང༌། །

p. 37

མཆོག་གི་སྦྱིན་སྲེག་བླ་ན་མེད། །ཅེས་པའི་དོན་ཡིད་ལ་དྲན་བཞིན་དུ་བཟའ་བཏུང་ལ་ལོངས་སྤྱད་དོ། །སྤྱིར་འདིར་ཤེས་དགོས་པ་ནི་སྔགས་ཀྱི་རྣལ་འབྱོར་པས་ཐ་མལ་གྱི་འདུ་ཤེས་ཀྱིས་བཟའ་བཏུང་སྤྱད་པ་སོགས་ནམ་ཡང་མི་རུང་བས་རྟག་ཏུ་ཏིང་ངེ་འཛིན་དང་མ་བྲལ་བར་བྱ་དགོས་པས་ཁ་ཟས་ཀྱི་རྣལ་འབྱོར་ཀྱང་གསར་རྙིང་རྒྱུད་དང་མན་ངག་རྣམས་ལས་རྒྱས་བསྡུས་སྣ་ཚོགས་སུ་འབྱུང་ཡང་ཉམས་ལེན་སྟབས་བདེ་བ་འདི་དག་ཡིན་ལ། ཤིན་ཏུ་བསྡུས་པ་གདན་བཞིའི་རྒྱུད་ཀྱི་དགོངས་པ་ནི། བཟའ་བཏུང་གང་ཡིན་པ་ལ་ལག་པ་གཡོན་པའི་མཐེབ་སྲིན་སྦྱར་བས་རེག་སྟེ་འབྲུ་གསུམ་བརྗོད་པས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩིར་མོས། སྙིང་གའི་ཧཱུྃ་དམ་ནཱ་ད་ལྷ་ཐམས་ཅད་འདུས་པའི་ངོ་བོར་མོས་པ་ལ་མཆོད་པའི་བསམ་པས་ལོངས་སྤྱད་པས་བཅུད་ལེན་དུའང་འགྲོ་བར་གསུངས་སོ། །གུང་ཚིགས་སྐབས། མདོ་ལུགས་ཁ་རྐྱང་བྱེད་ན་ཆོས་སྤྱོད་རབ་གསལ་ནས་འབྱུང་བ་ལྟར་ཟས་གོང་དུ་དཀོན་མཆོག་རྗེས་དྲན་དང༌། ཁ་ཟས་འབྲུ་གསུམ་གྱིས་བྱིན་བརླབས་ནས། ཕུད་ཀྱི་བཤོས་བུ། འབྱུང་པོ་སྤྱི་གཏོར། འཕྲོག་མ་མ་བུའི་ཆངས་བུ་རྣམས་བསྔོས། ཟས་ལ་གཡོན་པའི་མཐེབ་སྲིན་གྱིས་རེག་ལ་དུག་ལ་སོགས་པའི་ཉེས་པ་ཞི་བའི་སྔགས། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལི་ནི་སྭཱ་ཧཱ། །ཞེས་ལན་བརྒྱད་ཀྱིས་བསྔགས་ལ་ཆོས་ཀྱི་དོན་དུ་ལུས་གསོ་བ་དང༌།

p. 38

ལུས་ཀྱི་སྲིན་བུ་རྣམས་ལ་ཕན་གདགས་པའི་བསམ་པས་བག་ཡོད་པར་ལོངས་སྤྱད་གཞན་ཡང་འདུལ་བ་རྣམ་ངེས་ཀྱི་མདོ་ལས། ན་མོ་བུདྡྷཱ་ཡ། ན་མོ་དྷརྨ་ཡ། ན་མཿསངྒྷཱ་ཡ། ཨོཾ་ཧ་ལུ་ཧ་ལུ་ཧི་ལི་ཧི་ལི་ཡ། ན་མོ་ཛ་ག་ན་ཡ། ན་མོ་ན་མཿསྭཱ་ཧཱ། ལན་བདུན་ཟས་ལ་བཏབ་ན་དཀོར་གྱི་དྲི་མ་དག་ཅིང་ཟས་བདུད་རྩིར་འགྱུར་བར་གསུངས། མཐར་ལྷག་མའི་ཆངས་བུ་སྦྱིན། ཁ་བཀྲུས་ནས་ཡོན་སྦྱོང་བའི་གཟུངས་བཟླ། སྦྱིན་པའི་ཚིགས་བཅད་དང་ཤེར་སྙིང་ལྟ་བུའི་མདོ་འདོན་པ་སྟེ་ཇོ་བོ་རྗེས་གསལ་བར་གསུངས་སོ། །འདིར་སྔགས་ལུགས་གཙོར་བཏོན་པའི་ཚེ་ཐོག་མར་དཀོན་མཆོག་རྗེས་དྲན་འདོན། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འབྲུ་གསུམ་འཕྲོས་པས་བཟའ་བཏུང་དངོས་པོ་རྣམས། །མ་དག་ཀུན་སྦྱང་དམ་ཚིག་བདུད་རྩིར་རྟོགས། །ཟག་མེད་ཡེ་ཤེས་བདུད་རྩིར་སྦར་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བཛྲ་ས་མཱ་ཛཿཧཱུྃ་ཛཿ ཡོ་གི་ས་མཱ་ཛཿཧཱུྃ་ཛཿ ཞེས་སེ་གོལ་བསྣོལ་མ་དཔུང་མགོར་བརྡབ་པས། བླ་མ་ཡི་དམ་སངས་རྒྱས་བྱང་

p. 39

སེམས་དང༌། །མཁའ་འགྲོ་ཆོས་སྐྱོང་མདུན་མཁར་སྤྱན་དྲངས་གྱུར། །བཤོས་བུ་ལྔ་བྱས་ལ། ཨོཾ་སརྦ་གུ་རུ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། སྔགས་ཐོག་མཐའ་འགྲེས་ཏེ་སརྦ་གུ་རུའི་མལ་དུ། མཎྜལ་དེ་བ་ག་ཎ་དང༌། སརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ དང༌། པཉྩ་ཀཱུ་ལ་ཌཱ་ཀི་ནཱི་དང༌། ཤྲཱི་དྷརྨ་པཱ་ལ་རྣམས་ཀྱིས་འབུལ། ཨ་ཀཱ་རོས་འབྱུང་པོ་སྤྱི་ལ་གཏོར་མ་དང༌། ཨོཾ་ཧ་རི་ཏེ་པིཎྜ་ཀེ་པྲ་ཏཱིཙྪ་སྭཱ་ཧཱས་འཕྲོག་མ་དང་དེའི་བུ་ལྔ་བརྒྱ་ལ་ཆངས་བུ་རེ་རེ། ཨོཾ་སརྦ་རཱུ་ཏཱི་ཀེ་ཨ་གྲ་སཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཕོ་ཉ་བ་རྣམས་ལ་ཆངས་བུ་གཅིག་སྦྱིན། རང་ཉིད་བདེ་གཤེགས་འདུས་པ་སོགས་ནས་སྤྱོད་པར་ཤོག །བར་བརྗོད་ཅིང་རྣལ་འབྱོར་དང་ལྡན་པས་རོལ། མཐར། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵ་ཀ་སྭཱ་ཧཱ། ཞེས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་ནས་སྤྱན་དྲངས་པའི་ལྷ་རྣམས་རང་ལ་བསྟིམ། ལུས་ཀྱི་ལྷ་རྣམས་ཀྱང་བསྡུས་ཏེ། འཁོར་གསུམ་རྣམ་པར་མི་རྟོག་པའི་ངང་ནས་གོང་བཞིན་སྨོན་ལམ་གདབ། མདོ་སྔགས་གང་གི་ལུགས་བྱེད་ཀྱང་མཐར་ཡབ་སྲས་

p. 40

མཇལ་བའི་མདོ་ལས་གསུངས་པའི་སྨོན་ལམ་འདིའང་གདབ་པར་བྱ་སྟེ། གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང༌། གང་གིས་བདག་ལ་རིམ་གྲོ་བྱས་པ་དང༌། བཀུར་སྟི་བྱས་པ་དང༌། བསྟི་སྟང་བྱས་པ་དང༌། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་དག་བདག་ལ་གཤེ་བར་བྱེད་པ་དང༌། མི་བདེ་བར་བྱེད་པ་དང༌། རྡེག་པ་དང༌། མཚོན་གྱིས་འདེབས་པ་དང༌། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་སོ། །ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པ་ལ་ཕྱི་རོལ་གྱི་གཏོར་མ་དང་སྦྱིན་སྲེག་མེད་ཀྱང་ཆོག་ཅིང༌། དེ་དག་ལས་ཀྱང་སྟོབས་ཆེ་བའི་ཚོགས་རྫོགས་པ་
དང༌། དཀོར་དང་སྐུ་གླུད་ཟོས་པ་ལ་སོགས་པའི་སྒྲིབ་པ་དང་ཉམས་ཆག་འདག །བཟའ་བ་བུ་ལོན་དུ་མི་འགྱུར། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པ་སོགས་རྒྱུད་དང་གདམས་ངག་རྣམས་ལས་རྒྱ་ཆེར་གསུངས་པ་ཡིན་ནོ། །

དྲུག་པ་སྤྱོད་ལམ་གྱི་རྣལ་འབྱོར།

p. 41

༈ དྲུག་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། སྤྱིར་ཐུན་ལ་ཉམས་ལེན་གང་བྱེད་པ་དེ་ཉིད་ཀྱི་རྣལ་འབྱོར་དང་མ་བྲལ་བས་ཐུན་མཚམས་ལ་སོགས་པའི་སྤྱོད་ལམ་རྣམས་ལམ་དུ་བསྒྱུར་དགོས་ཏེ། དཔེར་ན། བླ་མའི་རྣལ་འབྱོར་སྒོམ་པ་པོས་སྤྱོད་ལམ་གྱི་སྐབས་སྣང་སྲིད་བླ་མའི་རོལ་པར་ལྟ་བའི་མོས་གུས་ལམ་དུ་ཁྱེར། བསྐྱེད་རིམ་པས་སྣང་གྲག་རྟོག་གསུམ་ལྷ་སྔགས་ཆོས་སྐུ། སྒྱུ་ལུས་དང་རྨི་ལམ་སྒོམ་པས་སྒྱུ་མ་རྨི་ལམ། ཕྱག་རྫོགས་སྒོམ་པས་དྲན་ཤེས་མ་བརྗེད་པར་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་སྤྱད་དགོས་པ་ཤེས་པར་བྱས་ནས། འདིར་ལམ་ཁྱེར་ཇི་བཞིན་མི་ནུས་པའམ། ནུས་ཀྱང་མཆོག་དམན་ཀུན་ལ་མཁོ་བ་བྱང་ཆུབ་སེམས་ཀྱིས་བློ་སྦྱོང་བ་ལྟར་ན། འགྲོ་འཆག་ཉལ་འདུག་བྱ་བ་ཅི་བྱེད་ཀྱང་བླ་མའི་ཞབས་ཏོག་དང་སེམས་ཅན་ལ་ཕན་པ་བསྒྲུབ་པར་བྱེད་སྙམ་པའི་འདུན་པ་དང་མ་བྲལ་བར་བྱ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །བདེ་བ་ཆེན་པོས་ནམ་མཁའ་གང་བར་ཤོག །སྡུག་ན་སྡུག་བསྔལ་བདག་གིས་ཁུར། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པར་ཤོག །ཅེས་སོགས་རྒྱས་བསྡུས་གང་རུང་བརྗོད་ལ་བཏང་ལེན་

p. 42

དམིགས་པ་བྱ། གཞན་ཡང་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པའི་ལེའུ་ལས་གསུངས་པ། གོས་གྱོན་པའི་ཚེ། ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག །སྐ་རགས་འཆིང་དུས། དམ་ཚིག་དང་སྡོམ་པའི་སྐ་རགས་འཆིང་བར་གྱུར་ཅིག །སྒོ་འབྱེད་དུས། ཆོས་ཉིད་ཟབ་མོའི་སྒོ་འབྱེད་པར་གྱུར་ཅིག །གཅོད་དུས། ངན་སོང་གི་སྒོ་གཅོད་པར་གྱུར་ཅིག །འགྲོ་དུས། བྱང་ཆུབ་ཀྱི་ལམ་དུ་འགྲོ་བར་གྱུར་ཅིག །རྟ་སོགས་ཞོན་དུས། བརྩོན་འགྲུས་ཀྱི་རྟ་ཞོན་པར་གྱུར་ཅིག །ཆུ་བརྒལ་དུས། འཁོར་བའི་རྒྱ་མཚོ་ལས་བརྒལ་བར་གྱུར་ཅིག །གྱེན་དང་སྐས་ལ་འཛེག་པའི་ཚེ། ཐར་པའི་ལམ་ལ་འཛེག་པར་གྱུར་ཅིག །འདོད་པའི་གནས་སུ་སླེབ་པའི་ཚེ། མྱང་འདས་ཀྱི་གྲོང་ཁྱེར་དུ་ཕྱིན་པར་གྱུར་ཅིག །བླ་མ་དང་གང་ཟག་བཟང་པོ་མཇལ་བའི་ཚེ། །ཡང་དག་པའི་བླ་མ་དང་མཇལ་ནས་རྗེས་སུ་འཛིན་པར་གྱུར་ཅིག །དཀོན་མཆོག་གི་རྟེན་དང་མཇལ་བའི་ཚེ། སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ཏུ་སྐྱེ་བར་གྱུར་ཅིག །ལམ་དུ་

p. 43

ཉལ་བའི་དུས། ཆོས་ཀྱི་ལམ་དུ་ཉལ་བར་གྱུར་ཅིག །ཅེས་སོགས་སྨོན་ལམ་གདབ་ཅིང༌། གཤང་གཅི་འདོར་བའི་ཚེ་ཆགས་མེད་རི་ཆོས་ལྟར་རམ། ཡང་ན། རང་ཉིད་ཁ་སརྤ་ཎིར་གསལ། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །ཡི་དྭགས་ལ་སོགས་བཀྲེས་པ་ཀུན། །ཚིམས་ནས་བྱང་ཆུབ་སེམས་སྐྱེས་གྱུར། །ཅེས་མོས་ལ་ཡིག་དྲུག་དང༌། ཡི་དྭགས་བཀྲེས་པ་ཐམས་ཅད་ཚིམས་ནས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་ཏེ་ཐར་པའི་བདེ་བ་ཐོབ་པར་གྱུར་ཅིག །ཅེས་བརྗོད། རྒྱས་པར་སྤྲོ་ན་མཆིལ་སྣབ་གཤང་གཅི་དྲི་མ་སྦྱིན་པ་བཏང་བའི་གཟུངས་སོ་སོར་འབྱུང་བ་རྣམས་ཀྱང་བརྗོད་ལ་སེ་གོལ་གཏོགས། ཁྱད་པར་གོས་གྱོན་པའི་ཚེ། གོས་གསར་པ་ཡིན་ན། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཏྲཱཾ་ལས་ལྷ་མིའི་གོས་ཡིད་དུ་འོང་བར་བསམས་ལ། རང་གི་བླ་མ་བཞུགས་ན་ཕུད་འབུལ་བའམ་ཕུལ་བར་མོས་པར་བྱ། རང་ཉིད་ལྷར་གསལ་བ་ལ་ཐབས་ཀྱི་སྟོད་གཡོགས་དང༌། ཤེས་རབ་ཀྱི་སྨད་གཡོགས་

p. 44

གྱོན་པ་རྡོ་རྗེ་རྡུལ་ཕྲ་རབ་ཀྱིས་གཏམས་པ་ལ། སྐ་རགས་བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་འབྲེལ་ཞིང༌། ལྷམ་གྱོན་པས་རྡོ་རྗེའི་རྐང་ཡབ་ཀྱིས་གཏམས་པར་བསམས་ལ་བགོས་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །དོན་ཁྱད་པར་ཅན་བསྒྲུབ་པ་དང་བྱེས་སུ་འགྲོ་བའམ་དུས་རྒྱུན་དུའང་རུང༌། ནངས་སྔ་བར་སིནྡྷུ་ར་དང་གི་ཝཾ་ལ། ཨོཾ་ཏཱྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཾ་ཏཱ་ར་ཎི་སྭཱ་ཧཱ༔ ཧྲཱིཾ་བཛྲ་ཝཱ་ར་ཧཱི་བ་ར་ཀ་སརྦ་ལོ་ཀ་ཧྲཱིཾ་ཧྲཱིཾ༔ ཞེས་བཟླས་པས་དཔྲལ་བར་ཐིག་ལེ་བྱས་ན་གང་མཐོང་ཀུན་གྱིས་ཡིད་དུ་འོང་ཞིང་འདོད་པའི་དོན་ཐམས་ཅད་འགྲུབ་བོ། །ནངས་སྔ་ཁ་ཤར་དུ་བལྟས་ལ། སངས་རྒྱས་བྱང་སེམས་རྩ་གསུམ་རབ་འབྱམས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པར་མོས་ལ་དད་གུས་ཆེན་པོས་ཐལ་མོ་སྦྱར་ཏེ། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེས༔ འགྲོ་

p. 45

ཀུན་སྐྱབས་དང་མགོན་གྱུར་པ༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང་༔ ཚེ་དང་བསོད་ནམས་འཕེལ་བ་དང་༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་དང་ཉེས་སེལ་སྔགས་འདི་བཟླ༔ ན་མོ་བུདྡྷཱ་ཡཿ ན་མོ་དྷརྨཱ་ཡ༔ ན་མོ་སཾ་གྷ་ཡཿ ན་མོ་གུ་རུ་བྷྱཿ ན་མོ་དཱེ་བ་ཡ༔ ན་མོ་དྷཱ་ཀི་ནཱི་ཡེ༔ ཏདྱ་ཐཱ༔ ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ་ཧྲཱིཿཧཱུྃ་སྭཱ་ཧཱ༔ ཨོཾ་པདྨ་ཙྪིནྡ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ སརྦ་གྲ་ཧ་ནཀྵ་ཏྲ་མ་ཧཱ་བྷཱུ་ཏ་ཨ་པ་ཀཱ་ར་ཤ་མ་ཤ་མ་པྲ་ཤ་མ་ཤ་མནྟུ་སྭཱ་ཧཱ༔ ཨོཾ་ཨ་མ་ལེ་བི་མ་ལེ་

p. 46

ནིརྨ་ལེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ༔ ཨོཾ་ཨེ་ཧོ་ཤུདྡྷེ་སོགས་འབྱུང་ལྔའི་གྲིབ་སེལ་སྔགས་ཀྱང་བཟླ༔ ཉི་མ་ཐམས་ཅད་དགེ་བ་ཡིན༔ རྒྱུ་སྐར་ཐམས་ཅད་བཟང་བ་ཡིན༔ སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ༔ དམ་པའི་ཆོས་ནི་འདོད་ཆགས་བྲལ༔ བྱང་སེམས་འཕགས་ཚོགས་ཕྱིར་མི་ལྡོག༔ ཆོས་ཉིད་རང་བཞིན་བསམ་མི་ཁྱབ༔ ཆོས་ཅན་རྟེན་འབྲེལ་བསླུ་བ་མེད༔ བདེན་དང་བདེན་པའི་ཚིག་འདི་ཡིས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ མི་མཐུན་གནོད་པ་ཞི་གྱུར་ཅིག༔ མཐུན་རྐྱེན་བསམ་དགུ་འགྲུབ་པ་དང་༔ བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག༔ ཞེས་དང་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཟླ། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་སྨོན་ལམ་བྱ་སྟེ། གཏེར་གསར་ཐུགས་སྒྲུབ་སྙིང་བྱང་ལས་འཕྲལ་ཡུན་གྱི་བར་ཆད་ཞི་ཞིང་ཡིད་ལ་འདོད་པའི་དོན་ཐམས་ཅད་འགྲུབ་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །

བདུན་པ་སྒྲིབ་སྦྱོང་ཉམས་ཆག་སྐོང་བའི་ཐབས།

p. 47

༈ བདུན་པ་སྒྲིབ་སྦྱོང་ཉམས་ཆག་སྐོང་བའི་ཐབས་གསར་རྙིང་རྣམས་སུ་རྒྱ་ཆེར་གསུངས་པ་ལས་སྙིང་པོར་གྱུར་པ་རྡོར་སེམས་བསྒོམ་བཟླས་བྱ་ཚུལ་གོང་དུ་སྨོས་པ་དང༌། ཉིན་གུང་གི་ཐུན་མགོ་ལྟ་བུར་གསང་ཐིག་ཡང་དག་བསྒོམ་བཟླས་གཏོར་འབུལ་སྐོང་བཤགས་དབང་ལེན་བཅས་ངེས་པར་བྱ། གཞན་ཡང་ཐམས་ཅད་བསྟར་ཆགས་སུ་དགོས་པ་མིན་ཡང་དགེ་སྦྱོར་གྱི་དུས་སྐབས། དབང་པོའི་ཁྱད་པར་གྱིས་གང་ལ་གང་མཁོ་སྟབས་བདེ་བ་རྣམས་ཕྱོགས་གཅིག་ཏུ་བཀོད་ན། རྡོར་སེམས་ཀྱི་སྒོ་ནས་དམ་ཚིག་ཉེས་ལྟུང་སྦྱོང་བ་གཏུམ་པོ་དྲེགས་པ་ཀུན་འདུལ་ལས་འབྱུང་བ་ནི། ཨོཾ་ཨཱཿཧཱུྃ། ཏིང་འཛིན་གསུམ་གྱི་ངང་ཉིད་ལས༔ ཕྱི་སྣོད་འོད་དཀར་ཕོ་བྲང་བརྡལ༔ བདག་སོགས་ནང་བཅུད་མ་ལུས་ཀུན༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་དཀར༔ ལོངས་སྐུ་ཞི་འཛུམ་སྒེག་པའི་ཉམས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ སྐྱིལ་ཀྲུང་པདྨ་ཉི་ཟླར་བཞུགས། ཨོཾ་བཛྲ་ས་ཏྭ་ཧཱུྃ༔ བཛྲ་ས་མ་ཡ་བི་ཤུདྡྷེ་ཨཱཿ ཞེས་ཅི་

p. 48

ནུས་བཟླ། ཡང་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སྤྲོ་ན། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པད་ཟླ་ལ་གནས་པའི་རལ་གྲི་ཁཾ་གིས་མཚན་པ་ལས། བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་དྲིལ་བུ་འཛིན་པས་རང་མཚུངས་ཀྱི་ཡུམ་དམ་ཚིག་སྒྲོལ་མ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་ཀྲུང་དང་སེམས་དཔའི་འདུག་སྟངས་ཀྱིས་མཉམ་པར་སྦྱོར་བ། གཉིས་ཀའང་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན་དར་དང་རིན་པོ་ཆེས་བརྒྱན་ཅིང༌། ཡིད་ཙམ་ཁྲོ་བ། དོན་གྲུབ་ཀྱི་ཅོད་པན་ཅན་གྱི་དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ་དང༌། ཐུགས་ཀར་རལ་གྲི་ཁཾ་གིས་མཚན་པ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དམ་ཚིག་རྡོ་རྗེའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་འདས་དམ་ཚིག་རྡོ་རྗེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་

p. 49

འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཐུགས་ཀའི་ཁཾ་ལས་བདུད་རྩིའི་རྒྱུན་འཛགས། ཡབ་ཡུམ་གྱི་སྐུ་གང༌། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་བཀྲུས་ཤིང་དག་ནས་སྡིག་སྒྲིབ་བག་ཆགས་དུད་ཁུའི་རྣམ་པས་རྐང་པའི་མཐིལ་དང་གཤང་གཅིའི་ལམ་ནས་ཐོན་པར་བསམ་ཞིང༌། ཨོཾ་ཨཱཿཁཾ་ཧཱུྃ་ཕཊ་སྭཱ་ཧཱ། བརྒྱ་སྟོང་བཟླས་པའི་མཐར། བཅོམ་ལྡན་དམ་ཚིག་རྡོ་རྗེ་ཡིས། །བདག་ཅག་དམ་ཚིག་ཉེས་ལྟུང་ཀུན། །སྦྱོངས་ཤིག་དམ་ཚིག་ཉམས་ཆག་ཀུན། །དག་ཅིང་དམ་ཚིག་གཙང་བར་མཛོད། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་སྒྲིབ་པ་ཉེས་པ་ལྟུང་བ་དྲི་མའི་ཚོགས་

p. 50

ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། སྤྱི་བོའི་ལྷ་རང་ལ་བསྟིམ། ལུས་དྭངས་ཤེལ་ལྟ་བུར་གྱུར་པར་བསམ། ཡང་རྒྱུད་ཀྱི་དགོངས་པ་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་ཐུགས་དམ་ནི། རང་ཉིད་ཐ་མལ་སྤྱི་བོར་པད་ཟླའི་སྟེང༌། །བླ་མ་ཡི་དམ་སངས་རྒྱས་ཀུན་འདུས་སྐུ། །བདེ་མཆོག་ལྷན་སྐྱེས་དཀར་པོ་རྡོར་དྲིལ་འཛིན། །ཕག་མོ་དམར་མོས་འཁྱུད་ཅིང་རྒྱན་ཆས་རྫོགས། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཀྱི། །བྱིན་རླབས་ཡེ་ཤེས་བདུད་རྩི་དཀར་དམར་རྒྱུན། །སྤྱན་དྲངས་ཐིམ་པས་ཡབ་ཀྱི་ཞབས་གཡས་ཀྱི། །མཐེ་བོང་རྩེ་ནས་བདུད་རྩི་དཀར་པོ་དང༌། །ཡུམ་གྱི་གཡོན་ནས་དམར་པོའི་རྒྱུན་བབས་ཏེ། །རང་གི་སྤྱི་བོ་ནས་ཞུགས་སྡིག་སྒྲིབ་སྦྱངས། །ཞེས་མོས་ལ། ཨོཾ་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ་སོགས་ཧེ་རུ་ཀའི་ཡིག་བརྒྱ་བརྗོད། མཐར། ཧེ་རུ་ཀ་དཔལ་རང་ལ་ཐིམ་པར་གྱུར། ཅེས་མོས་ལ་སྟོང་ཉིད་ཀྱི་ངང་དུ་བཞག །བདེ་

p. 51

མཆོག་གི་རྣལ་འབྱོར་པ་སོགས་ལ་ལྷག་པར་བསྔགས་སོ། །ཡང་སྡིག་སྒྲིབ་སྤྱི་དང་ཁྱད་པར་དཀོར་སྦྱོང་ལ་ཤིན་ཏུ་ཟབ་པ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་གདམས་པ་སྤྱན་རས་གཟིགས་རྡོ་རྗེ་རབ་འཇོམས་ཀྱི་བསྒོམ་བཟླས་ནི། བླ་མ་དང་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །བརྩེ་བས་བདག་ལ་དགོངས་སུ་གསོལ། །བག་མེད་འཁྲུལ་པས་བདག་ནོན་ཏེ། །མི་བཟད་སྡིག་པ་འདི་བགྱིས་གཟིགས། །བདག་ནི་འགྲོ་བ་ཅི་འདྲར་འགྱུར། །དེ་བས་གནོང་ངོ་འགྱོད་དོ་མཐོལ། །མི་འཆབ་མི་སྦེད་སོ་སོར་བཤགས། །སླན་ཆད་ནམ་ཡང་མི་བགྱིད་དོ། །ཞེས་ལན་གསུམ་སོགས་བརྗོད། རང་ཉིད་སྐད་ཅིག་གིས་ཇོ་བོ་སྤྱན་རས་གཟིགས་སྐུ་མདོག་དཀར་ལ་ཞལ་དབུས་མ་ལྔ་བརྩེགས་ཤིན་ཏུ་ཁྲོས་པ་སྔོན་པོ། གཡས་གསུམ་བརྩེགས་དཀར་བ་དང༌། གཡོན་

p. 52

གསུམ་བརྩེགས་དམར་བ་ཞི་བ། ཕྱག་དང་པོ་གཉིས་སྔོན་པོ་ཐུགས་ཀར་ཐལ་མོ་སྦྱར་བ། གཞན་རྣམས་དཀར་བའི་གཉིས་པ་གཉིས་རྡོ་རྗེའི་ཕྲེང་བ་དང་པདྨ་དམར་པོ། གསུམ་པ་གཉིས་འཁོར་ལོ་དང་མདའ་གཞུ། བཞི་པ་གཉིས་ལྕགས་ཀྱུ་དང་མེ་དཔུང་བསྣམས་པ། མེ་དཔུང་འབར་བའི་དབུས་ན་མཉམ་པར་བཞེངས་པ། ཐོར་ཚུགས་རི་དྭགས་ཀྱི་ལྤགས་པ་ཚངས་སྐུད་སོགས་དྲང་སྲོང་གི་ཆ་བྱད་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་པད་ཟླ་ལ་གནས་པའོ། །སྙིང་གར་པད་ཟླའི་སྟེང་དུ་ཧྲཱིཿཡིག་ལ་སྔགས་གསུམ་རིམ་དུ་བསྐོར་བའི་འོད་མེ་ལྟར་འབར་བས་དཀོར་གླུད་ཟོས་པ་ལ་སོགས་པ་བདག་གཞན་གྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཀུན་བསྲེག་པར་བསམ་ནས། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་པ་དང༌། ཨོཾ་མ་ཎི་པདྨེ་ཧཱུྃ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བཛྲ་

p. 53

སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། སརྦ་ཀླེ་ཤ །སརྦ་ཀརྨ་ཨ་ཝ་ར་ཎ་ནི། ཤུདྡྷེ་ཤུདྡྷེ། བི་ཤུདྡྷེ་བི་ཤུདྡྷེ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པ་རྣམས་ཅི་འགྲུབ་ཏུ་བཟླའོ། །མཇུག་ཏུ་སྟོང་པ་ཉིད་ཀྱི་དོན་བསྒོམ། དགེ་བ་བསྔོ། སྡིག་སྦྱོང་རྫས་གཅིག་སྦྱིན་སྲེག་ནི། ཏིལ་ནག་ལ་སྣ་གཡས་ནས་རླུང་བུས་པས་སྡིག་སྒྲིབ་ཐིམ་པར་མོས། མར་མེའམ་སོལ་མེ་བཞག་ལ། སྐད་ཅིག་སྟོང་པའི་ངང་ཉིད་ལས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ འཕགས་པ་རྡོ་རྗེ་སྙིང་པོ་ནི༔ སྐུ་མདོག་སྔོན་པོ་ཁྲོས་པའི་ཉམས༔ ཕྱག་གཉིས་རྡོ་རྗེའི་ཞགས་པ་བསྣམས༔ དར་དང་རིན་ཆེན་ཕྲེང་བས་བརྒྱན༔ བཞེངས་སྟབས་པད་ཉིའི་གདན་ལ་བཞུགས༔ རང་གི་སྡིག་སྒྲིབ་བག་ཆགས་ཀུན༔ རླུང་དང་འགྲོགས་ཏེ་ཏིལ་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུར༔ དེ་

p. 54

ཉིད་ཞལ་དུ་ཕུལ་བ་ཡིས༔ ཐུགས་ཀར་ངན་སོང་དོང་སྤྲུགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་བཞུགས་པ་རྣམས༔ ཟག་མེད་བདེ་བ་ཆེན་པོས་མཉེས༔ རང་གཞན་སྡིག་སྒྲིབ་ཡོངས་སྦྱངས་ཏེ༔ དངོས་གྲུབ་ཐམས་ཅད་སྩོལ་བར་བསམ༔ ཏིལ་མཐེབ་སྲིན་གྱིས་ཕུལ་ལ། ཨོཾ་ཨཱཿཧྲཱིཿཧཱུྃ་བཛྲ་སཱ་ར་པྲ་མརྡྷ་ན་སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ༔ ལན་གྲངས་བདུན་ནམ་ཉེར་གཅིག་བརྒྱ་རྩ་སྐབས་སྦྱར་ཕུལ་རྗེས། ལྷ་ཉིད་འོད་ཞུ་རང་ལ་ཐིམ། ཞེས་སོ། །ཡང་ཧ་ཡ་གྲཱི་བ་ནཱ་ཐས་མཛད་པའི་རྡོར་སེམས་སྤྲོས་མེད་སྦྱིན་སྲེག་ནི། ཏིལ་དང་རྫས་འདུ་བྱས་ལ། བདག་གཞན་དམིགས་ཡུལ་ཐམས་ཅད་ཀྱི། །སྡིག་སྒྲིབ་བག་ཆགས་རྣམ་སྨིན་ཀུན། །བསྡུས་ནས་ཏིལ་ལ་ཐིམ་པར་གྱུར། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་བརྗོད། རང་མདུན་མེ་དཀྱིལ་རྡོར་སེམས་དཀར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས། །རྒྱན་ལྡན་སྐྱིལ་མོ་ཀྲུང་གིས་བཞུགས། །ཞལ་དུ་སྡིག་སྒྲིབ་ཕུལ་བས་

p. 55

བསྲེགས། །ཨོཾ་བཛྲ་ས་ཏྭ་ཧཱུྃ། སརྦ་པཱ་པཾ་ད་ཧ་ན་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བརྒྱ་རྩ་སོགས་ཅི་འགྲུབ་འབུལ། ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། བསྟོད་པ་ནི། རིགས་འདུས་མངའ་བདག་ཧེ་རུ་ཀ །རབ་དཀར་རྡོ་རྗེ་དྲིལ་བུ་འཛིན། །ལས་སྒྲིབ་སྦྱོང་བའི་མཐུ་སྟོབས་ཅན། །རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །བདག་འཛིན་འཆིང་བའི་བག་ཆགས་དང༌། །རྣམ་སྨིན་དུག་ལྔའི་འབྲས་བུ་ཀུན། །མ་ལུས་ཡེ་ཤེས་མེས་བསྲེགས་ནས། །བྱང་ཞིང་དག་པར་མཛད་དུ་གསོལ། །མདུན་གྱི་ལྷ་ཚོགས་རང་ལ་ཐིམ། །ཀ་དག་ཆོས་དབྱིངས་དོན་རྟོགས་ནས། །མྱུར་དུ་སངས་རྒྱས་སར་འགོད་ཤོག །ཅེས་སོ། །ཡང་གཏེར་གསར་ཐུགས་སྒྲུབ་སྙིང་བྱང་ལས། སྨེ་བ་བརྩེགས་པ་ལ་བརྟེན་ནས༔ དམ་ཚིག་ཉམས་གྲིབ་སྦྱོང་བ་ནི༔ ཞི་བའི་ཐབ་ཏུ་བུད་ཤིང་བརྩིགས༔ མེ་སྦར་བསང་ཆུས་ལེགས་པར་གཏོར༔ སྟོང་པའི་ངང་ལས་སྐད་ཅིག་གིས༔

p. 56

ཡེ་ཤེས་མེ་ཕུང་ཆེར་འབར་དབུས༔ ཧཱུྃ་ལས་ཁྲོ་རྒྱལ་སྨེ་བ་བརྩེགས༔ དུད་ཁའི་མདོག་ཅན་ཁྲོ་བོའི་ཉམས༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཞབས་གཉིས་དོར་སྟབས་པད་ཉིར་བཞེངས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསམ༔ རང་གི་སྐྲ་སེན་གོས་དུམ་སོགས༔ དམ་ཚིག་ཉམས་ཆག་སྡིག་སྒྲིབ་དང་༔ གྲིབ་དང་མི་གཙང་འདུས་པར་མོས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཞལ་དུ་ཕུལ་བས་ལྷག་མེད་བཞེས༔ དགྱེས་ཚིམ་འོད་ཟེར་འབར་བ་ཡིས༔ བདག་གི་མི་མཐུན་ཀུན་སྦྱང་བསམ༔ ཏིལ་དང་ཡུངས་ཀར་ཅུང་ཟད་བཅས༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀི་བི་མ་ལི༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ སརྦ་པཱ་པཾ་སརྦ་ཀརྨ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སྐབས་སུ་ལས་སྔགས་འདི་ཡང་སྤེལ༔ ཨོཾ་མ་ཎི་དྷ་རི་ཧྲྀ་ད་ཧཱུྃ་ཨ་ནུ་པཱ་ཤ་དྷ་རི་ཧྲྀ་ད་ཧཱུྃ་ཕཊ༔ ལྷ་
ཉིད་འོད་ཞུ་རང་ལ་ཐིམ༔ ཡེ་ཤེས་མེ་ཡིས་སྡིག་སྒྲིབ་དང་༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ ལྷག་མེད་ཉིད་དུ་བསྲེག་པར་བསམ༔ མེ་ལ་འགོམ་པ་ལན་དགུ་བྱ༔ ཐལ་བ་སཱཙྪ་གདབ་པའམ༔ ཡང་ན་ཆུ་བོ་ཆེན་པོར་བསྐྱལ༔ འདིས་ནི་དམ་ཚིག་ཉམས་ཆགས་དང་༔ ཉམས་གྲིབ་ཚེ་གེགས་མ་ལུས་ཞི༔ བསོད་ནམས་འབྱོར་པ་ཐོབ་པར་འགྱུར༔ ཞེས་གསུངས་སོ། །

བརྒྱད་པ་ཟབ་མོ་ཚོགས་ཀྱི་རྣལ་འབྱོར།

p. 57

༈ བརྒྱད་པ་ཟབ་མོ་ཚོགས་ཀྱི་རྣལ་འབྱོར་ལ། ཕྱི་ནང་གཉིས་ལས། དང་པོ་ཕྱིའི་གཏོར་ཚོགས་ཆག་མེད་བྱེད་པ་རྣམས་ཀྱིས་ཡི་དམ་ཆོས་སྐྱོང་རང་གཞུང་གང་ཞིག་གཏོང་བ་དེ་ཀ་ལས་གཞན་མི་དགོས་ཀྱང་དེ་ཙམ་མི་འགྲུབ་པའམ། ན་བ་དང་བྲེལ་བ་གློ་བུར་བ་ལ་སོགས་པའི་དུས་སུ་གསེར་སྐྱེམས་ཕྱི་མར་སོགས་ཅི་འབྱོར་བཤམས་ལ། རང་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས། གཏོར་མའི་དྲི་མ་སྦྱངས་པར་གྱུར། ཨོཾ་ཨཱཿཧཱུྃ། གང་ལ་གང་མཁོའི་འདོད་ཡོན་གྱི་ཕུང་པོ་ནམ་མཁའ་ཁེངས་པ་ཙམ་དུ་གྱུར། རང་གི་སྙིང་ག་ནས་འོད་འཕྲོས་པས། དུས་གསུམ་གྱི་སངས་རྒྱས་ཁམས་གསུམ་

p. 58

གྱི་སེམས་ཅན་ཐམས་ཅད་ཡི་དམ་དུ་བྱས་ཏེ་ནམ་མཁའ་ལ་བྱོན་ནས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོ། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །སྣང་སྲིད་མགྲོན་རྣམས་ཐམས་ཅད་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །ཅེས་བརྗོད་ནས་གཏོར་མ་གཙང་སར་དོར་རོ། །དེ་ཙམ་ཡང་རྩོལ་བས་མ་གྲུབ་ན་རང་བཞིན་ལྷུན་གྲུབ་ཀྱི་གཏོར་མ་ནི། འདོན་བྱའི་ཚིག་མཐུན་དོན་གསལ་བཏབ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །ནད་འབྱུང་བཞིའི་དངོས་པོ་བ་ལིཾ་ཏ། །དེ་རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ། །

p. 59

ལས་རབ་འབྱམས་འགྲུབ་པར་བྱིན་གྱིས་རློབས། །ལུས་དབང་ཆེན་པགས་པའི་གཏོར་གཞོང་དུ། །ནང་ཤ་ཁྲག་རུས་པ་བ་ལིཾ་ཏ། །དེ་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་འབུལ། །ཚེ་ཉི་ཟླ་དང་མཉམ་པར་བྱིན་གྱིས་རློབས། །སེམས་སྣང་བ་སྣ་ཚོགས་ཀྱི་གཏོར་གཞོང་དུ། །ནང་དྲན་རིག་གསལ་བའི་བ་ལིཾ་ཏ། །དེ་མཁའ་ཁྱབ་ཆོས་ཀྱི་སྐུ་ལ་འབུལ། །རྒྱུད་ཡེ་ཤེས་ལྔ་རུ་བྱིན་གྱིས་རློབས། །ཁ་ཁ་ཁཱ་ཧི་ཁཱ་ཧི། ཁམས་གསུམ་དག་པའི་ཞིང༌། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་རྟོགས་པའི་མཐུས། མི་ཟད་གཏེར་དུ་བསྔོ། ཞེས་བརྗོད་པས་འབུལ་ལོ། །འདི་རྣམས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ལ་སྟོད་གྲུབ་ཐོབ་རོལ་པའི་རྡོ་རྗེ་ཞྭ་དམར་ལྔ་པ་རྣམས་ཀྱི་གསུངས་སོ། །ཡང་རྫོགས་ཆེན་སྒོམ་པ་རྣམས་ཀྱིས་གཏོར་ཚོགས་ཀྱི་སྤྲོས་པ་མ་ཆོད་ན། ཀུན་བཟང་དོན་ཕྲིན་དང་བླ་མ་དགོངས་འདུས་ལས་གསུངས་པ་འདི་བྱ་སྟེ། སྣང་བ་ཆོས་སྐུའི་གཞལ་ཡས་

p. 60

ནས༔ བརྒྱུད་པའི་བླ་མ་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དག་པ་འཕྲུལ་གྱི་གཞལ་ཡས་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཆོས་ཉིད་མ་བཅོས་དོན་འདི་མ་ཤེས་ན༔ ཇི་ལྟར་སྒོམ་པ་སྡུག་བསྔལ་ཉིད་དུ་འགྱུར༔ ལྟ་བ་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ ཕུང་པོ་གཏོར་མའི་རང་བཞིན་མཆོད་པར་བཞེས༔ སེམས་ཉིད་གདོད་ནས་དག་པར་མ་ཤེས་ན༔ ཇི་ལྟར་བསྐྱེད་པས་སྡུག་བསྔལ་ཉིད་དུ་འགྱུར༔ སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ རྣམ་ཤེས་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ ཐིག་ལེ་གྲྭ་ཟུར་མེད་པར་མ་ཤེས་ན༔ ཇི་ལྟར་བཙལ་བ་སྡུག་བསྔལ་ཉིད་དུ་འགྱུར༔ ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔

p. 61

སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ རང་བྱུང་རྩོལ་བ་མེད་པར་མ་ཤེས་ན༔ ཇི་ལྟར་བཙལ་བ་སྡུག་བསྔལ་ཉིད་དུ་འགྱུར༔ དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ དུག་ལྔ་གཏོར་མའི་མཆོད་པར་བཞེས་སུ་གསོལ༔ མ་རིག་འཁྲུལ་པའི་རྗེས་སུ་སྣང་བ་ལ༔ འཛིན་ཆགས་མེད་པར་སྤྱོད་པས་སོ་སོར་འཛིན༔ བག་ཆགས་ལྟོས་པའི་དབང་གིས་བཅིངས་པ་རྣམས༔ འབར་བ་ཆེན་པོའི་ཀློང་དུ་བཞེས་སུ་གསོལ༔ ཞེས་འབུལ་ཞིང་དོན་ཡིད་ལ་ངེས་པར་བྱའོ༔ གསུར་མཆོད་མདོར་བསྡུས་བཏང་བར་སྤྲོ་ན། ཟས་སྣ་མྱོང་གྲོལ་དམ་རྫས་བསྲེས་པ་བསྲེགས་ལ་ཆབ་བྲན། སྐྱབས་སེམས་བྱ། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། བསྲེག་རྫས་ཨོཾ་ཨཱཿཧཱུྃ་གསུམ་ལས༔ ཡེ་ཤེས་མཆོད་སྦྱིན་འཕྲོ་བར་བསམ༔ བསླུ་མེད་དཀོན་མཆོག་གསུམ་རྣམས་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་

p. 62

ཅན་བསྐྱབ་ཏུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བྱིན་གྱིས་རློབས༔ ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བར་ཆད་སོལ་ལ་ཕྲིན་ལས་སྒྲུབས༔ ཕ་མས་གཙོར་བྱས་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ སྒྲིབ་དག་ཚོགས་གཉིས་རྫོགས་པར་ཤོག༔ བར་དོར་གནས་པའི་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ འཁྲུལ་སྣང་སྡུག་བསྔལ་ཞི་བར་ཤོག༔ ལན་ཆགས་དགྲ་བགེགས་ཐམས་ཅད་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ བུ་ལོན་ཤ་མཁོན་བྱང་བར་ཤོག༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྦྱིན་པས་དོན་རྣམས་གྲུབ་པ་བཞིན༔ ཆོས་ཉིད་རྣམ་དག་བདེན་པ་ཡིས༔ སྨོན་ལམ་ཐམས་ཅད་འགྲུབ་པར་ཤོག༔ དགོང་མོའི་ཆར་དམར་གསུར་སྤྲོ་

p. 63

ན། ཤ་ཁྲག་ཕྱེ་ཕུར་སྦྱར་བ་བསྲེགས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ། སམྦྷ་ར་ལན་བདུན་གྱིས་བསྔོ། ཨོཾ། ཤ་ཁྲག་འབྲུ་སྨན་སྦྱར་བ་ཡི༔ གསུར་མཆོད་འདོད་ཡོན་ལྔ་ལྡན་འདི༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཚེ་དང་སྲོག་ལ་བར་གཅོད་པའི༔ འཆི་བདག་གཤིན་རྗེ་མ་མོའི་སྡེ༔ འབྱུང་པོ་ཤ་ཟ་གནོད་སྦྱིན་ཚོགས༔ སྲིན་པོ་དྲི་ཟ་ཡི་དྭགས་སོགས༔ མ་རུངས་གདུག་པའི་སེམས་འཆང་བ༔ འཁོར་དང་བཅས་པ་ཀུན་ལ་བསྔོ༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བུ་ལོན་ལན་ཆགས་བྱང་བ་དང་༔ ཁྲོས་ཤིང་འཁྲུགས་པའི་སེམས་ཀུན་ཞི༔ དུས་མིན་འཆི་བའི་འཇིགས་པ་དང་༔ ནད་དང་གནོད་པ་ཀུན་ལས་ཐར༔ ཕན་དང་བདེ་བའི་སེམས་སྐྱེས་ནས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཅེས་དང་། འགྲུབ་ན་ཆོས་སྦྱིན་དང་བསྔོ་སྨོན་བྱའོ། །གཉིས་པ་ནང་གི་ཚོགས་ཀྱི་བྱེ་བྲག་སྲོད་ལ་ལུས་སྦྱིན་ཤིན་ཏུ་མདོར་བསྡུས་པ་སྤྲོ་ན། ཐུགས་

p. 64

སྒྲུབ་ཞལ་གདམས་སྙིང་བྱང་ལས། ཕཊ༔ རང་སེམས་མ་བཅོས་ཁྲོས་མ་ནག༔ ཚངས་པའི་ལམ་ནས་རྒྱངས་ཀྱིས་ཐོན༔ འོད་གསལ་དབྱིངས་ཀྱི་ནམ་མཁའ་ལ༔ རིག་པ་རང་སྣང་ཕྱག་རྒྱར་ཤར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་གིས༔ རང་ལུས་ཕུང་པོ་དུམ་བུར་གཏུབ༔ སྟོང་གསུམ་དང་མཉམ་ཐོད་པའི་ནང་༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ རླངས་པ་འདོད་ཡོན་ལྔ་ལྡན་པའི༔ མཆོད་སྤྲིན་མཁའ་དང་མཉམ་པར་སྤེལ༔ ཟག་མེད་བདེ་བ་ཆེན་པོའི་རྫས༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཕཊ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ གདོད་ནས་རྣམ་གྲོལ་ཕྱག་རྒྱ་ཆེ༔ འོད་གསལ་སྒྱུ་མའི་རོལ་པ་ལས༔ སྲིད་ཞི་ཅིར་ཡང་སྣང་བའི་མགྲོན༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ༔ འགྲོ་འོང་མེད་པའི་དགོངས་པར་བརྡལ༔ ཐམས་ཅད་རོ་མཉམ་ཆེན་པོའི་ངང་༔ དཀོན་མཆོག་རྩ་གསུམ་

p. 65

རྒྱ་མཚོ་མཆོད༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ བགེགས་རིགས་ལན་ཆགས་ཚིམས་ཕྱིར་སྦྱིན༔ རིགས་དྲུག་སྙིང་རྗེའི་ཚོགས་ལ་བསྔོ༔ ཟག་མེད་བདུད་རྩིའི་མཆོད་སྦྱིན་གྱིས༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བསོད་ནམས་ཚོགས་ཆེན་ལྷུན་གྱིས་གྲུབ༔ ཡེ་ཤེས་འོད་གསལ་རྩོལ་མེད་ཤར༔ འཁོར་གསུམ་མཚན་མ་ལས་འདས་པའི༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཕཊ༔ ཅེས་བརྗོད་ལ་དམིགས་མེད་དུ་བཞག་གོ། །ཡང་སྔོན་གྱི་གྲུབ་ཐོབ་དག་གི་གསུང་རྒྱུན་ནི། ཕཊ། རྟོག་ཚོགས་ཡུལ་སྣང་གི་ལྷ་འདྲེ་འདིར་འདུས་ཤིག །བདེན་མེད་རྟོགས་པའི་ཟིལ་གྱིས་ནོན་པར་ཤོག །ཕཊ། སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །ཕཊ། རང་སེམས་དབྱིངས་ཐོན་རྣལ་འབྱོར་མར་གྱུར་ཏེ། །ཤ་ཁྲག་རུས་གསུམ་
ཟག་མེད་བདུད་རྩིར་གྱུར། །ཕཊ། ཡར་བཞུགས་མཆོད་འོས་མགྲོན་གྱི་ཐུགས་དམ་བསྐང༌། །ཚོགས་གཉིས་རྫོགས་ནས་སྐུ་གཉིས་མངོན་གྱུར་ཤོག །ཕཊ། མར་གནས་སྦྱིན་ཡུལ་སྲིད་གསུམ་མགྲོན་རིགས་ལ། །བསྔོས་པས་སྒྲིབ་གཉིས་བག་ཆགས་བྱང་བར་ཤོག །ཕཊ། ཁྱད་པར་བགེགས་རིགས་ཀུན་ཚིམས་གནོད་སེམས་ཞི། །ལྷག་ལ་དབང་རྣམས་ཅི་འདོད་ཐོབ་པར་ཤོག །ཕཊ། སེམས་ཀྱི་རྣམ་འཕྲུལ་འཁོར་གསུམ་དབྱིངས་སུ་ཨ། །དགེ་བས་འགྲོ་ཀུན་ཤེར་ཕྱིན་ཡུམ་ཐོབ་ཤོག །ཕཊ། ཅེས་པས་གྲུབ་བོ། །

དགུ་པ་ཉལ་བ་གཉིད་ཀྱི་རྣལ་འབྱོར།

p. 66

༈ དགུ་པ་ཉལ་བ་གཉིད་ཀྱི་རྣལ་འབྱོར་ལ། ཐོག་མར་སྲོད་ཐུན་གྱི་མཐར། དེ་རིང་རང་རྒྱུད་ལ་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་བྱུང་མ་བྱུང་བརྟགས་ཏེ་ཉེས་ལྟུང་བྱུང་བ་དེ་ཉིད་དམིགས་སུ་སྨོས་པའི་བཤགས་པ་ཚད་དུ་ལོངས་པ་བྱ་དགོས་ཀྱང་དེ་ཙམ་མི་འགྲུབ་ན་སྤྱི་ལ་དམིགས་ཏེ་ཕྱག་འཚལ་ཞིང་ལྟུང་བཤགས་དང་བླ་མ་རྡོ་རྗེ་འཛིན་པ་སོགས་བརྗོད་པ་དང༌། སྡོམ་པ་ཉེར་ལྔའི་ཚིགས་བཅད་ཀྱི་

p. 67

མཇུག །སྐྱབས་འགྲོ་བཏང་བའི་བསམ་སྦྱོར་བྱས་པ་བཤགས། །སོགས་བཤགས་ཚིག་ཏུ་བསྒྱུར་བས་ནོངས་པ་བཤགས། རྫོགས་ཆེན་པ་ཡིན་ན། སྲོད་དུས་ཤེས་པ་ནང་དུ་བཟུང་བའི་མན་ངག་ནི། ལུས་གནད་བཅའ། རླུང་རོ་བསལ། འཇམ་རླུང་བུམ་པ་ཅན་བཟུང༌། དམིགས་པ་ལུས་ཀྱི་དབུས་སུ་དྷུ་ཏི་གསལ་བཏབ་ལ་ལྟེ་བའི་ཨ་ཡིག་སྤར་བས་སྤྱི་བོའི་ཧཾ་ཞུ་བའི་བྱང་སེམས་ཀྱི་རྒྱུན་སྙིང་གར་བབ་པའི་ཐིག་ལེ་ལ་སེམས་བཟུང་བས་བདེ་སྟོང་གི་ཡེ་ཤེས་ངང་གིས་འཆར་རོ། །ནམ་གུང་ཉལ་བ་དངོས་ཀྱི་སྐབས་ལས་དང་པོ་པས་གྲུབ་ཆེན་དྲིལ་བུ་པའི་དགོངས་པ་ལྟར་རང་བཞིན་ལྷན་སྐྱེས་ཀྱི་ངང་ལ་ཉལ། སེམས་ཅུང་ཟད་བརྟན་པ་ན་མན་སྙེ་ལས་གསུངས་པ་ལྟར་ཞུ་བདེ་ལྷན་སྐྱེས་ཀྱི་ངང་ལ་ཉལ་བ་རྣམས་ནི་བསྐྱེད་རིམ་པ་ལ་ཉེ་བར་མཁོ་བ་ཡིན་ཞིང༌། དེའང་དང་པོ་ལྟར་ན་བསྙེན་སྒྲུབ་ཀྱི་སྐབས་སུ་དཀྱིལ་འཁོར་པ་གསལ་བཏབ། ཐུགས་ཀའི་འོད་ཟེར་གྱིས་སྣོད་བཅུད་འོད་ཀྱི་རང་བཞིན་དུ་བྱས་ནས་སྲུང་འཁོར་ལ་བསྡུ། དེ་དུར་ཁྲོད། དེ་གཞལ་ཡས་ཁང༌། དེ་འཁོར་གྱི་ལྷ་ལ། དེ་ཡུམ། དེ་ཡབ། དེ་ཐུགས་སྲོག་ཧཱུྃ། ཧཱུྃ་ཡང་ཞབས་ཀྱུ་ནས་གྱེན་རིམ་ནཱ་དའི་བར་དུ་བསྡུས། དེ་ལ་སེམས་བཟུང༌། མཐར་དེའང་མི་དམིགས་པའི་ངང་ལས་གཉིད་དུ་འགྲོ་བར་བྱ། དེའང་ལན་གསུམ་ལ་སོགས་པ་བསྐྱར་དགོས་སོ། །རྫོགས་རིམ་རྣམས་ཀྱི་སྐབས་སུ་སོ་སོའི་སྐབས་དང་བསྟུན་པའི་རྣལ་འབྱོར་བྱ་དགོས་ལ། སྤྱི་ཙམ་དུ། སེང་གེའི་ཉལ་

p. 68

སྟབས་ཀྱིས་མགོ་བྱང་དུ་བསྟན་ལ་འཆི་བ་རྗེས་སུ་དྲན་པས་དཀོན་མཆོག་གསུམ་ལ་བློ་གཏོད་ཅིང་གསོལ་བ་བཏབ་ནས་དགེ་བའི་བྱ་བ་ལ་ལྡང་བ་དང་སྣང་བའི་འདུ་ཤེས་ཉེ་བར་བཞག་སྟེ། སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་ནས་ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བློ་གནས་པར་བྱ། དེ་ལ་མི་གནས་ན་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་རུང་བསྒོམས་ཏེ་གཉིད་འོད་གསལ་དུ་ཐིམ་པའི་གསོལ་བ་དྲག་ཏུ་བཏབ་པས་བླ་མ་སྤྱི་བོ་ནས་བྱོན། སྙིང་འོད་ཀྱི་གུར་ཁང་ནང་དུ་རྡོ་རྗེ་འཆང་གི་སྐུ་ཤིན་ཏུ་ཕྲ་བར་བཞུགས་པའི་འོད་ཟེར་གྱིས་ལུས་ཀྱི་ནང་གསལ་བར་མོས་པའི་ངང་ནས་གཉིད་ལོག །རྫོགས་ཆེན་པས་ནམ་གུང་ཤེས་བྱ་བུམ་པར་དྲིལ་བ་ནི། སྙིང་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཅུང་ཟད་ཟུམ་པའི་ནང་དུ་ཨ་ཡིག་དཀར་པོ་འོད་འབར་བ་བུམ་ནང་གི་མར་མེ་ལྟར་འབར་བ་ལ་སེམས་གཏད་དེ། སྙིང་གར་འཇམ་རླུང་ཁ་སྦྱོར་དུ་བཟུང་བ་ལ་ལུས་སྟོད་སྨད་འདུས་པ་ལྟར་མོས་ནས་ཉལ་བས་རྨི་ལམ་མེད་པར་གཉིད་གསལ་སྟོང་རྣམ་པར་མི་རྟོག་པའི་འོད་གསལ་དུ་འཆར་བར་གསུངས་སོ། །ཡང་བསྐྱེད་རྫོགས་ཀྱི་མྱོང་བ་མེད་པའམ་རྒྱུན་གྱི་རྣལ་འབྱོར་ལྟ་བུར་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དགོངས་པ་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་གདམས་ངག་འོད་དཔག་མེད་པའི་ཉལ་འཕོ་ཉམས་སུ་ལེན་པར་སྤྲོ་ན་ཡིག་རྙིང་ལས་འབྱུང་བ་ལྟར་རམ། ཡང་ན་དེ་དང་དོན་གཅིག་ཅིང་ཁྱེར་བདེ་བ་གཏེར་གསར་ཐུགས་སྒྲུབ་ལས་འབྱུང་

p. 69

བ་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾཿ སྟོང་པའི་ངང་ལས་ས་ཕྱོགས་ཀུན༔ དག་པའི་ཞིང་ཁམས་བདེ་བ་ཅན༔ ངོ་མཚར་བཀོད་པ་བསམ་ཡས་དབུས༔ པདྨ་ཟླ་བའི་སྙིང་པོ་ལ༔ རང་ཉིད་འཕགས་པ་སྤྱན་རས་གཟིགས༔ དཀར་དམར་མདངས་ལྡན་ཐལ་མོ་སྦྱར། བྱང་ཆུབ་སེམས་དཔའ་གཞོན་ནུའི་ཚུལ༔ སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ མདུན་དུ་རྨ་བྱས་བཏེགས་པ་ཡི༔ རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང་༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས༔ མཚན་དཔེའི་དཔལ་འབར་ཆོས་གོས་གསོལ༔ བྱང་ཆུབ་ཤིང་ཆེན་རབ་རྒྱས་པ༔ ཡིད་འཕྲོག་གྲིབ་བསིལ་ལ་བརྟེན་ནས༔ མཐའ་ཡས་འོད་ཟེར་འཕྲོ་བའི་ཀློང་༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ གཡས་སུ་འཕགས་པ་སྤྱན་རས་

p. 70

གཟིགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ མདུན་དུ་འཕགས་ཚོགས་འདུས་པ་དང་༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ སངས་རྒྱས་དང་ནི་བྱང་ཆུབ་སེམས༔ འཇིག་རྟེན་སྐྱོང་བ་བསམ་མི་ཁྱབ༔ ཀུན་ཀྱང་ཆོས་ཀྱི་སྒྲ་སྒྲོགས་ཤིང་༔ ཐེག་མཆོག་བདུད་རྩིས་དགྱེས་པ་ཅན༔ མངོན་སུམ་བཞིན་དུ་གསལ་བར་བསྒོམ༔ ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང༌། མཎྜལ་བཅད་ལྷུག་རྒྱས་བསྡུས་གང་འགྲུབ་འབུལ། རང་གི་ཐུགས་ནས་འོད་འཕྲོས་པས༔ སངས་རྒྱས་འཁོར་བཅས་ཐུགས་རྒྱུད་བསྐུལ༔ དེ་དག་ཐུགས་རྗེའི་འོད་ཟེར་གྱིས༔ བདག་དང་འགྲོ་བའི་སྒྲིབ་ཀུན་སྦྱངས༔ བདེ་ཆེན་ཞིང་དུ་སྐྱེ་བ་ཡི༔ རྒྱུ་འབྲས་སྣོད་དང་ལྡན་པར་བསམ༔ ཨོཾ་པདྨ་དྷ་རི་ཧཱུྃ༔ ཞེས་ཅི་འགྲུབ་དང༌། ན་མོ་བྷ་ག་བ་ཏེ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་

p. 71

སཾ་བྷ་བེ། ཨ་མི་ཏ་བི་ཀྲནྟེ། ཨ་མི་ཏེ་ག་མི་ནི་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་ཀྱང་བཀླག །ཞིང་གི་བཀོད་པ་ལ་དད་མོས་ཆེན་པོས་སེམས་རྩེ་གཅིག་ཏུ་བཟུང༌། དགེ་རྩ་ཐམས་ཅད་བསྡུས་ཏེ་ཞིང་དེར་སྐྱེ་བའི་རྒྱུ་རུ་བསྔོ། འགྲུབ་ན་བདེ་སྨོན་གང་འོས་དང༌། རྒྱས་པར་མི་ལྕོགས་ན། བདག་ནི་འཆི་བའི་སོགས། དེར་སོང་ནས་ནི་སོགས། རྒྱལ་བའི་དཀྱིལ་འཁོར་སོགས། དེར་ནི་བདག་གིས་སོགས་ཞེས་ཤླཽ་ཀ་བཞི་བརྗོད། མདུན་གྱི་སྣང་བ་མཐའ་ཡས་ཀྱི༔ ཐུགས་ཀའི་ཧྲཱིཿལས་གཉིས་པ་བྱུང་༔ ཤངས་བུག་གཡས་ནས་རང་ཉིད་ཀྱི༔ སྣ་བུག་གཡོན་ཞུགས་སྙིང་གའི་དབུས༔ འོད་ཟེར་སྣང་བ་རབ་འཕྲོ་བས༔ སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ རླུང་ཕྱིར་སོང་དང་ལྷན་གཅིག་ཏུ༔ སྣ་བུག་གཡས་ནས་བཅོམ་ལྡན་གྱི༔ ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ༔ རྒྱལ་བའི་ཐུགས་དང་རང་གི་སེམས༔
དབྱེར་མེད་བློ་འདས་ངང་དུ་བཞག༔ ཅེས་པའི་དམིགས་པ་དབུགས་འགྲོ་འོང་དང་སྦྱར་ཏེ་ཇི་ཙམ་ནུས་པ་བྱས་པའི་མཐར། བླ་མ་འོད་དཔག་མེད་པ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཉིད་སངས་རྒྱས་སྐུ་རུ་གྱུར༔ ཅེས་མོས་ལ་ཞིང་གི་བཀོད་པ་ཡང་ཡང་དྲན་པའི་མཐར་རྣམ་པར་མི་རྟོག་པའི་ངང་དུ་ཉལ་ལོ། །དེའི་ཡོན་ཏན་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་སྡེ་སོགས་ལས་ཚད་མེད་པ་འབྱུང་བ་རྣམས་དང༌། །ཐུགས་སྒྲུབ་ཞལ་གདམས་ལས་ཀྱང༌། དེ་ལྟར་ཐུན་རེ་མ་ཆག་པར༔ བསྒོམས་ན་འཆི་བའི་དུས་ཀྱི་ཚེ༔ སངས་རྒྱས་མཐུ་ཡིད་སྒྲིབ་དག་ནས༔ བདེ་ཆེན་ཞིང་དུ་ངེས་པར་སྐྱེ༔ ཞེས་གསུངས་པ་ལྟར་རོ། །

བཅུ་པ་འཆི་བསླུ་སྲུང་ཟློག་གི་རྣལ་འབྱོར།

p. 72

༈ བཅུ་པ་འཆི་བསླུ་སྲུང་ཟློག་གི་རྣལ་འབྱོར་ནི། རྣལ་འབྱོར་པ་ལ་ནང་དུ་རླུང་ལ་སྐྱོན་ཞུགས་པས་རྨི་ལམ་སོགས་སུ་འཆི་ལྟས་ཤར་ན། བུམ་ཅན་འབྱོངས་པ་ཡིན་ན་དེ་ཁོ་ན་ནན་ཏན་དང༌། རྒྱུ་ཕྱོགས་བརྟགས་ལ་ཡོན་པོ་སྲོང་བའི་གདམས་ངག་ཉམས་སུ་ལེན། བུམ་ཅན་མ་བྱང་ན་འབྲུ་གསུམ་དང་སྦྱར་བའི་རྡོར་བཟླས་སམ། ཡང་ན་ནང་དུ་འཇུག་པ་ཁོ་ན་བགྲངས་པས་འབུམ་ཕྲག་རེས་དུས་མ་ཡིན་པའི་འཆི་བ་ངེས་པར་བསླུ་བར་འགྱུར། གཞན་ཡང་ནངས་མོ་ལངས་མ་ཐག་པ་དང་དགོངས་ཀ་ཉལ་ཁ་རང་དུ་རང་ལུས་ཀེང་རུས་ཤ་མེད་སྐྱ་སང་ངེ་བའམ། ཁ་ཊྭཱཾ་ག་སོགས་ཡི་དམ་གྱི་ཕྱག་མཚན་ཏུ་བསྒོམས་ནས་ཡུན་རིང་རེར་རྟོག་པས་བར་མ་ཆོད་པར་

p. 73

བྱ་བ་ཤིན་ཏུ་གནད་ཟབ་པར་བཤད། བདེ་མཆོག་རྩ་རྒྱུད་ལེའུ་ལྔ་པའི་དགོངས་པ་གྲུབ་ཆེན་ནཱ་རོ་ཏ་པ་སོགས་ཀྱི་གདམས་ངག་ཚེ་སྒྲུབ་ཤིན་ཏུ་ཟབ་པ་ནི། ཐོ་རངས་སམ་དུས་ནམ་ཡང་རུང་བར། རང་གི་སྤྱི་བོར་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་དུ་ཨ་དཀར་པོ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། བདེ་མཆོག་རིགས་ལྔ་ནམ་མཁར་བཞུགས་པའི་ཐུགས་ཀར་ཕོག །ཐུགས་ཀའི་ས་བོན་རྣམས་བདུད་རྩིར་ཞུ་ཨ་ལ་ཐིམ་ཞིང་ཐོད་པ་ཁེངས། ལུད་པས་ལུས་ཀྱི་ནང་ཐམས་ཅད་གང་བར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ་ཨཱཿཡུརྫྙཱ་ན་སིདྡྷི་ཧཱུྃ། ཞེས་མང་དུ་བགྲང༌། འཕྲོ་འཇོག་ཙ་ན། རིགས་ལྔ་ཐོད་པ་ལ་ཐིམ། ཐོད་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ། རྙིང་ལུགས་ལ་མོས་ན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ཀུན་མཁྱེན་བུ་སྟོན་རིན་པོ་ཆེར་བཀའ་བབས་ཤིང་བོ་དོང་འཇིགས་བྲལ་ཆེན་པོའི་དག་སྣང་ཉེ་བརྒྱུད་བཅས་ཁྱད་པར་སུམ་ལྡན་ཟབ་ཅིང་ཁུངས་བཙུན་པ་བུ་སྟོན་གོང་ཁུག་མར་གྲགས་པ་ནི། སྐྱབས་སེམས་སྔོན་དུ་

p. 74

སོང་ནས། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་ཉིད་སྐད་ཅིག་གི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་ཀྲོང་སྟེ་གྱུར་པའི་རྩེ་མོར་ཚེ་དཔག་མེད་ཀྱི་ངོ་བོ་ཧྲཱིཿདཀར་པོ་དྭངས་ཤིང་གསལ་བ་ཞིག་གིས་མཚན་པར་གྱུར། ཅེས་པས་གསལ་བཏབ་རྗེས་ལག་པ་ཐལ་མོ་སྙིང་གར་སྦྱར་ལ། ཨོཾ་བཛྲ་ཨཱཿཡུ་ཥེ་ས་ར་ཧ་ཤུདྡྷེ་ཧཱུྃ་ཕཊ༔ ཅེས་ལན་གསུམ་བརྗོད་ཅིང་སྔགས་དོན་དྲན་པའི་སྒོ་ནས་ཚེ་དཔག་མེད་ཧྲཱིཿཡིག་ཏུ་གསལ་བ་ལ་གསོལ་བ་དྲག་ཏུ་བཏབ་བོ། །དེ་ལྟར་གསོལ་བ་བཏབ་པའི་རྐྱེན་གྱིས་ཧྲཱིཿལས་འཆི་མེད་བདུད་རྩི་དཀར་པོ་སྐྱ་ན་ར་ར་བྱོན་ནས་རང་ལུས་གསེར་གྱི་རྡོ་རྗེར་གསལ་བའི་རྭའི་དབུས་སུ་བབ་ཅིང་ཁེངས་པར་གྱུར། དེ་ནས་ཐོག་མར་སྣ་བུག་གཉིས་ཀ་ནས་རླུང་རོ་ཅུང་ཟད། དེ་ནས་ཇེ་ཆེ་ཇེ་ཆེར་འབུད་ཅིང༌། ཡང་ཇེ་ཆུང་དུ་ཇེ་ཆུང་དུ་བཏང་སྟེ་ཕྱིར་འབུད་ཅིང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་བུན་ཏེ་ཕྱིར་ཐོན་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟ་བུར་གྱུར་པར་བསམ་མོ། །དེ་ནས་ཡང༌། ཚུར་རླུང་ཁུག་པ་

p. 75

སྣ་བུག་གཡོན་ནས་བདུན། གཡས་ནས་བདུན་དྲངས་ཏེ། དམིགས་པ་ནི་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས། ལྷ་མིའི་དབང་པོ་སྟོབས་ལྡན་རྣམས་ཀྱི་ཚེ་དཔལ་བསོད་ནམས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་རླུང་དང་བསྟུན་ནས། རང་སེམས་གསེར་གྱི་རྡོ་རྗེར་གསལ་བའི་ངང་དུ་བསྡུས་པར་བསམས་ལ་རླུང་ཁུག་པ་བདུན་བསྣན་ནས་སྙིང་པོ་འདི་བཟླའོ། །ཨོཾ་བཛྲ་ཨཱཿཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿ ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་ཡིད་བཟླས་བྱ། དེ་ནས་སླར་ཡང་གོང་བཞིན་གསོལ་བ་བཏབ། སྤྱི་བོའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རང་དང་བསྒྲུབ་བྱའི་བླ་ཚེ་དང་བསོད་ནམས་ཉམས་པ། ཡར་བ། འཐོར་བ། འཕྲོག་པ། བརྐུས་པ་ཐམས་ཅད་བསྡུས་ནས་ཧྲཱིཿཡིག་ལ་ཐིམ། ཧྲཱིཿའོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམས་ལ། རིག་པ་བརྗོད་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པར་བྱའོ། །ནངས་པར་

p. 76

སོགས་ནམ་ཡང་རུང་བར་དད་མོས་རྩེ་གཅིག་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དམ་པའི་ཆོས་སྒྲུབ་པའི་བདུད་བགེགས་བར་གཅོད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། ཐོ་རངས་མེ་ཏོག་གམ་འབྲུ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ༔ བོ་དྷི་ས་ཏྭཱ་ཡ༔ མ་ཧཱ་ས་ཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པྟི་ཡ་དུཥྚཱན་ཧ་ན་ཧ་ན༔ ད་ཧ་ད་ཧ༔ བྷནྡྷ་བྷནྡྷ༔ ཕཊ་ཕཊ༔ ཅེས་བཟླས་ལ། སྤྱི་བོར་བཞག་པས་སྒྲོལ་མའི་སྐུ༔ ཆར་བཞིན་བབས་ནས་བདག་ལ་ཐིམ༔ འཇིགས་པ་ཀུན་དང་བྲལ་བར་བསམ༔ ཡང་རྒྱུད་ཀྱི་གདམས་ངག་ཤིན་ཏུ་ཟབ་པ་ནི། སྟོང་པའི་ངང་ལས། རང་སེམས་བྷྲཱུྃ་སེར་པོ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནོར་བུའི་

p. 77

འཁོར་ལོ་རྩིབས་བཅུ་གཅིག་པ་ལྟེ་བར་ཐོད་པའི་གཞལ་མེད་ཁང་སྲུབ་མེད་པ་སྒོ་ང་ལྟ་བུ་ཞིག་བསྒོམ། དེའི་ནང་དུ་རང་གི་ལུས་བྷྲཱུྃ་སེར་པོ་ལས་གང་རུང་ཀྱི་རྣམ་པར་བསྒོམ། དེའི་ནང་དུ་རང་གི་སེམས་བདེ་མཆོག་ཡབ་ཡུམ་ཆུང་ལ་རྫོགས་པ་ཞིག་བསྒོམ། ངག་ཏུ། བྷྲཱུྃ་བྷྲཱུྃ་ཞེས་མང་དུ་བཟླ། འཁོར་ལོ་ནམ་མཁའ་ལ་སི་རི་རི་འཁོར་བས་གནོད་བྱེད་ཐམས་ཅད་དུམ་བུར་གཏུབས་ཤིང་ཕྱེ་མར་བརླག་པར་བསྒོམ། དེ་རྒྱུན་དུ་དྲན་ཙམ་བྱ། སྲོད་ལ་ནན་ཆེ་བར་བསྒོམ། འདིས་ནི་སྔགས་པ་བརྒྱ་ཡི་རྦོད་གཏོང་ཡང་བཟློག །སྲུང་བའི་མཆོག་ཏུ་འགྱུར་རོ། །གདོན་བགེགས་ཀྱི་གནོད་པ་བཟློག་པ་ལ་ལོཀྟྲི་པཱ་ལ། སྲི་ངན་ཟློག་པ་ལ་འཁོར་ལོ་འབར་བ། བྱད་ཁ་རྦོད་གཏོང་སོགས་ངན་དགུ་ཟློག་པ་ལ་སེང་གདོང་མ་རྣམས་ཟབ་པས་སྐབས་བསྟུན་ཉམས་ལེན་བྱ། རྨི་ལམ་ངན་པ་ཟློག་པ་ལ། སད་མ་ཐག་པར་ཁ་མལ་འོག་ཕྱོགས་ཏེ་སེང་གདོང་མར་བསྒོམ་ལ་འབྲུ་བཅུ་བཞི་པ་དང༌། ཨོཾ་མུ་རཾ་མུ་རཾ་ཐུམ་ཐུམ་རྨི་ལམ་ཐུམ་སྭཱ་ཧཱ། ཞེས་བརྒྱའམ་

p. 78

ཉེར་གཅིག་བཟླ། ཕྱག་གཡས་ཟླ་བ། གཡོན་ཉི་མ་ཁ་བརྡབས་པས་གནོད་བྱེད་བརླག་པར་བསམས་ལ། ད་ལྟའི་རྨི་ལམ་ངན་པ་དེ་ཉིད་གཏོང་མཁན་དགྲ་བགེགས་ཀྱི་སྟེང་དུ་ཟློག་ཟློག་སྒྱུར་སྒྱུར། བྱས་ལ་ཐལ་མོ་གསུམ་བརྡབ། ཡང་ན་ཕན་ཡོན་ཤིན་ཏུ་ཆེ་བ་གཙུག་ཏོར་འབར་བའི་བསྒོམ་བཟླས་ནི། རང་ཉིད་གཙུག་ཏོར་འབར་བ་དམར་སེར་ཁྲོས། །གཡས་པས་རལ་གྲི་གཡོན་པས་སྡིགས་མཛུབ་རྩེར། །མེ་ཡི་འཁོར་ལོ་རྩིབས་བརྒྱད་དྲག་ཏུ་བསྐོར། །སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་དམར་སེར་འབར། །སྟག་ཤམ་གཡོན་བརྐྱང་སྟབས་ཀྱིས་པད་ཉིར་བཞུགས། །སྐུ་ལས་མེ་འབར་གནོད་བྱེད་ཐམས་ཅད་བསྲེགས། །ན་མཿས་མནྟ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཕཊ་ཕཊ་སརྦ་དུར་ནི་མིཏྟ་དུར་སྦཱ་པྣཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ་སྟེ་འདིས་ནི་ལྟས་ངན་ཐམས་ཅད་བཟློག་གོ། །ཡང་ནད་དང་སྡུག་བསྔལ་

p. 79

ཁྱད་པར་རྨི་ལམ་ངན་པ་ཞི་བ་ལ་ལྷག་པར་བསྔགས་ཤིང་ཚེ་སྒྲུབ་མཆོག་ཏུ་གྱུར་པ་སྤྱན་རས་གཟིགས་ཡི་གེ་ཕྱེད་བཞི་པ་ནི། སྐྱབས་སེམས་སྟོང་ཉིད་སྒོམ་པ་སྔོན་དུ་འགྲོ་བས། རང་གི་མདུན་དུ་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ན་བཟའ་སྔོན་པོ་གསོལ་བ། གཡས་སྐྱབས་སྦྱིན་དང་གཡོན་པདྨ་དཀར་པོ་འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རལ་པའི་ཐོར་ཚུགས་དང་ལྡན་པ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་གསལ་བཏབ་སྟེ། མོས་གུས་ཀྱི་གདུང་བ་ཆེན་པོས། ཨོཾ་ཨ་རོ་ལིཀ །ཞེས་ལན་གཅིག་བརྗོད་ལ། ཨ་རོ་ལིཀ །ཞེས་པ་ཉིད་བརྒྱ་རྩ་བཟླའོ། །དེ་ལྟ་བུའི་ཚུལ་ཅན་གྱིས་སྔགས་ཨོཾ་ཅན་གཅིག་གིས་འགོ་དྲངས་ནས། གཞན་བརྒྱ་བརྒྱ་བཟླ་བ་ཉིད་ཅི་ནུས་བྱའོ། །མཐར་བདག་གི་སྡིག་སྒྲིབ་སྦྱོང་བ་དང༌། བར་ཆད་ཞི་བར་གསོལ་བ་དྲག་ཏུ་བཏབ་པས་འོད་དུ་ཞུ་ནས་རང་ལ་ཐིམ། རྣམ་སྨིན་གྱི་ལུས་སྦྱངས་ཏེ་འོད་ཀྱི་རང་བཞིན་གྱི་ལྷ་སྐུར་གྱུར། དེ་ཡང་མི་དམིགས་པར་སྦྱངས་ཏེ་ཅུང་ཟད་མཉམ་པར་བཞག །དགེ་བ་བསྔོ། སྤྱིར་དམ་པའི་ཆོས་སྒྲུབ་པའི་བར་གཅོད་སེལ་ཞིང༌། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་ནས་མཆོག་སྒྲུབ་པ་ལ་བར་གཅོད་དམ་སྲི་འདུལ་བའི་གཉེན་པོ་ནི་རྡོ་རྗེ་ཕུར་པ་ལས་ལྷག་པ་གསར་རྙིང་ཀུན་ལ་མེད་པས་སྲོད་ཀྱི་དུས་སུ་གཏེར་གསར་གསང་
ཐིག་རྡོ་རྗེ་ཕུར་པའི་བསྒོམ་བཟླས་མ་ཆག་པར་བྱ། ཡང་ཟབ་བླ་ཕུར་སྦྲགས་མའི་རིགས་དང་ཧཱུྃ་སྒྲུབ། ལྷག་པར་གཏེར་གསར་ཐུགས་སྒྲུབ་བདུད་ཀྱི་གཤེད་ཆེན་སྐབས་སུ་གསུངས་པའི་ཡང་ཟབ་རྒྱུན་གྱི་ཉམས་ལེན་སོགས་ལ་རྣལ་འབྱོར་དུ་བྱ་བ་དང༌། ཡང་སྲོད་ཀྱི་དུས་སུ། བླ་མའི་རྣལ་འབྱོར་བསྒོམ་པའི་རྗེས་སུ། བླ་མའི་སྐུ་ལས་རྃ་འཕྲོས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དྲག་ཏུ་འཁོར་བས། གནོད་བྱེད་ཐམས་ཅད་དུམ་བུར་གཏུབས་ཤིང་སྲེག །ཕྱི་ནང་ཐམས་ཅད་ཡེ་ཤེས་མེར་འབར་བའི་དཀྱིལ་ན་རང་ཉིད་རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པར་གྱུར་པ་ལ་སྤྱི་གཙུག་གི་བླ་མ་རང་གི་སྙིང་ནང་དུ་སྤྱན་དྲངས་ཏེ་བསྒོམ་པས་གེགས་དང་བར་ཆོད་ཐམས་ཅད་བསྲུང་བའི་མཆོག་གོ། །

བཅུ་གཅིག་པ་གཞན་དོན་ཕྲིན་ལས་ཀྱི་རྣལ་འབྱོར།

p. 80

༈ བཅུ་གཅིག་པ་གཞན་དོན་ཕྲིན་ལས་ཀྱི་རྣལ་འབྱོར་ནི། སྤྱིར་གཞན་དོན་གྱི་གཙོ་བོ་རྣམ་པ་ཀུན་ཏུ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བ་ཁོ་ན་ཡིན་ཀྱང༌། འདིར་ཉེར་མཁོའི་ཡན་ལག་ཏུ་སྨོས་པ། མི་འཁྲུགས་པའི་བསྒོམ་བཟླས་སྤྲོ་ན། སྐྱབས་སེམས་བྱ། རང་གི་

p. 81

སྙིང་གར་ཨ་ཡིག་ལས། །ཟླ་སྟེང་ཧཱུྃ་སྔོན་འོད་ཟེར་གྱིས། །ལུས་སྦྱངས་སྡིག་སྒྲིབ་ཐམས་ཅད་དག །སེམས་ཉིད་བཅོམ་ལྡན་མི་འཁྲུགས་པ། །སྐུ་མདོག་སྔོན་པོ་མཚན་དཔེས་བརྒྱན། །ཕྱག་གཉིས་གཡས་པ་ས་གནོན་དང༌། །གཡོན་པ་མཉམ་བཞག་རྡོ་རྗེ་འཛིན། །ན་བཟའ་ཆོས་གོས་གསུམ་མནབས་ཤིང༌། །འོད་དང་འོད་ཟེར་འཕྲོ་བ་ཅན། །གླང་ཆེན་གྱིས་བཏེགས་རིན་ཆེན་ཁྲིར། །པདྨ་ཟླ་བའི་གདན་སྟེང་དུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཨ་ལས་ཟླ་སྟེང་ཧཱུྃ། །དེ་ཡི་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས། །ཡིད་ཀྱིས་ཕྱག་མཆོད་གསོལ་བ་གདབ། ཛཿཧཱུྃ་བཾ་ཧོཿདབྱེར་མེད་ཅིང༌། །གནས་གསུམ་འབྲུ་གསུམ་རྒྱས་གདབ་གྱུར། །ཧཱུྃ་མཐར་སྔགས་ཕྲེང་བསྐོར་བ་ལས། །འོད་འཕྲོས་འགྲོ་ཀུན་སྒྲིབ་སྦྱོང་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་

p. 82

ཏེ་ཨཱཀྵོ་བྷྱ་ཡ་སོགས་སྔོན་དུ་འགྲོ་བའི་ཀཾ་ཀ་ནི་ཅི་འགྲུབ་བཟླས་མཐར། འགྲོ་བ་ཀུན་གྱི་སྒྲིབ་དག་ནས། །ཐམས་ཅད་མི་འཁྲུགས་རྒྱལ་བར་གྱུར། །འོད་ཞུ་རང་ཐིམ་རང་ཉིད་ཀྱང༌། །མཁའ་ལ་སྤྲིན་དེངས་ལྟ་བུའོ། །ཞེས་སྟོང་ཉིད་དུ་བཞག་ལ་དགེ་བ་བསྔོ། འདི་མ་ཆག་པར་བྱས་ན་མཚམས་མེད་པ་ལྔ་བྱས་པའང་འདག །ལན་གཅིག་བརྗོད་ན་རྨི་ལམ་ངན་པ་དང་བཀྲ་མི་ཤིས་པ་ཀུན་བཟློག །བྱ་དང་རི་དྭགས་འབུ་སྲིན་སོགས་འཆི་ཀ་མའི་རྣ་ལམ་དུ་བསྒྲགས་ན་ངན་སོང་གི་སྐྱེ་སྒོ་ཁེགས་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་སོ། །འདི་ནི་སྣར་ཐང་བརྒྱ་རྩ་ལས་འབྱུང་བ་དང༌། གྲུབ་ཐོབ་སཱུརྱ་བཛྲའི་ཐུགས་དམ་གྱི་གནད་དྲིལ་བའོ། །ཡང་བཅོམ་ལྡན་འདས་ཐམས་ཅད་རིག་པའི་བསྒོམ་བཟླས་རྒྱལ་སྲས་ཐོགས་མེད་ཀྱི་ལུགས་ནི། སྐྱབས་སེམས་བྱ། སྟོང་པའི་ངང་ལས་རང་གི་སེམས། །ཟླ་བའི་དཀྱིལ་འཁོར་ཉིད་དུ་གསལ། །ཨོཾ་སརྦ་བིད་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཟླ་བ་འོད་ཞུ་རྡོ་རྗེ་དཀར། །རྩེ་ལྔ་གྱེན་དུ་བཞེངས་པ་ལས། །འོད་འཕྲོས་སེམས་

p. 83

ཅན་དོན་བསྒྲུབས་ཏེ། །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །བདག་ཉིད་བཅོམ་ལྡན་ཀུན་རིག་དཀར། །ཞལ་བཞི་ཞི་བའི་གཟིགས་སྟངས་ཅན། །ཕྱག་གཉིས་མཉམ་བཞག་རྡོ་རྗེ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྣང་ལ་རང་བཞིན་མེད་པའི་སྐུ། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། །དབང་ལྷ་རིགས་ལྔས་དབང་བསྐུར་ཞིང༌། །སྒྲིབ་དག་རྣམ་སྣང་དབུ་བརྒྱན་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཆོས་དབྱིངས་ཡེ་ཤེས་སོགས་ཤླཽ་ཀ་གཅིག་གིས་བསྟོད། ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་གི་མཐར་རྩ་རིག་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་དམིགས་ཡུལ་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་པར་བསམས་ལ་རྩ་རིག་ཅི་ནུས་བཟླ། མཐར་མི་དམིགས་པར་བཞག་

p. 84

ལ་བསྔོ་བ་བྱ། སྒྲིབ་སྦྱོང་སྤྱི་དང་ཁྱད་པར་གཤིན་པོའི་སྒྲིབ་སྦྱོང་ལ་ལྷག་པར་བསྔགས་སོ། །ཡང་བཅོམ་ལྡན་འདས་སྨན་གྱི་བླ་མའི་སྒོམ་བཟླས་སྤྲོ་ན། སྐྱབས་སེམས་བྱ། སྙིང་གར་ཨ་ལས་ཟླ་བའི་སྟེང༌། །ཨོཾ་ཡིག་སྔོན་པོའི་འོད་ཟེར་གྱི། །འཕྲོ་འདུས་རང་ཉིད་སྨན་གྱི་བླ། །བཻ་ཌཱུརྱ་འོད་ནམ་མཁའི་མདོག །ཕྱག་གཡས་མཆོག་སྦྱིན་ཨ་རུ་ར། །གཡོན་པ་མཉམ་བཞག་བཻ་ཌཱུརྱའི། །ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །མཚན་དཔེ་ཡོངས་རྫོགས་སྤྲུལ་སྐུའི་ཆས། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །ཐུགས་ཀར་ཟླ་སྟེང་ཨོཾ་སྔོན་པོའི། །འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཡས་སུ་ཟླ་ལྟར་སྣང་བྱེད་དཀར། །གཡོན་དུ་ཉི་ལྟར་སྣང་བྱེད་དམར། །ལོངས་སྤྱོད་རྒྱན་རྫོགས་ཐལ་སྦྱར་མཛད། །པད་ཟླར་བཞེངས་པའི་སྟབས་ཀྱིས་བཞུགས། །རང་གི་གནས་གསུམ་འབྲུ་གསུམ་མཚན། །ཐུགས་ཀར་ཟླ་སྟེང་ཨོཾ་

p. 85

ཡིག་མཐར། །སྔགས་ཕྲེང་གཡས་བསྐོར་འོད་ཟེར་གྱིས། །སྡིག་སྒྲིབ་ནད་གདོན་ཀུན་སྦྱངས་གྱུར། །ཨོཾ་ན་མོ་བྷ་ག་བ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ཞེས་གཟུངས་རིང་ཚར་གཅིག་གིས་མགོ་དྲངས། ཨོཾ་བྷཻ་ཥ་ཛྱེ་སོགས་གཟུངས་ཐུང་ཅི་འགྲུབ་བཟླས་ལ་མཐར། རང་གི་ལུས་ལས་ཡེ་ཤེས་པ། །ཕྱུངས་ཏེ་ནམ་མཁར་བཞུགས་པར་གྱུར། །ཡན་ལག་བདུན་པ་རྒྱས་པ་བཟང་སྤྱོད་ལྟར་རམ། ཕྱག་འཚལ་བ་དང་སོགས་བརྗོད། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ད་ལྟ་ཉིད་དུ་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། ཡིག་བརྒྱ་བརྗོད། བཛྲ་མུཿས་ཡེ་ཤེས་པ་གཤེགས། ལས་སྒྲིབ་རྣམ་པར་སྦྱོང་བ་འདི་ནི་ཤིན་ཏུ་ཟབ་ཅིང་མཚན་ཙམ་བཟུང་བས་

p. 86

ཀྱང་ངན་སོང་གི་སྐྱེ་སྒོ་གཅོད་པ་སོགས་ཕན་ཡོན་མཐའ་ཡས་སོ། །ཡང་རང་གཞན་དོན་ལ་མ་ཎི་སྨོན་ལམ་འབྲེལ་མ་བྱེད་པ་དར་ཆེ་ཡང་བསྒོམ་བཟླས་ཇི་བཞིན་མེད་ཚེ་ཕན་ཡོན་ཆུང་བས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་འགྲོ་དོན་མཁའ་ཁྱབ་མ་ནི། སྐྱབས་སེམས་བྱ། བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་གཙུག་པད་དཀར་ཟླ་བའི་སྟེང༌། །ཧྲཱིཿལས་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །འཛུམ་ལྡན་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་ལྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ།

p. 87

ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་གསུམ་བདུན་སོགས་ཅི་ནུས་བརྗོད། དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང༌། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲག་རིག་སྟོང་དབྱེར་མེད་གྱུར། །ཅེས་པའི་དོན་སྒོམ་བཞིན་དུ་ཡིག་དྲུག་བཟླ། །མཐར་འཁོར་གསུམ་མི་རྟོག་པའི་རང་ངོར་མཉམ་པར་བཞག །བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲག་ཡི་གེ་དྲུག་པའི་དབྱངས། །དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང༌། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་སོགས་བསྔོ་སྨོན་བྱའོ། །ཡང་གཤིན་པོ་སོགས་ལ་

p. 88

གལ་ཆེ་བ་སངས་རྒྱས་གླིང་པའི་ཟབ་གཏེར་ལས་བྱུང་བ་འགྲོ་དོན་ཆར་རྒྱུན་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །འབྲེལ་ཐོག་གསོན་གཤིན་གཙོར་བྱས་པའི། །སེམས་ཅན་ཀུན་གྱི་སྤྱི་བོ་རུ། །པད་ཟླར་འཁོར་བ་དོང་སྤྲུགས་དམར། །ཕྱག་གཡས་པད་ཕྲེང་གཡོན་བུམ་པ། །རྒྱན་མེད་བཞེངས་ནས་བཞུགས་པ་ཡི། །བུམ་ནང་བདུད་རྩིའི་རྒྱུན་བབས་པས། །སྡིག་སྒྲིབ་བག་ཆགས་མ་ལུས་བཀྲུས། །ཐུགས་ལས་ཧྲཱིཿའཕྲོས་སྤྱི་བོ་ནས། །སྙིང་གར་ཞུགས་པའི་འོད་ཟེར་གྱིས། །འགྲོ་ཀུན་སྤྱན་རས་གཟིགས་སུ་གྱུར། །སྔགས་སྒྲས་འཇིག་རྟེན་གང་བར་བསྒོམ། །སྤྲོ་ན་སྡིག་སྒྲིབ་ཀུན་འཇོམས་གཟུངས་རིང་བཟླ། མི་ཤེས་ན་ཡིག་བདུན་མཇུག་ཏུ། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ། ཞེས་བཏགས་པ་བཟླ། མཐར་མི་དམིགས་པར་བཞག་ལ་བསྔོ་སྨོན་བྱའོ། །གཞན་ཡང་དུད་འགྲོ་སོགས་སེམས་ཅན་ཀུན་གྱི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཟབ་མོ་སྒྲོགས་པ་དང༌།
མཐོང་བའི་ལམ་དུ་སྐུ་དང་གཟུངས་སྔགས་ལ་སོགས་བཞུགས་སུ་གསོལ་བ་དང༌། སེམས་བསྐྱེད་ཆོས་བཤད་དབང་བསྐུར་དངོས་སམ་དམིགས་པས་འབྲེལ་བ་བཞག་པ་དང༌། དགེ་བ་ལ་བསྐུལ་ཞིང་བསྔོ་སྨོན་བཟང་པོའི་རྒྱས་གདབ་པར་བྱའོ། །

བཅུ་གཉིས་པ་ཐུན་མཚམས་ཆོས་སྤྱོད་ཀྱི་བྱ་བ།

p. 89

༈ བཅུ་གཉིས་པ་ཐུན་མཚམས་ཆོས་སྤྱོད་ཀྱི་བྱ་བ་ནི། སྤྱིར་ཐུན་བར་ཐམས་ཅད་དུ་དལ་བར་མི་སྡོད་པར་ནུས་ན་བསྐྱེད་རྫོགས་ཉམས་ལེན་གང་བྱེད་པ་དེ་དང་མ་བྲལ་བར་བྱ། མི་ནུས་པའམ་ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བའི་ཆེད་དུ་གཞན་ནས་འབྱུང་བའི་ཆོ་ག་སྤྱི་དང་བྱེ་བྲག་མི་ཏྲ་ཛོ་ཀིའི་སཱཙྪ་ལྔ་མ་ལྟ་བུའི་ཆ་ོག་དང་ལྡན་པས་སཱཙྪ་གདབ་པ་དང༌། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་རྟོགས་པའི་རྒྱུད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་གསུངས་པ་ལྟར་སྦྱོར་བ་བྱང་ཆུབ་ཀྱི་སེམས་དངོས་གཞི་སྐྱེ་བ་མེད་པ་རྗེས་བསྔོ་བས་ཟིན་པ་སྟེ། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཆོས་སྤྱོད་བཅུ་པོ་གང་རུང་ལ་སྐབས་ཇི་ལྟར་འོས་པ་ནན་ཏན་དུ་སྤྱད་པར་བྱ་སྟེ། དེ་ལ་བཀའ་དང་བསྟན་བཅོས་གདམས་ངག་ཚད་ལྡན་ཤླཽ་ཀ་གཅིག་ཡན་ཆད་འབྲི་བ་དང༌། སྐུ་གསུང་ཐུགས་རྟེན་ལ་མཎྜལ་དང་ཡན་ལག་བདུན་པ་སོགས་ཡིད་སྤྲུལ་དང་དངོས་སུ་ཅི་འབྱོར་བའི་མཆོད་པ་འབུལ་བ་དང༌། ཆོས་དང་ཟང་ཟིང་རང་གི་ནུས་

p. 90

པས་གང་ལྕོགས་དོན་དུ་གཉེར་བ་ལ་སྦྱིན་པ་དང༌། གདམས་ངག་དང་ལུང་ཤླཽ་ཀ་གཅིག་ཡན་ཆད་ཀྱི་ཚིག་དོན་གཞན་ལས་ཉན་པ་དང༌། རྒྱལ་བའི་གསུང་རབ་མང་པོ་བཀླག་མ་ནུས་ཀྱང་ཕྱག་རྒྱ་ལྔའི་མདོ་དང༌། སྡུད་པ། མཚན་བརྗོད་ལྟ་བུ་རྣལ་འབྱོར་དང་ལྡན་པས་དུས་སུ་ཀློག་པ་དང༌། བསླབ་པ་གསུམ་དང་བྱང་ཆུབ་ཀྱི་སེམས་སྦྱོང་བ་སོགས་གསུང་རབ་ཀྱི་དོན་དང་ཚིག་མི་བརྗེད་པར་འཛིན་ཅིང་ཐ་ན་གླེགས་བམ་ཡང་མི་འདོར་བར་མཆོད་པའི་རྟེན་དུ་བཟུང་བ་དང༌། གོང་སྨོས་ཉན་པ་དེ་རྣམས་གཞན་ལ་ཕར་འཆད་པ་དང་མི་ནུས་ནའང་ཆོས་བཤད་པར་མོས་ལ་མདོ་སོགས་བཀླག་པ་དང༌། མདོ་རྒྱུད་གཟུངས་སྔགས་ལ་སོགས་པ་དུས་རྟག་ཏུ་ཁ་ཏོན་བྱེད་པ་དང༌། ཐོས་པའི་དོན་རྣམས་རྟོག་དཔྱོད་ཀྱིས་གཏན་ལ་དབབ་པའི་བསམ་པ་དང༌། དེའི་དོན་ཞི་ལྷག་གི་ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་པ་རྣམས་ཏེ། དེའང་སྒོམ་པ་ཉམས་ལེན་གྱི་སྐབས་སུ་ནི་མཉམ་རྗེས་ཀུན་ཏུ་དེ་ཉིད་གཙོ་བོར་བྱེད་པ་ལས་སྤྲོས་བཅས་མང་པོ་མི་བྱ། དུས་གཞན་དུ་འཇིག་རྟེན་གྱི་གཡེང་བས་སྒོ་གསུམ་དོན་མེད་དུ་མི་བཏང་བར་འདི་དག་ལས་ཇི་ལྟར་ནུས་པ་བསྒྲུབ་པར་བྱ་དགོས་སོ། །ཕྱག་བྱ་བའི་ཚེ། ན་མོ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ན་མོཿཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་ཕྱག་གྲངས་མེད་དུ་འགྱུར་ཞིང་མཐོང་ལམ་གྱི་ཡེ་ཤེས་ཚེ་དེ་ཉིད་ལ་སྐྱེ་བར་གསུངས། ཡང་ན། ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་

p. 91

ཡ། ཏ་ཐཱ་ག་ཏ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་པས་ཕྱག་བྱ་སྟེ་མཆོད་རྟེན་གཅིག་ལ་ཕྱག་བྱས་པས་མཆོད་རྟེན་བྱེ་བ་ལ་ཕྱག་བྱས་པར་འགྱུར་རོ། །ཡང་བསྐོར་བ་བྱ་བར་འདོད་ན། ས་གཞི་གསེར་གྱི་བྱེ་མ་བརྡལ་བའི་སྟེང་དུ་ཆུ་ཡན་ལག་བརྒྱད་ལྡན་གྱིས་གང་བའི་དབུས་སུ་པདྨའི་སྡོང་པོ་ཆེན་པོའི་སྟེང་དུ་ཟླ་བའི་གདན་ལ། བླ་མ་དང་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་པ་བསྟིམས་ནས་དེ་དག་ལ་བསྙེན་བཀུར་བའི་ཚུལ་གྱིས་བཤད་མ་ཐག་པའི་ཕྱག་འཚལ་བའི་སྔགས་དེའམ། ཡང་ན། ན་མོ་ད་ཤ་དིཀྟྲི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པ་བཟླ་བཞིན་དུ་བསྐོར་བ་བྱ་སྟེ། བསྐོར་བ་གཅིག་བྱས་པས་དཔག་ཏུ་མེད་པ་བྱས་པར་འགྱུར་རོ། །རྟེན་ལ་མཆོད་པ་འབུལ་བའི་ཚེ་མཆོད་པའི་སྤྲིན་གྱི་གཟུངས་སྔགས་དང༌། མེ་ཏོག་འབུལ་བའི་ཚེ་པུཥྤེ་ཀེ་ཏུའི་གཟུངས་སྔགས་

p. 92

བཟླ། སྐུ་གསུང་ཐུགས་རྟེན་གྱི་རྡུལ་དང་གྲིབ་མ། མཆོད་པའི་རས་མ་སོགས་ལ་འགོད་དུ་མི་རུང་ཞིང་དབང་མེད་དུ་འགོད་དགོས་པ་བྱུང་ན། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་ཡིད་ཀྱིས་མཁའ་ལ་བཏེགས་པར་བསམ་ནས་བསྐོར་བ་སོགས་བྱའོ། །གསུང་རབ་མདོ་རྒྱུད་ཀློག་པའི་ཚེ། རང་ཉིད་བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པའམ་ཡི་དམ་གང་མོས་སུ་བསྒོམ་གསུང་རབ་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ཐོས་པས་དཀར་པོའི་ས་བོན་བཏབ་པར་བསམས་ལ། ཆོས་བཤད་པའི་ཚུལ་ལམ། ཡང་ན། མདུན་དུ་སངས་རྒྱས་བཞུགས་པ་ལ་ཆོས་ཉན་པའི་ཚུལ་ལམ། ཡང་ན། ཆོས་ཀྱི་དོན་རང་གིས་ཡིད་ལ་བྱེད་ཅིང་ཉམས་ལེན་གྱི་ཚུལ་ཏེ། དེ་རྣམས་གང་མོས་ཀྱིས་ཡུམ་རྒྱས་འབྲིང་བསྡུས་པའམ། ཤེར་སྙིང་ལ་སོགས་པའི་བཀའ་འདོན། དེ་ཙམ་ཡང་མ་གྲུབ་ན། མདུན་གྱི་ནམ་མཁར་ཨ་དཀར་པོ་གཅིག་བསྒོམས་ནས་ཀློག་པའི་ཚུལ་གྱིས་ཨ་བརྒྱ་སྟོང་སོགས་བགྲང༌། ཡང་ན་རང་གི་ལུས་ཨ་དཀར་པོ་སྣང་ལ་རང་བཞིན་མེད་པ་ཞིག་ཏུ་བསྒོམ། སེམས་གསལ་སྟོང་དུ་བཞག་ལ། དབུགས་ཁུག་གཅིག་ལ་ཨ་ཉི་ཤུ་རྩ་གཅིག་བགྲང༌། འཕྲོ་གཅོད་ན་ནམ་མཁའི་ཨ་རང་ལ་བསྟིམ། རང་ལུས་གསལ་སྟོང་དུ་གྱུར་པར་བསམ། སྐྱེ་མེད་ཀྱི་ངང་ལ་ཅུང་ཟད་བཞག །བསྔོ་བ་བྱ། དབུགས་ཁུག་གཅིག་ལ་ཨ་ཉི་ཤུ་རྩ་གཅིག་འདོན་པ་འདི་ནི་བསོད་ནམས་ཆེ། ལྟས་ངན་ཐམས་ཅད་བཟློག །དུས་མིན་འཆི་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པའི་མན་ངག་ཡིན་པར་གསུངས་སོ། །

བཅུ་གསུམ་པ་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་པ།

p. 93

༈ བཅུ་གསུམ་པ་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་པ་ནི། སྤྱིར་དགེ་བ་གང་བྱས་ཐམས་ཅད་ཀྱི་མཇུག་ཏུ་འཁོར་གསུམ་རྣམ་པར་མི་རྟོག་པ་དངོས་སམ་རྗེས་མཐུན་པས་རྒྱས་གདབ་པ་གལ་ཆེ། ཁྱད་པར་སྲོད་ཐུན་གྱི་མཐར་ཉིན་པར་དགེ་བ་གང་བྱས་བསྔོ་སྨོན་གྱིས་རྒྱས་འདེབས། དེའང་བཟང་སྤྱོད་ལ་སོགས་རྒྱས་པར་གྲུབ་ན་མཆོག་ཡིན་ཡང་མདོར་བསྡུ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་པ་སྔོན་དུ་འགྲོ་བས། དགེ་ཚོགས་མཐར་ཕྱིན་པ་བསྒྲུབ་པའི་ཕྱིར། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་སམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་དང༌། དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །སོགས་དང༌། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །སོགས་དང༌། སྦྱིན་བདག་ལ་སོགས་པ་བདེ་བར་འཚོ་བའི་ཕྱིར། གང་གིས་སྦྱིན་པ་གང་ལ་སྦྱིན།

p. 94

སྦྱིན་པ་དེ་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་རྣམས་ལ་ཡོངས་རྫོགས་ཤོག །ཅེས་པ་དང༌། གཞན་དོན་ཐེག་ཆེན་གྱི་སྤྱོད་པ་འཕེལ་བའི་ཕྱིར། ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་དོན་ཀུན་སྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གིས་སྤྱོད་པའང་དེ་འདྲར་ཤོག །ཅེས་དང༌། སྐྱེ་བ་ཀུན་ཏུ་བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་སྤེལ་བའི་ཕྱིར། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག །ཅེས་དང༌། སྨོན་ལམ་ཐམས་ཅད་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྔོས་ན་འདུ་བར་གསུངས་པས་དེའི་ཕྱིར། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང༌། བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྤྱོད་པ་ཡང༌། །མ་འོངས་བསྐལ་པ་

p. 95

ཀུན་ཏུ་སྤྱོད་པར་ཤོག །ཅེས་དང༌། ཕན་ཚུན་བྱམས་པ་ལ་གནས་ཤིང་རྟག་ཏུ་ཆོས་ལ་སྤྱོད་པའི་ཕྱིར། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། ཞེས་སོགས་དང༌། འཁོར་གསུམ་མི་རྟོག་པའི་བསྔོ་བ་རྗེས་མཐུན་པ་ལ་སློབ་པའི་ཕྱིར། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས་དང༌། མཐར། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་སོགས་བརྗོད་པར་བྱའོ། །གཞན་ཡང་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་གསུང་སྨོན་ལམ་སུམ་ཅུ་པའམ། ཡང་ན། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་མ་རྒྱས་ཀྱི་བར་དུ་ཡང་བླ་མ་དམ་པ་རྣམས་ལ་མོས་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཡི་དམ་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་༴ བདག་མྱུར་དུ་མངོན་པར༴ སངས་མ་རྒྱས་ཀྱི་བར་དུ་ཡང་ཡི་དམ་གྱི་ལྷ་

p. 96

ཚོགས་རྣམས་ལ་མོས་པ་དང་༴ མཁའ་འགྲོ་མའི་ཚོགས་རྣམས་ལ་ཕྱག་འཚལ་ཞིང་༴ བདག་མྱུར་དུ་མངོན་པར༴ སངས་མ་རྒྱས་ཀྱི་བར་དུ་ཡང་མཁའ་འགྲོ་མའི་ཚོགས་རྣམས་ལ་མོས་པ་དང་༴ བླ་མ་ཡི་དམ་མཁའ་འགྲོ་མའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བླ་མ་ལ་དབུལ་བར་བགྱིའོ། །བླ་མ་ལ་ཕུལ་བས་བླ་མ་རིན་པོ་ཆེ་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས་བདེ་བར་གཤེགས་པ་རྣམས་ཀྱི་སྤྱན་ལམ་དུ་མཆོད་པའི་བྱེ་བྲག་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བར་བགྱིའོ། །དེ་ལྟར་བསྔོས་པས་སེམས་

p. 97

ཅན་ཐམས་ཅད་འཁོར་བ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་བདག་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་མ་ལུས་པ་མཐའ་དག་གི་བླ་མ་བྱེད་པར་གྱུར་ཅིག །དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཅིག །དེ་ལྟར་མཆོག་ཏུ་གྱུར་པའི་སྐྱབས་འགྲོ། བླ་ན་མེད་པའི་སེམས་བསྐྱེད། ངོ་མཚར་ཅན་གྱི་མཆོད་པ། གཞན་དོན་དུ་འགྱུར་ངེས་ཀྱི་བསྔོ་བ། སེམས་ཅན་དང་མི་ཕྱེད་པའི་སྨོན་ལམ་དང་ལྔ་པོ་འདི་རང་ལ་ཐུགས་དམ་མཛད་ན་ཡང་ལམ་ལྔའི་ཉམས་རྟོགས་ཐམས་ཅད་སྐྱེ་བ་ཡིན་ཞེས་རྗེ་དམ་པ་རིན་པོ་ཆེས་གསུངས་སོ། །ཡང་བློ་སྦྱོང་ལས་འབྱུང་བ་ནི། དགེ་སྦྱོར་གང་བྱེད་ཀྱི་གཤམ་དུ། སྤྱིར་སེམས་ཅན་ཐམས་ཅད་བདག་ཁོ་ནས་སངས་རྒྱས་ཀྱི་ས་ལ་འདྲེན་ནུས་པར་གྱུར་ཅིག །ཁྱད་པར་དུས་འདི་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་

p. 98

སེམས་རིན་པོ་ཆེ་རྣམ་པ་གཉིས་རྨི་ལམ་དུའང་མི་བརྗེད་ཅིང་གོང་ནས་གོང་དུ་འཕེལ་བར་ཤོག་ཅིག །རྐྱེན་ངན་ཅི་བྱུང་ཡང་བྱང་ཆུབ་སེམས་ཀྱི་གྲོགས་སུ་ཁྱེར་ནུས་པར་གྱུར་ཅིག །ཅེས་པ་དང༌། རིག་འཛིན་འཇའ་ཚོན་སྙིང་པོས་ཐུགས་དམ་བཅས་པའི་སྨོན་ལམ་ཅུང་ཟད་རྒྱས་པ་ལེ་ཚན་རྣམས་སམ། དེ་དག་གི་སྙིང་པོར་མཛད་པ། ན་མོ། བླ་མ་དཀོན་མཆོག་མི་ང་ཡི་ལུས་ངག་ཡིད་གསུམ་གྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག་ཅིག །བདག་གི་བྱ་བ་ཐམས་ཅད་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པར་ཤོག་ཅིག །དམ་པའི་ཆོས་མ་ཡིན་པའི་བསམ་པ་སྐད་ཅིག་མ་ཙམ་ཡང་རྒྱུད་ལ་མི་སྐྱེ་བར་ཤོག་ཅིག །གལ་སྲིད་སྐྱེས་ནའང་དེ་མི་འགྲུབ་པར་ཤོག་ཅིག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་མ་ལུས་པ་བདག་གིས་རྫོགས་པར་བྱེད་པར་ཤོག་ཅིག །ཅེས་ཞེ་ཐག་པ་ནས་གདབ། བསྔོ་བ་ཤིན་ཏུ་

p. 99

བསྡུས་པ་བླ་མ་དགོངས་འདུས་ལས་འབྱུང་བ་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ། །བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀྱིས། །སྒོ་གསུམ་གྱིས་བསགས་དགེ་བ་ཇི་སྙེད་པ། །བྱང་ཆུབ་སྙིང་པོའི་དབྱིངས་སུ་བསྔོ་བར་བགྱི། །བླ་མེད་དོན་གྱི་འབྲས་བུ་མཆོག་ཐོབ་ཤོག །ཅེས་དགེ་སྦྱོར་ཆེ་ཆུང་གང་བྱེད་ཀྱི་གཤམ་དུ་གདབ་བར་གསུངས་སོ། །གཞན་ཡང་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་རྗེ་འབངས་རྣམས་ཀྱི་ཐུགས་དམ་ནར་མ་གཏེར་གསར་ལས་བྱུང་བའི་ཕྱོགས་བཅུ་དུས་བཞི་སོགས་ཀྱང་གྲུབ་ན་དགོས་པ་ཕན་ཡོན་ཆེའོ། །དེ་དག་གང་གི་མཐར་ཡང་སྨོན་ལམ་འགྲུབ་པའི་བདེན་སྟོབས་དང་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཡོངས་གྲགས་ལྟར་བརྗོད། ཨོཾ་དྷུ་རུ་དྷུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ། ལན་བདུན་བརྗོད་པས་དེ་ཉིན་དགེ་སྦྱོར་གང་བྱས་བྱེ་བར་འགྱུར་བར་གསུངས་སོ། །འདི་དག་ཡོངས་རྫོགས་དཀྱུས་གཅིག་ལ་ཁྲིགས་ཆགས་ནུས་དཀའ་ཞིང་དེ་ལྟར་དགོས་པའང་མ་ཡིན་ཡང༌། ལྡང་ཉལ་ཟས་ཀྱི་རྣལ་འབྱོར་སོགས་རྟག་ཏུ་མེད་མི་རུང་ཞིང་གཞན་རྣམས་ཇི་ཙམ་

p. 100

ནུས་པ་དང༌། གྲིབ་སེལ་སོགས་འགའ་ཞིག་སྐབས་སུ་བབས་ན་ཉམས་སུ་ལེན་པར་བྱ་བ་སྟེ། དེང་དུས་རང་དང་རང་འདྲའི་སྒྲུབ་པ་པོ་རྩེ་གཅིག་ཏུ་སྒོམ་མི་ནུས་པ་རྣམས་ལ་ཉེ་བར་མཁོ་བ་ཆེ་ལོངས་ཕྱོགས་གཅིག་ཏུ་བཀོད་པའོ། །ཉན་ཐོས་ནས་བཟུང་བླ་མེད་ཐེག་རྩེའི་བར། །ཞུས་ལོ་སྒོམ་ལོའི་ངང་དུ་ཚེ་ཐལ་ཡང༌། །བློ་ཐག་མ་ཆོད་བྱ་བྱེད་མང་བ་ཡི། །དུས་ཞབས་སྒྲུབ་པོ་རང་འདྲའི་དགའ་སྟོན་བྱས། །སྤྱོད་ལམ་ཐ་མལ་འཆོར་བའི་སྒོམ་ཆེན་ནི། །ནམ་ཡང་རང་རྒྱུད་གྲོལ་བའི་དུས་མེད་པས། །མཉམ་བཞག་ཡེ་ཤེས་རྗེས་ཐོབ་བསོད་ནམས་ཀྱི། །ཚོགས་གཉིས་ཟུང་འབྲེལ་གནས་ལ་བསླབ་འཚལ་ལོ། །བདག་འདྲའི་བསམ་གཏན་གཟུགས་བརྙན་པ། །ཀུན་ལ་ཕན་པའི་སྨན་གྱུར་ཏེ། །ཡང་དག་ལམ་གྱི་རྣལ་འབྱོར་དང༌། །མི་འབྲལ་གྲུབ་གཉིས་མངོན་བྱེད་ཤོག །ཅེས་པ་འདིའང་ཤྲཱི་ཧེ་རུ་ཀའི་འདུ་ཁང་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྤོང་བ་པ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་ད་ལྟའི་སྔགས་ཀྱི་རྣལ་འབྱོར་པ་གསར་རྙིང་གཉིས་འདོད་ཅན་རྣམས་ལ་ཕན་པའི་བསམ་པས། ཁུངས་དང་འབྲེལ་ཞིང་རྒྱུན་ཡོད་ངེས་པའི་གདམས་ངག་ཟབ་བསྡུས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།

དུས་དྲན་བསྙེན་པ།

p. 101

དེའང་སྤྱིར་སྒྲུབ་སྡེ་རྣམས་སུ་ཉིན་མཚན་གྱི་ཆ་ལ་གཙོ་བོར་ཐུན་ཆེན་པོ་བཞིར་བགོས་པའི་ནང་གསེས་ཐོར་ཐུན་ཏེ། ཐོ་རངས་ལྡང་བའི་རྣལ་འབྱོར་གྱི་རྗེས་སུ། ༈ དུས་དྲན་བསྟེན་པ་ནི། ཐོག་མར་རྟེན་གྱི་དྲུང་དུ་ཕྱག་འཚལ་ནས། སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་ཆེ་གེ་ཞེས་བགྱི་བས། དེ་རིང་གི་གནས་སྐབས་སུ་ཆོས་ལྡན་གྱི་བྱ་བ་དང་། གཞན་གྱི་དོན་དུ་གླུ་གར་དང་རོལ་མོ་ལ་སོགས་པ་བྱེད་དམ་བྱེད་དུ་གཞུག་པ་དང་། མེ་ལ་རེག་པ་དང་། རེག་ཏུ་འཇུག་པ་དང་། རིན་པོ་ཆེ་ལ་རེག་པ་དང་། རེག་ཏུ་འཇུག་པ་དང་། ས་བོན་གཞོམ་
པ་དང་། གཞོམ་དུ་འཇུག་པ་དང་། སྐྱེ་བ་གཅོད་པ་དང་། གཅོད་དུ་འཇུག་པ་དང་། ལག་ཉ་དང་། མཚམས་བཙོས་དང་། ཞག་ལོན་དང་། རྗེན་བཙོས་དང་། གསོག་འཇོག་བྱས་པ་ཟ་བ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། བསྙེན་པར་མ་རྫོགས་པ་དང་ལྷན་གཅིག་ཏུ་འདོན་པ་དང་ཉལ་བ་ལ་སོགས་པ་མདོར་ན་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས་དུས་དྲན་བསྟེན་དུ་རུང་བ་རྣམས་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ།

ཚུལ་ཁྲིམས་རྣམ་དག་གི་གཟུངས།

p. 102

༈ ཚུལ་ཁྲིམས་རྣམ་དག་གི་གཟུངས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨཱ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར་མ་ཧཱ་ཤུདྡྷ་ས་ཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ལན་ཉེར་གཅིག །

p. 103

ༀ་ཧྲཱིཿ་ཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པས་མི་བརྫི་བའི་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །
ཅེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདིས་ནི་ཁྲིམས་འཆལ་གྱི་ཉེས་པ་དག་ཅིང་ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་རོ། །

སྤྱི་བཤགས།

p. 104

༈ རྨི་ལམ་ཚུན་དུ་ཉེས་པ་བྱུང་ཚད་སྤྱི་བཤགས་ནི། ནངས་མོར་བླ་མ་དཀོན་མཆོག་རྣམས་མངོན་སུམ་བཞིན་དུ་མདུན་གྱི་ནམ་མཁར་དཔང་པོའི་ཚུལ་དུ་བཞུགས་པར་མོས་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་

p. 105

འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་བའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །དེ་ལྟར་མཐོལ་
ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་དེ་དེ་ལྟར་དུ་མི་འགྱུར་བ་ལགས་སོ། །

ཐར་བསྡུས་སྡིག་སྒྲིབ་ཀུན་འཇོམས་བཀླག་ཐབས་དང་བཅས་པ། གཡུལ་ལས་རྣམ་པར་རྒྱལ་བ།

p. 106

༈ ཐར་བསྡུས་སྡིག་སྒྲིབ་ཀུན་འཇོམས་བཀླག་ཐབས་དང་བཅས་པ་བཞུགས་སོ། །སྐྱབས་སེམས་ནི། བདག་སོགས་མཁའ་ཁྱབ་སེམས་ཅན་མ་ལུས་ཀུན། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་རྣམས་རྣམ་མཁྱེན་རྫོགས་བྱང་འཐོབ་བྱའི་ཕྱིར། །བདག་གིས་སྒོ་གསུམ་དགེ་ལ་བསྐུལ་བར་བྱ། །ཞིང་སྦྱང་ནི། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་ཡི། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཚོགས་ཞིང་ནི། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་དབུས། །འདྲེན་པ་བླ་མེད་ཤཱཀྱའི་རྒྱལ་པོ་ལ། །དུས་གསུམ་གཤེགས་པའི་རྒྱལ་བ་རྣམས་ཀྱིས་བསྐོར། །མདུན་དུ་འཕགས་བོད་པཎ་གྲུབ་རྒྱ་མཚོ་དང་། །གཡས་སུ་བྱང་སེམས་གཡོན་དུ་ཉན་རང་སྡེ། །

p. 107

རྒྱབ་ཏུ་དམ་ཆོས་དཀོན་མཆོག་ངོ་བོ་ཉིད། །ཤེར་ཕྱིན་གླེགས་བམ་ཨཱ་ལི་ཀཱ་ལི་ཡི། །རང་སྒྲ་དང་བཅས་མཆོག་གསུམ་རྒྱ་མཚོའི་དྲུང་། །བདག་སོགས་ཁམས་གསུམ་ཕ་མ་སེམས་ཅན་ཀུན། །སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་བ་ཡིས། །ལུས་ཀྱིས་ཕྱག་འཚལ་ངག་གིས་མདོ་ཚིག་བཀླག །ཡིད་ཀྱིས་དད་མོས་དག་པས་འདི་སྐད་དོ། །ན་མོ། ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ཀྱི། །རིས་མེད་གདུལ་བྱའི་ཁམས་ལ་དགྱེས་བརྩེ་བའི། །དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་པ་ནི། །མར་མེ་མཛད་དང་གསལ་རྒྱལ་བྱམས་པ་སོགས། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །འཕགས་པ་གསུམ་གྱི་ཐུགས་ལ་མངའ་བ་ཡི། །སྤངས་དང་རྟོགས་པ་ཟབ་མོའི་བསྡུས་པ་དང་། །བདེ་

p. 108

གཤེགས་རྣམས་ཀྱིས་ལེགས་པར་གསུངས་པ་ཡི། །མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན་པ་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་རྟོགས་པ་བརྗོད། །དེ་ལྟ་བུ་བྱུང་སྐྱེས་རབས་ཤིན་ཏུ་རྒྱས། །རྨད་བྱུང་གཏན་ལ་ཕབ་པའི་སྡེ་ལ་སོགས། །གསུང་རབ་ལུང་གི་ཆོས་སྒོ་རབ་འབྱམས་བཅས། །དམ་ཆོས་དཀོན་མཆོག་རྣམས་ལ་ཕྱག་འཚལ་ལོ། །བླ་མེད་འཕགས་པའི་ས་ལ་བཞུགས་པ་ཡི། །འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་ལ་སོགས་པའི། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །ཉན་རང་དགྲ་བཅོམ་དང་བཅས་འཕགས་པའི་ཚོགས། །ཐེག་གསུམ་ཚོགས་སྦྱོར་ལམ་གྱིས་བསྡུས་པ་ཡི། །ཚོགས་ཞིང་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་སྐུ་གདུང་རིང་བསྲེལ་མཆོད་རྟེན་སོགས། །ཕྱག་འོས་མ་ལུས་ཀུན་ལ་ཕྱག་འཚལ་ལོ། །དངོས་བཤམས་གཟུངས་རིག་མོས་སྟོབས་ཏིང་

p. 109

འཛིན་འཕྲུལ། །ཡིད་སྤྲུལ་ཀུན་བཟང་སྨོན་ལམ་ལས་བྱུང་བའི། །ནམ་མཁའ་གང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཁྱེད་རྣམས་མཚན་བསྒྲགས་ཕྱག་འཚལ་མཆོད་པའི་མཐུས། །བསྐལ་དུས་ཐོག་མེད་ནས་བཟུང་ད་བར་གྱི། །སྡིག་ལྟུང་དྲི་མའི་ཚོགས་རྣམས་དག་གྱུར་ནས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །འཁོར་བ་ངན་སོང་འཇིགས་ལས་རྣམ་གྲོལ་ནས། །རྣམ་མཁྱེན་རྫོགས་བྱང་གོ་འཕང་ཐོབ་གྱུར་ཅིག །འཁྲུལ་པའི་སྣང་ངོར་མཆོག་གསུམ་ཐ་དད་ཀྱང་། །ཡང་དག་སྐྱབས་གནས་སངས་རྒྱས་ཉག་གཅིག་ཡིན། །རྨད་བྱུང་ཐབས་ལ་མཁས་པའི་བྱང་སེམས་རྣམས། །ཁམས་གསུམ་བགྲོད་པར་བྱ་བའི་ཆོས་བཅུ་དང་། །རྒྱལ་སྲས་སྤྱོད་པ་བཞི་ཚན་ཕྲག་ཉི་ཤུས། །ཚོགས་གཉིས་ཟུང་འཇུག་དོན་གཉིས་མཐར་ཕྱིན་ཤོག །ཀུན་རྫོབ་སྣང་ངོར་ཐེག་གསུམ་ཐ་དད་ཀྱང་། །ཡང་

p. 110

དག་ཏུ་ན་ཐེག་ཆེན་འབའ་ཞིག་ཡིན། །ཕུང་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་འབྱུང་ཆོས། །བདེན་བཞི་བྱང་ཕྱོགས་ས་བཅུ་ལམ་མཆོག་ལྔ། །སྐུ་དང་ཡེ་ཤེས་བྲལ་སྨིན་ཡོན་ཏན་སོགས། །འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད། །ཐ་སྙད་ཙམ་དུ་སྒྱུ་མ་རྨི་ལམ་བཞིན། །སོ་སོར་སྣང་བཞིན་ཡོད་པར་བཤད་ལགས་ཀྱང་། །ཡང་དག་ཏུ་ན་མ་སྐྱེས་མ་འགགས་པར། །ཟུང་འཇུག་མཉམ་པ་ཆེན་པོར་རོ་གཅིག་གོ། །སེང་གེའི་སྒྲ་ཡི་གཟུངས་སྔགས་འདི་ལྟ་སྟེ། །ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷ་ཡ། ཨ་དནྟི་དྷ་ར་ནི། ཏདྱ་ཐཱ། ཨཱ་ཀཱ་ཤ་ནི་བ་བི་ནི། སརྦ་དྷརྨཱ་ནི་བ་ནི། ཨི་ཤ་མ་ད་པི་པ་ཤ་ནི། བི་མ་ལ་སུ་པ་རི། དྷརྨཱ་ནི་ཥ་ན། བ་ར་རུ་ནི་ཙ་ཡ། ཏ་མ་ལེ། ཙ་ལེ། ཧུ་ལུ་ཧུ་ལུ། ཤི་བི་ཏེ། མནྟྲ་མནྟྲ་མནྟྲཿསྭཱ་ཧཱ། སྔགས་འདི་དུས་གཅིག་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་། མཆོད་རྟེན་བདུན་ཕྲག་གསུམ་དུ་བསྐོར་བྱས་ན། ཕན་ཡོན་བསམ་མི་ཁྱབ་པར་མདོ་

p. 111

ལས་གསུངས། ན་མོ། ཤར་ལ་སོགས་པའི་ཞིང་ཁམས་རབ་འབྱམས་ན། །བཞུགས་པའི་རྒྱལ་དང་རྒྱལ་བའི་སྲས་དག་དང་། །ལུང་དང་རྟོགས་པའི་ཆོས་ཚུལ་རྒྱ་མཚོའི་སྡེ། །གཞན་ཡང་ཉན་རང་འཕགས་དང་སོ་སྐྱེ་ཡིས། །བསྡུས་པའི་དགེ་འདུན་དཀོན་མཆོག་དང་བཅས་པའི། །བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ་སྡིག་བཤགས་དཔང་པོ་མཛོད། །འཇིག་རྟེན་སྐྱོང་བའི་མཐུ་ཆེན་ཐམས་ཅད་དང་། །ས་ཆུ་མེ་རླུང་ནམ་མཁའ་རི་ཀླུང་དང་། །ལྗོན་ཤིང་སྤང་ལྗོངས་ཁོར་ཡུག་ལ་གནས་པའི། །མཁྱེན་སྤྱན་ལྡན་པ་རྣམས་ཀྱང་དགོངས་སུ་གསོལ། །དཔང་དུ་མཆིའོ་བརྩེ་བས་གཟིགས་སུ་གསོལ། །མུ་མཐའ་བྲལ་བ་སྲིད་པའི་ཁྱོན་འདི་རུ། །ལས་དང་ཉོན་མོངས་དབང་གིས་འཁོར་བ་ཡི། །བདག་སོགས་ཁམས་གསུམ་ཕ་མ་སེམས་ཅན་གྱིས། །ཚེ་རབས་འཁོར་བ་ཐོག་

p. 112

མ་མེད་པ་ནས། །ད་ལྟའི་ལུས་ངན་འདི་ལ་ཐུག་བར་དུ། །བྱས་ཤིང་བསགས་པའི་སྡིག་པ་མི་དགེའི་ལས། །མི་དགེ་བཅུ་དང་མཚམས་མེད་དེ་ཉེ་ལྔ། །ལྕི་བ་བཞི་སོགས་རང་བཞིན་སྡིག་པའི་ལས། །བསྙེན་གནས་དགེ་བསྙེན་དགེ་ཚུལ་དགེ་སློང་དང་། །བྱང་ཆུབ་སེམས་དཔའི་སྡོམ་པས་བསྡུས་པ་ཡི། །བཅས་པ་འདུལ་བའི་ཁྲིམས་དང་འགལ་གྱུར་པའི། །མི་དགེའི་ལས་སུ་གྱུར་པ་ཅི་མཆིས་པ། །དངོས་སུ་བགྱིས་དང་བགྱིད་དུ་བསྩལ་བ་དང་། །གཞན་ལ་རྗེས་སུ་ཡི་རང་ཇི་སྙེད་དང་། །ཁྱད་པར་ཕ་མ་མཁན་པོ་སློབ་དཔོན་སོགས། །དྲིན་ཅན་རྣམས་ཀྱི་ཐུགས་དང་འགལ་གྱུར་དང་། །ངན་འགྲོ་འཁོར་བའི་གནས་སུ་སྐྱེ་འགྱུར་ལས། །དད་ཅན་དཀོར་རྫས་བག་མེད་རང་གར་སྤྱད། །ཤིན་ཏུ་འཇིགས་ཤིང་ཉེས་ཚབས་ཆེ་བ་ཡི། །མཆོག་གསུམ་ལས་འབྲས་མེད་ཅེས་ལོག་པར་བལྟས། །ཐེག་ཆེན་མཉམ་པ་

p. 113

ཉིད་ཀྱི་མདོ་སྡེ་ལ། །ཡང་དག་མ་ཡིན་བདུད་ཀྱི་ཚིག་གོ་ཞེས། །ལོག་ལྟ་སྐུར་འདེབས་ཁྱད་གསོད་བྱས་པ་དང་། །བདུད་ཀྱི་ཚིག་ལ་ཡང་དག་སྒྲོ་འདོགས་ཤིང་། །བདེ་གཤེགས་བཀའ་ལ་ལོག་པའི་སྐུར་འདེབས་སོགས། །རང་རྒྱུད་དགེ་བའི་རྩ་བ་འཇོམས་བྱེད་ཅིང་། །ཕྱི་མ་མནར་མེད་དམྱལ་བར་སྐྱེ་བ་ཡི། །ཆོས་སྤངས་ལས་ངན་བསགས་པ་ཅི་མཆིས་པ། །ཀུན་ནས་སློང་བྱེད་ཉོན་མོངས་ཤེས་བྱ་དང་། །སྙོམས་འཇུག་བག་ཆགས་དྲི་མའི་སྒྲིབ་པར་བཅས། །སྔོན་ཚེ་སངས་རྒྱས་འོད་མི་འགྱུར་བ་ཡི། །སྤྱན་སྔར་རྒྱལ་བུ་དགེ་མཐོང་ཞེས་བྱ་དང་། །སུམ་སྟོང་པོ་ཡི་མི་ཡི་རྣམ་ཐར་བཞིན། །མཁྱེན་སྤྱན་ལྡན་པ་རྣམས་ཀྱི་སྤྱན་སྔ་རུ། །རབ་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི། །མི་འཆབ་མི་སྦེད་སྙིང་ནས་མཐོལ་ལོ་བཤགས། །བཟོད་གསོལ་དང་དུ་བཞེས་པ་ཆེར་མཛད་ནས། །བརྩེ་ཆེན་

p. 114

ཐུགས་རྗེས་རྗེས་སུ་གཟུང་དུ་གསོལ། །སླན་ཆད་མི་བགྱིད་དམ་བཅའི་གོ་ཆ་བགོ། །མ་འོངས་སྐྱེ་བ་རྣམས་སུའང་དེ་འདྲ་བའི། །སྡིག་པའི་ལས་ངན་བགྱིད་པར་མ་གྱུར་ཅིག །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མི་འདའ་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཀུན། །བདག་གིས་ཡོན་སྦྱར་ཕྱག་མཆོད་ཕུལ་བའི་མཐུས། །མ་ལུས་པ་ཡི་སེམས་ཅན་ཇི་སྙེད་པ། །ཐེག་ཆེན་བླ་མེད་ས་བཅུ་མཐར་ཕྱིན་ནས། །ཀུན་ཀྱང་བདེ་གཤེགས་དགོངས་དོན་རྟོགས་གྱུར་ཅིག །འདིས་མཚོན་འཁོར་འདས་དུས་གསུམ་དགེ་བའི་ཚོགས། །སྲས་བཅས་རྒྱལ་བ་དགྱེས་པའི་སྐྱེས་སུ་འབུལ། །ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཐམས་ཅད་མངོན་སངས་རྒྱས་པའི་རྒྱུ་རུ་བསྔོ། །འཁོར་བ་དོང་ནས་སྤྲུགས་པའི་རྒྱུར་གྱུར་ཅིག །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་
པར་ཤོག །ཚོགས་ཞིང་མི་དམིགས་སྤྲོས་བྲལ་ངང་དུ་ཐིམ། །དགེ་བས་འགྲོ་ཀུན་ཤེར་ཕྱིན་མྱུར་འགྲུབ་ཤོག །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་བ་བོ་དྷ་ནི་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། དེ་བཞིན་གཤེགས་པ་སྤྱི་ཡི་སྙིང་པོ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འདི་རྒྱུན་དུ་གདོན་པར་བྱའོ། །ཞེས་པ་འདིའང་ཟི་ལིང་ཁྲིམས་ཁང་དུ་འདུག་སྐབས་མོས་ལྡན་རྣམས་ཀྱིས་ཞལ་འདོན་བྱ་བའི་ཕྱིར་དང་། རང་ཡང་མདོ་སྡེ་འདི་ལ་མི་ཕྱེད་པའི་དད་པ་འབར་སྐབས་ཤིག་ཏུ། གཡུལ་ལས་རྣམ་པར་རྒྱལ་བས་བྲིས་པས་མདོ་སྡེ་རིན་པོ་ཆེ་ཀློག་པ་དང་མཉམ་སྟེ་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།། །།

