← Search

མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

ཀརྨ་ཆགས་མེད།

ཞི་ཁྲོ་ལས་ཚེ་འདས་གནས་འདྲེན་བསྡུས་པ།

p. 1

ཞི་ཁྲོ་ལས་ཚེ་འདས་གནས་འདྲེན་བསྡུས་པ་བཞུགས་སོ། །

p. 2

པད་འབྱུང་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །ཞི་ཁྲོ་ཕྱིར་བཟློག་མདོར་བསྡུས་འདིར་བཀོད་བྱ། །ལྷ་དང་སྲུང་མའི་ཚོགས་ཀྱིས་བཀའ་གནང་སྩོལ། །ལྷ་བཤོས་ཅོག་རྡོག་ཆངས་བུ་ཏིང་ལོ་བཤམས། །མར་མེ་གཅིག་ཀྱང་དྲུང་དུ་གཏམ་པར་བྱ། །པདྨ་འདབ་དྲུག་དབུས་དང་བདུན་པར་བྱ། །དེ་སྟེང་བྱང་བུ་ཕྱག་ལེན་བཞིན་དུ་བཙུགས། །ཞི་ཁྲོའི་ལས་བྱང་བསྡུས་པ་ཚར་གཅིག་གིས། །བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་སྒྲུབ། །བུམ་བསྐྱེད་དམིགས་ནས་བསྙེན་པ་བརྒྱ་རྩ་བྱ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་དང་ལྡན་པ། མཁྱེན་པ་དང་ལྡན་པ། བརྩེ་བ་དང་ལྡན་པ་རྣམས་ཐུགས་

p. 3

རྗེའི་དབང་གིས་གནས་འདིར་བྱོན་ཅིག །དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་ལོ། །ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། །ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་རྒེ་ཞེས་བྱ་བ་འཇིག་རྟེན་འདི་ནས་ཕ་རོལ་དུ་འགྲོ། སྐྱས་ཆེན་པོ་ནི་འདེགས། གྲོགས་ནི་མེད། སྡུག་བསྔལ་ནི་ཆེ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ནི་མེད། ཚེ་འདིའི་སྣང་བ་ནི་ནུབ། མུན་ནག་འཐུག་པོར་ནི་འཇུག །

p. 4

གཡང་ས་ཆེན་པོར་ནི་ལྟུང་། ལས་ཀྱི་དབང་གིས་ནི་དེད། ས་ཚུགས་མེད་པར་ནི་འགྲོ། དབང་ནི་མེད། གཅིག་པུར་འགྲོ་དགོས་པའི་དུས་ལ་བབ་ན་ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་རྗེ་སྐྱབས་མེད་པ་ལ་སྐྱབས་མཛོད་ཅིག །མགོན་མེད་པ་ལ་མགོན་མཛོད་ཅིག །དཔུང་གཉེན་མེད་པ་ལ་དཔུང་གཉེན་མཛོད་ཅིག །བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག །ལས་ཀྱི་རླུང་དམར་ཆེན་པོ་ལས་ཟློག་ཅིག །གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག །བར་དོའི་ལམ་འཕྲང་རིང་པོ་ལས་སྒྲོལ་ཅིག །ཐུགས་རྗེ་ཅན་རྣམས་ཐུགས་རྗེའི་ཤུགས་མ་ཆུང་ཞིག །སྔོན་གྱི་དམ་བཅའ་མ་གཡེལ་བར། ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག །སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཞིག །དཀོན་མཆོག་གསུམ་ཚེ་ལས་འདས་པ་འདི་རྣམས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ། ཅེས་ར་མདའ་སྦྲན་པའོ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨུ་ཙ་ཏ་ཡ་ཕཊ༔ བུམ་ཆུས་བྲན། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡི་གེ་ནི་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བར་གྱུར། ན་

p. 5

མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པས། ཚེ་ལས་འདས་པ་སྒེའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་གར་ཡོད་པའི་ས་ནས་མཚན་བྱང་འདི་ལ་ཁུག་ཅིག །ལན་གསུམ་བརྗོད། ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ མཛའ་སྡུག་བརྩེ་བའི་གཉེན་བཤེས་གྲོགས་རྣམས་དང་༔ རྟག་ཏུ་འགྲོགས་པའི་སྐལ་དང་དབང་མེད་པས༔ མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ༔ རྣམ་ཤེས་སེམས་ནི་མི་རྟག་ཚུལ་བསྟན་ཏེ༔ ལས་ཀྱི་དབང་གིས་ཕ་རོལ་ལུས་ཤིག་བླངས༔ ཉོན་མོངས་འཁོར་བའི་སྡུག་བསྔལ་བསྐྱེད་པ་ཡི༔ སྐྱེ་གནས་བཞི་པོར་ལྟུང་བའི་སར་སྐྱེས་ཀྱང་༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ བརྩེ་གདུང་ཡིད་ལ་བཅག་པའི་ཉེ་འབྲེལ་གྱིས༔ དཀོན་མཆོག་གསུམ་ལ་སྐྱབས་གསོལ་མཐུ་རྩལ་དང་༔ སངས་རྒྱས་མཐུ་སྟོབས་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་

p. 6

དང་༔ སྔགས་འཆང་རྩེ་གཅིག་སྒྲུབ་པའི་བྱིན་རླབས་དང་༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཡིས༔ ཡིད་ལུས་སྟོང་གཟུགས་བར་དོའི་རྣམ་ཤེས་ཁྱོད༔ ལས་དང་ཉོན་མོངས་དབང་གིས་གར་འཁྱམས་ཀྱང་༔ དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ དུ་པྲ་སུ་ཏྲི་ཨ་ནཱི་ཡཾ་ཛ༔ བཛྲ་ཨཾ་ཀུ་ཤ་ཛ༔ མ་མ་ཨཾ་ཀུ་ཤ་ཛ་ཛ༔ ཀྱེ་མ་དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ མི་ཡི་ཡུལ་དུ་སྐྱེ་བ་གྲངས་མེད་ཀྱང་༔ ལས་ཀྱིས་འབྲེལ་བའི་འདུག་ས་འདི་ཡིན་པས༔ འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན༔ གསར་བྱང་མིང་བྲིས་འདི་ནི་ངག་གི་རྟེན༔ མེ་ལོང་གསལ་བ་འདི་ནི་སེམས་ཀྱི་རྟེནུ༔ རས་ཕྲུག་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་འབར་བ་འདི་ནི་གཞལ་ཡས་ཁང་༔ ལེབ་ཕྱིང་དཀར་པོ་འདི་ནི་འདུག་པའི་གནས༔ སྦ་སྨྱུག་ལྡེམ་པ་འདི་ནི་འཇུ་བའི་ཤིང་༔ ཐོགས་མེད་འཇའ་ཚོན་འདྲ་བའི་ཡིད་ལུས་ཁྱོད༔ དམིགས་པའི་རྟེན་འཛུགས་འདི་ལ་གནས་པར་གྱིས༔ ཚེ་ལས་འདས་པ་སྒེ་ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཧཱུྃ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བདེན་པའི་མཐུས༔ ཚེ་འདས་ལུས་བརྗེས་

p. 7

རིགས་ཀྱི་བུ་འདི་ཡི༔ ས་དང་ལམ་ལ་བར་དུ་གཅོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་གཤེད་མའི་ཚོགས་རྣམས་ཀུན༔ མཐུ་སྟོབས་བྱིན་རླབས་མཐུ་ཡིས་གཞན་དུ་དེངས༔ ཧཱུྃ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱི༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕགས་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་སུམྦྷཱ་ནི་སོགས། ཞེས་ནས་ལྕག་གིས་བྲབ་བོ༔ དེ་ནས་ལས་བུམ་པ་ཐོགས་ལ་འདི་སྐད་དོ༔ འདི་ནི་ཕ་རོལ་ཕྱིན་བཅུའི་ཆུ༔ དྲི་མ་རྣམ་བཅུ་སྦྱོང་བྱེད་ཅིང་༔ ཕར་ཕྱིན་བཅུ་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཚེ་འདས་ཁྱོད་ཕྱག་འཚལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ན་མ༔སརྦ་ཏ་

p. 8

ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བྱེ་མ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ། རྒྱལ་བ་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་མཆོག་ནི་འདི་དག་གིས༔ ཁྱོད་ཀྱི་དུག་ལྔའི་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ དཀོན་མཆོག་གསུམ་པོ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ བདེན་པའི་བདེན་ཚིག་འདི་དག་གིས༔ ཁྱོད་ལུས་དུག་གིས་མི་ཚུགས་ཤོག༔ གཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་དུག་གསུམ་དུག་ལས་བྱུང་༔ དུག་གསུམ་དུག་ནི་དུག་གིས་མཆོག དྲག་པོའི་དུག་ནི་དུག་བཅོམ་མོ༔ སྔགས་བརྗོད༔ འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོང་ཞིག ཁྱོད་ཀྱི་དུག་ནི་དུག་མེད་ཤོག །

p. 9

དཀོན་མཆོག་གསུམ་གྱིས་དུག་བཅོམ་པས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་དང་༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ སྔགས་བརྗོད༔ དེ་ནས་མདུན་དུ་ཏིལ་གཡས་དང་མེ་ཆུ་གཡོན་དུ་བཤམས་ནས༔ ཚེ་འདས་རྣམ་ཤེས་ཨ་ཡིག་དཀར་པོ་དེ༔ ཧཱུྃ་ཡིག་སྔོ་སྐྱ་ཀྵ་ཡིག་དམར་སྐྱ་ཡི༔ དྲྭ་བས་རུས་པ་ལྤགས་པའི་ཚུལ་དུ་བཏུམ༔ བདག་གི་ཐུགས་ལས་ཧཱུྃ་ཡིག་དཀར་པོ་དང་༔ ཕཊ་ཡིག་དམར་སེར་དཔག་མེད་འཕྲོས་པ་ཡིས༔ ཚྭ་དང་ཀ་ཡིག་དྲྭ་བ་དངོས་མེད་བཤིགས༔ ཏིལ་ལམ་ཡུངས་ཀར་མིང་བྱང་ལ་བསྐོར་ལ༔ མེ་ཆུ་ལ་དོར་ནས་ཨ་ནི་ཀ་ཧཱུྃ་ཕཊ༔ བརྒྱའམ་བདུན་སོགས་བརྗོད༔ དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི༔ བདེན་པ་ཆེན་པོས་ཚེ་འདས་འདི་ཉིད་ཀྱི༔ འཆི་ཁའི་མཚམས་སྦྱོར་གནད་གཅོད་འཇིགས་སྐག་གི བག་ཆགས་ངན་པའི་དྲི་ལྕགས་བྲལ་གྱུར་ཅིག་སོར་མོ་བསྣོལ་ལ་གྲོལ་བའི་ཕྱག་རྒྱ་ཡིས༔ ཨོཾ་བཛྲ་བྷན་ཏྲ་ཐཱ༔ ཨོཾ་བཛྲ་བྷི་ཏྲ་ཋཱ༔ དེ་ནས་ལས་བུམ་གྱི་ཀུ་ཤས་མཚན་བྱང་ལ་གཏོར་ཞིང་༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ དེ་ནས་མར་

p. 10

མེ་ཆུ་ནང་དུ་བླུགས་ལ༔ བྱང་བུ་ལ་ལན་གསུམ་བསྐོར་ཞིང་༔ ཨོཾ་བཛྲ་བྷིད་ཏྲ་ཐཱ༔ ཞེས་ཕྱིར་དོར་རོ༔ དེ་ནས་ཚེ་འདས་ཀྱི་གསོལ་བ་བཏབ་པར་བསམས་ལ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་འཁྱམས་པ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལོ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ལན་གསུམ༔ ཆོས་བཤད་པ་ནི༔ བུ་ཁྱོད་སྐལ་པ་ཤིན་ཏུ་བཟང་གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཞིང་༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་༔ ན་རག་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་དྲོངས༔ དེ་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔་ཚེ་འདས་ཀྱིས་གསོལ་བ་བཏབ་པར་བསམས་ལ༔ ཀྱེ་མ་བདག་འདྲའི་སེམས་ཅན་ལ༔ ཉོན་མོངས་དྲུག་གི་ལས་དབང་གིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེ༔ འཁོར་བའི་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་དྲོངས་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཉོན་མོངས་དྲུག་པོས་ཀུན་ནས་བསླངས་ནས་

p. 11

སུ༔ མི་དགེ་བཅུ་དང་ཁྱད་པར་དུག་ལྔ་ཡིས༔ འགྲོ་བ་རིགས་དྲུག་གནས་སུ་སྐྱེ་སྲིད་ཀྱིས༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ རིགས་དྲུག་ཐུབ་པ་བཅོམ་ལྡན་དྲུག་པོ་བཞུགས༔ ཕར་ཕྱིན་ཆོས་ཐོབ་ཉོན་དྲུག་རྣམ་པར་དག འགྲོ་དྲུག་ཐུབ་པ་སོ་སོའི་ཕྱག་མཚན་ལྡན༔ འགྲོ་དྲུག་སོ་སོའི་སྡུག་བསྔལ་སྦྱང་དུ་གསོལ༔ སྤྲུལ་སྐུ་ཐུབ་དྲུག་ཁྱེད་ལ་སྐྱབས་སུ་མཆི༔ དེ་ནས་ཐུབ་དྲུག་ཕྱག་མཚན་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ རིན་ཆེན་སྒྲོམ་བུ་ལྷུང་བཟེད་དང་༔ ཤེས་རབ་རིག་པའི་པོ་ཏི་དང་༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་དང་༔ པི་ཝཾ་སྙན་པའི་དོན་བྱེད་དང་༔ རིན་ཆེན་པར་བུ་ལྷུང་བཟེད་བསྣམས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འགྲོ་དྲུག་སྡུག་བསྔལ་ལས་གྲོལ་ནས༔ འཁོར་བའི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ པྲ་པ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ སུ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ སུ་སཏཱ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁངྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་

p. 12

ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎི་ཧཱུྃ་ཕཊ༔ བུམ་པ་ཐོགས་ལ༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས། རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ འཁོར་བའི་སྡུག་བསྔལ་བྲལ་བར་ཤོག༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་རཏྣ་སཏཱ་སྭཱ༔ ཨོཾ་པདྨ་སཏྭ་ཨཱཿ ཨོཾ་ཀརྨ་སཏཱ་ཧཱ༔ ཧཱུྃ་བཛྲ་ཨ་བྷི་ཥཉྩ་ཨ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨ༔ སྦ་རཏྟ་ཨ་བྷི་ཥིཉྩ་ཨ༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཨ༔ ཧ་ཀརྨ་ཨ་བྷི་ཥིཉྩ་ཨ༔ ཡར་ལྷ་བཤོས་མཆོད་ཅིང་༔ ཆངས་བུ་ཏིང་ལོ་ལྕོག་རྡོག་བསྔོ་བ་ནི༔་ཧཱུྃ༔ བཅོམ་ལྡན་ཐུབ་པ་དྲུག་པོ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་གཏོར་མ་འབུལ༔ ཚེ་འདས་ལན་ཆགས་སྦྱང་དུ་གསོལ༔ ཨོ་ནེ་ཝི་དྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ༔ གླུད་བྲན་ལ། ཨོཾ་ཨཱཿཧཱུྃ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་རིགས་དྲུག་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་འབྱུང་པོ་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་

p. 13

མ་བྱེད༔ སརྦ་བྷུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱེ་མ་ཐོགས་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཉོན་དྲུག་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། བུམ་པ་ཐོགས་ལ༔ འདི་ནི་ཕྱིན་དྲུག་རང་བཞིན་ཆུ༔ ཉོན་མོངས་དྲུག་པོ་སྦྱང་བྱེད་པའི༔ ཕྱིན་དྲུག་ཆུ་ཡིས་ལེགས་བཀྲུས་པའི༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཧཱུྃ༔ ས་འདི་བཅད་པ་མན་ཆད་ནས༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན༔ སྒྱུ་མ་རྨི་ལམ་ཇི་བཞིན་དུ༔ མི་རྟག་འགྱུར་བའི་ཆོས་ཅན་ཡིན༔ རྟག་པར་གནས་པ་གཅིག་ཀྱང་མེད༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ ཕ་མ་བུ་ཚ་ཉེ་དུ་ཀུན༔ རྨི་ལམ་སྐྱེས་བུ་ཇི་བཞིན་དུ༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ ཁྱོད་ཀྱི་མིང་ནས་འབོད་བྱེད་ཅིང་༔ ཕ་མ་ཉེ་དུ་ང་ཡིན་ཞེས༔ སྨྲེ་སྔགས་འོ་དོད་འབོད་པ་ཀུན༔ ཐར་ལམ་

p. 14

བར་ཆད་གེགས་ཡིན་པས༔ དེ་ལ་མ་ཉན་རིགས་ཀྱི་བུ༔ ཆགས་པར་མ་བྱེད་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་ལམ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལ༔ ཞིང་མཆོག་གཙང་མའི་གནས་མཆོག་ཏུ༔ བདག་གིས་ཁྱོད་ཉིད་འཇུག་པ་ཡིས༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག ཅེས་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཕུང་ལྔ་རྣམ་དག་ཡེ་ཤེས་ལྔ་དང་ལྡན༔ ལོངས་སྐུ་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་ལྔ་རྣམ་དག་ཡེ་ཤེས་བདེ་ཆེན་ངང་༔ དབྱིངས་རིགས་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ ཚོགས་བརྒྱད་གནས་དག་སེམས་དཔའ་ཆེན་པོ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ཉེ་བའི་སྲས་མཆོག་བྱང་སེམས་བཅུ་དྲུག་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ རིགས་དྲུག་དོང་སྤྲུགས་སྤྲུལ་སྐུ་ཐུབ་པ་དྲུག༔ ཚད་མེད་བཞི་ལྡན་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་

p. 15

འཚལ་ལོ༔ དུག་ལྔ་འཇོམས་མཛད་ཁྲག་འཐུང་ཁྲོ་བོ་ལྔ༔ དབྱིངས་ཀྱི་ཡུམ་ཆེན་ཀྲོ་ཏི་ལྔ་དང་སྦྱོར༔ ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ཀོའུ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིང་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི། བཀའ་ཡི་ལས་བྱེད་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི༔ ས་གཞི་སྤོས་སོགས༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་པ་ལས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ དཀྱིལ་འཁོར་ཆེན་པོར་འཇུག་ཏུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་དང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ ཐུན་མོང་དང་ནི་ཁྱད་པར་གྱི༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ཞེས་ཞུས་ནས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ ཚེ་

p. 16

འདས་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པའི་སྡོམ་པ་དང་༔ བླ་མེད་སྨོན་འཇུག་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ གསུམ་བརྗོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ༔ ཉོན་སྒྲིབ་བཞི་པོ་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད༔ ཚད་མེད་སྒོ་མ་གདོང་ཅན་བཞི༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་བཞི་ཕྱེས༔ ཚེ་འདས་དད་པསོ་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ དཀྱིལ་འཁོར་ལ་མེ་ཏོག་གཏོར་བར་བསམས་ལ༔ པྲ་ཏིཙྪ་ཧོ༔ ཀྱེ་པདྨ་དྲི་མེད་ཅེས་བྱ་བའི་དེ་བཞིན་གཤེགས་པའོ༔ མིག་དར་བླངས་ལ༔ ཨོཾ་བཛྲ་ཛྷཱ་ན་ཙཀླུ་པྲ་ཝེ་ཤ་ཡ་ཕཊ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་གསུམ་དད་པ་བསྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཧཱུྃ་ལས་ཚེ་འདས་རྡོ་རྗེ་སེམས་དཔའི་སྐུ༔ དཀར་

p. 17

གསལ་ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིས་རྒྱུན་བབ་ཉམས་ཆག་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། དེ་ནས་དབང་བཞི་རྫོགས་པར་བསྐུར་གསུངས་པས། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ་ཨཱཿ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་

p. 18

མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་ཐོབ་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁངྒ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ རིག་པའི་དབང་ལྔ་ནི༔ ཞེ་སྡང་མེ་བསད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་ཕྲག་དོག་ཞེན་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ བུ་ཁྱོད་རྣམས་ལ་བསྐུར་བར་བྱ༔ ཧཱུྃ་བཛྲ་ཨ་དྷར་ཤ་ཛྙཱ་ན་ས་མ་ཡ་ཨ་བྷི་ཥིཉྩ་མཱི༔ སཱ་རཏྟ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ ཨོཾ་པདྨ་པྲཛྙཱ་ཨ་བྷི་ཥིཉྩམཾ༔ ཧཱ་ཏིཥྛ་ཨ་ནུ་ཏེ་ཛྷཱ་ན་སཱ་ཏེ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱ༔ ཨོཾ་ཏྲི་ཙི་ཏྲ་མ་ཏི་ཨ་མི་ཛྷཱ་ན་བཛྲ་ཨ་བྷི་ཌིཉྩ་མཱི༔ ད་ལྷ་དབང་བསྐུར་བ་ནི༔ རྡོར་སེམས་ཀྱི་ཙཀླུ་ཐོགས་ལ༔ ཧཱུྃ༔ རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་དམ་པ་རིགས་བརྒྱ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཞི་ཁྲོའི་ལྷ་དབང་ཡོངས་རྫོགས་ནས༔ ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ སརྦ་ཤིནྟཾ་ཀྲོ་ཏ་ཨོཾ་ཨཱཿཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལ་

p. 19

ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ལ་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པར་ཤོག༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོདྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཤེར་དབང་རིག་མའི་བརྟུལ་ཞུགས་སྦྱིན་པ་ནི༔ ཧཱུྃ༔ ཁྱེད་རྣམས་རྟ་ཕག་ཡབ་ཡུམ་བསྒོམ༔ དབབ་བཟུང་འདྲེན་བཀྲམ་ཚད་སྦྱོར་ལ༔ དགའ་བ་བཞི་ཡི་ངོ་བོ་ཟུངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲཛྙཱ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ ཚིག་དབང་བཞི་པའི་དོན་ངོ་སྤྲད་པ་ནི༔ ཤེལ་དང་མེ་ལོང་ཐོགས་ལ་ཧཱུྃ༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱུར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏེད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་ཚིག་དབང་ཐོབ་པར་ཤོག དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་མཱི༔ རྒྱལ་སྲིད་སྣ་བདུན་གྱི་ཙཀླུ་ཐོགས་ལ༔ ཧོ༔ ཚེ་འདས་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་ལྡན་ནས་ཀྱང་༔ གཞན་དོན་དཔག་མེད་འགྲུབ་པར་ཤོག༔ ཨོ་ཌ་བེ་རིཏྟ་ཨ་བྷི་ཥིཉྩ་མཱི༔ བཀྲ་ཤིས་རྟགས་བརྒྱད་

p. 20

དབང་བསྐུར་བ་ནི༔ འབུར་དོད་དམ་རིས་སུ་བྲིས་པ་ཐོགས་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོབ་ནས་ཀྱང་༔ རྒྱལ་འབངས་མངའ་འོག་ཚུད་པ་ལྟར༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ནས༔ གཞན་དོན་དཔག་མེད་དབང་ཐོབ་ཤོག༔ ཨ་མངྒ་ལཾ་ཨ་བྷི་ཊིཉྩ་ཧཱུྃ༔་ཞེས་དབང་བསྐུར་རོ༔ ༈ ཟས་བསྔོ་བ་ནི༔ འདོད་ཡོན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ནས༔ ཨོཾ་ཨཱཿཧཱུྃ༔ མུན་པར་ལྟུང་བའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབས་པར་ཤོག༔ ཡེ་ཤེས་ལྔ་ཡི་ངང་ནས་སྐུ་སྤྲུལ་པ༔ རྒྱལ་སྲས་སེམས་དཔའ་ལྔ་ཡི་ཐུགས་རྗེ་ཡིས༔ ཚེ་འདས་ཕུང་པོ་ལྔ་ཡི་ནད་བསལ་ནས༔ དབང་པོའི་ནད་བསལ་འདོད་ཡོན་ལྔ་སྤྱོད་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱབས༔ རྒྱས་སྲས་སེམས་དཔའི་རྣམ་པ་ལྔ༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཞེས་སེམས་དཔའ་ལྔའི་སྐུ་བསྟན་ལ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔་ཡང་དགོ་ངེས་པའི་ལུང་འདི་ཉོན༔ ཉེ་རིང་

p. 21

བརྩེ་བ་ཐམས་ཅད་ཀྱིས༔ རོ་མཆོག་ལྡན་པའི་ཟས་མང་བཤམས༔ གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུང་༔་་ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་ཟད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ལ་མི་འཕྲེང་ངོ་༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་གནས་སུ་གཤེགས༔ འཁོར་བ་འདི་ན་སྡུག་བསྔལ་ཆེ༔ བྱས་པས་མི་ཟིན་ལས་ཡོད་པས༔ འཁོར་བ་འདི་རུ་མ་གནས་པར༔ རང་གི་ཆོས་ཉིད་འདི་རིག་པས༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོང་པ་ཆེན་པོ་ཡུལ་རེ་ཡངས༔ འཁོར་བ་རིགས་དྲུག་གཅོང་རོང་ཆེ༔ པདྨ་བཀོད་པའི་ཞིང་ཁམས་ན༔ ཆོས་ཉིད་འོད་གསལ་ལྷན་རེ་འཐུག སེམས་དཔའ་སེམས་མ་གྲོགས་རེ་བཟང་༔ དེ་བས་ཚེ་ལས་འདས་པ་ཁྱོད༔ ཟས་འདི་ལོངས་ལ་བདེ་བར་གཤེགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ལཾ་བྷ་ཏཿ བྷ་དུ་ཡ་ཡ༔ ཨ་ལི་ཨུ་ལི་ཏ་ལི་ཏ་ལི་ཨརྒྱུ་པྲ་ཏིཙྪ་ཧོ༔ མར་མེ་གསལ་བ་གཅིག་བསྟན་ལ། ཧཱུྃ༔ ཏིང་འཛིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་

p. 22

བ་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག ཐར་པའི་ཞིང་དུ་འགྲོ་བ་ལ༔ གལ་ཏེ་མུན་པ་འཐིབས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག གལ་ཏེ་མ་ཤེས་འཁྲུལ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་དག་པའི་ལམ་སྟོར་ན༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ ཡེ་ཤེས་འདི་ཡིས་རྙེད་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ འདི་ནས་ཕྱོགས་བཞི་དབུས་ལྔ་ན༔ བདེ་བ་ཅན་སོགས་ཞིང་ཁམས་ལ༔ ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ལྔ་སྟེ༔ འབྱུང་ལྔའི་སྙིང་པོ་ཡིག་འབྲུ་ལྔ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེ་རུ་

p. 23

སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་དབྱེར་མེད་ཤོག འདི་ནས་ཕྱོགས་བཞི་དབུས་ལྔ་ན༔ བདེ་བ་ཅན་སོགས་ཞིང་ཁམས་ལྔ༔ རྫོགས་པའི་སངས་རྒྱས་རིགས་མཆོག་ལྔ༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེ་རུ་སྐྱེ་བར་གསུངས༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་ཉིད་བྱང་ཆུབ་གནས་སུ་དྲོངས༔ ལམ་ལྔ་ས་བཅུ་མཐར་ཕྱིན་ནས༔ རྫོགས་པའི་སངས་རྒྱས་ལྷུན་གྱིས་གྲུབ༔ ཐམས་ཅད་མཁྱེན་པའི་དོན་རྟོགས་ནས༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཤོག༔ མར་མེ་ཐོགས་ལ༔ ཨ༔ ཀོང་བུ་རིན་ཆེན་གཞལ་ཡས་ཁང་། མར་ཁུ་པདྨ་ཟླ་བའི་སྟེང་༔ སྡོང་བུ་བཅོམ་ལྡན་རྡོ་རྗེ་སེམས༔ སྐུ་ལ་ཞི་ཁྲོའི་ལྷ་ཚོགས་རྫོགས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ༔ སྐུ་ལས་ཡེ་ཤེས་མེ་འབར་བས༔ ཚེ་འདས་ལས་ཉོན་སྒྲིབ་པ་བསྲེག༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ ཀུན་གཞིའི་རྣམ་ཤེས་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་རོ༔ དུག་

p. 24

ལྔའི་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་རོ༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་རོ༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔས་མེ་སྦར་རོ༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡིས་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཨོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་དང་ཀཾ་ཀ་ནི་སོགས་བརྗོད་ཀྱང་རུང་། ཞེས་མིང་བྱང་བསྲེག༔ དེ་ནས་མདའ་གཞུའི་ཕྱག་རྒྱ་བྱས་ལ༔ ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་གནས་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ ཡུམ་ཆེན་ལྷ་མོ་ན་བཟའ་དཀར་མོ་ཡོད༔ གཡས་

p. 25

སུ་སེམས་དཔའ་སྤྱན་རས་གཟིགས་དབང་ཡོད༔ གཡོན་དུ་སེམས་དཔའ་འཇམ་དཔལ་གཞོན་ནུ་ཡོད༔ མདུན་དུ་སེམས་མ་གཱིརྟི་དམར་མོ་ཡོད་རྒྱབ་ཏུ་སེམས༔ མ་དྷི་པོ་དམར་མོ་ཡོད་པདྨ་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ བདེ་སྐྱིད་ངོ་མཚར་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་བདེ་བ་ཅན་གྱི་ཞིང་ཞེས་བྱ༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཨ་དམར་པོར་གྱུར་ཏེ་མདའ་འཕངས་བ་བཞིན་དུ་སྣང་བ་མཐའ་ཡས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ༔ སངས་རྒྱས་པར་གྱུར་ཅིག༔ བྱང་ཐལ་ཚ་ཚ་བྱ༔ བསྔོ་བ་དང་རྗེས་ཆོག་ལས་བྱང་ལྟར་བྱའོ༔ ཞེས་པ་འདི་ཉིད་སམྦྷོ་ཀའི་ཐུགས་དམ་བྱ་ཕྱིར་གསོལ་བ་བཏབ་ཅིང་བཀའ་ཡི་གནང་བ་ཅུང་ཟད་ཐོབ་ཕྱིར། རཱ་ག་ཨ་སྱས་བསྡུས་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག༔ སརྦ་མངྒ་ལཾ།

p. 26

༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཞི་ཁྲོའི་སྒོ་ནས་ཕུང་པོ་བསྲེག་སྦྱང་བྱ་བའི་ལག་ལེན།

p. 27

ཞི་ཁྲོའི་སྒོ་ནས་ཕུང་པོ་བསྲེག་སྦྱང་བྱ་བའི་ལག་ལེན་བཞུགས་སོ། །

p. 28

རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འདིར་ཞི་ཁྲོའི་སྒོ་ནས་ཕུང་པོ་བསྲེག་སྦྱོང་བྱེད་པའི་ཕྱག་ལེན་གཞུང་ནས་ཁོལ་དུ་ཕྱུངས་བ་ལ། ཞི་ཁྲོའི་དཀྱིལ་འཁོར་མཆོད་པ་རྣམས་འཛོམས་པར་བྱས་ལ་ལས་བྱང་མང་ཉུང་གང་རུང་གིས་བདག་མདུན་བུམ་པ་རྣམས་དུས་གཅིག་ལ་བསྐྱེད་ནས་གནས་ཁང་དེའི་ཤར་ལྷོ་ལྷོ་ནུབ་སོགས་མ་ཡིན་པའི་བྱང་ཤར་ཡིན་ན་བཟང་བས། གནས་དེ་ས་རྒོད་ཡིན་ན་རྡོ་ལེབ་བཀོད། ས་དེ་བརྐོས་ན་ཡག་ཉེས་ཆེ་བས་མི་བརྐོ་བར་གཞན་ནས་བྱེ་ཁམ་འཇམ་པོ་དེར་བླུགས་ལ་དབྱིབས་གྲུ་བཞི་དབུས་ཅུང་ཟད་མཐོ་ཞིང་ཤར་དང་བྱང་ཅུང་ཟད་དམའ་བ། འབུར་གཤོང་མེད་ཅིང་ཤིན་ཏུ་འཇམ་པ་ལ་ཐལ་བའམ། སོལ་ཕྱེ་བྱུགས་ནས་ཡང་ཕྱིས་ནས་གཙང་བར་བྱའོ། །དེའི་དབུས་སུ་མཉྫིའི་ཁར་སྟོན་པའི་སྐུ་ཞིག་

p. 29

བཞག །དེའི་འོག་གི་མདུན་དུ་མཎྜལ་ལམ་མེ་ལོང་གི་སྟེང་དུ་ནས་ཀྱི་ཚོམ་བུ་གཅིག་གམ་ལྔ་ཚོམ་བཀོད། དེའི་མཐར་མདུན་ནས་གཡས་བསྐོར་དུ་མཆོད་པ་སྣ་བདུན་བསྐོར་བཤམས་བྱས་ལ། རང་ལྔ་སེར་དང་གདོང་མ་ཐུག་རྡོར་དྲིལ་དང་བཅས་པས་གདན་ལ་འཁོད་ནས། ས་སློང་ཆོ་ག་གཞུང་བཞིན་རྒྱས་པར་བཏང་། ཚོམ་བུ་ཅུང་ཟད་དལ་གྱི་དབུས་སུ་ཁུང་བྲུས་པར་སྦའོ། །དེ་ནས་དེ་རྣམས་བསལ་བ་ལ་ཐིག་སྐུད་རྡུལ་ཚོན་བཤམས་ལ་བྱིན་རླབས་དང་ཐིག་ཆེན་བརྒྱད་ལ་སོགས་རྒྱས་པར་སྒོ་རྫོགས་དང་འབྲིང་པོར་དཔེ་རིས་ལྟར་གང་འགྲུབ་གདབ་ལ་ལས་བྱང་ཉུང་བ་ནས་ལྷ་བཀོད་གཞུང་ལྟར་ཚོན་རང་མདོག་སྤུང་། དཀྱིལ་འཁོར་ཞལ་ཁེབས་བྱས་ལ་སྒྱེད་པུ་སོགས་དང་ཤིང་བརྩེགས་རྣམས་ཚང་བར་གཞུང་ལྟར་བྱ། ཡམ་ཤི་ང་ནི་ཞི་བ་ལ་བ་ལུ་གླང་

p. 30

མ་ལྕང་མ་མངར་སི་ལ་སོགས་མེ་ཏོག་དང་ཤུན་པ་དཀར་ཞིང་རོ་མངར་བ་གང་རུང་སྟེ་སློབ་དཔོན་གྱིས་མཐེའུ་ཆུང་ཚད་ཙམ་སོར་བཅུ་གཉིས་པདྨ་འདབ་བརྒྱད་དོད་པར་བྱས་ལ་མར་ཁུའམ་འོ་མས་སྦག་པར་བྱའོ། །གཏོར་མ་རིན་ཆེན་འབར་བ་གཉིས་དང་ལྷ་བཤོས་ཆུང་ངུ་མང་པོ་ཟན་ཀོང་མར་མེ་ལྷ་བཤོས་གྲངས་དང་། གཞན་ཡང་མར་ཁུ་བསྲེག་རྫས་རྣམས་གཡས་གཞི་དཀར་པོར་བཤམས། གཡོན་གཞི་ལ་རིན་ཆེན་འབར་བ་གཉིས་བུམ་པ་སྨན་རཀ་རྣམས་འཛོམས་པར་བྱས་ལ་བཤམས། མདུན་དུ་དགང་གཟར་ཁ་སྦྱར་ལ་བཞག །མེ་དར་དཀར་པོ་རླུང་གཡབ་ཡོད་ན་བཤམས། རྡོར་དྲིལ་ཌ་མ་རུ་སོགས་རོལ་མོ་རྣམས་ཚོགས་པར་བསགས་ལ་བཞག །རྗེས་འགོད་པའི་གོ་རིམ་ནི། ཡམ་ཤིང་། མར་ཁུ། ཏིལ། ཡུངས་ཀར། ཟས་མཆོག །ཞོའོ། དུར་ཝ། ནས། གྲོ། སོ་བ། སྲན་མ། འབྲས། ཀུ་ཤ། བིལ་བ་སྟན་སོགས་ཤིང་ཐོག་སྣ་ཚོགས། དཀར་གསུམ་མངར་གསུམ། མེ་ཏོག །སོ་རྩི། སྨན་སྣ། དར་ཟབ། མ་འཐུས་པ་དེ་རྣམས་ཐམས་ཅད་གང་འཛོམས་གཡས་གཞི་ལ་བཀོད། དེ་ནས་བཤམས་པའི་གདན་རྒྱན་དང་བཅས་འདུག་ལ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་དང་ཨ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་མཚན་ཉིད་དང་ལྡན་པ། རང་གི་ལག་མཐིལ་གཡས་སུ་ཟླ་བ་དང་། གཡོན་དུ་ཉི་མའི་གདན་ལ་

p. 31

འཁོད་པར་གྱུར། ཅེས་རྡོར་དྲིལ་བླངས། ཨོཾ་བཛྲ་སཏྭ་ཧཱུཾ། རྡོ་རྗེ་གསོར་ནས་ཐུགས་ཀར་བཟུང་། ཚྭ་དྷ་ཏུ་ཤྭ་རི་ཧཱུཾ། དྲིལ་བུ་ཁྲོལ་ཞིང་དཀུར་བརྟེན་ནས། དེ་ནས་སྔོན་འགྲོ་དཀར་བགེགས་གཉིས་འདིར་ཕུལ་ལ་ལས་བྱང་གི་མཚམས་གཅོད་དང་སྲུང་འཁོར་འདོན། ནས་ལྕགས་ཀྱིས་མཆོད་པ་རྣམས་བྲབ། དེ་ནས་ལས་བྱང་ནང་མཆོད་པ་བྱིན་རླབས་བྱ། བསྲེག་རྫས་ལ། ཨོཾ་ཨཱཿཧཱུཾ། ཨོ་ཥཱ་ཋ་ཌུ་ཥཱ་ཋ་ཐ། དགང་བླུགས་ཁ་སྦྱར་རྫས་རྣམས་ལ་རེག་ཅིང་། ཨོཾ་ཨཱཿསྭཱ་ཧཱ། ༀ་ཤྲཱི་སྭཱ་ཧཱ། ཨོ་ཨཱཿསཱ་ཧཱ། ཨོཾ་ཛི་སྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས། དེ་ནས་ཀུ་ཤ་ཆུན་པོ་ལས་བུམ་དཔལ་འབར་ལྔའམ་གསུམ་རླུང་གཡབ་རྣམས་སྣོད་གཅིག་ཏུ་བཞག་ལ་མཆོད་གཡོག་པས་བཟུང་། རང་རྒྱན་བཅས་སྤུར་ཁང་སྒོར་འགྲོའོ། །དེ་ནས་ཀུ་ཤ་ལས་བུམ་ཆུས་བྲན་ནས། ཨོཾ་སྭ་བྷ་ཝ་སོགས། །སྟོང་པའི་ངང་ལས་ཨོཾ་ལས་ཀུ་ཤ་གསར་པ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ། ཧ་ཅང་མི་རིང་ཞིང་མི་ཐུང་བ་དག་པར་བྱེད་ཅིང་བསྲུང་བའི་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་བཛྲ་སཏྭ་ཨཱཿ ཞེས་པད་ཀོར་དང་བཅས་གཉིས་རེ་བླངས་ལ། ཨོ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ།

p. 32

ས་ལ་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཆེན་པོ་གཉིས་ཐབ་ཀྱི་སྟེང་དུ་རྩེ་ཤར་དུ་བསྟན་ལ་བཞག །གཞན་རྣམས་གཡས་བསྐོར་དུ་སྔ་མའི་རྩ་བ་ཕྱི་མའི་རྩེ་མོས་ནོན་པར་ཆུན་པོ་བརྒྱད་བཀོད། དེ་ནས་ལས་བུམ་ཆུས་ཐབ་དེ་བྲན་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་དབུས་སུ་པདྨ་དང་ར་སྐྱེས་ཀྱི་གདན་ལ་རཾ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། གཡས་གཉིས་དབྱུག་པ་དང་མི་འཇིགས་པའི་ཕྱག་རྒྱ། གཡོན་གཉིས་ཕྲེང་བ་དང་རིལ་བ་འཛིན་པ། མེ་ལྕེ་སྟོང་གིས་དཀྲིས་ཤིང་འོད་འབར་བའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་རཾ་གྱིས་མཚན་པར་གྱུར། དེ་ནས་རས་འདི་ཀུ་ཤས་བསངས་ལ། སྟོང་པའི་ངང་ལས་རས་འདི་ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿ རྣམས་ལས་བྱུང་བའི་རྒྱལ་བ་རིགས་ལྔའི་ངོ་བོ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར་བར་གྱུར། སྐབས་འདིར་ཞི་ཁྲོའི་བྱང་བུའི་མེ་སྦར་གྱེར་ཏེ་གང་ཟག་མཆོག་ལ། དཔལ་ལྡན་བླ་མ་དགོངས་སུ་གསོལ། སྦྱར་རོ། །ཧཱུཾ། ཤར་གྱི་ཕྱོགས་ནས་མེ་ལེན་མ། །སྐུ་མདོག་དཀར་མོ་

p. 33

རྡོ་རྗེའི་རིགས། །དྲི་ཟའི་ཡུལ་ནས་མེ་ལོངས་ལ། །ཞི་བའི་མེ་ནི་འབར་བར་མཛོད། །ཨོཾ་ཛྭ་ལ་ཛཱ་ལ་ཧཱུཾ། ཤར་ལྷོ་ནས་མེ་སྦར། ཤར་ལྷོ་མཚམས་ནས་ཤིང་ཐུ་མ། །མེ་ལྷའི་ཡུལ་ནས་ཤིང་ཐུས་ལ། །ཞི་བའི་མེ་ནི་འབར་བར་མཛོད། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིག །ལག་གཡས་བུད་ཤིང་དང་གཡོན་རླུང་གཡབ་ཀྱིས་གཡབ་པས། ཨོཾ་ཨཱཿཧཱུཾ། དེ་ནས་མེ་དར་ཐོགས་ལ། ཧཱུྃ། ཡེ་ཤེས་ལྔ་ཡི་མེ་དཔུང་འབར་བ་འདི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་བར། །མེ་ལྕེ་ཤར་དུ་མ་འཕྲོ་ཞིག །མེ་ལྕེ་ཤར་དུ་འཕྲོས་གྱུར་ན། །ཞི་བའི་ཕྲིན་ལས་མི་འགྲུབ་པས། །དེ་ཕྱིར་ཤར་དུ་མ་འཕྲོ་ཞིག །ཨོཾ་ཨཱཿཧཱུཾ། དེ་ནས་མེ་དར་གཡབ་བོ། །མེ་ལྷ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཐབ་ཏུ་གནས་པའི་མེ་ལྷ་དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཤར་ལྷོ་ན་གནས་པའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཧཱུཾ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབས་

p. 34

པས། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འབར་བའི་གནས་འདིར་བཞུགས་སུ་གསོལ། །ཨོཾ་ཨགི་དེ་ཝ་ས་མ་ཡ་ཏིཥྛ་ལྷན། ཐབ་ཀྱི་ཤར་ལྷོའི་ཁ་ཁྱེར་ཀུ་ཤའི་གདན་ལ་མེ་ལྷ་ཡེ་ཤེས་པ་འཁོར་དང་བཅས་པ་འཁོད་པར་གྱུར། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨརྒྱུ་པྲ་ཏིཙྪ་སྭཱ་ཧཱ། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་པཱཧཱུྃ་པྲ་ཏིཙྪ་སྭཱ་ཧཱ། ཧཱུཾ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ཧ་ན་ས་མ་ཡ་ཧཱུྃ་ཕཊ། མེ་ལྷ་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་གྱུར། ཛཧཱུྃ་བཾ་ཧོ༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རིགས་ལྔ་སྤྱན་དྲངས། དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་གྱུར། ཨོཾ་ཨག་ཡེ་ས་པ་རི་ཝཱ་ར་པུཔྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོ། གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམས་པའི་བྱིན་ཅན་ལས་ལ་བརྩོན། །བསྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་

p. 35

ལྟར་འདོད་པའི་དོན་སྒྲུབ་པའི། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །དགང་བླུགས་ཀྱི་ཁར་ཧཱུྃ་དང་མེ་ལྷའི་ཞལ་ཅུང་ཟད་གདངས་བའི་ལྗགས་ལ་རཾ་ཡིག་གིས་མཚན་པས་བསྲེག་རྫས་རྣམས་བདུད་རྩིར་བཞེས་པར་གྱུར། བྱོན་སྐྱེམས་འབུལ་བ་ནི། བླུགས་གཟར་གྱིས་དགང་གཟར་དུ་མར་ཁུ་བདུན་བླུགས་ཤིང་། ཨོཾ་ཨག་ཡེ་སྭཱ་ཧཱ། ཞེས་བདུན་བརྗོད་ལ་གཡས་བསྐོར་གསུམ་བྱ་ཞིང་། ཨོཾ་ཨག་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ནཱ་ཡ་ཨཱཿདི་བྱ་སྭཱ་ཧཱ། ཞེས་མར་ཁུ་དེ་ཐབ་ཏུ་འབུལ་བ་དེ་འདྲ་ལན་གསུམ་བྱ། དེ་ནས་ཐབ་ཁར་ལན་གསུམ་རོལ་མོ་བྱེད་ཅིང་བསྐོར། དེ་ནས་ཡར་མཆོད་གཞི་རྩར་འདུག་ལ། བསྲེག་རྫས་རྣམས་སྐྱོགས་དང་གཞོང་པ་རྣམས་སུ་མཆོད་གཡོག་པ་ལ་བསྐུར་བར་བྱ་བ་ཡིན་ནོ། །མེ་ལྷའི་ཐུགས་ཀའི་འོད་ཟེར་གྱིས་ཚེ་འདས་བཀུག་ནས་དེའི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་འོད་ཟེར་གྱིས་དྲངས་ནས་བསྲེག་རྫས་ལ་བསྟིམ་སྟེ་གསོལ་བར་གྱུར། བསྲེག་རྫས་དང་ཤ་ཁྲག་དབྱེར་མེད་བདུད་རྩིར་གྱུར་པ་དཀྱིལ་འཁོར་གྱི་ལྷ་ལ་འབུལ། ཨོཾ་ཨག་ཡེ་ས་པ་རི་ཝཱ་ར་རྫས་སྔགས་སོ་སོའི་མགོར་སྦྱར་ལ། ཡམ་ཤིང་། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ་ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་

p. 36

ཡེ་སྭཱ་ཧཱ། མར་ཁུ་ལ། ་ཨོ་ཨགྷ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཡུངས་ཀར་ལ། ཨོཾ་སརྦ་ཨརྦ་སིདྡྷི་སྭཱ་ཧཱ། ཚེ་ལས་འདས་པའི་བར་དོའི་འཇིགས་སྐྲག་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཟས་མཆོག་ལ། ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭ་ཧཱ། ཡང་སྔགས་དེ་ཉིད་ཀྱི་ཞོ་དང་འོ་མ་འབུལ་ཏེ། ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། ཚེ་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། དུར་ཝ་ལ། ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ཚེ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པ་དག་པའི་ཞིང་ཁམས་བགྲོད་པ་ལ་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་

p. 37

ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གྲོ་ལ། ཨོཾ་བཛྲ་གྷསྨ་རཱི་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སོ་བ་ལ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ་ལ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པ་སྐྱེ་བ་གཞན་དུ་སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། འབྲས་ལ། ཨོཾ་བཛྲ་པུཥྛ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བིལ་བ། སྟརྒ། ཛཱ་ཏི་ཕ་ལ། ཤིང་ཐོག་རིགས་གང་རྙེད་ལ། ཨོཾ་ཤྲཱི་ཝ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནི་ཀུ་རུ་ཡེ་སྭཱ་ཧཱ། དཀར་གསུམ། མངར་གསུམ་

p. 38

ལ། ཨོཾ་བཛྲ་མཱ་ལེ་པུཏྟ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། མེ་ཏོག་ལ། ཨོཾ་བཛྲ་པུལླེ་སཱ་ཧཱ་ཚེ་ལས་འདས་པའི་སྐྱེ་བོ་གཞན་དུ་ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནི་ཀུ་རུ་ཡེ་སྭཱ་ཧཱ། དྲི་བཟང་སོ་རྩི་ཇ་སོགས་བཏུང་བའི་རིགས་ལ་། ཨོཾ་བཛྲ་ཏཾ་བུ་ལ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་བཀྲ་ཤིས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤནི་ཀུ་རུ་ཡེ་སྭཱ་ཧཱ། སྨན་སྣ་ཚོགས་ལ། ཨོཾ་ཨོ་ཥ་དྷིསྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དར་ཟབ་གོས་སྣམ་དུ་མ་ཕུལ་ལ། ཨོཾ་བཛྲ་ཝསྟ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་རྒྱན་དང་གོས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འདིར་མ་འཐུས་པ་རྣམས། ཨོཾ་ཨཱཿཧཱུྃ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པས་འབུལ། དེ་ལྟར་མེ་ལྷ་ལ་གསུམ་བདུན་སོགས་གང་རིགས་ཕུལ་ལོ། །འཇིག་རྟེན་ཁམས་ནི་དཔག་མེད་ན། །

p. 39

མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨགྷཾ་པྲ་ཏིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞབས་བསིལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་པཱརྱ་པྲ་ཏིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་པུཤྲཱི་པྲ་ཏིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་དྷ་པེ་པྲ་ཏིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྤ་ར་ཎ་

p. 40

ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨཱཿལོ་ཀེ་པྲ་ཏིཙྪ་པུཙྪམེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ནེ་ཝི་ཏྱ་པྲ་ཏིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན་། །རོལ་མོ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་

p. 41

པ་རི་ཝཱ་ར་ཤབྡ་པྲ་ཏིཙྪ་པུཙྩ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་འབུལ་ཞིང་རོལ་མོ་བྱའོ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་མངོན་པར་འདུད། །ཞི་བའི་ཕྲིན་ལས་སྒྲུབ་པ་དང་། །དངོས་གྲུབ་མ་ལུས་སྩོལ་བར་མཛོད། །མེ་ལྷ་ཁྱོད་ཉིད་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་ལ་སྦྱིན་སྲེག་གི་མཆོད་པ་འདི་རྣམས་བཅོམ་ལྡན་འདས་ཞི་ཁྲོ་དམ་པ་རིགས་བརྒྱའི་ཞལ་དུ་སྟོབ་པའི་ཕྲིན་ལས་མཛོད་ཅིག །ཐུགས་ཀ་ནས་མེ་ལྷ་ཡིད་ལས་སྐྱེས་རང་འདྲ་བ་ཅིག་བྱོན་ནས་དཀྱིལ་འཁོར་ལྷ་ལ་མཆོད་པའི་ཕྱག་ཚང་བྱེད་པར་གྱུར། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ། །རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ ཅེས་པ་ནས་ལས་བྱང་ཉུང་བའི་ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ཕྱི་ནང་གསང་མཆོད་བཅས་བྱས་ལ། སྐབས་འདིར་ཞི་ཁྲོའི་བྱང་བུ་ནང་གི་ཕུང་པོ་ཡོན་འབུལ་འདོན། དེ་ནས་གཙོ་བོ་ཡབ་ཡུམ་གཉིས་ལ་ཉེར་གཅིག་འབུལ། རིགས་ལྔ་ཡབ་ཡུམ་ཐུབ་པ་དྲུག །སེམས་དཔའ་ཡབ་ཡུམ་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་སོགས་ཞི་བ་བཞི་བཅུ་རྩ་གཉིས་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་

p. 42

དྷ་ཏུ་ཨཱཿ ཨོཾ་བོ་དྷི་ཀཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་གོང་གི་མེ་ལྷའི་སྔགས་མ་གཏོགས་པ་གོང་ལྟར་བརྒྱ་རེའམ་སྐབས་དང་བསྟུན་ལ་ན་བཟའ་བར་ཕུལ་ལ་བར་བར་དུ་མཆོད་པ་རྣམ་ལྔ་འབུལ་ལ་རོལ་མོ་བྱའོ། །དེ་ནས་ཕྱག་རབ་ནང་གི་ཞི་བ་བཞི་བཅུའི་བསྟོད་པ་བྱ། ༈ ཡང་། ཨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཨོ་བྷྱོ་དྷི་བྲིཀཱ་ཡ་སྭཱ་ཧཱ། ཞེས་གོང་ལྟར་བསྲེག་རྫས་རྣམས་བརྒྱ་རྩའམ་ཉེར་གཅིག་གོང་ལྟར་ཕུལ་ལ་བར་བར་དུ་མཆོད་པ་རྣམ་ལྔ་ཕུལ་ལ་རོལ་མོ་བྱས་ལ། ཡང་ཕྱག་རབ་ནང་གི་ཁྲག་འཐུང་ལྔ་བཅུའི་བསྟོད་པ་ཐམས་ཅད་ཚང་བར་བྱའོ། །དེ་ནས་ལས་བྱང་བསྡུས་པས་སྨན་རཀ་གཏོར་གསུམ་འབུལ། དེ་ནས་མེ་ལྷ་ཡེ་ཤེས་པ་ལ་གཏོར་མ་རིན་ཆེན་འབར་བ་གཅིག་དེ་མར་ཁུས་བྲན་ནས་བཟུང་བཅོལ་ལ། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་མི་ཤྭ་མུ་ཁེ་བྷྱསརྦ་ཏངྑཾ་ཨུཏྤ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ཎ་ཁཾ་གིཉྩེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་པས་ཕུལ། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་

p. 43

རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕུད་ཐབ་ཏུ་འབུལ། དེ་ནས་ཚོགས་བྱས་ཚོགས་ཕུད་ཐབ་ཏུ་འབུལ། བསྒྲལ་ལས་ཀྱང་ཐབ་ཏུ་འབུལ། ལྷག་མ་ཐབ་འགྲམ་དུ་ཕུལ། །ཆད་མདོ་བརྟན་སྐྱོང་འགྲམ་ཟུར་དུ་ཕུལ་ལོ། །དེ་ནས་རུས་དུམ་བླངས་ལ་བྱང་བུ་ནང་གི་བུམ་དབང་དེ་བྱ། ཟས་བསྔོ་ལམ་བསྟན་བྱས་ལ། དེ་ནས་ལྷ་ཐམས་ཅད་སྤྱི་དྲིལ་ལ་བསྲེག་རྫས་གསུམ་རེ་འབུལ་བ་ལ་ལས་བྱཔ་ཉུང་བའི་མཇུག་གི་བསྟོད་པ་བྱས་ནས་བཀྲ་ཤིས་སོགས་རྗེས་ཀྱི་བྱ་བ་རྣམས་བྱའོ། །༈ དེ་ནས་མེ་ལྷ་ལ་བསྲེག་རྫས་ལྷག་མ་ཐམས་ཅད་གོང་ལྟར་འབུལ། གཏོར་མ་རིན་ཆེན་འབར་བ་མར་ཁུས་བྲན་ལ་བཟུང་ནས། ཨོཾ་ཨ་ཀཱ་རོ་སོགས་གསུམ། ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས། ཡིད་ལ་འདོད་

p. 44

པ་ཀུན་འགྲུབ་མཛོད། །ཨགྷཾ་སོགས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀིས་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག་། འཛིན་བྱེད་མེ་ལྷ་ཉིད་ལ་མངོན་པར་འདུད། །ཨོཾ་མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །དེ་ཀུན་དྲང་སྲོང་བཟོད་པར་གསོལ། །ཨོཾ་བཛྲ་སཏཱ་ས་མ་ཡ༔ སཏཱ་ཨཱཿ ཨོ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་བཞིན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འགྲོ་བའི་དོན་ལ་འབྱོན། །ཨོ་ཨཧྥེ་དེ་ཝ་བཛྲ་མུ༔ གཤེགས་གསོལ་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་གང་ཤེས་རྒྱས་པར་བྱའོ། །གོང་གི་ཆོས་སྐྱོང་གཏོར་མ་མཆོད་བསྟོད་སོགས་འདི་ཞི་ཁྲོ་ལ་མ་ཐོན་ཀྱང་མི་དགོས། ཁྲོ་བོ་མང་པོ་ཡོད་པས་འདིས་ཆོག་པ་ཡིན་ནོ། ༈ ། དེ་ནས་རུས་བུ་བསྡུ་བ་ནི། ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ཧཱུྃ་བཾ་ཧོ༔ ཞེས་རུས་པ་དང་ཐལ་བ་བསྡུས་ལ་སྣོད་གཙང་མའི་ནང་དུ་བླུགས་ལ། རུས་པ་ལ་ཕྱིར་ལྡོག་ཁྲུས་གསོལ་བྱས་ལ་ཞིབ་པར་བཏུལ་ཞིང་ཆུ་དང་སྦྱར་ལ་སྦྲུས་པའི་འཇིམ་པས་རྩ་རིག་དང་ཡིག་བརྒྱ་ཀཾ་ཀ་ནི་སོགས་བཟླས་རུས་ཚ་སཱཙྪའི་ཆོ་ག་ལྟར་གདབ་པར་བྱའོ། །

p. 45

ཟག་མཆོག་ལ་བསྲེག་ཁང་དུ་གཞུག་ཁར། ཁོང་རང་གི་ཡི་དམ་དཀྱིལ་འཁོར་ཡོངས་རྫོགས་སམ་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས། གདུང་དམ་ཚིག་སེམས་དཔར་བསྐྱེད་ནས་མཆོད་བསྟོད་བྱས་ལ་བཞུ། ཆོས་འབྲེལ་མེད་པ་གཅིག་གིས་མེ་སྦར། ལམ་བསྟན་དང་སྦྱང་བ་མི་བྱ་བར་གདུང་དང་ཡི་དམ་གཙོ་བོ་དབྱེར་མེད་དུ་བསྐྱེད་ལ་བསྲེག་རྫས་འབུལ། བྱེ་མས་མི་བྲབ་མེ་ཏོག་འཐོར། གང་ཟག་རྟེན་འབྱོན་པའི་རིགས་ལ་རྟེན་མཁའ་འགྲོས་སྤྱན་འདྲེན་སྲིད་པས། གདུང་ཁང་ཐོག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞུགས་ཤིང་བསྲེག་ཚོད་ཟིན་པར་བྱའོ། །གདུང་ཁང་ཞལ་མི་ཕྱེ་བར་ཁོང་རང་གི་ཡི་དམ་སྤྱན་འདྲེན་བྱིན་འབེབས་དང་ཁྲུས་གསོལ་སོགས་བྱའོ། །བསྟན་རྒྱུད་བསྙེན་སྒྲུབ་དང་མཆོད་བསྟོད་གསོལ་འདེབས་རྣམས་མཆེད་གྲོགས་སམ་སློབ་མ་དམ་ཚིག་དང་ལྡན་པས་མ་ཆག་པར་བྱའོ། །ཐལ་སོལ་ཆུ་ཆེན་ལ་དོར་བས་ཆུ་འཐུང་གི་སེམས་ཅན་སྒྲིབ་པ་དག་པའི་ཆེད་ཡིན་པས་འབྲེལ་ཚད་དོན་ལྡན་དེ་ལྟར་བྱའོ། ཕལ་པའི་ཐལ་སོལ་ཀླུ་མེད་པའི་ས་བཀྲ་བཟང་སར་བླུགས་པས་བཀྲ་ཤིས་པ་ཡིན་ནོ། །བསྲེག་ཆོག་བྱས་པས་ཚེ་འདས་ཀྱི་སྒྲིབ་པ་སྦྱང་བ་ནི། སྦྱོང་རྒྱུད་ལས། དེ་ཡི་མིང་ནས་བརྗོད་ནས་ནི། །མཁས་པ་འབུམ་ཕྲག་བརྒྱའམ་ནི། །ཡང་ན་བརྒྱ་ཕྲག་སྟོང་ཉིད་དུ། །སྦྱིན་སྲེག་བྱས་པར་གྱུར་ནས་ནི། །དམྱལ་བ་ཆེན་པོར་ལྟུང་བའི་མི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཅེས་གསུངས། སློབ་དཔོན་པདྨས། དེ་ལྟར་བྱས་པའི་ཡོན་ཏན་ནི། །བླ་མ་གང་ཟག་

p. 46

བཟང་པོ་ཡིན་ན། ཐུགས་ཀྱི་དགོངས་པ་མཐའ་རུ་ཕྱིན་པར་བྱེད། རྣལ་འབྱོར་པ་ཡིན་ན་ཕྱིར་མི་ལྡོག་པའི་ས་ཐོབ། སྐྱེ་བོ་ལ་སོགས་ཕལ་པ་ཡིན་ན། རིགས་དྲུག་གི་སྐྱེ་སྒོ་ཆོད་པའོ། །རང་བྱུང་ཡེ་ཤེས་ཀྱི་མེས་ལས་དང་བག་ཆགས་སྦྱོང་། སྐུ་གསུམ་ཡོངས་སུ་རྫོགས་པར་བྱའོ། །ཞེས་གསུངས་སོ། །གསང་འདུས་རྒྱུད་ལས། རྣམ་ཤེས་ལྔ་བྲལ་བེམ་པོའི་ལུས། །བག་ཆགས་སྦྱང་བས་ཐར་པ་ཐོབ། །སྦྱང་གཞི་ཕྱི་དང་ནང་གིས་སོ། །སྦྱོང་བྱེད་འབྱུང་བ་ཡེ་ཤེས་མེ། །འབྱུང་བའི་མེ་ཡིས་བག་ཆགས་སྦྱངས། །ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེག །ཅེས་གསུངས་སོ། །འདིར་ཞི་ཁྲོའི་རོ་སྲེག་ཕྱག་ལེན་འབྲིང་པོ་ཇི་ལྟར་བྱ་བའི་ཚུལ་ཡིན་ཀྱང་ས་ཐིག་ཆོ་ག་གཞན་ལྟར་བྱ་བ་ལས་སྒེར་དུ་མེད་པ་ཤེས་པར་བྱོས་ཤིག །དེ་ལྟར་རོ་སྲེག་ཡེ་ཤེས་མེ་འོད་འདི། །ཀརྨ་ཕྲིན་ལས་སོགས་ཀྱིས་བསྐུལ་བའི་ཕྱིར། །གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ལ། །མོས་པའི་དགེ་སློང་ཀརྨ་ཨ་རཱ་གས། །ལག་ལེན་བདེ་བར་བཀོད་པ་ཉེས་མཆིས་ན། །ལྷ་དང་ཆོས་སྲུང་དམ་ཅན་རྣམས་ལ་བཤགས། །དགེ་བས་ཡེ་ཤེས་མེ་དཔུང་རྒྱ་ཆེན་པོས། །འདི་ལ་འབྲེལ་ཚད་སྐྱེ་འགྲོ་མང་པོ་ཞིག །ཉོན་མོངས་སྒྲིབ་གཉིས་བུད་ཤིང་ཀུན་བསྲེགས་ནས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །མངྒ་ལཾ།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གྲི་ཁྲོལ་མན་ངག

p. 47

ཤེན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག་བྱང་བུར་འགུགས་བསྟིམས་གསུམ་ཟིན་འཕྲལ། མདུན་དུ་ཏིལ་དང་གཡས་སུ་མེ་གཡོན་དུ་ཆུ་བཤམས་ནས། ཚེ་འདས་རྣམ་ཤེས་ཨ་ཡིག་དཀར་པོ་དེ༔ ནཱི་ཡིག་སྔོ་སྐྱ་ཀྵ་ཡིག་དམར་སྐྱ་ཡི༔ དྲྭ་བས་རུས་པ་ལྤགས་པའི་ཚུལ་དུ་བཏུམས༔ བདག་གི་ཐུགས་ལས་ཧཱུྃ་ཡིག་དཀར་པོ་དང་༔ ཕཊ་ཡིག་དམར་སེར་དཔག་མེད་འཕྲོས་པ་ཡིས༔ ཚྭ་དང་ཀླུ་ཡི་དྲ་བ་དངོས་མེད་བཤིགས༔ ཏིལ་དང་ཡུངས་ཀར་མིང་བྱང་ལ་བསྐོར། མེ་ཆུ་ལ་དོར་ཞིང་༔ ཨ་ནི་ཀ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་དམ་བདུན་སོགས་བརྗོད། དཀོན་མཆོག་གསུམ་དང་ཞི་ཁྲོ་་་འདིར་ཡི་དམ་གང་ཡིན་མཚན་བསྒྱུར། རབ་འབྱམས་ཀྱི༔ བདེན་པ་ཆེན་པོས་ཚེ་འདས་འདི་ཉིད་ཀྱི༔ འཆི་ཁའི་མཚམས་སྦྱོར་སྐྲག་སྣང་འུར་འཇིགས་ཀྱི། བག་ཆགས་ངན་པའི་གྲི་གཅགས་བྲལ་གྱུར་ཅིག །། སོར་མོ་བསྣོལ་བ་ཕྱིར། གྲོལ་བའི་ཕྱག་རྒྱས། ཨོཾ་བཛྲ་བནྡྷ་ཏྲ་ཐ༔ ཨོཾ་བཛྲ་བྷིད་ཏྲ་ཐ། །དེ་ནས་ལས་བུམ་གྱི་ཀུ་ཤས་མཚན་བྱང་ལ་གཏོར་ཞིང་༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ མེ་ཆུ་ནང་དུ་བླུགས་ལ་བྱང་བུ་ལ་ལན་གསུམ་བསྐོར་ཞིང་། ཨོཾ་བཛྲ་བྷིད་ཏྲ་ཐ༔ ཅེས་ཕྱིར་དོར། གྲི་གོས་མཚན་བྱང་ཚེ་འདས་ལུས་སུ་གསལ༔ པྲ་ཝེ་ཤ་ཡ་ཕཊ་ཅེས་ལུས་སྒོ་ཕྱེས༔

p. 48

ནྲྀ་ཨཱཿཝེ་ཤ་ཡ་ཨ་ཞེས་བརྗོད་པ་ཡིས༔ རྣམ་པར་ཤེས་པ་ཨ་ཡིག་དངུལ་ཆུའི་མདོག༔ ལུས་ལ་ཞུགས་པས་ཚེ་འདས་དངོས་གྱུར་པའི༔ སྙིང་ཁར་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུཾ་ཡིག་དཀར་པོས་མཚན་པ་ལ༔ ཧཱུྃ་བཾ་ཧོམི་འགྱུར་རྒྱས་བཏབ་འགྱུར༔ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་མིང་བྱང་སྤྱི་བོར་བཞག་ལ། ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བཀོན་པར་གྱུར་ཨོཾ་བཛྲ་ཀ་ལ་ཤ་རཀྵ་རཀྵ་ཧཱུྃ༔ མིང་བྱང་སྤྱི་བོར་རྡོ་རྗེ་བཞག་ལ། ཕྱི་རོལ་རྡོ་རྗེའི་གུར་ཁང་ཆེན་པོར་གྱུར༔ བཛྲརཀྵ་རཀྟ་ཧཱུྃ༔ ཞེས་འཆི་ཁའི་མཚམས་སྦྱོར་གྱི་རིགས་གང་ཡང་རུང་བ་རེད་ཕྱིན་གྱི་ཁྲོལ་མ་བྱས་ན་ཚེ་འདས་ལ་དགེ་རྩ་ཐོབ་ཏུ་མི་འཇུག་པའི་བར་ཆད་བྱེད་ཅེས་རྒྱུད་གཞུང་ལས་གསུངས་པས་རཏ་གླིང་ཐུགས་རྗེ་གསང་འདུས་ཆ་ལག་ལས་ཀརྨ་ཆགས་མེད་ཀྱིས་བསྒྲིགས་པ་འདི་བཞིན་འགྲོ་དོན་བྱེད་མཁན་རྣམས་ནས་ཕྱག་ལེན་བཏབ་ན་ལེགས། སརྦ་མངྒ་ལཾ།། །།༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་

p. 49

ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་པ་ཉུང་ངུར་བསྡུས་པ།

p. 50
p. 51

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་པ་ཉུང་ངུར་བསྡུས་པའོ། །

p. 52

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འཆི་ཁར་བར་དོའི་ཁྲིད་ཡིག་འཕོ་བ་དྲན་པ་རང་གྲོལ། རྒྱལ་པོའི་བཀའ་ཐམ་བསྐུར་པ་ལྟ་བུའི་གདམས་ངག་འདི་ལ་ལོ་རྒྱུས་དང་གདམས་པ་དངོས་སོ། །སྤྱིར་གསང་སྔགས་གསར་རྙིང་གི་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ནས་འཕོ་བ་འདི་གསུངས་ཏེ། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་དུས་སུ་ཡིད་ཀྱིས་བསམ་པ་གང་ཞིག་དྲན་པར་གྱུར་བ་དེ་ནི་སྐྱེ་བོ་ཡང་དག་སྐྱེ། །ཞེས་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས། ཐམས་ཅད་ལུས་ལ་གནས་པ་ཡི། །ཡེ་ཤེས་ཀྱིས་ནི་ཡེ་ཤེས་མཆོག །སྟེང་དུ་ཚངས་པའི་སྒོ་འདི་

p. 53

ནི། །མདོ་ལས་འཕོ་བའི་མིང་དུ་བཤད། །ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །རྐུ་འཕྲོག་འདོད་ལོག་སྤྱོད་པ་ཡང་། །ལམ་འདི་ཡིས་ནི་དག་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱེན་ལས་རིང་དུ་འགྲོ། །ཇི་ལྟར་འདམ་སྐྱེས་པདྨ་ནི། །འདམ་གྱིས་གོས་པར་མ་གྱུར་ལྟར། །ཞེས་དང་། འཕོ་བ་དྲན་པ་རང་གྲོལ་གཞུང་ལས། དུས་ལ་བབ་པའི་འཕོ་བ་ནི། མཚམས་མེད་ལྔ་བྱས་པའི་གང་ཟག་ཡིན་ཡང་མཐོ་རིས་སམ་ཐར་པ་ཐོབ་པར་གསུངས་

p. 54

པས་ཕན་ཡོན་ཤིན་ཏུ་ཆེའོ། །ཞེས་གསུངས་སོ། །དེ་ལ་གསར་མའི་ལུགས་ཀྱི་ནཱ་རོ་ཆོས་དྲུག་ལས། འཕོ་བ་ལམ་གྱི་སྐྱེལ་མ་ཡིན། །ཞེས་གསུངས། དེ་བཞིན་ནི་གུ་ཆོས་དྲུག་ལས། འཕོ་བ་མཁའ་སྤྱོད་མ། ཀུན་མཁྱེན་རང་སོའི་འཕོ་བ་སྐར་ཁུང་མ་སོགས་གསར་མའི་ལུགས་ཀྱང་མང་དུ་ཐོབ་ལ། རྙིང་མའི་ལུགས་བཀའ་བརྒྱད་དགོངས་འདུས་པདྨ་འོད་འབར་གྱི་འཕོ་བ་ཡང་ཐོབ་མོད་ཀྱི། ད་ལམ་ཡབ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་མ་འཕོ་བ་འཇག་བཙུགས་མ་དང་། སྲས་ཀརྨ་གླིང་པའི་གཏེར་མ་ཞི་ཁྲོའི་འཕོ་བ་དྲན་པ་རང་གྲོལ་དང་། འཇག་བཙུགས་མ་དེ་ཉིད་ལ་རྗེ་ཞྭ་དམར་པ་ཉིད་ཀྱིས་བརྩམས་པའི་འཕོ་བ་གསང་མཆོག་མ་གསུམ་འབྲེལ་ཆེ་བས་སྦྲག་སྟེ་བཤད་པ་ལ་ལོ་རྒྱུས་ཟུར་ཙམ་ཞུས་ན། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཉི་མ་ཞེས་བྱ་བས་མེ་མཆེད་ཤོར་བའི་ཚེ་མཆོད་པའི་བླ་མ་གཅིག་ཕ་མ་གཉིས་སོགས་མི་བཅུ་གསུམ་རྟ་ཁྱི་ར་ཕག་ཡན་ཆད་དུད་འགྲོ་སུམ་བརྒྱ་ཙམ་ཚིག་ནས་ཤི། །ཤི་བ་ཚོ་དམྱལ་བར་སོང་། བློན་པོས་མཚམས་མེད་ཀྱི་སྡིག་པ་རེདཤོར་བས་མྱ་ངན་གྱིས་མུན་ཁུང་དུ་ཞུགས། ཟས་ཀྱང་མ་ཟོས་པས་འཆི་ལ་ཁད་དུ་ཡོད་པས། རྒྱལ་པོས་ཨོ་རྒྱན་རིན་

p. 55

པོ་ཆེ་ལ་མཎྜལ་ཕུལ་ནས་བློན་པོ་ཉི་མའི་སྡིག་གི་མུན་པ་སེལ་བ་དང་། ཚེ་འདས་རྣམས་སངས་རྒྱས་ཐོབ་པའི་མན་ངག་ཞུས་པས་ཨོ་རྒྱན་གྱིས་ཅི་ཡང་མ་གསུངས་པས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། ཨོ་རྒྱན་རིན་པོ་ཆེ་ལགས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་ཀྱི་མདུན་དུ་ཐུགས་དགོངས་གཏོད་དང་། དེར་གདམས་ངག་དེ་ཡོད་ལགས་ཞུས་པ་དང་། ཨོ་རྒྱན་རིན་པོ་ཆེ་ཟབ་བེར་གྱི་ནང་དུ་དབུ་བཏུམ་ནས་བཞུགས་ཏེ། རྫུ་འཕྲུལ་གྱིས་བདེ་བ་ཅན་དུ་སྐད་ཅིག་གིས་བྱོན་པས། རིན་པོ་ཆེའི་གཞལ་ཡས་ཁང་གི་སྒོ་དྲུང་ན་རྡོ་རྗེ་ཕག་མོའི་སྤྲུལ་པ་རྒན་མོའི་གཟུགས་ཅན་ཞིག་གིས་མཇལ་ཁ་བྱས། སངས་རྒྱས་ལ་ཕྱག་མཛད་ཕྱག་ལེན་ཡང་མཛད། རིན་པོ་ཆེའི་ཁྲི་སྟེང་དུ་ཨོ་རྒྱན་བཞུགས་པས་སློབ་དཔོན་ཉི་མའི་ལོ་རྒྱུས་ཞུས་པས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་ཨོ་རྒྱན་གྱི་ཐུགས་ཀར་བསྟིམས་ནས་བཀའ་བསྒོ་མཛད། འཕོ་བའི་གདམས་པ་གནང་ནས་བཀའ་རྒྱ་མཛད། དེ་ནས་ཨོ་རྒྱན་སྐད་ཅིག་ལ་ཚུར་བྱོན་ནས་བློན་པོ་མུན་ཁང་ལས་བཏོན་ཏེ། གསེར་ཉི་མ་ཙམ་