འཇམ་དབྱངས་སྨྲ་སེང་གསོལ་འདེབས། མཁས་གྲུབ་ཀརྨ་ཆགས་མེད།

p. 115

༈ འཇམ་དབྱངས་སྨྲ་སེང་གསོལ་འདེབས་ནི། ན་མོ་ལོ་ཀེ་ཤྭ་ར་ཡ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་བཅོམ་ལྡན་འདས། །པདྨ་རིགས་ཀྱི་བདག་པོ་སྟེ། །གསུང་གི་རྡོ་རྗེ་ཞེས་ཀྱང་བྱ། །འོད་དཔག་མེད་ལ་གསོལ་བ་འདེབས། །

p. 116

དེ་དང་ངོ་བོ་དབྱེར་མེད་པའི། །སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འཇམ་དཔལ་དམར་པོ་རལ་གྲི་འཛིན། །སྨྲ་བའི་སེང་གེར་གསོལ་བ་འདེབས། །ཤེས་རབ་ཡུམ་གྱི་ཚུལ་བཟུང་བ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ལྷ་མོ་དབྱངས་ཅན་མ། །གངྒཱའི་ལྷ་མོ་ཞེས་ཀྱང་བྱ། །ངག་གི་ལྷ་མོར་གསོལ་བ་འདེབས། །གསོལ་བ་བཏབས་པའི་བྱིན་རླབས་ཀྱིས། །བདག་དང་བདག་གི་རྗེས་འཇུག་དང་། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །མི་ཤེས་མུན་པ་རབ་བསལ་ནས། །ཤེས་རབ་རྩལ་ཁ་བྱེ་བར་ཤོག །སྐྱེ་བ་འདི་ནས་ཚེ་རབས་ཀུན། །ཤེས་རབ་འཆལ་བར་མི་འགྱུར་ཞིང་། །ཤེས་རབ་ཕུན་སུམ་ཚོགས་པར་ཤོག །རྒྱལ་བའི་གསུང་རབ་རྒྱ་མཚོ་ལ། །མི་བརྗེད་གཟུངས་ཀྱང་ཐོབ་པར་ཤོག །ཆོས་ཉིད་རྣམ་པར་དག་པ་དང་། །རྟེན་འབྲེལ་བསླུ་བ་མེད་པ་དང་། །
འཇམ་དཔལ་ཡབ་ཡུམ་ཐུགས་རྗེ་ཡིས། །སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །ཅེས་པ་འདི་ནི་འཇམ་དབྱངས་དམར་པོའི་ཤེས་རབ་རིལ་བུ་རྫས་དང་འཁོར་ལོ་སོགས་རང་གིས་དཀའ་ཚེགས་ཆེན་པོས་སྒྲུབ་གྲྭ་པ་རྣམས་ལ་ཞག་ཉེར་གསུམ་གྱི་རིང་ཉིན་རེ་ཐུན་རེ་འུར་འདོན་བཅུག་པས། ཁོང་ཚོ་ཕལ་ཆེར་ལ་གཞུང་དང་མཐུན་པའི་རྨི་ལྟས་ལེགས་པར་བྱུང་འདུག་པས་རྣམ་གསུམ་འཛོམས་པའི་དུས་ཆེན་ཉིན་དངོས་གྲུབ་ལེན་ཆོག་གི་ཚུལ་དུ་རཱ་ག་ཨ་སྱས་གསོལ་བ་བཏབ་པའོ། །

འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས། མཁས་གྲུབ་ཀརྨ་ཆགས་མེད།

p. 117

༈ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བཞུགས་སོ། །དཀོན་མཆོག་གསུམ་འདུས་བླ་མ་འཇམ་དབྱངས་ལ། །དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ། །སྟོང་པའི་ངང་ལས་པདྨ་ཟླ་བ་དང་། །སེང་གེ་སྔོན་པོའི་སྟེང་དུ་དྷཱིཿཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །རང་ཉིད་འཇམ་དབྱངས་དམར་པོ་ཞལ་གཅིག་པ། །རལ་གྲི་པུ་སྟི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །

p. 118

ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་དམར། །དེ་སྟེང་རལ་གྲི་སོར་བཞི་སྔགས་ཀྱིས་བསྐོར། །མདུན་དུ་ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོ། །བཞེངས་སྟབས་རལ་གྲི་པུ་སྟི་ཕྱག་ན་བསྣམས། །གཉིས་ཀ་དར་དང་རིན་ཆེན་དུ་མས་བརྒྱན། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་སྟེང་། །རལ་གྲི་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར་བའོ། །རང་འདྲའི་ཡེ་ཤེས་སྤྱན་དྲངས་རང་ལ་ཐིམ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་དང་། །ཉན་རང་སོ་སྐྱེའི་ཤེས་རབ་ཐམས་ཅད་ནི། །འོད་ཀྱི་རྣམ་པར་བསྡུས་ནས་སྤྱི་བོར་ཐིམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །ཆོས་རྣམས་བསྡུས་ནས་རང་གི་མགྲིན་པར་ཐིམ། །ཉི་ཟླ་ནོར་བུ་འབྱུང་བ་བཞི་ཡི་བཅུད། །བསྡུས་ནས་རང་གི་སྙིང་གར་ཐིམ་པར་གྱུར། །ཨོཾ་ཧྲཱིཿདྷཱི་མ་མེ་དཱི་པྃ་མཉྫུ་ཤྲཱི་མཱུྃ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱི་སྭཱ་ཧཱ། ཞེས་ཅི་

p. 119

ནུས་བཟླས་ལ། མཐར། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནི། །ནམ་མཁའ་གང་བར་སྤྲུལ་ཏེ་ལྷ་ལ་མཆོད། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །བློ་ཡིས་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད། །བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི། །ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ། །སེང་ཁྲི་པདྨའི་གདན་སྟེང་ན། །རྒྱལ་བའི་སྲས་པོ་འཇམ་དཔལ་དབྱངས། །མདོག་དམར་རལ་གྲི་པུ་སྟི་འཛིན། །སྨྲ་བའི་སེང་གེ་ཕྱག་འཚལ་ལོ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །མདོག་སྔོན་རལ་གྲི་པུ་སྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དེ་མིན་རྒྱུན་དུ་འདོན་པ་དང་། །སྔགས་དེ་བརྒྱ་ཕྲག་རེ་ཟུང་ཙམ། །གཏན་དུ་ཐུགས་དམ་བྱེད་གྱུར་ན། །དེ་ཡི་ཕན་ཡོན་རྒྱ་གཞུང་ལས། །སྔགས་ཀྱི་ཡིག་འབྲུ་

p. 120

ཉི་ཤུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཡིས་ཉིན་རེ་ཤོ་ལོ་ཀ །ལྔ་སྟོང་རེ་རེ་འཛིན་པར་ནུས། །ཡི་གེ་ཐམས་ཅད་ཐོགས་མེད་ཤེས། །བཀའ་དང་བསྟན་བཅོས་རྩོམ་པར་འགྱུར། །མངོན་པར་ཤེས་པ་འཆར་བ་དང་། །ཕྱི་ནས་ས་ཡི་དབང་ཕྱུག་ཆེ། །གལ་ཏེ་ལས་འཕྲོ་ཡོད་པ་ཡིས། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །འབྲིང་གིས་གཉིས་ཀྱིས་འགྲུབ་པར་འགྱུར། །ཐ་མ་གསུམ་གྱིས་འགྲུབ་བྱ་ནི། །ལས་འཕྲོ་མེད་ཀྱང་འགྲུབ་པ་ཡིན། །ཉི་མ་ཤར་དང་མེ་ཏོག་འཐུ། །ཞིང་རྨོས་སྣག་ཚ་འཐུང་བ་དང་། །ཉམས་དགའ་ཡི་གེ་འབྲི་ཀློག་དང་། །མཚོན་ཆ་པུ་སྟི་རྙེད་རྨིས་ན། །འཇམ་དབྱངས་འགྲུབ་པའི་རྟགས་ཡིན་གསུངས། །དེ་སྐད་རྒྱ་གར་པཎྜི་ཏ། །རྒྱ་གར་ཡུལ་གྱི་མི་རྒན་ནི། །ལོ་ནི་དགུ་བཅུ་གོ་དགུ་པ། །ཡི་གེ་ཡང་ནི་མི་ཤེས་པས། །ཞག་གཅིག་བསྒྲུབས་པས་འཇམ་དཔལ་མཇལ། །ལུས་ཀྱང་གཞོན་ནུ་ལོ་བརྒྱད་ཙམ། །རིག་པའི་གནས་ལྔ་ཐོགས་མེད་ཤེས། །པཎྜི་ཏ་ནི་མཁས་པར་གྱུར། །དེ་ལ་ཕ་གཅིག་དམ་པས་ཞུས། །རིམ་གྱིས་བརྒྱུད་དེ་ཀརྨ་པ། །དབང་ཕྱུག་རྡོ་རྗེས་མཛད་པ་ཡི། །གཅིག་ཤེས་ཀུན་གྲོལ་ནང་དུ་བཞུགས། །འཇམ་དཔལ་སྒྲུབ་པ་ཐམས་ཅད་ལ། །འདི་ལས་འགྲུབ་ཐག་ཉེ་བ་མེད། །འདི་ཉིད་འཇམ་དཔལ་ཤེས་རབ་ཀྱི། །རིལ་བུ་སྔགས་དུས་བདག་གིས་བསྒྲུབས། །སུས་ཟོས་ཕལ་ཆེར་མཁས་པར་གྱུར། །དེ་ཕྱིར་ད་ལམ་སྙིགས་དུས་སུ། །པདྨ་ཕྲིན་ལས་ཐུགས་དམ་དུ། །སྔགས་ཀྱི་བསྙེན་པ་ཅི་ལྕོགས་ཀྱིས། །ཡོན་
ཏན་ཤུགས་ལ་མཁས་པར་འགྱུར། །ཉན་ཐོས་འགྲོ་དོན་ཐུབ་པ་ཡི། །གེ་མོ་བླ་མ་ཞེས་བྱ་བ། །མཁས་པ་ཆེན་པོ་ཡོང་བར་ཤོག །དེ་སྐད་རཱ་ག་ཨ་སྱས་སྨྲས། །སརྦ་མངྒ་ལཾ། །

དཔལ་ཡེ་ཤེས་ཀྱི་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། སློབ་དཔོན་རྡོ་རྗེ་མཚོན་ཆ།

p. 121

༈ རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སྟུ་ཏི། བོད་སྐད་དུ། དཔལ་ཡེ་ཤེས་ཀྱི་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་
ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ།། །།

ཆོས་རྗེ་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོའི་ངག་འདོན་ངེས་དོན་ལམ་བཟང་ཐར་པའི་ཐེམ་སྐས། བདེ་ཆེན་འབར་བའི་རྡོ་རྗེ།

p. 122

༈ ཆོས་རྗེ་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་ཆོས་དྲུག་ཟུང་གི་སྔོན་འགྲོའི་ངག་འདོན་ངེས་དོན་ལམ་བཟང་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པུཎྱེ་བྷ་དྲ་ཡེ། ཆོས་ཉིད་གཞི་རྫོགས་ལམ་གྱིས་རབ་གསལ་ཞིང་། །ངེས་པ་དོན་གྱི་རིན་ཆེན་གྲུ་ཆར་འབེབས། །འགྲོ་ཁམས་ཕོངས་པའི་

p. 123

མཚོ་ལས་སྒྲོལ་མཛད་པ། །མཆོག་གསུམ་འདུས་ཞལ་བླ་མར་གུས་པས་འདུད། །དེ་ཡང་འདིར་དཔལ་ལྡན་འབའ་རོམ་པའི་ཕྱག་ཆེན་སྔོན་འགྲོའི་ཁྲིད་རིམ་ལས་བསྒོམ་བྱ་སྙིང་པོར་དྲིལ་ཏེ་ངག་འདོན་ཁོལ་ཕྱུང་དུ་འགོད་པར་བགྱི་བ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལའང་བཞི། དལ་འབྱོར་རྙེད་དཀའ་བར་བསམ་པ། དེ་ཉིད་མི་རྟག་པར་ཤེས་པ། ལས་འབྲས་བསླུ་མེད་དུ་བསྟན་པ། སྲིད་པ་འཁོར་བའི་སྡུག་བསྔལ་ལ་གཞིག་པའོ། །དེ་ལས་དང་པོའི་ཁྲིད་ཀྱི་བསྒོམ་བྱ་ངག་འདོན་དུ་བགྱི་བ་ནི། འཇིག་རྟེན་འདི་ན་ཡིད་བཞིན་ནོར་བུ་ལས། །རྙེད་པར་བྱེ་བ་སྟོང་གིས་དཀའ་བའི་གནས། །དལ་འབྱོར་རྒྱུ་དཔེ་གྲངས་ཀྱིས་ཐོབ་དཀའ་བའི། །བསྐལ་པ་སྟོང་གི་བསོད་ནམས་མཐུས་གྲུབ་པ། །ཐོབ་འདི་ཆུད་ཟོས་མེད་པར་དོན་ཡོད་བྱ། །དེ་ལྟར་ཤེས་ནས་ངེས་པར་དགེ་ལ་བརྩོན། །ཞེས་བསྒོམ་པར་བྱའོ། །གཉིས་པ་ནི། སྣོད་བཅུད་འགྱུར་བའི་ཆོས་ཅན་སྒྱུ་མའི་འཕྲུལ། །ནམ་མཁའི་འགྱུར་ལྡོག་རྡོ་རྗེའི་གཟུགས་སྐུ་ཡང་། །མྱ་ངན་འདས་ཞེས་འཇིག་

p. 124

རྟེན་འདིར་གྲགས་ན། །བདག་གི་ངན་སྐྱུགས་[ལྐུགས་]ཕུང་པོ་ཆུ་བུར་འདི། །ཅི་སྟེ་རྟག་པར་འགྱུར་ཞེས་མི་རྟག་བསྒོམ། །ཞེས་རྣམ་པ་ཀུན་ཏུ་མི་བརྗེད་པར་དྲན་པར་བྱའོ། །གསུམ་པ་ནི། ལས་ནི་ནམ་ཡང་བསླུ་བ་མེད་པ་སྟེ། །སྡིག་པའི་འབྲས་བུ་ངན་སོང་སྡུག་བསྔལ་དང་། །དགེ་བས་མངོན་མཐོ་བླ་མེད་ཐར་པ་འཐོབ། །གནས་སྐབས་སྡིག་སྤྱོད་འཇིག་རྟེན་ཀུན་གྱིས་སྨད། །དམ་པའི་ཆོས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ། །མཐོང་ཆོས་ངེས་པ་འདི་ལ་ཡིད་ཆེས་བྱ། །ཞེས་བསྒོམ་པར་བྱའོ། །བཞི་པ་ནི། ཀྱེ་མ། རང་ཉིད་མཁས་ཤིང་གྲུང་པོ་ཡིན་སྙམ་ཡང་། །བློ་ནོར་གནས་སྐབས་མཐར་ཐུག་ཐམས་ཅད་དུ། །རང་ལ་གནོད་པ་བསྒྲུབས་པས་མི་ཚེ་སྐྱེལ། །ཕན་པའི་བྱ་བ་བླ་མེད་དམ་པའི་ཆོས། །འདི་བསྒྲུབ་དེ་ཙམ་གྲུབ་པར་གྱུར་ཏོ་ཞེས། །ཡིད་གཏད་མེད་པས་ད་ནི་བློ་ཐག་ཆོད། །ཅེས་དམ་པའི་ཆོས་བསྒྲུབ་པའི་བློ་ཐག་ལིང་གིས་ཆོད་པར་བྱའོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་ཆོས་བཞི་

p. 125

ཞེས་པ་འདི་ནི་ཐུན་མོང་ཞེས་གལ་ཆུང་ངུ་ཞིག་གི་སྐད་དོད་མ་ཡིན་ཞིང་། དམ་པའི་ཆོས་ཤིག་བསྒྲུབ་ཕན་ཆད་འདི་ཉིད་མེད་དུ་མི་རུང་ཞིང་ཆོས་ཀུན་གྱི་རྩ་བའི་རྨིང་གཞི་ལྟ་བུ་ཡིན་པས་ཤིན་ཏུ་གལ་ཆེ་བར་ཤེས་དགོས་སོ། །དེ་ནས་ལམ་ཐུན་མོང་མ་ཡིན་པ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྙིང་པོ་གསང་བ་སྔགས་ཀྱི་ཐོག་མའི་ལམ་རིམ་ནང་གི་སྔོན་འགྲོ་བཞི་ནི། དེའང་བསླུ་མེད་ཀྱི་སྐྱབས་ཚོལ་བ། རང་རྒྱུད་ཀྱི་སྡིག་པ་སྦྱོང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཕྱིར་མཎྜལ་འབུལ་བ། བྱིན་རླབས་མྱུར་དུ་འཇུག་ཕྱིར་བླ་མའི་རྣལ་འབྱོར་སྙིང་ཕུར་དུ་བྱ་བ་དང་བཞིའོ། །དེ་ལས་དང་པོ་ཅི་བྱས་ཐར་པའི་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་དང་། ཐེག་པ་ཆེན་པོར་སེམས་བསྐྱེད་པའི་བསྒོམ་དོན་ངག་འདོན་བྱ་བའི་རིམ་པ་ནི། མདུན་མཁར་ཡིད་སྤྲུལ་ཞིང་གི་བཀོད་པ་ནི། །ཕུན་ཚོགས་དབུས་སུ་སེང་ཁྲི་ལྔ་ཚོམ་གྱི། །དབུས་མར་བླ་མ་རྡོ་རྗེ་འཆང་ཆེན་ལ། །གྲུབ་ཐོབ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་དུས་

p. 126

གསུམ་ཕྱོགས་བཅུའི་སངས་རྒྱས་ལ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར། །རྒྱབ་ཏུ་གསུང་རབ་དམ་པའི་ཆོས་མཆོག་རྣམས། །རང་སྒྲར་བཅས་ཏེ་འོད་ཟེར་སྤུངས་སེ་བཞུགས། །གཡོན་དུ་ཉེ་སྲས་དཔའ་བོ་རྣལ་འབྱོར་མ། །གྲུབ་ཐོབ་ཉན་རང་དགེ་འདུན་ཚོགས་དང་བཅས། །འོག་ཏུ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །མེ་དཔུང་ཀློང་ན་བར་ཆད་བསལ་ཕྱིར་བཞུགས། །དེ་དག་རྣམས་ལ་དད་གསུམ་མོས་གུས་ཀྱིས། །ཁ་ཙམ་མ་ཡིན་སྙིང་ནས་སྐྱབས་སུ་མཆི། །ཞེས་གསལ་གདབ་ལ་སྐྱབས་འགྲོ་དངོས་ནི། ན་མོ། བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀུན། །སྒོ་གསུམ་མི་དགེའི་ལས་འདིའི་སྡིག་ལྕི་བས། །ངན་སོང་འཁོར་བ་འདི་ལས་དཀོན་མཆོག་གསུམ། །ཀུན་འདུས་བླ་མ་མཆོག་ལ་སྐྱབས་སུ་མཆི། །ཞེས་དོན་ཡིད་ལ་དྲན་བཞིན་པས་སྐྱབས་འགྲོ་གྲངས་ཅི་མང་ཕྱག་འཚལ་བ་བཅས་བསྒྲུབ་བོ། །རྗེས་འབྲེལ་སེམས་བསྐྱེད་པའི་ཆོ་ག་

p. 127

ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་གྱིས་སྐྱབས་འགྲོ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་གྱིས་སེམས་བསྐྱེད་བླང་ངོ། །དེ་ནས་རང་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་

p. 128

རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །གཞན་དགའ་བ་བསྒོམ་དུ་གཞུག་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །སྨོན་ལམ་ནི། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་ཀྱང་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་

p. 129

པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཐུན་མཐར། སྐྱབས་ཡུལ་དཀོན་མཆོག་དགྱེས་ཤིང་བདག་ལ་ཐིམ། །དུས་ཀུན་འབྲལ་བ་མེད་པར་རྗེས་བཟུང་གྱུར། །ཅེས་བློ་ཐག་ཆོད་པར་བྱའོ། ། ༈ གཉིས་པ་སྡིག་སྒྲིབ་ཞི་བར་བྱེད་པའི་ཐབས་ཟབ་རྡོར་སེམས་སྒོམ་བཟླས་བྱ་བའི་ངག་འདོན་ནི། སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་དཀར། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས་རྣམས་རྫོགས། །སྐྱིལ་ཀྲུང་པདྨ་ཟླ་བའི་གདན་ལ་རེག །འཛུམ་ཞིང་དགྱེས་པས་བདག་ལ་གཟིགས་པ་ཡི། །ཐུགས་ཀའི་པད་ཟླར་ཧཱུྃ་ལ་ཡིག་བརྒྱས་བསྐོར། །གནས་གསུམ་ཡིག་འབྲུ་གསུམ་གྱིས་རྒྱས་གདབ་གྱུར། །ཅེས་བསྒོམ་ཞིང་། དེ་ལས་བདུད་རྩི་བབས་པས་སྤྱི་བོ་ནས། །ཞུགས་ཤིང་ཕྱི་ནང་གསང་བའི་སྡིག་སྒྲིབ་སྦྱངས། །སླར་ཡང་བྱང་སེམས་བདུད་རྩིས་ལུས་གང་ནས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་

p. 130

ཐོབ་པར་གྱུར། །པར་བསམ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ། ཞེས་ཡི་གེ་བརྒྱ་པ་དང་། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་ཡིག་དྲུག་ཅི་ནུས་བགྲང་ཞིང་དམིགས་པ་ཡེངས་མེད་དུ་བརྩོན་པ་ཤིན་ཏུ་གལ་ཆེའོ། ། ༈ ཆོས་དྲུག་སྐབས་སུ། རང་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །རྡོར་སེམས་སྙེམས་མ་ཡབ་ཡུམ་སྐུ་མདོག་དཀར། །ཁྲོ་འཛུམ་བཞད་པའི་ཉམས་ཅན་ལང་ཚོ་འབར། །ཧེ་རུ་ཀ་ཡི་ཆ་བྱད་རྡོར་དྲིལ་འཛིན། །ཐུགས་ཀའི་པད་ཟླར་ཧཱུྃ་ལ་སོགས་སྔོན་ལྟར་རོ། །ཐུན་མཐའ་རྣམས་སུ། བླ་མ་རྡོ་རྗེ་སེམས་དཔའ་བདག་ལ་དགོངས་སུ་གསོལ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་

p. 131

པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་

p. 132

སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་བའི་ཉེས་པ་དང་ལྟུང་བའི་ཚོགས་ཅི་མཆིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་དེ་དེ་ལྟར་དུ་མི་འགྱུར་བ་ལགས་སོ། །ཞེས་བརྗོད་པ་དང་། ༈ ཆོས་དྲུག་སྐབས་སུ། དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སོགས་བརྗོད། དེ་ལྟར་བཤགས་ཚིག་དང་གསོལ་བ་དྲག་ཏུ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔས་དགྱེས་པའི་འཛུམ་བག་དང་མདངས་ཕྱུངས་ཏེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམ་ཆགས་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པ་ཡིན་ནོ་ཞེས་བདག་ལ་དབུགས་དབྱུང་སྩལ་བར་གྱུར་པར་བསམ་མོ། །དེ་ནས་ཐུན་བསྡུ་བ་ནི། རྡོ་རྗེ་སེམས་དཔའ་འོད་ཞུ་བདག་ལ་ཐིམ། །མཆོག་གི་སྐུ་གསུང་ཐུགས་དང་

p. 133

དབྱེར་མེད་གྱུར། །ཅེས་མོས་པར་བྱ་བའོ། ། ༈ གསུམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པར་བྱ་བ་མཎྜལ་འབུལ་བའི་ཁྲིད་ཀྱི་ངག་འདོན་ནི། སྒྲུབ་པའི་མཎྜལ་ཡོད་ན་ཚོམ་བུ་བཅས་སྟེགས་ཀྱི་ཁར་བཤམ་ལ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝན་བིདྱཱ་རཱ་ཛ་ཧུྃ་ཧཱུྃ་ཕཊ་ཀྱིས་བགེགས་ཕྲལ་ནས། མདུན་གྱི་མཎྜལ་ཞིང་ཁམས་ཡངས་པའི་དབུས། རིན་ཆེན་གཞལ་ཡས་མཛེས་ཁྲི་ལྔ་ཚོམ་གྱི། །དབུས་མར་བླ་མ་རྡོ་རྗེ་འཆང་ཆེན་ལ། །གྲུབ་ཐོབ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །གཡས་སུ་དུས་གསུམ་ཕྱོགས་བཅུའི་སངས་རྒྱས་ལ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར། །རྒྱབ་ཏུ་གསུང་རབ་དམ་པའི་ཆོས་མཆོག་རྣམས། །རང་སྒྲར་བཅས་ཏེ་འོད་ཟེར་

p. 134

སྤུངས་སེ་བཞུགས། །གཡོན་དུ་ཉེ་སྲས་དཔའ་བོ་རྣལ་འབྱོར་མ། །གྲུབ་ཐོབ་ཉན་རང་དགེ་འདུན་ཚོགས་དང་བཅས། །འོག་ཏུ་ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །མེ་དཔུང་ཀློང་ན་བར་ཆད་བསལ་ཕྱིར་བཞུགས། །དེ་དག་རྣམས་ལ་བདག་སོགས་འགྲོ་ཀུན་གྱིས། །སྤྱོད་ལམ་མཐུན་པས་ཚོགས་གཉིས་བསག་པར་བགྱི། །ཞེས་གསལ་བཏབ་ལ། མཆོད་པའི་མཎྜལ་ལག་གཡོན་དུ་ཐོགས་ནས། ཨོཾ་བཛྲ་ས་ཏྭ་སོགས་ཡིག་བརྒྱ་ཚར་གཅིག་བརྗོད་པས་ལག་གཡས་རྡོ་རྗེའི་ཁུ་ཚུར་མེ་ཏོག་དང་བཅས་ཏེ་རྡུལ་གཡས་བསྐོར་གྱིས་ལན་གསུམ་ཕྱི་ཞིང་། ཚིག་རྗེས་དོན་དྲན་གྱིས་ཚོམ་བུ་སོ་བདུན་མ་ཕྱག་ལེན་ལྟར་འགོད་པར་བྱ་སྟེ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་བོ་མཆོག་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན།

p. 135

ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀོད་དེ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་

p. 136

སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨཱཿཧཱུྃ། སྲིད་ཞིའི་མགོན་པོ་བླ་མ་སངས་རྒྱས་དང་། །ཆགས་བྲལ་དམ་ཆོས་ཚོགས་མཆོག་དགེ་འདུན་སྡེ། །རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ལ། །གསེར་གྱི་ས་གཞི་རིན་ཆེན་རི་དང་གླིང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཕུན་སུམ་ཚོགས། །བློས་བླངས་འཇིག་རྟེན་འཁོར་ཡུག་བཀོད་ལེགས་དང་། །ཡིད་སྤྲུལ་ཀུན་བཟང་རྣམ་ཐར་རྒྱ་ཆེར་སྤེལ། །བདག་དང་འགྲོ་ཀུན་ཚོགས་གཉིས་རྫོགས་པའི་ཕྱིར། །བླ་མ་དཀོན་མཆོག་རྩ་བ་གསུམ་ལ་འབུལ། །བཞེས་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །བྷྲཱུྃ་རཏྣ་མཎྜལ་ཨཱཿཧཱུྃ། ཞེས་གྲངས་བསགས་ཏེ་ཅི་ནུས་སུ་འབུལ་བ་དང་། འབུམ་ཐེར་སོགས་ཀྱི་སྐབས། ཨོཾ་ཨཱཿཧཱུྃ། སྟོང་གསུམ་སྣོད་བཅུད་བཀོད་པ་མཐའ་ལས་འདས། །

p. 137

རིགས་ལྔའི་ཞིང་ཁམས་ཞི་བའི་ལོངས་སྤྱོད་རྫོགས། །སེམས་ཉིད་སྣང་སྟོང་དབྱེར་མེད་དབྱིངས་དང་རིག །བློས་བླངས་ཕྱི་ནང་གསང་བའི་མཎྜལ་འབུལ། །སརྦ་མཎྜལ་པཱུ་ཛཿཧོ། ཞེས་གྲངས་བཟུང་ངོ་། །ཐུན་མཐར་ཚོགས་ཞིང་བསྡུ་བ་ནི། དེ་ལྟར་ཕུལ་བས་བདག་གཞན་ཚོགས་གཉིས་རྫོགས། །སྐྱབས་ཀྱི་མཆོག་རྣམས་རིམ་གྱིས་གཡོན་བསྐོར་དུ། །འོད་ཞུ་བླ་མའི་སྐུར་འདུས་བདག་ལ་ཐིམ། །སྐུ་གསུམ་མཆོག་གི་འབྲས་བུ་མྱུར་སྨིན་ཤོག །ཅེས་འདོན་བསྒོམ་བྱའོ། ། ༈ བཞི་པ་བླ་མའི་བྱིན་རླབས་དང་རྒྱལ་བའི་ཡོན་ཏན་རྒྱུད་ལ་འབྱོར་བར་བྱ་ཕྱིར། མངའ་བདག་མཻ་ཏྲི་པ་ཆེན་པོའི་མན་ངག་ལྟར་ཡང་གསང་ཨ་ཝ་དྷཱུ་ཏིའི་བླ་མའི་རྣལ་འབྱོར་བསྒོམ་བྱའི་ངག་འདོན་གྱི་རིམ་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་སྟོང་པར་སྦྱངས་ལ། ཕྱི་ནང་སྣོད་བཅུད་རང་བཞིན་སྟོང་པ་ལས། །འབྱུང་བཞི་རི་རབ་པད་ཉི་འཇིགས་དུས་སྟེང་། །སྐད་ཅིག་རང་ཉིད་ལྷན་སྐྱེས་དཔའ་བོ་ནི། །

p. 138

མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལང་ཚོ་འབར། །རྡོ་རྗེ་རྣལ་འབྱོར་དམར་མོ་གྲི་ཐོད་འཛིན། །ཟུང་འཇུག་ཕྱག་དང་བརྐྱང་བསྐུམ་སྟབས་ཀྱིས་སྦྱོར། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །སྐུ་ཡི་ནང་དབུས་རྩ་གསུམ་མཐིང་དཀར་དམར། །འཁོར་ལོ་ལྔ་དང་བཅས་པ་དྭངས་ཤེལ་ལ། །ཁ་དོག་ཚོན་གྱི་རི་མོ་གསལ་བ་བཞིན། །སྒྲིབ་མེད་ནམ་མཁའི་འཇའ་ཚོན་ལྟ་བུར་བསྒོམ། །དབུ་མའི་རྩེ་མོ་ནོར་བུའི་ལྟེ་བ་རུ། །གདོད་ནས་མཁའ་ཁྱབ་ཆོས་སྐུ་རྡོ་རྗེ་འཆང་། །མཐིང་གསལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལོངས་སྤྱོད་རབ་རྫོགས་སེང་ཁྲི་པདྨ་དང་། །ཟླ་སྟེང་འོད་ཟེར་ཕུང་པོའི་དབུས་སུ་གསལ། །སྙིང་དབུས་རྩ་བའི་བླ་མ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་དངོས་མི་ཕྱེད་རྡོ་རྗེ་འཛིན། །མཐོན་མཐིང་ཡུམ་མཆོག་གསང་བ་ཡེ་ཤེས་དམར། །དར་དང་རུས་པ་རིན་ཆེན་སྣ་ཚོགས་བརྒྱན། །རྡོར་དྲིལ་གྲི་ཐོད་འཛིན་

p. 139

ཅིང་ཟུང་འཇུག་སྦྱོར། །པདྨ་ཉི་ཟླའི་སྟེང་དུ་གསལ་བར་བསྒོམ། །དེ་སྟེང་དབུ་མའི་ནང་ནས་ཡས་རིམ་བཞིན། ། ༈ ཆོས་དྲུག་སྐབས། ཤུ་ནྱ་ཏཱ་སོགས་ཀོ྅་ཧཾ། ཞེས་སྟོང་པར་སྦྱངས་ལ། ཕྱི་ནང་སྣོད་བཅུད་རང་བཞིན་སྟོང་པ་ལས། །འབྱུང་བཞི་རི་རབ་པད་ཉི་འཇིགས་དུས་སྟེང་། །སྐད་ཅིག་རང་ཉིད་ལྷན་སྐྱེས་དཔའ་བོ་ནི། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལང་ཚོ་འབར། །ཧེ་རུ་ཀ་ཡི་ཆ་ལུགས་ཡོངས་སུ་རྫོགས། །དབུ་མའི་རྩེ་མོ་ནོར་བུའི་ལྟེ་བ་རུ། །རྩ་བའི་བླ་མ་དཔལ་ལྡན་བདེ་བ་མཆོག །མཐིང་གསལ་བྲམ་ཟེ་ཁྲོ་ཚུལ་རྡོར་དྲིལ་འཛིན། །རུས་རྒྱན་ཐོད་སྐམ་སྟག་ཤམ་མགོ་ཕྲེང་དང་། །ཟླ་ཚེས་སྣ་ཚོགས་རྡོ་རྗེ་དར་དཔྱངས་སྤྲས། །ལྷན་སྐྱེས་དམར་མོ་གཉིས་མེད་མཉམ་པར་འཁྲིལ། །པད་ཉིའི་སྟེང་བཞུགས་དེ་ནས་ཡས་རིམ་བཞིན། །༧སྒྲུབ་བསྟན་སྣང་བྱེད་མ་ཏི་རཏྣ་ནི། །སྐུ་མདོག་དམར་སྨུག་བསྒྲེས་ཚུལ་ལྟ་

p. 140

སྟངས་ཧུར། །ལྕང་ལོའི་ཟར་འཕྱང་རས་དཀར་བླ་གོས་གསོལ། །ས་གནོན་ཕྱག་རྒྱ་སྐྱིལ་ཀྲུང་ཕྱེད་པའི་སྟབས། །སྦས་པའི་རྣལ་འབྱོར་དབང་པོའི་མཚན་ཅན་ནི། །བསྒྲེས་ཉམས་གོས་དཀར་ཟླུམ་གསོལ་ལྕང་ལོ་གྲོལ། །རོལ་སྟབས་སེམས་ཉིད་ངལ་གསོའི་བཞུགས་སྟངས་མཛད། །གསང་བདག་རས་ཆུང་དངོས་སྣང་མངྒ་ལ། །སྒོམ་ཐག་ཨང་རག་རས་དཀར་བླ་གོས་དང་། །རྡོ་སྐྱིལ་མཉམ་བཞག་རས་ཞྭ་རྭ་གཟུགས་གསོལ། །དོན་བརྒྱུད་བཀའ་བབས་གདམས་པའི་མཛོད་འཆང་བ། །འཇིགས་མེད་ཆོས་ཀྱི་སེང་གེ་སྐུ་མདོག་དཀར། །པད་ཞྭ་ཟ་བེར་རས་དཀར་ཤམ་ཐབས་དང་། །ཆོས་གོས་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཕུར། །འཁོར་ལོས་མཚན་པ་བསྡིག་པའི་སྟབས་ཀྱིས་འཛིན། །ཕྱག་གཡོན་ཆོས་འཆད་ཕྱག་རྒྱས་པད་སྡོང་རྩེར། །ཟབ་གསང་ཤེས་རབ་རལ་གྲི་པོ་ཏིས་མཚན། །ཞབས་ཟུང་རོལ་སྟབས་

p. 141

གཟི་བྱིན་འབར་བར་བཞུགས། །ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མ། །དཀར་མོ་རྡོ་རྗེ་བདུད་རྩིའི་ཐོད་པ་བསྣམས། །བྱ་རྒོད་ཐུལ་པ་དར་གྱི་ལྡིང་བེར་མནབས། །བཅུ་དྲུག་ཉམས་ལྡན་ཉི་ཟླའི་སྟེང་དུ་གསལ། །དོན་བརྒྱུད་ཆོས་ཀྱི་རྗེ་བཙུན་བསོད་ནམས་བཟང་། །དམར་སྨུག་ཆོས་འཆད་མཉམ་བཞག་ཚེ་བུམ་བསྣམས། །གྲགས་པ་རྒྱལ་མཚན་དཀར་དམར་སྐྱབས་སྦྱིན་དང་། །མཉམ་བཞག་ཕྱག་རྒྱས་སྡེ་སྣོད་གླེགས་བམ་འཛིན། བིརྱ་ཤྲཱི་ས་གནོན་མཉམ་བཞག་རྒྱ། །སྔོ་བསང་ཞི་བའི་ལྟ་སྟངས་ཚུལ་དུ་བཞུགས། །བློ་གྲོས་རྡོ་རྗེ་ཕྱག་གཉིས་ས་གནོན་རྒྱ། །དམར་གསལ་སྐུ་ཤ་རྒྱས་ཤིང་བརྗིད་པའི་ཉམས། །དེ་དག་རབ་བྱུང་ཆོས་གོས་རྣམ་གསུམ་དང་། །སྒོམ་ཞྭ་སྨུག་དང་དམར་གསལ་སྣ་ཚོགས་གསོལ། །བྱང་ཆུབ་གཞོན་ནུ་སྔོ་བསང་བསྒྲེས་པའི་ཚུལ། །སྐྱབས་སྦྱིན་དར་ལྗང་རླུང་རས་

p. 142

སྒོམ་ཞྭ་སྨུག །ལུས་མེད་རྡོ་རྗེ་གཞོན་ནུ་དཀར་དམར་མདངས། །རྡོ་རྗེ་ཐོད་ཆང་རས་གཟན་མཆིན་ཁ་བགོས། །འགྲོ་མགོན་རས་དཀར་སྐུ་མདོག་ཟླ་ལྟར་དཀར། །མཐང་གོས་དམར་པོ་རས་དཀར་བླ་གོས་འཆང་། །མན་ངག་གླེགས་བམ་པད་སྣོད་བདུད་རྩིས་གཏམས། །ཏི་ཤྲི་རས་པ་དཀར་སྔོན་ཆོས་འཁོར་རྒྱ། །མཐང་གོས་དམར་པོ་རླུང་རས་དཀར་པོ་གསོལ། །གསུམ་ཀས་ལྟ་བ་རབ་མཐོའི་པཎ་ཞྭ་མནབས། །ཐམས་ཅད་པད་ཟླར་སྐྱིལ་ཀྲུང་རོལ་པའི་སྟབས། །དེ་སྟེང་དར་མ་དབང་ཕྱུག་སྐུ་མདོག་དཀར། །ཆེ་བརྗིད་ཆོས་གོས་རྣམ་གསུམ་ཆོས་འཁོར་རྒྱ། །སྒོམ་ཞྭ་གསོལ་ཞིང་མི་གཡོ་སྐྱིལ་ཀྲུང་བཞུགས། །འཛམ་གླིང་གྲགས་པ་དྭགས་ཞུ་དགེ་སློང་ཆས། །མཉམ་བཞག་སྐྱིལ་ཀྲུང་ཞི་བའི་ལྟ་སྟངས་གཟིགས། །དེ་སྟེང་རིམ་བཞིན་མི་ལ་བླ་གོས་དཀར། །སྒོམ་ཐག་གསོལ་ཞིང་ངལ་གསོ་ཐོད་པ་བསྣམས། །

p. 143

མར་སྟོན་ཧུར་བག་དམར་སྨུག་ཁྲོ་བོའི་ཚུལ། །གོས་དཀར་བེར་དམར་ཟླུམ་གསོལ་ས་གནོན་ཕྱག །༧ ཕྱག་ཆེན་སྐབས། མཻ་ཏྲི་དཀར་དམར་པཎྜི་ཏ་ཡི་ཆས། །ཕྱག་གཉིས་ཆོས་འཁོར་ཐོད་པ་བདུད་རྩི་བསྣམས། །དེ་སྟེང་ཤ་བ་རི་པ་མདའ་གཞུ་འཛིན། །ཐོར་ཚུགས་རུས་རྒྱན་དར་གྱི་ཨང་རག་གསོལ། །ཀླུ་སྒྲུབ་སྙིང་པོ་དགེ་སློང་གཙུག་ཏོར་ལྡན། །ཀླུ་བརྒྱད་རྒྱབ་ཡོལ་དཀར་དམར་ཆོས་འཆད་མཛད། །དེ་སྟེང་གྲུབ་པའི་སྤྱི་མེས་ས་ར་ཧ། །ཨག་ཚོམ་དབུ་སྐྲ་དཀར་ཞིང་ཐོར་ཚུགས་ལྡན། །རུས་རྒྱན་ཨང་རག་སྨྱུག་མའི་མདའ་སྲོང་ཚུལ། །དེ་སྟེང་རྒྱལ་བའི་སྲས་པོ་དགྲ་གཅན་འཛིན། །གསེར་མདོག་གཙུག་ཏོར་ལྡན་ཞིང་དགེ་སློང་ཆས། །ཆོས་གོས་གསུམ་གསོལ་རིན་ཆེན་པྲོག་ཞུ་བསྣམས། །བྱང་སེམས་བློ་གྲོས་རིན་ཆེན་སྐུ་མདོག་དཀར། །མཆོག་སྦྱིན་སྐྱབས་སྦྱིན་ལོངས་སྤྱོད་རྫོགས་པའི་ཆས། །

p. 144

པདྨ་ཉི་ཟླ་རི་དྭགས་པགས་པ་སོགས། །རང་འཚམས་གདན་དང་འོད་ཀྱི་ཀློང་ན་བཞུགས། ། ༈ ཆོས་དྲུག་སྔོན་འགྲོའི་སྐབས་མར་སྟོན་མཚམས་སུ། ཛྙཱ་ན་སིདྡྷི་སྐུ་མདོག་དམར་ལ་སྨུག །ཁྲོ་རྔམ་ཞབས་གཡོན་བསྐྱང་ཚུལ་རོལ་པའི་སྟབས། །ཕྱག་གཡས་ས་གནོན་གཡོན་པས་ཐོད་ཆང་བསྣམས། །དཔལ་ལྡན་ཏཻ་ལོ་དཀར་གསལ་ཨ་ཙར་ཉམས། །མཛེས་སྡུག་ཞབས་གཡས་བསྐྱང་ཚུལ་རོལ་སྟབས་བཞུགས། །ཕྱག་གཉིས་གསེར་ཉའི་རྒྱུ་མ་འདྲེན་པའི་ཚུལ། །གཉིས་ཀ་གྲུབ་ཐོབ་རྣལ་འབྱོར་སྤྱོད་པའི་ཆས། །ཐོར་ཚུགས་རུས་རྒྱན་སྒོམ་ཐག་ཨང་རག་གསོལ། །གདོད་ནས་མཁའ་ཁྱབ་ཆོས་སྐུ་རྡོ་རྗེ་འཆང་། །མཐིང་གསལ་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ལོངས་སྤྱོད་རབ་རྫོགས་སེང་ཁྲི་པདྨ་དང་། །ཟླ་སྟེང་འོད་ཟེར་ཕུང་པོའི་དབུས་སུ་གསལ། །ཕྱོགས་མཚམས་འཇའ་སྤྲིན་ནང་དུ་ཆོས་ཀྱི་རྗེ། །༧ ཕྱག་ཆེན་སྐབས། སྟེང་གི་

p. 145

རྡོ་རྗེ་འཆང་ཆེན་མཐའ་བསྐོར་དང་། །རྩ་གསུམ་བར་མཚམས་རྣམས་སུ་ཆོས་ཀྱི་རྗེ། །༧ གཉིས་ཀར། དེ་བཞིན་གཤེགས་པ་མ་ཏི་རཏྣ་དང་། །སེང་གེ་འབུམ་པ་མགོན་པོ་ཡེ་ཤེས་ཞབས། །བསོད་ནམས་ཡེ་ཤེས་ཀུན་དགའ་སེང་གེ་དང་། །རིན་ཆེན་བཟང་པོ་བསོད་ནམས་དབང་ཕྱུག་དཔལ། །བཀྲ་ཤིས་དབང་ཕྱུག་ཆོས་ཀྱི་འོད་ཟེར་མཆོག །ཀུན་དགའ་སྙིང་པོ་ཀུན་དགའ་རྒྱ་མཚོ་དང་། །བསྟན་འཛིན་བཟང་པོ་ཀརྨ་ཡེ་ཤེས་ཞབས། །དོན་དམ་སྙིང་པོ་ཨཿཡུ་ཏིཥྛ་དང་། །ཚོགས་གཉིས་འོད་ཟེར་ལ་སོགས་ངེས་དོན་གྱི། །སྲས་དང་གྲུབ་[སྤྲུལ་]པའི་བརྒྱུད་པ་གསེར་གྱི་ཕྲེང་། །ཚར་དུ་དངར་བ་ཐམས་ཅད་མཚན་དཔེ་ལྡན། །མཛེས་འཛུམ་ཞྭ་ཁྲ་ཆོས་གོས་རྣམ་གསུམ་གསོལ། །རྡོར་དྲིལ་པུ་ཏི་ཐོད་ཆང་ཆོས་འཆད་མཛད། །དར་གྱི་ཕོ་ལོང་གདིང་བ་པད་ཟླ་སོགས། །རང་འཚམས་གདན་ལ་འོད་ཕུང་འབར་

p. 146

བར་བཞུགས། །འོག་མིན་གནས་ནས་རང་འདྲ་སྤྱན་དྲངས་བསྟིམ། །བྱིན་རླབས་ཐུགས་རྗེའི་ནུས་པ་མཆོག་ཏུ་འབར། །དེ་དག་རྣམས་ལ་གདུང་ཤུགས་མོས་ཕྱག་དང་། །ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་པས་མཆོད། །རྟོག་ཚོགས་ཆོས་ཉིད་ཕུང་ཁམས་སྐྱེ་མཆེད་བཅས། །ཡེ་ཤེས་རོལ་པའི་འབྱོར་ཚོགས་ཇི་སྙེད་འབུལ། །དུས་གསུམ་མི་དགེའི་ལས་རྣམས་འགྱོད་པས་བཤགས། །འབྲལ་མེད་སྙིང་གི་དབུས་སུ་རྟག་བཞུགས་ནས། །འོད་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསམ་སྦྱོར་རྣམ་དག་དགེ་ལ་རྗེས་ཡི་རང་། །དེ་དག་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཅེས་ཟག་པ་མེད་པའི་རྒྱུན་བཤགས་ཕུལ་ནས། སྙིང་ཁུང་རུས་པའི་གཏིང་ནས་ལྟེམ་ཀྱང་མེད་པར་གསོལ་བ་གདབ་པར་བྱ་སྟེ། ན་མོ་གུ་རུ། བདག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་བའི། །འཁོར་མེད་ཀྱི་དྲིན་མཐའ་གསོབ་དཀའ་

p. 147

ཡང་། ཡོན་ཏན་གྱི་ཆེ་བ་རྗེས་དྲན་ནས། །གདུང་ཤུགས་ཀྱི་མོས་གུས་བཟོད་མེད་འབར། །ཕ་ཐུགས་རྗེས་ཟུངས་ཤིག་རྡོ་རྗེ་འཆང་། །རྗེ་བྱང་སེམས་བློ་གྲོས་རིན་ཆེན་དང་། །མགོན་དགྲ་གཅན་ཟིན་གཉིས་ཀླུ་སྒྲུབ་ཞབས། །དཔལ་ཤ་བ་རི་དང་མཻ་ཏྲི་པ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མར་མི་དང་དྭགས་པོ་བྱིན་རླབས་ཅན། །རྗེ་དར་མ་དབང་ཕྱུག་ཏི་ཤྲི་རས། །རས་དཀར་དང་ལུས་མེད་རྡོ་རྗེའི་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མཆོག་བྱང་ཆུབ་གཞོན་ནུ་བློ་གྲོས་མཚན། །རྗེ་བརྩོན་འགྲུས་དཔལ་དང་(གླང་)རླངས་རས་པ། །ཁྱེད་གྲུབ་པའི་ཁྱུ་མཆོག་གྲགས་པའི་མཚན། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེ། །རྗེ་མ་ཏི་རཏྣ་བསོད་ནམས་བཟང་། །མཆོག་གྲུབ་པ་བརྙེས་པའི་ཁྱུ་རྣམས་

p. 148

ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གནས་ཨོ་རྒྱན་གྱི་གཙོ་མོ་ཌཱ་ཀི་མར། །དོན་གཉིས་མེད་ནམ་མཁའི་རྣལ་འབྱོར་མཚན། །བྱིན་རླབས་ཀྱི་བརྒྱུད་པར་ཐུགས་བརྩེ་བས། །རྨི་ལམ་དུ་བརྡ་ཐབས་དང་རྟེན་འབྲེལ་གྱིས། །དོན་མ་ནོར་བའི་བརྒྱུད་པ་གཏད་མཛད་པ། །དཔལ་ཌཱ་ཀི་བདེ་སྐྱོང་བཟང་མོ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དོན་མ་རྒྱུད་མཁའ་འགྲོའི་སྙིང་ཁྲག་གི། །མཆོག་བྱིན་རླབས་བདུད་རྩིའི་མཛོད་འཆང་ཞིང་། །བཀའ་བབས་ཀྱི་གདམས་པའི་སྲོལ་འཛིན་པ། །དཔལ་འཇིགས་མེད་ཆོས་ཀྱི་སེང་གེ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་གསང་བདག་དངོས་སྣང་མངྒ་ལ། །མཆོག་བརྟུལ་ཞུགས་གྲུབ་པ་དབང་པོའི་སྡེ། །མགོན་འཇམ་དབྱངས་བློ་གྲོས་རིན་ཆེན་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་ཤོ་ལོ་ཀ་འདི་ཁ་

p. 149

གསབ་ཞུས་པའོ། །མཆན། འདེབས། །གཤིས་རིག་ཁམས་ཆོས་ཉིད་སངས་རྒྱས་སུ། །དོན་མ་ནོར་རྗེན་པར་སྟོན་མཛད་པའི། །མགོན་མཆོག་གསུམ་རྩ་གསུམ་འདུས་གཟུགས་རྗེ། །རྒྱལ་ཀུན་ལས་བཀའ་དྲིན་ལྷག་པའི་དཔལ། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །འདི་མན་ཆོས་རྗེ་རིན་པོ་ཆེའི་གསུང་རྡོ་རྗེའི་ཚིག་སྟེ། མི་རྨོངས་པའི་ཚིག་ལ་སྙན་པའི་ངག །ཡིད་དད་པའི་སེམས་ཀྱིས་གསོལ་བཏབ་མཐུས། །དཔལ་སངས་རྒྱས་བསྟན་པ་དར་བ་དང་། །ཆོས་རྒྱུན་དུ་གནས་པར་བྱིན་གྱིས་རློབས། །ཡུལ་དབེན་གནས་རྟག་ཏུ་བརྟེན་པ་དང་། །གནད་སྒྲུབ་པ་མཐའ་རུ་སྐྱེལ་བ་ཡིས། །རྒྱུད་ཐུལ་ནས་གཞན་སྣང་ཀུན་ཚིམ་ཞིང་། །དོན་འགྲོ་བ་འདྲེན་ནུས་བྱིན་གྱིས་རློབས། །བདེ་གསལ་ཉམས་རྒྱུད་ལ་སྐྱེ་བ་དང་། །རང་རིག་པའི་ངོ་བོ་ཤེས་པ་ཡིས། །དུས་ཉིན་མཚན་སྤྱོད་

p. 150

ལམ་འབྲེལ་བ་དང་། །ངར་ངེས་ཤེས་ལྡན་པར་བྱིན་གྱིས་རློབས། །སྒོམ་ཉམས་ལེན་མཁན་པོ་རང་སར་གྲོལ། །སྟོང་རིག་རྗེན་ནང་ནས་འཆར་བ་དང་། །ཕྲ་རགས་པ་སྤུན་ཆ་རང་སར་དག །དོན་སྟོང་ཉིད་འགྱུར་མེད་བྱིན་གྱིས་རློབས། །ཉམས་སྣང་སྟོང་ཟུང་འཇུག་ནང་ནས་ཤར། །སེམས་རིག་བྱེད་ཤེས་པ་རང་སར་གྲོལ། །ཆོས་གཉུག་མའི་རྒྱལ་ས་རྒྱུན་དུ་ཟིན། །མཆོག་མཉམ་རྗེས་གཅིག་འདྲེས་བྱིན་གྱིས་རློབས། །ཉིན་མཚན་མོའི་རྨི་ལམ་གདོད་ནས་དག །བསྒོམ་བྱ་དང་སྒོམ་བྱེད་ཞེན་པ་བྲལ། །ལམ་འཁོར་འདས་ཆོས་རྣམས་གཅིག་ཏུ་འཛོམས། །འབྲས་སྐུ་བཞི་ལྷུན་གྲུབ་བྱིན་གྱིས་རློབས། །ཆོས་ཕྲིན་ལས་ཀུན་གྱི་ཆེ་བ་ཡིས། །གནས་འཁོར་བ་མཐའ་རུ་སྐྱེལ་བ་དང་། །ལས་ཆེད་དུ་མ་བྱས་ཀྱང་གཞན་སྣང་ཚིམ། །དེ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དོན་བརྒྱུད་པ་ལ་གསོལ་བཏབ་བྱིན་

p. 151

རླབས་ཀྱིས། །བདག་ཅི་བྱེད་ཆོས་སུ་འགྲོ་བ་དང་། །ཅི་བསམ་པ་ཆོས་བཞིན་ལྷུན་གྲུབ་ནས། །དཔལ་སྐུ་ལྔ་དབྱེར་མེད་མྱུར་འགྲུབ་ཤོག །ཅེས་པ་དང་། ཆོས་དྲུག་སྐབས་ཟུར་ནས་འབྱུང་བའི་གསོལ་འདེབས་འཛུད། ན་མོ། དུས་གསུམ་རྒྱལ་དང་རྒྱལ་སྲས་འདུས་པའི་སྐུ། །རྩ་གསུམ་ཆོས་དང་དགེ་འདུན་མ་ལུས་པ། །ཀུན་འདུས་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པ་ཡི། །སྐྱབས་ཀྱི་སྙིང་པོ་རྩ་བའི་བླ་མ་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་དུས་འདིར་སྩོལ། །ལོང་མེད་དྲན་ཞིང་དགེ་སྡིག་བླང་དོར་བརྩོན། །དམ་ཚིག་ལ་གནས་ས་ལམ་རིམ་པར་རྫོགས། །འབྲས་བུ་བླ་མའི་ཐུགས་དང་དབྱེར་མེད་ཤོག །ལོང་སྐབས་དབེན་ཚེ། དྲིན་ཅན་རྩ་བའི་བླ་མ་ལ། །བཟོད་མེད་སྙིང་ནས་གསོལ་བ་འདེབས། །བདག་རྒྱུད་དམ་པའི་ཆོས་

p. 152

དང་མཐུན། །འཁྲུལ་མེད་ངོ་བོ་རྟོགས་པར་མཛོད། །ཅེས་བརྒྱ་སྟོང་ཁྲི་འབུམ་སོགས་གྲངས་ཅི་མང་བསགས་ལ་རྒྱང་འབོད་གསོལ་འདེབས་མཐར། བྱིན་རླབས་དབང་བཞི་ལེན་པ་ནི། ངག་ཏུ། འཁོར་གྱི་བཀའ་བརྒྱུད་བླ་མ་ཐམས་ཅད་ཀུན། །སྟེང་ཕྱོགས་ཆོས་སྐུ་རྡོ་རྗེ་འཆང་ལ་འདུས། །དེ་ནས་རྩ་བརྒྱུད་བླ་མ་ཐོ་བརྩེགས་རྣམས། །རིམ་བཞིན་འོད་ཞུ་གཅིག་ལ་གཅིག་ཐིམ་མཐར། །བྱིན་རླབས་ཀུན་འདུས་བླ་མ་ཡབ་ཡུམ་ལ། །ཐིམ་མཐར་བླ་མའི་དཔྲལ་བའི་འོད་ཟེར་ནི། །དཀར་པོས་ལུས་ཀྱི་སྒྲིབ་བསལ་བུམ་དབང་ཐོབ། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་བྱས། །བླ་མའི་མགྲིན་པའི་འོད་དམར་རྩ་རླུང་སྦྱངས། །གསང་བའི་དབང་ཐོབ་ལོངས་སྐུའི་གོ་འཕང་བསྒྲུབས། །ཐུགས་ལས་འོད་མཐིང་འཕྲོས་པས་ཡིད་སྒྲིབ་སྦྱངས། །ཤེས་རབ་དབང་ཐོབ་ཆོས་སྐུའི་གོ་འཕང་བྱས། །སྐུ་དང་ལྟེ་བའི་གནས་ནས་འོད་སྣ་ཚོགས། །འཕྲོས་པས་ཆ་

p. 153

སྙོམས་བག་ཆགས་དྲི་མ་སྦྱངས། །ཚིག་གི་དབང་ཐོབ་ངོ་བོ་ཉིད་ཀྱི་སྐུ། །སྐུ་བཞི་ཡོངས་རྫོགས་ཆེན་པོའི་གོ་འཕང་བྱས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པར། །བདེ་སྟོང་གཉིས་མེད་ངང་དུ་རོ་གཅིག་གྱུར། ། ༈ ཆོས་དྲུག་སྔོན་འགྲོའི་སྐབས། བླ་མ་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱིས། །བདག་ལ་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །ཐུན་མོང་མ་ཡིན་ཤིན་ཏུ་ཟབ་དབང་གིས། །སྟན་ཐོག་འདི་རུ་སྨིན་ཅིང་གྲོལ་བར་མཛོད། །ཅེས་པའིགསོལ་བཏབ་འཁོར་རྣམས་འོད་དུ་ཞུ། །བླ་མའི་སྐུར་ཐིམ་ཡབ་ཡུམ་སྦྱོར་མཚམས་ནས། །བྱང་སེམས་རྒྱུན་བབ་ཚངས་པའི་སྒོ་ནས་ཞུགས། །གཞི་དུས་བུམ་པའི་དབང་ཐོབ་ལུས་སྒྲིབ་དག །ལམ་དུས་བསྐྱེད་པའི་རིམ་པ་བསྒོམ་ལ་དབང་། །འབྲས་དུས་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་གྱུར། །སླར་ཡང་མོས་གུས་དྲག་པོས་བསྐུལ་བའི་མཐུས། །བདེ་བའི་ཉམས་

p. 154

འབར་ཆགས་པའི་སྒྱུ་རྩལ་གྱིས། །རྩ་གསུམ་ལྷ་དང་དཔའ་བོ་མཁའ་འགྲོའི་ཚོགས། །སྤྱན་དྲངས་ཞལ་ཞུགས་བྱང་སེམས་བདུད་རྩིའི་རྒྱུན། །སྦྱོར་མཚམས་ནས་བབ་ཚངས་བུག་རྡོ་རྗེའི་ལྕེར། །བརྒྱུད་དེ་རྩ་གནས་ཀུན་ཁྱབ་བདེ་ཉམས་གཡོས། །གཞི་དུས་གསང་བའི་དབང་ཐོབ་ངག་སྒྲིབ་དག །ལམ་དུས་རླུང་སྔགས་བདག་བྱིན་བརླབ་ལ་དབང་། །འབྲས་དུས་ལོངས་སྐུ་འགྲུབ་པའི་སྐལ་ལྡན་གྱུར། །བླ་མའི་ཡུམ་ལས་ཡུམ་འཕྲོས་མཉམ་པར་སྦྱོར། །འདུ་ཤེས་གསུམ་གྱིས་དགའ་བཞིའི་འགྲོས་སྦྱངས་པས། །གཞི་དུས་ཤེར་དབང་ཐོབ་ཅིང་ཡིད་སྒྲིབ་དག །ལམ་དུས་གཞན་ལུས་བདེ་སྟོང་བསྒོམ་ལ་དབང་། །འབྲས་དུས་ཆོས་སྐུ་ཐོབ་པའི་སྐལ་ལྡན་གྱུར། །དེ་ནས་ལུགས་ལྡོག་འགྲོས་མཐར་བརྗོད་མེད་ཉམས། །མཐའ་བྲལ་སེམས་ཀྱི་དེ་ཉིད་ཕྱག་རྒྱ་ཆེ། །བླ་མའི་ཐུགས་དང་དབྱེར་མེད་ཤུགས་ཀྱིས་འདྲེས། །མ

p. 155

་བཅོས་དེ་ཀར་བཞག་པས་ཆོས་སྐུར་གྲོལ། །གཞི་དུས་ཚིག་གི་དབང་ཐོབ་ཆ་སྙོམ་གྱི། །སྒྲིབ་དག་ལམ་དུས་ཕྱག་ཆེན་བསྒོམ་ལ་དབང་། །འབྲས་དུས་ངོ་བོ་ཉིད་སྐུའི་སྐལ་ལྡན་གྱུར། །མི་ཕྱེད་རྡོ་རྗེའི་བདག་ཉིད་ཧེ་རུ་ཀ །འཕོ་འགྱུར་འདུ་འབྲལ་མེད་པར་རོ་གཅིག་ཤོག །ཅེས་སྣང་གྲག་རྟོག་གསུམ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་ཤེས་པའི་མཉམ་བཞག་དང་ལམ་ཁྱེར་ལ་བསླབ་པར་བྱའོ། །གཏུམ་མོ་འབར་འཛག་གི་དམིགས་པ་བདག་བསྐྱེད་ལ་བརྟེན་ནས་བསྒོམ་ཞིང་བདེ་སྟོང་གི་ཉམས་སྦར་ནས་དམིགས་རིམ་ལ་སྙིང་ཕུར་གཏད་ན་བསྐྱེད་རྫོགས་ཟུང་འཇུག་གི་ལམ་སྦྱོང་བ་ཡང་འདི་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །དེ་ལྟ་བུས་ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པ་ནི་བླ་མ་གོང་མ་རྣམས་ཀྱི་མན་ངག་ཞལ་གསུང་བསླུ་མེད་ཡིན་པས་དེ་ལྟར་ཉམས་སུ་ལེན་པ་ལ་ཐང་ལྷོད་མེད་ཅིང་ཡིད་ཆེས་དང་ལྡན་པས་བསྒྲུབ་ན་དལ་འབྱོར་རིན་པོ་ཆེ་འདི་དོན་དང་ལྡན་པར་འགྱུར་བས་རྗེས་འཇུག་གི་ཚོགས་རྣམས་ཀྱིས་ལྷུར་ལེན་པར་རིགས་སོ། ། ༈ སྨྲས་པ། རྒྱལ་དང་རྒྱལ་བའི་མྱུ་གུས་བཞེད་གཞུང་ལམ། །གྲུབ་པའི་སྤྱི་མེས་གསེར་རིའི་ཕྲེང་བ་ཡི། །ཐུགས་བཅུད་གང་གཱའི་སྙིང་པོ་བཻ་ཌཱུརྱ། །ཐུབ་བསྟན་ལྷུན་པོའི་བ་གམ་སྤོར་སྒྲེངས་པས། །འགྲོ་ཁམས་གཏན་བདེའི་ཕོངས་ལས་ཡོངས་གྲོལ་ཏེ། །ངེས་པ་དོན་གྱི་

p. 156

ལང་ཚོ་རབ་རྒྱས་ཤིང་། །མཁྱེན་གཉིས་ཟེར་གྱི་འོད་གསལ་ཕྱག་རྒྱ་ཆེ། །མངོན་གྱུར་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་ཤོག །སྐྱེས་སྦྱངས་ཡོན་ཏན་བུང་བ་རྩལ་ཞན་ཀྱང་། །དཔལ་ལྡན་འབའ་རོམ་སྲི་ཞུའི་འདབ་གཤོག་རྒྱས། །གྲུབ་མཆོག་པདྨོའི་བདུད་རྩི་རྟག་རོལ་བས། །ཟུང་འཇུག་དོན་གྱི་མགྲིན་གླུ་འབྱིན་འདི་རྨད། །ངེས་དོན་རྟག་ཟའི་ང་རོའི་རྗེས་འགྲོ་བས། །ལོག་སྒྲུབ་རྟོག་གེའི་སྨྲ་བ་སྐྱུངས་གྱུར་ཏེ། །དཔལ་ལྡན་འབའ་རོམ་ལྷུན་པོའི་གངས་ཁྲོད་དུ། །བརྟུལ་ཞུགས་ངེས་པའི་སྒྲ་ཆེན་སྒྲོགས་གྱུར་ཅིག །ཅེས་པ་འདིའང་རྗེ་འབའ་རོམ་པ་ཆེན་པོའི་སྲོལ་འཛིན། ༧དཔལ་ལྡན་སྐྱོ་བྲག་པ་ཆེན་པོའི་བརྒྱུད་པའི་ཕྲེང་འཛིན་དགེ་བཤེས་བླ་མ་དམ་པ་ཀརྨ་ཨ་ཛྙཱ་མ་ལ་མངྒ་ལ་དང་། ཉེ་གནས་ཀརྨ་དཱ་མ་ཀ་དེ་ཝོ་དཱ་ཡ་སོགས་བརྒྱུད་འཛིན་གྱི་སློབ་ཚོགས་རྣམས་ཀྱིས་བསྐུལ་བའི་བཞེད་སྐོང་སླད་དུ། ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེང་གེའམ་དཔལ་ཁྲག་འཐུང་དགའ་བའི་ཡེ་ཤེས་བདེ་ཆེན་འབར་བའི་རྡོ་རྗེ་སྟོབས་ལྡན་བདུད་འདུལ་གླིང་པ་རྩལ་གྱིས་གདན་ས་ཆེན་པོ་སྤྱི་འབྱམས་ཕུན་ཚོགས་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་གྲྭར་ཐུན་མཚམས་རྣམས་སུ་ཤར་མར་སྨྲས་རིམ་བཞིན་ཀརྨ་འདུལ་བ་ལྷ་དར་ནས་ཡི་གེར་བཏབ་པ་འདིས་ཀྱང་ངེས་དོན་སྙིང་པོ་གསང་བ་ཟབ་མོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཏེ་འགྲོ་ཀུན་ཆོས་དབྱིངས་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཤ་སུ་ཛ་ཡ།།

བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་མོས་གུས་སྙིང་གི་གཟེར་འདེབས། འཇམ་མགོན་བློ་གྲོས་མཐའ་ཡས།

p. 157

༈ བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་མོས་གུས་སྙིང་གི་གཟེར་འདེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། བླ་མ་རྒྱང་འབོད་ཀུན་ལ་གྲགས་ཆེའང་། བྱིན་རླབས་བསྐུལ་བའི་གནད་སྐྱོ་ཤས་ངེས་འབྱུང་གིས་བསྐུལ་བའི་མོས་གུས་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་གི་དཀྱིལ། རུས་པའི་གཏིང་ནས་བསྐྱེད། བླ་མ་ལས་ལྷག་པའི་སངས་རྒྱས་གཞན་ན་མེད་པར་ཐག་ཆོད་པའི་ངེས་ཤེས་དང་ལྡན་པས་དབྱངས་རྟ་སྙན་པོས། བླ་མ་མཁྱེན་ནོ། །དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །དུས་གསུམ་སངས་རྒྱས་ཀྱི་ངོ་བོ། །ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས། །འཕགས་ཚོགས་དགེ་འདུན་གྱི་མངའ་བདག །རྩ་བའི་བླ་མ་དེ་མཁྱེན་ནོ། །བྱིན་རླབས་ཐུགས་རྗེ་ཡི་གཏེར་ཆེན། །དངོས་གྲུབ་རྣམ་གཉིས་ཀྱི་འབྱུང་གནས། །ཕྲིན་ལས་ཅི་འདོད་ཀུན་སྩོལ་མཛད། །རྩ་བའི་བླ་མ་ཁྱེད༴ བླ་མ་འོད་དཔག་མེད་པ༴ སྤྲོས་བྲལ་ཆོས་སྐུའི་ཀློང་ནས་གཟིགས་ཤིག །བདག་སོགས་ལས་ངན་འཁོར་བར་འཁྱམས་རྣམས། །བདེ་

p. 158

ཆེན་དག་པའི་ཞིང་དུ་དྲོངས་མཛོད། །བླ་མ་སྤྱན་རས་གཟིགས་དབང་༴ འོད་གསལ་ལོངས་སྐུའི་ཀློང་ནས་གཟིགས༴ རིགས་དྲུག་སྡུག་བསྔལ་རྩད་ནས་ཞི་ཞིང་། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛོད། །བླ་མ་པདྨ་འབྱུང་གནས༴ རྔ་ཡབ་པདྨ་འོད་ནས་གཟིགས༴ སྙིགས་དུས་སྐྱབས་མེད་བོད་འབངས་ཉམ་ཐག །ཐུགས་རྗེས་མྱུར་བ་ཉིད་དུ་སྐྱོབས་མཛོད། །བླ་མ་ཡེ་ཤེས་མཚོ་རྒྱལ༴ མཁའ་སྤྱོད་བདེ་ཆེན་གྲོང་ནས་གཟིགས༴ སྡིག་ལྡན་བདག་སོགས་སྲིད་པའི་མཚོ་ལས། །ཐར་པའི་གྲོང་ཁྱེར་ཆེན་པོར་སྒྲོལ་མཛོད། །བཀའ་གཏེར་བརྒྱུད་པའི་བླ་མ༴ ཟུང་འཇུག་ཡེ་ཤེས་ཀློང་ནས་གཟིགས༴ བདག་རྒྱུད་འཁྲུལ་པའི་མུན་ཁང་བརྟོལ་ནས། །རྟོགས་པའི་ཉི་མ་འཆར་བར་མཛོད་ཅིག །ཀུན་མཁྱེན་དྲི་མེད་འོད་ཟེར༴ ལྷུན་གྲུབ་འོད་ལྔའི་ཀློང་ནས་གཟིགས༴ ཀ་དག་དགོངས་པའི་རྩལ་ཆེན་རྫོགས་ནས། །

p. 159

སྣང་བཞི་མཐའ་རུ་ཕྱིན་པར་མཛོད༴ མཉམ་མེད་ཇོ་བོ་ཡབ་སྲས༴ དགའ་ལྡན་ལྷ་བརྒྱའི་དབུས་ནས་གཟིགས༴ སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི། །བྱང་སེམས་རྒྱུད་ལ་སྐྱེ་བར་མཛོད༴ གྲུབ་མཆོག་མར་མི་དྭགས་གསུམ༴ བདེ་ཆེན་རྡོ་རྗེའི་དབྱིངས་ནས་གཟིགས༴ བདེ་སྟོང་ཕྱག་ཆེན་མཆོག་དངོས་གྲུབ་ཅིང་། །ཆོས་སྐུ་སྙིང་དབུས་སད་པར་མཛོད༴ འཇིག་རྟེན་དབང་ཕྱུག་ཀརྨ་པ་མཁྱེན་ནོ། །མཁའ་ཁྱབ་འགྲོ་འདུལ་དབྱིངས་ནས་གཟིགས༴ ཆོས་ཀུན་བདེན་མེད་སྒྱུ་མར་རྟོགས་ནས། །སྣང་སེམས་སྐུ་གསུམ་འཆར་བར་མཛོད༴ བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད༴ རང་སྣང་དག་པའི་དབྱིངས་ནས་གཟིགས༴ གནས་སྐབས་བཞི་ཡི་འཁྲུལ་པ་སངས་ནས། །ཉམས་རྟོགས་མཐའ་རུ་ཕྱིན་པར་མཛོད༴ རྗེ་བཙུན་གོང་མ་རྣམ་ལྔ༴ འཁོར་འདས་དབྱེར་མེད་ཀློང་ནས་གཟིགས༴ རྣམ་དག་ལྟ་སྒོམ་སྤྱོད་གསུམ་

p. 160

འབྲེལ་བས། །གསང་བའི་ལམ་མཆོག་བགྲོད་པར་མཛོད༴ མཉམ་མེད་ཤངས་པ་བཀའ་བརྒྱུད༴ རྣམ་དག་སངས་རྒྱས་ཞིང་ནས་གཟིགས༴ ཐབས་གྲོལ་ཉམས་ལེན་ཚུལ་བཞིན་འབྱོངས་ནས། །མི་སློབ་ཟུང་འཇུག་བརྙེས་པར་མཛོད༴ གྲུབ་ཆེན་ཐང་སྟོང་རྒྱལ་པོ༴ རྩོལ་མེད་ཐུགས་རྗེའི་ཀློང་ནས་གཟིགས༴ བདེན་མེད་རྟོགས་པའི་བརྟུལ་ཞུགས་གྲུབ་ནས། །རླུང་སེམས་རང་དབང་འདུ་བར་མཛོད༴ ཕ་གཅིག་དམ་པ་སངས་རྒྱས༴ ལས་རབ་གྲུབ་པའི་དབྱིངས་ནས་གཟིགས༴ བརྒྱུད་པའི་བྱིན་རླབས་སྙིང་ལ་ཞུགས་ནས། །རྟེན་འབྲེལ་ཕྱོགས་མེད་འཆར་བར་མཛོད༴ མ་གཅིག་ལབ་ཀྱི་སྒྲོན་མ༴ ཤེས་རབ་ཕར་ཕྱིན་ཀློང་ནས་གཟིགས༴ བདག་འཛིན་སྙེམས་བྱེད་རྩད་ནས་ཆོད་ཅིང་། །བདག་མེད་སྤྲོས་བྲལ་བདེན་མཐོང་མཛོད༴ ཀུན་མཁྱེན་དོལ་པོ་སངས་རྒྱས༴ རྣམ་ཀུན་མཆོག་ལྡན་དབྱིངས་ནས་

p. 161

གཟིགས༴ འཕོ་བའི་དབུགས་རྣམས་དབུ་མར་འགགས་ནས། །འཕོ་བྲལ་རྡོ་རྗེའི་སྐུ་ཐོབ་མཛོད༴ རྗེ་བཙུན་ཏཱ་ར་ནཱ་ཐ༴ རྣམ་གསུམ་ཕོ་ཉའི་དབྱིངས་ནས་གཟིགས༴ རྡོ་རྗེའི་གསང་ལམ་གེགས་མེད་བགྲོད་ནས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་མཛོད༴ འཇམ་དབྱངས་མཁྱེན་བརྩེའི་དབང་པོ༴ མཁྱེན་གཉིས་ཡེ་ཤེས་དབྱིངས་ནས་གཟིགས༴ མི་ཤེས་བློ་ཡི་མུན་པ་སངས་ནས། །མཁྱེན་རབ་སྣང་བ་རྒྱས་པར་མཛོད༴ འོད་གསལ་སྤྲུལ་པའི་རྡོ་རྗེ༴ འཇའ་ཟེར་འོད་ལྔའི་ཀློང་ནས་གཟིགས༴ ཐིག་རླུང་སེམས་ཀྱི་དྲི་མ་དག་ནས། །གཞོན་ནུ་བུམ་སྐུར་བྱང་ཆུབ་མཛོད༴ པདྨ་མདོ་སྔགས་གླིང་པ༴ བདེ་སྟོང་འགྱུར་མེད་ཀློང་ནས་གཟིགས༴ རྒྱལ་དང་རྒྱལ་སྲས་དགོངས་པ་མཐའ་དག །བདག་གིས་ཡོངས་སུ་སྐོང་ནུས་མཛོད༴ ངག་དབང་ཡོན་ཏན་རྒྱ་མཚོ༴ དབྱིངས་ཡེ་ཟུང་འཇུག་ཀློང་ནས་

p. 162

གཟིགས༴ སྣང་བའི་བདེན་འཛིན་ཧྲུལ་གྱིས་ཞིག་ནས། །གང་བྱུང་ལམ་དུ་ཁྱེར་ནུས་མཛོད༴ རྒྱས་སྲས་བློ་གྲོས་མཐའ་ཡས༴ བྱམས་དང་སྙིང་རྗེའི་ངང་ནས་གཟིགས༴ འགྲོ་ཀུན་དྲིན་ཅན་ཕ་མར་ཤེས་ནས། །གཞན་ཕན་སྙིང་ནས་སྒྲུབ་ནུས་མཛོད༴ པདྨ་གར་གྱི་དབང་ཕྱུག༴ བདེ་ཆེན་འོད་གསལ་དབྱིངས་ནས་གཟིགས༴ དུག་ལྔ་ཡེ་ཤེས་ལྔ་རུ་གྲོལ་ནས། །སྤང་ཐོབ་གཉིས་འཛིན་ཞིག་པར་མཛོད༴ བསྟན་གཉིས་གཡུང་དྲུང་གླིང་པ༴ སྲིད་ཞི་མཉམ་ཉིད་དབྱིངས་ནས་གཟིགས༴ མོས་གུས་རྣལ་མ་རྒྱུད་ལ་སྐྱེས་ནས། །རྟོགས་གྲོལ་དུས་མཉམ་ཆེན་པོར་མཛོད༴ འཇམ་དབྱངས་ཆོས་ཀྱི་བློ་གྲོས༴ གྲུབ་མཐའ་རྒྱ་མཚོའི་དབུས་ནས་གཟིགས༴ སྣང་སྲིད་བླ་མའི་དཀྱིལ་འཁོར་རྫོགས་ནས། །དག་པ་རབ་འབྱམས་འཆར་བར་མཛོད༴ དྲིན་ཅན་རྩ་བའི་བླ་མ༴ སྤྱི་གཙུག་བདེ་ཆེན་གནས་ནས་གཟིགས༴ རང་རིག་

p. 163

ཆོས་སྐུའི་རང་ཞལ་མཇལ་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པར་མཛོད༴ ཀྱེ་མ། བདག་འདྲའི་སེམས་ཅན་ལན་ངན་སྡིག་ཏོ་ཅན། །ཐོག་མེད་དུས་ནས་འཁོར་བར་ཡུན་རིང་འཁྱམས། །ད་རུང་སྡུག་བསྔལ་མཐའ་མེད་མྱོང་འགྱུར་བས། །སྐྱོ་ཤས་སྐད་ཅིག་ཙམ་ཡང་མ་སྐྱེས་པས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །དལ་འབྱོར་ཐོབ་ཀྱང་མི་ཚེ་སྟོང་ཟད་མཁན། །དོན་མེད་ཚེ་འདིའི་བྱ་བས་རྟག་ཏུ་གཡེང་། །དོན་ཆེན་ཐར་པ་སྒྲུབ་ལ་ལེ་ལོས་ཁྱེར། །ནོར་བུའི་གླིང་ནས་ལག་སྟོང་ལོག་གྱུར་པས། །བླ་མ་མཁྱེན་ནོ༴ མི་ལུས་དོན་ལྡན་འགྲུབ་པར་བྱིན༴ མ་ཤི་ས་སྟེང་ལུས་པ་གཅིག་ཀྱང་མེད། །ད་ལྟ་གཅིག་རྗེས་གཉིས་མཐུད་ཕ་རོལ་འགྲོ། །རང་ཡང་མྱུར་བ་ཉིད་དུ་འཆི་དགོས་ཀྱང་། །ཡུན་རིང་སྡོད་གྲབས་བྱེད་པའི་སྙིང་རུལ་པོ། །བླ་མ༴

p. 164

ལོང་མེད་བློ་སྣ་ཐུང་བར༴ སྙིང་དུ་སྡུག་པའི་མཛའ་གཤེས་སོ་སོར་འབྲལ། །སེར་སྣས་བསགས་པའི་ནོར་རྫས་གཞན་གྱིས་སྤྱོད། །གཅེས་པའི་ལུས་ཀྱང་ཤུལ་དུ་བོར་ནས་སུ། །རྣམ་ཤེས་བར་དོར་གཏོལ་མེད་འཁོར་བར་འཁྱམས། །བླ་མ༴ ཅིས་ཀྱང་དགོས་མེད་རྟོགས་པར༴ འཇིགས་པའི་མུན་པ་ནག་པོས་སྔོན་ནས་བསུ། །ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། །མི་སྡུག་གཤིན་རྗེའི་ཕོ་ཉས་བརྡེག་ཅིང་བཙོག །བཟོད་དཀའ་ངན་འགྲོའི་སྡུག་བསྔལ་མྱོང་དགོས་ན། །བླ་མ༴ ངན་སོང་གཡང་ལས་ཐར་བར༴ རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས། །གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད། །ཡོན་ཏན་ཅུང་ཟད་མེད་ཀྱང་བཟང་པོར་རློམ། །ཆོས་པའི་མིང་བཏགས་ཆོས་མིན་ཁོ་ནར་སྤྱོད། །བླ་མ༴ རང་འདོད་ང་རྒྱལ་ཞི་བར༴ གཏན་ཕུང་བདག་འཛིན་འགོང་པོ་ཁོང་དུ་བཅུག །བསམ་ཚད་ཐམས་ཅད་ཉོན་

p. 165

མོངས་འཕེལ་བའི་རྒྱུ། །བྱས་ཚད་ཐམས་ཅད་མི་དགེའི་འབྲས་བུ་ཅན། །ཐར་པའི་ལམ་དུ་ཕྱོགས་ཙམ་མ་ཕྱིན་པས། །བླ་མ༴ ངར་འཛིན་རྩད་ནས་ཆོད་པར༴ བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་སྐྱེ། །ཚིག་ངན་ཙམ་ལ་བཟོད་པའི་གོ་ཆ་ཤོར། །ཉམ་ཐག་མཐོང་ཡང་སྙིང་རྗེའི་སེམས་མི་སྐྱེ། །སྦྱིན་ཡུལ་བྱུང་དུས་སེར་སྣའི་མདུད་པས་བཅིང་། །བླ་མ༴ སེམས་རྒྱུད་ཆོས་དང་འདྲེས་པར༴ འཁོར་བ་སྙིང་པོ་མེད་ལ་སྙིང་པོར་བཟུང་། །ལྟོ་གོས་ཕྱིར་དུ་གཏན་འདུན་ལིང་གིས་བོར། །མཁོ་རྒུ་ཚང་ཡང་དགོས་དགོས་ཕྱིར་ཕྱིར་མང་། །མི་བདེན་སྒྱུ་མའི་ཆོས་ཀྱིས་རང་སེམས་བསླུས། །བླ་མ༴ ཚེ་འདི་བློ་ཡིས་ཐོངས་བར༴ ལུས་སེམས་སྡུག་བསྔལ་ཕྲ་མོའང་མི་བཟོད་ཀྱང་། །ངན་འགྲོར་འགྲོ་ལ་མི་འཚེར་སྙིང་རྡོས་ཅན། །རྒྱུ་འབྲས་བསླུ་མེད་མངོན་སུམ་མཐོང་བཞིན་དུ། །དགེ་བ་མི་འགྲུབ་སྡིག་པའི་ཡོ་

p. 166

ལང་འཕེལ། །བླ་མ༴ ལས་ལ་ཡིད་ཆེས་སྐྱེ་བར༴ དགྲ་ལ་སྡང་སེམས་གཉེན་ལ་ཆགས་སེམས་སྐྱེ། །བླང་དོར་གནས་ལ་གཏི་མུག་མུན་ལྟར་འཐོམ། །ཆོས་བཞིན་སྤྱོད་ཚེ་བྱིང་མུག་གཉིད་དབང་ཤོར། །ཆོས་མིན་སྤྱོད་ཚེ་དབང་པོ་གསལ་ཞིང་གྲུང་། །བླ་མ༴ ཉོན་མོངས་དགྲ་བོ་ཆོམ་པར༴ ཕྱི་ནས་བལྟས་ན་ཡང་དག་ཆོས་པའི་གཟུགས། །ནང་དུ་རང་སེམས་ཆོས་དང་མ་འདྲེས་པས། །སྦྲུལ་གདུག་བཞིན་དུ་ཉོན་མོངས་ཁོང་ན་སྦས། །རྐྱེན་དང་འཕྲད་ཚེ་ཆོས་པའི་མཚང་རྟགས་སྟོན། །བླ་མ༴ རང་རྒྱུད་རང་གིས་ཐུལ་བར༴ རང་སྐྱོན་ངན་པ་རང་གིས་མ་རྟོགས་པས། །ཆོས་པའི་གཟུགས་ཀྱིས་ཆོས་མིན་སྣ་ཚོགས་སྤྱོད། །ཉོན་མོངས་མི་དགེའི་ལས་ལ་ཤུགས་ཀྱིས་གོམས། །དགེ་བློ་ཡང་ཡང་བསྐྱེད་ཀྱང་ཡང་ཡང་ཆད། །བླ་མ༴ རང་སྐྱོན་རང་གིས་མཐོང་བར༴ ཞག་རེ་སོང་བཞིན་འཆི་ལ་ཕར་ཕར་ཉེ། །ཉིན་རེ་

p. 167

ལོན་བཞིན་རང་རྒྱུད་ཕྱིར་ཕྱིར་གྱོང་། །བླ་མ་བསྟེན་བཞིན་མོས་གུས་རིམ་གྱིས་འགྲིབ། །མཆེད་ལ་བརྩེ་གདུང་དག་སྣང་ཇེ་ཆུང་སོང་། །བླ་མ༴ རྨུ་རྒོད་རང་རྒྱུད་ཐུལ་བར༴ སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་བྱས་ན་ཡང་། །མོས་གུས་སྙིང་རྗེ་གཏིང་ནས་མ་སྐྱེས་པས། །ཚིག་ཙམ་དབང་གྱུར་ཆོས་སྤྱོད་དགེ་སྦྱོར་རྣམས། །བྱས་ལོ་ཙམ་ལས་རྒྱུད་ཐོག་མ་ཁེལ་བས། །བླ་མ༴ ཅི་བྱས་ཆོས་སུ་འགྲོ་བར༴ བདག་བདེ་འདོད་ལས་སྡུག་བསྔལ་ཐམས་ཅད་འབྱུང་། །གཞན་ཕན་སེམས་ཀྱིས་སངས་རྒྱས་འགྲུབ་གསུངས་ཀྱང་། །སེམས་མཆོག་བསྐྱེད་ཅིང་རང་འདོད་ཕུག་ཏུ་བཅུག །གཞན་ཕན་ལྟ་ཅི་གཞན་གནོད་ཞོར་ལ་སྒྲུབ། །བླ་མ༴ བདག་གཞན་བརྗེ་བར་ནུས་པར༴ སངས་རྒྱས་དངོས་སྣང་བླ་མ་མི་རུ་བཟུང་། །གདམས་ཟབ་སྟོན་པའི་བཀའ་དྲིན་ངང་གིས་བརྗེད། །རང་འདོད་མ་བྱུང་ཚེ་ན་ཡི་

p. 168

ཆད་བསྒོམ། །མཛད་སྤྱོད་རྣམས་ལ་ཐེ་ཚོམ་ལོག་ལྟས་བསྒྲིབས། །བླ་མ༴ མོས་གུས་འགྲིབ་མེད་འཕེལ་བར༴ རང་སེམས་སངས་རྒྱས་ཡིན་ཀྱང་ངོ་མ་ཤེས། །རྣམ་རྟོག་ཆོས་སྐུ་ཡིན་ཀྱང་དོན་མ་རྟོགས། །མ་བཅོས་གཉུག་མ་ཡིན་ཀྱང་སྐྱོང་མ་ནུས། །རབ་བབས་གནས་ལུགས་ཡིན་ཀྱང་ཡིད་མ་ཆེས། །བླ་མ༴ རང་སེམས་རང་སར་གྲོལ་བར༴ ཡོང་ངེས་འཆི་བ་སྙིང་ནས་དྲན་མ་ཐུབ། །ཕན་ངེས་དམ་ཆོས་ཚུལ་བཞིན་སྒྲུབ་མ་ནུས། །བདེན་ངེས་ལས་འབྲས་བླང་དོར་ཚུལ་བཞིན་མེད། །དགོས་ངེས་དྲན་ཤེས་མ་བརྟེན་གཡེང་བས་ཁྱེར། །བླ་མ༴ ཡེངས་མེད་དྲན་པས་ཟིན་པར༴ སྔོན་ལས་ངན་པས་སྙིགས་མའི་དུས་མཐར་སྐྱེས། །སྔར་བྱས་ཐམས་ཅད་སྡུག་བསྔལ་རྒྱུ་རུ་སོང་། །གྲོགས་ངན་རྣམས་ཀྱིས་སྡིག་པའི་གྲིབ་མས་གཡོགས། །དོན་མེད་གླེང་མོས་དགེ་སྦྱོར་གཡེང་བས་ཁྱེར། །བླ་མ༴ ཆོས་ལ་སྙིང་རུས་ནུས་པར༴

p. 169

དང་པོར་བསམ་རྒྱུ་ཆོས་ལས་མེད་པ་ལ། །ཐ་མ་གྲུབ་འབྲས་འཁོར་བ་ངན་སོང་རྒྱུ། །ཐར་པའི་ལོ་ཏོག་མི་དགེའི་སད་ཀྱིས་བཅོམ། །གཏན་འདུན་ཉེས་པའི་རྨུ་རྒོད་བདག་འདྲ་རྣམས། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །དམ་ཆོས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྐྱོ་ཤས་གཏིང་ནས་སྐྱེ་བར༴ ལོང་མེད་བློ་སྣ་ཐུང་བར༴ འཆི་བ་སྙིང་ནས་དྲན་པར༴ ལས་ལ་ཡིད་ཆེས་སྐྱེ་བར༴ ལམ་ལ་བར་ཆད་མེད་པར༴ སྒྲུབ་ལ་བརྩོན་འགྲུས་ནུས་པར༴ རྐྱེན་ངན་ལམ་དུ་ལོང་བར༴ གཉེན་པོ་རང་ཚུགས་ཐུབ་པར༴ བཅོས་མིན་མོས་གུས་སྐྱེ་བར༴ གནས་ལུགས་རང་ཞལ་མཇལ་བར༴ རང་རིག་སྙིང་དབུས་སད་པར༴ འཁྲུལ་སྣང་གཞི་རྩ་ཆོད་པར༴ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །གདུང་བས་འབོད་དོ་དྲིན་ཅན་ཆོས་ཀྱི་རྗེ། །སྐལ་
དམན་བདག་ལ་རེ་ས་ཁྱེད་ལས་མེད། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །ཚུལ་འདི་མོས་ལྡན་དགེ་སྦྱོང་འགའ་ཞིག་གིས་སྔ་སོར་ནས་བསྐུལ་ཡང་རིམ་ལུས་སུ་གྱུར་པ། ཉེ་ཆར་རིགས་ལྡན་ཆོས་མཛད་མ་བསམ་འགྲུབ་སྒྲོན་མ་དང་། དེ་བ་རཀྴི་ཏ་ཟུང་གིས་ནན་བསྐུལ་ངོར་སྙིགས་དུས་བླ་མའི་གཟུགས་བརྙན་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། །

གཏོར་མའི་རྣལ་འབྱོར་ལ་སྔ་དྲོ་བྱ་དགོས་པའི་ཆུ་གཏོར། མཁས་གྲུབ་ཀརྨ་ཆགས་མེད།

p. 170

༈ གཏོར་མའི་རྣལ་འབྱོར་ལ་སྔ་དྲོ་བྱ་དགོས་པའི་ཆུ་གཏོར་ནི། གསར་རྙིང་རང་ལུགས་རྒྱས་བསྡུས་གང་རུང་བྱ་བ་ལས་ཟུར་དུ་སྨོས་མ་དགོས་ཀྱང་། རྒྱས་འབྲིང་རྣམས་མི་འགྲུབ་པས་ཤིན་ཏུ་བསྡུས་པ་ལ་མོས་ན། ཟན་རིལ་འབྲུ་སོགས་ལྡན་པའི་ཆུ་ཐེབ་གསུམ། ཆུ་གཙང་ཁོ་ན་བླུགས་པའི་ཐེབ་གཅིག་བཅས་འདུ་བྱས་ལ། སངས་རྒྱས་ཆོས་དང་སོགས། སྐད་ཅིག་རང་ཉིད་ཤཱཀྱ་ཐུབ། །མཆོག་གི་སྤྲུལ་སྐུའི་རྣམ་པར་གྱུར། །ལག་གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བྱས་ལ། ཨོཾ་སརྦ་ཀ་རི་ཧཱུྃ། རིན་པོ་ཆེ་ལས་གྲུབ་པའི་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་། །ཨོཾ་སརྦ་སིདྡྷི་ཧཱུྃ།

p. 171

བཅུད་ནི་བདུད་རྩིའི་རང་བཞིན་གྱུར། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་པ། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཉེར་གཅིག་གམ་བདུན་སོགས་བརྗོད། བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་ཕྲིན་ལས་སྒྲུབ་པའི་མགྲོན། །རིགས་དྲུག་འགྲོ་བ་བྱམས་དང་སྙིང་རྗེའི་མགྲོན། །གདོན་བགེགས་ཤ་མཁོན་ལན་ཆགས་བུ་ལོན་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་གྱུར་ཅིག །སྦྱིན་པས་ཚིམས་ཤིང་སྒྲིབ་གཉིས་བྱང་གྱུར་ཅིག །དཀོར་སྒྲིབ་ལན་

p. 172

ཆགས་ཐམས་ཅད་བསལ་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་གྱུར་ཅིག ། ༈ ཨོཾ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་སྤྱན་རས་གཟིགས༔ འཕགས་པ་རྡོ་རྗེ་སྙིང་པོ་ལ༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བསྐོར༔ འོག་ཏུ་གདོན་བགེགས་རིགས་དྲུག་དང་༔ ཁྱད་པར་ལན་ཆགས་མགྲོན་ཀུན་གསལ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ བྱུང་བའི་རིན་ཆེན་སྣོད་ཡངས་སུ༔ རང་ལུས་འོད་དུ་ཞུ་བ་ལས༔ གཏོར་མ་བདུད་རྩིའི་རྒྱ་མཚོར་བསམ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས༔ རང་སེམས་ཁ་སཪྤ་ཎིར་གྱུར༔ མཆོད་སྦྱིན་མགྲོན་ཀུན་མཆོད་པར་བསམ༔ སཾ་བྷ་ར་ཡི་སྔགས་ཀྱིས་ཕུལ༔ ཨོཾ། སྡིག་སྒྲིབ་ཐམས་ཅད་འཇོམས་མཛད་པའི༔ འཕགས་པ་རྡོ་རྗེ་སྙིང་པོ་དང་༔ སྐྱབས་གནས་མཆོད་འོས་རྒྱ་མཚོའི་ཚོགས༔ བདག་ལུས་བདུད་རྩིའི་གཏོར་མ་བཞེས༔ བྱིན་གྱིས་རློབས་ཤིག་སྡིག་

p. 173

སྒྲིབ་སྦྱོངས༔ དངོས་གྲུབ་སྩོལ་ཅིག་བར་ཆད་སོལ༔ གདོན་བགེགས་འབྱུང་པོ་རིགས་དྲུག་དང་༔ ཁྱད་པར་ལན་ཆགས་མགྲོན་རྣམས་ཀུན༔ ཟག་མེད་བདུད་རྩི་འདི་གསོལ་ལ༔ ལན་ཆགས་བུ་ལོན་བྱང་བར་མཛོད། །གནོད་འཚེ་གདུག་རྩུབ་ཀུན་ཞི་ཞིང་༔ བྱང་ཆུབ་སེམས་དང་ལྡན་པར་ཤོག༔ མཐར་ནི་མཆོད་སྦྱིན་མགྲོན་དང་རྫས༔ དམིགས་མེད་སྟོང་པའི་ངང་ལ་བཞག༔ འདིས་ནི་ཚོགས་རྫོགས་འཆི་བ་བསླུ༔ སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ༔ དཀོར་སྒྲིབ་ལན་ཆགས་ངན་པ་སྦྱངས༔ དེ་ཕྱིར་རྒྱུན་དུ་བརྩོན་པར་བྱ༔ ཞེས་སོ། །སྔ་མ་དང་གྲོལ་ན་ཛཾ་གཏོར་གྱི་གོང་དུ་བྱའོ༔ ཕྱི་དྲོའི་ཆ་ལ་བྱ་དགོས་པའི་གཏོར་མ་ནི་འོག་ཏུ་འཆད་པར་འགྱུར་ལ༔ སྔ་དྲོའི་ཆར་བསང་བྱ་བར་སྤྲོ་ན། གྲོང་སྔགས་པའི་ལུགས་ཀྱི་འདོན་བྱ་མང་པོ་ནི་རྣལ་འབྱོར་པ་ལ་དགོས་པ་མེད་པས། རིག་འཛིན་སྲོག་སྒྲུབ་ཀྱི་རི་བོ་བསང་མཆོད་ལྟ་བུ་གནད་དོན་དགོས་པ་ཅན་ཉུང་ངུས་ཆོག་ཤེས་པར་བྱའོ། །ཞེས་བསྔོ། ཐེབ་ཆ་གཅིག་ལ་ཛཾ་གཏོར་བསྡུས་པ་ནི། མདུན་དུ་པད་ཟླར་ཛཾ་ལས་ཛཾ་ལྷ་སེར། །ཤིང་འབྲས་ནེའུ་ལེ་

p. 174

བསྣམས་ཤིང་རྒྱན་ལྡན་བཞུགས། །པད་ཉིར་ཧཱུྃ་ལས་ཛཾ་ནག་སྦྲུལ་རྒྱན་ཅན། །བཞེངས་སྟབས་ཕྱག་གཉིས་ཐོད་ཁྲག་ནེའུ་ལེ་བསྣམས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བསྟིམས། །དབང་ལྷས་དབང་བསྐུར་རིགས་བདག་དབུ་བརྒྱན་གྱུར། །རང་གི་ལག་མཐིལ་ཟླ་སྟེང་ཡིག་འབྲུ་ལྔ། །རིགས་ལྔ་ཞུ་བའི་བདུད་རྩིའི་ཆུ་རྒྱུན་གྱིས། །རྨ་དང་མེ་ཡི་ཟུག་རྔུ་ཞི་བར་གྱུར། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཞེས་དང་། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཨོཾ་ཛམླུཾ་སྭཱ་ཧཱ། ཞེས་བརྗོད། ཨརྒྷཾ་སོགས། གནོད་སྦྱིན་ནོར་གྱི་བདག་པོར་ཕྱག་འཚལ་བསྟོད། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཛཾ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཞེས་གནས་དང་རྟེན་ལ་བསྟིམ། ཐེབ་གཅིག་ལ་ཆུ་སྦྱིན་ནི། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་

p. 175

བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་དང་། སམྦྷ་ར་ལན་བདུན་བརྗོད་ལ་སེ་གོལ་གཅིག་གཏོགས། ཟན་འབྲུ་མེད་པའི་ཐེབ་ནང་ཆུ་ཐིགས་རེ་སྦྲེང་། སྔགས་རེ་བརྗོད། གཡོན་པའི་སེ་གོལ་རེ་གཏོགས་པ་ལན་བདུན་ཙམ་བྱས་ལ། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཕྱི་མ་འདི་ནི་ཟས་མ་ཟོས་སྔོན་རོལ་ཁོ་ནར་དགོས་སོ། །སྦྱིན་པ་འདི་ཡི་བསོད་ནམས་གང་། །དེ་དག་ཡི་དྭགས་ཕྱི་བཞིན་སོང་། །ཡི་དྭགས་འཇིག་རྟེན་རབ་འཇིགས་ལས། །དེ་ནི་མྱུར་དུ་ཐར་བར་ཤོག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཨོཾ་ཡེ་དྷརྨཱ་སོགས་དང་། སྦྱིན་པ་རྒྱ་ཆེན༴ བསོད་ནམས་འདི་ཡིས་སོགས་ཀྱིས་བསྔོ་སྨོན་བྱའོ། །རྒྱ་གར་བའི་ཕྱག་ལེན་རྒྱ་གཞུང་གི་ཁུངས་དང་འབྲེལ་བ་ནི་ཆབ་གཏོར་འཇམ་དཔལ་མ་དང་ཤཱཀྱ་ཐུབ་མ་གཉིས་ཡིན་ལ། སྔ་མ་ཅུང་ཟད་བྱ་དཀའ་ཞིང་ཕྱི་མ་འདི་སྟབས་བདེ་

p. 176

བས། ཕྱག་ལེན་སོགས་རྣམ་པར་མ་དག་པའི་འདོན་བྱ་མང་པོ་ལས་འདི་ཙམ་ལག་ལེན་གཙང་དག་བྱུང་ན་ཕན་ཡོན་ཆེ་བ་དང་། ཛཾ་གཏོར་དང་ཆུ་སྦྱིན་ནི་སངས་རྒྱས་ཀྱི་སྤྱོད་པ་བཀའ་རྟགས་ཀྱི་ཕྱག་རྒྱ་ཡིན་པས་རྒྱལ་བའི་རྗེས་འཇུག་ཡིན་ཕྱིན་འདི་ཙམ་ཆགས་སུ་མི་རུང་བ་ཡིན་ནོ། ། ༈ ལན་ཆགས་གཏོར་མ་ནི། རང་ཉིད་སྐད་ཅིག་ཁ་སར་པ་ཎིར་གྱུར། །བྷྲཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །གནོད་པའི་ལན་ཆགས་འབྱུང་པོ་འདིར་ཁུག་ཅིག །ཊཱ་ཀི་ཧཱུྃ་ཛཿ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འཇམ་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །བགེགས་ཆེན་བཞི་དང་སྟོང་ཕྲག་བརྒྱད་ཅུའི་གཤེད། །ནད་བདག་ཡམས་བདག་གོད་འདྲེ་གནོད་བྱེད་ཚོགས། །ལན་ཆགས་བདག་པོ་བདག་མོ་ཐམས་ཅད་
ལ། །ཤ་རིན་ཁྲག་ཚབ་གླུད་གཏོར་འདི་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ གླུད་གཏོར་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ། །ཕྱིན་ཆད་ནམ་ཡང་གནོད་པ་མ་བྱེད་ཅིག །གནོད་བྱེད་བགེགས་རིགས་ལན་ཆགས་བདག་པོ་རྣམས། །སོ་སོ་རང་རང་གནས་སུ་གཤེགས་པར་གྱུར། །སརྦ་བྷཱུ་ཏ་གཙྪ། ཨ་རཱ་གས་སོ།། །།

ཟབ་དོན་རྡོ་རྗེ་མཁའ་འགྲོའི་ལས་ཚོགས་ཆུ་སྦྱིན་གྱི་རིམ་པ་ཚོགས་གཉིས་རབ་འཕེལ་ནམ་མཁའི་མཛོད་ཆེན། སྒྲུབ་དཔོན་ཨོ་རྒྱན་ཐེག་མཆོག

p. 177

༈ ཟབ་དོན་རྡོ་རྗེ་མཁའ་འགྲོའི་ལས་ཚོགས་ཆུ་སྦྱིན་གྱི་རིམ་པ་ཚོགས་གཉིས་རབ་འཕེལ་ནམ་མཁའི་མཛོད་ཆེན་ཞེས་བྱ་བ་བཞུགས་སོ། །བླ་མ་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གང་གི་ཐུགས་རྗེའི་བྱིན་རླབས་བསིལ་ཟེར་གྱིས། །སྒྲིབ་གཉིས་ཚ་གདུང་སེལ་དང་མོས་ལྡན་གྱི། །རེ་འདོད་ཀུན་དཱའི་དགའ་ཚལ་བཞད་མཛད་པའི། །བླ་མ་མཆོག་དང་རྡོ་རྗེ་མཁའ་འགྲོར་འདུད། །དེ་ལས་གཞན་དོན་རླབས་ཆེན་གྱི། །རོལ་མཚོ་ནོར་བུ་དགེ་བ་ལས། །སྙིང་རྗེའི་དེད་དཔོན་བརྩོན་ཞུགས་ཏེ། །དགོས་འདོད་འབྱུང་བ་འདི་ན་སྤེལ། །འདིར་རྡོ་རྗེ་མཁའ་འགྲོའི་ལས་ཚོགས་ལས་བསོད་ནམས་ཚོགས་བསགས་

p. 178

ཀྱི་རིམ་པ་ལས་ཆབ་གཏོར་གྱི་ཆོ་ག་ལག་ལེན་དང་བཅས་པ་གསལ་བར་བཀོད་པ་ལ། སྦྱོར་བ་དངོས་གཞི་རྗེས་གསུམ་ལས། དང་པོ་གང་དུ་བྱ་བའི་གཞི་གནས་གཙང་མར་བྱས་པའི་སར་གཏོར་སྣོད་རིན་པོ་ཆེའི་ཐེབ་བདུན་ནམ་དྲུག་གང་འཛོམས་དང་། ཆུ་འགྲམ་སོགས་ལ་མི་དགོས་ཀྱང་གནས་ཁང་སོགས་ས་དེར། སྣོད་དང་གཏོར་རིལ་ཏིང་ཤག་སོགས་འདུ་བྱས་ལ་སྟན་བདེ་བར་འཁོད་ནས། གཉིས་པ་འདི་ནངས་པར་ཟས་ལ་མ་རེག་པའི་གོང་དུ་ཞོག་ཆུ་གཙང་མ་སྡེར་རམ་ཁྱོར་པ་གང་རུང་གིས་འཛིན་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ན་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ༔ ཡེ་ཤེས་སྐར་མདའི་སྔགས་ཀྱིས་ལན་བདུན་བསྔོ། དེ་ནས་སྐྱབས་སེམས་བྱ་བ་ནི། མདུན་མཁར་བླ་མ་ཐུགས་རྗེ་ཆེན་པོ་ལ་འཁོར་དཀོན་མཆོག་གསུམ་དང་རྩ་གསུམ་རྒྱ་མཚོས་བསྐོར་བ་བཞུགས་པར་གྱུར་པར་མོས། ན་མོ༔ སྐུ་གསུམ་བདག་ཉིད་ཆེན་པོ་བླ་མ་དང་༔ མ་ཆགས་པདྨའི་རིགས་མཆོག་སངས་རྒྱས་དཔལ༔ ཐེག་མཆོག་གསུང་རབ་བྱང་

p. 179

སེམས་འཕགས་པའི་ཚོགས༔ ཀུན་ལ་བདག་གཞན་འགྲོ་རྣམས་སྐྱབས་སུ་མཆི༔ འགྲོ་ཀུན་མ་ལུས་སངས་རྒྱས་སར་འགོད་ཕྱིར༔ དང་པོར་བདག་ཉིད་བླ་མེད་བྱང་ཆུབ་བསྒྲུབ༔ བླ་མ་བདེ་གཤེགས་རྩ་གསུམ་རྒྱ་མཚོ་ལ༔ ཕྱག་འཚལ་མཆོད་འབུལ་མི་དགེའི་སྡིག་ལྟུང་བཤགས༔ མི་འདའ་བཞུགས་གསོལ་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ལ་ཡི་རང་བསོད་ནམས་འགྲོ་ལ་བསྔོ༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ ཁ་སརྤ་ཎི་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཡས་མཆོད་སྦྱིན་དང་༔ གཡོན་པས་སྐྱབས་སྦྱིན་པད་དཀར་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན༔ སེམས་དཔའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ གདོད་ནས་དམ་ཡེ་དབྱེར་མེད་པ༔ མཆོད་སྦྱིན་ལས་ལ་འཇུག་པར་བསམ༔ དེ་ནས་ཆུ་གཙང་ཁོ་ན་བཤམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ལས་སྔགས་བརྗོད། སྭ་བྷཱ་ཝས་

p. 180

སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། དེ་ནས་ཆུ་སྦྲེང་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱ་སྭཱ་ཧཱ། ལན་བདུན་བརྗོད་ལ་སེ་གོལ་གཏོགས། ཨོཾ་ཨ་པྲ་ཏི་སུ་རུ་ཕུ་པ་ཡེ་སྭཱ་ཧཱ། སྔགས་ཀྱིས་ཀྱང་བསྔོས་ལ་བཤལ་ཆུ་བྱ། ཡང་སྔར་བཞིན་བཤམས་ལ་གཏོར་རིལ་བཅས་བསང་སྦྱང་བྱིན་རླབས་བྱས་ནས་དེ་ནས་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཨོཾ། བདེ་གཤེགས་བཞི་ཡི་བྱིན་རླབས་ཡེ་ཤེས་ཆུས༔ འགྱུར་གེགས་ཟས་ལ་མི་དབང་ཀུན་ཚིམ་ནས༔ འདོད་ཡོན་ལྷ་མིའི་ཟས་ལ་སྤྱོད་པར་ཤོག༔ བྱིན་རླབས་རོ་ནུས་ལྡན་པའི་ལྷ་ཟས་ཆུས༔ ཕྱི་ནང་སྒྲིབ་ཅན་ལྟོ་བ་བདེ་བ་དང་༔ ཕྲ་ཉམས་མགྲིན་པའི་ནད་དང་བཀྲེས་པ་སེལ༔ ཟ་འདྲེ་གཤིན་ལྕགས་འཕྲོག་མ་ཡུལ་གདོན་ལ༔ མཁོ་དགུའི་ལོངས་སྤྱོད་ཟག་མེད་མཆོད་སྤྲིན་བསྔོ༔ སྔོན་གྱི་ལན་ཆགས་ད་ལྟའི་ཤ་མཁོན་སོགས༔ བུ་ལོན་འབྲེལ་བ་བཟང་ངན་གང་ཡོད་ལ༔ ཟག་མེད་ཡེ་ཤེས་བདུད་རྩིའི་ཆུ་སྦྱིན་

p. 181

གྱིས༔ བྱམས་པའི་ལན་གསོལ་སྙིང་རྗེའི་དམིགས་མེད་སྦྱིན༔ དགའ་བས་ཤ་མཁོན་མགྲོན་རྣམས་མགུ་བར་སྤྱོད༔ ཨོཾ་བཛྲ་པ་ཎི་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། སྔགས་ལན་བདུན་བརྗོད། ཁྱད་པར་གནོད་སྦྱིན་ཀུན་ཏུ་གཏོགས་འདོད་དང་༔ ཝཱ་ར་ཧི་ཏ་འབྱུང་པོ་བྱེ་བའི་ཚོགས༔ ཀུན་ལ་ཟག་མེད་མཆོད་པ་འདི་འབུལ་ལོ༔ བཞེས་ནས་བུ་ལོན་ལན་ཆགས་བྱང་བ་དང་༔ ཤ་མཁོན་ལས་ངན་འབྲེལ་ཀུན་རྒྱུན་ཆད་ནས༔ བླ་མེད་ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག༔ ཨོཾ་བཛྲ་པ་ཎི་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན་བརྗོད། དེ་ནས་ཁྱད་པར་མགྲོན་བཞིར་ཆུ་གཙང་དཀར་གསུམ་ཟས་ཕུད་བཤམས་ལ། ཨོཾ་བཛྲ་ཨྲྀ་ཏ་སོགས། ཨོཾ་སྭ་བྷཱ་སོགས། དངོས་འཛིན་མཚན་མའི་བག་ཆགས་སྦྱངས༔ སྟོང་ཉིད་ངང་ལས་རིན་ཆེན་སྣོད༔ མཛེས་ཤིང་ཡིད་འོང་རྒྱ་ཆེ་བར༔ གཏོར་རྫས་འབྲུ་གསུམ་ཡི་གེ་

p. 182

ལས༔ འོད་འཕྲོས་ཡེ་ཤེས་བདུད་རྩི་བཀུག༔ ཐིམ་ཞིང་ཞུ་བའི་ཁ་དོག་དང་༔ དྲི་རོ་ནུས་བཅུད་ཕུན་ཚོགས་པ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ མགྲོན་རིགས་མ་ལུས་སྤྱན་དྲངས་ནས༔ ནམ་མཁའ་ས་གཞི་བར་སྣང་ཀུན༔ ཁྱབ་ཅིང་དགྱེས་པར་བཞུགས་སུ་གསོལ༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨཱ་པ་ལ་ཛྙཱ་ན་སརྦ་ལོ་ཀ་པ་ལ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་པདྨ་ཀཱ་མ་ལ་ཡ་སྟྭཾ༔ དངོས་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་གི་རྡུལ་སྙེད་ལུས་སྤྲུལ་ནས༔ དད་མོས་དང་བས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་ཡང་དག་མཆོད༔ སྒོ་གསུམ་མི་དགེའི་སྡིག་ལྟུང་བཤགས༔ བསོད་ནམས་ཀུན་ལ་རྗེས་ཡི་རང་༔ རྒྱལ་དང་དེ་སྲས་མགོན་པོ་རྣམས༔ རྣམ་མཁྱེན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྟ་སརྦ་རཏྣ་

p. 183

པཱུ་ཛ་ཏཱིཙྪ་ཧོ༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་༔ སངས་རྒྱས་བྱང་སེམས་དཀོན་མཆོག་སྲི་ཞུའི་མགྲོན༔ ཆོས་སྐྱོང་དཔལ་མགོན་དྲེགས་པ་སྡེ་བརྒྱད་དང་༔ དཀར་ཕྱོགས་ལྷ་ཀླུ་ཡུལ་ལྷ་གཞི་ཡི་བདག༔ མགོན་པོ་ཡོན་ཏན་མགྲོན་རིགས་བཅས་པ་ལ༔ མཆོད་སྦྱིན་བདུད་རྩིའི་གཏོར་མ་འདི་འབུལ་ལོ༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན། ཚོགས་གཉིས་རབ་རྫོགས་བྱིན་རླབས་དངོས་གྲུབ་སྩོལ༔ རྟེན་འབྲེལ་ཕྱོགས་མེད་ལས་བཞིའི་ཕྲིན་ལས་ཀུན༔ ཐོགས་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཛམ་ལྷ་རིགས་ལྔ་རྣམ་སྲས་རྟ་བདག་བརྒྱད༔ སེམས་མ་ནོར་རྒྱུན་མ་དང་གྲོགས་མོ་བརྒྱད༔ ཀླུ་ཆེན་བརྒྱད་དང་གདེང་ཅན་ནོར་གྱི་བདག༔ ཀུན་ལ་དཀར་གསུམ་མངར་གསུམ་བདུད་རྩི་འབུལ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་སོགས་ལན་བདུན། དབུལ་ཕོངས་

p. 184

རྒུད་སེལ་འབྲུ་ནོར་ལོངས་སྤྱོད་དང་༔ རྐང་འགྲོ་དཀོར་ནོར་ཟས་གོས་རིན་ཆེན་གཏེར༔ འབད་མེད་ཆར་བཞིན་རྟག་ཏུ་འབེབས་པར་མཛོད༔ སརྦ་སིདྡྷི་ཕ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ བདུད་རྩིའི་རྒྱུན་གྱིས་འགྲོ་བ་རིགས་དྲུག་དང་༔ དབང་མེད་བར་དོར་འཁྱམས་པའི་སེམས་ཅན་ཀུན༔ འདོད་ཡོན་ཟག་པ་མེད་པའི་བདེ་བས་ཚིམ༔ ལྷན་སྐྱེས་འདྲེ་གདོན་ཟས་ནོར་ལན་ཆགས་བགེགས༔ ཚེ་སྲོག་ལུས་ཀྱི་ཤ་མཁོན་སྙེག་རྣམས་ལ༔ རང་མཐུན་བདུད་རྩིའི་མཆོད་སྦྱིན་འདི་འབུལ་ལོ༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན། གནོད་སེམས་གདུག་རྩུབ་འཇིགས་སྐྲག་སྡུལ་བསྔལ་ཞི༔ བྱང་ཆུབ་སེམས་སྐྱེས་སྒྲིབ་པའི་རྒྱུ་དང་བྲལ༔ ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ལུས་ཀྱི་ནད་འདྲེ་སེམས་ཀྱི་སྡུག་བསྔལ་ཞི༔ འབྱུང་བ་ལོ་ཟླ་ཞག་དང་ཚེས་ཀྱི་བདག༔ དུས་ཀྱི་དབྱུག་གུ་དྲུག་ཅུ་

p. 185

རྩ་བཞི་དང་༔ ཚེ་སྲོག་འཕྲོག་བྱེད་བདུད་བཞི་བགེགས་ཆེན་བཅུ༔ ཚེ་འཆི་སྲོག་བདག་གཤིན་རྗེ་བྱེ་བའི་དཔུང་༔ མ་ལུས་ཀུན་ལ་ཚེ་སྐྱིན་ལུས་ཀྱི་གླུད༔ སྲོག་དབུགས་མདངས་ཚབ་མཆོད་སྦྱིན་འདི་འབུལ་ལོ༔ ཨོཾ་ཡ་མནྟ་ཐ་ན་གུཾ་ཨ་མྲྀ་ཏེ་སྭཱ་ཧཱ༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན། ཚེ་སྲོག་ལུས་ལ་གནོད་པ་མ་བྱེད་པར༔ ན་བ་གསོས་དང་འཆི་བ་མལ་ནས་སློངས༔ རྐུ་འཕྲོག་སོར་ཆུད་བཅིངས་ཁྲོལ་མནན་པ་ཁྱོགས༔ འཁོན་འགྲས་འགྲམ་འཁྲུགས་ཐུགས་འགལ་བཤགས་ཤིང་སྡོམ༔ གནོད་སེམས་གདུག་རྩུབ་ཞི་ནས་ཕན་སེམས་སྐྱེས༔ ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་མཛོད༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་

p. 186

ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །མ་རྙེད་ཡོངས་སུ་མ་ཚང་བ། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །དབྱངས་གསལ་ཡིག་བརྒྱ་ལན་གསུམ་བརྗོད། ཨོཾ་ཨཱཿཧཱུྃ༔ གཏོར་མགྲོན་ཡེ་ཤེས་ཚོགས་རྣམས་རང་ལ་ཐིམ༔ འཇིག་རྟེན་པ་ཀུན་རང་གནས་བཛྲ་མུ༔ འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་རྣམས་ལ་ཡོངས་རྫོགས་ཤོག །རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །སེམས་ཅན་དབུལ་བ་གཞན་དག་རྣམས། །ཚེ་རིང་ནད་མེད་ལོངས་སྤྱོད་

p. 187

ལྡན། །གཏན་དུ་བདེ་བ་ཐོབ་པར་ཤོག །དེ་ལྟར་ཆུ་ཡི་སྦྱིན་པ་འདིས། །ཆུ་དག་ཀུན་ཀྱང་ཚོགས་རྫོགས་ནས། །ཆུ་སྦྱིན་བྱས་པའི་སེམས་ཅན་རྣམས། །བདེ་བ་ཅན་དུ་སྐྱེ་བར་ཤོག །དེ་ཚེ་ཕྱག་རྒྱ་སེ་གོལ་གཏོགས་ཏིང་ཤག་འཁྲོལ་ལ། སྔོན་མཇུག་གི་བཤལ་ཆུ་སོགས་ཕྱག་ལེན་ལྷག་ཆད་མ་སོང་བ་མཐོང་བརྒྱུད་ལྟར་བྱའོ། །དེ་ལྟར་ཆུ་སྦྱིན་འབུམ་ཐེར་སོགས་ཀྱི་ཚེ་གོང་གི་ཡི་དྭགས་ཆུ་སྦྱིན་ཚན་གཉིས་ཀྱི་སྐབས་ཕྱག་རྡོར་སྔགས་དང་སྦྲེལ་བ་བདུན་ཏེ། དངོས་གཞི་མགྲོན་ཚན་བཞིའི་དངོས་ལ་ཁ་འབར་སྔགས་བདུན་ཚོ་བདུན། དེ་ཕྱིར་མགྲོན་ཚན་གསུམ་ལ་བདུན་གཉིས་རེ་བྱས་པས་ཆོག ཚར་རེ་ལ་བརྒྱ་ལྷག་འགྲོ་བས་གྲངས་འཛིན་ཚུལ་དེ་ལྟར་བྱ། ཞེས་པའང་སྒྲུབ་དཔོན་ཨོ་རྒྱན་ཐེག་མཆོག་ནས་འདི་ལྟར་དགོས་ཞེས་བསྐུལ་ངོར། སྙོམ་ལས་པ་ཀུན་བཟང་རྡོ་རྗེས་བྲིས་པ་འགྲོ་ཀུན་བདེ་དགེའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།

སྤྱི་འབྱམས་གནས་བསྟོད། མཁས་གྲུབ་ཀརྨ་ཆགས་མེད།

p. 188

༈ སྤྱི་འབྱམས་གནས་བསྟོད་ནི། ན་མོ་གུ་རུ་པདྨ་སམྦྷ་ཝ། ཧཱུྃ། གནས་རི་བོ་གར་མཛད་ཨོཾ་གྱི་ཚུལ། །ཨཱཿ སྐྱེ་མེད་ཆོས་སྐུའི་
ཡིག་འབྲུས་བརྒྱན། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །གནས་རྡོ་རྗེའི་བྲག་ལ་འབྲུ་དྲུག་བྱོན། །གསུང་ཡིག་དྲུག་མགོན་པོ་སྤྱན་རས་གཟིགས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ༴ རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན༴ གནས་སྤྱི་འབྱམས་ཨོ་རྒྱན་སྒྲུབ་པའི་ཕུག །གནས་དེ་ན་སྤྲུལ་པ་རྒྱུན་མི་འཆད། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ༴ ཚེ་ཡི་རིག་འཛིན་ཐོབ་པར་བྱིན༴ སྐུ་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །སྐུ་རང་བྱོན་དང་སྐུ་ཚབ་མང་དུ་བཞུགས། །དུས་གསུམ་རྒྱལ་བའི་སྐུ་ལ༴ ལུས་ཀྱི་སྒྲིབ་པ་དག་པར་བྱིན༴ གསུང་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །གསུང་ཡིག་འབྲུ་དང་ཤོག་སེར་དཔག་མེད་བྱོན། །དུས་གསུམ་རྒྱལ་བའི་གསུང་ལ་གསོལ༴ ངག་གི་སྒྲིབ་པ་དག་པར་བྱིན༴ ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་གནས། །

p. 189

ཐུགས་མཆོད་རྟེན་དང་རིང་བསྲེལ་མང་དུ་བཞུགས། །དུས་གསུམ་རྒྱལ་བའི་ཐུགས་ལ༴ སེམས་ཀྱི་སྒྲིབ་པ་དག་པར་བྱིན༴ གནས་དག་པ་མཁའ་སྤྱོད་དང་གཉིས་སུ་མེད། །སྐུ་ཡིག་འབྲུ་དང་ཕྱག་མཚན་བསམ་མི་ཁྱབ། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ༴ མཆོག་གི་དངོས་གྲུབ་ཐོབ་པར་བྱིན༴ གནས་སྒྲུབ་ཕུག་མཁའ་འགྲོའི་ཚོགས་ཁང་ན། །ལྷ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལ༴ རྐྱེན་ངན་བར་ཆད་ཞི་བར་བྱིན༴ གནས་བདག་དང་ཞིང་སྐྱོང་སྲུང་མའི་ཚོགས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །འཇིག་རྟེན་ཀུན་བདེ་ཞིང་སྐྱིད་པ་དང་། །བཀྲ་ཤིས་དང་བདེ་ལེགས་མཛད་དུ་གསོལ། །རིག་འཛིན་མཁའ་འགྲོ་བདེན་པའི་བྱིན་རླབས་ཀྱིས། །དེང་འདིར་གནས་ཀྱི་བཀའ་ཉན་ཚོགས་བཅས་ཀྱིས། །སྔོན་ཚེ་པདྨ་འབྱུང་གནས་
བཀའ་བཞིན་དུ། །རྟག་ཏུ་བསྲུང་ཞིང་སྐྱོབ་པའི་ལས་གྱིས་ཤིག །སྔགས་འཆང་རཱ་ག་ཨ་སྱས་གནས་འབྲེལ་བྱེད་སྐབས་བྲིས་པའོ།། །།