p. 56

དངུལ་ཟླ་བ་ཙམ་རིན་པོ་ཆེ་སྣ་ལྔ་ཕུལ་ནས་ཚོགས་འཁོར་བཤམས་ཏེ་བློན་པོ་ལ་གཅིག་བརྒྱུད་དུ་གནང་། བློན་པོས་བསྒོམས་པས་ཞག་གསུམ་ནས་བློན་པོའི་མུན་པ་སངས་ནས། ཞིག་ལྔ་ནས་ཚེ་འདས་རྣམས་ཀྱང་སངས་རྒྱས་ཐོབ་པ་ཀུན་གྱིས་མཐོང་། བློན་པོ་འཇའ་གུར་ལ་འདུག་ནས་འཕོ་བ་སྦྱང་བ་དང་། ལྷའི་བུ་དང་བུ་མོ་རྣམས་ཞལ་གཟིགས། དེར་ཐམས་ཅད་ངོ་མཚར་སྐྱེས་ནས་རྒྱལ་པོས་ཞུས་ཀྱང་མ་གནང་། སངས་རྒྱས་ཀྱི་བཀའ་རྒྱ་ཡོད་གསུངས། མཚོ་རྒྱལ་གྱིས་ཤངས་མཚལ་གྱིས་ཏཱ་ལའི་ལོ་མ་ལ་བྲིས་ནས་རིན་པོ་ཆེའི་སྣ་ལྔའི་སྒྲོམ་བུར་བཅུག་ནས་དྲག་པོའི་མཚོ་ལ་སྦས། གཏེར་བདག་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་གཏད། ཕྱིས་བློན་པོ་དེ་ཡི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་མཚོ་ནང་དུ་བྱོན་ནས་བཏོན། ཀླུ་རྣམས་ཀྱིས་ནོར་བུ་བཅུ་གསུམ་ཕུལ་ནས་ཞུས་པས་ཀླུ་དང་ཉ་སྲམ་ཡན་ཆད་གྲོལ། མི་རྣམས་ལ་བསྟན་པས་ལུས་སེམས་བྲལ་མ་ཐག་སངས་རྒྱས། གཏེར་སྟོན་ཉི་ཟླ་སངས་རྒྱས་དགུང་ལོ་བརྒྱ་དང་ཉི་ཤུ་ཐོབ། དེའི་སྲས་ཀརྨ་གླིང་པ་འཁྲུངས་པས་དྭགས་ལ་སྒམ་པོའི་རྒྱབ་རི་ནས་ཞི་ཁྲོའི་ཆོས་སྐོར་གཏེར་ནས་བཏོན། དེའི་ནང་ནས་འཕོ་བ་དྲན་པ་རང་གྲོལ་བྱ་བ་

p. 57

ཡོད་པ་དང་འདི་གཉིས་མ་བུ་ལྟ་བུ་ཡིན། བརྒྱུད་པ་ནི་ཉི་ཟླ་སངས་རྒྱས། མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སངྒ་བྷ་དྲ། ཕག་རྒོད་དྲི་མེད་བློ་གྲོས། །ཆོས་རྗེ་སངས་རྒྱས་རྒྱལ་མཚན། མཚུངས་མེད་མ་ཏིའི་མཚན་ཅན། ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ། ཡབ་ཆོས་རྒྱལ་ཕུན་ཚོགས། སྲས་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་དེས་གསོལ་འདེབས་གསང་མཆོག་མ་སོགས་མཛད་པས་ཀཾ་ཚང་ལ་རྒྱ་ཆེར་དར། བླ་མ་ཝོལ་བ་པས་རྗེ་ཞྭ་དམར་བ་དང་འབྲི་གུང་ཞབས་དྲུང་སྐུ་མཆེད་སྟག་ལུང་ངག་དབང་རྣམ་རྒྱལ་སོགས་མང་པོ་ལས་ཐོབ་ཅིང་། འཕོ་བའི་གྲུབ་ཐོབ་ཏུ་གྲགས་ཏེ། ཕུག་རོན་སྒྲོག་རུས་ཆག་ནས་འཆི་མ་ནུས་པ་ལ་འཕོ་བ་བཏབ་པས་སྤྱི་བོ་ནས་སྤུ་གཅིག་ནམ་མཁའ་ལ་ཡར་ཏེ་དེ་མ་ཐག་གཤོག་པ་ལྷེབ་ཀྱིས་ཤི་བ་དང་། མཛོ་མོ་ཞིག་ཁྱི་སྨོན་གྱིས་སྨུག་ནས་ཤི་མ་ནུས་གཟེར་ཆེ་སྐབས་འཕོ་བ་མཛད་པས་དེ་མ་ཐག་ཏུ་ཤི་བྱུང་བས་འཕོ་བའི་མངའ་བདག་ཏུ་གྱུར་པ་ལ། བདག་རཱ་ག་ཨ་སྱས་ཞིག་བཅུ་བཞི་ཙམ་ཁྲིད་ཞུས་ནས་སྦྱངས། གཞན་ཡང་བླ་མ་འཕོ་ལུང་བ་ཀུན་དགའ་བཤེས་གཉེན་ནས་བརྒྱུད་པ་ཡང་ཐོབ། གཞན་ཡང་ཞི་ཁྲོའི་འཕོ་ལུང་ནི་ཞི་ཁྲོ་དང་བརྒྱུད་པ་

p. 58

གཅིག་ཡིན་ནོ། །དེ་ཡང་འཕོ་བ་དྲན་པ་རང་གྲོལ་གྱི་གཞུང་ལས། དེ་ཡང་གང་ཟག་ཁྲེགས་ཆོད་ཀྱི་སྐོར་དང་། སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་ལ་ཡང་གྲོལ་ལུགས་བཞིའི་དོན་མ་རྟོགས་པ་དང་། ཁྱད་པར་དེ་རྣམས་ཐོབ་ཀྱང་བསྒོམ་ལོང་མེད་པའི་གང་ཟག་སྡེ་དཔོན་དང་ཁྱིམ་པ་རྣམ་གཡེང་ཅན་རྣམས། གདམས་པ་ཟབ་མོ་ཐོབ་ཀྱང་ཉམས་སུ་མ་ལོན་པར་གདམས་ངག་ཡིག་ཐོག་ཏུ་ལུས། ཆོས་གོ་ཐོས་སུ་ལུས། རང་སེམས་ཐ་མལ་དུ་འཆི་ཁར་སངས་རྒྱས་པའི་གདམས་ངག །བསྒོམ་མི་དགོས་པའི་བཙན་ཐབས་སུ་སངས་རྒྱས་པའི་གདམས་ངག་འཕོ་བ་དྲན་པ་རང་གྲོལ་འདི་གལ་ཆེ་སྟེ། དེ་ཡང་སྐྱེ་ཕྱིན་ཆད་ངེས་པར་འཆི། འཆི་བའི་སྟེང་དུ་ནམ་འཆི་ཆ་མེད། དེ་བས་མྱུར་དུ་འཆི་བས་འཕོ་བ་ལ་གཉིས་ཏེ་སྦྱང་བ་དང་ལས་ལ་སྦྱོར་བ་གཉིས། དང་པོ་སྦྱང་བ་ནི། དཔེར་ན་སྐྱེས་པས་ཕྱི་དགྲ་འོང་དོགས་ནས། དགྲ་མེད་པའི་གོང་ནས་གོ་མཚོན་དང་མདའ་གཞུ་རྩལ་སྦྱངས་ཏེ་དགྲ་ནམ་བྱུང་བ་དང་། འདེབ་མ་རིག་བྱེད་པ་ལྟར། འདིར་ཡང་འཆི་ལྟས་མ་བྱུང་གོང་ནས་སྦྱོང་དགོས་ཏེ། ནམ་འཆི་མི་ཤེས་པས་ད་ལྟ་ནས་སྦྱང་བར་བྱ་སྟེ། ནམ་འཆི་བར་ངེས་པར་ལས་ལ་སྦྱོར་མ་རིན་པར་སྦྱང་

p. 59

པ་བྱེད་པ་ནི་ཤིན་ཏུ་གཅེས་སོ། །དེ་ཡང་འཕོ་བ་སྦྱོང་བ་ནི། ཁྲིད་ཀྱི་དུས་འཕོ་བའི་སྒོས་ཁྲིད་བྱས་ཀྱང་རུང་སྟེ། ཁྲིད་ཀྱི་སྔོན་འགྲོ་ལྟར། དལ་འབྱོར་རྙེད་པར་དཀའ་བ། འཁོར་བའི་ཉེས་དམིགས་བསམ་པ་འཁོར་བ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་བའི་བསམ་པ་བསྐྱེད། དེའི་སྟེང་དུ་ཡང་རྙེད་པར་དཀའ་བས་རྙེད་ཀྱང་རིང་དུ་མི་གནས་པའི་འཆི་བ་ཞེ་ཐག་པ་ནས་དྲན་པར་བྱ་ཞེས་གསུངས་པ་དང་། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་བསྐལ་པ་བརྒྱ་སྟོང་ནང་དུ་ལན་རེ་ཙམ་ཡིན། ད་རེས་ཐོབ་ཀྱང་སྐྱེ་བ་གཏན་གྱི་སོ་ནམ་དམ་པའི་ཆོས་ནི་མ་འགྲུབ། དུས་ལན་གཅིག་འཆི་ནད་ཀྱིས་ཐེབ་ཆོས་ནི་མེད། རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་ཚོ་སྙིང་རེ་རྗེ་བསམ་པ་གྱིས་ལ་འདི་ཡི་རྗེས་ཟློས་མཛོད། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་༔ འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ༔ ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ༔ ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ ཀྱེ་མ་ཀྱེ་ཧུད་དཀོན་མཆོག་ཐུགས་རྗེ་ཅན༔ རྒྱལ་བ་ཁྱེད་ལ་ཐུགས་རྗེའི་མཐུ་མངའ་བས༔ བདག་སོགས་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས༔ ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་

p. 60

རློབས༔ ཞེས་བརྗོད་བཅུག །དེ་ནས་འཁོར་བའི་ཉེས་དམིགས་ནི། འཁོར་བའི་རྒྱ་མཚོ་རྒྱ་ཆེ་གཏིང་ཟབ་པས་མཐའ་ཡི་རྫོགས་སོ་མེད། ངན་སོང་གསུམ་གྱི་སྡུག་བསྔལ་ནི་རྣ་བས་ཐོས་ཀྱང་ཡ་ང་ན། ཐོག་ཏུ་བབ་ན་ཅི་ཟུག་བསྲན་ཐུབ། མཐོ་རིས་མི་འདི་རིགས་དྲུག་གི་ནང་ནས་སྐྱིད་ཤོས་ཡིན་ནའང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལན་དུང་ཕྱུར་དུ་ཡང་ཡང་མྱོང་བས་སུས་བཟོད། འདི་ལས་ཐར་ཐབས་དམ་པའི་ཆོས་ཤིག་ད་རེས་མི་བྱེད་ན་ནམ་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཐར་མེད་ལས་ཀྱི་རྒྱ་མཚོ་དང་རིང་དུ༔ ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ༔ སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས༔ མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས༔ བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད༔ ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ༔ ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས༔ བདག་འདོད་གཟུང་འཛིན་བཅིང་པའི་བཙོན་ར་འདིར༔ རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར༔ མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ༔ འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས༔ ཐར་

p. 61

མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར༔ གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན༔ ཐར་མེད་ལས་ཀྱི་འགྲོ་རྣམས་སྙིང་རེ་རྗེ༔ རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས༔ ཞེས་བརྗོད་བཅུག །ད་རེས་ཀྱང་མི་ཚེ་སྟོང་ཟད་དུ་སོང་། ཨེ་སྐྱིད་ངང་ལ་སྡིག་ལྟུང་སྣ་ཚོགས་བྱས། མི་ཚེ་སྟོང་ཟད་སྡུག་བསྔལ་དཀའ་ལས་ཁོ་ན་ལ་ཟད། མི་འདི་ཙམ་ཤི་བ་ཐོས་ཀྱང་ཡ་ང་མེད་པ། རེས་མོ་དེ་རང་ལ་ནམ་བབ་བསམ་པ་གྱིས་ལ་རྗེས་ཟློས་མཛོད། སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས༔ ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་བསྲན་ཅན༔ ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟདཿ༔ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས༔ མི་རྟག་བློ་གཏད་མེད་པ་མ་ཤེས་ནས༔ ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས༔ སྐྱིད་འདོད་ངང་ལ་མི་ཚེ་སྡུག་ལ་འདས༔ འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས༔ སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག༔ བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ༔ དབྱར་དགུན་སྟོན་དཔྱིད་ལོ་ཟླའི་དུས་མི་རྟག༔ སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས༔ ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་༔

p. 62

ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག༔ ལེགས་པར་སོམ་དང་རང་ཉིད་འཆི་ལ་ཐུག སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས༔ ཞེས་བརྗོད། དེས་སྔོན་འགྲོ་ས་བཅད་མ་སྟོང་ཙམ་ཡིན། སྐྱབས་འགྲོ་སེམས་བསྐྱེད་བྱ་གསུངས་པས། དཀོན་མཆོག་རིན་ཆེན་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་ཞུ། འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་དོན་དུ་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་རྣམས་ཀྱི་དོན་དུ་ཟབ་ལམ་འཕོ་བའི་གདམས་ངག་གི་སྒོ་ནས་སངས་རྒྱས་ཐོབ་པར་བྱ་སྙམ་སྟེ། སེམས་གཞན་དུ་མ་འཕྲོ་བར་འདིའི་རྗེས་ཟློས་གྱིས་ཤིག །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ད་དངོས་གཞི་འདི་ལ་དམིགས་པ་རྒྱས་བསྡུས་གསུམ་ཡོད་པ་ལས། དང་པོ་བླ་མ་བརྒྱུད་པའི་གསུངས་རྒྱུན་ནི། ཁྱེད་རང་རྣམས་ཀྱི་ལུས་འདི་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་

p. 63

མཆེ་བས་མ་མཆུ་མནན་པ་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་འཕྱུར་བ། གཡོན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ། ཡབ་ཧེ་རུ་ཀ་སྦས་པའི་ཚུལ་ཁ་མཚན་ཁུང་གཡོན་ནས་ཡར་བསྒྲེང་བ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། གཡོན་བརྐྱང་བས་པདྨ་དང་ཉི་མ་རོ་ཡི་སྙིང་གར་མནན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་ཅན། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པ། སྐུའི་གནས་མཐོ་བ་རྣམས་རྒྱ་སྐྱེགས་ཀྱིས་ཁ་བཀུག་པ་ལྟར། སྨུག་པ་སྒེག་ཅིང་གཞོན་ཤ་ཆགས་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། བདེ་བའི་ཉམས་དུ་མ་དང་ལྡན་ཞིང་འོད་ཕུང་གི་ཀློང་ན་གར་ཐབས་ཁྱུག་ཁྱུག་བྱེད་པ། དེའི་ཕྱི་ལྷའི་སྐུ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མོ་ཁང་སྟོང་གི་ཀ་བ་བཙུགས་པ་ལྟ་བུ། དེ་ཡང་མཚན་ཉིད་བཞི་དང་ལྡན་པ། བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ། གསལ་བ་མཚོན་པའི་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་

p. 64

པའི་ཕྱིར་ཤིན་ཏུ་དྲང་བ། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ། ་ངན་སོང་གི་སྒོ་བཀག་པའི་ཕྱིར་མར་སྣེ་ལྟེ་འོག་སུམ་མདོར་ཕུག་རྡུགས་སུ་ཡོད་པ། ཐར་པའི་སྒོ་འབྱེད་པའི་ཕྱིར་ཡར་སྣེ་སྤྱི་བོར་ཚངས་པའི་བུ་ག་ཧད་པོར་ཡོད་པ། སྤྱི་གཙུག་ཏུ་རིན་པོ་ཆེའི་ཁྲིའི་སྟེང་དུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་ཆོས་གོས་གསུམ་གྱིས་ཀླུབས་པ། ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། ་ཞབས་བྱམས་བཞུགས་མཛད་པའི་ཞབས་ཀྱི་མཐེ་བོང་གཉིས་ཀྱིས་ཚངས་བུག་བཀག་སྟེ་བཞུགགས་པ། །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ནས་འོད་དཔག་མེད་ལ་ཐིམ་པས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་གྱུར། གཞུང་ནས་སྙིང་གར་གསུངས་ཀྱང་སྲིད་པ་ཆགས་འཇིག་གི་གནས་ལྟེ་བ་ཡིན་པས། ལྟེ་བའི་ཐད་དབུ་མའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ་སྙུག་མའི་ཚིགས་འགག་པ་ལྟ་བུ། དེའི་སྟེང་དུ་ཟླ་བའི་གདན་ཆུང་ངུ་གཅིག །དེའི་སྟེང་དུ་རང་གི་རླུང་སེམས་རྣམ་པར་ཤེས་པ་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་

p. 65

སྲན་མ་ཙམ་བཀྲག་མདངས་དང་ལྡན་པ། འཕར་ལ་ཁད་པ། འཕུར་ལ་ཁད་པ། ཡར་ལ་ཁད་པ། དབུགས་སྤྱན་འདྲེན་དུས་ཀྱང་འཕུར་ལྷེབ་ལྷེབ་བྱེད་པ་གཅིག་བསྒོམ༔ དེ་ནས་སངས་རྒྱས་འོད་དཔག་མེད་ལ་དམིགས་པ་རྩེ་གཅིག་གཏོད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ གྲུབ་ཐོབ་ཀརྨ་གླིང་པ་ལ༴ དྲིན་ཅན་རྩ་བརྒྱུད་བླ་མ་ལ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ལ༴ བཀའ་སྲུང་དམ་ཅན་རྒྱ་མཚོ༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ རྒྱས་པར་འདོན་པ་ལོབ་ན་ནི་འགྲེས་བཤངས་ལ་འདོན། ད་རེས་རྗེས་ཟློས་དེས་ཆོག །རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོ་

p. 66

ལས། སེམས་ཀྱི་རྩ་ནས་དེ་བཞིན་ཧིཀ །སྟེང་དང་འོག་དང་དེ་བཞིན་ཏེ། །ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱངས། །བཟློག་པར་བྱ་བའི་ས་བོན་གྱིས། །ལྷན་ཅིག་བློ་དང་ལྡན་པས་སྦྱོངས། །ཞེས་གསུངས་པ་ལྟར་ལུས་བསྲང་ལག་པ་གཉིས་རྡོ་རྗེའི་ཁུ་ཚུར། མཐེ་བོང་གིས་སྲིན་རྩ་མནན་ཏེ་དཔྱི་སྟེང་དུ་བཟུང་། ལུས་ཤེད་སྟོད་དུ་སྤུངས། རིག་པ་རྩེ་གཅིག་ཏུ་ལྟེ་འོག་གི་ཐིག་ལེ་ལ་གཏད། འདི་གསང་སྔགས་ཡིན་པས་སྐད་ཆེན་པོ་མི་རུང་གྲེ་ཁུང་ནས་ཧིཀ་བརྗོད་པས་ཐིག་ལེ་དེ་ཡར་འཕར་ནས་སྤྱི་བོའི་སངས་རྒྱས་ཀྱི་མཐེ་བོང་ལ་ཐུག །ཀ་ཞེས་བརྗོད་པས་མར་བབ་ནས་ལྟེ་འོག་ཏུ་གནས་པར་བསྒོམ། དེ་འདྲ་ཡར་སྤར་བ་དང་། མར་ཕབ་པ་གཉིས་གཅིག་ཏུ་བརྩི་བའི་ཐུན་རེ་ལ་བརྒྱ་རེ་ཙམ་བྱ། ཐུན་མཇུག་ཏུ་སྤྱི་བོ་ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པའི་སྟེང་དུ་འོད་དཔག་མེད་དེ་ཚེ་དཔག་མེད་ཀྱི་སྐུར་གྱུར་ནས་བཞུགས་ཡོད་པར་བསྒོམས་ལ། ཤེས་ན་ཚེ་གཟུངས་ཚར་གསུམ་ཙམ་འདོན། །མི་ཤེས་ན། མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །མང་དུ་བརྗོད། དེ་ལྟར་ཞག་རེ་ལ་ཐུན་དྲུག་གམ། ཐ་ནའང་ཐུན་བཞིར་རྩེ་གཅིག་ཏུ་ཉམས་སུ་ལོངས་ཤིག །ཆོས་ཐུན་དང་པོའོ།། ༈ །།འོ་ན་

p. 67

འཕོ་ལུང་འདི་དོན་རྩ་སྤྱི་བོ་ནས་འཕོས་པ་དང་། བུ་ག་གཞན་ནས་རྣམ་ཤེས་ཐོན་པ་ལ་ཁྱད་ཅི་ཡོད་སྙམ་ན། རྡོ་རྗེ་གདན་བཞི་རྩ་རྒྱུད་ཆེན་པོ་ལས། ལམ་བཟང་པོ་ནི་། མཛེས་པའི་གནས། །ལམ་ངན་སྲིད་པའི་སྐྱོན་གྱིས་གོས། །ཐིག་ལེ་ལྟེ་བ་སྤྱི་གཙུག་དང་། །མིག་དང་སྣ་དང་རྣ་བ་དང་། །ཆུ་དང་ཆུ་མིག་སྒོ་ཡིན་ཏེ། །སྒོ་དགུ་ཡི་ནི་མཚན་ཉིད་ཡིན། །ལྟེ་བ་འདོད་ཅན་མཐོ་རིས་ཏེ། །ཐིག་ལེ་གཟུགས་ཀྱི་ལུས་ཅན་ནོ། །སྟེང་ནས་སྟེང་གི་གནས་ཡིན་ཏེ། །མི་གདུགས་ལ་སོགས་དེ་རུ་འགྲོ། །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་ནི་གྲུལ་བུམ་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱིས་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ནས་ཡི་དྭགས་ཏེ། །དེ་ནི་ལྕི་བས་དུད་འགྲོ་འོ། །ཆུ་མིག་རྣམ་ཤེས་མྱུར་བ་རུ། །དམྱལ་བ་བརྒྱུད་དུ་ཤེས་པར་བྱ། །སྒོ་རྣམས་ཀྱི་ནི་བྱེ་བྲག་གི །འཁོར་བའི་བྱེ་བྲག་འབྱུང་བ་ཡིན། །དེ་བས་སྒོ་ཡི་བྱེ་བྲག་ལས། །སྒྲུབ་པ་པོས་ནི་ལམ་བཟང་བསྟེན། །ཅེས་དང་། ནཱ་རོ་པཎ་ཆེན་གྱི་ཞལ་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་

p. 68

དབྱེ། །ཞེས་དང་། རང་བྱུང་རྡོ་རྗེས། དེ་ནས་རྣམ་ཤེས་ཀུན་གཞི་ནི། །ཚངས་བུག་ནས་ནི་གཟུགས་མེད་དེ། །ཐིག་ལེ་ལས་ནི་ལྷ་མོ་ཆེ། །མིག་ལས་འདོད་པའི་མི་དབང་པོ། །རྣ་བ་ལས་ནི་གྲུལ་བུམ་ལྷ། །སྲིད་པའི་སྒོ་ལས་ཡི་དྭགས་བཤད། །ཆུ་ཡི་ལམ་ནས་དུད་འགྲོ་སྟེ། །འོག་སྒོ་ནས་ནི་དམྱལ་བ་བརྒྱད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་འཕོ་བ་དྲན་པ་རང་གྲོལ་ལས། དེ་ཡང་རྣམ་ཤེས་འཕོ་བའི་ལམ་ལ་ཁྱད་པར་ཆེ་སྟེ། དེ་ལ་རབ་འབྲིང་ཐ་གསུམ་སྟེ་དགུའོ། །སྤྱི་བོ་ཚངས་པའི་བུ་ག་ནི། དག་པ་མཁའ་སྤྱོད་དུ་འགྲོ་བའི་ལམ་ཡིན། དེར་རིག་པ་ཐོན་ན་ཐར་པ་ཐོབ་པར་འགྱུར་བས། ལམ་མཆོག་ཏུ་གྱུར་པ་ཡིན་པས་དེར་འདུན་པ་གཏད་པ་ལ་བྱང་བ་གལ་ཆེའོ། །མིག་ལས་རྣམ་ཤེས་ཐོན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། སྣ་བུག་གཡོན་ནས་མི་ལུས་གཙང་མ་སྟེ་སྒོ་རབ་གསུམ་མོ། །སྣ་བུག་གཡས་ནས་གནོད་སྦྱིན། རྣ་བ་གཉིས་ནས་གཟུགས་ཁམས་ཀྱི་ལྷ། ལྟེ་བ་ནས་འདོད་པའི་ལྷར་སྐྱེས་ཏེ་སྒོ་འབྲིང་གསུམ་མོ། །ཆུ་ལམ་དུད་འགྲོ། སྲིད་པའི་སྒོ་ཞེས་བྱ་བ་ཁམས་དང་ཐིག་ལེ་དཀར་དམར་འབྱུང་བའི་ལམ་ཡི་དྭགས། བཤང་ལམ་དམྱལ་བར་སྐྱེ་བས་

p. 69

སྒོ་ཐ་མ་གསུམ་མོ། །ཞེས་གསུངས་པ་ལ། གསར་མ་བ་ལ་ལས་ནི། སྲིད་པའི་སྒོ་ཁ་ཡིན་པར་བཞེད་ལ། འབྲུག་ལུགས་ཀྱི་ཁྱད་ཆོས་མཚོག་མ་ནི། ཚངས་སྨེའི་ལམ་སྟེ་གཟུགས་མེད་དུ་སྐྱེ་བའི་སྒོ་ཡིན་ལ། ཚངས་བུག་ནི་སྤྱི་བོའི་གཙུག་སྟེ་དག་པའི་ལམ་དུ་བཞེད། གྲུབ་མཐའ་གཞན་ཐམས་ཅད་ཀྱི་ཚངས་བུག་དང་མཚོག་མ་གཅིག་སྟེ། འཕོ་བའི་གདམས་ངག་གིས་འཕོས་ན་མཁའ་སྤྱོད་དུ་འགྲོ། རང་གར་ལས་དབང་གིས་འཕོས་ན་གཟུགས་མེད་ཁམས་སུ་སྐྱེ། སྒོ་གཅིག་ཀྱང་གདམས་ངག་ཡོད་མེད་ཀྱི་ཁྱད་དུ་བཞེད། གསོ་རིག་པ་ལ་ལས་མཚོག་མ་ནི་ལྟག་ཁུང་སོ་སོའི་སྣ་ཡིན་ཞེས་ཟེར་རོ། །རང་ལུགས་ལ་སྒོ་དགུ་བས་མང་པོ་རྒྱུད་གཞུང་ནས་མ་བཤད་པས། མཚོག་མ་ཚངས་བུག་གཅིག་པར་འདོད་དོ། །དེ་ལ་སྐུ་མཚམས་ནས་སོར་བརྒྱད་ཀྱི་ས་སྤྱི་བོ་དྲང་པོ་ན་དམིགས་པ་གཏོད་ཅིག །དེ་ནས་དམིགས་པ་དངོས་ནི་སྔོན་མ་དང་དོན་གཅིག་ཀྱང་། རྗེ་ཞྭ་དམར་དྲུག་པའི་གསུངས་བསླད་མེད་བྱིན་རླབས་ཆེ་བས་བཤད་དོ། །རང་ཉིད་རྡོ་རྗེ་ཕག་མོར་བསྐྱེད། དེའི་སྐུའི་དབུ་མའི་མར་སྣེ་ཕཊ་ཀྱིས་བཀག །ཡར་སྟེ་སྤྱི་གཙུག་ནས་སྟེང་ཧད་པོར་སོང་འདུག་པ། སྤྱི་བོ་ནས་མར་

p. 70

བུག་པ་ཐལ་ལེར་ཡོད་པ་ཞིག་བསྒོམ། རང་གི་སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་བྱམས་བཞུགས་མཛད་པའི་ཞབས་ཀྱིས་སྤྱི་བོའི་ཚངས་བུག་བཀག་པ་ཞིག་བསམ། རང་གི་ཐུགས་ཀའི་ཐད་ཀྱི་དབུ་མའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པའི་སྟེང་དུ་ཟླ་བ། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་མདངས་དང་ལྡན་པ་འཕར་ལ་ཁད་པ་ཞིག་བསྐྱེད་དེ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གྱི་གསོལ་འདེབས་བརྗོད་ནས་ཞེས་གསུངས་པའི་རྗེས་ཟློས་མཛོད། །གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ནས། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །བྱིན་རླབས་འོད་དུ་འཁྲུགས་པའི་བར་མཚམས་ན། །རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ན། །སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་

p. 71

གྱིས་རློབས། །བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ནས། །མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན། །བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། །ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གི །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པའི། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ད་ལྟ་རྗེས་ཟློས་དེས་འཐུས་འདི་བློ་ལ་ཟིན་

p. 72

པ་བྱུང་ན་འགྲེས་བཤང་ཤེས་པར་བྱའོ། །ད་ཧིཀ་ཅེས་བརྗོད་པས་ཐིག་ལེ་འཕར་ནས་འོད་དཔག་མེད་ཀྱི་ཞབས་ལ་རེག་ཅིང་གནས། ཀ་ཞེས་པས་མར་བབ་པར་བསམ་མོ། །ཞེས་གསུངས་པ་ལྟར་སྦྱོང་མཛོད། དེ་ཡང་རྡོ་རྗེ་གདན་བཞིའི་རྒྱུད་ལས། རིམས་ལ་སོགས་པ་མ་ཕོག་པར། །གོང་དུ་འཕོ་བའི་སྦྱོར་བ་མཆོག །སྔོན་དུ་བུམ་པ་བརྩམས་པ་ཡིན། །སྒོ་རྣམས་ཐམས་ཅད་བཅིང་བར་བྱ། །རྒྱལ་བ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ཡི་བགག་པར་བསྒོམ་བྱ་སྟེ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡི་ས་བོན་དཀར་པོ་བསམ། །ཆུ་དང་ཆུ་མིག་སྒོ་ལ་ནི། །མེ་ཡི་ས་བོན་འབར་བ་སྟེ། །དེ་ལ་ཤིན་ཏུ་མཉམ་གཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ། །ཞེས་རླུང་སྦྱོར་དང་བཅས་པ་བསྒོམ་པར་གསུངས་ནའང་། འཕོ་བ་དྲན་པ་རང་གྲོལ་དུ་གསུངས་པ་ལྟར་ད་ལྟ་ཡུད་ཙམ་རྟེན་འབྲེལ་གྱི་དམིགས་པ་རེ་སྒོམས་ཤིག །བདེ་བའི་གནས་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ལ་འཁོར་བའི་སྒོ་བགག་པ་ནི། ལུས་དྲང་པོར་བསྲང་། ལག་པ་གཉིས་ས་ནོན་གྱི་ཕྱག་རྒྱས་པུས་མོ་གཉིས་བཀབ། དཔུང་པ་གཉིས་བརྒྱང་། དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུྃ་མཐིང་

p. 73

ནག་འོད་དུ་འབར་བ་གཅིག །ཧཱུྃ་གཅིག་ཆད་པས་བཤང་ལམ་དུ་སོང་། དམྱལ་བའི་སྒོ་ཁྲིག་གེར་བཀག །དེ་ནས་ཧཱུྃ་གཅིག་ཆད་སྲིད་པའི་སྒོར་སོང་ཡི་དྭགས་ཀྱི་སྒོ་བཀག །དེ་བཞིན་དུ་ཧཱུྃ་གཅིག་གིས་ཆུ་ལམ་དུད་འགྲོའི་སྒོ་བཀག །དེ་ནས་སྣ་བུག་གཉིས། དེ་ནས་རྣ་བའི་བུ་ག་གཉིས་ཧཱུྃ་འོད་དང་ལྡན་པ་རེ་རེས་བཀག་པར་བསམ། །སྤྱི་བོ་ཚངས་པའི་བུག་ན་ཧཾ་མགོ་ཐུར་དུ་བསྟན་པས་བཀག་པར་བསམ། ལུས་ཀྱི་དབུས་རྩ་དབུ་མོ་ལུག་རྒྱུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར། མར་སྣེ་ལྟེ་འོག་ཏུ་ཟུག་པ། ་ཡར་སྣེ་ཚངས་བུག་ཏུ་ཟུག་པ། དཀར་ལ་འཚེར་བའི་མདངས་དང་ལྡན་པ། ལུས་ཀྱི་དབུས་སུ་དྲང་པོར་ཁྲང་ངེ་ཡོད་པའི་མར་སྣེ་ལྟེ་འོག་རྩ་གསུམ་འདུས་མདོར་རིག་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ་གསལ་ལ་དང་བ། དབུགས་ཀྱིས་སྐྱིབ་སྐྱིབ་འཕར་ལྷབ་ལྷབ་ཡར་ལ་ཁད་པ་ཡོད་པར་བསམ། སྤྱི་བོའི་སྟེང་གི་ནམ་མཁར་བླ་མ་དེ་འོད་དཔག་མེད་ཀྱི་ཆ་ལུགས་འཛུམ་མུ་ལེར་བཞུགས་པར་བསམ། ལུས་ཤེད་སྟེང་དུ་སྤུག་ལ་སྒྲིམ་བཤང་ལམ་དྲག་ཏུ་བསྡམ། མིག་གྱེན་ལ་ལྡོག །ལྕེ་ཡ་རྐན་ལ་སྦྱར། །ལག་པའི་མཐེ་བོང་གཉིས་ཀྱིས་

p. 74

སྲིན་རྩ་མནན་པའི་ཁུ་ཚུར་དྲག་ཏུ་བཏང་ཞིང་ལྟེ་འོག་ནས་ཡར་དྲག་ཏུ་འཐེན་ཅིང་། ངག་ཏུ་ཧིཀ་ཧིཀ་ཅེས་ཁོང་ཤེད་དང་ལྡན་པས་ཡར་དྲངས། འོག་རླུང་གི་ཤུགས་ཀྱིས་ཐིག་ལེ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཡར་ངང་ཧྲིལ་ལེར་དྲངས་པ། ཧིཀྲ་བདུན་གྱིས་ལྟེ་བར་དྲངས། དེ་ནས་བདུན་གྱིས་སྙིང་གར། དེ་ནས་བདུན་གྱིས་མགྲིན་པར། དེ་ནས་བདུན་གྱིས་སྨིན་མཚམས་སུ། དེ་ནས་ཧིཀ་ཅེས་ཚངས་བུག་གི་ཧཾ་དེ་ལ་གཏུགས། ཐུག་པ་དང་ཀ་ཞེས་ཡང་ཐིག་ལེ་དེ་མར་བབ་སྟེ། ལྟེ་འོག་ཏུ་ངང་ཀྱི་ལེར་གནས་པར་བསམ། དེའི་བར་ལ་ཅུང་ཟད་ངལ་གསོ། ཡང་སྔོན་ལྟར་སྦྱངས། །ཐིག་ལེ་རིམ་པར་སྤར་བ་འདི་ནི་ཞི་ཁྲོ་འཕོ་བ་དྲན་པ་རང་གྲོལ་གྱི་ལུགས་ཡིན། སྔོན་ལྟར་དུས་གཅིག་ལ་རྒྱང་གི་སྤར་བ་ཡང་རུང་སྟེ་གང་བདེ་བར་གྱིས་ཤིག །ཡང་འཇག་བཙུགས་མའི་གཏེར་གཞུང་རང་གི་དམིགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་འཕོ་བ་སྦྱང་བར་བྱའོ། །སྙམ་དུ་སེམས་བསྐྱེད་ནས། རང་ཉིད་ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཁོག་པ་སྟོང་སང་ངེ་བར་བསམ་པའི་སྤྱི་བོར་བླ་མའི་ངོ་བོ་སངས་རྒྱས་འོད་

p. 75

དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསམ། རང་གི་ལུས་ཀྱི་དབུས་ནས་ཡར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྤྱི་གཙུག་ནས་ལྟེ་འོག་སོར་བཞིའི་བར་སླེབས་པ་ཕྲ་སྦོམ་སྦ་ལྕག་འབྲིང་པོ་ཙམ་བསམ་པའི་ཚངས་བུག་ཏུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། དེ་ནས་རང་གི་དབུ་མའི་ནང་གི་སྙིང་གི་ཐད་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འགྲིལ་བ། སྲན་མའི་རྡོག་པོ་ཙམ། འཕར་འདར་ལིང་ལིང་བ་ཞིག་བསམས་ལ། ལུས་ཐ་མལ་པའི་སྐྱིལ་ཀྲུང་སོར་མོ་རྣམས་བསྐུམ་ཞྭ་བཞི་བསྒྲིམ། ལག་པ་རྡོ་རྗེའི་ཁུ་ཚུར་བསྡམ། བྲང་གི་སྒྲོག་རུས་གཡས་གཡོན་ནོན་ཙམ་བྱ། མགྲིན་པ་འགུགས། །ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་ལ་ལྡོག །གསུས་པ་སྟོད་དུ་ཡར་སྤུངས་ནས། ངག་ཏུ་ཧིཀྲ་ཅེས་པས་ཐིག་ལེ་སེན་རྡེལ་འཕང་བ་ལྟར་སྤྱི་བོའི་ཧཾ་ལ་ཕོག་པར་བསམ། ཀ་ཞེས་པས་སྐར་མདའ་ལྷུང་བ་ལྟར་ཧྲིལ་གྱིས་ལྷུང་བར་བསམ། དེ་ལྟ་

p. 76

བུ་ཡར་འཕོ་མར་ཕབ། རྟོགས་མ་ཐོན་གྱི་བར་དུ་འབད་པར་བྱའོ། །དེ་ལྟར་རྒྱུན་དུ་སྦྱངས་ན་ཞག་འགའ་ཟུང་ནས་རྟགས་འབྱུང་། ཐུན་དྲུག་ཏུ་བསྒོམ་ན་ཞག་བདུན། ཐུན་གསུམ་རེ་ལས་མ་བྱས་ན་བདུན་གཉིས་ཙམ། ཉིན་རེ་ལ་ཐུན་རེ་ལས་མ་བྱས་ན་ཞག་ཉེར་གཅིག་ཙམ་འགོར་བས་མ་གཡེལ་བར་སྦྱོངས་ཤིག །ཡང་འགོ་འཐོམ་ནས་ན་ན་ཚངས་བུག་མེད་པའི་རིགས་ཡིན་པས། འོད་དཔག་མེད་ནམ་མཁའ་ལ་ཡར་བཏེག །ཚངས་བུག་གི་ཡི་གེ་ཧཾ་མི་བསྒོམ་པར་ཧད་པོར་བསྒོམ། ཐིག་ལེ་ནམ་མཁའ་ལ་སྤར་ལ་མར་ཞུགས་། ལྟེ་འོག་ཏུ་གནས་པར་བསྒོམ་སྟེ། འཕོ་བ་དྲན་པ་རང་གྲོལ་གྱི་གཞུང་ལས། སྤྱི་བོ་སྐྱངས་ཀྱང་ཚངས་བུག་མ་རྙེད་ན། མགོ་ན་བ་ལ་སོགས་འབྱུང་བས། ཚངས་བུག་གི་ཧཾ་ཕྱེ་ནས། ཐིག་ལེ་ཚངས་བུག་ཏུ་ཡར་རྒྱང་ངེ་ཐོན་ནས། བླ་མའི་ཞབས་ལ་གཏུགས་པར་བྱས་ནས། ཚངས་བུག་ཏུ་མར་བྱུང་ལྟེ་འོག་ཏུ་གནས་པར་བསམ། །དེ་ལྟ་བུ་ལན་འགའ་ཙམ་གྱིས་ཚངས་བུག་བྱེ་སྟེ་ཁྲག་གམ་ཆུ་སེར་ཐོན་ནས་འཇག་མ་ཟུག་པར་འགྱུར་རོ། །ཞེས་གསུངས་པས། རྟགས་ནི་འཇིག་བཙུགས་མའི་གཞུང་ལས། རྟགས་ནི་སྤྱི་

p. 77

བོ་ཟ་བ་དང་། ཚ་ཚག་དང་། འབུར་བ་དང་། འབུག་པོ་ཡིན། ལུས་ཀྱང་ཟོ་མདོག་བདེ། དྲོད་སྐྱེ། ཟས་འཇུ་བ་ལ་སོགས་འོང་ཞེས་པ་དང་། འཕོ་བ་དྲན་པ་རང་གྲོལ་ལས། འཕོ་བ་ཐེབ་རྟགས་སུ། ཚངས་བུག་ཏུ་དྲོད་ཚ་ཆིལ་གྱིས་འོང་བ་དང་། གཡའ་བ་དང་། ཟ་བ་དང་། སྦྲིད་པ་དང་། སྐྲངས་པ་དང་། སྤྱི་གཙུག་ཉོ་ལེར་སོང་བ་དང་། ་བེམ་པ་དང་། ཚངས་བུག་ཏུ་ཆུ་སེར་ཐོན་པ་དང་། ཁྲག་ཐོན་པ་ལ་སོགས་འབྱུང་ངོ་། །དེའི་ཚེ་བླ་མས་ཚངས་བུག་ལེགས་པར་བཙལ་ལ་རྨ་བྱའི་མདོངས་སམ། འཇག་མ་བཙུགས་པས་ལྡེམས་སེ་ནུབ་པར་འགྱུར་རོ། །དེ་ནས་འཕོ་བ་བྱང་བ་ཡིན་ཏེ། དེ་ཙམ་ལ་ཚོད་མ་ཟིན་ན་ཚེ་སྲོག་གི་བསྐུལ་མར་འགྲོ་བས་དམིགས་པ་དང་འཁྲུལ་འཁོར་གྱི་འཕྲོ་བཅད། དེ་ནས་ཚངས་བུག་ཧཾ་གིས་མ་བཀག་ཚེ། ཚེ་སྲོག་གི་བསྐུལ་མར་འགྲོ་བས་བཀག་པ་གལ་ཆེའོ། །དེ་ཕྱིན་ཆད་ཧིཀ་དང་འཁྲུལ་འཁོར་མི་བྱ་བར་དབུ་མའི་ནང་དུ་ཐིག་ལེའི་འགྲིམ་འགྲུལ་བྱ་ཞིང་། ཚངས་བུག་ཧཱུྃ་གིས་བཀག་པ་གལ་ཆེའོ། །དེ་ནས་འཕོ་བ་བྱང་བར་འགྱུར་རོ། །ཧིག་ཀྲ་ནི་ཚེ་ཐུང་བའི་སྔགས་ཡིན་

p. 78

པས། །འཕོ་བ་མ་ཐེབ་བར་དུ་འདྲེན་པ་ལས། །ཐེབ་ན་འདྲེན་ཧིག་ཀྲ་བདུན་བས་འདྲེན་པར་མི་བྱའོ། །གལ་ཏེ་རྩོལ་བ་དྲག་པོས་འཕོ་ཐལ་ན། རྟག་ཏུ་ཤེས་པ་དྲན་མེད་འགྲོ་ལ་ཁད་པ་དང་། རྣམ་ཤེས་སྟོད་དུ་རྫོང་བ་དང་། མགོ་ཡུ་འཁོར་བ་སོགས་བྱུང་ན་རྐང་མཐིལ་གཉིས་སུ་ཁུ་ཚུར་རྡེག །འཁྲུལ་འཁོར་ཟློག །སྤྱི་བོར་སྐུ་མྱེ་བྱ། དམིགས་པ་རྐང་མཐིལ་གཉིས་སུ་གསེར་གྱི་མཆོད་རྟེན་ཤིན་ཏུ་ལྕི་བ་ལ་དམིགས་པ་དྲག་ཏུ་གཏད་ཅིང་འབེབས་མང་དུ་བྱས་པས་ཞི་བར་འགྱུར་རོ། །ཞེས་གསུངས་ལ། འཇག་བཙུགས་མའི་གཞུང་ལས། ལྔ་པ་གེགས་སེལ་ནི། སྦྱོང་བའི་སྟོབས་ཀྱིས་རླུང་སེམས་སྤྱི་བོར་འདུས་ནས་དྲན་པ་རང་སར་མི་གནས་ན། གསང་གནས་སུ་སེམས་གཏད། དེས་མ་ཕེབས་ན་རྐང་ཞབས་སུ་བྲེད་པས་ཕེབ་པ་ཡིན། དེ་ཡང་རྒྱུད་གཞན་ཕལ་ཆེར་ནས་རླུང་བུམ་ཅན་རྟགས་ཐོན་པར་མ་བྱས་ན་འཕོ་བ་སྦྱོང་རྒྱུ་མེད་པ་ལྟ་བུ་ཡིན། འོན་ཀྱང་འཇིག་བཙུགས་མ་འདི་ལ་རླུང་བཟུང་ཞིང་སྦྱོང་ན་རིང་འཕོ་ནམ་འདོད་ཆོག་པ་འབྱུང་། རླུང་བཟུང་མི་ཤེས་ན་ཡང་སྦྱོང་ཐུབ་ཅིང་། རྟགས་ཐོན་པར་སྦྱོང་ན་འཆི་ཁ་རང་གིས་རང་འཕོ་ཐུབ། རྟགས་

p. 79

ཐོན་པར་མ་སྦྱོང་ཡང་འདིའི་འཕོ་ལུང་ཐོབ་ནས་བླ་མ་སོགས་སྔས་ན་ཕེབས་ནས་འཕོ་བ་བྱས་པས་ངེས་པར་མྱུར་དུ་ཐེབ་པའི་གནད་ཡོད་པ་ཡིན། གལ་ཏེ་རང་གིས་རང་ནམ་འདོད་འཕོ་ནུས་ན་ཡང་། འཆི་རྟགས་མ་ཚང་བར་འཕོ་མི་རུང་། འཆི་རྟགས་ཚང་ནའང་འཆི་བསླུ་ལན་གསུམ་མ་བྱས་ན་འཕོ་མི་རུང་། འཆི་བསླུ་ལན་གསུམ་བྱས་ཀྱང་འཆི་རྟགས་མ་འགྱུར་ན་དུས་ཀྱི་འཆི་བ་ཡིན་པས། ནད་མ་ཕོག་གོང་ནས་འཕོས་ཀྱང་རུང་། འཆི་བསླུ་ལ་རིགས་མང་ན་ཡང་། དོན་ལ་སྨན་དང་རིམ་གྲོ་རང་གིས་ཅི་འབྱོར་གཟབ་ནས་ལན་གསུམ་བྱེད་པས་འཐུས། དེ་ཡང་འཆི་བའི་རྟགས། ཞི་ཁྲོ་ནས་འཆི་ལྟས་མཚན་མ་རང་གྲོལ་སོགས་ནས་རྒྱ་ཆེར་བཤད་པས་འདིར་མི་ལོངས། འཇག་བཙུགས་མ་ནས་ཅུང་ཟད་བཤད་པ་ནི། གཉིས་པ་འཆི་བ་བརྟག་པ་ནི། རྨི་ལམ་དུ་སྤྲེའུ་དམར་པོས་སྣ་ཁྲིད་ནས་ཤར་དུ་སོང་བ་རྨིས་ན་འཆི་རྟགས། བུད་མེད་དམར་མོ་མང་པོས་རྒྱན་བཏགས་གོས་དམར་པོ་གྱོན་ནས་ལུང་པ་དམར་པོའི་ནང་དུ་སོང་བ་རྨིས་པ་དང་། ཡུལ་དུ་འདུག་སྙིང་མི་འདོད་པ་དང་དགེ་སྦྱོར་གྱི་འཕྲོ་མི་ཟིན་པ་བྱུང་ན་ངེས་པར་འཆི་རྟགས་ཡིན། །

p. 80

མིག་གི་འོད་ཀོར་མེད་ན་ཐིག་ལེ་ཉམས་པའི་རྟགས་ཡིན་ཞག་ལྔ་ནས་འཆི། རྣ་བའི་སྒྲ་ཆད་ན་རླུང་ཉམས་པའི་རྟགས་ཡིན་པས་ཞག་བཞི་ནས་འཆི། ལུས་ཀྱི་སྤྱི་བོའི་རླངས་པ་མེད་ན་རྩ་ཉམས་པའི་རྟགས་ཡིན་པས་ཞག་གསུམ་ནས་འཆི། །ཞེས་གསུངས་ཏེ། ཕྱི་རྟགས་ནམ་མཁའི་གཟུགས་བརྙན་བལྟ་ཤེས་ན་མགོ་དང་ཡན་ལག་མ་ཚང་བ་དང་། ནང་རྟགས་རྨི་ལམ་དུ་མི་ནག་པོས་དབང་མེད་ཁྲིད་པ་དང་། མགོ་བཅད་ནས་དོན་སྙིང་བཏོན་པ་སོགས་རྨི་ལམ་ལན་གཅིག་མིན་པར་ལན་མང་དུ་རྨིས་ན་ངན་པ་དང་། ཉིན་ཕྱེད་ལྷོར་ཁ་གྲུ་ནས་ལག་ངར་གདོང་དུ་གཟར་བས་ཆད་ལ་ཁད་འོང་སྟེ། དེ་ཆད་པ་དང་། རྣ་བ་མཛུབ་མོས་མནན་པས་འུར་སྒྲ་མེད་པ་དང་། མིག་མཛུབ་མོས་མནན་པས་འོད་ཀོར་མེད་པ་དང་། ཟླ་བ་གང་ཡང་རུང་བའི་ཚེས་གཅིག་ནས་བཟུང་སྟེ་གནམ་གང་བར་དུ་ནམ་སེང་ནས་ཉི་དྲོས་བར་ཞག་གསུམ་རེ་ལ་སྣ་བུག་གཡོན་ནས། དེ་ནས་གསུམ་གཡས་ནས་ཏེ་རེས་མོས་ཡིན་དེ་གོ་ལོག་པ་དང་། མིའི་གཤིས་དང་སྤྱོད་པ་སྔར་ལས་གོ་ལོག་པ་རྣམས་འཆི་ལྟས་ཏེ། དེ་དག་ལ་འཆི་བསླུའི་རིམ་གྲོ་བྱས་ན་སྔར་ལྟར་སོར་ཆུད་ན་འཆི་བ་ཟློག་རྟགས་

p. 81

ཡིན་ལ། འཆི་བསླ་སྐུ་རིམ་ལན་གསུམ་བྱས་ཀྱང་མ་འགྱུར་ན་ངེས་པར་འཆི་བས་འཕོ་བའི་གདམས་ངག་བྱའོ། །དུས་ལ་མ་བབ་པར་འཕོས་ན་ལུས་ལྷ་དམ་པ་རིགས་བརྒྱ་བསད་པའི་ཉེས་པ་འབྱུང་བས་ངན་སོང་དུ་ལྟུང་། དུས་ལ་བབ་དུས་འཕོས་ནི་དག་པའི་ཞིང་ཁམས་ཐོབ་བོ། །དེས་ན་ཆད་པ་གཅོད་པ་དང་། སྔོན་གསོད་བྱེད་ཤོམ་ལ་ཡང་གསོད་ངེས་ཡིན་ན་འཕོ་རུང་། བརྡེག་བརྡེག་ཡིན་ན་ངན་སོང་དུ་འགྲོ་བས་འཕོ་མི་རུང་། ཚེ་མ་ཟད་བར་སྡུག་བསྔལ་ཆེན་པོ་འབྱུང་བ་ཡང་འཕོ་མི་རུང་སྟེ། ནད་ཀྱི་གཟེར་ཆེན་པོ་བྱུང་ཡང་འཆི་ངེས་མིན་པར་འཕོ་མི་རུང་སྟེ། རྡོ་རྗེ་གདན་བཞིའི་རྒྱུད་ལས། དུས་ལ་མ་བབ་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་དེ་གསོད་པར་གྱུར་ན་ནི། །དེ་ནི་དམྱལ་བར་སྐྱེ་བར་ངེས། །ཞེས་གསུངས་སོ། །འཕོ་བ་དྲན་པ་རང་གྲོལ་ལས་ཀྱང་དུས་རྟག་ཏུ་འཆི་བ་བརྟག་པ་ནི། རིང་བའི་འཆི་ལྟས༔ ཉེ་བའི་འཆི་ལྟས༔ མ་ངེས་པའི་འཆི་ལྟས༔ ངེས་པའི་འཆི་ལྟས་རྣམས་མཚན་མ་རང་གྲོལ་ལྟར་བརྟག་པར་བྱའོ༔ དེ་ཡང་འཆི་ལྟས་དང་མཐུན་པའི་འཆི་བསླུ་ལ་ནན་ཏན་བྱ་ཞིང་། །

p. 82

འཆི་ལྟས་མཚན་མ་ཚང་ཡང་འཆི་བསླུ་མ་བྱས་པར་འཕོ་བ་ནི། ལྷ་བསད་པའི་ཉེས་པ་འབྱུང་བ་དང་། རང་གིས་རང་ལྕེབས་པའི་ཉེས་པ་སོགས་འབྱུང་བས་མཚམས་མེད་པ་ལས་ཀྱང་ཉེས་པ་ཆེར་འབྱུང་བའི་ཕྱིར། ཅི་ནས་ཀྱང་འཆི་བསླུ་སྤྱི་དང་བྱེ་བྲག་གང་འོས་འཆི་བསླུ་འཇིགས་པ་རང་གྲོལ་ལྟར་ལན་གསུམ་མམ་ཅི་རིགས་པ་བྱ། ཞེས་གསུངས། དེས་རྟགས་ཐོན་པ་རྣམས་དམིགས་པ་ད་རུང་སྦྱོང་། ཧིཀྲ་མི་བརྗོད། རྟགས་མ་ཐོན་པ་རྣམས་ད་རུང་རྩེ་གཅིག་ཏུ་སྦྱོངས་ཤིག །ཆོས་ཐུན་གཉིས་སོ། །ཡང་འཕོ་བ་འཇག་བཙུགས་མའི་དམིགས་རིམ་གཞུངལས་གསུངས་པ་གཅིག་ནི། རང་ཉིད་རྗེ་བཙུན་མར་གསལ་བཏབ། རྗེ་བཙུན་མ་དེ་ཡང་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ནང་ཁྲོལ་སོགས་གང་ཡང་མེད་པ། ཕྲུ་མ་ཕུས་བཏབ་པ་ལྟ་བུ་ས་ལེ་སེང་ངེར་གསལ་བའི་སྙིང་གར་རྩ་འདབ་མ་བརྒྱད་པ་ཁ་ཡར་ཟེད་པ་མར་སྣེ་ཟོ་ཞབས་འདན་པ་ལྟ་བུ་དེའི་ཟེའུ་འབྲུའི་སྟེང་ནས་སྤྱི་གཙུག་ཏུ་རྩ་དབུ་མ་ཁང་སྟོང་གི་ཀ་བ་བཙུགས་པ་བཞིན་དུ་ཟང་ཐལ་དུ་ཡོད་པའི་ནང་དུ། དབུ་མའི་ནང་ཟེའུ་འབྲུའི་འབྲས་བུར་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་དཀར་པོ་གཅིག་

p. 83

བསྒོམ། སེམས་ཅན་ཐ་མལ་པ་རྣམས་ནི་ཐིག་ལེ་སྲན་མ་ཙམ་ཞིག་བསྐྱེད། དབུ་མའི་ཡར་སྣེ་སྤྱི་གཙུག་གི་བར་དུ་ཁྲིག་གེར་མཉམ་པར་བསྐྱེད། སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་བྱི་རུའི་མདོག་འདྲ་བར་བསྒོམ། ཆེ་ཆུང་རང་གིས་གང་བསྐྱེད་ཡིན། དེ་ནས་འཇག་བཙུགས་མ་དང་། ཞི་ཁྲོ་འཕོ་བ་དྲན་པ་རང་གྲོལ་གཉིས་ཀའི་གསོལ་འདེབས་ཐུན་མོང་བ་བླ་མ་བརྒྱུད་པའི་གསུངས་ལས་བྱུང་བ་འདིའི་རྗེས་ཟློས་མཛོད། ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས༔ རྒྱལ་བ་འོད་དཔག་པ་མེད་པ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔ ལོངས་སྐུ་ཐུགས་རྗེའི་བདག་ཉིད་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཟངས་མདོག་དཔལ་རི་མཁའ་འགྲོའི་གླིང་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་

p. 84

དྲོངས་མཛོད༔ གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔ གཏེར་སྟོན་ཉི་ཟླ་ཡབ་སྲས་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས༔ དྲིན་ཅན་རྩ་བའི་བླ་མ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཙིཏྟ་རིན་ཆེན་སྙིང་གི་གནས་ནས༔ ཞི་བ་བཞི་བཅུ་རྩ་གཉིས་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ནས༔ རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀླད་པ་དུང་ཁང་འབར་བའི་གནས་ནས༔ ཁྲག་འཐུང་འབར་བ་ལྔ་བཅུ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་

p. 85

ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བཀའ་དང་དམ་ཚིག་གཉན་པོའི་གནས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བརྗོད། ཧིཀ་བརྗོད་པས་ཧཱུྃ་དེ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་མདའ་འཕང་བ་བཞིན་དུ་སོང་། ཀ་བརྗོད་པས་ཧཱུྃ་མར་བྱུང་ནས་སྙིང་དབུས་སུ་ཡོད་པར་བསམ། སྙིང་དབུས་སུ་ཡོད་པའི་དུས་སུ་ཕར་ཚུར་ཡར་མར་གང་ཡང་མ་རེག་པའོ། །རྟགས་མ་བྱུང་གི་བར་དུ་སྦྱང་བའོ། །རྟོགས་ཐོན་ངེས་བྱུང་ན་འཇག་མ་མ་བཙུགས་ཀྱང་ཆོག །འོན་ཀྱང་གཞུང་ནས་བཤད་པ་དང་། ཕྱག་ལེན་ལ་ཡོད་པས་བཙུགས་ཏེ། དང་པོ་རླུང་སྟོད་དུ་བརྫང་བ་འདྲ་བ་དང་། སྐེ་རྒྱུད་མི་བདེ་ཞད་དང་། མགོ་ན་བ་དང་། སྤྱི་བོ་ཟ་བ་དང་། ཚ་ཚག་དང་། དེ་ནས་སྤྱི་བོ་སྒང་བ་དང་། བེམ་པོ་ཉོལ་ལེར་སོང་བ་སོགས་བྱུང་ན། འཇིམ་པ་ལ་རྩྭ་བཙུགས་པ་ལྟར་ནུབ། མལ་ནས་ཁྲག་དང་ཆུ་སེར་ཐོན་པ་སོགས་རྟགས་ངེས་པ་ཅན་ཡིན་གྱི། དེ་མིན་པར་

p. 86

ངེས་པ་མེད་དེ། སྤྱིར་མི་ཡི་མགོ་ཤུན་ལ་ཤ་གཤིས་སྲ་རྙི་ཡོད་ཅིང་། མི་བྱིས་སྦ་སོགས་རྙི་བའི་རིགས་ལ་རྩེད་མོ་བྱས་ནས་བཙུགས་ཀྱང་ཟུག་པ་སྟེ་འཕོ་བའི་དོན་མིན། མགོ་ཤུན་སྲ་བའི་རིགས་ལ་དམིགས་པ་གསལ་ཡང་ཟུག་དཀའ་བར་འོང་བ་ཡིན་ཏེ་སྐྱོན་མེད། འདི་ཡང་དམིགས་པ་ཟིན་མ་ཟིན་མགོ་སྲ་རྙི་ལེགས་པར་བརྟགས་དགོས་སོ། །འཕོ་བ་དྲན་པ་རང་གྲོལ་གཞུང་ལས། གནད་ཕལ་ཆེར་ལག་ལེན་བལྟའོ་གསུངས་པའི་དོན་ཡིན། རྩ་ནི་ན་བའམ་སྤང་མཁྲང་བ་ལ་སྐྱེ་བའི་མགོ་འཇམ་ཞིང་འབེལ་འབེལ་ཡོད་པ་སྡོང་པོ་ཕྲ་བ་རྒྱ་ཁབ་ལས་སྦོམ་ཙམ་ལ་མཁྲེགས་ཤིང་། ནང་ཁོག་སྟོང་མིན་པ་ཞིག་ཡོད་པ་དེ་ཡིན། རྩྭ་གང་རུང་བ་རྩྭ་རྒོད་ཀུ་ཤ་མི་རུང་ངོ་། །རྨ་བྱའི་སྒྲོ་གསུངས་པ་རྨ་བྱའི་ཐིལ་ཕྲན་ཡིན་ཏེ་མི་རྙེད་དོ། །མཇུག་སྒྲོ་འདི་མིན་ནོ། །འདིར་ཞིབ་པར་ཕྱག་ལེན་ལ་ལྟོས། དེ་ནས་ཐམས་ཅད་ལ་དུས་གཅིག་གམ་དུ་ཟུག་ལ་བཙུགས། ཁོམ་ན་གསོལ་འདེབས་འདོན་པ་ཕྱག་སྲོལ་ལོ། །དེ་ཡང་འཕོ་བ་དྲན་པ་རང་གྲོལ་ལས། དེ་ཡན་འཕོ་བ་སྦྱང་བ་ཞེས་བྱ། ནད་མེད་འཆི་ལྟས་མ་བྱུང་གོང་ནས་ལེགས་པར་སྦྱང་བར་བྱའོ། །ས་མཱ་ཡ་རྒྱ། ཞེས་གསུངས་པའི་དོན་ཡིན། གཉིས་པ་ལས་ལ་སྦྱོར་བའི་འཕོ་བ་ནི། འཆི་ལྟས་ཚང་ཞིང་འཆི་བསླུ་བྱས་ཀྱང་མ་ཐུབ་ན། །

p. 87

དེ་ནས་རྣམ་ཤེས་འཕོ་བྱ་སྟེ། འདི་ལ་བཞི་སྟེ། ཆོས་སྐུའི་འཕོ་བ། ལོངས་སྐུའི་འཕོ་བ། སྤྲུལ་སྐུའི་འཕོ་བ་དང་གསུམ། ཐ་མལ་པའི་འཕོ་བ་དང་བཞི། དེ་ལ་འཆི་ཁ་བར་དོ་ཡིན་པའི་རྟགས་སུ་འཆི་ནད་ཀྱིས་ཐེབས། འཆི་ལྟས་ཚང་བའི་དུས་སུ། འཆི་ཁ་བར་དོ་མི་གསལ་བ་གསལ་གདབ་པ། སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་ངག་གཉིས། གཞན་གྱི་གདམས་ངག་དང་རང་གིས་གདབ་པའོ། །དང་པོ་ནི་འཆི་ལྟས་ཚང་བ་རང་གིས་རིག། མ་རིག་ཀྱང་སྨན་པ་དང་ནད་གཡོག་པའི་རྣམ་འགྱུར་གྱིས་ཤེས་ལ། རང་གིས་ཀྱང་དྲན་པས་གསལ་ན། ཉེ་བའི་འཆི་ལྟས་རྣམས་བརྟགས་ལ་འཆི་ཁར་འདུག་ན། ཉེ་འཁོར་ན་རྩ་བའི་བླ་མ་བཞུགས་ན་སྤྱན་འདྲེན་དུ་བཏང་ལ། རང་ལ་དངོས་པོ་ཅི་ཡོད་ཐམས་ཅད་བླ་མ་ལ་ཕུལ་ལ། ཆགས་སེམས་སྐད་ཅིག་ཀྱང་མེད་པར་བྱ། ཅུང་ཟད་ཅིག་ཆགས་པས་ངན་སོང་དུ་བསྐྱུར་བས། དགེ་སློང་འབར་གསུམ་པའི་གཏམ་རྒྱུད་ལྟ་བུའོ། །ཞེས་གསུངས་པས། དགེ་སློང་གཅིག་གིས་ལྷུང་བཟེད་ལེགས་པོ་ཞིག་བསྐུངས་ནས་ཡོད་པ་ལ་ཆགས་ནས། སྦྲུལ་དུ་སྐྱེས་ཏེ་ལྷུང་བཟེད་ནང་ན་སྦྲུལ་

p. 88

ཚང་བཅས་པ་དང་། མི་གཅིག་གིས་གསེར་བསྐུངས་ནས་ཡོད་པ་རྫོ་ལོང་མ་བྱུང་བར་ཤི་ནས། དེར་སྦྲུལ་དུ་སྐྱེས་པ་ཤི་ནས་ཀྱང་སྐྱེ་བ་མང་པོར་དེ་ཉིད་སྦྲུལ་དུ་སྐྱེས་པ་དང་། མ་བུ་ལ་ཆགས་པས་བུ་ཡི་སྒོ་ཁྱི་ལ་སྐྱེས་པ་དང་། ཕ་བུ་ལ་ཆགས་པས་བུའི་རྨོས་གླང་གི་བཤུལ་འབུ་ལ་སྐྱེས་པ་ཁྭ་ཏས་བཏོན་ཅིང་ཟོས་པས་ཀྱང་སྐྱེ་བ་དུ་མར་དེར་སྐྱེས་པ་དང་། ཉ་ཕ་གཅིག་བུ་ལ་ཆགས་པས། བུའི་ཉེ་ལོགས་སུ་མཚོའི་ཉ་རུ་སྐྱེས་པ་བུས་བསད་ཅིང་ཟོས་ཀྱང་སྐྱེ་བ་མང་པོར་སྐྱེས་པ་བུས་ཟོས་པ་ལྟ་བུའོ། །དངོས་པོ་རྣམས་ཕུལ། དངོས་སུ་མ་མཇལ་ཡང་ཡིད་ཀྱིས་ཕུལ། བློས་ཐེང་བར་བྱ། ཁྱད་པར་དུ་ཆགས་སྡང་སྐྱེ་བའི་དངོས་པོ་གཅིག་ཀྱང་མཐོང་སར་མི་བཞག་གོ །དེ་ནི་ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །ཞེས་པའི་དོན་ནོ། །དེའི་དུས་སུ་ཅི་ཡོད་སྤང་དག་བྱས་ཏེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། རང་གི་བླ་མ་དགེ་འདུན་དང་། །ཚོགས་བསགས་ཞིང་ནི་ཁྱད་པར་ལས། །ཡོན་དང་སྟོན་མོས་མཉེས་བྱས་ལ། །ཞེས་གསུངས་པས། དེ་ནས་བླ་མ་བྱོན་ནས་སྔགས་ཀྱི་དམ་ཚིག་ཉམས་ཆག་ཡོད་པ་རྣམས་བཤགས། ཉེས་ལྟུང་ཅི་ཡོད་ན་ཕྱིར་

p. 89

བཅོས་བྱ། སྡོམ་ལྡན་ཡིན་ན་སྡོམ་པ་གསོ། སྡོམ་ལྡན་ཡིན་ན་སྐྱབས་འགྲོ་ནས་གཞི་བླངས་ལ་འབོགས། གལ་ཏེ་བླ་མ་མི་བཞུགས་ན། ཆོས་བརྒྱུད་གཅིག་པའམ། རང་གི་རྡོ་རྗེ་སྤུན་གྲོགས་སྤྱན་འདྲེན་ནམ་གསིང་དང་དམ་ཚིག་གི་སེལ་མེད་པ། ལྟ་སྤྱོད་མཐུན་པ་ཞིག་གིས་གསལ་གདབ་བོ། །རྒྱུད་ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིལ་བར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། བླ་མ་མེད་ན་རྡོ་རྗེ་སྤྱན། །ཤེས་པའི་གསལ་ཡང་གདབ་པར་བྱ། །ཞེས་པའོ། །འདི་ནི་གཞན་གྱིས་གསལ་བཏབ་པའོ། །གཉིས་པ་རང་གིས་གསལ་བཏབ་པ་ནི། གསལ་འདེབས་བྱེད་པོ་མ་རྙེད་ན། རང་གིས་རང་ལ་སྔར་གྱི་ཉམས་ལེན་རྣམས་གསལ་བཏབ་པར་བྱ་སྟེ། དེ་ཡང་འོད་གསལ་ཟིན་འཕྲོ་ཡོད་པ་དང་། སྟོང་ཉིད་ཀྱི་ལྟ་བ་གོམས་འདྲིས་ཡོད་ན། ལུས་ཀྱིས་ཐུབ་ན་ཆོས་བདུན་ནམ། ཙོག་པུར་འདུག་མ་ཐུབ་ན་གཡས་པ་ས་ལ་ཕབ། མགོ་བྱང་དུ་བསྟན་ཏེ། ད་ནི་བདག་འཆི་བར་འདུག་པས། སྤྱིར་ཁམས་གསུམ་འཁོར་བ། ཁྱད་པར་སྙིགས་མའི་དུས་འདིར། བདག་གདམས་པ་

p. 90

ཟབ་མོ་འདི་ལྟ་བུ་དང་འགྲོགས་ནས་འཕོ་བ་ནི་ང་རེ་དགའ། ད་རེས་འཆི་བ་འོད་གསལ་ཆོས་སྐུ་ངོ་ཤེས་པར་བྱས་ལ། གང་ལ་གང་འདུལ་གྱི་སྤྲུལ་པ་དཔག་ཏུ་མེད་པ་བསྐྱེད་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱ་དགོས་སྙམ་པའི་སེམས་བསྐྱེད་དུང་དུང་བ་ལན་འགའ་བྱེད། དེ་ནས་བདག་གིས་བླ་མ་བསྟེན་ཅིང་གདམས་ངག་ཟབ་མོ་ཞུས་པའི་དོན་དེ། ད་ལྟ་དགོས་པ་ཡིན་སྙམ་དུ་མ་ཡེངས་པར་བྱ་སྟེ། གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག །ཅེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་རང་རེ་འཆི་དུས་དེ་ལྟར་བྱ་བསམས་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་དེར། །ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །གདམས་ངག་གསལ་བའི་ངང་དུ་མ་ཡེངས་འཇུག །རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ། །འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད། །མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ། །ཞེས་བརྗོད། དེ་ནས་སྐབས་འདིར་དྭགས་པོ་རིན་པོ་ཆེའི་གདམས་ངག །དང་པོ་འཕོ་བའི་དམིགས་པ་ལན་བདུན་ནམ་ཉེར་གཅིག་ཙམ་བྱས་ལ་དེ་ནས་ཉམས་ལེན་ངང་དུ་བཞག་པས་ཐུགས་དམ་མ་

p. 91

ཟིན་པའམ། ཟིན་ཀྱང་འགྲོགས་པ་དང་བར་ཆད་བྱུང་བ་ན་ཡང་རྣམ་ཤེས་ཚངས་བུག་ནས་འཕོ་བས་ཐུགས་དམ་ཟུང་འཇུག་ཡིན་པས་ཤིན་ཏུ་ཟབ། དེ་ནས་སེམས་མ་བཅོས་པའི་འཕོ་བྱ་འཕོ་བྱེད་རྟེན་དང་བྲལ་ཏེ། རང་གི་རིག་པ་བཟོ་མེད་དུ་ཡེ་རེ། ཡེངས་མེད་དུ་ཧྲིག་གེ། གསལ་སྟོང་རྗེན་ནེ་འཆར་བ་ལ་ཡུན་རིང་དུ་བཞག་གོ །དེའི་འོད་གསལ་ངང་དུ་དབུགས་སོང་ན། གཞིའི་འོད་གསལ་དང་། ད་ལྟ་བསྒོམ་པའི་འོད་གསལ་གཉིས་ཆུ་སྣ་འཕྲད་པ་ལྟ་བུ་འོད་གསལ་མ་བུ་འཕྲད་དེ། ཡར་གྱི་ཟང་ཐལ་དང་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་སྟེ་སྐད་ཅིག་ལ་གྲོལ་བར་འགྱུར་རོ། །ཉམས་རྟོགས་བཟང་བ་རྣམས་ནི་འདི་ཁོ་ན་ལ་ཡང་ཡང་བསྐྱར་བས། རྣམ་དག་ཆོས་སྐུའི་འཕོ་བ་ཞེས་བྱ་སྟེ། འཕོ་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་ཨོ་རྒྱན་རིན་པོ་ཆེས་གསུངས་པའི་དོན་ཞྭ་དམར་དྲུག་པས་མཛད་པ་འདིའི་རྗེས་ཟློས་མཛོད། འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ཅེས་བརྗོད་དོ། །དེ་ལྟར་ཆོས་སྐུའི་

p. 92

འཕོ་བ་ཐེབ་ན། ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་། ནང་རྟགས་སུ་ཕུང་པོ་ཡུན་རིང་བཀྲག་མི་ཡལ་ཞིང་མདངས་གསལ་བ་དང་། གསང་རྟགས་སུ་ཨ་དཀར་པོ་དང་ཧཱུྃ་མཐིང་ག་ལ་སོགས་འབྱོན་པར་འགྱུར་རོ། །ཆོས་སྐུའི་འཕོ་བ་ས་མཱ་ཡ། དེ་ཡང་སེམས་ངོ་མ་འཕྲོད་པ་དང་ཉམས་རྟོགས་མེད་པ་རྣམས་ལ་ཆོས་སྐུའི་འཕོ་བ་བཏབ་རུང་། དམུས་ལོང་ལ་རྫས་བསྟན་པའམ། ཁྱི་ལ་སྐར་མ་བསྟན་པ་དང་འདྲ་བས། གང་ཟག་བློ་ཚོད་དང་སྦྱར་བའི་འཕོ་བ་གསལ་གདབ་པ་གལ་ཆེའོ། །གཉིས་པ་ལོངས་སྐུའི་འཕོ་བ་ནི། །བསྐྱེད་རིམ་ལ་བརྩོན་པར་བྱེད་པ་དང་། སྟོང་ཉིད་ལ་ངེས་ཤེས་ཆུང་ན་ལོངས་སྐུའི་འཕོ་བ་ཙམ་བྱ་སྟེ། ལུས་གནད་གོང་ལྟར་ཙོག་པུར་ཐུབ་ན་ལེགས་ལ། གོང་གི་སྦྱང་དུས་ཀྱི་དམིགས་པ་གསལ་གདབ་ཁྱད་པར་སྤྱི་བོའི་གཙུག་ཏུ་པདྨ་ཉི་ཟླའི་སྟེང་དུ་བླ་མ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་རྡོ་རྗེ་འཆང་ཆེན་ནམ། རྡོ་རྗེ་སེམས་དཔའ་འམ། སྤྱན་རས་གཟིགས་ལ་སོགས་པ་ཁྱེད་རང་གི་ཡི་དམ་བསྐྱེད་རིམ་གང་ལ་མོས་པ་དེ་ཉིད་རྣམ་པ་གསལ་གདབ། ཅེས་གསུངས་ནའང་། བདེ་བ་ཅན་དུ་སྐྱེ་བའི་རྟེན་འབྲེལ་གྱིས་འོད་དཔག་