སྤྱི་འབྱམས་བསང་མཆོད་དངོས་གྲུབ་ཆར་འབེབས།

p. 190

༈ སྤྱི་འབྱམས་བསང་མཆོད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ༴ ཨོཾ་སྭ་བྷཱ་ཝ༴ བསང་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ། རྩི་ཤིང་སྣ་ཚོགས་ཀྱི་དུད་པ། ཞལ་ཟས་ཕྱེ་མར་གྱི་འོ་བསྐོལ། གསུར་གྱི་དུད་སྤྲིན་ཆེན་པོ། དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་ཁྱབ་ཅིང་། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། བཟའ་བས་མི་ཟད་པ། བཏུང་བས་མི་ཟད་པ། རྒོལ་བས་མི་སྡིག་པ། རི་རྒྱལ་བས་དཔང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་

p. 191

པ། ཞིང་རྡུལ་བས་གྲངས་མང་བ། ལྷོ་སྤྲིན་བས་རྔམས་འཐུག་པ། ཉི་ཟླ་བས་འོད་གསལ་བ། རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པའི་མཆོད་པ། ནད་པ་གསོ་བའི་སྨན་པ། འཆི་བ་བསླུ་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི༴ ཨོཾ་ཨཱཿཧཱུྃ་ཨོཾ་ཨ་ཀཱ་རོ༴ ཨོཾ་རུ་རུ༴ ཨོཾ་བཛྲ་ཨ་མྲྀ༴ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས་བརྗོད། དུ་བ་འདི་ཡི་ལྷ་མོ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་བདུད་རྩིའི་བུམ་པ་འཛིན་པ། གཡོན་པས་སྨན་གྱིས་གང་བའི་གཞོང་པ་འཛིན་པ། ཞལ་འཛུམ་བག་དང་ལྡན་པ། གཡས་བུམ་པའི་ནང་ནས་བདུད་རྩི་བྱུང་བས། ས་བདག་ཀླུ་གཉན་འགོ་བའི་ལྷ་ལ་སོགས་པ་ལ་ཁྲུས་བྱས། སྡིག་སྒྲིབ་ནད་གདོན་ཐམས་ཅད་ཕྱགས། འབག་བཙོག་ཐམས་ཅད་བདུད་རྩིས་བཀྲུས་ནས་དག་པར་བྱས། གཡོན་པའི་ནང་ནས་སྨན་དཔག་ཏུ་

p. 192

མེད་པ་དྲི་བཟང་ཐུ་ལུ་ལུ་བྱུང་བས། ས་བདག་ཀླུ་གཉན་ཐམས་ཅད་ཀྱི་རྨུགས་པ་སངས་ནས་སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ཏེ། བདག་ལ་ཅི་འདོད་པའི་སྡོང་གྲོགས་བྱེད་པར་གྱུར། གཞན་ཡང་ཕྱེ་མར་ནི་གངས་རི་ལྟར་སྤུངས་པ། ཕྱེ་དུད་ནི་སྤྲིན་ཕུང་ལྟར་གཏིབས་པ། དྲི་ཞིམ་གསུར་དུད་སྣ་ཚོགས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདི་དག་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ཨོཾ་ཨཱཿཧཱུྃ་ལན་གསུམ། ༈ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །སྤྱི་འབྱམས་གནས་ལ་བསང་མཆོད་བྱ། །ཆོས་ཀུན་སྟོང་ཉིད་རྫོགས་པ་ཆེ། །དེ་ཡི་རང་མདངས་དྲན་རྫོགས་སུ། །རང་ཉིད་རྡོ་རྗེ་གྲོ་བོ་ལོད། །སྨུག་ནག་སྤྱན་གསུམ་ཨཾ་གཙིགས་བསྡམས། །ཐོར་ཚུགས་དར་དམར་ཅོད་པན་འཕུར། །ཕོད་ཁ་ཆོས་གོས་མགོ་ཕྲེང་

p. 193

བརྒྱན། །རྡོ་རྗེ་ཕྱར་ཞིང་ཕུར་པ་གཟིར། །སྟག་མོའི་སྟེང་ན་མདོར་སྟབས་བཞུགས། །ཡེ་ནས་དམ་ཡེ་དབྱེར་མེད་པའི། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ཐམས་ཅད་སྤྱན་དྲངས་གྱུར། །༓ སྐུ་གསུམ་དག་པའི་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་སྲུང་ཐམས་ཅད་གཤེགས་སུ་གསོལ། །ནམ་མཁའ་བར་སྣང་ས་གཞི་ལ། །སྤྲིན་ཕུང་གཏིབས་ལྟར་གདན་ལ་བཞུགས། །དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །བསྟོད་དབྱངས་ཡན་ལག་དྲུག་ཅུས་བསྟོད། །དྷཾ་ལས་དུ་བའི་ལྷ་མོ་སྔོ། །མཛེས་སྡུག་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་ཁྲུས་བུམ་ཉམས་སྒྲིབ་བཀྲུ། །གཡོན་པས་སྨན་གྱི་གཞོང་པ་ནས། །སྤོས་ཀྱི་དུད་སྤྲིན་སྟོང་གསུམ་ཁྱབ། །སྤོས་སྤྲིན་འཁྲིགས་པའི་དྲྭ་བ་ཡིས། །སངས་རྒྱས་ཞིང་ཀུན་

p. 194

ཐམས་ཅད་ཁྱབ། །དུ་བའི་ཆ་ཤས་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་རྣམ་ལྔ་ཆར་དུ་འབེབས། །བཛྲ་དྷུ་པེས་བྱིན་བརླབས་ནས། །དེ་འདྲའི་ཡ་མཚན་བསང་མཆོད་འདིས། །སྣང་སྲིད་འཁོར་འདས་སྣོད་བཅུད་ཀུན། །ཀ་དག་གནས་སུ་བྱིན་རླབས་པའི། །དང་པོའི་སངས་རྒྱས་གདོད་མའི་མགོན། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་བསང་། །འོག་མིན་ཆེན་པོའི་གནས་མཆོག་ལྔར། །ངེས་པ་ལྔ་ལྡན་རྟག་ཏུ་བཞུགས། །ཞི་ཁྲོ་རབ་འབྱམས་འཁོར་དང་བཅས། །གངས་ཆེན་མཚོ་རྒྱལ་རིགས་ལྔ་བསང་། །སྔོན་ཚེ་རྫོགས་ཆེན་ཆོས་འཁོར་བསྐོར། །གྲངས་མེད་འགྲོ་བ་བདེ་ལ་བཀོད། །སྐལ་མགོན་དྲུག་ཅུ་རྩ་གཉིས་དང་། །རྫོགས་ཆེན་སྟོན་པ་བཅུ་གཉིས༴ དབང་ཕྱུག་ཡབ་ཡུམ་དམ་ལ་བཏགས། །འཛམ་གླིང་གནས་ཀུན་བྱིན་གྱིས་བརླབས། །འཁོར་ལོ་སྡོམ་པ་ཡབ་དང་ཡུམ། །དྲུག་

p. 195

ཅུ་རྩ་གཉིས་ལྷ་ཚོགས༴ བདུད་པོ་མ་ཊཾ་རུ་དྲ་བཏུལ། །རྒྱ་བོད་གནས་ཀུན་བྱིན་གྱིས་བརླབས། །ཡི་དམ་རྟ་ཕག་ཡབ་ཡུམ༴ སྐུ་ནི་བོད་དུ་མ་ཕེབས་ཀྱང་། །ཞལ་གྱི་འོད་ཟེར་བོད་དུ་སྤྲོས། །བོད་ཡུལ་གནས་ཀུན་བྱིན་གྱིས་བརླབས། །སྟོན་པ་ཤཱཀྱ་ཐུབ་པ༴ པོ་ཊ་ལ་ཡི་རྩེ་མོ་ནས། །སྐུ་ཡི་འོད་ཟེར་བོད་དུ་སྤྲོས། །བོད་ཡུལ་གནས་རྣམས་བྱིན་གྱིས་རླབས། །འཕགས་པ་སྤྱན་རས་གཟིགས་དབང༴ གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་། །ཞབས་ཀྱིས་བཅགས་ཤིང་གཏེར་ཁ་སྦས། །བཀའ་སྲུང་བསྐོས་ཤིང་ལུང་བསྟན་མཛད། །གུ་རུ་པདྨ་འབྱུང་གནས༴ སྤྱི་འབྱམས་ཕུག་ཏུ་སྒྲུབ་པ་མཛད། །སེང་གེ་གནམ་མཆོང་གཏེར་ཁ་སྦས། །སྲིན་པོའི་ཀླད་པས་ཡི་གེ་བྲིས། །ཨོ་རྒྱན་རྗེ་འབངས་ཉེར་ལྔ༴ ཕྱི་ལྟར་བྲག་རི་ཡིག་འབྲུས་བརྒྱན། །ནང་ལྟར་དཀྱིལ་འཁོར་གཞལ་ཡས་ཁང་། །རྩ་གསུམ་ལྷ་ཚོགས་

p. 196

རྟག་ཏུ་བཞུགས། །རྒྱུད་སྡེ་དྲུག་གི་ལྷ་ཚོགས༴ ཕྱི་ལྟར་རིན་ཆེན་བྲག་གི་དབྱིབས། །ནང་ལྟར་མཁའ་འགྲོའི་ཚོགས་ཁང་སྟེ། །གསང་བ་དག་པ་མཁའ་སྤྱོད་གནས། །གནས་གསུམ་དཔའ་བོ་མཁའ་འགྲོ༴ ཕྱི་ལྟར་ཆུ་ཤིང་གྲམ་པའི་ཁྲོད། །ནང་ལྟར་རབ་འཇིགས་དུར་ཁྲོད་གནས། །མ་མགོན་ཆོས་སྐྱོང་ཁྲོམ་དུ་འཚོགས། །བཀའ་སྲུང་དམ་ཅན་རྒྱ་མཚོ༴ གནས་སྒོ་གཏེར་སྒོ་ཀུན་གྱི་བདག །མི་སྔོན་སེང་གེའི་མགོ་བོ་ཅན། །གར་སྟབས་འཁྱུག་ཅིང་རྣལ་འབྱོར་སྐྱོང་། །ཞིང་སྐྱོང་མེ་རླུང་སེང་ཕྲུག༴ ཕྱི་ལྟར་དཀར་སེར་ནག་པའི་མཚོ། །ནང་ལྟར་རིན་ཆེན་ཕོ་བྲང་གསུམ། །གསང་བ་སྐུ་གསུང་ཐུགས་ཀྱི་གནས། །གནས་བདག་རྦ་ནག་དགེ་བསྙེན༴ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་། །འཇིག་རྟེན་འདས་ཀྱང་དྲེགས་པའི་ཚུལ། །ས་བརྒྱད་སེམས་དཔའ་བསྟན་སྲུང་ཆེ། །གནས་བདག་རྦ་ནག་དགེ་བསྙེན༴ སྨྱོ་ཁ་ཐང་ལྷ་

p. 197

མཁར་ནག་དང་། །ཀླུ་བདུད་མགོ་དགུ་ཟླ་བའི་གདོང་། །སྐུ་ལྷ་མཁར་ནག་ཟུ་ར་སྐྱེས། །སྐུ་གཅིག་མཚན་བརྒྱད་ལྡན་པ༴ ངོ་བོ་གཅིག་ལ་གནས་གཞི་བརྒྱད། །གནས་གཞི་བརྒྱད་ལ་སྤྲུལ་པ་བརྒྱད། །ལྷ་ཀླུ་བདུད་སོགས་ཅི་ཡང་བརྫུ། །ཨོ་རྒྱན་བཀའ་ཡི་སྲུང་མ་བསང་། ། ༈ ཨོཾ་ཨཱཿཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་དྲི་མ་བསང་། །ཞིང་པདྨ་འོད་ཀྱི་རྣམ་པར་གྱུར། །ནང་བཅུད་ཀྱི་འགྲོ་བའི་དྲི་མ༴ ལུས་འཇའ་ལུས་རྡོ་རྗེ་ལྟ་བུར་གྱུར། །རྫས་འདོད་དགུའི་ལོངས་སྤྱོད་དྲི་མ༴ ཡིད་བསམ་པ་གང་འདོད་བདུད་རྩིར་གྱུར། །དེ་ཡར་ལ་སྐྱབས་གནས་དཀོན་མཆོག་མཆོད། །སྐྱབས་ཐུགས་རྗེས་འགྲོ་དྲུག་ཡོངས་ལ་ཁྱབ། །དགོས་འདིར་ཚོགས་བསམ་དོན་ཆོས་བཞིན་འགྲུབ། །དཔལ་བཀྲ་ཤིས་ཟླ་རྒྱས་ཡར་གྱི་ངོ་། །གནས་ཁམས་གསུམ་ཡོངས་ལ་ཁྱབ་པར་ཤོག །ཅེས་རྗེ་དབང་ཕྱུག་རྡོ་རྗེས་མཛད་པའོ། །

p. 198

༈ སྡོམ་པ་དམ་ཚིག་ཚུལ་ཁྲིམས་དྲི་བསུང་གིས། །འཆལ་བའི་དྲི་མ་ཐམས་ཅད་བསངས་བྱས་ནས། །འཕགས་པའི་ཚོགས་རྣམས་དགྱེས་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་ཚུལ་ཁྲིམས་དྲི་ངད་ལྡན་གྱུར་ཅིག །དཀར་པོ་དགེ་བཅུ་སྤྱོད་པའི་དྲི་བཟང་གིས། །སྡིག་སྤྱོད་མི་དགེའི་དྲི་མ་བསངས་བྱས་ཏེ། །དཀར་ཕྱོགས་ལྷ་ཀླུ་དགྱེས་པའི་ནུས་པ་ཡིས། །སྣོད་བཅུད་མ་ལུས་བདེ་སྐྱིད་ལྡན་གྱུར་ཅིག །ཡུལ་ལྷ་གཞི་བདག་གནས་པོ་ཐམས་ཅད་ཀྱང་། །ལྷག་བསམ་རྣམ་དག་དྲི་གསུར་འདིས་བསངས་པས། །ཕྲག་དོག་གདུག་རྩུབ་དྲི་ངད་སངས་གྱུར་ཅིག །བྱམས་དང་སྙིང་རྗེའི་དྲི་བཟང་གོས་གྱུར་ཏེ། །གཙང་ཞིང་གཙང་མའི་རྒྱུད་ཚོགས་ལས་བྱུང་བའི། །དགའ་དང་སྤྲོ་བའི་རྩོལ་བས་རབ་སྦྱར་ནས། །བསང་མཆོད་བདུག་སྤོས་ཟས་མཆོག་རྒྱ་ཆེན་པོས། །འདིར་ཚོགས་འབྱུང་པོ་མ་ལུས་ཚིམ་གྱུར་ཅིག །དེ་ཡི་མཐུ་

p. 199

ལས་བདག་ཅག་འཁོར་བཅས་རྣམས། །མི་ནོར་ཕྱུགས་རྣམས་གོད་ཁ་ཡོངས་ལས་གྲོལ། །འབྱོར་པ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས། །བསམ་དོན་ཆོས་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། ། ༈ ༁ྃ༔ གནམ་ཆོས་རྒྱུན་བསང་ནི༔ བྷྲཱུྃཿགྱི་ཡི་གེ་དག་ལས་བྱུང་བ་ཡི༔ རིན་པོ་ཆེ་ཡི་སྣོད་ཀྱི་ནང་དུ་ནི༔ འདོད་པའི་ཡོན་ཏན་ལྔ་ལྡན་བསང་དུད་ཀྱིས༔ འཇིག་རྟེན་ཁྱབ་པ་འདི་དག་འབུལ་བའི་གནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ འབུལ་ལོ་དགྱེས་པར་མཛོད་ལ་མཆོག་ཐུན་གྱི༔ དངོས་གྲུབ་སྩོལ་ལ་བྱིན་གྱིས་བརླབ་ཏུ་གསོལ༔ བརྟན་མ་བཅུ་གཉིས་མགུལ་ལྷ་བཅུ་གསུམ་དང་༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་བསང་༔ ཁྱད་པར་ཡུལ་འདིའི་གཞི་བདག་ཐམས་ཅད་ལ༔ བསང་ཞིང་བརྔན་ནོ་བར་ཆད་ཞི་བར་མཛོད༔ མགར་བ་དམར་ནག་འཁོར་དང་བཅས་པ་ལ༔ བསང་ངོ་གསུར་གྱི་

p. 200

མཆོད་པས་ནད་ཀུན་ཞི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ བདག་ལ་ཁ་འཛིན་མཛོད་ལ་དངོས་གྲུབ་སྩོལ༔ ཕྱྭ་དང་གཡང་གི་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་སོ༔ ཀྱེ། དེ་རིང་དམེ་གྲིབ་ཐམས་ཅད་བསང་། །དེ་རིང་ནད་གྲིབ་ཐམས༴ དེ་རིང་བཙོག་གྲིབ༴ དེ་རིང་མཛེ་གྲིབ་ཐམས་ཅད༴ དེ་རིང་གནོད་གྲིབ་ཐམས་ཅད༴ དེ་རིང་ཉམས་གྲིབ་ཐམས་ཅད༴ དེ་རིང་ཡུག་གྲིབ་ཐམས་ཅད༴ དེ་རིང་གོས་གྲིབ་ཐམས་ཅད༴ དེ་རིང་ཟས་གྲིབ་ཐམས་ཅད༴ དེ་རིང་ཉམས་གྲིབ་སྐྱོན་རྣམས༴ གཤིན་པོའི་རོ་གྲིབ་ཕོག་པ༴ གསོན་པོའི་བང་གྲིབ་ཕོག་པ༴ མི་གཙང་ཉམས་གྲིབ་ཕོག་པ༴ བན་དེའི་བྱད་ཁ་ཕོག་པ༴ བོན་པོའི་ཕུར་ཁ་ཕོག་པ༴ ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པའི་

p. 201

དགྲ་བགེགས་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཀརྨ་པ་དབང་ཕྱུག་རྡོ་རྗེས་མཛད་པའོ། ། ༈ དཔལ་ལྡན་ལྷ་མོའི་བསང་མཆོད་ནི། ཀྱེ། དྲི་ཞིམ་བདུག་སྤོས་སྣ་ཚོགས་དང་། །ཤ་ཆེན་ཚིལ་ཆེན་གུ་གུལ་དང་། །ཤ་ལྔ་བདུད་རྩི་རྣམ་ལྔ་པོ། །བྱིན་གྱིས་བརླབས་པའི་དམ་ཚིག་རྫས། །མཐའ་ཡས་གསུར་དུད་བསང་མཆོད་ཀྱིས། །ལྷ་མིན་ཚར་གཅོད་མཛད་པ་ཡི། །དབང་ཕྱུག་ཨུ་མ་བཤོས་པའི་སྲས། །བསྟན་པ་སྲུང་བའི་དམ་ཚིག་ཅན། །མ་མགོན་ལྕམ་དྲལ་འཁོར་བཅས་བསང་། །བྷྱོ། སྲིད་ཞི་ཀུན་གྱི་དབང་ཕྱུག་མ། །དུད་སོལ་ལྷ་མོ་འཁོར་བཅས་བསང་། །སྨོན་ལམ་གཅིག་པའི་བཀའ་གཉན་མ། །ནམ་གྲུ་རེ་མ་འཁོར་བཅས༴ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས། །འཁོར་དང་བཅས་པ་ཐམས་ཅད༴ གཡས་ན་དགྲ་བགེགས་འགུགས་བྱེད་མ། །དམར་མོ་གསུམ་པོ་འཁོར་

p. 202

བཅས༴ གཡོན་ན་དགྲ་བགེགས་གསོད་བྱེད་མ། །ནག་མོ་གསུམ་པོ་འཁོར་བཅས༴ མདུན་ན་དམར་མོ་རྩ་མུན་ཏྲི། །བྱ་བྱེད་གསུམ་པོ་འཁོར་བཅས༴ ཕྱོགས་མཚམས་སྲུང་བར་བྱེད་པ་ཡི། །ཕྲ་མན་བརྒྱད་པོ་འཁོར་བཅས༴ དུར་བྱའི་གདོང་དང་ཕོ་ཉའི་ཚོགས། །སྒོ་བཞིའི་སྲུང་མ་ཐམས་ཅད༴ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི། །ལྷ་མོ་དཀར་སེར་དམར་ལྗང་སོགས། །ནག་མོ་འབུམ་སྡེ་འཁོར་བཅས༴ དེ་ལྟར་བསང་བའི་ཡོན་ཏན་གྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི། །ལས་རྣམས་འགྲུབ་པའི་སྡོང་གྲོགས་མཛོད། ། ༈ ཛམ་ལྷ་རིགས་ལྔའི་བསང་མཆོད་བཞུགས་སོ། །ཀྱེ། རི་རབ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་སྣ་བདུན་བརྩེགས་པའི་གཞལ་ཡས་ནས། །ཛམ་ལྷ་རིགས་ལྔ་ལྷ་མོ་ནོར་རྒྱུན་མ། །འཁོར་བཅས་འདིར་གཤེགས་བསང་དང་མཆོད་པ་བཞེས། །

p. 203

སྐུ་ཡི་ཛཾ་ལྷ་དཀར་པོ་འབྲུག་ལ་ཆིབས། །མཁའ་འགྲོ་སྡེ་བཞི་འཁོར་དང་བཅས་པ་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །གསུང་གི་ཛཾ་དམར་ཞལ་གསུམ་ཕྱག་དྲུག་པ། །ཀུ་རུ་ཀུལླེ་ཡུམ་དང་བཅས་པ་ལ། །འབྲུ་སྣ་དར་ཟབ་དྲི་བཟང་དུད་པས༴ ཐུགས་ཀྱི་ཛམ་ནག་ཁྲོ་ཞིང་སྒེག་པའི་གཟུགས། །ནོར་ལྷ་མཆེད་བརྒྱད་འཁོར་དང་བཅས་པ་ལ། །དཀར་གསུམ་མངར་གསུམ་བསང་གི་མཆོད་པ་འབུལ། །ཡོན་ཏན་ཛམ་སེར་བཱི་ཛ་ནེའུ་ལེ་འཛིན། །ནོར་ལྷ་ཕོ་དགུ་མོ་དགུ་འཁོར་བཅས་ལ། །འབྲུ་སྣ་ཕྱེ་མར་བསང་གི་དུད་པས༴ ཕྲིན་ལས་ཛཾ་ཁྲ་ཕྱག་ན་ནེའུ་ལེ་འཛིན། །གནོད་སྦྱིན་བྱེ་བ་བདུན་འབུམ་འཁོར་བཅས་ལ། །འབྲུ་སྣ་དར་ཟབ་དྲི་བཟང་དུད་པས༴ ནོར་གྱི་བདག་པོ་ལྷ་མོ་ནོར་རྒྱུན་མ། །གསེར་མདོག་མཆོད་སྦྱིན་འབྲས་ཀྱི་སྙེ་མ་འཛིན། །མཆེད་ལྔ་འཁོར་དང་བཅས་ལ་བསང་

p. 204

མཆོད་འབུལ། །ནོར་ལྷ་ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས། །ལོ་ལེགས་ཕྱུགས་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །གོད་འདྲེ་བསེ་རག་བཟློག་པའི་ཕྲིན་ལས་མཛོད། །ཅེས་རཱ་ག་ཨ་སྱས་བྲིས་པའོ། ། ༈ ཨོཾ་སྭ་སྟི། སྐྱབས་སེམས་སྔོན་དུ་སོང་ནས་བསང་སྦྱང་འདི་ལྟར་བྱ། སྟོང་པའི་ངང་ལས་རིན་ཆེན་སྣོད་མཆོག་ཏུ། །མི་ཟད་ནམ་མཁའི་མཛོད་ལྟར་འབྱམས་ཀླས་པའི། །ཡི་གེ་གསུམ་གྱི་ཡེ་ཤེས་བདུད་རྩིར་གྱུར། །དམ་ཅན་དམར་ནག་རྡོ་རྗེ་གཡུ་སྒྲོན་མ། །བཀྲ་ཤིས་ཚེ་རིང་འཁོར་བཅས་གཡར་དམ་གྱི། །གཉན་པོ་དྲན་ནས་མྱུར་དུ་འདིར་གཤེགས་ཤིག །མཆོད་གཏོར་འདི་བཞེས་དགོན་གནས་འདི་དག་ལ། །སྲུང་སྐྱོབས་སྡོང་གྲོགས་གཉན་པོ་མཛད་པ་དང་། །བླ་མའི་སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས། །དགེ་འདུན་སྡེ་རྒྱས་ཆོས་སྤྱོད་གོང་དུ་འཕེལ། །ལས་བཞིའི་ཡོན་ཏན་ལྷུན་གྱིས་འགྲུབ་པ་དང་། །ཕྱོགས་དུས་ཀུན་ཏུ་

p. 205

ཕུན་སུམ་ཚོགས་པར་མཛོད། །ཅེས་ཆགས་མེད་མཆོག་གི་སྤྲུལ་སྐུའི་དགོངས་བཞེད་བཞིན། ཀརྨ་པ་བདུད་ཚོགས་འདུལ་བའི་རྡོ་རྗེས་འོག་མིན་དཔལ་གྱི་མཚུར་ཕུ་ནས་བྲིས་པ་དགེ། ༈ སྔོན་ཚེ་རྒྱལ་བའི་ཞལ་མཐོང་རྫུ་འཕྲུལ་ཅན། །གངས་ཅན་སྲུང་མ་ཐང་ལྷ་གཉན་པོ་ལ། །རྟག་ཏུ་གུས་པས་མཆོད་ཅིང་བསྟོད་ལགས་ན། །སྲུང་སྐྱོབ་སྡོང་གྲོགས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་ཀརྨ་པས་མཛད་པའོ། །བསྟན་སྲུང་ཆེན་པོ་རྨ་རྒྱལ་སྤོམ་རའི་བསང་མཆོད་ལ་འབྱོར་ན་བསང་གི་ཡོ་བྱད་ཚང་བ་དང་ཡི་དམ་གཞུང་གང་རུང་བསྐྱེད་ལ་འདི་སྐད་དོ། །ཀྱེ། བཀྲ་ཤིས་གཡང་དུ་ཆགས་པའི་ས། །གངས་ཅན་བོད་ཀྱི་ལྟེ་བ་ན། །ལྷ་གནས་སྤྲུལ་གཞི་རྡོ་རྗེ་གདན། །གང་གི་ཤར་ཕྱོགས་སྲུང་མ་ཆེ། །རྨ་རྒྱལ་སྤོམ་ར་འཁོར་བཅས་རྣམས། །དད་པས་འབོད་དོ་མྱུར་བར་བྱོན། །ཁྱོད་ལ་མཆོད་པའི་ཡོ་བྱད་ནི། །དྲི་ཞིམ་སྤོས་སྣ་རིན་ཆེན་ལྔ། །སྨན་དང་འབྲུ་མཆོག་ལྗོན་པས་བསང་། །བདུད་རྩི་སྤྲིན་ཆེན་ལྡན་པ་འདི། །རྡོ་རྗེ་

p. 206

གསུམ་འགལ་དྲི་དག་ནས། །དགྱེས་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཅེས་རྨ་རྒྱལ་སྤོམ་རའི་བསང་འདི་རིག་འཛིན་ཐུགས་ཀྱི་རྡོ་རྗེས་སྤེལ་བའོ། ། ༈ ཀ་ཡེ་གསོན་དང་རྦ་ནག་དགེ་བསྙེན༴ ཞེས་པ་འདི་དཀར་གཏོར་གྱི་མཇུག་ཏུ་སྦྱར་བའོ། །དཀར་གཏོར་ནི། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་འདོན་རུང་སྟེ། རཱ་ག་ཨ་སྱས་གནས་འབྲེལ་མཛད་དུས་གནས་བདག་ལ་བསྟོད་པའོ། ། ༈ བདུད་ཀྱི་སྡེ་དཔོན་མཛད་ཙམ་ན། །མི་ནག་རྟ་ནག་དར་ནག་ཕྱར། །ཆོ་འཕྲུལ་འགྱེད་ཅིང་གཏེར་སྒོ་སྲུང་། །བདུད་པོ་ཟུ་ར་རྭ་སྐྱེས་བསང་། །རྦ་ནག་མཚོ་ལ་གནས་པའི་ཚེ། །མི་སྔོན་ལུས་ནི་རི་ཕྲན་ཙམ། །ཉ་ཡི་མགོ་བོ་གནམ་དུ་འཕྱོ། །གནས་བདག་དགེ་བསྙེན་ཆེན་པོ་བསང་། །ཁྱོད་ཀྱི་འཁོར་དུ་གཏོགས་པ་ཡི། །སྤྱི་འདུ་བྲག་དཀར་ཆབ་བསྟི་དང་། །གདོང་ལ་རེ་ཁྱམ་རྨོག་ཕོར་སོགས། །དཀར་པོ་ལྷ་ཡི་སྡེ་ཚོགས༴ རི་དམར་དགེ་བསྙེན་གཙོ་ཕུ་བྲག །གནམ་རྫོང་གུ་རུ་རི་བཀྲ་དང་། །ཤེལ་ཟོ་དུང་གི་

p. 207

མཆོད་རྟེན་སོགས། །བཙན་དང་གཉན་གྱི་སྡེ་ཚོགས༴ རྒྱམ་རྒྱལ་སྐྱེར་རྩེ་ཤེ་ཁྲོམ་དང་། །མྱེ་མྱག་ལ་སོགས་ཤེ་ཁྲོམ་གསུམ། །བྲག་སེར་སྙིང་དེལ་རི་བཙུན་སོགས། །ཡུལ་ལྷ་གཞི་བདག་ཐམས་ཅད༴ ཨོཾ་ཆུ་ཀླུ་སྨན་དཀར་མོ་དང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །ཡིད་ཀྱི་གཟུགས་ཅན་ཐམས་ཅད༴ གཞན་ཡང་སྤྱི་འབྱམས་སེང་གེ་བྲག །གནས་སྒོ་གཏེར་སྒོ་སྲུང་བ་ཡི། །གཟའ་སོགས་ལྷ་སྲིན་སྡེ་བརྒྱད་ཚོགས། །བཀའ་སྲུང་གཏེར་སྲུང་ཐམས་ཅད༴ དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །ཇ་ཆང་འོ་ཞོའི་སྐྱེམས་ཀྱིས་མཆོད། །འབྲུ་སྣ་སྨན་སྣ་རིན་ཆེན་དང་། །དར་ཚོན་བལ་ཚོན་རྒྱན་ཆ་འབུལ། །བསང་དང་མཆོད་པ་འདི་འབུལ་བས། །མགྲོན་རྣམས་མཉེས་ཤིང་ཚིམ་གྱུར་ཅིག །ཐུགས་དང་འགལ་བ་ཐམས་ཅད་བཤགས། །ཕོག་ཐུག་

p. 208

འགྲམ་འཁྲུགས་ཞི་གྱུར་ཅིག །ལྷ་སྲིན་འཁྲུགས་པ་ཞི་གྱུར་ཅིག །མ་མོའི་འཁྲུགས་པ་ཞི་གྱུར་ཅིག །ཀླུ་ཡི་ནད་རྣམས་ཞི་གྱུར་ཅིག །གྲིབ་དང་རྨུ་གབ་སངས་གྱུར་ཅིག །ཐམས་ཅད་བཀྲག་མདངས་གཟི་བརྗིད་འབར། །མཐུ་རྩལ་ནུས་པ་ལྡན་གྱུར་ཅིག །བདག་དང་ཡོན་བདག་ཁ་འཛིན་མཛོད། ། ༈ ཁ་འཛིན་བར་ཆད་ཀུན་སེལ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསང་གི་ཁ་འཛིན་བྱེད་འདོད་ན། ཀྱེ། སངས་རྒྱས་ཆོས་དང་དགེ་འདུན་མཆོད་བྱས་ནས། །གཞི་ལམ་འབྲས་བུ་ཡོན་ཏན་མཐར་ཕྱིན་ཤོག །བླ་མ་ཡི་དམ་མཁའ་འགྲོ་མཉེས་བྱས་ནས། །དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག །འགྲོ་དྲུག་རིགས་དྲུག་གནས་སུ་མི་འཁྱམས་པའི། །ཐུབ་དྲུག་སངས་རྒྱས་སྟོང་གིས་ཁ་འཛིན་མཛོད། །འཇིགས་པ་བརྒྱད་དང་བཅུ་དྲུག་མི་ལྡང་བར། །འཕགས་པ་རིགས་གསུམ་མགོན་པོས༴ ནད་མུག་མཚོན་གསུམ་

p. 209

གནོད་འཚེ་མི་འབྱུང་བར། །རྒྱུད་སྡེ་བཞི་ཡི་ལྷ་ཡིས༴ དུག་ལྔ་དུག་གསུམ་དགྲ་བགེགས་མི་འབྱུང་བར། །རིགས་ལྔ་སྐུ་གསུམ་ལྷ་ཡིས༴ མི་མཐུན་ཕྱོགས་ཀུན་ཞི་བར་བྱ་བའི་ཕྱིར། རྡོ་རྗེ་རིགས་ཀྱི་ལྷ་ཡིས༴ འབྱོར་དྲུག་མཐུན་རྐྱེན་མ་ལུས་རྒྱས་པའི་ཕྱིར། །རིན་ཆེན་རིགས་ཀྱི་ལྷ་ཡིས༴ མོས་པ་རྣམ་བཞི་ཁམས་གསུམ་དབང་སྡུད་ཕྱིར། །པདྨ་རིགས་ཀྱི་ལྷ་ཡིས༴ དགྲ་བགེགས་མ་རུང་ལོག་འདྲེན་བསྒྲལ་བའི་ཕྱིར། །ཀརྨ་རིགས་ཀྱི་ལྷ་ཡིས༴ ལས་བཞི་ལྷུན་གྲུབ་བསམ་པ་ཀུན་འགྲུབ་ཕྱིར། །དེ་བཞིན་རིགས་ཀྱི་ལྷ་ཡིས༴ རྣལ་འབྱོར་ཚེ་གཅིག་སངས་རྒྱས་ཐོབ་པའི་ཕྱིར། །ཞི་ཁྲོ་རབ་འབྱམས་རྣམས་ཀྱིས༴ རྒྱལ་བསྟན་སྲུང་ཞིང་བསྟན་དགྲ་བསྒྲལ་བའི་ཕྱིར། །ཆོས་སྐྱོང་ཕོ་མོ་རྣམས་ཀྱིས༴ དཀོར་ནོར་ལོངས་སྤྱོད་འཕེལ་རྒྱས་བརྟན་པའི་ཕྱིར། །ནོར་ལྷ་གཏེར་བདག་རྣམས་ཀྱིས༴ གཞི་བྱེས་ལམ་

p. 210

གསུམ་འགྲོ་འདུག་གར་བྱེད་ཀྱང་། །ཕྱི་རྒྱུད་གཞི་བདག་རྣམས་ཀྱིས་ཁ་འཛིན་མཛོད། །བཀྲ་ཤིས་དཔལ་འབར་གཏན་བདེ་མྱུར་ཐོབ་ཤོག །རོལ་པའི་རྡོ་རྗེས་སོ། ། ༈ དེ་ནས་ལམ་ལྷ་བྱ་བ་ནི། ཀྱེ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །ཡུལ་ལྷ་གཞི་བདག་ཚོགས་བཅས་ལ། །ཞི་བ་བསང་གི་མཆོད་པ་འབུལ། །ཁྱེད་རྣམས་ཡེ་ཤེས་སྤྱན་དང་ལྡན། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན། །བསླུ་མེད་སྩོལ་བའི་ལམ་ལྷ་ཡིན། །ལམ་ལྷ་མཛོད་ལ་འགལ་རྐྱེན་སོལ། །ཀུན་ཏུ་དགེ་བའི་སྡོང་གྲོགས་མཛོད། །ཀྱེ། ལམ་ལྷ་གཉན་པོ་ཁྱེད་རྣམས་ལ། །དྲི་ཞིམ་བསང་མཆོད་བདུད་རྩི་འབུལ། །བདག་ཅག་ས་ཕྱོགས་གར་འགྲོ་ཡང་། །ལ་ཆུ་འཕྲང་གསུམ་དག་ལས་སྒྲོལ། །འཇིགས་པའི་དགྲ་ཇག་ཆོམ་རྐུན་སྐྱོབ། །མྱ་ངན་ལམ་གོལ་ལམ་ལོག་ཏུ། །

p. 211

སྐད་ཅིག་ཙམ་ཡང་མི་འཁྱམས་ཤིང་། །བདེ་ལྡན་བདེ་བའི་ལམ་བགྲོད་ནས། །ཉམ་ངའི་བར་ཆད་གཡུལ་ལས་རྒྱལ། །གནས་གྲོགས་ལོངས་སྤྱོད་ཕུན་སུམ་ཚོགས། །མཐུན་རྐྱེན་བཀྲ་ཤིས་འདོད་དོན་ཀུན། །བདེ་བླག་ཉིད་དུ་འགྲུབ་པར་མཛོད། །ཅེས་སོ། ། ༈ ཧྲཱིཿ དགེ་མཚན་རླུང་རྟ་སྙན་པའི་བ་དན་ཆེ། །འདོད་དགུ་ཀུན་འབྱུང་མཆོད་པའི་སྤྲིན་ཕུང་འདི། །གེ་སར་སྐྱེས་བུ་འཁོར་དང་བཅས་ལ་འབུལ། །བསམ་དོན་ཀུན་འགྲུབ་ཕྱོགས་ལས་རྣམ་རྒྱལ་མཛོད། །ཧཱུྃ། འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང་། །རང་དང་ཕ་མེས་སློབ་དཔོན་བརྒྱུད་བཅས་ཀྱི། །འགོ་བའི་ལྷ་མགོན་གཉན་པོ་མ་ལུས་པ། །གསོལ་ལོ་མཆོད་དོ་མགོན་སྐྱབས་སྡོང་གྲོགས་མཛོད། ། ༈ ཨོཾ་ཨཱཿཧཱུྃ། བླ་མར་བརྒྱུད་པ་འཁོར་དང་བཅས། །ཡི་དམ་ལྷ་ཚོགས་འཁོར༴ དཔའ་བོ་མཁའ་འགྲོ༴ ཆོས་སྐྱོང་སྲུང་མ༴ ནོར་ལྷ་གཏེར་བདག༴

p. 212

ཡུལ་ལྷ་གཞི་བདག་འཁོར་བཅས་རྣམས། །བསང་རབ་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་ནོར་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ། ༈ དེ་ནས་ཁུ་ཡེ་བྱ་བ་ནི། ཀྱེ། རིག་འཛིན་བརྒྱུད་པའི་བྱིན་རླབས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡི་དམ་

p. 213

ཞི་ཁྲོའི་དངོས་གྲུབ་དེ། །ཁུ་ཡེ༴ གནས་གསུམ་མཁའ་འགྲོའི་རྟེན་འབྲེལ་དེ། །ཁུ་ཡེ༴ ཡེ་ཤེས་འཇིག་རྟེན་སྲུང་མ་ཡི། །འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ༴ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ༴ བང་མཛོད་འབྲུ་ཡི་ནས་གཡང་དེ། །ཁུ་ཡེ༴ རྨ་གཡང་ཟས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཀྱེ། ཕྱྭ་སྐོར་དེ་ནི་ཀྱི་ལི་ལི། །ཕྱྭ་ཆགས་གཡང་ཆགས་རྒ་ར་ར། །ཕྱྭ་དེ་རི་ལ་མ་བྲོས་ཤིག །གཡང་དེ་སྒོ་ལ་མ་ཉམས་ཤིག །ཁུ་ཡེ་ཕུད་ཀྱིས་དགྲ་བླ་མཆོད། །བཀྲ་ཤིས་དཔལ་འབར་གཏན་བདེ་མྱུར་ཐོབ་ཤོག །༈ གསུར་བསྔོ་ཤིན་ཏུ་བསྡུས་པ་ནི། སྐྱབས་སེམས་སྔོན་དུ་སོང་ནས། འབག་བཙོག་ལ་སོགས་ཉེས་པ་བཤགས། །སྟོང་པར་གྱུར་པ་དེ་ཡི་ངང་། །བྷྲཱུྃ་ལས་གསུར་སྣོད་རྒྱ་ཆེའི་ནང་། །འདོད་ཡོན་ལྔ་ལྡན་རང་བཞིན་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨ་པྲ་ཏི་སུ་རུ་ཕུད་པ་ཡེ་སྭཱ་ཧཱ། ལན་བདུན། འདོད་ཡོན་ལྔ་

p. 214

ལྡན་གསུར་མཆོད་འདི། །དྲི་ཟའི་རྒྱལ་པོ་རབ་ཏུ་དགའ། །མི་འམ་ཅི་ཡི་རྒྱལ་པོ་དང་། །ཟུར་ཕུད་ལྔ་སོགས་དྲི་ཟ་ཀུན། །ཁྱད་པར་སྐྱེ་འགྲོ་ཇི་སྙེད་པ། །སྔ་ལུས་བོར་ཞིང་ཕྱི་མའི་ལུས། །མ་ཐོབ་སྲིད་པ་བར་མ་དོར། །གནས་པའི་ཉམ་ཐག་ཚོགས་རྣམས་ལ། །འདོད་ཡོན་ཕུན་ཚོགས་ཐོབ་གྱུར་ཅིག །བར་དོ་ཡིན་པར་ངོ་ཤེས་ནས། །འཇིགས་སྐྲག་སྡུག་བསྔལ་ལས་གྲོལ་ཏེ། །རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར། །མངོན་པར་མྱུར་དུ་འཚང་རྒྱ་ཤོག །དེ་མ་ཐོབ་ཀྱང་མི་ཁོམ་གནས། །སྤངས་ཏེ་མཐོ་རིས་ལུས་ཐོབ་སྟེ། །དམ་པའི་ཆོས་ལ་སྤྱོད་པར་ཤོག །ཅེས་པ་གྲུབ་ཆེན་ངོར་བྲིས་པ་དགེ །མགྲོན་རྣམས་རང་རང་གནས་སུ་གཤེགས། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དགེ་བས་བདག་སོགས་སེམས་ཅན་རྣམས། །པད་འབྱུང་ཉིད་དང་དབྱེར་མེདཤོག །རང་ཉིད་གྲོ་ལོད་ཧཱུྃ་ལ་ཐིམ། །གྱེན་རྫོགས་ཡལ་ནས་སྟོང་པ་
ཉིད། །རང་ཉིད་ཆོས་སྐུ་རྗེན་པར་བུད། །ཅེས་པ་རཱ་ག་ཨ་སྱས་གནས་འབྲེལ་མཛད་དུས་སྦྱར་རོ། །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བ་འདི་དག་རང་བྱུང་སངས་རྒྱས་ཤོག །སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་འགྲོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །རྩ་གསུམ་རབ་འབྱམས་དགྱེས་པའི་ཆར་ཆེན་པོས། །འགྲོ་བའི་སྡུག་བསྔལ་མཐའ་དག་རབ་ཞི་ནས། །བདེ་སྐྱིད་རྫོགས་ལྡན་གཞོན་ནུའི་ལང་ཚོ་ལྟར། །དྭགས་བརྒྱུད་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །

གནམ་ཆོས་དཀར་གཏོར། སྤྲུལ་སྐུ་མི་འགྱུར་རྡོ་རྗེ།

p. 215

༈ གནམ་ཆོས་དཀར་གཏོར་བཞུགས། ༁ྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནི༔ ཨ་ཀཱ་རོ་སོགས། ཧཱུྃ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ཚིག་ལ་ནི་བཞག་པ་ཡི༔ དཔལ་ཆེན་མགོན་པོ་བདུན་ཅུ་རྩ་གཉིས་དང་༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་དང་༔ དགེ་བསྙེན་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ སྔགས་བདག་དྲེགས་ཆེན་

p. 216

བཅོ་བརྒྱད་འཁོར་དང་བཅས༔ ཡུལ་ཆེན་ཉི་ཤུ་རྩ་བཞིའི་ཞིང་སྐྱོང་དང་༔ གནས་ཀྱི་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔ གངས་ཅན་བོད་ཀྱི་བརྟན་མ་བཅུ་གཉིས་དང་༔ སྐྱོང་མ་དང་ནི་ཡ་མ་བཅུ་གཉིས་དང་༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་དང་༔ ཆོས་རྒྱལ་རྗེ་ཡི་མགུལ་ལྷ་བཅུ་གསུམ་དང་༔ སྲིད་པ་འདི་ཉིད་ཆགས་པའི་ལྷ་དགུ་དང་༔ སྐྱོབ་པར་བྱེད་པའི་ལྷ་ལྔ་བརྟེན་པའི་ལྷ༔ ཁྱད་པར་ཡུལ་ཕྱོགས་འདི་རུ་གནས་པ་ཡི༔ ཕ་རི་ཚུར་རི་གཡས་རི་གཡོན་རི་དང་༔ མདུན་རི་རྒྱབ་རི་མཚེར་ས་སྦྲ་ཁང་སོགས༔ གནས་པའི་ས་བདག་ཀླུ་གཉེན་གཞི་བདག་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔ མཐུན་རྐྱེན་རོགས་དན་སྒྲུབས་ལ་འགལ་རྐྱེན་སོལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་བསྒྲུབ་པར་
མཛོད༔ ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་ཨོ་རྒྱན་གྱིས་གསུངས་སོ༔

འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ལས་ཚོགས་ལས་རྒྱུན་གྱི་བསང་མཆོད་མགྲོན་རིགས་དགྱེས་པའི་དགའ་སྟོན།

p. 217

༈ འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ལས་ཚོགས་ལས་རྒྱུན་གྱི་བསང་མཆོད་མགྲོན་རིགས་དགྱེས་པའི་དགའ་སྟོན་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡེ། རང་གཞན་གྱི་དོན་གཉིས་ལྷུར་ལེན་པའི་གང་ཟག་གིས་སྔ་དྲོའི་ཆ་ལ་གཙང་སྦྲ་དང་ལྡན་པས། འཁན་ཤུག །འོམ་བུ། བལ་ལུ་སོགས་དྲི་བཟང་པོའི་ཤིང་རྩི། ཚིལ་ཞག་མར་སོགས་ཀྱི་རིགས་མ་འདྲེས་པའི་བཟའ་བཏུང་སྣ་ཚོགས་ལ་མྱོང་གྲོལ་བསྲེག་ཅིང་། གཙང་མའི་ཆབ་ཀྱིས་བྲན་ལ། དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་ལ། །བདག་གཞན་སྒོ་གསུམ་གུས་པས་སྐྱབས་སུ་མཆི། །མཁའ་ཁྱབ་སེམས་ཅན་སངས་རྒྱས་སར་འགོད་ཕྱིར། །སྒོ་གསུམ་དགེ་ལ་བསྐུལ་ཞིང་བྱང་ཆུབ་བསྒྲུབ། །ལན་གསུམ། ཧྲཱིཿ འཁོར་འདས་ཆོས་ཀུན་རང་སེམས་གདོད་མའི་གཤིས། །ལྷུན་གྲུབ་རང་

p. 218

གདངས་ཅིར་ཡང་སྣང་བའི་ཆ། །འཇའ་ཟེར་ཐིག་ལེའི་དྲྭ་བ་འཁྲིགས་པའི་དབུས། །པད་དཀར་ཟླ་རྒྱས་བརྩེགས་པའི་གདན་སྟེང་དུ། །རང་ཉིད་སྐད་ཅིག་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་ཞི་འཛུམ་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན། །ལོངས་སྐུའི་ཆས་དང་སྙིང་རྗེ་ཆེན་པོའི་བརྡར། །རི་དྭགས་པགས་པས་ཕྲག་གཡོན་མཛེས་པར་བཀླུབས། །མཚན་དཔེའི་ཆ་རྫོགས་ཕྱེད་སྐྱིལ་སྟབས་ཀྱིས་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་ལྷུན་རྫོགས་ཀྱི། །ཐུགས་ཀའི་པད་ཟླར་ཧྲཱིཿམཐར་སྔགས་ཕྲེང་འཁོར། །འོད་འཕྲོས་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅི་ནུས་མཐར། རྃ་ཡྃ་ཁྃ་གིས་མ་དག་དངོས་ཀུན་སྦྱང་། །སྟོང་པའི་ངང་ལས་བཛྲ་དྷུ་པེ་མ། །སྔོ་སངས་མཛེས་སྡུག་དར་དང་རིན་ཆེན་བརྒྱན། །

p. 219

གར་སྟབས་དང་བཅས་ཕྱག་གཡས་ཁྲུས་བུམ་ལས། བདུད་རྩིའི་ཆར་བབས་མི་གཙང་མནོལ་འཐིབ་བཀྲུས། །གཡོན་པས་སྤོས་ཕོར་དུད་སྤྲིན་འཁྲིགས་པ་ལས། །འཁོར་འདས་མགྲོན་རིགས་དགྱེས་པའི་མཆོད་སྤྲིན་སྤྲོས། །ཟག་མེད་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར། །ཨོཾ་བཛྲ་སྥ་ར་ན་ཁཾ། དེ་ནས་བསང་གཞུང་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ཐབ་ཆོག །ཀྱེ༔ སྲིད་པ་འབྱུང་བ་རིམ་བརྩེགས་ཀློང་༔ རི་རབ་མཆོག་གི་ཁ་ཁྱེར་སྟེང་༔ དཔག་བསམ་རྐང་འཐུང་ཤིང་གི་མཆོག༔ དཱེ་ཝ་དྷ་རུ་སྤོས་ཀྱི་ཤིང་༔ རི་བོ་ཆེན་པོ་བདུན་གྱི་ངོགས༔ ཙན་དན་ཨ་གར་མྱ་ངན་མེད༔ གསེར་ལོ་བལ་ཤུག་བུ་རམ་ཤིང་༔ ཐང་ལོ་བྲ་མ་ཉ་བྲིད་སྤེན༔ ལྷ་ཀླུ་མི་མིན་དགའ་བའི་ཤིང་༔ ག་པུར་གུར་གུམ་སྨན་སྤོས་རིགས༔ སྨན་ཤིང་སྤོས་མཆོག་བསྲེག་པའི་མེ༔ འབྲུ་རིགས་ཟས་སྣ་ཟག་མེད་ཀྱི༔ མྱོང་གྲོལ་བདུད་རྩི་

p. 220

ཡོངས་སྦྱར་ནས༔ དུད་པ་བར་སྣང་སྤྲིན་ལྟར་གཏིབ༔ དྲི་མཆོག་ངད་པ་རླུང་བཞིན་གཡོ༔ འདོད་ཡོན་ཡིད་སྤྲུལ་རྡུལ་ལྟར་འཚུབ༔ ཡོ་བྱད་སྤྱན་གཟིགས་འཇའ་ལྟར་བྲེས༔ དཀོར་ནོར་སྲིད་ན་ཡོད་དགུ་ཚོགས༔ དེ་ལྟར་བསང་གི་མཆོད་པ་འདིས༔ མཆོད་འོས་མགྲོན་རིགས་སྤྱན་དྲངས་གྱུར༔ སརྦ་ཛྙཱ་ན་ལོ་ཀ་བཛྲ་ས་མཱ་ཛ༔ ཀྱེ༔ ཡེ་ཤེས་བསང་གི་མཆོད་སྤྲིན་འདིས༔ སྐུ་གསུམ་རྩ་བརྒྱུད་བླ་མ་བསང་༔ ཕྱི་དང་ནང་དང་གསང་བ་ཡི༔ ཡི་དམ་ལྷ་ཚོགས་ཐམས་ཅད་བསང་༔ གནས་ཡུལ་དུར་ཁྲོད་སྐྱོང་མཛད་པའི༔ མཁའ་འགྲོ་ཆོས་སྲུང་རྒྱ་མཚོ་བསང་༔ སྲིད་གསུམ་འདི་ན་མཐུ་ཆེ་བ༔ དཔལ་མགོན་དྲེགས་ཆེན་སྡེ་བརྒྱད་བསང་༔ མ་རྟོགས་འཁྲུལ་གྱུར་ཕ་མའི་ཚོགས༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་བསང་༔ ལྷ་ཡང་མ་ཡིན་ལོངས་སྤྱོད་ཆུང་༔ མི་ཡང་མ་ཡིན་དཔལ་དང་ལྡན༔

p. 221

འཐབ་མཁོན་བྱེད་པའི་ལྷ་མིན་འགྲོ༔ རྐྱེན་གྱིས་ལྷ་ཡང་སྡུག་བསྔལ་བྱེད༔ མི་རྣམས་གཟའ་སྐར་ཟེར་གྱིས་འདེབས༔ ཀླུ་ལ་བྱེ་ཚན་ཆར་སོགས་བསྙིལ༔ ནང་འཐབ་མཆི་མ་རྫིང་བུར་འཁྱིལ༔ འཐབ་མཁོན་ཕྲག་དོག་དུག་ཟེར་གྱིས༔ ཕྱི་སྣོད་འབྱུང་བ་ཉམས་པ་དང་༔ ནང་བཅུད་སྐྱེ་འགྲོ་རྒུད་པར་འགྱུར༔ ལས་ཀྱི་རྣམ་སྨིན་ངན་སོང་རྒྱུ༔ འཕགས་རྣམས་ཐུགས་རྗེས་དེ་བསལ་ཕྱིར༔ འབྱུང་བའི་ལོངས་སྤྱོད་ལ་བརྟེན་ནས༔ ཞི་བྱེད་བསམ་གཏན་ཆོ་ག་མཛད༔ འགྲན་སེམས་ཕྲག་དོག་གཡོ་བའི་དུག༔ འོད་གསལ་ཏིང་འཛིན་སྟོབས་ཀྱིས་བསང་༔ ལྷ་མིན་སྡུག་བསྔལ་བྲལ་ནས་ཀྱང་༔ ལས་དང་སྒྲིབ་པ་བྱང་གྱུར་ཅིག༔ ང་རྒྱལ་རྣམ་གཡེང་མགོ་བསྐོར་བདུད༔ རྟུལ་ཕོད་བརྩོན་འགྲུས་ཤུགས་ཀྱིས་བསང་༔ ལྷ་ཡི་སྒྲིབ་པ་བྱང་བར་གྱུར༔ སྐྱེ་རྒ་ན་འཆི་བྲེལ་ཕོངས་རྒྱུན༔ བསླབ་

p. 222

གསུམ་ཚུལ་ཁྲིམས་དྲི་ཡིས་བསང་༔ མི་ཡི་སྒྲིབ་པ་བྱང་གྱུར་ཅིག༔ གཏི་མུག་རྨོངས་པར་འཐུམ་བྱེད་སྨག༔ རང་རིག་ཤེས་རབ་སྒྲོན་མེས་བསང་༔ དུད་འགྲོའི་ལས་སྒྲིབ་བྱང་བར་ཤོག༔ རློམ་སེམས་སེར་སྣས་བཅིང་བའི་ཞག༔ གཏོང་བ་དམིགས་མེད་ཐབས་ཀྱིས་བསང་༔ ཡི་དྭགས་ལས་ངན་བྱང་གྱུར་ཅིག༔ ཞེ་སྡང་མཁོན་འཛིན་གནོད་སེམས་མེ༔ བཟོད་མཆོག་བྱང་ཆུབ་སེམས་ཀྱིས་བསང་༔ དམྱལ་བའི་སྡུག་བསྔལ་ཞི་བར་ཤོག༔ བྱམས་དང་སྙིང་རྗེའི་ཕན་སེམས་ཀྱིས༔ ལུས་མེད་དགའ་བའི་བསང་མཆོད་འདིས༔ ལུས་ཅན་འགྲོ་ཀུན་བདེ་གྱུར་ཅིག༔ ཀྱེ༔ སྲིད་པའི་རྩེ་ནས་མནར་མེད་ཡན༔ མི་མཇེད་སྟོང་གསུམ་འཇིག་རྟེན་ན༔ གནས་པའི་ལྷ་ཀླུ་གཞི་བདག་ནི༔ ཕན་ཞིང་སྡོང་གྲོགས་བྱེད་ཀུན་བསང་༔ ཁྱད་པར་འཛམ་གླིང་མཐའ་དབུས་ལ༔ གནས་པའི་ས་བདག་ཡུལ་ལྷ་དང་༔

p. 223

གནས་བདག་གཙུག་ལག་རྩིས་ཀྱི་ལྷ༔ ཕན་གནོད་མཐུ་རྩལ་ལྡན་ཀུན་བསང་༔ འཕགས་མཆོག་ཐུགས་རྗེས་སྐྱོང་བའི་ཡུལ༔ སྤྱན་རས་གཟིགས་དབང་སྲོང་བཙན་དང་༔ འཇིག་རྟེན་མགོན་པོ་པད་འབྱུང་གི༔ འདུལ་ཞིང་བོད་དང་བོད་ཆེན་ཡུལ༔ དགེ་བསྙེན་ཉེར་གཅིག་གཉེན་ཆེན་དྲུག༔ བསྟན་མ་སྐྱོང་མ་མིང་པོར་བཅས༔ སྐོར་གསུམ་རུ་གཞི་སྒང་དྲུག་གི༔ ས་བདག་གཞི་བདག་ཡུལ་ལྷ་བསང་༔ གླིང་དང་རྒྱལ་ཁམས་ཡུལ་འཁོར་དང་༔ གངས་རི་རྫ་སྤང་བྲག་རི་ལ༔ གནས་པའི་གཉན་ཆེན་ལྷ་བདུད་བཅས༔ འཁོར་དང་སྡེ་དཔུང་བཅས་པ་བསང་༔ ཐང་ཆེན་ཐང་ཕྲན་སྤང་གི་ལྗོངས༔ བྲག་ཕུག་གྲོག་མཁར་ནགས་ཀྱི་རི༔ ལྗོན་ཤིང་ཤིང་ཕྲན་འཐིབ་པོའི་ནགས༔ དེར་གནས་གཉན་རིགས་ཐེའུ་རང་བསང་༔ རྒྱ་མཚོ་མཚོ་ཆེན་མཚོ་ཕྲན་དང་༔ ཆུ་བོ་ཆུ་ཕྲན་ཆུ་

p. 224

མིག་མཚོ༔ བཀོད་མ་རྫིང་བུ་ནེའུ་སེང་ལ༔ ཆུ་ལྷ་ཀླུ་རིགས་གནས་ཀུན་བསང་༔ སྐྱེད་མོས་ཚལ་དང་མེ་ཏོག་ལྗོངས༔ རི་ཕྲན་ཆུ་ཕྲན་ལམ་འཕྲང་ལ༔ རྒྱུ་དང་གནས་བཅས་བསྟོད་དང་གསོ༔ གཉན་ཕྲན་སྨན་མོར་བཅས་པ་བསང་༔ ས་བླ་ལྷ་གནས་བར་སྣང་གི༔ གཟའ་སྐར་ས་སྟེང་འགྲོ་བ་ལ༔ ཕན་གནོད་འབྱུང་ལྷ་ཕྱོགས་སྐྱོང་གདོན༔ ཡེ་ནས་སྲིད་པའི་ལྷ་དགུ་བསང་༔ འགོ་བའི་ལྷ་ལྔ་མཁར་དང་ཞིང་༔ ལྷ་ཐོ་ལྷས་དང་ར་བའི་ལྷ༔ ཕུགས་ལྷ་ཐབ་ལྷ་གྲུ་ཟམ་ལྷ༔ དགྲ་བླ་བཅུ་གསུམ་བཅས་པ་བསང་༔ སྲོག་ལུས་དབང་ཀླུང་བསྐྱེད་པའི་ལྷ༔ ཚེ་ལྷ་ལམ་ལྷ་རྟ་ནོར་ལྷ༔ ར་ལྷ་ལུག་ལྷ་ཚོང་མགྲོན་ལྷ༔ སྲུང་ལྷ་ཇག་ལྷ་ལ་སོགས་བསང་༔ ས་འོག་ས་བདག་བརྟན་མ་དང་༔ དབང་ཆེན་ས་འཛིན་ལྟོ་འཕྱེའི་རིགས༔ འབྱུང་བའི་ལྷ་དང་ཀླུ་ཆེན་བརྒྱད༔ ཀླུ་རིགས་བསྐལ་པའི་བྱེ་སྙེད་བསང་༔ ཕྱི་སྣོད་

p. 225

ཁམས་ཀྱི་ལྷ་འདྲེ་བསང་༔ ནང་བཅུད་སྲོག་གིས་བསྡུས་ཀུན་བསང་༔ གཟུགས་མེད་སྟོང་གཟུགས་བག་ཆགས་བསང་༔ ཡིད་ལུས་སེམས་ཉིད་རྒྱུན་གྱི་རྟེན༔ གཏད་མེད་བར་དོའི་སེམས་ཅན་གྱི༔ འཁྲུལ་སྣང་འཇིགས་སྐྲག་སྣང་བ་ཀུན༔ ལྷ་སྔགས་ཏིང་འཛིན་བདེན་པས་བསང་༔ གཟུགས་བཟང་ལོངས་སྤྱོད་ཐོབ་པར་ཤོག༔ ཐོག་མེད་དུས་ཀྱི་ཕ་མ་སྟེ༔ ཟས་ནོར་སྦྱིན་དང་བརྐུས་འཕྲོག་པའི༔ ལེན་ལ་རེ་ཞིང་ཆགས་པ་ཡི༔ བུ་ལོན་བསྙག་རྣམས་དགའ་བ་དང་༔ བྱམས་པ་ཆེན་པོས་ཡོངས་སུ་བསང་༔ གནོད་སེམས་བསད་བཅད་བརྡུང་བརྡེགས་ཀྱིས༔ ཤ་མཁོན་ལུས་སྲོག་ལ་འཁུ་བའི༔ ནད་གདོན་དགྲ་ལ་སྙིང་རྗེ་དང་༔ བཏང་སྙོམས་བྱང་ཆུབ་སེམས་ཀྱིས་བསང་༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་དང་༔ སུམ་བརྒྱ་དྲུག་ཅུའི་ཡེ་འགྲོགས་གདོན༔ རྐྱེན་ངན་ཉི་ཁྲི་

p. 226

ཆིག་སྟོང་གི༔ སྣ་འདྲེན་བྱེད་པའི་བྱུར་གྱི་འདྲེ༔ གློ་བུར་དགུ་བཅུ་རྩ་གཅིག་གིས༔ དངོས་རྒྱུད་མ་རུངས་གནོད་བྱེད་རིགས༔ བཞི་བརྒྱ་རྩ་བཞིའི་ནད་འདྲེན་དང་༔ བར་ཆད་དུས་མིན་འཆི་བའི་བདུད༔ བྱམས་དང་སྙིང་རྗེའི་ཨ་མྲྀ་ཏ༔ ལྷ་སྔགས་སྨན་དང་རྫས་ཀྱིས་བསང་༔ ཟས་ཟ་འཇིག་རྟེན་བསྐྱེད་པའི་གདོན༔ དགེ་ལ་བར་གཅོད་བདུད་བཞིའི་དཔུང་༔ དུག་ལྔའི་སྡིག་ཆེན་བསགས་པའི་དགྲ༔ ཡེ་ཤེས་ལྔ་ཡི་མདངས་ཀྱིས་བསང་༔ ཀུན་གྱི་རྩ་བ་མ་རིག་སྒྲིབ༔ རང་རིག་རང་ངོ་ཤེས་པས་བསང་༔ ངར་འཛིན་བདག་གཞན་འཁྲུལ་བྱེད་པའི༔ ཀུན་རྟོག་སྒྲིབ་གཉིས་བུད་ཤིང་རྣམས༔ བདག་མེད་ཤེས་རབ་མེ་ཡིས་བསྲེགས༔ བསོད་ནམས་ཡེ་ཤེས་མཆོད་པའི་སྤྲིན༔ སྲིད་ཞི་དགྱེས་པར་ཚིམ་པས་བསང་༔ འབུལ་ལོ་འཁོར་འདས་མགྲོན་རིགས་ཀུན༔ བཞེས་ནས་རྣལ་འབྱོར་སྒྲུབ་པ་པོ༔

p. 227

ཡོན་མཆོད་འཁོར་དང་བཅས་པ་ཡི༔ ནད་གདོན་རྐྱེན་ངན་བར་ཆད་ཞི༔ ཚེ་བསོད་སྟོབས་འབྱོར་མངའ་ཐང་སྤེལ༔ གདུལ་བྱའི་འགྲོ་དང་ལོངས་སྤྱོད་བསྡུ༔ བདག་འཛིན་དུག་ལྔའི་དགྲ་གདོན་སྒྲོལ༔ ཚོགས་ཆེན་དམ་པ་གཉིས་རྫོགས་ནས༔ མར་གྱུར་མཁའ་མཉམ་འགྲོ་བ་རྣམས༔ རྣམ་མཁྱེན་བྱང་ཆུབ་འཁོད་ཀྱི་བར༔ གཞན་དོན་རྒྱུན་མི་འཆད་པ་དང་༔ ངལ་བ་མེད་པར་འགྲོ་བའི་དོན༔ འཕགས་པའི་དགོངས་པ་བདག་གིས་བསྒྲུབ༔ ནམ་མཁའ་ཇི་སྲིད་བྱང་ཆུབ་སེམས༔ སྤྱན་རས་གཟིགས་དང་མཉམ་པར་ཤོག༔ ས་མ་ཡ༔ གཞན་ཡང་རང་རང་གི་ཡུལ་ལྷའི་བསང་སོགས་རྒྱས་བསྡུས་ཅི་རིགས་བཏང་མཐར། ཀྱེ། བདུད་རྩི་བསང་གི་མཆོད་སྤྲིན་འདིས། །འཁོར་འདས་མགྲོན་རིགས་མཉེས་ཤིང་ཚིམ། །སྣོད་བཅུད་མ་ལུས་བདེ་སྐྱིད་ལྡན། །སྡུག་བསྔལ་ཉེས་ཚོགས་ཀུན་ཞི་ཞིང་། །ཕན་བདེའི་དཔལ་

p. 228

ཡོན་རབ་ཏུ་རྒྱས། །མོས་བཞིའི་སྣང་སྲིད་དབང་དུ་བསྡུས། །གནོད་བྱེད་དགྲ་བགེགས་ཐལ་བར་རློག །རྒྱལ་བསྟན་དར་རྒྱས་ཡུན་རིང་གནས། །བསྟན་འཛིན་ཐུགས་མཐུན་ཞབས་པད་བརྟན། །དགེ་འདུན་སྡེ་འཕེལ་ཐོས་བསམ་སྒོམ། །ཡར་ངོའི་ཟླ་ལྟར་ཁྱབ་པར་མཛོད། །སྙིགས་མའི་སྐལ་ངན་རང་སར་ཞི། །རྫོགས་ལྡན་དང་པོའི་དཔལ་ཡོན་གྱིས། །སྐྱེ་དགུ་མཐའ་དག་ཚིམ་ཞིང་དགྱེས། །བཀྲ་ཤིས་སྣང་བས་རྟག་ཁྱབ་མཛོད། །བདག་ཅག་ཡོན་མཆོད་ཐམས་ཅད་ཀྱིས། །གཞི་བྱེས་བྱ་བ་གང་བརྩམས་ཀྱང་། །ལེགས་སྤྲོད་ཉེས་བསྣོལ་བསམ་དོན་ཀུན། །འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། ཀྱེ། སྣང་སྲིད་འཁོར་འདས་སྲིད་ཞིའི་ཁམས། །ལྷ་མི་ཀླུ་དང་གནོད་སྦྱིན་གྱི། །ཚེ་བསོད་དཔལ་འབྱོར་འབྲུ་ནོར་བཅུད། །ཆེ་བཙན་འཕེལ་ཕྱུག་མངའ་ཐང་སོགས། །སྣོད་

p. 229

བཅུད་དགེ་མཚན་དྭངས་བཅུད་ཀུན། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །དགོས་འདོད་ཕུན་སུམ་ཚོགས་པར་ཤོག །མ་འབྱོར་མ་དག་ནོངས་པའི་ཆ། །གང་མཆིས་གདོད་མའི་དབྱིངས་སུ་བཤགས། །གང་བརྩམས་ལས་ཀུན་ལྷུན་གྲུབ་ཅིང་། །རྟག་ཏུ་སྲུང་ཞིང་སྐྱོབས་པར་མཛོད། །མགྲོན་རྣམས་དགྱེས་བཞིན་རང་གནས་གཤེགས། །ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ། །སརྦ་ཛྙཱ་ན་ལོ་ཀ་བྷཱུ་ཏ་གཙྪ། བདག་ཅག་ཡོན་མཆོད་བསམ་དོན་ཀུན། །འབད་མེད་ལྷུན་གྱིས་འགྲུབ་པ་དང་། །བརྟན་གཡོ་ཀུན་གྱི་བཀྲ་ཤིས་ཀྱི། །དགེ་མཚན་དཔལ་དུ་འབར་བ་ཤོག །ཅེས་པ་འདི་ཡང་འཕགས་ནོར་བདུན་གྱིས་མངོན་པར་མཐོ་བ་ཀརྨ་བསྟན་འཕེལ་གྱིས་དུས་རིང་མོ་ནས་བསྐུལ་བ་དང་། སླར་ཡང་གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་བཀའ་རྩལ་ཕེབས་པ་སྤྱི་བོར་བཀོད་དེ། མགོན་པོ་གང་གི་ཐུགས་རྗེའི་
གྲིབ་བསིལ་དུ་ངལ་འཚོ་བའི་རིག་འཛིན་གྱི་གཅུང་ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་སྤྱི་འབྱམས་རི་ཁྲོད་དཔལ་རི་ཆོས་དབྱིངས་མཛོད་ནས་བྲིས་པ་དགེ་ལེགས་འཕེལ། །ཞལ་དྲོ།།

ཇ་མཆོད་ཁག་ཅིག

p. 230

༈ ཇ་མཆོད་འདོད་ཡོན་ལྔ་ལྡན་ནི། ཨོཾ་ཨཱཿཧཱུྃ། འདོད་ཡོན་ལྔ་ལྡན་ཇ་ཡི་མཆོད་པ་འདི། །མཆོད་པར་འོས་པ་རྒྱ་མཚོས་མཆོད་པར་བཞེས། །བཀའ་བརྒྱུད་རིམ་པར་བྱོན་རྣམས༴ གསང་བ་ལུས་མེད་རྡོ་རྗེས༴ དྲིན་ཆེན་རྩ་བའི་བླ་མས༴ ཡི་དམ་རྒྱུད་སྡེ་བཞི་ཡིས༴ ཡུམ་མཆོག་རྡོ་རྗེ་ཕག་མོས༴ གནས་གསུམ་དཔའ་བོ་མཁའ་འགྲོས༴ ཆོས་སྐྱོང་མ་མགོན་ལྕམ་དྲལ༴ རྒྱུད་སྲུང་ལས་མགོན་དབུ་སྨུག༴ བསྟན་སྲུང་ཞལ་གཤིན་ཆོས་སྐྱོང༴ ཛམ་ལྷ་གཏེར་བདག་དགེ་བསྙེན༴ དཀར་ཕྱོགས་ཕྱོགས་སྐྱོང་གཞི་བདག་མཆོད་པར་བཞེས། །འདོད་ཡོན་བདུད་རྩིའི་མཆོད་པ་བཞེས་ནས་ཀྱང༌། །ལམ་གྱི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་ཏུ་

p. 231

འཕེལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་རཏྣའི་མིང་གིས་སྦྱར་བའོ། ། ༈ མ༵ཁྱེན་པས་ཤེས་བྱའི་ཁྱོན་ཀུན་སྒྲིབ་མེད་གཟིགས། །བ༵རྩེ་བས་འགྲོ་རྣམས་ཐར་པའི་གནས་སུ་སྒྲོལ། །ནུས༵་པས་གདུལ་དཀའི་སྐྱེ་བོ་འདུལ་མཛད་པ། །དར་མ་དབང་ཕྱུག་ཞལ་དུ་མཆོད་པ་འབུལ། །འཆ༵ད་པས་རྒྱལ་བའི་བསྟན་པ་ཉིན་མོར་བྱེད། །རྩོད༵་པས་གྲུབ་མཐའ་ངན་པ་ཚར་གཅོད་ཅིང༌། །རྩོམ༵་པས་འབའ་རོམ་བསྟན་པ་རྒྱས་མཛད་པ། །ཤེས་རབ་སེངྒེའི་ཞལ་དུ་མཆོད་པ་འབུལ། །ཐོ༵ས་པས་རིག་གནས་ཀུན་ལ་མ་རྨོངས་ཤིང༌། །བས༵མ་པས་དེ་དོན་ལེགས་པར་ཐུགས་སུ་ཆུད། །སྒོམ༵་པས་ཐབས་གྲོལ་ཉམས་ལེན་མཐའ་རུ་ཕྱིན། །ཤེས་རབ་བྱང་ཆུབ་ཞལ་དུ་མཆོད་པ་འབུལ། །འགྲོ་བའི་མགོན་པོ་བླ་མ་རྣམ་གསུམ་ལ། །ཟག་མེད་བདུད་རྩིའི་མཆོད་པ་ཕུལ་བའི་མཐུས། །

p. 232

བདག་སོགས་འདི་དང་ཚེ་རབས་ཐམས་ཅད་དུ། །འབྲལ་བ་མེད་པར་རྗེས་སུ་བཟུང་དུ་གསོལ། །ཞེས་མ་ཏི་རཏྣས་སོ། ། ༈ ཇ་མཆོད་དགེ་ལེགས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་འཆང་ཆེན་གྲུབ་ཆེན་ས་ར་ཧ། །ཏཻ་ལོ་ནཱ་རོ་མར་པ་མི་ལ་རས། །དྭགས་པོ་འབའ་རོམ་ཏི་ཤྲི་རས་ལ་སོགས། །བཀའ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །མདོ་རྒྱུད་མན་ངག་ལེགས་བཤད་ནོར་བུའི་མཛོད། །ཟབ་གསང་སྨིན་གྲོལ་རྒྱ་མཚོའི་མངའ་དབང་ཕྱུག །མཐའ་ཀླས་བསྟན་འགྲོ་ཡོངས་ཀྱི་མགོན་དཔུང་མཆོག །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །མཆོག་ཏུ་མི་འགྱུར་བཅོམ་ལྡན་འཁོར་ལོ་སྡོམ། །རྣམ་ཀུན་སྟོང་ཉིད་ལྷན་སྐྱེས་རྟགས་ཀྱི་ལྷ། །ཟུང་འཇུག་གྲུབ་གཉིས་ཡིད་བཞིན་འཇོ་བའི་དཔལ། །ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ། །ཆོས་ཉིད་ངང་ལས་ཞི་ཆགས་ཁྲོ་བོའི་གར། །མི་ཤིགས་

p. 233

དྭངས་མའི་སྐུ་རུ་ལྷུན་གྲུབ་པས། །གཉིས་སྣང་བདུད་དགྲའི་གཡུལ་ལས་རྟག་རྒྱལ་བ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་མཆོད་པ་འབུལ། །སྦྱིན་པ་མཐར་ཕྱིན་འདོད་དགུའི་དཔལ་གྱིས་འབྱོར། །མ་རིག་སེར་སྣའི་གདུང་བ་དབྱིངས་སུ་ཞི། །སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་པའི། །ནོར་ལྷ་གཏེར་བདག་རྣམས་ལ་མཆོད་པ་འབུལ། །རྩ་གསུམ་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལ། །མཆོད་བསྟོད་དད་མོས་རྩེ་གཅིག་གསོལ་བཏབ་མཐུས། །སྐྱེ་ཀུན་འབྲལ་མེད་ཐུགས་བརྩེས་རྗེས་བཟུང་ནས། །རྣམ་གྲོལ་སྐུ་བཞིའི་གོ་སར་དབུགས་དབྱུང་གསོལ། །གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་གཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་
ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་སྐྱོ་བྲག་གསལ་བྱེད་སྤྲུལ་མིང་པས་འབའ་རོམ་གདན་ས་མཐིལ་དུ་སྦྱར་བ་དགེ།

སྔ་ཐུན་དུས་མཆོད་ཐམས་ཅད་ཀྱི་དབུར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་རྒྱུད།

p. 234

༈ སྔ་ཐུན་དུས་མཆོད་ཐམས་ཅད་ཀྱི་དབུར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་རྒྱུད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །ཞེས་པའི་ཚིག་མཚམས་རྣམས་ལ་ཕྱག་བྱའོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམས་པ་བདུན་བོར་ནས། །ང་

p. 235

ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་གནས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་

p. 236

གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དང་། སྤྲོ་ན། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་

p. 237

པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་

p. 238

གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་
སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་བཟང་སྤྱོད་ཀྱི་ཡན་ལག་བདུན་པའང་བྱའོ། །

དྭགས་པོ་བཀའ་བརྒྱུད་སྤྱི་ལ་གསོལ་བ་འདེབས་པ།

p. 239

༈ དེ་ནས་དྭགས་པོ་བཀའ་བརྒྱུད་སྤྱི་ལ་གསོལ་བ་འདེབས་པ་ནི། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །རྒྱལ་ཚབ་སྒོམ་ཚུལ་དཔལ་ལྡན་དུས་གསུམ་མཁྱེན། །འགྲོ་བའི་མགོན་པོ་ཕག་གྲུ་རྡོ་རྗེ་རྒྱལ། །དཔལ་ལྡན་འབའ་རོམ་མཚུངས་མེད་ཏི་ཤྲི་རས། །ཚུལ་ཁྲིམས་སྙིང་པོས་རྗེས་བཟུང་ཞང་ཚལ་པ། །འབྲི་སྟག་ཁྲོ་གླིང་སྨར་ཡེལ་གཡའ་ཤུག་སོགས། །ཆེ་བཞི་ཡ་བརྒྱད་ཟུར་གཉིས་བརྒྱུད་འཛིན་པ། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་

p. 240

བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོགས་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་
རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་ཀུན་མཁྱེན་བན་སྒར་བ་འཇམ་དཔལ་བཟང་པོས་མཛད་པ་ལ་དགོས་དབང་གིས་ཁ་གསབ་བ་ཅན་ནོ། །

གསུར་མཆོད་མདོར་བསྡུས།

p. 241

༈ སྔ་ཐུན་གྲོལ་འཕྲལ་འདོན་བྱ་ལ། གསུར་མཆོད་མདོར་བསྡུས་བཏང་བར་སྤྲོ་ན། ཟས་སྣ་མྱང་གྲོལ་དམ་རྫས་བསྲེས་པ་བསྲེགས་ལ་ཆབ་བྲན། སྐྱབས་སེམས་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་བྱ། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། བསྲེག་རྫས་ཨོཾ་ཨཱཿཧཱུྃ་གསུམ་ལས༔ ཡེ་ཤེས་མཆོད་སྦྱིན་འཕྲོ་བར་བསམ༔ ཨོཾ་ཨཱཿཧཱུྃ། ལན་གསུམ། བསླུ་མེད་དཀོན་མཆོག་གསུམ་རྣམས་ལ༔ བསྲེག་

p. 242

རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བསྐྱབ་ཏུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བྱིན་གྱིས་རློབས༔ ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བར་ཆད་སོལ་ལ་ཕྲིན་ལས་སྒྲུབས༔ ཕ་མས་གཙོར་བྱས་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ སྒྲིབ་དག་ཚོགས་གཉིས་རྫོགས་པར་ཤོག༔ བར་དོར་གནས་པའི་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ འཁྲུལ་སྣང་སྡུག་བསྔལ་ཞི་བར་ཤོག༔ ལན་ཆགས་དགྲ་བགེགས་ཐམས་ཅད་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ བུ་ལོན་ཤ་འཁོན་བྱང་བར་ཤོག༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྦྱིན་པས་དོན་རྣམས་གྲུབ་པ་བཞིན༔ ཆོས་ཉིད་རྣམ་དག་བདེན་པ་ཡིས༔ སྨོན་ལམ་ཐམས་ཅད་འགྲུབ་

p. 243

པར་ཤོག༔ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །ཁ་ཟས་བསྟབས་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོ་རང་ངོ་འཕྲོད་གྱུར་ནས། །དག་པའི་ཞིང་དུ་སྐྱེ་བར་ཤོག །ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །

དམར་གསུར།

p. 244

༈ དགོང་མོའི་ཆར་དམར་གསུར་ནི། ཤ་ཁྲག་ཕྱེ་ཕུར་སྦྱར་བ་བསྲེགས་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ལན་གསུམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག༴ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག༴ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །སམྦྷ་ར་ལན་བདུན་གྱིས་བསྔོ། ཨོཾ༔ ཤ་ཁྲག་འབྲུ་སྨན་སྦྱར་བ་ཡི༔ གསུར་མཆོད་འདོད་ཡོན་ལྔ་ལྡན་འདི༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཚེ་དང་སྲོག་ལ་བར་གཅོད་པའི༔ འཆི་བདག་གཤིན་རྗེ་མ་མོའི་སྡེ༔ འབྱུང་པོ་ཤ་ཟ་གནོད་སྦྱིན་ཚོགས༔ སྲིན་པོ་དྲི་ཟ་ཡི་དྭགས་སོགས༔ མ་རུང་གདུག་པའི་སེམས་འཆང་བ༔ འཁོར་དང་བཅས་པ་ཀུན་ལ་བསྔོ༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བུ་ལོན་ལན་ཆགས་བྱང་བ་དང་༔ ཁྲོས་ཤིང་འཁྲུགས་པའི་སེམས་ཀུན་ཞི༔ དུས་མིན་འཆི་བའི་འཇིགས་པ་དང་༔ ནད་དང་གནོད་པ་ཀུན་
ལས་ཐར༔ ཕན་དང་བདེ་བའི་སེམས་སྐྱེས་ནས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཅེས་དང་འགྲུབ་ན་ཆོས་སྦྱིན་དང་བསྔོ་སྨོན་བྱའོ། །

གསུར་མཆོད་འཁོར་འདས་མགྲོན་རིགས་དགྱེས་པའི་མཆོད་སྤྲིན།

p. 245

༈ འགྲོ་འདུལ་འཇིག་རྟེན་དབང་ཕྱུག་གི་ལས་ཚོགས་སྐོར་ལས༔ གསུར་མཆོད་འཁོར་འདས་མགྲོན་རིགས་དགྱེས་པའི་མཆོད་སྤྲིན་བཞུགས་སོ༔ ན་མོ་ལོ་ཀི་ཤྭ་ར་ཡེ། འདིར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ལས་ཚོགས་གསུར་མཆོད་བྱ་བར་འདོད་ན། གཏེར་གཞུང་ལས། ལྷ་ཆེན་མི་མིན་གཟུགས་མེད་བཅས༔ འགྲོ་ལ་ཕན་པར་བྱ་བའི་སླད༔ མྱོང་གྲོལ་བྲན་པའི་གསུར་རྫས་ནི༔ དཀར་གསུམ་མངར་གསུམ་དྲི་ཡི་གསུར༔ བྱིན་རླབས་མགྲོན་ཀུན་ཚིམ་པར་བསྔོ༔ ཞེས་པ་ལྟར། ཟས་ཕུད་གཙང་མ་མར་ཁུ་འོ་མས་སྦྲུས་པ། རིན་ཆེན་དར་ཟབ་མངར་གསུམ་ཁྱད་པར་མྱོང་གྲོལ་སོགས་བསྲེས་པ་དུ་བ་མེད་པའི་མེར་ཆུ་གཙང་གིས་བྲན་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་དྲུག་སེམས་ཅན་ཀུན། །མཆོག་གསུམ་རྗེ་ལ་སྐྱབས་མཆི་ནས། །མ་རྟོགས་འགྲོ་ལ་ཕན་པའི་སེམས། །ཉེ་རིང་མེད་པའི་དམ་བཅའ་བཟུང་། །འཇུག་པར་སྙིང་

p. 246

སྟོབས་བསྐྱེད་པ་ནི། དེང་ནས་ཇི་སྲིད་སྙིང་པོའི་བར། །རང་འདོད་འདྲེས་པའི་དྲི་སྤངས་ནས། །གཞན་དོན་བསམ་པ་བརྟན་པོ་ཡིས། །འགྲོ་ཀུན་བདེ་ལ་ངེས་འགོད་དོ། །བདག་ཉིད་ལྷ་རུ་བསྐྱེད་པ་ནི། སྐད་ཅིག་མཁའ་ལས་སྤྲིན་རྡོལ་ལྟར། །ཕུང་ཁམས་འོད་ཀྱི་གཞལ་ཡས་དབུས། །རང་རིག་ཐིག་ལེ་བདེ་བ་ཆེ། །སྤྱན་རས་གཟིགས་དཀར་ལོངས་སྤྱོད་རྫོགས། །མཚན་དཔེ་མཛེས་སྡུག་ཞི་ཞིང་འཛུམ། །ཕྱག་བཞིའི་དང་པོས་ནོར་བུ་འཛིན། །འོག་མས་ཤེལ་ཕྲེང་པད་དཀར་བསྣམས། །ཕུང་ཁམས་རིགས་ཀྱི་རྟགས་རྫོགས་ཤིང་། །གདོད་ནས་དམ་ཡེ་དབྱེར་མེད་གྱུར། །སྙིང་རྗེའི་ངང་ནས་ཡིག་དྲུག་བསྒྲང་། ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླས་མཐར། རང་གི་ཐུགས་ལས་འབྲུ་གསུམ་འཕྲོས། །གསུར་རྫས་འབག་བཙོག་དྲི་མ་སྦྱངས། །ནམ་མཁའ་མཛོད་ཀྱིས་མཁའ་ཁྱབ་སྤེལ། །འབྲུ་གསུམ་སྟོབས་ཀྱིས་བདུད་རྩིར་བསྒྱུར། །མེ་ལ་

p. 247

མཆོད་ཅིང་ཆུ་གཙང་བྲན། རྃ་ཡྃ་ཁྃ་གིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧྃ་གིས་སྦྱང་། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ཎ་ཁཾ་སྭཱ་ཧཱ༔ ཞེས་སྤེལ་ཏེ། ཨོཾ་ལས་གསུར་སྣོད་ཐབ་དཀྱིལ་དབུས༔ མེ་ཉིད་མགྲོན་བཞི་ཀུན་གྱི་ཞལ༔ ཨཱཿཡིས་རྫས་རྣམས་ཟག་མེད་ཀྱི༔ རང་རང་ལོངས་སྤྱོད་བདུད་རྩིར་གྱུར༔ ཧཱུྃ་གིས་མགྲོན་རིགས་སྤྱན་དྲངས་ནས༔ མེ་དང་དབྱེར་མེད་དེ་ཡི་ཞལ༔ སྲེག་རྫས་ཕུལ་བས་མཉེས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །སྲེག་རྫས་ཀུན་བཟང་མཆོད་སྤྲིན་འབུལ། །ཚོགས་རྫོགས་སྒྲིབ་སྦྱངས་ཉམས་ཆག་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མགོན་པོ་ཡོན་ཏན་མགྲོན་རིགས་ལ། །སྲེག་རྫས་འདོད་ཡོན་སྤྲིན་ཕུང་འབུལ། །དམ་ཚིག་ཆག་ཉམས་འགལ་འཁྲུལ་

p. 248

བཤགས། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །གཞན་ཡང་འགྲོ་བ་རིགས་དྲུག་དང་། །དབང་མེད་བར་དོའི་ཡིད་ལུས་ཀུན། །ཟག་མེད་དྲི་གསུར་མཆོད་པས་ཚིམས། །རང་རང་ལས་ངན་སྡུག་བསྔལ་དང་། །འཇིགས་སྐྲག་ཞི་ནས་བདེ་ཐོབ་གྱུར། །བགེགས་རིགས་ལན་ཆགས་མགྲོན་ཀུན་ལ། །ལན་ལ་རེ་ཞིང་ཆགས་འབྲས་བསྔོ། །གནོད་སེམས་བརྡུང་བརྡེགས་བསད་བཅད་ཀྱི། །ཤ་མཁོན་བུ་ལོན་བྱང་བར་ཤོག །སྔ་ལུས་བོར་ཞིང་ཕྱི་མའི་ལུས། །མ་ཐོབ་སྲིད་པར་འཁྱམས་པ་ལ། །དྲི་ཟ་གསུར་གྱིས་རབ་ཚིམས་ནས། །ལུས་རྟེན་བཟང་པོ་མྱུར་ཐོབ་ཤོག །ཅེས་དང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་པྲ་ཏི་སུ་རུ་ཕུ་པ་ཡེ་སྭཱ་ཧཱ༔ ཞེས་བསྔོས་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་སྐུ་

p. 249

འཇམ་ཀླས་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ གྲངས་བསགས་མཐར། དཀོན་མཆོག་རྩ་གསུམ་མཆོད་པས་མཉེས༔ བྱིན་གྱིས་རློབ་ཅིང་དངོས་གྲུབ་སྩོལ༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་༔ ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ རིགས་དྲུག་ཅི་འདོད་ལོངས་སྤྱོད་འཐོབ༔ མཁོ་དགུ་ཟད་མེད་སྤྱོད་པར་ཤོག༔ ལན་ཆགས་གདོན་བགེགས་ཚིམ་བྱས་ནས༔ བུ་ལོན་ཀུན་བྱང་བར་ཆད་ཞི༔ གཟུགས་མེད་བར་དོས་གཟུགས་བཟང་ཐོབ༔ འདོད་པ་ཀུན་འགྲུབ་ལས་ངན་གྱི༔ སྒྲིབ་བྱང་ས་ལམ་རབ་རྫོགས་ནས༔ ཀུན་ཀྱང་སངས་རྒྱས་མྱུར་ཐོབ་ཤོག༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །

p. 250

དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །དེ་ལྟར་ཆོས་དང་ཟང་ཟིང་གི། །སྦྱིན་པ་རྒྱ་ཆེན་འདི་ཡི་མཐུས། །འགྲོ་བ་རྣམས་ནི་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བས་མ་གྲོལ་བ། །སྐྱེ་འགྲོའི་ཚོགས་རྣམས་གྲོལ་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །ཁ་ཟས་བསྟབ་པ་འདི་ཡི་མཐུས། །འཁྲུལ་སྣང་འཇིགས་སྐྲག་ཐམས་ཅད་ཞི། །བར་དོ་རང་ངོ་འཕྲོད་པ་དང་། །དག་པའི་ཞིང་དུ་སྐྱེ་བར་ཤོག །ཡིག་དྲུག་བགྲང་ཞིང་། དཀོན་མཆོག་རྩ་གསུམ་རང་ལ་
བསྟིམ། །གཞན་གྱི་མགྲོན་རྣམས་ཅི་བདེར་གཤེགས། །བཛྲ་མུཿ རང་ཉིད་ལྷར་སྣང་སྟོང་པ་ཉིད། །མི་དམིགས་ངང་དུ་མཉམ་པར་བཞག །ཕྱག་འཚལ་བ་སོགས། དགེ་བ་བསྔོའོ།། །།

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ།

p. 251

༈ གུང་ཚིགས་ལ་བབ་པའི་ཚེ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པ་དག་གིས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་

p. 252

རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་

p. 253

ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་

p. 254

དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་

p. 255

རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པས། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །ཕྱག་འཚལ་བ་དང་སོགས། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །དེ་ནས་སྔགས་ཚན་ལྔ་པོ་

p. 256

རྣམས་འདོན་བཞིན་པས་གཏོར་མ་ཟླུམ་པོ་ལྔ་ཚོམ་བཀོད། ཨོཾ་གུ་རུ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་སརྦ་བུདྡྷ་བོ་ངྷི་ས་ཏྭ་བྷྱོ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་ཀཱ་མ་དེ་ཝ་མཎྜ་ལ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་མཉྫུ་ཤྲཱི་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཨོཾ་ཤྲཱི་ངྷརྨ་པཱ་ལ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཡང་སྔགས་རྣམས་བརྗོད་བཞིན་དུ་ཕྱོགས་གསུམ་ལ་ཆངས་བུ་གསུམ་བཞག །ཨོཾ་ཧ་རི་ཏེ་སྭཱ་ཧཱ། ཨོཾ་ཧ་རི་ཏེ་མ་ཧཱ་བཛྲ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པཱ་པཾ་ཡཀྵི་སྭཱ་ཧཱ། ཨོཾ་ཨ་གྲ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། དེ་ནས་ལོངས་སྤྱད་རྗེས་ལྷག་མའི་ཆངས་བུ་གཅིག་བཞག །སེ་གོལ་གཏོག །དེ་ནས་ཡོན་སྦྱོང་བ་ནི། ཧོ། བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚངས་པའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་དུ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ཏེ། །ཟས་ཀྱི་སྒྲིབ་པ་མི་འགྱུར་བར། །

p. 257

གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །དེ་ནས་ལོངས་སྤྱད་ལ་ལྷག་མ་ཆངས་བུ་གཅིག་བཞག །ཨོཾ་ཨུཙྪིཥྚ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུངྔྷ་ཡ། ཏདྱ་ཐཱ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བྷོ་ངྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལཾ་བྷེ་ནི་རཱ་བྷ་སེ། ཛཱ་ཡེ་ཛ་ཡ་ལ་བྷེ། མ་ཧཱ་མ་ཏེ། དཀྵེ་དཀྵེ་ཎི་མེ་པ་རི་ཤོ་ངྷ་ཡེ་སྭཱ་ཧཱ། གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང་། གང་གིས་བདག་ལ་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བསྟི་སྟང་

p. 258

བྱས་པ་དང་། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག །གང་དག་བདག་ལ་གཤེ་བར་བྱེད་པ་དང་། མི་བདེ་བར་བྱེད་པ་དང་། རྡེག་པ་དང་། མཚོན་གྱིས་འདེབས་པ་དང་། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །བཟའ་བ་ཕུལ་བའི་བསོད་ནམས་ཀྱིས། །ཁ་དོག་སྟོབས་དང་ལྡན་གྱུར་ཏེ། །རོ་བརྒྱ་ལྡན་པའི་ཟས་རྙེད་ནས། །བསམ་གཏན་ཟས་ཀྱིས་འཚོ་བར་ཤོག །བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། །ཉོན་མོངས་བཀྲེས་སྐོམ་ཞི་བ་དང་། །སྦྱིན་སོགས་ཡོན་ཏན་ལྡན་པ་ཡིས། །སྐོམ་དད་མེད་པར་སྐྱེ་བར་ཤོག །གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་

p. 259

པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །སེམས་ཅན་དམན་པ་གཞན་དག་ལ། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱི། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཅེས་སོ། །ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པ་ལ་ཕྱི་རོལ་གྱི་གཏོར་མ་དང་སྦྱིན་སྲེག་མེད་ཀྱང་ཆོག་ཅིང་། དེ་དག་ལས་ཀྱང་སྟོབས་ཆེ་བའི་ཚོགས་རྫོགས་པ་དང་། དཀོར་དང་སྐུ་གླུད་ཟོས་པ་ལ་སོགས་པའི་སྒྲིབ་པ་དང་ཉམས་ཆག་འདག །བཟའ་བ་
བུ་ལོན་དུ་མི་འགྱུར། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པ་སོགས་རྒྱུད་དང་གདམས་ངག་རྣམས་ལས་རྒྱ་ཆེར་གསུངས་སོ།། །།

འབའ་རོམ་བསྟན་པ་རྒྱས་སྨོན་ལྷ་ཡི་རྔ་སྒྲ། སྐྱོ་བྲག་མི་འགྱུར།

p. 260

༈ འབའ་རོམ་བསྟན་པ་རྒྱས་སྨོན་ལྷ་ཡི་རྔ་སྒྲ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། ཚོགས་གཉིས་མཐར་ཕྱིན་ཕྱོགས་དུས་བདེ་བར་གཤེགས། །ཞི་བ་ཆགས་བྲལ་ལུང་དང་རྟོགས་པའི་སྡེ། །ཚོགས་ཀྱི་མཐར་ཐུག་དགེ་འདུན་འདུས་པའི་ཁྱུ། །བསླུ་མེད་རིན་ཆེན་རྣམ་གསུམ་དགོངས་སུ་གསོལ། །ཟག་མེད་འཇའ་ལུས་སྐུ་བརྙེས་བླ་མ་རྗེ། །གྲུབ་གཉིས་འདོད་འཇོ་བདེ་གཤེགས་ཞི་ཁྲོའི་ལྷ། །མཁའ་ལ་རིག་པའི་གར་མཁན་ཌཱ་ཀིའི་སྡེ། །རྩ་གསུམ་རྒྱལ་བ་རབ་འབྱམས་དགོངས་སུ་གསོལ། །ངོ་བོ་ཆོས་དབྱིངས་ཀ་ནས་དག་སྟོབས་དང་། །རང་བཞིན་སྣང་ཆ་རྣམ་པར་དག་སྟོབས་དང་། །ཐུགས་རྗེ་མ་འགག་ཅིར་ཡང་སྣང་སྟོབས་ཀྱིས། །རྣམ་དག་སྨོན་ལམ་འགྲུབ་པའི་དཔང་པོ་མཛོད། །དོན་དམ་ཆོས་ཉིད་

p. 261

མཉམ་པ་ཆེན་པོའི་བདེན། །ཀུན་རྫོབ་སྣང་སྲིད་དག་པ་རབ་འབྱམས་མཐུ། །ལས་སྨོན་བསླུ་མེད་རྟེན་ཅིང་འབྲེལ་འབྱུང་གི། །བདེན་པས་སྨོན་པའི་དོན་འདི་འགྲུབ་གྱུར་ཅིག །དཀོན་མཆོག་རྩ་གསུམ་ཞི་ཁྲོ་རབ་འབྱམས་དང་། །ལྷ་དང་དྲང་སྲོང་རིག་པ་འཛིན་པ་སོགས། །བདེན་ཚིག་གྲུབ་པ་རྣམས་ཀྱི་བདེན་པའི་མཐུས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུབ་ཆེན་རྒྱལ་བའི་བཀའ་ཡི་བཅས་ཁྲིམས་ལས། །ནམ་ཡང་འདའ་བ་མེད་པའི་གོ་ཆ་ཡིས། །ཐོག་མཐའ་བར་དུ་དགེ་བའི་བཙུན་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཚན་ཉིད་ལྡན་པའི་བཤེས་གཉེན་ལ་བསྟེན་ནས། །མདོ་རྒྱུད་མན་ངག་རིག་པའི་གཞུང་ལུགས་ལ། །མཁྱེན་པའི་འོད་ཕྲེང་ཕྱོགས་བརྒྱར་སྤྲོ་བ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཆོས་ཀྱི་

p. 262

གྲགས་པའི་གཞུང་བཟང་ལ་བརྟེན་ནས། །བརྒལ་རྟགས་རྣོ་ངར་ལྡན་པའི་རལ་གྲི་ཡིས། །དྲེགས་ལྡན་ཕས་རྒོལ་འཇོམས་པའི་རིགས་ལམ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁྱེན་གཉིས་ལང་ཚོས་སྒེག་པའི་ཟློས་གར་གྱིས། །མདོ་རྒྱུད་མན་ངག་རིག་པའི་གཞུང་ལུགས་ཀུན། །ཇི་བཞིན་འགྲེལ་བའི་བློ་མཐུ་ཟླ་མེད་པས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལ་བརྟེན་ནས། །བཅོས་མིན་བྱང་སེམས་བདུད་རྩིའི་ཆར་ཆེན་པོས། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་བ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བླ་མ་སྐུ་བཞིའི་རྒྱ་མཚོ་ལས་འོངས་པའི། །སྨིན་བྱེད་ཁ་འབབ་རྣམ་བཞིའི་ཆུ་རྒྱུན་གྱིས། །རྒྱལ་བ་སྐུ་བཞིའི་སྐྱེད་ཚལ་རྒྱས་པ་ཡིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བསྐྱེད་རིམ་དག་པ་

p. 263

རབ་འབྱམས་ལྷའི་འཁོར་ལོ། །རྫོགས་རིམ་ཅིར་སྣང་ཆོས་སྐུ་གདལ་བ་ཆེ། །ངག་རླུང་རྡོ་རྗེའི་སྔགས་སུ་དག་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་བཞི། །ཐེག་པ་རིམ་དགུའི་གནད་དོན་མ་ལུས་པ། །འགལ་མེད་ཉམས་སུ་ལེན་པའི་ཐབས་མཁས་ཀྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུད་སྡེའི་ཡང་རྩེ་འཁོར་ལོ་བདེ་མཆོག་གི། །ཡང་བཅུད་ནཱ་རོའི་ཆོས་དྲུག་ལ་བརྟེན་ནས། །ཚེ་གཅིག་གྲུབ་པའི་རྒྱལ་སར་སྙེགས་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁས་མཆོག་ནཱ་རོ་ཏ་པའི་གསེར་ཆོས་དང་། །མཻ་ཏྲིའི་ཕྱག་ཆེན་དཀར་པོ་གཅིག་ཐུབ་གཉིས། །ཐབས་དང་ཐབས་བྱུང་རྟོགས་པ་མངོན་གྱུར་པས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་ཆོས་རྗེ་དར་མ་

p. 264

དབང་ཕྱུག་གི། །གསང་བ་ཟབ་མོའི་ཡོན་ཏན་ཇི་སྙེད་པ། །རྗེས་འཇུག་རྣམས་ལའང་ཇི་བཞིན་རྫོགས་པ་ཡིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །འཆད་ན་དབྱིག་གི་གཉེན་གྱི་སྤོབས་པ་དང་། །རྩོད་ན་ཆོས་ཀྱི་གྲགས་པའི་རིག་རྩལ་དང་། །རྩོམ་ན་དཔའ་བོའི་གསུང་ལྟར་སྙན་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རི་ཀུན་སྒོམ་པའི་ཁྱུ་ཡིས་འགེངས་པ་དང་། །གཞུང་ཀུན་བཤད་པའི་སྡེ་ཡིས་ཕྱུག་གྱུར་ཏེ། །འཁོར་ལོ་གཉིས་ཀྱིས་རྒྱལ་བསྟན་མཛེས་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གང་ཡང་ཡིན་པ་བྲལ་བ་ལྟ་བའི་རྩལ། །གང་ཡང་

p. 265

མིན་པ་བྲལ་བ་སྒོམ་པའི་རྩལ། །གར་ཡང་གཏད་སོ་བྲལ་བ་སྤྱོད་པའི་རྩལ། །གང་ལའང་རེ་དོགས་བྲལ་བ་འབྲས་བུའི་རྩལ། །བྱ་རྩོལ་བྲལ་བའི་རྩལ་ཆེན་རྫོགས་པ་ཡི། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཀོན་མཆོག་རྩ་གསུམ་ཞི་ཁྲོའི་ཐུགས་རྗེ་དང་། །བསླུ་མེད་བདེན་པ་གྲུབ་པའི་བདེན་ཚིག་དང་། །ལས་སྨོན་རྟེན་འབྱུང་བསླུ་བ་མེད་པའི་མཐུས། །སྨོན་ལམ་བཟང་པོའི་འབྲས་བུ་འགྲུབ་གྱུར་ཅིག །ཅེས་པ་འདིའང་རྟགས་མཚན་རྨི་ལམ་བཟང་པོས་རྒྱུ་བྱས། ཀརྨ་མཁྱེན་རབ་ཡེ་ཤེས་ཀྱིས་བཀྲ་ཤིས་པའི་ལྷ་རྫས་ཀྱིས་བསྐུལ་བས་རྐྱེན་བྱས་ཏེ་འོག་མིན་སེང་གེ་རྫོང་གི་ཡང་དབེན་འཕགས་མཆོག་ངག་གི་དབང་ཕྱུག་གི་སྐུ་བརྙན་གྱི་དྲུང་དུ། དུས་མཐའི་སེར་གཟུགས་སྐྱོ་བྲག་མི་འགྱུར་པས་བྲིས་པའི་དགེ་བས་ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པར་གྱུར་ཅིག །སརྦ་ལོ་ཀ་ཤྲཱི་སྭ་སྟི་བྷ་ཝནྟུ།།

ཕུང་པོ་གསུམ་པའི་མདོ།

p. 266

༈ ཕུང་པོ་གསུམ་པའི་མདོ་བཞུགས་སོ། །སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ་ལ༴ རིན་ཆེན་འོད་འཕྲོ་ལ༴ ཀླུ་དབང་གི་རྒྱལ་པོ་ལ༴ དཔའ་བོའི་སྡེ་ལ༴ དཔལ་དགྱེས་ལ༴ རིན་ཆེན་མེ་ལ༴ རིན་ཆེན་ཟླ་འོད་ལ༴ མཐོང་བ་དོན་ཡོད་ལ༴ རིན་ཆེན་ཟླ་བ་ལ༴ དྲི་མ་མེད་པ་ལ༴ དཔལ་བྱིན་ལ༴ ཚངས་པ་ལ༴ ཚངས་པའི་བྱིན་ལ༴ ཆུ་ལྷ་ལ༴ ཆུ་ལྷའི་ལྷ་ལ༴ དཔལ་བཟང་ལ༴ ཙན་དན་དཔལ་ལ༴ གཟི་བརྗིད་མཐའ་ཡས་ལ༴ འོད་དཔལ་ལ༴ མྱ་ངན་མེད་པའི་དཔལ་ལ༴ སྲིད་མེད་ཀྱི་བུ་ལ༴ མེ་ཏོག་དཔལ་ལ༴ དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ༴ དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ༴ ནོར་

p. 267

དཔལ་ལ༴ དྲན་པའི་དཔལ་ལ༴ མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ༴ དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ༴ ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ༴ གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ༴ རྣམ་པར་གནོན་པ་གཤེགས་པའི་དཔལ་ལ༴ ཀུན་ནས་སྣང་བ་བཀོད་པའི་དཔལ་ལ༴ རིན་ཆེན་པདྨ་རྣམ་པར་གནོན་པ་ལ༴ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་བཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་

p. 268

བ་འདི་དང་། སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ་དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོགས་པ་དང་། འཕྲོག་ཏུ་བསྩལ་བ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་ལ་ཞུགས་པ་དང་། འཇུག་ཏུ་བསྩལ་བ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས། བདག་སེམས་ཅན་དམྱལ་བར་མཆི་བའམ། དུད་འགྲོའི་སྐྱེ་གནས་སུ་མཆི་བའམ། ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་

p. 269

བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པར་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ། དེ་དག་གི་སྤྱན་སྔར་མཐོལ་ལོ་འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས་འཁོར་བ་ན། འཁོར་བའི་སྐྱེ་བ་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་

p. 270

བའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ། བསྡོམས་ནས་བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། གོང་མའི་ཡང་གོང་མ་བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་

p. 271

མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་

p. 272

གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་ལྟུང་བ་བཤགས་པ་འདི་བཏོན་པས། །དེ་དག་མ་ལུས་ཡོངས་སུ་བྱང་བར་གྱུར། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་དུ་ཟད་བྱེད་ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །
རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཕུང་པོ་གསུམ་པའི་མདོ་རྫོགས་སོ།། །།

ཞི་ཁྲོ་དགོངས་པ་ཀློང་ཡངས་སོགས།

p. 273

༈ ཞི་ཁྲོ་དགོངས་པ་ཀློང་ཡངས་བཞུགས་སོ། །སྐྱབས་སེམས་ནི། ཧཱུྃ། མ་རིག་གཉིས་སྣང་རྟོག་ཚོགས་འཁྲུལ་པའི་འགྲོ། །རང་རིག་ཡེ་བརྡལ་ངང་དུ་སྐྱབས་སུ་མཆི། །མ་དག་འཆིང་སེམས་ཐ་མལ་རྟོག་ཚོགས་ཀུན། །དག་པ་རབ་འབྱམས་ཆེན་པོར་སེམས་བསྐྱེད་དོ། །བསྐྱེད་རིམ་ནི། ཧཱུྃ། མ་བཅོས་གཉུག་མའི་ངང་ཉིད་ལས། །མ་འགགས་རང་རྩལ་ཀུན་ཏུ་བཟང་། །རང་འོད་ཀུན་བཟང་ཡུམ་དང་འཁྲིལ། །ཡེ་གནས་ཆོས་སྐུའི་ངོ་བོར་བཞུགས། །ཐུགས་ཀར་འཇའ་ཟེར་ཐིག་ལེའི་ཀློང་། །ཞི་བ་བཞི་བཅུ་རྩ་གཉིས་ནི། །མ་བསྐྱེད་ཡེ་རྫོགས་ཆེན་པོར་གསལ། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས། །གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྒྲ། །ཨ་

p. 274

ཡིག་རང་སྒྲ་བཅས་པ་གསལ། །དུང་ཁང་འཇའ་ཟེར་མེ་དཔུང་ཀློང་། །ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་རྣམས། །གར་དགུའི་ཉམས་ཀྱིས་རོལ་པར་བཞུགས། །ཚོགས་བསགས་ནི། ཧཱུྃ། ཀ་དག་ཆེན་པོའི་ངང་ཉིད་ལས། །རང་སྣང་དག་པའི་ལྷ་ཚོགས་རྣམས། །ཆུ་ཟླ་བཞིན་དུ་གནས་འདིར་བྱོན། །རང་སྣང་དག་པའི་ཀློང་དུ་བཞུགས། །རང་རིག་ངང་དུ་ཕྱག་འཚལ་ལོ། །རོལ་རྩལ་འགགས་མེད་མཆོད་པ་འབུལ། །རང་གྲོལ་གཉུག་མའི་ངང་དུ་བསྟོད། །བཟླས་པ་ནི། ཧཱུྃ། ཀུན་བཟང་ཐུགས་དབུས་ཙིཏྟའི་སྦུབས། །དཀར་འཇམ་རྩ་ཡི་སྔགས་ཕྲེང་གསལ། །རྒྱང་ཞགས་མེ་ལོང་དྭངས་མའི་ངོར། །སྣང་བཞིའི་འདུ་འཕྲོ་ཤ་ར་ར། །ཨཱཿ ཞེས་ཅི་མང་བཟླས། ཐུན་མཐའི་རྣལ་འབྱོར་ནི། ཧཱུྃ། འགགས་མེད་རོལ་པའི་ལྷ་ཚོགས་རྣམས། །སྐྱེ་མེད་ཆོས་སྐུའི་ཀློང་དུ་ཐིམ། །ཟུང་འཇུག་རོལ་པ་ཆེན་པོར་ལྡང་། །བཟའ་བ་ཚོགས་ཀྱི་འཁོར་

p. 275

ལོར་རོལ། །བགོ་བ་ཞི་ཁྲོའི་ཆས་སུ་གྱོན། །འགུལ་སྤྱོད་རྡོ་རྗེའི་བྲོ་དང་གར། །སྨྲ་བརྗོད་རྡོ་རྗེའི་དབྱངས་སུ་ལེན། །རྐང་རྗེས་རྡུལ་ཚོན་ཚོམ་བུ་བཀོད། །སད་རྨི་གཉིད་མཐུག་སྙོམས་འཇུག་ཀུན། །འོད་གསལ་ཆེན་པོའི་འཁོར་ལོར་འབར། །དགེ་འདིས་གཉིས་སྣང་འཁྲུལ་པའི་འགྲོ། །ཟག་མེད་ཀློང་དུ་སངས་རྒྱས་ཤོག །ཅེས་པ་འདི་ལྟར་དགོས་ཞེས་ག་ཎ་བཛྲ་གྱི་ངོར། ཨཀྵ་རས་ཆོས་ཉིད་དགོངས་པའི་ཀློང་མཛོད་ནས་དག་པར་ཕབས་པ་ཤུ་བྷཾ།། །། ༈ ཨོཾ་ཨཱཿཧཱུྃ། དཀྱིལ་འཁོར་གཙོ་བོ་ཀུན་བཟང་ཡབ་ཡུམ་དང་། །རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་བརྒྱད། །སྒོ་བ་ཡབ་ཡུམ་འགྲོ་འདུལ་ཐུབ་ཆེན་དྲུག །ཆེ་མཆོག་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་དང་། །གནས་ཡུལ་མ་མོ་སྒོ་སྐྱོང་དབང་ཕྱུག་བརྒྱད། །གཉུག་མའི་ལུས་ལ་ཡེ་ནས་རྫོགས་པ་ཡི། །ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ལ། །མོས་གུས་གདུང་
ཤུགས་དྲག་པོས་གསོལ་བ་འདེབས། །བར་དོ་རང་ངོ་ཤེས་པར་ཐུགས་རྗེས་ཟུངས། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པའི་ཞིང་ཁམས་མཆོག་ཏུ་ལམ་སྣ་དྲོངས། །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། འཿཨཿཤཿསཿམཿཧཿ ཞེས་པའང་མི་འགྱུར་པས་སོ། ། ༈ རྒྱལ་བ་རབ་འབྱམས་རྒྱ་མཚོའི་བདེན་མཐུ་ཡིས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ། །འབྱུང་བའི་གནས་གཅོད་དྲག་པོ་མི་འབྱུང་ཞིང་། །བར་དོ་འཁྲུལ་པའི་རང་སྣང་ངོ་ཤེས་ནས། །ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་མཁའ་ཀློང་ཡངས་པས་སོ། །

ཞིང་སྒྲུབ་པདྨ་དྲྭ་བའི་རྒྱུན་ཁྱེར།

p. 276

༈ ཞིང་སྒྲུབ་པདྨ་དྲྭ་བའི་རྒྱུན་ཁྱེར་བཞུགས། སྦྱོར་བ་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་

p. 277

ཤོག །ལན་གསུམ། དངོས་གཞི་སྣོད་བཅུད་སྦྱོང་བྱེད་སྤྱན་རས་གཟིགས་ཀྱི་བསྐྱེད་བཟླས་བྱ་བ་སྟེ། སྟོང་ལས་གནས་ཡུལ་བདེ་བ་ཅན་གྱི་དབུས། །པད་དཀར་ཟླ་བའི་གདན་ལ་རང་ཉིད་ནི། །སྤྱན་རས་གཟིགས་དཀར་ཞལ་གཅིག་ཕྱག་བཞི་པ། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དང་པོའི་ཕྱག་གཉིས་ཐལ་སྦྱར་ནོར་བུ་འཛིན། །གཡས་འོག་ཤེལ་ཕྲེང་གཡོན་འོག་པད་དཀར་བསྣམས། །རིགས་བདག་འོད་དཔག་མེད་པའི་དབུ་རྒྱན་ཅན། །ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་འཁོར། །འོད་འཕྲོས་འགྲོ་དྲུག་སྤྱན་རས་གཟིགས་སུ་གྱུར། །ཐམས་ཅད་ཡིག་དྲུག་རང་སྒྲ་དི་རི་རི། །ཞེས་ཚིག་དོན་ཅི་ཤེས་བསྒོམས་ལ། ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགང་འོས་དང་། གཞན་ཡང་རིགས་བདག་གི་སྙིང་པོ། ༀ་ཨ་མི་དྷེ་ཝ་ཧྲཱིཿདང་། གཟུངས་སྔགས། ན་མོ་རཏྣ་ཏྲ་ཡ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ཨ་མི་ཏེ། ཨ་མི་ཏོདྦྷ་

p. 278

ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་མི་ནཱི། ག་ག་ན་ཀཱིརྟི་ཀ་རི་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཐུན་མཚམས་རྣམས་སུ་ཐོན་ནའང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །ཐུན་དང་ཐུན་མཚམས་ཀུན་ཏུ་འདི་ཚིག་གིས་གསལ་འདེབས་གལ་ཆེ་བ་ནི། ནང་བཅུད་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས། །སྒྲ་གྲགས་ཐམས་ཅད་ཡི་གེ་དྲུག་མའི་སྔགས། །བདེན་པར་མ་གྲུབ་སྒྱུ་མ་རྨི་ལམ་བཞིན། །གནས་ཡུལ་འདི་ཡང་བདེ་ཆེན་ཞིང་ཁམས་དངོས། །དེ་རུ་བདག་ཅག་སྐྱེས་ནས་ཡོད་པ་ལྟར། །དགའ་སྤྲོ་དཔག་ཏུ་མེད་པས་འདུན་སྨོན་བྱ། །ཞེས་པའམ། ཡང་ན་གོང་གི་ཚིག་རྐང་ཕྱི་མ་དེ། དག་སྣང་དགའ་སྤྲོ་བསྒོམས་པས་ལས་སྒྲིབ་དག །ཅེས་ཁ་བསྒྱུར་བ་གང་མོས་བྱ། སྤྲོ་ན་འདིར་རྒྱུ་བཞི་ཚང་བའི་ཞིང་སྨོན་རྒྱས་པ་གཤར་བསྒོམ་ལ་ནན་ཏན་བྱ། བསྡུ་ན་གོང་གི་འཕྲོ་ནས། རང་ཉིད་སྤྱན་རས་གཟིགས་སྐུ་འོད་ཀྱི་གུར། །སྙིང་ག་ཆོས་ཀྱི་འཁོར་ལོའི་མཁའ་དབྱིངས་སུ། །བདེ་ཆེན་ཞིང་གི་གསལ་སྣང་བརྟན་པ་དང་། །འཆི་སྲིད་

p. 279

དག་པའི་ཞིང་ཁམས་འགྲུབ་པར་སྨོན། །གཉིད་དང་སད་པ་ཀུན་ཏུ་དེ་ལ་དགའ། །ཞེས་རང་ཉིད་སྤྱན་རས་གཟིགས་ཀྱི་སྐུ་ཕྱི་ནི་འོད་ཀྱི་གུར་ལྟ་བུ་ལས་ནང་ཆ་བུ་དགུ་དང་རྩ་འཁོར་ལྟ་བུ་ནི་གཏན་ནས་བསྒོམ་མི་དགོས་ལ། ལུས་ནང་འོད་གུར་ལྟ་བུའི་སྙིང་ཁའི་ཐད་ཀྱི་ཁོང་སྟོང་པ་ཉིད་ཀྱི་དབུས་སུ་བདེ་ཆེན་ཞིང་ཁམས་བློ་ལ་འཆར་བདེ་མོ་ཞིག་དང་བླ་མ་འོད་དཔག་མེད་གཙོ་འཁོར་ལ་སེམས་དགའ་སྤྲོ་སེང་ངེ་བ་བསྒོམ་མོ། །ཡང་མཚན་མོ་ཉལ་བའི་དུས་སུའང་སྙིང་གའི་ཞིང་ཁམས་ལ་སེམས་དགའ་བའི་ངང་དུ་ཉལ། ནང་མོ་གཉིད་སད་མ་ཐག་ཕྱི་ནང་སྐྱེ་ཡུལ་གྱི་ཞིང་ཁམས་གསུམ་པོ་ཐམས་ཅད་དྲན་ཐུབ་ན་ཐམས་ཅད་དྲན། རེ་རེ་དྲན་ཐུབ་ན་རེ་རེ་དྲན། དེ་གསུམ་པོ་རང་སེམས་དག་པའི་སྣང་བ་གཅིག་ཡིན་པར་དྲན་ཐུབ་ན་གཅིག་ཏུ་དྲན་ཏེ་དད་པ་དག་སྣང་སྦྱོང་དགོས་ཏེ། མདོར་ན་ཚིག་གིས་གསལ་འདེབས་པ་ནི། སྐྱེ་ཡུལ་བདེ་ཆེན་ཞིང་དང་ཕྱི་ཡི་ཞིང་། །ནང་གི་ཞིང་ཁམས་གསུམ་པོ་གང་བདེ་དྲན། །གནད་ཀྱི་མན་ངག་གསུམ་པོ་འདི་གོམས་ན། །བདེ་བ་ཅན་དུ་སྐྱེ་ལ་དཀའ་ཚེགས་མེད། །ཅེས་བློ་ལ་ལེན་ནས་བསྒོམ་དགོས་སོ། །གོང་འོག་གི་ཞིང་སྦྱོང་

p. 280

འདི་གསུམ་ལ་འདུན་པ་སྦྱོང་ཚེ་ཡིག་དྲུག་བཟླ་བ་ཞལ་རྒྱུན་ཡིན། ཐུན་མཐར། འདི་ལྟར་བསྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོག་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཅེས་དང་། བཟང་སྤྱོད་དང་བདེ་སྨོན་རྒྱས་བསྡུས་སོགས་ཐེག་པ་ཆེན་པོའི་བསྔོ་སྨོན་སྐབས་དང་སྦྱར་བས་གྲུབ་བོ། ། ༈ བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་བསྡུས་པ་ནི། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་
ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨཱ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་གཙོ་འཁོར་རྣམས་ཀྱི་ཞལ་གཟིགས་པའི་ཚེ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་དགེ་བ་བསྔོ་བ་སོགས།

p. 281

༈ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་དགེ་བ་བསྔོ་བ་བཞུགས། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གིས་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་

p. 282

བསྡུས་ཏེ༔ བདག་གཞན་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨོ་ཁ་བྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མའོ།། །། ༈ བདེ་མཆོག་རང་སྲུང་ནི། ཨོཾ་མེ་དེ་ནཱི་བཛྲ་བྷནྡྷ་ཧཱུྃ། འོག་སྣ་ཚོགས་རྡོ་རྗེའི་ས་གཞི་གྲུ་བཞི་པར་གྱུར། ཨོཾ་བཛྲ་པྲ་ཀཱ་ར་ཧཱུྃ་བཾ་ཧཱུྃ། ལོགས་རྡོ་རྗེ་རྩེ་ལྔ་པ་དམར་པོའི་ར་བ་གྲུ་བཞི་པར་གྱུར། ཨོཾ་བཛྲ་པཉྫ་ར་ཧཱུྃ་བཾ་ཧཱུྃ། སྟེང་རྡོ་རྗེའི་གུར་གྲུ་བཞི་པ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པར་གྱུར། ཨོཾ་བཛྲ་བི་ཏཱ་ནཱ་ཧཱུྃ་ཁཾ་ཧཱུྃ། གུར་གྱི་ནང་དུ་རྡོ་རྗེའི་བླ་རེ་གྲུ་བཞི་པར་གྱུར། ཨོཾ་བཛྲ་ཤྭ་ར་ཛྭ་ལ་ཏྲཾ་སཾ་ཏྲཾ། སྟེང་དང་ཕྱི་རོལ་ཐམས་

p. 283

ཅད་རྡོ་རྗེའི་མདའ་ཡི་དྲྭ་བ་མདེའུ་ཐམས་ཅད་རྡོ་རྗེ་རྩེ་ལྔ་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱངྐ་ཧཱུྃ་ཧཱུྃ་ཧཱུྃ། ཡེ་ཤེས་ཀྱི་མེ་རི་ཁ་དོག་སྣ་ལྔ་གཡོན་དུ་འཁྱིལ་བའི་གུར་ཁང་དུ་གྱུར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་སོགས། སྲུང་བའི་འཁོར་ལོ་འདི་རྣམས་ཀྱང་སྲ་བ་བརྟན་པ་མཁྲེགས་པ་རྒྱུ་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པ་སུས་ཀྱང་གཞོམ་གཞིག་མི་ནུས་པ་རླུང་བསེར་བུའང་མི་ཐར་བར་བསམ་པའོ། ། ༈ ཉལ་བ་གཉིད་ཀྱི་སྐབས་སྤྱི་ཙམ་དུ། སེང་གེའི་ཉལ་སྟབས་ཀྱིས་མགོ་བྱང་དུ་བསྟན་ལ་འཆི་བ་རྗེས་སུ་དྲན་པས་དཀོན་མཆོག་གསུམ་ལ་བློ་གཏོད་ཅིང་གསོལ་བ་བཏབ་ནས་དགེ་བའི་བྱ་བ་ལ་ལྡང་བ་དང་སྣང་བའི་འདུ་ཤེས་ཉེ་བར་བཞག་སྟེ། སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་ནས་ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བློ་གནས་པར་བྱ། དེ་ལ་མི་གནས་ན་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་རུང་བསྒོམས་ཏེ་གཉིད་འོད་གསལ་དུ་ཐིམ་པའི་གསོལ་བ་དྲག་ཏུ་བཏབ་པས་བླ་མ་སྤྱི་བོ་ནས་བྱོན། སྙིང་འོད་ཀྱི་གུར་ཁང་ནང་དུ་རྡོ་རྗེ་འཆང་གི་སྐུ་ཤིན་ཏུ་ཕྲ་བར་བཞུགས་པའི་འོད་ཟེར་གྱིས་ལུས་ཀྱི་ནང་

p. 284

གསལ་བར་མོས་པའི་ངང་ནས་གཉིད་ལོག །མངྒ་ལཾ་དགེའོ།། །།

དགོངས་གཏེར་སྒྲོལ་མའི་བརྒྱུད་འདེབས་ཨུཏྤལ་ཕྲེང་བ། མཉྫུ་གྷོ་ཥ།

p. 285

དགོངས་གཏེར་སྒྲོལ་མའི་བརྒྱུད་འདེབས་ཨུཏྤལ་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཆོས་སྐུ་ཤེར་ཕྱིན་བཅོམ་ལྡན་ཀུན་བཟང་མོ། །ལོངས་སྤྱོད་ཡོངས་རྫོགས་བཛྲ་ཝ་ར་ཧི། །སྤྲུལ་པའི་རྣམ་རོལ་རྗེ་བཙུན་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སངས་རྒྱས་གཉིས་པ་པདྨ་ཀ་ར་དང་། །གསང་སྔགས་མཛོད་འཛིན་ཌཱ་ཀི་འབུམ་གྱི་རྗེ། །བྱང་ཆུབ་སེམས་དཔའ་ལྷ་སྲས་རོལ་པ་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་། །

p. 286

བཀའ་བབས་བདུན་ལྡན་རྡོ་རྗེ་གཟི་བརྗིད་རྩལ། །རྒྱལ་བསྟན་གསལ་མཛད་པདྨ་གར་གྱི་དབང་། །གསོལ་བ་འདེབས་སོ༴ གཞན་ཡང་ཟབ་གཏེར་་སྨིན་གྲོལ་མཛོད་འཛིན་པའི། །རྩ་བརྒྱུད་བླ་མ་འཕགས་མ་མྱུར་མཛད་ལྷ། །རྩ་གསུམ་རྡོ་རྗེ་ཆོས་སྲུང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་༴ ངེས་པར་འབྱུང་བས་བློ་རྒྱུད་ཞིང་ས་བརླན། །བསླབ་གསུམ་དག་པའི་ལྗོན་འཁྲུངས་ཚར་དུ་དངར། །ཡེ་ཤེས་ཆེན་པོའི་འབྲས་བུ་གཡུར་ཟ་བའི། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་པ་འདིའང་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་འཕེལ། །

༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་མཎྜལ་ཆོ་ག་ཚོགས་གཉིས་སྙིང་པོ།

p. 287

༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་མཎྜལ་ཆོ་ག་ཚོགས་གཉིས་སྙིང་པོ་བཞུགས་སོ༔

p. 288

ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡེ། དུས་གསུམ་འདྲེན་པ་སྲས་བཅས་ལ། །ཐུགས་བསྐྱེད་ཕྲིན་ལས་རྨད་བྱུང་བ། །ཡུམ་གྱུར་སྒྲོལ་མ་ལ་བཏུད་ནས། །བྱ་སྤྱོད་དང་མཐུན་ཉམས་ལེན་བཤད། །དེའང་ཟབ་ཏིག་འདི་རྣམས་ཡང་ཟབ་སྙིང་པོ་བསྡུས་པ་ཡིན་པས་སྤྲོས་བཅས་མང་དུ་མི་དགོས་ཀྱང་། ཅུང་ཟད་སྤྲོས་པ་དང་། རྒྱུན་ཁྱེར་དུ་བྱ་བ་སྟེ་རྒྱས་བསྡུས་གཉིས་ལས། དང་པོ་ནི། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བྲིས་འབུར་སོགས་དཀོན་མཆོག་གི་རྟེན་གང་འཛོམས་མདུན་དུ་སྟེགས་བུ་གཙང་མར་ཆུ་གཙང་ཉེར་སྤྱོད། དཀར་ཟླུམ། བསང་ཆུ། མཆོད་པའི་མཎྜལ། འཐོར་ནས་སོགས་འདུ་བྱས། གྲུབ་ན་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་དང་ལྡན་པར་བྱ་ཞིང་། མི་ལྕོགས་ན་ཤ་ཆང་མ་འཐུང་བའི་སྔ་དྲོའི་

p. 289

ཆ་ལྟ་བུར་སྲིད་ལས་ངེས་འབྱུང་དང་། བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས་སྐྱབས་སེམས་ནི། མདུན་གྱི་ནམ་མཁར་རྗེ་བཙུན་མ་མངོན་སུམ་དུ་བཞུགས་པར་མོས་ལ། ན་མོ། དཀོན་མཆོག་ཀུན་དངོས་རྗེ་བཙུན་མར། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བྱང་ཆུབ་སྨོན་པའི་སེམས་བསྐྱེད་ནས། །ཟབ་མོའི་ལམ་ལ་འཇུག་པར་བགྱི། །ཚོགས་བསགས་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་

p. 290

བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་

p. 291

ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པའི་བར་བརྗོད། མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། གནས་ཡུལ་པདྨོ་བཀོད་པའི་ཞིང་། །དབྱིབས་དང་རྒྱན་བཀོད་ཚད་མེད་པར། །ལྷ་རྫས་ཏིང་འཛིན་ལས་གྲུབ་པའི། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ན་ཁཾ། དེ་ནས་ཐོག་མར་དཀོན་མཆོག་སྤྱི་ལ་ཕྱག་མཆོད་འབུལ་བ་ནི། ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །

p. 292

པདྨ་ཀཱ་མ་ལ་ཡ་སྟྭཾ། ཡན་ལག་བདུན་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

p. 293

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་

p. 294

སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་

p. 295

ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་མཎྜལ་པཱུ་ཛ་མེ་གྷ་ཨཱ་ཧཱུྃ༔ ཞེས་མཎྜལ་ཕུལ། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེ༔ འགྲོ་ཀུན་སྐྱབས་དང་མགོན་གྱུར་པ༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་

p. 296

དང་ལོངས་སྤྱོད་མཆོད་པ་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང་༔ ཚེ་དང་བསོད་ནམས་འཕེལ་བ་དང་༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་འདོད་དོན་གསོལ། དེ་ནས་བྱེ་བྲག་ཏུ་རྗེ་བཙུན་མ་ལ་མཆོད་པ་ལན་གསུམ་འབུལ་ཞིང་བསྟོད་པའི་རྒྱུད་འདོན་པ་ནི། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ ཐུགས་ཀར་ཟླ་སྟེང་ཏཱཾ་ལྗང་གུ༔ དེ་ལས་འོད་ཟེར་དཔག་ཡས་འཕྲོས༔ འཕགས་མ་རྣམ་འཕྲུལ་ཉེར་གཅིག་དང་༔ དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཏཱཾ༔ སྐྱེ་མེད་འོད་གསལ་ཆོས་སྐུའི་དབྱིངས༔ འགགས་མེད་འཕགས་མའི་ཡེ་ཤེས་སྐུར༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་ཤར༔ ཚུར་གཤེགས་ཨཱརྱ་ཏཱ་རེ་ཛ༔

p. 297

བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི༔ ཇི་སྲིད་མཆོད་པ་བདག་བགྱིས་པ༔ དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ༔ པདྨ་ཀཱ་མ་ལ་ཡ་སྟྭཾ༔ ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཕགས་མ་སྒྲོལ་མ་འཁོར་བཅས་མཆོད༔ ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སྤྱན་དྲངས་ཤིང་མཆོད་པ་སྤྱིར་འབུལ། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོཿ ཞེས་མཎྜལ་བྱེ་བྲག་ཏུ་ཕུལ་ནས། བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་ཚར་གཉིས་བརྗོད། ཨོཾ། དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་

p. 298

ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོསདབྱིངས་རྒྱས་པར་བཀང་བྱས་ཏེ༔ འཕགས་མ་སྒྲོལ་མ་འཁོར་བཅས་མཆོད༔ ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སྤྱན་དྲངས་ཤིང་མཆོད་པ་སྤྱིར་འབུལ། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོཿ ས་མཆོད་པ་དང་། མཎྜལ་ཕུལ་ནས། ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཉིད༔ སྐྱབས་སྦྱིན་ཕྱག་རྒྱར་གྱུར་པའི་འོག༔ བདག་དང་བསྲུང་བྱ་ཀུན་ཚུད་ནས༔ འཇིགས་པ་ཀུན་ལས་དབུགས་དབྱུང་གྱུར༔ ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་བརྗོད། ཡང་མཆོད་པ་དང་མཎྜལ་ཕུལ། ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་

p. 299

པར་བཀང་བྱས་ཏེ༔ འཕགས་མ་སྒྲོལ་མ་འཁོར་བཅས་མཆོད༔ ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སྤྱན་དྲངས་ཤིང་མཆོད་པ་སྤྱིར་འབུལ། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང་༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོཿ ཞེས་མཎྜལ་ཕུལ་ནས། སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ རང་དང་བསྲུང་བྱའི་སྤྱི་བོ་ནས༔ ཞུགས་ཏེ་ལུས་ཀུན་གང་བ་ཡིས༔ བྱིན་རླབས་མ་ལུས་ཞུགས་པར་གྱུར༔ ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་བདུན་ཕན་ཡོན་བཅས་བརྗོད། གཏོར་མ་ཨ་མྲྀ་ཏས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཡིག་ལས༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང་༔ འབྲུ་གསུམ་ལས་བྱུང་གཏོར་མ་ནི༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔

p. 300

ལན་གསུམ། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཙོ་མོ་དང་། ཨ་ཀཱ་རོ་ལན་གསུམ་གྱིས་མགྲོན་རྣམས་ཐམས་ཅད་ལ་ཕུལ། ཨོཾ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང་༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་འདོད་དོན་གསོལ། ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ༔ སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང་༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཐལ་མོ་སྦྱར་ལ། རྗེ་བཙུན་འཕགས་མ་འཁོར་དང་བཅས། །དམིགས་མེད་ཐུགས་རྗེས་བརྩེར་དགོངས་ལ། །བདག་གིས་ཇི་ལྟར་གསོལ་བའི་དོན། །གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས། །

p. 301

བསྟན་འཛིན་ཐུགས་མཐུན་ཞབས་པད་བརྟན། །ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་། །བཤད་སྒྲུབ་ཕྲིན་ལས་འཕེལ་བར་མཛོད། །ནད་མུག་འཁྲུགས་རྩོད་ཞི་བ་དང་། །ཆོས་ལྡན་དཔལ་འབྱོར་གོང་དུ་འཕེལ། །ཆོས་སྐྱོང་རྒྱལ་པོའི་མངའ་ཐང་རྒྱས། །རྒྱལ་ཁམས་མཐའ་དབུས་བདེ་བར་མཛོད། །འཇིགས་པ་བཅུ་དྲུག་དུས་མིན་འཆི། །རྨི་ལམ་མཚན་ལྟས་ངན་པ་དང་། །འཁོར་བ་ངན་སོང་སྡུག་བསྔལ་སོགས། །གནས་སྐབས་མཐར་ཐུག་འཇིགས་ལས་སྐྱོབ། །ཚེ་བསོད་དབང་ཐང་ཉམས་རྟོགས་འཕེལ། །མི་དགེའི་རྟོགས་པ་མི་འབྱུང་ཞིང་། །བྱང་ཆུབ་སེམས་གཉིས་རྩོལ་མེད་སྐྱེས། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །འདི་ནས་བྱང་ཆུབ་སྙིང་པོའི་བར། །བུ་གཅིག་པོ་ལ་མ་བཞིན་དུ། །འབྲལ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཉིད་དང་དབྱེར་མེད་

p. 302

མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་ཁྱད་པར་དུ་བཏབ་ཅིང་ཐུགས་དམ་བསྐུལ་ནས། མདུན་བསྐྱེད་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་ཉིད་དུ་བྱིན་བརླབས་པས༔ རང་ཉིད་འཕགས་མ་སྒྲོལ་མའི་སྐུ༔ སྣང་ལ་རང་བཞིན་མེད་པར་གྱུར༔ ཅེས་རང་ཉིད་འཕགས་མའི་གསལ་སྣང་དང་ང་རྒྱལ་ལ་སེམས་བཟུང་སྟེ་ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་མཐར། ཡིག་གེ་བརྒྱ་པ་དང་། མ་རྙེད་ཡོངས་སུ་མ་ཚང་སོགས་བརྗོད་ལ་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང་། བཛྲ་མུཿ བརྗོད་ལ་མགྲོན་ཐབས་ཀྱི་ལྷ་རྣམས་གཤེགས། ལྷ་དང་རང་སེམས་དབྱེར་མེད་པ༔ ཆོས་དབྱིངས་གཉུག་མའི་ངང་དུ་བཞགཿ ཅེས་གནས་ལུགས་ཀྱི་ལྟ་བ་བསྐྱང་། དགེ་བ་འདི་ཡིས་མྱུར་དུ་བདག༔ འཕགས་མ་སྒྲོལ་མ་སོགས་བསྔོ་སྨོན་བྱ། ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར། །བསམ་པའི་དོན་ཀུན་ཐོགས་མེད་སྩོལ་མཛད་པ། །རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་བཅས་ཀྱིས། །མི་འབྲལ་ཐུགས་

p. 303

རྗེས་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་ལ་མེ་ཏོག་འཐོར་རོ། །གཉིས་པ་རྒྱུན་ཁྱེར་བྱ་བའི་ཚེ། འཕགས་མའི་རྟེན་འཛོམས་ན་ལེགས། མ་འཛོམས་ན་ཡིད་ཀྱིས་བསྒོམ་པས་འཐུས། མཎྜལ་དང་མཆོད་པ་བཤམས་ལ་གོང་དུ་སྨོས་པའི། མདུན་གྱི་ནམ་མཁར་སོགས་ནས་སྐྱབས་སེམས་དང་མཆོད་པ་བྱིན་རླབས་བར་བཏང་། དཀོན་མཆོག་སྤྱི་མཆོད་མི་དགོས་པས། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ སོགས་ནས། མཆོད་པ་དང་མཎྜལ། བསྟོད་པ་ལན་གསུམ་བསྐྱར་བའི་ཕྱི་མ་ཕྱག་འཚལ་ཉེར་གཅིག་གམ་བདུན་ཕན་ཡོན་དང་བཅས་པའི་མཐར༔ སྤྲོ་ན། རྗེ་བཙུན་འཕགས་མ་འཁོར་དང་བཅས། །སོགས་འདོད་གསོལ་གྲུབ་ན་བྱ། མ་བྱས་ཀྱང་ཆོག་མདུན་བསྐྱེད་འོད་ཞུ་སོགས་ནས་བཟླས་པ་ནོངས་བཤགས་བར་སྔར་ལྟར་ལ། གཤེགས་གསོལ་སོགས་མི་དགོས། ལྷ་དང་རང་སེམས་སོགས། དགེ་བསྔོ་ཤིས་བརྗོད་བཅས་ཀྱིས་གྲུབ་བོ། །དགེའོ།། །།