p. 93

མེད་བསྒོམ་པ་ཟབ། སྒོ་དགུ་བཀག་པ་སོགས་བསྒོམ་ལོང་བྱུང་ན་ལེགས། མ་གསལ་ན་བུ་ག་ཐམས་ཅད་ཡིད་ལ་མི་བྱེད་པར་དབུ་མའི་ནང་དུ་སེམས་གཏད་ལ་ཚངས་བུག་ཧཱུྃ་གིས་བཀག་པ་དེ་ཕྱེས་ནས་དཀར་སེང་ངེར་ཡོད་པའི་ནང་ནས་ཐིག་ལེ་མདའ་འཕང་བ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམས་ལ། ཧིཀ་གཅིག་བརྗོད་ཅིང་དབུགས་མ་སོང་བར་དུ་དམིགས་པ་ཝིག །མར་མི་ཕབ་བོ། །དམིགས་པ་སྤྱི་བོའི་འོད་དཔག་མེད་ལ་ཡེ་རེ་གཏད། དེའི་ངང་ལ་དབུགས་སོང་ན་ཡི་དམ་གྱི་ལྷ་དང་དབྱེར་མེད་པར་རིག་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་སྟེ། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། །དེ་ལྟར་ལོངས་སྐུའི་འཕོ་བ་ཐེབ་ན། ཕྱི་རྟགས་ལ་ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་དང་། ནང་རྟགས་སུ་སྤྱི་བོའི་ཚངས་བུག་ཏུ་ཁྲག་དང་ཆུ་སེར་ཐོན་པ་དང་། ཟིལ་པ་ཕྲོམ་པའམ། སྐྱང་བ་ལ་སོགས་འབྱུང་། གསང་བའི་རྟགས་སུ་གདུང་རིགས་རྣམ་པ་ལྔའམ་གང་རུང་རེ་འབྱོན་པ་དང་། ལྷའི་སྐུ་གཟུགས་དང་ཕྱག་མཚན་ལ་སོགས་པ་འབྱོན་པར་འགྱུར་རོ། །ལོངས་སྐུའི་འཕོ་བ་ས་མཱ་ཡ། ཞེས་གསུངས་པ་

p. 94

ལྟར་འཆི་ཁ་ནས་སྔས་སུ་ཡོད་པའི་བླ་མས་འཆི་ལ་ཁད་ནས་སྒོ་དགུ་བཀག་པའི་དམིགས་པ་སོགས་ཡིད་ཀྱིས་བསྒོམ་ཞིང་། ཤི་མ་ཐག་འཕོ་བ་བཏབ་པས་རྟགས་གསུམ་ཁ་ཚང་བའམ་འགའ་རེ་བྱུང་བ་མྱོང་བས་གྲུབ་བོ། །འཕོ་བ་འཇག་བཙུགས་མའི་གཞུང་ལས། རང་ཉིད་འཆི་རྟགས་ཚང་ནས། ཧིཀ་གིས་ཡར་འཕེན་ནས་དམིགས་མེད་ལ་བཞག་གོ །ཀས་མར་མི་ཕབ་བོ། །དྲུག་པ་གོལ་ས་ནི། སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །། སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །ཞེས་གསུངས་པས། འདོམས་སུ་འཕོས་ན་དམྱལ་བར་སྐྱེ༔ ཆུ་སོར་དུད་འགྲོ། ལྟེ་བ་ཡི་དྭགས། ཁ་ནས་ཤ་ཟ་དང་སྲིན་པོ། སྣ་བུག་གཡས་ནས་ལྷ་མ་ཡིན། གཡོན་ནས་མི། མིག་ནས་གཟུགས་ཁམས་རྣ་བ་ནས་འདོད་ཁམས། སྨིན་མཚམས་ནས་གཟུགས་མེད་ཁམས། སྤྱི་བོ་ནས་བདེ་བ་ཅན་དུ་སྐྱེའོ། །ཞེས་འཇག་བཙུགས་མའི་ཡིག་རྙིང་ལས་འབྱུང་སྟེ། རྒྱུད་དང་ཅུང་མི་མཐུན་ཀྱང་དོན་ལ་མི་འགལ་ཏེ། སྒོ་དགུ་གསུངས་པ་གདམས་ངག་གིས་མ་ཟིན་པའི་སྤྱི་བོར་སེམས་སོ། །མཁའ་འགྲོ་མ་ཀུ་རུ་ཀུལླེའི་རྒྱུད་ནས། རྣམ་ཤེས་རླུང་ལ་ཞོན་ནས་ནི། །འོག་གི་གནས་

p. 95

སུ་འཕོས་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་རྒྱུད་དུ་སྐྱེ་འགྱུར་ཏེ། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཅི་བཞིན་ནོ། །ཞེས་གསུངས་སོ། །དེ་རྣམས་ལོངས་སྐུའི་འཕོ་བའོ། །གསུམ་པ་སྤྲུལ་སྐུའི་འཕོ་བ་ནི། སེང་གེའི་ཉལ་སྟབས་བྱས་ལ། མདུན་དུ་ཐུབ་པའི་སྐུ་སོགས་བཤམས་པའམ་བསྒོམ་སྟེ། སྤྱིར་སེམས་ཅན་གྱི་དོན་དུ་སྤྲུལ་སྐུ་འབྱོན་པ་སེམས་བསྐྱེད་སྨོན་ལམ་བྱས་ནས། རྣམ་ཤེས་སྣ་བུག་གཡོན་ནས་འཕོས་ནས་ཐུབ་པའི་ཐུགས་ཀར་བསྟིམ་པ་ཡང་ཡང་བསྒོམ་ཞིང་དབུགས་ཆད་ནས་སྤྲུལ་སྐུའི་འཕོ་བ་ཐེབ་རྟགས་སུ། ཕྱི་རྟགས་སུ་སྤྲིན་འཇའ་དཔག་བསམ་གྱི་ལྗོན་ཤིང་ལྟ་བུ་དང་མེ་ཏོག་གི་ཆར་འབབ་པ་སོགས་འབྱུང་། ནང་རྟགས་སུ་སྣ་བུག་གཡོན་དུ་ཁྲག་གམ་ཆུ་སེར་རམ་བྱང་སེམས་ཐོན་པའོ། །ཟིལ་པ་ཕྲོམ་པ་ལ་སོགས་འབྱུང་ངོ་། །གསང་བའི་རྟགས་སུ་རིང་བསྲེལ་ཕྲ་མོ་མང་པོ་དང་དབུ་ཡི་ཐོད་པ་མ་ཞིག་པ་བུམ་ཧྲིལ་དང་། ལྷའི་ཕྱག་མཚན་ལ་སོགས་པ་འབྱུང་། སྤྲུལ་སྐུའི་འཕོ་བའི་དོན་བསྡུས་སོ། །དེ་རྣམས་རིམ་གྱིས་འཆི་བའི་དབང་དུ་བྱེད་པ་ཡིན་ལ། གཅིག་ཆར་དུ་

p. 96

འཆི་བ་ནི། དེ་ལྟ་བུ་བསྒོམ་ལོང་མེད་ན་སྐད་ཅིག་མའི་འཕོ་བ་འདི་གལ་ཆེའོ། །དེ་ཡང་འདི་འཆི་རྐྱེན་གང་གིས་བྱེད་མི་ཤེས་པས། ད་ལྟ་རང་ནས་སྦྱངས་བའི་འཕོ་བ་ལ་བསླབ། ད་རེས་སྐད་ཅིག་མའི་འཕོ་བ་ལ་བསླབ་བོ། །དེ་ཡང་འདི་ལྟར་བྱ་སྟེ། བདག་གལ་ཏེ་གློ་བུར་དུ་འཆི་བར་གྱུར་ན། འདུན་པ་སྤྱི་བོར་གཏད་དགོས་སྙམ་པའི་འདུན་པ་ཡེ་རེ་བྱ། །ད་ལྟ་སྐྲག་སྔངས་དྲག་པོ་ནམ་བྱུང་དུས་འདུན་པ་སྤྱི་བོར་རྒྱང་རྒྱང་དུ་གཏད་ལ་བསླབ། དེ་ཡང་མཐའ་ལ་འབྲུལ་བ་སོགས་བྱུང་དུས་འདུན་པ་སྤྱི་བོའི་འོད་དཔག་མེད་ལ་གཏད་རྒྱུ་བྱུང་ན་རབ་ཡིན་ནོ། །འདུན་པ་འདི་གནད་ཆེ་བ་ཡིན་ཏེ། དཔེར་ན་ཉི་ཤུ་གཉིས་ཀྱི་ཟླ་བ་ཤར་བ་དང་ལངས་ནས་འགྲོ་དགོས་སྙམ་པའི་འདུན་པ་དེའི་ནུབ་མོ་ནས་དུང་ངེ་བ་ཡོད་པ་ནམ་ཕྱེད་ནས་ཟླ་བ་ཤར་བ་དང་གཉིད་སད་པ་ལྟ་བུའོ། །དེ་ཡང་ད་ལྟ་ནས་བྱེད་སྔངས་དྲག་པོ་ནམ་བྱུང་དུས་འདུན་པ་རྒྱང་རྒྱང་དུ་གཏད་པ་ལ་བསླབ་བོ། །དེ་ནས་གཅིག་ཆར་དུ་འཆི་བ་ཞེས་བྱ་བ་བྲག་མཐོན་པོ་ལས་སྤྱོད་ཀྱིས་ལྷུང་བའི་ཚེ། བདག་ནམ་འཆི་བ་ཞིག་འོང་བས། དེ་མ་ཐག་སྤྱི་བོར་བླ་མ་རང་གིས་དྲན་པའམ། ཡི་དམ་རུང་གིས་དྲན་པ་རབ་ཡིན་ནོ། །

p. 97

དེ་དྲན་ལོང་མ་བྱུང་ན། སྤྱི་བོར་རྒྱང་གིས་གཏད་པ་གནད་ཡིན་ནོ། །དེ་ཡི་ཚེ་འདུན་པ་གཏད་རྒྱུ་ཡོད་པའི་རྒྱུ་མཚན་ནི། ད་ལྟ་རང་རེ་ཚོ་བྲེད་སྔངས་དྲག་པོ་རེ་བྱུང་བ་དང་ཁ་ནས་ཕ་བླ་མ་ཞེས་རྒྱང་གིས་བཏོན་རྒྱུ་ཡོད་ནས་འདུག་པའི་ཕྱིར། དེ་དུས་ཀྱང་བླ་མ་དྲན་པའམ། རིག་པ་སྤྱི་བོར་གཏད་རྒྱུ་ངེས་པར་ཡོད་པས། གནད་འདི་ཤིན་ཏུ་ཟབ་བོ། །དེ་བཞིན་དུ་མེ་ཆེན་པོའི་ནང་དུ་ཧྲིལ་འཐུམས་པའམ། ཆུ་ཆེན་པོའི་ནང་དུ་ཡེར་གྱིས་ཁྱེར་བའམ། མགོ་ལ་ཐོག་ཕོག་པའམ། སྙིང་ལ་མདའམ་གྲི་ཕོག་པ། གཟའ་ནད་གདོང་ཐུག་ལྟ་བུ་བྱུང་དུས། དེ་མ་ཐག་སྤྱི་བོའི་བླ་མ་འོད་དཔག་མེད་རང་གིས་དྲན་པའམ། རིག་པ་སྤྱི་བོའི་བླ་མ་འོད་དཔག་མེད་ལ་གཏད་པ་ནི་སྐད་ཅིག་མའི་འཕོ་བ་ཡང་ཟེར། བཙན་ཐབས་ཀྱིས་འཕོ་བ་ཞེས་བྱ་བ་སྟེ། ཤིན་ཏུ་ཟབ་པས་བློ་ལ་ལེགས་པར་བྱང་བར་བྱའོ། །དེ་ཡང་ཐ་མལ་པ་བྲེད་སྔངས་དྲག་པོ་བྱུང་དུས་སུ། ཕ་བླ་མ་ཞེས་པའམ་ཨོ་རྒྱན་པདྨ་འམ། སངས་རྒྱས་ཀྱི་མཚན་ནས་བོས་པས་ཡོན་ཏན་དུ་མ་ཡོད་པར་གསུངས་ན། འདུན་པ་སྤྱི་བོའི་བླ་མ་འོད་དཔག་མེད་ལ་གཏད་པ་ནི་ཡོན་ཏན་བསམ་

p. 98

གྱིས་མི་ཁྱབ་བོ། །ཞེས་འཕོ་བ་དྲན་པ་རང་གྲོལ་ལས་གསུངས་སོ། །བཞི་པ་ཐལ་མལ་པའི་འཕོ་བ་ནི། རང་གིས་བསྒོམ་མ་ཤེས། གཞན་གྱིས་གསལ་འདེབས་དང་འཕོ་བ་འདེབས་པོ་མ་རྙེད་ན། བྱང་དོན་ཡོད་གྲུབ་པ་བཞུགས་ངོས་ལ་མགོ་བསྟན། ་ནུབ་བདེ་བ་ཅན་ཡོད་ངོས་ལ་ཁ་བསྟན། ལྷན་ཅིག་སྐྱེས་པའི་བདུད་དཔུང་པ་གཡས་ན་གནས་པ་ཞབས་སུ་མནན། རང་སེམས་རྩེ་གཅིག་མགོ་ངོས་ན་གཏད་ནས། སྐྱབས་འགྲོ་དང་ཡིག་དྲུག་དང་བླ་མའི་གསོལ་འདེབས་གང་ཤེས་བྱས། ཕྱི་དབུགས་ཆད་པ་དང་མིང་ནས་དལ་བུས་བོས་ལ་ཁྱོད་ཀྱི་སྤྱི་བོ་ན་ཇོ་བོ་ཐུགས་རྗེ་ཆེན་པོ་བཞུགས་ནས་ཡོད་དོ། །མོས་གུས་གྱིས་ཤིག་བརྗོད་ལ་སྤྱི་བོར་རེག་རེག་བྱ། ཚངས་བུག་གི་སྐྲ་ནས་རེག་ཙམ་འཐེན་ནོ། །དེས་རྣམ་ཤེས་ཚངས་བུག་ཏུ་ཐོན་ནོ། །ཞེས་ཨོ་རྒྱན་གྱིས་གསུངས་སོ། །ད་ཁྱེད་རང་རྣམས་འཕོ་ལུང་ཟབ་རྒྱས་སུ་ཐོབ་པས་ནམ་ཞིག་འཆི་ནད་ཀྱིས་ཐེབ་ནས། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་ཤེས་ལ་ཐིམ་པའི་སྐབས་སུ་འཕོ་བར་གྱིས་ཤིག །བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱས་ནས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་

p. 99

བས་བདེ་བ་ཅན་དུ་སྐྱེ་བ་དང་སངས་རྒྱས་པ་དུས་གཅིག་ཅར་ལ་འོང་བ་ཡིན་ཏེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་དང་། ནཱ་རོ་པས། རླུང་གི་གཞུ་ལ་སེམས་ཀྱི་མདའ། །ཧིག་གི་སྒྲ་ཡིས་རབ་བསྐུལ་ནས། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཞེས་དང་། སྒྲོལ་མ་རིག་བྱེད་མའི་རྒྱུད་ལས། རྣམ་ཤེས་རླུང་ལ་ཞོན་པ་ནི། །སྟེང་གི་ལམ་ནས་འཕོས་ན་ནི། །སྡིག་ལ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་དག་ཏུ་སྐྱེ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པ་ལ། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །ཞེས་དང་། སྤྱི་བོ་ནས་འཕོས་ན་བདེ་བ་ཅན་དུ་སྐྱེའོ། །ཞེས་འཇག་བཙུགས་མའི་གཞུང་ནས་གསུངས་པས། ཁྱེད་རང་རྣམས་ནམ་འཆི་བའི་ཚེ་ན་སངས་རྒྱས་འོད་དཔག་མེད་ཡིད་ལ་དྲན་བཞིན་དུ་སྤྱི་བོ་ཚངས་པའི་བུ་གར་སྐར་ཁུང་དུ་མདའ་འཕང་བ་ལྟར་འཕོས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་བྱ་རྒོད་ཀྱིས་གནམ་འཕང་བཅད་པ་ལྟར་ཏ་ལེར་འགྲོ་བསམ་པ་གྱིས་ལ་

p. 100

རྗེས་ཟློས་མཛོད། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །དེ་ན་སངས་རྒྱས་འོད་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །བདག་ཅག་ནམ་ཞིག་འཆི་བའི་དུས་བྱུང་ཚེ། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །པདྨ་འདམ་གྱིས་མ་གོས་ཤིང་། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །གཞུང་ལས། མཐར་བཞག་དུས་འོད་དཔག་མེད་རང་ལ་བསྟིམ། སྤྱི་གཙུག་གི་བུ་ག་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བས་བཅད། སྦྱང་དུས་སུ་བདེ་བར་ནམ་མཁར་བཏེག་གོ །ཞེས་གསུངས་པས་དེང་ཕྱིན་ཆད་དམིགས་པ་མ་བརྗེད་ཙམ་གྱིས་ལ། ཧིཀ་མ་འདོན། བྱང་ཡག་མ་བྱུང་བ་རྣམས་ད་རུང་སྦྱོང་ཞིང་ཐུན་མཚམས་སུ་སྤྱི་བོའི་ཚངས་བུག་ནང་གི་ཡི་གེ་ཧི་མགོ་ཐུར་དུ་བསྟན་པ་དང་། ཚངས་བུག་སྟེང་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་གདན། དེའི་སྟེང་དུ་འོད་དཔག་མེད་དེ་ཚེ་དཔག་མེད་དུ་གནས་འགྱུར་ནས་བཞུགས་པར་བསྒོམས་ལ་རྗེས་ཟློས་གྱིས། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་

p. 101

པ་རྣམས་ཀྱིས་སྐྱབས། །སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། ལོ་བརྒྱ་ཐོབ་ཅིང་སོགས། བསོད་ནམས་རི་བོ༴ སོགས་བཀྲ་ཤིས་བྱ། མཎྜལ་ཕུལ་ནས་གྲོལ་བར་བྱ། དེ་ལྟར་ཆོས་ཐུན་གསུམ་ལ་དོན་འཐུས་པར་བྱས་པ་ཡིན་ནའང་། གསུམ་པོ་ཞག་གཉིས་སམ། གསུམ་རེའམ། བཞི་རེའམ། ལྔ་རེའམ། དྲུག་རེའམ། བདུན་རེ་ཙམ་ཝིག་ཅིང་བཤད་ལ་ཞག་དུ་འདོད་ཆོག་ལ། ཡང་ཐོབ་འདོད་ཀྱང་འདུག་ལོང་མེད་པ་དང་ངོ་ཆེན་གལ་ཆེན་གྱི་རིགས་ལ་ནི། གསུམ་ཁ་དུས་གཅིག་ལུང་ཐོབ་ལྟ་བུར་བྱས་ལ་དམིགས་པ་རྗེས་ནས་སྦྱང་ནའང་ཆོག་གོ །ཞེས་པ་འཕོ་ལུང་ཉུང་འདུས་གོ་བདེ་བར་དབོན་པོ་བླ་མ་རྒྱལ་མཚན་ལ་ཕན་ཕྱིར། དགེ་སློང་ཆོས་འདི་ལ་ཡུན་རིང་གོམས་འདྲིས་དང་ལྡན་པ། ༧ རཱ་ག་ཨ་སྱས་ཤིང་སྦྲུལ་སྨོན་ཟླ་བའི་ཡར་ཚེས་གཉིས་དང་གསུམ་ལ་རྫོགས་པར་བྲིས་པ་བཀའ་སྲུང་ཀླུ་རྒྱལ་གཙུག་ན་རིན་ཆེན་དང་དམ་ཅན་སྡེ་བདུན་ལ་བཤགས་སོ། །དགེ་བས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ཅན་དུ་སྐྱེ་བའི་འདྲེན་པ་དམ་པར་གྱུར་ཅིག །ཆོས་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། སྤྲི། ༈ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་༔ འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ༔ ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ༔ ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ ཀྱེ་མ་ཀྱི་ཧུད་

p. 102

དཀོན་མཆོག་ཐུགས་རྗེ་ཅན༔ རྒྱལ་བ་ཁྱེད་ལ་ཐུགས་རྗེའི་མཐུ་མངའ་བས༔ བདག་སོགས་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས༔ ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས༔ ཞེས་བརྗོད་བཅུག་གོ །ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཐར་མེད་ལས་ཀྱི་རྒྱ་མཚོ་དང་རིང་དུ༔ ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ༔ སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས༔ མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས་བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད༔ ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ༔ ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས༔ བདག་འདོད་གཟུང་འཛིན་བཅིངས་པའི་བཙོན་ར་འདིར༔ རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར༔ མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ༔ འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས༔ ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར༔ གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན༔ ཐར་མེད་ལས་ཀྱི་འགྲོ་རྣམས་སྙིང་རེ་རྗེ༔ རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས༔ ཞེས་བརྗོད་བཅུག་གོ། སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས༔ ཇི་ཙམ་མཐོང་ཡང་མི་འཇིགས་སྙིང་

p. 103

སྲན་ཅན༔ ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད༔ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས༔ མི་རྟག་བློ་གཏད་མེད་པར་མ་ཤེས་ནས༔ ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས༔ སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འད༢༔ འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས༔ སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག༔ བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ༔ དབྱར་རྒུན་སྟོན་དཔྱིད་ལོ་ཟླའི་དུས་མི་རྟག སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས༔ ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་༔ ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག༔ ལེགས་པར་སོམ་དང་རང་ཉིད་འཆི་ལ་ཐུག༔ སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས༔ ཞེས་བརྗོད་དོ། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ད་དངོས་གཞི་སོགས༔ ༈ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་

p. 104

འབྱུང་གནས་ལ་གསོལ་བ་འདེབས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ གྲུབ་ཐོབ་ཀརྨ་གླིང་པ་ལ་གསོལ་བ་འདེབས༔ དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་བྱིས་གྱིས་རློབས༔ རྒྱས་པར་འདོན་ན་ལོག་སོགས། ཧིཀྲ་ལན་གསུམ་ལྔ་བདུན་གང་རེད་བརྗོད༔ གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ནས། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །བྱིན་རླབས་འོད་དུ་འཁྲུགས་པའི་བར་མཚམས་ན། །རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །རིས་མེད་སྙིང་རྗེ་བདུད་

p. 105

རྩིའི་ཁྲུས་ཁང་ན། །སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས་། བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ནས། །མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་པ། ་་་ཞྭ་དམར་པའི་གསང་མཚན་གདོང་ལྔ་པ་ནི་སེངྒེ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན། །བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། །ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས་། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་མེད་

p. 106

པའི་བྱ་བཏང་གི །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པའི། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ད་ལྟ་རྗེས་ཟློས་དེས་འཐུས་སོ། །ཧིཀྲ་ལན་གསུམ་བརྗོད། ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས༔ རྒྱལ་བ་འོད་དཔག་མེད་པ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔ ལོངས་སྐུ་ཐུགས་རྗེའི་བདག་ཉིད་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཟངས་མདོག་དཔལ་རི་མཁའ་འགྲོའི་གླིང་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔ གཏེར་སྟོན་ཉི་ཟླ་ཡབ་སྲས་དེ་ཡིས་་་སྲས་ཀརྨ་གླིང་པའོ། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔

p. 107

གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས༔ དྲིན་ཅན་རྩ་བའི་བླ་མ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཙིཏྟ་རིན་ཆེན་སྙིང་གི་གནས་ནས༔ ཞི་བ་བཞི་བཅུ་རྩ་གཉིས་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ནས༔ རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀླད་པ་དུང་ཁང་འབར་བའི་གནས་ནས༔ ཁྲག་འཐུང་འབར་བ་ལྔ་བཅུ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད་གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བཀའ་དང་དམ་ཚིག་གཉན་པོའི་གནས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་ཡིས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔ བདག་སོགས་ཐར་པའི་ལམ་

p. 108

དུ་དྲོངས་མཛོད༔ གུ་རུ་ཧ་རི་ནི་ས༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧིཀ་ཅེས་བརྗོད་སོགས་གོང་ཁྲོ་བོའི་དགོངས་པ་རང་གྲོལ་གྱི་འཕོ་བ་དང་འཇག་བཙུགས་མ་གབ་སྤྲད་པ་སོགས་ཨ་རཱ་གའི་གསུང་ལྟར་གཞན་ལ་འདེབས་རྒྱུ། ༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །ཁོལ་དུ་ཕྱུང་བའོ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་པ།

p. 109

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་པའོ༔

p. 110

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ དམ་པ་རིགས་བརྒྱ་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡིས༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད༔ མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་

p. 111

ལྔ་བཅུ་བརྒྱད༔ དེ་ནས་སྔགས་ནི་འདི་ཉིད་བརྗོད༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ དེ་གསུམ་ཡིད་ལ་གང་འདོད་བཟླས༔ དེ་ཡིས་དམ་པ་རིགས་བརྒྱ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་དཀོར་སྒྲིབ་སྦྱོང་བ་སྟེ༔ རྫས་ནི་མི་དགོས་སྔགས་དམིགས་འདི༔ རང་གི་སྤྱི་བོར་རྡོར་སེམས་ནི༔ ཆ་ལུགས་གོང་དང་མཐུན་པ་ཡི༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ དཀོར་སྒྲིབ་ཐམས་ཅད་དག་པར་བསམ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ཀུ་མེ་ཀུ་མེ༔ ས་ཏ་ནི༔ ཨ་ནི་ལ༔ ཧ་ལ་ལི་བྷ་དྷ་བཛྲ་སཏྭ་མ་མ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་

p. 112

རྒྱ་རྒྱ༔ དེ་ནས་ཚེ་འདས་འདྲེན་པ་ནི༔ སྔགས་དམིགས་འདི་ཡིས་ཆོག་པ་ཡིན༔ རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ མདུན་དུ་ཚེ་ལས་འདས་པ་ནི༔ གང་ཡིན་དེ་ཉིད་གསལ་བར་བསྐྱེད༔ རང་གི་ཐུགས་ཀའི་གནས་མཆོག་ནས༔ ཞི་བ་བཞི་བཅུ་རྩ་གཉིས་ལས༔ སོ་སོའི་མདོག་གི་འོད་འཕྲོས་པས༔ ཚེ་འདས་ལ་ཕོག་སྡིག་སྒྲིབ་ཀུན༔ མ་ལུས་དག་སྟེ་ཞིང་ཁམས་ནི༔ གང་འདོད་གནས་སུ་འཕང་བར་བསམ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ཧ་ནེ་ཧ་ནེ༔ ཨཱ་ནོ་ལི༔ མི་ཏ་གུ་རུ་ཡེ་བཛྲ་སཏྭ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཏགས་གྲོལ་འདི་ལྟ་སྟེ༔ སྔགས་དང་རྒྱ་ཡིག་འདི་བྲིས་ནས༔ བཏགས་པ་ཁོ་ནས་ཆོག་པ་ཡིན༔ ཧ་ཧ་ན༔ རྒྱ་རྒྱ་ཧི༔ སི་སི་རི༔ ནོནཾརྐུ་ཀ་ཀ་ནི༔ ཆུག་བློ༔ པ་པ་སེ་དྷརྙནོ༔ ཧང་ལེ་རྐྱཟླཊ༔ ཨ་ཀིནུ༔ མནརྒནཾ༔ འ་ཨ་ཤ་ས་མ་ཧ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐོས་གྲོལ་འདི་ལྟ་སྟེ༔ སྔགས་འདི་ཐོས་པ་ཁོ་ནས་ཆོག༔ འ་ཨ་ཤ་ས་མ་ཧ༔ མ་བྷན་དྷ་མ་ར་ར༔་ཧ་ཀང་ཀའ་ཤལ་ས་བྷནདྷ་མ་ཏ་ལི༔ ཀ་ཧ་ན་ཨཱཿལི་ཏ༔ ཧ་མ་ས་ཤ་ཀི་ཡུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཟླས་གྲོལ་འདི་ལྟ་སྟེ༔ སྔགས་འདི་བཟླས་པ་ཁོ་ནས་ཆོག༔ འ་ཨ་ཤ་ས་མ་ཧཿ

p. 113

མཾ་བྷན་དྷ་མི་ཏ་རུ༔ འ་ཧ་ཤེ་ཨ་ན་ལི༔ ཨ་ཨེ་ཁ་བྷན་དྷ་མ༔ ཤལ་ཤ་འ་ཀ་ཀང་༔ ས་མུ་རྟི་ཀ་ན་ལི༔ མ་ཝ་ནི་སུ་ནེ་ཨཱཿ ཧ་གི་ཤར་ཧ་ཧ་ཧ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མཐོང་གྲོལ་འདི་ལྟ་སྟེ༔ རྒྱ་ཡིག་འདི་ནི་སུས་མཐོང་བ༔ གྲོལ་བས་མཐོང་གྲོལ་ཞེས་པའོ༔ མཐོང་ཚད་ཐམས་ཅད་གྲོལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཉམས་ཆག་སྐོང་བ་ནི༔ སྔགས་དམིགས་འདི་ཡིས་ཆོག་པ་ཡིན༔ རང་གི་སྤྱི་བོར་རྡོར་སེམས་དང་༔ དམ་པ་རིགས་བརྒྱ་གོང་ལྟར་བསྐྱེད༔ རང་གིས་འགྱོད་སེམས་དྲག་པོ་ཡིས༔ དམ་ཚིག་ཉམས་ཆག་མ་ལུས་ཀུན༔ མཐོལ་ལོ་བཤགས་སོ་བསམ་བྱས་པས༔ རྡོར་སེམས་སྐུ་ལས་བདུད་རྩིའི་རྒྱུན༔ བབ་པས་དམ་ཚིག་ཆག་ཉམས་བསྐང་༔ མཐར་ནི་རྡོར་སེམས་རང་ཐིམ་བསམ༔ དེ་ནས་སྔགས་ནི་འདི་ཡིན་ནོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ས་མ་ཡ་ཨ་ཏི་ན་བཛྲ་སཏྭ་ཀུ་ལུ་ནི༔ མ་ནི་དྷ་ར་ཡ༔ ཀང་ཀ་ནི་སཏྭ་ཡེ་ཨ་ཀེ་ནི་བྷན་དྷ་ར་མ་མ་བཛྲ་སཏཱ་སྭཱ་ཧྭ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཀྱི་རྒྱ༔ ཞལ་གདམས་ནི་རྡོར་སེམས་གར་བསྒོམ་དུ་

p. 114

སྐུ་ལ་དམ་པ་རིགས་བརྒྱ་རྫོགས་པར་བསྒོམ་དམ་ཡེ་དབྱེར་མེད་དོ༔ སྔགས་གྲངས་སོགས་ནི་མེད༔ བཏགས་གྲོལ་མཐོང་གྲོལ་འ་ཨ་ཤས་རབ་གནས་བྱ༔ སྣག་ཤོག་ཁྱད་མེད༔ སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྨོན་ཟླ་བའི་ཚེས་བཞི་ལ་རྡོ་རྗེ་སེམས་དཔས་དངོས་སུ་བཀའ་སྩལ་པའོ༔ འདིའི་དབང་གཟུངས་དབང་གིས་བཅིངས་ནས་བསྐུར་རོ། །༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཟུར་རྒྱན་ཞི་ཁྲོ་བསམ་གཏན་ཆོ་ག

p. 115

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཟུར་རྒྱན་ཞི་ཁྲོ་བསམ་གཏན་ཆོ་ག་བཞུགས་སོ། །

p. 116

ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནས་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡིས༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ སྙིང་

p. 117

ཁ་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད༔ མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་བུམ་པའི་ནང་། སྐུ་གསུམ་དཀྱིལ་འཁོར་་་་མདུན་བསྐྱེད། ཡོངས་རྫོགས་གསལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ལས༔ ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ཤར༔ སྤྲུལ་སྐུ་མ་ངེས་སྐུར་བཞེངས་ལ༔ དབང་བསྐུར་རྟེན་་་་་བུམ་བསྐྱེད། དུ་བྱིན་རླབས་ཞུ༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་

p. 118

ཚོགས་རྣམས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན་རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པའི་སེམས་ཀྱིས་འབུལ་ལགས་ན། འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ སྐོང་བཤགས༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཉེར་སྤྱོད་བདུན༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫ་ས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང་༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་སྣོད་ཀྱི་བྷན་དྷ་རུ༔ རང་རྩལ་བཅུད་ཀྱི་བདུད་རྩིས་བཀང་༔ བསྐང་བའི་རྫས་མཆོག་བླ་ན་མེད༔ བཀྲམ་པའི་ལྷ་ཚོགས་ཐུགས་དམ་

p. 119

བསྐང་། བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ འཁོར་ལོ་ལྔ་ཡི་བྷནྡྷ་རུ༔ ཐིག་ལེ་རཀྟའི་བདུད་རྩིས་བཀང་༔ འདི་ཡང་རྨད་བྱུང་སྐོང་བའི་རཀྟ་ས༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ གདལ་ཁྱབ་ལྤགས་པའི་གཏོར་གཞོང་དུ༔ རུས་པ་རང་གསལ་དཔལ་བཤོས་བཙུགས༔ རང་སྣང་ཤ་ཡི་མཐེབ་ཀྱུས་སྒྲོན༔ བཀྲག་དང་གཟི་མདངས་ཛ་གད་གསལ༔ ཁྲག་དང་ཆུ་སེར་རཀྟས་བྲན༔ བསྐང་བའི་གཏོར་མ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ གདལ་ཁྱབ་པགས་པའི་ཀོང་བུ་རུ༔ ཁྲག་དང་ཆུ་སེར་མར་ཁུས་གཏམས༔ ཤ་དང་རུས་པའི་སྡོང་བུ་བཙུགས༔ རང་གསལ་བཀྲག་མདངས་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ བསྐང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ ཉོན་མོངས་བག་

p. 120

ཆགས་མ་ལུས་དེར་བྱང་ནས༔ འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས༔ ས་བཅུ་གཅིག་ཆར་རྫོགས་པར་གྱུར་ནས་ནི༔ ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་ཤོག༔ ཁམས་དང་སྐྱེ་མཆེད་གནས་དག་པའི༔ ཞི་བའི་ལྷ་ཚོགས་ཀློང་དུ་བསྐང་༔ ཉོན་མོངས་རྟོག་པ་གནས་གྱུར་པའི༔ ཁྲོ་བོའི་ལྷ་ཚོགས་ཀློང་དུ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཀུན་བཟང་རྡོར་སེམས་ཆེ་མཆོག་ཧེ་རུ་ཀ༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ ཨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ གང་འདོད་བཟླའོ༔ ཞེས་རང་གི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་ཤིང་སྦྲུལ་མགོ་ཟླ་བའི་ཚེས་བཅུར་གཞུང་ནས་བཏུས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་

p. 121

བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག༔ སརྦ་མངྒ་ལཾ། ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་རྡོར་སེམས་དམ་པ་རིགས་བརྒྱའི་ཆོ་ག་སྙིང་པོར་དྲིལ་བ།

p. 122
p. 123

གནམ་ཆོས་རྡོར་སེམས་དམ་པ་རིགས་བརྒྱའི་ཆོ་ག་སྙིང་པོར་དྲིལ་བ་བཞུགས་སོ༔

p. 124

ན་མོ་གུ་རུ་བཛྲ་དྷ་ར་ཡ། འདིར་དབང་གི་སྨིན་ཅིང་སྡོམ་པ་དང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་ལམ་གྱི་ཉམས་ཆག་སྦྱོང་ཞིང་ཟུང་འཇུག་གི་འབྲས་བུར་སྦྱོར་བའི་ཐབས་ཟབ་པ་རྡོར་སེམས་དམ་པ་རིགས་བརྒྱའི་རྣལ་འབྱོར་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་འདབ་མ་བརྒྱད་པའི་དཀྱིལ་འཁོར་རམ་ཚོམ་བུའི་ཁར་དམིགས་གསལ་དང་འབྲེལ་ན་རྣམ་བུམ་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་བཅས་པའི་ཁར་གསང་ཐོད། སིནྡྷ་རའི་དཀྱིལ་འཁོར། མན་ཤེལ་རྣམས་བཀོད་པའི་མཐར། སྨན་རཀ་གཏོར་གསུམ་ཆུ་གཉིས་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་སོགས་གཙང་ཞིང་མཛེས་པར་བཤམས་ཤིང་། ་རོལ་ཆས་སོགས་ཀྱང་འདུ་བྱ། རྒྱུན་ཁྱེར་སོགས་

p. 125

ལ་ནི་རྟེན་དང་མཆོད་རྫས་མེད་ཀྱང་ཆོག་གོ །དེ་ནས་བདེ་བའི་སྟན་ལ་འཁོད་དེ་ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། ཨེ་མ་ཧོ༔ ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་ཆེན་པོ༔ རྫོགས་ཆེན་སྟོན་པ་བཅུ་གཉིས་རྡོར་སེམས་སོགས༔ རྒྱལ་བ་དགོངས་བརྒྱུད་བླ་མར་གསོལ་བ་འདེབས༔ གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ དགའ་རབ་རྡོ་རྗེ་ཤི་སེང་ཧ་དང་༔ རྒྱ་གར་རིག་འཛིན་བརྒྱད་དང་མཁའ་སྤྱོད་ཀྱི་རིག་འཛིན་ལྔ་དང་གུ་རུ་པདྨ་འབྱུང་༔ རིག་འཛིན་བརྡ་བརྒྱུད་ཀུན་ལ་གསོལ་བ་འདེབས༔ འཇའ་ལུས་འཆི་མེད་འགྲུབ་པར་བྱིན་གྱིས་རློབས༔ རྗེ་

p. 126

འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་སོགས༔ ཆོས་བདག་གང་ཟག་སྙན་བརྒྱུད་བླ་མ་ལ༔ གསོལ་བ་འདེབས་སོ་ཆོས་ཉིད་ཟད་ཕྱིན་ཤོག༔ གུ་རུ་ཞི་དྲག་བཀའ་དགོངས་ཕུར་གསུམ་དང་༔ ཕག་ཁྲོས་སེང་གསུམ་ཞི་ཁྲོ་རབ་འབྱམས་སོགས༔ ཡི་དམ་ལྷ་ཚོགས་ཀུན་ལ་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་མྱུར་ཐོབ་བྱིན་གྱིས་རློབས༔ མ་ནིང་སྡེ་ལྔ་འབར་མ་སེང་གདོང་མ༔ ཛཾ་ལྷ་རིགས་ལྔ་ནོར་རྒྱུན་མཆེད་ལྔ་སོགས༔ ཆོས་སྐྱོང་གཏེར་བདག་རྣམས་ལ་གསོལ་བ་འདེབས༔ ཅི་བསམ་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད༔ དེ་ལྟར་བདག་གིས་གསོལ་བ་བཏབ་པའི་མཐུས༔ ཚེ་དང་སྒྲུབ་པ་མ་ལུས་མཐར་ཕྱིན་ནས༔ ཚེ་འདིར་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཚོགས་ཞིང་རྣམས་བཛྲ་ས་མ་ཛས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བྱས་ལ། སྐྱབས་སེམས་ནི། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་བསགས་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་

p. 127

འཚལ་ལོ། །མཆོག་གསུམ་བསྟན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །ཚེ་རབས་བགྲང་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཛཧཱུྃ་བཾ་ཧོས་ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་མཉམ་པར་བཞག །སྔོན་གཏོར་ཨཱཿཀ་རོས་བརླབས་ལ། རིན་ཆེན་སྣོད་དུ་གཏོར་མ་ནི། །བདུད་རྩིར་གྱུར་ཅིག་ཨོ་ཨཱཿཧཱུྃ༔ གཉུག་གནས་གློ་བུར་ལྷག་པ་ཡི༔ གནས་བདག་གཞི་བདག་འབྱུང་པོའི་ཚོགས༔ འདིར་འདུས་མཆོད་སྦྱིན་གཏོར་མ་བཞེས༔ གནས་འདིར་གསང་སྔགས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་མ་བྱེད་པར༔ དཀར་ཕྱོགས་སྡོང་གྲོགས་མཐུན་རྐྱེན་སྒྲུབ༔ ནག་ཕྱོགས་བགེགས་རིགས་གཞན་དུ་

p. 128

དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཨོཾ་སརྦ་ལོ་ཀ་པ་ལ་ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་བིགྷན་གཙྪགཙྪ༔ ཞེས་དང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་རྣམས་བསྐྲད་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ གིས་སྲུང་བའི་འཁོར་ལོ་རང་བཞིན་ལྷུན་གྱིས་གྲུབ་པར་མོས། མཆོད་པ་བྱིན་རླབས་ནི། ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ ཨོཾ་བཛྲ་པུཊྚེ་དྷ་པེ་སོགས། ཤབྡ་པཉྩ་རཀྟ་བ་ལིནྟ་ཨཱཿཧཱུྃ༔ གསུམ། བཛྲ་སྤ་ར་ཎ་ཁཾ༔ ཞེས་བརྗོད། གཉིས་པ་དངོས་གཞི་ལྷ་བསྐྱེད་པ་ནི། ཨཱཿ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས༔ འོགགས་མེད་གསལ་དག་ཐིག་ལེའི་གཞལ་ཡས་སུ༔ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་༔ རང་སེམས་མ་བཅོས་སྟོང་པའི་རང་རྩལ་ལས༔ ཨོཾ་བཛྲ་སཏྭ་ཧཱུཾ། རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡིས༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་

p. 129

གྱིས་སྤྲས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད༔ མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ བསམ་ཡས་ལྷུན་གྲུབ་དྲན་རྫོགས་གསལ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་བུམ་པའི་ནང་༔ སྐུ་གསུམ་དཀྱིལ་འཁོར་ཡོངས་རྫོགས་གསལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ལས༔ ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཤར༔ སྤྲུལ་སྐུ་མ་ངེས་སྐུར་བཞེངས་ལ༔ དབང་བསྐུར་རྟེན་དུ་བྱིན་རླབས་ཞུ༔ ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པ༔ འདིར་གཤེགས་བདག་ལ་དགོངས་ཤིག་བཞུགས་སུ་གསོལ༔ བཛྲ་ས་མཱ་ཛ༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ། མཆོད་པ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་

p. 130

མཆོད་པ་རྒྱ་མཚོས་མཆོད༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འབུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང་༔ རེག་བྱ་འཇམ་པ་བདག་གིས་མཆོད་པ་འབུལ༔ ཡེ་ཤེས་ལྔ་ཡི་བདུད་རྩི་ཆེན་པོ་དང་༔ བྷ་ལིང་གཏོར་མའི་ཞལ་ཟས་བརྗིད་པ་དང་༔ ཁམས་གསུམ་བསྒྲལ་བའི་རཀྟ་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་རིག་མ་དཀར་དམར་མཐིང་༔ ཤིན་ཏུ་མཛེས་པ་ལྟ་ན་སྡུག་པ་ལ༔ རིན་ཆེན་དར་ཟབ་མང་པོའི་རྒྱན་གྱིས་བརྒྱན༔ རྩ་བ་གསུམ་ལ་བདག་གིས་མཆོད་པ་འབུལ༔ ལོག་འདྲེན་དགྲ་བགེགས་བསྟན་ལ་གནོད་བྱེད་རྣམས༔ ཆོས་ཀྱི་དབྱིངས་སུ་བདག་གིས་བསྒྲལ་བྱས་ཏེ༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨགྷཾ་པཱཏྱཾ་པུཥྛ་སོགས། ཤཐཱ་རཱུ་པ་ཤཔ་གནེ་རཱི་ས་སྤརེ་ཨ་མྲྀ་ཏ་རཀྟ་བྷ་ལིཏྟ་ཏ་ན་ག་ཎ་པཱུ་ཛ་ཧོ༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པསོ༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ བོ་དྷི་ཙིཏྟ་ཨ་ལ་

p. 131

ལ་ཧོ༔ བསྟོད་པ་ནི། ཧཱུྃ༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི༔ དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས༔ ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན༔ རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལས༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོས༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔་རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་བཟླ་བ་ནི། ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ འཕྲོ་འདུས་དོན་གཉིས་བྱས་ནས་རྟོགས་སྒྲིབ་སྦྱང་༔ མ་ཡེངས་དམ་པ་རིགས་བརྒྱའི་ཡང་སྙིང་འདི༔ སྒྲིབ་གཉིས་སྦྱང་ཕྱིར་ཅི་ནུས་བཟླས་པར་བྱ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཆུ་ཨཱཿ ཨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱདང་། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་པ་རྣམས་ཅི་ནུས་བཟླ་ཞིང་སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་ལ་བཟླའོ། །ལས་བུམ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་

p. 132

ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་ཡིག་བརྒྱ་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་པའི་ལྷོ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། རྗེས་འཛིན་སོགས་དང་འབྲེལ་བར་བུམ་བཟླས་དམིགས་སུ་སྤྲོ་ན། བུམ་པར་ཀུན་བཟང་རིགས་ལྔ་གསལ་བ་ལ་གཟུངས་ཐག་འོད་ཀྱིས་བསྐུལ་བས་སྐུ་ལས་བདུད་རྩིའི་རྒྱུན་བབ་པར་མོས་ལ་རིགས་ལྔའི་སྙིང་པོ་དང་ཨ་མང་དུ་བསྙེན། ཨོཾ་ཨ་བྷ་རྒྱ་ཏཾ་ཀོ་ཎིའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཅི་རིགས་དང་། ཁྱད་པར་ཚེ་འདས་འདྲེན་པའི་སྔགས་དམིགས་ནི། རང་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཞི་བའི་ལྷ་ཚོགས་ལས་རང་མདོག་འོད་ཟེར་ཉི་མའི་གཟི་བྱིན་ཅན་འཕྲོས་མདུན་དུ་ཚེ་ལས་འདས་པ་གསལ་བ་ལ་ཕོག་པས་འཁྲུལ་སྣང་སྡིག་སྒྲིབ་དག་ནས་སངས་རྒྱས་་་་འོད་དེས་གཡོགས་ནས་གང་འདོད་གནས་སུ་འཕང་བར་བསམ། ཀྱི་ཞིང་དུ་བསྒྲལ་བར་གྱུར་བསམ་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ཧ་ནེ་ཧ་ནེ༔ ཨཱ་ནོ་ལི༔ མི་ཏ་ཡེ་ཀུ་རུ་ཡེ་བཛྲ་སཏྭ་སྭཱ་ཧཱ༔ ཞེས་དང་། སྤྲོ་ན། ཐོས་གྲོལ་གྱི་སྔགས་ནི། འ་ཨ་ཤ་ས་མ་ཧ༔ མ་བྷན་དྷ་མ་ར་ར༔ ཧ་ཀང་ཀ་འ་ཤ་ལ༔ ས་བྷན་དྷ་མ་ཏ་ལི༔ ཀ་ཧ་ན་ཨཱཿལི་ཏ༔ ཧ་མ་པ་ཤ་ཀི་ཡུ༔ དང་བཟླས་གྲོལ་གྱི་སྔགས། འ་ཨ་ཤ་ས་མ་ཧ༔ སྔགས་འདིའི་རིགས་བློ་ལ་མ་ཤེས་ན་སྒྱུར་ཀྱང་རུང་། མཆན་

p. 133

མྃ་བྷན་དྷ་མི་ཏ་རུ༔ འ་ཨ་ཤེ་ཨ་ན་ལི༔ ཨ་ཨེ་ཟ་བྷནྡཱ་མ༔ ཤ་ལ་ཤ་འོ་ཀ་ཀང་༔ ས་མུ་ཏི་ཀ་ན་ལི༔ མ་ཝ་ནི་པུ་ནེ་ཨཱཿ ཧ་གི་ཤར་ཧ་ཧ་ཧ༔ ཞེས་དང་། མ་མ་ཀོ་ལིང་ས་མན་རྒེའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ༔ རྣམས་ཀྱང་ཅི་རིགས་བཟླ་ཞིང་མཆོད་བསྟོད་བྱའོ། །གསུམ་པ་ཚོགས་བསགས་བཤགས་སྐོང་གི་ཆོ་གའི་དང་པོ་ལུས་ཀྱིས་ཕྱག་འཚལ་ནི། དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་སྤྱན་སྔ་རུ༔ བདག་སོགས་མཁའ་ཁྱབ་་་་་ཚེ་འདས་གཙོར་བྱས། འགྲོ་ཀུན་ཕྱག་འཚལ་དམིགས༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ༔ བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཉམས་ཆགས་ན་རཀ་སྦྱང་ཕྱིར་ཕྱག་མཆོད་བཞེས༔ ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ ཡང་དག་མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ ཉོན་མོངས་ཞི་མཛད་ཞི་བའི་

p. 134

ལྷ་ལ་ཕྱག་འཚལ་ལོ༔ ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ༔ ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ༔ སྐྱོན་བྲལ་སྒྲ་སྒྲོག་པདྨ་གསུང་ལ་ཕྱག་འཚལ་ལོ༔ ཡང་དག་དོན་ལྡན་བཛྲ་ཐུགས་ལ་ཕྱག་འཚལ་ལོ༔ དུག་ལྔ་ནད་སེལ་བདུད་རྩི་སྨན་ལ་ཕྱག་འཚལ་ལོ༔ དྲེགས་པ་འཇོམས་མཛད་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ༔ འབྱུང་བ་མངའ་བདག་མ་མོའི་ཚོགས་ལ་ཕྱག་འཚལ་ལོ༔ ས་དང་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ བསྟན་པ་སྲུང་མཛད་དམ་ཅན་རྣམས་ལ་ཕྱག་འཚལ་ལོ༔ དགྲ་བགེགས་འདུལ་མཛད་སྔགས་བདག་རྣམས་ལ་ཕྱག་འཚལ་ལོ༔ གང་གིས་རྒྱལ་བ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆགགས་མ་ལུས་ཀུན་བྱང་ཞིང་༔ མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་༔ ན་རག་གནས་ཀྱང་དོང་སྤྲུག་སྟེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ རྡོ་རྗེ་སེམས་དཔའི་གསང་སྔགས་དངོས༔ ལས་སྒྲིབ་ཉམས་སྒྲིབ་སྦྱོང་བྱེད་པའི༔ འཁོར་བ་དོང་སྤྲུག་ཡང་སྙིང་བཟླ༔ རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་འམ་ལུས་དཀྱིལ་དང་བཅས་པ་གསལ་བར་མོས། རང་གི་སྤྱི་བོར་རྡོར་སེམས་སྐུ་མདོག་

p. 135

དཀར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བཏུར་ཐབས་འཛིན༔ དེ་ཡི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་ཀུན་གང་སྟེ་སྡིག་སྒྲིབ་ནག་ནུར་སོང་༔ ཞེས་དེ་ལྟར་གསལ་ལ་སྟོབས་བཞིའི་འདུན་པ་དྲག་པོ་དང་བཅས་ཏེ། ཨོཾ་བཛྲ་སཏཱ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་བཟླ། གཞན་ཡང་བདུད་རྩིས་དམ་ཚིག་ཉམས་ཆགས་སྐོང་བར་བསམས་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ས་མ་ཡ་ཨ་ཏི་ན་བཛྲ་སཏྭ་ཀུ་ལུ་ནི༔ མ་ནི་དྷ་ར་ཡ༔ ཀང་ཀ་ནི་སཏཱ་ཡེ་ཨ་ཀེ་ནི་བྷན་ར་མ་མ་བཛྲ་སཏྭ་སྭཱ་ཧཱ༔ ཞེས་དང་། དཀོར་སྒྲིབ་སྦྱོང་བའི་སྔགས་ནི། བདུད་རྩིས་དཀོན་མཆོག་དང་གཤིན་དཀོར་གྱི་སྒྲིབ་པ་དག་པར་བསྒོམས་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ཀུ་མེ་ཀུ་མེ༔ ས་ཏ་ནི༔ ཨ་ནི་ལ༔ ཧ་ནི་ལ༔ ཧ་ན་ལི་བྷ་དྷ་བཛྲ་སཏཱ་མཱ་མ་སྭཱ་ཧཱ༔ ཞེས་པའང་བཟླ། དེ་ནས། ཧོ༔ བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེ་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་ངན་སེམས་ངག་ཏུ་སྨས༔ བརྡེག་འཚོག་གནོད་པ་དངོས་སུ་སྤྱད༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ འཛབ་བཟླས་མ་དག་ཟུར་ཆག་ཉམས༔ གསང་བར་འོས་

p. 136

དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ སྤྱད་པར་བྱ་བའི་དམ་ཚིག་ལ༔ ཤེས་བྱ་ལྔ་དང་བསྒྲུབ་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་༔ ཉ་སྟོང་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱང་བྱས༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་འགལ་བཤགས༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་སྒོམ་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཆག་ཉམས་མ་བྱུང་མ་སྐྱེས་པ༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ཞེས་དང་། སྤྲོ་ན་དབང་བཞི་བླང་བའི་དམིགས་པ་བྱ། མཐར་རྡོར་སེམས་རང་ལ་ཐིམ་པར་བསམ་ཞིང་སྣང་སྟོང་བློ་འདས་ཀྱི་ངང་དུ་མཉམ་པར་བཞག །གྲུབ་ན་ལྟ་བའི་ཀློང་བཤགས་ཀྱང་བྱའོ། །གཉིས་པ་སྐོང་བ་ལ། ཚོགས་གཏོར་སོགས་བདུད་རྩིས་བྲན་ལ། ཧཱུྃ། རང་ཉིད་ལྷ་

p. 137

ཡི་ཐུགས་ཀ་ནས༔ རཾ་ལས་མེ་འཕྲོས་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་གཡོས་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ་ཨོ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ༔ བདུད་རྩི་དཀར་དམར་མཐིང་གར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབས། ཧཱུྃ། སྐུ་གསུམ་རྩ་བརྒྱུད་བླ་མ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་སྐྱོང་སྲུང་མ་མ་ལུས་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ནོར་ལྷ་དམ་ཅན་རྒྱ་མཚོ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་གཏོར་འདི་ལ་བྱིན་གྱིས་རློབས༔ རྣལ་འབྱོར་བསམ་པ་བསྒྲུབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་བཛྲ་སཏཱ་དྷེ་བ་ཌཱཀྐི་ནི་ཧྲི་དྷརྨཱ་པཱ་ལ་བ་སུ་དེ་ཝ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཞེས་ཚོགས་མགྲོན་སྤྱན་དྲངས་ལ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ རིག་འདུས་བླ་མ་རྡོ་རྗེ་སེམས༔ ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཆེ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ ཞལ་

p. 138

ཟས་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཐུགས་དང་འགལ་བར་གྱུར་པ་བཤགས༔ དམ་སྲི་གནོད་བྱེད་ཞལ་དུ་བསྟབ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་དྷེ་ཝ་དྷཀི་ནི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བསྐང་རྫ་ས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཉེར་སྤྱོད་བདུན༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫ་ས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང་༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་སྣོད་ཀྱི་བྷན་དྷ་རུ༔ རང་རྩ་ལ་བཅུད་ཀྱི་བདུད་རྩིས་བཀང་༔ བསྐང་བའི་རྫས་མཆོག་བླ་ན་མེད༔ བཀྲམ་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ འཁོར་ལོ་ལྔ་ཡི་བྷནྡྷ་རུ༔ ཐིག་ལེ་ལྔ་ཡི་བདུད་རྩིས་བསྐང་༔ འདི་ཡང་རྨད་བྱུང་བསྐང་བའི་རཀྟ་སྟེ༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ གདལ་ཁྱབ་པགས་པའི་

p. 139

གཏོར་གཞོང་དུ༔ རུས་པ་རང་གསལ་དཔལ་བཤོས་བཙུགས༔ རང་སྣང་ཤ་ཡི་མཐེབ་སྐྱུས་སྒྲོན༔ བཀྲག་དང་གཟི་མདངས་ཛ་གད་གསལ༔ ཁྲག་དང་ཆུ་སེར་རཀྟས་བྲན༔ བསྐང་བའི་གཏོར་མ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ བརྡལ་ཁྱབ་པགས་པའི་ཀོང་བུ་རུ༔ ཁྲག་དང་ཆུ་སེར་མར་ཁུས་གཏམས༔ ཤ་དང་རུས་པའི་སྡོང་བུ་བཙུགས༔ རང་གསལ་བཀྲག་མདངས་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ བསྐང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ས་བཅུ་ཁྱད་པར་རིམ་གྱིས་བསྒྲོད་པའི་ཚེ༔ ཉོན་མོངས་བག་ཆགས་མ་ལུས་དེར་བྱུང་ནས༔ འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས༔ ས་བཅུ་གཅིག་ཆར་རྫོགས་པར་གྱུར་ནས་ནི༔ ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་ཤོག༔ ཁམས་དང་སྐྱེ་མཆེད་གནས་དག་པའི༔ ཞི་བའི་ལྷ་ཚོགས་ཀློང་དུ་བསྐང་༔ ཉོན་མོངས་རྟོགས་ཚོགས་གནས་གྱུར་པའི་

p. 140

ཁྲོ་བོའི་ལྷ་ཚོགས་ཀློང་དུ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་ལ་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར་བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་༔ དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཚངས་པར་མཛད་ནས་དངོས་གྲུབ་བསྩལ་དུ་གསོལ༔ བླ་མ་མགོན་པོ་དབྱེར་མེད་སྤྱན་རས་གཟིགས༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་རྣམས་བསྡུས་ཏེ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཕོ་ཕོ་ཞེས་པས་ལྷག་མའི་མགྲོན་སྤྲིན་ལྟར་གཏིབས་པར་བསམས་ལ། མ་མོ་མཁའ་འགྲོ་ཤ་ཟ་དུར་བདག་མོ༔ ལྷག་ལ་དབང་བའི་འབྱུང་པོ་གཏོར་ལེན་རྣམས༔ ལྷག་མ་འདི་བཞེས་གནོད་བྱེད་དགྲ་བགེགས་རྣམས་ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཨུཊྛིབ་བྷ་ལིངྐ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལྷག་གཏོར་གཏོང་བ་དང་། རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ ཚོགས་ཀྱི་མཆོད་པ་འབུལ་བ་ཡིས༔ བདག་གཞན་འགྲོ་བ་མ་ལུས་པ༔ དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག ཅེས་སྨོན་ལམ་གདབ་བོ། །རྗེས་ལ་གཏོར་མ་བཏང་བ་ནི།

p. 141

ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས། ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ ལྷ་སྲིན་དམ་ལ་བཏགས་པ་རྣམས༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཤལ་ཆུས་བརྟན་མ་བསྐྱོང་བ་ནི། ཨོཾ་ཨཱཿཧཱུྃ༔ ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བཀའ་དང་དམ་ལས་མ་འདའ་བར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ མ་མ་ཧཱུྃ་ཧཱུྃ་བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་སོ། །མཆོད་བསྟོད་ནི། ཨོཾ་གུ་རུ་བཛྲ་སཏཱ་ས་པ་རི་ཝཱ་ར་ཨརྒྱུ་ནས་ཤརྡ་སརྦ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་༔ གང་ཡང་ནུས་པ་མ་མཆིས་པ༔ འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཡི་གེ་བརྒྱ་པ་བཅས་པས་བཟོད་གསོལ་བྱ། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་

p. 142

སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ས་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྤྱི་མཐུན་བྱ། བསྡུ་རིམ། སྣང་སྲིད་མ་ལུས་རང་གི་སྐུ་ལ་བསྡུ། །རང་ཉིད་ཐུགས་ཀའི་སྔགས་འཁོར་ལ་ཐིམ་ནས༔ ཧཱུྃ་ཡང་རྗེས་ཞིག་མི་དམིགས་ནམ་མཁའ་ལྟར༔ ཨ་སླར་ཡང་ཅིར་སྣང་ལྷ་སྔགས་ཆོས་སྐུར་ཤར། ཨོཾ་ཨཱཿཧཱུྃ༔ ཞེས་བློ་འདས་ཀྱི་ངང་དུ་འཇོག །བསྔོ་སྨོན་ནི་ཕྱོགས་དུས་རྒྱལ་བའམ། བསྡུ་ན། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག །ཤིས་པ་བརྗོད་པ་ནི། ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པས་དགེ་ལེགས་སུ་བྱའོ། །ཞར་བྱུང་ཆོ་གའི་ཡན་ལག་བདག་ཉིད་འཇུག་པ་ནི། རང་རིག་ཡེ་ཤེས་ཀྱི་འཁོར་ལོ་དབང་ལེན་པའི་ཡུལ་བླ་མ་དང་། གློ་བུར་བག་ཆགས་ཀྱི་རྟེན་སློབ་མར་བྱས་ཏེ། ཁྲུས་དང་མཎྜལ་སྔོན་དུ་འགྲོ་བས་གསོལ་གདབ་ནི། དུས་

p. 143

རྩགསུམ་སངས་རྒྱས་ཐམས་ཅད་དང་༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ་དང་རྒྱུན་བཤགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་དང་སྡོམ་བཟུང་། བླ་མ་ཀུན་བཟང་སྤྱན་སྔ་རུ༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ གསུམ། དབང་གི་གཞི་འགོད་པ་ནི། སློབ་མ་རྡོ་རྗེ་སེམས་དཔའ་ལུས་དཀྱིལ་དང་བཅས་པ་གསལ་བའི་ཐུགས་སྲོག་ཧཱུཾ་དང་སྔགས་ཕྲེང་ཡི་གེ་བརྒྱ་པའི་འོད་ཀྱིས་དབྱིངས་ནས་ཡེ་ཤེས་པའི་ཚོགས་ཆར་བབས་པ་ལྟར་སྤྱན་དྲངས་སོ་སོར་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཡེ་ཤེས་བྱིན་རླབས་འབར་བར་གྱུར་པར་བསམས་ལ། ཧཱུཾ། རྒྱལ་བ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སོགས་ནས། བོ་དྷི་ཙིཏྟ་དང་། ཨོཾ་བཛྲ་ཨཱཿཝེ་ཤ་ཡ་ཨ་ཨཱཿ ཞེས་དབབ་ཏིཥྛ་བཛྲས་བརྟན་པར་བྱ། དངོས་གཞི་བུམ་པའི་དབང་ལས་སློབ་མའི་དབང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་དབང་རྫས་རིགས་ལྔ་ཡབ་ཡུམ་ཞུ་བའི་བདུད་རྩིས་དབང་བསྐུར་བས་ཕུང་ལྔ་ཡེ་ཤེས་ལྔར་སྨིན་ཅིང་ཆོས་ཐམས་ཅད་སྣང་སྟོང་ལྷའི་འཁོར་ལོ་ཤར་བར་མོས་ལ། ཞེ་སྡང་མེ་བསད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་

p. 144

དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ཞེན་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ སྐལ་ལྡན་རྣམས་ལ་བསྐུར་བར་བྱ༔ ཨོཾ་ཧཱུྃ་ཏྲྃ་ཧྲཱི་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨ༔ དེ་བཞིན་ཏུ། ཨོ་བུདྡྷ༴ སྦ་རཏྣ༴ ཨོཾ་པདྨ༴ ཧྭ་ཀརྨ༴ སློབ་དཔོན་དབང་ནི། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ལ་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁངྒ་ཨ་བྷི་ཥིཉྩ་ཨཱཿ གསང་དབང་ནི། གཙོ་བོ་ཡབ་ཡུམ་རྣམས་སྙོམ་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་མྱང་བས་གསལ་སྟོང་རྣམ་པར་མི་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར་པར་མོས་ལ། ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཿ

p. 145

ཤེར་དབང་ནི། གཙོ་བོའི་ཐུས་ཀ་ནས་སྤྲོས་པའི་རིགས་མ་སྙེམ་མའི་ངོ་བོ་ཅན་དང་མཉམ་པར་སྦྱོར་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་རྟོག་པར་སྒོམས་ཤིག ཧཱུྃ༔ ཁྱེད་རྣམས་རྡོར་སེམས་ཡབ་ཡུམ་ལྟར༔ དབབ་བཟུང་འདྲེན་བཀྲམ་ཚད་སྦྱོར་ལ༔ དགའ་བ་རྣམ་བཞི་ངོས་བཟུང་ནས༔ རྡོ་རྗེ་འཛིན་པའི་སར་གནས་ཤོག༔ ཨོཾ་སོགས། དབང་བཞི་པ་ནི། མན་ཤེལ་གྱིས་མཚོན་ཏེ། རིག་སྟོང་ཆོས་སྐུ་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་མངོན་སུམ་དུ་རྟོགས་པར་མོས་ལ། སྨྲ་བསམ་བརྗོད་མེད་སོགས། དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ་སོགས། ཧོཿ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏདི༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔར་ལྡན༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ༔ དེ་ལྟར་དེ་དག་གིས་དབང་བཞི་རྫོགས་པར་ཐོབ། སྒོ་གསུམ་ཆ་སྙོམ་དང་བཅས་པའི་སྒྲིབ་པ་དག །ལམ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ཕྲིན་ལས་བཞི་ལྷུན་གྱིས་གྲུབ། ཡེ་ཤེས་བླ་མའི་ས་ནོན། སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །ཞེས་རྟོགས་པ་བསྐྱེད། མཐའ་བརྟེན་གཏོར་མའི་དབང་

p. 146

ནི༔ གཏོར་མ་རྡོ་རྗེ་སེམས་དཔའ་སྟེ༔ ཞི་ཁྲོ་རབ་འབྱམས་ལྷམ་མེར་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ཆོས་སྐུ་ཀུན་ཏུ་བཟང་པོ་སོགས་དང་། ཤིས་པ་བརྗོད་ཅིང་དམ་བཅའ་དང་མཎྜལ་ཕུལ། སློབ་མར་དབང་བསྐུར་བ་ལའང་སྔོན་རྗེས་མཚམས་སྦྱོར་གྱིས་བརྒྱན་པས་འགྲུབ་བོ། །གཤིན་པོ་རྗེས་འཛིན་གནས་འདྲེན་ལ། མིང་བྱང་། སྦྱོང་ཆས། །བྲབ་རྫས། ཟས་གཏད་སོགས་འདུ་བྱས་ལ། རྟེན་བསང་སྦྱང་། ཨོ་ཀ་ཏི་མ་ན་ཡ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། མདུན་དུ་ཚེ་ལས་འདས་པ་ནི། རྨེ་གསོན་པོའི་གཟུགས་ལྟར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཡི་དམ་ལྷ་ཡི་བདེན་པ་ཡི༔ རྒེའི་རྣམ་པར་ཤེས་པ་དེ༔ སྟེང་འོག་བར་གསུམ་གར་གནས་ཀྱང་༔ གནས་ནས་གཟུགས་དང་མིང་རུས་འདིར༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛསརྣམ་ཤེས་དང་། ཨ་རྨི་སུ་ཏྲི་པྲ་དུ་མ་མ་ཨངྐུ་ཤ་ཛས་རིགས་དྲུག་བག་ཆགས་འགུགས། ཛཧཱུྃ་བཾ་ཧོས་བསྟིམ་མོ། །བགེགས་སྦྱོང་བ་ནི། སྦྱང་གཏོར། ཨོཾ་ཨཱཿཧཱུྃ་ཧོས་བརླབས་ལ། ་ཧཱུཾ། ཚེ་ལས་འདས་པ་འདི་ཉིད་ལ༔ གསོན་པོའི་བདུད་དང་ཤི་བའི་གཤེད༔ ཁྱེད་རྣམས་གཏོར་མ་འདི་ཁྱེར་ལ༔ ཚེ་ལས་འདས་པ་འདི་ཉིད་ལ༔

p. 147

ཐར་པའི་གེགས་ནི་ཁྱོས་མ་བྱེད། གལ་ཏེ་མི་ཉན་བྱས་གྱུར་ན༔ ངས་ནི་ལྷ་ཡི་ང་རྒྱལ་བསྐྱེད༔ ཁྱོད་ཀྱི་མགོ་བོ་དུམ་བུར་འགེམས༔ དེ་བས་མ་འདུག་ཕྱིར་དེངས་ཤིག་ཨོ་སརྦ་སོགས་གསུམ་གྱིས་ཞི་བ། ཏིང་ལོ་ཧཱུྃ་བཞི་པ་གསུམ་གྱིས་བསྐོར་བ་ཕྱེད་མ་དང་། ཧཱུྃ། ང་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ འོད་ཀྱིས་ཕྱོགས་བཅུ་ཐམས་ཅད་གང་ཕྱོགས་རྣམས་རང་སྣང་རིགས་ལྔའི་ཞིང་༔ གང་བ་དེ་ལས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་བྱེད་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨོཾ་སུམྦྷ་ནི་སོགས་བརྗོད་ལ་གུ་གུལ་བདུག་ཅིང་ཡུངས་ཐུན་གྱིས་བྲབ་ལ་གཏོར་མ་རྒྱང་རིང་དུ་དོར་བ་དྲག་པོའི་སྦྱང་བའོ། ཧཱུྃ༔ སྟེང་ཡང་རྡོ་རྗེའི་གུར་ཁང་ལ༔ འོག་ཀྱང་རྡོ་རྗེའི་ས་གཞིར་གྱུར༔ བར་མཚམས་རྡོ་རྗེའི་རྭ་བར་གྱུར༔ མེ་དཔུང་ཆེན་པོས་མཚམས་བཅད་ནས༔ གཤེད་ཀྱིས་ཚུགས་པ་མེད་པར་གྱུར༔ ཨོཾ་བཛྲ་ན་མི་རཀྟ་ཧཱུྃ༔ ཞེས་མཚམས་བཅད། སྡིག་སྒྲིབ་དང་བག་ཆགས་སྦྱོང་བ་ནི། ཚེ་ལས་འདས་པའི་སྤྱི་བོར་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ། མགྲིན་པར་གསང་བར་བྱ། མཆན་ཁུང་དུ་ཀཾ༔ སྤྱི་བོར་ཏཾ་

p. 148

རྣམས་གསལ་བར་སྒོམ་པའི་འོད་ཟེར་དང་བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་རིགས་དྲུག་ཏུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ཁྱོད་ཀྱི་སྒྲིབ་པ་སྦྱང་བར་གྱུར༔ དུག་གསུམ་གཏན་ནས་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བུམ་པ་སྤྱི་བོར་བཟུང་། ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་དབྱངས་ལོ་གྲངས་བརྗོད་རྒྱུའི་བཅུ་མཚམས། རྗེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་མགྲིན་པར་བཟུང་ལ་བྷཿནས་ དྱ༴ ཀེ༴ ཏཾ༴ རྣམས་སོ་སོར་སྦྱར་རོ། དུག་སྦྱོང་བ་ནི། ཧཱུྃ། ཚེ་འདས་ཁྱོད་ཀྱི་དུག་གསུམ་དང་༔ དུག་ལྔ་དུག་བརྒྱུད་སྒྲིབ་པ་རྣམས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ སྔངས་ཤིང་དག་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཡིག་བརྒྱ་སྒྲིབ་སྦྱོང་སྔགས་བརྗོད་ཅིང་བྱེ་མས་བྲབ། ཆོས་བཤད་པ་ནི། ཧཱུྃ། ཚེ་ལས་འདས་པ་ཆེ་ཁྱོད༔ རིགས་དྲུག་གནས་སུ་འཁྱམས་སྲིད་པས་རིགས་དྲུག་མགོན་པོ་ཐུབ་ཆེན་དྲུག་གསོལ་བ་ཐོབ་དང་གྲོལ་བར་འགྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཕྱག་འཚལ་སྤྲོ་ན་བསྟོད་པ་

p. 149

དང་དབང་གི་དོན་དུ། ཀྱེ་མ་ཞི་ཁྲོའི་རབ་འབྱམས་གསོན༔ བདག་འདྲའི་ཚེ་འདས་སྡིག་ཅན་འདི༔ འཁོར་བའི་སྐྱོན་གྱིས་ནོན་ལགས་པས༔ བདག་ནི་ཁྱེད་ལ་སྐྱབས་སུ་མཆི༔ ཁྱེད་ཀྱི་ཐུགས་རྗེས་བཟུང་ནས་ཀྱང་༔ བདག་ལ་དབང་བསྐུར་བསྩལ་དུ་གསོལ༔ ཅེས་དང་སྤྲོ་ན་དབང་བདག་འཇུག་ལྟར་བསྐུར། བསྡུ་ན། ཧཱུྃ། སློབ་མ་ཚེ་ལས་འདས་པ་ཉོན༔ བུམ་པ་འདི་ནི་ཕྱི་ལྟར་ན༔ རིན་ཆེན་བུམ་པ་ཡིན་མོད་ཀྱང་༔ ནང་ན་རིན་ཆེན་གཞལ་ཡས་ཁང་༔ དེ་ཡི་ནང་ན་རྡོ་རྗེ་སེམས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ དེ་ལས་བྱིན་རླབས་ཆར་ལྟར་བབས༔ ཁྱོད་ཀྱི་ལུས་ལ་ཐིམ་ནས་ཀྱང་༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ཡིག་བརྒྱ་དང་། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་དམ་པ་རིག་བརྒྱའི་ངོ་བོར་དག་པར་གྱུར། སྤྲོ་ན་རྫས་རྟགས་ཀྱང་སྦྱིན། ཟས་གཏད་ནི་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཟས་སྒོམ་ཐབས་ཀྱི་ཆགས་ཡོད་དང་༔ སྐྱེ་བ་སྔོན་གྱི་བུ་ལོན་དང་༔ ཡི་དྭགས་གནས་སུ་སྐྱེ་ཤོམ་ན༔ བདག་གིས་འདི་ཉིད་བསྔོས་པ་འདི༔ རྩ་གསུམ་ལྷ་ཡི་བདེན་པ་ཡིས༔ ཁྱོད་ཀྱིས་

p. 150

བསྔོས་བཞིན་ཐོབ་པར་ཤོག༔ སརྦ་ཏ་ཐཱ་ག་ཏ་ཧཱུྃ༔ ལམ་བྷ་ཏ་སོགས་བརྗོད། ལམ་བསྟན་ནི། ཀྱེ་མ་ཚེ་འདས་རིགས་ཀྱི༔ འཁོར་བ་འདི་རུ་མ་ཆགས་པར༔ ཐེ་ཚོམ་ཅུང་ཟད་མེད་པ་རུ༔ བདེ་བ་ཅན་དུ་འགྲོ་བར་གྱིས༔ ཚེ་འདས་ཀྱི་རྣམ་པར་ཤེས་པ་ཨ་དཀར་པོ་གཅིག་ཏུ་གྱུར་ཏེ་མདའ་འཕང་བ་བཞིན་དུ་ཆོས་སྐུ་འོད་མི་འགྱུར་བའི་ཐུགས་ཀར་ཐིམ་སྟེ་སངས་རྒྱས་པར་གྱུར༔ ཕཊ༔ དྲག་པོར་བརྗོད། བྱང་བུ་བསྲེག་པ་ནི། ཧཱུྃ༔ ཡེ་ཤེས་ལྔ་ཡི་མེ་དཔུང་གིས༔ ཁྱོད་ཀྱི་ཕུང་པོ་ལྔ་སྦྱངས་པས༔ དུག་ལྔ་གཏན་ནས་དག་ནས་ཀྱང་༔ ཡེ་ཤེས་སྐུ་ལྔ་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ་ཡིག་བརྒྱ་སོགས་ཀྱིས་སྦྱར་བའི་ཐལ་བ་སྔགས་བཟླ་བཞིན་བུམ་ཆུས་བྲན་ལ་སཱཙྪ་གདབ་ཅིང་ཡིག་བརྒྱ་རྟེན་སྙིང་གིས་རབ་གནས་མེ་ཏོག་འཐོར། ཟབ་ཅིང་རྒྱ་ཆེ་བའི་སྨོན་ལམ་གདབ་པར་བྱའོ། །འདི་ལ་རྒྱས་པར་མོས་ན་གོང་དུ་སྡིག་སྦྱང་། ལྷ་ཁྲུས། ཤིས་བརྗོད་ཞིང་ཆོག་ལྟར་དང་། ཟས་བསྔོ་ལམ་བསྟན་རྫོགས་པ་རང་བྱུང་རྒྱུད་ཚིག་སྦྱར་རུང་ལ་འདིའི་གསོན་སྦྱོང་ནི་ཟུར་དུ་གསལ་བ་ཉིད་དོ། །རྒྱུན་ཁྱེར་ལྟ་བུར་བཤགས་པའི་རྗེས་སུ་བསྐང་བ་ལ་འཇུག་སྟེ་ཚོགས་སྔོན་རྗེསརྣམས་བཞག་པས་འཐུས་སོ། །ཞེས་རང་གི་ཐུགས་དམ་བྱ་ཕྱིར་ཨ་རཱ་གས་ཤིང་སྦྲུལ་མགོ་ཟླ་བའི་ཚེས་བཅུར་གཞུང་ནས་བཏུས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་བདེ་བ་