འགྲོ་འདུལ་འཇིག་རྟེན་དབང་ཕྱུག་གི་ལས་ཚོགས་སྐོར་ལས་སྒོ་བཞིའི་སྒྲོལ་མའི་སྐབས་སུ་གསུངས་པའི་མཎྜལ་གྱི་ཆོ་ག་འདོད་དགུ་མཆོག་སྩོལ་དཔག་བསམ་ཤིང་མཆོག

p. 304
p. 305

༄༅། །འགྲོ་འདུལ་འཇིག་རྟེན་དབང་ཕྱུག་གི་ལས་ཚོགས་སྐོར་ལས་སྒོ་བཞིའི་སྒྲོལ་མའི་སྐབས་སུ་གསུངས་པའི་མཎྜལ་གྱི་ཆོ་ག་འདོད་དགུ་མཆོག་སྩོལ་དཔག་བསམ་ཤིང་མཆོག་བཞུགས་སོ། །

p. 306

ཆོས་སྐུའི་མཁའ་དབྱིངས་བསོད་ནམས་དཔག་ཏུ་མེད། །ལོངས་སྐུའི་ཉི་འོད་འཕགས་མཆོག་མིག་མི་འཛུམ། །སྤྲུལ་སྐུ་ཐུགས་རྗེ་མྱུར་མ་ཟླ་བའི་འོད། །འཕགས་མ་ཨརྱ་ཏཱ་རེ་སྤྱི་བོར་མཆོད། །གང་གི་བྱིན་རླབས་སྤྲིན་ཕུང་ལས། །ལེགས་འོངས་ཐུགས་རྗེའི་བདུད་རྩིའི་ཆར། །འགྲོ་ཁམས་འཛིན་མའི་ཁྱོན་རྣམས་ལ། །དངོས་གྲུབ་དགེ་མཚན་སྨིན་མཛད་གསོལ། །དེ་ལ་འདིར་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་སྤྱན་རས་གཟིགས་ཀྱི་ལས་ཚོགས་ལས་བྱུང་བའི་འཕགས་མ་སྒྲོལ་མ་འཁོར་བཅས་ལ་མཎྜལ་འབུལ་ཞིང་འདོད་དོན་གསོལ་བའི་ཚུལ་གྱིས་སྐབས་དབྱེ་བ་ལ། གཏེར་གཞུང་ལས། འཕགས་མ་འཁོར་བ་ལས་སྒྲོལ་མ༔ ཡུམ་མཆོག་ཡི་གེ་དྲུག་མ་ཡིས༔ འཇིགས་པ་ཀུན་ལས་སྐྱོབ་པའི་ཐབས༔ རྟེན་དང་མཆོད་པ་བཀོད་ལེགས་བཀྲམ༔ བསོད་ནམས་ཉེ་བར་བསགས་པ་སྟེ༔ བྱིན་རླབས་འཇུག་བྱའི་རྟེན་བསྐྱེད་ནས༔ ཡེ་ཤེས་འཕགས་མ་སྤྱན་དྲངས་བྱ༔

p. 307

བསྙེན་ཕྱིར་ཡན་ལག་བདུན་གྱིས་མཆོད༔ སྒྲུབ་ཕྱིར་བསྙེན་ཅིང་བསྟོད་ཚོགས་འབུལ༔ འདོད་པའི་དོན་ལ་གསོལ་བ་གདབ༔ རིམ་པ་དེ་དག་སོ་སོ་རུ༔ གཉིས་གཉིས་བུ་ཡི་ཕོངས་པ་སེལ༔ གསུམ་གསུམ་ནོར་གྱི་དབུལ་བ་བྲལ༔ བདུན་བདུན་བསྒྲུབས་ན་འདོད་དོན་ཀུན༔ ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར༔ ཞེས་གསུངས་པ་ལྟར། སྦྱོར་བ་དང་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་བཤམ་འདོན་གཉིས་ཀྱི་སྦྱོར་བ་ལས། ཐོག་མར་ཡིད་དང་མཐུན་པའི་གནས་གཙང་ཞིང་དགེ་བར་སྟེགས་ཀྱི་ཁར་འཕགས་མའི་སྐུ་བརྙན་རབ་གནས་དང་ལྡན་པའི་མདུན་དུ་རིན་པོ་ཆེའི་མཎྜལ་དྲི་མ་མེད་པར་དྲི་བཟང་གིས་བགོ་ཞིང་། མཎྜལ་འབུལ་རྒྱུ་འབྲུ་དང་རིན་པོ་ཆེ་སྨན་སྣ་སོགས་དྲི་དང་སྤོས་ཆབ་ཀྱིས་སྦགས་པ་ཟུར་དུ་བཞག །ཉེར་སྤྱོད་རྣམ་པ་བདུན་གྱིས་གཡས་སུ་བསྐོར། ལུགས་སྤྱི་དང་མཐུན་པའི་འཕགས་མའི་མཆོད་གཏོར་དང་། ཁྱད་པར་དཀར་གསུམ་ལས་

p. 308

བཟོས་པའི་ལྷ་མོའི་གཏོར་འབུལ། གཞན་ཡང་ཆོས་སྐྱོང་སྤྱི་དང་རིགས་དྲུག་གཞི་བདག་དང་བཅས་པའི་གཏོར་འབུལ་བྱེད་པར་སྤྲོ་ན་བཤམས། རང་གི་མདུན་དུ་མེ་ཏོག རྡོར་དྲིལ། རོལ་མོ། བསང་ཆུ་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་ནི། ཚད་མེད་ཀྱི་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་བརྟན་པོའི་ངང་ནས་འདི་སྐད་དོ། །མདུན་གྱི་ནམ་མཁར་བླ་མ་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབ་པ་ལྟར་བཞུགས་པའི་དྲུང་དུ་བདག་གཞན་སེམས་ཅན་རྣམས་ཀྱིས་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་བྱའོ། །ན་མོ༔ སྐུ་གསུམ་བདག་ཉིད་ཆེན་པོ་བླ་མ་དང་༔ མ་ཆགས་པདྨའི་རིགས་མཆོག་སངས་རྒྱས་དཔལ༔ ཐེག་མཆོག་གསུང་རབ་བྱང་སེམས་འཕགས་མའི་ཚོགས༔ ཀུན་ལ་བདག་གཞན་འགྲོ་རྣམས་སྐྱབས་སུ་མཆི༔ འགྲོ་ཀུན་མ་ལུས་སངས་རྒྱས་སར་འགོད་ཕྱིར༔ དང་པོར་བདག་ཉིད་བླ་མེད་བྱང་ཆུབ་བསྒྲུབ༔ ཅེས་སྐྱབས་འགྲོ་སེམས་

p. 309

བསྐྱེད་ལན་གསུམ་དང་། ལས་ཐམས་ཅད་པའི་སྔགས་ཀྱིས་བསང་ཆུ་ནུས་ལྡན་དུ་བསྒྲུབ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། མཆོད་རྫས་དང་ཡོ་བྱད་ཀྱི་དངོས་འཛིན་བག་ཆགས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་འཁོར་ཡུག་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ། ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་དབུས་སུ་མཆོད་རྫས་ཐམས་ཅད་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ། རྒྱུ་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐར་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱན་ལམ་དུ་འབྱུང་བར་གྱུར་ཅིག །ཨོཾ་ན་མོ་བྷ་ག་ཝ་

p. 310

ཏེ་བཛྲ་ས་ར་པྲ་མརྡྷ་ན་ཡེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲ། མ་ཧཱ་ཏེ་ཛྭ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བོ་དྷི་མནྚོ་པ་སཾ་ཀྲ་མ་ན་བཛྲ། སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ནི་བཛྲེ་སྭཱ་ཧཱ༔ མཆོད་པའི་སྤྲིན་གྱི་གཟུངས་ཀྱིས་མཆོད་རྫས་རྣམས་བྱིན་བརླབས་ཏེ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི་ཏེ། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སམྦྷ་ཝ་ཏེ། བཛྲ་དྷརྨཱ་ཧྲྀ་ད་ཡ་ནི། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལྷ་རྣམས་ཐུགས་རྒྱུད་བསྐུལ་ནུས་པར་བྱིན་བརླབ་པར་མོས་ལ་རོལ་མོ་སྒྲོགས། འབྲུ་རིགས་མེ་ཏོག་གི་ཕྲེང་བ་ལྷ་རྣམས་གང་ལ་ཕོག་པའི་ཐུགས་རྒྱུད་བསྐུལ་ནུས་པར་བྱིན་བརླབས་པར་མོས་ལ་མེ་ཏོག་སྙེམ་པར་བཅངས་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། པུཥྤེ་ཨུདྦྷ་ཝེ། པུཥྤེ་སམྦྷ་ཝེ། པུཥྤ་ཨ་ཝ་ཀིརྞེ་སྭཱ་ཧཱ། ཞེས་

p. 311

ལན་བདུན་གདབ་པར་བྱའོ། །གཉིས་པ་དངོས་གཞི་ལ། སྤྱི་དང་བྱེ་བྲག་གསུམ་གྱི་དང་པོ་དཀོན་མཆོག་སྤྱིར་འབུལ་བ་ནི། མདུན་ཕྱོགས་མཆོད་པའི་སྤྲིན་ཕུང་རྒྱ་མཚོ་འཁྲིགས་པའི་ནམ་མཁར་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་དར་ཟབ་དང་པདྨ་ཉི་ཟླ་བརྩེགས་པའི་གདན་ཡངས་ཤིང་རྒྱ་ཆེ་བ་མཛེས་ཤིང་མངོན་པར་བཀྲ་བས་རབ་ཏུ་གཏམས་པར་གྱུར། སྙིང་གའི་འོད་ཟེར་དང་མོས་གུས་དྲག་པོའི་ཤུགས་ཀྱིས་འོག་མིན་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་ཏེ་མདུན་དུ་གཤེགས་པར་གྱུར་སྙམ་སྟེ་སྤོས་དང་རོལ་མོ་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེའི་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །

p. 312

བཛྲ་ས་མཱ་ཛཿས་སྤྱན་དྲངས། ཇི་ལྟར་བལྟམས་པ་ཙམ་ཉིད་དུ། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ ཞེས་སྐུ་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྐུ་ཕྱི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་ན་བཟའ་ཕུལ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་ཏུ་

p. 313

མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་གདན་འབུལ། ཡན་ལག་བདུན་མ་འབུལ་བར། ཐོག་མར་ཕྱག་དང་བཅས། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ན་མོ་སུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒ་ཡ། ལན་གསུམ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་

p. 314

ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་བ། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །

p. 315

བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཚོམ་བུའི་འདུ་འགོད་དང་བཅས། ཨོཾ་ཨཱཿཧཱུྃ། བསོད་ནམས་ཞིང་གྱུར་མཆོག་རྣམས་དགོངས་སུ་གསོལ། །མཐའ་ཡས་ནམ་མཁར་འབྱུང་བ་རིམ་བརྩེགས་དབུས། །རིན་ཆེན་ལྷུན་པོ་གསེར་རི་རོལ་མཚོ་དང་། །གླིང་བཞི་གླིང་ཕྲན་འཁོར་ཡུག་ལྕགས་རི་བཅས། །སྣོད་ཀྱི་མཎྜལ་བཟང་པོ་འདི་འབུལ་ལོ། །རྣམ་རྒྱལ་ཁང་བཟང་ཁྲི་མཆོག་དཔག་བསམ་ཤིང་། །གཏེར་གྱི་བུམ་བཟང་འདོད་པ་འཇོ་བའི་བ། །མ་རྨོས་ལོ་

p. 316

ཏོག་རིན་ཆེན་རི་དང་ཚལ། །ཡན་ལག་བརྒྱད་ལྡན་རྫིང་བུ་བདུད་རྩིའི་ཆུ། །ཕུན་ཚོགས་རྟེན་གཞི་བཟང་པོའི་མཎྜལ་འབུལ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་ལྷ་མི་ཀླུ་ཡི་ནོར། །སྲིད་ཞིའི་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ཀུན། །རིན་ཆེན་མཎྜལ་གཅིག་ཏུ་བསྡུས་ནས་ཀྱང་། །དེ་དག་རྡུལ་སྙེད་བྱེ་བར་སྤྲུལ་བྱས་ནས། །ཞིང་གི་དམ་པ་མཆོག་ལ་འབུལ་བར་བགྱི། །གནས་ཡུལ་བུ་དང་ཆུང་མ་འབངས་འཁོར་བྲན། །རིན་ཆེན་འབྲུ་ནོར་ལོངས་སྤྱོད་ཅི་མཆིས་དང་། །བདག་ལུས་ཕུང་ཁམས་སྐྱེ་མཆེད་སེམས་ཀྱི་ཁམས། །ཚོགས་དྲུག་བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །རྣམ་དག་སྲིད་ཞིའི་དཔལ་དུ་སྤྲུལ་ནས་ཀྱང་། །བླ་མ་རྒྱལ་བ་སྲས་བཅས་ཚོགས་རྣམས་ལ། །མོས་བློས་ཚོགས་ཆེན་རྫོགས་པའི་མཎྜལ་འབུལ། །བཞེས་ནས་ཐུགས་རྗེས་བྱིན་

p. 317

གྱིས་བརླབ་ཏུ་གསོལ། །སརྦ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། ཞེས་མཎྜལ་འབུལ་ཞིང་། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་བདུག་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པར་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡའི་བར་གྱིས་མཆོད་ཅིང་རོལ་མོ་བྱ། སྤྲོ་ན། རིན་ཆེན་སེམས་བཟུང་ཡང་སྦྱར། སྡིག་བཤགས་སོགས་ཡན་ལག་ལྷག་མ་ནི། འདོད་ཆགས་ཞེ་སྡང་

p. 318

གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །

p. 319

རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །དེ་ནས། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་པ་སྦྱོར་བ་དག་པ་ཡིས། །ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་ཅན་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིགས་རྣམས་ཇི་སྙེད་པ། །སོ་སོའི་སྐྱེ་བོ་རྟོགས་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤང་སྟེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པར་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་མཆོག་ལ་གཞོལ་གྱུར་ཅིག །ཅེས་འདོད་དོན་

p. 320

གསོལ། གཉིས་པ་ཁྱད་པར་རྗེ་བཙུན་མ་འཁོར་དང་བཅས་པར་ལན་གསུམ་དུ་མཆོད་ཅིང་བསྟོད་པའི་དང་པོ་ནི། མདུན་རྟེན། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང་། སྣང་ཡུལ་ཆོས་རྣམས་སྟོང་པར་གྱུར༔ སྟོང་ལས་པད་དཀར་ཟླ་བ་ནི༔ རབ་ཏུ་རྒྱས་པ་ལྔ་ཚོམ་གྱི༔ དབུས་དང་ཕྱོགས་བཞི་འདབ་མར་བཅས༔ སོ་སོའི་ལྟེ་བར་ཏཱྃ་ཡིག་ལས༔ འོད་ཀྱི་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་ཐིམ་ཞིང་ཡོངས་གྱུར་ལས༔ དབུས་སུ་རྗེ་བཙུན་སྒྲོལ་མ་ནི༔ མཐོན་ཀའི་མདངས་འཚེར་ཞི་འཛུམ་སྒེག༔ མཆོག་སྟེར་སྐྱབས་སྦྱིན་ཕྱག་རྒྱ་ཡིས༔ གསེར་སྔོ་ཆུ་སྐྱེས་པདྨ་བསྣམས༔ ལྷ་མོའི་ཆ་བྱད་ཟུར་ཕུད་གཡོ༔ གཡས་བརྐྱང་སྟབས་ཀྱིས་གདན་ལ་རོལ༔ དྲི་མེད་ཟླ་བའི་རྒྱབ་ཡོལ་མངའ༔ ཤར་དུ་ཞི་མཛད་སྒྲོལ་མ་དཀར༔ ཕྱག་གཉིས་མཆོག་སྦྱིན་ཁྲུས་ཀྱི་བུམ༔ པདྨ་སྨན་གྱི་རྒྱལ་པོས་མཚན༔ ཆ་ལུགས་རྒྱན་རྣམས་

p. 321

གཙོ་མོར་མཚུངས༔ ལྷོ་རུ་ཡིད་བཞིན་འཁོར་ལོ་ནི༔ དཀར་སེར་ཞི་འཛུམ་ཕྱག་གཉིས་ཀྱིས༔ མཆོག་དང་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ ཟུར་ཕུད་གཡོ་ཞིང་དར་ལི་དང་༔ རིན་ཆེན་ཚོགས་རྣམས་སྐུ་ལ་བརྒྱན༔ ཡེ་ཤེས་སྤྱན་བདུན་མངོན་པར་བཀྲ༔ སྐྱིལ་མོ་ཀྲུང་གིས་པད་ཟླར་བཞུགས༔ དྲི་མེད་ཟླ་བཞིན་རྒྱབ་ཡོལ་མཛེས༔ ནུབ་ཏུ་མྱུར་མ་རིག་བྱེད་མ༔ དམར་གསལ་ཆགས་པའི་འཛུམ་བག་སྒེག༔ ཕྱག་གཉིས་པདྨའི་མདའ་གཞུ་བཀང་༔ དར་དང་ཨུཏྤལ་པདྨས་བརྒྱན༔ ཞབས་གཉིས་པདྨའི་རོལ་སྟབས་བཞུགས༔ དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན༔ བྱང་དུ་ཇོ་མོ་ཁྲོ་གཉེར་ཅན༔ ལྗང་གསལ་ཞི་མ་ཁྲོས་པའི་ཉམས༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ འཇིག་རྟེན་བདུན་པོ་སྐྱོང་བའི་ཚོགས༔ གཡས་བསྐུམ་གཡོན་བརྐྱང་ཞབས་

p. 322

ཀྱིས་མནན༔ ཕྱི་རོལ་འདབ་མ་བཅུ་དྲུག་ལ༔ བར་ཆད་སེལ་དང་འཇིགས་པ་སྐྱོབ༔ འབྲུ་ནོར་སྤེལ་དང་དོན་ཉམས་སེལ༔ འཇིགས་བརྒྱད་སྐྱོབས་པའི་སྒྲོལ་མ་རྣམས༔ འོད་དང་འོད་ཟེར་འབར་བའི་ཀློང་༔ རྒྱན་དང་ཆ་ལུགས་རྫོགས་པར་གསལ༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན༔ རང་རང་ཐུགས་དབུས་པད་ཟླའི་སྟེང་༔ ཏཱྃ་ཡིག་རིགས་ཀྱི་ཁ་དོག་ལས༔ འོད་འཕྲོས་མི་འཇེད་སྟོང་གི་གནས༔ པོ་ཊ་ལ་ཡི་གནས་རྣམས་ནས༔ འཕགས་མ་འཁོར་བཅས་སྤྱན་དྲངས་གྱུར༔ སྤོས་རོལ་དབྱངས་དང་བཅས། ཏཱྃཿ པོ་ཊ་ལ་ཡི་གནས་མཆོག་ནས༔ ཏཱྃ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་༔ ཏཱྃ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ༔ སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི། བཛྲ་ས་མཱ་ཛཿ དམ་ཚིག་པ་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར། པདྨ་ཀཱ་མ་ལ་ཡ་སྟྭཾ། ཞེས་གདན་

p. 323

འབུལ། དེ་ནས་བདུན་རྣམ་དག་འབུལ་བའི་ཐོག་མར་གུས་ཕྱག་དང་བཅས། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། སོགས་ལན་གསུམ་དང་། ལྷ་དང་ལྷ་མིན་ཅོད་པན་སོགས་ལན་གཉིས་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །དེ་ནས་མཎྜལ་རྒྱས་པར་གོང་གི་ཨོཾ། བསོད་ནམས་ཞིང་གྱུར་སོགས་དང་། བསྡུ་ན། ཨོཾ༔ བཅོམ་ལྡན་འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ དངོས་འབྱོར་ལུས་དང་ལོངས་སྤྱོད་འབྱོར་རྒུའི་ཚོགས༔ བློས་བླངས་འཁོར་ཡུག་རི་གླིང་སྟོང་གསུམ་གྱི༔ སྣོད་བཅུད་བཀོད་པ་ཡིད་སྤྲུལ་མཆོད་པའི་ལྷ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་རིགས༔ ལྷ་མིའི་ལོངས་སྤྱོད་གཞན་འཕྲུལ་དཔལ་ལྟར་འཕྲོ༔ ཚོགས་ཆེན་མཎྜལ་བཟང་པོ་གུས་པས་འབུལ༔ ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་

p. 324

སྩོལ༔ སརྦ་མཎྜལ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་མཆོད་པ་འབུལ་བར། ཨོཾ། བཅོམ་ལྡན་འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ། །བརྒྱད་ལྡན་ཡོན་ཆབ་བཟང་པོ་སྐོམ་གྱི་གསོས། །ཆུ་དང་འདག་ཆལ་ཁྲུས་ཆབ་ཞབས་བསིལ་རྒྱུན། །མཛེས་ལེགས་ཁ་དོག་བཀྲ་བའི་མེ་ཏོག་རིགས། །རང་བྱུང་ངད་ལྡན་སྦྱར་བའི་དྲི་མཆོག་འཐུལ། །འོད་འབར་སྣང་གསལ་ཉི་ཟླའི་མདངས་ལྟར་འཚེར། །བྱུག་པ་དྲི་ཡི་རེག་བྱ་འཇམ་ལ་བདེ། །ཁ་དོག་དྲི་རོ་ནུས་བཅུད་སྟོང་ལྡན་བཤོས། །སྣ་ཚོགས་གླུ་དབྱངས་སྙན་པའི་རོལ་མོ་འཁྲོལ། །ཞིང་རྡུལ་གྲངས་ཀྱི་མཆོད་བྱེད་ལྷ་མོར་བཅས། །འབུལ་ལོ་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། བསྡུ་ན། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་

p. 325

ཚོགས་ཀྱིས་བཞེས་སུ་གསོལ། །ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་ནས་ཤབྟ་བར་གྱིས་མཆོད། ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་ཚོར་བྱིངས་པ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ཏེ། །རིང་པོར་མི་ཐོགས་འགྲོ་

p. 326

བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པས་ཡན་ལག་ལྷག་མ་རྣམས་ཕུལ་ནས། བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །སྟོན་ཟླ་ཉ་གང་རྒྱས་པའི་ཞལ༔ མདངས་ལྡན་སྐར་མ་སྟོང་འཚོགས་པའི༔ རབ་ཏུ་བྱེ་བའི་འོད་འཕྲོ་མ༔ ཡིད་བཞིན་འཁོར་ལོར་རབ་ཏུ་བསྟོད༔ སྙིང་རྗེ་ཆེན་པོའི་ལང་ཚོར་ལྡན༔ མཛེས་སྒེག་མཐོ་རིས་ཡིད་འཕྲོག་ཅིང་༔ བྱམས་པས་ངན་འགྲོར་བུ་བཞིན་བརྩེ༔ འཕགས་མ་ལྷ་མོ་རྣམས་ལ་བསྟོད༔ ཅེས་པས་བསྟོད། དེ་ནས་སྒྲུབ་པར་བསྙེན་ཅིང་བསྟོད་ཕྱག་འབུལ་བ་གཉིས་ཀྱི་དང་པོར། ཐུགས་དབུས་ཟླ་བར་ཏཱྃ་ཡིག་ལ༔ རང་མདོག་སྔགས་ཕྲེང་གཡོན་དུ་བཀོད༔ བཟླས་པས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་ཀུན་མཆོད་

p. 327

བྱིན་རླབས་བསྡུས༔ མཆོག་ཐུན་དངོས་གྲུབ་ཡིད་བཞིན་འགྲུབ༔ ནད་གདོན་སྡིག་སྒྲིབ་བར་ཆད་ཞི༔ འཇིགས་པ་ཀུན་ལས་སྐྱོབས་པ་དང་༔ དབུལ་བའི་སྒྲིབ་བསལ་འབྲུ་ནོར་སྨན༔ ལོངས་སྤྱོད་ཚེ་བསོད་དཔལ་འབྱོར་རྒྱས༔ རིགས་ཀྱིས་ཕོངས་དང་དོན་ཉམས་བསལ༔ མོས་བཞི་གང་འདོད་དབང་དུ་བསྡུས༔ དྲེགས་ཀུན་ཟིལ་གནོན་དགྲ་དང་བགེགས༔ རྡུལ་དུ་བརླག་ཅིང་བསྲུང་བར་བསྒོམ༔ རྩ་བསྙེན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་སྭཱ་ཧཱ༔ ཡང་དྲིལ་ཟབ་གནད། ཨོཾ་ཏཱ་རེ་ཏཱྃ་སྭཱ་ཧཱ༔ བརྒྱ་རྩ་གཉིས་བཞི་བཟླས། གཞན་ཡང་སྲིད་ཀྱི་དངོས་གྲུབ་འབྱུང་བར་འདོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་པུ་ཏྲ་སིདྡྷི་ཧཱུྃ་སྭཱ་ཧཱ༔ འཇིགས་པའི་ཚོགས་ཐམས་ཅད་ཞི་བ་དང་བསྲུང་བར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཕཊ་སྭཱ་ཧཱ༔ ནད་དང་དབུལ་ཕོངས་ཀྱི་འཇིགས་པ་བསལ་བའི་ཕྱིར། ཨོཾ་ཏཱ་རེ་ཏཱ་རེ་ཕཊ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཧ་ར་ཧ་ར་སྭཱ་ཧཱ༔ མི་མཐུན་གནོད་པ་ལས་སྲུང་ཞིང་མོས་བཞི་དབང་དུ་བསྡུ་བའི་

p. 328

ཕྱིར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ དགྲ་བགེགས་འབྱུང་པོ་འདུལ་ཞིང་དབང་དུ་བྱ་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷྱ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ལས་དམིགས་བསལ་གྱི་སྐབས་སུ། རྩ་བསྙེན་གྱི་ཕྱེད་ཆ་ལས་སྔགས་སྐབས་སུ་གང་བབ་བཏགས་ཏེ་གོང་གི་རྣམ་གྲངས་བཟླས་མཐར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འཕགས་མའི་ཚོགས་རྣམས་ལ༔ རྩེ་གཅིག་གདུང་བས་གསོལ་བ་འདེབས༔ སྙིང་རྗེའི་ཐུགས་དམ་དུས་མ་གཡེལ༔ མྱུར་དུ་བྱམས་པའི་ཕྱག་སྐྱོང་ལ༔ འཁྲུལ་སྣང་བདག་གཞན་ལུས་དང་སེམས༔ འཇིགས་ཆེན་འདི་ལས་བསྐྱབ་པ་དང་༔ སྡུག་བསྔལ་ཉོན་མོངས་འདི་ཉིད་ལས༔ མྱུར་དུ་གྲོལ་བར་མཛད་དུ་གསོལ༔ ཞེས་འདོད་དོན་གསོལ། གཉིས་པ་བསྟོད་ཕྱག་འབུལ་བར། རང་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་སྤྲུལ་སྐུའི་ཆ་བྱད་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པར་གསལ་བའི་ལྗགས་པདྨའི་འདབ་མ་གསུང་དབྱངས་ཀྱི་ཡན་ལག་

p. 329

རྒྱ་མཚོའི་སྒྲ་ཡིས་འཕགས་མ་མྱུར་མ་དཔའ་མོའི་ཡོན་ཏན་རྣམས་རྗེས་སུ་དྲན་པའི་སྒོ་ནས་བསྟོད་པར་གྱུར་སྙམ་སྟེ། རྒྱས་པར་ཕྱག་འཚལ་ཉེར་གཅིག་གཉིས་སམ་བཞི་བརྗོད། བསྡུ་ན། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔལ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱ་བ་ལས་ནི་བྱུང་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུག་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཀུན་ལས་རྣམ་པར་སྒྲོལ་མ། །ཞེས་གོང་གི་རྣམ་གྲངས་ཀྱིས་བསྟོད་ཅིང་། ཐལ་མོ་མེ་ཏོག་དང་བཅས་འདོད་དོན་སྤྱིར་གསོལ་བ་ནི། སྙིང་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས། །འགྲོ་ལ་བྱམས་པའི་མཐུ་ཡིས་ཐུགས་ལས་འཁྲུངས། །དྲན་པ་ཙམ་གྱིས་ཡིད་ཀྱི་གདུང་སེལ་བ། །ལྷ་མོ་

p. 330

ཡེ་ཤེས་ཟླ་བ་ཁྱོད་ལ་འདུད། །ཁྱེད་ཀྱི་ཐུགས་བསྐྱེད་ནམ་མཁའི་ཕ་མཐར་སོན། །འགྲོ་བའི་རེ་སྐོང་འདོད་དགུ་སྦྱིན་མཛད་མ། །འཕགས་མ་སྒྲོལ་མ་མྱུར་མ་དཔའ་མོ་སྟེ། །སྔོན་གྱི་སྨོན་ལམ་དུས་འདིར་འགྲུབ་པར་མཛོད། །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བའི་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་

p. 331

གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་ཀུན་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཁྱད་པར་སྲིད་འཕེལ་བར་འདོད་ན། སྙིགས་མའི་འགྲོ་ལ་ཕན་བཞེད་རྒྱལ་བའི་སྲས། །རིག་འཛིན་འཕགས་པའི་གདུང་རྒྱུད་གསེར་གྱི་ཕྲེང་། །མི་ཉམས་འཕྱུག་མེད་བློ་གྲོས་མཁྱེན་རྩལ་ལྡན། །མཚན་དཔེའི་ལུས་རྫོགས་སྐུ་ཚེ་མཛད་ཕྲིན་ཅན། །ཚར་དུ་དངར་བས་འགྲོ་བའི་དོན་མཛད་ཕྱིར། །མཆོག་དང་སྐྱེ་བ་སྤྲུལ་སྐུ་འཕེལ་མཛད་གསོལ། །རྒྱལ་རིགས་ལྷུན་པོ་རྗེ་རིགས་སཱ་ལའི་ལྗོན། །

p. 332

བསོད་ནམས་སྤེལ་མཛད་འབྱོར་ལྡན་ཁྱིམ་བདག་བཅས། །བསྟན་པའི་སྲི་ཞུ་འགྲོ་ལ་ཕན་བགྱིད་སླད། །རིགས་རུས་མི་འཆོལ་ཡ་རབས་ལྷ་ཡི་སྲས། །སྟོབས་རྩལ་ལངས་ཚོ་ལོངས་སྤྱོད་དཔལ་གྱིས་ཕྱུག །རྣམ་དཀར་སེམས་ལྡན་སྐྱེད་ཆེ་གཏོང་ཕོད་དང་། །སྙིང་སྟོབས་ལྡན་པའི་ཁྱེའུ་སྤེལ་བར་མཛོད། །འབངས་རིགས་ཕལ་པའི་མི་ཁྱིམ་ཐམས་ཅད་ཀུན། །དམངས་པོར་མི་འགྱུར་འཕེན་པོ་བུ་ཡིས་ཕྱུག །ཡ་རབས་རིགས་ཀྱི་བརྒྱུད་པ་འཕེལ་མཛད་གསོལ། །རྐང་བཞི་འཕེལ་བར་འདོད་ན། རྐང་གཉིས་འགྲོ་བའི་གསོས་གྱུར་གཡུང་དྭགས་རིགས། །ཞོན་པ་རྟ་དྲིལ་བཀོལ་སྤྱོད་མཛོ་ཁལ་གླང་། །རྐང་ཕྲན་ར་ལུག་བ་དང་བོང་བུའི་ཚོགས། །འཕེལ་སྐྱེད་རིགས་ཀྱི་ཚོགས་རྣམས་འབྲུ་མཆོག་ལྟར། །ཟད་པ་མེད་པར་གྲངས་མེད་སྤེལ་བ་དང་། །དེ་དག་སྐྱེད་ཆེ་ལུས་སྟོབས་མདངས་དང་ལྡན། །ས་སྟེང་ཡོངས་

p. 333

སུ་ཁེངས་པར་མཛད་དུ་གསོལ། །ཟས་ནོར་འཕེལ་བར་འདོད་ན། གནས་སྐབས་རིན་ཆེན་ཟས་ནོར་དར་ཟབ་དང་། །འབྲུ་རིགས་དཀོར་ནོར་ཆ་སྤྱད་རྐང་བཞི་ཕྱུགས། །ལྷ་ཀླུ་མི་ཡི་དཔལ་འབྱོར་མ་རྨོས་འབྲུ། །དཔག་བསམ་ཤིང་ལྟར་གང་འདོད་འཕྲུལ་དགའི་དཔལ། །རབ་ཏུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །སྐྱེ་འགྲོ་ཀུན་ཀྱང་ཕ་མ་རང་རང་ལ། །གནོད་པར་བྱེད་པའི་རིགས་རྒྱུད་མི་འབྱུང་བར། །ཕན་བྱེད་དགེ་བའི་རྒྱུད་རྣམས་རབ་འཕེལ་ཞིང་། །ཐེག་ཆེན་ཆོས་ཀྱི་སྣོད་དུ་འགྱུར་བར་མཛོད། །རྣམ་དག་བསམ་པ་དགེ་བའི་སྨོན་ལམ་འདི། །དུས་འདིར་འགྲུབ་པར་མཛོད་ཅིག་འཕགས་མ་ཡུམ། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་

p. 334

ཐོབ་ཤོག །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱིས་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་མའི་བཀྲ་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་སོགས་ནས་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཚར་གཉིས་པར་མཆོད་ཁ་གསོས་ཤིང་མཆོད་པའི་སྤྲིན་གཟུངས་ཀྱིས་བྱིན་བརླབ། ཏཱྃཿ པོ་ཊ་ལ་ཡི་གནས་མཆོག་སོགས་ཡེ་ཤེས་པ་སྤྱན་དྲངས་པ་ནས་དབུ་བརྩམ་སྔ་མ་ཇི་ལྟ་བ་ལས། ཕྱག་འཚལ་སྐབས་སུ། ལྷ་དང་ལྷ་མིན་སོགས་ལན་གསུམ་དང་། བསྙེན་པའི་སྐབས་སུ་རྩ་སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏཱྃ་སྭཱ་ཧཱ༔ བརྒྱ་རྩ་གསུམ་མམ་དགུ་ཟླ། ལོངས་སྤྱོད་འཕེལ་བར་འདོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛམྦྷེ་མོ་ཧེ་དྷ་ནཱྃ་མེ་དྷི་ཧྲཱིཿསྭཱ་ཧཱ༔ ནོར་འཕེལ་བར་འདོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བཱ་སུ་སིདྡྷི་ཧཱུྃ་སྭཱ་ཧཱ། རྩ་སྔགས་ཀྱི་ཆ་ཕྱེད་ལས་སྔགས་བཏགས་ཏེ་བཟླ། བསྟོད་ཕྱག་སྐབས་སུ་རྒྱས་པར་ཕྱག་འཚལ་ཉེར་

p. 335

གཅིག་གམ། བསྡུ་ན། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར༴ སྤྱན་ནི༴ འཇིག་རྟེན༴ གེ་སར༴ ཕྱག་འཚལ་སྟོན་ཀའི༴ གང་བ་བརྒྱ་ནི༴ སྐར་མ་སྟོང༴ རབ་ཏུ་ཕྱེ་བའི༴ ལན་གསུམ་མམ་དགུ་བརྗོད་ཅིང་སྔར་བཞིན་འདོད་དོན་གསོལ། ཚར་གསུམ་པར་མཆོད་ཁ་སླར་ཡང་གསོས་ཤིང་མཆོད་པའི་སྤྲིན་གཟུངས་ཀྱིས་མཆོད་བྱིན་བརླབས་ཏེ་ཡེ་ཤེས་པ་སྤྱན་དྲངས་སྟེ་སྔ་མ་ཇི་ལྟ་བ་ལས། ཕྱག་འཚལ་སྐབས་སུ་ལྷ་དང་ལྷ་མིན་སོགས་ལན་བདུན་དང་། བསྙེན་པའི་སྐབས་སུ་གོང་གི་རྩ་སྔགས་བདུན་བརྒྱའམ། བརྒྱ་ཕྲག་ཞེ་དགུ་བཟླ། ཚེ་རིང་བར་འདོད་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་དོན་ཡིན་ན་མ་མ་དང་། གཞན་དོན་ཡིན་ན་དཱ་ན་པ་ཏི་ཨཱཿཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་རྩ་སྔགས་ཀྱི་ཕྱེད་ཆར་ཚེ་ཤམ་བཏགས་ཏེ་བཟླ། གཞན་ཡང་སྤྲོ་ན་སྒྲོལ་མ་ལས་ཐམས་ཅད་པའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་

p. 336

ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ་པྲ་དུཥྚཾ་མ་མ་ཀྲྀ་ཏེ་ཛཾ་བྷ་ཡ་སྟཾ་བྷ་ཡ་མོ་ཧ་ཡ་བྷནྡྷ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་བཟླ། བསྟོད་ཕྱག་སྐབས་སུ་རྒྱས་ན་ཕྱག་འཚལ་ཉེར་གཅིག་གམ། བསྡུ་ན། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་ལན་བདུན་ནམ་ཞེ་དགུ་བརྗོད་ཅིང་། ལྷ་མོ་ལ་གུས་

p. 337

སོགས་ཕན་ཡོན་དང་བཅས་སྔར་བཞིན་འདོད་དོན་གསོལ་བར་བྱའོ། ། ༈ གསུམ་པ་ལས་བྱེ་བྲག་ཏུ་སྒྲུབ་པ་ལ། འཇིགས་བརྒྱད་ཞི་བར་འདོད་ན་བསྙེན་པའི་སྐབས་སུ། གཙོ་མོ་དང་ཞི་བའི་སྒྲོལ་མ་སོགས་ལྷ་མོ་རྣམས་ཀྱིས་ཕྱག་ཡོན་ཨུཏྤལ་གྱི་ལྟེ་བར་འཇིགས་ཚོགས་རང་རང་ཞི་བའི་ཕྱག་མཚན་གསལ་བའི་འོད་ཀྱིས་མི་མཐུན་པ་དེ་དག་ཞི་བར་བསམ་ཞིང་རིག་སྔགས་རྒྱལ་མོའི་བྱིན་རླབས་ལ་དད་མོས་རྩེ་གཅིག་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་བྷྱ་ཡ་ཧུྃ་ཧཱུྃ་ཕཊ། བཟླས་གྲངས་འདི་ལ་བཟུང་ཞིང་བསྟོད་ཕྱག་སྐབས་སུ། ཨོཾ། རྗེ་བཙུན་མ༴ ཕྱག་འཚལ་སྒྲོལ་མ༴ སྤྱན་ནི་སྐད༴ འཇིག་རྟེན༴ གེ་སར་བྱེ་བ༴ ཕྱག་འཚལ་བརྒྱ་བྱིན༴ རླུང་ལྷ༴ འབྱུང་པོ༴ གནོད་སྦྱིན༴ ཕྱག་འཚལ་ཏྲཊ་ཅེས༴ ཕ་རོལ་འཁྲུལ་འཁོར༴ གཡས་བསྐུམ༴ མེ་འབར་འཁྲུགས༴ ཕྱག་འཚལ་ལྷ་ཡི༴ རི་དྭགས་རྟགས་ཅན༴ ཏཱ་ར་གཉིས༴ དུག་རྣམས༴ ཕྱག་འཚལ་དེ་ཉིད༴ ཞི་བའི༴ གདོན་དང༴ འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་མཎྜལ་གཞུང་གི་རྗེ་བཙུན་མ་

p. 338

མཆོད་ཅིང་བསྟོད་པའི་ཆོ་ག་ཚར་གསུམ་ཀར་དེ་ཉིད་ཁོ་ན་རྣམ་གྲངས་སྔ་མ་བཞིན་དུ་གཙོ་བོར་བཟུང་། དེ་བཞིན་རྨི་ལམ་ངན་པ་དང་རྩོད་པ་ཞི་བར་འདོད་ན། བསྙེན་པའི་སྐབས་སུ། འཕགས་མ་འཁོར་དང་བཅས་པའི་ཐུགས་སྲོག་སྔགས་ཕྲེང་དང་། ཕྱག་མཚན་ལས་འོད་ཟེར་འཕྲོས་ཏེ་རྩོད་ཅིང་འཐབ་པའི་གདུག་སེམས་དང་། རྨི་ལམ་ངན་པ་གཏོང་བའི་གདོན་དང་བྱད་ཕུར་ཐམས་ཅད་བསྲེག་གཏོར་སྦྱང་བར་བསམ་ཞིང་རིགས་སྔགས་ཀྱི་རྒྱལ་མོའི་བྱིན་བརླབས་ལ་མོས་གུས་རྩེ་གཅིག་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏྲཊ་ཕཊ་སྭཱ་ཧཱ། བཟླས་གྲངས་འདི་ལ་བཟུང་ཞིང་བསྟོད་ཕྱག་སྐབས་སུ། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ༴ ཀུན་ནས༴ རྩོད་དང་རྨི་ལམ་ངན་པ་སེལ་མ། །འབྱིན་འཇུག་སྔ་མ་ལྟར་བྱ། དེ་བཞིན་ནད་རིམས་སེལ་བར་འདོད་ན་ཞི་བའི་སྒྲོལ་མ་གཙོ་བོར་གྱུར་པའི་ལྷ་མོ་རྣམས་ཀྱིས་ཕྱག་མཚན་ཨ་རུ་ར་དང་སྨན་གྱི་བུམ་པ་ལས་འཕྲོས་པའི་འོད་དང་། བདུད་རྩིའི་ཆུ་རྒྱུན་གྱིས་ནད་རིམས་ཐམས་ཅད་བསལ་བར་བསམ་ཞིང་རིག་སྔགས་ཀྱི་རྒྱལ་མོ་ལ་དད་མོས་རྩེ་གཅིག་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཧ་ར་ཧ་ར་སྭཱ་ཧཱ། བཟླས་

p. 339

གྲངས་འདི་ལ་བཟུང་ཞིང་། བསྟོད་ཕྱག་སྐབས་སུ། ཕྱག་འཚལ་ཉི་མ་ཟླ་བ་རྒྱས༴ སྤྱན་གཉིས༴ ཧཱ་ར་གཉིས་བརྗོད༴ ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཚུལ་རྣམས་སྔ་མ་ལྟར་གྱིས་ཤེས་པར་བྱའོ། །ཕ་རོལ་གཟུགས་ཅན་གཟུགས་མེད་ཐམས་ཅད་ཆོས་བཞིན་དབང་དུ་བསྡུ་བར་འདོད་ན། སྒྲོལ་མ་དམར་མོ་གཙོ་བོར་གྱུར་པའི་ལྷ་མོ་རྣམས་ཀྱིས་ལྕགས་ཀྱུ་སོགས་ཕྱག་མཚན་ཐམས་ཅད་ལས་འོད་དམར་གློག་གི་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་ཏེ་གང་ལ་བྱ་བའི་དམིགས་ཡུལ་དེ་དག་མོས་བཞིས་དབང་དུ་བསྡུ་བར་བསམ་ཞིང་རིགས་སྔགས་ཀྱི་རྒྱལ་མོ་ལ་དད་མོས་རྩེ་གཅིག་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། བཟླས་གྲངས་འདི་ཉིད་ལ་བཟུང་ཞིང་བསྟོད་ཕྱག་སྐབས་སུ། ཕྱག་འཚལ་ཏུཏྟཱ་རེ་ཧཱུྃ་ཡི༴ འདོད་དང་ཕྱོགས༴ འཇིག་རྟེན་བདུན་པོ༴ ལུས་པ་མེད༴ ཕྱག་འཚལ་རབ་ཏུ་དགའ༴ དབུ་རྒྱན༴ བཞད་པ༴ བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཞེས་སྔ་མ་ལྟར་དང་། བདུད་དང་འབྱུང་པོ་འདུལ་བར་འདོད་ན། སྒྲོལ་མ་ཁྲོ་གཉེར་ཅན་གཙོ་བོར་གྱུར་པའི་

p. 340

ལྷ་མོ་རྣམས་ཀྱི་ཕྱག་མཚན་གྱི་འོད་ཟེར་རྣོ་ངར་ཤུགས་དང་ལྡན་པ་འཕྲོས་ཤིང་། ཕྱག་ཞབས་ཀྱི་མཐིལ་བཞི་ས་ལ་བརྡབ་པ་ཙམ་གྱིས་དགྲ་བགེགས་འབྱུང་པོ་གདུག་པ་ཅན་ཐམས་ཅད་རྡུལ་དུ་བརླགས་པར་བསམ་སྟེ་རིག་སྔགས་ཀྱི་རྒྱལ་མོ་ལ་དད་མོས་རྩེ་གཅིག་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་སྭཱ་ཧཱ། བཟླས་གྲངས་འདི་ཉིད་ལ་བཟུང་ཞིང་། བསྟོད་ཕྱག་སྐབས་སུ། ཕྱག་འཚལ་ཏུ་རེ་འཇིགས་པ༴ བདུད་ཀྱི་དཔའ་བོ༴ ཆུ་སྐྱེས་ཞལ༴ དགྲ་བོ་ཐམས་ཅད༴ ཕྱག་འཚལ་བསྐལ༴ འབར་བའི༴ གཡས་བརྐྱང༴ དགྲ་ཡི་དཔུང༴ ཕྱག་འཚལ་ས་བཞི༴ མཐིལ་གྱིས་བསྣུན༴ ཁྲོ་གཉེར་གཡོ༴ རིམ་པ་བདུན༴ ཕྱག་འཚལ་ཀུན་ནས༴ དགྲ་ཡི་ལུས༴ ཡི་གེ་བཅུ་པའི༴ རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཞེས་སྔ་མ་ཇི་ལྟ་བ་བཞིན་ཤེས་པར་བྱ། སྡིག་སྒྲིབ་ཞི་བར་འདོད་ན། ཞི་བའི་སྒྲོལ་མ་གཙོ་བོར་གྱུར་པའི་ལྷ་མོ་རྣམས་ཀྱི་སྐུ་དང་ཕྱག་གི་བུམ་པ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བདག་གཞན་སེམས་ཅན་ཐམས་ཅད་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་ལྷག་མ་མེད་པར་བཀྲུས་ཤིང་དག་པར་བསམ་

p. 341

སྟེ་རིག་སྔགས་རྒྱལ་མོ་ལ་དད་མོས་རྩེ་གཅིག་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། བཟླས་གྲངས་འདི་ཉིད་ལ་བཟུང་ཞིང་། བསྟོད་ཕྱག་སྐབས་སུ། ཕྱག་འཚལ་བདེ་མ་དགེ་མ༴ མྱ་ངན་འདས་ཞི༴ སྭཱ་ཧཱ་ཨོཾ་དང༴ སྡིག་པ་ཆེན་པོ་འཇོམས་པར་ཉིད་མ། །ཞེས་པའི་བསྟོད་པ་གོང་བཞིན་དང་། མཆོག་ཏུ་བླ་ན་མེད་པ་ཡུམ་གྱི་གོ་འཕང་ཐོབ་པར་འདོད་ན། སེང་ལྡིང་ནགས་ཀྱི་སྒྲོལ་མ་གཙོ་བོར་གྱུར་པའི་ལྷ་མོ་རྣམས་ཀྱི་སྐུ་ཡི་གནས་ལྔ་དང་། ཕྱག་མཚན་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་ས་ལམ་བར་ཆད་ཐམས་ཅད་སྦྱང་། རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ཏེ་འཕགས་མའི་ཡེ་ཤེས་ཡོན་ཏན་མཆོག་དང་སྐལ་པ་མཉམ་པར་བསམ་ཞིང་རིག་སྔགས་ཀྱི་རྒྱལ་མོ་ལ་དད་མོས་རྩེ་གཅིག་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བཟླས་གྲངས་འདི་ཉིད་ལ་བཟུང་ཞིང་བསྟོད་ཕྱག་སྐབས་སུ། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱགའཚལ་ལོ། །ཕྱག་འཚལ་ཏཱ་རེ་མྱུར་མ་

p. 342

དཔའ་མོ། །ཏུཏྟཱ་རེ་ཡིས་འཇིགས་པ་སེལ་མ། །ཏུ་རེས་དོན་ཀུན་སྦྱིན་པའི་སྒྲོལ་མ། །སྭཱ་ཧཱ་ཡི་གེ་ཁྱོད་ལ་འདུད་དོ། །ཕྱག་འཚལ་སྒྲོལ་མ་མྱུར་མ༴ སྤྱན་ནི༴ འཇིག་རྟེན༴ གེ་སར་བྱེ་བ༴ ཕྱག་འཚལ་སྟོན༴ གང་བ་བརྒྱ༴ སྐར་མ་སྟོང༴ རབ་ཏུ་ཕྱེ༴ ཕྱག་འཚལ་གསེར༴ པདྨས་ཕྱག༴ སྦྱིན་པ་བརྩོན༴ བཟོད་པ་བསམ༴ ཕྱག་འཚལ་དེ་བཞིན༴ མཐའ་ཡས༴ མ་ལུས་ཕ་རོལ༴ རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །གཞན་ཡང་འདི་དག་གིས་མཚོན་ཏེ་སྔགས་དང་དམིགས་པའི་འཕྲོ་འདུ་བསྟོད་གསོལ་གྱི་ཁྱད་པར་ཙམ་གྱིས་གང་འདོད་པའི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ནུས་པས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རིག་པའི་མདའ་ཡིས་བསྣུན་པར་བྱའོ། ། ༈ གསུམ་པ་རྗེས་ཀྱི་བྱ་བར་གཏོར་འབུལ་དང་། རྗེས་ཆོག་དངོས་གཉིས་ཀྱི་དང་པོར་འདས་གཏོར་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡི་གེ་འབྲུ་

p. 343

གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་དང་ཧ་ཧོ་ཧྲཱིཿཡིས་བྱིན་བརླབ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། སྐྱབས་གནས་དཀོན་མཆོག་རྒྱ་མཚོ་དང་། རྗེ་བཙུན་འཕགས་མ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་གསོལ་བས་ཐུགས་ཀྱི་རྒྱུད་རབ་ཏུ་ཚིམ་ཞིང་དགྱེས་པར་གྱུར་སྙམ་སྟེ། ཨོཾ་སརྦ་བུདྡྷ་བོ་དྷི་ས་ཏྭ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་ཨརྱ་ཏཱ་རེ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་སོགས་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཉེར་སྤྱོད་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་སོགས་ནས་ཡུམ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་བདེ་གཤེགས་སྲས་དང་བཅས། །རྗེ་བཙུན་འཕགས་མ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །

p. 344

རྣལ་འབྱོར་བདག་སོགས་ནས་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། ཆོས་སྐྱོང་གི་གཏོར་མ་གོང་བཞིན་བྱིན་བརླབ། ཐུགས་ཀའི་འོད་ཀྱིས་ལྷ་གནས་འོག་མིན་དང་པོ་ཊ་ལ་སོགས་རང་རང་གི་གནས་རྣམས་ནས་གྲུབ་པའི་ལྷ་མོ་ཙརྩི་ཀ་སོགས་དམ་ཅན་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས་བཛྲ་ས་མ་ཛཿ ཞེས་སྤྱན་དྲངས། ཨོཾ་ཤྲཱི་དེ་ཝི་ཙརྩི་ཀ་སརྦ་དྷརྨཱ་པ་ལ་ཨི་དམ་བ་ལྟིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཡུམ་གྱུར་མྱུར་མ་དཔའ་མོ་ཡི། །བཀའ་ཡི་སྲུང་མ་ཀུན་ལ་བསྟོད། །མཆོད་པ་དམ་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་སྐྱོང་བ་དང་། །བདག་ཅག་རྣལ་འབྱོར་ཡོན་མཆོད་ཀྱི། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །འགྲོ་ཀུན་བདེ་ལ་སྤྱོད་པར་ཤོག །གཤེགས་སམ་རྟེན་ལ་གཉིས་མེད་བཞུགས། །རྟག་ཏུ་སྲུང་སྐྱོབ་དམ་པ་མཛོད། །ཅེས་ཕྲིན་ལས་བཅོལ། སྤྲོ་ན་རིགས་

p. 345

དྲུག་གི་གཏོར་མ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ༴ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ༴ དེ་བཞིན་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ་གྱིས་བསྔོ། མཆོད་སྦྱིན་འདོད་ཡོན་ལྔ་ལྡན་འདི། །ལན་ཆགས་སྙིང་རྗེ་རིགས་དྲུག་མགྲོན། །གནོད་བྱེད་བགེགས་རིགས་འབྱུང་པོ་ལ། །ཤ་མཁོན་བུ་ལོན་སྦྱང་ཕྱིར་འབུལ། །ཀུན་ཀྱང་གནོད་པའི་སེམས་སྤངས་ནས། བྱང་ཆུབ་སེམས་དང་ལྡན་པར་ཤོག །གཏོར་མ་སྒོར་ཕུལ་ཞིང་། ཡེ་དྷརྨ་ཧེ་ཏུ་པྲ་བྷཱ་ཝ་སོགས་ཆོས་སྦྱིན་བྱ། སརྦ་བྷཱུ་ཏ་གཙྪཿས་རང་གནས་སུ་གཤེགས། སྲིད་ལ་ཕན་ཕྱིར་ཡིན་ན་བྱིན་རླབས་སོགས་གཞན་གོང་ལྟར་ལ། མཆོད་སྦྱིན་གླུད་ཀྱི་གཏོར་མ་འདིས། །རིགས་

p. 346

དང་སྲིད་ལ་བར་གཅོད་པའི། །རྒབ་འདྲེ་དམངས་འདྲེ་ཕོ་མོ་དང་། །སྲི་རྐྱེན་ཡུལ་འདྲེ་ཐམས་ཅད་ལ། །བསྔོས་པ་བཞིན་དུ་ཐོབ་ནས་ཀྱང་། །ཅི་འདོད་འབྱུང་ཞིང་རེ་བ་གང་། །ཕན་སེམས་ལྡན་པས་གཞན་དུ་དེངས། །བླ་མེད་བྱང་ཆུབ་སྤྱོད་པར་ཤོག །བགེགས་གཏོར་དོར་ཞིང་ཆོས་སྦྱིན་བཅས་ཏེ་གཤེགས། གལ་ཆེ་ན། ཨོཾ་སུཾ་བྷ་ནི་སོགས་དྲག་སྔགས་བརྗོད་ཅིང་ཡུངས་ཐུན་བྲབ་གུ་གུལ་འཚུབ་འཁྱིལ་དུ་བདུག་སྟེ་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ། ཞེས་སྲུང་བའི་གུར་དུ་དམིགས་བྱ་བཅུག དེ་ནས་གཞི་བདག་གཏོར་མ་སྔ་མ་ལྟར་འབྲུ་གསུམ་གྱིས་བྱིན་བརླབ། གཤེགས་བཞིའི་མཚན་དང་སམྦྷ་རའི་སྔགས་ཀྱིས་ལན་གསུམ་བསྔོས་ལ། ས་བླ་ས་སྟེང་ས་འོག་གི། །གཞི་གནས་ཡུལ་གྱི་བདག་པོ་ལ། །གཙང་སྦྱར་མཆོད་སྦྱིན་འདི་འབུལ་བས། །ནད་མེད་ཚེ་རིང་འཇིག་རྟེན་བདེ། །ཆར་ཆུ་དུས་འབེབས་ལོ་ཕྱུག་ལེགས། །བཙའ་སད་སེར་བ་འབུ་སྲིན་དང་། །འབྱུང་འཁྲུགས་དུས་ཀྱི་རྒུད་པ་སོལ། །

p. 347

ཀུན་ཀྱང་དམ་པའི་ཆོས་ལ་སྤྱོད། །འཇིག་རྟེན་དགེ་བའི་ཕྲིན་ལས་མཛོད། །གཏོར་མ་གཙང་སར་ཕུལ། ཡེ་དྷརྨཱ་སོགས་ཀྱིས་ཆོས་སྦྱིན་བྱ། སརྦ་བྷུ་མི་པཱ་ཏི་གཙྪཿས་རང་གནས་སུ་གཤེགས་པར་བྱའོ། །གཉིས་པ་རྗེས་ཆོག་ལ། མཆོད་ཁ་གསོས་ཏེ་མཆོད་པའི་སྤྲིན་གཟུངས་ཀྱིས་བྱིན་བརླབ། མེ་ཏོག་བདུག་སྤོས་མར་མེ་དྲི་སོགས་ནས་བཞེས་སུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང་། ཕྱག་འཚལ་ཉེར་གཅིག་གམ། བསྡུ་ན། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། ཐལ་མོ་སྦྱར་བཞིན། མ་འབྱོར་པ་དང་ཉམས་པ་སོགས་ནས་བཟོད་པར་མཛད་དུ་གསོལ། །ཡིག་བརྒྱ་ལན་གསུམ་བཅས་ཏེ་ནོངས་པ་བཤགས། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན༴ རྗེས་སུ་མཐུན༴ སངས་རྒྱས་ཡུལ༴ སེམས་ཅན་རྣམས་ཀྱི་དོན༴ སླར་ཡང་འབྱོན༴ བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས་པའམ། རྟེན་ཡོད་ན། ཡེ་ཤེས་པ་རྣམས་རྟེན་ལ་གཉིས་མེད་དུ་བཞུགས་པར་གྱུར། ཨོཾ་སུ་པྲ་

p. 348

ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་པར་བཞུགས། དམ་ཚིག་པ་རྣམས་བྱིན་གྱིས་བརླབ་ཕྱིར་རང་ལ་ཐིམ་པས་འཕགས་མ་མཆོག་དང་གོ་འཕང་མཉམ་པར་གྱུར་སྙམ་ཞིང་། དགེ་བ་འདི་ཡིས་མྱུར་དུ༴ འཕགས་མ་སྒྲོལ་མ༴ འགྲོ་བ༴ དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ། སྟོན་མཆོག་དམ་པ་ལྷ་མིའི་མཆོད༴ སངས་རྒྱས་ཕྱག་འཚལ༴ སེམས་ཅན༴ དེ་དག༴ ཞི་བ་ཆགས་བྲལ༴ ཆོས་ལ༴ སེམས་ཅན༴ དེ་དག༴ ཚོགས་ཀྱི་དམ་པ༴ དགེ་འདུན༴ སེམས༴ དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབ་པའི་ལྷ། །དུས་གསུམ༴ སྔོ་ལྗང༴ ཡུམ་གྱུར་ཨུཏྤལ་བསྣམས་མའི་བཀྲ་ཤིས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན༴ སྐྱེ་དགུ་རྣམས༴ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ༴ ཤིན་ཏུ༴ བདེན་པ༴

p. 349

དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །ཅེས་མེ་ཏོག་གི་ཆར་བསྙིལ་ཞིང་བཀྲ་ཤིས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །གང་གི་ཐུགས་རྗེའི་བསིལ་ཟེར་གྱིས། །ཉོན་མོངས་ཚ་གདུང་སེལ་བ་དང་། །ཡེ་ཤེས་སྣང་བ་རྒྱས་མཛད་མ། །འཕགས་མས་རྗེས་སུ་སྐྱོང་གྱུར་ཅིག །ཅེས་པའང་དཔལ་གྱི་ནང་ཆེན་རྒྱལ་ཁབ་ཆེན་པོར་ལྷ་སྲས་རིན་པོ་ཆེ་བསྙུང་བའི་སྐུ་རིམ་ཆེད་གཉེར་དུ་སྒྲུབ་སྐབས་མོས་ལྡན་ཀརྨ་བློ་གྲོས་རབ་བརྟན་གྱིས་ཡང་ཡང་བསྐུལ་བར་བརྟེན་ནས་ལྷའི་བླ་མ་རྒྱལ་སར་ཕེབས་པའི་ཉིན་མོར་རང་གཏེར་གཞུང་གི་དགོངས་པ་རྩ་བར་བཟུང་། སྔོན་བྱོན་འཕགས་བོད་གྲུབ་བརྙེས་རྣམས་ཀྱི་བཞེད་སྲོལ་གྱིས་ཟུར་བརྒྱན་ཏེ། བདེ་ཆེན་འབར་བའི་རྡོ་རྗེས་ངག་ནས་སྨོས་རིམ་བཞིན་བསྐུལ་བ་པོ་ཉིད་ཀྱི་ཡི་གེར་བཏབ་པ་འདིས་ཀྱང་བསྟན་འགྲོའི་དོན་བླ་ན་མེད་པ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་ཛ་ག་ཏཾ།། མ་ཕྱི་སྔ་མར་གབ་འཁྲུགས་དང་ཡིག་ནོར་གྱི་ཆ་ཅུང་ཟད་འདུག་པ་ལ། སླད་ནས་གཏེར་ཆེན་བླ་མ་རྗེའི་བཀའ་ལུང་དད་པས་གཙུག་ཏུ་བཀོད་དེ་སློབ་འབངས་བཀའ་བརྒྱུད་བཀྲ་ཤིས་ཀྱིས་སུག་བྲིས་སུ་བསྟར་བ་དགེ་བར་གྱུར་ཅིག །

བདེ་ཆེན་ཡེ་ཤེས་མཁའ་འགྲོ་མཁའ་སྤྱོད་དཀར་མོའི་བཞུགས་གར་ནག་འགྲོས་སུ་བཀོད་པ་བློ་གསར་འཇུག་བདེ།

འབར་བའི་རྡོ་རྗེའི་སྐྱེས་རབས་གསོལ་འདེབས། བདེ་ཆེན་འབར་བའི་རྡོ་རྗེ།

p. 350
p. 351

༄༅། །བདེ་ཆེན་ཡེ་ཤེས་མཁའ་འགྲོ་མཁའ་སྤྱོད་དཀར་མོའི་བཞུགས་གར་ནག་འགྲོས་སུ་བཀོད་པ་བློ་གསར་འཇུག་བདེ་བཞུགས་སོ། །

p. 352

འབར་བའི་རྡོ་རྗེའི་སྐྱེས་རབས་གསོལ་འདེབས་བཞུགས་སོ། །གུ་རུ་རཏྣ་མཉྫུ་ཤྲཱི་ཡེ། བརྟན་པའི་འཁོར་ལོ་མཁྱེན་གཟིགས་འཇམ་དཔལ་དབྱངས། །སྟོན་པའི་སྤྱན་སྔར་བྱང་སེམས་མ་རུ་རྩེ། །དྲག་སྔགས་ཚོམ་བུའི་སྤྱི་དཔལ་གཤིན་རྗེའི་གཤེད། །སྐུ་ཡི་བདག་ཉིད་ཆེན་པོར་གསོལ་བ་འདེབས། པད་འབྱུང་གསང་གསུམ་མི་ཟད་རྒྱན་འཁོར་ལས། །རྗེ་ཡི་གུང་བློན་རྡོ་རྗེ་ཁྲི་བཙུན་ཆེ། །མཁའ་ལ་སྤྱོད་པ་དབྱངས་ཅན་མཚོ་རྒྱལ་མ། །དབྱེར་མེད་ཐུགས་རྗེའི་སྤྲུལ་གཞིར་གསོལ་བ་འདེབས། །འཕགས་ཡུལ་

p. 353

འཇའ་ལུས་འཇམ་དཔལ་བཤེས་གཉེན་དང་། །མཁས་མཆོག་གྲུབ་པའི་དབང་ཕྱུག་ནཱ་རོ་པ། །བྷོ་ཏྲར་རྒྱ་ཡི་ལོ་ཙཱ་ཤཱཀྱ་པ། །མཁས་ཤིང་གྲུབ་པའི་ཕྲེང་བར་གསོལ་བ་འདེབས། །དུམ་རྒྱ་ཞང་ཁྲོམ་བཞད་པ་རྡོ་རྗེ་དང་། །སྤངས་རྟོགས་མཐར་ཕྱིན་བསོད་ནམས་ཡེ་ཤེས་དང་། །བསོད་ནམས་རྒྱ་མཚོ་བསོད་ནམས་གྲུབ་པའི་དཔལ། །མཆོག་གི་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །བསོད་ནམས་འགྱུར་མེད་གསུང་རབ་རྒྱ་མཚོའི་དཔལ། །དཔལ་སེང་སྤྲུལ་པ་མི་འགྱུར་རྡོ་རྗེ་

p. 354

དང་། །སྔོན་བྱོན་གུ་རུ་ཁྲག་འཐུང་ནག་པོ་སོགས། །སྤྲུལ་པ་གཅིག་ཏུ་བསྡུས་པར་གསོལ་བ་འདེབས། །ཀརྨ་གསུང་རབ་ཕྲིན་ལས་རབ་རྒྱས་དཔལ། །གསང་གཏེར་མངའ་བདག་སྟོབས་ལྡན་བདུད་འདུལ་གླིང་། །ཁྲག་འཐུང་བདེ་ཆེན་འབར་བའི་རྡོ་རྗེ་ལ། །རབ་ཏུ་གུས་པས་རྩེ་གཅིག་གསོལ་བ་འདེབས། །གཅིག་དང་དུ་མ་རོལ་པའི་ཆུ་ཟླའི་གར། །རྒྱལ་དང་རྒྱལ་སྲས་རྣམ་རོལ་བསམ་མི་ཁྱབ། །དེ་ཉིད་ཚད་བཟུང་བརྒྱུད་མཐའ་བྲལ་བའི་ཕྱིར། །རྣམ་ཐར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །དེ་ལྟར་བླ་མའི་རྣམ་ཐར་རྗེས་དྲན་ནས། །དད་གསུམ་མོས་གུས་ལྡོག་འགྱུར་མེད་པ་ཡི། །གསོལ་འདེབས་བུ་ལ་བྱིན་གྱིས་བརླབ་པ་དང་། །སྐྱེ་ཀུན་དམ་པ་ཁྱེད་དང་འབྲལ་མེད་ཤོག །ཅེས་པའང་འདྲེན་མཆོག་མགར་སྤྲུལ་སྐུ་དམ་པ་དང་། ཨ་ཁུ་རིན་ཆེན་ཟུང་གིས་གསུང་བསྐུལ་ལྟར། བདེ་ཆེན་འབར་བའི་རྡོ་རྗེས་དཔལ་ལུང་སྤུངས་རིར་

p. 355

བྲིས་པ་དགེ་བར་གྱུར་ཅིག ། །།འདིར་མཁའ་སྤྱོད་དཀར་མོའི་བཞུགས་གར་དུས་མཆོད་སྐབས་ཀྱི་འདོན་ཆ་མཁའ་འགྲོའི་སྒྲུབ་གཞུང་དང་། ཟུར་གསལ་ཚོགས་གར་ཟུང་འབྲེལ་བཅས་སྔར་གྱི་གསུང་རྒྱུན་འཁྲུལ་མེད་བཞིན་འདེབས་གདངས་དབྱངས་ཕྱག་རྒྱ་སོགས་ཐུགས་ངེས་ཚགས་ཚུད་མཛད་ནས་འདིར་འཇུག་ཚེ་ཆད་ལྷག་མི་འགྲོ་བའི་ཕྱིར་འདོན་འགྲིག་ནག་འགྲོས་སུ་བཀོད་པའོ། །མཆན།

ཟབ་དོན་མཁའ་འགྲོ་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་མཆོག་ཐུན་ཡོངས་གྲུབ། བདེ་ཆེན་འབར་བའི་རྡོ་རྗེ།

p. 356
p. 357

ཟབ་དོན་མཁའ་འགྲོ་རྒྱ་མཚོའི་བརྒྱུད་པའི་གསོལ་འདེབས་མཆོག་ཐུན་ཡོངས་གྲུབ་ཞེས་བྱ་བ་བཞུགས་སོ། །རང་བྱུང་འོག་མིན་སྟོན་པ་རྡོ་རྗེ་འཆང་། །ཡུམ་མཆོག་རྡོ་རྗེ་བཙུན་མོ་དབྱིངས་ཕྱུག་མ། །མཁའ་སྤྱོད་གཙོ་མོ་གསང་བ་ཡེ་ཤེས་ཡུམ། །གསོལ་བ་འདེབས་སོ་མཆོག་ཐུན་ཡོངས་གྲུབ་ཤོག །ས་སྤྱོད་ཨོ་རྒྱན་རྡོ་རྗེ་རྣལ་འབྱོར་མ། །རིགས་བཞིའི་ཡེ་ཤེས་མཁའ་འགྲོ་ཆེན་མོའི་ཚོགས། །སྐུ་ཡི་འཁོར་ལོའི་དབང་ཕྱུག་ཁྲོས་མ་ནག །གསོལ་བ་འདེབས་སོ་མཆོག་ཐུན་ཡོངས་གྲུབ་ཤོག །རྡོ་རྗེ་ཁྲག་འཐུང་ལས་ཀྱི་དབང་

p. 358

མོ་དང་། །རབ་འཇིགས་དུར་ཁྲོད་བདག་མོ་སེང་གེའི་གདོང་། །སྣང་སྲིད་དབང་བསྒྱུར་རྡོ་རྗེ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་ཡོངས་གྲུབ་ཤོག །མཁའ་སྤྱོད་དབྱིངས་ཀྱི་ཌཱ་ཀི་མཚོ་རྒྱལ་མ། །མཁའ་འགྲོའི་དངོས་སུ་རྗེས་བཟུང་གནུབས་ཆེན་རྗེ། །ཞིང་རྣམས་ཐོགས་མེད་རྒྱུ་བ་ཡེ་ཤེས་དབྱངས། །གསོལ་བ་འདེབས་སོ་མཆོག་ཐུན་ཡོངས་གྲུབ་ཤོག །བརྒྱུད་པ་ཀུན་གྱི་མཛོད་འཛིན་རིན་ཆེན་མཆོག །ཚོགས་རྗེ་ཚོགས་བདག་རྩ་བརྒྱུད་བླ་མ་དང་། །སྨོན་ལམ་རིགས་སད་ཆོས་ཀྱི་བདག་པོར་བཅས། །གསོལ་བ་འདེབས་སོ་མཆོག་ཐུན་ཡོངས་གྲུབ་ཤོག །གནས་ཡུལ་དུར་ཁྲོད་རང་བྱུང་ཞིང་རྣམས་སུ། །སྒྱུ་མའི་ལུས་ཅན་ཡེ་ཤེས་མཁའ་འགྲོའི་ཚོགས། །དཔའ་བོ་ཌཱ་ཀི་ལེགས་ཉེས་སྟངས་འཛིན་བདག །གསོལ་བ་འདེབས་སོ་མཆོག་ཐུན་ཡོངས་གྲུབ་ཤོག །བསྐྱེད་པའི་

p. 359

རིམ་པས་ཕུང་ཁམས་ལུས་སྒྲིབ་སྦྱངས། །མཚན་དཔེའི་སྤྲུལ་སྐུ་སྐུ་ཡི་རྡོ་རྗེར་སྨིན། །རྫོགས་པ་སྔགས་ཀྱི་ངག་རླུང་སྒྲིབ་ཀུན་སྦྱངས། །ཚངས་དབྱངས་ལོངས་སྐུ་གསུང་གི་རྡོ་རྗེར་འགྲུབ། །འོད་གསལ་ཐིག་ལེའི་ཡིད་སྒྲིབ་རྟོག་ཚོགས་དག །རང་རིག་ཆོས་སྐུ་ཐུགས་ཀྱི་རྡོ་རྗེར་རྫོགས། །སྣ་ཚོགས་ཐབས་ཚུལ་ཆ་སྙོམས་བག་ཆགས་སྦྱངས། །ངོ་བོ་ཉིད་སྐུ་ཡེ་ཤེས་རྡོ་རྗེར་སྨིན། །རྣམ་ཀུན་མཆོག་ལྡན་ཆེན་མོར་ཡོངས་གྲུབ་ཤོག །ལུས་ཁམས་སྙིགས་མའི་དངོས་པོ་རྟེན་འདིར་བཞག །སེམས་ཉིད་མདའ་མོ་ཐབས་ཀྱི་གཞུས་བསྐུལ་ཏེ། །རྣམ་དག་ཞིང་དུ་སྐད་ཅིག་འཕོ་ནུས་པའི། །རྣལ་འབྱོར་ཆུང་ངུའི་ཉེ་ལམ་འགྲུབ་པར་ཤོག །སིནྡྷུའི་རྫས་ཀྱིས་ཐོགས་མེད་འཇིག་རྟེན་དུ། །སྒྱུ་མའི་ཡེ་ཤེས་མཁའ་འགྲོར་ཐུག་ཕྲད་མཇལ། །ལུས་རྟེན་མི་སྤང་མཁའ་སྤྱོད་ཞིང་དུ་ཁྲིད། །

p. 360

རྣལ་འབྱོར་འབྲིང་གི་འབད་པ་མཐར་ཕྱིན་ཤོག །གཞན་དུ་མི་དམིགས་གནས་འདིར་འོག་མིན་ཞིང་། །ལུས་སྣང་འཇའ་སྐུ་སྤྲུལ་པ་སྣ་ཚོགས་བསྒྱུར། །སྒྲ་རྟོག་ཡི་གེའི་འཁོར་ལོས་ས་གསུམ་གཡོ། །བདེ་སྟོང་མི་ཕྱེད་ཐུགས་ཀྱིས་འཁོར་འདས་གཟིགས། །ལམ་མཆོག་རྡོ་རྗེའི་ལྕགས་ཀྱུས་རིང་མིན་པར། །རྣལ་འབྱོར་ཆེན་པོའི་བསག་སྦྱང་མཆོག་གྲུབ་ནས། །མཐའ་བྲལ་བདག་མེད་མངོན་གྱུར་ཡུམ་གྱི་ཀློང་། །མི་ཤིགས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ། །མཆོག་ཏུ་མི་འགྱུར་བདེ་ཆེན་འགྲུབ་པར་ཤོག །ཅེས་པའང་ལས་སྨོན་གྱི་སྐལ་པ་བཟང་པོ་ཅན་རྣམས་ཀྱིས་བཞེད་ལྟར་འབར་བའི་རྡོ་རྗེས་བྲིས་པ་དགེ་བར་གྱུར་ཅིག ། །།

བདེ་ཆེན་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཚན་སྐོར། བདེ་ཆེན་འབར་བའི་རྡོ་རྗེ།

p. 361

བདེ་ཆེན་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཚན་སྐོར་བཞུགས་སོ། ། ༈ འདིར་བདེ་ཆེན་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཚན་སྐོར་ལ། དང་པོ་བསང་ཆུ་བྱིན་རླབས་ནི། མྃ་བྃ་ཁྃ་ཨྲྀ་ཏ་བི་ཤུདྡྷེ་ཨཱཿ སྟོང་ལས་བསང་ཆུའི་སྟེང་དུ་ཧཱུྃ་མཐིང་ཀ །དེ་ཉིད་ཡོངས་གྱུར་ཀརྨ་ཌཱ་ཀི་མ། །དབྱིངས་ཕྱུག་རབ་འཇིགས་ཞལ་གཅིག་ཁྲོ་རྔམ་འབར། །ཕྱག་གཉིས་གྲི་ཐོད་འཛིན་ཅིང་ཁྲོ་ཆས་རྫོགས། །བརྐྱངས་བསྐུམ་གར་གྱིས་ཡེ་ཤེས་མེ་དབུས་རོལ། །ཐུགས་དབུས་ཧཱུྃ་མཐར་སྔགས་ཕྲེང་གཡོན་དུ་འཁོར། །དེ་ལས་འོད་ཟེར་ཚ་ལ་རྩུབ་པ་འཕྲོས། །བསང་

p. 362

ཆུར་ཐིམ་པས་མཐུ་དང་ལྡན་པར་གྱུར། །བསམས་ལ། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཀརྨ་ཏ་ཀྲི་ཏ་བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླས་མཐར། ཌཱ་ཀི་འོད་ཞུ་བསང་ཆུར་ཐིམ་པ་ཡིས། །ཕྲིན་ལས་མ་ལུས་བྱེད་པའི་ནུས་ལྡན་གྱུར། །ཨོཾ་ཛྙཱ་ན་ཌཱ་ཀི་སོགས་ནས་ཧཱུྃ་ཕཊཿ ལན་གསུམ་གྱིས་བསང་ཆུ་གཏོར། གཉིས་པ་རྡོར་དྲིལ་བྱིན་རླབས་ནི། ཧཱུྃ་ལས་ཐབས་ཀྱི་བདག་ཉིད་མི་ཕྱེད་པའི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་གྱུར། ཨོཾ་མ་ཧཱ་བཛྲ་ཧཱུྃ། རྡོ་རྗེ་ལན་གསུམ་དུ་གསོར་ཞིང་ཐུགས་ཀར་གཏོད། མུྃ་ལས་ཤེས་རབ་ཀྱི་བདག་ཉིད་དྲིལ་བུ་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པར་གྱུར། ཨོཾ་བཛྲ་གྷནྜེ་ཨཿ དྲིལ་བུ་ལན་གསུམ་དུ་དཀྲོལ་ཞིང་དཀུར་བརྟེན། ཟུང་འཇུག་ཆོས་རྣམས་མི་ཕྱེད་པའི་རང་བཞིན་དུ་གྱུར། བཛྲ་ཙིཏྟ་སིདྡྷི་ཨཱཿཧཱུྃ། ཞེས་འཁྱུད་རྒྱ་བྱའོ། །གསུམ་པ་ཕུར་བུ་བྱིན་རླབས་ནི། ཨཿཀཿསཿམཿ ཞེས་གུ་གུལ་བདུག རཿཙཿཤཿདཿརཿ ཞེས་རཀྟ་བྱུག སཿམཿརཿཡཿཕཊཿ ཅེས་ཡུངས་ཀར་བྲབ། ཕུར་

p. 363

བུ་སྐད་ཅིག་གིས་རྡོ་རྗེ་ལས་ཀྱི་ཁྲོ་མོ་མཐིང་ནག་སེང་ཞལ་ཅན་ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་ཞིང་ཁྲོ་མོའི་ཆས་ཀྱིས་དཔའ་བ། ཐབས་ཤེས་ཀྱི་གཤོག་པ་གདེང་ཞིང་དྲག་པོའི་ཨེ་ཀློང་དུ་ཉམས་པའི་སྙིང་ཁར་སྐུ་སྨད་ཀྱི་ཕུར་བུས་གཟིར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པའི་གནས་གསུམ་འབྲུ་གསུམ་དང་། གནས་ལྔར་ཡེ་ཤེས་ཀྱི་ཡིག་འབྲུས་དབང་བསྐུར་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་བཛྲ་ཀྲོ་དྷི་སེངྷ་མུ་ཁ་ཀརྨ་ཀཱི་ལི་ཀཱི་ལ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་ཕྱོགས་བཅུར་བསྒྲིལ་ཞིང་ཨེ་གདན་དུ་བཀོད། བཞི་པ་ཕྲེང་བ་ཁ་ཕོར་སོགས་བྱིན་རླབས་ནི། ལག་མཐིལ་ཟླ་བར་ཧྲཱིཿཡིག་ལས། །ཕྲེང་བ་སྔགས་ཀྱི་རང་བཞིན་དང་། །ཕྲེང་ཐག་བྱང་ཆུབ་སེམས་ཀྱི་རྒྱུན། །མདོ་འཛིན་མཆོད་རྟེན་ཧཱུྃ་གིས་བརྒྱན། །བསྒྲང་བས་རིག་སྔགས་ཀུན་འགྲུབ་གྱུར། །ཨོཾ་རུ་ཙི་ར་མ་ཎི་པྲ་

p. 364

ཝརྡྷ་ན་ཡེ་སྭཱ་ཧཱ༔ ལྷ་རང་རང་གི་སྔགས་བརྗོད་དོ། །ལྔ་པ་ཌཱ་མ་རུ་དང་རྔ་སོགས་འབུད་བརྡུང་དཀྲོལ་བའི་རིགས་ཐམས་ཅད་བྱིན་རླབས་ནི། ཨཱཿ ཆོས་ཉིད་སྐྱེ་བ་མེད་པ་ལས། །རང་བྱུང་རྒྱུ་རྐྱེན་འབྲས་བུའི་ཚོགས། །འགགས་མེད་ཆོས་སྒྲ་སྒྲོགས་པའི་དབྱངས། །ཐབས་ཤེས་དབྱེར་མེད་ཌཱ་མ་རུ། །ཡེ་ཤེས་རང་སྒྲ་སྒྲོགས་པར་གྱུར། །བཛྲ་དྷརྨ་དྷཱ་ཏུ་ཧོ༔ ཌཱ་མ་རུ་འཁྲོལ་ཞིང་རྔ་ལྕག་ལན་གསུམ་བརྡེག་གོ། །རོལ་མོའི་རིགས་ཐམས་ཅད་བསྒྲགས་ཅིང་བྱིན་དབབ་བོ། །ཞེས་པའང་ཉེར་མཁོར་འབར་བའི་རྡོ་རྗེས་སོ། །རྒྱས་ན་བྱིན་རླབས་བརྒྱ་བརྡུང་དང་། བསྡུ་ན་ཐེངས་གསུམ་འབེབས་རོལ་འཇོག །མཆན། ༈ སིནྡྷུའི་རྟགས་གདབ་ནི། ཤིང་སོགས་གང་འཚམས་ལ་དགའ་འཁྱིལ་གྱི་དབུས་སུ་བཾ་གྱིས་མཚན་པ་ཐིའུ་བཞིན་བཟོས་ནས་སྔ་ཐུན་དབུ་མ་བརྩམ་པའི་གོང་རྟགས་གདབ་ཅིང་། གཙོ་བོ་དངོས་ཀྱི་ང་རྒྱལ་བཟུང་སྟེ། སྒྲོལ་འདེབས། མཆན། ཧྲཱིཿ གནས་ནི་འོག་མིན་དག་པ་མཁའ་སྤྱོད་ཞིང་། །སྒྱུ་ལུས་བཀོད་པ་བདེ་ཆེན་མཁའ་འགྲོ་མ། །རླུང་ནི་འབྱུང་འཇུག་རྡོ་རྗེའི་ཡི་གེ་གསུམ། །རང་

p. 365

རིག་སེམས་ཉིད་རྣམ་ཀུན་མཆོག་ལྡན་མའོ། །ཞི་རོལ་རིང་པོའི་འོག་རྟགས་གདབ་བོ། །མཆན། ཞེས་ཞིང་དང་སྐུ་ཡི་གསལ་སྣང་ཝལ་གྱིས་བསྐྱེད་ཅིང་རྩ་སྔགས་བརྗོད་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་བཛྲ་ཝརྞ་ནཱི་ཡེ་བཛྲ་བེ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ བརྗོད་ལ་སྨིན་མཚམས་སུ་རྟགས་གདབ་བོ། །འབྲུ་གསུམ་གྱིས་རྡོར་བཟླས་མཐར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རང་ངོར་ཅི་གནས་སུ་བཞག་པས་སྒོ་གསུམ་ལས་རུང་དུ་བྱ་བ་ཡིན་ནོ། །ཞེས་བདེ་ཆེན་འབར་བའི་རྡོ་རྗེས་སོ།། །།

p. 366
p. 367

དཀར་གཏོར་བྱིན་རླབས་ནི། རྃ་ཡྃ་ཁྃ་གིས་བསང་། ཨོཾ་ཨཱཿཧཱུྃ་གིས་སྦྱང་། བྷུ་མི་པ་ཏི་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། སྒྲོལ་འདེབས། མཆན། ཧཱུྃ། ས་ལ་དབང་བ་བརྟན་མ་ཡུལ་གཞིའི་བདག །དཀར་ཕྱོགས་གནས་ཀྱི་ལྷ་ཀླུ་དམ་ཚིག་ཅན། །གཉུག་མར་གནས་དང་གློ་བུར་ལྷགས་པའི་ཚོགས། །ཀུན་ལ་མཆོད་སྦྱིན་གཙང་སྦྱར་འདི་འབུལ་བས། །བདག་གི་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་མ་བྱེད་

p. 368

ཕན་པའི་སྡོང་གྲོགས་མཛོད། །སརྦ་བྷུ་མི་པ་ཏི་གཙྪས་ཞི་རོལ། མཆན། གཤེགས་པར་བྱའོ། །ཞེས་པའང་འབར་བའི་རྡོ་རྗེས་སོ།། །།

p. 369

ཚོགས་ཞིང་སྤྱན་འདྲེན་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྩ་གསུམ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། འབར་བའི་རྡོ་རྗེས་སོ། ། ༈ ན་མོ༔ བླ་མ་སངས་རྒྱས་སོགས། ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་འོད་ཞུ་རང་ཐིམ་བྱིན་བརླབས་གྱུར། ཞེས་དང་། བགེགས་གཏོར་བྱིན་རླབས་ནི། རྃ་ཡྃ་ཁྃ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། སརྦ་བིགྷྣན་ཨཱ་ཀརྵ་ཡ་ཛཿ བགེགས་བཀུག སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་

p. 370

སྥ་ར་ན་ཨི་མཾ་ག་ག་ཎ་ཁཾ་གྲྀ་ཧྣ་དཾ་བ་ལིངྟ་ཡེ་སྭཱ་ཧཱ༔ ལན་གསུམ་མཐར། ཐེངས་གཅིག་དང་འབེབས་སུམ་བརྡུང་གིས། མཆན། ཧཱུྃ་ཧྲཱི༔ བདག་ཉིད་ལས་ཀྱི་སོགས་ལ་འཇུག་གོ།

བདེ་ཆེན་ཡེ་ཤེས་མཁའ་འགྲོའི་ཕྲིན་ལས་ཀྱི་ཆོ་གའི་ངག་འདོན་སྔོན་འགྲོའི་ཆིངས་རྣམས།

p. 371

༁ྃ༔ བདེ་ཆེན་ཡེ་ཤེས་མཁའ་འགྲོའི་ཕྲིན་ལས་ཀྱི་ཆོ་གའི་ངག་འདོན་སྔོན་འགྲོའི་ཆིངས་རྣམས་བཞུགས་སོ༔

p. 372

བདེ་ཆེན་ཡེ་ཤེས་མཁའ་འགྲོ་མ༔ སྒྲུབ་པའི་གང་ཟག་དམ་ཚིག་ཅན༔ ཕྲིན་ལས་ཆོ་གར་བརྩོན་འདོད་པ༔ དེ་ལ་འཇུག་པའི་སྔོན་འགྲོ་བཤད༔ སྒྲུབ་དང་དུས་ཚིག་མཆོད་པ་དང་༔ རང་དང་གཞན་དོན་ལས་ཀྱི་ཕྱིར༔ སྤྱི་དང་སོ་སོར་དཀྱིལ་འཁོར་དང་༔ རྟེན་དང་གཏོར་མ་མཆོད་རྫས་བཀྲམ༔ ཐུན་མོང་འབྲས་ཆེན་ལ་སོགས་པ༔ ལན་ཆགས་འཇལ་བའི་གཏོར་མ་བཤམས༔ རྡོར་དྲིལ་ཌཱ་རུ་ཐུན་རྫས་དང་༔ སྤོས་དང་གཡབ་དར་བསང་ཆུ་སོགས༔ མཁོ་བའི་ཡོ་བྱད་ཐམས་ཅད་བསགས༔ བདེ་བའི་སྟན་ལ་དྲང་པོར་འདུག༔ ཤིན་ཏུ་བསམ་བཟང་འཕེན་པ་བཏང་༔ ཚོགས་ཞིང་སྤྱན་དྲངས་སྐྱབས་སུ་འགྲོ༔ སྒྲོལ་འདེབས། ན་མོཿ བླ་མ་སངས་རྒྱས་བདེར་གཤེགས་རིགས་

p. 373

ལྔ་དང་༔ དེས་གསུངས་འབྲས་བུ་དོན་དམ་གསང་སྔགས་ཆོས༔ ཐེག་མཆོག་བྱང་ཆུབ་སེམས་དང་མཁའ་འགྲོའི་ཚོགས༔ བསླུ་མེད་དམ་པ་རྣམས་ལ་སྐྱབས་སུ་མཆི༔ ཐེག་པ་ཆེན་པོར་སེམས་བསྐྱེད་བྱ༔ ཧོ༔ སྒྲོལ་འདེབས། བསྐལ་པ་དཔག་མེད་སྔོན་ནས་འབྲེལ་བའི་མ༔ མཐའ་མེད་འཁོར་བའི་མཚོ་དང་འཁྲུལ་པའི་རྒྱ༔ འདི་ལས་བསྒྲལ་འདོད་རྣམ་མཁྱེན་མཆོག་ལ་སྨོན༔ དེ་ཕྱིར་དང་པོ་བདག་ཉིད་བྱང་ཆུབ་བསྒྲུབ༔ ལན་གསུམ། ཚད་མེད་རྣམ་བཞིར་བློ་སྦྱོང་བྱ༔ སྒྲོལ་འདེབས། ཚོགས་འདིར་བརྩེ་བས་ཕན་འདོད་བྱམས་

p. 374

པ་དང་༔ སྡུག་བསྔལ་མཐོང་བས་བཟོད་མེད་སྙིང་རྗེ་འཁྲུངས༔ བདེ་བར་གྱུར་ན་དགའ་བ་ཚད་མི་སྤོབས༔ དགྲ་གཉེན་བཏང་སྙོམས་གཏན་བདེ་བཟང་པོར་སྨོན༔ ལན་གསུམ། བསོད་ནམས་ཡན་ལག་རྣམས་ལ་འབད༔ ཧྲུག་འདོན། རྡུལ་སྙེད་ཞིང་གི་དཀོན་མཆོག་བླ་མ་ལྷ༔ ཡི་དམ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ལ༔ གྲངས་མེད་ལུས་ཀྱིས་ཕྱག་འཚལ་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་འབུལ༔ སྒོ་གསུམ་ཉེས་འཆགས་མི་དགེའི་ལས་ངན་འདི༔ སྙིང་ནས་འགྱོད་མཆིས་མི་འཆབ་སོ་སོར་བཤགས༔ མཆོག་དམན་དགེ་ཚོགས་རྒྱ་མཚོར་བདག་ཡི་རང་༔ འགྲོ་ཁམས་རང་བློར་འཚམས་པའི་ཆོས་འཁོར་བསྐུལ༔ འདྲེན་པ་མཆོག་རྣམས་བསྐལ་བརྒྱར་བཞུགས་གསོལ་འདེབས༔ དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་འོད་ཞུ་རང་ཐིམ་བྱིན་

p. 375

བརླབས་གྱུར༔ བགེགས་ཚོགས་བསྐྲད་ཕྱིར་གཏོར་མ་བསྔོ༔ གོང་གི་བགེགས་གཏོར་བྱིན་རླབས་ལ་འཇུག །ཧཱུྃ་ཧྲཱིཿ བདག་ཉིད་ལས་ཀྱི་མཁའ་འགྲོ་མཐིང་ནག་ཁྲོ༔ རབ་འཇིགས་འབར་བ་རྒྱ་གྲམ་མེ་ཞགས་བསྣམས༔ དུར་ཁྲོད་ཆས་རྫོགས་པད་ཉིའི་གདན་ལ་རོལ༔ དུས་མཐའི་མེ་འདྲ་སྟོབས་ཀྱིས་བསྲེགས་པར་གྱུར༔ དེ་བས་བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ འབྲས་ཆེན་ཆངས་བུ་མར་མེ་བཤོས་བཟང་དང་༔ བསྔོས་པའི་མཆོད་སྦྱིན་ལོངས་ལ་གཞན་དུ་དེངས༔ ཟབ་མོའི་དཀྱིལ་འཁོར་བལྟ་བར་མི་དབང་ཕྱིར༔ དཔག་ཚད་བརྒྱ་སྟོང་མང་པོའི་ཕ་རོལ་སོང་༔ མ་ཉེ་མ་འཁོར་འདུག་པའི་ཡིད་ཆགས་ཁྲོལ༔ འཇིགས་བྱེད་ཁྲོས་མའི་བཀའ་ནན་དམ་ཚིག་འདི༔ ཉམས་ན་བསྲེག་ཅིང་མགོ་ལུས་ཚལ་པར་འགས༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ འབེབས་སུམ་བརྡུང་འོག་ཧཱུྃ་བཞིའི་སྔགས་ཚར་བཞི། མཆན། ཨོཾ་ཀརྨ་ཀྲོ་

p. 376

དྷི་ཤྭ་རི་སརྦ་ཤ་ཏྲུཾ་བིགྷྣན་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ ཨོཾ་སུམྦྷ་ནི་སོགས། གུ་གུལ་བདུག་ཅིང་མཚམས་བཅད་བྱ༔ ཆོས་འདེབས་གདངས་ཕྱག་རྒྱ། ཧཱུྃ༔ ཆོས་དབྱིངས་རོལ་པ་མཁའ་འགྲོའི་དཀྱིལ་འཁོར་འདིར༔ མཚམས་ལས་འདའ་བའི་གང་དག་གདུག་ཅན་རིགས༔ སྒོ་མཚམས་རྣམས་ཀྱིས་འབར་བའི་འོབས་སུ་བཅུག༔ ཁྲོ་མོས་གཡོན་བསྐོར་རྣོ་བའི་ཕུར་བུས་གཟིར༔ ཁྲོ་བོས་གཡས་བསྐོར་རྡོ་རྗེ་ཐོ་བས་བརྡུང་༔ དྲན་མེད་རྒྱལ་འཐིབ་རེངས་ཤིང་རྨོངས་པར་གྱུར༔ ཛ་ཧཱུྃ་བྃ་ཧོ༔ བཛྲ་ཀྲོ་ཏི་སརྦ་བིགྷྣན་ཀཱ་ཝཱ་ཙི་ཀཱི་ལི་ཀཱི་ལ་ཡ་མུཏྒ་ར་ཨ་ཀོ་ཊ་ཧཱུྃ་ཕཊ༔ འབེབས་སུམ་བརྡུང་། ཧཱུྃ༔ ཉི་ཟླའི་གའུ་འཁོར་ལོ་རྡོ་རྗེ་དང་༔ རིན་ཆེན་པདྨ་རལ་གྲིས་ར་གུར་གཏམས༔ ས་ཆུ་མེ་རླུང་གོང་བུར་འབར་འཚུབ་འཁྱིལ༔ གཞོམ་མེད་ནམ་མཁའི་ཕྱག་མཚན་འབྱུང་བའི་གུར༔ བར་མཚམས་ཁྲོ་བོ་ཁྲོ་མོས་ཧཱུྃ་ཕཊ་སྒྲོགས༔

p. 377

ཆོས་ཉིད་ཀློང་དུ་ལྷ་དང་གདོན་བགེགས་ཞེས༔ རང་བཞིན་བདེན་གྲུབ་ཀུན་བཏགས་མིང་ཙམ་ལས༔ གཞན་དབང་རང་རྒྱུད་ཡེ་ནས་མ་སྐྱེས་པའི༔ མཐའ་བྲལ་ཡོངས་གྲུབ་བསྲུང་བྱ་སྲུང་བྱེད་བྲལ༔ མ་རིག་མཚམས་གཅོད་རིག་པའི་ཕྱག་རྒྱ་ཆེ༔ དོན་དམ་སྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ ཨོཾ་ཨེ་ཝཾ་ཙཀྲ་བཛྲ་རཏྣ་ཀརྨ་ཏིགྣ་ལཾ་བཾ་རཾ་ཡཾ་ཨེ་བྷྲཱུྃ༔ སརྦ་ཏ་ཀྲིཏ་ཛྭ་ལ་དྷརྨཱ་དྷ་ཏུ་བཛྲ་རཀྵ་རཀྵ་ཧཱུྃ་ཨ༔ བརྡ་ཡི་སྒོ་དབྱེ་བརྡའ་ཕྱག་འཚལ༔ འབེབས་སུམ་བརྡུང་། ཧྲཱི༔ གཟུང་ཡུལ་ཕྱི་ཡི་སྣང་ཕྱོགས་གཞན་དུ་མིན༔ འཛིན་བྱེད་ནང་གི་སེམས་ཉིད་བདག་ཏུ་ཞེན༔ བར་དུ་ཚོགས་བདུན་ལུ་གུ་རྒྱུད་དུ་འཁྲུལ༔ བྱ་བྱེད་ཡིད་ཀྱི་སྒྱུ་མ་ལས་སྣང་ཆུ༔ བག་ཆགས་འཁྲུལ་ཕྱིར་ཀུན་གཞིའི་རྒྱ་མཚོར་འབབ༔ མ་རིག་རྐྱེན་གྱིས་བསགས་པའི་བཟང་ངན་ལས༔ བདེ་སྡུག་འབྲས་བུ་རྨི་ལམ་ཟས་ལྟར་ཟ༔ རྟེན་

p. 378

འབྲེལ་ཟབ་མོས་མ་རིག་འདི་བསལ་ནས༔ ཟོ་ཆུན་འཁྲུལ་འཁོར་འཇིག་ལས་ལྡོག་པར་འགྱུར༔ རྒྱལ་བའི་དེ་བཞིན་ཉིད་འདི་ཀུན་ལ་ཁྱབ༔ འབྲུ་ཡི་སྣུམ་ལྟར་བདེ་གཤེགས་སྙིང་པོ་གནས༔ མ་རིག་སྦུབ་དང་བློ་རྟོག་བག་ཆགས་ཀྱིས༔ བསླད་ཅིང་བསྒྲིབས་པས་འདབ་རྫབ་རིན་ཆེན་ནོར༔ མངལ་གྱི་ཁྱེའུ་འཁོར་ལོས་སྒྱུར་བ་དང་༔ རྒྱལ་བའི་སྐུ་བརྙན་ཧྲུལ་པོའི་གོས་གཡོགས་ལྟར༔ སྒྲིབ་འདི་རང་རིག་ཡེ་ཤེས་ཐབས་ཀྱིས་བསལ༔ རང་གསལ་སྒོ་ནི་རང་ངོ་ཤེས་པས་དབྱེ༔ དེ་ལྟར་མ་རྟོགས་ཞི་ལ་སྐུར་པ་བཏབ༔ སྲིད་པར་སྒྲོ་བཏགས་ནོར་འདི་འགྱོད་པས་བཤགས༔ པྲ་བེ་ཤ་ཡ་ཕཊ༔ ས་མ་ཡ་ཤུདྡྷེ་ཨཿ ཧྲཱི༔ རང་རིག་ཡེ་ཤེས་དོན་གྱི་དཀྱིལ་འཁོར་ལ༔ སྔོན་ནས་བརྩེ་གདུང་འབྲེལ་བའི་དམ་ཚིག་གིས༔ ད་ལྟར་སེམས་དང་དབྱེར་མེད་ལྷན་ཅིག་མཇལ༔ རང་བྱུང་འདུ་འབྲལ་མེད་པར་གུས་

p. 379

ཕྱག་འཚལ༔ ན་མོ་ན་མཿ མི་འབྲལ་བསྒྲུབ་པའི་དམ་བཅའ་བཟུང་༔ ཧྲཱིཿ དོན་དམ་དབྱིངས་སུ་ཀུན་རྫོབ་གསལ་རྫོགས་ལྷ༔ ཡེ་ནས་འདུ་འབྲལ་མེད་པའི་དམ་ཚིག་གིས༔ འགྱུར་མེད་བདེ་ཆེན་མཆོག་ཏུ་མ་གྲུབ་བར༔ བསྙེན་སྒྲུབ་ཏིང་འཛིན་སྲོག་འདི་མི་བཏང་གཟུང་༔ ཛྙཱ་ན་ས་མ་དྷི་ཧཱུྃ༔ འབེབས་སུམ་བརྡུང་། བདག་ཉིད་བྱིན་རླབས་གོ་ཆ་བསྒོ༔ འདེབས་དང་ཕྱག་རྒྱ། རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་བསྣམས༔ རིན་ཆེན་རུས་པ་དར་གྱིས་མཛེས་པར་བརྒྱན༔ ཁ་ཊྭཱྃ་མཆན་བཅུག་པད་ཉི་བམ་གྱི་སྟེང་༔ མེ་དཔུང་ཀློང་ན་བརྐྱང་བསྐུམ་གར་གྱིས་རོལ༔ སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན༔ མགྲིན་པར་པདྨ་དམར་པོ་ཡི་གེ་ཨཱ༔ ཐུགས་ཀར་ཉི་དཀྱིལ་སྟེང་དུ་ཧཱུྃ་སྔོན་པོ༔ སླར་ཡང་སྤྱི་གཙུག་ཧཱུྃ་ལས་འཇིགས་བྱེད་ལྗང་༔ ལྕེ་ལ་ཡཾ་ལས་འགུགས་བྱེད་མ་

p. 380

དཀར་མོ༔ སྙིང་ཁར་ཡྃ་ལས་མཐར་བྱེད་མ་མཐིང་ནག༔ སྨིན་མཚམས་ཧྲིཾ་ལས་འཕྲོག་བྱེད་མ་དམར་སེར༔ ཡན་ལག་རྣམས་སུ་ཕཊ་ལས་གཏུམ་མོ་ནག༔ དཔའ་བོ་འབྲུ་ལྔས་ཕུང་པོ་ཉོན་མོངས་དང་༔ དཔའ་མོ་འབྲུ་ལྔས་ཁམས་ལྔ་བྱིན་གྱིས་བརླབས༔ སྐྱེ་མཆེད་ཀུན་ཀྱང་དཔའ་བོ་འབྲུ་བཞི་དང་༔ ཛཿཧཱུྃ་བཾ་ཧོཿའི་ཡི་གེས་རྒྱས་བཏབ་ཅིང་༔ འབྲུ་གསུམ་འོད་ཀྱིས་འཁོར་ལོ་གསུམ་སྤྱན་དྲངས༔ ལུས་ངག་ཡིད་གསུམ་སྲུང་ཞིང་བྱིན་བརླབས་གྱུར༔ འབྲུ་གསུམ་བཟླས་པ་ཅི་ནུས་བྱ༔ གནས་དང་ཡོ་བྱད་བྱིན་བརླབ་ཕྱིར༔ སྤོས་དང་རོལ་མོའི་དབྱངས་ཀྱིས་བསྐུལ༔ ཐེང་གསུམ་འབེབས་སུམ་བརྡུང་། ཧཱུྃ་ཧྲཱི༔ ཆོས་དབྱིངས་དབུས་མཐའ་མེད་པ་འོག་མིན་ཞིང་༔ ལྷུན་གྲུབ་དུར་ཁྲོད་མེ་རི་འབར་བ་ནས༔ ཀུན་བཟང་ཡུམ་ཆེན་དབྱིངས་ཕྱུག་ཐུགས་དམ་བསྐུལ༔ བདེ་ཆེན་ཡེ་ཤེས་མཁའ་འགྲོས་སིལ་ཚག་དྲིལ་བསིལ་འོག་མ་རྣམས་ལ་འགྲེ། བྱིན་ཕོབ་ཅིག༔ འཁོར་

p. 381

ལོ་གསུམ་དང་མཁའ་སྤྱོད་ཨོ་རྒྱན་ནས༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ དབྱིངས་ཕྱུག་རིགས་ཀྱི་ཡུམ་རྣམས་ཐུགས་དམ་བསྐུལ༔ མ་སྲིང་མཁའ་འགྲོ་ཡོངས་ཀྱིས་བྱིན་ཕོབ་ཅིག༔ དུར་ཁྲོད་བརྒྱད་དང་གསང་བའི་གནས་རྣམས་ནས༔ བདུད་འདུལ་ཁྲོས་མ་ཁྲོ་མོའི་ཐུགས་དམ་བསྐུལ༔ སེང་གདོང་དྲག་མོ་ཕྲ་མེན་མཁའ་འགྲོའི་ཚོགས༔ ཡེ་ཤེས་མ་མོ་རྣམས་ཀྱིས་བྱིན༴ གནས་ཡུལ་ཀུན་དང་རི་བོའི་ཁོང་གསེང་ནས༔ འཇིག་རྟེན་ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐུལ༔ ཐོགས་མེད་མཁའ་ལ་ཤུགས་ཀྱིས་རབ་བསྒྲོད་པའི༔ གནས་གསུམ་མ་མོ་མཁའ་འགྲོས་བྱིན༴ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ སྲིད་པའི་མ་རྒྱུད་རྣམས་ཀྱིས་བྱིན་ཆེན་ཕོབ༔ གནས་ནི་མཁའ་སྤྱོད་ཨོ་རྒྱན་ཞིང་དུ་བསྒྱུར༔ ཡོ་བྱད་མཆོད་རྫས་ཡེ་ཤེས་རོལ་པའི་རྒྱན༔ རྣལ་འབྱོར་དཔའ་བོ་

p. 382

མཁའ་འགྲོར་བྱིན་གྱིས་རློབས༔ སྣོད་བཅུད་འདུ་འཕྲོ་སྐུ་དང་ཡེ་ཤེས་དབྱིངས༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་འབྱམས་སུ་ཀླས༔ འཁོར་འདས་དག་མཉམ་ཆེན་པོར་བྱིན་རློབས་ཤིག༔ རོལ་འཇོག །ཨོཾ་ཛྙཱ་ན་ཝཱ་ར་ཧི་བཛྲ་ཌཱ་ཀི་ནི་ཨཱ་ཝེ་ཤ་ཡ་ཨ། ཛཿཧཱུྃ་བཾ་ཧོཿ བྱིན་ནུས་ཕྱི་ནང་མཆོད་རྫས་བརླབ༔ བདུད་རྩི་མདུན་བཀོད་ལས་སྔགས་བསང་༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ཀརྨ་ཏ་ཀྲི་ཏ་བཛྲ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ༔ ཧྲུག་འདོན། རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ༔ མཚན་ལྡན་དུམ་གཅིག་དཔྲལ་བ་རང་ལ་བསྟན༔ ཕྱི་དཀར་ནང་དམར་རྒྱ་ཁྱོན་ཚད་དང་བྲལ༔ དབུས་སུ་རྟ་ཡི་ལྕགས་ཀྱུ་དྲི་ཆེན་ལྗང་༔ ཤར་དུ་རྗོ་རྗེའི་ལྕགས་ཀྱུ་དྲི་ཆུ་མཐིང་༔ བྱང་དུ་རྒྱལ་པོའི་ལྕགས་ཀྱུ་ཀླད་པ་དམར༔ ནུབ་ཏུ་གཡོ་བའི་ལྕགས་ཀྱུ་བྱང་སེམས་དཀར༔ ལྷོ་རུ་གནས་ཀྱི་ལྕགས་ཀྱུ་རཀྟ་སེར༔ སོ་སོར་དབུས་སུ་རིམ་བཞིན་ས་བོན་འབྲུ༔ ཛྲིཾ་ཤྲིཾ་ཧཱུྃ་ཧྲིཾཿགྷྲིཾ་མཚན༔

p. 383

དབུས་ནས་མཚམས་བཞིར་གཡོན་བསྐོར་རིམ་པ་བཞིན༔ མི་དང་བ་གླང་ཁྱི་དང་གླང་པོ་རྟ༔ ཤ་ཆེན་ལྔ་ནི་མཱུྃ་དང་ལཱྃ་མཱྃ་པཱྃ༔ ཏཱྃ་ཡིག་རབ་མཚན་ཁ་ཆོད་ཉི་ཟླ་ལ༔ ཐབས་ཤེས་ཨཱ་ལི་ཀཱ་ལི་དཀར་དམར་བཀོད༔ དེ་སྟེང་རྡོ་རྗེ་སྔོན་པོ་འབྲུ་གསུམ་མཚན༔ སྟེང་དུ་ཡེ་ཤེས་དཀྱིལ་འཁོར་འབྲུ་བཅུ་ལས༔ འོད་ཀྱི་དབུས་སུ་རིགས་ལྔ་ཡབ་ཡུམ་སྦྱོར༔ དམ་ཚིག་དཀྱིལ་འཁོར་བདག་ཉིད་འོད་ཀྱིས་བསྐུལ༔ རླུང་བསྐྱོད་མེ་སྦར་པདྨའི་སྣོད་ཆེན་དྲོས༔ བཅུད་ཀྱི་རྫས་ཞུ་སྙིགས་མ་ཕྱུར་གྱིས་ལུད༔ ཧ་ཡིས་ཁ་དོག་ངན་བཅོམ་མཛེས་པར་གྲུབ༔ ཧོ་ཡིས་དྲི་ངན་བསལ་ཞིང་དྲི་ཞིམ་འཐུལ༔ ཧྲཱིཿཡིས་རོ་ནུས་ངན་པ་དག་པར་སྦྱངས༔ བཅུད་དང་ཡོན་ཏན་འཆི་མེད་བདུད་རྩི་སྤེལ༔ རླངས་པ་དྭངས་མའི་འོད་ཟེར་མཆོད་པའི་སྤྲིན༔ ཐབས་ཤེས་རྡོ་རྗེའི་དབུས་ནས་གྱེན་དུ་སོང་༔ ཡེ་ཤེས་རིགས་

p. 384

ལྔའི་དཀྱིལ་འཁོར་མཉེས་པར་བྱས༔ དགའ་མཆོག་བདེ་ཆེན་སྦྱོར་བས་འོད་དུ་ཞུ༔ སླར་ཡང་ལྷར་གྱུར་དགྱེས་ཚོགས་དཔག་མེད་མཆོད༔ མཆོད་སྤྲིན་སྤྲོ་བསྡུ་སྐབས་དང་སྦྱར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ནས་རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཧྲུག་འདོན། ཡབ་ཡུམ་སྙོམས་ཞུགས་འོད་ཀྱིས་དོན་གཉིས་བྱས༔ ཚུར་འདུས་མཁའ་གསང་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་འོག་གི་ཐོད་པའི་ནང་དུ་ལྷུང་༔ ཉི་ཟླའི་དཀྱིལ་འཁོར་དང་བཅས་འོད་དུ་ཞུ༔ འདྲེས་པ་ཁ་དོག་དཀར་མཚེར་མུ་ཏིག་ལྟར༔ འབྲུ་གསུམ་ཞུ་བས་དམར་བའི་མདངས་འོད་ཆགས༔ རྡོ་རྗེ་འོད་ཞུ་བཻ་ཌཱུརྱ་ལྟར་དྭངས༔ བདེ་བ་ཆེན་པོའི་ལྷན་སྐྱེས་རིགས་ལྔ་ཞུ༔ དམ་ཚིག་ཡེ་ཤེས་གཉིས་མེད་བདུད་རྩིའི་མཚོ༔ ཁ་དོག་ལྔ་ལྡན་སྲིད་

p. 385

ཞིའི་ཀློང་དུ་འཁྱིལ༔ མེར་བའི་ཟེར་མས་འཁོར་འདས་ལམ་གསུམ་ཚིམ༔ འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་སྨན་གཡས་བསྐོར་ལན་གསུམ། བདུད་རྩིའི་ཟེག་མས་བགེགས་ཚོགས་གཟིར་ཞིང་བརླག༔ བདུད་རྩིའི་སྲུང་འཁོར་གཞོམ་མེད་རྡོ་རྗེའི་གུར༔ བདུད་རྩིའི་བྱིན་རླབས་སྣོད་བཅུད་ཟག་མེད་སྤྲིན༔ མཆོག་ཐུན་དངོས་གྲུབ་བདུད་རྩི་ཨ་ལ་ལ༔ བདུད་རྩི་དཀྲུགས་ཤིང་འཐོར་ལ་མྱོང་༔ ཨཱཿ མཁའ་དབྱིངས་བྷནྡྷ་སྣང་སྲིད་སྣོད་ཀྱི་རྩི༔ ཁམས་གསུམ་བཅུད་ཀྱི་ཁྲག་ཆེན་རྒྱ་མཚོར་འཁྱིལ༔ པདྨ་རཀྟ་དགྲ་བགེགས་སྙིང་གི་ཟུངས༔ ཆགས་མེད་ཆགས་པའི་བདེ་མཆོག་དམར་ཆེན་པོ༔ ཡི་གེ་ལྷ་རུ་གསལ་ཏེ་དགྱེས་པར་མཆོད༔ སྙིང་རྗེའི་རྦ་འཁྲུགས་འགྲོ་དོན་རྒྱ་ཆེན་འགྲུབ༔ གསལ་སྟོང་འཛིན་མེད་དངོས་གྲུབ་

p. 386

བསྐུལ་བའི་རྫས༔ བདེ་ཆེན་རཀྟ་མཁའ་ལ་འཕྱོ་བར་གྱུར༔ ཨོཾ་མ་ཧཱ་རུ་དྷི་རཀྟ་ཛྙཱ་ན་ཛྭ་ལ་ས་ག་ར་སིདྡྷི་ཨཱཿཧཱུྃ༔ ལན་གསུམ་གྱིས་རཀྟ་གཡོན་བསྐོར་ལན་གསུམ། རཀྟ་ཕྱར་ཞིང་གཏོར་མ་བྲན༔ བསང་ཞིང་སྔགས་ཀྱིས་སྟོང་པར་སྦྱང་༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ཀརྨ་ཏ་ཀྲི་ཏ་བཛྲ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་གཏོར་སྣོད་གཞལ་ཡས་ཀྱི་ཁང་པར༔ གཏོར་མའི་རྒྱུ་ཕྱི་ནང་གསང་བའི་མཆོད་སྤྲིན་བརྟེན་རྫས་སྒྲུབ་རྫས་སྤྱན་གཟིགས་ཡོ་བྱད་རྒྱན་བཀོད་པ་ཟག་མེད་འདོད་ཡོན་གྱི་ལྷ་དང་ལྷ་མོ༔ སྟེང་དུ་མཆོད་ཡུལ་གྱི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བར་རྩ་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་བཞུགས་པ༔ ཕྱི་ཡི་ཕྱོགས་མཚམས་དུར་ཁྲོད་རྣམས་སུ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་༔ འོག་ཏུ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་གསུམ་གྱི་རྒྱ་མཚོར་

p. 387

འཁྱིལ་བས༔ ཡེ་ཤེས་དང་འཇིག་རྟེན་གྱི་མགྲོན་རྣམས་སོ་སོར་མཉེས་པར་བྱེད་ཅིང་༔ རྒྱ་ཆེ་བ་ཟད་མི་ཤེས་པ་དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་ཆད་པར་འབྱུང་བའི་སྟོབས་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་མ་ཧཱ་བ་ལིངྟ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་སྨན་རཀ་གཏོར་མར་སྦྲེང་། གཏོར་མར་བདུད་རྩི་སྦྲེང་ཞིང་བླུགས༔ མཆོད་རྫས་རྣམས་ལ་ཁྱབ་པར་བྲན༔ ཧཱུྃ་ལས་བྷནྡྷ་འབར་བའི་སྣོད་རྣམས་སུ་རཀྟའི་ཨརྒྷཾ༔ དབང་པོའི་མེ་ཏོག༔ ཤ་ཆེན་གྱི་གསུར་དུད༔ ཞག་ཆེན་གྱི་མར་མེ༔ མཁྲིས་པའི་དྲི་ཆབ༔ ཤ་དང་རུས་པའི་བཤོས་བུ༔ ཐོད་རྔ་རྐང་གི་རོལ་མོ་སོགས་དྲག་པོའི་མཆོད་པ༔ གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་གཙང་ཞིང་དགེ་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་

p. 388

སོགས་ཀུན་བཟང་མཆོད་པའི་སྤྲིན་ཕུང་ཟག་པ་མེད་པས་ཡོངས་སུ་རྒྱས་པར་འགེངས་ཤིང་འཕྲོ་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ནས་ཤབྟཞི་རོལ་འི་བར། རཱུ་པ་ནས་སྤརྴེའི་བར་སོ་སོར་ཨོཾ་དང་ཨཱཿཧཱུྃ་སྦྱར། ཏིང་འཛིན་སྦྱོར་བ་རང་གསལ་གདབ༔ ཧྲུག་འདོན། ཧྲཱིཿ ཡེ་ནས་རང་ལུས་ལྷ་ཡི་དཀྱིལ་འཁོར་དང་༔ ངག་དང་རླུང་སྒྲ་རང་བྱུང་སྔགས་ཀྱི་གདངས༔ སེམས་ཉིད་གསལ་སྟོང་སྤྲོས་བྲལ་རྒྱལ་བའི་ཐུགས༔ ལྷུན་གྲུབ་རང་ལ་རྫོགས་ཕྱིར་བསྒོམ་པར་བགྱི༔ ཙིཏྟ་བཛྲ་ས་མ་ཡ་སྟྭཾ༔ རྡོ་རྗེའི་རྒྱ་སྙིང་གར་བཟུང་༔ ས་མ་ཡ། རྒྱ་རྒྱ་རྒྱ༔ དེ་ལྟར་སྔོན་འགྲོའི་སྦྱོར་བ་ནི༔ ཟབ་དོན་མཁའ་འགྲོའི་ཆོས་ཚན་ལས༔ ཐུན་མོང་སྤྱི་ཡི་རྒྱན་དུ་བསྟན༔ སྐལ་ལྡན་འགྲོ་ལ་ཕན་ཕྱིར་བཀོད༔ ཤཧྨངྒདཧྣངྒངྨརླརྐིདྲ༔ རྒྱ་རྒྱ་རྒྱ༔ བདེ་ཆེན་འབར་བའི་རྡོ་རྗེས་གཏེར་དུ་སྤྱན་དྲངས་པའོ།། །།

བདེ་ཆེན་ཡེ་ཤེས་གསང་བ་མཁའ་སྤྱོད་མཁའ་འགྲོ་མའི་མན་ངག་ལས་ཕྲིན་ལས་རང་གཞུང་རྒྱས་པ། བདེ་ཆེན་འབར་བའི་རྡོ་རྗེ།

p. 389

༁ྃ༔ བདེ་ཆེན་ཡེ་ཤེས་གསང་བ་མཁའ་སྤྱོད་མཁའ་འགྲོ་མའི་མན་ངག་ལས་ཕྲིན་ལས་རང་གཞུང་རྒྱས་པ་བཞུགས་སོ༔

p. 390

རྣམ་སྣང་མཁའ་འགྲོ་ཆེན་མོ་ལས༔ མངོན་རྟོགས་རྣལ་འབྱོར་དུ་བྱ་བ༔ ལས་ཀྱི་བྱང་བུ་བསྡེབས་པར་ཤེས༔ སྤྱི་ལ་ཏིང་ངེ་འཛིན་གྱི་སྒོ༔ ཨོཾ་ཤུ་ནྱ་ཏཱ་སོགས། ཐེང་༡སུམ་བརྡུང་། ཧོ༔ ཆོས་རྣམས་མཐའ་བཞི་སྤྲོས་བྲལ་སྟོང་ཆེན་དབྱིངས༔ རྒྱ་ཆེན་སྙིང་རྗེ་སྒྱུ་མའི་འགྲོ་ལ་ཤར༔ ཟུང་འཇུག་དང་པོའི་རིག་རྩལ་ཡི་གེ་ཧྲཱིཿ རྟེན་མེད་ཆུ་ལས་ཉ་འཕར་ཚུལ་དུ་ཤར༔ རྒྱུ་དེའི་འོད་ཀྱིས་མཁའ་ལས་སྤྲིན་ལྡང་ལྟར༔ སྤྲུལ་པའི་ཡི་གེ་ཨེ་ཡཾ་རཾ་བཾ་ལཾ༔ ཀུན་གྱི་བཅུད་འདུས་ཡེ་ཤེས་འབྱུང་བ་ནི༔ མཐིང་ལྗང་དམར་པོ་དཀར་དང་སེར་བའི་མདངས༔ མཁའ་

p. 391

ཀློང་ཆོས་འབྱུང་གཡོ་བའི་རྒྱ་གྲམ་བརྟན༔ འབར་བ་གྲུ་གསུམ་སྡུད་བྱེད་གཤེར་ཞིང་ཟླུམ༔ དབྱིབས་ནི་གྲུ་བཞི་བང་རིམ་ལྕོགས་དང་བཅས༔ སུཾ་ལས་ལྷུན་པོ་ཁ་ཁྱེར་ཤིན་ཏུ་ཡངས༔ པྃ་ལས་འདབ་སྟོང་དབུས་སུ་བྷྲཱུྃ་ཡིག་ལས༔ ཚད་མེད་གཞལ་ཡས་གྲུ་བཞི་སྒོ་བཞིར་ལྡན༔ སྣ་ལྔའི་རྩིག་རྨང་སྣ་ཚོགས་རྡོ་རྗེ་བརྟན༔ མཛེས་པའི་ཕ་གུ་མུན་ཁྱམས་ཀ་བས་བཏེགས༔ རིན་ཆེན་དྲྭ་ཕྱེད་གསེར་གདུགས་ངོས་ལ་བརྟེན༔ ཤར་བུ་ཆུ་སྐྱེས་མདའ་ཡབ་པདྨས་བརྒྱན༔ ཕྱུར་བུ་ཆོས་འཁོར་གདུགས་

p. 392

ཏོག་ཉི་ཟླས་མཛེས༔ ཕྱི་ནང་སྣམ་བུར་འདོད་ཡོན་བཅལ་དུ་བཀྲམ༔ སྒོ་བཞིར་ཀ་བ་སྣམ་བུ་བཞི་བཞིར་ལྡན༔ པདྨའི་མདའ་ཡབ་ཆོས་འཁོར་གསང་སྔགས་སྒྲོགས༔ དེར་ཉན་རི་དྭགས་ཀྱིས་བརྟེན་ཞིང་གི་གདུགས༔ པདྨའི་ཏོག་ལྡན་སྒོ་འགྲམ་ལྗོན་ཤིང་བརྒྱད༔ ཞིང་སྐྱོང་མ་མོ་ལུས་ཕྱེད་ཐོན་པར་གནས༔ འཕན་གདུགས་རྒྱལ་མཚན་ཞིང་དང་རྒྱུ་མའི་རྒྱན༔ སྣ་ཚོགས་བྱ་འདབ་སྟེང་དང་འོག་ཏུ་གནས༔ ཕྱི་རོལ་འདབ་སྟོང་འོབས་སུ་དུར་ཁྲོད་བརྒྱད༔ མེ་སྤྲིན་ཆུ་ཤིང་རོ་དང་སྐུ་གདུང་མཆོག༔ གདོད་ནས་རིག་འཛིན་མ་མོ་ཕྱོགས་སྐྱོང་ཀླུ༔ སོ་སོར་བརྒྱད་བརྒྱད་དེ་ཕྱིར་རྡོ་རྗེ་དང་༔ མེ་སྤྲིན་རབ་ཏུ་འཁྲུགས་པའི་གུར་ཆེན་འབར༔ ནང་དུ་གྲུ་ཆད་ཨེ་ལས་ཆོས་འབྱུང་སྟེང་༔ སྣ་ཚོགས་པདྨ་ཕྱི་ནང་རིམ་པར་བརྩེགས༔ དེ་སྟེང་པདྨ་ཉི་ཟླ་བཾ་རོའི་སྟེང་༔ ཀུན་ལ་རྟེན་གཞི་དེ་ལྟར་བསྐྱེད༔ དེ་ནས་བརྟེན་པའི་ལྷ་

p. 393

བསྐྱེད་པ༔ འོད་ཀྱི་གའུར་རྒྱུ་ཡི་ཡི་གེ་ཞུགས༔ འཕྲོ་འདུས་དོན་གཉིས་བྱས་ཏེ་སླར་འདུས་པར༔ མཁའ་སྤྱོད་གནས་ནས་གཙོ་མོའི་བྱིན་རླབས་མཐུ༔ འོད་ཀྱི་སྐར་མདའ་བསྣུན་ཏེ་ཕོག་མ་ཐག༔ ཞུ་བ་བདེ་ཆེན་གྱིས་བསྐུལ་གཙོ་མོ་ནི༔ རྣམ་སྣང་དབྱིངས་ཕྱུག་རྡོ་མི་ཕྱེད་པའི་དོན།རྗེ་རྣལ་འབྱོར་མ༔ དཀར་བ་དུང་ལྟར་གསལ་བ་ཆུ་ཤེལ་དང་༔ འཚེར་བ་མུ་ཏིག་དངུལ་ཞུན་འདྲིལ་བའི་མདངས༔ བཅུ་དྲུག་ན་ཚོད་ནུ་འབུར་སྐེད་པ་ཕྲ༔ བདེ་ཆེན་ཉམས་ཀྱིས་སྒེག་པས་མཉེན་ལྕུག་ལྡན༔ ལང་ཚོ་རབ་ཏུ་རྒྱས་ཕྱིར་འཁྲིལ་བག་ཆགས༔ ཞལ་གཅིག་འཛུམ་མདངས་མཆུ་སྒྲོས་ཤིན་ཏུ་ལེགས༔ ཐགས་བཟང་ཚེམས་ཀྱིས་མ་མཆུ་ཅུང་ཟད་མནན༔ དཔྲལ་བའི་དབྱེས་དང་མགྲིན་པ་འཇམ་ལ་ཟླུམ༔ དཀྱུས་རིང་ཡངས་པའི་སྤྱན་གསུམ་ཟུར་མིག་གཡོ༔ སྨིན་ལེགས་པགས་པ་དགའ་བ་འཁྱིལ་པས་

p. 394

མཚན༔ ཤངས་རྣོན་མཐོ་བའི་རླུང་ནི་ཧཱུྃ་ཕེཾ་སྒྲོགས༔ སྲབ་འཇམ་སྙན་མཆོག་སྙན་ཤལ་རིང་ཞིང་མཛེས༔ བྱེ་བ་ཐེར་འབུམ་དབུ་སྐྲ་སུམ་ཆ་ནི༔ གྱེན་བཅིངས་ཡིད་བཞིན་རྡོ་རྗེའི་ཏོག་གིས་སྤྲས༔ ལྷག་མ་གནག་སྣུམ་སྐུ་རྒྱབ་ཁེབས་པར་གྲོལ༔ ཐལ་གོང་རབ་རྒྱས་ལྷུ་ཚིགས་འཁྱིལ་ཞིང་ཟླུམ༔ བྷ་ག་འཕྲང་ཞིང་པདྨའི་ཟེའུ་འབྲུ་གཡོ༔ བདུད་རྩིའི་ཟིལ་པ་ཕྲུམ་ལྡན་བདེ་བ་རྒྱས༔ འཕོང་ཚོས་སྲ་བརྟན་ཡན་ལག་ཆུ་ཤིང་དང་༔ ཉིང་ལག་ལྕུག་ཕྲན་ལྟ་བུར་ཤིན་ཏུ་མཛེས༔ བོལ་མཐོ་རྟིང་ཡངས་མཐིལ་བཞི་རབ་ཏུ་འཇམ༔ བ་སྤུ་རེ་རེར་འོད་ཀྱི་དགའ་འཁྱིལ་མཚན༔ གྲངས་མེད་ཐིག་ལེར་དཔའ་བོ་ཆེན་པོའི་སྐུ༔ ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འཕོ་བ་རླུང་༔ བདེ་སྟོང་སྔགས་སྒྲ་སྟོང་ཕྲག་བདུན་ཅུ་གཉིས༔ མཁའ་འགྲོའི་གྲོང་ཁྱེར་འཁོར་འདས་ལྷ་སྔགས་ཀུན༔ སྐུ་ལ་ཡོངས་རྫོགས་མཚན་དཔེར་

p. 395

ལྡན་པའི་ལུས༔ བལྟ་བས་མི་ངོམ་མཛེས་སྡུག་ཆགས་པའི་ཉམས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་ཐོད་པདྨ་བདུད་རྩི་རྟག་ཏུ་རོལ༔ གཡས་བརྐྱང་གཡོན་བསྐུམ་དཔའ་མོའི་གར་སྟབས་འགྱིང་༔ ཧེ་རུ་ཀ་དཔལ་སྦས་ཚུལ་ཁ་ཊྭཱྃ་ག༔ མི་འབྲལ་མཆན་ཁུང་གཡས་སུ་བརྟེན་པར་མཛད༔ སྐམ་རློན་ཐོད་པའི་དབུ་རྒྱན་དོ་ཤལ་དང་༔ རིན་ཆེན་རྩེ་ཕྲན་གདུབ་བུ་སེ་མོ་དོ༔ མགུལ་རྒྱན་སྙན་ཆ་ནོར་བུའི་ལན་ཚར་གཡོ༔ བར་བར་པདྨ་ཨུཏྤལ་ཕྲེང་བས་བརྒྱན༔ དུར་ཁྲོད་རུས་པ་ལས་བྱུང་ཕྱག་རྒྱ་ལྔ༔ མ་ཉམས་ཁ་ཚར་ཀླུབ་པའི་དཔྱངས་དར་སོགས༔ ཁྲག་འཐུང་དཔའ་མོའི་ཆས་ཀུན་སྐུ་ལ་རྫོགས༔ ཉི་མའི་སྙིང་པོ་ལྟ་བུར་འོད་འཚེར་བའི༔ རྩེ་ལ་སྲེག་བྱེད་མེ་ཕྲེང་ཟླུམ་པོར་འབར༔ རྣམ་པ་ཀུན་གྱི་མཆོག་རབ་སྟོང་ཉིད་དབྱིངས༔ བརྟན་གཡོའི་ཁྱབ་བདག་

p. 396

ཆེན་མོ་དེ་ཡི་འཁོར༔ སྐུ་རུ་གསལ་ཞེས་གཙོ་རྐྱང་དང་༔ འཁོར་ལ་རྒྱས་བསྡུས་རྣམ་པ་གཉིས༔ སུམ་བརྡུང་ཅུང་མགྱོགས་དགོས། ཕྱི་རོལ་འདབ་བཞིར་པད་ཉི་བཾ་གྱི་སྟེང་༔ ཞེ་སྡང་རྡོ་རྗེ་མཁའ་འགྲོ་མཐིང་གསལ་མདངས༔ རབ་ཏུ་ཞི་ཚུལ་ཤེལ་གྱི་རྒྱན་ཆ་འཁྲོལ༔ ང་རྒྱལ་རིན་ཆེན་མཁའ་འགྲོ་སེར་གསལ་འཚེར༔ རྒྱས་མཛད་ནོར་བུ་རིན་ཆེན་སྣ་ཚོགས་བརྒྱན༔ འདོད་ཆགས་པདྨ་མཁའ་འགྲོ་དམར་སྨུག་སྒེག༔ དབང་བསྒྱུར་དར་དང་པདྨའི་རྒྱན་གྱིས་སྤྲས༔ ཕྲག་དོག་ལས་ཀྱི་མཁའ་འགྲོ་ལྗང་ནག་གཏུམ༔ རྔམ་བརྗིད་དུར་ཁྲོད་ཆས་ཀུན་སྐུ་ལ་གསོལ༔ ཕྱག་རྒྱ་དྲུག་སོགས་ཆ་ལུགས་གཙོ་དང་མཐུན༔ ཀུན་ཀྱང་རང་རྟགས་མཚོན་པའི་གྲི་གུག་དང་༔ བདེ་བསྐྱེད་རང་རང་བདུད་རྩི་ཁ་ཊྭཱྃ་བཅས༔ གར་སྟབས་རང་འོད་འཁྲུགས་པའི་ཀློང་ན་བཞེངས༔ རྒྱས་པར་འཇིག་རྟེན་མཁའ་འགྲོ་གསུམ༔ དེ་ཕྱིར་འདབ་དྲུག་པད་ཉི་རོ་ཡི་

p. 397

སྟེང་༔ གཟུགས་དང་ཚེ་འཕེལ་འཕྲོག་བྱེད་རབ་ཏུ་འཛིན༔ ཕྱོགས་བཞི་ཤར་ནུབ་སྟེང་དང་འོག་གི་ཆར༔ མཁའ་འགྲོ་འདོད་པའི་ལྷ་མོར་བཅས་པ་དྲུག༔ མཐིང་ནག་ཞིང་ལྤགས་གོས་གསོལ་རཀྟ་འཐུང་༔ སྒོ་བཞིར་སྙིང་རྗེ་བྱམས་པ་དགའ་བཏང་སྙོམས༔ ཚད་མེད་ལྷ་མོ་དཀར་སེར་དམར་ལྗང་བཞི༔ རང་རང་བྷནྡྷའི་ནང་དུ་ཤ་ཆེན་གསོལ༔ མཚམས་སུ་དཔའ་མོ་བཞི་ཡང་བདུད་རྩི་འཐུང་༔ ཀུན་ཀྱང་སྐྲ་གྲོལ་གཡང་གཞི་གོས་སུ་གྱོན༔ ཆ་ལུགས་རྒྱན་རྣམས་གཙོ་དང་ཉེ་བར་མཚུངས༔ གཞན་ཡང་སྟེང་འོག་རིག་འཛིན་ཡི་དམ་ལྷ༔ སོ་གཉིས་རྡུལ་མཉམ་དཔའ་བོ་རྣལ་འབྱོར་མ༔ གནས་ཡུལ་ཞིང་སྐྱོང་དམ་ཅན་ཕོ་ཉར་བཅས༔ ཉི་འོད་རྡུལ་གྱིས་འཁྱུད་པ་བཞིན་དུ་གསལ༔ ཡེ་ཤེས་མཆོག་ཏུ་བྱིན་བརླབ་ཕྱིར༔ སྒྲོལ་འདེབས། གནས་གསུམ་འབྲུ་གསུམ་གསལ་འོད་ཀྱིས༔ དེ་བཞིན་པདྨ་རྡོ་

p. 398

རྗེའི་རིགས༔ བསྐུལ་བས་སྤྱན་དྲངས་གནས་གསུམ་ཐིམ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་གྱུར༔ ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབ༔ དྲི་མ་འཁྲུད་ཅིང་དབང་བསྐུར་བ༔ སྒྲོལ་འདེབས། ཐུགས་ཀའི་འོད་ཀྱིས་ཕྱོགས་ཀུན་ནས༔ རིགས་ལྔ་ཡབ་ཡུམ་འཁོར་བཅས་བསྐུལ༔ བཛྲ་ས་མཱ་ཛ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩན་ཏུ་མཾ། མཆོད་ཅིང་གསོལ་བ་བཏབ་པའི་མཐུས༔ གདན་གསུམ་ཚང་བས་དྲི་མ་སྦྱངས༔ དབང་བསྐུར་རྣམ་སྣང་དབུར་རྒྱན་བསམ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ་ཡབ་ལྔ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ཡུམ་ལྔ༔ འཁོར་རྣམས་གཙོ་བོས་དབུ་བརྒྱན་བསམ༔ ས་མ་ཡ༔ དམ་ཡེ་བསྲེ་ཕྱིར་ཡེ་ཤེས་པ༔ མཁའ་སྤྱོད་ཞིང་དང་ཨོ་རྒྱན་ནས༔ དམ་ཚིག་ལྕགས་ཀྱུས་སྤྱན་དྲངས་ནས༔ ཡེ་ཤེས་འཁོར་ལོ་རྟེན་བརྟེན་པ༔ བདག་མདུན་ལ་ཐིམ་རྩེ་གཅིག་བསྒོམ༔ ཐེང་འབེབས་སུམ་བརྡུང་། བདུག་སྤོས་འཐུལ་ཞིང་ཐོད་ལྔས་བསྐུལ༔ དབྱངས། ཧཱུྃ་ཧྲཱི༔ འོག་མིན་ཞིང་དང་མཁའ་སྤྱོད་ཨོ་རྒྱན་ནས༔ ས་སྟེང་ས་འོག་སྤྱོད་དང་

p. 399

དུར་ཁྲོད་གནས༔ མ་ལུས་ཀུན་ནས་ཡེ་ཤེས་མཁའ་འགྲོའི་ཚོགས༔ གདུང་ཤུགས་བརྩེ་བས་འབོད་ཀྱིས་གཤེགས་སུ་གསོལ༔ སིལ་ཚག་དྲིལ་བསིལ་འོག་མར་རིགས་འགྲེ། དུག་ལྔ་གནས་དག་ཡེ་ཤེས་རིགས་ལྔའི་ཡུམ༔ སྤྲུལ་པའི་ཞིང་ཁམས་རྣམས་ནས་སྤྱན་འདྲེན་ན༔ མ་ལྟར་བརྩེ་བའི་ཡུམ་གཅིག་གཤེགས་སུ་གསོལ༔ གར་མཁན་ཡེ་ཤེས་མཁའ་འགྲོ་ཆེན་མོ་ནི༔ དེ་བཞིན་འཁོར་ལོའི་རིགས་ཀྱི་བདག་མོ་སྟེ༔ བདེ་ཆེན་སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ༔ ཞི་བ་རྡོ་རྗེ་གཡུང་མོ་གཤེགས་སུ་གསོལ༔ རྒྱས་མཛད་འདོད་འབྱུང་གཏུམ་མོ་གཤེགས་སུ་གསོལ༔ དབང་བྱེད་པདྨ་ཁྲུས་མཁན་གཤེགས་སུ་གསོལ༔ དྲག་མོ་གཏུམ་བྱེད་ཁྲོ་མོ་གཤེགས་སུ་གསོལ༔ དུར་ཁྲོད་གནས་ནས་ཀེ་སེང་མ་མོ་དང་༔ ཡུལ་ཆེན་རྣམས་ནས་མཁའ་འགྲོ་སུམ་ཅུ་གཉིས༔ ཉི་ཤུ་རྩ་བཞིའི་གནས་ནས་

p. 400

མཁའ་འགྲོའི་ཚོགས༔ མ་སྲིང་མཛའ་དང་བྲན་གྱི་ཚུལ་ཉིད་དུ༔ བརྩེ་གདུང་སྙིང་ཉེ་གུས་འདུན་ཐ་ཚིག་བཞིན༔ མ་ཐོགས་རིངས་ཤིང་མྱུར་བར་གཤེགས་སུ་གསོལ༔ ཅང་ཏེའུ་དྲིལ་བསིལ་གཡེར་ཁའི་སྒྲས་བསྐུལ་སྟེ༔ རྐང་གླིང་བཤུད་པས་འབོད་དོ་ཌཱ་ཀིའི་ཚོགས༔ དར་ཚོན་ཧསྟ་ཞིང་གི་གཡབ་མོ་དང་༔ སྣ་ཚོགས་བདུག་སྤོས་ཞུན་མར་འོད་ཀྱི་མདངས༔ མཾ་ས་དམ་ཚིག་མ་ད་ན་ཡི་རྒྱུན༔ དྲི་མེད་མེ་ལོང་རྟེན་བསྐང་སྒྲུབ་པའི་རྫས༔ སྤྱན་གཟིགས་འབྱོར་བཤམས་འདི་ལ་དགྱེས་དགོངས་ཏེ༔ སྐད་ཅིག་ཡུད་ཀྱིས་གནས་འདིར་གཤེགས་སུ་གསོལ༔ རོལ་འཇོག །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནིི་ཡེ་ཧཱུྃ་ཧཱུྃ་ཕཊ༔ སརྦ་ཛྙཱ་ན་ཌཱ་ཀི་ནི་བཛྲ་ས་མ་ཡ་ཛཿཛཿ ཧྲིཾ་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཕེཾ༔ ཞེས་བསྐུལ་རོལ་མོའི་སྒྲ་ཆེན་ལྡིར༔ རྐང་ཐེབ་གཡས་ཀྱིས་གཡོན་བོལ་མནན༔ འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར༔ ཏིང་འཛིན་མཆོད་ཅིང་དམ་ཡེ་

p. 401

བསྲེ༔ ཛཿཧཱུྃ་བྃ་ཧོཿ ཕྱག་རྒྱ་བཀྲོལ༔ སྒྲོལ་འདེབས་ཕྱག་རྒྱ། མཛེས་བཤམས་སྣ་ཚོགས་པད་ཉི་བམ་གྱི་གདན༔ རིན་ཆེན་གཞལ་ཡས་དབུས་དང་ཕྱོགས་མཚམས་སུ༔ དགྱེས་དགོངས་བཞུགས་གསོལ་མ་སྲིང་ཡེ་ཤེས་ཀྱི༔ མཁའ་འགྲོ་རྒྱ་མཚོར་རྩེ་གཅིག་གུས་ཕྱག་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ ན་མོ་ན་མ༔ གདན་འབུལ་གུས་ཕྱག་འཚལ་བའོ༔ མཆོད་དང་བསྟོད་པའི་རིམ་པ་ནི༔ ཇི་ལྟར་འོས་པ་དེ་བཞིན་བྱ༔ བཅོམ་ལྡན་བདེ་གཤེགས་མཁའ་འགྲོ་ལ༔ དགྱེས་ཕྱིར་མཆོད་པའི་ཕྲེང་བ་སྤྲོ༔ ཐུགས་རྗེའི་འོད་ལས་ལྷ་ལྷ་མོ༔ དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས༔ ཇི་སྙེད་མཆོད་པའི་ལས་བྱེད་བསྒོམ༔ ཐེང་༡འབེབས་སུམ་བརྡུང་རྔ་འོག །ༀ༔ བཅོམ་ལྡན་བླ་མ་མཁའ་འགྲོའི་ཚོགས༔ དགྱེས་པའི་སྤྲིན་འདི་བཞེས་སླད་དུ༔ ཡུལ་མཆོག་དབང་པོ་རབ་དགྱེས་ནས༔ མ་ལུས་ཚིམ་ཕྱིར་རོལ་དུ་གསོལ༔ མཆོད་ཕྱིར་དེ་ལྟར་སྙན་གསན་དབབ༔ ཐུན་མོང་ཕྱི་ནང་མཆོད་པ་ནི༔ ཧཱུྃ་ཧྲཱིཿ བདེ་ཆེན་མཁའ་

p. 402

འགྲོའི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཡངས་ཤིང་འཇམ་མཉེན་དྭངས་གསལ་བསིལ་བའི་རྒྱུན༔ རྙོག་མེད་ལྷ་ཡི་བདུད་རྩིའི་མཆོད་ཡོན་འབུལ༔ དྲི་མ་སྦྱང་ཕྱིར་དག་བྱེད་རྫས་སྦྱར་བའི༔ ཡིད་འོང་གང་གཱའི་རྒྱུན་ཡང་རབ་ཏུ་བསྒྲེང་༔ ཨུཏྤལ་པདྨ་ཨུ་དུམ་ཝ་ར་དང་༔ སྟེང་འཐུང་མན་དཱ་ར་སོགས་རྒྱན་དུ་འབུལ༔ ཨ་གར་ཙན་དན་ག་བུར་གླ་རྩི་དྲི༔ སྤོས་དཀར་ན་གའི་ཚོར་བ་བདེ་ཕྱིར་མཆོད༔ ཉི་ཟླ་གཟའ་སྐར་ཤེལ་དང་ནོར་བུའི་འོད༔ མདངས་ལྡན་མར་མེ་སྣང་བ་གསལ་ཕྱིར་འབུལ༔ ཙན་དན་གུར་གུམ་བསིལ་བ་དང་སྦྱར་བའི༔ གདུང་སེལ་བྱུག་ཅིང་རེག་བདེ་ཐུགས་ཀར་བསྟིམ༔ འཆི་མེད་བཀྲེས་སེལ་ནུས་བཅུད་སྟོང་ལྡན་ཟས༔ རོ་མཆོག་ལང་ཚོ་རྒྱས་པའི་དཔྱིད་དུ་འབུལ༔ སྒྲ་སྙན་གླུ་དབྱངས་པི་ཝཾ་གླིང་བུའི་ངག༔ སྣ་ཚོགས་རོལ་མོ་གྲགས་སྟོང་དགྱེས་ཕྱིར་འཁྲོལ༔ བརྩེར་དགོངས་

p. 403

བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་བུདྡྷ་ཌཱ་ཀི་ནི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ དེ་བཞིན། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནེེ་ཝི་དྱ། ཤབྟ། བར་སྔགས་རྣམས་རེ་རེ་བཞིན་སྤེལ་ཏེ་མཆོད༔ རྔ་འོག་འདེབས། གནས་ཡུལ་གཞལ་ཡས་ཁྲུས་དང་འགྲོ་བའི་ཁང་༔ སྐྱེད་ཚལ་ལོ་ཏོག་བཞོན་པ་ཕྱུགས་དང་བྲན༔ གོས་མཆོག་རྒྱན་གྱི་བྱེ་བྲག་དཀར་མངར་ཟས༔ འཁོར་འདས་ཕྱི་ནང་མཐུན་པའི་མཆོད་ཚོགས་འབུལ༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནས་ཁཾ་སྭཱ་ཧཱ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ༔ རྔ་འོག་འདེབས། ཧྲཱིཿ རྡོ་རྗེའི་དབང་པོ་མཆོག་གི་ཡུལ་རྣམས་སུ༔ མཛེས་ལེགས་རྣམ་བཀྲ་ཁ་དོག་གསལ་འཚེར་སྒེག༔ འོད་འབར་དངོས་དང་གཟུགས་བརྙན་སྣ་ཚོགས་འབུལ༔ འབྲུག་སྒྲ་རྔ་བོ་ཆེ་དང་དྲི་ཟའི་སྐད༔ འབྱུང་བ་ལྷ་ཡི་དབྱངས་རྣམས་ཀུན་ཏུ་གྲགས༔ རང་བྱུང་

p. 404

དྲི་དང་བརླན་ཅིང་བསྲེགས་ལ་སོགས༔ གཅིག་དང་དུ་མར་སྦྱར་བའི་དྲི་བཟང་འཐུལ༔ དཀར་དངར་སྐྱུར་དང་ལན་ཚ་ཞིམ་རྒུའི་རོ༔ བཟའ་བཅའ་ལྡག་འཐུང་བདའ་བའི་ཟས་མཆོག་གཡོས༔ ཚ་བསིལ་གདུང་བ་སྐྱོབ་པའི་རེག་བྱ་གོས༔ རེག་འཇམ་དར་ཟབ་རྣམས་ནི་སྐུ་ལ་བགོ༔ བཞེས་ནས་དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ༔ ཨོཾ་གུ་རུ་བུདྡྷ་ཌཱ་ཀི་ནི་སརྦ་བཛྲ་ཡོ་གི་ནི་རཱུ་པ་ཤབྟ་གནྡྷེ་ར་ས་སྤརྴེ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏི་ཨཱཿཧཱུྃ་སྭཱ་ཧཱ༔ གསང་བའི་མཆོད་པ་འབུལ་བ་ནི༔ ཧྲཱིཿ འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་ལས༔ སྣང་མཛད་ཉི་མ་ལ་སོགས་དཔའ་བོའི་རིགས༔ མཉེན་ལྕུག་ལང་ཚོ་རྒྱས་པའི་འཁྲིལ་བག་གིས༔ དགྱེས་སྤྱོད་དགའ་བ་བསྐྱེད་དང་རིག་མའི་ཚོགས༔ མཚན་ལྡན་བཅུ་དྲུག་སྦྱོར་བའི་བདེ་ཆེན་རྒྱུན༔ གཉིས་མེད་ཐུགས་ཀྱི་འཁོར་ལོ་འཁྱིལ་བའི་ཚེ༔ མཆོག་གི་རེག་བྱས་ཟག་མེད་མཁའ་

p. 405

དབྱིངས་གང་༔ དགའ་བཞིའི་རོས་ཚིམ་དངོས་རྣམས་དེང་སྩོལ་ཅིག༔ འབེབས་སུམ་བརྡུང་། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཤྲཱི་བཛྲ་རཱ་ག་མ་ཧཱ་པཱུ་ཛ་ཧོ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རྔ་འོག་ཧྲུག་འདོན། ཧཱུྃ་ཧྲཱི༔ འཇིག་རྟེན་བདུད་རྩིས་དངོས་སྣང་འཆི་བ་གསོ༔ ཡེ་ཤེས་བདུད་རྩིས་མ་རིག་ཉོན་མོངས་འཇོམས༔ དམ་ཚིག་བདུད་རྩིས་དུག་རྣམས་སྨན་དུ་བསྒྱུར༔ རྩི་བཅུད་བདུད་རྩི་ལུས་ཅན་ཀུན་གྱི་གསོས༔ རང་བྱུང་བདུད་རྩིས་འཁོར་འདས་དྭངས་བཅུད་སྤེལ༔ ཡེ་དག་བདུད་རྩི་ཐུགས་ཀྱི་ཐིག་ལེར་འཁྱིལ༔ མཉམ་ཉིད་ར་ས་ཡ་ནའི་མཆོད་པ་འདི༔ དུས་གསུམ་རྒྱུན་མི་འཆད་པར་རྟག་རོལ་ཅིག༔ རོལ་འཇོག །སརྦ་པཉྕ་ཨ་མྲྀ་ཏ་པཱུ་ཛ་ཧོ༔ མཚན་དོན་བརྗོད་ཅིང་བདུད་རྩི་འབུལ༔ འདེབས། སྟོན་པ་རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ༔ རྡོ་རྗེ་ཁྲག་འཐུང་ལས་ཀྱི་དབང་མོ་དང་༔ མཁའ་འགྲོ་སེང་གདོང་རྡོ་རྗེ་དྲག་པོ་རྩལ༔ ཟག་མེད་

p. 406

བདེ་ཆེན་སྒྲུབ་ཕྱིར་སྨན་མཆོད་འབུལ༔ སརྦ་པཉྕ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་མཚོ་རྒྱལ་སངས་རྒྱས་ཡེ་ཤེས་ཞབས༔ ཡེ་ཤེས་དབྱངས་དང་ལོ་ཙཱ་རིན་ཆེན་མཆོག༔ རྩ་བརྒྱུད་རིག་འཛིན་བླ་མ་དམ་པ་རྣམས༔ ཟག་མེད་བདེ་ཆེན་སྒྲུབ་ཕྱིར་སྨན་མཆོད་འབུལ༔ སརྦ་པཉྕ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ སྣ་ཚོགས་རང་རང་དཀྱིལ་འཁོར་འཁོར་ལོ་དང་༔ གནས་ཡུལ་དུར་ཁྲོད་ཞིང་སྐྱོང་མཁའ་འགྲོ་རྣམས༔ ཕྱི་ནང་བཀའ་དང་གཏེར་སྲུང་རྒྱ་མཚོའི་ཚོགས༔ ཟག་མེད་བདེ་ཆེན་སྒྲུབ་ཕྱིར་སྨན་མཆོད་འབུལ༔ སརྦ་པཉྕ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ བདུད་རྩིའི་ཐིག་ལེ་གནས་གསུམ་རེག༔ ཀཱ་ཡ་སིདྡྷི་ཝཱཀྐ་སིདྡྷི་ཙིཏྟ་སིདྡྷི་སརྦ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བསྒྲལ་མཆོད་བྱ་བར༔ དཀྱིལ་འཁོར་གྱི་ལྷོར་བཤམས་པའི་ཉ་བོ་ལ་དམིགས་ཏེ། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་

p. 407

གཟུགས་ལིངྒ་འདི་ལ་ཁུག་ཅིག །ཐེང་༡འབེབས་དགུ་བརྡུང་། ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བྃ་ཧོ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཁམས་གསུམ་དུག་ལྔའི་རྟོག་པ་ཀུན་བསྒྲལ་ནས༔ ངར་འཛིན་ཞེན་ཅིང་ཆགས་པའི་གཟུགས་བརྙན་ལ༔ འཇིག་ཚོགས་ཉོན་མོངས་འདུས་པ་ཡེ་ཤེས་ཀྱི༔ འབར་བ་མཚོན་གྱིས་བསྒྲལ་ཏེ་དབྱིངས་སུ་སྟོབ༔ མ་ཏྲྃ་རུ་དྲ་མཱ་ར་ཡ་ཕཊཿཁཱ་ཧི་ཁཱ་ཧི༔ ཧཱུྃ༔ གཟུང་འཛིན་དབྱིངས་སུ་བསྒྲལ་བའི་དམར་ཆེན་ཁྲག༔ ཉོན་མོངས་དགྲ་བགེགས་བསད་པའི་རུ་དྷི་རྃ༔ པདྨ་རཱ་ག་ཕྱི་ནང་གསང་བའི་བཅུད༔ ཆགས་མེད་དམར་ཆེན་རཀྟའི་མཆོད་པ་འབུལ༔ དྲག་འབེབས་མཐར་སུམ་བརྡུང་། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ བ་ལིཾ་གཏོར་མའི་མཆོད་པ་ནི༔ རྔ་འོག་ཧྲུག་འདོན། ཧཱུྃ༔ མཁའ་དབྱིངས་མཐའ་དབུས་བྲལ་བའི་བྷནྡྷ་རུ༔ འབྱུང་བ་ཕུང་པོ་ཤ་ལྔ་བདུད་རྩི་ལྔ༔ བཟའ་བཅའ་དཀར་མངར་སྤོད་དང་ཁུར་བའི་

p. 408

རིགས༔ འབྲས་ཆེན་ལ་དུ་ཤིང་ཐོག་བཟའ་བའི་ཚོགས༔ ལྷུན་པོ་ལྟ་བུར་སྤུངས་པའི་གཏོར་ཆེན་ལ༔ དམར་གྱི་ཞལ་བྱས་དཀར་གྱི་ཐིག་བཏབ་ཅིང་༔ སྣ་ཚོགས་ཚོན་གྱི་རི་མོ་མཛེས་པར་བྲིས༔ དངོས་སྣང་འཛིན་པ་གཞིག་པའི་བཱ་ལིངྟ༔ རྟོག་མེད་བདེ་ཆེན་ཀློང་དུ་བདག་འབུལ་ན༔ དམ་ཚིག་དགོངས་ལ་བཞེས་ཏེ་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི༔ དེ་ཁོ་ན་ནི་བསམ་བརྗོད་བྲལ༔ རྔ་འོག་ཧྲུག་འདོན། ཨཱཿ ཕྱི་ནང་འཁོར་གསུམ་རྟོག་པའི་དྲྭ་བ་ཀུན༔ རྟོག་མེད་རིག་པའི་མཚོན་ཆས་རྣམ་པར་གཞོམ༔ རེ་དོགས་སྤྲོས་པ་བྲལ་བའི་མཆོད་པ་ཆེ༔ ཀ་དག་ལྷུན་གྲུབ་ཆེན་པོར་ཨེ་མ་ཧོ༔ ཨ་དྷརྨ་དྷཱ་ཏུ་ཧོ༔ འབེབས་སུམ་བརྡུང་། དེ་ལྟར་དགྱེས་དགུའི་མཆོད་སྤྲིན་སྤྲོ༔ མཐར་ནི་བློ་འདས་ངང་དུ་བཞག༔ ས་མ་ཡ༔ བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ༔ བདེ་ཆེན་མཁའ་འགྲོའི་རྟོགས་པ་ནི༔ རབ་ཏུ་བརྗོད་ཕྱིར་བསྟོད་པའི་ཕྲེང་༔ དད་ཅིང་གུས་པས་ཡོངས་སུ་བཟུང་༔ དང་པོ་རྟགས་ཀྱི་སྒོ་ནས་

p. 409

བསྟོད༔ འདེབས། ཧྲཱིཿ མཁའ་དབྱིངས་གཅིག་གི་ཀློང་ན་དངོས་པོ་ཀུན༔ བདེ་སྟོང་ཡོངས་སུ་རྫོགས་པར་སྐུ་བཞེངས་པའི༔ དབང་ཕྱུག་མཁའ་འགྲོའི་གཙོ་མོ་འཁོར་ལོས་སྒྱུར༔ བཅོམ་ལྡན་རྣལ་འབྱོར་མ་ལ་གུས་པས་འདུད༔ ཉག་གཅིག་ཞལ་ལ་ཐབས་ཤེས་ཕྱག་གཉིས་ལྡན༔ ཟུང་འཇུག་རྡོ་རྗེ་ཐོད་པ་བདུད་རྩིས་གཏམས༔ བདེ་གསལ་ཉི་ཟླ་རྟོག་མེད་རོ་ཡི་སྟེང་༔ སྲིད་ཞིར་མི་གནས་མི་གཏོང་བརྐྱང་བསྐུམ་རོལ༔ འཕོ་མེད་གཙུག་ཏོར་ཐུགས་རྗེའི་ལྕང་ལོ་གྲོལ༔ ཧེ་རུ་ཀ་དཔལ་སྦྱོར་ཕྱིར་ཁ་ཊྭཱྃ་བརྟེན༔ ཆགས་མེད་པདྨ་ཡེ་ཤེས་མེ་དཔུང་འབར༔ ལྟ་སྟངས་གསུམ་གྱིས་སྐུ་གསུམ་ཡེ་ཤེས་གཟིགས༔ བདུད་བཞི་མ་ལུས་མཆེ་བའི་དབུས་ན་རོལ༔ སྐྱེ་མེད་སྐྱེ་བའི་གཞིར་གྱུར་བྷ་ག་རྒྱས༔ མཆོག་ཐུན་བཅུད་ཀྱིས་དགྱེས་གང་ནུ་འབུར་ཟླུམ༔ ཞི་རྟགས་ཤ་རྒྱས་བདེ་ཕྱིར་སྐེད་སྐབས་ཕྲ༔

p. 410

གཏིང་དཔག་དཀའ་ཕྱིར་ལྟེ་བ་ཤིན་ཏུ་ཟབ༔ ཞིང་རྣམས་ཀུན་གྱི་གཙོ་མོའི་དཔའ་རྟགས་སུ༔ བ་སྤུ་དགའ་བ་འཁྱིལ་བའི་མིག་འཕྲུལ་གཡོ༔ འཁོར་འདས་ལམ་གསུམ་དབུས་སུ་བརྗིད་པའི་རྟགས༔ འོད་ཟེར་ཉི་མ་འབུམ་གྱི་གཟི་ལྟར་འབར༔ དུས་གསུམ་རྒྱལ་ཀུན་མཁའ་ལས་བསྐྱེད་པའི་ཕྱིར༔ འགྱུར་སྒེག་ལང་ཚོ་རྒྱས་པའི་ཚུལ་གྱིས་མཛེས༔ ཐོགས་མེད་ནམ་མཁའ་ཆུ་ཟླའི་ལུས་ཅན་མ༔ སྒྲུབ་མཆོག་བར་ཆད་སེལ་ཞིང་དངོས་གྲུབ་གཏེར༔ ཡུམ་གྱུར་རྣལ་འབྱོར་མ་ལ་རབ་ཏུ་བསྟོད༔ འཁོར་འདས་ཆོས་ཀུན་བདེ་ཆེན་གཅིག་ཏུ་སྡོམ༔ ཡེ་ཤེས་མཐུ་ཡིས་སྲིད་པའི་མདུད་པ་ཞིག༔ ཕྱི་ནང་གཞན་གསུམ་སྟོང་ཆེན་རོ་ཡིས་མྱོས༔ རྣལ་འབྱོར་མ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཤར་ནས་ཞི་མཛད་རྡོ་རྗེ་མཁའ་འགྲོ་མ༔ ལྷོ་ནས་རྒྱས་མཛད་རིན་ཆེན་མཁའ་འགྲོ་མ༔ ནུབ་ནས་དབང་

p. 411

བསྡུད་པདྨ་མཁའ་འགྲོ་མ༔ བྱང་དུ་སྒྲོལ་མཛད་ཀརྨ་མཁའ་འགྲོ་མ༔ ཕུང་ཁམས་འབྱུང་བཞི་དུག་ལྔ་གནས་འགྱུར་སྐུ༔ ཡེ་ཤེས་མཁའ་འགྲོ་རྣམས་ལ་ཕྱག་འཚལ་བསྟོད༔ འགྲོ་དྲུག་ཉོན་མོངས་བསྒྲལ་བར་སྐུར་བཞེངས་པའི༔ འཇིག་རྟེན་ལས་ལས་གྲུབ་པའི་མཁའ་འགྲོ་དྲུག༔ བཀའ་ཉན་མ་མོ་སྒོ་མཚམས་ལས་མཛད་པའི༔ མཁའ་འགྲོ་དཔའ་མོ་བརྒྱད་ལ་ཕྱག་འཚལ་བསྟོད༔ རོལ་འཇོག །འཛབ་ལ་བསྐུལ་ཕྱིར་གདུང་ཤུགས་བཅས༔ བྷྲཱུྃ་ཧྲཱིཿ ཕཊ་ཛས་འཁོར་ལོ་དབྱེ༔ མདུན་གྱི་རྟེན་དང་གཉིས་མེད་བཞུགས༔ སྒྲོལ་འདེབས། ཧྲཱིཿ བཅོམ་ལྡན་མཁའ་འགྲོའི་ལྷ་ཚོགས་དང་༔ རྡོ་རྗེའི་རིག་འཛིན་ཡི་དམ་ལྷ༔ ཐམས་ཅད་ཐུགས་དམ་རྒྱུད་དྲིལ་བསིལ་བསྐུལ་གྱི༔ མི་མངོན་དབྱིངས་ནས་འདིར་གཤེགས་ཤིག༔ རྟེན་དང་རྣལ་འབྱོར་སྒྲུབ་མཆོག་ལ༔ བརྩེར་དགོངས་བྱིན་གྱིས་བརླབ་ཏུ་གསོལ༔ ཧེ་

p. 412

རུ་ཀ་ཡི་ཏིང་འཛིན་འདིས༔ ཡེ་ཤེས་མཁའ་འགྲོ་སྲོག་ཏུ་བཟུང་༔ འཇིག་རྟེན་མ་མོ་མཁའ་འགྲོ་རྣམས༔ དངོས་གྲུབ་བསྒྲུབ་ཕྱིར་ལས་ལ་བསྐུལ༔ དམ་ཅན་ཚོགས་ཀུན་དམ་ལ་འདུས༔ ཕྱག་རྒྱ་རྣམས་ནི་ཤིན་ཏུ་གསལ༔ སྙིང་པོ་འདི་ནི་མཁའ་འགྲོའི་སྲོག༔ དམ་ཚིག་ཏིང་འཛིན་གཉན་པོ་ལ༔ ཉེ་བར་དགོངས་ཤིག་ཌཱ་ཀིའི་ཚོགས༔ ཇི་སྲིད་འགྲུབ་པར་མ་གྱུར་བར༔ མི་བཏང་དེ་སྲིད་བདག་བསྒྲུབ་ན༔ དམ་ཚིག་མཆོག་གི་དངོས་གྲུབ་སྩོལ༔ ཞི་རོལ། བཛྲ་ས་མ་ཡ་ཧྲི་ད་ཡ་སིདྡྷི་ས་མ་ཡ་སྟྭཾ༔ བསྙེན་སྒྲུབ་ལས་རྣམས་ཇི་ལྟ་བར༔ ཡན་ལག་བཞི་རུ་རྫོགས་པར་བྱ༔ སྔགས་བྱང་བཟླས་པ་ཟུར་གསལ་ལྟར༔ གནས་སྐབས་སྒྲུབ་མཆོད་ཙམ་ལ་ནི༔ ཧྲུག་འདོན། རྣམ་སྣང་བདེ་ཆེན་མཁའ་འགྲོ་མའི༔ སྐུ་ཡི་ཕྱག་རྒྱ་གསལ་བརྟན་པའི༔ ཐུགས་ཀར་རིན་ཆེན་འོད་ཀྱི་ཀློང་༔ ཆོས་འབྱུང་པདྨ་ཉི་མའི་སྟེང་༔ བྃ་ཡིག་ཆུ་ཤེལ་ལྟ་བུ་ལ༔ སྔགས་ཀྱི་ཕྲེང་བས་

p. 413

བསྐོར་བར་བསྒོམ༔ ལྷ་སྔགས་དངོས་ཀྱི་བཟླ་བྱ་ནི༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་བཻ་རོ་ཙ་ནི་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ༔ གྲངས་བསག །ལྷ་འཁོར་ཡོངས་རྫོགས་བཅས་པའོ༔ ཨོཾ་ཨཱཿབུདྡྷ་ཛྙཱ་ན་བཻ་རོ་ཙ་ནིི་ཧྲི་ད་ཡ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ༔ ཐུགས་སྲོག་འོད་ཀྱིས་བདེ་གཤེགས་མཆོད༔ བྱིན་མཐུ་སྤྱན་དྲངས་བདག་ལ་ཐིམ༔ གནས་ཡུལ་ཞིང་ནས་མཁའ་འགྲོའི་ཚོགས༔ འོད་ཟེར་ལྕགས་ཀྱུས་བསྐུལ་བ་དང་༔ ཁྱད་པར་གཙོ་མོའི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་རྟགས་ཐིག་ལེ་འོད༔ དབང་མེད་དུས་ཀྱི་རླངས་པ་ལྟར༔ ཕྱུར་གྱིས་བྱུང་སྟེ་བདག་ལ་ཐིམ༔ རང་ཉིད་གཙོ་མོ་དངོས་སུ་གྱུར༔ བྱིན་ཆེན་འོད་དུ་འབར་བར་གྱུར༔ ཡང་སྙིང་དྲིལ་ཏེ་བཟླས་པ་ནི༔ བྃ་བུདྡྷ་ཌཱ་ཀི་ནཱི་བཻ་རོ་ཙ་ནིི་ཨོཾ་སརྦ་སིདྡྷི་ཧཱུྃ༔ སྐུ་ཡི་དབུས་སུ་རྩ་གསུམ་འཁོར་ལོ་ལྔ༔ འཁོར་ལོ་རང་རང་ལྟེ་བར་མཁའ་འགྲོ་ལྔ༔ དེ་ལྔའི་ཐུགས་ཀར་ཧ་རི་ནི་ས་

p. 414

དང་༔ ཨཱཿཡིག་ལ་སོགས་སྲོག་ཡིག་ཐ་མ་རུ༔ རང་སྲོག་སྙིང་པོ་འཁོར་ཞིང་རང་སྒྲ་སྒྲོགས༔ འོད་ཀྱིས་ཞིང་ཁྱབ་མཁའ་འགྲོ་གནས་ནས་བསྐུལ༔ ཐམས་ཅད་སྤྱན་དྲངས་བདག་དང་རྟེན་ལ་ཐིམ༔ རབ་འབར་སྐུ་གསུང་ཐུགས་སུ་བདག་གྱུར་བསམ༔ ལྷ་སྔགས་བདེ་བ་ཆེན་པོ་ནི༔ ཨོཾ་བྃ་ཧ་རི་ནི་ས་དྷུ་མ་གྷ་ཡ་སུ་ཁ་སིདྡྷི་ཧཱུྃ་སྭཱ་ཧཱ༔ ཡང་གསང་ཟུང་འཇུག་སྦས་པར་བཟླས༔ ཨོཾ་བྃ་ཧྲཱིཿཨེ་ཨ་ཧྃ་སྭཱ་ཧཱ༔ གནས་ལྔར་མཁའ་འགྲོ་དཔའ་བོ་ཡབ་ཡུམ་དང་༔ སྐྱེ་མཆེད་གོ་ཆའི་ལྷ་དང་ལྷ་མོ་རྣམས༔ ཧེ་རུ་ཀ་ཡི་ཆ་ལུགས་ཡབ་ཡུམ་སྦྱོར༔ བདེ་ཆེན་སྒྲ་དང་འོད་ཀྱིས་བདེ་གཤེགས་དང་༔ ཕྱོགས་བཅུའི་རྣལ་འབྱོར་དཔའ་བོ་དཔའ་མོ་བསྐུལ༔ སྤྱན་དྲངས་ལུས་ལྷར་ཐིམ་ཞུ་བྱང་སེམས་རྒྱུན༔ འཁོར་ལོ་ལྔ་འཁྱིལ་རྩ་འདབ་ཡོངས་ལ་ཁྱབ༔ ཕྱི་ནང་གནས་ཡུལ་སྦྱོར་བའི་རྟེན་འབྲེལ་མཐུས༔ རབ་འབྱམས་ཞིང་གི་བདག་མོར་

p. 415

དངོས་སུ་གྱུར༔ མཁའ་སྤྱོད་སྒྲུབ་པའི་སྙིང་པོ་ནི༔ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནིི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ སྐུ་ལ་སྦྱོར་བའི་བདེ་གཤེགས་ཧེ་རུ་ཀ༔ མཐིང་དཀར་གྲི་ཐོད་འཛིན་འཁྲིལ་བདེ་ཆེན་སྦྱོར༔ བྱང་སེམས་དབྱིབས་ཀྱི་སྤྲོ་བསྡུ་ལུགས་ལྡོག་གིས༔ བ་ཐག་མགལ་མེ་གློག་གི་འཁོར་ལོ་ལྟར༔ འཁོར་བའི་བར་མཚམས་འོད་སྐུ་སྔགས་ཐིག་ལེ༔ ཕར་འཕྲོས་མཆོད་དང་བསྐུལ་ཏེ་འགྲོ་དོན་བྱས༔ ཚུར་འདུས་བྱིན་མཐུ་བསྡུད་དང་དངོས་གྲུབ་ཐོབ༔ ཕྱི་སྣོད་འོག་མིན་མཁའ་སྤྱོད་ནང་བཅུད་ཀུན༔ མཁའ་འགྲོ་དཔའ་བོ་དཔའ་མོར་བྱིན་བརླབས་ཤིང་༔ ཀུན་གྱིས་སྔགས་སྒྲོགས་འོད་རྣམས་དགའ་འཁྱིལ་དང་༔ སྣང་བ་སྐུ་དང་ཟེར་ཐག་ལུ་གུ་རྒྱུད༔ སྒྲ་གྲགས་སྙིང་པོ་དྭངས་བཅུད་དབྱིག་ཏུ་འཁྱིལ༔ རེ་དོགས་བྲལ་བའི་དངོས་གྲུབ་དེ་ཐོབ་ནས༔

p. 416

སྣང་སྲིད་གཞིར་བཞེངས་མཁའ་འགྲོའི་སྐུ་དང་ཞིང་༔ སྒོ་གསུམ་རྒྱལ་བའི་ཡུམ་དང་གཉིས་མེད་བསམ༔ ཡང་གསང་ཁྱད་པར་བཟླས་པ་ནི༔ ཨོཾ་ཧྲཱིཿཨེ་ཝྃ་མ་ཡ་ཨ་ཧྃ་སུ་ཁ་ཁེ་ཙ་ར་གྷཾ་སིདྡྷི་ཧཱུྃ་སྭཱ་ཧཱ༔ དེ་ནས་ཛབ་དབྱངས་ལན་གསུམ་བྱ། དབྱངས་གསལ་ཨ་ཨཱ་སོགས། སྟོང་ཚིག་ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སོགས། ཞི་རོལ། ཡིག་བརྒྱ་ཨོཾ་བཛྲ་ས་ཏྭ་ས་མ་སོགས། བདུད་རྩི་ལག་མཆོད། རྩ་གསུམ་སྤྱི་གཏོར་བཏང་། རྣལ་འབྱོར་འབར་བའི་རྡོ་རྗེ་ངས༔ མཁའ་འགྲོའི་སྙིང་ཁྲག་ཡི་གེར་བཀོད༔ སུས་སྤྱོད་ཚིམ་པར་ཐེ་ཚོམ་མེད༔ གསང་ཞིང་སྒྲུབ་ན་དངོས་གྲུབ་མྱུར༔ ཞེས་དམར་ཕྱོགས་ཀྱི་རྫོགས་པ་གསུམ་པར་གཏན་ལ་ཕབ་པའོ།། །།

ཟབ་དོན་ཡེ་ཤེས་མཁའ་འགྲོ་ལས་རྩ་གསུམ་སྤྱི་ལ་བདུད་རྩི་ལག་མཆོད་འབུལ་ཐབས་དང་མཁའ་འགྲོ་སྤྱིའི་གཏོར་འབུལ།

p. 417

༁ྃ༔ ཟབ་དོན་ཡེ་ཤེས་མཁའ་འགྲོ་ལས་རྩ་གསུམ་སྤྱི་ལ་བདུད་རྩི་ལག་མཆོད་འབུལ་ཐབས་དང་མཁའ་འགྲོ་སྤྱིའི་གཏོར་འབུལ་བཞུགས་སོ༔

p. 418

གུ་རུ་དཱེ་ཝ་ཌཱ་ཀི་ཡེ། འདིར་ཟབ་དོན་ཡེ་ཤེས་མཁའ་འགྲོའི་ཆ་ལག་བླ་མ་རྩ་གསུམ་སྤྱི་ལ་བདུད་རྩི་ལག་མཆོད་དང་། མཁའ་འགྲོ་སྤྱི་གཏོར་འབུལ་བ་ལ། མདུན་དུ་བདུད་རྩི་ཁེབ་ཐུར་དང་ལྡན་པ། ཡེ་ཤེས་དང་འཇིག་རྟེན་ལས་ཀྱི་མཁའ་འགྲོ་གཏེར་སྲུང་དང་བཅས་པ་ལ་གཏོར་མ་སྤྱི་ལྟར་འདུ་བྱས་ལ། ཧྲུག་འདོན། ཨོཾ་ཀརྨ་ཏ་ཀྲི་ཏ་བཛྲ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། ཨེ་བྷྲཱུྃ་བརྗོད་པས་གཞལ་ཡས་མཚན་རྫོགས་ནང་༔ ཕྱི་དཀར་ནང་དམར་ཆོས་འབྱུང་ཟུར་དྲུག་དབུས༔ འདབ་བཞི་ཟེའུ་འབྲུ་ཉི་ཟླ་སོ་སོའི་གདན༔ དབུས་ནས་རིམ་པར་ས་བོན་ཨོཾ་དང་མཱུྃ༔ དེ་

p. 419

བཞིན་ཤར་དུ་ཧཱུྃ་ལཱྃ་ལྷོར་ཏྲཱྃ་མཱྃ༔ ནུབ་ཏུ་ཧྲཱིཿཔཱྃ་བྱང་དུ་ཨཱཿདང་ཏཱྃ༔ དཀར་སྔོ་སེར་དམར་ལྗང་བའི་ཡིག་འབྲུ་བཀོད༔ ས་བོན་ཡོངས་གྱུར་དབུས་ན་བཅོམ་ལྡན་མ༔ བདེ་ཆེན་རྣལ་འབྱོར་དཀར་མོ་སྣང་མཛད་ཡབ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མི་བསྐྱོད་པ༔ ལྷོ་རུ་རིན་ཆེན་མཁའ་འགྲོ་རིན་ཆེན་འབྱུང་༔ ནུབ་ཏུ་པདྨ་མཁའ་འགྲོ་མཐའ་ཡས་ཡབ༔ ནང་དུ་ལས་ཀྱི་མཁའ་འགྲོ་དོན་ཡོད་གྲུབ༔ ཐམས་ཅད་རྣལ་འབྱོར་ཧེ་རུ་ཀ་ཡི་ཆས༔ ཡབ་རྣམས་རང་རྟགས་ཕྱག་མཚན་དྲིལ་བུ་དང་༔ ཡུམ་

p. 420

རྣམས་གྲི་གུག་བདུད་རྩིའི་ཀ་པཱ་ལ༔ མཁའ་འགྲོ་དྲུག་དང་སྒོ་མཚམས་མ་བཅས་གསལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་ཡི་གེ་གསུམ༔ ཐུགས་སྲོག་འོད་ཀྱིས་ཡེ་ཤེས་འཁོར་ལོ་བསྐུལ༔ མདུན་མཁར་སྤྱན་དྲངས་དགྱེས་མཆོད་དམ་ཚིག་པ༔ ལག་པའི་དཀྱིལ་འཁོར་ལ་ཞུགས་འོད་ཟེར་གྱིས༔ རིགས་ལྔ་སྤྱན་དྲངས་མཆོད་ཅིང་གསོལ་བཏབ་མཐུས༔ ཡེ་ཤེས་ཆུ་ཡིས་དབང་བསྐུར་དྲི་མ་སྦྱངས༔ བདུད་རྩིས་སྐུ་གང་རིགས་ལྔས་དབུ་བརྒྱན་གྱུར༔ ཕྱི་ནང་གསང་བས་མཆོད་ཅིང་བསྟོད༔ ཨོཾ་བཛྲ་པུཥྤེ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧྲུག་འདོན། ཧྲཱིཿ རྣམ་ཀུན་མཆོག་ལྡན་སྟོང་ཉིད་རང་གཟུགས་ལས༔ རྟོག་མེད་དགྱེས་མཛད་རིགས་ཀྱི་མཁའ་འགྲོའི་ཚོགས༔ བདེ་ཆེན་དགའ་བ་ཆེན་པོའི་ཡབ་དང་རོལ༔ ལྷན་སྐྱེས་རྒྱལ་ཀུན་ཡུམ་ལ་གུས་པས་འདུད༔

p. 421

སླར་ཡང་ཡབ་ཡུམ་ཆགས་པ་ཆེན་པོར་རོལ༔ ཟག་མེད་བདེ་བར་འོད་ཞུ་བདུད་རྩིར་འདྲེས༔ མཆོག་གི་བདུད་རྩི་མྱོང་གྲོལ་ཆེན་པོ་ནི༔ སྣོད་བཅུད་འོད་འབར་འདོད་ཡོན་འཕྲོ་བར་གྱུར༔ ཧྲུག་འདོན། ཧྲཱིཿ དཀར་པོ་ཟངས་ཡག་དམར་པོ་པདྨའི་སྣོད༔ གསེར་མདོག་བྷནྡྷར་དངོས་གྲུབ་ནོར་དང་ལྡན༔ འཕུར་ཞིང་སྒྲ་སྒྲོགས་འོད་འབར་མུན་པ་མེད༔ ཏོག་ཏོག་སྒྲ་འབྱིན་མཐུར་དུ་གཏིང་རིང་བ༔ ཡེ་ཤེས་མེ་འབར་བདུད་རྩིའི་སྣོད་ཆེན་པོ༔ དབུས་སུ་རྟ་ཡི་ལྕགས་ཀྱུ་དྲི་ཆེན་ལྗང་༔ ཤར་དུ་རྡོ་རྗེའི་ལྕགས་ཀྱུ་དྲི་ཆུ་མཐིང་༔ བྱང་དུ་རྒྱལ་པོའི་ལྕགས་ཀྱུ་ཀླད་པ་དམར༔ ནུབ་ཏུ་གཡོ་བའི་ལྕགས་ཀྱུ་བྱང་སེམས་དཀར༔ ལྷོ་རུ་གནས་ཀྱི་ལྕགས་ཀྱུ་རཀྟ་སེར༔ སོ་སོའི་དབུས་སུ་རིམ་བཞིན་ས་བོན་འབྲུ༔ ཛྲིཾ་ཤྲིཾ་ཧཱུྃ་ཧྲིཾཿགྷྲིཾ་མཚན༔ དབུས་ནས་མཚམས་བཞིར་གཡས་བསྐོར་རིམ་པ་བཞིན༔

p. 422

མི་དང་བ་གླང་ཁྱི་དང་གླང་པོ་རྟ༔ ཤ་ཆེན་ལྔ་ནི་མཱུྃ་དང་ལཱྃ་མཱྃ་པཱྃ༔ ཏཱྃ་ཡིག་རབ་མཚན་ཁ་ཆོད་ཉི་ཟླ་ལ༔ ཐབས་ཤེས་ཨཱ་ལི་ཀཱ་ལི་དཀར་དམར་བཀོད༔ དེ་སྟེང་རྡོ་རྗེ་སྔོན་པོ་འབྲུ་གསུམ་མཚན༔ སྟེང་དུ་ཡེ་ཤེས་དཀྱིལ་འཁོར་འབྲུ་བཅུད་ལས༔ འོད་དཀྱིལ་དབུས་སུ་རིགས་ལྔ་ཡབ་ཡུམ་སྦྱོར༔ དམ་ཚིག་དཀྱིལ་འཁོར་བདག་ཉིད་འོད་ཀྱིས་བསྐུལ༔ རླུང་བསྐྱོད་མེ་འབར་པདྨའི་སྣོད་ཆེན་དྲོས༔ བཅུད་ཀྱི་རྫས་ཞུ་སྙིགས་མ་ཕྱུར་གྱིས་ལུད༔ ཧ་ཡིས་ཁ་དོག་ངན་བཅོམ་མཛེས་པར་བསྒྲུབས༔ ཧོཿཡིས་དྲི་ངན་བསལ་ཞིང་དྲི་ཞིམ་འཐུལ༔ ཧྲཱིཿཡིས་རོ་ནུས་ངན་པ་དག་པར་སྦྱངས༔ བཅུད་དང་ཡོན་ཏན་འཆི་མེད་བདུད་རྩི་སྤེལ༔ རླངས་པ་དྭངས་མའི་འོད་ཟེར་མཆོད་པའི་སྤྲིན༔ ཐབས་ཤེས་རྡོ་རྗེའི་དབུས་ནས་གྱེན་དུ་སོང་༔ ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་མཉེས་པར་བྱས༔ དགའ་མཆོག་བདེ་

p. 423

ཆེན་སྦྱོར་བས་འོད་དུ་ཞུ༔ སླར་ཡང་ལྷར་གྱུར་དགྱེས་ཚོགས་དཔག་མེད་མཆོད༔ མཆོད་བསྟོད་སྤྲོ་བསྡུ་སྐབས་དང་སྦྱར༔ ཧྲུག་འདོན། ཡབ་ཡུམ་སྙོམས་ཞུགས་འོད་ཀྱིས་དོན་གཉིས་བྱས༔ ཚུར་འདུས་མཁའ་གསང་བྱང་སེམས་བདུད་རྩིའི་རྒྱུན༔ བབ་པས་འོག་གི་ཐོད་པའི་ནང་དུ་ལྷུང་༔ ཉི་ཟླའི་དཀྱིལ་འཁོར་དང་བཅས་འོད་དུ་ཞུ༔ འདྲེས་པས་ཁ་དོག་དཀར་འཚེར་མུ་ཏིག་ལྟར༔ འབྲུ་གསུམ་ཞུ་བས་དམར་པོའི་མདངས་འོད་ཆགས༔ རྡོ་རྗེ་འོད་ཞུ་བཻ་ཌཱུརྱ་ལྟར་དྭངས༔ བདེ་བ་ཆེན་པོས་ལྷན་སྐྱེས་རིགས་ལྔ་ཞུ༔ དམ་ཚིག་ཡེ་ཤེས་གཉིས་མེད་བདུད་རྩིའི་མཚོ༔ ཁ་དོག་ལྔ་ལྡན་སྲིད་ཞིའི་ཀློང་དུ་འཁྱིལ༔ མེར་བའི་ཟེར་མས་འཁོར་འདས་ལམ་གསུམ་ཚིམ༔ འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ དེ་ནས་སྤྱན་འདྲེན་པ་ནི། ཧྲུག་

p. 424

འདོན། རང་གི་ཐུགས་ཀའི་འོད་ཟེར་འཕྲོས་པས་དག་པ་འོག་མིན་རིགས་ལྔ་སྐུ་གསུང་ཐུགས་ཀྱི་ཞིང་༔ འཇིག་རྟེན་འདས་དང་མ་འདས་པའི་ཡུལ་ཉི་ཤུ་རྩ་བཞི༔ གནས་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད། གཏེར་གྱི་གནས་རྣམས་དང་སྦས་པའི་ཡུལ་སོགས་རང་རང་གར་བཞུགས་པའི་གནས་ནས། བླ་མ་རྩ་གསུམ་གྱི་ལྷ་ཚོགས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཕྱི་ནང་གསང་བ། དམ་པའི་ཆོས་སྐྱོང་ཞིང་བཀའ་དང་གཏེར་གྱི་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས་བཛྲ་ས་མཱ་ཛཿ ཐེང་འབེབས་སུམ་བརྡུང་། སྤོས་རོལ་གདུང་དབྱངས་དྲག་པོ་ཡིས༔ ཧཱུྃ༔ དད་དང་དམ་ཚིག་མོས་གུས་དབང་གིས་ནི༔ བླ་མ་རྩ་གསུམ་ཡེ་ཤེས་མཁའ་འགྲོ་མ༔ འཇིག་རྟེན་ལས་ཀྱི་ཤ་ཟ་ཌཱ་ཀི་དང་༔ དམ་ཅན་རྒྱ་མཚོ་ཕྱི་ནང་གཏེར་སྲུང་ཚོགས༔ སྐད་ཅིག་མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ འབེབས་སུམ་བརྡུང་། ཨོཾ་

p. 425

གུ་རུ་དེ་ཝ་ཌཱཀྐི་ནཱི་སརྦ་དྷརྨ་པཱ་ལ་ནི་དྷི་པཱ་ཏི་བཛྲ་ས་མ་ཡ་ཛཿ ཨེ་ཨ་ར་ལི་ཕེཾ་ཕེཾ་ཕེཾ་ཛཿ གདན་བཞུགས་འབུལ་ཞིང་མཆོད་སྤྲིན་སྤྲོ༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ༔ དད་གསུམ་ཉི་ཟླ་པདྨའི་གདན་ལ་བཞུགས༔ བདག་སོགས་སྒོ་གསུམ་གུས་པས་རབ་ཏུ་བསྟོད༔ དམ་ཚིག་གཙང་བའི་གསང་གསུམ་མཆོད་པ་འབུལ༔ པདྨ་ཀ་མ་ལ་ཡ་སྟྭཾ༔ ན་མོ་གུ་རུ་དེ་ཝ་ཌཱཀྐི་ནཱི་བྷྱ༔ ཨོཾ་གུ་རུ་དཱེ་ཝ་ཌཱ་ཀི་ནཱི་བཛྲ་ཨརྒྷཾ་ནས་ཤབྟ་པཱུ་ཛ་ཧོ༔ ཨོཾ་བཛྲ་རཱུ་པ་ནས་སྤརྴེ་དྷརྨཱ་དྷ་ཏུ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ དེ་ནས་བདུད་རྩི་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་བདུད་རྩི་ཕུལ་བས་ཐུགས་རྒྱུད་མཉེས་ཤིང་ཚིམ་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་མྱུར་དུ་སྩོལ་བར་གྱུར། བདུད་རྩི་འབུལ་བཞིན་པས། ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭ་དེ་ཝ་ཌཱཀྐི་ནི་སརྦ་པཉྩ་ཨྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཨོཾ་

p. 426

བཛྲ་ས་ཏྭ་པྲ་ཧེ་བཛྲ་མཉྫུ་ཤྲཱི་མི་ཏྲ་ཤྲཱི་སེངྷ་པདྨ་ཀཱ་ར་བུདྡྷ་ཛྙཱ་ན་སརྦ་པཉྕ༴ ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭ་དེ་ཝ་ཌཱཀྐི་ཤྭ་ར་སིདྡྷི་རཱ་ཛ་ཨ་བྷི་སྃ་ར་ཛ་བཛྲ་ཡོ་གི་ནི་ཝ་ར་ཧི་སརྦ་པཉྩ༴ ཨོཾ་སརྦ་བུདྡྷ་ཌཱཀྐི་ནཱི་བཻ་རོ་ཙ་ནི་བཛྲ་ཝརྞ་ནཱི་ཡེ་སརྦ་པཉྩ༴ ཨོཾ་བཛྲ་ཌཱཀྐི་ནཱི་རཏྣ་ཌཱཀྐི་ནི་པདྨ་ཌཱཀྐི་ནི་ཀརྨ་ཌཱཀྐི་ནཱི་སརྦ་པཉྩ༴ ཨོཾ་པདྨ་མུ་ཀུ་ཊ་ཨྃ་མྃ་པྃ་ཧྲཱི་ཏྃ་སརྦ་ལོ་ཀ་ཀརྨ་ཌཱཀྐི་ནཱི་པི་ཤ་ཙི་པཉྩ་སརྦ་པཉྩ༴ ཨོཾ་མ་ཧཱ་དེ་ཝ་བཛྲ་ཏི་ར་རུ་དྲ་མ་ཧཱ་ཀཱ་ལ་གཱ་ན་གུ་ཧྱ་རྃ་མ་མོ་ཁྱི་ཁ་ལེ་ཨ་དྷི་པཱ་ཏི་མ་མ་ཊ་ཀི་ར་ལི་པྲ་མ་ཡེ་ནཱ་ག་དྲ་ཙ་ནི་དྷི་པཱ་ཏི་སརྦ་པཉྩ༴ ཨོཾ་ཤྲཱི་དེ་ཝི་ཨ་ཛྙཱ་ཀ་ར་སརྦ་དྷརྨ་པཱ་ལ་བ་སུ་དེ་ཝི་བྷུ་མི་པཱ་ཏི་ནི་དྷི་པཱ་ཏི་ཙེ་ཊ་ཀ་ཀིང་ཀ་ར་སརྦ་པཉྩ་ཨྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བདུད་རྩིའི་ཟེག་མས་བགེགས་ཚོགས་གཟིར་ཞིང་བརླག༔ བདུད་རྩིའི་སྲུང་འཁོར་གཞོམ་མེད་རྡོ་རྗེའི་གུར༔ བདུད་རྩིའི་བྱིན་རླབས་སྣོད་བཅུད་ཟག་མེད་

p. 427

སྤྲིན༔ མཆོག་ཐུན་དངོས་གྲུབ་བདུད་རྩི་ཨ་ལ་ལ༔ དེ་ནས་མཁའ་འགྲོ་སྤྱི་གཏོར་རིམ་པར་འབུལ་བ་ནི། གཏོར་མ་ཐམས་ཅད་རྃ་ཡྃ་ཁྃ་གིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། དང་པོ་ཡེ་ཤེས་མཁའ་འགྲོའི་གཏོར་འབུལ། ཨོཾ་གུ་རུ་དེ་ཝ་ཌཱཀྐི་ནཱི་ས་པཱ་རི་ཝ་ར་ཨི་དམ་བ་ལྟིཾ་ཁ་ཁ་ཁཱ་ཧི། ཨོཾ་སརྦ་བུདྡྷ་ཌཱཀྐི་ནཱི་བཻ་རོ་ཙ་ནི་བཛྲ་ཝརྞ་ནཱི་ཡེ་ས་པཱ་རི་ཝ་ར༴ ཨོཾ་བཛྲ་ཌཱཀྐི་ནཱི་རཏྣ་ཌཱཀྐི་ནཱི་པདྨ་ཌཱཀྐི་ནཱི་ཀརྨ་ཌཱཀྐི་ནཱི་སརྦ་ཛྙཱ་ན་ཌཱཀྐི་ནཱི་ས་པཱ་རི་ཝ་ར༴ ལན་གསུམ་རེ་འབུལ་མཐར། རྔ་འོག །ཧཱུྃ་ཧྲཱི། ཀུན་ཏུ་བཟང་མོ་བདེ་གཤེགས་བསྐྱེད་པའི་ཡུམ། །གནམ་ཞལ་དབྱིངས་ཀྱི་ཁྲོ་མོ་ལོངས་སྤྱོད་རྫོགས། །སྤྲུལ་སྐུ་མཁའ་སྤྱོད་གཙོ་མོ་ཕག་ཞལ་ཅན། །གནས་གསུམ་འཁོར་ལོའི་དབང་ཕྱུག་མ་ལ་འདུད། །དུས་བཞི་མཉམ་ཉིད་རིགས་ཀྱི་ཡུམ་མཆོག་ལྔ། །བདེ་ཆེན་དོན་དམ་བརྗོད་མེད་བློ་འདས་རྒྱུན། །ཚོགས་ཡུལ་སེམས་མ་ལྕམ་དྲལ་

p. 428

ཐབས་གཅིག་ཏུ། །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་མ་ལ་འདུད། །རྩ་གསུམ་ཀུན་འདུས་ཡེ་ཤེས་མཁའ་འགྲོའི་ཚོགས། །དམ་ཚིག་གཙང་མའི་མཆོད་གཏོར་འདི་བཞེས་ལ། །ཉམས་རྟོགས་མཁྱེན་པའི་ཡོན་ཏན་རྩལ་རྒྱས་ཤིང་། །ཕྱི་ནང་གསང་བའི་བར་ཆད་རང་སར་ཞི། །སྐུ་བཞིའི་འབྲས་བུ་རྩོལ་མེད་ཤུགས་ཀྱིས་འགྲུབ། །ཚོགས་གཉིས་རབ་རྫོགས་སུན་མ་དབྱིངས་སུ་བསྡུས། །མཐར་ཐུག་འོག་མིན་མཁའ་སྤྱོད་ཞིང་དུ་དྲོངས། །ཐུགས་དམ་ཇི་བཞིན་བཅོལ་བའི་ཕྲིན་ལས་མཛོད། །མཆོད་གཏོར་གཙང་སར་བསྐྱལ། གཉིས་པ་འཇིག་རྟེན་མཁའ་འགྲོའི་གཏོར་འབུལ། ཨོཾ་སརྦ་ལོ་ཀ་པི་ཤ་ཙི་པཉྩ་ཌཱཀྐི་ནཱི་ས་པཱ་རི་ཝ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི། ལན་གསུམ་འབུལ། རྔ་འོག །ཧཱུྃ་བྷྱོ། འཇིག་རྟེན་ཀུན་ཏུ་ལེགས་ཉེས་སྟངས་འཛིན་ཅིང་། །དུར་ཁྲོད་གནས་སུ་ཤ་ཁྲག་ཚོགས་ལ་རོལ། །ཁམས་གསུམ་ཟ་བྱེད་གར་

p. 429

དགུའི་ཉམས་དང་ལྡན། །རྟོག་མེད་འགྲོ་དོན་མཛད་པའི་མཁའ་འགྲོའི་ཚོགས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྩ་རླུང་ཐིག་ལེའི་འགྲོས་ཐིམ་དབང་བསྒྱུར་ནས། །མི་མཐུན་སྒོ་གསུམ་བར་ཆད་ཞི་བ་དང་། །འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་བསྒྲོད། །ཟབ་གཏེར་སྲུང་ཞིང་བསྟན་པ་ཕྱོགས་བཅུར་སྤེལ། །དེ་འཛིན་བྱེད་པའི་སྐྱེས་བུའི་མཛད་ཕྲིན་རྒྱས། །དུས་མིན་སུན་མ་བཟློག་ལ་རྐྱེན་རྣམས་སོལ། །ཐུགས་དམ་བཞིན་དུ་ཕྲིན་ལས་འགྲུབ་པར་མཛོད། །གཏོར་མ་འབུལ་ལ། གསུམ་པ་ཤ་ཟ་མཁའ་འགྲོའི་གཏོར་འབུལ། ཨོཾ་སརྦ་ལོ་ཀ་ཤྲཱི་དེ་ཝི་ཨཱ་ཛྙཱ་ཀ་ར་དྷརྨ་པཱ་ལ་ཙེ་ཊ་ཀ་ཀིཾ་ཀ་ར་ས་པཱ་རི་ཝ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི། ལན་གསུམ། རྔ་འོག །བྷྱོ། དཔལ་གྱི་ཁྲོ་མོའི་བཀའ་ཉན་འཇིག་རྟེན་གྱི། །མཁའ་འགྲོ་ཤ་ཁྲག་རོལ་ཞིང་གནས་རྣམས་ཉུལ། །དམ་ལྡན་སྐྱོང་ཞིང་དམ་

p. 430

ཉམས་སྲོག་དབུགས་ལེན། །ཕྲ་མེན་མཁའ་འགྲོ་ཤུགས་འགྲོ་ཐམས་ཅད་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་སྲུང་བསྟན་འཛིན་སྐུ་ཚེ་སྲིངས། །ཕྱི་ནང་དགྲ་གདོན་གཡུལ་ངོ་བར་ཆད་བཟློག །སྙིང་པོའི་བསྟན་པ་རིན་ཆེན་ཕྱོགས་བཅུར་སྤེལ། །མ་གཡེལ་མ་འདའ་ཤ་ཟ་མཁའ་འགྲོའི་ཚོགས། །དམ་ཉམས་བསྟན་དགྲའི་ཤ་ཁྲག་ཚོགས་སུ་རོལ། །ཚེ་དབུགས་དྭངས་མའི་འདུ་བྱེད་མྱུར་དུ་ཕྲོལ། །དམ་ལས་མ་འདའ་བཀའ་ཡི་ཕྲིན་ལས་མཛོད། །གཏོར་མ་མེ་སྒྲོན་བཅས་ཕུལ། བཞི་པ་ཕྱི་རྒྱུད་བསྟན་སྲུང་མཆོད་པའི་ཕྱིར། དཀར་གསུམ་མངར་གསུམ་སྨན་འབྲུ་བཤམས༔ རྃ་ཡྃ་ཁྃ་གིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་ནི་དྷི་པ་ཏི་སརྦ་ལོ་ཀ་མ་མ་ཌཱ་ཀི་ནཱ་ག་རཱ་ཙ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། ཨོཾ་བཛྲ་པུཥྤེ་ནས་ཤབྟ་པྲ་

p. 431

ཏཱིཙྪ་སྭཱ་ཧཱ༔ རྔ་འོག །ཧྲཱི༔ སྔོན་གྱི་རིག་འཛིན་སྤྱན་སྔ་རུ༔ ཟབ་གཏེར་སྐྱོང་བར་ཞལ་བཞེས་པའི༔ མཁའ་འགྲོ་འཇིག་རྟེན་སྨན་མོའི་ཚོགས༔ ཀླུ་རྒྱལ་བྲམ་ཟེ་འཁོར་དང་བཅས༔ གཙང་སྦྱར་སྨན་འབྲུ་གསེར་སྐྱེམས་དང་༔ དཀར་མངར་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་བདེ་ཞིང་འབྲུ་ཕྱུགས་སྤེལ༔ རྣལ་འབྱོར་འཁོར་སྲུང་རྐྱེན་ངན་བཟློག༔ ཟབ་མོའི་བསྟན་པ་ཕྱོགས་བཅུར་སྤེལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་འབུལ༔ ཞེས་པ་འདི་ནི་སྔར་གྱི་གཏེར་གཞུང་འཐོར་ཟག་དབང་གིས་ལྡེབ་གཅིག་དང་། ཕྱི་རྒྱུད་བསྟན་སྲུང་མཆོད་ཐབས་ལས་མ་འབྱོར་སྐབས་སྔར་གྱི་གསུང་རྒྱུན་དང་བསྟུན་ནས་ཀརྨ་ཐུབ་བསྟན་མིང་གིས་བྲིས་པ་འདི་ལ་མ་དག་པ་དང་གཞུང་དང་མི་མཐུན་པ་ཡོད་པར་གདོན་མི་ཟ་བས། ཕྱིས་འབྱོན་རྣམས་ནས་རབ་ན་དཔེ་རྙིང་རེ་ལོན་ཐབས་དང་མིན་ཀྱང་དག་བསྒྲིག་མཛད་ཐབས་ཞུ། གཏེར་ཚག་ཡོད་པ་རྣམས་གཏེར་གཞུང་དང་། གཏེར་ཚག་མེད་པ་ཁ་གསབ་ཡིན་པས་

p. 432

དེ་ལྟར་ཐུགས་ལ་ངེས་པར་ཞུ། ངེས་གསང་སྙིང་པོའི་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་སུ་ཛ་ཡནྟུ།། །།

བདེ་ཆེན་ཡེ་ཤེས་མཁའ་འགྲོའི་ཕྲིན་ལས་སྐོར་ལས་ཚོགས་མཆོད་དང་ཆོ་གའི་མཇུག་ཆིངས་རྣམས།

p. 433

༁ྃ༔ བདེ་ཆེན་ཡེ་ཤེས་མཁའ་འགྲོའི་ཕྲིན་ལས་སྐོར་ལས་ཚོགས་མཆོད་དང་ཆོ་གའི་མཇུག་ཆིངས་རྣམས་བཞུགས་སོ༔

p. 434

བདེ་ཆེན་དབང་ཕྱུག་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བ་དག་ལ་དགྱེས༔ ཚོང་འདུས་ཤིང་དྲུང་དུར་ཁྲོད་སོགས༔ རྒྱུ་བའི་གནས་དང་དུས་རྣམས་སུ༔ བདུད་རྩི་ལྔ་དང་ཤ་ལྔའི་ཚོགས༔ སྤོད་དང་ཁུ་བ་འབྲས་ཆེན་ཟས༔ ཚེ་དང་ཟླ་དྷུ་ཟླ་ཕྲོམ་དང་༔ གལ་དང་སྣུམ་ཁུ་ཟླ་རྒྱས་བཅུད༔ མྱོས་བྱེད་སྦྲང་རྩིའི་བཏུང་བ་དང་༔ ཤིང་འབྲས་མེ་ཏོག་ཞིམ་དགུའི་རོ༔ སྦྱོར་སྒྲོལ་མཚན་ལྡན་ཞིང་བཅུ་སོགས༔ ཕུན་སུམ་ཚོགས་པར་འདུ་བྱས་ལ༔ མཁའ་འགྲོ་མ་ཡི་དམ་ཕྱེས་ནས༔ རྣལ་འབྱོར་རྣམས་ཀྱིས་དགའ་སྟོན་བྱ༔ ༈ ལས་རྡོར་པས་ཞུ། ཧོཿ གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་གའི་དཀྱིལ་འཁོར་དུ། བདེ་སྟོང་

p. 435

གཉིས་སུ་མེད་པའི་ཚོགས་ཀྱི་འདུ་བ་ལ་དགྱེས་པར་སྤྱོད་པའི་རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་། མཆེད་དང་ལྕམ་དྲལ་ཐམས་ཅད་དགོངས་སུ་གསོལ། དེང་དབྱིངས་ཕྱུག་བདེ་ཆེན་མཁའ་འགྲོའི་དཀྱིལ་འཁོར་དུ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཚོགས་འཁོར་བླ་ན་མེད་པ་བསྐོར་བར་འཚལ་ན་ཐུགས་རྗེའི་དགོངས་ཏེ་བཞེས་པར་གསོལ་ཞིང་གནང་བ་བསྩལ་དུ་གསོལ། །སློབ་དཔོན་ནས་གསུང་། ཧོ། བདེ་ཆེན་ཡེ་ཤེས་མཁའ་འགྲོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། འདིར་

p. 436

འདུས་ཤིང་ཚོགས་པ་རྣམས་ཀྱི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བ་ནི་ངོ་མཚར་ཆེ་སྟེ། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆགས་བསྐང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཆེན་པོའི་སླད་དུ་བཞེས་པར་གནང་བས་ཆོ་ག་ཚུལ་བཞིན་གྱིས་ཤིག །སྔགས་ཀྱིས་བགེགས་བསྐྲད་བསང་སྦྱང་ནི༔ ལས་རྡོར་པས་ཚོགས་བསང་སྦྱང་ཞུ། ཨོཾ་ཀརྨ་ཀྲོ་དྷི་ཤྭ་རི་སརྦ་བིགྷྣན་ཨུ་ཙ་ཏ་ཡ་ཕཊ༔ རྃ་ཡྃ་ཁྃ༔ ཨོཾ་སྭ་བྷཱ་ཝ་ནས་ཤུདྡྷོ྅་ཧྃ༔ རོལ་མོ་ཐེང་༡འབེབས་སུམ་བརྡུང་། རྔ་འོག །ཐུགས་ཀའི་ས་བོན་ལས་འཕྲོས་ཡེ་ཤེས་འོད༔ མེ་རླུང་ཆུ་ཡིས་ཚོགས་གཏོར་དངོས་འཛིན་དང་༔ མཚན་རྟོག་བག་ཆགས་བསྲེགས་གཏོར་དག་པར་སྦྱངས༔ རིན་ཆེན་སྣོད་དུ་འདོད་ཡོན་ལྷུན་པོར་སྤུངས༔ མཚན་ལྡན་བྷནྡྷ་ཤ་ལྔ་བདུད་རྩིའི་མཚོ༔ ཚོགས་ཀྱི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་གཏེར༔ རང་

p. 437

རིག་མཁའ་འགྲོའི་གསང་གསུམ་ཐུགས་རྗེའི་འཕྲུལ༔ སྣོད་བཅུད་དྭངས་མ་རབ་བསྡུས་འཁྱིལ་པའི་སྟེང་༔ འབྲུ་གསུམ་སྙོམས་པར་ཞུགས་པས་བྱིན་གྱིས་བརླབས༔ ཡེ་ཤེས་སྟོབས་ཀྱིས་འཁོར་འདས་བདུད་རྩི་བཀུག༔ འདོད་པའི་ཡོན་ཏན་ཟག་མེད་བདེ་བ་ཆེ༔ ཚོགས་ཀྱི་ལོངས་སྤྱོད་འཆི་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ བདུད་རྩི་འཐོར་ཞིང་སྤོས་ཀྱིས་བདུག༔ རོལ་མོ་སྣ་ཚོགས་ཞིང་དར་གཡབ༔ སིལ་རོལ་ཐེང་༣འབེབས་སུམ་བརྡུང་། རྡོར་དྲིལ་དབྱངས་དང་བཅས། ཧཱུྃ་ཧྲཱི༔ ཆོས་སྐུ་གསང་བ་ཡེ་ཤེས་མཁའ་འགྲོ་མ༔ བདེ་ཆེན་མཁའ་སྤྱོད་དཀར་མོ་གཤེགས་སུ་གསོལ༔ རིགས་བཞིའི་དབྱིངས་ཕྱུག་གནས་ཡུལ་ཀུན་གྱི་བདག༔ ཡེ་ཤེས་ལས་གྲུབ་ཌཱ་ཀི་གཤེགས་སུ་གསོལ༔ ལོངས་སྐུ་རྣལ་འབྱོར་རྡོ་རྗེ་ཕག་ཞལ་ཅན༔ རིག་བྱེད་པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ སྤྲུལ་སྐུ་མཐར་བྱེད་བདུད་འདུལ་ཁྲོས་མ་ནག༔

p. 438

དབྱིངས་ཀྱི་མཁའ་འགྲོ་སེང་གདོང་གཤེགས་སུ་གསོལ༔ ལས་ཀྱི་མ་མོ་གདོང་ཅན་ཕྲ་མེན་མ༔ ཤུགས་འགྲོ་གནས་ཉུལ་ཌཱ་ཀི་གཤེགས་སུ་གསོལ༔ གཞན་ཡང་རབ་འབྱམས་རྩ་གསུམ་རྒྱལ་བའི་ལྷ༔ ཡེ་ཤེས་འཇིག་རྟེན་དཔའ་བོ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོ་དཀར་ཕྱོགས་སྐྱོང་བ་རྣམས༔ འདི་ཕྱིན་ཕྱག་རྒྱ་དགོས། ཐམས་ཅད་ཆ་ལུགས་ཧེ་རུ་ཀ་ཡི་ཚུལ༔ མཛེས་པའི་སྐུ་ནི་གར་སྟབས་ཤིགས་སེ་ཤིག༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ རལ་པའི་ཅོད་པན་ཐོར་ཚུགས་ལྡེམས་སེ་ལྡེམ༔ ལྷབ་ལྷུབ་དར་དཔྱངས་འཕྱང་འཕྲུལ་ཉི་ལི་ལི༔ གསུང་གི་གདངས་གླུ་དབྱངས་སྙན་ཀྱུ་རུ་རུ༔ ཧཱུྃ་དང་ཕཊ་ཀྱི་བརྡའ་སྐད་ཆེམས་སེ་ཆེམ༔ རྔ་ཆེན་རོལ་མོའི་རང་སྒྲ་ཏི་རི་རི༔ ཅང་ཏེའུ་དྲིལ་བུ་གཡེར་ཁ་སི་ལི་ལི༔ ཐུགས་རྗེ་ཆེན་པོའི་འོད་ཟེར་སྤུངས་སེ་སྤུང་༔ འགགས་མེད་འཇའ་ཚོན་སྣང་བ་ཡ་ལ་ལ༔

p. 439

འདིར་གཤེགས་དམ་རྫས་ཚོགས་ཀྱི་འདུ་བར་བྱོན། །གནས་ཁང་འོག་མིན་མཁའ་སྤྱོད་གསང་བའི་ཞིང་། །འདིར་ཚོགས་རྣལ་འབྱོར་དཔའ་བོ་མཁའ་འགྲོར་སྒྱུར། །ལོངས་སྤྱོད་ཚོགས་རྫས་ཡེ་ཤེས་བདུད་རྩིར་སྤེལ༔ སྣོད་བཅུད་བདེ་བ་ཆེན་པོར་བྱིན་རློབས་ཤིག༔ འབེབས་རོལ་འཇོག །གུ་རུ་དྷེ་ཝ་སརྦ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿ ཚོགས་མགྲོན་སྤྱན་དྲངས་བརྟན་པར་བཞུགས༔ སྒྲོལ་འདེབས་ཕྱག་རྒྱ། ཚོགས་ཁང་བདེ་བ་ཆེན་པོའི་གནས་འདི་རུ༔ ཉམས་དགའི་གདན་ཁྲི་འདི་ལ་དགྱེས་པར་བཞུགས༔ རྡོ་རྗེ་གར་གྱི་རོལ་པས་འདུད་ཕྱག་འཚལ༔ ལྷ་མཆོག་མཁའ་འགྲོའི་ཐུགས་ཀྱིས་བརྩེ་བར་མཛོད༔ བཛྲ་ཨ་ས་ན་ཏིཥྛ་ལྷན༔ ཕྱག་རྒྱ་གར་གྱི་མཆོད་པ་ནི༔ དོང་སྤྲུགས་རྩ་གདངས་ཕྱག་རྒྱ་བཅས། ཨོཾ། ཡེ་ཤེས་དྲུག་གི་རང་བཞིན་དཔའ་བོ་དྲུག༔ དབྱིངས་ཕྱུག་དྲུག་གི་ངོ་བོ་དཔའ་མོ་དྲུག༔ འདོད་ཡོན་དྲུག་གི་མིག་འཕྲུལ་རྡོ་རྗེའི་

p. 440

གར༔ དགྱེས་ཚོགས་འདི་ནི་དཀྱིལ་འཁོར་ལྷ་ལ་འབུལ༔ སིལ་རོལ་འབེབས་སུམ་བརྡུང་། ཚོགས་གར་དངོས་བཞི་སུ་ར་ཏའི་སྦྱོར་མཆོད་ཡེ་ཤེས་དྲུག །འདོད་ཡོན་དྲུག་རིམ་པར་འབུལ་བ་ནི། དང་པོ་རྡོ་རྗེ་སེམས་དཔའ། རྔ་རོལ་འོག་ནས། ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུྃ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུྃ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུྃ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཧེ་རུ་ཀ་ཧཱུྃ༔ ལག་གཡས་ས་གནོན་གཡོན་མཉམ་བཞག །གཟུགས་ཀྱི་ལྷ་མོ། ཨོཾ་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ༔ ལག་གཡོན་ཁུ་ཚུར་སྟེང་གཡས་མེ་ལོང་རྒྱ། གཉིས་པ་རིན་ཆེན་འབྱུང་ལྡན། ཨོཾ་བཛྲ་ནིརྟི་ཤྭ་ར་ཏྲཱྃ༔ ལག་གཡས་མཆོད་སྦྱིན་གཡོན་མཉམ་བཞག །སྒྲ་ཡི་ལྷ་མོ། ལཱྃ་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ༔ རྡོ་རྗེའི་ཁུ་ཚུར་གྱིས་མཛུབ་གུང་སྒྲེང་བ་སྙིང་ཐད་དུ་བརྩེགས་ནས་ཕན་ཚུན་འགྲོལ་བ་རོལ་མོའི་རྒྱ་དང་། གསུམ་

p. 441

པ་སྣང་བ་མཐའ་ཡས། ༀ་བཛྲ་སུརྱ་ཧྲཱིཿ ལག་གཉིས་མཉམ་བཞག །དྲི་ཡི་ལྷ་མོ། པཱྃ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཐལ་མོ་ཁ་ཕྱིར་བསྟན་པ་བྱུག་ཚུལ་དྲི། བཞི་པ་དོན་ཡོད་གྲུབ་པ། ཨོཾ་བཛྲ་ཨི་ཤྭ་རཏྣ་ཨཱཿ ལག་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག །རོ་ཡི་ལྷ་མོ། ཏཱྃ་ར་ས་པྲ་ཏཱིཙྪ་སྭཱ་ཧཱ༔ ཐལ་མོ་ཕན་ཚུན་སོར་མོ་བསྣོལ་ཏེ་སྟོབ་པའི་ཚུལ་གྱིས་རོ། ལྔ་པ་རྣམ་པར་སྣང་མཛད། ཨོཾ་བཛྲ་བཻ་རོ་ཙ་ནི་ཨོཾ༔ རྡེ་རྗེའི་ཁུ་ཚུར་གྱིས་མཛུབ་མོ་གཉིས་སྒྲེང་བའི་གཡས་ཀྱི་ཆངས་གཞུག་ཏུ་གཡོན་གྱི་མཛུབ་མོས་རེག །རེག་བྱའི་ལྷ་མོ། མཱུྃ་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཐལ་མོ་གཟེང་བའི་ཐེབ་མཛུབ་སྒོར་མོར་བཀུག་སྟེ་ཕྱིར་བསྐྱེད་པ་རེག་བྱ། དྲུག་པ་ཀུན་བཟང་། ཨོཾ་བཛྲ་སེངྷ་ཝི་ར་ཧཱུྃ༔ སྙིང་གར་འཁྱུད་རྒྱ། ཆོས་ཀྱི་ལྷ་མོ། ཨཱཿདྷརྨཱ་དྷ་ཏུ་པྲ་ཏཱིཙྪ་སྭཱ་ཧཱ༔ སོར་མོ་བསྣོལ་བའི་ཐེབ་མཛུབ་རྩེ་སྤྲད་པའི་གྲུ་གསུམ་ཆོས་རྒྱ་བཅས་བླངས་ཤིང་སྔ་མས་འགྲེས་ཏེ་རིམ་ཅན་དུ་བཏང་། སོ་སོའི་གར་དང་ཕྱག་རྒྱ་འགྲོལ༔ སུམ་བརྡུང་བཅས་ཚོགས་དང་པོ་ཞུ། དང་པོ་ཚོགས་ཕུད་འབུལ་བ་ནི༔ ཁྲག་འཐུང་རྔུབ་གདངས། ཧཱུྃ་ཧྲཱི༔ བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་འདོད་ཡོན་སྤྲིན༔ ཟག་མེད་བདུད་རྩི་ལྷན་སྐྱེས་མཆོད་པ་ཆེ༔ མཁའ་སྤྱོད་ཡེ་

p. 442

ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཁོར་འདས་མཉམ་ཉིད་དམ་ཚིག་མཆོག་ཏུ་འབུལ༔ མ་ཧཱ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཚོགས་བར་པ་ཞུ། བསྐང་བ་བྱིན་རླབས་རྩ་གསུམ་གཏོར་བསྔོས་ནང་བཞིན་དགོས། བསྐང་བ་ནི། ཐེང་༡འབེབས་སུམ་བརྡུང། རྔ་འོག་འདེབས། ཧཱུྃ་ཧྲཱིཿ སྣང་སྲིད་རྣམ་དག་ཡུམ་གྱི་བྷ་གའི་ཀློང་༔ བདེ་ཆེན་གཟུགས་སྐུའི་ཞིང་ཁམས་བཀོད་ལེགས་ཤིང་༔ སྣང་སྲིད་མཆོད་པའི་རོལ་མོ་སྐར་ལྟར་བཀྲ༔ ཡིད་སྤྲུལ་ཀུན་བཟང་རྣམ་ཐར་སྤྲིན་བཞིན་གཏིབས༔ ཟག་མེད་ཚོགས་གཏོར་འོད་ཕུང་ལམས་སེ་ལམ༔ དམ་རྫས་སྨན་མཆོད་རཀྟའི་རྒྱ་མཚོར་འཁྱིལ༔ དངོས་ཀུན་ཟག་མེད་དགའ་བཞིའི་གར་གྱིས་སྒེག༔ སྣ་ཚོགས་སྲིད་པའི་འབྱོར་ཚོགས་རི་ལྟར་སྤུངས༔ འཁོར་འདས་ཀུན་ཁྱབ་རྨད་བྱུང་མཆོད་པ་འདིས༔ བརྒྱུད་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཆོས་སྐུ་ཡེ་ཤེས་མཁའ་འགྲོའི་ཐུགས་དམ་

p. 443

བསྐང་༔ ལོངས་སྐུ་རྣལ་འབྱོར་མ་དཔལ་ཐུགས་དམ་བསྐང་༔ སྤྲུལ་སྐུ་གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ གསང་གསུམ་རྡོ་རྗེ་གྲུབ་པའི་བྱིན་རླབས་རྩོལ༔ བདེ་ཆེན་མཁའ་སྤྱོད་དཀར་མོའི་ཐུགས་དམ་བསྐང་༔ བློ་འཕེལ་ཤེས་རབ་སེར་མོའི་ཐུགས་དམ་བསྐང་༔ རྣམ་ཀུན་མཆོག་ལྡན་དམར་མོའི་ཐུགས་དམ་བསྐང་༔ འཇའ་ལུས་མཁའ་སྤྱོད་འགྲུབ་པའི་དངོས་གྲུབ་སྩོལ༔ ཞི་མཛད་རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་༔ རྒྱས་མཛད་རིན་ཆེན་དཔའ་མོའི་ཐུགས་དམ་བསྐང་༔ དབང་མཛད་པདྨ་ཁྲུས་མཁན་ཐུགས་དམ་བསྐང་༔ དྲག་མོ་གཏུམ་ཆེན་ཁྲོ་མོའི་ཐུགས་དམ་བསྐང་༔ ལས་བཞི་ལྷུན་གྲུབ་མཆོག་ཐུན་དངོས་གྲུབ་སྩོལ༔ གཟུགས་དང་ཚེ་འཕེལ་འཕྲོག་བྱེད་མཁའ་འགྲོ་མ༔ རབ་འཛིན་འདོད་པའི་ལྷ་མོའི་ཐུགས་དམ་བསྐང་༔ ཐུན་མོང་གྲུབ་བརྒྱད་

p. 444

འབྱོར་པའི་དངོས་གྲུབ་སྩོལ༔ གནས་མཆོག་ཉེར་བཞི་ཡུལ་ཆེན་སུམ་ཅུ་གཉིས༔ དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ དོན་གཉིས་ལྷུན་གྲུབ་མཆོག་ཐུན་དངོས་གྲུབ་སྩོལ༔ སྒོ་བཞིའི་མཁའ་འགྲོ་མཚམས་ཀྱི་རྣལ་འབྱོར་མ༔ ཀེ་སེང་ཞིང་སྐྱོང་མཁའ་འགྲོ་དཔའ་བོ་དང་༔ ཕྲ་མེན་དབང་ཕྱུག་ཚོགས་ཀྱི་ཐུགས་དམ་བསྐང་༔ རྩ་རླུང་རྟེན་འབྲེལ་མཐར་ཕྱིན་དངོས་གྲུབ་སྩོལ༔ མ་མགོན་ལྕམ་དྲལ་བཀའ་ཡི་སྲུང་མ་དང་༔ སྔགས་སྲུང་ཤན་མ་གཟའ་མཆོག་རྡོ་རྗེ་ལེགས༔ དབང་ཕྱུག་ཡབ་ཡུམ་ཞིང་སྐྱོང་མཁའ་འགྲོ་ལྔ༔ བྲམ་ཟེ་འཇོག་པོ་བཀའ་དང་གཏེར་སྲུང་རྣམས༔ ཐམས་ཅད་ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་༔ དོན་གཉིས་འབད་མེད་འཇོ་བའི་དངོས་གྲུབ་སྩོལ༔ དངོས་ཀུན་འོད་གསལ་ཀློང་དུ་ཐུགས་དམ་བསྐང་༔

p. 445

དངོས་བྲལ་ཟག་མེད་ཀློང་དུ་ཐུགས་དམ་བསྐང་༔ ཟུང་འཇུག་བདེ་བ་ཆེན་པོར་ཐུགས་དམ་བསྐང་༔ འཁོར་འདས་འདུ་འབྲལ་མེད་པར་ཐུགས་དམ་བསྐང་༔ ཉམས་ཆགས་རྟོག་སྒྲིབ་འགལ་འཁྲུལ་མཐོལ་ལོ་བཤགས༔ འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ འབེབས་དགུ་བརྡུང་། དེ་ནས་བསྐང་བཟློག་བྱ་བར། རོལ་མོ་འབེབས་དགུ་བརྡུང་བཅས། ཧཱུྃ་བྷྱོ༔ དཔལ་ཆེན་ཁྲོ་མོ་འབར་བའི་ལྷ་ཚོགས་རྣམས༔ ཐུགས་དམ་མ་ལུས་ཆོས་ཀྱི་དབྱིངས་སུ་བསྐང་༔ ཉམས་ཆགས་བཟོད་གསོལ་འགལ་བ་བཤགས་ཤིང་སྡོམ༔ ད་ནི་ཕྲིན་ལས་དྲག་པོའི་དུས་ལ་བབས༔ མ་ཉམས་དམ་ཚིག་ཆད་པ་ཅི་སྟེ་བཅད༔ ཉམས་ན་བཀའ་ཡི་ཆད་པ་བཅད་ཏ་རེ༔ སྡིག་ཅན་སྡང་དགྲ་གནོད་བྱེད་བྱད་མ་རྣམས༔ མྱུར་དུ་བསྒྲལ་ཞིང་བརླག་པའི་ཕྲིན་ལས་མཛོད༔ ཁྲོ་བོས་བཀའ་ཆད་ཁྲོ་མོའི་དྲག་ཤུལ་དང་༔ ཕྱི་པའི་ངན་

p. 446

སྔགས་ནང་པའི་བདེན་ཚིག་མཐུ༔ རྒྱལ་པོའི་བཀའ་ཆད་དྲང་སྲོང་དམོད་པ་སོགས༔ སྡིག་ཅན་དགྲ་བགེགས་བྱད་མའི་ཐོག་ཏུ་བསྒྱུར༔ ཆགས་ཆེ་ཉམ་ང་རྦོད་གཏོང་ཕུར་ཁ་ཟློག༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་དང་༔ བར་ནས་བཙན་བདུད་སྲིན་པོའི་གྲི་འཐབ་ངན༔ སྡེ་བརྒྱད་ཆད་པ་ལྷ་སྲིན་འཁྲུགས་པའི་ནད༔ མ་མོ་ཀླུ་ཡི་དལ་ཡམས་གཟའ་ཡི་ཟེར༔ རྒྱལ་པོའི་སྨྱོ་འབོག་འགོང་པོའི་ཟ་ཁ་ཟུག༔ བོན་གྱི་ཛོ་ཟོར་མནན་བསྲེགས་འཕང་གསུམ་སོགས༔ སྡིག་ཆེན་དགྲ་བགེགས་བྱད་མའི་ཐོག་ཏུ་སྒྱུར༔ ཆགས་ཆེ་ཉམ་ང་རྦོད་གཏོང་ཕུར་ཁ་ཟློག༔ བཟློག་སྒྱུར་དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ ཁྲིམས་ཀྱི་ཆད་པ་འབངས་ཀྱི་མི་ཁ་དང་༔ ཕ་ཁུའི་ཟ་འདྲེ་མ་ཁུའི་བྱུར་འདྲེ་ངན༔ ཚ་ཞང་སྒབ་འདྲེ་སྤྱི་ཆགས་སྒོས་ཆགས་རིགས༔

p. 447

གཙོ་བོའི་ཕུང་བཤིག་ཡུལ་མིས་གཏམ་ངན་གླེང་༔ སྐྱེས་པའི་མདའ་ཟོར་སྐྱེ་བོའི་ཡ་ག་དང་༔ བུད་མེད་དམོད་ཟོར་བདུད་ཀྱི་ཁྲམ་ཁ་དང་༔ བྱིས་པའི་ཐལ་ཟོར་ཐེའུ་རང་མགོ་འཁོར་གདོན༔ བྱུར་ངན་ཕུང་ཤིག་ཟོར་ཁ་བྱད་མའི་འདྲེ༔ ཁ་མཆུ་གྱོད་སྣ་དགྲ་ཇག་རྐུན་པོས་འཚེ༔ ཁམས་གསུམ་མཚོན་ཆ་སྲིད་གསུམ་ཟོར་སྣར་བཅས༔ སྡིག་ཅན་དགྲ་བགེགས་བྱད་མའི་ཐོག་ཏུ་སྒྱུར༔ ཆགས་ཆེན་ཉམ་ང་རྦོད་གཏོང་ཕུར་ཁ་ཟློག༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ འབེབས་སུམ་བརྡུང་། སརྦ་ཌཱ་ཀི་ནི་མ་ཧཱ་ཤ་རི་བྷྱོ་བཟློག༔ སྲུང་མའི་བསྐང་བ་དང་བསྐང་བཟློག་འདིར་འདོན་དགོས། བར་དུ་ཉམས་པ་ཐམས་ཅད་བཤགས༔ ཧོ༔ བདག་སོགས་སྔོན་ནས་སྒྲིབ་གཉིས་དབང་གིས་འཁྲུལ༔ བཅས་དང་རང་བཞིན་སྤྱི་ཡི་སྡོམ་པ་དང་༔ ཁྱད་པར་རྩ་གསུམ་མཁའ་འགྲོའི་དམ་འགལ་རྣམས༔ དཀྱིལ་འཁོར་གཉན་པོའི་

p. 448

སྤྱན་སྔར་མཐོལ་ཞིང་བཤགས༔ འབེབས་རོལ་འཇོག །ཚོགས་ཐ་མ་ཞུ། བཛྲ་ས་མ་ཡ་སརྦ་པ་པྃ་བི་ཤུདྡྷེ་ཨཱཿ ཐ་མ་བསྒྲལ་བསྟབ་བྱ་བ་ནི༔ བདེན་སྟོབས་བརྗོད་ཅིང་དགྲ་བགེགས་བཀུག༔ ན་མོ༔ བླ་མ་མཆོག་གསུམ་རྩ་གསུམ་རབ་འབྱམས་རྒྱལ་བ་ཡོངས་ཀྱི་བཀའ་དང་༔ གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཡི་གེའི་ཚོགས་ཀྱི་བདེན་སྟོབས༔ ལྷ་སྔགས་ཏིང་འཛིན་རྟེན་འབྲེལ་ཟབ་མོའི་འཁྲུལ་འཁོར་བསླུ་བ་མེད་པའི་ངེས་པ་ཟབ་མོ་དང་༔ དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་སྐུ་གསང་བ་ཡེ་ཤེས༔ ལོངས་སྐུ་རྡོ་རྗེ་ཕག་མོ༔ སྤྲུལ་སྐུ་ཁྲོས་མ་ནག་མོ༔ ཁྱད་པར་དུ་བདུད་འདུལ་མཁའ་འགྲོ་སེངྒེའི་གདོང་པ་ཅན༔ ཕྲ་མེན་རིགས་བཞི་དྲག་ཤུལ་ཁྲོ་མོའི་ལྷ་ཚོགས་ཐམས་ཅད་ཀྱི་ནུས་རྩལ་བཀའ་དང་བདེན་པ་ཆེན་པོས་གཟུགས་ཅན་གཟུགས་མེད་ཀྱི་དགྲ་བགེགས་བྱད་མ་ཐམས་ཅད་སྟེང་འོག་བར་གསུམ་

p. 449

འབྱུང་བ་རི་གླིང་༔ གཟའ་སྐར་གྱི་གོ་བར༔ རིགས་དྲུག་གི་ཚོང་འདུས༔ ཕྱི་ནང་གི་སྐྱབས་འོག་གར་གནས་ཀྱང་རང་དབང་མེད་པར་ལས་ཀྱི་ལིང་དྲག་པོས་བཏབ་སྟེ་སྐད་ཅིག་ཉིད་དུ་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ ནྲྀ་ཡཾ་ཛཿ ཏྲི་ཡཾ་ཛཿ སརྦ་ཤ་ཏྲུཾ་ཛཿཧཱུྃ་བྃ་ཧོཿ འགུགས་རོལ་དྲག་འབེབས་མཐར། སྟངས་སྟབས་བྱ་ཞིང་ཕྱག་མཚན་གདེང་༔ ཧཱུྃ་བྷྱོ་ཛ༔ ལས་མཛད་སྒོ་མཚམས་མཁའ་འགྲོ་ཤུགས་འགྲོ་དང་༔ ཀྲོ་དྷི་གིང་མོའི་ཚོགས་ཀྱིས་དགྲ་བགེགས་བཀུག༔ མཐར་བྱེད་ཁྲོ་མོ་འབར་བའི་ཕྱག་མཚན་ཏྲྃ༔ སེང་གདོང་དྲག་མོས་དབྱིངས་ཀྱི་ཕུར་བུས་འདེབས༔ སེམས་ཉིད་ཡེ་ཤེས་ཌཱ་ཀིའི་མཁའ་ལ་བསྟིམ༔ མི་སྲུན་ལས་ཀྱི་གྲི་གུག་སྲོག་རྩ་གཅོད༔ ཡང་སྤྲུལ་ཕྲ་མེན་མཚོན་ཆས་བསྒྲལ་ཞིང་གཏུབ༔ ཁམས་གསུམ་ཡོངས་སྒྲོལ་ཕྲིན་ལས་དུས་ལ་བབས༔ དགུ་བརྡུང་། ཨོཾ་བཛྲ་ཀརྨ་ཀྲོ་དྷི་ཤྭ་རི་སརྦ་ཤ་ཏྲུན་

p. 450

ཏྲིག་ནན་མཱ་ར་ཡ་ཕཊ༔ བདུད་རྩི་སྦར་ལ་ཞལ་དུ་བསྟབ༔ ཧཱུྃ༔ དཔལ་ཆེན་ཁྲོ་མོའི་དཀྱིལ་འཁོར་ཞལ་ཕྱེས་ཤིག༔ སྲིད་གསུམ་གདུག་པ་བསྒྲལ་བའི་ཤ་ཁྲག་རུས༔ བདུད་རྩིར་བསྒྱུར་ཏེ་འབར་བའི་ཀློང་དུ་སྟོབ༔ རོལ་ཅིག་ཉོན་མོངས་འཁོར་བའི་སྐྱེ་རྒྱུན་ཆོད༔ འབེབས་རོལ་འཇོག །སརྦ་ཤ་ཏྲུཾ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ དེ་ལྟར་ཚོགས་ཀྱི་ལས་རིམ་གསུམ༔ དཀྱིལ་འཁོར་མཆོད་དང་གཞོན་ནུ་མཆོད༔ སྦྱིན་སྲེག་རི་བོ་དུར་ཁྲོད་མཆོད༔ ཡང་ན་དཔའ་བོ་དཔའ་མོ་སྟེ༔ རྣལ་འབྱོར་ཚོགས་ཀྱི་དགའ་སྟོན་བྱ༔ བརྡ་དང་བརྡ་ཡིས་འབུལ་ཞིང་བླང་༔ ཀྱེ༔ དམ་ཚིག་མཆོག་ནི་སྤང་བླང་བྲལ༔ རོ་མཉམ་མཆོད་པ་བཞེས་སུ་གསོལ༔ འདུ་འབྲལ་མེད་པ་རིག་པའི་ཆོས༔ གཙང་རྨེ་བྲལ་བར་རྟག་ཏུ་རོལ༔ གཉིས་གསང་པདྨའི་ཕྱག་རྒྱས་བླང་༔ ཧོ༔ འདོད་ཡོན་ལྔ་ལྡན་བདེ་བ་ཆེ༔ རྟོག་པ་ཀུན་ལས་ངེས་པར་གྲོལ༔ བླ་ན་མེད་པའི་ལོངས་སྤྱོད་ལ༔ རྣལ་འབྱོར་ཆེན་པོས་རོལ་པར་བྱ༔ ཨ་ལ་ལ་

p. 451

ཧོ༔ རྡོ་རྗེའི་གླུ་བླང་རྒྱུད་ཆེན་བསྒྲགས༔ བདེ་སྟོང་རོལ་རྩེད་བརྡ་དང་གར༔ རྣལ་འབྱོར་ཉམས་མྱོང་སྣ་ཚོགས་བསྐྱང་༔ ཚོགས་གླུ་བླང་ཞིང་འདུས་པ་ཀུན༔ རྡོ་རྗེའི་གླུ་བླང་འགྲུབ་པར་བྱ༔ ལྷག་མ་རྡོ་རྗེའི་ཁ་ཕྲུས་བཏབ༔ ལས་རྡོར་པས་ལྷག་གཏོར་བྱིན་རླབས་ཞུ། སརྦ་པཉྕ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ རྐང་གླིང་རོལ་མོའི་བརྡ་ཡིས་འབོད༔ སརྦ་ཌཱ་ཀི་ནི་ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཕེཾ་ཛཿ ཐེང་འབེབས་སུམ་བརྡུང་། ཧྲཱིཿ དཔལ་གྱི་མཁའ་འགྲོ་ཆེན་མོ་ཕུད་ལ་རོལ༔ གནས་གསུམ་ཌཱ་ཀིའི་ལྷ་རྣམས་ཚོགས་ཀྱིས་མཆོད༔ ཡུལ་ཆེན་དུར་ཁྲོད་སྲུང་མས་གཏོར་མ་བཞེས༔ བཀའ་ཉན་འཇིག་རྟེན་མཁའ་འགྲོ་ཤུགས་འགྲོ་དང་༔ ཕྲ་མེན་དབང་ཕྱུག་ཚོགས་ཀྱིས་ལྷག་གཏོར་ལོངས༔ བར་ཆད་རྐྱེན་ངན་དགྲ་བགེགས་རྦོད་གཏོང་བཟློག༔ གང་བཅོལ་ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ རྟག་ཏུ་བསྟན་པ་སྲུང་བའི་ལས་མཛོད་ཅིག༔ ༡༢༣ ༡༢༣༤༥༦༧ ༡༢༣༤༥༦༧ ༡༢༣༤༥༦༧ མདུན་འགྲོས་ཀྱིས་༡༢༣༤༥ རྒྱབ་འགྲོས་ཀྱིས་༡༢༣༤༥ འཕར་

p. 452

ཆེན་༡༢༣ནས་བླངས་ལ་འཕར་ཆུང་༡༢༣ ༡༢༣༤༥༦༧ ༡༢༣༤༥༦༧ ༡༢༣༤༥༦༧༨༩འབེབས་འཇོག་བཅས་འབུལ། སརྦ་ཨུཙྪིཥྚ་པཱུ་ཛཿཁཱ་ཧི༔ ཀརྨ་ས་མ་ཡ་སརྦ་སིདྡྷི་ཛ་ཧཱུྃ༔ མ་མ་རཀྵནྟུ༔ སྲུང་མའི་མངའ་གསོལ་དང་ཐུན་གཏོར་བཏང་། དམ་ཚིག་ཆད་ཐོ་བསྒྲགས་པ་ནི༔ རྔ་འོག་ཧྲུག་འདོན། ཧཱུྃ༔ གདོད་ནས་བརྒྱུད་པ་དགུ་ལྡན་བླ་མ་དང་༔ སྐུ་གསུམ་རིག་འཛིན་རྣམ་བཞིའི་སྤྱན་སྔ་རུ༔ འོད་གསལ་རིག་རྩལ་སྤེལ་བར་དམ་བཅས་ཤིང་༔ རྒྱུད་སྲུང་ཡེ་ཤེས་དབྱིངས་ཀྱི་སྲུང་མ་རྣམས༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཉམས་རྟོགས་མཁྱེན་པའི་ཡེ་ཤེས་རྩལ་རྒྱས་ཤིང་༔ ཕྱི་ནང་གསང་བའི་བར་ཆད་རང་སར་གྲོལ༔ སྐུ་བཞིའི་འབྲས་བུ་རྩོལ་མེད་ཤུགས་ཀྱིས་འགྲུབ༔ ཞལ་བཞེས་ཇི་ལྟར་ཕྲིན་ལས་ཐོགས་མེད་མཛོད༔ རབ་ཏུ་ཡེ་ཤེས་མཁའ་འགྲོ་རིག་འཛིན་ཚོགས༔ གནས་ཡུལ་གཙོ་བོ་ཌཱ་ཀིའི་སྤྱན་སྔ་རུ༔ རྩ་རླུང་རྟེན་འབྲེལ་འགྲིགས་པའི་

p. 453

གཡར་དམ་ཅན༔ ཕྱི་ནང་ཡུལ་ཆེན་སོ་གཉིས་དུར་ཁྲོད་བརྒྱད༔ གནས་མཆོག་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྩ་རླུང་ཐིག་ལེའི་འགྲོས་ཐིམ་དབང་བསྒྱུར་ནས༔ མི་མཐུན་སྒོ་གསུམ་བར་ཆད་རང་སར་ཞི༔ འབྲས་བུ་རིག་འཛིན་རྣམ་བཞིའི་གོ་འཕང་བགྲོད༔ ཐུགས་དམ་བཞིན་དུ་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་ཐ་མར་རྡོ་རྗེ་ཕག་མོ་དང་༔ དབྱིངས་ཕྱུག་ཁྲོས་མ་སེང་གེའི་གདོང་པ་ཅན༔ རྡོ་རྗེ་ཁྲག་འཐུང་རྡོ་རྗེ་དྲག་པོ་རྩལ༔ ལྷ་དང་གྲུབ་པའི་རིག་འཛིན་སྤྱན་སྔ་རུ༔ སྒྲུབ་མཆོག་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ ཕྲ་མེན་མཁའ་འགྲོ་ཤུགས་འགྲོ་ཐམས་ཅད་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་སྲུང་བསྟན་འཛིན་སྐུ་ཚེ་བསྲིང་༔ ཕྱི་ནང་དགྲ་གདོན་བར་ཆད་གཡུལ་ངོ་

p. 454

ཟློག༔ སྙིང་པོ་རིན་ཆེན་བསྟན་པ་ཕྱོགས་བཅུར་རྒྱས༔ དམ་ལས་མ་འདའ་བཀའ་ཡི་ཕྲིན་ལས་མཛོད༔ རྩོད་ལྡན་ཡང་མཐར་འགྲོ་མགོན་པདྨ་འབྱུང་༔ བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ༔ ཁྲག་འཐུང་རྡོ་རྗེ་ཁྲི་བཙུན་ཡེ་ཤེས་དབྱངས༔ རིན་ཆེན་མཆོག་དང་དཔལ་གྱི་དབང་ཕྱུག་སོགས༔ གྲུབ་པའི་སྟོན་པ་སློབ་དཔོན་སློབ་མར་བཅས༔ གསང་བའི་ཆོས་འཁོར་བཀའ་བསྡུ་མཛད་པ་དང་༔ གཏད་རྒྱ་སྨོན་ལམ་དབང་བསྐུར་ལུང་བསྟན་ནས༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་ཆོས་སྐྱོང་དང་༔ ལྷ་ཆེན་དབང་ཕྱུག་རྡོ་རྗེ་རོ་ལངས་རྩལ༔ ཞིང་སྐྱོང་མཁའ་འགྲོ་མཆེད་ལྔ་བྲམ་ཟེ་ཀླུ༔ དགེ་བསྙེན་བརྟན་མ་བཀའ་དང་གཏེར་སྲུང་ཚོགས༔ མ་འོངས་ཆོས་བརྒྱུད་བར་ཆད་སེལ་བ་དང་༔ བསྟན་པ་ཕྱོགས་བཅུར་སྤེལ་བར་དམ་བཅས་བཞིན༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔

p. 455

དུས་ངན་ཁམས་ཀྱི་སྤྱོད་པས་ཞེ་མ་སུན༔ ཉམ་ཐག་འགྲོ་འདི་རྒྱབ་ཏུ་མི་འདོར་བར༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་དམ་ཚིག་ཅན༔ ཡལ་ཡོལ་རི་རབ་ངོས་ལ་ཞལ་མ་གཟིགས༔ བཏང་སྙོམས་ངང་དུ་བསྟན་པ་ཆུད་མ་གསན༔ ལེ་ལོར་མ་མཛད་མིང་གི་བསྟན་པ་འདི༔ སྙིང་པོའི་སྒྲོན་མེ་ཆེན་པོར་དབུགས་འབྱིན་མཛོད༔ མ་གཡེལ་མ་འདའ་བཅོལ་བའི་ཕྲིན་ལས་སྒྲུབས༔ ད་ལྟ་ཟབ་མོའི་ཆོས་འདི་ས་སྟེང་སྣང་༔ བཀའ་རྒྱ་མཐར་ཕྱིན་བརྡ་ཡི་རི་མོ་སྒྲོམ༔ མངོན་སུམ་ཞལ་ཕྱེས་ཚིག་དང་ཡི་གེར་ཕོབས༔ བར་ཆད་མེད་པར་དངོས་རྣམས་ཤུགས་ཀྱིས་གྲུབ༔ སྟོན་པ་སྲས་སློབ་སྨིན་གྲོལ་དགའ་སྟོན་འཕེལ༔ སྨོན་ལམ་དུས་བབས་ཚོགས་ཀྱི་སྤྱན་སྔ་རུ༔ དབྱིངས་ཀྱི་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་དང་༔ འཇིག་རྟེན་ལས་གྲུབ་རང་རྒྱུད་དྲེགས་པ་བཅས༔ སྣ་ཚོགས་ཚུལ་གྱིས་

p. 456

དངོས་ཉམས་རྨི་ལམ་དུ༔ ལེགས་ཚོགས་བཟང་པོའི་དགེ་མཚན་དམ་བཅས་ལྟར༔ དམ་རྫས་གཏོར་མ་གསེར་སྐྱེམས་འདི་བཞེས་ལ༔ སྒྲུབ་མཆོག་བདག་གི་རྐྱེན་ངན་ནད་གདོན་ཞི༔ ཚེ་རིང་འབྱོར་རྒྱས་འདོད་དགུ་དབང་དུ་བསྡུས༔ དགྲ་བགེགས་འབྱུང་པོའི་གདོན་ཚོགས་དབྱིངས་སུ་སྒྲོལ༔ དུས་ཀྱི་རྒུད་སེལ་སྣོད་ཀྱི་ཡོན་ཏན་སྤེལ༔ བཅུད་ཀྱི་ལུས་ཅན་བདེ་སྐྱིད་དཔལ་ལ་སྤྱོད༔ གསང་གཏེར་སྙིང་པོའི་བསྟན་པ་ཕྱོགས་བཅུར་རྒྱས༔ རྫོགས་ལྡན་དང་པོའི་ཕན་བདེ་འགྲུབ་པར་ཤོག༔ འབེབས་སུམ་བརྡུང་། ཕུད་དང་གཏོར་མ་གཙང་སར་བསྐྱལ༔ ཡང་ན་དམ་ཚིག་ཟོར་དུ་བསྐུལ༔ ཧཱུྃ་བྷྱོ༔ ང་ནི་སྣང་སྲིད་དབང་བསྒྱུར་ཁྲོས་མ་ནག༔ ལྷ་སྲིན་སྡེ་བརྒྱད་གསེར་སྐྱེམས་འདི་བཞེས་ལ༔ སྐུ་གཟུར་སྤྱན་གཡོར་བདག་གི་སྡོང་གྲོགས་མཛོད༔ མཐུ་རྩལ་དཔུང་བསྐྱེད་རྣོན་མཚོན་དགྲ་ལ་ཕྱོར༔ གཏོར་མ་དམ་ཚིག་ཟོར་གྱི་

p. 457

དཔུང་ཚོགས་རྣམས༔ གཏུམ་ཆེན་རྔམ་བརྗིད་དྲག་པོའི་སྐུར་བཞེངས་ལ༔ མ་རུངས་དྲེགས་ཚོགས་དཔུང་གི་སྣ་དྲངས་ནས༔ མེ་རླུང་མཚོན་ཆ་དྲག་པོ་ཐོག་ལྟར་རྒྱོབས༔ དམ་ཉམས་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ འབེབས་སུམ་བརྡུང་། ཨེ་ཧུར་ཐུཾ་དགྲ་བགེགས་མཱ་ར་ཡ་ཕཊ༔ མེ་སྒྲོན་དང་བཅས་ཟོར་དུ་འཕང་༔ ཐལ་མོ་བརྡབ་ཅིང་ལྷ་རྒྱལ་འབོད༔ བཤལ་ཆུས་བརྟན་མ་སྐྱོང་བ་ནི༔ ཧཱུྃ་ཧྲཱི༔ མཁའ་དབྱིངས་དབང་གི་མ་མོ་བརྟན་མ་དང་༔ འཇིག་རྟེན་བོད་ཡུལ་སྐྱོང་མ་ཡ་མ་བཅས༔ མིང་པོ་དགེ་བསྙེན་ཉེར་གཅིག་སྤུན་ཟླའི་ཚོགས༔ གཙང་སྦྱར་བཤལ་ཆུ་བདུད་རྩིའི་གཏོར་མ་དང་༔ མཐུན་རྫས་འདོད་ཡོན་མཆོད་པ་འདི་བཞེས་ལ༔ སྦས་ཡུལ་རུ་བཞིའི་སོ་མཚམས་སྲུང་བ་དང་༔ བོད་ཡུལ་ནད་མཚོན་དུས་འཁྲུགས་ཞི་བར་མཛོད༔ མཐུན་ཕྱོགས་ཡོན་ཏན་དཔལ་གྱིས་མཐོ་བ་དང་༔ དུས་ཀྱི་ཆར་འབེབས་

p. 458

འབྲུ་ཕྱུགས་འཕེལ་ཞིང་རྒྱས༔ གསང་གཏེར་སྙིང་པོའི་བསྟན་པ་དར་བར་མཛོད༔ དེར་འཛིན་མཆོག་རྣམས་ཚེ་སྲིང་འགྲོ་དོན་སྤེལ༔ དམ་ལྡན་རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང་༔ མངའ་ཐང་སྙན་པའི་བ་དན་དགུང་ལ་ཕྱོར༔ ཅི་བསམ་ཕྲིན་ལས་འགྲུབ་པའི་གྲོགས་མཛོད་ཅིག༔ ཕུད་དང་གཏོར་མ་ནམ་མཁར་མཆོད༔ གཏོར་སྣོད་ཁ་སྦུབ་བྲོ་མནན་བྱ༔ ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག༔ ནྲྀ་ཏྲི་ཛཿ ཛཿཧཱུྃ་བྃ་ཧོ༔ འགུགས་རོལ་དགུ་བརྡུང་འདེབས། ཧཱུྃ་བྷྱོ༔ འཁྲུལ་རྟོག་གཟུང་འཛིན་མཚན་མའི་དགྲ་བགེགས་ཚོགས༔ སྐྱེ་མེད་སྟོང་ཆེན་ཨེ་དབྱིངས་ཀློང་དུ་གྲུབ༔ མི་ཤིགས་འོད་གསལ་སྣང་བའི་ཕྱག་རྒྱས་མནན༔ བར་ཆད་འབྱུང་པོའི་ཚོགས་རྣམས་རྡུལ་དུ་བརླག༔ མི་སྲུན་གདུག་པའི་བདུད་རྣམས་

p. 459

དམྱལ་ཐག་གཅོད༔ ཐར་མེད་འཆི་བདག་ནག་པོའི་ལྟོ་བ་རུ༔ ཉོན་མོངས་ལས་ངན་སྟོབས་ནི་ཡུན་རིང་ཀྱང་༔ རིག་སྔགས་སྙིང་རྗེས་གཟིར་ཏེ་རབ་ཏུ་སྦྱང་༔ དར་དྲག་མྱུར་དུ་ལྡང་བའི་སྐབས་མེད་ཅིང་༔ བྱང་སེམས་མ་སྐྱེས་བར་དུ་རྒྱས་གདབ་བོ༔ འབེབས་སུམ་བརྡུང་དབྱངས། ཧཱུྃ་ཧྲཱི༔ ཤར་དུ་མེ་ལོང་ཡེ་ཤེས་གླུ་དབྱངས་ལེན༔ ཞེ་སྡང་རྡོ་རྗེ་མཁའ་འགྲོའི་བྲོ་ར་ཟླུམ༔ ལྷོ་རུ་མཉམ་ཉིད་ཡེ་ཤེས་སྒྲ་དབྱངས་གསལ༔ ང་རྒྱལ་རིན་ཆེན་མཁའ་འགྲོའི་བྲོ་ར་བརྗིད༔ ནུབ་ཏུ་སོར་རྟོགས་ཡེ་ཤེས་བཞད་སྒྲ་སྙན༔ འདོད་ཆགས་པདྨ་མཁའ་འགྲོའི་བྲོ་ར་མཛེས༔ བྱང་དུ་བྱ་གྲུབ་ཡེ་ཤེས་རྔམ་སྒྲ་ལྡིར༔ ཕྲག་དོག་ལས་ཀྱི་མཁའ་འགྲོའི་བྲོ་ར་འཇིགས༔ དབུས་ན་ཆོས་དབྱིངས་ཡེ་ཤེས་རྒྱང་གླུ་སྒྲོགས༔ གཏི་མུག་དེ་བཞིན་མཁའ་འགྲོའི་བྲོ་ར་འཐིབས༔ ཐབས་དང་ཤེས་རབ་རྐང་པའི་བྲོ་ཆེན་བརྡུང་༔

p. 460

འཛིན་པ་ཕོ་གདོན་གཡས་ཀྱི་ཞབས་སུ་མནན༔ གཟུང་བ་མོ་གདོན་གཡོན་གྱི་ཞབས་སུ་མནན༔ གཏི་མུག་ཀླུ་གདོན་ཟུང་འཇུག་དབུས་སུ་བཅུག༔ བདག་འཛིན་དགྲ་བགེགས་བདག་མེད་སྟོབས་ཀྱིས་མནན༔ ངར་འཛིན་འཁོར་བ་རང་རིག་དབྱིངས་སུ་འདུལ༔ འཁོར་འདས་ཡེ་གྲོལ་དོན་གྱི་གླུ་བླངས་པས༔ ཀ་དག་ལྷུན་གྲུབ་བྲོ་ཆེན་མཐར་ཕྱིན་གྱུར༔ འབེབས་རོལ་འཇོག །ནྲྀ་ཏྲི་ཀཱ་ཝཱ་ཙི་སྟམྦྷ་ཡ་ཨེ་ཡྃ་རྃ་བྃ་ལྃ་སུྃ་མཱ་ར་ཡ་ནན༔ བདག་ཅག་མཆོག་གྲུབ་ཚེ་བསོད་རྒྱས། །དཔལ་འབྱོར་བདེ་ལེགས་གང་གྱུར་ཅིག །མཆན། དེ་ལྟར་ཚོགས་ཀྱི་ལས་རིམ་འགྲུབ༔ འདི་ལྟར་སྤྱོད་པའི་སྐལ་ལྡན་རྣམས༔ གནས་སྐབས་ཚེ་རིང་ལོངས་སྤྱོད་རྒྱས༔ བར་ཆད་གྲོལ་ནས་ཅི་བསམ་པའི༔ བསོད་ནམས་འབད་མེད་ལྷུན་གྱིས་གྲུབ༔ མཐར་ཐུག་ཡེ་ཤེས་ཚོགས་ཆེན་རྫོགས༔ མཁའ་འགྲོ་རྣམས་ཀྱིས་རྗེས་བཟུང་ནས༔ བླ་མེད་ས་ལམ་བསྒྲོད་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུན་མོང་རྗེས་ཀྱི་རིམ་པ་ལ༔ ༈ དངོས་གྲུབ་བསྐུལ་

p. 461

ཞིང་ལེན་པ་ནི༔ ཧཱུྃ་ཧྲཱིཿ ད་ནི་དངོས་གྲུབ་སྒྲུབ་པའི་ཞག་གྲངས་རྫོགས༔ རླུང་སྔགས་གསུང་གི་ཡི་གེ་གྲངས་སུ་ཐེམས༔ ཏིང་འཛིན་ཐུགས་ཀྱི་འོད་གསལ་ཀློང་དུ་གྱུར༔ གསལ་རྫོགས་ལྷ་ཡི་སྣང་ཆ་ཕྱག་རྒྱས་ཐེབས༔ རྡོ་རྗེ་སྲིན་པོའི་ནམ་ལངས་དང་ཉེ་བས༔ ཉི་མ་ཤར་བར་མ་གྱུར་དངོས་གྲུབ་བསྐུལ༔ ཐུགས་དམ་མཆོག་དེ་མྱུར་བར་དུས་ལ་བབ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ དམིགས་ཐུན་འདི་ལ་འགྲུབ་པར་མཛད་དུ་གསོལ༔ སྟན་ཐོག་འདི་ལ་གྲོལ་བར་མཛད་དུ་གསོལ༔ ཡུད་ཙམ་ད་ལྟ་ཉིད་དུ་སྨིན་པར་མཛོད༔ ཐང་ཅིག་མ་ཡིན་ཡུན་དུ་ཞལ་མཐོང་ཞིང་༔ སྐད་ཅིག་སྦྱོར་བས་གཏན་དུ་འདུ་འབྲལ་མེད༔ ཇི་སྲིད་མི་གཏང་ཚེ་རབས་ལྷ་མཆོག་ཁྱོད༔ མི་ཕྱེད་གསང་བའི་དངོས་གྲུབ་ད་སྩོལ་ཅིག༔ ཧཱུྃ་ཧྲཱིཿ བཅོམ་ལྡན་བདེ་ཆེན་ཡེ་ཤེས་ཌཱ་ཀིའི་ཚོགས༔ མཁའ་

p. 462

དབྱིངས་བདེ་ཆེན་འཁྱིལ་བའི་ཀློང་ཡངས་ནས༔ བྱིན་ཆེན་སྐུ་ཡི་དངོས་གྲུབ་ལུས་ལ་སྩོལ༔ འཇའ་ལུས་འོད་སྐུ་མཁའ་སྤྱོད་འགྲུབ་པར་མཛོད༔ འདུ་འཕྲོའི་རྫས་མཆོག་གསུང་གི་དངོས་གྲུབ་སྩོལ༔ ངག་ནི་སྔགས་ཀྱི་འཁོར་ལོ་གསུང་གི་དབྱངས༔ དམ་པའི་བདུད་རྩིའི་འགྲོ་དོན་འགྲུབ་པར་མཛོད༔ བདེ་ཆེན་སྦྱོར་བས་འཁོར་འདས་ཞུ་བདེ་མྱོང་༔ དྭངས་བཅུད་སྟོབས་ཀྱི་དངོས་གྲུབ་སེམས་ལ་སྩོལ༔ བདེ་སྟོང་ཟུང་འཇུག་ཇི་ལྟ་ཇི་སྙེད་མཁྱེན༔ བདག་མེད་མཐའ་བྲལ་ཡུམ་མཆོག་འགྲུབ་པར་མཛོད༔ གཟི་བརྗིད་དཔལ་འབར་སྐུ་ཡི་དངོས་གྲུབ་དང་༔ ཡན་ལག་དྲུག་ཅུ་ཚངས་དབྱངས་སྒྲོགས་པའི་གསུང་༔ མི་གཡོ་འཁྲུལ་མེད་ཐུགས་ཀྱི་ཏིང་ངེ་འཛིན༔ ཡོན་ཏན་ལྷུན་རྫོགས་འདོད་འབྱུང་ནོར་བུའི་གཏེར༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་འཁོར་ལོས་སྒྱུར༔ གྲོལ་བ་བཞི་ལྡན་སྲིད་ཞི་

p. 463

ཡོངས་ཀྱི་དཔལ༔ རྒྱལ་ཀུན་ཡེ་ཤེས་མི་ཟད་བྲི་གང་བྲལ༔ སྐུ་ལྔ་ཡོངས་རྫོགས་དངོས་གྲུབ་དུས་འདིར་སྩོལ༔ རང་རང་རྩ་སྔགས་ཤམ་བུ་རུ༔ ཀཱ་ཡ་སིངྔྷི་ཨོཾ༔ ཝཱཀྐ་སིངྔྷི་ཨཱཿ ཙིཏྟ་སིངྔྷི་ཧཱུྃ༔ ལྷ་བསྟིམ་རྫས་མྱོང་བདེ་ཆེན་སྤེལ༔ རྒྱས་པར་རྟེན་རྫས་ཡོངས་རྫོགས་ཀྱི༔ སྒྲུབ་པའི་དབང་བསྐུར་དག་ཀྱང་བླངས༔ རྗེས་ཀྱི་གཏང་རག་མཆོད་བསྟོད་བྱ༔ རྔ་འོག་ཧྲུག་འདོན། ཧྲཱི༔ རང་ལས་ཡེ་ཤེས་འཕྲུལ་གྱི་མཆོད་པའི་སྤྲིན༔ ཡོན་ཆབ་ཞབས་བསིལ་མཛེས་པའི་མེ་ཏོག་དང་༔ དྲི་ཞིམ་སྣང་བ་གསལ་བྱེད་རེག་བདེའི་བྱུག༔ འཚོ་བའི་ཟས་མཆོག་དགའ་བའི་བསྟོད་སྔགས་དབྱངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་རྩོལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་བཛྲ་ཨརྒྷཾ་སོགས་ནས་ཤབྟ་པྲ་ཏཱིཙྪ་པཱུ་ཛ་སྭཱ་ཧཱ༔ མ་ཧཱ་པཉྕ་ཨྲྀ་ཏ་བ་ལིངྟ་ཁཱ་ཧི༔ ཞེས་པས་མཆོད་ཅིང་བསྟོད་པ་ནི༔ ཧྲཱི༔ བདེ་བ་ཆེན་པོ་རང་སྣང་ཡེ་ཤེས་འཕྲུལ༔ སྣ་ཚོགས་ཟུང་འཇུག་སྐུ་ལྔའི་རང་མདངས་ནི༔ ཅིར་ཡང་

p. 464

ཤར་བ་བདེ་ཆེན་མཁའ་འགྲོའི་ཚུལ༔ སྲིད་ཞིའི་ཡུམ་གཅིག་རྣལ་འབྱོར་མ་ལ་བསྟོད༔ འབེབས་རོལ་འཇོག །ལྷག་ཆད་ཁ་བསྐང་བཟོད་གསོལ་ནི༔ ཧོཿ དཀྱིལ་འཁོར་ཆོ་གའི་བྱ་བ་ཏིང་ངེ་འཛིན༔ ཉམས་དང་ལྷག་ཆད་འགལ་འཁྲུལ་གང་མཆིས་ཚོགས༔ མ་སྐྱེས་མི་དམིགས་དོན་དམ་ངང་དུ་བཞག༔ སྒྲིབ་མེད་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་སྤྱི་ཁྲུས་ལན་གསུམ་བརྗོད༔ ཡེ་ཤེས་བརྟན་པར་བཞུགས་པའི་ཕྱིར༔ འཇིག་རྟེན་ཇི་སྲིད་ནམ་མཁའ་གནས་ཀྱི་བར༔ དེ་སྲིད་སེམས་ཅན་ཀུན་དོན་རབ་བསྒྲུབ་ཕྱིར༔ ཡེ་ཤེས་དཀྱིལ་འཁོར་ལྷ་རྣམས་རྟེན་འདི་ལ༔ བརྟན་པར་བཞུགས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཡང་ན་ཡེ་ཤེས་མཁའ་འགྲོ་སོ་སོར་གཤེགས༔ སྣོད་བཅུད་འོད་ཞུ་བདག་ཉིད་ལྷ་ལ་ཐིམ༔ སྣང་བ་མས་ཀྱི་ཆ་རྣམས་ལྟེ་བར་བྃ༔ སྟོང་པ་ཡས་ཀྱི་ཆ་རྣམས་སྤྱི་བོར་ཨེ༔ ཟུང་འཇུག་བློ་འདས་ཆེན་

p. 465

པོར་ཁྱབ་པར་བརྡལ༔ ཨ་ཧྃ༔ སླར་ཡང་རིག་རྩལ་རྡོ་རྗེ་རྣལ་འབྱོར་མ༔ སྒོ་གསུམ་བྱིན་རླབས་སྤྱི་བོར་ཧཱུྃ་ལྗང་གུ༔ མགྲིན་པར་མཾ་དཀར་སྙིང་གར་ཡྃ་སྔོན་པོ༔ སྨིན་མཚམས་ཧྲཱིཿསེར་ཡན་ལག་ཀུན་ལ་ཕཊ༔ ནག་པོའི་ཚོགས་བཅས་གོ་ཆའི་ཡི་གེས་གཏམས༔ གཞོམ་མེད་ཟུང་འཇུག་སྐུ་ཡིས་འགྲོ་དོན་སྤྱོད༔ ཨོཾ་ཨཱཿཧཱུྃ༔ རྫོགས་རིམ་ལྷར་ལྡང་ཐུན་མོང་སྟེ༔ ཡང་ན་མཁའ་སྤྱོད་རྫོགས་རིམ་སྦྱར༔ གར་ཟིན་ནང་གི་སྨོན་ལམ་བླ་མ་ཡི་དམ་མམ་མཁའ་སྤྱོད་སྨོན་ལམ་གང་འོས་བྱ། ༈ དེ་ནས་སྤྲོ་ན་སྔ་འགྱུར་བའི་མཁས་གྲུབ་རྣམས་ཀྱི་ཕྱག་བཞེས་ལྟར་སློབ་དཔོན་ནས་བསྔོ་བའི་ཡོན་བཤད་མཛད་ཅིང་གང་ལྟར་བསམ་འདུན་རྩེ་གཅིག་པས། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ༔ དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང་༔ དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས༔ བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་

p. 466

བར༔ རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་༔ སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན༔ དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག༔ དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན༔ རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ༔ དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད༔ དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག༔ ཅིར་སྣང་སྒྱུ་འཕྲུལ་དྲ་བའི་འཁོར་ལོར་རྫོགས༔ གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ༔ སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས༔ བདེ་ཆེན་འདུ་འབྲལ་མེད་པར་མངོན་འགྱུར་ཤོག༔ ཉམས་ཆག་རྟོག་སྒྲིབ་མ་སྤངས་རང་སར་དག༔ ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང་༔ གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ༔ ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག༔ ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས༔ དམ་ཚིག་ཆེན་པོ་

p. 467

སྤང་བླང་མཚན་མ་དག༔ ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ༔ རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག༔ བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས༔ སྒྱུ་འཕྲུལ་དྲ་བའི་ལམ་གསང་སེམས་ལ་རྫོགས༔ ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག༔ ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཅིང་༔ མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་སེལ་ཞིང་༔ ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག༔ རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་༔ བསྟན་འཛིན་རྣམས་ཀྱིས་བཞེད་པའི་དོན་ཀུན་འགྲུབ༔ མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་༔ ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག༔ གཞུང་གི། སྒོ་གསུམ་དགེ་ཚོགས་དུས་གསུམ་བསགས་ཡོད་ཀུན༔

p. 468

འཁོར་གསུམ་དམིགས་མེད་ཁམས་གསུམ་ཡོངས་སྒྲོལ་ཕྱིར༔ རིགས་གསུམ་གདུལ་བྱ་རྡོ་རྗེ་གསུམ་དུ་སྨིན༔ སྐུ་གསུམ་མངོན་གྱུར་གདུལ་བྱའི་དཔལ་དུ་ཤོག༔ ཅེས་བསྔོ་སྨོན་བྱའོ།། སྨོན་ལམ་བཏབ་ཅིང་ཤིས་པ་བརྗོད༔ རྔ་འོག །ༀ༔ སྐུ་ཡི་བཀྲ་ཤིས་མཚན་དང་དཔེ་བྱད་ལྡན༔ བདེ་ཆེན་ཉམས་ཀྱི་ལང་ཚོ་གར་དགུར་བསྒྱུར༔ སྤྲུལ་སྐུ་ཁྲོ་མོའི་ཚུལ་གྱིས་འགྲོ་དོན་མཛད༔ བདུད་དགྲ་འདུལ་བྱེད་ཁྲོ་མོའི་བཀྲ་ཤིས་ཤོག༔ ཨཱཿ གསུང་གི་བཀྲ་ཤིས་ཚངས་དབྱངས་དྲུག་ཅུར་ལྡན༔ ཡན་ལག་བཅུ་གཉིས་ཐེག་མཆོག་ཆོས་སྒྲ་སྒྲོགས༔ ལོངས་སྐུ་བདེ་ཆེན་ཉམས་བརྒྱས་སྣང་སྲིད་སྒེག༔ རྟོག་མེད་ཕག་ཞལ་ཡུམ་གྱི་བཀྲ་ཤིས་ཤོག༔ ཧཱུྃ༔ ཐུགས་ཀྱི་བཀྲ་ཤིས་མཐའ་བྲལ་བློ་ལས་འདས༔ དབུས་ལ་མི་དམིགས་ཟུང་འཇུག་ཆེན་པོའི་ཀློང་༔ ཆོས་སྐུ་བདེ་གཤེགས་ཐམས་ཅད་སྐྱེད་པའི་མ༔ མཁའ་དབྱིངས་ཡེ་ཤེས་ཌཱ་ཀིའི་བཀྲ་

p. 469

ཤིས་ཤོག༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སྒོ་གསུམ་དམ་ཚིག་ལྡན་པའི་རྣལ་འབྱོར་ལ༔ སྐད་ཅིག་འདུ་འབྲལ་མེད་པའི་བརྩེ་གདུང་གིས༔ མཆོག་ཐུན་དངོས་གྲུབ་སྟེར་བའི་བཀྲ་ཤིས་ཤོག༔ ཐེང་༣འབེབས་རོལ་འཇོག་བཅས་སོ། །དེ་དག་ཟུར་ཙམ་ལས་རྒྱས་པར་གར་ཟིན་ལྟར་གཟིགས་པར་ཞུ། ཤིས་བརྗོད་མེ་ཏོག་ཆར་དུ་བསྙིལ༔ དེ་ལྟར་ཟབ་དོན་ཀུན་གྱི་ཆིངས༔ སྐུ་གསུམ་བདེཆེན་མཁའ་འགྲོ་མའི༔ དགའ་སྟོན་ཚོགས་དང་རྗེས་ཀྱི་རིམ༔ ད་ལྟ་དང་ནི་མ་འོངས་དོན༔ མཐར་ཆགས་འཇུག་བདེར་ཁྲིགས་སུ་བསྡེབས༔ འདི་ལྟར་སྤྱོད་པའི་སྐལ་ལྡན་ཀུན༔ གནས་སྐབས་སམ་ནི་མཐར་ཐུག་གི༔ ཐུན་མཆོག་ལས་ཀྱི་དངོས་གྲུབ་ནི༔ ཡིད་ལ་གང་བསམ་འབད་མེད་འཇོ༔ དོན་གཉེར་བསྒྲུབ་ན་སྨོས་ཅི་དགོས༔ དེ་ཕྱིར་བརྩོན་པས་ཡང་དག་བླང་༔ ས་མ་ཡ༔ ཤོག་སེར་ཇི་ལྟར་འཁྲུལ་མེད་དུ་ཞལ་བཤུ་བགྱིས་པའོ། །བཀྲ་ཤིས། །དགེའོ།། །།