p. 151

ཅན་དུ་སྐྱེ་བར་གྱུར་ཅིག །སརྦ་མངྒ་ལཾ། ༈ སླར་ཡང་འགྱུར་མེད་ངེས་དོན་བསྟན་འཛིན་གྱིས་ཆོ་གའི་ཡན་ལག་ཚང་བར་མཛད་པ་ལས་བརྒྱུད་པའི་ཕྱག་བཞེས་ལྟར་གཞུང་ཚིག་བྱིན་རླབས་ཆེ་ཞིང་རྒྱུག་ཆེ་བ་རྣམས་ཚོགས་འདོན༔ བློ་འཛིན་བདེ་བར་དཀྱུས་གཅིག་ཏུ་བཀོད་པ་སྟེ་འདིས་ཀྱང་འབྲེལ་ཚད་རྣམ་པར་གྲོལ་བའི་ཕྲིན་ལས་རྟག་ཅིང་ཁྱབ་པར་གྱུར་ཅིག། དགེའོ། དགེའོ། དགེའོ།། །།༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས། ཞི་ཁྲོ་གསུང་གི་དཀྱིལ་འཁོར་སྒོམ་བཟླས།

p. 152
p. 153

ཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས། ཞི་ཁྲོ་གསུང་གི་དཀྱིལ་འཁོར་སྒོམ་བཟླས་བཞུགས་སོ། །

p. 154

ཀུན་བཟང་ཞི་ཁྲོའི་ལྷ་ལ་འདུད། །དབང་བསྐུར་རྒྱས་པ་ཐོབ་ཕྱིས་ནས། །ཕྱི་ཡི་དཀྱིལ་འཁོར་ཉི་ཤུ་གཅིག །ནང་གི་དཀྱིལ་འཁོར་རྣམ་པ་གསུམ། །གསང་བའི་དཀྱིལ་འཁོར་ཉི་ཤུ་གཅིག །བཞི་བཅུ་ཞེ་ལྔ་ཉམས་སུ་ལེན། །ཐམས་ཅད་ཉམས་ལེན་མ་གྲུབ་ཀྱང་། །ལས་བྱང་འདོན་པའང་མི་འཁྱོངས་ལ། །ཚེ་འདིར་བསོད་ནམས་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་འདོད་ཞི་ཁྲོར་དད་ཆེ་ན། །ཞི་ཁྲོ་གསུང་གི་དཀྱིལ་འཁོར་འདི། །དྲན་རྫོགས་ཡིད་ཀྱིས་བསྒོམས་བྱས་ཤིང་། །སྙིང་པོ་བཟླ་བ་ཁོ་ནས་ཆོག །ཨ། སྟོང་པའི་ངང་ལས་སྐད་ཅིག་གིས། །མེ་རི་རྡོ་ར་དུར་ཁྲོད་དབུས། །ཕྱི་ནི་རིན་ཆེན་སྣ་ཚོགས་ལ། །ནང་ནི་ཐོད་པའི་གཞལ་

p. 155

ཡས་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས། །དེ་དབུས་འཁོར་ལོ་རྩིབས་བཞི་དང་། །རྩིབས་བརྒྱད་པད་ཉི་རོ་ཡི་སྟེང་། །དབུས་སུ་པདྨ་ཧེ་རུ་ཀ །དེ་སྟེང་ཆེ་མཆོག་ཧེ་རུ་ཀ །དེ་སྟེང་པད་ཟླར་རང་ཉིད་ནི། །སྣང་མཐའ་གོས་དཀར་སྐུ་མདོག་དམར། །ཆོས་སྐུ་ཐིག་ལེ་ཉག་གཅིག་ལས༔ ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ཤར༔ སྤྲུལ་སྐུ་མ་ངེས་སྐུར་བཞེངས་ལ༔ དབང་བསྐུར་རྟེན་དུ་བྱིན་རླབས་ཞུ༔ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་

p. 156

གཤེགས་སུ་གསོལ༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པའི་སེམས་ཀྱིས་འབུལ་ལགས་ན༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ སྐོང་བཤགས༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཉེར་སྤྱོད་བདུན༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང་༔ དམ་ཅན་རྒྱ་མཚོ་ལ་སོགས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་གསུམ་སྣོད་ཀྱི་བྷན་དྷ་རུ༔ རང་རྩལ་བཅུད་ཀྱི་བདུད་རྩིས་བཀང་༔ བསྐོང་བའི་རྫས་མཆོག་བླ་ན་མེད༔ བཀྲམ་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔་ཧཱུྃ༔ འཁོར་ལོ་ལྔ་ཡི་བྷནྡྷ་རུ༔་ཐིག་ལེ་རཀྟའི་

p. 157

བདུད་རྩིས་བཀང་༔ འདི་ཡང་རྨད་བྱུང་སྐོང་བའི་རཀྟ་སྟེ༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ གདལ་ཁྱབ་ལྤགས་པའི་གཏོར་གཞོང་དུ༔ རུས་པ་རང་གསལ་དཔལ་བཤོས་བཙུགས༔ རང་སྣང་ཤ་ཡི་མཐེབ་ཀྱུས་སྒྲོན༔ བཀྲག་དང་གཟི་མདངས་ཛ་གད་གསལ༔ ཁྲག་དང་ཆུ་སེར་རཀྟས་བྲན༔ བསྐང་བའི་གཏོར་མ་བླ་ན་མེད༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ གདལ་ཁྱབ་པགས་པའི་ཀོང་བུ་རུ༔ ཁྲག་དང་ཆུ་སེར་མར་ཁུས་གཏམས༔ ཤ་དང་རུས་པའི་སྡོང་བུ་བཙུགས༔ རང་གསལ་བཀྲག་མདངས་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ བསྐང་བའི་ཞུན་ཆེན་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ ཉོན་མོངས་བག་ཆགས་མ་ལུས་དེར་བྱང་ནས༔ འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས༔ ས་བཅུ་གཅིག་ཆར་

p. 158

རྫོགས་པར་གྱུར་ནས་ནི༔ ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་ཤོག༔ ཁམས་དང་སྐྱེ་མཆེད་གནས་དག་པའི༔ ཞི་བའི་ལྷ་ཚོགས་ཀློང་དུ་བསྐང་༔ ཉོན་མོངས་རྟོག་པ་གནས་གྱུར་པའི༔ ཁྲོ་བོའི་ལྷ་ཚོགས་ཀློང་དུ་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཀུན་བཟང་རྡོར་སེམས་ཆེ་མཆོག་ཧེ་རུ་ཀ༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཙྪཱཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ གང་འདོད་བཟླའོ༔ ཞེས་རང་གི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་ཤིང་སྦྲུལ་མགོ་ཟླ་བའི་ཚེས་བཅུར་གཞུང་ནས་བཏུས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔

ནམ་ཆོས་ཐུགས་གཏེར་སྙན་བརྒྱུད་དམ་པ་རིགས་བརྒྱའི་སྒྲུབ་ཐབས་ཀྱི་ལྷན་ཐབས་གསོན་བྱང་བཞུ་ཐབས་བསྡུས་པ།

p. 159

ནམ་ཆོས་ཐུགས་གཏེར་སྙན་བརྒྱུད་དམ་པ་རིགས་བརྒྱའི་སྒྲུབ་ཐབས་ཀྱི་ལྷན་ཐབས་གསོན་བྱང་བཞུ་ཐབས་བསྡུས་པའོ།

p. 160

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །དེའང་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། །གསོན་བྱང་བཞུ་ཚུལ་རྒྱས་པ་གསུངས་ནས། རྒྱུད་རྣམས་ཀུན་ལས་ཐུན་མོང་དུ། །ཆོ་ག་འདི་ནི་རབ་ཏུ་གྲགས། །ཞེས་དེ་ནི་གཞན་ཐམས་ཅད་ལ་སྦྱར་ཆོག་གསུངས་པ་དང་། རྡོ་རྗེ་ཕྲེང་བའི་རྒྱུད་དང་སྲོང་བཙན་སྒམ་པོའི་ཞལ་གདམས་སོགས་ལས་ཀྱང་། ཏིང་ངེ་འཛིན་ལ་བརྟེན་ནས་གསོན་ཤོག་བྱ་ཚུལ་དང་། རྒྱུད་སྡེ་ཐུན་མོང་བ་ཕལ་ཆེར་རྫས་གཅིག་ལ་བརྟེན་པའི་སྦྱིན་སྲེག་གསུངས་པ་དང་དོན་གསོན་ཤོག་ཏུ་ངོས་འཛིན་སྲོལ་འདུག་པས། ལམ་འབྲས་ལས་ཀྱང་དེ་ཉིད་སྒྲིབ་སྦྱོང་གི་གཙོ་བོར་བཤད་པ་ལྟར་འདིར་དགོད་པར་བྱ་སྟེ། རྒྱས་པར་བྱང་བུའི་གཟུགས་བྲིས་པའི་སྙིང་གར་ཧཱུྃ་དང་མིང་ཡིག་སོགས་སྤྱི་ལྟར་བྲི། བསྡུ་

p. 161

ན་མིང་ཡིག་ཁོ་ནས་ཆོག་སྟེ། མདུན་དུ་བཤམས་ལ་གྱེར་སྒོམ་སྦྲགས་པར་བྱའོ། །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ༔ རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡིས༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ སྙིང་ག་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་

p. 162

ཆ་ལུགས་རྫོགས་པར་བསྐྱེད༔་མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ དམ་ཡེ་དབྱེར་མེད་དྲན་རྫོགས་གསལ༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཅི་ལྕོགས་བཟླ། མདུན་དུ་མིང་བྱང་དང་། རྫ་གསར་པའམ་ལྕགས་སྣོད་དུ་མེ་ཁྲོལ་མང་ཞིག་དང་། །ཐེབ་ཙེའི་ནང་དུ་ཏིལ་ལམ་མ་རྙེད་ན་ཉུངས་གཞི། མར་མེའམ་མེ་རུ་བཞག །རང་ཉིད་རྡོ་རྗེ་སེམས་དཔའ་ནི། །སྐུ་ཆེ་རི་རབ་དང་མཉམ་པ། །སྦྱིན་པའི་བདག་པོ་འདི་དག་ནི། །། ས་ཐག་ཉེ་རིང་གར་ཡོད་ཀྱང་། །རང་གི་མདུན་དུ་མིང་ཡིག་དང་། །དབྱེར་མེད་ཉིད་དུ་གསལ་བ་ཡི། །སྙིང་གར་པཾ་ཡིག་ནག་པོ་ལ། །ལུས་ངག་ཡིད་ཀྱི་སྡིག་སྒྲིབ་བསྟིམ། །རྐང་མཐིལ་ཡཾ་ལས་རླུང་གཡོས་པས། །ལྟེ་འོག་རཾ་ལས་མེ་འབར་བས། །སྙིང་གའི་པཾ་ཡིག་གྱེན་དུ་འདེད། །སྡིག་པ་རྭ་ཅན་རྣམ་པ་རུ། །སྣ་བུག་གཡོན་ནས་འཐོན་འགྱུར་ཏེ། །མདུན་གྱི་ཏིལ་ལ་ཐིམ་པར་གྱུར། །མདུན་གྱི་མེ་ཁྲོལ་མི་དམིགས་པ། །ཞི་བའི་ཐབ་ཁུང་མཚན་ཉིད་ལྡན། །དེ་ནང་དམ་ཡེ་དབྱེར་མེད་པའི། །ཟ་བྱེད་རྡོ་རྗེ་མཁའ་འགྲོ་

p. 163

མཐིང་། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །གར་དགུའི་ཉམས་ལྡན་གཡས་བརྐྱངས་བཞུགས། །ཞལ་གདངས་ཡེ་ཤེས་མེ་ཆེན་འབར། །དེ་ཡི་ཞལ་དུ་སྡིག་སྒྲིབ་རྣམས། །འབུལ་བས་བསྲེགས་ཤིང་སྦྱངས་བར་གྱུར། །ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་པ་གྲངས་མི་བཟུང་མི་རུང་ཅི་ལྕོགས་ཤིག་ཏིལ་སྔགས་རེ་དང་སྦྲག་མེར་བསྲེག །ཨོཾ་བཛྲ་ཌཱ་ཀ་ཨབྷཾ་སོགས། ཧཱུྃ། ཆར་སྤྲིན་མདོག་ཅན་ཞལ་གདངས་མཆེ་བ་གཙིགས། །དུག་ལྔ་སྲེག་བྱེད་བསྐལ་པའི་མེ་དཔུང་འབར། །སྲིད་གསུམ་ཟིལ་གནོན་སྤྱན་གསུམ་གྱེན་མཐུར་གཟིགས། །སྡིག་སྒྲིབ་ཟ་བྱེད་རྡོ་རྗེ་མཁའ་འགྲོར་བསྟོད། །བཛྲ་ཌཱ་ཀ་བཛྲ་མུ། ཞེས་རང་བཞིན་གནས་སུ་གཤེགས་པར་བསམ། མིང་ཡིག་སྦྱིན་བདག་དབྱེར་མེད་པའི། །རྩ་གསུམ་འཁོར་ལོ་བཞི་ལྡན་གྱི། །ལྟེ་བའི་ཨཐུང་ཡེ་ཤེས་མེ། །འབར་བས་ཕུང་ཁམས་སྐྱེ་མཆེད་དང་། །སྡིག་སྒྲིབ་རྣམ་སྨིན་ལུས་བཅས་བསྲེག །མེ་རུའམ་མར་མེ་ཐོགས་ལ། ཧཱུཾ། རྡོ་རྗེ་ལུས་ཀྱི་ལྟེ་དབུས་ན། །དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ། །ཨཡིག་པདྨ་རཱ་གའི་མདོག །ཉི་མ་སྟོང་གི་གཟི་བརྗིད་ཅན། །

p. 164

ཡེ་ཤེས་ལྔ་ཡི་མེ་སྦར་བས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །སྒྲིབ་གཉིས་གློ་བུར་དྲི་མ་རྣམས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །རྒྱས་པར་ན་ཡིག་བརྒྱ། འབྲིང་པོ་བོ་དྷི་ཙིཏྟ་བསྡུ་ན་བཛྲ་སཏཱ་ལ། རྒུ་མོའི། སྡིག་སྒྲིབ་ཤནི་ཀུ་རུ་ཡེ་སྭ་ཧཱ། ཞེས་སྦྱར་ལ་མེ་སྦར་ནས། མིང་ཡིག་བསྲེགས་པས་དེ་རྣམས་ཀྱི། །སྡིག་སྒྲིབ་རྣམ་སྨིན་ལུས་དག་ནས། །ཡེ་ཤེས་ལུས་ཅན་བཅོམ་ལྡན་འདས། །ཟླ་སྟེང་རྡོར་སེམས་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །ཐུགས་ཀར་འཛིན་ཅིང་གཡོན་པ་ཡིས། །དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ། །སྐུ་ལ་དར་དཀར་ན་བཟའ་གསོལ། །རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཞི་བ་བཞི་བཅུ་རྩ་གཉིས་ནི། །རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད། །མགྲིན་པར་རིག་འཛིན་ལྷ་ཚོགས་གསལ། །ཀླད་པ་དུང་ཁང་གཞལ་ཡས་སུ། །ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད། །མེ་ལོང་གཟུགས་བརྙན་ལྟ་བུར་གསལ། ་། སོ་སོའི་ཐུགས་ཀའི་ས་བོན་དང་། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་

p. 165

བསྐུལ། །ཀུན་བཟང་རིགས་ལྔ་ཐུབ་པ་དྲུག །མདོག་དཀར་ཁ་བ་བུ་ཡུག་ལྟར། །བྱོན་ནས་ལུས་མཆོག་དེ་ལ་ཐིམ། །སྒྲིབ་གཉིས་དྲི་མ་སངས་ཀྱིས་དག །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ སྦྱིན་བདག་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །ཛམ་བྷ་ལ་དང་ནོར་རྒྱུན་མ། །གསེར་མདོག་ཆར་ལྟར་བབས་ནས་ཐིམ། །ཚེ་བསོད་ཡེ་ཤེས་ཉམས་རྟོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་རྒྱས་གྱུར། །ཨོཾ་སརྦ་བོ་དྷི་སཏྭ་ཨརྱ་ཛམ་བྷ་ལ། སྦྱིན་བདག་རྣམས་ཀྱི་ཚེ་བསོད་ཡེ་ཤེས་པུཎྚི་ཀུ་རུ་ཡེ་ཨོཾ། རིག་འཛིན་ལྔ་དང་ཀེའུ་སེང་སོགས། །མདོག་དམར་སྒེག་ཅིང་ཆགས་པའི་གཟུགས། །འཇའ་འོད་འཐིབ་འཐིབ་ལུས་ལ་ཐིམ། །རླུང་སེམས་སྣང་བ་དབང་དུ་གྱུར། །ཧཱིམ་ཧ་རི་ནི་ས། སྦྱིན་བདག་རྣམས་ཀྱི་རླུང་སེམས་རང་དབང་ཐོབ་པར་གྱུར་ཅིག །པཱ་ཤཾ་ཀུ་རུ་ཧོ༔ ཆེ་མཆོག་རིགས་དྲུག་ཐམས་ཅད་ནི། །རབ་འཇིགས་ཤིན་ཏུ་ཁྲོས་པའི་ཚུལ། །ཆར་བཞིན་བབས་ནས་ལུས་ལ་ཐིམ། །ཉོན་མོངས་སྡིག་སྒྲིབ་བཅོམ་པར་གྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སྡིག་

p. 166

ལྟུང་ཉམས་ཆག་ཐམས་ཅད་མཱ་ར་ཡ་ཕཊ། དེ་ལྟར་སྒྲིབ་སྦྱང་དབང་བསྐུར་བས། །གནས་གསུམ་ཨོ་དཀར་ཨཱཿདམར་པོ། །ཧཱུྃ་མཐིང་གསུམ་གྱིས་རྒྱས་བཏབ་ཅིང་། །འོད་དང་མེ་དཔུང་འཁྲུགས་ཤིང་འབར། །བར་ཆད་བགེགས་ཀྱིས་མི་ཚུགས་གྱུར། །ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། བཛྲ་རཀྵ་རཀྵ། སྦྱིན་བདག་རྣམས་ཀྱིས་དུས་གསུམ་བསགས་པ་དང་། །འདི་ལྟར་བགྱིས་པའི་བསོད་ནམས་གང་ཡོད་དེས། །ཚེ་འདིར་ཚེ་རིང་ནད་མེད་ཚོགས་གཉིས་འཕེལ། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་གྱུར་ཅིག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་བརྗོད་བདག་དང་སྦྱིན་བདག་སེམས་ཉིད་དང་། །རྒྱལ་བའི་ཐུགས་རྣམས་དབྱེར་མེད་ངོ་བོ་གཅིག །ལྟ་བ་འཁོར་འདས་དབྱེར་མེད་ངང་ལ་བཞག །གོང་གི་དམིགས་པའི་རིམ་པ་དེ་རྣམས་ཀྱང་། །རྫོགས་ཆེན་ལྟ་བའི་ངང་ལ་ཐུབ་ན་རབ། །མ་ཐུབ་དང་པོ་དམིགས་རིམ་གསལ་བསྒོམ་ཞིང་། །རྗེས་ནས་དམིགས་མེད་ལྟ་བའི་ངང་ལ་བཞག །ལར་ནི་འདི་ལ་འཁོར་འདས་དབྱེར་མེད་ཀྱི། །ལྟ་བ་རྟོགས་པ་ཤིན་ཏུ་གལ་ཆེའོ། །དེ་རྣམས་གནམ་ཆོས་ཞི་ཁྲོའི་ཁ་སྐོང་

p. 167

དུ། །རྒྱུད་གཞུང་མན་ངག་མང་པོའི་དོན་བསྡུས་ཏེ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་བཀས་བསྐུལ་ནས། །རྡོ་རྗེ་འཛིན་པ་རཱ་ག་ཨ་སྱས་སྦྱར། །ཉེས་འགལ་མཆིས་ན་ཞི་ཁྲོའི་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་སྒྲིབ་གཉིས་ཀུན་བསྲེགས་ནས། །ནམ་ཞིག་འཕོས་ཆེ་བདེ་ཆེན་ཞིང་ཁམས་སུ། །བརྫུས་ཏེ་སྐྱེས་ནས་ས་བཅུ་ཐོབ་པར་ཤོག །མངྒ་ལཾ།། །།གཅིག་གམ་མང་པོའང་རུང་སྟེ་དམིགས་པ་སོ་སོར་ཟིན་པ་གལ་ཆེ། །༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཨ་ཆོས་བཅུ་གསུམ་ལས་འོད་དཔག་མེད་ཀྱི་སྒྲུབ་ཐབས་བདེ་བ་ཅན་གྱི་ཞིང་ཁམས་བགྲོད་པའི་རྟ་མཆོག་བྷ་ལ་ཧོ་ཞེས་བྱ་བའི་གསོལ་འདེབས་ཀྱི་རིམ་པ།

p. 168
p. 169

ཨ་ཆོས་བཅུ་གསུམ་ལས་འོད་དཔག་མེད་ཀྱི་སྒྲུབ་ཐབས་བདེ་བ་ཅན་གྱི་ཞིང་ཁམས་བགྲོད་པའི་རྟ་མཆོག་བྷ་ལ་ཧོ་ཞེས་བྱ་བའི་གསོལ་འདེབས་ཀྱི་རིམ་པ་བཞུགས་སོ། །ན་མོ་སརྦ་དྷེ་ཝ་ཡེ། བྱ་བའི་རྒྱུད་ལས་གསུངས་པ་ཡི། །ལྷ་མོ་རྣམ་པར་རྒྱལ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །བྱ་སྤྱོད་རྒྱུད་དུ་གཏོགས་པ་ཡི། །གཙུག་ཏོར་གདུགས་དཀར་ལྷ་མོ་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །རྣལ་འབྱོར་རྒྱུད་ལས་གསུངས་པ་ཡི། །ཚེ་དཔག་གསུང་གི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་ཚེ་བསོད་སྤེལ། །ཐབས་ཀྱི་རྒྱུད་ལས་གསུངས་པ་ཡི། །གསང་འདུས་འོད་དཔག་མེད་པ་ལ། །གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ཤེས་རབ་རྒྱུད་ལས་གསུངས་པ་ཡི། །བདེ་མཆོག་པདྨ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །རྡོ་རྗེ་གུར་ལས་གསུངས་པ་ཡི། །དགྱེས་རྡོར་པདྨ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཉིས་མེད་རྒྱུད་ལས་གསུངས་པ་ཡི། །དུས་འཁོར་འོད་དཔག་མེད་པ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །སྒྲུབ་ཐབས་རྒྱ་མཚོ་ལས་གསུངས་པའི། །གསུང་གི་རྡོ་རྗེ་འོད་དཔག་

p. 170

མེད། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །བདག་དང་བདག་ལ་འབྲེལ་ཐོགས་དང་། །སྒྲུབ་ཐབས་དེ་རྣམས་ཉམས་ལེན་མཁན། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པ་མེ་ཕོ་རྟ་ཡི་ལོ་དབྱར་དཔྱིད་མཚམས་སུ་ནུབ་མོ་ཐུན་རེ་ལ་བདེ་བ་ཅན་དུ་སྐྱེ་བའི་ཐབས། རྡོ་རྗེ་ཕྲེང་བ་སོགས་ནུས་བསྡུས་ཏེ་འོད་དཔག་མེད་ཀྱི་མངོན་རྟོགས་ཉུང་ངུ་འགའ་པདྨ་མཐར་ཕྱིན་གྱིས་ཡི་གེ་པ་བྱས་ཤིང་བྲིས་པས་ནུབ་གཅིག་ཐོ་རངས་ཉམས་ཀྱི་སྣང་བ་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཕྱིན་པའི་སྣང་བ་ཞིག་བྱུང་། ཡང་རྨི་ལམ་དུ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཕྱིན་པའི་སྣང་བ་ཞིག་བྱུང་སྟེ། ཞིང་ཁམས་ཀྱི་བཀོད་པ་སོགས་ནི་གསལ་པོར་མ་མཐོང་ལ། ཡང་མེ་ཏོག་དཀར་པོ་ཕུབ་ཙམ་ཁ་བྱེ་མ་ཐག་གཅིག་གི་སྟེང་དུ་བསྡད་པའི་སྣང་བ་བྱུང་སྟེ། དེ་དག་ཙམ་དེ་ཡི་རྟེན་འབྲེལ་དུ་གོ་ནས་སྔོན་ཟླ་བའི་ཚེས་བཅུ་ལ་རཱ་ག་ཨ་སྱས་གསོལ་བ་བཏབ་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །

གུ་རུ་ཞི་བའི་ལས་བྱང་ལ་བརྟེན་ནས་བདེ་བ་ཅན་དུ་སྐྱེ་ཐབས་ཀྱི་ཟིན་བྲིས།

p. 171

གུ་རུ་ཞི་བའི་ལས་བྱང་ལ་བརྟེན་ནས་བདེ་བ་ཅན་དུ་སྐྱེ་ཐབས་ཀྱི་ཟིན་བྲིས་བཞུགས་སོ། །

p. 172

གུ་རུ་པདྨ་སིདྡྷི་ཧཱུྃ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་བླ་མ་སྐུ་གསུམ་སྟེ། །ངོ་བོ་གཅིག་པར་ཡོངས་སུ་གྲགས་ལྟར་ལགས། །གུ་རུ་ཞི་བ་ཡི་དམ་བྱས་ན་ནི། །བར་དོའི་སྐབས་སུ་རང་ངོ་ཤེས་པ་སྟེ། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་འགྱུར་ཞེས། །ཉང་བན་ཞུས་ལན་མཇུག་ནོས་འབྱུང་བ་དང་། །ང་ཉིད་སྣང་བ་མཐའ་ཡས་སྤྲུལ་པ་སྟེ། །བདེ་བ་ཅན་གྱི་ཞིང་དེར་ངེས་པར་འདྲེན། །ལེའུ་བདུན་མར་གསུངས་པ་ལྟ་བུ་སྟེ། །དེ་ཡང་འདི་ནས་འཕོས་མ་ཐག་མིན་ཏེ། །དང་པོ་ཟངས་མདོག་དཔལ་རིར་སྐྱེ་འགྱུར་ཏེ། ་། མཐར་ནི་བདེ་བ་ཅན་དུ་འགྲོ་འོ་ཞེས། །ལང་འགྲོའི་ཞུས་ལན་ནང་ནས་དོན་གྱིས་གསལ། །འོན་ཀྱང་དེ་བར་སྐྱེ་འཆི་མང་པོ་བརྒྱུད། །སྐྱེ་འཆིར་སྐྲག་སྟེ་འདི་ནས་འཕོས་མ་ཐག །སྐྱེ་

p. 173

བ་གཞན་གྱིས་བར་མ་ཆོད་པ་རུ། །བདེ་བ་ཅན་གྱི་ཞིང་དུ་འགྲོ་འདོད་ན། །སྔགས་དང་དམིགས་པ་སྨོན་ལམ་ཁ་བསྒྱུར་ཞེས། །དེ་ཡི་གདམས་ངག་འདི་ལྟར་བྱ་བ་ཡིན། །ཐུགས་སྒྲུབ་ལས་བྱང་མང་ཉུང་གང་རུང་དང་། །མ་ལྕོགས་སྐད་ཅིག་དྲན་རྫོགས་བསྒོམ་ཡང་རུང་། ་། ཨ། སྟོང་པའི་རང་མདངས་སྐད་ཅིག་རང་ཉིད་ནི། །རྟ་ཕག་ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་དམར། །གཡས་གཡོན་གྲི་གུག་ཐོད་ཁྲག་འཁྱུད་སྟབས་སྦྱོར། །རྟ་སྐད་འཚེར་ཞིང་ཕག་སྐད་ངུར་སྒྲ་འབྱིན། །དུར་ཁྲོད་ཆས་རྫོགས་པད་ཉི་རོ་སྟེང་འགྱིང་། །སྐུ་རྒྱབ་གཏད་པའི་པདྨའི་སྡོང་པོའི་རྩེར། །པདྨ་དམར་པོ་འདབ་མ་སྟོང་ལྡན་ནི། །གདུགས་

p. 174

ཕུབ་བཞིན་དུ་ཆེ་ཞིང་ཡངས་པའི་ནང་། །འོག་ཏུ་ཉི་མ་དེ་སྟེང་ཟླ་བའི་སྟེང་། །ཨོ་རྒྱན་པདྨ་ལོངས་སྐུ་ཚེ་དཔག་མེད། །སྐུ་མདོག་དམར་པོ་དར་དང་རིན་ཆེན་བརྒྱན། །གཟི་བརྗིད་འོད་འབར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །པདྨ་མཁའ་འགྲོ་དམར་མོ་གཅེར་བུ་ནི། །གྲི་གུག་བུམ་པ་འཛིན་ཅིང་གཉིས་མེད་འཁྲིལ། །དེ་ཡི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་བཞི། །པདྨ་དཀར་དམར་མཐིང་ལྗང་བཞི་ཡི་དབུས། །ཨོ་དཀར་དམར་ཧཱུྃ་མཐིང་ཧྲིལྗང་བསྒོམ། །ཕྱག་ཞབས་བཞི་ལ་ཧ་རི་ནི་ས་དང་། །ར་ཙ་ཧིཡའི་ཡིག་འབྲུས་མཚན་པར་གྱུར། །མངོན་རྟོགས་དུས་ན་དེ་ལྟར་གསལ་བཏབ་སྟེ། །བདེ་བ་ཅན་དང་ཟངས་མདོག་དཔལ་རི་ནས། །བསྒོམ་པ་འདྲ་བ་དཔག་མེད་སྤྱན་དྲངས་བསྟིམ། །དེ་འདྲ་སྤྱན་འདྲེན་སྐབས་སུ་བསྒོམ་རྒྱུ་སྟེ། །མ་གསལ་རྗེས་ནས་ཡང་ཡང་སྤྱན་དྲངས་བསྒོམ། །དེ་ནས་ལས་བྱང་བསྙེན་པའི་སྐབས་སུ་དང་། །དྲན་རྫོགས་ཡིན་ན་འཕྲལ་དུ་གསོལ་འདེབས་ཏེ། ཧྲཱིཿ འགྲོ་བའི་བླ་མ་ཨོ་རྒྱན་ཚེ་དཔག་མེད། །མི་འགྱུར་མི་ཤིགས་འགྱུར་མེད་རྡོ་རྗེའི་སྐུ། །ལྷག་པའི་སྨོན་ལམ་ལས་གྲུབ་འོད་དཔག་མེད། །སྔོན་ལས་འཕྲལ་རྐྱེན་ཚེ་ལ་གནོད་པའི་བགེགས། །མི་མཐུན་བར་ཆད་ཞི་བར་

p. 175

གསོལ་བ་འདེབས། །བླ་མ་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དུ་འདྲེན་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་ཨོ་རྒྱན་གྱི། །སྐུ་ཡི་གནས་བཞིའི་ཡི་གེ་བཞི་པོ་ལས། །ཐིག་ལེ་དཀར་དམར་མཐིང་ལྗང་དཔག་མེད་འཕྲོས། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་བཞི་ཐོབ་ནས་སྐུ་བཞིའི་ས་བོན་བཞག །ཕྱག་ཞབས་ཡིག་འབྲུ་བརྒྱད་ལས་འོད་ཟེར་གྱི། །ཐིག་ལེ་ཁ་དོག་སྣ་ཚོགས་ཆར་བཞིན་བབ། །རང་གི་ཡིག་འབྲུ་བཞི་ལ་ཐིམ་པ་ཡིས། །མཆོག་ཐུན་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་སྔགས་བཟླས་བསྙེན་པ་ཡིན། །ༀ་གུ་རུ་ཨ་ཡུཛྙཱ་ན་ཧཱུཾ་ཧཱུཾ་ཚྭ་ཛ་སིདྡྷི་ཕ་ལ་ཧཱུཾ། དེ་ནས་སྒྲུབ་པའི་དམིགས་པ་བྱ་བ་ནི། །སླར་ཡང་སྤྱི་བོའི་ཚེ་དཔག་མེད་པ་ཡི། །གནས་གསུམ་འབྲུ་གསུམ་དག་ལས་འོད་ཟེར་ནི། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོས་པ་ཡིས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །མཁའ་འགྲོ་ཆོས་སྐྱོང་ཀུན་གྱི་བྱིན་རླབས་

p. 176

དང་། །ལྷ་དང་དྲང་སྲོང་རིག་འཛིན་གྲུབ་ཐོབ་དང་། །མི་རྣམས་ཀུན་གྱི་སྲོག་ཡིག་ས་བོན་ཚྭ། །འབྱུང་བཞིའི་བཅུད་རྣམས་བསྡུས་ཏེ་བུམ་པར་ཞུགས། །བུམ་པ་ཁོལ་ཞིང་ལུད་པའི་བདུད་རྩི་དང་། །ཡབ་ཡུམ་སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན། ་། ཚངས་བུག་དང་ནི་ཁ་ཡི་ནང་དུ་ཞུགས། །ལུས་ཀུན་བདུད་རྩིས་ལྟེམས་སེ་གང་བར་གྱུར། །ཡང་ཡང་བསྒོམ་ཞིང་སྔགས་བཟླས་འགྲུབ་པ་ཡིན། །དེ་ནས་ཐུན་མཚམས་ལས་སྦྱོར་ལྟ་བུ་ནི། །སྤྱི་བོའི་ཨོ་རྒྱན་ཚེ་དཔག་མེད་པ་དེ། །ཚངས་བུག་ནས་ཞུགས་རང་གི་སྙིང་གར་བྱོན། །དེ་ཡི་ཐུགས་ཀར་གསེར་གྱི་རྡོ་རྗེ་ནི། །རྒྱ་གྲམ་གདན་ཐབས་བཞག་པའི་ལྟེ་བའི་ནང་། །མཆོག་གི་བུམ་པའི་ནང་དུ་རང་གི་སྲོག །ནི་ཡིག་ལྗང་གུ་བཀྲག་མདངས་ལྡན་པ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །འཁོར་འདས་ཀུན་གྱི་ཚེ་བཅུད་བདུད་རྩིར་བསྡུས། །ལུས་ཀྱི་ནང་ཀུན་དཀར་དང་མེར་གྱིས་གང་། །དེ་ནས་ཚེ་དཔག་མེད་པ་འོད་ཞུ་ནས། །རང་དང་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། །དེ་ནས་སྒོམ་མཁན་སེམས་ཀྱི་ངོ་བོར་བལྟ། །ལས་བྱང་གཉིས་ནི་འདོན་དུས་འདི་བསྒོམས་ན། །བུདྡྷ་ཐོད་ཕྲེང་འོད་དུ་ཞུ་ནས་ཀྱང་། །མཆོང་གི་བུམ་པ་དེ་