ཌཱ་ཀིའི་ཚོགས་གླུ་པདྨའི་བཞད་སྒྲ། བདེ་ཆེན་འབར་བའི་རྡོ་རྗེ།

p. 470
p. 471

ཌཱ་ཀིའི་ཚོགས་གླུ་པདྨའི་བཞད་སྒྲ་བཞུགས་སོ། །ན་མོ་གུ་རུ་སརྦ་ཌཱ་ཀི་ནཱི་ཡེ། མཁའ་དབྱིངས་དག་པ་ཨོ་རྒྱན་འོག་མིན་གྱི་ཞིང་མཆོག །རིག་འཛིན་ལྷུན་གྲུབ་ངེས་པ་ལྔ་ཕྲག་དང་ལྡན་པའི། །རྡོ་རྗེ་བཙུན་མོའི་བདེ་ཀློང་ཡངས་པ་ཡི་ཞིང་དེར། །བཀའ་དྲིན་སུམ་ལྡན་རིགས་བདག་མི་མཆོག་གི་བླ་མ། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཚོགས་དཔོན་ལ་བྱོན་དང་། །དགའ་ཆེན་བདེ་ལ་དགྱེས་པའི་ཧེ་རུ་ཀ་དཔལ་གྱི་ཚོགས་རྣམས། །ལྷན་སྐྱེས་གཞོན་ནུའི་བདེ་གར་གཟིགས་མོ་ལ་ཕེབས་ཤོག །ལྷ་མིའི་བཟའ་

p. 472

བཅའ་ཟག་མེད་མེ་ཏོག་གི་ཟིལ་མངར། །རྐང་དྲུག་ལང་ཚོ་དར་བའི་དགའ་སྟོན་ལ་འགྱེད་དོ། །གནས་གསུམ་མཁའ་ལ་རྒྱུ་བའི་འདབ་ཡངས་ཀྱི་ངང་མོ། །བདེ་བའི་འཇུག་ངོགས་བརྒྱད་ལྡན་དབྱར་མཚོ་ལ་ཕེབས་དང་། །སྒོང་སྐྱེས་གཞོན་ནུའི་ངང་ཕྲུག་ལུས་རྩལ་འདི་རྒྱས་འོང་། །ཟག་མེད་བདེ་བ་ཆེན་པོའི་སྦྱོར་སྒྲོལ་གྱི་ཚོང་འདུས། །དགའ་ཆེན་དཔའ་བོ་དཔའ་མོ་ཚོགས་པ་ཡི་སྟོན་མོ། །འཕོ་མེད་བདེ་བ་ཆེན་པོའི་རོལ་གར་གྱི་ཉམས་འགྱུར། །རྣལ་འབྱོར་མཆེད་ལྕམ་འདུས་པའི་དམ་ཚིག་ལ་དགོངས་ཤིག །སྟེང་གནས་གར་བསྒྱུར་བདུད་རྩི་བཅུ་དྲུག་གི་གར་སྟབས། །དམ་ཚིག་མཁའ་འགྲོ་བདེ་བའི་རཀྟ་ཡི་འཕྲོ་འདུ། །དཀར་དམར་ལྷན་ཅིག་རྩེ་བའི་བདེ་ཆེན་གྱི་རོ་མཆོག །ཟག་མེད་དགའ་བཞིའི་རྩེ་གར་ཚོགས་ཁང་འདིར་སྒྱུར་ཤོག །གཟུང་འཛིན་གསང་གསུམ་འགྲོས་ཀྱིས་དབུ་མ་

p. 473

རུ་སྡུད་ཅིང་། །འཁྲུལ་རྟོག་གཡུལ་ཆེན་གཞོམ་པའི་སྙིང་སྟོབས་དང་ལྡན་པས། །རྣམ་སྣང་བདེ་སྤྱོད་ཌཱ་ཀིའི་ལང་ཚོ་འདི་ངོམ་ཤོག །ས་གསུམ་དཔའ་བོ་དཔའ་མོ་མཁའ་འགྲོ་ཡི་དབུས་ན། །མི་འཇིགས་བརྒྱད་དང་སེང་གེས་བཏེགས་པ་ཡི་བ་གམ། །དཀར་དམར་བདུད་རྩི་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་ན། །བཀའ་དྲིན་སུམ་ལྡན་རྡོ་རྗེ་འཆང་ཆེན་དེ་བཞུགས་ཡོད། །བདེ་ཆེན་མཆོག་གི་ཚོགས་མཆོད་དམ་པ་འདི་འབུལ་ཞིང་། །འདུས་པ་རྒྱས་པའི་ཞབས་བྲོ་བཟང་པོ་འདི་འཁྲབ་བོ། །ཨ་ལ་ལ་ཧོཿ ཞེས་པའང་པདྨའི་སྒྲུབ་སྡེའི་འདུས་པ་རྣམས་ཀྱི་ཐུགས་བཞེད་ལྟར། བདེ་ཆེན་འབར་བའི་རྡོ་རྗེས་ཕུལ་བ་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ་ཤྲཱི་བྷ་ཝནྟུ།། །།

མཁའ་སྤྱོད་ཞིང་དུ་སྐྱེ་བའི་སྨོན་ལམ་གཉིས་སྐྱེས་ཡེ་ཤེས་མཁའ་འགྲོའི་ལམ་གླུ། བདེ་ཆེན་འབར་བའི་རྡོ་རྗེ།

p. 474
p. 475

༄༅། །མཁའ་སྤྱོད་ཞིང་དུ་སྐྱེ་བའི་སྨོན་ལམ་གཉིས་སྐྱེས་ཡེ་ཤེས་མཁའ་འགྲོའི་ལམ་གླུ་ཞེས་བྱ་བ་བཞུགས་སོ། །

p. 476

ན་མོ་གུ་རུ་ཌཱ་ཀི་ནི་ཡེ། འདི་ནས་ཉི་མ་ལྷོ་ནུབ་རྒྱ་མཚོའི་གླིང་། །གསེར་གྱི་ས་གཞི་སྡོང་བུ་བཙུགས་པ་བཞིན། །རིན་ཆེན་རི་རབ་ཆོས་ཀྱི་འབྱུང་གནས་དབྱིབས། །བ་གམ་འཕང་ནི་དཔག་ཚད་དྲུག་ཁྲི་དང་། །རྒྱ་ནི་ཚད་མེད་རི་གླིང་བསམ་ལས་འདས། །དེ་ཡི་མིང་ནི་ཨོ་ཊཱི་ན་ཡ་ཏེ། །གྲངས་མེད་གོང་ནས་རྒྱལ་བ་རིག་འཛིན་གྱི། །ཚོམ་བུ་རྟེན་གཞི་བཅས་པ་འོད་ཀྱི་སྐུར། །ལན་གཅིག་མ་ཡིན་གྲངས་ལས་འདས་པར་བརྙེས། །དེ་ཡི་ཤུལ་དུ་ཀླུ་ཡི་མཁའ་འགྲོ་རྣམས། །དག་པའི་སྐྱེ་བ་མང་པོ་

p. 477

གནས་དེ་བཟུང་། །ནམ་ཞིག་རྡོ་རྗེ་འཆང་གི་སྨོན་ལམ་མཐུས། །ཨོ་རྒྱན་ཞེས་བྱ་འོག་མིན་དག་པའི་ཞིང་། །བཻ་ཌཱུར་ས་གཞི་གསེར་གྱི་མིག་མང་རིས། །གཡུ་ཡི་སྤང་ལྗོངས་རིན་ཆེན་སྣ་ཚོགས་རི། །ཙནྡན་ཨ་གར་ལྷ་ཡི་ལྗོན་ཤིང་རིགས། །བདུད་རྩིའི་རྫིང་བུ་ཡན་ལག་བརྒྱད་ལྡན་ཆུ། །མཛེས་གཟུགས་བྱ་དང་གཅན་གཟན་རི་དྭགས་རིགས། །ཐམས་ཅད་བྱང་ཆུབ་སེམས་དང་ཏིང་འཛིན་ལྡན། །ནམ་མཁའི་འཇའ་སྤྲིན་འོད་ལྔའི་ཐགས་སུ་བྲིས། །བདུད་རྩིའི་ཆར་འབེབས་ཡེ་ཤེས་ཉི་ཟླ་

p. 478

གསལ། །སྒྲ་རྣམས་མ་ལུས་ཆོས་དབྱངས་སྙན་པར་སྒྲོགས། །རླུང་གི་བཞིན་རས་དྲི་བཟང་འཚུབ་མར་གཡོ། །སྟེང་ན་རིག་འཛིན་བླ་མ་སྐར་ལྟར་བཀྲ། །ཡི་དམ་ལྷ་ཚོགས་བར་སྣང་འཇའ་ལྟར་ཤར། །དེ་ལྟའི་ཞིང་མཆོག་རིན་པོ་ཆེ་ཡི་རྡོ། །ཨརྨ་གརྦྷའི་ཆོས་འབྱུང་དཔག་ཚད་བཅུར། །ཡེ་ཤེས་འཕྲུལ་གྱི་གྲོང་ཁྱེར་ཉམས་དགའི་དབུས། །ཕྱི་ནང་སྒྲིབ་མེད་འོད་ཀྱི་གཞལ་ཡས་ཁང་། །ས་བདུན་འཕགས་པས་ཟུར་བཞི་ལོགས་བརྒྱད་དང་། །ས་བཅུའི་མགོན་པོའི་ཆོས་འབྱུང་ཟུར་གསུམ་དབྱིབས། །རྩ་བ་ཕྲ་ལ་ཁ་ཁྱེར་ཡངས་པའི་ཚུལ། །ཕྱི་དཀར་ནང་དམར་ཆོས་འབྱུང་མཐིང་འོད་འབར། །མི་གཡོ་སྲ་བརྟན་ཕ་ལམ་རྡོ་རྗེའི་རྨིང་། །ཁ་དོག་ལྔ་ལྡན་རིགས་ལྔའི་རང་རྟགས་ཀྱི། །རྩིགས་པ་ཕ་གུ་རྟ་བབས་བཅུ་གཅིག་སྒོ། །འདོད་པའི་སྣམ་བུར་ལྷ་དང་ལྷ་མོས་སྒེག །སྣ་ཚོགས་འདོད་ཡོན་ཉེ་

p. 479

བར་སྤྱོད་པ་འཕྲོ། །བྲེ་ཕུལ་མུན་པའི་ཁྱིམ་དུ་མེ་ཏོག་དང་། །རིན་ཆེན་དར་གྱི་ལྡ་ལྡི་དྲྭ་བ་མཛེས། །ཟླ་བ་རླུང་བསྐྱོད་དྲིལ་བསིལ་སྙན་པ་སྒྲོགས། །གསེར་གདུང་ལྷ་ཤིང་ཤར་བུ་རིན་པོ་ཆེ། །པུ་ཤུ་སྣ་ཚོགས་པདྨའི་མདའ་ཡབ་ལྡན། །བཻ་ཌཱུའི་སྤང་ལེབ་འོད་འབར་ཀ་ན་ཀན། །རྒྱ་ཕིབས་ཁྲི་ཆེན་གསེར་གདུང་བཅུ་གསུམ་དང་། །ཆོས་ཀྱི་འཁོར་ལོས་ཐེག་པའི་སྒྲ་ཆེན་དང་། །བྱང་ཆུབ་སེམས་ལྡན་རི་དྭགས་ངང་པས་བརྟེན། །རྨ་བྱ་མེ་ཁ་ལེ་ཡི་ཤམ་བུ་དང་། །རླུང་གིས་བསྐྱོད་པའི་དར་དང་འཕན་ཕྲན་མཛེས། །ཕོ་བྲང་དེ་ཡི་ནང་དུ་འོད་ལྔའི་ཀློང་། །མ་ཆགས་པདྨ་འོད་གསལ་ཉི་ཟླ་དང་། །ཡེ་ཤེས་མཉམ་པ་ཉིད་ཀྱི་དབུགས་བྲལ་སྟེང་། །འཁོར་འདས་མ་ལུས་བསྐྱེད་པའི་ཡུམ་ཆེན་མོ། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་རང་རང་གི། །གདུལ་བྱའི་དབང་པོར་འཚམས་པའི་ཡེ་ཤེས་སྐུ། །

p. 480

གསང་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་ཕག་གདོང་དཀར་དང་དམར། །དབྱིངས་ཀྱི་སྒྱུ་མ་བདེ་ཆེན་མཁའ་ལ་སྤྱོད། །དཀར་དམར་ཡེ་ཤེས་དབྱིངས་ཀྱི་གཟུགས་ཅན་མ། །གཅིག་དང་དུ་མར་ཟློས་གར་ཚོམ་བུ་དང་། །སྣ་ཚོགས་ཅིར་ཡང་སྤྲུལ་པའི་ཉམས་འགྱུར་ཅན། །ཕྱི་ནང་སྒོ་མཚམས་ཁོར་ཡུག་འཁོར་ལོ་འཁོར། །སྒོ་ཡི་གཡས་གཡོན་བདུད་རྩིའི་རྫིང་བུ་ལ། །སྙན་པར་སྒྲོགས་པའི་བྱ་དང་རིན་པོ་ཆེ། །ནོར་བུ་འོད་ཟེར་འབར་དང་རཏྣའི་ཤིང་། །སྣ་ཚོགས་ར་བས་བསྐོར་དང་དྲྭ་བས་སྦྲེལ། །དྲིལ་བསིལ་སྒྲ་སྒྲོགས་ཤིང་ཆེན་ཞིང་སྐྱོང་གཟུགས། །སྣ་ཚོགས་བཀོད་ལེགས་བསམ་བརྗོད་ཡུལ་ལས་འདས། །ཡ་མཚན་མཆོག་གི་ཞིང་དེར་སྐྱེ་བར་ཤོག །འདི་ནས་བདེ་ཆེན་འཁོར་ལོའི་སྟེང་རོལ་དུ། །གོམ་གཅིག་འདོར་བ་མོས་པའི་ས་མཆོག་དེར། །ཚེ་འདིར་མོས་ཤིང་

p. 481

སྨོན་པའི་ཞིང་མཆོག་ཏུ། །བཟོད་མེད་ཡིད་ཀྱིས་འཕྲེང་བའི་བཅོམ་ལྡན་མ། །གཙོ་དང་འཁོར་ཚོགས་བཅས་པ་མངོན་མཐོང་ནས། །བྱེ་སྙེད་ལུས་སྤྲུལ་གུས་པས་འདུད་ཕྱག་འཚལ། །བསོད་ནམས་བྱེ་བའི་ལོངས་སྤྱོད་ཀུན་བཟང་སྤྲིན། །ལུས་དང་ལོངས་སྤྱོད་བཅས་ཏེ་མཆོད་པར་འབུལ། །འཇིག་རྟེན་འཇིག་རྟེན་འདས་པའི་ཁོར་ཡུག་རྣམས། །རྣམ་དག་ཞིང་དུ་སྤྲུལ་ཏེ་མོས་བློས་འབུལ། །ཐོག་མ་མེད་ནས་བཅས་དང་རང་བཞིན་གྱི། །ཉེས་ལྟུང་ཁ་ན་མ་ཐོའི་ལས་རྣམས་ཀུན། །འགྱོད་ཚངས་སླར་སྡོམ་སྟོབས་ཀྱིས་སྙིང་ནས་བཤགས། །ས་གསུམ་ཞིང་གི་རྡུལ་སྙེད་མཁའ་འགྲོ་མས། །འགྲོ་ཀུན་རྗེས་སུ་བཟུང་ལ་ཡི་རང་འབུལ། །དུས་གསུམ་དུས་མེད་ཀུན་ལ་ཡིད་དང་ལུས། །ཇི་སྙེད་མཆིས་ཀུན་རྗེས་སུ་བཟུང་བ་དང་། །རྨི་ལམ་འོད་གསལ་བར་དོ་སྒྱུ་མའི་ལུས། །བདག་

p. 482

སོགས་རྗེས་སུ་འཛིན་ཕྱིར་ཆོས་ཀྱི་སྒོ། །བསྒྲང་ཡས་བསྐལ་པ་རྒྱ་མཚོར་གསུང་སྙན་བསྐུལ། །མི་འགྱུར་རྟག་བརྟན་དུས་གསུམ་རྡོ་རྗེའི་སྐུ། །ཞིང་དང་བཀོད་པའི་འགྲོ་དོན་རྒྱུན་ཆད་མེད། །དུས་གསུམ་རྟག་ཏུ་ལྷུན་གྲུབ་བཞུགས་པར་གསོལ། །བདག་གིས་བསྐྱེད་སྔགས་རྗོགས་པའི་སྨོན་ལམ་མཐུས། །ལུས་རྟེན་འདི་ལ་གྲོལ་བའི་མཆོག་ཐོབ་ནས། །རྣམ་པར་དག་པ་འོག་མིན་མཁའ་སྤྱོད་ཞིང་། །དེ་རུ་འདུན་ཏེ་བླ་མ་མཁའ་འགྲོ་མཆོག །རྡོ་རྗེ་རྣལ་འབྱོར་མ་ཁྱོད་དྲན་པའི་མོད། །རྣམ་དག་མཁའ་འགྲོའི་ཞིང་དེར་བགྲོད་པར་ཤོག །ད་ལྟའི་ལུས་རྟེན་ཚེ་ཡི་ལྷག་མ་འདིར། །ལུས་ལ་ནད་མེད་སེམས་ཀྱི་སྡུག་བསྔལ་བྲལ། །གསང་བ་ཉོན་མོངས་བདག་འཛིན་རང་སར་གྲོལ། །ནང་གི་རྩ་རླུང་མཁའ་འགྲོའི་གྲོང་ཁྱེར་མཐོང་། །ཕྱི་ཡི་ལུས་གནས་ཉེར་བཞི་གནས་སོ་གཉིས། །གཞན་དུ་མ་

p. 483

དམིགས་རང་ལ་རྫོགས་པ་ཡི། །ཕྱི་ནང་དབྱིངས་གསུམ་གཅིག་ཏུ་འབྲེལ་བར་རྟོགས། །རེ་དོགས་བྲལ་བའི་ཡེ་ཤེས་ཆེ་འགྲུབ་ཤོག །སྒྱུ་མའི་ལུས་ལ་ཡེ་ཤེས་རླུང་གི་སེམས། །དག་པ་དྷཱུ་ཏིའི་ལམ་ནས་ཚངས་པའི་སྒོར། །འཕོ་ཚེ་འོག་མིན་དག་པའི་ཞིང་མཆོག་དེེར། །ཡེ་ཤེས་མཁའ་འགྲོའི་མཁའ་དབྱིངས་བདེ་ཆེན་ཀློང་། །ཐུགས་མཆོག་འོད་གསལ་ཆེ་དང་རོ་གཅིག་འདྲེས། །འདུན་པའི་སྨོན་ལམ་སྟོབས་འདི་འགྲུབ་པར་ཤོག །ལངྐའི་ཤིང་དང་སིནྡྷུའི་རྫས་མཆོག་ནི། །སྒྲུབ་པའི་རིག་སྔགས་ནུས་ཐོབ་རྟེན་འབྲེལ་དང་། །སྨོན་ལམ་བརྟུལ་ཞུགས་མཐུ་ཡིས་འབྲེལ་ཐོག་བཅས། །ལུས་ཅན་མཁའ་འགྲོའི་ཚུལ་གྱིས་ཚེ་འདི་ལ། །དགའ་འཁྱིལ་ཐིག་ལེའི་རྫས་ལ་བརྟེན་ནས་ནི། །ལུས་རྟེན་མ་སྤངས་ཨ་འཐས་དྲི་སྦྱངས་ནས། །སྤྲུལ་པའི་མཁའ་འགྲོས་འོག་མིན་མཁའ་སྤྱོད་དུ། །སྐད་ཅིག་

p. 484

རྩལ་ཆེན་མདའ་འཕང་ཇི་བཞིན་པར། །ཡེ་ཤེས་ཐུགས་ཀྱིས་བྱ་ལ་དར་བཏགས་བཞིན། །ཐོགས་མེད་དག་པའི་ཞིང་དེར་ཁྲིད་པར་ཤོག །དེ་རུ་ཤ་ལྔ་བདུད་རྩིའི་ལོངས་སྤྱོད་དང་། །སྦྱོར་དང་སྒྲོལ་བའི་བརྟུལ་ཞུགས་བླ་མེད་ཀྱིས། །སྤྱོད་པ་ཅིར་སྣང་ཀུན་ལ་དག་སྣང་གིས། །མཉམ་ཉིད་ཡེ་ཤེས་ཆེན་པོའི་རོལ་པ་ལས། །ཐེ་ཚོམ་གཙང་སྨེའི་རྟོག་པ་མེད་པར་ཤོག །གཙོ་མོས་རྗེས་བཟུང་ཡེ་ཤེས་གཅིག་ཏུ་རོལ། །གདུལ་དཀའ་འཁོར་བའི་རྗེས་བཟུང་བཟོད་དཀའ་བས། །སོམ་ཉི་མེད་པར་གཙོ་ལ་རབ་འདུན་ནས། །ཞལ་ཞུགས་འཁོར་ལོ་ལྔ་རུ་བྱིན་བརླབས་ནས། །སྲས་ཀྱི་ཐུ་བོ་ཉིད་དུ་འགྱུར་བར་ཤོག །འབྲེལ་འདྲེས་ཤུལ་གྱི་ཕ་མ་སེམས་ཅན་ཀུན། །བརྩེ་བས་མི་གཏོང་རྟག་ཏུ་སྲུང་ཞིང་སྐྱོབ། །ནམ་ཞིག་དག་པའི་ཞིང་དེར་ཁྲིད་པར་ཤོག །རྡོ་རྗེའི་རྣལ་འབྱོར་ལ་གཞོལ་ཆེ་འབྲིང་ཆུང་། །

p. 485

ཀུན་ལ་སྲུང་སྐྱོབ་བར་ཆད་སེལ་བར་ཤོག །ཕ་མ་མཆེད་ཟླ་དགྲ་གཉེན་བར་མ་ཀུན། །ཉེ་རིང་ཆགས་སྡང་མེད་པར་བརྩེ་ཞིང་བྱམས། །ནམ་ཞིག་མཁའ་དབྱིངས་མཁའ་འགྲོའི་གདུལ་བྱར་གྱུར། །ཀུན་ཀྱང་ཀུན་ཏུ་བཟང་མོ་མྱུར་འགྲུབ་ཤོག །ཞིང་དེའི་ཕྱི་རོལ་ཕྱོགས་མཚམས་ཐམས་ཅད་དུ། །གདུལ་དཀའ་ལོག་རྟོག་འདུལ་ཕྱིར་ཐབས་ཀྱི་སྒོ། །ཨོ་རྒྱན་ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེ། །ལུས་ཅན་རྒྱུ་བར་མི་བཟོད་འཇིགས་པའི་གནས། །ཉམས་པ་སྒྲོལ་བྱེད་ཁྲོ་བོ་ཁྲོ་མོ་དང་། །ཡེ་ཤེས་མཁའ་འགྲོའི་སྤྲིན་ལས་སྤྲུལ་པའི་ཞིང་། །དེ་མཐོང་འཇིགས་སྐྲག་སྣང་བ་མེད་པར་ཤོག །མཁའ་སྤྱོད་ཞིང་དུ་བགྲོད་དང་བགྲོད་འགྱུར་ཀུན། །བར་ཆད་སེལ་ཕྱིར་ཡེ་ཤེས་ཆོ་འཕྲུལ་ཏེ། །དེ་ལ་དད་ཅིང་འདུན་པ་སྐྱེ་བར་ཤོག །སྒོ་སྲུང་ཕྲ་མེན་ཕོ་མོ་ཐམས་ཅད་ལ། །མི་འཇིགས་མི་

p. 486

སྐྲག་དད་པས་སྒོ་དབྱེ་གསོལ། །ཡེ་ཤེས་ཕོ་བྲང་ནང་དུ་ཕྱིན་མ་ཐག །གཙོ་མོའི་ཞལ་མཐོང་ས་ཐོབ་དགའ་བ་མྱོང་། །གསང་གསུམ་རྡོ་རྗེའི་དབང་བསྐུར་སྒོ་གསུམ་སྨིན། །ཚེ་གཅིག་སྨོན་པའི་དོན་ཀུན་དེ་རུ་འགྲུབ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །དུས་གསུམ་བྱོན་པའི་རྒྱལ་བ་སྲས་བཅས་ཀྱིས། །ཀུན་ཏུ་བཟང་པོའི་སྨོན་ལམ་བཏབ་པ་ལྟར། །གེགས་མེད་མྱུར་དུ་འགྲུབ་པའི་མཐུན་སྦྱོར་དང་། །ཐུགས་བསྐྱེད་སྟོབས་ཀྱིས་སྨོན་ལམ་འགྲུབ་པར་ཤོག །ཨོཾ་དྷ་རེ་དྷ་རེ་བྷནྡྷ་རེ་སྭཱ་ཧཱ། ཏདྱ་ཐཱ། པཉྩནྡྲི་ཡ་ཨཱ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། འདི་ལ་འབྲེལ་ཚད་མཁའ་སྤྱོད་ཞིང་བགྲོད་པར། །བདག་གིས་སྨོན་ལམ་བཟང་པོ་ཡང་ཡང་བྱས། །ལུས་མ་སྤངས་པར་སྤྲུལ་སྐུའི་ཞིང་གི་ཆ། །སྦས་པའི་ཡུལ་ཕྱོགས་ཕྱིན་འདོད་ཐམས་ཅད་ཀྱིས། །འདི་ལ་བརྩོན་ཞིང་སྨོན་ལམ་འདེབས་པར་ཞུ། །དེ་སྐད་བུ་ཆུང་གཡུ་སྒྲ་སྙིང་པོ་ཡིས། །ཡང་་ཡང་ཨུ་ཚུགས་བྱས་ནས་བསྐུལ་བའི་ངོར། །མཁའ་འགྲོའི་དབང་ཕྱུག་

p. 487

འབར་བའི་རྡོ་རྗེ་ཡིས། །སྙིང་འདྲའི་གདམས་པ་སྙིང་གི་ལུང་པ་རུ། །དག་པའི་སྣང་བར་བཅས་ཏེ་སྨོན་པ་བཞིན། །ཀརྨ་བཀྲ་ཤིས་འགྱུར་མེད་སོར་མོའི་འཕྲུལ། །འཕང་འཕྲུལ་སྐྱེན་པའི་མདའ་བཞིན་བསྒྱུར་བས་ན། །དགེ་བས་འགྲོ་ཀུན་མཁའ་སྤྱོད་གནས་ཐོབ་ཤོག །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ། དགེའོ།། །།

གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས། མཆོག་གྱུར་བདེ་ཆེན་གླིང་པ།

p. 488
p. 489

༁ྃ༔ གསང་ཐིག་སྙིང་པོའི་སྐོར་ལས༔ རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་བཞུགས་སོ༔

p. 490

ན་མོ་བཛྲ་ཀུ་མཱ་རཱ་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕྲིན་ལས་སྙིང་པོར་བསྡུས་པ་ནི༔ སྐྱབས་ཡུལ་ཐམས་ཅད་མདུན་དུ་བསྒོམ༔ བླ་མ་དཀོན་མཆོག་གསུམ་རྣམས་དང་༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་ཐོབ་པར་བྱ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཧཱུྃ་གི་

p. 491

འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང་༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བསྒྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་༔ ཨཱ་རལླི་ཡི་སྒྲ་

p. 492

ཆེན་སྒྲོགས༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་དང་༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་ཕུང་དང་༔ བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང་༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང་༔ རིན་པོ་ཆེ་ཡི་རྩེ་བྲན་དང་༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང་༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ གཡས་པས་

p. 493

ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡོན་བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས༔ ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ལས༔ རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ ཡུམ་གྱི་མཁའ་གསང་པྃ་ཡིག་ལས༔ པདྨར་ཉི་མ་ཨཾ་གིས་མཚན༔ བདེ་བ་ཆེན་པོའི་དབྱིངས་སུ་རོལ༔ བ་སྤུ་རྡོ་རྗེ་ཕྱེད་པ་དང་༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སྙེམས་མ་གྲི་ཐོད་འཛིན་དང་འཁྲིལ༔ སྐྱིལ་

p. 494

ཀྲུང་བཞུགས་པའི་སྲོག་གི་གོར༔ རིན་ཆེན་ཆ་བརྒྱད་ཉི་ཟླའི་སྟེང་༔ རྡོ་རྗེ་སྔོན་པོའི་ལྟེ་བ་ལ༔ ཉི་མའི་སྟེང་དུ་ཧཱུྃ་མཐིང་ག༔ མཐའ་བསྐོར་འབྲུ་དགུ་རང་སྒྲར་བཅས༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནི༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་ཐོབ༔ བདེ་གཤེགས་བླ་མ་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་ཉམས་ཆག་བསྐངས༔ མཁའ་འགྲོ་ཆོས་སྐྱོང་འཁོན་པ་སྦྱངས༔ དྲེགས་པ་ཐམས་ཅད་ལས་ལ་བཙུད༔ བདུད་དང་དམ་སྲི་ཐལ་བར་བརླགས༔ འགྲོ་བའི་སྒོ་གསུམ་སྒྲིབ་པ་སྦྱངས༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོག་ཡེ་ཤེས་རོལ་པར་བསྒོམ༔

p. 495

རང་གི་སེམས་ཉིད་འདི་དག་ནི༔ རྡོ་རྗེ་གཞོན་ནུ་ཉིད་དུ་བལྟ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ ཅེས་བཟླས་ཐུན་མཚམས་གཏོར་མ་འབུལ༔ སྐབས་སུ་དཔལ་གྱི་གཏོར་མ་ནི༔ ལྷ་རུ་བསྒོམས་ལ་དབང་བླངས་ཏེ༔ དེ་ཡང་དང་པོ་མེ་ཏོག་འབུལ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང་༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ ཞེས་གསོལ་རང་ཉིད་ལྷ་རུ་བསྒོམ༔ གཏོར་མ་ལྷ་ཡི་གནས་གསུམ་ནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་གནས་གསུམ་ཐིམ་པ་ཡིས༔ སྒོ་གསུམ་སྒྲིབ་པ་མ་ལུས་སྦྱངས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་བསམ༔ ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་༔

p. 496

སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉེན་པོའི་སྒོ་ཕྱེས་ལ༔ གཟི་བརྗིད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ ཚངས་དབྱངས་གསུང་གི་དབང་མཆོག་ངག་ལ་སྩོལ༔ ངག་སྒྲིབ་ངག་མནན་དིག་ལྐུགས་བསལ་བ་དང་༔ དྲག་སྔགས་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྤྲོས་བྲལ་ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ ཡིད་སྒྲིབ་སྨྱོ་འབོག་བརྒྱལ་ནད་ཞི་བ་དང་༔ བདེ་ཆེན་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་བཟློག་པ་དང་༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ༔ སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་པས་དབང་བླང་གཏོར་འབུལ་ནི༔ རྃ་ཡྃ་ཁྃ་གིས་གཏོར་མ་

p. 497

བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་༔ བྷྲཱུྃ་ལས་བྷཉྫ་ཡངས་ཤིང་རྒྱ་ཆེའི་ནང་༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་༔ བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ༔ ཁ་ཆོད་ཉི་མ་ཟླ་བ་རྡོ་རྗེས་མཚན༔ མེ་རླུང་སྦྱོར་བས་བདུད་རྩི་ཞུ་ཞིང་ཁོལ༔ རླངས་པས་འཁོར་འདས་དྭངས་མའི་བཅུད་རྣམས་འདུས༔ རིགས་ལྔ་ཡབ་ཡུམ་སྐུར་གྱུར་བདེ་ཆེན་སྦྱོར༔ ཁ་ཆོད་བཅས་པ་བྱང་ཆུབ་སེམས་སུ་ཞུ༔ དམ་ཚིག་ཡེ་ཤེས་བདུད་རྩིར་གཉིས་མེད་འདྲེས༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོཿ ལག་པ་གཡས་ཕྱར་གཡོན་གདེངས་ཤིང་༔ མཐེབ་མཛུབ་སྦྲེལ་བའི་ཕྱག་རྒྱས་བརླབ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔

p. 498

ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པཱ་རི་ཝ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་གྲྀ་ཧྣནྟུ༔ མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་

p. 499

ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་གསང་བའི་མཆོད་པ་དང་༔ བདུད་རྩི་རཀྟ་གཏོར་མའི་མཆོད་པ་བཞེས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས༔ སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང་༔ ཁམས་

p. 500

གསུམ་སྲིད་གསུམ་དབང་དུ་སྡུད་པ་དང་༔ དགྲ་བགེགས་ཐལ་བར་བརླག་པའི་ཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་ཐམས་ཅད་བཟློག་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ༔ ཞེས་བཅོལ་ཡེ་ཤེས་རང་ལ་བསྟིམ༔ འཇིག་རྟེན་པ་རྣམས་རང་གནས་གཤེགས༔ འདིས་ནི་བར་ཆད་ཐམས་ཅད་ཞི༔ བསམ་པ་ཐམས་ཅད་འདི་ཡིས་འགྲུབ༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ཟབ་མོའི་གདམས་པ་འདི་ཉིད་ཀྱང་༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཙཱ་འདྲ་རིན་ཆེན་བྲག་ནས་སྤྱན་དྲངས་ཏེ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གཏན་ལ་ཕབ་པའི་ཡིག་བྲིས་པདྨ་གར་གྱི་དབང་ཕྱུག་གིས་བགྱིས་པ་དགེ་ལེགས་འཕེལ༔

གསང་ཐིག་སྐོར་གསུམ་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ཚོགས་མཆོད་ཕྲིན་ལས་བཅུད་ཐིག །བསྟན་གཉིས་གཡུང་དྲུང་གླིང་པ།

p. 501

༁ྃ༔ གསང་ཐིག་སྐོར་གསུམ་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ཅེས་བྱ་བ་བཞུགས་སོ༔

p. 502

གྲུབ་མཆོག་ཀུན་གྱི་ཐུགས་དམ་ལྷ། །བདུད་འདུལ་ཁྲོ་བོ་ཆེན་པོ་ལ། །གུས་པས་ཕྱག་བྱས་ཚོགས་མཆོད་ཚུལ། །ཉུང་ངུར་འབྲི་ལ་དགེ་ལེགས་སྩོལ། །ལྷ་འདི་ལ་ཚོགས་མཆོད་འབུལ་བར་འདོད་ཅིང་ཕྲིན་ལས་རྒྱས་པ་བློས་མི་ལྕོགས་པ་དག་གིས། དཔལ་གཏོར་སྨན་རཀ་ཕྱི་མཆོད་ཚོགས་ཀྱི་རྫས་ཅི་འབྱོར་པ་བཤམས་ལ། གཏེར་གཞུང་གི་བདག་བསྐྱེད་བཟླས་པ་ཅི་འགྲུབ་བྱས་ནས་མཐར་དབང་ལེན་འགྲུབ་མིན་གང་བདེས་ཆོག །དེ་ནས་གཏོར་མ་བྲན་ལ་གཏོར་འབུལ་ཕྲིན་བཅོལ་བཅས་གྲུབ་པ་དང་། ཚོགས་རྫས་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཧཱུྃ༔ རང་བྱུང་རིག་པའི་ཡེ་ཤེས་ཀྱིས༔ རྃ་ཡྃ་ཁྃ་གིས་

p. 503

དངོས་འཛིན་སྦྱངས༔ བྷྲཱུྃ་ལས་དབྱིངས་ཀྱི་ཀ་པཱ་ལར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿརྣམས་ཀྱིས༔ བདེ་གཤེགས་རིགས་ལྔའི་དམ་ཚིག་རྫས༔ ཁ་དོག་དྲི་རོ་ནུས་པར་ལྡན༔ ཨོཾ་ག་ཎ་ཙཀྲ་ཀཱ་མ་གུ་ཎ་ཧཱུྃ་ཧྲཱིཿཋཱ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་

p. 504

མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ མཆོད་པ་ནི། ཧཱུྃ༔ ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས༔ འདོད་ཡོན་མཆོད་སྤྲིན་བསམ་མི་ཁྱབ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ སྐབས་འདིར་སྐོང་བ་སྤྲོ་ན། ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང་༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་

p. 505

གསང་བའི་ཚོགས་མཆོད་དང་༔ བདུད་རྩི་རཀྟ་གཏོར་མའི་མཆོད་པ་བཞེས༔ ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པ་དང་༔ དགྲ་བགེགས་ཐལ་བར་བརླག་པའི་ཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་ཐམས་ཅད་ཟློག་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ༔ ཚར་གྲངས་ལྟ་བུ་ཤིན་ཏུ་བསྡུ་སྐབས་སྐོང་བ་འདི་མ་བྱས་ཀྱང་ཆོག །བཤགས་པ་ནི། ཧཱུྃ༔ ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་ལུས་དང་ངག་སེམས་

p. 506

ཀྱིས༔ བག་མེད་སྤྱོད་པས་དམ་འགལ་བ༔ ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བསྒྲལ་བ་ནི། ཧཱུྃ༔ མ་རིག་གཉིས་འཛིན་དགྲ་དང་བགེགས༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ ཡེ་ཤེས་ཕུར་པའི་མཚོན་གྱིས་བསྒྲལ༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ༔ མ་ཏྲཾ་རུ་དྲ་མཱ་ར་ཡ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ གལ་ཏེ་ཡུན་ཐུང་ངུས་ཚར་གྲངས་གསག་དགོས་པ་བྱུང་ན། ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་པ་རྒྱ་མཚོ་འདི་བཞེས་ཤིག༔ ཉམས་ཆག་རྒྱ་མཚོ་མ་ལུས་བཤགས༔ ཐུགས་དམ་རྒྱ་མཚོ་མ་ལུས་བསྐང་༔ དངོས་གྲུབ་རྒྱ་མཚོ་བསྩལ་དུ་གསོལ༔ ཕྲིན་ལས་རྒྱ་མཚོ་མ་ལུས་སྒྲུབས༔ ཞེས་པ་ལ་གྲངས་གཟུང་ངོ་། །དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ༔ དཔལ་

p. 507

གྱི་བཀའ་ཉན་དམ་ཚིག་ཅན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེས་ཚོགས་ཀྱི་ཕྲིན་ལས་གྲུབ་ཅིང་། རྗེས་མཆོད་བསྟོད་ནི། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པཱ་རི་ཝ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱིས༔ བདེ་ཆེན་གསང་བའི་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་

p. 508

སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་། ཧཱུྃ༔ སྣང་སྲིད་ཕུར་བུའི་དཀྱིལ་འཁོར་རྣམས༔ ཐུགས་ཀྱི་ཐིག་ལེ་ཆེན་པོར་ཐིམ༔ དཔལ་ཆེན་པོ་ཡི་དབྱིངས་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ ཞེས་བསྡུ་ལྡང་བྱ། གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ། ཞེས་མགྲོན་ཐབས་འཇིག་རྟེན་པ་གཤེགས། ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ནས༔ རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ༔ འགྲོ་བ་ཀུན་གྱི་དཔལ་དུ་ཤོག༔ ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་དང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །དཔལ་ཆེན་དགྱེས་པའི་ཉི་འོད་ཀྱིས། །ལྷ་མིན་མུན་ཚོགས་རབ་བསལ་ནས། །གནས་སྐབས་མཐར་ཐུག་གྲུབ་གཉིས་ཀྱི། །དགེ་མཚན་ རྒྱས་པའི་དཔལ་དུ་ཤོག །ཅེས་པའང་ཉེ་བར་གནས་པ་

p. 509

ཀརྨ་ནོར་འཕེལ་ནས་དོན་དུ་གཉེར་བའི་ངོར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་གཏེར་གཞུང་རྣམས་ཀྱི་དགོངས་པ་བསྡེབས་པ་དགེ་ལེགས་འཕེལ།། །།

དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསང་སྒྲུབ་མཚོ་རྒྱལ་གོང་ཁུག་མའི་བརྒྱུད་པའི་གསོལ་འདེབས་བདུད་ལས་རྣམ་རྒྱལ། བདེ་ཆེན་འབར་བའི་རྡོ་རྗེ།

p. 510
p. 511

༁ྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསང་སྒྲུབ་མཚོ་རྒྱལ་གོང་ཁུག་མའི་བརྒྱུད་པའི་གསོལ་འདེབས་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ༔༄༅༔ ཡི་དམ་དཔལ་ཆེན་འདུས་པ་ལས་ཕྲིན་ལས་སྙིང་པོའི་སྔོན་འགྲོའི་རིམ་པ་བཞུགས་སོ༔

p. 512

ན་མོ༔ཤྲཱི་བཛྲ་ཀུ་མ་ར་ནཱ་མ་ཡེ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་རིག་འཛིན་རོ་ལངས་བདེ་བ་རྩལ༔ ཤྲཱི་སེང་ཧ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་བདུད་ལས་རྣམ་རྒྱལ་ཤོག༔ ཡེ་ཤེས་མཚོ་རྒྱལ་སངས་རྒྱས་ཡེ་ཤེས་ཞབས༔ ཟབ་མོའི་སྟོན་པ་ཆོས་བདག་བརྒྱུད་པར་བཅས༔ བརྒྱུད་གསུམ་ཕུར་བུ་གྲུབ་པའི་རིག་འཛིན་ལ༔ གསོལ་བ༴ དུས་བབས་སྟོན་པ་ལྷ་དང་གཉིས་མེད་པ༔ ཁྲག་འཐུང་བདེ་ཆེན་འབར་བའི་རྡོ་རྗེ་དང་༔ སྨིན་གྲོལ་བརྒྱུད་འཛིན་སྲས་སློབ་ཆོས་ཀྱི་

p. 513

བདག༔ གསོལ་བ༴ རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཡབ་ཡུམ་དང་༔ སྲས་མཆོག་ཉེར་གཅིག་ཟ་གསོད་སྒོ་མ་བཞི༔ ཡི་དམ་དཀྱིལ་འཁོར་གསུམ་གྱི་འཁོར་ལོ་ལ༔ གསོལ་བ༴ མ་རྟོགས་གཟུང་འཛིན་མཚན་མའི་ཕུར་བུས་འབིགས༔ སྲིད་པ་རྡོ་རྗེ་གཞོན་ནུའི་ཕྱག་རྒྱར་ཤར༔ དབྱིངས་རིག་བདེ་ཆེན་འདུ་འབྲལ་མེད་པར་རྟོགས༔ ཚེ་འདིར་རང་རིག་རྡོ་རྗེ་འཆང་ཐོབ་ཤོག༔ ཅེས་པའང་བློ་གྲོས་རབ་བརྟན་འདོད་དོན་བཞིན་འབར་བའི་རྡོ་རྗེས་སྤེལ་བ་དགེའོ།། ༈ དཀར་གཏོར་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ་ལན་གསུམ། བྷཱུ་མི་པ་ཏི་ས་པཱ་རི་

p. 514

ཝ་ར་བཛྲ་ས་མཱ་ཛཿ བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ༀ་ཨ་ཀཱ་རོ་སོགས། ཧཱུྃ། ས་ལ་དབང་བ་བརྟན་མ་ཡུལ་གཞིའི་བདག །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་དམ་ཚིག་ཅན། །གཉུག་མར་གནས་དང་གློ་བུར་ལྷག་པའི་ཚོགས། །ཀུན་ལ་མཆོད་སྦྱིན་གཙང་སྦྱར་འདི་ཕུལ་བས། །བདག་གིས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་མ་བྱེད་ཕན་པའི་སྡོངས་གྲོགས་མཛོད། །སརྦ་བྷུ་མི་པ་ཏི་གཙྪ༔ གཤེགས་པར་བྱའོ། །ཞེས་འབར་བའི་རྡོ་རྗེས་སོ། །

p. 515

སྐྱབས་ཡུལ་གསལ་གདབ་ནི། སྐྱབས་ཡུལ་ཕྱོགས་བཅུའི་མཆོག་གསུམ་རྒྱ་མཚོ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་རྣམ་པར་རོལ་པ་མདུན་གྱི་ནམ་མཁར་སད་པར་གྱུར༔ ཅེས་གསལ་གདབ་བོ།། ༈ དཔལ་ཆེན་ཡི་དམ་ལྷ་རྣམས་ཀྱི༔ སྔོན་འགྲོ་སྦྱོར་བའི་རིམ་པ་ནི༔ སྤྱི་དང་མཐུན་པར་འདུ་བྱས་ལ༔ དང་པོ་རང་གཞན་སྐྱབས་སུ་འགྲོ༔ ན་མོ༔ འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བདག་གཞན་འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས༔ ཐར་འདོད་བླ་མ་དཀོན་མཆོག་རྩ་གསུམ་ལྷར༔ དད་མོས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆི༔ ཡུལ་མཆོག་སྤྱན་སྔར་སེམས་བསྐྱེད་ལེན༔ དེང་ནས་མཁའ་ཁྱབ་འགྲོ་བའི་དོན་བགྱིད་ཕྱིར༔ བདག་གིས་ཡི་དམ་དཔལ་ཆེན་གོ་འཕང་བསྒྲུབ༔ བར་དུ་མ་དང་བུ་ཡི་འདུ་ཤེས་ཀྱིས༔ འགྲོ་ཀུན་བདེ་བ་མཆོག་ལ་འགོད་པར་བྱ༔ གཞན་ཡང་ཚོགས་བསགས་རིམ་པར་འབད༔ དཀོན་མཆོག་གསུམ་

p. 516

ལ་ཕྱག་འཚལ་མཆོད་པ་འབུལ༔ མི་དགེའི་སྡིག་བཤགས་དགེ་ལ་རྗེས་ཡི་རང་༔ བཞུགས་པར་གསོལ་འདེབས་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ཀུན་དམིགས་མེད་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་ཡུལ་རང་ཐིམ་བྱིན་བརླབས་གྱུར༔ བར་ཆད་བགེགས་ལ་བཀའ་བསྒོ་ཕྱིར༔ བྱིན་གྱིས་བརླབས་པའི་འདོད་ཡོན་བསྔོ༔ ཧཱུྃ༔ ཉོན་མོངས་མ་རིག་རྣམ་རྟོག་འཁྲུལ་པའི་བགེགས༔ ཀུན་བཏགས་ལྷ་འདྲེ་དམ་སྲི་གདོན་ཚོགས་རྣམས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་ཆངས་བུ་འདི༔ བསྔོ་བས་ལོངས་ལ་ཕྱོགས་མེད་ཕ་མཐར་སོང་༔ འདས་ན་བརླག་པར་འགྱུར་བས་མྱུར་དུ་དེངས༔ ཧཱུྃ་མ་ཧཱ་ཀྲོ་དྷ་ཛྭ་ལ་མཎྜལ་ཧ་ལ་ཧ་ལ་ཧཱུྃ་ཧཱུྃ་ཧཱུྃ་སརྦ་དུཥྚཾ་མཱ་ར་ཡ་ཕཊ༔ མཚམས་གཅོད་སྲུང་བའི་འཁོར་ལོ་བསྒོམ། ཧཱུྃ༔ ཐུགས་ཀའི་ཧཱུྃ་ཡིག་སྤྲིན་ལས་ཁྲོ་བོའི་གུར༔ ཕྱག་མཚན་ལྔ་ཡི་ར་བ་གུར་བླ་བྲེ༔ འཚུབ་ཅིང་འཁྱིལ་བའི་ཡེ་ཤེས་མེ་ཡིས་མཚམས༔ རིས་

p. 517

མེད་ཁྱབ་བརྡལ་ཡེ་སྲུང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཛྙཱ་ན་རཀྵ་ཀུ་རུ་ཧཱུྃ༔ བརྡའ་སྒོ་དབྱེ་དང་ཕྱག་འཚལ་བཤགས༔ ཨཱ༔ རང་གསལ་སྒོ་དབྱེ་རང་རིག་ལྷ་དང་མཇལ༔ འཕོ་འགྱུར་མེད་པར་ཕྱག་འཚལ་མ་རྟོགས་ནོངས༔ མི་དམིགས་སྤྲོས་བྲལ་ཀ་དག་ཀློང་དུ་བཤགས༔ སྐད་ཅིག་འདུ་འབྲལ་མེད་པའི་དམ་བཅའ་བཟུང་༔ པྲ་ཝེ་ཤ་ན་མ་ཧོ༔ ས་མ་ཡ་བི་ཤུདྡྷེ་ཨཱཿ བདག་གནས་ཡོ་བྱད་བྱིན་ཆེན་འབེབས༔ ཧཱུྃ༔ ཆོས་སྐུའི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་པའི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྨད་པོ་ཆེ༔ སྣོད་བཅུད་བདག་གནས་ཡོ་བྱད་ཐམས་ཅད་ཀུན༔ ཡེ་ཤེས་འཁོར་ལོ་ཆེན་པོར་བྱིན་རློབས་ཤིག༔ ཨོཾ་སརྦ་ཛྙཱ་ན་ཨ་དྷིཥྛ་ན་ཨཱ་བེ་ཤ་ཡ་ཛ་ཧོཿ ཕྱི་ནང་གསང་མཆོད་ཡོངས་སུ་བརླབ༔ ཧཱུྃ༔ ཡི་གེ་ལྷ་དང་ཡེ་ཤེས་འཕྲོ་འདུ་ཡིས༔ སྣོད་བཅུད་བདུད་རྩིའི་རྒྱ་མཚོར་ཨོཾ་ཨཱཿཧཱུྃ༔ གིརྟི་ཁྲོ་མོའི་སྟོབས་ཀྱིས་དམར་

p. 518

ཆེན་ཁྲག༔ རཀྟའི་རྒྱ་མཚོ་གསལ་སྟོང་རྦ་ཀློང་འཁྱིལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཇིག་རྟེན་ལྷ་མིའི་ཟས་མཆོག་རི་ལྟར་སྤུངས༔ ཡེ་ཤེས་འདོད་ཡོན་ལྷུན་པོའི་ལྟོས་དང་མཉམ༔ བྷྲཱུྃ་ཧཱུྃ་ཧ་ཧོ་ཧྲཱིཿ ཨཱཿ སྣོད་བཅུད་རྣམ་དག་ཕྱི་ནང་གསང་བ་ཡི༔ མཚན་ལྡན་སྦྱོར་སྒྲོལ་ཡུལ་དང་མཆོད་པའི་རྫས༔ ཀུན་བཟང་རྣམ་ཐར་རྒྱས་ཤིང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་སྥ་ར་ཎ་ཁཾ༔ རང་རིག་རང་གསལ་དམ་བཅའ་བཟུང་༔ ཧཱུྃ༔ འབྱུང་བ་སྣོད་བཅུད་ཡེ་ནས་ཞིང་ཁམས་དང་༔ གཞལ་ཡས་ཕུང་ཁམས་ལུས་ནི་དམ་ཚིག་ལྷ༔ སེམས་ཉིད་ཉོན་མོངས་རང་བཞིན་ཡེ་ཤེས་པ༔ ཡིན་ལ་ཡིན་བཞིན་ཇི་སྲིད་མི་བཏང་བཟུང་༔ བཛྲ་ས་མ་དྷི་ཧཱུྃ༔ དེ་དག་སྔོན་འགྲོའི་རིམ་པའོ༔ ས་མ་ཡ༔ འབར་བའི་རྡོ་རྗེའི་གཏེར་མའོ།། །།

དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསང་སྒྲུབ་ཕྲིན་ལས་ལམ་ཁྱེར་སྙིང་པོ་ཀུན་འདུས་མཚོ་རྒྱལ་གོང་ཁུག་མ། བདེ་ཆེན་འབར་བའི་རྡོ་རྗེ།

p. 519

༁ྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསང་སྒྲུབ་ཕྲིན་ལས་ལམ་ཁྱེར་སྙིང་པོ་ཀུན་འདུས་མཚོ་རྒྱལ་གོང་ཁུག་མ་བཞུགས་སོ༔

p. 520

དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གསང་བའི་སྒྲུབ་ཐབས་ཟབ་མོ་བསྟན༔ སྤྲོས་མེད་ཚུལ་གྱིས་ཉམས་ལེན་བྱ༔ སྦྱོར་བ་ཚོགས་བསགས་སྔོན་སོང་ནས༔ བདག་ཉིད་ལྷ་ཡི་རྣལ་འབྱོར་བསྒོམ༔ ཧཱུྃ༔ སྟོང་ཉིད་རྡོ་རྗེ་སྙིང་རྗེས་ཤུགས་ཀྱིས་ཁྲོས༔ ཞེ་སྡང་སྣང་བའི་ཀུན་རྟོག་གཟུང་འཛིན་གཅོད༔ འབར་བའི་མཚོན་ཆེན་སྔོན་པོ་ཧཱུྃ་གིས་མཚན༔ གཉིས་མེད་སྲིད་ཞིའི་སྲོག་སྒོར་ལམ་གྱིས་ཤར༔ འོད་ཀྱིས་སྣོད་བཅུད་དངོས་མཚན་བག་ཆགས་སྦྱངས༔ དག་པ་རྡོ་རྗེའི་དུར་ཁྲོད་འབར་བའི་དབུས༔ ཕ་ལམ་བྲག་ཆེན་པད་ཉི་བདུད་བཞི་དང་༔ ལྷ་ཆེན་

p. 521

ཕོ་མོ་བྱི་ཆིངས་བསྣོལ་བའི་སྟེང་༔ རྒྱུ་ཡི་ཕྱག་མཚན་ཡི་གེའི་འཕྲོ་འདུ་ཡིས༔ མི་བསྐྱོད་ངོ་བོ་དཔལ་ཆེན་ཁྲོ་བོའི་རྒྱལ༔ རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་པ༔ དཀར་དམར་སྐུ་གསུམ་ཐེག་དགུའི་ཡེ་ཤེས་སྤྱན༔ རྒྱུད་དྲུག་འཇོམས་པའི་འཐོར་རླུང་ཤངས་ནས་འབུད༔ ཁམས་གསུམ་གསོལ་བའི་ཞལ་གདངས་ཉོན་མོངས་དྲུག༔ ཟ་བྱེད་ཕ་རོལ་ཕྱིན་པའི་མཆེ་བ་རྔམ༔ མངོན་ཤེས་སྙན་ལ་ཐེག་གསུམ་སྒྲོགས་པའི་ལྗགས༔ མ་འདྲེས་བཅོ་བརྒྱད་སྨར་སྨིན་བྱང་ཕྱོགས་ཆོས༔ སྨར་ཆུན་ཀུན་

p. 522

ཀྱང་ཡེ་ཤེས་མེ་རུ་འབར༔ བྱེ་བ་ཐེར་འབུམ་དབུ་སྐྲ་དུས་གསུམ་གྱི༔ རྟོག་ཚོགས་དག་ཕྱིར་འབར་འཆིང་ལྕང་ལོར་གྲོལ༔ རྡོ་རྗེ་རིགས་ཀྱི་གཙུག་ཏོར་མི་བསྐྱོད་མཚན༔ ཡེ་ཤེས་རིགས་དྲུག་ཕྱག་ནི་རྣམ་པར་འགྱུར༔ དང་པོས་རྩེ་དགུའི་ས་དགུ་ཟིལ་གྱིས་གནོན༔ ཡེ་ཤེས་མེ་ཕུང་འཁོར་བའི་ལས་ཉོན་བསྲེགས༔ བར་པས་རྡོ་རྗེ་རྩེ་ལྔས་དུག་ལྔ་འཇོམས༔ ཁ་ཊྭཱཾ་ཁམས་གསུམ་རུ་དྲའི་སྡེ་ཚོགས་འདུལ༔ མཐའ་གཉིས་རི་རབ་ཕུར་བུས་སྲིད་གསུམ་སྒྲོལ༔ དུར་ཁྲོད་ཆས་བརྒྱད་འཕགས་ལམ་ཡན་ལག་རྫོགས༔ དཔལ་གྱི་ཆས་བཅུ་སྟོབས་བཅུའི་ཕ་རོལ་སོན༔ འབར་བའི་དབུ་རྒྱན་སྙན་མགུལ་ལྷུ་ཚིགས་སོགས༔ སྐུ་ལ་སྤྲས་ཤིང་འཁོར་ལོ་རྒྱས་འདེབས་ཡུམ༔ ཁམས་གསུམ་སྒྲོལ་མཛད་ཨུཏྤལ་དུང་ཁྲག་སྟོབ༔ ཁྲོ་མོ་འབར་བའི་ཆས་ལྡན་སྐུ་ལ་འཁྲིལ༔ ཚད་མེད་བསྡུ་བཞིའི་ཞབས་ཀྱིས་ལྷ་ཆེན་

p. 523

སྟེང་༔ སྲིད་ཞིར་ཆགས་ཐོགས་མེད་པའི་བརྐྱང་བསྐུམ་རོལ༔ ཡེ་ཤེས་མེ་སྤྲིན་འབར་བའི་ཀློང་དུ་གསལ༔ སྤྲུལ་པའི་ཡེ་ཤེས་ཁྱུང་ཆེན་ཀླད་ན་ལྡིང་༔ སྤྱི་བོར་ཧཱུྃ་ཀཱ་ར་དང་སྒྲ་འབྱིན་ཡུམ༔ དཔྲལ་བར་རྣམ་པར་རྒྱལ་དང་རྡོ་རྗེ་སྙེམས༔ དཔུང་གཡས་གཤིན་རྗེའི་གཤེད་དང་དུར་ཁྲོད་བདག༔ མགྲིན་པར་པདྨ་དབང་ཆེན་རྡོ་རྗེ་གཏུམ༔ སྲིད་ལྟེར་བདུད་རྩི་འཁྱིལ་དང་རླུང་འབྱིན་མ༔ དཔུང་གཡོན་དབྱུག་པ་སྔོན་པོ་སྡེར་མོ་ཡུམ༔ ལྟེ་བར་མི་གཡོ་རྡོ་རྗེ་གཏུན་ཁུང་མ༔ བརླ་གཡས་གཞན་གྱིས་མི་ཐུབ་མདའ་སྙེམས་ཡུམ༔ བརླ་གཡོན་ཁམས་གསུམ་རྣམ་རྒྱལ་གསོད་བྱེད་མ༔ གསང་བར་སྟོབས་པོ་ཆེ་དང་སྤྱོད་བྱེད་ཡུམ༔ སྣ་ཚོགས་མདོག་ཅན་ཁྲོ་གཏུམ་དུར་ཁྲོད་ཆས༔ རང་རང་ཕྱག་མཚན་གཡས་དང་ཕུར་བུ་གཡོན༔ གནས་རྣམས་ཐད་ཀྱི་ཕྱི་རོལ་གཡས་གཡོན་ནས༔ སྤྲུལ་པའི་

p. 524

ཁྲ་ཕྱག་ཟ་གསོད་རྡུལ་ལྟར་འཁྲུགས༔ གནས་ལྔའི་སྐུ་ཡི་བ་སྤུའི་བུ་ག་ནས༔ སྲས་མཆོག་ཁྲོ་བོའི་ཚྭ་ཚྭ་སྐར་ལྟར་འཕྲོ༔ ཡན་ལག་མཐིལ་བཞི་སྒོ་མ་གདོང་ཅན་བཞི༔ ཕྱི་རོལ་ཤྭ་ན་ཕུར་སྲུང་དམ་ཅན་ཚོགས༔ ཕྲིན་ལས་ཐོགས་མེད་རླུང་དང་གློག་བཞིན་མྱུར༔ ཀུན་ཀྱང་སྣང་ལ་རང་བཞིན་མ་གྲུབ་པར༔ དངོས་མིན་མངོན་སུམ་བར་སྣང་འཇའ་ལྟར་གསལ༔ རྒྱལ་བའི་བྱིན་རླབས་གནས་གསུམ་ཨོཾ་ཨཱཿཧཱུྃ༔ རིགས་ལྔས་དབང་བསྐུར་གནས་ལྔར་འབྲུ་མཆོག་བཅུའི༔ རྒྱས་གདབ་དྲི་སྦྱངས་ཕུང་པོ་ཉོན་མོངས་ཁམས༔ ཡེ་ཤེས་ལྔར་བྱས་མི་བསྐྱོད་དབུ་ལ་བརྒྱན༔ ཐུགས་སྲོག་འོད་ཀྱིས་འོག་མིན་ཕྱོགས་བཅུའི་ཞིང་༔ འབར་བའི་དུར་ཁྲོད་རྣམས་ནས་དཔལ་ཆེན་པོའི༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་ཐིམ༔ ཧཱུྃ༔ ཆོས་དབྱིངས་རོལ་པ་འོག་མིན་ཞིང་ཁམས་ནས༔ སྐྱེ་མེད་

p. 525

སྐྱེ་བའི་ཆོ་འཕྲུལ་དཔལ་ཆེན་ལྷ༔ མ་གཡེལ་ཐུགས་དམ་གཉེན་པོ་རྗེས་དགོངས་ལ༔ སྲིད་པ་ཕུར་བུ་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བྃ་ཧོ༔ བཛྲ་ན་མ་ཧཿ ཏིཥྛ་ལྷན༔ ཧཱུྃ༔ དུར་ཁྲོད་རོལ་པའི་ཞིང་ཁམས་བཀོད་ལེགས་འདིར༔ ལྷ་རྫས་ཕྱི་ཡི་ཉེར་སྤྱོད་ཚར་དུ་དངར༔ དྲག་པོའི་འདོད་ཡོན་ཁྲག་འཐུང་དགྱེས་པའི་རྫས༔ སྨན་རཀ་གཏོར་མ་བསྒྲལ་བྱ་ཞིང་གི་རྟེན༔ སྒྲོལ་བྱེད་མངོན་སྤྱོད་སྤྱན་གཟིགས་དགའ་བ་བཞིའི༔ སྦྱོར་ཡུལ་མཚན་ལྡན་གར་དང་སྤྲོས་པའི་མཐའ༔ དབྱེར་མེད་ཟུང་འཇུག་དེ་ཁོ་ན་ཡིས་མཆོད༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས།ཤབྟ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ བཛྲ་རཱུ་པ་ཤབྟ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་པཉྩ་རཀྟ་བ་ལིང་ཏ་ཏ་ན་ག་ན་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་ཨཱཿཧོ༔ ཧཱུྃཿ ཆོས་དབྱིངས་ཀློང་ནས་འབར་བ་ཆེན་པོའི་

p. 526

སྐུ༔ རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་ཡུམ༔ སྟོབས་བཅུ་ཁྲོ་རྒྱལ་དགེ་བཅུ་ཁྲོ་མོའི་ཚོགས༔ སྐུ་ལྔའི་སྲས་མཆོག་སྒོ་མར་བཅས་ལ་བསྟོད༔ དཔལ་གྱི་དཀྱིལ་འཁོར་གར་དགུའི་རོལ་པའི་ལྷ༔ རྡོ་རྗེ་ཕྲ་མེན་ཚོགས་དང་ཤྭ་ན་བཞི༔ རེ་ཏི་བསྭེ་མོ་གིང་ཆེན་སྲུང་མར་བཅས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ཐུགས་མཆོག་ཙིཏྟ་ཟུར་བརྒྱད་པ༔ འོད་ཀྱི་རང་བཞིན་དེ་ཡི་དབུས༔ པད་ཟླར་མི་བསྐྱོད་རྡོར་སེམས་དཀར༔ ཡུམ་བཅས་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཐུགས་དབུས་ཉི་མར་ཧཱུྃ་མཐིང་ལ༔ རྩ་སྔགས་གཡས་བསྐོར་ཤིན་ཏུ་གསལ༔ རང་སྒྲ་སྒྲོགས་ཅིང་འཁོར་བའི་འོད༔ འཕྲོས་པས་རྒྱལ་མཆོད་བྱིན་ནུས་བསྡུས༔ སླར་འཕྲོས་སྣོད་ཀྱི་རྒུད་པ་བསལ༔ བཅུད་ཀྱི་སེམས་ཅན་ལས་སྒྲིབ་སྦྱངས༔ དཀོན་མཆོག་རྩ་གསུམ་ཐུགས་དམ་བསྐུལ༔ མ་མོ་མཁའ་འགྲོ་དབང་

p. 527

དུ་བསྡུས༔ སྲུང་མ་དམ་ཅན་བྲན་དུ་བཀོད༔ དྲེགས་ཚོགས་ཚར་བཅད་ནུས་རྩལ་བསྡུས༔ སྣང་གྲགས་རྟོག་པ་ལྷ་དང་སྔགས༔ ཡེ་ཤེས་མཆོག་གི་རོལ་པར་བལྟ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ བསྙེན་སྒྲུབ་ལས་སྦྱོར་དམིགས་པ་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏི་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མཱརྡྷ་ན་ཡེ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ སྐབས་སུ་གཞི་སྙིང་ཆིག་དྲིལ་བཟླ༔ སྣང་བའི་གཟུང་འཛིན་སྟོང་པས་གཅོད༔ སྲིད་བཅུད་ལྷ་སྔགས་འཁོར་ལོར་བལྟ༔ ཟག་མེད་ཐིག་ལེ་བདེ་བ་ཆེ༔ རང་རིག་ཀ་དག་གཏིང་གསལ་ངང་༔ ཐམས་ཅད་བསལ་བཞག་བྲལ་བར་སྤྱོད༔ རྡོ་རྗེ་གཞོན་ནུ་ཚེ་འདིར་འགྲུབ༔ ཐུན་མཚམས་བར་ཆད་སེལ་བ་དང་༔ དངོས་གྲུབ་ཐོབ་ཕྱིར་གཏོར་མ་འབུལ༔ ཤ་ཁྲག་བཤོས་བུ་ཟས་སྣ་བསགས༔ སྨན་འབྲུ་རིན་ཆེན་སྦྱར་བ་བཤམ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ཀྱིས་བསང་སྦྱང་སྔགས་རྒྱས་བྱིན་གྱིས་བརླབ༔ ཨོཾ་ཤྲཱི་བཛྲ་ཀུ་མ་ར་དྷརྨ་པཱ་ལ་

p. 528

ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ས་མ་ཡ་ཧཱུྃཿ ཏིཥྛ་ལྷན༔ གཏོར་མགྲོན་སྔགས་ཀྱིས་སྤྱན་དྲངས་ནས༔ ལྗགས་མཚོན་ཆའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་ནས་འདོད་པའི་དོན་གང་བཅོལ་ཐོགས་མེད་དུ་མཛད་པར་གྱུར༔ ཨོཾ་ཤྲཱི་བཛྲ་ཀུ་མ་ར་ས་པཱ་རི་ཝ་ར་གྲྀ་ཧྣན་ཏུ་བ་ལིང་ཏ་ཁ་ཁ་ཁཱ་ཧི༔ མ་མ་རཀྵནྟུ་སརྦ་སིངྡྷིམྨེ་པྲ་ཡཙྪནྟུ་སྭཱ་ཧཱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ས་པཱ་རི་ཝ་ར་གྲྀ་ཧྣན་ཏུ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་མ་རཀྵནྟུ་སརྦ་སིངྡྷིམྨེ་པྲ་ཡཙྪནྟུ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ད་ཤ་ཀྲོ་དྷི་ས་པཱ་རི་ཝ་ར་གྲྀ་ཧྣན་ཏུ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་མ་རཀྵནྟུ་སརྦ་སིངྡྷིམྨེ་པྲ་ཡཙྪནྟུ་སྭཱ་ཧཱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་གྲྀ་ཧྣན་ཏུ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་མ་རཀྵནྟུ་སརྦ་སིངྡྷིམྨེ་པྲ་ཡཙྪནྟུ་སྭཱ་ཧཱ༔ སྔགས་དང་ཕྱག་རྒྱས་ལན་གྲངས་འབུལ། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔

p. 529

ཨརྒྷཾ་པཱདྱཾ་ནས་ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ༔ སྨན་རཀ་ཉེར་སྤྱོད་རྣམས་ཀྱིས་མཆོད༔ བསྟོད་ཅིང་ཕྲིན་ལས་གསོལ་བར་བྱ༔ ཧཱུྃ༔ དབྱིངས་ནས་ཡེ་ཤེས་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་ཡུམ༔ ཁྲོ་བཅུ་ཡབ་ཡུམ་སྲས་མཆོག་སྒོ་མ་བཞི༔ འབར་བ་དཔལ་གྱི་དཀྱིལ་འཁོར་ལྷ་ལ་བསྟོད༔ སྙིང་རྗེའི་ཤུགས་ཀྱིས་མ་རུངས་བདུད་ལ་ཁྲོས༔ ཐུགས་རྗེས་མཐུ་ཡིས་ལྷ་རྣམས་ཟིལ་གྱིས་གནོན༔ དྲག་གཏུམ་རྩལ་གྱིས་འཇིག་རྟེན་ཐལ་བར་བརླག༔ མ་ཧཱ་ཀཱ་ལ་ཤྭ་ནར་ཕྱག་འཚལ་བསྟོད༔ ཤེས་བཅུའི་དབྱིངས་དང་ཡེ་ཤེས་རོལ་པ་ལས༔ ཁྲོས་འཁྲུགས་དྲག་ཏུ་ཁྲོས་པའི་སེང་ཧ་བཅུ༔ གཏུམ་དྲག་ཁྲོ་མོ་མི་བསྲུན་ཁྱི་ཞལ་བཅུ༔ ཕྲ་མེན་ཁྲོ་བཅུ་སྲས་དང་བཅས་ལ་བསྟོད༔ རལ་པའི་གསེབ་དང་སྐུ་ཡི་གནས་རྣམས་ནས༔ སྤྲུལ་པའི་ཟ་གསོད་ཁྲོ་ཆུང་སེར་ལྟར་འབེབས༔ རྣོ་ངར་མཚོན་ཆས་

p. 530

དྲེགས་ཚོགས་སྲོག་རྩ་གཅོད༔ ཐུགས་རྗེ་ཐབས་མཁས་ཤྭ་ནའི་ཚོགས་ལ་བསྟོད༔ ཡང་སྤྲུལ་མ་མོ་ཤྭ་ན་མཆེད་བཞི་དང་༔ བདག་ཉིད་མ་བཞི་ས་བདག་བསྭེ་མོ་བཞི༔ སྐྱེས་བུ་གིང་བཞི་དབང་ཕྱུག་དགེ་བསྙེན་བཅས༔ སྐུ་གསུང་ཐུགས་ཀྱི་རོལ་པ་རྣམས་ལ་བསྟོད༔ ཉིང་སྤྲུལ་ཁྱི་སྤྱང་བྱ་གཅན་དྲེགས་པའི་ཚོགས༔ མོན་པ་ཤན་པ་ལྷ་དང་འབྱུང་པོར་བཅས༔ རྡོ་རྗེ་ཕུར་པའི་སྲུང་མ་ཐམས་ཅད་ལ༔ སྒོ་གསུམ་རབ་ཏུ་དང་བས་བདག་བསྟོད་དོ༔ བདག་ཅག་རིག་འཛིན་བསྟན་དང་བླ་མར་བཅས༔ སྲུང་ཞིང་སྐྱོབ་མཛད་རྟག་ཏུ་འགོ་བའི་ལྷ༔ ཡེ་ཤེས་འཇིག་རྟེན་རྡོ་རྗེ་ཕྲ་མེན་ཚོགས༔ དམ་ཚིག་གཉན་པོའི་མཆོད་གཏོར་འདི་བཞེས་ལ༔ དུས་རྣམས་རྟག་ཏུ་མི་འབྲལ་སྲུང་སྐྱོབས་མཛོད༔ ནད་མཚོན་མུ་གེ་དུས་འཁྲུག་བར་ཆད་རྐྱེན༔ བཙའ་སད་སེར་བ་ལོ་ནད་འབྱུང་བ་འཁྲུགས༔ སྣོད་བཅུད་རྒུད་པ་

p. 531

ཞི་བའི་ཕྲིན་ལས་མཛོད༔ སྐུ་གསུམ་བདེ་ཞིང་ཚེ་བསོད་སྙན་གྲགས་དཔལ༔ འབྲུ་ནོར་ལོངས་སྤྱོད་རྟ་ཕྱུགས་རྐང་འགྲོ་སོགས༔ འཁོར་དང་ལེགས་ཚོགས་སྤེལ་བའི་ཕྲིན་ལས་མཛོད༔ ཡེ་ཤེས་ཡོན་ཏན་མཁྱེན་བརྩེ་ནུས་མཐུ་རྩལ༔ མཆོག་དམན་འགྲོ་བ་མོས་བཞིའི་སྣང་བ་དང་༔ འདོད་རྒུ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ གཟུགས་ཅན་དགྲ་ཇག་ཆོམ་རྐུན་གཅན་གཟན་དང་༔ གཟུགས་མེད་བགེགས་དང་གློ་བོར་ཡེ་འདྲོགས་གདོན༔ མི་མཐུན་གནོད་པ་སྒྲོལ་བའི་ཕྲིན་ལས་མཛོད༔ ཚེ་འདིར་རྡོ་རྗེའི་སྲུང་མས་རྟག་ཏུ་སྐྱོབས༔ བར་དོར་དཔལ་གྱི་ལྷ་ཚོགས་ཞལ་མཐོང་ནས༔ ཕྱི་མ་འོག་མིན་ཞིང་དུ་སྐྱེལ་མཛད་གསོལ༔ མདོར་ན་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང་༔ འདྲེན་པ་གཞན་གྱིས་དྲིང་ལ་མ་བཞག་པར༔ རྡོ་རྗེ་དཔལ་གྱི་ཐུགས་རྗེས་རྟག་འཚོ་ཞིང་༔ ཧེ་རུ་ཀ་དཔལ་

p. 532

མཆོག་ཏུ་འགྲུབ་པར་མཛོད༔ ཅེས་གསོལ་ཕྲིན་ལས་ཡང་ཡང་བཅོལ༔ གཏོར་མགྲོན་ཡེ་ཤེས་པ་རྣམས་བརྟན་བཞུགས་གསོལ༔ འཇིག་རྟེན་པ་ཀུན་རང་གནས་བདེ་བར་གཤེགས༔ དམ་ཚིག་སྣོད་བཅུད་དཀྱིལ་འཁོར་རང་ལ་བསྡུ༔ རང་ཡང་ཐུགས་སྲོག་དེ་ཉིད་ནཱ་དར་ཡལ༔ མི་དམིགས་སྟོང་ཉིད་ཆོས་སྐུ་ཁྱབ་བརྡལ་ཆེ༔ སླར་ཡང་ཟུང་འཇུག་རྡོ་རྗེའི་གཟུགས་ཀྱི་སྐུ༔ དཔལ་ཆེན་ཡབ་ཡུམ་སྐུར་གསལ་གནས་གསུམ་དུ༔ འབྲུ་གསུམ་རྒྱས་གདབ་རྡོ་རྗེའི་གོ་ཆ་བགོ༔ གཞོམ་མེད་གསང་གསུམ་འགྲོ་དོན་བྱེད་པར་གྱུར༔ བསྐྱེད་སྔགས་དཀྱིལ་འཁོར་གསུམ་གྱི་ཕྲིན་ལས་སྒྲུབ༔ རྫོགས་པ་སྙིང་རྗེས་ཐབས་དང་རྩ་ཐིག་རླུང་༔ ཕུར་བཞིའི་དགོངས་སྤྱོད་མངོན་གྱུར་གདིང་ཚད་ལོང་༔ ཐལ་འབྱིན་དབྱིངས་རིག་མཐར་ཕྱིན་འགྲུབ་པར་ཤོག༔ བརྒྱུད་གསུམ་བླ་མའི་བྱིན་རླབས་ཐུགས་རྗེའི་སྤྲིན༔ རྡོ་རྗེ་གཞོན་

p. 533

ནུའི་གྲུབ་གཉིས་མཆོག་ཆར་འབེབས༔ མཁའ་འགྲོའི་ཕྲིན་ལས་འདོད་རྒུའི་ལོ་ཏོག་འཁྲུངས༔ མཆོག་ཐུན་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག༔ གུ་རུ་པདྨའི་མན་ངག་འདི༔ སྙིང་ཁྲག་ལྟ་བུའི་གདམས་ཟབ་ཡིན༔ ཐུགས་རྗེས་བརྩེ་བས་བདག་ལ་གནང་༔ ཐུན་མོང་གཞན་དུ་ཡོད་མ་ཡིན༔ བདག་གི་གོང་ཁུག་མགུལ་པར་འཆང་༔ སླད་ནས་མ་འོངས་དོན་འགྲུབ་ཕྱིར༔ བཀའ་རྒྱས་གདབ་སྟེ་གཏེར་དུ་སྦས༔ ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང་༔ ཀུན་ལ་ཕན་པ་རྒྱ་ཆེན་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདེ་ཆེན་འབར་བའི་རྡོ་རྗེའི་གཏེར་མ་ཤིན་ཏུ་ཟབ་རྒྱ་དང་ལྡན་པ་ལགས་སོ།། །།

ཡི་དམ་དཔལ་ཆེན་ལྷ་རྣམས་ཀྱི་ཕྲིན་ལས་སྙིང་པོའི་མཇུག་ཆིངས། བདེ་ཆེན་འབར་བའི་རྡོ་རྗེ།

p. 534
p. 535

༁ྃ༔ ཡི་དམ་དཔལ་ཆེན་ལྷ་རྣམས་ཀྱི་ཕྲིན་ལས་སྙིང་པོའི་མཇུག་ཆིངས་བཞུགས་སོ༔

p. 536

དཔལ་ཆེན་ཆེ་མཆོག་ལྷ་རྣམས་ཀྱི༔ ཕྲིན་ལས་མཇུག་གི་བྱ་བ་ལ༔ བསོད་ནམ་ཚོགས་ཀྱི་འཁོར་ལོ་ནི༔ བཟའ་བཏུང་འོས་པ་ཚང་ཚད་བཤམ༔ ༀ་ཨཱཿབིགྷྣན་ཏ་ཀྲི་ཏ་སརྦ་དུཥྚཾ་ཨུ་ཙ་ཊ་ཡ་ཕཊ༔ བགེགས་བསྐྲད། རྃ་ཡྃ་ཁྃ་གིས་བསང་༔ པདྨ་བྷནྡྷར་ཚོགས་རྫས་ཤ་ལྔ་དང་༔ བདུད་རྩིའི་རང་བཞིན་ཡེ་ཤེས་ལྔ་ཡི་རྒྱུན༔ སྦྱོར་སྒྲོལ་ཟག་མེད་ཐབས་ཤེས་བདེ་བའི་འཕྲུལ༔ འཕྲོ་འདུའི་འཁོར་འདས་དྭངས་བཅུད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ བྱིན་རླབས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་དབྱིངས་རོལ་པ་མེ་རི་འབར་བ་ན༔ རྒྱལ་བ་རབ་

p. 537

འབྱམས་རྒྱལ་སྲས་བླ་མ་དང་༔ དཔལ་ཆེན་ཞི་དང་ཁྲོ་བོ་ཁྲོ་མོའི་ཚོགས༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས༔ ཟག་མེད་འདོད་ཡོན་ཚོགས་མཆོད་བཞེས་སླད་དུ༔ མྱུར་དུ་འདིར་གཤེགས་ཚོགས་ཁང་གཞལ་ཡས་ཀྱི༔ བཀོད་པ་ཚད་མེད་འདིར་བཞུགས་འདོད་ཡོན་ལྔ༔ དགྱེས་དགུའི་མཆོད་པ་འདི་ལ་ད་རོལ་ཅིག༔ གུ་རུ་ཀ་མ་དཱེ་ཝ་ས་པཱ་རི་ཝ་ར་བཛྲ་ས་མ་ཛ༔ ས་མ་ཡ་སྟྭཾ༔ འདོད་ཡོན་སྤྲོ་ཞིང་ཚོགས་ཕུད་འབུལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཚོགས་ཁང་ཆེན་པོ་འདིར༔ ཟག་མེད་འདོད་ཡོན་

p. 538

བཟའ་བཅའ་རི་ལྟར་སྤུངས༔ རྨད་བྱུང་བཏུང་བའི་བདུད་རྩི་ལོངས་སྤྱོད་རྫས༔ ཚོགས་ཀྱི་མཆོད་པ་དཀྱིལ་འཁོར་ལྷ་ལ་འབུལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པས་མཆོད་པ་བསྐང་ཞིང་བཤགས༔ ཨཱཿ ངོ་མཚར་ཚོགས་ཀྱི་ལོངས་སྤྱོད་དཔག་མེད་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་མཐུས༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཀུན༔ བྱང་དག་ཚངས་པར་མཛད་ནས་དངོས་གྲུབ་སྩོལ༔ ས་མ་ཡ་བི་ཤུདྡྷེ་ཨཱཿ ཙམ་པོ་བ་ཡི་བསྒྲལ་སྟོབ་ནི༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་དུས་ལ་བབས༔ དམ་ཉམས་དགྲ་བགེགས་འཇིག་རྟེན་གར་གནས་ཀྱང་༔ ཕོ་ཉ་ཕྱག་རྒྱ་བཞི་ཡིས་མྱུར་དུ་ཁུག༔ དམིགས་པའི་རྟེན་ལ་གཉིས་སུ་མེད་པར་གྱུར༔ ཛཿཧཱུྃ་བྃ་ཧོ༔ ཧཱུྃ༔ ཡེ་ཤེས་ཐབས་ཀྱི་སྤྲུལ་པ་སྲས་མཆོག་གིས༔ སྒྲིབ་སྦྱངས་ཚེ་བསོད་བསྡུས་ནས་གནས་ངན་བསྒྲལ༔ རྟེན་བཞིའི་ཤ་ཁྲག་

p. 539

བདུད་རྩིར་སྦར་བ་འདི༔ འབར་བ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷྲཱུྃ་ཧཱུྃ་ཕཊ༔ དགྲ་བགེགས་སརྦ་ཤ་ཏྲུན་མཱ་ར་ཡ་མཾ་ས་རཀྟ་ཀིང་ནི་རི་ཏི་ཁཱ་ཧི༔ ཞལ་དུ་བསྟབས་ནས་རྣལ་འབྱོར་རྣམས༔ ཚོགས་ལ་རོལ་ཕྱིར་འབུལ་ལེན་བྱ༔ ཧོ༔ དམ་ཚིག་མཆོག་ནི་འདུ་འབྲལ་མེད༔ རོ་མཉམ་མཆོད་པ་བཞེས་སུ་གསོལ༔ ཨ་ཧོ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ལྷག་མའི་དམ་ཚིག་གནས་གསུམ་བསྲེ༔ ཧཱུྃ༔ ཕུད་ཀྱིས་ལྷ་རྣམས་མཆོད་ཅིང་ཐུགས་དམ་བསྐང་༔ ཚོགས་ཀྱི་སློབ་དཔོན་མཆེད་ལྕམ་ཞལ་བསྲོས་ཚིམ༔ ལྷག་མ་དམ་ཚིག་གནས་བསྲེ་ཞལ་ཕྲུས་བསྟབ༔ འདོད་ཡོན་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལྷག་མགྲོན་སྤྱན་དྲངས་ལྷག་མ་བསྔོ༔ བྷྱོ༔ དཔལ་ཆེན་ཁྲག་འཐུང་ཆེན་པོའི་བཀའ་ཉན་ཅིང་༔ ཕྱི་རོལ་དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ དབང་ཕྱུག་མ་མོ་གིང་དང་ལངྐའི་

p. 540

ཚོགས༔ ཐམས་ཅད་བཀའ་ཡི་ཕ་འབབ་འདི་ལོངས་ལ༔ དངོས་གྲུབ་སྒྲུབ་པའི་གྲོགས་དང་མཐུན་རྐྱེན་མཛོད༔ མི་མཐུན་བར་ཆད་རྐྱེན་སོལ་དགྲ་བགེགས་སྒྲོལ༔ དམ་སྲི་འབྱུང་པོ་ཐལ་བ་རྡུལ་དུ་རློགས༔ མོས་བཞིའི་སྣང་བ་འབྲུ་ནོར་ལོངས་སྤྱོད་བསྡུས༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་ཡོན་ཏན་རྒྱས༔ དུས་ངན་གཡོ་འཁྲུགས་ནད་རིམས་མུ་གེ་བཟློག༔ མྱུར་མགྱོགས་ཕྲིན་ལས་གཉེན་པོ་ད་མཛོད་ཅིག༔ སརྦ་ཌཱ་ཀ་ཌཱ་ཀི་ནཱི་མ་མ་རཀྵ་ཨུཙྪིཥྚ་ཁ་ཁ་ཁཱ་ཧི༔ དེ་དག་ཚོགས་ཀྱི་ལས་རིམ་མོ༔ ཐ་ཚིག་ཆད་ཐོ་བསྒྲག་པ་ནི། ཧཱུྃ་བྷྱོ༔ དུས་གསུམ་སྤྲོས་པ་བྲལ་བ་དབྱིངས་ཀྱི་དུས༔ སྔོན་ཚེ་བར་དང་ཐ་མ་ད་ལྟའི་ཚེ༔ ཕུན་ཚོགས་ལྔ་ལྡན་འདུས་པའི་དུས་རྣམས་སུ༔ དབྱིངས་ཀྱི་སྲུང་མ་དཔའ་བོ་མཁའ་འགྲོ་དང་༔ ཕྱི་ནང་བཀའ་དང་གཏེར་སྲུང་རྒྱ་མཚོའི་ཚོགས༔ དཀར་ཕྱོགས་སྐྱོང་བའི་གཞི་གནས་ཡུལ་གྱི་

p. 541

བདག༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཞེས་ནས་བརྒྱུད་གསུམ་བླ་མ་རིག་འཛིན་དང་༔ བཀའ་བབས་ལས་ཅན་སྟོན་པ་སྲས་སློབ་ཀྱི༔ སྤྱན་སྔར་དམ་བཅས་ཞལ་བཞེས་ཇི་བཞིན་དུ༔ དམ་ལས་མ་འདའ་སངས་རྒྱས་བསྟན་པ་སྲུངས༔ ཡམས་ནད་རིམས་ནད་མཚོན་འཁྲུགས་སྐལ་ངན་ཞི༔ ཚེ་དབང་ལོངས་སྤྱོད་སྤེལ་ལ་འདོད་དགུ་བསྡུས༔ འཁྲུགས་རྩོད་མ་རུངས་བདུད་དགྲའི་གཡུལ་ངོ་བཟློག༔ བདག་འཁོར་ལོངས་སྤྱོད་རྐྱེན་ངན་བར་ཆད་སྲུངས༔ ཇི་ལྟར་ཁས་བླངས་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ བཤལ་ཆུ་བདུད་རྩིས་བསྟན་མ་མཆོད༔ ཧཱུྃ༔ བལ་ཡུལ་བོད་ཀྱི་ཚ་བའི་རོང་རྣམས་སུ༔ ཕྱི་ནང་སོ་ཁ་སྲུང་བའི་དམ་ཚིག་ཅན༔ བསྟན་མ་སྐྱོང་མ་ཡ་མའི་ཚོགས་བཅས་

p. 542

རྣམས༔ དམ་ཚིག་བདུད་རྩིའི་བཤལ་ཆུ་འདི་བཞེས་ལ༔ མི་ཕྱུགས་དལ་ཡམས་བར་ཆད་རྐྱེན་ངན་ཞི༔ ཚེ་ནོར་འབྲུ་ཕྱུགས་རྒྱས་ཤིང་འདུ་བ་དང་༔ ལོ་དགྲ་དུས་འཁྲུགས་གཅན་གཟན་གནོད་པ་སྲུངས༔ དགྲ་གདོན་ཇག་རྐུན་ཐལ་བ་རྡུལ་དུ་རློག༔ བོད་ཡུལ་སོ་ཁ་སྲུང་བའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་ཏིཥྛནྟུ་བ་ལིངྟ་ཁཱ་ཧི༔ སརྦ་སིདྡྷི་རཀྵནྟུ་སྭཱ་ཧཱ༔ ལས་མཐའ་མནན་དང་རྟ་བྲོ་བརྡུང་༔ ཧཱུྃ༔ དཔལ་གྱི་སྤྲུལ་པས་མི་སྲུན་བདུད་དགྲ་བཀུག༔ རིམ་དགུ་འབྱུང་བའི་འོག་གཞིར་གཤིན་རྗེར་གཏད༔ གཏོར་སྣོད་རི་རབ་འབར་བས་དྲག་ཏུ་མནན༔ ཁྲོ་བོའི་བྲོ་ར་གཡས་སུ་བརྗིད་པར་བརྡུང་༔ ཁྲོ་མོའི་བྲོ་ར་གཡོན་དུ་འཁོར་མར་འཁྲབ༔ ཞི་བའི་གླུ་དབྱངས་རྡོ་རྗེའི་རྒྱ་ཡིས་གདབ༔ བྱང་སེམས་མ་སྐྱེས་བར་དུ་མ་ལྡང་ཞིག༔ གནོད་བྱེད་སརྦ་ཤ་ཏྲུཾ་ཛཿ མཱ་ར་ཡ༔ ཨོཾ་ལཱཾ༔ ཨཱ་ལཾ༔ ཧཱུྃ་ལཱཾ༔ སྟམ་བྷ་ཡ་ལཾ་ནན༔

p. 543

གཏོར་གཞོང་ཡར་བཟེད་མེ་ཏོག་འཐོར༔ དེ་ནས་དངོས་གྲུབ་བླང་བར་བྱ༔ རང་རང་རྩ་སྔགས་བརྗོད་པའི་མཐར༔ སྐུ་གསུང་ཐུགས་རྟེན་སྤྱི་བོར་བླང་༔ དངོས་གྲུབ་བདུད་རྩི་ངག་ཏུ་མྱོང་༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཛཿ ཀརྨ་སིདྡྷི་ཧོ༔ གཏང་རག་མཆོད་བསྟོད་ནོངས་པ་བཤགས༔ ཡེ་ཤེས་རང་གནས་གཤེགས་པའམ༔ རྟེན་ལ་བཞུགས་སོགས་སྐབས་དང་བསྟུན༔ སྣོད་བཅུད་ཚུར་འདུས་དམ་ཚིག་དཀྱིལ་འཁོར་ལ༔ དེ་ཡང་འཁོར་རྣམས་གཙོ་དང་གཙོ་བོ་ཉིད༔ ཐུགས་སྲོག་ཧཱུྃ་དང་ཧཱུྃ་ཡང་རིམ་པར་རྫོགས༔ ནཱ་ད་མི་དམིགས་ཁྱབ་བརྡལ་ངང་དུ་བཞག༔ ཨ་ཨ་ཨཱ༔ སླར་ཡང་སྐད་ཅིག་མཁའ་ལ་འཇའ་ཤར་ལྟར༔ གཙོ་བོའི་སྐུར་གསལ་གནས་གསུམ་ཡིག་འབྲུས་སྲུང་༔ རྡོ་རྗེའི་གོ་བགོས་གཞོམ་གཞིག་བྲལ་བའི་སྐུ༔ ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་གྱུར༔ ཕཊ༔ ཨོཾ་ཨཱཿཧཱུྃ༔ བསྡུ་ལྡང་རྒྱུན་སྤྱོད་སྨོན་ལམ་བྱ༔ སྤྱོད་ལམ་གཟུགས་སྣང་

p. 544

ལྷ་དང་སྒྲ་གྲགས་སྔགས༔ དྲན་རྟོག་ཏིང་འཛིན་ཐུགས་ཀྱི་རོལ་པ་ལ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ཟུང་འཇུག་ཀློང་༔ རྡོ་རྗེའི་རྣལ་འབྱོར་ཡོངས་སུ་གྲུབ་པར་ཤོག༔ ཧོ༔ དུས་གསུམ་བསགས་པའི་དགེ་ཚོགས་མ་ལུས་དང་༔ དཔལ་ཆེན་རོལ་པའི་བསྐྱེད་སྔགས་རྫོགས་པའི་མཐུས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་ཡོངས་སྨིན་ནས༔ གདུལ་བྱའི་འགྲོ་རྣམས་སྒྲོལ་བའི་དཔལ་དུ་ཤོག༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ བརྒྱུད་གསུམ་བླ་མའི་བྱིན་རླབས་ཐུགས་རྗེའི་སྤྲིན༔ རྡོ་རྗེ་གཞོན་ནུས་གྲུབ་གཉིས་ཆོས་ཆར་འབེབས༔ མཁའ་འགྲོའི་ཕྲིན་ལས་འདོད་དགུའི་ལོ་ཏོག་འཁྲུངས༔ མཆོག་ཐུན་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག༔ དེ་ལྟར་རྗེས་ཀྱི་བྱ་བ་ནི༔ ཕྲིན་ལས་མཇུག་གི་རིམ་པའོ༔ མངོན་རྟོགས་ཕྲིན་ལས་ཐམས་ཅད་ཀྱི༔ ཉམས་ལེན་རྣལ་འབྱོར་བྱེད་པའི་ཚེ༔ སྦྱོར་བ་འདི་ཉིད་ངེས་པར་དགོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འབར་བའི་རྡོ་རྗེའི་གཏེར་མའོ། །དགེའོ།། །།

གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱངས། ཀརྨ་དྲི་མེད་བློ་གྲོས།

p. 545

༄༅། །གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱངས་བཞུགས་སོ། །

p. 546

ན་མོ་བཛྲ་ཀུ་མཱ་ར་ཡེ། མཆོག་ཏུ་མི་འགྱུར་ཆོས་ཀྱི་དབྱིངས་ནི་མཐའ་དང་བྲལ། །བདེ་ཆེན་ཡེ་ཤེས་ཁ་སྦྱོར་དཀྱིལ་འཁོར་ཀུན་བདག་གཙོ། །དམིགས་མེད་སྙིང་རྗེས་འགྲོ་ཀུན་རྗེས་སུ་བཟུང་བའི་ཕྱིར། །ཞིང་བཅུ་སྒྲོལ་མཛད་ཧེ་རུ་ཀཿདཔལ་དེ་ལ་འདུད། །ཅེས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མ་མཆོག་དང་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དབྱེར་མེད་པར་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས། གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བསྐྱེད་རྫོགས་སྤྲོས་མེད་རྒྱུན་གྱི་ཉམས་ལེན་ལྟ་བུའི་རེག་ཟིག་མདོར་བསྡུས་འབྲི་བ་ལ། ཐོག་མར་དད་བརྩོན་ཤེས་རབ་གསུམ་གྱི་སྒོ་ནས་སྔོན་འགྲོའི་རིམ་པ་རྒྱུད་ལ་འབྱོར་བ་གལ་པོ་ཆེ་ཡིན་ཞིང་། མདུན་དུ་རང་ལ་གསང་སྔགས་སྟོན་པའི་བླ་མ་དང་རྡོ་རྗེ་གཞོན་ནུ་གཙོ་འཁོར་དཔའ་བོ་

p. 547

མཁའ་འགྲོ་སྤྲིན་གཏིབས་པ་ལྟར་སྐྱབས་ཡུལ་བསྒོམ་ཡང་ཆོག །ཡུལ་གྱི་ཡོན་ཏན་སོགས་དྲན་ཅིང་གདུང་ཤུགས་དང་བཅས་པས་ཚིག་དོན་དྲན་ན་འཐུས། གསར་རྙིང་གི་སྔོན་འགྲོ་སྤྱི་འགྲེས་རྒྱུད་སྦྱངས་ཟིན་པའི་དབང་དུ་བཏང་ནས། སྐྱབས་ཡུལ་སྤྲོས་བཅས་བསྒོམ་མི་དགོས། རྡོ་རྗེ་གཞོན་ནུ་ལ་ཐམས་ཅད་འདུས་ཤིང་འདིར་རྡོ་རྗེ་ཐེག་པ་གཞི་འབྲས་དབྱེར་མེད་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་ཆོས་སྐུར་བལྟ་ཞིང་སྒོམ་པར་བྱེད་པ་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། འབྲས་བུ་རྡོ་རྗེ་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་རིག་རྡོ་རྗེ་ཐེག་པར་བཏགས། །ཞེས་གསུངས་པ་ལྟར། དོན་དམ་ངོ་བོ་ཉིད་ཀྱི་སྐྱབས་

p. 548

འགྲོ་དང་སེམས་བསྐྱེད་པའོ། །ཕྱིའི་བླ་མ་བཞིའམ་དྲུག་སོགས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་མདོ་རྒྱུད་བསྟན་བཅོས་ཀུན་དང་། རྒྱ་བོད་གྲུབ་ཐོབ་གོང་མའི་རྣམ་ཐར་ལ་བསམ་གཞིག་བྱས་ཏེ་རང་རྒྱུད་ལ་སྦྱར། འདིར་ནི་སྐྱེ་འགག་གཉིས་མེད་ངོ་བོ་ཟུང་འཇུག་རང་རིག་དོན་གྱི་བླ་མ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་བདག་ཉིད་ཀྱི་བླ་མ་མཐར་ཐུག་གི་སྐྱབས་གཅིག་པུ་རང་རིག་དོན་གྱི་ངོ་བོར་ཤེས་པ་དང་། ཧེ་རུ་ཀ་ཞེས་ཁྲག་འཐུང་སྟེ་ཡི་དམ་དང་། དེའང་ཕྱི་ཀུན་བརྟགས་ཀྱི་ཡི་དམ་ཞི་བ་དང་ཁྲོ་བོ་སོགས་དཀྱིལ་འཁོར་རབ་འབྱམས། ནང་ལྟར་དུ་དུག་ལྔ་ཡེ་ཤེས་ལྔ། ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། ཁམས་ལྔ་ཡུམ་ལྔ་སོགས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་དག་པ་དང་། གསང་བ་རང་རིག་རང་རྩལ་སྣང་གྲགས་ལྷའི་ངོ་བོ་སྟོང་པའི་རང་རྩལ་འགགས་མེད་དུ་ཤར་བ་དེ་ཀའོ། །མཁའ་འགྲོ་ལ་ཕྱིའི་མཁའ་འགྲོ་ཡུལ་ཉེར་བཞིའི་ཡེ་ཤེས་དང་ལས་ལས་གྲུབ་པ་དང་། ནང་གི་མཁའ་འགྲོ་འཁོར་ལོ་ལྔར་གནས་པའི་རྩ་ཐིག་རླུང་གསུམ། གསང་བ་རིག་རྩལ་མ་འགགས་པ་ཐབས་ཀྱི་ཆ་ཐམས་ཅད་དཔའ་བོ།

p. 549

ཤེས་རབ་ཀྱི་ཆ་རང་བཞིན་སྟོང་པ་ཟུང་འཇུག་བདེ་བ་ཆེན་པོ་དཔའ་མོའི་ཚུལ་ལོ། །སྐྱབས་ཡུལ་རྒྱ་མཚོ་ཞེས་པ་ནི་མང་ཚིག་སྟེ་ཡོད་དོ་ཅོག་རྣམས་ལ། བྱང་ཆུབ་བར་དུ་ཞེས་པ། བྱང་ཆུབ་ཐོབ་ནས་སྐྱབས་མི་དགོས་པ་མ་ཡིན་ཡང་། མཐར་ཐུག་གི་སྐྱབས་སེམས་ཉིད་ཆོས་སྐུ་མངོན་པ་གྱུར་པ་ཡིན་པས་སྐྱབས་ཡུལ་དང་ཤེས་པ་ཡུལ་ཅན་དུ་མི་གནས་པའི་ཕྱིར་རོ། །དཔེར་ན་རྒྱལ་པོའི་ལྕགས་རི་ནས་ཕོ་བྲང་དུ་འགྲོ་འདོད་ན། ཕོ་བྲང་དུ་སླེབས་ཟིན་པའི་ཚེ་སླར་འགྲོ་མི་དགོས་པ་བཞིན་ནོ། །སེམས་ཅན་ཀུན་གྱི་དོན་བྱ་བའི་ནུས་པ་ད་ལྟ་བདག་ལ་མེད་པས་དེའི་ཕྱིར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བར་གཅོད་ཀྱི་བདུད་འདུལ་བའི་ཕྱིར། ཞེས་པ་བདུད་བཞི་སྟེ། འཆི་བདག་གི་བདུད། ཕུང་པོའི་བདུད། ཉོན་མོངས་པའི་བདུད། ལྷའི་བུའི་བདུད་རྣམས་འདུལ་བའི་ཕྱིར་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ་ཞེས་པའི་དོན་ཏེ། དེའང་བར་གཅོད་ཀྱི་བདུད་ཐམས་ཅད་བསྡུ་ན། ཆོས་དང་གང་ཟག་གི་བདག་གཉིས་སུ་འདུས། སྤྱིར་ཆོས་ཐམས་ཅད་ཁམས་བཅོ་བརྒྱད་ལ་འདུས་ཤིང་། དེའང་བསྡུ་ན་སྐྱེ་མཆེད་བཅུ་གཉིས་ལ་འདུས། དེའང་བསྡུ་ན་ཕུང་པོ་ལྔར་འདུས་ལ། གང་ཟག་གི་

p. 550

བདག་ནི་ངའོ་སྙམ་པའི་ངར་འཛིན། ཆོས་ཀྱི་བདག་ནི་ཕུང་པོ་ལྔས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་འཛིན་པ་ཡིན་ནོ། །དེའང་བདག་མེད་ཅེས་པ། གཞི་གང་ཟག་གི་སྟེང་དུ་མེད་པ་གང་ཟག་གི་བདག་མེད། མིག་རྣ་སོགས་ཆོས་ཀྱི་སྟེང་དུ་མེད་པ་ཆོས་ཀྱི་བདག་མེད་པ་ཡིན་ནོ། །བདག་གཉིས་སུ་འཛིན་པ་ནི་འཁོར་བར་འཆིང་བའི་མ་རིག་པ་ཡིན་ཏེ། ཆོས་ཀྱི་བདག་འཛིན་ལ་བརྟེན་ནས་གང་ཟག་གི་བདག་འཛིན་མ་རིག་པ་འབྱུང་། དེ་ལས་འདུ་བྱེད་སོགས་ཐམས་ཅད་འབྱུང་། མ་རིག་པ་དེ་ལྡོག་ན་གཟུང་འཛིན་གཉིས་ཀ་སྟོངས་ཏེ་ཆོས་དབྱིངས་བསྟོད་པ་ལས། བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགགས་པར་འགྱུར། །ཞེས་གསུངས་པ་ལྟར། བདུད་ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅོམ་པའི་དོན་ཤེས་པ་གལ་ཆེ། དངོས་གཞི་ཏིང་འཛིན་གསུམ་པོ་འདི་གོ་དཀའ་ཞིང་གལ་ཆེ་བས་རང་གིས་ཤེས་ཚོད་ཙམ་རྒྱས་པར་བཤད་ན། ངོ་བོ་རང་བཞིན་ཆོས་ཀྱི་སྐུ། ངེས་ཚིག་ནི། དེ་མ་ནོར་བཞིན་མ་བཅོས་པ་ཉིད་ཀྱི་ཐོག་ཏུ་རང་བབས་སུ་གནས་པའི་ཏེང་ངེ་འཛིན། ངོ་བོ་སྟོང་པ། རང་བཞིན་གསལ་བ། འཛིན་རྟོག་མེད་པའི་སྟོང་གསལ་གྱི་ངང་ལ་མ་ཡེངས་པ་ནི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་

p. 551

འཛིན་ཡིན་ལ། གཞུང་གི་ཚིག་རིས་རྡོ་རྗེ་ཞེས་པས་བསྟན་ཏེ། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །ཅེས་དང་། བཤད་རྒྱུད་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་པ་ཐ་དད་མེད་པའི་རང་བཞིན་དེ་ཇི་ལྟ་བུ་ཡིན་ཞེ་ན། རྩ་ཤེས་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཉིད། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་སོ། དེ་ལྟ་བུ་ལ་དགོས་ཆེད་ཅི་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ཡེ་ནས་འཁྲུལ་ཏེ་མ་རིག་པས་བདག་ཏུ་བཟུང་ནས་འཁོར་བར་འཁྱམས་པ་ཡིན་པས། དེ་ཡི་གཉེན་པོར་སྟོང་གསལ་འཛིན་མེད་ཡེངས་མེད་སྤྲོས་བྲལ་ཆོས་སྐུ་བསྒོམ་པ་གསང་སྔགས་འབྲས་བུ་ལམ་བྱེད་ཡིན་པས། ཆོས་སྐུའི་ངང་ལས་གཟུགས་སྐུ་གཉིས་འབྱུང་བའི་ཕྱིར་རོ། །གཉིས་པ་ཀུན་སྣང་གི་ཏེང་ངེ་འཛིན་ནི། ངོ་བོ་སྙིང་རྗེ་ཆེན་པོ། ངེས་ཚིག་ནི་སྟོང་པ་ཉིད་ཀྱི་དོན་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་ཆེན་པོའི་སྣང་བ་ཤར་བ། དགོས་ཆེད་ནི། དེ་བཞིན་ཉིད་སྤྲོས་བྲལ་ངོ་བོ་སྟོང་པ་དང་། རྒྱུའི་ཏིང་ངེ་འཛིན། མཚན་བཅས་ཡིག་འབྲུར་སྣང་བ་ཉིད་སྙིང་རྗེས་མཚམས་སྦྱར་བ། སྟོང་ཉིད་ངང་ལས་སྙིང་རྗེའི་སྙིང་པོ་སྒྱུ་

p. 552

མའི་ཆོ་འཕྲུལ་ཡི་གེར་འབྱུང་བས་དགོས་ཆེད་དོ། གཞུང་གི་ཚིག་ནི། ཁྲོས་པས་ཞེ་སྡང་གཅོད་ཅེས་པས་བསྟན་ཏེ། ཁྲོས་པ་ནི་སྙིང་རྗེ་སྟེ་ཐུགས་རྗེའི་ཡུལ་ཞིང་བཅུ་ལ་སྙིང་རྗེ་ཆེར་ཁྲོས་པས་ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་པ་སྟེ། ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཞེས་པས་ལས་ངན་གྱི་འབྲས་བུས་ངན་སོང་དུ་འགྲོ་ངེས་པ། སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་བའོ། །གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ལ་ངོ་བོ་ནི། ཐོལ་སྐྱེས་ཀྱི་རིག་པ་དེ་ཉིད་དོ། །ངེས་ཚིག་ནི། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་དང་བཅས་བསྐྱེད་པའི་རྒྱུའོ། །དགོས་ཆེད་ནི་དཀྱིལ་འཁོར་ལྷ་ཚོགས་བསྐྱེད་པའི་ཕྱིར་རོ། །གཞུང་གི་ཚིག །མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ ཞེས་པས་བསྟན་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོས་མཚོན་པའི་ཧཱུྃ་ཡིག་མཐིང་ནག་མི་འགྱུར་བའི་ཐིག་ལེ་ཆེན་པོ་སྟེ། དེ་ཡང་རང་གི་རིག་པ་ཧཱུྃ་དུ་གསལ་བའི་ང་རྒྱལ་བརྟན་པོ་བསྒོམ་པ་དཔེར་ན་ཆོས་དབྱིངས་ཀྱི་ནམ་མཁར་ཟླ་བ་ལྡིང་བ་ལྟར་བསྒོམ་མོ། །དེ་ཡང་ཧཱུྃ་ཞེས་པའི་ཧའི་སྒྲ་ལས། ཧ་གྲ་ཧ་ཀ་ནི་གཟུང་བ། ཧ་གྲ་ཧ་ཙ་ནི་འཛིན་པ། ཞབས་ཀྱུའི་ཨུ་ལ་ཤ་རྒྱན་བྱིན་པས་ཤཱུ་ནྱ་ཏ་སྟེ་སྟོང་པ། ཀླད་ཀོར་མ་ནི། མ་ནོ་ཏ་ཞེས་པ་ཡིད། དེ་ལྟར་ན་གཟུང་བ་དང་འཛིན་

p. 553

པས་སྟོང་པའི་ཡིད་ཅེས་པ་རྒྱུའི་ས་བོན་ཧཱུྃ། དེ་ལས་འོད་ཟེར་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་བུའི་ཞིང་ཁམས་སུ་དམིགས་པ་ཙམ་ལས་གཞལ་ཡས་ཁང་སྤྲོས་བཅས་བསྒོམ་མི་དགོས་ཤིང་། དེ་ལྟར་ཕྱི་སྣོད་གཞལ་ཡས་ཁང་དུ་ལམ་གྱིས་གསལ་བའི་དབུས་སུ་གྲུ་གསུམ་མཐིང་ནག་ཨེ་དེ་ཉིད་གདན་ཐབ་མཐིང་གསལ་འོད་ཀྱི་རང་བཞིན་ཁ་ཁྱེར་ར་བ་ལྟ་བུ་སྐུའི་པུས་མོའི་ཐད་དུ་སླེབས་ཙམ་བསྒོམ་པའམ། ཡང་ན་མཐིང་ནག་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པ་ཟུར་གཅིག་མདུན་དུ་བསྟན་ནམ། ཡང་ན་ཟུར་གཅིག་རྒྱབ་ཏུ་བསྟན་པའི་མདུན་གྱི་ལོགས་ལ་སྒོ་ཁྱུད་དང་བཅས་པའི་ལྟེ་བར་རྡོ་རྗེའི་བྲག་ཆེན་བཻ་ཌཱུརྱ་མཐིང་གསལ་འོད་ཀྱི་རང་བཞིན་གྲུ་གསུམ་གྱི་ལྟེ་བར། སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་བརྡལ་བའི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ལྷ་ཆེན་པོ་ནག་པོ་ཁ་སྦུབ། ཨུ་མ་དམར་མོ་གན་རྐྱལ་གཅེར་བུ་རྒྱན་མེད་པ་ལག་གཉིས་ཐལ་སྦྱར་བསྒོམ་ཡང་རུང་ལ། ཡང་ན་གཡས་སུ་ལྷ་ཆེན་མ་ཧཱ་དེ་བ་ནག་པོ་ཁྲོས་ཉམས་རལ་པ་དམར་སེར་གཡས་རྩེ་གསུམ་གཡོན་ཐོད་

p. 554

ཁྲག་སྟག་ཤམས་ཅན་ཁ་སྦུབ་ཏུ་འགྱེལ་བ། གཡོན་དུ་ཨུ་མ་དམར་མོ་ཆགས་ཉམས་གཡས་རྩེ་གསུམ་དང་གཡོན་ཐོད་ཁྲག་གཟིག་ཤམ་ཅན་གན་རྐྱལ་དུ་འགྱེལ་བ། དེའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཐིང་ནག་གི་ལྟེ་བ་ཧཱུྃ་ཡིག་གིས་མཚན་པ་དེ་ལས་འོད་ཟེར་མཆོག་ཏུ་འབར་ཞིང་འཕྲོས་པ་ཙམ་གྱིས་རྒྱལ་བ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་སྦྱངས་ཤིང་འོད་ཟེར་ཚུར་འདུས་པའི་ངང་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་སུ་གདོད་མ་ནས་གནས་པ་ལས་གཏུམ་ཆེན་འབར་བའི་ཁྲོ་བོ་ཆེན་པོ་མི་བཟད་པ་སྟེ། མི་སྡུག་པ་སོགས་གར་གྱི་ཉམས་དགུས་སྒེག་པ། ཁྲོ་བོའི་ཉམས་ཐམས་ཅད་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས་པ་སྟེ། ཆོས་ཉིད་འགྱུར་བ་མེད་པའི་ཕྱིར་སྐུ་མདོག་ཐིང་ནག སྐུ་གསུམ་མཚོན་པའི་ཕྱིར་ཞལ་གསུམ། དབུས་མཐིང་ག་ཆོས་སྐུ། གཡོན་དམར་བ་ལོངས་སྐུ། གཡས་དཀར་བ་སྤྲུལ་སྐུ། ༧ ཡང་ན་གཡས་དཀར་བ་སྐུ། གཡོན་དམར་བ་གསུང་། དབུས་མཐིང་ག་ཐུགས་མཚོན་པའི་དག་པ་སྦྱར་ནའང་རུང་། མཆན། ཕར་ཕྱིན་དྲུག་མཚོན་པའི་ཕྱིར་ཕྱག་དྲུག །དྲག་པོར་ཁྲོས་པའི་སྤྱན་དགུ་ཕྱོགས་བཅུར་བསྒྲད་ཅིང་གཟེར་བ་ཐེག་པ་དགུའམ་ཡེ་ཤེས་དགུ་མཚོན། རབ་ཏུ་རྔམ་པའི་ཞལ་གསུམ་གདངས་ཤིང་ལྗགས་དམར་གློག་ལྟར་འཁྱུག་

p. 555

ཅིང་འདྲིལ་བ། རབ་དཀར་གངས་རི་ལྟ་བུའི་མཆེ་བ་བཞི་གཙིགས་པ། ཨཱ་ར་ལི་ཡི་སྒྲ་ཆེན་སྒྲོགས་པ་སྟེ། བཛྲ་ཨཱ་ར་ལི་ཞེས་པའི་སྔགས་དོན་རྙོགས་པ་མེད་པ་དང་། རྡོ་རྗེ་རིང་ཕུར་དང་རྩིབས་ཕུར་ཞེས་སྤྱོད་པ་ཐམས་ཅད་ལ་ཐོགས་པ་མེད་པར་རོལ་པའི་དོན་ཡིན་པར་བཤད་པ་དང་། རྡོ་རྗེ་དགྲ་འཇོམས་སུ་ཞ་ལུ་ལོ་ཙཱས་བསྒྱུར་བའི་ཕྱི་མ་ལྟར་འཐད་པར་སེམས། སྨ་ར་དང་ཨག་ཚོམ་སྨིན་མ་དམར་སེར་མེ་ལྕེ་ལྟར་འབར་བ་འཁྲུག་ཅིང་རྔམ་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་གཙུག་ཏུ་བཅིངས་ཤིང་ལྷག་མ་གྱེན་དུ་བརྫེས་པ། དབུ་སྐྲའི་གསེབ་གཙུག་ཏོར་གྱི་རྩེར་རྡོ་རྗེ་མཐིང་ག་འོད་ཀྱི་རང་བཞིན་གྱི་ལྟེ་བར་རིན་པོ་ཆེའི་ཁྲི་ཕྱོགས་བཞི་ནས་གླང་པོ་ཆེ་བྱུང་སྟེ་བརྒྱད་ཀྱིས་བཏེགས་པའི་ཁྲིའི་སྟེང་དུ་པད་ཉི་ཟླ་བ་ལ་མི་བསྐྱོད་པ་ཡབ་རྐྱང་། ལྷ་རྣམས་རྒྱན་མེད་པ་བསྒོམ་ཀྱང་རུང་། མཆན། ལོངས་སྐུའི་ཆ་བྱད་ཅན་གཡས་ས་གནོན་གཡོན་མཉམ་བཞག་གི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འཛིན་པ་བསྒོམ། ཡུམ་གྱི་དབུའི་གཙུག་ཏོར་རྩེར་དབུ་སྐྲའི་གསེབ་ཏུ་སྤྱན་མ་མཐིང་གསལ་ལོངས་སྐུའི་ཆ་བྱད་ཅན་གཡས་ས་གནོན་མཉམ་བཞག་གི་སྟེང་རྡོ་རྗེ་འཛིན་པ་དང་གླང་པོའི་ཁྲི་སོགས་སྔ་མ་ལྟར་བསྒོམ། ཕྱག་དྲུག་གི་གཡས་པ་དང་པོས་རྡོ་

p. 556

རྗེ་རྩེ་དགུ་རྭ་གདེང་ཕྱར་བས་ས་དགུའི་རྟོག་པ་ཐམས་ཅད་གཞོམ་པའི་བརྡ། དེ་ཡང་ཁམས་གསུམ་ས་དགུ་ཞེས། ལྟུང་བ་ཡོད་པ་དམྱལ་བའི་ས། །ཡི་དྭགས་བྱོལ་སོང་བྱིང་གི་ས། །བསོད་ནམས་གྲུབ་པ་མི་ཡི་ས། །ཀུན་ཏུ་གཡོ་བ་རླུང་གི་ས། །མཐོ་རིས་གོ་འཕང་ལྷ་ཡི་ས། །མཚན་གྱིས་བསྟན་པ་སྤྲིན་གྱི་ས། དྲི་མེད་ཡེ་ཤེས་ངད་ལྡན་ས། །མིང་གིས་མཚན་པ་སྐྱེ་མེད་ས། །ཞེས་སྔ་འགྱུར་བ་འགའ་ཞིག་གིས་བཤད་པ་ཡོད་མོད་ཀྱང་། ཡོངས་གྲགས་ས་བཅུ་པ་ཕྱིན་ཆད་ཀྱི་རྟོགས་པ་ལ་སྦྱོར་ན་འཐད་ཆེ་བར་གསུངས་སོ། །བར་པས་རྡོ་རྗེ་རྩེ་ལྔ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་གཟིར་བས་ཉོན་མོངས་དུག་ལྔའི་རྟོག་པ་ཐམས་ཅད་ཡེ་ཤེས་ལྔར་དག་པའི་བརྡའོ། །གཡོན་པ་དང་པོས་སྡིགས་མཛུབ་དང་བཅས་མེ་དཔུང་འབར་བ་བསྣམས་པས་མ་རིག་པའི་མུན་པ་བསྲེག་པའི་བརྡའོ། །བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན་པ་དུག་གསུམ་དབྱིངས་སུ་བསྒྲལ་བའི་བརྡ། ཐ་མས་རི་རབ་ཕུར་བུ་བསྒྲིལ་བ་སྟེ། མཚན་མའི་ཡུལ་རྟག་ཆད་བདག་མཚན་གཞི་གང་ལ་བཏབ་ཀྱང་མི་འགྱུར་བའི་བདེ་བ་ཆེན་པོའི་ས་ལ་མཐར་ཕྱིན་པར་སྦྱོར་བ་སྟེ། དེའང་སྲིད་པའི་ཕུར་བུ་ཞེས་པ་སྲིད་པ་གསུམ་ལྷའི་དཀྱིལ་འཁོར་དུ་རྫོགས་པ་སྟེ། རྒྱ་མདུད་སྟེང་མ་

p. 557

གཟུགས་མེད་ཁམས། ཆང་ཟུང་འདབ་མ་བཅུ་དྲུག་དང་རྒྱ་མདུད་འོག་མ་གཟུགས་ཁམས། ཆུ་སྲིན་རྔམ་ཞལ་དང་དབལ་འདོད་ཁམས་ལ་སྦྱར་བ། རི་རབ་ཕུར་བུ་སྟེ་སྲིད་པ་གསུམ་པོ་དེའང་སྐུ་གསུང་ཐུགས་ཀྱི་རང་བཞིན་སྐུ་གསུམ་གྱི་དཀྱིལ་འཁོར་རོ། །ཐུགས་ཀྱི་ཕུར་གཅིག་རྒྱུད་ཀྱི་དགོངས་འགྲེལ་ལས། རྩི་ཤིང་ལ་སོགས་སྲིད་པ་ཀུན༔ སྣང་བའི་ཡུལ་དུ་ཕུར་པའི་དབྱིབས༔ རང་བཞིན་ཉིད་དུ་གནས་པའོ༔ ཞེས་གསུངས་སོ། །དེའང་ཡང་དག་སྦྱར་བ་རྒྱུད་ཀྱི་དགོངས་འགྲེལ་ལས། དུག་གསུམ་གསོལ་ཕྱིར་ཞལ་གསུམ་བསྟན༔ རྒྱུད་དྲུག་སྒྲོལ་ཕྱིར་ཕྱག་དྲུག་གིས༔ ཤེས་བྱའི་སྒྲིབ་གཅོད་རྩེ་དགུ་གདེང་༔ དུག་ལྔ་འཇོམས་ཕྱིར་རྩེ་ལྔ་འཕེན༔ དུག་གསུམ་སྒྲོལ་བའི་ཁ་ཊྭཱྃ་འཛིན༔ རྣམ་རྟོག་འཇོམས་པའི་སྡིགས་མཛུབ་མཛད༔ གདུག་པ་སྒྲོལ་ཕྱིར་ཕུར་བུ་བསྒྲིལ༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ལག་གཡས་མི་བསྐྱོད་པ། ལག་གཡོན་རིན་འབྱུང་གི་རང་བཞིན་དུ་གནས་པས་ན་གཡས་རྡོ་རྗེའི་གཤོག་པ་མི་བསྐྱོད་པའི་རང་བཞིན་དང་། གཡོན་རིན་པོ་ཆེའི་གཤོག་པ་རིན་འབྱུང་གི་རང་བཞིན་དུ་གནས་པའི་ཕྱིར། རྡོ་རྗེ་རིན་ཆེན་གཤོག་པ་གདེང་༔ ཞེས་པའོ། །ཡང་ན་གཡས་སྤུ་གྲིའི་གཤོག་པ་རྡོ་རྗེའི་ཐིལ་

p. 558

ཕྲན་ཅན། གཡོན་ཆུ་གྲིའི་གཤོག་པ་རིན་པོ་ཆེའི་ཐིལ་ཕྲན་ཅན་བསྒོམ་ཀྱང་རུང་ངོ་། བརྒྱ་བྱིན་དང་དེ་ཡི་ཞོན་པ་གླང་པོ་ཆེ་བརྟུལ་བའི་གླང་ཆེན་གྱི་ཀོ་རློན། ཚངས་པ་ཆེན་པོ་བསྒྲལ་བའི་ཞིང་ཆེན་གྱི་ལྤགས་པ་སྟོད་དུ་གསོལ་བ། གཟའ་ཆེན་ཉི་མའི་བུ་མོ་སྟག་གདོང་སྤྱན་གཅིག་མ་བཏུལ་བའི་སྟག་གི་ལྤགས་པའི་ཤམ་ཐབས་མཛད་པ། རུ་དྲ་སྡེ་གསུམ་བསྒྲལ་བའི་ཐོད་པ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བ་ཚར་གསུམ་གྱིས་དོ་ཤལ་བྱས་པ། ཕུར་པ་རོག་ལུགས་སོགས་འགའ་ཞིག་ཏུ། ཐོད་སྐམ་དབུ་རྒྱན། ཐོད་རློན་དོ་ཤལ། ཚལ་བུས་ཕྱག་ཞབས་ཀྱི་གདུབ་བུར་བཞེད་པའང་ཡོད། གཏེར་གཞུང་འདི་ནི་སྔ་མ་ཁོ་ནའོ། །ཐོད་པ་སྐམ་པོ་ལྔའི་ཅོད་པན་རྣམས་རྒྱུ་མའི་ཁོང་གསེང་གིས་སྦྲེལ་བས་དབུ་ལ་བརྒྱན་ཅིང་། དེ་ཡང་ཐོད་སྐམ་རྣམས་ཕྱི་ཐོད་པའི་རྣམ་པ་ལ་ནང་ཁང་བུར་གྱུར་པའི་དབུས་ཞལ་ལ་བཛྲ་ཧེ་རུ་ཀ་གཙོ་བོར་བཞུགས་པའི་ཁྲག་འཐུང་རིགས་ལྔ་ཡབ་རྐྱང་། གཡས་པ་རྣམས་རང་རྟགས་ཀྱི་ཕྱག་མཚན་དང་། གཡོན་ཐོད་ཁྲག་དཔལ་དང་དུར་ཁྲོད་ཀྱི་ཆས་སོགས་སྤྱི་འགྲེ་ལྟར་རམ། ཡང་ན་རྒྱན་མེད་པར་བསྒོམ་ཀྱང་རུང་། གཡས་ཞལ་ལ་བུདྡྷ་ཧེ་རུ་ཀ་གཙོ་བོ་དང་། གཡོན་ཞལ་ལ་པདྨ་ཧེ་རུ་ཀ་གཙོ་བོ་བྱས་ནས་གོ་འཕོ་ཚུལ་ཤེས་པར་

p. 559

བྱ། ཡུམ་གྱི་ཐོད་སྐམ་ནང་དུ་བཛྲ་ཀྲོ་དྷཱི་གཙོ་བོར་གྱུར་པའི་ཁྲག་འཐུང་ཡུམ་ལྔ། རིན་པོ་ཆེའི་རྩེ་བྲན་རྣམས་ཀྱི་ནང་དུ་ཞི་བ་རིགས་ལྔ། དབུས་ཞལ་ལ་མི་བསྐྱོད་པ། གཡས་སུ་རྣམ་སྣང་། གཡོན་དུ་སྣང་མཐའ་སོགས་སྔ་མ་ལྟར་རྒྱན་གོས་སོགས་གང་བདེ་བསྒོམ། ཡུམ་གྱི་རྩེ་བྲན་ནང་དུ་སྤྱན་མ་སོགས་ཡུམ་ལྔ་བསྒོམ། ཐོད་སྐམ་བཤད་པའི་ཞོར་དུ་བསྒོམ་བྱའི་ས་ཁོངས་ཀྱི་ཞི་ཁྲོ་རིགས་ལྔ་ཡབ་ཡུམ་འདིར་བཤད་པ་ཙམ་ལས། བསྒོམ་རྒྱུ་དངོས་དབང་ལྷ་སྤྱན་འདྲེན་འོག་ནས་འབྱུང་བའི་སྐབས་སུ་བསྒོམ་དགོས། མོས་སྒོམ་བསྡུས་པའི་སྐབས་སུ་ཐོད་སྐམ་ལྔ་པོ་རྣམས་རིགས་ལྔའི་ངོ་བོ་ཡིན་པར་བསམ་པས་མཐུས། ཀླུ་རྒྱལ་གདུག་པ་ཅན་བཏུལ་ནས་སྦྲུལ་རིགས་ལྔའི་ཆུན་པོས་བརྒྱན་པ་སྟེ། དེ་ཡང་རྒྱལ་རིགས་དཀར་པོས་དབུ་རྒྱན། རྗེ་རིགས་སེར་པོས་སྙན་རྒྱན། བྲམ་ཟེ་དམར་པོས་སེ་མོ་དོ། གདོལ་པ་ནག་པོས་མགུལ་ཆུན། དམངས་རིགས་ལྗང་གུའི་གདུ་བུ་དང་སྐ་རགས་དོ་ཤལ་བྱས་པ་སོགས་སྒྱུ་འཕྲུལ་ལས་བཤད་པ་ལྟར་རམ། ཡང་ན་གཞན་སྔ་མ་ལྟར་ལ་ཁྱད་པར། བྲམ་ཟེ་དམར་ཁྲའི་ཅོད་པན་ཏེ་སྐྲ་ཆིངས། དམངས་རིགས་ལྗང་གུའི་ཕྱག་ཞབས་ཀྱི་གདུ་བུ། གདོལ་པ་ནག་པོས་སྐ་རགས་ཏེ་ལྔ། ཞི་ཁྲོའི་

p. 560

བཀའ་བཤད་ལ་དཔྱད་པ་སྐྱ་རེངས་དང་པོ་ལས་བཤད་པ་གཉིས་གང་བྱས་ཀྱང་རུང་། འཇིགས་བྱེད་ཆེན་པོའི་དུར་ཁྲོད་ཀྱི་བདག་རུ་དྲ་བཏུལ་བའི་ཆས་རྣམས་དཔའ་རྟགས་སུ་འཕྲོགས་ནས་སྐུ་ལ་གསོལ་བ་ནི། དུར་ཁྲོད་ཀྱི་ཆས་བརྒྱད་པོ་ཡིན་ལ། དེ་ཡང་། ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུག༔ ཅེས་པ་ལ། རུ་དྲའི་ཆུང་མར་མ་ཆགས་ཐབས་ཀྱིས་རོལ་པས་དབང་དུ་བསྡུས་ནས་མཁུར་ཚོས་གཉིས་དང་སྣའི་ཟུར་ཏེ་འབུར་གསུམ་ལ་རཀྟའི་ཐིག་ལེ། དབང་མོ་ཉེར་བརྒྱད་དབང་དུ་བསྡུས་པའི་ཨོག་མར་ཞག་གི་ཟོ་རེས་གསུམ། སྲིན་མོ་ཉེར་བཞི་མ་ལ་སོགས་པ་བཏུལ་བའི་ཐལ་ཆེན་གྱི་ཚོམ་བུ་དཔྲལ་བར་རྩེ་གསུམ་པའི་དབྱིབས་སུ་བྱུགས་པ། རུས་པའི་རྒྱན་དྲུག་ཕར་ཕྱིན་དྲུག་ལ་སྦྱར་ཏེ། སྤྱི་བོར་རུས་པའི་འཁོར་ལོ་དྲྭ་མིག་སོ་གཉིས། སྐྲ་ཐམས་ཅད་དྲྭ་མིག་ནས་གཟེངས་པ། ཐོད་སྐམ་ལྔའི་དབུ་རྒྱན་ལས་བྱུང་བའི་རུས་པའི་དྲྭ་བ་དང་དྲྭ་ཕྱེད། སྙན་གཉིས་ལ་རུས་པའི་ཨ་ལོང་གཉིས། མགུལ་དུ་རུས་པའི་མགུལ་རྒྱན་དྲྭ་མིག་བཅུ་དྲུག་པ། དཔུང་པ། མཁྲིག་མ། ཞབས་རྣམས་ལ་རུས་པའི་གདུ་བུ། སྐེད་པར་སྐེད་རྒྱན་རུས་པའི་དྲྭ་མིག་དྲུག་ཅུ་རྩ་བཞི་པ། ཚངས་སྐུད་དམ་ཐལ་བ་ཞེས་པ། རྒྱ་གར་དུ་མུ་སྟེགས་བླ་མ་བྱེད་པ་རྣམས་བ་གླང་གི་

p. 561

ལྕི་བའི་ཐལ་བ་བྱུགས་པའི་སྟེང་དུ། སྐུད་པ་ལྟ་བུ་ཞིག་གྱོན་པ་དེ་ཚངས་པ་མི་བརྗེད་དྲན་རྟེན་དང་དམ་ཚིག་ཡིན་ཟེར་བ་དེ་དག་འདུལ་ཕྱིར་ཧེ་རུ་ཀའི་སྐུ་སྟོད་ལ་ཐལ་ཆེན་གྱིས་རི་མོ་བྲིས་པའི་སྟེང་དུ་རོ་སྐྲ་དང་རུས་པའི་ཕྲེང་བ་སེ་རལ་ཁ་གཉིས་སུ་བསྣོལ་མར་གྱོན་པར་བཤད་པ་དང་། ཡང་ན་མདུན་རྒྱབ་གཉིས་སུ་མདོ་གནོན་རུས་པའི་འཁོར་ལོ་རྩིབས་བཞི་པ་ལ་སྦྲེལ་བའི་རུས་པའི་ཕྲེང་བ་བཅས་རྒྱན་དྲུག །རྒྱུ་དུག་ལྔ་སེར་སྣ་དང་དྲུག །ལམ་ཕར་ཕྱིན་དྲུག་ཏུ་དག་པ་མཚོན་ཏེ། དེ་ཡང་རུས་པའི་འཁོར་ལོ་ཤེས་རབ་ཕར་ཕྱིན། སྙན་ཆ་ཚུལ་ཁྲིམས་ཕར་ཕྱིན། མགུལ་རྒྱན་བཟོད་པའི་ཕར་ཕྱིན། སྐ་རགས་བརྩོན་འགྲུས་ཕར་ཕྱིན། ཚངས་སྐུད་དམ་སེ་རལ་ཁ་བསམ་གཏན་ཕར་ཕྱིན། ཕྱག་ཞབས་ཀྱི་གདུ་བུ་སྦྱིན་པའི་ཕར་ཕྱིན་མཚོན། འབྲས་བུའི་སྐབས་སུ་རིགས་དྲུག་ཏུ་མཚོན་པ་ཡིན་ནོ། །དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ལ་བགྲང་ཚུལ་ངོས་འཛིན་མི་འདྲ་བ་མང་དུ་ཡོད་དེ། བཀའ་བརྒྱད་སྒྲུབ་ཁོག་ལས། ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན། ༡ཐེག་མཆོག་དོན་སྟོན་གླང་ཆེན་ཀོ་རློན། ༢འཁོར་བ་མེ་སྤོང་མི་ལྤགས་གཡང་གཞི། ༣ཞེ་སྡང་ཉིད་འཇོམས་སྦྲུལ་ནག་ཆུན་པོ། ༤ཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟག་

p. 562

ཤམ། ༥འཁོར་བའི་བཅུད་ལེན་ཞག་གི་ཟོ་རེས། ༦ཆགས་པ་དབང་སྡུད་རཀྟའི་ཐིག་ལེ། ༧སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ། ༨སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་ཚར་གསུམ། ༩ཅིས་ཀྱང་མི་ཤིགས་རྡོ་རྗེའི་གོ་ཁྲབ། ༡༠མ་རིག་ནགས་བསྲེག་ཡེ་ཤེས་མེ་དཔུང་། ཞེས་པ་སྟེ། དོན་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་གོ་ཁྲབ་དང་མེ་དཔུང་བགྲང་བས་བཅུར་གསུངས། ཡང་ན་དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ། གསལ་བ་མེའི་ཆས། ཟིལ་གནོན་གཤོག་པའི་ཆས་དང་བཅུ། ཡང་དག་གི་རྒྱུད་རྣམས་ལས་བཤད་ཅེས་གཏེར་ཆེན་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་གསུངས་ཤིང་མཁས་གྲུབ་རྩེ་ལེ་རིན་པོ་ཆེ་ནས་ཀྱང་དེ་ལྟར་བཞེད་ལ། སྒྱུ་འཕྲུལ་ལས། དུར་ཁྲོད་ཆས་བརྒྱད། དཔལ་གྱི་ཆས་བརྒྱད། གསལ་བའི་རྒྱན་གཉིས་ཞེས་བཤད་དོ། །དེ་ཡང་ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། །གླང་ཆེན་ཀོ་རློན་སྟོབས་ཆེན་མཆོག་གི་རྒྱན། །སྟག་གི་ཤམ་ཐབས་དཔའ་བརྟུལ་བྱ་བྱེད་རྒྱན། །སྦྲུལ་ནག་ཆུན་པོ་མཉེན་ལྕུགས་འཁྲིལ་བའི་རྒྱན། །ཐོད་པ་ཚར་གསུམ་སྐུ་གསུམ་བརྙེས་པའི་རྒྱན། །རཀྟ་ཐུགས་རྗེ་ཆགས་པའི་རྒྱན། །ཐལ་བ་འདུ་བྱེད་ཕྲིན་ལས་རྒྱན། །ཞག་ཆེན་དོན་དམ་བཅུད་ཀྱི་རྒྱན། །ཞེས་དང་། དཔལ་ཆེན་པོའི་སྐུ་ལ་ཡེ་

p. 563

ནས་རང་ཆས་སུ་གནས་པའི་དཔལ་གྱི་ཆས་བརྒྱད་ནི། ༡དབུ་སྐྲ་གྱེན་བརྗེས་འཁོར་བ་རུ་ལྡོག་ཆས། །༢རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །༣མཐིང་དམར་ཅོད་པན་རྟག་ཆད་ཟིལ་གནོན་ཆས། །༤སྤྱི་གཙུག་རྡོ་རྗེ་ལྷག་པར་རིག་པའི་ཆས། །༥དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །༦གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །༧གནོད་གདུག་ཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། །༨ཉོན་མོངས་སྲེག་བྱེད་ཡེ་ཤེས་མེ་ཡི་ཆས། །ཞེས་དང་། གཡུང་སྟོན་བཛྲ་ཤྲཱིའི་ཊི་ཀར། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་སྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་འཆི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་དང་། གསལ་བའི་རྒྱན་གཉིས་ནི། སྙན་གོང་གཡས་གཡོན་གཉིས་སུ་ཉི་ཟླའམ། ཡང་ན་ལྷ་རྗེ་རོག་གི་ཉི་ཟླའི་ཕྲེང་བ་དང་། གཞན་ཡང་བདེ་འདུས་རྩ་རྒྱུད་ཁྲོ་བོ་མངོན་འབྱུང་གི་རྒྱུད་ལས། དཔལ་གྱི་ཆས་བཅུ་ཞེས་མི་འདྲ་བའང་ཡོད། འདིར་

p. 564

རིག་འཛིན་མཆོག་གི་གཏེར་བྱོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཏེར་གཞུང་ལས། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བརྒྱད་སོ་སོར་མ་བཤད་དེ། ཡང་གཏེར་གཞུང་ལས། དུག་གསུམ་རྣམ་དག་བགོ་བའི་གོས་གསུམ་དང་༔ སྐྱེ་འགག་འགྱུར་མེད་བྱུགས་པའི་རྩི་གསུམ་དང་༔ འཁོར་འདས་དབྱེར་མེད་ཐོད་པའི་རྒྱན་གཉིས་དང་༔ རྔམ་བརྗིད་དུར་ཁྲོད་དྲག་པོའི་ཆས་རྣམས་སོ༔ ཞེས་གསུངས་པ་དང་། དཔལ་ཆས་ལ། ཆེ་བཙན་འགྲན་ཟླ་བྲལ་བའི་གདན་ཁྲི་དང་༔ ཡེ་ཤེས་དཔག་ཏུ་མེད་པའི་མེ་དཔུང་འབར༔ ཉོན་མོངས་འཆིང་བས་མ་གོས་སྦྲུལ་གྱིས་བརྒྱན༔ འགྲོ་དོན་ཐོགས་པ་མེད་པའི་གཤོག་པ་གསུམ༔ གདུལ་བྱའི་རེ་བ་སྐོང་བའི་དར་དཔྱངས་དང་༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་དྲུག༔ རྣམ་རྟོག་དབྱིངས་ཀྱི་རྒྱན་གྱུར་རིན་ཆེན་ཕྲེང་༔ གདུག་པ་ཀུན་འདུལ་ཁྱུང་གིས་དབུ་ཡང་བརྒྱན༔ གར་དགུའི་རོལ་མཛད་དཔལ་གྱི་ཆས་ཞེས་གསུངས་པ་ལྟར་བསྒོམ་པའམ། ཡང་ན་གསང་ཐིག་དངོས་ཀྱི་གཏེར་གཞུང་གི་དགོངས་པ་ནི། དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་གཤོག་པ་དང་། རུས་པའི་རྒྱན་དྲུག་རྩིས་པས་བཅུ་དངོས་སུ་བསྟན་ཅིང་། ཡང་ན། རུས་པའི་རྒྱན་དྲུག་ལ་སོགས་པའི༔ ཞེས་སོགས་ཁོ་

p. 565

ནས་དཔལ་ཆས་བསྟན་པར་འཆད་ཀྱང་རུང་ངོ་། །འདིར་ནི་སོགས་ཁོངས་ལ། ཨུཏྤ་ལ་དང། ཉི་ཟླས་སྙན་གོང་བརྒྱན་པ། གསང་ཁེབས་དར་སྣ་ལྔའམ། དར་ལྗང་གུ་ལ་ཕུར་པ་གསུམ་བཏགས་པ་འཕྱང་ཞིང་། སྟ་ཟུར་གཉིས་ནས་དར་དཔྱངས་གསུམ་གསུམ་འཕྱང་བ་། ཆུ་སྲིན་གྱི་ཁས་དཔུང་ལྷུ་རྣམས་དང་སྐུ་སྨད་བརྒྱན་པ་ནི། གཡས་གཡོན་རྒྱབ་དབུས། མཆན། ཆུ་སྲིན་གྱིས་འཛིན་ཤེས་ལ་གཏོང་མི་ཤེས་པའི་དཔེ་ལྟར། ཐུགས་རྗེས་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་སྟེ་བཏང་མི་ཤེས་པ་མཚོན་པའི་བརྡའོ། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་རོལ་སྟབས་ཀྱིས་འགྱིང་བ་ནི་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་བསྡུ་བ་བཞིའི་ཕྲིན་ལས་ཀྱིས་འགྲོ་རྣམས་འདྲེན་པའི་བརྡའོ། །དེ་ཡི་པང་དུ་ཤེས་རབ་ཀྱི་སྣང་ཆ་སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ་མཐིང་ནག་འབར་བ་ཆེན་མོ་ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་པའི་ཕྱིར་ཞལ་གཅིག །ཐབས་ཤེས་གཉིས་མཚོན་པའི་ཕྱིར་ཕྱག་གཉིས་ཀྱི་གཡས་པས་མེ་ཏོག་ཨུཏྤལ་སྔོན་པོ་བསྣམས་ནས་ཡབ་ཀྱི་མགུལ་དུ་འཁྱུད་པ་དང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཡབ་ཀྱི་ཞལ་ལ་སྟོབ་པ་བརྒྱད་གཉིས་ལོན་པའི་ལང་ཚོ་ལྟར་རྒྱས་པའི་འགྱུར་བག་ཅན་ནམ་འཁྲིལ་བག་

p. 566

ཆགས་པ་སྟེ་སྐུ་ཤ་རྒྱས་ཤིང་གསེར་སོགས་རིན་པོ་ཆེ་བྱི་དོར་བྱས་མ་ཐག་པ་ལྟ་བུའོ། །ཐལ་བ་སྤངས་པའི་ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་ཞབས་གཡོན་བསྐུམ་པས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་བདེ་བ་ཆེན་པོའི་དབྱིངས་སུ་སྦྱོར་བ་སྟེ་ཞབས་གཉིས་བདེན་པ་གཉིས་ཀྱིས་འཁོར་འདས་ཟིལ་གྱིས་གནོན་པ་མཚོན། གཏེར་གཞུང་གི་དངོས་བསྟན་དུ་རུས་པའི་ཕྱག་རྒྱ་ལྔ་ཙམ་ལས་གསལ་ཁ་མེད་པས་བསྡུས་ན་དེས་ཀྱང་ཆོག་ལ། རྒྱས་ན་གྲུབ་དབང་ཀུན་མཁྱེན་རིན་པོ་ཆེའི་གསུངས་པ་ལྟར། དེ་ལས་ཡུམ་རྣམས་ལ་སྟག་ཤམ་གྱི་དོད་དུ་གཟིག་ཤམ་བྱེད་པ་ཙམ་མ་གཏོགས་གཞན་འདྲའོ་ཞེས་གསུངས་པས་སོ། །དབང་ལྷ་རིགས་ལྔ་འཁོར་བཅས་ནམ་མཁའ་གང་བ་སྤྱན་དྲངས་ཤིང་། ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔས་དབུ་བརྒྱན་ཚུལ་སོགས་གོང་དུ་སོང་བ་ལྟར་བསྒོམ་ཞིང་། འབྲིང་དུ་རིགས་ལྔའི་ཕྱག་མཚན་དང་། བསྡུས་ན་སྤྱི་བོར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿསོགས་ཀྱི་ཡིག་འབྲུ་བསྒོམ་ཀྱང་རུང་། དེ་ཡང་རྒྱས་བསྡུས་གང་ལའང་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་བསྒོམ་པའོ། །གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཡབ་ཀྱི་སྤྱི་

p. 567

བོར་རྣམ་སྣང་། མགྲིན་པར་སྣང་མཐའ། ཐུགས་ཀར་མི་བསྐྱོད་པ་དང་། ཡུམ་ལ་སྤྱི་བོར་དབྱིངས་ཕྱུག་མ། མགྲིན་པར་གོས་དཀར། ཐུགས་ཀར་སྤྱན་མ་བསྒོམ་པའམ། བསྡུ་ན་ཡབ་ཡུམ་གཉིས་ཀའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་ཡིག་འབྲུ་གསུམ་གྱིས་མཚན་པར་བསྒོམ་པའོ། །དེ་ཡང་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སུ་བྱིན་གྱིས་བརླབ་པའོ། །ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ཡོངས་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གིས་མཚན་པའི་ཧཱུྃ་མགོ་ཡུམ་ལ་བསྟན་པ། ཡུམ་གྱི་མཁའ་གསང་པྃ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་སྟེང་དུ་དངོས་གྲུབ་ཐམས་ཅད་བསྡུ་བའི་བདག་ཉིད་ཡི་གེ་ཨྃ་ཡིག་དམར་པོས་མཚན་པ་ཐེག་ལེ་ནཱ་ད་ཟུང་དུ་འབྲེལ་ཞིང་བདེ་བ་ཆེན་པོའི་དབྱིངས་སུ་རོལ་བས་ས་ལམ་ཐམས་ཅད་དུས་གཅིག་ཏུ་རྫོགས་པ། བ་སྤུ་བྱེ་བ་ས་ཡ་རྡོ་རྗེ་ཕྱེད་པའི་རང་བཞིན་དང་། སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཞེས་པ་དཔལ་ཆས་སྐབས་སུ་རྡོ་རྗེའི་སློག་པ་ཞེས་པ་དང་། དབང་གི་བསེ་ཁྲབ། རྒྱ་གྲམ་ལྕགས་ཀྱི་ཆས་ཞེས་གསུངས་པ་ནི། སྐུ་སྟོད་ལ་སྣ་ཚོགས་རྡོ་རྗེའི་

p. 568

གོ་ཁྲབ། སྐུ་སྐེད་ལ་དབང་གི་བསེ་ཁྲབ་དམར་པོ། སྐུ་སྨད་ལ་རྒྱ་གྲམ་ལྕགས་ཁྲབ་ནག་པོ་སྟེ། དོན་ཁྲབ་ལྟ་བུ་གསུམ་དུ་གནས་པ་ལ་དག་པ་སྦྱར་བ་ཙམ་མ་གཏོགས་ལྕགས་བསེ་སོགས་ཐེར་ཟུག་ག་ལ་ཡིན་ཏེ་ཡེ་ཤེས་རང་སྣང་ལས་གྲུབ་པ་ཁོ་ནའོ། །ཕུར་བུའི་ཚྭ་ཚྭ་ཞེས་པ་ནི། ལྕགས་སྲེག་ལ་ཐོ་བ་བརྡེག་པ་ན་མེའི་རྡུལ་འཕྲོ་བ་དེ་བཞིན་དུ་སྐར་ལྟར་འཁྲུགས་པ་སྟེ་བར་མེད་གྲངས་མེད་ལྟ་བུར་འཕྲོ་བའོ། །ཐུགས་ཀར་འོད་ཀྱི་གུར་ཁྱིམ་མཐིང་གའི་དབུས་སུ་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་འཁྲིལ་ཞིང་སྦྱོར་བ། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་སྟེ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་ཡབ་ཀྱི་ཐུགས་ཀར་སྲོག་གི་གོ་སར་རིན་ཆེན་ཆ་བརྒྱད་པ་སྟེ་ཟུར་བརྒྱད་པ་མཐིང་གསལ། འདིར་ཕུར་པ་རྒྱུད་ལུགས་སུ་ལེབ་ཆགས་ཡིན་ཅིང་། ཕུར་པ་ལུང་ལུགས་ལ་ཟུར་བརྒྱད་སྨུག་པོ་གུར་ཐབས་སུ་བཤད། རིན་ཆེན་ཆ་བརྒྱད་གདན་ཐབ་ཀྱི་སྟེང་དེར་ཉི་མ་དམར་པོ། དེའི་སྟེང་ཟླ་བ་དཀར་པོའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་དགུ་

p. 569

པའི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐའ་བསྐོར་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཞེས་པའི་ཡིག་འབྲུ་རྣམས་ལྗང་ལ་དམར་འོད་ཆགས་པ་མདུན་ནས་བརྩམས་ཏེ་ཞལ་ནང་བསྟན་གཡས་བསྐོར་དུ་བཀོད་དོ། །བསྙེན་པའི་སྐབས་སུ་མི་གཡོ་བ་ཟླ་བ་སྐར་ཕྲེང་ལྟ་བུ་དང་། ཉེ་བསྙེན་སྐབས་སུ་འཁོར་བ་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུ། སྒྲུབ་པའི་སྐབས་སུ་འོད་ཟེར་སྤྲོ་བསྡུ་དང་བཅས་རྒྱལ་པོའི་ཕོ་ཉ་བྲན་མངགས་ལྟ་བུ། སྒྲུབ་ཆེན་ལས་སྦྱོར་དངོས་གྲུབ་ལེན་པའི་སྐབས་སུ་བུང་བ་ཚང་ཞིག་ལྟ་བུ་སོགས་བསྙེན་སྒྲུབ་ཀྱི་ཟིན་བྲིས་བསྟན་འཛིན་བྱང་ཆུབ་ཉི་མས་མཛད་པ་བླ་མའི་ཞལ་ལུང་ལྟར་དང་། བསྙེན་སྒྲུབ་གཅིག་དྲིལ་གྱི་ཟིན་ཐོ་རབ་གསལ་འཕྲུལ་གྱི་མེ་ལོང་གཉིས་ལས་ཤེས་པར་བྱ། རྒྱུན་ཁྱེར་ལ་འཁོར་ཞིང་འོད་ཟེར་སྤྲོ་བསྡུ་སོགས་བྱ་སྟེ་བསྙེན་སྒྲུབ་གཅིག་དྲིལ་ལྟ་བུ་ཡིན་ནོ། །བསྙེན་སྒྲུབ་སྐབས་སུ་སྐུ་གསུང་ཐུགས་ཀྱི་བཟླས་པ་བྱ་ཚུལ་བསྙེན་ཡིག་གཉིས་ལས་ཤེས་པར་བྱ་ཞིང་། གསུང་གི་བཟླས་པའི་སྐབས་སུ་འགོག་བཟླས་གསུམ་སྟེ། དབྱིབས་ལ་འགོག་པ། སྒྲ་ལ་འགོག་པ། དོན་ལ་འགོག་པའོ། །དང་པོ་ནི། ཡིག་འབྲུའི་གཟུགས་ཁོ་ན་གསལ་འདེབས་ཏེ་དམིགས་པ་རྩེ་གཅིག་ཏུ་འཛིན་པའོ། །གཉིས་པ་

p. 570

ནི། ཡི་གེ་དང་སྒྲ་གདངས་ཁོ་ན་ལ་སེམས་འཛིན་པའོ། །གསུམ་པ་ནི། སྔགས་ཀྱི་དོན་ལ་རྩེ་གཅིག་ཏུ་འཛིན་པའོ། །སྔགས་ཀྱི་དོན་ནི། ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། ཨོཾ་ནི་ཡེ་ཤེས་རྣམ་པ་ལྔ། །བཛྲ་ཡེ་ཤེས་རྡོ་རྗེ་ཡིན། །ཀཱི་ལི་ཀཱི་ལ་ཡ་དང་ལྔ། །རང་བཞིན་དག་པའི་ཕུར་པའོ། །སརྦ་བིགྷྣན་ཐམས་ཅད་བགེགས། །བམ་གྱིས་གནོན་ཞིང་ཧཱུྃ་གིས་བསྡུས། །ཕཊ་ཀྱིས་མི་གནས་སྲེག་པར་བྱེད། །ཅེས་པ་ལྟར་རོ། །རྒྱུན་ཁྱེར་ལྟ་བུར་ཛབ་དགོངས་དམིགས་པའི་འཕྲོ་འདུ་གཞུང་གི་དངོས་བསྟན་ལྟར་ནི། ཀཱི་ལ་ཡའི་སྔགས་ཕྲེང་འཁོར་ཞིང་རང་སྒྲ་སྒྲོགས་པ་དེ་ལས་འོད་ཟེར་དཀར་པོ་འཕྲོས་པས་རྒྱལ་བ་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་ཕུལ། སྐུའི་བྱིན་རླབས་ཐམས་ཅད་ཨོཾ་དཀར་པོའི་རྣམ་པར་བསྡུས་ནས་རང་གི་དཔྲལ་བར་ཐིམ་པས་སྐུའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། དེ་བཞིན་དུ་འོད་ཟེར་དམར་པོ་འཕྲོས་པས་གསུང་མཉེས་པའི་མཆོད་པ་ཕུལ། གསུང་གི་བྱིན་རླབས་ཐམས་ཅད་ཨཱཿདམར་པོའི་རྣམ་པར་བསྡུས་ནས་རང་གི་མགྲིན་པར་ཐིམ་པས་གསུང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཡང་འོད་ཟེར་མཐིང་ག་འཕྲོས་པས་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་ཀྱི་བྱིན་རླབས་ཐམས་

p. 571

ཅད་ཧཱུྃ་མཐིང་གའི་རྣམ་པར་བསྡུས་ནས་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། འདི་ཡང་རྒྱས་པའི་སྐབས་སུ་འོད་ཟེར་ལས་མཆོད་པའི་ལྷ་མོ་དཔག་མེད་སྤྲུལ་ཏེ། རྒྱལ་བ་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་འདོད་ཡོན་རྣམ་ལྔ། གསུང་མཉེས་པའི་མཆོད་པ་སྨན་རཀ་གཏོར་གསུམ། ཐུགས་མཉེས་པའི་མཆོད་པ་སྦྱོར་སྒྲོལ་གཉིས་ཀྱིས་མཆོད་དེ། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པའི་རྣམ་པར་སྤྱན་དྲངས་ཏེ་གནས་གསུམ་དུ་བསྟིམ་མོ། །ཡང་འོད་ཟེར་སྣ་ཚོགས་པ་འཕྲོས་འཕགས་པ་རྣམས་མཆོད་ཅིང་བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་མཉེས་པར་བྱས། མཆེད་དང་ལྕམ་དྲལ་རྣམས་ཀྱི་དམ་ཚིག་ཉམས་ཆག་བསྐང་། མཁའ་འགྲོ་ཆོས་སྐྱོང་རྣམས་མཁོན་པ་སྦྱངས་ཤིང་ཕྲིན་ལས་ལ་བསྐུལ། དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པའི་དྲེགས་པ་ཐམས་ཅད་རྒྱལ་བའི་བསྟན་པ་སྲུང་བའི་ལས་ལས་མི་གཡེལ་བར་བཀའ་བསྒོས་ཤིང་དམ་འོག་ཏུ་བཙུད། བདུད་དང་དམ་སྲི་སོགས་བྱང་ཆུབ་ལ་བར་དུ་གཅོད་པ་ཐམས་ཅད་ཐལ་བར་བརླག འགྲོ་བ་རིགས་དྲུག་གི་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་

p. 572

པ་སྦྱངས་ཤིང་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་བཀོད། སྣང་བ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ། གྲགས་པ་ཐམས་ཅད་ཀཱི་ལ་ཡའི་རང་སྒྲ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ། མདོར་ན་རང་ཉིད་ཀྱི་སྒོ་གསུམ་དང་རྡོ་རྗེ་གཞོན་ནུའི་གསང་གསུམ་དབྱེར་མེད། སྣང་སྲིད་སྣོད་བཅུད་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྒོམ་སྟེ། བཟླས་བྱའི་སྔགས་བསྙེན་སྒྲུབ་གཅིག་དྲིལ་ནི། བཀའ་བརྒྱད་ཞི་ཁྲོ་རྩ་རྒྱུད་ལས། ཐོག་མར་ཨོཾ་དང་ཕཊ་བཞག་ནས༔ བར་ནས་བཅུ་གཉིས་གྲངས་མཛེས་པ༔ ཞེས་དང་། བཀའ་བརྒྱད་ཕྱི་མ་སྔགས་ཀྱི་རྒྱུད་ལས། རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས༔ རྣལ་འབྱོར་རིག་པས་རྟག་བཟླས་ན༔ གསང་སྔགས་བྱིན་རླབས་དངོས་གྲུབ་དང་༔ ལོག་འདྲེན་སྒྲོལ་བའི་སངས་རྒྱས་མཐུ༔ ཐོབ་པར་འགྱུར་བ་ཐེ་ཚོམ་མེད༔ ཅེས་དང་། བཟླ་བྱའི་སྔགས་དེའང་གྲུབ་པ་བཞིའི་རང་བཞིན་ཅན་ཏེ། དེ་ཡང་ཡི་གེ་ཧཱུྃ་ལྟ་བུ་གཅིག་ཁོ་ན་ལ་མཚོན་ན། ངོ་བོ་ཧཱ་ཨུ་མ་གསུམ་འདུས་པ། རང་བཞིན་གྲུབ་པ་བཞི་སྟེ། ཧཱུྃ་གི་ངོ་བོ་ཆོས་དབྱིངས་ཡེ་ཤེས་གདོད་མ་ནས་གནས་པ་ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ། རྣམ་པ་ཧཱུྃ་ཡིག་ཏུ་སྣང་བ་ཆོས་ཅན་རང་བཞིན་གྱིས་གྲུབ་པ། དེ་ལ་ཐུགས་རྡོ་རྗེ་སྒྲུབ་པའི་ནུས་མཐུ་

p. 573

དང་ལྡན་པ་མཐུས་གྲུབ་པ། དེ་ཉིད་སྟོན་པ་རྡོ་རྗེ་འཆང་གི་ཐུགས་རྡོ་རྗེའི་ས་བོན་བྱིན་གྱིས་བརླབས་པས་གྲུབ་པ། དེ་ལྟར་གྲུབ་པ་བཞི་ལ་བརྟེན་ནས་ཧཱུྃ་ཞེས་བཟླས་པས་ཐུགས་རྡོ་རྗེ་འགྲུབ་པའི་ཉེར་ལེན་དུ་གྱུར་པ་ནི་སྔགས་ཀྱི་བྱེད་ལས་སོ། །དེ་ལྟར་གསང་ཐིག་ཕུར་པའི་རྒྱུན་ཁྱེར་གྱི་བསྐྱེད་རིམ་ལྷ་ཁྲིད་རྣམ་པར་བཤད་པའི་རེག་ཟིག་མདོར་བསྡུས་པ་འདི་ནི། མཚོ་སྐྱེས་རྒྱལ་བ་གཉིས་པ་དང་རྣམ་དབྱེར་མ་མཆིས་པ་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་འདི་ཡི་ཁྲིད་རིམ་རྒྱས་བསྡུས་སྔ་ཕྱིར་ལན་མང་དུ་ཐོབ་ཅིང་། དེའི་ཚེ་བཀའ་གནད་མི་བརྗེད་ཐོ་ཆུང་གཉིས་ཙམ་བྲིས་ཤིང་། གྲྭ་ཚང་གི་ཚོགས་སུ་བདག་བསྐྱེད་རྒྱུན་ཁྱེར་གསུངས་པའི་སྐབས་མོས་པ་ལམ་བྱེད་ཀྱི་བག་ཆགས་བཞག་ནས། སྒོམ་ཚུལ་རྣམས་སྙན་སྒྲོན་ལན་མང་ཞུས་པ་རང་རིག་བློ་གྲོས་དམན་པས་བརྗེད་པར་དོགས་ཏེ་ཡི་གེའི་རེས་སུ་བྲི་བར་སེམས་ཀྱང་མཁས་གྲུབ་གཞན་དོན་མཐའ་ཡས་པས། ཆོས་ལ་དབང་ཟར་འགྲོ་བས་ཡིག་ཆ་འདྲ་མོ་འབྲི་བར་མི་འོས་གསུངས་པས་བླ་མའི་ཞབས་ཏོག་ཡིན་ཁུལ་དང་། རང་གི་ཟས་གོས་ཀྱི་གཡེང་བ་སྣ་ཚོགས་ཀྱི་རང་བཞིན་དུ་ལུས་ཤིང་། སྔ་ཕྱི་ལན་མང་དུ་མགོན་བླ་ཟུར་མང་རྟོགས་ལྡན་འཕགས་མཆོག་གིས་ཀྱང་དེ་ལྟར་འབྲི་སྐབས་བྱུང་ན་ཞེས་ཡང་ཡང་གསུངས་པ་དང་། ཁྱད་པར་རིམ་གཉིས་ཟབ་མོ་སྔགས་ཀྱི་རྣལ་འབྱོར་པ་གླིང་ངག་དབང་ལྷུན་གྲུབ་ཀྱིས་

p. 574

གསུང་བསྐུལ་ནན་ཆེར་བྱུང་བ་ལྡོག་ཏུ་མ་ཕོད་པར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་བདེ་ཆེན་མཆོག་གྱུར་གླིང་པའི་ཞབས་རྡུལ་སྤྱི་བོར་ཕོག་པའི་སྙོམ་ལས་མཁན་རྒྱལ་ཁམས་ཀུན་ཏུ་རྒྱུ་བའི་གསོ་སྦྱོང་པ་། ཀརྨ་དྲི་མེད་བློ་གྲོས་སུ་འབོད་པས་ཡེར་ཕུག་ནམ་རྫོང་འགྱུར་མེད་གླིང་ནས་དབུ་བརྩམས་ཏེ། ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨའི་གཙུག་ལག་གཡེར་མོ་ཆེའི་ཤར་ལྷོའི་སྤྱིལ་པོ་ནས་བྲིས་པ་འབྲེལ་ཚད་དོན་དང་ལྡན་ཞིང་། ཐོག་མ་མེད་པའི་དུས་ནས་གོམས་པའི་མ་དག་པའི་སྣང་ཞེན་གཞིག་པའི་ཆེད་དུ་དག་པ་ལྷའི་སྣང་བ་བརྟན་པོ་ལ་གོམས་ནས་དཔལ་ཧེ་རུ་ཀའི་གྲོང་ཁྱེར་དུ་འཇུག་པར་གྱུར་ཅིག །མངྒ་ལཾ་དགེའོ།། །།

ཚེ་དཔག་གསོལ་འདེབས་འཆི་མེད་དཔལ་སྦྱིན། སི་ཏུ་པདྨ་ཉིན་བྱེད་དབང་པོ།

p. 575

ཚེ་དཔག་གསོལ་འདེབས་འཆི་མེད་དཔལ་སྦྱིན་བཞུགས་སོ། །ན་མོ་གུ་རུ་ཨཱཿཡུར་ཛྙཱ་ན་སིདྡྷི་ཧཱུྃ། རྒྱལ་བ་ཡོན་ཏན་མཐའ་བྲལ་ཡེ་ཤེས་ཀྱི། །འོད་ཀྱི་སྣང་བ་དཔག་མེད་ཚེ་མཐའ་ཡས། །དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་རྒྱ་མཚོ་ལ། །གསོལ་འདེབས་འཆི་མེད་རྡོ་རྗེའི་གྲུབ་གཉིས་སྩོལ། །དུས་གསུམ་བདེ་གཤེགས་ཐུགས་རྗེའི་གཏེར་ཆེན་པོ། །སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་། །ཡུམ་ཆེན་ཌཱ་ཀིའི་གཙོ་མོ་མནྡ་ར། །གསོལ་འདེབས་འཆི་མེད་རྡོ་རྗེའི་གྲུབ་གཉིས་སྩོལ། །བདེ་ཆེན་དགྱེས་སྡེ་གསང་

p. 576

སྔགས་བསྡུ་བ་པོ། །མ་གཅིག་མཚོ་རྒྱལ་མངའ་བདག་མུ་ཁྲི་བཙན། །དངོས་སྣང་བདུད་འདུལ་མི་འགྱུར་རྡོ་རྗེ་ལ། །གསོལ་འདེབས་འཆི་མེད་རྡོ་རྗེའི་གྲུབ་གཉིས་སྩོལ། །གང་འདུལ་རྣམ་དག་སྤྲུལ་པའི་ཞིང་ཁམས་སུ། །སྣ་ཚོགས་ཐབས་ཀྱིས་འཁོར་བ་དོང་ནས་སྤྲུགས། །བཀའ་བབས་ཆོས་བདག་བརྒྱུད་པའི་བླ་མ་ལ། །གསོལ་འདེབས་འཆི་མེད་རྡོ་རྗེའི་གྲུབ་གཉིས་སྩོལ། །མཁའ་སྤྱོད་ས་སྤྱོད་གནས་ཡུལ་དུར་ཁྲོད་ཚལ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་དགེ་བསྙེན་སོགས། །དམ་ལ་

p. 577

གནས་ཤིང་བཀའ་ཡི་བྱ་ར་བ། །གསོལ་འདེབས་ཚེ་བདུད་བར་ཆད་ཞི་བར་གཛོད། །དེ་ལྟར་གསོལ་བཏབ་བྱིན་བརླབས་མཐུ་དཔལ་གྱིས། །དྲང་ངེས་ཆོས་ཀྱི་རིང་ལུགས་རྒྱལ་མཚན་གང་། །མི་ནུབ་སྲིད་རྩེར་ཀུན་ཁྱབ་དེ་འཛིན་གྱི། །སྐྱེས་མཆོག་བླ་མའི་སྐུ་ཚེ་བརྟན་པར་ཤོག །དགེ་འདུན་འདུས་པ་དར་རྒྱས་ཐོས་བསམ་སྒོམ། །བསླབ་གསུམ་གཞི་བརྟན་རྒྱལ་ཁམས་བདེ་ཞིང་དགེ །རྫོགས་ལྡན་སྐལ་བཟང་འདོད་པ་འཇོ་བཞིན་པར། །ཆོས་མིན་ཚར་གཅོད་རྗེས་སུ་འཛིན་པར་ཤོག །སྒྲུབ་པའི་རྣལ་འབྱོར་དྭངས་མའི་སྐུ་བརྙེས་ཤིང་། །འཕོ་བྲལ་དགའ་བདེ་ཨེ་ཝཾ་ཟུང་འཇུག་ཀློང་། །ཆོས་ཀུན་དྷུ་ཏིར་དག་ནས་སྐྱེ་མེད་ཀྱི། །རང་བྱུང་གདོད་མའི་སངས་རྒྱས་ཉིད་གྱུར་ཅིག །ཅེས་པ་འདི་སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་ཛ་ཡནྟུ།། །།

གསང་སྒྲུབ་ཚེ་སྒྲུབ།

p. 578

༁ྃ༔ གནས་མཆོག་སྤྱི་འབྱམས་བྲག་ངོས་ནས༔ ཟླ་བདུན་བརྐོས་པའིི་ཤོག་སེར་གྱི༔ གསང་སྒྲུབ་ཚེ་སྒྲུབ་ཨེ་མ་ཧོ༔ མི་འགྱུར་རྡོ་རྗེ་བདག་གིས་བཏོན༔ སུས་ཀྱང་བསྲེ་སླད་མ་བསྲེ་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

p. 579

དང་པོ་བགེགས་ལ་གཏོར་མ་སྦྱིན་པ་ནི༔ གླུད་གཟུགས་དབང་པོ་ཚང་བ་ལ་ཆངས་བུ་ཏིང་ལོ་མར་མེ་བྱས་ལ་འདི་ལྟ་སྟེ༔ ཧཱུྃ་བྷྱོ༔ ང་ནི་པདྨ་བཛྲ་ཡབ་ཡུམ་སྐུ༔ སྐུ་ལས་བདུད་རྩི་བབ་པས་གླུད་ལ་ཐིམ༔ གླུད་རྫས་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་གི་ཡེ་གེས་བྱིན་བརླབས་གྱུར༔ ཅེས་བདུད་རྩིས་བྱིན་བརླབས་ནས༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་ལྷ་སྔགས་བདེན་པའི་མཐུས༔ བྱང་ཆུབ་སྒྲུབ་ལ་བར་ཆད་བགེགས༔ རང་དབང་མེད་པར་འདིར་ཁུག་ཅིག༔ གླུད་གཟུགས་འདི་དང་དབྱེར་མེད་གྱུར༔ སརྦ་བིགྷྣན་ཨཾ་ཀུ་ཤ་ཛཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནས་ཁཾ་སྭཱ་ཧཱ༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཉོན༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལ་སོགས༔ བྱུང་གྱུར་བགེགས་ཀྱི་ཚོགས་རྣམས་

p. 580

ཐམས་ཅད་ལ༔ དམ་རྫས་གླུད་གཏོར་ཟས་སྣ་མཆོད་པ་འབུལ༔ མར་མེ་ཏིང་ལོ་ཆངས་བུ་མཆོད་པ་འབུལ༔ གླུད་གཟུགས་ཡས་སྟགས་སྣ་ཚོགས་མཆོད་པ་འབུལ༔ བཀའ་ཡི་ཕ་འབབ་གླུད་གཏོར་འདི་ལོངས་ལ༔ སྒྲུབ་ལ་བར་དུ་མ་གཅོད་རང་གནས་སུ༔ མྱུར་དུ་དེངས་ཤིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ཕྱོགས་མེད་ཕྱོགས་བྲལ་གནས་སུ་ཕྱིར་དེངས་ཤིག༔ སརྦ་བིགྷྣན་ཨུ་ཙ་ཊ་ཡ་ཕཊ༔ ཅེས་བགེགས་གཏོར་ཕྱི་རོལ་དུ་དོར༔ རྔ་དུང་རོལ་མོ་ལྡིར༔ གུ་གུལ་ཤ་ཆེན་སྤོས་བསྲེགས༔ ཡུངས་དཀར་ནག་གིས་བྲབ༔ དར་ནག་གཡུགས༔ ཕཊ་སྒྲ་དྲག་པོ་བརྗོད༔ དེ་ལྟར་བགེགས་གཏོར་གྱི་རིམ་པ་གྲུབ་ནས༔ ༈ ལས་རིམ་དགུ་པ་གནས་བདག་ལ་གཏོར་མ་སྦྱིན་པ་ནི་འདི་ལྟ་སྟེ༔ ༀ་ཨཱཿཧཱུྃ༔ རིན་ཆེན་སྣོད་མཆོག་གཏོར་གཞོང་ཡངས་པའི་ནང་༔ བྷྲཱུྃ་ལས་གཏོར་མ་རོ་བརྒྱ་ལྡན་པ་ཡི༔ ཞལ་ཟས་འདོད་ཡོན་ཟག་མེད་བདུད་རྩིར་གྱུར༔ ༀ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབས་ནས༔

p. 581

ཧཱུྃ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ ས་བདག་ཀླུ་གཉེན་ཐམས་ཅད་དང་༔ ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འདིར་གཤམས་པདྨའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ཕྱི་ནང་གསང་གསུམ་མཆོད་པས་མཆོད༔ འཇིག་རྟེན་སྐྱོང་བ་ཁྱོད་ལ་བསྟོད༔ སྔོན་ཚེ་ཤཱཀྱའི་རྒྱལ་པོ་དང་༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་༔ རིག་འཛིན་པདྨ་བཛྲ་གྱིས༔ བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ བཀའ་ཡི་གཏོར་མ་འདི་བཞེས་ཤིག༔ ཕུད་སྐྱེམས་མཆོད་གཏོར་འདི་ལོངས་ལ༔ སྒྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ༔ ཡིད་ལ་གང་བསམ་འགྲུབ་པར་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ནཱ་ཨི་དཾ་བ་ལྟིཾ་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་ལ་གཏོར་མ་གཙང་མའི་གནས་སུ་བསྐྱལ་ལོ༔

p. 582
p. 583

ནམ་མཁའི་སྙིང་པོའི་ཚེ་སྒྲུབ་བཞུགས༔ དི།རྨརྒྱི།འི།ཏི།ཤརྦི།༔ ཡེ་གདོད་ཉིད་ནས་རྣམ་དག་ཆོས་ཀྱི་སྐུ༔ ཡེ་ཤེས་ལྔ་ཡི་རང་གཟུགས་ལྷན་ཅིག་སྐྱེས༔ རྒྱལ་བ་ཀུན་འདུས་བླ་མ་ཧེ་རུ་ཀ༔ པདྨ་སམ་བྷ་གང་དེ་རྒྱལ་གྱུར་ཅིག༔ ཆོས་རྣམས་ཀུན་གྱི་དོན་བསྡུས༔ སློབ་དཔོན་པདྨའི་ཐུགས་བཅུད༔ མ་མོ་མཁའ་འགྲོའི་སྙིང་ཁྲག༔ ནམ་མཁའི་སྙིང་པོའི་ཆོས་སྐལ༔ ཚེ་སྒྲུབ་འཆི་མེད་བཙན་རྫོང་༔ གསང་སྒྲུབ་རྡོ་རྗེ་ཕ་ལམ༔ ཟབ་དོན་འདི་ཡི་བྱེད་ལས༔ དབེན་པའི་གནས་སུ་མཎྜལ༔ ཟླ་གམ་སྟེང་དུ་དཀྱིལ་འཁོར༔ པདྨ་དམར་པོ་འདབ་བརྒྱད༔ ལྟེ་བར་ལྕགས་ཀྱུ་དམར་པོའི༔ ལྟེ་བར་ཧྲཱིཿཡིག་དམར་པོ༔ འདབ་བརྒྱད་ཧྲཱིཿབརྒྱད་དེ་སྟེང་༔ དཔལ་གཏོར་ནོར་བུ་འབར་བ༔ མཐའ་མར་མཆོད་པ་སྣ་ཚོགས༔ སྨན་རཀ་ཚོགས་གཏོར་བཀོད་ནས༔ ལེ་ལོ་བག་ཉལ་སྤངས་ནས༔ རིག་པ་ངར་དང་ལྡན་པས༔ ས་ལེ་སེང་ངེ་ལམ་མེ༔ ཧྲིག་གེ་རྗེན་ནེར་འདི་ལྟར༔ མོས་བློ་ལྡན་པས་

p. 584

བསྒོམ་མོ༔ རྔ་དུང་རོལ་ཆས་ལྡིར་ཏེ༔ སྤོས་བདུག་ཡུངས་ཀར་བྲབ་བོ༔ དང་པོ་སྲུང་འཁོར་བསྒོམ་པ༔ ཧྲཱིཿ སྣང་སྲིད་ལྷ་ཡི་ཕོ་བྲང་འབར༔ མཚོན་ཆ་མེ་དཔུང་ཁྲོ་ཚོགས་འཁྲུགས༔ བགེགས་ཚོགས་ཤ་ཁྲག་དམར་ཉིལ་གཏུབ༔ མིང་ཡང་གྲགས་པ་མེད་ཏ་རེ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་པ་སྐྱབས་སུ་འགྲོ་བ་དང་༔ སེམས་བསྐྱེད་བྱང་ཆུབ་བསྒྲུབ་པ་ནི༔ ཧྲཱིཿ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ བདག་དང་དུས་གསུམ་སེམས་ཅན་རྣམས༔ བདེ་ལྡན་སངས་རྒྱས་མྱུར་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་འབེབས་ཏིང་འཛིན་བསྒོམ་པ་ནི༔ ཧྲཱིཿ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ལ༔ འཛིན་མེད་རང་གྲོལ་བྱིན་ཕོབ་ཅིག༔ འཁོར་འདས་བདེན་མེད་སྒྱུ་མའི་གཟུགས༔ ཀློང་ཡངས་དབྱིངས་སུ་རང་གྲོལ་ནས༔ དབྱིངས་རིག་ཡེ་དག་སྤྲོས་བྲལ་ཀློང་༔ བརྗོད་མེད་རང་རིག་ཏིང་འཛིན་གསལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསལ་སྟོང་ལྷ་སྐུ་བསྒོམ་པ་ནི༔ ཧྲཱིཿ ཧེ་རུ་ཀ་ཡི་ཆོ་

p. 585

འཕྲུལ་ལས༔ ཀློང་ཡངས་ཆེན་པོའི་ཕོ་བྲང་བརྡལ༔ མཉམ་ཉིད་ཆེན་པོའི་རང་བཞིན་ལས༔ རང་རིག་ཧྲཱིཿདམར་གསལ་འོད་ཞུ༔ ཡོངས་གྱུར་རྟ་མཆོག་ཧེ་རུ་ཀ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྩ་ཞལ་དམར་པོ་ཁྲོས་རྔམ་བརྗིད༔ སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས༔ སྨིན་མ་ཨག་ཚོམ་དབུ་སྐྲ་འབར༔ ཐོད་སྐམ་དར་དཔྱངས་དབུ་ལ་རྒྱན༔ སྤྱི་བོར་རྟ་མགོ་ལྗང་ནག་ཞུར༔ རྟ་སྐད་ཙེར་ཙེར་དྲེགས་ཟིལ་གནོན༔ ཕྱག་གཡས་པདྨའི་དབྱུག་ཐོ་ཕྱར༔ གཡོན་པས་སྡིགས་མཛུབ་ཐོག་སེར་འབེབས༔ སྐུ་ལ་རུས་རྒྱན་མགོ་ཕྲེང་སྦྲུལ༔ སྟག་ཤམ་རིན་ཆེན་ཕྲེང་བས་བརྒྱན༔ ཞབས་གཉིས་འདོར་སྟབས་སྡེ་བརྒྱད་བརྫིས༔ སྐུ་ལས་ཡེ་ཤེས་མེ་རི་འབར༔ རང་འདྲའི་སྤྲུལ་པ་བརྒྱད་ཀྱིས་བསྐོར༔ གསལ་སྟོང་མེ་འོད་ལྟ་བུར་བསྒོམ༔ ཐུགས་ཀར་དཀྱིལ་འཁོར་གྲུ་བཞི་

p. 586

པ༔ སྒོ་བཞི་རྟ་བབས་བཞི་ལྡན་དབུས༔ པདྨ་ཟླ་བའི་གདན་སྟེང་དུ༔ ཧྲཱིཿདམར་ལས་བྱུང་ཚེ་དཔག་མེད༔ ཞི་དམར་ཞལ་གཅིག་ཕྱག་མཉམ་བཞག༔ ཚེ་བུམ་སྐུ་ལ་རིན་ཆེན་བརྒྱན༔ དར་ལའི་སྟོད་གཡོགས་སྨད་གཡོགས་ཞབས༔ རྡོར་སྐྱིལ་ལམ་མེར་བཞུགས་པར་གསལ༔ རང་འདྲའི་སྤྲུལ་པ་བརྒྱད་ཀྱིས་བསྐོར༔ དེ་ལྟར་ཤེས་རབ་དཀྱིལ་འཁོར་བསྒོམ༔ ཀླད་པ་དུང་ཁང་དབུས་སུ་ནི༔ དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ༔ རྟ་བབས་བཞི་ལྡན་དེ་ཡི་དབུས༔ པདྨ་དཀར་པོ་འདབ་བརྒྱད་སྟེང་༔ ཧྲཱིཿདཀར་ལས་བྱུང་ཚེ་དཔག་མེད༔ དཀར་གསལ་ཞི་ཞལ་ཕྱག་ཚེ་བུམ༔ མཉམ་བཞག་ཞབས་གཉིས་རྡོར་སྐྱིལ་སྟེང་༔ རྒྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ རང་འདྲའི་སྤྲུལ་པ་སུམ་ཅུས་བསྐོར༔ དེ་ལྟར་ཐབས་ཀྱི་དཀྱིལ་འཁོར་བསྒོམ༔ མགྲིན་པར་ཆོས་འབྱུང་བསྣོལ་མ་དམར༔ དེ་དབུས་པད་

p. 587

འདབ་བཅུ་དྲུག་སྟེང་༔ ཧྲཱིཿལས་རྡོ་རྗེ་ཕག་མོ་དམར༔ ཞལ་གཅིག་ཕྱག་གཉིས་རྩ་ཞལ་ཁྲོས༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ གྲི་ཐོད་ཁ་ཊྭཱཾ་ཕྱག་ན་བསྣམས༔ དྲག་པོའི་རྒྱན་གསོལ་ཞབས་གར་སྟབས༔ རང་འདྲའི་སྤྲུལ་པ་བཅུ་དྲུག་བསྐོར༔ དེ་ལྟར་ཟུང་འཇུག་དཀྱིལ་འཁོར་བསྒོམ༔ ལྟེ་བར་ཆོས་འབྱུང་གྲུ་གསུམ་དབུས༔ པདྨ་ཉི་རོའི་སྟེང་དུ་ཧཱུྃ༔ ལས་བྱུང་མ་ཧཱ་ཀཱ་ལ་ནག༔ དྲག་པོའི་ཞལ་ཁྲོས་ཕྱག་གཉིས་ཀྱིས༔ གྲི་ཐོད་སྐུ་ལ་བེར་ནག་གསོལ༔ ཞབས་གཉིས་འདོར་སྟབས་ལོག་འདྲེན་མནན༔ རང་འདྲའི་སྤྲུལ་པ་དྲུག་ཅུས་བསྐོར༔ དེ་ལྟར་བགེགས་འཇོམས་དཀྱིལ་འཁོར་བསྒོམ༔ དེ་ལྟར་གསལ་བའི་ཐུགས་ཀ་ནས༔ འོད་འཕྲོས་ནུབ་ཕྱོགས་བདེ་ཆེན་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས༔ རང་ལ་སིབ་སིབ་ཐིམ་པར་བསྒོམ༔ དབང་བསྐུར་བྱིན་གྱིས་བརླབས་པར་

p. 588

གྱུར༔ ཛཿཧཱུྃ་བྃ་ཧོཿ ཨངྐུ་ཤ་ཛ༔ སྤྱན་འདྲེན་གདན་འབུལ་མཆོད་བསྟོད་ནི༔ ཧྲཱིཿ བདེ་བ་ཅན་དང་ཨོ་རྒྱན་ཡུལ༔ དག་པའི་ཞིང་ཁམས་ཐམས་ཅད་ནས༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ ཡུམ་མཆོག་རྡོ་རྗེ་ཕག་མོ་དང་༔ དབང་ཆེན་རྟ་མཆོག་ཧེ་རུ་ཀ༔ བདུད་འདུལ་མ་ཧཱ་ཀཱ་ལ་སོགས༔ ཡེ་ཤེས་པ་དང་དམ་ཚིག་པའི༔ ལྷ་ཚོགས་འཁོར་བཅས་གནས་འདིར་བྱོན༔ ཧཱུྃ་ཧཱུྃ་ཧཱུྃ༔ ངར་དང་ལྡན་པའི་སྒྲས་འབོད་དོ༔ ཧྲཱི༔ འདིར་བྱོན་ཚེ་ཡི་ལྷ་ཚོགས་རྣམས༔ རྩ་འཁོར་བཞི་ཡི་གདན་ལ་བཞུགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་གདན་འབུལ༔ ཧྲཱི༔ ཚེ་ལྷ་འཁོར་བཅས་ཁྱེད་རྣམས་ལ༔ ཕུང་ཁམས་སྐྱེ་མཆེད་མཆོད་པ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ནང་གི་མཆོད་པ་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ དུག་གསུམ་དུག་ལྔའི་མཆོད་པ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་གསང་བའི་མཆོད་པ་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཤ་ལྔ་བདུད་རྩི་ལྔ་མཆོད་འབུལ༔

p. 589

ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་རྫས་ཀྱི་མཆོད་པ་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་འདོད་ཡོན་མཆོད་པ་འབུལ༔ ཧྲཱིཿ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཚོགས་གཏོར་སྨན་རཀ་གཏོར་མ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་སྨན་རཀ་ཚོགས་གཏོར་འབུལ༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་ཐུགས་དམ་བསྐང་༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་ཉམས་ཆག་བཤགས༔ ཧྲཱི༔ རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས༔ སངས་རྒྱས་ཀུན་འདུས་ཁྱོད་ལ་བསྟོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་བསྟོད༔ དེ་ནས་འཛབ་དབྱངས་གནད་འབེབས་བྱ༔ ཧྲཱི༔ རྒྱལ་བ་ཀུན་གྱི་ཐུགས་གསང་བ༔ སྙིང་པོ་འབྱུང་བ་བཞི་ཡི་བཅུད༔ བདག་གི་ལུས་ལ་སིབ་སིབ་ཐིམ༔ འཆི་མེད་དངོས་གྲུབ་ཐོབ་པར་བསམ༔ ལྷ་རྣམས་

p. 590

ཐུགས་ཀར་སྔགས་ཕྲེང་གསལ༔ དྲག་ཏུ་འཁོར་བས་ཚེ་དབང་བསྡུས༔ ༀ་ཨཱཿཧཱུྃ་ཨ་མི་ཏ་བྷ་ཧྱ་གྷྲྀ་ཝ་བཻ་རོ་ཙ་ནཱི་ཨཱཿཡུ་སིདྡྷི་ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་སྣང་སྲིད་འབྱུང་བཞིའི་གཟུགས་ཅན་གཟུགས་མེད་ཀྱི་ཚེ་བསོད་ནམས་ཐམས་ཅད་རང་ལ་བསྟིམ་མོ༔ དེ་ནས་གནད་ལ་འབེབས་པ་ནི༔ གཏོར་མ་ལག་ཏུ་བླངས་ཏེ༔ རང་གི་སྤྱི་བོར་བཞགས་ནས་འདི་སྐད་དོ༔ ཧྲཱིཿ རང་གི་རང་རིག་གསལ་བ་ནི༔ ཡེ་ནས་མ་བཅོས་དམ་ཚིག་སེམས༔ དེ་ལས་འཁྲུལ་ཆ་དག་པ་ནི༔ གདོད་མའི་མགོན་པོ་ཡེ་སངས་རྒྱས༔ ཡེ་ཤེས་སེམས་དཔའ་ཚེ་དཔག་མེད༔ དམ་ཡེ་སྣང་རིག་དཀྱིལ་འཁོར་འདིར༔ ཚེ་ལྷའི་དཀྱིལ་འཁོར་གཤེགས་ནས་ཀྱང་༔ དབང་བསྐུར་བདག་རྒྱུད་བྱིན་གྱིས་རློབས༔ དུག་གསུམ་བདེ་སྟོང་གསལ་བ་ཡི༔ དངོས་སྣང་ཡེ་དག་དབང་ཐོབ་ཤོག༔ དུག་ལྔ་རང་མཐོང་རང་གྲོལ་བའི༔ འཛིན་མེད་སྤྲོས་བྲལ་དབང་ཐོབ་ཤོག༔ ཐམས་ཅད་ཡེ་དག་སྤྲོས་བྲལ་ངང་༔

p. 591

ཀློང་ཡངས་བྱ་བྲལ་དབང་ཐོབ་ཤོག༔ སྐུ་གསུམ་ཡེ་ནས་རྫོགས་པ་ཡི༔ བདེ་གསལ་མི་རྟོག་དབང་ཐོབ་ཤོག༔ དུག་ལྔ་ཡེ་ནས་དག་པ་ཡི༔ ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ ཁམས་ལྔ་ཡེ་ནས་དག་པ་ཡི༔ སྐུ་ལྔ་ཡེ་ཤེས་དབང་ཐོབ་ཤོག༔ ཆགས་བྲལ་ལུས་མེད་ཡེ་ཤེས་གཟུགས༔ ལུས་མེད་གདོས་བོར་དབང་ཐོབ་ཤོག༔ ཀུན་རྫོབ་ཆོས་ཀུན་ཡེ་དག་པའི༔ དངོས་སྣང་བདེན་མེད་དབང་ཐོབ་ཤོག༔ དོན་དམ་བདེན་མེད་རང་གྲོལ་བའི༔ འཛིན་མེད་སྤྲོས་བྲལ་དབང་ཐོབ་ཤོག༔ ཐམས་ཅད་ཡེ་དག་ཀུན་བཟང་ཀློང་༔ སྨྲ་བསམ་བརྗོད་མེད་དབང་ཐོབ་ཤོག༔ ཚེ་ཡང་དེ་ཡི་དཀྱིལ་དུ་འཛུགས༔ ཚེ་དཔལ་བསོད་ནམས་བརྟན་པར་ཤོག༔ ཚེ་ལྷའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ སྐྱེ་བ་འདི་ནས་ཚེ་རབས་ཀུན༔ ཚེ་དཔག་མེད་དང་དབྱེར་

p. 592

མེད་ཤོག༔ ༀ་ཨཱ༔ཧཱུྃ་ཨ་མི་ཏ་བྷ་ཧྱ་གྷྲྀ་ཝ་བཻ་རོ་ཙ་ནི་ཨཱཿཡུ་སིདྡྷི་ཛཿཧཱུྃ་བཾ་ཧོཿ ཞེས་གཏོར་མ་སྐུ་འབག་ཡི་གེས་སྤྱི་བོར་དབང་བསྐུར་ལ༔ རང་གི་ལུས་ངག་ཡིད་གསུམ་ཡེ་གདོད་མ་ནས༔ སྐུ་གསུམ་གྱི་རང་བཞིན་དུ་ཐག་བཅད་ལ༔ སྤྱོད་ལམ་ཐམས་ཅད་དུ་ཚེ་ལྷའི་ཏིང་འཛིན་དང་མ་བྲལ་བར་བྱའོ༔ འདི་ཡི་ལོ་རྒྱུས་ནི་དཔལ་བསམ་ཡས་སུ་པདྨ་སཾ་བྷ་དེ་ཉིད་ཐུགས་སྲས་གནུབས་ནམ་མཁའི་སྙིང་པོ་བདག་གིས་སློབ་དཔོན་ལ་གཡུ་ཡི་མཎྜལ་ཕུལ་ཏེ༔ གསོལ་བ་བཏབ་པའི་བཀའ་དྲིན་དུ་གནང་བ་འདི༔ བདག་གིས་རང་དབང་ཆུབ་པར་བྱས་ཏེ༔ དབང་འབྱོར་བའི་ནུས་རྟགས་ནི༔ ཕྱིས་རྒྱལ་པོ་གླང་དར་མས་འཇིགས་པའི་དགྲ་སྡང་བར་བྱས་པས༔ གཏོར་རྫས་ཡང་མ་རྙེད་པས༔ དྲི་ཆུ་གཏོར་རྫས་སུ་བཤམས་པས༔ ཚེ་ལྷའི་དཀྱིལ་འཁོར་བདག་གི་མདུན་དུ་ལྷགས་ཏེ༔ འོད་ཟེར་དྲི་ཆུ་ལ་ཕོག་པས་ཁྲོ་ཆུ་ཁོལ་མ་དང་ཐོག་སེར་དུ་གྱུར་ཏེ༔ རྒྱལ་པོ་ཡང་འཇིགས་པར་བྱས༔ སྡིག་བློན་རྣམས་བརྒྱལ་ཏེ༔ དགེ་སློང་བདག་ལ་འཚེ་བར་མ་ནུས་སོ༔ ཧཱུྃ་སྒྲ་བསྒྲགས་པས་གཞན་སེམས་ཕམ་པར་གྱུར་ཏོ༔ ནམ་མཁའི་སྙིང་པོ་བདག་གིས་ཨོ་རྒྱན་ལ་ཞུས་པས༔ ང་ཡིས་བཤད་མི་ནུས་ཁོང་གི་སྐུ་ཚབ་ལ་དྲིས་གསུངས༔ དེ་རིང་ང་ར་ས་འཕྲུལ་སྣང་དུ་རབ་གནས་ལ་འགྲོ་དགོས་གསུངས་པས༔ དེར་དྲིས་པས་སྐུ་ཚབ་ཀྱིས་ཇི་ལྟར་གསུངས་པའི་ཚིག་བཅོས་བསླད་མེད་པར་གཏན་ལ་ཕབ་པ༔ མ་འོངས་སྐལ་ལྡན་གཅིག་དང་འཕྲད་

p. 593

པར་ཤོག༔ བཀའ་གཉན་རྒྱ༔ དམ་ཚིག་གསང་རྒྱ༔ གཞན་ལ་སྤེལ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྀཐི༔ མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ།།

ནམ་མཁའི་སྙིང་པོའི་ཚེ་སྒྲུབ་ཀྱི་ཚེ་འགུགས་ཚེ་གཡང་དཔལ་བེའུ་ཆད་པ་མེད་པའི་རྒྱུན་བཟང་བཞུགས། པདྨ་རྣམ་པར་རྒྱལ་བ།

p. 594
p. 595

ནམ་མཁའི་སྙིང་པོའི་ཚེ་སྒྲུབ་ཀྱི། །ཚེ་འགུགས་ཚེ་གཡང་དཔལ་བེའུ། །ཆད་པ་མེད་པའི་རྒྱུན་བཟང་བཞུགས། །ཚེ་འགུགས་པ་ནི་མདའ་དར་གཡབ་ཅིང་། ཧཱུྃ་ཧྲཱིཿ སྣང་སྲིད་ཟླ་གམ་དབང་གི་དཀྱིལ་འཁོར་ནས། །སྣང་བ་མཐའ་ཡས་རྟ་མཆོག་ཧེ་རུ་ཀ །སྣང་སྟོང་སྐུ་ཡི་སྤྲུལ་བསྒྱུར་མཐའ་ཡས་པས། །སྣང་བཅས་སྣང་མེད་ཚེ་ཡི་བཅུད་རྣམས་བསྡུས། །ཧ་ཡ་གྷྲྀ་ཝ་ཨཱཿཡུ་སིདྡྷི་ཧཱུྃ། །བདེ་ཆེན་འཁོར་ལོ་སྐུ་ཡི་དཀྱིལ་འཁོར་ནས། །བདེ་མཆོག་སྐུ་ཡི་ལྷ་ཚོགས་སྐུ་བཞེངས་ལ། །བདེ་བ་ཆེན་པོའི་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས། །བདེ་ཆེན་ཐིག་ལེ་

p. 596

ཚེ་ཡི་བཅུད་རྣམས་བསྡུས། །ཏ་ཐཱ་ག་ཏ་ཨཱཿཡུ་སིདྡྷི་ཧཱུྃ། །ལོངས་སྤྱོད་འཁོར་ལོ་གསུང་གི་དཀྱིལ་འཁོར་ནས། །ལོངས་སྐུ་མཁའ་འགྲོའི་ལྷ་ཚོགས་སྐུ་བཞེངས་ལ། །ལོངས་སྤྱོད་རབ་རྫོགས་སྤྲུལ་བསྒྱུར་མཐའ་ཀླས་པས། །རླུང་ལྔའི་རང་མདངས་ཚེ་ཡི་བཅུད་རྣམས་བསྡུས། །བཻ་རོ་ཙ་ནཱི་ཨཱཿཡུ་སིདྡྷི་ཧཱུྃ། །ཆོས་ཀྱི་འཁོར་ལོ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཆོས་སྐུ་སྣང་བ་མཐའ་ཡས་སྐུ་བཞེངས་ལ། །སོར་རྟོགས་ཡེ་ཤེས་སྒྱུ་འཕྲུལ་སྣ་ཚོགས་ཀྱིས། །དེ་ཁོ་ན་ཉིད་ཚེ་ཡི་བཅུད་རྣམས་བསྡུས། །ཨ་མི་ཏ་བྷ་ཨཱཿཡུ་སིདྡྷི་ཧཱུྃ། །སྤྲུལ་པའི་འཁོར་ལོ་ཡོན་ཏན་དཀྱིལ་འཁོར་ནས། །བདུད་འདུལ་མགོན་པོའི་ལྷ་ཚོགས་སྐུ་བཞེངས་ལ། །ཕྲིན་ལས་བཞི་ཡི་རྣམ་རོལ་དཔག་མེད་ཀྱིས། །ཤ་ཁྲག་དྲོད་དབུགས་སེམས་ཀྱི་བཅུད་རྣམས་བསྡུས། །མ་ཧཱ་ཀཱ་ལ་ཨཱཿཡུ་སིདྡྷི་ཧཱུྃ། །གཉུག་མ་རྡོ་རྗེ་ལུས་ཀྱི་དཀྱིལ་

p. 597

འཁོར་ནས། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་སྐུ་བཞེངས་ལ། །སྤྲུལ་པ་ཡང་སྤྲུལ་བསམ་ཡས་མཁའ་ཁྱབ་ཀྱིས། །ལས་བཞི་འབད་མེད་ལྷུན་གྲུབ་ཚེ་བཅུད་བསྡུས། །ཛ་ཧཱུྃ་བྃ་ཧོཿཨཱཿཡུ་སིདྡྷི་ཧཱུྃ། །མདོར་ན་རྒྱལ་བའི་སྐུ་གསུང་ཐུགས་གསུམ་གྱིས། །སྒོ་གསུམ་རྡོ་རྗེ་གསུམ་དུ་རྒྱས་གདབ་ནས། །རྩ་དག་རླུང་ཐིམ་ཐིག་ལེ་འཕོ་མེད་བརྟན། །འགྱུར་མེད་ཡོངས་གྲུབ་ཚེ་དབང་མཐར་ཕྱིན་ཤོག། །ༀ་ཨཱཿཧཱུྃ་ཧྲཱིཿཨཱཿཡུ་སིདྡྷི་ཧཱུྃ། །རིག་འཛིན་རྩ་བརྒྱུད་བླ་མས་བྱིན་གྱིས་རློབས། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དངོས་གྲུབ་སྩོལ། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བར་ཆད་སོལ། །ཆོས་སྐྱོང་དམ་ཅན་རྒྱ་མཚོས་ཕྲིན་ལས་སྒྲུབས། །ཚེ་དབང་རིག་པ་འཛིན་པའི་སྐུ་བརྙེས་ནས། །ཚེ་དཔག་མེད་པའི་ངོ་བོར་སངས་རྒྱས་ནས། །རང་གཞན་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཤྲཱི་སྭ་

p. 598

སྟི་ཨཱཿཡུ་སིདྡྷི་ཧཱུྃ། །སྤྱི་འབྱམས་ཉི་ཟླ་ཕུག་ཏུ་ནམ་སྙིང་ཚེ་སྒྲུབ་འདོན་སྐབས་ལོ་བདུན་ཅུ་དོན་དགུ་ཐུབ་པའི་རྨིས་ལྟས་བྱུང་བས་བན་རྒན་རཏྣས་གང་དྲན་བྲིས་པ་བརྒྱ་དང་བཅུ་ཕྲག་གསུམ་གྱི་བཀྲ་ཤིས་དཔལ་འབར་མི་འགྱུར་ལྷུན་གྲུབ་ཨི་ཝཾ་མཱ་ཡཱ་ཏིཥྛ་བཛྲ་ས་མ་ཡ་ཧོ། །མངྒ་ལཾ། དགེའོ།། །། ༈ རྗེས་ཆོག་ནི༔ དང་པོ་མཆོད་པ་ནི༔ ཧྲཱིཿ བཛྲ་ཨཱཿཡུ་ཨ་མི་ཏ་བྷ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་སོགས། བསྟོད་པ་ནི༔ ༀ་ཨཱཿཧཱུྃ༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ སངས་རྒྱས་ཀུན་འདུས་བཅོམ་ལྡན་འདས༔ ཡབ་ཡུམ་སྲས་དང་བཙུན་མོར་བཅས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ མ་འབྱོར་པ་དང་ཉམས་པ་དང་༔ གང་ཡང་སོགས་ནས་བཟོད་པར་གསོལ༔ ༀ་བཛྲ་ས་ཏྭ་སོགས། ཧཱུྃ༔ རྟེན་དང་གཏོར་མའི་ལྷ་ཚོགས་རྣམས༔ ༼གཉིས་མེད་ངང་དུ་བརྟན་པར་བཞུགས༔༽ སླར་ཡང་རང་ལ་ཐིམ་པར་གྱུར༔ ལུས་སྣང་ལྷ་སྐུ་མཐའ་ནས་ཡལ༔ སྐྱེ་མེད་ཡི་གེ་ཧྲཱིཿལ་ཐིམ༔ ཧྲཱིཿཡང་འོད་ཞུ་ཐིག་ལེར་

p. 599

གྱུར༔ ཐིག་ལེ་ཁྱབ་བརྡལ་ཀློང་དུ་ཡལ༔ བརྗོད་མེད་ཡེ་ཤེས་གཉུག་མའི་སེམས༔ ཡེངས་མེད་རིག་རྩལ་མངོན་གྱུར་ཤོག༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དཀྱིལ་འཁོར་དུ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱིས༔ ཡེ་ཤེས་ལྔ་ཡི་སྤྲུལ་བསྒྱུར་འགྱེད༔ འཕོ་འགྱུར་མེད་པའི་བཀྲ་ཤིས་གང་༔ དེང་འདིར་འགྲོ་ལ་འཆར་གྱུར་ཅིག༔ ཧཱུྃ༔ མ་འགགས་རང་གསལ་ཀློང་ཡངས་ནས༔ རྒྱལ་བ་རབ་འབྱམས་ཆོས་སྒོ་གང་༔ སྐྱི་མེད་ཆོས་སྒོའི་ཡི་གེ་ཤར༔ འཁོར་འདས་ཀུན་ཁྱབ་བཀྲ་ཤིས་གང་༔ དེང་འདིར་འགྲོ་ཀུན་ཁྱབ་གྱུར་ཅིག༔ ཧཱུྃ༔ རྙེད་དཀའི་དལ་འབྱོར་དོན་ལྡན་པ༔ དཔག་པར་དཀའ་བའི་ཕ་རོལ་ཕྱིན༔ གཞལ་དུ་མེད་པའི་ས་ལམ་བསྒྲོད༔ གཞོམ་ཞིག་བྲལ་བའི་བཀྲ་ཤིས་གང་༔ དེང་འདིར་འགྲོ་ཀུན་སྨིན་གྱུར་ཅིག༔ ཧཱུྃ༔ སྣང་སྲིད་དཀྱིལ་འཁོར་རབ་འབྱམས་གང་༔ བདེ་

p. 600

ལེགས་ཡོན་ཏན་དཔལ་དང་ལྡན༔ འབད་མེད་ལྷུན་གྲུབ་ཡིད་བཞིན་ནོར༔ དགོས་འདོད་ཀུན་འབྱུང་བཀྲ་ཤིས་གང་༔ དེང་འདིར་རིགས་དྲུག་ཁྱབ་གྱུར་ཅིག༔ ཧཱུྃ༔ རང་རིག་རིག་པའི་ངོ་བོ་སྟོང་༔ མ་འགགས་འགག་མེད་ཅིར་ཡང་འཆར༔ སྟོང་གསལ་དྲན་རིག་མཁའ་ལྟར་དག༔ ཤར་གྲོལ་དུས་མཉམ་དབྱིངས་རིག་འདྲེས༔ བརྗོད་མེད་ཡེ་ཤེས་ཉི་ལྟར་ཤར༔ དེང་འདིར་འགྲོ་དྲུག་གསལ་གྱུར་ཅིག༔ འགྱུར་བ་མེད་པར་བརྟན་གྱུར་ཅིག༔ ཐབས་ཀྱི་བཀྲ་ཤིས་ཟླ་ལྟར་གསལ༔ ཤེས་རབ་བཀྲ་ཤིས་ཉི་ལྟར་ཤར༔ ལས་ཉོན་མུན་ཁྱབ་གསལ་གྱུར་ཅིག༔ ཆོས་དབྱིངས་བཀྲ་ཤིས་མཁའ་ལྟར་དག༔ འཆི་བ་མེད་པར་གནས་གྱུར་ཅིག༔ ༀ་ཨཱཿཧཱུྃ་བཛྲ་མངྒ་ལཾ་ཏིཥྛ་ཏིཥ་ཋ་ཏིཥ་ཋ་བྷཱུྃ༔

p. 601

ནམ་སྙིང་ཚེ་སྒྲུབ་ཀྱི་ཚོགས་འཁོར་འཆི་མེད་དགའ་སྟོན་བཞུགས་སོ། །ནམ་སྙིང་ཚེ་སྒྲུབ་ཀྱི་ཚོགས་འཁོར་ཅུང་ཟད་སྤྲོས་པ་ལ་དགའ་ན། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་ཚོགས་རྫས་ཀྱི་ཞེན་སྣང་ཐམས་ཅད་བསྲེགས་གཏོར་བཀྲུས་ནས། ཚོགས་གཞོང་འདོད་འབྱུང་བྷནྡྷའི་སྣོད་དུ་ཚོགས་རྫས་རྣམས་རིགས་ལྔ་ཡབ་ཡུམ་ཟུང་འཇུག་བདེ་བ་ཆེན་པོར་འོད་དུ་ཞུ། ཤ་ལྔ་བདུད་རྩི་ལྔ་ཡི་དྭངས་བཅུད་བདེ་ཆེན་གྱི་ཚོགས་རྫས་གནམ་ས་གང་བས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དབང་དུ་བསྡུ་བའི་

p. 602

རྫས་སུ་བྱིན་གྱིས་བརླབ་པར་གྱུར། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ་ལན་གསུམ། ཚོགས་རྫས་མཆོད་པའི་ལྷ་མོ་ནམ་མཁའ་གང་བས་ཚེ་ལྷའི་དཀྱིལ་འཁོར་ཁ་བ་བུ་ཡུག་འཚུབས་པ་ལྟར་བདག་མདུན་བུམ་པའི་དཀྱིལ་འཁོར་དུ་ཐིམ་པ་རྣམས་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ་བས། ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་ཆར་ལྟར་བབས་ཏེ་རང་ལུས་ཡོངས་སུ་གང་བར་གྱུར། ཞེས་གསལ་འདེབས་ལ། ཧྲཱི༔ འཆི་མེད་ཚེ་ཡི་ཞིང་ཁམས་ནས། །རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས། །སྣང་སྲིད་ཚོགས་ཀྱི་འཁོར་ལོ་རུ། །སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛ་ཛཿ ཞེས་སྤྱན་དྲངས་ཏེ། ཧྲཱིཿ འཆི་མེད་འོད་ཀྱི་ལང་ཚོ་ཅན། །སྣང་སྲིད་ཚེ་ལྷའི་དཀྱིལ་འཁོར་ལ། །བདེ་ཆེན་རིག་མའི་སྤྲིན་ཕུང་གིས། །འདོད་ཡོན་ཕྱི་ཡི་ཚོགས་མཆོད་འབུལ། །བདུད་རྩི་ལྔ་དང་ཤ་ཆེན་ལྔ། །རཀྟ་ནང་གི་ཚོགས་མཆོད་འབུལ། །འཁོར་འདས་

p. 603

ཡོངས་རྫོགས་རིག་པའི་ཀློང་། །ཟང་ཐལ་གསང་བའི་ཚོགས་མཆོད་འབུལ། །སྐྱེ་འཆི་བགྲེས་རྒུད་མེད་པ་རུ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཚོགས་ཕུད་འབུལ། ༀ་ཨཱཿཧཱུྃ། འཇའ་ལུས་ཆོས་སྐུའི་ཞིང་ཁམས་ནས། །སྣང་མཐའ་ཡབ་ཡུམ་ཐུགས་དམ་བསྐང་། །འཆི་མེད་ལོངས་སྐུའི་ཞིང་ཁམས་ནས། །འཕགས་པ་ཡབ་ཡུམ་ཐུགས་དམ་བསྐང་། །པདྨ་དྲྭ་བའི་ཞིང་ཁམས་ནས། །པད་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་། །སྐྱེ་འཆི་མེད་པའི་ཞིང་ཁམས་ནས། །ནམ་སྙིང་ཡབ་ཡུམ་ཐུགས་དམ་བསྐང་། །བརྟུལ་ཞུགས་གྲུབ་པའི་གནས་མཆོག་ནས། །མི་འགྱུར་རྡོ་རྗེའི་ཐུགས་དམ་བསྐང་། །བྱིན་རླབས་རྒྱ་མཚོའི་འབྱུང་གནས་ནས། །རིག་འཛིན་བརྒྱུད་པའི་ཐུགས་དམ་བསྐང་། །བདུད་འདུལ་དཔལ་གྱི་ཕོ་བྲང་ནས། །རྟ་ཕག་ཡབ་ཡུམ་ཐུགས་དམ་

p. 604

བསྐང་། །རྩ་འཁོར་བཞི་ཡི་དཀྱིལ་འཁོར་ནས། །ཐབས་ཤེས་ཟུང་འཇུག་ཚེ་ཡི་ལྷ། །བདུད་འདུལ་མགོན་པོའི་ཐུགས་དམ་བསྐང་། །ལས་བཞི་གྲུབ་པའི་གནས་མཆོག་ནས། །མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་། །དགོངས་པའི་རྩལ་བདུན་སྐྱོང་མཛད་པ། །གཏེར་བདག་སྲུང་མའི་ཐུགས་དམ་བསྐང་། །ཕྱི་ལྟར་སྣང་སྲིད་དག་པས་བསྐང་། །ནང་ལྟར་རྩ་རླུང་ཐིག་ལེས་བསྐང་། །ཐབས་དང་ཤེས་རབ་བདུད་རྩིས་བསྐང་། །གསང་བ་དགའ་བཞིའི་ཡེ་ཤེས་དང་། །ཡང་གསང་ཆོས་ཉིད་ཟད་པས་བསྐང་། །བསྐང་གྱུར་ཚེ་དབང་ཡེ་ཤེས་སྩོལ། །ཧོ། བྱམས་པའི་སྤྱན་ལྡན་ཚེ་ཡི་ལྷ་ཚོགས་དགོངས། །བདག་ཅག་རང་སྣང་དབང་དུ་མ་གྱུར་པས། །དཀོན་མཆོག་རྩ་བ་གསུམ་གྱི་སྤྱན་ལམ་དུ། །སྡོམ་གསུམ་བཅས་མཚམས་འདས་པ་མཐོལ་ལོ་བཤགས། །མཆེད་ལྕམ་རིག་པ་འཛིན་པའི་སྤྱན་

p. 605

ལམ་དུ། །བྱམས་པའི་བརྩེ་གདུང་རལ་བ་མཐོལ་ལོ་བཤགས། །ཁམས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེའི་དཔྱངས་ཐག་ཆད་པ་མཐོལ་ལོ་བཤགས། །གནས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཀུན། །བདེ་སྟོང་ཚོགས་ཀྱི་མཆོད་པ་ཕུལ་ཏེ་བཤགས། །ཚེ་འདིར་ཚེ་དབང་མཆོག་གི་དངོས་གྲུབ་ལ། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ༀ་བཛྲ་ས་ཏྭ་ཨ། ཞེས་བཤགས་པ་ཕུལ། ཧྲཱིཿ རྡོ་རྗེ་ཚེ་ཡི་ཕོ་ཉ་རྣམས། །ཚེ་དབང་མཆོག་གི་བར་ཆད་སྒྲོལ། །དུག་གསུམ་སྦྱོང་བའི་ཤ་ཁྲག་རུས། །འཆི་མེད་ཚེ་ལྷའི་ཞལ་དུ་བསྟབ། །དགྲ་བགེགས་ཨཾ་ཀུ་ཤ་ཛཿ ནྲྀ་ཏྲི་ཤ་ཏྲུན་མཱ་ར་ཡ་ཕཊཿབ་ལྟིཾ་ཁཱ་ཧི། ཞེས་བསྒྲལ་བསྟབ་བྱའོ། དེ་ནས་ཚོགས་གླུ་ནི། ཨ་ལ་ལ་ཧོ་སྐུ་གསུམ་འོད་གསལ་གྱི་ཞིང་ནས། །བདེ་ཆེན་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་

p. 606

རོལ་བའི། །རྩ་གསུམ་རིག་འཛིན་དགྱེས་པའི་བྱིན་ཆེན་རེ་ཕོབས་དང་། །བློ་གསལ་ང་ཚོ་ཐར་པའི་ལམ་བཟང་ལ་འཇུག་ཡོང་། །ཨ་ལ་ལ་ཧོ་ཉིན་མཚན་འོད་གསལ་གྱི་ཀློང་ནས། །དམ་ཚིག་འདུ་འབྲལ་མེད་པའི་ཚོགས་འཁོར་ལ་དགྱེས་པ། །མཆེད་ལྕམ་སྣང་བ་དག་པའི་སྒོམ་སྒྲུབ་ལ་རེམས་དང་། །བློ་གསལ་ང་ཚོ་སྲིད་པའི་རྒྱ་མཚོ་ལས་བརྒལ་ཡོང་། །ཨ་ལ་ལ་ཧོ་གཞི་གནས་འོད་གསལ་གྱི་དབྱིངས་ནས། །དག་སྣང་འབྲལ་བ་མེད་པའི་ཚོགས་འཁོར་ལ་སྤྲོ་བ། །ཨ་མ་ཁམས་གསུམ་སེམས་ཅན་དད་མོས་ལ་སྤྱོད་དང་། །བློ་གསལ་ང་ཚོས་སྙིང་རྗེའི་དཔྱངས་ཐག་ལ་རེམས་ཡོང་། །རིང་པོ་བསྒུག་ཡུན་མི་བསྲིང་གསང་ཆེན་གྱི་མྱུར་ལམ། །ཚེ་ལུས་གཅིག་ལ་གྲོལ་བའི་རྟེན་འབྲེལ་རེ་སྒྲིགས་ཤོག །ཧོ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཞེས་དང་། ཨ་ལ་ལ་ཧོ། ཞེས་སློབ་དཔོན་གྱིས་ལེན། དེ་ནས་

p. 607

ཚོགས་ལྷག་རྣམས། ༀ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧོ། དང་པོ་ཕུད་ཀྱིས་ལྷ་ཚོགས་མཆོད། །བར་དུ་ཚོགས་ཀྱིས་བསྐང་ཞིང་བཤགས། །ཐ་མ་ལྷག་མའི་འདོད་ཡོན་གྱིས། །ལྷག་མ་དབང་རྣམས་མཉེས་གྱུར་ཅིག །ༀ་ཨུཙྩིཥྚ་བྷཀྵ་ཁཱ་ཧི། ཞེས་ཕུལ་ལོ། །ཡང་ཚོགས་བརྒྱ་དང་ཁྲི་ཚོགས་སྟོང་ཚོགས་སོགས་བསག་ན། བྱིན་རླབས་རྒྱས་པ་དང་མཆོད་ལྷ་སྤྲོ་བ་དང་བཅས་ཚར་དང་པོ་དང་། སྐབས་སྐབས་སུ་འདོན་པས་གསལ་འདེབས། གཞུང་དུ། ༀ་ཨཱཿཧཱུྃ། ལན་རེས་བྱིན་བརླབས་ཏེ། ཧྲཱིཿ འདིར་བྱོན་ཚེ་ཡི་ལྷ་ཚོགས་རྣམས༔ རྩ་འཁོར་བཞི་ཡི་གདན་ལ་བཞུགས༔ ཧཱུྃཧཱུྃ་ཧཱུྃ༔ ཞེས་སྤྱན་དྲངས་ལ༔ ཧྲཱིཿ རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ༔ ཚོགས་གཏོར་སྨན་རཀ་གཏོར་མ་འབུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དང་པོའོ༔ ཧྲཱིཿ རྡོ་རྗེ་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཿ རྡོ་རྗེ་ཚེ་ལྷ་འཁོར་བཅས་ལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་

p. 608

བར་པ་འབུལ༔ ཧྲཱིཿ རྡོ་རྗེ་ཚེ་ཡི་ཕོ་ཉ་རྣམས༔ ཚེ་དབང་མཆོག་གི་བར་ཆད་སྒྲོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དགྲ་བགེགས་ཨངྐུ་ཤ་ཛཿ ས་བཀུགས༔ ནྲྀ་ཏྲི་ཤ་ཏྲུན་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་ཞིང་སྤར༔ བ་ལྟིཾ་ཁཱ་ཧིཿ ཞལ་བསྟབ་བྱའོ། ༀ་ཨཱཿཧཱུྃ་ཨུཙྪིཥྚ་བྷཀྵ་ཁཱ་ཧི། ཞེས་ལྷག་མ་བསྔོ། སླར་ཡང་འབྲུ་གསུམ་གྱིས་བྱིན་བརླབས་ཏེ་འདི་བར་ཚར་གྲངས་བསོག །འདི་ནི་རྩ་བ་རྡོ་རྗེའི་ཚིག་ལ་གཞན་ནས་རྡོ་རྗེའི་སྔགས་འབྲུ་འགའ་རེ་བླངས་པས་ཟུར་བརྒྱན་པ་ཙམ་ཡིན། འདི་བསྙེན་པའི་མཐའ་ནས་བསགས་ཀྱང་རུང་ལ་གཞུང་གསལ་ལྟར་དུ་འཛུད་ཀྱང་རུང་ངོ་། ཆོ་གའི་འཇུག་ཏུ་བཀྲ་ཤིས་སྟབས་བདེ་དགོས་ན། ཧྲཱིཿ འཆི་མེད་ཡུམ་ལྔའི་ཞིང་ཁམས་ནས། །སྐྱེ་འཆི་མེད་པའི་ཡེ་ཤེས་ལྔ། །སྣང་མེད་ཡིད་ཀྱི་ཐིག་ལེ་རུ། །བགྲེས་རྒུད་མེད་པའི་བཀྲ་ཤིས་ཤོག །འོད་ལུས་དག་པའི་ཞིང་ཁམས་ནས། །སྐྱེ་འཆི་མེད་པའི་རིགས་ལྔ་ཡུམ། །ཕྱེད་སྣང་ངག་གི་ཐིག་ལེ་རུ། །བགྲེས་རྒུད་མེད་པའི་བཀྲ་ཤིས་ཤོག །རིག་འཛིན་གྲུབ་པའི་ཞིངས་

p. 609

ཁམས་ནས། །སྐྱེ་འཆི་མེད་པའི་རིག་འཛིན་རྣམས། །སྣང་བ་ལུས་ཀྱི་ཐིག་ལེ་རུ། །བགྲེས་རྒུད་མེད་པའི་བཀྲ་ཤིས་ཤོག །བསྐྱེད་རྫོགས་དག་པའི་ཞིང་ཁམས་ནས། །སྐྱེ་འཆི་མེད་པ་ཚེ་ཡི་ལྷ། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །བགྲེས་རྒུད་མེད་པའི་བཀྲ་ཤིས་ཤོག །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་པའང་མཁྱེན་བརྩེ་ནུས་ལྡན་ཨརྨེ་རིག་འཛིན་རྣམ་རྒྱལ་གྱིས་གསུང་བསྐུལ་ལྟར་པདྨ་རྣམ་པར་རྒྱལ་བས་འདུས་གསལ་དུ་བསྡེབས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།

ནམ་སྙིང་ཚེ་སྒྲུབ་ཀྱི་ཟིན་བྲིས་སྒོམ་དོན་ཁ་གསལ་སྒོ་འབྱེད་བདེ་དོན་སྙིང་པོ། མཁན་པོ་ཀརྨ་རཏྣ།

p. 610
p. 611

༄༅། །ནམ་སྙིང་ཚེ་སྒྲུབ་ཀྱི་ཟིན་བྲིས་སྒོམ་དོན་ཁ་གསལ་སྒོ་འབྱེད་བདེ་དོན་སྙིང་པོ་བཞུགས་སོ། །

p. 612

ༀ་སྭ་སྟི་སིདྡྷི། འགྱུར་མེད་ཡོངས་གྲུབ་ཡེ་ཤེས་མཆོག་གི་སྐུ། །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་དཀྱིལ་འཁོར་གཙོ། །གང་འདུལ་མོས་པའི་སྐུར་བཞེངས་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རྒྱ་མཚོར་གུས་ཕྱག་འཚལ། །དེ་ཡང་མཆོད་པར་བརྗོད་ཅིང་ལས་སུ་བྱ་བ་ནམ་སྙིང་ཚེ་སྒྲུབ་ཀྱི་དམིགས་པའི་ཟིན་ཐོ་ལ་དང་པོ་སྲུང་འཁོར་མཚན་བཅས་དང་མཚན་མེད་གཉིས་ལས་དང་པོ་ནི། ཧྲཱིཿ ཞེས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ནས་མཚོན་ཆ་མེ་དཔུང་ཁྲོ་ཚོགས་སྤྲོ་ཞིང་བགེགས་ཚོགས་ཚར་གཅོད་པ། བསྐྱེད་རིམ་དང་འབྲེལ་བའི་དུག་ལྔ་དུག་གསུམ་ཀློང་ཡངས་ཆེན་པོར་མཚམས་བཅད་པ་ནི། ཇི་སྐད་དུ་ཡང་། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་བཅད་པར་བྱ། །ཞེས་གསུངས་པ་ལྟར་མཚན་

p. 613

མེད་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྒྱས་གདབ་པ་ལ། སྐྱབས་སེམས་གཞུང་ལྟར་གྱེར་བསྒོམ་བྱ། བྱིན་འབེབས་ནི་སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ཡེ་གདོད་ལྷུན་གྲུབ་ཏུ་ཤེས་པའི་ཧཱུྃ་གསུམ་ནི་ཡིད་ཡུལ། སྣང་ཡུལ། ཞེན་ཡུལ་མཁའ་ལྟར་དག་པའི་དོན་ནོ། །ལྷར་བསྐྱེད་པ་ནི། རང་རིག་ཆོས་སྐུའི་ངང་ལས་འགགས་མེད་ཡི་དམ་ལྷ་ཚོགས་བསྐྱེད་པའི་ཚུལ་ནི། བདག་མདུན་ཆིག་རྫོགས་ཀྱི་རྟེན་ལས་གཞུང་ལྟར་སྒོམ་པའི་ཐུགས་ཀར་གཞལ་ཡས་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལྡན་ཞི་དྲག་འདྲེས་མའི་དཀྱིལ་འཁོར་འཛམ་བུ་ཆུ་གསེར་གྱི་ཐོག་ཁེབ་རིགས་ཀྱི་རང་རྟགས་པདྨ་འབར་བས་མཚན་པའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་ཟླ་བའི་གདན་ལ་གཙོ་བོ་ཚེ་དཔག་མེད་

p. 614

དམར་པོ་གཞུང་ལྟར་དང་། འདབ་མ་བརྒྱད་ཀྱི་སྟེང་པདྨ་ཉི་ཟླའི་གདན་ལ་ཚེ་དཔག་མེད་བརྒྱད་གཙོ་བོ་ལྟར་བསྒོམ། སྟོང་ར་རྟེན་དམར་པོའི་ཀླད་པ་དུང་ཁང་གི་ནང་དུ་གཞལ་ཡས་ཁང་སྔ་མ་ལྟར་གསལ་བའི་དབུས་སུ་པདྨ་དཀར་པོ་འདབ་མ་སུམ་ཅུའི་ལྟེ་བར་རྨ་བྱའི་ཁྲི་པདྨ་ཉི་ཟླའི་གདན་ལ་ཚེ་དཔག་མེད་དམར་པོ་འཁོར་རང་འདྲ་སུམ་ཅུས་བསྐོར་བ། མགྲིན་པར་ཆོས་འབྱུང་བསྣོལ་མ་འོད་ཀྱི་རང་བཞིན་གྱི་དབུས་སུ་པད་འདབ་དམར་པོ་བཅུ་དྲུག་གི་ལྟེ་བར་རྡོ་རྗེ་ཕག་མོ་ཞལ་གཉིས་ཕྱག་གཉིས་མ་ལ་འཁོར་རང་འདྲ་བཅུ་དྲུག་གིས་བསྐོར་བ་དང་། ཟུང་འཇུག་གི་དཀྱིལ་འཁོར་ནི་སྤྱི་བོར་ཐབས། སྙིང་ག་ཤེས་རབ། མགྲིན་པར་ཐབས་ཤེས་ཟུང་འཇུག་གི་རང་བཞིན་ནོ། །སྟོང་རའི་ལྟེ་བར་བགེགས་འཇོམས་ཀྱི་དཀྱིལ་འཁོར་ནི། མེ་དཔུང་དམར་ནག་འབར་བའི་ཀློང་དུ་ཆོས་འབྱུང་མཐིང་ག་གྲུ་གསུམ་བསླངས་ཐབས་ཀྱི་རྩེ་མོའི་ནང་ནས་སྐྱེས་པའི་པད་འདབ་མཐིང་ག་དྲུག་ཅུའི་ལྟེ་བར་པདྨ་ཉི་མ་རོ་ཡི་གདན་ལ་མགོན་པོ་བེར་ནག་ཅན་ལ་འཁོར་རང་འདྲ་དྲུག་ཅུས་བསྐོར་བ། སྤྱན་འདྲེན་ནི། གཞུང་ལྟར། བདེ་བ་ཅན་དང་ཨོ་རྒྱན་ཡུལ་སོགས་ཞིང་ཁམས་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཤིང་།

p. 615

ཧཱུྃ་ངར་དང་ལྡན་པ་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་ཞིང་དབང་བསྐུར་བྱིན་གྱིས་བརླབས་ནས་དབྱེར་མེད་དུ་གྱུར་པར་བསྒོམ་ལ་ཛཿཧཱུྃ་བྃ་ཧོཿ ཨཾ་ཀུ་ཤས་རྒྱས་གདབ། གདན་འབུལ་སྐབས་ཀྱི་ཧཱུྃ་གསུམ་ནི་དམ་ཚིག་ཡེ་ཤེས་དབྱེར་མེད་སྐྱེ་མེད་འགགས་མེད་མཐའ་བྲལ་གྱི་ངང་ལ་གནས་པའི་མཐའ་ཡིན། མཆོད་པའི་སྐབས་ཧཱུྃ་གསུམ་ནི་མཆོད་བྱ་མཆོད་བྱེད་མཆོད་ཡུལ་གསུམ་མི་དམིགས་པ་འཁོར་གསུམ་རྣམ་དག་གི་མཆོད་པའོ། །གསང་མཆོད་སྐབས་ཀྱི་ཧཱུྃ་གསུམ་ནི་དུག་ལྔ་ཡེ་ཤེས་ལྔ། དུག་གསུམ་སྐུ་གསུམ་གྱི་ཀློང་དུ་དག་པའོ། །རྫས་མཆོད་སྐབས་ཀྱི་ཧཱུྃ་གསུམ་ནི། གཙང་རྨེའི་རྣམ་རྟོག་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་དག་པའོ། །འདོད་ཡོན་མཆོད་པའི་སྐབས་ཀྱི་ཧཱུྃ་གསུམ་ནི། འདོད་ཡོན་ལྔ་མཆོད་ཕུལ་བས་ཐུགས་རྒྱུད་ཟག་མེད་བདེ་སྟོང་དབྱེར་མེད་ཀྱི་མཉེས་པའོ། །ཚོགས་གཏོར་འབུལ་སྐབས་ཀྱི་ཧཱུྃ་གསུམ་ནི། དུག་གསུམ་རྣམ་དག་རྫས་ཀྱི་མཆོད་པའོ། །བསྐང་བའི་སྐབས་ཀྱི་ཧཱུྃ་གསུམ་ནི། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་དག་པའོ། །བཤགས་པའི་སྐབས་ཀྱི་ཧཱུྃ་གསུམ་ནི། འཁོར་གསུམ་འཛིན་མེད་ཀྱི་བཤགས་པའོ། །བསྟོད་པའི་སྐབས་ཀྱི་ཧཱུྃ་གསུམ་ནི། གསང་བ་

p. 616

གསུམ་གྱི་ཡོན་ཏན་ལ་བསྟོད་པའོ། །གནད་འབེབས་སྔགས་འཁོར་ནི། འོད་ཟེར་འཕྲོ་འདུས་སྣང་སྲིད་འཁོར་འདས་ཀྱི་ཚེ་བཅུད་བསྡུས་ནས་རང་ལ་བསྟིམ་ཞིང་གཅིག་ཏུ་བསྲེ། གཞི་གནད་འདི་འདྲ་སྟེ། སྙིང་གའི་ཚེ་དཔག་མེད་ཀྱི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཕྲེང་པདྨ་རཱ་གའི་ཕྲེང་བ་ལྟར་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་གཡོན་དུ་བཀོད་ནས་གཡས་སུ་ཀྱི་ལི་ལི་འཁོར་བར་བསྒོམ་ཞིང་། དང་པོ་རྩ་སྔགས་ཅུང་ཟད་བཟླས་ནས་སྙིང་ཁའི་རྩ་ལྷ་སྔགས་འཁོར་གསལ་བཏབ། ཡང་སྔགས་འཁོར་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་ཞལ་ནས་ཐོན། སྤྱི་བོའི་ཚེ་དཔག་མེད་ལ་ཕོག །ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿ དཀར་གསལ་གྱི་ཐ་མ་ལ་སྔགས་ཕྲེང་དཀར་ལ་གསལ་ཞིང་སྣུམ་འོད་དང་ལྡན་པ་འཕྲོས་གཡས་སུ་ཀྱི་ལི་ལི་འཁོར་བར་བསམས་ལ་སྔགས་བཟླའོ། །ཡང་སྤྱི་བོ་མགྲིན་པ་སྙིང་གའི་ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་ཁམས་རང་འབྱམས་རྣམས་ལ་ཕོག །འོད་ཟེར་ལས་རང་སྣང་སྤྲུལ་པའི་ལྷ་མོ་ཕྱག་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་ཞིང་ཁམས་རྣམས་མཆོད་པས་ལྷ་ཚོགས་རྣམས་དགྱེས་ནས་སྐུ་གསུམ་

p. 617

ཚེ་ཡི་ལྷ་ཚོགས། གསུང་སྔགས་ཕྲེང་དབྱངས་ཡིག་དང་བཅས་པ་ཡི་གེ་དཀར་དམར་མཐིང་གསུམ། ཐུགས་ཕྱག་མཚན་དང་འོད་ཟེར་སྣ་ལྔའི་ཚུལ་དུ་བདག་མདུན་ལྷ་ཚོགས་ལ་ཐིམ་པས་ཆུ་ལ་ཆུ་བཞག་པ་ལྟར་དམ་ཡེ་དབྱེར་མེད་དུ་འདྲེས་པར་བསམས་ལ་སྔགས་བཟླས། དེའང་ལས་བྱང་གཞུང་གི་ཧྲཱིཿརྣམས་དང་ཧཱུྃ་གསུམ་སྦྲེལ་རྣམས་ནི། ཧྲཱིཿཡེ་ཤེས་སྙིང་པོའི་དོན་རྟོགས་པ་ནི་ཚེ་ལྷ་ལྔ་ཡི་སྲོག་སྔགས་དང་། ཧཱུྃ་ནི་སྣང་སྲིད་འཁོར་འདས་ཐམས་ཅད་གཅིག་ཏུ་བསྡུས་པའི་སྒྲ་སྟེ། ཧྲཱིཿདང་ཧཱུྃ་གིས་སྣང་སྲིད་ཐེམ་མེར་གང་ནས་དུག་ལྔའི་སྡིག་སྒྲིབ་རྣམས་ཀྱང་སྐད་ཅིག་ལ་དག་ནས་སྣང་སྲིད་དབྱེར་མེད་དུ་འདྲེས་པར་བསམ། ཡང་སྔགས་ཕྲེང་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་རིགས་དྲུག་སྲིད་པའི་གྲོང་ཁྱེར་རྣམས་ལ་ཕོག་པས་དེ་དག་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་དུག་ལྔ་དུག་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་དག །དེ་དག་རྣམས་ཀྱི་ཚེ་བསོད་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་སྡུད། རང་ཉིད་ལ་ཐིམ་པས་སྐྱེ་འཆི་དང་བྲལ་བའི་ཚེ་བཅུད་འདུས་པར་བསམ། དེ་ནས་སྙིང་ཁའི་ཚེ་དཔག་མེད་ཀྱི་ཐུགས་ཀར་སྔགས་ཕྲེང་ལས་འོད་ཟེར་འཕྲོས་ལྟེ་བ་

p. 618

ནས་ཐོན་ཏེ་ལྟེ་བའི་རྩ་འཁོར་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་དམ་གྱི་བརྒྱུད་བསྐུལ། ཧཱུྃ་གི་མཐར་འོད་ཟེར་ལྗང་ནག་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་འོད་འཕྲོས་རྩ་འཁོར་གྱི་མགོན་པོ་རྣམས་ལ་ཕོག་པས། ཐམས་ཅད་ཁྲོས་འཁྲུག་རྔམ་པའི་ཆ་ལུགས་དང་ལྡན་པ། རང་འོད་ཡེ་ཤེས་ལྔ་དང་འོད་ཟེར་སྣ་ལྔར་འཕྲོ་བས་སྣང་སྲིད་འཁོར་འདས་ཐམས་ཅད་ཐེམ་མེར་གང་སྟེ། བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་གཟུགས་ཅན་གཟུགས་མེད་ཐམས་ཅད་སྐེ་ལུས་གྲི་གུག་གིས་བྲེག་སྟེ་ཤ་ཁྲག་དམར་ཉིལ་གྱིས་བཏང་ཏེ་གྲི་གུག་གི་རྩེ་ནས་ཡེ་ཤེས་ལྔའི་མེ་དཔུང་འཕྲོས་མ་དག་ཐམས་ཅད་བསྲེག །དག་པ་ཡེ་ཤེས་ཀྱི་ཆ་དང་། ཚེ་བསོད་སྟོབས་འབྱོར་ནུས་མཐུ་ཐམས་ཅད་རང་ལ་ཐིམ། ཤ་ཁྲག་བདུད་རྩིར་བསྒྱུར་ནས། གྲི་གུག་གིས་ཐོད་པར་བླུག་ནས་ལྗགས་ཀྱི་སྦུ་གུའི་གསོལ་ནས་ཐམས་ཅད་དགྱེས་ནས་ཧ་ཧ་ཧི་ཧིའི་གད་རྒྱངས་དང་བཅས་ཏེ། རང་སྣང་འོད་ཟེར་ཁ་དོག་སྣ་ཚོགས་དང་ཁྲོ་ཚོགས་ཐམས་ཅད་སྐད་ཅིག་གིས་ཚུར་བསྡུས་ནས་བདག་བསྐྱེད་ལ་ཐིམ་པར་བསམ། ལྷ་ཚོགས་རྣམས་ཀྱང་སྟོབས་དང་གཟི་བརྗིད་རབ་ཏུ་རྒྱས། སྐུ་གར་སྟབས། གསུང་སྔགས་སྒྲ། ཐུགས་

p. 619

བདེ་སྟོང་རོལ་པའི་ངང་ནས། སྤྱི་བོའི་རྟ་མགོ་ལྗང་ནག་དེ་ལན་གསུམ་འཚེར་བས་སྣང་སྲིད་འཁོར་འདས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་སྒྲ་དེ་ལ་དགྱེས་ནས་སྨྲ་བསམ་བརྗོད་མེད་ཀྱིས་རོལ་པས་སྐད་ཅིག་ལ་མར་བྱོན་ནས་མཚོ་ལ་ཆར་བབ་པ་ལྟར་དབྱེར་མེད་དུ་འདྲེས། མ་དག་རིགས་དྲུག་སྲིད་པའི་གྲོང་ཁྱེར་དང་བཅས་པ་ཤིགས་ཀྱིས་བཤིགས་ནས་གཉིས་འཛིན་འཁྲུལ་པའི་དུག་ལྔ་དུག་གསུམ་ཚོགས་དྲུག་བགེགས་དཔུང་དང་བཅས་པ་ཐམས་ཅད་རང་བཞིན་ཉིད་ཀྱི་ངང་དུ་རྟ་སྐད་བསྒྲགས་པས་ཡ་ཀི་ཀུན་ཏུ་བཟང་པོ་མན་ཆད། མ་ཀི་ན་རག་དམྱལ་ཁམས་ཡན་ཆད་ཡེ་ཤེས་ཀྱི་ཆ་ཐམས་ཅད་སྐད་ཅིག་གཅིག་ལ་ཆུ་ལ་ཆུ་བཞག་ལྟར་དབྱེར་མེད་དུ་འདྲེས། མཉམ་ཉིད་ཀ་དག་ཀློང་ཡངས་ཆེན་པོའི་ངང་དུ་གཟུང་འཛིན་མཐའ་དང་བྲལ་བའི་རོལ་པས་རང་སེམས་བཅོས་བསླད་མེད་པར་སོ་མ་རང་བབས་སུ་བཞག་པའི་ངང་ནས་དལ་བྲེལ་རན་པའི་སྔགས་བཟླས་པའོ། །དབང་གི་ཕྱག་ལེན་པདྨ་ཉིད་བྱེད་དང་། རྟ་མགྲིན་མགོན་པོའི་ཡིག་ཆ་ལྟར་ཤེས་པར་བྱའོ། །ཡོངས་དགེ་གཏེར་ཆེན་ཉིད་ཀྱིས་མཛད་པའི་ཟིན་བྲིས་འཆི་མེད་མཆོག་གྱུར་མྱུར་འགྲུབ་ཨ་ཏི་ཡོ་གའི་དགོངས་པ་གོ་དཀའ་བས་བསྒོམ་དོན་ཁ་གསལ་

p. 620

གོ་བདེ་སྙིང་པོ་དྲིལ་བ་འདི་ལྟར་བྲིས་ཤིག་ཅེས། འཛི་སྒར་མཆོག་སྤྲུལ་ཀརྨ་བསོད་ནམས་ཡེ་ཤེས་ཆོས་འཕེལ་རྒྱ་མཚོའི་བཀའ་གསུངས་སྤྱི་བོར་ཕེབས་པ་གཙུག་ཏུ་མཆོད་ནས་གཏེར་སློབ་མཁན་པོ་ཀརྨ་རཏྣས་བགྲང་བྱ་དོན་དྲུག་ལོར་བཀོད་པ་ཡི་གེ་པ་ནི་རང་གི་ཉེ་གནས་ཨ་མོ་གྷཱ་བཛྲ་གྱིས་བགྱིས་པ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ།།

རྫོགས་པ་ཆེན་པོ་དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན། རིག་འཛིན་འཇའ་ཚོན་སྙིང་པོ།

p. 621

རྫོགས་པ་ཆེན་པོ་དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན་ཞེས་བྱ་བ་བཞུགས་སོ། །གུ་རུ་པདྨ་སིདྷི་ཧཱུྃ་ཧྲཱིཿ གདོད་ནས་བྱང་ཆུབ་སྤྲོས་བྲལ་བདེ་བ་ཆེ། །ཀུན་བཟང་འོད་དཔག་མེད་ལ་གསོལ་བ་འདེབས། །ཚད་མེད་ཐུགས་རྗེའི་གཏེར་ཆེན་ཀུན་ཏུ་རྒྱས། །འཕགས་མཆོག་ནམ་མཁའི་རྒྱལ་པོར་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་ཕྲིན་ལས་གཅིག་བསྡུས་པ། །སངས་རྒྱས་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདེ་ཆེན་གཉུག་མའི་ཆོས་དབྱིངས་ཞིང་གི་

p. 622

བདག །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །དྲི་མེད་འོད་གསལ་རྒྱས་པའི་རང་གཟུགས་ཉིད། །རིག་འཛིན་འཇའ་ཚོན་སྙིང་པོར་གསོལ་བ་འདེབས། །ཐོགས་མེད་ཟང་ཐལ་བརྟུལ་ཞུགས་སྤྱོད་པའི་དཔལ། །རིག་འཛིན་བདུད་འཇོམས་རྡོ་རྗེར་གསོལ་བ་འདེབས། །རྒྱུན་མཐའི་སར་བཞུགས་བྱང་སེམས་འགྲོ་བའི་མགོན། །རིག་འཛིན་ཀློང་གསལ་སྙིང་པོར་གསོལ་བ་འདེབས། །སྲིད་ཞིའི་སྤྱི་དཔལ་ཀུན་བཟང་རྒྱུ་འཕྲུལ་གར། །པདྨ་བདེ་ཆེན་གླིང་པར་གསོལ་བ་འདེབས། །སྙིགས་དུས་འགྲོ་འདུལ་རྒྱལ་བའི་ཕྲིན་ལས་པ། །རིག་འཛིན་ཚེ་དབང་ནོར་བུར་གསོལ་བ་འདེབས། །གངས་ཅན་མགོན་པོའི་རྣམ་འཕྲུལ་ཐམས་ཅད་མཁྱེན། །བཀའ་བརྒྱུད་ཕྲིན་ལས་ཤིང་རྟར་གསོལ་བ་འདེབས། །པདྨའི་རྒྱལ་ཚབ་འགྲོ་འདུལ་རིགས་སྔགས་འཆང་། །རྡོ་རྗེ་དྲག་པོ་རྩལ་ལ་

p. 623

གསོལ་བ་འདེབས། །ལུང་བསྟན་མཆོག་བརྙེས་ས་བཅུའི་དབང་ཕྱུག་ཆེ། །པདྨ་ཉིན་བྱེད་དབང་པོར་གསོལ་བ་འདེབས། །བཻ་རོའི་རྣམ་འཕྲུལ་བཀའ་བབ་ལུང་མཆོག་ཐོབ། །པདྨ་གར་དབང་རྩལ་ལ་གསོལ་བ་འདེབས། །བདག་རྒྱུད་སྨིན་གྲོལ་མཛད་པའི་བཀའ་དྲིན་ཅན། །འདྲེན་མཆོག་རྩ་བའི་བླ་མར་གསོལ་བ་འདེབས། །ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་མཆོག །གུ་རུ་ཞི་དང་དྲག་པོར་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་སྤྱི་དཔལ་ཆེ། །ཌཱ་ཀི་སེང་ཧ་མུ་ཁར་གསོལ་བ་འདེབས། །དེ་ལྟར་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་མར། །རྩེ་གཅིག་གསོལ་བ་བཏབ་མཐུས་རྣལ་འབྱོར་བདག །དུས་འདི་ནས་བརྩམ་སྐྱེ་བ་ཇི་སྲིད་དུ། །དད་གུས་ཤེས་རབ་ལས་འབྲས་ཡིད་ཆེས་ལྡན། །དམ་པས་རྗེས་བཟུང་

p. 624

དབང་ཁྲིད་གདམས་པ་རྫོགས། །དམ་ཚིག་རྣམ་དག་བསྐྱེད་རྫོགས་ཡོན་ཏན་ལྡན། །མཐོང་ཐོས་དྲན་རེག་འགྲོ་ཀུན་ཐར་ལམ་ལ། །འདྲེན་པའི་བྱེད་པོར་བདག་ཉིད་འགྱུར་བ་དང་། །མཐར་ཐུག་རང་དོན་ཆོས་ཀྱི་སྐུར་གྲོལ་ནས། །གཞན་དོན་གཟུགས་སྐུ་རྒྱུན་མི་འཆད་པ་ཡིས། །ནམ་མཁའི་མཐའ་ཀླས་འགྲོ་བ་འདྲེན་བྱེད་པ། །མགོན་པོ་འོད་དཔག་མེད་དང་མཚུངས་པར་ཤོག །དེ་ལྟར་བླ་སྒྲུབ་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན་ཞེས་པ་འདིའང་ས་ཕོ་རྟའི་ལོ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་གང་བ་ལ། བོད་ཡུལ་དབུས་འགྱུར་བསམ་ཡས་ལྷུན་གྱིས་གྲུབ་པའི་ཁང་འདབས་སུ་རིག་འཛིན་ཚེ་དབང་ནོར་བུས་སྡོམ་རང་རྗེ་འབངས་དད་པ་ཅན་གྱིས་བསྐུལ་ངོར་བརྗོད་པ་དགེའོ། །མངྒ་ལཾ།

p. 625

ཧྲཱིཿ མ་བཅོས་ལྷུན་གྲུབ་ཀ་དག་རང་བྱུང་ལས། །ཅིར་ཡང་ཤར་བའི་རིག་རྩལ་སྒྱུ་འཕྲུལ་ནི། །གསང་སྔགས་རྙིང་མའི་བསྟན་འཛིན་བང་རི་བ། །ཨོ་རྒྱན་ལས་འཕྲོ་གླིང་པར་གསོལ་བ་འདེབས། །དང་པོ་མདོ་རྒྱུད་མན་ངག་ལེགས་པར་སྦྱངས། །བར་དུ་བསྐྱེད་རྫོགས་དབྱེར་མེད་སྒྲུབ་པ་བཙུགས། །ཡང་དག་དོན་གྱི་རབ་འབྱམས་བང་རི་བ། །རིག་འཛིན་འཇའ་ཚོན་སྙིང་པོར་གསོལ་བ་འདེབས། །རྒྱལ་དབང་པདྨའི་ཡང་སྤྲུལ་དགེ་སྦྱོང་ཚུལ། །བསྐལ་དུས་སྙིགས་མའི་འགྲོ་བའི་དཔལ་དུ་ཤར། །བདག་འཛིན་རུ་ཏྲ་འཇོམས་པའི་བང་རི་བ། །སྔགས་འཆང་ཧཱུྃ་ནག་མེ་འབར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གནས་སྐབས་མཐར་ཐུག་དངོས་གྲུབ་ཆར་འབེབ་ཅིང་། །མཁྱེན་རྩེ་ནུས་ལྡན་འཇའ་ལུས་འོད་ཕུང་གྱུར། །བདག་གཞན་

p. 626

དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཁོ་བོ་རིག་འཛིན་འཇའ་ཚོན་སྙིང་པོའི་གསོལ་འདེབས་འདི་ལ་ཉིན་རེ་ཚར་དྲུག་གམ་ལྔའམ་གསུམ་མམ་ཚར་རེ་མ་ཆགས་པར་བཏོན་ན་ངན་སོང་གསུམ་དུ་མི་འགྲོ། ཀོང་པོ་གཙང་སྦུག་ཏུ་རིག་འཛིན་འཇའ་ཚོན་སྙིང་པོས་སྦྱར་བའོ།།

བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་དོན་གསལ་ཁྱེར་བདེར་བསྒྲིགས་པ་ཕྲིན་ལས་ཀུན་ཁྱབ། པདྨ་གར་དབང་ཕྲིན་ལས།

p. 627

༁ྃ༔ བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་དོན་གསལ་ཁྱེར་བདེར་བསྒྲིགས་པ་ཕྲིན་ལས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ༔

p. 628

ཀུན་ཁྱབ་རང་བྱུང་འོད་གསལ་ཆོས་ཀྱི་སྐུ། །ལྷུན་གྲུབ་བདེ་ཆེན་རྣམ་སྣང་ལོངས་སྤྱོད་རྫོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་སྤྲུལ་པའི་གར། །དཀོན་མཆོག་སྤྱི་འདུས་མ་ཧཱ་གུ་རུར་འདུད། །ཟབ་ཆོས་མཆོག་འདིས་རྒྱལ་ཁམས་ཕལ་ཆེར་ཁེངས། །ལུགས་གཅིག་རྣམ་པར་བཞག་ཏུ་མ་མཆིས་ཀྱང་། །བླ་མའི་བཀའ་དང་རང་གི་མོས་པ་བཞིན། །དོན་གསལ་ཁྱེར་བདེའི་ལས་བྱང་བཀླག་ཆོག་བསྡེབ། །གུ་རུ་ཟ་ཧོར་མའི་སྒྲུབ་ཐབས་ཕྱིས་བྱོན་ཐམས་ཅད་ཀྱི་ཕྱི་མོའི་ཤིང་རྟར་གྱུར་ཅིང་། གཏེར་སྟོན་ཉིད་ཆོས་འདི་ལས་སྣང་གཞི་ཟད་སར་འཁྱོལ་བའི་དབང་གིས་བྱིན་རླབས་དང་ཕྲིན་ལས་བོད་ཀྱི་གཏེར་བྱོན་ཙམ་ལ་འགྲན་ཟླ་དང་བྲལ་བ་ཡང་ཟབ་བླ་མའི་སྒྲུབ་པ་དཀོན་མཆོག་སྤྱི་འདུས་ཀྱི་ཕྲིན་ལས་བྱ་བ་ལ་གཉིས། རྒྱས་པ་དང་བསྡུས་པའོ། །དང་པོ་ནི། སྒྲུབ་པ་དང་དབང་བསྐུར་སོགས་ཀྱི་དུས་དང་འབྲེལ་བའི་དཀྱིལ་འཁོར་བུམ་པ་དབང་རྫས་ཕྱི་མཆོད་བསྐོར་ཏེ་བཤམས་པ་སོགས་

p. 629

བྱས་ལ། འོག་ཏུ་སྨོས་པའི་ལས་བྱང་མཐར་ཆགས་སུ་བཏང་ཞིང་། གལ་ཏེ་དྲག་སེང་གི་གཏོར་ཟློག་ལྟ་བུ་དང་འབྲེལ་ན་དེ་དག་གི་བསྐུལ་པ་དང་གདབ་ཁ་ཟོར་ལས་སོགས་སྦྱོར་ཚུལ་སྒམ་པོ་ལུགས་དང་ཆགས་མེད་ཞབས་ཀྱིས་གསུངས་པ་ལྟར་བྱའོ། །གཉིས་པ་ནི། བསྙེན་སྒྲུབ་ཀྱི་ཐུན་ཕྱི་མ་རྣམས་དང་རྒྱུན་ཁྱེར་ལྟ་བུ་ལ། སྔོན་གཏོར། སྨན་མཆོད། ཕྲིན་ལས་བཞི་སྒྲུབ། ཚོགས་རྗེས་འབྲེལ་བཅས་བོར། ཤིན་ཏུ་བསྡུ་ན་བརྒྱུད་འདེབས། སྲུང་འཁོར། སྐྱབས་སེམས། ཡན་ལག་བདུན་པ་ཙམ་ལས་སྔོན་འགྲོ་གཞན་རྣམས་ཀྱང་མི་བྱ་བར་མཆོད་པ་བྱིན་རླབས་ལ་འཇུག་ཀྱང་ཆོག་ཅིང་། ཚེ་སྒྲུབ་དྲག་སེང་བཅས་སྦྱོར་མིན་སྐབས་དང་བསྟུན། ཚེས་བཅུའི་དུས་མཆོད་ལྟ་བུར་ནི་རྒྱས་བསྡུས་གང་བྱེད་དལ་ཁོམ་དང་བསྟུན་པ་ལས་སྤར་ཁབ་རང་མི་དགོས་སོ། །གང་ལྟར་སྦྱོར་བ་གོང་དུ་གུ་རུ་རིན་པོ་ཆེའི་སྣང་བརྙན་བྲིས་འབུར། འདི་ཉིད་ཀྱི་གླེགས་བམ། རྡོ་རྗེ་བདེ་སྐྱོང་དམ་ཚིག་གི་རྟེན་

p. 630

དུ་བསྒྲུབ་པས་མཚོན། སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམས་བཀྲམ་པའི་མདུན་དུ་སྟེགས་གཙང་མར་སྒམ་པོའི་ལུགས་སམ་རང་ལུགས་གང་བདེའི་བླ་མའི་གཏོར་མ་རྒྱན་སྤྲོས་ཅན། དེའི་གཡས་གཡོན་དུ་སྨན་རཀ །དེའི་མདུན་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས། རྒྱས་པར་སྤྲོ་ན་དྲག་སེང་གཏོར་མ་བླ་གཏོར་གཡས་གཡོན་དུ་བཞག །གཏེར་སྲུང་འབུལ་གཏོར་བསྡུས་པ་དཀར་དམར་གཉིས། བགེགས་གཏོར་ཤ་གཟུགས་མ། ཚོགས་དང་ཆད་བརྟན་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དངོས་གཞིའི་ཕྲིན་ལས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་བདུན་ལས། ཐོག་མར་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར། ༀ་ཧྲཱིཿཔདྨནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བགེགས་གཏོར་བྲན་ལ། རྃ་ཡྃ་ཁྃ། བགེགས་གཏོར་མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར༔ སྲེག་སྦྱོང་གཏོར་བ་རྃ་ཡྃ་ཁྃ་གསུམ་འཕྲོས༔ ༀ་

p. 631

ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར༔ ༀ་ཨཱཿཧཱུྃ༔ ལན་གསུམ། དེང་འདིར་དཀྱིལ་འཁོར་མཆོད་པས་འབྱུང་པོ་ཀུན༔ གནས་འདིར་མ་འདུག་གཏོར་མས་ཚིམ་གྱིས་ལ༔ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན༔ ང་ཉིད་དབང་ཆེན་པདྨ་རྟ་སྐད་འཚེར༔ ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འདར་ཞིང་སྔངས༔ གདོན་བགེགས་འབྱུང་པོ་མ་ལུས་རྡུལ་དུ་བརླག༔ ༀ་པདྨནྟ་ཀྲི་ཏ་ཧཱུྃ་ཕཊཿ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ཟློག་ཅིག༔ ཅེས་གཏོར་མ་དོར། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། གཉིས་པ་སྲུང་འཁོར་ནི། ཧྲཱིཿ བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་གཞལ་ཡས་སྐྱེ་འགྲོ་ལྷ༔ ཕྱོགས་དང་ཕྱོགས་མཚམས་འཇའ་འོད་མཚོན་ཆས་གཏམས༔ རྡོ་རྗེའི་ས་གཞི་ར་གུར་མེ་རིས་བསྐོར༔ ༀ་བཛྲ་རཀྵ་ཛྭ་ལ་རཾ༔ གསུམ་པ་སྐྱབས་སེམས་ནི།

p. 632

ༀ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ རྒྱུད་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། བཞི་པ་སྡིག་སྒྲིབ་སྦྱོང་བ་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཡིག་བརྒྱ་དང་ཡང་སྙིང་ཡིག་དྲུག་ཅི་འགྲུབ་བཟླ། མཐར། རྡོར་སེམས་འོད་ཞུ་རང་ལ་ཐིམ། ལྔ་པ་ཚོགས་བསགས་པ་ནི། ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ༔ མདངས་གསལ་མེ་འོད་

p. 633

གསལ་སྟོང་ལྷག་གེའི་ངང་༔ ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་༔ སྤྱི་བོར་བླ་མ་གུ་རུ་ཡིད་བཞིན་ནོར༔ བརྒྱུད་པའི་བླ་མ་པད་འབྱུང་སྤྱན་རས་གཟིགས༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་༔ གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས༔ རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས༔ ༀ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ་༔ འཛིན་མེད་ཁྱབ་བརྡལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བགྱི༔ ཟུང་འཇུག་ཀུན་

p. 634

ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་ཡན་ལག་བདུན་པ་དང་། ༀ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ གུ་རུ་རཏྣ་མཎྜལ་ལ་ཀཾ་ནིརྱ་ཏ་ཡཱ་མི༔ དྲུག་པ་གསོལ་འདེབས་ནི། ༀ་ཨཱཿཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས༔ གངས་ཅན་མགོན་པོ་ཁ་སར་པ་ཎི་དང་༔ འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་༔ ཡེ་ཤེས་མཚོ་རྒྱལ་ཉང་བན་ཏིང་འཛིན་བཟང་༔ ཡང་སྤྲུལ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་༔ བདུད་འདུད་གླིང་པ་ཀློང་གསལ་སྙིང་པོའི་ཞབས༔ བདེ་ཆེན་གླིང་པ་ཚེ་དབང་ནོར་བུའི་དཔལ༔ ཕྲིན་ལས་ཤིང་རྟ་ཐུགས་ཀྱི་རྡོ་རྗེ་རྩལ༔

p. 635

པདྨ་ཉིན་བྱེད་གཡུང་དྲུང་གླིང་པའི་ཞབས༔ དོན་གཉིས་མཐར་ཕྱིན་རྩ་བརྒྱུད་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་༔ ཁྲིགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ནས༔ སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཏེ༔ མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དབང་བཞི་ལེན་ཅིང་བླ་མའི་ལྷ་ཚོགས་རང་ལ་བསྟིམ། བདུན་པ་མཆོད་པ་བྱིན་རླབས་ནི། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། རང་གི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ དེ་ལས་ཟེར་མ་ཕྱོགས་བཅུར་རབ་འཕྲོས་པས༔ མཆོད་རྫས་དངོས་འཛིན་རྣམ་རྟོག་བག་ཆགས་དང་༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་གྱུར༔ སྨན་རཀ་གཏོར་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ བླ་མེད་མཆོད་པ་དཔག་ཡས་བསམ་མི་ཁྱབ༔ ༀ་བྷྲཱུྃ་ཏྲཱྃ་

p. 636

ཧྲཱིཿཨཱཿ གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་ཕྱི་ཞི་བ་ལྟར་བསྒྲུབ་པ་ལ་ཏིང་འཛིན་རྣམ་པ་གསུམ་ནི། ༀ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ གཟུང་འཛིན་སྤང་བླང་བྱ་བྱེད་མཐའ་ལས་འདས༔ པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཧྲཱིཿ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་རྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ན་འཁྲིལ༔ ཕོད་ཁ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་པའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ མཁའ་འགྲོ་

p. 637

འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ དེ་ལྟར་གསལ་དུ་གསལ་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་གཏེར་གྱི་གོང་བུ་ཁ་བྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས༔ ཡེ་ཤེས་པ་སྤྱན་དྲངས་པ་ནི། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་

p. 638

མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དམ་ཡེ་གཉིས་མེད་དུ་གྱུར་པ་ལ་ཕྱག་འཚལ་བ་ནི། ན་མོཿ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ པདྨ་འོད་འབར་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི། ༀ་ཨཱཿཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་

p. 639

འདུས་རྒྱལ་བར་འབུལ༔ གཞན་ཡང་མཆོད་རྫས་བྱེ་བྲག་ནི༔ མཛེས་པའི་མེ་ཏོག་དབུ་ལ་འབུལ༔ དྲི་ཞིམ་བདུག་སྤོས་ཤངས་ལ་འབུལ༔ སྣང་གསལ་མར་མེ་སྤྱན་ལ་འབུལ༔ མཆོད་ཡོན་དྲི་ཆབ་སྐུ་ལ་འབུལ༔ རོ་ལྡན་ཞལ་ཟས་ལྗགས་ལ་འབུལ༔ སྙན་པའི་རོལ་མོ་ཐུགས་ལ་འབུལ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ བསྟོད་དབྱངས་གླུ་ཡི་མཆོད་པ་འབུལ༔ འདོད་ཡོན་མ་སྤངས་ཕྱི་མཆོད་འབུལ༔ ཉོན་མོངས་མ་སྤངས་ནང་མཆོད་འབུལ༔ འདུ་འབྲལ་མེད་པའི་གསང་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་མཆོད་འབུལ༔ དུག་ལྔ་བསྒྲལ་བའི་རཀྟ་འབུལ༔ བ་ལིང་གཏོར་མའི་མཆོད་པ་འབུལ༔ དམ་རྫས་བདུད་རྩིའི་མཆོད་པ་འབུལ༔ བླང་དོར་མེད་པའི་མཆོད་པ་འབུལ༔ ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྟ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་པཉྩ་རཀྟ་བ་ལིངྟ་ཁཱ་ཧི༔བར།

p. 640

འདིར་སྨན་མཆོད་བླ་སྒྲུབ་གཞན་ལྟར་ཁ་ཅིག་གིས་སྦྱོར་བར་སྣང་བ་བཞིན་སྤྲོ་ན། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫས༔ དམ་རྫས་བདུད་རྩི་མཆོག་གི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནི་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ༴ སྤྲུལ་སྐུ་པདྨ་འོད་འབར་ཞལ་དུ༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ ཉང་བན་ཏིང་འཛིན་བཟང་པོའི་ཞལ་དུ༴ རིག་འཛིན་འཇའ་ཚོན་སྙིང་པོའི་ཞལ་དུ༴ ཁྲག་འཐུང་བདུད་འདུལ་རྡོ་རྗེའི་ཞལ་དུ༴ གཏེར་ཆེན་ཀློང་གསལ་སྙིང་པོའི་ཞལ་དུ༴ པདྨ་བདེ་ཆེན་གླིང་པའི་ཞལ་དུ༴ རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་དུ༴ བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་ཞལ་དུ༴ རིག་འཛིན་ཐུགས་ཀྱི་

p. 641

རྡོ་རྗེའི་ཞལ་དུ༴ པདྨ་ཉིན་བྱེད་དབང་པོའི་ཞལ་དུ༴ འཆི་མེད་གཡུང་དྲུང་གླིང་པའི་ཞལ་དུ༴ དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ༴ བཀའ་བབ་ཆོས་བདག་སྐྱེས་བུའི་ཞལ་དུ༴ བླ་མེད་དཀོན་མཆོག་སྤྱི་འདུས་ཞལ་དུ༴ ཡི་དམ་པདྨ་དྲག་པོའི་ཞལ་དུ༴ མཁའ་འགྲོ་སེང་གེའི་གདོང་ཅན་ཞལ་དུ༴ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཞལ་དུ༴ གཞན་ཡང་མཆོད་འོས་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི། ཧྲཱིཿ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོ་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེའི་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་འདུས་གཞོན་ནུ་ལོ་བརྒྱད་ཚུལ༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་པདྨ་འབྱུང་༔ འགྱུར་མེད་སྐུ་མདོག་གངས་ལ་ཉི་ཤར་ལྟར༔ དམར་མདངས་

p. 642

ཅུང་ཟད་འཚེར་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་ཐོད་པ་དང་༔ ཟུང་འཇུག་ཚེ་དང་ཡེ་ཤེས་བུམ་པ་འཛིན༔ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་ཡུམ་གྱི་ཚུལ༔ ཁྲོ་འཛུམ་འགྲོ་འདུལ་མཛད་ལ་ཕྱག་འཚལ་བསྟོད༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན༔ ཤེའུའི་སྙན་ཞུ་རྒོད་ལྡེམ་དར་སྣས་བརྒྱན༔ པདྨའི་གདན་ལ་མཚན་དང་དཔེ་བྱད་འབར༔ ཕྱི་ནང་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད༔ ཕྱོགས་བཅུ་ཀུན་ཀྱང་རྒྱལ་བའི་ཆོ་འཕྲུལ་ལས༔ ཆེ་ཆུང་མ་ངེས་སྐུ་གསུམ་ངང་དུ་བཞུགས༔ སྤྲུལ་པའི་གློག་སྟོང་འཁྱུགས་ལ་ཕྱག་འཚལ་བསྟོད༔ གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་གྱིས༔ ཚེ་ཡི་དངོས་གྲུབ་རང་བཞིན་གནས་ནས་འགུགས༔ དགོས་འདོད་རེ་སྐོང་ཡིད་བཞིན་མཆོག་གི་ངང་༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་

p. 643

བསྟོད༔ དེ་ལྟར་མཆོད་དང་བསྟོད་བྱ་མི་དམིགས་ཀྱང་༔ གློ་བུར་དྲི་མའི་རྣམ་རྟོག་སེལ་ཕྱིར་དུ༔ ཐབས་ཤེས་དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ༔ གཉིས་མེད་རོལ་པ་ཆེན་པོར་ཕྱག་འཚལ་བསྟོད༔ དེས་བསྐྱེད་པའི་རིམ་པ་རྗེས་འབྲེལ་བཅས་སོང་། གཉིས་པ་བཟླས་པའི་རྣལ་འབྱོར་ལ་ཕྱི་སྒྲུབ་ནི། རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་མཆོག་གསུམ་རྩ་བ་གསུམ་པོ་ཐམས་ཅད་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འོད་ཟེར་གྱི་རྣམ་པ་ཁ་བ་བབ་པ་ལྟར་བྱོན་རང་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་དབྱངས་དང་སྟངས་སྟབས་བཅས་བཟླའོ། །ནང་སྒྲུབ་ནི། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་

p. 644

དཀར་པོས་མཚན་པ། རྡོ་རྗེའི་མཐའ་བསྐོར་དུ་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་འདུས། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། ཅི་བསྒོ་བའི་ལས་ཐམས་ཅད་རྩོལ་མེད་དུ་བསྒྲུབས། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདེ་བས་ཚིམ་པར་བྱས། འོད་ཟེར་འཕྲོ་འདུས་སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདི་བཟླས་པའི་དངོས་གཞི་ཡིན་པས་ཅི་འགྲུབ་བྱ། གསུམ་པ་འདིའི་ཡན་ལག་ཏུ་ཚེ་སྒྲུབ་ཉམས་སུ་ལེན་པར་སྤྲོ་ན། ནང་སྒྲུབ་བཟླས་པ་ཁྱུག་ཙམ་སྔོན་དུ་སོང་ནས། བདག་མདུན་སྐད་ཅིག་གིས་རིག་འཛིན་ཚེ་དཔག་མེད་པདྨ་འོད་འབར་

p. 645

དུ་གསལ་བར་གྱུར། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་རྣམས་མ་ལུས་སྒྲོལ་བའི་དེད་དཔོན་མཆོག༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་འདེབས་ལན་གསུམ་བྱ། བདག་མདུན་གྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿདཀར་པོ་ནྲི་དང་ཨཱཿས་མཚན་པ་དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པ་གཡས་བསྐོར་དུ་འཁོར་བ་དང་། གནས་ལྔར་ཕྱག་མཚན་ལྔ་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་སྤྲོ་བསྡུའི་ཕྱི་ནང་སྣོད་བཅུད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས། སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་ཚེ་

p. 646

ཡི་བྱིན་རླབས་དང་། འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང་། དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་དབང་ཆེ་བ། རྩལ་དྲག་པ། འཁོར་མང་བ། ཡོན་ཏན་ཆེ་བ། སྟོབས་དང་སྙན་གྲགས་ལྡན་པ། གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲི་ཡི་རྣམ་པ་དང་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་གྱུར། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཡུ་ཥེ་ཧཱུྃ་ནྲི་ཛཿ ཞེས་ཚེ་བསྙེན་གང་འགྲུབ་བཟླ། མཐར་སྨོན་ལམ་གདབ་པ་ནི། ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཚེ་ཡི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་བྱང་ཞིང་

p. 647

དག་གྱུར་ཅིག༔ ཚེ་འགུགས་ནི་མདའ་དར་གཡབ་ལ། ཧྲཱི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང་༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ ཧྲཱིཿ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་བདུད་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིམ་སིམ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབ་ཐོབ་ཤོག༔ འདིར་རྒྱུན་བཟླས་ལྟ་བུ་ལ་

p. 648

མདུན་རྟེན་ཚེ་རྫས་དམིགས་བསལ་བཤམས་པ་མེད་ཀྱང་། གངས་བྲག་ནགས་རི་ཉི་ཟླ་གཟའ་སྐར་མཚོ་སོགས་ལ་དམིགས་པའི་རྟེན་བྱ་བ་རྡོ་རྗེའི་གསུང་གི་ངེས་དོན་ཡིན་ནོ། ། ༈ བཞི་པ་གསང་བ་གུ་རུ་དྲག་པོར་སྒྲུབ་པ་ནི། རང་ཉིད་སྐད་ཅིག་གིས་པདྨ་འོད་འབར་འོད་དུ་ཞུ་བ་ལས་བྱུང་བའི་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་མེ་ཡི་ཕྲེང་བ་ཅན་གྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ཁྲོ་བོའི་ཞིང་དང་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་པདྨ་འོད་འབར་སྐད་ཅིག་ལ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོགས༔ སྤྲུལ་པ་ཡང་སྤྲུལ་དཔག་ཡས་འཇིགས་ཚུལ་སྟོན༔ ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་

p. 649

ལ་བྱོན༔ ཛཿ ཆོས་ཀྱི་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ དུག་གསུམ་འབར་བའི་ཁྲོ་གཏུམ་འཇིགས་གཟུགས་ཅན༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་སྲིན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོགས་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོད་པ་ནི། ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་གྲོལ་ཆེན་པོའི་ཚོགས༔ དབང་དྲག་འབར་བ་ཁྱོད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ དབང་དྲག་

p. 650

འབར་བ་ཁྱེད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ དབང་དྲག་འབར་བའི་ཐུགས་དམ་བསྐང་༔ བསྟོད་པ་ནི། ཧཱུྃ༔ བདེ་ཆེན་རང་བཞིན་ཁྲོས་པའི་དཀྱིལ་འཁོར་ནས༔ དཀོན་མཆོག་སྤྱི་འདུས་དམར་ནག་འབར་བའི་སྐུ༔ ཟུར་ཞལ་གཡོན་གཟིགས་ཞབས་གཉིས་འདོར་སྟབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུམ་ཀྲུམ་སོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་འཁྱིལ༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས་པར་བྱེད༔ ཤངས་ནས་རླུང་འཚུབ་འབྲུག་སྒྲ་ལྡིར་བ་ཡིས༔

p. 651

ཁམས་གསུམ་སྲིད་གསུམ་དབང་སྡུད་ཟིལ་གྱིས་གནོན༔ རལ་པ་ཁམ་ནག་ནམ་མཁའི་དབྱིངས་ལ་སྒྲེང་༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་རླག༔ ཕྱག་གཡས་གསེར་གྱི་རྡོ་རྗེས་མཐའ་དམག་བཟློག༔ གཡོན་པས་ལྕགས་སྡིགས་ནག་པོས་སྤྲུལ་པ་འགྱེད༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོང་མཛད་མགོ་ཕྲེང་ལྔ་བཅུས་བརྒྱན༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ རིན་ཆེན་རུས་རྒྱན་མཁའ་འགྲོ་རོལ་དུ་ཁྲིད༔ བ་སྤུའི་རྩེ་ནས་ཁྲོ་ཆུང་ཚྭ་ཚྭ་འཕྲོ༔ མེ་དུད་ཟིལ་གྱིས་སྲིད་གསུམ་སྐར་ལྟར་འཁྲུགས༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་འབར་བའི་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ལྷ་མཆོག་ཁྱེད་ལ་གདུང་བས་འབོད་ལགས་

p. 652

ན༔ ཁྱེད་ཀྱི་ཐུགས་དམ་གནད་ནས་ད་བསྐུལ་ཅིག༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་གཉན་འདུལ་བའི་དུས་ལ་བབ༔ དྲེགས་པ་གཟའ་རྒོད་འདུལ་བའི་དུས་ལ་བབ༔ སྡེ་བརྒྱད་ལྷ་སྲིན་འདུལ་བའི་དུས་ལ་བབ༔ བེ་ཧར་སྲོག་བདག་འདུལ་བའི་དུས་ལ་བབ༔ མཐའ་ཡི་དམག་དཔུང་བཟློག་པའི་དུས་ལ་བབ༔ མི་ནད་ཕྱུགས་ནད་བཟློག་པའི་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡེ་ཤེས་པ་རང་ལ་ཐིམ་པས། རང་གི་དབུ་གཙུག་ན་རིགས་བདག་གུ་རུ་ཞི་བས་མཚན་པ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་བསྐོར་དུ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་དམར་ནག་ཡེ་ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས། མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད། སྣང་སྲིད་ཐམས་ཅད་

p. 653

རིག་འཛིན་དྲག་པོའི་སྐུར་གསལ་བར་གྱུར། ༀ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ མཐར་སྡེ་བརྒྱད་ཤམ་བུ་ནི། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ རྩ་སྔགས་དང་སྦྲེལ་ལ་དེའི་བཅུ་ཆ་བཟླའོ། ། ༈ ལྔ་པ་ཡང་གསང་མཁའ་འགྲོ་སྒྲུབ་པ་ནི། རང་ཉིད་རིག་འཛིན་དྲག་པོ་གནས་གྱུར་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་དང་གནས་ཡུལ་དུར་ཁྲོད་ཀྱི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཧཱུྃ་བྷྱོ༔ མ་སྐྱེས་རྫོགས་པ་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ འགྲོ་བའི་དོན་མཛད་ཡེ་ཤེས་མཁའ་འགྲོ་མ༔ ནམ་མཁའི་མདོག་ཅན་དབུ་ནི་སེང་གེའི་གདོང་༔ གཅེར་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངའ་མ༔

p. 654

ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ དུག་ལྔ་གཅོད་ཅིང་སྐྱེ་མེད་དབྱིངས་སུ་རོལ༔ རྩེ་གསུམ་མཆན་དུ་བཟུང་ནས་དུག་གསུམ་སྒྲོལ༔ རུས་རྒྱན་མེ་ལོང་རྒྱན་གྱིས་ཌཱ་ཀི་དབང་དུ་སྡུད༔ ཡེ་ཤེས་མེ་རིས་མ་རིག་མུན་པ་འཇོམས༔ གཡས་བསྐུམ་གཡོན་བརྐྱང་ཐབས་ཤེས་དབྱེར་མེད་ངང་༔ པདྨ་ཉི་ཟླ་བམ་རོའི་གདན་ལ་བཞུགས༔ རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བྷྱོ༔ སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོའི་ཚོགས༔ ཕྲིན་ལས་སྤྲུལ་པ་མ་མོའི་ཚོགས༔ ཀུན་ཀྱང་ཡང་སྤྲུལ་བསམ་མི་ཁྱབ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དམར་གཏོར་ཁྲག་དང་ཞག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ རཀྟའི་རྦ་ཀློང་ཕྱ་ར་ར༔ འོ་མཚོ་དཀར་དྭངས་ཀྱི་ལི་ལི༔

p. 655

ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ རྔ་དུང་རོལ་མོ་དི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉི་ལི༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ༔ ཌཱ་ཀི་སེང་ཧ་མུ་ཁ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མ་ཧཱ་མཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིངྟ་ཁཱ་ཧི༔ ཡེ་ཤེས་པ་བསྟིམ་པས། རང་གི་དབུ་གཙུག་ན་གུ་རུ་ཞི་བ། གྲུ་མོར་རིག་འཛིན་དྲག་པོ་མཚོན་བྱེད་ཁ་ཊྭཱཾ་གས་མཚན་པ། ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ལ་སོགས་པ་མཚོན་ཆའི་གུར་དང་ཡེ་ཤེས་ཀྱི་མེ་དཔུང་འཁྲིགས་པའི་དབུས་སུ་རང་འདྲའི་སྤྲུལ་པ་དུ་མ་དང་བཅས་ཏེ་བཞུགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོའི་མཐར་སྔགས་ཕྲེང་སྔོན་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། དམ་

p. 656

ཆོས་སྒྲུབ་པའི་བར་ཆད་ཐམས་ཐད་སྤུ་གྲིས་སྐྲ་བཞར་བ་ལྟ་བུར་སོང་བར་གྱུར། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ སྤྲོས་བཅས་སྤྲོས་མེད་གང་གི་ཚེའང་བཟློག་དམིགས་སྦྱར་བར་སྤྲོ་ན། སྤྱི་བོར་ཨཿཀཿམགྲིན་པར་སཿམཿདང་༔ སྙིང་གར་རཿཙཿལྟེ་བར་ཤཿདཿསྟེ༔ གསང་བར་རཿསཿབརླ་གཉིས་མཿརཿཡཿ ཕཊཿཀྱིས་མཚན་ལས་མེ་འོད་མཚོན་ཆ་འཁྲུགས༔ བར་ཆད་ཐམས་ཅད་རྡུལ་བཞིན་བརླག་པར་གྱུར༔ ཅེས་མོས་ལ་ཡི་གེ་བཅུ་བཞི་པ་བཟླ། མཐར་ཐལ་རྡེབ་སྤྲོ་ན་ལག་གཉིས་ཉི་ཟླར་གསལ་བ་ཆ་ལང་ལྟར་བརྡབས་པས་གནོད་བྱེད་ཐམས་ཅད་སྒོ་ང་བྲག་བར་དུ་བཅར་བ་བཞིན་སོང་བར་བསྒོམ་ལ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱེད་ཀྱི་རིག་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན།

p. 657

མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ལན་གསུམ་བྱ། ཟློག་དམིགས་དང་ཐལ་རྡེབ་འདི་དགོང་མོའི་ཆ་དང་དགུ་གསུམ་དུས་གཉན་ལྟ་བུར་ཆེད་དུ་དགོས་ན་མ་གཏོགས་ཚེས་བཅུའི་ཚོགས་མཆོད་བསྙེན་སྒྲུབ་སྐབས་སུ་མི་སྦྱར་རོ། ། ༈ དྲུག་པ་ཕྲིན་ལས་བཞི་སྒྲུབ་ནི། བསྙེན་སྒྲུབ་མཐར་ཕྱིན་པའི་ལས་སྦྱོར་གྱི་སྐབས་མ་གཏོགས་གཞན་ལ་སྦྱར་མི་དགོས་ཀྱང་། རྒྱུན་ཁྱེར་ལྟ་བུར་སྦྱོར་ཡང་འགལ་བ་མེད་པ་དེ་ལྟར་ན། ཞི་བ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་དཀར། །སྤྱི་བོར་པད་དཀར་འདབ་མ་སོ་གཉིས་ལྟེར། །ཟླ་སྟེང་ༀ་མཐར་སྔགས་ཕྲེང་འོད་ཟེར་དཀར། །རྒྱུད་བསྐུལ་ནུས་བསྐྱེད་སྡིག་སྒྲིབ་འཇིགས་བརྒྱད་ཞི། །སྣོད་བཅུད་རྡོ་རྗེ་སེམས་དཔའི་ཞིང་དུ་གྱུར། །བཛྲ་གུ་རུའི་ཤམ་དུ། ༀ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ། སྨོན་ལམ་ནི། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་

p. 658

བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང་༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ རྒྱས་པ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་སེར། །ལྟེ་བར་པད་སེར་འདབ་མ་རེ་བཞིའི་ལྟེར། །རིན་ཆེན་བྷྲཱུྃ་མཚན་སྔགས་ཕྲེང་འོད་ཟེར་སེར། །རྒྱུད་བསྐུལ་ནུས་བསྐྱེད་ཚོགས་གཉིས་འབྱོར་དྲུག་རྒྱས། །སྣོད་བཅུད་རིན་ཆེན་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ། སྨོན་ལམ་ནི། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ དབང་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་དམར། །མགྲིན་པར་པདྨ་འདབ་མ་བཅུ་དྲུག་ལྟེར། །ཉི་སྟེང་ཧྲཱིཿམཐར་སྔགས་ཕྲེང་འོད་ཟེར་དམར། །རྒྱུད་

p. 659

བསྐུལ་ནུས་བསྐྱེད་འཁོར་འདས་མོས་བཞིས་བསྡུས༔ སྣོད་བཅུད་པདྨ་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླ། སྨོན་ལམ་ནི། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ དྲག་པོ་ནི། རང་ཉིད་པད་འབྱུང་ཐུགས་སྲོག་ཧཱུྃ་བཅས་མཐིང་། །གསང་བར་པད་ལྗང་འདབ་མ་ཉེར་བརྒྱད་ལྟེར། །རལ་གྲི་ཧཱུྃ་མཚན་སྔགས་ཕྲེང་འོད་ཟེར་ནག །རྒྱུད་བསྐུལ་ནུས་བསྐྱེད་དགྲ་བགེགས་དུག་ལྔ་བརླག །སྣོད་བཅུད་ལས་ཀྱི་སེམས་དཔའི་ཞིང་དུ་གྱུར། །རྩ་སྔགས་ཤམ་དུ། ཧཱུྃ་མཱ་ར་ཡ་ཕཊཿ ཅེས་བཟླ། སྨོན་ལམ་ནི། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་ལས་གང་སྒྲུབ་མང་དུ་བཟླ་བའམ། དམིགས་བསལ་མེད་ན་ཆ་སྙོམས་པར་བཟླ། དེ་དག་གི་མཐར་ལྷག་

p. 660

ཆད་ཁ་སྐོང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱང་ལན་གསུམ་བཟླའོ། ། ༈ བདུན་པ་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། རྃ་ཡྃ་ཁྃ། བདག་ཉིད་པདྨ་འོད་འབར་ཐུགས་ཀ་ནས། །མེ་རླུང་ཆུ་བྱུང་གཏོར་མའི་ཉེས་སྐྱོན་སྦྱངས། །ཨ་ལས་པདྨ་བྷནྡྷ་ཡངས་པའི་ནང་། །འབྲུ་གསུམ་ལས་བྱུང་ཡེ་ཤེས་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས། །འདོད་ཡོན་མཆོད་སྤྲིན་དཔག་མེད་འཕྲོ་བར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ཧཱུྃ་ཧྲཱིཿ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་རྗེ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཆེ་མཆོག་དམར་ནག་མེ་ཡི་ཕྲེང་བ་ཅན། །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །

p. 661

བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ཌཱ་ཀི་སེང་གེའི་གདོང་པ་ཅན། །གནས་གསུམ་དཔའ་བོ་མཁའ་འགྲོའི་འཁོར་བཅས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད། །དཔལ་མགོན་ལྕམ་དྲལ་གཟའ་མཆོག་རྡོ་རྗེ་ལེགས། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་སངས་རྒྱས་བསྟན་པ་གཉན་པོ་སྲུངས། །རྡོ་རྗེ་དེ་མོ་བརྟན་མ་བཅུ་གཉིས་སོགས། །དཀར་ཕྱོགས་སྐྱོང་བའི་གཞི་གནས་གཏེར་བདག་གིས། །གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད། །བཞེས་ནས་བོད་ཡུལ་མཐའ་དབུས་བདེ་བར་མཛོད། །ཁྱད་པར་གཏེར་སྲུང་དགེ་བསྙེན་མཐུ་སྟོབས་ཆེ། །ཧོམ་འཕྲང་ཀླུ་བདུད་མཚོ་སྨན་འཁོར་བཅས་ཀྱིས། །

p. 662

གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩའི་བཅུད། །བཞེས་ནས་ཡང་ཟབ་བསྟན་པ་རྒྱས་པར་མཛོད། །རྩ་བརྒྱུད་བླ་མའི་སྤྱན་སྔར་ཞལ་བཞེས་ཤིང་། །བསྟན་པ་སྐྱོང་མཛད་དམ་ཚིག་ལྡན་རྣམས་ཀྱིས། །གཏོར་མ་འདི་བཞེས་འགལ་རྐྱེན་བར་ཆད་སོལ། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་སྡོངས་གྲོགས་མཛོད། །ཅེས་པ་ཙམ་མམ། སྤྲོ་ན་རྩེ་ལེ་རིན་པོ་ཆེས་མཛད་པ་སོགས་བྱའོ། ། ༈ གསུམ་པ་རྗེས་ཀྱི་བྱ་བ་ལའང་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཐབས་ཤེས་ཀྱི་རྫས་ཚོགས་པར་བྱས་ཏེ་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེགས་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ ༀ་ཨཱཿཧཱུྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ འདོད་ཡོན་ཟག་མེད་སྣང་སྲིད་གང་༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔

p. 663

ཆོས་སྐྱོང་དམ་ཅན་གཏེར་བདག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག༔ ནམ་མཁའ་ས་གཞི་བར་སྣང་གང་༔ གནས་ཁང་འདི་ལ་བྱིན་ཆེན་ཕོབ༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང་༔ ཚོགས་དང་མཆོད་རྫས་དྭངས་རེ་སྤྲོ༔ ལྷུན་གྲུབ་འོད་ཁྱིམ་བཀྲག་མདངས་མཛེས༔ ༁ྃ༔ ཚོགས་སྤྱན་འདྲེན་དང་བྱིན་རླབས་བཞུགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གསང་སྔགས་བསྟན་པའི་རྒྱལ་མཚན་བཙུགས༔ ལྷོ་ནུབ་སྲིན་པོའི་ཁ་ནོན་མཛད༔ པདྨ་འབྱུང་གནས་མཆོག་ལ་འདུད༔ ཚོགས་ལ་སྤྱན་འདྲེན་མཆོད་པ་

p. 664

འབུལ༔ བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ༔ གདེང་ཅན་མཁའ་ཡི་གྲུབ་པའི་ཕུལ༔ ཀུན་ནས་རོལ་པའི་དཔལ་འཛིན་པ༔ ཀླུ་སྒྲུབ་སྙིང་པོ་མཆོག་ལ་འདུད༔ ཚོགས༴ བྱིན་རླབས༴ མདའ་མཁན་ལུ་ཧི་སྦྲང་རྩི་ཡིས༔ ཆེར་མྱོས་མི་ཤིགས་གླུ་དབྱངས་ལེན༔ ས་ར་ཧ་པ་མཆོག་ལ་འདུད༔ ཚོགས༴ བྱིན་རླབས༴ ཀརྞའི་རི་ལ་མཆོག་ཐོབ་ཅིང༔ སྒྱུ་འཕྲུལ་ཆེན་པོས་འཇིག་རྟེན་འདུལ༔ རྡོ་རྗེ་དྲིལ་བུ་པ་ལ་འདུད༔ ཚོགས༴ བྱིན་རླབས༴ གསེར་མིག་ཅན་གྱི་ལྟོ་བ་རུ༔ མཁའ་ཁྱབ་ཏིང་འཛིན་རྣམ་སྤྲོས་པ༔ རྣལ་འབྱོར་ལཱུ་ཧི་པ་ལ་འདུད༔ ཚོགས༴ བྱིན་རླབས༴ གྲངས་མེད་ཌཱ་ཀིའི་དབང་ཕྱུག་མ༔ འཁོར་ལོས་སྒྱུར་བ་འཇིགས་མེད་རྒྱལ༔ ཨིནྡྲ་བྷུ་ཏི་མཆོག་ལ་འདུད༔ ཚོགས༴ བྱིན་རླབས༴ རྡོ་རྗེ་སྙིང་པོའི་ལམ་ཟབ་མོ༔ མ་སྨད་ཕྱག་རྒྱ་ཆེར་རོལ་པ༔ པདྨ་བཛྲ་ཞབས་ལ་འདུད༔ ཚོགས༴

p. 665

བྱིན་རླབས༴ གཡུང་མོའི་བདུད་རྩི་ལེགས་བསྟེན་ཅིང༔ སྲིད་ལམ་དྲྭ་བ་ཀུན་ཏུ་སྡོམ༔ ཌོམྦྷི་ཧེ་རུ་ཀ་ལ་འདུད༔ ཚོགས༴ བྱིན་རླབས༴ རྣལ་འབྱོར་ནོར་སྐྱོང་མི་ཚུལ་གྱི༔ སྤྱོད་པའི་རྒྱལ་པོ་ཡོངས་སུ་གྲུབ༔ ཀུ་ཀུ་རི་པ་མཆོག་ལ་འདུད༔ ཚོགས་ལ་སྤྱན་འདྲེན་མཆོད་པ་འབུལ༔ བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་པ་འདི་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུ་ནས་གྲུབ་ཆེན་བརྒྱད་ཀྱི་ཞལ་ཐང་ཞིག་དང་། རྗེ་དཔའ་བོ་རིན་པོ་ཆེས་ཉིད་ཀྱི་གུ་རུ་རིན་པོ་ཆེའི་གསེར་སྐུ་བཅས་ལ་ངོ་མཚར་མཆོད་འབུལ་སྐབས་དེར། ཞབས་དྲུང་སྐུ་མཆོག་ནས་ན་བཟའ་སྣ་ཚོགས་བཅས་རྟེན་འབྲེལ་བཟང་པོས་གྲུབ་ཆེན་དགུ་ཚོགས་འདི་བྱིན་རླབས་སྩོལ་ཕྱིར་བཀོད་པའོ། །ༀ་ཨཱཿཧཱུྃ༔ ཚོགས་མཆོད་འོད་ཕུང་འབར་བ་འདི༔ མཆོད་འོས་སྐྱེས་མཆོག་རྣམས་ལ་འབུལ༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ གཉིས་འཛིན་འཁྲུལ་སྣང་རུ་དྲ་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ༀ་ཨཱཿཧཱུྃ་གུ་

p. 666

རུ་དྷེ་ཝ་ཌཱ་ཀི་ནི་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ སྐོང་བ་ཅུང་ཟད་རྒྱས་པར་སྤྲོ་ན། ཧྲཱིཿ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐགས་དམ་བསྐང་༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི༴ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པའི་བླ་མའི་ཐུགས༴ བཀའ་བརྒྱུད་གཏེར་དུ་སྦས་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས༴ མ་འོངས་ལས་འཕྲོ་ལྡན་པ་ལུང་དུ་བསྟན༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་༴ ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང་༔ འཕགས་པའི་དགེ་དུན་རྣམས་ཀྱི༴ ལྟ་

p. 667

སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི༴ དངོས་གྲུབ་ཐོགས་པ་མེད་པར་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་རྣམས་ཀྱི༴ ཕྱི་དང་ནང་གི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི༴ མ་སྐྱེས་གདོད་ནས་རང་བཞིན་རྣམ་པར་དག༔ སྐྱེ་མེད་མངོན་འགྱུར་ཆོས་སྐུའི༴ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི༴ ཧྲཱིཿ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི༴ ཧཱུྃ༔ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་

p. 668

ཚོགས༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས༴ ཕྲིན་ལས་དྲག་པོས་བསྒྲལ་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས༴ ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས༴ དམ་རྫས་རྫ་ལྟར་ལྷགས་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས༴ བསྡུ་ན་འདི་མན་ཆད་ཀྱིས་འཐུས། ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བླ་མེད་དཀོན་མཆོག་སྤྱི་འདུས་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དཀྱིལ་འཁོར་

p. 669

ནས༔ གུ་རུ་དྲག་པོའི་ལྷ་ཚོགས༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མ༔ མཁའ་འགྲོ་སེང་གེའི་གདོང་ཅན༴ སངས་རྒྱས་ཀུན་གྱི་བསྟན་པ་སྲུང་མཛད་པ༔ ཆོས་མགོན་མ་མགོན་ལྕམ་དྲལ༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་ཡོངས་ཀྱི༴ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་འབེབས་པའི༴ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི༴ སྟོང་ཁམས་འདི་ན་དྲག་རྩལ་ལྡན་པ་ཡི༔ གཟའ་བདུད་རཱ་ཧུ་ལ་ཡི༴ གསང་སྔགས་རྒྱུད་སྡེ་ཀུན་གྱི་གཉེར་ཁ་གཏད༔ དམ་ཅན་རྡོ་རྗེ་ལེགས་པའི༴ ཨོ་རྒྱན་པདྨས་བཀའ་ཡི་གཉེར་དུ་བསྐོས༔ གཏེར་བདག་གཏེར་སྲུང་རྣམས་ཀྱི༴ ཚུལ་བཞིན་སྒྲུབ་པ་བྱེད་པའི་གྲོགས་མཛད་པ༔ གཞི་བདག་གཞི་སྲུང་རྣམས་ཀྱི༴ ཧཱུྃ༔ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ པདྨ་མཾ་སར་སྦྱར་བའི་རཀྟ་དང་༔

p. 670

ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ ཚོགས་ཀྱི་ཡོ་བྱད་ལོངས་སྤྱོད་རྒྱ་ཆེན་འདིས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ བདག་གི་གཡར་དམ་གཉན་པོ་སོར་སྩོལ་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཚོགས་བཤགས་ནི། ཧོཿ དཀོན་མཆོག་སྤྱི་འདུས་དགོངས་སུ་གསོལ༔ པདྨ་འོད་འབར་ལ་ཕྱག་འཚལ༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་གནོད་སེམས་ངན་དུ་སྨྲས༔ བརྡེག་བཙོགས་

p. 671

གནོད་པ་དངོས་སུ་བགྱིས༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ ཛབ་བཟླས་མ་དག་ཟུར་ཆག་གཡེལ༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ གཞན་ཡང་སྤྱད་བྱའི་དམ་ཚིག་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་༔ ཉ་ཤི་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱད་བྱས༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་འགལ་བཤགས༔ དམ་ཚིག་ཉམས་དང་ཚོགས་འདྲེས་དང་༔ བསྐང་ཞིང་ཆོས་བཤད་འགྲོགས་ལ་སོགས༔ ཉམས་ཆག་སྐྱོན་གྱིས་གོས་པ་རྣམས༔ འགྱོད་པས་བཤགས་སོ་དག་གྱུར་ཅིག །

p. 672

ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་སྒོམ་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པར་བྱང་ཆུབ་ནས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཉམས་ཆག་མ་བྱུང་མ་སྐྱེས་པས༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ནས་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ འདིའི་ཚིག་རྐང་དང་པོ་གཉིས་གསུང་རྒྱུན་དང་འཕྲོ་གསང་བ་ཡོངས་རྫོགས་ཀྱི་རྒྱུད་ཚིག་གོ། །བདག་ཅག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ གནམ་ཕུད་འཐོར་ལ། ༀ་ཨཱཿཧཱུྃ༔ བླ་མ་རྒྱ་མཚོ་ཚོགས་ལ་རོལ༔ ཡི་དམ་རྒྱ་མཚོ་ཚོགས༴

p. 673

མཁའ་འགྲོ་རྒྱ་མཚོ༴ ཆོས་སྐྱོང་སྲུང་མ༴ ནོར་ལྷ་གཏེར་བདག༴ སྣང་སྲིད་ལྷ་འདྲེ༴ ཡུལ་ལྷ་གཞི་བདག༴ རིགས་དྲུག་ཕ་མ༴ ལན་ཆགས་བགེགས་རིགས༴ ལ་ལ་ཕྱི་ཡི་ཚོགས་ལ་རོལ༔ ལ་ལ་ནང་གི་ཚོགས་ལ་རོལ༔ ལ་ལ་གསང་བའི་ཚོགས་ལ་རོལ༔ དེ་ཁོ་ན་ཉིད་ཀྱི་ཚོགས་བདེ་བ་ཆེན་པོ་ལ་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ལས་རྡོར་གྱིས། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཞེས་བསྟབ། ལེན་པ་པོས། ཨ་ལ་ལ་ཧོཿ ཞེས་བླངས་ལ་ནང་གི་བསྲེག་བླུགས་ཀྱིས་རོལ། ལྷག་མ་ནི། ༀ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་གཏིབས་ཤིང་ཧབ་ཤ་རྒྱུག༔ ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔

p. 674

ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ དྲག་པོའི་ལས་དང་འབྲེལ་བའི་བསྐུལ་པ་དགོས་ན་སྐབས་འདིར་སྦྱར་བར་བྱ་སྟེ་གཞན་དུ་ཤེས་སོ། །གཉིས་པ་གཏོར་སྐྱོང་ལས་ཆད་མདོ་བྱ་བ་ནི། གཏོར་མ་ལ་དགྲ་བགེགས་འགུགས་བསྟིམ་བྱས་ཏེ་བདུད་རྩིར་དམིགས་ལ། ན་མོ༔ དཀོན་མཆོག་གསུམ་དང་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས༔ ཞིང་བཅུ་ཚང་བའི་བསྟན་དགྲ་རྣམས༔ བ་ལིང་གཏོར་རྫས་འདི་ལ་ཁུག༔ ཛཿཧཱུྃ་བཾ་ཧོཿ ༁ྃ༔ གུ་རུ་དྲག་པོའི་བསྐུལ་པ་ནི༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ལས་ཀྱི་དབང་དྲག་སྲིན་པོའི་གཟུགས་ཅན་ནི༔ སྐུ་ལ་མེ་འོད་མཚོན་ཆ་ཡ་ལ་ལ༔ ཁྲོ་ཚོགས་རབ་འཇིགས་གཡས་ནས་ཧཱུྃ་སྒྲ་སྒྲོགས༔ མཁའ་འགྲོ་རབ་འཇིགས་གཡོན་ནས་ཕཊ་སྒྲ་སྒྲོགས༔ ཕྱོགས་དང་ཕྱོགས་མཚམས་ལྕགས་སྡིག་ཤིག་ཤིག་ཟིང༔ ལྷ་སྲིན་སྡེ་བརྒྱད་བྲན་བཞིན་རོལ་དུ་ཁྲིད༔ གནོད་བྱེད་མ་ལུས་ཧབ་ཧབ་ཟས་སུ་ཟོ༔ ཧོར་སོག་

p. 675

འཇིགས་པའི་དམག་དཔུང་མྱུར་དུ་ཟློག༔ རང་རང་གནས་སུ་བྱང་ཆུབ་བསྒྲུབ་པ་ཡི༔ ཕྲིན་ལས་དུས་ལ་བབ་བོ་ས་མ་ཡ༔ ཨོཾ་ཨཱཿཧཱུྃ་ཨརྩིག་སོགས་ནས་ཟློག་ཅིག །བར་བརྗོད། ༈ སེང་གདོང་མའི་བསྐུལ་པ་ནི༔ ཧཱུྃ༔ ང་ནི་དབང་དྲག་ཆེ་མཆོག་བདག༔ བྷྱོཿ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཁྲག་མཚོ་ཁོལ་མའི་དབྱིངས་ནས་བཞེངས༔ སྲུང་མ་འཁོར་བཅས་རོལ་དུ་བཞེངས༔ བདག་ལ་བརྣག་པའི་དགྲ་བོ་འདིས༔ བླ་མ་དམ་པའི་སྐུ་ལ་བསྡོས༔ སངས་རྒྱས་བསྟན་པའི་རྨིང་རྡོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཆོས་མཛད་ཡོངས་ལ་བརྙས་སུ་བཙུགས༔ དགེ་བ་བཅུ་པོའི་སོ་ནམ་བཅག༔ མི་དགེ་བཅུ་པོ་དང་དུ་བླངས༔ རྣལ་འབྱོར་བདག་ལ་ཟློས་སུ་བཅུག༔ སྔགས་སྲུང་ཁྱོད་ལ་མཐུ་མེད་ཟེར༔ བསྐུལ་ལོ་མཁའ་འགྲོ་ལས་ལ་བསྐུལ༔ འདི་ལ་ཁྱེད་ཀྱི་

p. 676

མཐུ་མེད་ན༔ ཁྲག་འཐུང་ཆེན་པོའི་བཀའ་ཡང་བཅག༔ ཁྱེད་ཀྱི་དམ་ཚིག་ཉམས་ཏ་རེ༔ རྣལ་འབྱོར་ཡི་ཡང་མི་ཆད་དམ༔ རྒྱུ་འབྲས་བདེན་པས་མི་བསླུ་འམ༔ དགྲ་བོ་ཚེ་ཟད་དུས་ཐེབ་ན༔ ཁྱེད་ཀྱི་མཐུ་རྩལ་ཅི་ཞིག་བྱ༔ གློ་བུར་ཧུར་ཐུམ་དུས་ལ་བབས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང༔ ལོ་དང་ཟླ་བར་བཞག་ཐབས་མེད༔ བསད་རྟགས་དོན་སྙིང་ད་ལྟ་ལོངས༔ དུས་ལ་བབ་བོ་ས་མ་ཡ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཧཱུྃ་ཕཊཿ ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་དང་༔ སྙིགས་མ་རྩོད་ལྡན་དུས་དང་ཐ་མའི་གནས༔ ཀུན་བཟང་སྣང་བ་མཐའ་ཡས་པདྨ་འབྱུང་༔ རྒྱུད་གསུངས་གཏེར་དུ་སྦས་དང་བཏོན་པའི་ཚེ༔ སྣང་སྲིད་སོ་སོའི་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་དང་༔ ཧོར་

p. 677

སོག་འཇིགས་པའི་དམག་དཔུང་བཟློག་ཏུ་གསོལ༔ བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཁྱད་པར་སློབ་དཔོན་པདྨའི་བཀའ་སྒྲུབ་པ༔ བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ འཁོར་དང་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་དཀར་པོའི་ཆོས་ལ་འགོད་པ་དང་༔ ཡང་ཟབ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་མཛོད༔ དཀྱུས་ལ་ཕྱག་ལེན་དུ་མི་མཛད་ཀྱང་དྲག་ལས་སོགས་ཀྱི་མཇུག་ཏུ་རྟ་བྲོ་བྱ་བ་ནི། གཏོར་གཞོང་འོག་ཏུ་དམིགས་བྱ་བཀུག་ལ། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཞིང་བཅུ་བསྒྲལ་བའི་གདན་སྟེང་དུ༔ དབང་དྲག་ལྷ་ཚོགས་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔ གནོད་བྱེད་དམ་སྲི་འདུལ་

p. 678

བའི་བྲོ༔ བར་ཆད་མེད་པར་བརྡུང་བར་བྱ༔ ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་མཐར། ཧཱུྃ་ཧཱུྃ་ལཾ་ལཾ་སྟྭཾ་བྷ་ཡ་ནན༔ གསུམ་པ་མཆོད་བསྟོད་ནི། མཆོད་པ་ཁ་གསོས་ལ། ༀ་ཨཱཿཧཱུྃ༔ མཆོད་འོས་ཕྱི་ནང་སྣོད་བཅུད་ཀུན༔ བློ་ཡིས་སྤྲུལ་ལམ་ལྷུན་གྱིས་གྲུབ༔ ཏིང་འཛིན་མཉམ་ཉིད་ཆེན་པོ་རུ༔ དཀོན་མཆོག་སྤྱི་འདུས་རྒྱལ་བར་འབུལ༔ ཨོཾ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་པྲ་ཏིཙྪ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ ཧྲཱིཿ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེའི་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ ཅེས་ཤོ་ལོ་ཀ་གཅིག་གིས་བསྟོད། མཆོད་བསྟོད་འདི་ཚེས་བཅུའི་ཚོགས་མཆོད་སོགས་ལ་མཛད་སྲོལ་མེད་དོ། །བཞི་པ་དངོས་གྲུབ་བླང་བ་ནི། ཨེ་མ་ཧོཿ བདག་གཞན་བླ་མེད་ཚོགས་མཆོད་འདི་དག་གིས༔ སྡིག་སྒྲིབ་

p. 679

ཉམས་ཆག་མ་ལུས་ཀུན་བྱང་ནས༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང་༔ བྱིན་རླབས་རྩལ་དབང་གཟི་བྱིན་ནུས་མཐུ་ལྡན༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ནོངས་བཤགས་བརྟན་བཞུགས་གཞུང་འགྲེལ་གང་དུའང་མ་གསུངས་པས་ཚེས་བཅུའི་ཚོགས་མཆོད་སོགས་ལ་ཕྱག་ལེན་མི་མཛད་ཀྱང་སྒྲུབ་མཆོད་དང་དབང་སྒྲུབ་ཀྱི་སྐབས་སུ་ཡིག་བརྒྱ་བཟླ་ཞིང་ནོངས་བཤགས་དང་། ཚོགས་མགྲོན་སོགས་བརྟན་བཞུགས་སྤྱི་ལྟར་བྱའོ། །ལྔ་པ་སྨོན་ལམ་ནི། ༀ་ཨཱཿཧཱུྃ༔ སྐྱབས་མེད་མགོན་མེད་སྐྱེ་འགྲོ་འདི་དག་ཀུན༔ འཁོར་བའི་འཁྲུལ་འཁོར་ཀུན་གྱི་གཞི་རྟེན་ལ༔ རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ལྟ་བུ་ཡི༔ འཕང་ལོ་འདྲ་བ་མྱུར་དུ་ཞིག་གྱུར་ཅིག༔ བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག༔ དྲུག་པ་བཀྲ་ཤིས་ནི། ཨེ་མ་ཧོཿ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་

p. 680

འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ བདུན་པ་བསྐྱེད་རིམ་བསྡུ་ལྡང་ནི། ༀ་ཨཱཿཧཱུྃ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ སྒྱུ་ལུས་གཞལ་ཡས་ཁང་དུ་བསྡུ༔ དེ་ཡང་ཡས་མར་འོད་དུ་ཞུ༔ སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ དེ་ཡང་འཇའ་འམ་ཆུ་བུར་ལྟར༔ དམིགས་མེད་རྒྱ་ཡན་ལྷུག་པར་བཞག༔ རང་གཞན་དབྱིངས་རིག་མ་བུ་འདྲེས༔ གདོད་མའི་ཀུན་བཟང་མཇལ་བར་འགྱུར༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཟུགས་སྣང་ཐམས་ཅད་གསལ་སྟོང་ལྷ་ཡི་སྐུ༔ སྒྲ་གྲགས་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ༔ དྲན་རྟོག་ཐམས་ཅད་རང་གྲོལ་ངོས་བཟུང་བྲལ༔ དམིགས་མེད་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་ཤོག༔ ཅེས་བརྗོད་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་བར་བྱའོ། །རྩ་བའི་གཞུང་དང་དཀའ་འགྲེལ་ཡང་འགྲེལ་བཅས། །རིག་འཛིན་བརྒྱུད་པ་དུ་མའི་བཞེད་སྲོལ་གྱི། །

p. 681

སྙིང་པོ་བསྡུས་ཏེ་དད་པས་སྦྱར་ན་ཡང་། །རྨོངས་བློའི་ཉེས་ཀུན་རྩ་གསུམ་ལྷ་ལ་བཤགས། །དབང་ལུང་ཐོབ་པས་རྒྱས་བསྡུས་གང་བྱས་ཀྱང་། །འགལ་བ་མེད་པར་རྗེས་སུ་གནང་བའི་མཐུས། །འདིས་ཀྱང་ལུས་ཅན་བྱེ་བ་དུང་ཕྱུར་སྙེད། །པདྨ་འོད་འབར་གོ་འཕང་སྒྲུབ་ནུས་ཤོག །ཆོས་འདིར་འབྲེལ་ཀུན་དག་པའི་ཞིང་གཅིག་ཏུ། །ཐུགས་ཡིད་གཅིག་འདྲེས་འོད་གསལ་ཁྱབ་བརྡལ་ཆེ། །ལྷུན་གྲུབ་ཐིག་ལེར་མངོན་པར་འཚང་རྒྱ་བར། །རྡོ་རྗེའི་གསུང་བཞིན་བསླུ་མེད་འགྲུབ་གྱུར་ཅིག །ཅེས་པ་འདིའང་ཁྱབ་བདག་ཀུན་མཁྱེན་བླ་མ་མཚོ་སྐྱེས་དགྱེས་པའི་ཞབས་ཀྱིས་གསེར་གྱི་མེ་ཏོག་བཅས་བཀའ་ཡི་ཅོད་པན་སྤྱི་བོར་ཕེབས་པ་དད་པས་གཙུག་ཏུ་བཀོད་དེ། པདྨའི་ཞལ་ཚབ་སི་ཏུ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་ཞིང་ཆོས་འདིའི་རིགས་སྔགས་འཆང་བ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དེ་ཝཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྨིན་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུའི་མཆོད་པ་དང་རྗེས་སུ་འབྲེལ་བར་གྲུབ་པར་བགྱིས་པ་ཟབ་ཆོས་འདི་ཉིད་ནམ་ཡང་མི་ནུབ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཚོགས་གླུ་དཔའ་བོ་དགྱེས་པའི་གད་རྒྱངས། མཁའ་ཀློང་ཡངས་པ།

p. 682
p. 683

ཚོགས་གླུ་དཔའ་བོ་དགྱེས་པའི་གད་རྒྱངས་བཞུགས་སོ། །ཨ་ཧོ། རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཟང་ཐལ་གྱི་ཀློང་ནས། །ཀུན་བཟང་སྣང་བ་མཐའ་ཡས་ཚོགས་འཁོར་ལ་ཕེབས་ཤོག །ཀ་དག་ཀ་ནས་དག་པའི་ཚོགས་འཁོར་ཞིག་བསྐོར་ན། །ཆོས་ཉིད་ཟད་སར་ཕྱིན་པའི་དངོས་གྲུབ་ཅིག་སྩོལ་མཛོད། །གསལ་དག་འཇའ་ཟེར་ཐིག་ལེ་འོད་ལྔ་ཡི་ཀློང་ནས། །རྡོར་སེམས་སྡུག་བསྔལ་རང་གྲོལ་ཚོགས་འཁོར་ལ་ཕེབས་ཤོག །ལྷུན་གྲུབ་ལྷུན་གྱིས་གྲུབ་པའི་ཚོགས་འཁོར་ཞིག་བསྐོར་ན། །རིག་པ་ཚད་ལ་ཕེབས་

p. 684

པའི་དངོས་གྲུབ་ཅིག་སྩོལ་མཛོད། །རྔ་ཡབ་པདྨ་འོད་སོགས་སྐུ་གསུམ་གྱི་ཞིང་ནས། །པད་འབྱུང་དྲི་མེད་འོད་ཟེར་ཚོགས་འཁོར་ལ་ཕེབས་ཤོག །ལྷ་སྔགས་ཡེ་ཤེས་རོལ་པའི་ཚོགས་འཁོར་ཞིག་བསྐོར་ན། །རང་སྣང་འཁོར་བ་དོང་སྤྲུགས་དངོས་གྲུབ་ཅིག་སྩོལ་མཛོད། །སྣང་སྲིད་ཆོས་སྐུར་བརྡལ་བ་དག་མཉམ་གྱི་ཀློང་ནས། །དྲིན་ཅན་རྩ་བའི་བླ་མ་ཚོགས་འཁོར་ལ་ཕེབས་ཤོག །སྣང་སྲིད་བླ་མར་ཤར་བའི་ཚོགས་འཁོར་ཞིག་བསྐོར་ན། །འབྲེལ་ཚད་དོན་དང་ལྡན་པའི་དངོས་གྲུབ་ཅིག་སྩོལ་མཛོད། །རྣམ་དག་དད་དམ་གཙང་མའི་སྐལ་བཟང་གི་དབུས་ན། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ཚོགས་འཁོར་ལ་ཕེབས་ཤོག །རྐྱེན་ངན་གྲོགས་སུ་ཤར་བའི་ཚོགས་འཁོར་ཞིག་བསྐོར་ན། །ཚོམ་བུ་གཅིག་ཏུ་་འགོད་པའི་མཐུན་སྦྱོར་ཞིག་གནོངས་མཛོད། །འོག་གཞི་འབྱུང་བའི་དཀྱིལ་འཁོར་ཤ་ཆེན་གྱི་

p. 685

དམ་རྫས། །རི་རབ་གླིང་བཞིའི་བཀོད་པ་རྣམ་ལྔ་ཡི་བདུད་རྩི། །ཕྱི་སྣོད་གནས་ཡུལ་དག་པའི་ཚོགས་འཁོར་ཞིག་བསྐོར་ན། །ངེད་ཅག་རྣལ་འབྱོར་ཕོ་མོ་བྲོ་གར་ཞིག་ཨེ་འཁྲབ། །འབྱུང་ལྔ་གནས་སུ་དག་པ་ཡུམ་ལྔ་ཡི་མཁའ་ལ། །ཕུང་ལྔ་གནས་སུ་དག་པ་རིགས་ལྔ་ཡི་ཚོམ་བུ། །ནང་བཅུད་ལྷ་ལུས་དག་པའི་ཚོགས་འཁོར་ཞིག་བསྐོར་ན། །ངེད་ཅག་རྣལ་འབྱོར་ཕོ་མོ་ཉམས་དབྱངས་ཤིག་ཨེ་ལེན། །རིག་པ་ཀ་ནས་དག་པའི་བདེ་ཆེན་གྱི་ཀློང་ནས། །རིག་རྩལ་རང་སར་གྲོལ་བ་ཡེ་ཤེས་ཀྱི་ཟེར་ཕྲེང་། །གསང་བ་སེམས་ཉིད་རང་གྲོལ་ཚོགས་འཁོར་ཞིག་བསྐོར་ནས། །ངེད་ཅག་རྣལ་འབྱོར་ཕོ་མོ་ཉམས་རྩལ་ཞིག་ཨེ་སྦར། །ཀྱེ་ཧོ། རྟོགས་པའི་འདབ་གཤོག་ལྡན་པ་སྐལ་བཟང་གི་བྱ་ཚོགས། །ཀ་དག་ལྷུན་གྲུབ་རྣམ་གཉིས་གཤོག་པ་ཡི་བང་རྩལ། །མོས་གུས་རྣམ་པར་དག་

p. 686

པའི་རླུང་ཤུགས་ཀྱིས་བཏེག་ནས། །འཇིགས་མེད་ཀུན་བཟང་མཁའ་ལ་མཉམ་པོ་རུ་འཕུར་འགྲོ། །ཨ་ཧོ། ཟག་བཅས་འབྱུང་བའི་ལང་ཚོ་མར་མར་དུ་འགྲིབ་ཀྱང་། །ཟག་མེད་ཡེ་ཤེས་ལང་ཚོ་ཡར་ཡར་དུ་འཕེལ་སོང་། །སྣང་བ་བརྡ་ཡི་བླ་མ་རིང་རིང་ལྟར་སྣང་ཡང་། །ངེས་པ་དོན་གྱི་བླ་མ་ཉེ་ཆར་དུ་འདུག་གོ། །དྲང་དོན་ཤེས་བྱའི་རབ་དབྱེ་ཕར་ཕར་དུ་བརྗེད་ཀྱང་། །ངེས་དོན་བླ་མའི་གདམས་ངག་ཚུར་ཚུར་དུ་དྲན་སོང་། །སྐྱེས་ཕྲན་གཞོན་ནུ་མགུ་བའི་མཛེས་སྡུག་ཅིག་མེད་ཀྱང་། །སྐྱེས་བུ་དམ་པ་དགྱེས་པའི་མཁས་ཚུལ་ཞིག་ཡོད་དོ། །དགེ་བཤེས་གསར་བུ་མགུ་བའི་རྩོད་ངག་ཅིག་མེད་ཀྱང་། །གནས་བརྟན་རྒན་པོ་མགུ་བའི་གོ་རྟོགས་ཤིག་ཡོད་དོ། དགེ་འདུན་ཚོགས་གྲལ་འགྲིམ་པའི་བཙུན་ཚུལ་ཞིག་མེད་ཀྱང་། །ངེས་མེད་རྒྱལ་ཁམས་འགྲིམ་པའི་བརྟུལ་ཞུགས་ཤིག་ཡོད་དོ། །གཞན་སྣང་

p. 687

ཀུན་རྟོག་ལས་སྣང་བུ་ཡུག་ལྟར་འཚུབས་ཀྱང་། །རང་སྣང་ཡེ་ཤེས་འོད་ཟེར་ཉི་མ་ལྟར་ཤར་སོང་། །གནས་སྐབས་བདེ་བའི་དཔལ་གྱི་འབྱོར་ཚོགས་ནི་ཆུང་ཡང་། །མཐར་ཐུག་སངས་རྒྱས་ས་ལ་ད་ལྟ་རང་ཆས་འགྲོ། །བསྐལ་ངན་དུས་ཀྱིས་སྒྲིབ་པའི་སྨག་རུམ་ལྟར་འཐིབས་ཀྱང་། །ཀུན་བཟང་ཐུགས་ཀྱི་བསྟན་པ་མེ་ཆེན་ལྟར་འབར་འགྲོ། །ཨ་ཧོ། འདོད་ཡོན་དུག་ལྔ་མ་སྤངས་ཐབས་ཤེས་ཀྱི་དམ་རྫས། །ལྷ་སྣང་ལྷ་ལ་ཐིམ་པ་དག་སྣང་གི་ཚོགས་འཁོར། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ་པ་ཡི་ཚུལ་དུ། །གཉིས་མེད་མཉམ་པ་ཆེན་པོའི་ཀློང་ཡངས་སུ་རོལ་ནས། །ཕ་གཅིག་ཨོ་རྒྱན་ཆེན་པོའི་ཚོགས་འཁོར་གྱི་གྲལ་དུ། །ཕྱམ་གཅིག་མངོན་སངས་རྒྱས་ཏེ་གཞན་དོན་གྱི་གཟུགས་སྐུས། །གང་འདུལ་དེ་ལྟར་སྣང་བའི་སྒྲོན་མ་ཞིག་བཀོད་དེ། །འཁོར་བ་དོང་ནས་སྤྲུགས་པའི་འདུན་སྨོན་ལ་

p. 688

འབད་ཤོག །ཅེས་པ་འདིའང་ཟོབ་རྒན་མི་འགྱུར་རམ་མིང་གཞན་མཁའ་ཀློང་ཡངས་པས་སྨོན་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །༈ སྣང་བ་ནི་གཏད་མེད་རིག་པ་ནི་གུ་ཡངས། །འགགས་མེད་ཀྱི་གླུ་ཆུང་བྱུང་རྒྱལ་གྱི་སྤྱོད་པ། །ལྟ་བ་ལ་ལྟ་རྒྱུ་མ་མཆིས་པའི་ཡེ་བབས། །སྒོམ་པ་ལ་བསྒོམ་རྒྱུ་མ་མཆིས་པའི་རང་བབས། །སྤྱོད་པ་ལ་སྤྱོད་རྒྱུ་མ་མཆིས་པའི་གཏད་མེད། །ཤུགས་འབྱུང་གི་སྤྱོད་པ་འགགས་མེད་ཀྱི་གླུ་ཆུང་། །ཆིག་དྲིལ་དུ་གདམས་པ་རྗེ་བཙུན་གྱི་མན་ངག །ཀུན་རྫོབ་ཏུ་ལས་འབྲས་བསླུ་མེད་དུ་འདུག་ཀྱང་། །ཆོས་ཉིད་ཀྱི་གཤིས་ལ་བྱ་ལམ་ནི་རྗེས་མེད། །འཕོ་འགྱུར་ནི་མི་འདུག་ཀུན་བཟང་གི་དགོངས་པ། །གང་ཤར་གྱི་འགྱུ་བ་ཐད་ཀ་རུ་སངས་སོང་། །ཟང་ཐལ་གྱི་ཉོན་མོངས་འཆིང་ཐག་ནི་ཆད་སོང་། །འདིར་སྣང་ནི་བདེན་བདེན་གྲུབ་གྲུབ་ཏུ་འདུག་ཀྱང་། །སྒྱུ་མ་ཡི་ཐིས་ར་གར་སོང་ནི་མི་འདུག །ཆོས་ཉིད་ཀྱི་

p. 689

གཤིས་ལ་བདེ་སྡུག་དང་བྲལ་ཀྱང་། །བསླུ་བ་ནི་མེད་པས་ལས་འབྲས་ལ་སོམས་མཛོད། །རང་སེམས་འདི་སྐྱབས་གནས་གཅིག་ཆོག་ཏུ་འདུག་ཀྱང་། །བླ་མ་ཡི་གསོལ་འདེབས་མོས་གུས་ལ་རེམས་མཛོད། །མཁའ་ཀློང་ཡངས་པས་སོ།། །།

ཕྱག་རྡོར་གཏུམ་ཆུང་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིག་བལྟས་ཆོག་ཏུ་བཀོད་པ། མཁས་གྲུབ་ཀརྨ་ཆགས་མེད།

p. 690
p. 691

ཕྱག་རྡོར་གཏུམ་ཆུང་སྒྲུབ་ཐབས་བདག་མདུན་གྱི་འདོན་འགྲིག་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། ༈ སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་བཞི་བྱ། ༀ་སྭ་བྷཱ་ཝ་སོགས། ཆོས་རྣམས་དམིགས་མེད་སྟོང་ཉིད་གྱུར། །ཧཱུྃ་ལས་གནམ་ལྕགས་འཁོར་ལོ་ནི། །རྩིབས་བཅུ་རྣོ་དབལ་དང་ལྡན་པ། །ཡངས་ཤིང་རྒྱ་ཆེ་དེ་ཡི་ནང་། །རྡོ་རྗེས་གཏམས་པའི་གུར་དུ་གྱུར། །དེ་དབུས་པདྨ་འདབ་བརྒྱད་ཀྱི། །ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ། །མཐིང་ནག་འོད་ཀྱིས་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་རྡོ་རྗེ་གཏུམ་པོ་ནི། །མཐིང་ནག་ཞལ་

p. 692

གཅིག་ཕྱག་གཉིས་པ། །གཡས་པས་རྡོ་རྗེ་རྩེ་ལྔ་ཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་བསྒྲེང་། །ཞལ་གདངས་མཆེ་བ་རྣམ་པར་གཙིགས། །དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །དེ་བཞིན་སྨིན་མ་སྨ་ར་འབར། །ཐོད་པ་སྐམ་པོས་དབུ་བརྒྱན་ཅན། །ཀླུ་བརྒྱད་སྦྲུལ་གྱིས་སྐྲ་ཆིངས་དང་། །སྙན་ཆ་དཔུང་རྒྱན་མགུལ་རྒྱན་དང་། །སྐ་རགས་ཕྱག་གདུབ་ཞབས་གདུབ་མཛད། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པས། །གནོད་བྱེད་མཐའ་དག་རབ་མནན་ཞིང་། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །འདབ་བརྒྱད་ཉི་སྟེང་ཧཱུྃ་ཡིག་ལས། །རྡོ་རྗེ་གཏུམ་པོ་རང་འདྲ་བརྒྱད། །ནང་གི་ཕྱོགས་སུ་ཞལ་གཟིགས་པ། །མེ་དཔུང་དབུས་ན་བཞུགས་པར་གྱུར། །གཙོ་འཁོར་ཀུན་གྱི་ཐུགས་ཀར་ནི། །ཉི་མ་ལ་གནས་ཧཱུྃ་མཐིང་ནག །དེ་ཡི་

p. 693

འོད་ཀྱིས་འོག་མིན་ནས། །བསྒོམས་པ་དང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས། །ༀ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། དྷཱུ་པེ་ནས་ཤབྡའི་བར་བརྗོད། སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ། །བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན། །བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན། །ཕྱག་ན་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་དབྱེར་མེད་གྱུར། །སླར་ཡང་སྤྱི་བོར་ༀ་དཀར་མགྲིན་པར་ནི། །ཨཱཿདམར་ཐུགས་ཀའི་ཆ་སྨད་ཧཱུྃ་སྔོན་པོ། །གནས་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས། །ཐུགས་ཀར་ཉི་སྟེང་ཧཱུྃ་ལ་གཡས་བསྐོར་དུ། །ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། སྔགས་ངོ་ཕྱི་ལ་སྟོན་པ་ཐམས་ཅད་ཀྱང་། །ཁ་དོག་མཐིང་གའི་འོད་ཟེར་འཕྲོ་བར་གྱུར། །བདག་གི་གཙོ་བོའི་ཞལ་ནས་སྔགས་བཟླས་པས། །གཏུམ་པོ་བརྒྱད་ཀྱང་སྔགས་

p. 694

སྒྲ་རབ་ཏུ་སྒྲོགས། །སྙིང་པོ་ཅི་ནུས་སུ་བཟླས་མཐར། བདག་ཉིད་ཐུགས་ཀའི་ཧཱུྃ་མཐིང་དེ་ཉིད་ཀྱང་། །མི་དམིགས་སྟོང་པའི་ངང་དུ་མཉམ་པར་བཞག །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས། །སོགས། སརྦ་མངྒ་ལཾ།། ༼ཨ་རཱ་གས་སོ།།༽ མཆན།

རྟ་མཆོག་རོལ་པའི་དུམ་བུ་ལས་ནག་པོ་ཀླུ་འདུལ་ཉམས་ལེན་གཅིག་དྲིལ། མཁས་གྲུབ་ཀརྨ་ཆགས་མེད།

p. 695

རྟ་མཆོག་རོལ་པའི་དུམ་བུ་ལས་ནག་པོ་ཀླུ་འདུལ་ཉམས་ལེན་གཅིག་དྲིལ་རཱ་ག་ཨ་སྱའི་ཁྱད་ཆོས་ཞེས་བྱ་བ་ཡོད་དོ། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ སྐད་ཅིག་དྲན་རྫོགས་ཏིང་འཛིན་གྱིས༔ གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ༔ བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས༔ ཕྱག་གཡས་སྒྲོལ་བྱེད་རལ་གྲི་ཡིས༔ དགྲ་བགེགས་མགོ་ལུས་དུམ་བུར་གཏུབ༔ གཡོན་པས་འཛིན་བྱེད་ལྕགས་ཀྱུ་ཡིས༔ དགྲ་བགེགས་མ་ལུས་སྙིང་ནས་འདྲེན༔ ཞབས་གཉིས་དགྲ་བགེགས་

p. 696

ནོན་པར་མནན༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་གཙུག་རྟ་མགོ་ལྗང་ཞུར་གདེང་༔ རྟ་སྐད་དྲག་པོ་ནམ་མཁར་འཚེར༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ སྐུ་སྟོད་ཞིང་ཆེན་གཡང་གཞི་དང་༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས༔ བ་སྤུ་མེ་ཡི་ཚྭ་ཚྭ་འཕྲོ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ དབུ་སྐྲ་གནམ་ལྕགས་རལ་པ་ཅན༔ རལ་པ་བསིགས་པའི་སྐྲ་གསེབ་ནས༔ ཁྲོ་ཆུང་དཔག་མེད་ཕྱིར་འཕྲོས་པས༔ དགྲ་བགེགས་ཐམས་ཅད་ཚར་བཅད་ནས༔ ཚུར་འདུས་ཁྲོ་བོའི་གུར་ཁང་གྱུར༔ བདག་ཉིད་དམ་ཚིག་སེམས་དཔའ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཉི་ཟླའི་གདན་ལ་ཧཱུྃ་མཐིང་ནག༔ གཟི་བརྗིད་ལྡན་པའི་མཐའ་བསྐོར་དུ༔ རྩ་སྔགས་གཡས་སུ་འཁོར་བ་ལས༔ འོད་ཟེར་སྤྲོ་

p. 697

བསྡུས་ཏིང་འཛིན་གྱིས༔ སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ མེ་རི་ཁྲོ་བོའི་རང་བཞིན་ལས༔ གནོད་བྱེད་མིང་ཡང་མེད་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ དོན་ལྡན་འདུག་ན་ཀྲོ་ཏ་སྦྱར་བ་ཡིན༔ སེམས་ཉིད་སྐྱེ་མེད་སྟོང་གསལ་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ སྤྱན་འདྲེན་རྒྱས་གདབ་མི་འཚལ་བ༔ དྲན་པ་ཙམ་གྱིས་རྫོགས་པ་ཆེ༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི༔ སྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་གསུངས༔ ཞེས་པ་འདི་རང་གིས་ཉབ་ཉོབ་མང་བ་མི་ལྕོགས་ཀྱང་། སྔགས་འཆང་གསར་བུ་འགའ་ལ་ཕན་པའི་གདེང་ཐོབ་ཕྱིར་རཱ་ག་ཨ་སྱས་སྦྱར་བའོ།། །།

གུ་རུ་དྲག་པོ་མཐིང་གའི་གསང་བའི་སྒྲུབ་ཐབས་ཟབ་མོ། རིག་འཛིན་ཆོས་རྒྱལ་རྡོ་རྗེ།

p. 698
p. 699

༁ྃ༔ གུ་རུ་དྲག་པོ་མཐིང་གའི་གསང་བའི་སྒྲུབ་ཐབས་ཟབ་མོ་བཞུགས་སོ༔

p. 700

༁ྃ༔ ན་མོ་གུ་རུ་བཛྲ་ཀ་རཱ་ཡ༔ དུས་ངན་སྙིགས་མའི་སེམས་ཅན་ནད་ཀྱི་འཇིགས་པ་ལས་སྐྱོབ་པའི་མན་ངག་གུ་རུ་དྲག་པོ་མཐིང་གའི་སྒྲུབ་ཐབས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུངས་ཏེ་འགྲོ་བའི་དོན་དུས་ལ་བབས་ཚེ་བཀོད་པར་བྱས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ན་མོ་གུ་རུ་པདྨ་བཛྲ་ཡེ༔ ཆོས་སྐུ་སྣང་བ་མཐའ་ཡས་ཉིད༔ མ་རུངས་གདུག་པ་འདུལ་བའི་ཕྱིར༔ པདྨ་འབྱུང་གནས་ཐོད་ཕྲེང་རྩལ༔ དུས་ངན་གདུག་འདྲེ་འདུལ་ཕྱིར་དུ༔ ཀརྨ་དྲག་པོ་ཁྲོས་པའི་སྐུ༔ མ་རུངས་ཚར་གཅོད་དམ་སྲིའི་གཤེད༔ སྙིགས་མའི་འགྲོ་ལ་དཔལ་དུ་ཤར༔ སྒྲུབ་ཐབས་མཁའ་འགྲོའི་སྙིང་ཁྲག་འདི༔ མུ་ཁྲི་བཙན་པོ་ཁྱོད་ལ་གཏད༔ མ་འོངས་ཉི་ཤུ་ཁ་རལ་དུས༔ འདྲེ་སྲིན་མངོན་རྒྱུག་འགྲོ་ལ་འཚེ༔ མི་ནོར་ནད་གདོན་དགྲ་ཡིས་འཇིགས༔ དེ་དུས་ཁྱོད་ཀྱི་སྤྲུལ་པ་ཡིས༔ འདི་སྤེལ་འགྲོ་བའི་བར་ཆད་སེལ༔ སྐལ་ལྡན་ལས་ཅན་རྣལ་འབྱོར་རྣམས༔ སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་

p. 701

བསྒོམ༔ ཆོས་བྱེད་སྲོག་གི་གོ་ཆར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཀོན་མཆོག་གསུམ་དངོས་པདྨ་འབྱུང་༔ སྙིང་ནས་འགྲོ་ཀུན་སྐྱབས་སུ་མཆི༔ མར་གྱུར་དུས་གསུམ་སེམས་ཅན་རྣམས༔ སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ༔ ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ རང་སེམས་ཀ་དག་རྫོགས་པ་ཆེན་པོའི་ཀློང་ལས༔ རང་རྩལ་འགགས་མེད་ཀྱི་རང་མདངས༔ ནམ་མཁའ་ལས་སྤྲིན་ལྡང་བ་ལྟ་བུ༔ གུ་རུ་དྲག་པོ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ༔ ཕྱག་གཡས་

p. 702

གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་མེ་དཔུང་མཚོན་ཆའི་ཐོག་སེར་འབེབས་པ༔ གནོད་བྱེད་དམ་སྲི་རྒྱལ་འགོང་རྡུལ་དུ་བརླག་པ༔ གཡོན་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་དང་ལྡན་པས་དགྲ་བགེགས་དམ་སྲི་ཧབ་ཧབ་ཏུ་གསོལ་ཞིང་རྗེས་མེད་དུ་བརླག་པ༔ ཞེ་སྡང་མེ་ལྟར་འབར་བ་འཛིན་པ༔ དབུ་སྐྲ་རལ་པ་དམར་པོས་བར་སྣང་ཁེངས་པའི་གསེབ་ནས་ཁྲོ་ཚོགས་མཚོན་ཆ་ཆར་ལྟར་འབེབས་པ་ཐོད་སྐམ་ལྔས་དབུ་ལ་བརྒྱན་པའོ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ༔ ཞབས་གཉིས་རྒྱལ་བསེན་ཕོ་མོ་མནན་པ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ བདུད་དང་ལོག་འདྲེན་ཚར་གཅོད་པ༔ གཡས་སུ་ཡཀྴ་མེ་དབལ་དམར་སྨུག་གཡས་ཐོ་བ་དང་གཡོན་ལྕགས་ཀྱུ་འཛིན་པ༔ ཆ་

p. 703

ལུགས་གཙོ་བོ་ལྟ་བུ་གཡོན་དུ་ཁྲོས་མ་ནག་མོ་གྲི་གུག་ཐོད་ཁྲག་བསྣམས་པ༔ སྐུ་མདོག་མཐིང་ག་ཁྲོ་མོའི་ཆས་ཀུན་རྫོགས་པ༔ མདུན་དུ་ལྕགས་སྡིག་ནག་པོ་རྒྱལ་བསེན་དམ་སྲི་ཟས་སུ་ཟ་བ༔ རྒྱབ་ཏུ་ཐང་ལྷ་རྡོ་རྗེ་འབར་བ་མཐིང་ག༔ གཡས་སུ་རལ་གྲིས་རྒྱལ་འགོང་སྲོག་རྩ་གཅོད་ཅིང་༔ གཡོན་དམ་སྲིའི་ཙིཏྟ་ཞལ་དུ་གསོལ་བ༔ ཁྲོ་གཏུམ་འཇིགས་སུ་རུང་བ་རྟ་ནག་ལ་ཞོན་པ༔ སྟེང་དུ་ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་རལ་གྲིའི་གཤོག་པ༔ སྤུ་གྲིའི་མཇུག་མ༔ མཆུ་སྡེར་དང་རྭ་རྩེ་ནས་བསྐལ་བའི་མེ་འབར་བ༔ ཀླུ་རིགས་དང་ནད་བདག་ཕོ་མོ་ཟས་སུ་ཟ་བ༔ སྒྲོ་གསེབ་ལས་རྡོ་རྗེ་མཚོན་ཆའི་ཆར་འབེབས་པ༔ ཕྱག་གཡས་རྡོ་རྗེ་དང་གཡོན་དུག་སྦྲུལ་ཞལ་དུ་གསོལ་བ༔ སྲིད་གསུམ་ཟིལ་གྱིས་གནོན་པའོ༔ གཙོ་བོའི་གནས་གསུམ་ༀ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས༔ རྔ་ཡབ་

p. 704

ཟངས་མདོག་དཔལ་གྱི་རི་བོ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་དང་གཉིས་སུ་མེད་པར་གྱུར༔ སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཞི་ཁྲོའི་ལྷ་ཚོགས་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས༔ ཡེ་ཤེས་ལྔ་ཡི་དབང་བསྐུར༔ དབང་རྟགས་སུ་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར༔ རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་པདྨ་བཛྲ་སྐུ་མདོག་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ་ཡུམ་མནྡྷ་ར་བ་ལ་འཁྱུད་པ༔ ལོངས་སྐུའི་ཆ་ལུགས་རྫོགས་པ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་ཐུགས་ཀར་ཟླ་བ་དང་ཉི་མའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཐུགས་སྲོག་ཧཱུྃ་ཡིག་མཐིང་

p. 705

ག་ལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་མཐིང་ནག་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་མཆོད༔ བྱིན་རླབས་ནུས་མཐུ་བསྡུས་ཏེ་ཐུགས་ཀར་ཐིམ༔ འོད་ཟེར་ཕྱི་སྣོད་འཇིག་རྟེན་ནང་བཅུད་རིགས་དྲུག་སེམས་ཅན་གཟུགས་ཅན་གཟུགས་མེད་ཐམས་ཅད་ལ་ཕོག༔ སྡུག་བསྔལ་སྡིག་སྒྲིབ་སྦྱངས༔ མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཚེ་བསོད་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ནས་ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པས་སྔགས་ཀྱི་རང་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུའི་སྒྲ་སྒྲོགས་པས༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ཐམས་ཅད་གུ་རུ་དྲག་པོའི་སྐུར་གྱུར༔ སྒྲ་གྲགས་ཐམས་ཅད་དྲག་པོ་སྔགས་ཀྱི་སྒྲ༔ དྲན་རྟོག་ཐམས་ཅད་བློ་འདས་ཀ་དག་རྫོགས་པ་ཆེན་པོའི་ཀློང་ནས་འཁོར་འདས་དབྱེར་

p. 706

མེད་སྐྱེ་འཆི་འགྲོ་འོང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ནས་གཟུགས་སྔགས་གྲག་སྟོང་འབྲུག་སྒྲ་ལྟ་བུ་བཟླས་པར་བྱའོ༔ ཞི་བསྙེན་བཟླ་བ་ནི༔ ཟླ་གདན་ཐུགས་སྲོག་ལ་དམིགས༔ ༀ་པདྨ་བཛྲ་ཧཱུྃ༔ འབུམ་ཕྲག་གསུམ་མམ་བཞི་བཟླས་པས་འགྲུབ༔ དྲག་སྔགས་ཉི་གདན་ཐུགས་སྲོག་ལ་དམིགས༔ ༀ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ འབུམ་ཕྲག་གསུམ་མམ་བཞི་བཟླས་པས་འགྲུབ༔ འཁོར་རྣམས་ལ༔ ༀ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ༔ ཁྱུང་༔ ༀ་བཛྲ་ཧཱུྃ་ཡཀྵ་ཧཱུྃ༔ མེ་དབལ༔ རཀྴ་ཧཱུྃ༔ སྡིག་པ༔ ༀ་བཛྲ་བྷཱ་ར་ཧི་ཧཱུྃ་ཕཊ༔ ཁྲི་འམ་སྟོང་བཟླས་པས་འགྲུབ༔ ཁྲོས་མ༔ ༀ་བཛྲ་འབར་བ་རྩལ་རཱ་ཙ་བིགྷྣན་མཱ་ར་ཡ་ཧཱུྃ་ཕཊ༔ བརྒྱ་ཕྲག་བཟླ༔ ཐང་ལྷ༔ སྡེ་བརྒྱད་གཟིར་ན༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ བྱད་མ་རྦོད་གཏོང་སྡང་དགྲ་གནོད་བྱེད་དམ་སྲི་ཕོ་མོ་ནད་བདག་ཡམས་བདག་ཡུལ་འདྲེ་འབྱུང་པོ་མཐའ་ཡི་དམག་དཔུང་ནད་མུག་མཚོན་

p. 707

འཁྲུགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཟློག་ཟློག༔ ནན་ནན༔ ཁ་ཐམ་ཁ་ཆིངས༔ ལན་བརྒྱའམ་ཉེར་གཅིག་བཟླ༔ ལས་ཚོགས་རིམ་པ་གཞན་དུ་ཤེས༔ མཐར་ནི་བདག་ལུས་སྣོད་བཅུད་ཀུན༔ སྐྱེ་མེད་ཡི་གེ་ཧཱུྃ་ལ་ཐིམ༔ དམིགས་མེད་ཀ་དག་ཀློང་དུ་ཐིམ༔ གདོད་མའི་ཀུན་བཟང་མངོན་གྱུར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གབ་རྒྱ༔ གསང་རྒྱ༔ སྐལ་ལྡན་ལས་ཅན་བུ་ལ་གཏད་རྒྱ༔ ཀྱེ་མ། ཉོན་དང་ལས་ཅན་རིག་འཛིན་རྣམས༔ མ་འོངས་སྙིགས་མ་ཤི་ཤུ་ཁ་རལ་དུས༔ སྐལ་མེད་འགྲོ་རྣམས་ལོག་སྤྱོད་བདུད་ཀྱིས་ཁྱེར༔ བླ་མ་ཆོས་མེད་དཀོར་ནག་དུག་གིས་འཆིང་༔ ཚུལ་འཆོས་མཁས་པས་སྐལ་མེད་སེམས་ཅན་བསླུ༔ རབ་བྱུང་སྡོམ་ཉམས་ཁས་དྲག་ནོར་ལ་བརྣག༔ ལྐོག་ཏུ་ཆགས་སྤྱོད་མངོན་དུ་མི་ཐབས་མཁས༔ ཐར་མེད་སེམས་ཅན་ཀུན་གྱིས་སྐྱབས་སུ་འཛིན༔ བུད་མེད་ཁྲེལ་མེད་འདོད་ཆགས་མེ་ལྟར་འབར༔ འདུལ་བའི་བསྟན་བསྣུབས་ཡུལ་སྡེ་གྲོང་ཡུལ་དཀྲུག༔ ལས་ངན་སེར་སྐྱ་ཐམས་ཅད་དེ་ལ་འདུ༔ རྗེ་དཔོན་ཁྲེལ་མེད་འགྲོ་བའི་བདེ་སྐྱིད་འཕྲོག༔ དམག་འཁྲུག་བདེན་བརྫུན་གོ་ལོག་བཙན་པོས་འདུལ༔ དུས་ངན་སེམས་ཅན་དེ་ཡི་བྲན་དུ་སྐྱེ༔ སྐྱེ་བོ་དྲེགས་པས་སངས་རྒྱས་བསྟན་ལ་སྡང་༔ དབེན་གནས་བཅོམ་ཞིང་དགེ་འདུན་ཆོས་འཁོར་བཤིག༔ དགེ་མེད་རྐུན་ཇག་ཁྲམ་པ་དཔོན་དུ་བཀུར༔ དེ་རྣམས་སྙིགས་དུས་

p. 708

སེམས་ཅན་རང་རྟགས་ཡིན༔ བླ་མ་འདྲེན་སྟོབས་གང་ཆེ་སྐུ་ཚེ་ཐུང་༔ སྒོམ་ཆེན་རྟོགས་ལྡན་ཐམས་ཅད་ཀུན་གྱིས་སྡང་༔ སྐྱེ་བོ་ཆོས་ལྡན་ཐམས་ཅད་རྐྱེན་ངན་མང་༔ དེ་འདྲའི་དུས་ཤར་སེམས་ཅན་སྡུག་བསྔལ་མནར༔ མནའ་སྡིག་སྲོག་གཅོད་ལས་འབྲས་དངོས་སུ་སྨིན༔ མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་འཁྲུགས༔ དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་འཁྲུགས༔ མ་མོ་འཁྲུགས་པས་རིམས་ནད་སྣ་ཚོགས་འབྱུང་༔ མི་མཐུན་རྐྱེན་ངན་འགོས་ནད་ཡམས་ནད་ཀྱིས༔ ས་སྟེང་མི་ནོར་ཐམས་ཅད་གློ་བུར་འཆི༔ སུས་ཀྱང་བཅོས་ཐབས་མེད་པར་རང་བྱས་ལས༔ སངས་རྒྱས་ཐུགས་རྗེ་ཆུང་བ་མ་ཡིན་ནོ༔ གཏེར་མིན་གཏེར་འདྲ་ས་སྟེང་ཟོག་པོས་འདུལ༔ ཨོ་རྒྱན་བདག་གི་ཕོ་ཉ་ཁྱི་བས་བརྙས༔ བླ་གཟུགས་ཁྲག་དོག་ཅན་གྱིས་འགྲོ་དོན་འགོག༔ སེར་གཟུགས་ང་རྒྱལ་ཅན་གྱིས་ངན་སྨྲས་སྒྲོགས༔ ལས་ངན་ཕོ་མོས་གཤེད་མ་བས་ཀྱང་སྡང་༔ ཡེ་ཤེས་སྤྱན་ལྡན་རྒྱལ་བས་ལུང་བསྟན་ཀྱང་༔ བདུད་ཀྱིས་བསླུས་པའི་སེམས་ཅན་ཡིད་མི་ཆེས༔ དེ་རྣམས་ཐར་མེད་མར་འགྲོའི་ཟང་ཐལ་ཡིན༔ ང་ཉིད་དངོས་སུ་བྱོན་ཡང་གྲོལ་རེ་ཀན༔ དེ་འདྲའི་དུས་སུ་སྒྲུབ་པ་དང་དུ་ལོངས༔ སུ་མ་མགུ་ཡང་ང་ལ་གསོལ་བ་ཐོབ༔ ཇི་ལྟར་བྱུང་ཡང་ཡིད་གཉིས་ཐེ་ཚོམ་སྤོངས༔ པད་འབྱུང་ཆོས་གཏེར་བརྒྱུད་པ་ཉམས་སུ་ལོངས༔ རྐྱེན་ངན་ཅི་བྱུང་ཐམས་ཅད་གྲོགས་སུ་ཁྱེར༔ རི་ཁྲོད་གངས་ཁྲོད་དབེན་གནས་སྒྲུབ་པ་གྱིས༔ བསྙེན་སྒྲུབ་ཚད་སྐྱོལ་བསྐྱེད་རྫོགས་གཙོ་

p. 709

བོར་ཐོན༔ མཚན་ལྡན་ཕྱག་རྒྱ་སྐལ་ལྡན་སློབ་མ་སྐྱོང་༔ ཆོས་ཀྱི་ཡང་སྙིང་རང་སེམས་ངོ་བོ་སྐྱོང་༔ འདི་ཕྱི་ཀུན་ཏུ་པད་འབྱུང་ངས་མི་བསླུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟའི་དྲག་པོ་ཐུགས་ཀྱི་སྒྲུབ་པ་འདི༔ སྦས་གནས་འགའ་ལ་འགའ་རེ་སྦས་པ་ཡོད༔ དེ་ཡང་དུས་བབས་ཁྱོད་ལ་གཏད་པ་ཡིན༔ ཐུགས་སྒྲུབ་འདི་ཉིད་ཐུགས་ཀྱི་ཀློང་དུ་སྦོས༔ མེ་ཁམས་རྟ་ལུག་ནད་ཡམས་མེ་ལྟར་འབར༔ ཏྲེ་ཏྲེ་ཧོན་གྱིས་བོད་ཀྱི་ནོར་ལུག་བརླག༔ དམ་སྲི་གྲོད་པ་མགོ་ནི་མངོན་དུ་རྒྱུག༔ རྒྱ་ནད་མཐའ་ནད་མི་ཡི་སྲོག་ལ་འབབ༔ བྱ་ཐེལ་ཅན་དང་སྲིན་མོ་དངོས་སུ་འོང་༔ དེ་དུས་འདི་དང་འཕྲད་པའི་སྐལ་ལྡན་རྣམས༔ མི་འཇིགས་རིན་ཆེན་སྲོག་གི་གོ་ཆ་ཡིན༔ ཐེ་ཚོམ་མེད་པར་སྐལ་ལྡན་རྣམས་ལ་སྤེལ༔ ཉམས་སུ་ལོངས་དང་བྱིན་རླབས་ཁྱད་པར་འཕགས༔ བཛྲ་གུ་རུ་རླུང་དར་རྒྱུན་ཁ་དང་༔ མ་ཎི་སཱཙྪ་ཆུ་གཏོར་གླུད་ཡས་ཐོངས༔ རྡོ་རྗེ་གྲོ་ལོད་སྲིད་གསུམ་གཏིང་བཟློག་འབད༔ ནད་བདག་དམ་སྲི་གླུད་དང་བསད་མནན་ཟློག༔ མན་ངག་ཁ་ཚར་རིམ་གྱིས་སྤེལ་བར་གྱིས༔ རིག་འཛིན་ཆོས་རྒྱལ་རྡོ་རྗེའི་ཆོས་སྐལ་མཛོད༔ མ་འོངས་སེམས་ཅན་སྐྱོབ་པའི་འགྲོ་དོན་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ས་སྤྲེལ་གནམ་ལོ་གསར་ཚེས་གནས་ཆེན་ཙཱ་རི་ཏྲ་ཡི་གནས་སྒོ་འབྱེད་པའི་ཚེས་གཅིག་ཏིང་འཛིན་རྒྱལ་པོའི་དུས་དགོངས་པའི་གཏེར་ལས་བྱུང་སྟེ་སྤེལ་བས་སངས་རྒྱས་ཀྱི་བསྟན་པ་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཆོས་ཡུན་དུ་གནས་ཤིང་རྒྱལ་ཁམས་བདེ་སྐྱིད་

p. 710

དཔལ་འབྱོར་གྱིས་ཡུན་དུ་འཚོ་ཞིང་དམ་པའི་ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཆུ་མོ་ལུག་གི་ལོ་ནས་ས་ཕོ་སྤྲེལ་ལོའི་བར་གསང་རྒྱ་བྱས་པས་བར་ཆད་གང་གིས་མི་ཚུགས་པར་ཟབ་རྒྱ། མངྒལཾ།། ༁ྃ༔ དྲག་པོ་ཁྲོས་པའི་ལྷ་ལ་འདུད༔ ལས་ཚོགས་ཟབ་པའི་མཐར་ཐུག་ནི༔ ལས་ཀྱི་རྣམ་སྨིན་སྒྲིབ་སྦྱང་ནི༔ ༀ་པདྨ་བཛྲ་ཧཱུྃ༔ དུས་གསུམ་བསགས་པའི་སྡིག་སྒྲིབ་བར་ཆད་ནད་གདོན་སརྦ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ དྲག་སྔགས་ཤམ་བུ་སྡེ་བརྒྱད་སོགས་གཟེར་བ་གཞུང་ལྟར༔ ཁྱུང་ཤམ་ལ༔ མི་ནད་ལ་རྩ་སྔགས་མཐར༔ ༀ་རྒྱ་ནད་སོད༔ རྒྱུ་གཟེར་སོད༔ ཚད་རིམས་མགོ་གཟེར་སོད༔ ནག་པོ་སྙིང་གཟེར་སོད༔ དམར་ནག་རྒྱུ་གཟེར་སོད༔ མཁྲིས་པ་རྩ་རྒྱུག་སོད༔ གཉན་ལྷོག་འགགས་གཟེར་སོད༔ ནད་རིགས་བཞི་བརྒྱ་རྩ་བཞི་གཏོང་བའི་ནད་བདག་ཕོ་མོའི་སྲོག་ལ་རྦད་རྦད་རཾ་རཾ་སོད༔ སྔགས་ཆུ་བྱས་པས་ཐེང་བས་ཆོག༔ ནོར་ནད་ལ་རྩ་སྔགས་མཐར༔ བྱ་ཁྱུང་ནག་པོ་ཏྲེ་ཏྲེ་ཧོན་གྱི་སྲོག་ལ་རྦད་རྦད༔ གློ་ནད་ཁ་ཚའི་

p. 711

ནད་ཞི་ཞི༔ གག་ལྷོག་འགོས་ནད་སྲོག་ལ་རྦད་རྦད་རཾ་རཾ་སོད༔ ཅེས་སྔགས་ཆུ་བྱ༔ རྟ་ནད་ལ༔ རྩ་སྔགས་མཐར༔ ལ་བ་བཙན་དུག་གླན་དུག་རྟ་ནད་སྲོག་ལ་རྦད་རྦད་ཞི་ཞི༔ སྔགས་ཆུ་བྱའོ༔ བརྣངས་སྔགས་ལ༔ ཧག་ཕྱུང་གྱུར་ཕུད༔ ཕུ་བྱ༔ ཁྱི་སྨྱོན་སྔགས་ལ༔ རྩ་སྔགས་མཐར༔ ཁྱི་ནད་ཤ་ཟ་ནག་པོའི་གདོན་ལ་རྦད་རྦད༔ བྱེ་མ་ལ་སྔགས་གཏབ༔ ༀ་ཁྱི་མི་མིན་རུ་རུ་རཾ་རཾ་སྭཱ་ཧཱ༔ ཟན་ལ་ཕ་ཝཾ་ལོང་བུ་སྔགས༔ སེར་བ་སྲུང་ཐབས༔ སད་སྲུང་གཞན་དུ་གསལ༔ ཤོག་དྲིལ་ལྕགས་སྦུག་མ་འདི༔ བསམ་ཡས་མཆོད་རྟེན་ནག་པོ་ནས་གདན་དྲངས༔ དྲག་མཐིང་ལས་ཚོགས་གསང་རྒྱ༔ ཟབ་རྒྱ༔ ཆོས་རྒྱལ་རྡོ་རྗེ་བདག་གིས་བཏོན་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ རིག་འཛིན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ དུས་ངན་སྙིགས་མ་ཉི་ཤུ་ཁ་རལ་དུས༔ མི་ནད་ནོར་ནད་ཁྱི་ནད་སྣ་ཚོགས་འོང་༔ གློ་བུར་བཅོས་མིན་ནད་རིགས་བྱུང་གྱུར་ན༔ ཕོ་ལ་གསེར་ཤོག་མོ་ལ་མཐིང་ཤོག་དང་༔ ནོར་ལ་ཤོག་སེར་ཁྱི་ལ་ཤོག་སྔོན་ལ༔ རྒྱ་སྣག་གཙང་མས་ཡིག་འབྲུ་མ་ནོར་བྲི༔ མི་ལ་བཏགས་ན་ལོ་གྲངས་ཉི་ཤུ་བསྲུང་༔ ནོར་བརྒྱ་སྲུང་

p. 712

ཞིང་ལོ་བཅུ་བར་དུ་སྲུང་༔ རྟ་ལུག་སོགས་ལ་དེ་དང་འདྲ་བ་ཡིན༔ ཁྱི་ལ་ལོ་བཅུ་བར་བསྲུང་ཐེ་ཚོམ་མེད༔ རྫས་སྔགས་དམིགས་པ་གང་ཡང་མི་དགོས་སོ༔ པདྨ་ཐོད་ཕྲེང་རྩལ་གྱི་ཕོ་ཉ་ཨཱ་ཙ་ར་ཡི་ཆ་བྱད་ཅན་གཅིག་མངོན་དུ་བྱོན་ནས་དགོས་པ་ཁྱད་པར་ཅན་གྱི་དུས་སུ་ཨོ་རྒྱན་ཕྱག་དམ་མ་ཉམས་པའི་ཤོག་སེར་རིག་འཛིན་ཉིད་ལ་གནང་བ་གབ་སྦས་མེད་པར་ཕབ་པ་བཀའ་རྒྱ༔ རིག་འཛིན་ཆོས་རྒྱལ་རྡོ་རྗེས་ས་ཕོ་སྤྲེལ་གྱི་ལོ་སར་ཚེས་གཅིག་ལ་བྲིས་པ་མངྒ་ལཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མི་ཡི་འགོགས་འདིས་ལོ་ཉི་ཤུར་ཐུབ། སིབ། འབུ་རུ། རིམས་ནད་ཐམས་ཅད་འཐུས། ནོར་བརྒྱ་ལ་སྲུང་བ་གཅིག་བཏགས་ན་ལོ་བཅུ་ལ་ཐུབ། གློ་ཧོན་ཁ་ཚ་འགོས་ནད་ཐམས་ཅད་ཐུབ། ཁྱི་ནད་འགོགས་ལོ་ཉི་ཤུ་ཐུབ་དགེའོ།། །།

དྲག་མཐིང་རྒྱུན་བསྙེན་ཕྲིན་ལས་མྱུར་འགྲུབ། རིག་འཛིན་ཆོས་རྒྱལ་རྡོ་རྗེ།

p. 713

དྲག་མཐིང་རྒྱུན་བསྙེན་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །ན་མོ་པདྨ་བཛྲ་ཡེ། སྐལ་ལྡན་རྣལ་འབྱོར་པ་རྣམས་ཀྱིས། །ཀརྨ་དྲག་པོའི་དབང་ཐོབ་ནས། །རྒྱུན་ཁྱེར་བསྙེན་པ་མ་ཆད་ཙམ། །ཉུང་ངུ་འཁྱེར་བདེ་ཙམ་བྲི་ན། །བླ་མ་དྲག་པོས་གནང་བ་སྩོལ། །ན་མོ། བླ་མ་མཆོག་གསུམ་པདྨ་འབྱུང་། །བདག་དང་འགྲོ་རྣམས་སྐྱབས་སུ་མཆི། །མར་གྱུར་དུས་གསུམ་སེམས་ཅན་རྣམས། །སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ་བརྗོད། ཧཱུྃ་ཧྲཱིཿ རང་སེམས་གདོད་ནས་མ་བཅོས་སྤྲོས་བྲལ་ཀློང་། །མ་འགགས་རིག་རྩལ་ཀརྨ་དྲག་པོ་རྩལ། །མཐིང་ནག་ཞལ་གཅིག་ཕྱག་

p. 714

གཉིས་ཁྲོ་ཆས་རྫོགས། །ཕྱག་གཉིས་གནམ་ལྕགས་རྡོ་རྗེ་སྡིག་པ་འཛིན། །ཞབས་གཉིས་རྒྱལ་བསེན་དམ་སྲི་ཕོ་མོ་མནན། །སྐུ་ཡི་གནས་ལྔར་གོ་ཆ་ལྷ་ལྔ་གསལ། །སྤྱི་བོར་བྱ་ཁྱུང་ཐོད་ཕྲེང་སྡེ་ལྔ་དང་། །འཁོར་དུ་ལྕགས་སྡིག་མེ་དབལ་ཐང་ལྷ་ནག །གཡོན་དུ་ཡུམ་མཆོག་མཁའ་འགྲོ་ཁྲོས་མ་ནག །ཁྲོ་བཅུ་སྒོ་སྲུང་འཁོར་བཅས་གསལ་བར་བསྐྱེད། །གཙོ་འཁོར་མེ་དཔུང་དམར་ནག་འབར་བའི་ཀློང་། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །བདུད་དང་དམ་སྲི་དགྲ་བགེགས་ཚར་གཅོད་ཅིང་། །དམ་ཡེ་དབྱེར་མེད་ལྷུན་གྲུབ་ཉིད་དུ་གྱུར། །ཐུགས་ཀར་པདྨ་བཛྲ་ཡབ་ཡུམ་མཐིང་། །དེ་ཡི་ཐུགས་ཀར་ཟླ་བའི་གདན་ལ་ནི། །ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་སྔགས་ཀྱིས་བསྐོར། །ཨོཾ་པདྨ་བཛྲ་ཧཱུྃ། ཞི་བསྙེན་བཟླས། དྲག་པོའི་བསྙེན་པ་ཐུགས་ཀར་ཉི་གདན་སྟེང་དུ་ཧཱུྃ་བསྒོམ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་

p. 715

ཏེ་ཧཱུྃ་ཧཱུྃ་ཕཊཿ ཅེས་བཟླས། དེ་ནས་སྤྱི་དྲིལ་བསྙེན་པ་བཟླས། ཨོཾ་ཨཱཿཧཱུྃ་ཤྲཱི་ཀརྨ་ཧེ་རུ་ཀ་ཡ་མ་རཱ་ཛ་ཧྱ་གྷྲྀ་ཝ་བཛྲ་པཱ་ཎི་ཌཱཀྐི་ནི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ། ཅེས་བཟླས། མཐར་ནི་ལྷ་ཚོགས་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་གྱེན་རྫོགས་མི་དམིགས་པ། །རྫོགས་པ་ཆེན་པོའི་ངང་ལ་བཞག །དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་པ་འདི་ལྟར་རྒྱུན་ཁྱེར་ཤིན་ཏུ་ཉུང་ངུ་ཞིག་དགོས་ཞེས་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཀརྨ་བསྟན་སྐྱོང་གིས་ལྷ་རྫས་དཀྱུས་རིང་བཅས་བཀའ་གནང་བཞིན་རིག་འཛིན་ཆོས་རྒྱལ་རྡོ་རྗེས་འོག་མིན་ཀརྨའི་གདན་སར་ཚེ་སྒྲུབ་ལ་གནས་པའི་སྐབས་ཐུན་གསེང་དུ་གང་དྲན་འཕྲལ་དུ་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། ཤུ་བྷཾ།། །།

ནོར་ལྷ་ཛམ་དཀར་གྱི་རྒྱུན་ཁྱེར་ཉུང་བསྡུས་བྱིན་རླབས་ཆར་འབེབས། རིག་འཛིན་ཆོས་རྒྱལ་རྡོ་རྗེ།

p. 716
p. 717

ནོར་ལྷ་ཛམ་དཀར་གྱི་རྒྱུན་ཁྱེར་ཉུང་བསྡུས་བྱིན་རླབས་ཆར་འབེབས་བཞུགས་སོ། །སྐྱབས་གནས་ཀུན་འདུས་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །གང་དག་འགྲོ་ཀུན་དབུལ་ཕོངས་ཞི་བ་དང་། །མཆོག་ཐུན་དངོས་གྲུབ་འབད་མེད་ལྷུན་གྲུབ་ཕྱིར། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒྲུབ་ཐབས་ཀྱི། །རྒྱུན་ཁྱེར་ཉུང་བསྡུས་བྱིན་རླབས་ཆར་འབེབས་བྲི། །བླ་མ་ཡི་དམ་མཁའ་འགྲོའི་བཀས་གནང་སྩོལ། །བདེ་བའི་སྟན་ལ་བདེ་བར་གནས་ཤིང་ཨཱ་ལི་ཀཱ་ལི་ཡིག་བརྒྱ་རྟེན་སྙིང་རྣམས་ཚར་གསུམ་སྦྲེལ་མར་བཟླས་ལ། ངག་བྱིན་བརླབས་ནས་སེམས་མ་ཡེངས་པའི་ངང་ནས་འདི་ལྟར་བརྗོད། ན་མོ། བླ་མ་པད་འབྱུང་སྤྱན་རས་གཟིགས། །དཀོན་

p. 718

མཆོག་གསུམ་ལ་བདག་སྐྱབས་མཆི། །མཁའ་མཉམ་མར་གྱུར་སེམས་ཅན་རྣམས། །སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ། རང་སེམས་མ་བཅོས་སྟོང་པའི་ངང་། །མ་འགགས་གསལ་སྟོང་རིག་པའི་རྩལ། །རང་ཉིད་ཨཱརྱ་ཛམ་བྷ་ལ། །དཀར་གསལ་ཕྱག་གཡས་བེ་ཅོན་དང་། །གཡོན་པས་ནོར་སྐྱུག་ནེའུ་ལེ་འཛིན། །རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །པདྨ་ཟླ་བའི་གདན་སྟེང་དུ། །གཡུ་འབྲུག་སྟེང་དུ་བཙན་འཁྱིལ་བཞུགས། །འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར། །རང་རང་ཕྱག་མཚན་རྒྱན་དང་བཅས། །སྤྱི་བོར་སྣང་མཐའ་སྤྱན་རས་གཟིགས། །རྒྱལ་བ་ཚེ་ལྷ་རིགས་ལྔ་དང་། །བླ་མ་ཨོ་རྒྱན་ཡབ་ཡུམ་བཅས། །སྣང་ལ་རང་བཞིན་མེད་པ་ཡི། །འཇའ་འོད་གསལ་སྟོང་ཀློང་ན་བཞུགས། །ཛམ་ལྷའི་ཐུགས་ཀར་ཟླ་བའི་སྟེང་། །ཐུགས་སྲོག་སྔགས་ཀྱི་ཕྲེང་བ་གསལ། །འོད་འཕྲོས་རྒྱལ་

p. 719

མཆོད་བྱིན་རླབས་བསྡུས། །སེམས་ཅན་སྒྲིབ་སྦྱངས་ཚེ་བསོད་སྤེལ། །དངོས་གྲུབ་ཀུན་འདུས་བདག་ཐིམ་པས། །བྱིན་རླབས་དངོས་གྲུབ་ཆར་འབེབས་གྱུར་པར་བསམས་ལ། སྙིང་པོ་ནི། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊཿ དྷཱ་ཀི་ནི་ཧ་རི་ནི་ས་སྲིད་གསུམ་གྱི་ཟས་ནོར་ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་ཀཱ་ཡ་ཝཱཀྐ་ཙིཏྟ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་དམིགས་མེད་ཀ་དག་ངང་དུ་བཞག །དགེ་བསྔོ་བཀྲ་ཤིས་སྨོན་ལམ་བྱའོ། །ཞེས་རང་སློབ་སྦྱིན་བདག་དམ་ལྡན་ཨོ་རྒྱན་ཚེ་རྒྱལ་ངོར་རིག་འཛིན་ཆོས་རྒྱལ་རྡོ་རྗེས་དཔལ་འབྲུག་པའི་སྙིང་པོ་བསྟན་པ་མདོ་སྔགས་བཤད་སྒྲུབ་གླིང་གི་གདན་སར་༧གྲུབ་ཆེན་ཚོགས་གཉིས་ཀྱི་སྒྲུབ་ཁང་ནས་བྲིས་པ་དགེའོ། །སརྦ་མངྒ་ལཾ།།

རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་གཏོར་འབུལ་གྱི་རིམ་པ་ཁྱེར་བདེ་རིག་འཛིན་དགའ་སྟོན། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།

p. 720
p. 721

རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་གཏོར་འབུལ་གྱི་རིམ་པ་ཁྱེར་བདེ་རིག་འཛིན་དགའ་སྟོན་ཞེས་་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ། གཏོར་མ་ལ་རྣམ་བཞག་མང་བ་ལས། སྐབས་འདིར་གཏའ་གཏོར་ཡོད་ན་ཁ་གསོ། མེད་དམ་ཡོད་ཀྱང་རུང་ལ་དུས་གཏོར་དང་རྒྱུན་གཏོར་གང་ཡིན་སྨན་རཀ་ཕུད་མཆོད་དང་བཅས་པ་བཤམ། དེ་དག་གང་ཡང་མི་འབྱོར་བའི་སྐབས་སུའང་ཕྱེ་མར་དང་ཕུད་མཆོད་ཙམ་ལ་བརྟེན་ཏེ་བྱིན་གྱིས་བརླབ་པ་ནི། ཧཱུྃ། བདག་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རྃ་ཡྃ་ཁྃ་འཕྲོས་ཡེ་ཤེས་མེ་རླུང་ཆུས། །གཏོར་མའི་འབགས་བཙོག་དྲི་མ་བསྲེགས་གཏོར་བཀྲུས། །རླུང་མེ་ཐོད་སྒྱེད་

p. 722

སྟེང་དུ་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེར་ཤ་ལྔ་བདུད་རྩི་ལྔ། །རིགས་ལྔ་ཡབ་ཡུམ་ས་བོན་འབྲུ་བཅས་མཚན། །མེ་རླུང་སྦྱོར་བས་བནྡྷའི་དམ་རྫས་ཁོལ། །ཡེ་ཤེས་བདུད་རྩི་འབྲུ་གསུམ་རྣམ་པར་བཀུག །འོད་ཞུ་རྣམ་པར་རྟོག་པའི་ཉེས་སྐྱོན་སྦྱངས། །རོ་བཅུད་ནུས་ལྡན་བདུད་རྩི་ཆེན་པོར་རྟོགས། །འདོད་ཡོན་མཆོད་སྤྲིན་མཁའ་ཁྱབ་སྦར་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཐུགས་སྲོག་འོད་ཀྱི་ཕོ་ཉས་རྩ་གསུམ་དང༌། །ཆོས་སྐྱོང་གཏེར་སྲུང་དཀར་ཕྱོགས་སྐྱོང་བ་རྣམས། །མདུན་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ རང་མཐུན་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད། །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །རྗེ་བཙུན་བླ་མ་རྣམས་ཀྱི་ཡེ་ཤེས་ལྗགས། །རྡོ་རྗེའི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། ན་མོ་སརྦ་རཏྣ་གུ་རུ་ཨི་དམ་བ་ལིཾ་

p. 723

ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཅིག་གམ་གསུམ་སྐབས་དང་སྦྱར། ན་མོ། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་གྱི་བརྒྱུད། །མངོན་སུམ་གོང་འཕེལ་ཚད་ཕེབས་ཟད་སར་ཕྱིན། །འདུན་པ་སེམས་དང་རིགས་ཆེན་འབྱེད་པ་དང༌། །དབུགས་ཕྱིན་ལུང་ཆེན་ཐོབ་དང་རྩལ་ཆེན་རྫོགས། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ཀྱི། །ས་ལ་གནས་པའི་རིག་འཛིན་རྒྱ་མཚོ་དང༌། །ཁྱད་པར་དཀོན་མཆོག་སྤྱི་འདུས་གུ་རུ་རྗེ། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྗེ་འབངས་ཚོགས། །གཏེར་ཆེན་གཏེར་ཕྲན་ལས་ཅན་ཆོས་བདག་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །རྡོ་རྗེ་འཆང་ཆེན་གདོད་གནས་གྲུབ་ཆེན་བརྒྱད། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས། །རྒྱུད་སྡེ་བཞི་ཡིས་མཆོག་ཐུན་གྲུབ་རྣམས་དང༌། །ཁྱད་པར་ཏཻ་ལོ་ནཱ་རོ་མར་

p. 724

མི་དྭགས། །ཆེ་བཞི་ཆུང་བརྒྱད་ཤངས་པ་བཀའ་བརྒྱུད་དང༌། །བཀའ་གདམས་ལམ་འབྲས་སྦྱོར་དྲུག་ཞི་བྱེད་གཅོད། །བསྙེན་སྒྲུབ་ལ་སོགས་བཤད་སྒྲུབ་སྲོལ་འཛིན་པའི། །རྩ་བརྒྱུད་དཔལ་ལྡན་བླ་མ་ཐམས་ཅད་ལ། །དམ་རྫས༴ བྱང་ཆུབ་བར་དུ་ཐུགས་རྗེས་མི་འདོར་བར། །ཡེ་ཤེས་མཆོག་གིས་བདག་རྒྱུད་བྱིན་གྱིས་རློབས། །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ལྗགས། །ཕྱག་མཚན་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་དེ་བ་ག་ཎ་ཤཱནྟ་ཀྲོ་དྷ་ས་པཱ་རི་ཝ་ར་ཨི་དཾ་སོགས། བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་དང༌། །འབར་བ་ཁྲག་འཐུང་ཁྲོ་བོ་ལྔ་བཅུ་བརྒྱད། །ཚོགས་ཆེན་འདུས་པ་ཐེག་དགུའི་དཀྱིལ་འཁོར་ལྷ། །སྒྱུ་འཕྲུལ་མཉམ་སྦྱོར་ལ་སོགས་ཏནྟྲ་སྡེ། །བཅོ་བརྒྱད་ནས་གསུངས་ཡི་དམ་ལྷ་ཚོགས་དང༌། །བླ་མ་དགོངས་འདུས་

p. 725

དཀྱིལ་འཁོར་ཚོམ་བུ་དགུ། །རྟ་མཆོག་རོལ་པ་ཡི་དམ་དགོངས་འདུས་ལྷ། །དམར་ནག་མེ་ཕྲེང་གུ་རུ་དྲག་ཏུ་ཁྲོས། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་པ། །སྐུ་མཆོག་འཇམ་དཔལ་གསུང་མཆོག་པདྨ་དབང༌། །ཐུགས་མཆོག་ཡང་དག་ཡོན་ཏན་བདུད་རྩིའི་རིགས། །ཕྲིན་ལས་ཕུར་པ་རྦོད་གཏོང་མ་མོ་དང༌། །དམོད་པ་དྲག་སྔགས་འཇིག་རྟེན་མཆོད་བསྟོད་ལྷ། །སྒྲུབ་ཆེན་བཀའ་བརྒྱད་ཞི་དང་ཁྲོ་བོ་ལ། །དམ་རྫས་ཡེ་ཤེས༴ དུས་ཀྱི་འཁོར་ལོ་མཁའ་འགྲོ་དྲ་བ་སྡོམ། །དགྱེས་རྡོར་མཱ་ཡཱ་སངས་རྒྱས་ཐོད་པ་དང༌། །གདན་བཞི་རྒྱལ་བ་རྒྱ་མཚོ་དམ་ཚིག་སྒྲོལ། །གསང་འདུས་འཇིགས་བྱེད་དགྲ་ནག་གཤེད་དམར་པོ། །སྒྱུ་འཕྲུལ་དྲྭ་བ་མི་གཡོ་ཕྱག་རྡོར་སོགས། །ཕ་རྒྱུད་མ་རྒྱུད་གཉིས་མེད་ལྷ་རྣམས་དང༌། །དཔལ་རྩེ་རྡོར་དབྱིངས་ལ་སོགས་རྣལ་འབྱོར་རྒྱུད། །

p. 726

རྣམ་སྣང་མངོན་བྱང་ལ་སོགས་སྤྱོད་པའི་རྒྱུད། །བདེ་གཤེགས་པདྨ་རྡོ་རྗེ་རྒྱས་པའི་རིགས། །ལྔས་རྩེན་ནོར་བུ་ཅན་ཏེ་བྱ་རྒྱུད་ཀྱི། །ལྷ་ཚོགས་ཡབ་ཡུམ་སྤྲུལ་པར་བཅས་པ་ལ། །དམ་རྫས༴ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །སྨན་གཏོར༴ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཡེ་ཤེས་ལྗགས། །འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནཱི་ས་པཱ་རི་ཝ་ར་ཨི་དཾ་སོགས། ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིས། །དུར་ཁྲོད་བརྒྱད་ཀྱི་དཔའ་བོ་ཌཱ་ཀི་དང༌། །ཁྱད་པར་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གསང་བ་ཡེ་ཤེས་མཁའ་སྤྱོད་དཀར་དམར་རིགས། །དབྱིངས་ཕྱུག་རྣམ་དགུ་མཁའ་འགྲོ་དགོངས་པ་འདུས། །ཁྲོས་མ་ནག་མོ་སེང་གེའི་གདོང་པ་ཅན། །ཀུ་རུ་ཀུལླེ་རྗེ་

p. 727

བཙུན་སྒྲོལ་མ་ཡུམ། །གྲུབ་པའི་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་སོགས། །སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས། །སྣ་ཚོགས་འཇིག་རྟེན་དམ་ཚིག་ཤ་ཟའི་རིགས། །དྲུག་ཅུ་རྩ་བཞི་རིགས་བརྒྱའི་རྣལ་འབྱོར་མ། །ཞིང་སྔགས་ལྷན་ཅིག་སྐྱེས་པའི་ཚོགས་རྣམས་ལ། །དམ་རྫས༴ ཐིག་རླུང་དབང་འདུས་རྟེན་འབྲེལ་ཕྱོགས་མེད་འཆར། །འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གྲོགས་མཛོད་ཅིག །སྨན་གཏོར༴ དམ་ཅན་ཆོས་སྐྱོང་རྣམས་ཀྱི་རྡོ་རྗེའི་ལྗགས། །མཚོན་ཆའི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་སོགས། ཁྲག་འཐུང་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་ལྗང་སྔོན་དྲག་པོ་དང༌། །བྱ་རོག་མཚན་ཅན་མྱུར་མཛད་ཡེ་ཤེས་མགོན། །དཔལ་མགོན་མ་ནིང་རྡོ་རྗེ་གུར་མགོན་དང༌། །སྟོབས་འཕྲོག་དབང་པོ་ཞང་བློན་ཨ་གྷོ་ར། །

p. 728

སྟག་ཞོན་བེང་མ་གྲི་གུག་སེང་ཞོན་དང༌། །ལས་མཛད་བདུད་མགོན་ཆེན་པོ་ཏྲཀྴད་སོགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོའི་རིགས། །དུར་བདག་ཡབ་ཡུམ་རྟ་ནག་དྲེགས་པ་ལ། །དམ་རྫས༴ སྨུག་ནག་ཁྲོས་མ་སྔགས་ཀྱི་བདག་མོ་ཆེ། །ཤན་པ་ནག་མོ་འབར་མ་མེ་ཡི་གདོང༌། །ཡུམ་ཆེན་དཔལ་འབར་རེ་ཏི་མཆེད་དེ་བཞི། །ཁྲག་འཐུང་དུད་སོལ་མ་དང་དམག་ཟོར་རྒྱལ། །འདོད་ཁམས་དབང་ཕྱུག་མ་གཅིག་དཔལ་ལྷ་མོ། །རབ་བརྟན་མ་དང་རྡོ་རྗེ་གཤོག་རྒོད་མ། །བདེ་ཆེན་རྒྱལ་མོ་ཞི་ཆགས་ཁྲོས་པའི་གར། །སྤྱང་ཞོན་མ་དང་ཤ་ཟ་ཁ་མོ་ཆེ། །ཞིང་སྐྱོང་དུར་ཁྲོད་མ་མོ་འཁོར་བཅས་ལ། །དམ་རྫས༴ རྡོ་རྗེ་བེར་ཅན་ལྷ་མོ་རང་བྱུང་མ། །དབུགས་ལེན་བཅུ་དྲུག་ཕྱོགས་བཅུ་སྐྱོང་བའི་མགོན། །དྲེགས་པ་དོན་གཉིས་མ་སྲིང་འབར་མ་དགུ། །དུས་བཞིའི་ལྷ་མོ་དམག་རྒྱལ་མཆེད་བཞི་

p. 729

ལ། །དམ་རྫས༴ སྲིན་མགོན་ཐོད་ཕྲེང་དབང་ཕྱུག་ཡབ་དང་ཡུམ། །དམར་པོ་གྱད་ཆེན་འཆི་བདག་གཤིན་རྗེའི་རྒྱལ། །ཤན་པ་དམར་ནག་གཟའ་མཆོག་རཱ་ཧུ་ལ། །མགར་བ་དམར་ནག་ཞིང་སྐྱོང་སེང་གེའི་གདོང༌། །རྒྱལ་ཆེན་སྐུ་ལྔ་གནོད་སྦྱིན་ཙིཏྟ་དམར། །རོལ་པ་རྐྱ་བདུན་རྡོ་རྗེ་བྲག་བཙན་ལ། །དམ་རྫས༴ ཅེ་སྤྱང་མ་བརྒྱད་དབང་ཕྱུག་ཉི་ཤུ་བརྒྱད། །གིང་བདུད་རྩིས་པ་འཆི་བདག་བྱེ་བ་འབུམ། །ཁམས་བརྒྱད་དམུས་ལོང་ཁྱི་སྤྱང་འབྲུག་མོ་བརྒྱད། །ཤྭ་ན་བདག་ཉིད་ས་བདག་སྐྱེས་བུ་གིང༌། །རྗེ་མོ་བཅུ་བཞི་སྨན་མོ་ལྔ་བཅུ་བརྒྱད། །སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང༌། །ཕྱི་ནང་གསང་བ་ཡང་གསང་བཏགས་ཤིང་ཆགས། །གབ་སྦས་ལས་མྱུར་མཆོག་གི་སྡེ་བརྒྱད་རིགས། །དྲེགས་པ་རྐྱ་གསུམ་དྲེགས་པ་སྡེ་ལྔ་སོགས། །གནས་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་

p. 730

ལ། །དམ་རྫས༴ ཕྱི་ནང་གསང་བའི་བར་ཆད་སྲུང་ཞིང་ཟློག །དགྲ་བགེགས་བྱད་མ་ཐལ་བའི་རྡུལ་བཞིན་རློག །བྷྲཱུྃ་ལས་རིན་ཆེན་སྣོད་དུ་དཀར་མངར་བཅུད། །འདོད་རྒུ་ཀུན་འབྱུང་ཟག་མེད་བདུད་རྩིའི་མཚོ། །ནོར་ལྷ་གཏེར་བདག་རྣམས་ཀྱི་རྫུ་འཕྲུལ་ལྗགས། །རིན་ཆེན་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཡཀྵ་ཛཾ་བྷ་ལ་བ་སུ་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་སོགས། རྒྱལ་ཆེན་རྣམ་མང་ཐོས་སྲས་རིགས་ཆེན་བརྒྱད། །དཔལ་གྱི་ལྷ་མོ་ནོར་བདག་གྲོགས་མོ་བརྒྱད། །ཛཾ་ལྷ་དཀར་སེར་དམར་ལྗང་ནག་པོ་དང༌། །ཀུ་བེ་ར་སོགས་རྟ་བདག་ཆེན་པོ་བརྒྱད། །འབྲོག་གནས་མཆེད་ལྔ་ཨརྱ་རེ་མནྟ། །ཨ་པར་ཛི་ཏ་ཚོགས་བདག་དཀར་སེར་དམར། །གང་མཛེས་ནོར་དབང་ཀུན་འཁྱིལ་མཆེད་དེ་གསུམ། །ཇོ་བོ་སྔགས་ཀྱི་བདག་པོ་མི་མགོན་དཀར། །དོན་གྲུབ་སེར་མོ་དགེ་བསྙེན་ཡེ་ཤེས་

p. 731

གྲགས། །ཕག་གདོང་མཆེད་ལྔ་འཕྲོག་མ་བུར་བཅས་ལ། །དམ་རྫས༴ སྣོད་བཅུད་རྒུད་པ་ཞི་ཞིང་དཔལ་འབྱོར་རྒྱས། །ཚེ་བསོད་དབང་ཐང་ཡར་ངོའི་ཟླ་ལྟར་སྤེལ། །གཏོར་མ་དཀར་མངར་འདོད་རྒུ་འབྱུང་བའི་བཅུད། །དཔལ་མགོན་གཞི་བདག་དཀར་ཕྱོགས་སྐྱོང་བའི་ལྗགས། །འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་སོགས། ལྷ་ཀླུ་གཟའ་ཆེན་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱོགས་སྐྱོང་འཇིགས་བྱེད་རྒྱལ་པོ་ཆེན་པོ་བཞི། །དབང་ཆེན་བརྟན་མ་འབྱུང་ལྔ་སྤར་སྨེ་དང༌། །ལོ་ཟླ་ཞག་དུས་ཕྱོགས་མཚམས་ས་ཡི་བདག །དཀར་པོ་བརྒྱད་ཅུ་ཨ་ཕྱི་མཆེད་ལྔ་ལ། །དམ་རྫས༴ སྨན་བཙུན་ཚེ་རིང་མཆེད་ལྔ་སྤྲུལ་འཁོར་བཅས། །བརྟན་སྐྱོང་ཡ་མ་བཅུ་གཉིས་མཐུ་ཆེན་བཞི། །མགུར་ལྷ་བཅུ་གསུམ་སྲིད་པའི་ལྷ་ཆེན་དགུ། །གཉན་ཆེན་

p. 732

ཐང་ལྷ་སྨྱོ་ཁ་མཁའ་རི་དང༌། །མཁར་ནག་རྡོ་རྗེ་རྒྱལ་སོགས་སྤྲུལ་བསྒྱུར་བརྒྱད། །རྨ་རྒྱལ་སྤོམ་ར་སྐུ་རྗེ་སེང་ཆེན་རྒྱལ། །དགེ་བསྙེན་ཉེར་གཅིག་ཡུལ་འདིའི་གཞི་བདག་ལ། །དམ་རྫས༴ སྐྱོབ་པའི་ལྷ་ལྔ་བསྟེན་པའི་ལྷ་དགུ་དང༌། །མིའུ་གདུང་དྲུག་ཕ་མཚུན་དགྲ་བླའི་ཚོགས། །ལུང་ལྔ་ལྗོངས་གསུམ་གླིང་གཅིག་སྒྲུབ་གནས་བརྒྱད། །གངས་རི་ཉེར་གཅིག་གནས་ཆེན་ཉེར་ལྔ་སོགས། །གནས་ཆེན་གནས་ཕྲན་སྲུང་ཞིང་སྐྱོང་རྣམས་དང༌། །མདོར་ན་སྟོང་གསུམ་འཛམ་གླིང་བོད་ཡུལ་གྱི། །གནས་ཡུལ་གཞི་བདག་རིགས་ཆོས་རྒྱུད་སྲུང་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །འཇིག་རྟེན་བདེ་ཞིང་བསྟན་འགྲོའི་དགེ་ལེགས་འཕེལ། །རྣལ་འབྱོར་བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། །མགྲོན་རིགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་བཅས་ལ་གུས་པས་

p. 733

བསྟོད་པར་བགྱི། །ནོངས་པ་ཅི་མཆིས་ཆོས་དབྱིངས་ཀློང་དུ་བཤགས། །ཡེ་ཤེས་བརྩེ་བ་ཆེན་པོས་བཟོད་མཛོད་ལ། །ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ། །རྟག་ཏུ་དགྱེས་པས་དགོངས་ཏེ་ཕྲིན་ལས་མཛོད། །རྩ་གསུམ་ནོར་ལྷ་རྟེན་ལ་རྟག་ཏུ་བཞུགས། །འཇིག་རྟེན་པ་རྣམས་སོ་སོའི་གནས་སུ་གཤེགས། །འདི་ཕྱི་ཀུན་ཏུ་དགེ་བའི་སྣང་བ་ཡིས། །བརྟན་གཡོ་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པ་འདིའང་སྒྲུབ་བརྩོན་སྡེ་སྣོད་འཛིན་པ་ཕུར་བླ་ཀརྨ་མཐུ་སྟོབས་ནས་བསྐུལ་ངོར། དུས་མཐའི་གཏོར་མའི་སློབ་དཔོན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཙཱ་འདྲ་རིན་ཆེན་བྲག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།

འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར།

p. 734

༄༅། །འབའ་རོམ་ལས་རྟགས་ཀྱི་རྟོགས་བརྗོད་བདེ་ཆེན་འོད་འབར་བཞུགས། མཉམ་མེད་མར་པའི་བཀའ་བརྒྱུད་གངས་རི་བརྗིད། །སྒྲུབ་བརྒྱུད་འབའ་རོམ་རྒྱལ་བའི་མཚན་སྙན་བཀྲ། །ཟབ་རྒྱས་མདོ་ཡི་འཁོར་ལོ་འོད་སྟོང་འཕྲོ། །ངེས་གསང་སྔགས་ཀྱི་རྡོ་རྗེ་གཞོམ་གཞིག་བྲལ། །བདེ་ཆེན་དགའ་བཞི་འབར་བའི་ཐིག་ལེ་འཁྱིལ། །སྙན་བརྒྱུད་ནོར་བུ་རྣམ་གསུམ་གཏེར་ཁ་བྱེ། །ཐབས་ཤེས་ཕྲིན་ལས་ཉི་ཟླ་སྲིད་ཞིར་བརྡལ། །ཡེ་ཤེས་འོད་ལྔའི་མུ་ཁྱུད་ཀུན་ནས་མཛེས། །འདི་ལྟར་རྟེན་འབྱུང་སྒྱུ་མའི་སྣང་ཆ་ལས། །འགགས་མེད་ཤར་བའི་རྣམ་དཀར་ལེགས་བྱས་ཀྱིས། དྭགས་བརྒྱུད་སྙིང་པོ་འབའ་རོམ་རྒྱལ་བའི་བསྟན། །དར་རྒྱས་ཡུན་གནས་ས་གསུམ་ཀུན་ཏུ་ཁྱབ། བཀྲ་ཤིས་འོད་སྣང་རྒྱས་པའི་རྒྱུར་གྱུར་ཅིག །གུས་པའི་བསྟོད་ཚིག་འདིའང་འབའ་རོམ་པའི་བརྒྱུད་འཛིན་ཡོངས་ཀྱི་མོས་མཐུན་ལྟར་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྨོན་པ་དགེ་ལེགས་འཕེལ། ༈ གནས་བརྟན་ཉེ་བར་འཁོར་གྱི་བཙུན་ཚུལ་དང་། །འཛམ་གླིང་མཛེས་རྒྱན་དྲུག་གི་མཁས་ཚུལ་དང་། །དབང་ཕྱུག་བཞད་པ་རྡོ་རྗེའི་གྲུབ་ཚུལ་གྱིས། །འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

p. 735

འདིར་འབད་དགེ་བས་བདག་གཞན་འགྲོ་བ་ཀུན། །ཨེ་ཝཾ་ཟུང་འཇུག་མཆོག་གི་སྡོམ་པ་ཆེ། །མི་བསྐྱོད་ཧེ་རུ་ཀ་དཔལ་འབའ་རོམ་པ། །དབྱེར་མེད་བླ་མའི་གོ་འཕང་མྱུར་ཐོབ་ཤོག །

Pecha page