p. 177

རུ་བསྒྱུར་རྒྱུ་ཡིན། །གཙོ་རྐྱང་དྲན་རྫོགས་བསྒོམ་དུས་དགོས་པ་མེད། །ལས་སྦྱོར་དམིགས་པ་དེ་དག་བསྒོམ་ཚེ་དང་། །དམིགས་མེད་ངོ་བོ་སྐྱོང་ཚེ་སྔགས་འདི་བཟླས། །དེ་ལྟར་རྒྱུན་ཁྱེར་ཉམས་སུ་བླངས་པ་ན། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །ཚེ་ཡི་བར་ཆད་ཀུན་སེལ་ཚེ་མཐར་ཕྱིན། །མཆོག་དང་ཐུན་མོང་དངོས་གྲུབ་གཉིས་ཀ་འགྲུབ། །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་དཔག་མེད་པའི་ཞིང་དུ་སྐྱེ་འགྱུར་ཞེས། །ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུངས་ཡིན་པས། །ཉི་ཟླ་ཐང་ལྷུང་ཆུ་བོ་གྱེན་དུ་ལྡོག །རླུང་ནི་ཞགས་པས་ཟིན་པའང་སྲིད་མོད་ཀྱི། །རྒྱལ་བའི་བཀའ་ཡིས་བསླུ་བ་མི་སྲིད་གསུངས། །དེ་ཕྱིར་འཁོར་བ་སྡུག་བསྔལ་རྒྱ་མཚོ་ནི། །མཐའ་མེད་འཇིགས་རུང་གཏིང་ཟབ་འདི་ཉིད་ལས། །ཐར་བར་འདོད་ན་འདི་ཉིད་ཉམས་སུ་ལོངས། །དེ་སྐད་སྔགས་འཆང་རཱ་ག་ཨ་སྱ་ཡིས། །གྲྭ་སློབ་རྣམས་ལ་ཕན་ཕྱིར་བརྩེ་བས་སྨྲས། །ཡི་གེ་པ་ནི་པདྨ་མཐར་ཕྱིན་ཡིན། འདི་བྲིས་ཉེས་འགལ་ཆོས་བདག་སྲུང་མར་བཤགས། །དགེ་བས་འགྲོ་དོན་རྒྱ་ཆེན་འབྱུང་བར་ཤོག། ༼ཁ༽༄༅། །གུ་རུ་དྲག་པོ་དང་རིགས་བདག་སྣང་བ་མཐའ་ཡས་སྦྲག་སྒྲུབ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་ཐབས་ཀྱི་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་པདྨ་ཀྲོ་དྷ་ཡ། ཨོ་རྒྱན་ཆེན་པོའི་གཏེར་གྱི་ལུང་བྱང་ལས། །རཏྣའི་ཆོས་སྐོར་ཁམས་དང་གཙང་ཕྱོགས་སུ། །མ་འོངས་བསྟན་པ་དར་རྒྱས་ལུང་བསྟན་ལྟར། །དེང་སང་མདོ་ཁམས་ཤར་

p. 178

གྱི་ཕྱོགས་འདི་ན། །སྔགས་ལ་མོས་པའི་སྐྱ་སེར་ཐམས་ཅད་ཀྱིས། །རཏྣའི་གུ་དྲག་ཡི་དམ་བྱེད་པ་མང་། །གུ་དྲག་ལས་ལྷག་ཡི་དམ་གཞན་མེད་ཀྱང་། །མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པ་དང་། །བདེ་ཆེན་དག་པའི་ཞིང་ཁམས་ཐོབ་པ་ཡི། །དང་པོ་སེམས་བསྐྱེད་འདུན་པ་མེད་པ་ཡིས། །སྲུང་ཟློག་སྔགས་ནུས་ལྷ་འདྲེ་འདུལ་བའི་ཕྱིར། །བཏོན་ན་ཙན་དན་སོལ་བ་བྱས་པ་ལྟར། །ཕྱི་མའི་ས་ལམ་ཕན་པ་ཆུང་བར་སོང་། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་ལ་དམིགས་ན། །ལྷ་འདྲེ་འདུལ་དང་ངག་ནུས་ཞོར་ལ་འབྱུང་། །དེ་ཕྱིར་ཐོག་མར་སེམས་བསྐྱེད་གཟབ་པར་གཅེས། །བྱང་ཆུབ་དམིགས་ཀྱང་བྱང་ཆུབ་ཧ་ཐག་རིང་། །ཤཱཀ་ཐུབ་ཀྱིས་ཀྱང་གྲངས་མེད་གསུམ་འགོར་སྐད། །རང་རེ་དེ་བས་བརྩོན་འགྲུས་མི་ཆེ་འོ། །ངན་སོང་སྡུག་བསྔལ་འདི་ཡང་ཡ་རེ་ང་། །མཐོ་རིས་སྐྱེ་བ་ཁོ་ན་བརྒྱུད་ནའང་། །སྐྱེ་འཆི་གྲངས་མེད་མྱོང་དགོས་དཀའ་བ་ལགས། །འགའ་ཞིག་ཨོ་རྒྱན་ལ་མོས་རྒྱུ་མཚན་གྱིས། །ཟངས་མདོག་དཔལ་རིར་སྨོན་ལམ་འདེབས་མོད་ཀྱང་། །འཇའ་ལུས་རིག་འཛིན་གྲལ་ནི་ཚུད་པར་དཀའ། །དེང་སང་ཁྲོ་བོའི་བསྐྱེད་རིམ་ང་རྒྱལ་དང་། །ལྷ་འདྲེ་ཐུབ་པར་བྱས་དང་ངན་སྔགས་སོགས། །ལས་ཀྱི་རྒྱུ་མཐུན་སྲིན་པོའི་ལུས་སུ་འགྱུར། །ཨོ་རྒྱན་ཞལ་མཐོང་དམ་ཆོས་ཐོས་མོད་ཀྱང་། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་དང་འདྲ། །དེ་བས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུ། །སྨོན་ལམ་བཏབ་ན་གཏན་གྱི་བདེ་བ་ཐོབ། །སྨོན་ལམ་ཁ་བསྒྱུར་སྔགས་དང་དམིགས་པའི་

p. 179

གནད། །བསྒྱུར་ཁ་ཤེས་ན་གུ་རུ་དྲག་པོ་ལས། །བདེ་བ་ཅན་དུ་སྐྱེ་ཐབས་ཟབ་པ་མེད། །ཅི་ཕྱིར་ཞེ་ན་གུ་རུ་དྲག་པོ་འདི། །འོད་དཔག་མེད་ཀྱི་སྤྲུལ་པའི་ཁྲོ་བོ་ལགས། །འོད་དཔག་མེད་དང་ཚེ་དཔག་མེད་པ་དང་། །སྣང་བ་མཐའ་ཡས་དོན་གཅིག་མཚན་གྱི་གྲངས། །གུ་དྲག་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས། །ཆེ་མཆོག་པདྨ་དྲག་པོ་ཐོད་ཕྲེང་རྩལ། །རིགས་བདག་སྣང་མཐའ་ཁྲོས་པའི་ཧེ་རུ་ཀ །ཅེས་དང་གུར་དྲག་བདེར་འདུས་གཞུང་ཆེན་ལས། །ཆོས་སྐུ་ཀུན་བཟང་ཐུགས་ལས་མ་གཡོས་ཀྱང་། །ལོངས་སྤྱོད་རྫོགས་སྐུ་འོད་དཔག་མེད་དུ་ཤར། །སྤྲུལ་སྐུ་ཨོ་རྒྱན་འགྲོ་བའི་དཔལ་དུ་བྱོན། །སྐུ་གསུམ་དབྱེར་མེད་ངང་ལ་ཕྱག་འཚལ་ལོ། །ཧཱུཾ། ཁམས་གསུམ་གནས་ནས་སྟོབས་ལྡན་རྫུ་འཕྲུལ་ཅན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ། །ངོ་མཚར་རྨད་བྱུང་པདྨ་ཧེ་རུ་ཀ །མཐུ་ཆེན་པདྨ་དབང་ཕྱུག་གཟི་མདངས་ལྡན། །དྲག་པོ་པདྨའི་སྐུ་ལ་ཕྱག་འཚལ་བསྟོད། ་། གསུངས་པའི་དོན་ལ་གོ་བ་ངེས་ཤེས་བསྐྱེད། །དེ་ལ་རྒྱས་པར་གུ་དྲག་ལས་བྱང་འདོན། །མ་ལྕོགས་དྲག་པོ་གཙོ་རྐྱང་དྲན་རྫོགས་བསྒོམ། །དབུ་གཙུག་རྭ་བར་ནོར་བུའི་རྩེ་མོ་རུ། །ཕལ་ཆེར་ཚེ་དཔག་མེད་པ་བསྒོམ་བཤད་ཀྱང་། །གསང་སྒྲུབ་གཞུང་ནས་སྣང་མཐའ་མཉམ་གཞག་ཅན། །སྤྲུལ་སྐུའི་ཆ་ལུགས་བསྒོམ་པར་གསུངས་པའི་ཕྱིར། །ཨ། བདག་ཉིད་སྐད་ཅིག་དྲན་རྫོགས་སུ། །བདག་བསྐྱེད་སྟབས་བདེར་འདོན་རྒྱུར་རཏ་

p. 180

གླིང་གཏེར་གཞུང་ལས་ཟུར་བཀོལ་མཆན། །ཉི་ཟླ་པདྨ་བདུད་བཞིའི་སྟེང་། །འཇིགས་བྱེད་རྡོ་རྗེ་ཐོད་ཕྲེང་རྩལ། །དམར་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །གཡས་གསུམ་རྡོ་རྗེ་གྲི་གུག་གྲི། གཡོན་གསུམ་བྷནྡྷ་ཁཊཾ་སྡིག །ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་བསྒྲད། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །དུར་ཁྲོད་ཆས་བརྒྱད་རྫོགས་པར་གསལ། །ཡུམ་ཆེན་ཕག་མོ་མཐིང་ནག་འཁྲིལ། །གྲི་ཐོད་འཁྱུད་སྟབས་བརྐྱང་བསྐུམ་སྦྱོར། །སྤྱི་གཙུག་སྐྲ་གསེབ་པད་འབྱུང་བཞུགས། །དེ་ཡི་སྤྱི་བོར་བྱ་ཁྱུང་བརྒྱན། །ཡེ་ཤེས་མེ་དཔུང་ཀློང་ན་གསལ། །དམ་ཡེ་དབྱེར་མེད་ཟུང་འཇུག་གྱུར། །ཐུགས་ཀར་ཉི་སྟེང་ཧཱུྃ་དམར་མཐར། །རྩ་བའི་སྔགས་ཀྱི་ཕྲེང་བ་བཀོད་། ་། ཨོཾ་ཨཱཿཧཱུཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ། ཨ་ཧཱུྃ་ཧཱུྃ་ཕཊ༔ བརྒྱའམ་ཉེར་གཅིག་བདུན་ཙམ་བཟླས། ༈ ། ཨ། རང་ཉིད་སྐད་ཅིག་དྲན་རྫོགས་གུར་དྲག་དམར་། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སྡིག་པ་འཛིན། །ཁྲོ་བོའི་ཆས་རྫོགས་འདོར་སྟབས་ཕག་མོ་འཁྲིལ། །པད་ཉིའི་སྟེང་བཞུགས་དབུ་གཙུག་བྱ་ཁྱུང་བརྒྱན། །ཨོཾ་ཨཱཿཧཱུྃ་

p. 181

ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཕཊ། བརྒྱ་རྩ་སོགས་བཟླས། བྱ་ཁྱུང་རྭ་བར་ནོར་བུའི་རྩེ་མོ་ནས། །སྐྱེས་པའི་མེ་ཏོག་པདྨ་དམར་པོ་ནི། །འདབ་མ་སྟོང་ལྡན་ཆེ་ཞིང་ཡངས་པར་བསྒོམ། །དེ་སྟེང་ཟེའུ་འབྲུར་སངས་རྒྱས་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་འོད་ཟེར་འཕྲོ། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་དང་དཔེ་བྱད་ཆ་ལུགས་ཡོངས་སུ་རྫོགས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་ལ་ཆོས་གོས་ངུར་སྨྲིག་རྣམ་གསུམ་གསོལ། །ཕྱག་གཉིས་མཉམ་གཞག་མཛད་པའི་སྟེང་དུ་ནི། །བཻཌཱུརྱ་ཡི་ལྷུང་བཟེད་བདུད་རྩིས་བཀང་། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་པར་བསྒོམ། །འདབ་མ་སྟོང་གི་སྟེང་དུ་སངས་རྒྱས་སྟོང་། །ཆ་ལུགས་ཤཱཀྱ་ཐུབ་པ་འདྲ་བར་བསྒོམ། །དེ་དག་མངོན་རྟོགས་དུས་ནས་གསལ་བར་བསྒོམ། །སྤྱན་འདྲེན་སྐབས་སུ་སྤྱན་དྲངས་མཉམ་དུ་བསྟིམ། །འོན་ཀྱང་རང་ཉིད་དམིགས་པ་མ་གསལ་ལམ། །དྲན་རྫོགས་དུས་སུ་སླར་ཡང་གསལ་བཏབ་ནི། །སྣང་བ་མཐའ་ཡས་ཐུགས་ཀར་ཟླ་བའི་སྟེང་། །ཧཱི༔ཡིག་དམར་པོའི་མཐའ་སྐོར་སྔགས་གཡས་བསྐོར། །དེ་ལས་འོད་ཟེར་ནུབ་ཀྱི་ཕྱོགས་སུ་འཕྲོས། །

p. 182

བདེ་བ་ཅན་ནས་རིགས་བདག་སྣང་མཐའ་ཡས། །སངས་རྒྱས་སྟོང་བཅས་ཡང་ཡང་སྤྱན་དྲངས་བསྟིམ། །ངེས་པར་སྤྱི་བོར་བཞུགས་པའི་ངེས་ཤེས་བྱ། །དེ་ནས་བསྙེན་པ་བྱེད་ཚེ་དམིགས་པ་ནི། །སྣང་བ་མཐའ་ཡས་དཔྲལ་མགྲིན་ཐུགས་ཀ་དང་། །ལྟེ་བ་གསང་གནས་ལྔ་ནས་འོད་ཟེར་ནི། །དཀར་དམར་མཐིང་སེར་ལྗང་གུའི་ཚོགས་འཕྲོས་ཏེ། །རང་གི་དཔྲལ་མགྲིན་སྙིང་ག་ལྟེ་བ་དང་། །གསང་གནས་ལྔ་རུ་ཡང་ཡང་ཐིམ་པ་ཡིས། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་པོ་ཡི། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམ། །བསྙེན་པ་འདི་ལ་ཅི་ནུས་བཟླ་བར་བྱ། །ཨོཾ་ཨཱཿཧཱུཾ་པདྨ་དྷཱ་རི་ཎི་ཧཱུྃ། དེ་ནས་སྒྲུབ་པ་ཚེ་སྒྲུབ་གཉིས་ཀ་ནི། །འོད་དཔག་མེད་པའི་ཐུགས་ཀའི་སྔགས་འཁོར་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་བཅས་ཀུན་གྱི་བྱིན་རླབས་དང་། །ལྷ་ཀླུ་མི་གསུམ་ཀུན་གྱི་ཚེ་བསོད་ནམས། །འབྱུང་པའི་བཅུད་དང་དྭངས་མ་ཐམས་ཅད་བསྡུས། །ལྷུང་བཟེད་ནང་ཞུགས་འཆི་མེད་བདུད་རྩིར་གྱུར། །ཁོལ་ཞིང་ལུད་པས་རང་གི་སྤྱི་བོ་ནས། །ཚངས་བུག་ཏུ་ཞུགས་ལུས་ཀུན་བདུད་རྩིས་གང་། །

p. 183

འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསྒོམ། །ཨོཾ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པ་ཅི་ཙམ་ནུས་པའི་བར་དུ་བཟླས། །འདི་ལྟར་སྒོམ་བཟླས་བྱས་པའི་དགེ་བ་འདིས། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་ཅིང་། །ནམ་ཞིག་འཕོས་ཚེ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨའི་སྦུབས་ལ་བརྫུས་སྐྱེས་ནས། །སྣང་བ་མཐའ་ཡས་མཆོད་པས་མཉེས་བྱེད་ཤོག །ཅེས་བརྗོད་དེ་ལྟར་རྒྱུན་དུ་ཉམས་བླངས་ན། །བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད། །དེ་ཡང་ཐུན་མགོར་བསྐྱེད་རིམ་གསལ་གདབ་ཕྱིར། །དང་པོ་རང་ལུས་གུ་དྲག་གསལ་བཏབ་ལ། །ཨརྩིག་བདུན་ནམ་ཉེར་གཅིག་བརྒྱ་ལ་སོགས། །རང་གིས་ཅི་ཙམ་འདོད་པ་བཟླས་པའི་རྗེས། །སྣང་བ་མཐའ་ཡས་ཁོ་ནའི་བསྙེན་པ་བྱ། །བསྙེན་པ་དང་ནི་སྒྲུབ་པའི་སྔགས་དམིགས་གཉིས། །མང་ཉུང་ཕྱེད་ཆ་ཙམ་རེ་བྱེད་པ་ཡིན། །འདི་ནི་གུ་དྲག་རིགས་བདག་སྦྲག་སྒྲུབ་སྟེ། །གུ་དྲག་བསྒོམ་ཞིང་ཅུང་ཟད་བཟླས་པ་དེས། །སྙིགས་དུས་སྡེ་བརྒྱད་གནོད་པ་སྲུང་བའི་མཆོག །སྒྲུབ་པའི་སྔགས་དང་དམིགས་པ་དེ་གཉིས་ནི། །ཚེ་སྒྲུབ་མཆོག་ཡིན་ཚེ་ཡི་བར་ཆད་སེལ། །བསྙེན་པའི་སྔགས་དང་དམིགས་པ་དེ་གཉིས་ནི། །བདེ་བ་ཅན་དུ་སྐྱེ་བའི་ས་བོན་ཏེ། །ཕྱི་མ་གར་སྐྱེ་ལས་འབྲས་དབང་ཆེ་བས། །དེ་ཕྱིར་བདེ་ཆེན་སྐྱེ་བའི་ལས་འཕྲོ་བཞག །འདི་ནི་བླ་མེད་རྫོགས་ཆེན་ལུགས་ཡིན་པས། །བསྐྱེད་རིམ་

p. 184

བསྡུ་བའི་དམིགས་པ་མི་དགོས་ཏེ། །སྒོམ་མཁན་སེམས་ཀྱི་ངོ་བོར་བལྟས་པས་འཐུས། །རང་གིས་ཇི་ལྟར་ཉམས་སུ་བླངས་པ་ལྟར། །རཱ་ག་ཨ་སྱས་གཞན་ཕན་བསམས་པས་སྨྲས། །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེར་བྲིས། །ཉེས་འགལ་མཆིས་ན་ཆོས་བདག་སྲུང་མར་བཤགས། །དགེ་བས་སྔགས་འཆང་འགའ་ལ་ཕན་པར་ཤོག །མངྒ་ལཾ། །ཞི་ཁྲོ་གསང་བ་སེམས་ཀྱི་དཀྱིལ་འཁོར་ལས། ཞི་ཁྲོ་གསུང་གི་དཀྱིལ་འཁོར་སྒོམ་བཟླས་བདེ་བ་ཅན་དུ་སྐྱེ་བྱེད་བཞུགས། ཀུན་བཟང་ཞི་ཁྲོའི་ལྷ་ལ་འདུད། །དབང་བསྐུར་རྒྱས་པ་ཐོབ་ཕྱིས་ནས། །ཕྱི་ཡི་དཀྱིལ་འཁོར་ཉི་ཤུ་གཅིག །ནང་གི་དཀྱིལ་འཁོར་རྣམ་པ་གསུམ། །གསང་བའི་དཀྱིལ་འཁོར་ཉི་ཤུ་གཅིག །བཞི་བཅུ་ཞེ་ལྔ་ཉམས་སུ་ལེན། །ཐམས་ཅད་ཉམས་ལེན་མ་གྲུབ་ཅིང་། །ལས་བྱང་འདོན་པའང་མི་འཁྱོངས་ལ། །ཚེ་འདིར་བསོད་ནམས་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་འདོད་ཞི་ཁྲོར་དད་ཆེ་ན། །ཞི་ཁྲོ་གསུང་གི་དཀྱིལ་འཁོར་འདི། །དྲན་རྫོགས་ཡིད་ཀྱིས་བསྒོམས་བྱས་ཤིང་། །སྙིང་པོ་བཟླ་བ་ཁོ་ནས་ཆོག །ཨ། སྟོང་པའི་ངང་ལས་སྐད་ཅིག་གིས་། ་། མེ་རི་རྡོ་ར་དུར་ཁྲོད་དབུས། །ཕྱི་ནི་རིན་ཆེན་སྣ་ཚོགས་ལ། །ནང་ནི་ཐོད་པའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས། །དེ་དབུས་འཁོར་ལོ་རྩིབས་

p. 185

བཞི་དང་། །རྩིབས་བརྒྱད་པད་ཉི་རོ་ཡི་སྟེང་། །དབུས་སུ་པདྨ་ཧེ་རུ་ཀ །དེ་སྟེང་ཆེ་མཆོག་ཧེ་རུ་ཀ །དེ་སྟེང་པད་ཟླར་རང་ཉིད་ནི། །སྣང་མཐའ་གོས་དཀར་སྐུ་མདོག་དམར། །པདྨ་དྲིལ་འཛིན་གཉིས་མེད་འཁྲིལ། །དབུ་གཙུག་ཀུན་བཟང་ཡབ་ཡུམ་བཞུགས། །རྩིབས་བཞིར་ཁྲག་འཐུང་རིགས་བཞི་སྟེ། །བུདྡྷཱ་ཁྲག་འཐུང་ནུབ་ཏུ་བསྒོམ། །ཁྲག་འཐུང་རིགས་བཞིའི་དབུ་གཙུག་ཏུ། །རྒྱལ་བ་རིགས་བཞི་ཡབ་ཡུམ་སྟེ། །རྣམ་སྣང་ཡབ་ཡུམ་ནུབ་ཏུ་བཞུགས། །ཕྱོགས་བཞིར་སེམས་དཔའ་ཡབ་ཡུམ་བསྒོམ། །མཚམས་བཞིར་སྟེང་འོག་ཐུབ་པ་དྲུག །འོག་གི་ཕྱོགས་མཚམས་ཕྱི་ནང་དུ། །ཀེའུ་རི་བརྒྱད་དང་སེང་ཧ་བརྒྱད། །སྒོ་བཞིའི་གཡོན་ཟུར་སྒོ་མ་བཞི། །གཡས་སུ་སྒོ་བ་ཡབ་ཡུམ་གསལ། ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང་། །རང་རང་ས་བོན་རང་སྔགས་བསྐོར། །འོད་འཕྲོས་འོག་མིན་ཞིང་ཁམས་ནས། །ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ། །སྤྲུལ་པའི་ལྷ་མོ་དཔག་མེད་ཀྱིས། །མཆོད་རྫས་དུ་མས་མཆོད་ཅིང་བསྟོད། །གཙོ་བོ་ཡབ་ཡུམ་ཐུགས་ཀ་རུ། །ཟླ་

p. 186

བའི་དཀྱིལ་འཁོར་རེ་རེའི་སྟེང་། །ཧཱིདང་ཕྱྭ་གྱི་མཐའ་སྐོར་དུ། །ཡབ་ཀྱི་སྔགས་ཕྲེང་གཡས་སུ་འཁོར། །ཡུམ་གྱི་སྔགས་ཕྲེང་གཡོན་དུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །དེ་ལྟར་བསྒོམས་ཤིང་སྔགས་འདི་བཟླས། །ༀཨ་རོ་ལིཀ྄། ཙཱ་རཱ་ག་ར་ཏི་ཧཱུཾ། ཞེས་པ་དེ་ལ་བརྒྱ་རྩ་སོགས། །ཅི་ཙམ་ནུས་པ་བཟླས་པའི་རྗེས། །བོ་དྷི་ཙིཏྟ་བདུན་ནམ་གསུམ། །བཏགས་གྲོལ་འབྲུ་དྲུག་ཚར་བདུན་འདོན། །འ་ཨ་ཤ་ས་མ་ཧ། དེ་རྗེས་སྨོན་ལམ་བཏབ་པ་ནི། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །ཐམས་ཅད་འོད་ཀྱི་རང་བཞིན་ཏེ། །འོད་དང་འོད་ཟེར་འགྱུར་བ་མེད། །སེམས་ཅན་སྲོག་ནི་རླུང་སེམས་ཏེ། །དེ་ཡི་སྙིང་པོ་ཡི་གེ་ཨཱཿ། །དེ་ལ་བརྟེན་ནས་བདག་ཅག་རྣམས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཞིང་མཆོག་དེ་རུ་སྐྱེས་གྱུར་ནས། །། འོད་དཔག་མེད་དང་དབྱེར་མེད་ཤོག །ཅེས་བརྗོད་དམིགས་མེད་ངང་ལ་བཞག །རྫོགས་ཆེན་ཨ་ཏི་ཡོ་གའི་ལུགས། །ཞི་ཁྲོ་གསུང་གི་དཀྱིལ་འཁོར་འདི། །རྒྱུན་ཁྱེར་ཐུགས་དམ་སུས་བྱེད་པ། །བདེ་བ་ཅན་དུ་སྐྱེ་བར་ངེས། །རཱ་ག་ཨ་སྱས་

p. 187

གཞན་ཕན་བློས། །སྨྲས་པ་མཐར་ཕྱིན་ཞེས་བྱ་བས། །བྲིས་པས་སྲུང་མ་རྣམས་ལ་བཤགས། །དགེ་བས་འགྲོ་དོན་རྒྱ་ཆེན་ཤོག །མངྒ་ལཾ། ༼ང༽༈ །།དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནས་གསུངས་པའི་འོད་དཔག་མེད་ཀྱི་སྒོམ་བཟླས་རྡོར་ཕྲེང་ནང་ནས་ཁོལ་དུ་ཕྱུང་བ་བདེ་བ་ཅན་དུ་སྐྱེ་བའི་ས་བོན་གྲུང་པོ་བཞུགས་སོ། །༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། རྒྱུད་སྡེ་བཞི་ཡི་ཡང་རྩེ་གཉིས་མེད་རྒྱུད། །དུས་འཁོར་རྩ་རྒྱུད་བསྡུས་རྒྱུད་རྣམ་པ་གཉིས། །འགྲེལ་ཆེན་དྲི་མེད་འོད་དང་གསུམ་པོ་འདི། །ལོ་པཎ་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར། །གསར་མའི་ལུགས་ལ་དེ་བས་ལྷག་མི་སྲིད། །དེ་ཕྱིར་རྒྱུད་འགྲེལ་དེ་ལས་གསུངས་པ་ཡི། །འོད་དཔག་མེད་པའི་སྒོམ་བཟླས་བྱས་པ་ན། །བདེ་བ་ཅན་དུ་སྐྱེ་བ་འཆུགས་མེད་གནད། །རྡོ་རྗེ་ཕྲེང་བའི་ནང་ནས་ཁོལ་དུ་ཕྱུང་། །འདི་ལ་གཙོ་རྐྱང་དཀྱིལ་འཁོར་གཉིས་ཡོད་པས། །དཀྱིལ་འཁོར་ལྷ་མང་ཞལ་ཕྱག་མང་དྲགས་པས། །དམིགས་པ་ཟིན་པར་དཀའ་བས་སྤྲོས་པ་བསྐྱུང་། །འདི་ནི་གཙོ་རྐྱང་སྒོམ་བཟླས་བྱ་བའི་ཚུལ། །རྡོར་ཕྲེང་ཐོབ་ན་ཉམས་ལེན་རུང་བར་གསུངས། །འདི་ཉིད་འདོན་འདོད་རྡོར་ཕྲེང་མ་ཐོབ་ན། །འདི་ཡི་རྗེས་གནང་སྤྱི་ལྟར་བསྐུར་ཆོག་གོ །བདག་བསྐྱེད་ཉིད་དམ་བདག་མདུན་བུམ་གསུམ་རུང་། །སྐད་ཅིག་དྲན་རྫོགས་ཉིད་དུ་བསྒོམས་བྱས་ལ། །རང་གིས་ཉམས་ལེན་གཞན་ལ་དབང་བསྐུར་སོགས། །ཆོག་པར་རྡོར་ཕྲེང་རྒྱ་གཞུང་ཉིད་

p. 188

དུ་གསལ། །གལ་ཏེ་རང་གི་རྒྱུན་ཁྱེར་ཉམས་ལེན་ལ། །མངོན་རྟོགས་ངག་ནས་འདོན་པ་མ་ལྕོགས་ན། །ཡིད་ཀྱིས་བསྒོམ་ཞིང་སྔགས་བཟླས་ཁོ་ནས་ཆོག །བདག་ཀྱང་རྒྱུན་ཁྱེར་ཉམས་ལེན་འདི་ལྟར་ཡིན། །ཁྱེད་ཅག་སུ་དག་བདེ་ཆེན་ཞིང་ཁམས་སུ། །འགྲོ་འདོད་ཡོད་ན་འདི་ལ་རྒྱུན་ཁྱེར་རམ། །མ་ལྕོགས་ནའང་འབྲེལ་བ་བཞག་པར་ཞུ། ཨ། ཆོས་རྣམས་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །དེ་ཡི་ངང་ལས་རང་སེམས་ཨོཾ་ཡིག་དཀར། །དེ་ལས་དམ་ཡེ་དབྱེར་མེད་དྲན་རྫོགས་སུ། །བཅོམ་ལྡན་འོད་དཔག་མེད་པ་སྟོན་ཟླའི་མདོག །དཀར་ནག་དམར་བའི་ཞལ་གསུམ་སྤྱན་གསུམ་གསུམ། །ཕྱག་དྲུག་གཡས་གསུམ་ཐོ་བ་མདུང་རྩེ་གསུམ། །ཕྱག་གཡོན་དང་པོས་པད་དཀར་འདབ་བརྒྱད་པ། །འོག་གཉིས་མེ་ལོང་དང་ནི་བགྲང་ཕྲེང་འཛིན། །ཡུམ་མཆོག་གོས་དཀར་ལྷ་མོ་བྱི་རུའི་མདོག །དམར་དཀར་ནག་པའི་ཞལ་གསུམ་ཕྱག་དྲུག་པ། །དང་པོའི་ཕྱག་གཉིས་མེ་མདའ་གཞུ་འཛིན་འཁྱུད། །བར་པས་རྡོ་རྗེས་ལྕགས་ཀྱུ་ཞགས་པ་འཛིན། །གཡས་ཀྱི་ཐ་མས་ཅང་ཏེའུ་འཁྲོལ་བར་བྱེད། །རིན་ཆེན་ཆེ་དགུ་པ་ནི་གཡོན་ན་འཛིན། །པདྨའི་གདན་དང་བཅས་པས་ཡབ་ལ་འཁྱུད། །ཡབ་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ནི། །

p. 189

པདྨ་དཀར་དང་ཉི་མའི་གདན་ལ་བཞུགས། །ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་རྫོགས། །འོད་དཔག་མེད་པ་སྤྲུལ་སྐུའི་དབུ་བརྒྱན་ཅན། །དཔྲལ་བར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀའི་ཆ་སྨད་ཧཱུཾ་ཡིག་སྔོན་པོ་དང་། །ལྟེ་བར་ཧོ་སེར་གཙུག་ཏོར་ཧཾ་སྔོན་པོ། །གསང་བར་ཀྟ་དམར་རྣམས་ཀྱིས་མཚན་པར་གྱུར་། །ཐུགས་དབུས་པད་ཟླར་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་པད་ཟླའི་དཀྱིལ་འཁོར་སྟེང་། །ཏིང་འཛིན་སེམས་དཔའ་ཨོ་ཡིག་དཀར་པོའི་མཐར། །སྔགས་ཕྲེང་དཀར་པོ་གཡས་སུ་འཁོར་བ་ལས། །འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད། །དེ་ཀུན་རང་འདྲའི་འོད་དཔག་མེད་མགོན་གྱི། །སྐུར་གྱུར་ཆར་བཞིན་བབས་ནས་རང་ལ་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། །སླར་ཡང་འོད་འཕྲོས་ཁམས་གསུམ་སེམས་ཅན་ཀུན། །སྒྲིབ་པ་དག་ནས་རང་འདྲའི་སྐུ་རུ་གྱུར། །བདག་གི་རམ་བུའི་ཚུལ་དུ་སྔགས་བཟླས་གྱུར། །ཨོཾ་ཨ་མི་ཏ་བྷ་ཡ་སྭཱ་ཧཱ། བཟླས་པ་ཅི་ནུས་བྱ་བའི་རྗེས། །རང་གི་ཐུགས་ལས་སྤྲུལ་པའི་མཆོད་པ་ཡི། །ལྷ་མོ་བཅུ་དྲུག་མཆོད་རྫས་

p. 190

སྣ་ཚོགས་འཛིན། །འོད་དཔག་མེད་ལ་མཆོད་ཅིང་བསྟོད་པར་གྱུར། །ཨོཾ་བཛྲ་ཝི་ཎེ། ཝཾ་ཤེ མི་དཾ་གེ མུ་ར་ཛེ། ཧཱ་སྱ། ལཱ་སྱ། གཱིརྟི། ནི་ཀྱེ། པུཝེ། དྷ་པི། དཱི་པེ། གནྡྷེ། རུ་པ། རྭ་ས། སྤརེ། དྷརྨ་དྷ་ཏུ་པྲ་ཏཱིཙྪ་ཨཱཿཧཱུྃ། པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སངས་རྒྱས་གསུང་ལ་ཕྱག་འཚལ་འདུད། །འདི་ལྟར་སྒོམ་བཟླས་བྱས་པའི་མཐུས། །ནམ་ཞིག་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེས་གྱུར་ནས། །ལུས་རྟེན་དེ་ལ་སངས་རྒྱས་ཤོག །བསྐྱེད་རིམ་བསྡུ་སོགས་མི་དགོས་ཏེ། །དམིགས་མེད་ཉམས་ལེན་ངང་ལ་བཞག །རྒྱུད་ཀྱི་རྒྱལ་པོ་དུས་འཁོར་གྱི། །གདམས་ངག་འོད་དཔག་སྒོམ་བཟླས་འདི། །བདེ་བ་ཅན་དུ་སྐྱེ་འདོད་ཕྱིར། །རཱ་ག་ཨ་སྱས་བསྒྲིགས་པ་སྟེ། །ཡི་གེ་པ་ནི་མཐར་ཕྱིན་ནོ། །དགེ་བས་མཐོང་ཐོས་དྲན་རེག་ཀུན། །བདེ་བ་ཅན་དུ་སྐྱེ་བ་དང་། །ཆོས་འདིས་འགྲོ་དོན་དཔག་མེད་ཤོག །མངྒ་ལཾ། ༼ཅ༽༈ །།བཤད་རྒྱུད་རྡོ་རྗེ་གུར་ནས་གསུངས་པའི་དགྱེས་རྡོར་སྣང་བ་མཐའ་ཡས་ཀྱི་སྒོམ་བཟླས་བདེ་བ་ཅན་དུ་སྐྱེ་བའི་ས་བོན་སླད་མེད་བཞུགས། །༄༅། །། ན་

p. 191

མོ་ཧེ་བཛྲ་ཡེ། ཀྱེ་ཡི་རྡོ་རྗེའི་རྒྱ་གཞུང་འདི་དག་ནི། །རྒྱ་བོད་མཁས་གྲུབ་ཀུན་གྱི་ཐུགས་ཀྱི་བཅུད། །བཤད་རྒྱུད་རྡོ་རྗེ་གུར་ནས་གསུངས་པ་ཡི། །མཚན་ནི་པདྨ་མཁའ་འགྲོ་ཞེས་བྱ་བའི། །སངས་རྒྱས་འོད་དཔག་མེད་ཀྱི་སྒོམ་བཟླས་ནི། །དགྱེས་རྡོར་རྒྱུད་ལ་འབྲེལ་བ་བཞག་ནས་ཀྱང་། །བདེ་བ་ཅན་དུ་སྐྱེ་བའི་གདམས་པ་ཟབ། །འདི་ལ་གཙོ་རྐྱང་དཀྱིལ་འཁོར་གཉིས་ཡོད་དེ། །དཀྱིལ་འཁོར་སྤྲོས་པ་ཆེ་ཕྱིར་ཉམས་ལེན་དཀའ། །གཙོ་རྐྱང་དྲན་རྫོགས་ཉམས་ལེན་བདེ་བ་འདི། །པཎ་ཆེན་འཇིགས་མེད་འབྱུང་གནས་དགོངས་པ་སྟེ། །རྡོ་རྗེ་ཕྲེང་བའི་གཞུང་ལས་ཁོལ་དུ་ཕྱུང་། །རྡོར་ཕྲེང་ཐོབ་ནས་རང་གིས་ཉམས་ལེན་དང་། །གཞན་ལ་འདི་ཡི་དབང་བསྐུར་བྱ་རུང་གསུངས། །རང་གིས་ཉམས་ལེན་དབང་གི་དབང་སྒྲུབ་སོགས། །བདག་མདུན་བུམ་སོགས་སྐད་ཅིག་དྲན་རྫོགས་སུ། །བསྒོམ་པར་ཆོག་པ་པཎ་ཆེན་ཉིད་ཀྱིས་གསུངས། །བདག་ནི་རིགས་དྲུག་སྡུག་བསྔལ་འདི་ལ་སྐྲག །སྡུག་བསྔལ་མེད་པའི་བདེ་ཆེན་ཞིང་ཁམས་སུ། །འགྲོ་བའི་ལམ་བཟང་འདི་ལ་རྒྱུན་ཁྱེར་ཡིན། །ཁྱེད་ཅག་རྗེས་བསྙག་འདོད་པའི་མི་ཡོད་ན། །རབ་ཏུ་འདི་ལ་རྒྱུན་ཁྱེར་ཆག་མེད་དང་། །ཐ་ནའང་འབྲེལ་བ་ཙམ་རེ་ཞོག་མཛོད་དང་། །ནམ་ཞིག་མིག་འབྲས་གྱེན་ལ་ལྡོག་པའི་དུས། །གསེར་སྲང་སྟོང་ཕྲག་གཅིག་ལས་མི་དགའ་རེ། །ས་མ་ཡ་ན་ར་ཀོན། ་ཨ། ཆོས་རྣམས་དམིགས་མེད་ཡེ་ནས་སྟོང་པ་ཉིད། །དེ་ཡི་རང་མདངས་རང་སེམས་

p. 192

ཧཱུཾ་ཡིག་ལས། །དམ་ཡེ་དབྱེར་མེད་སྐད་ཅིག་དྲན་རྫོགས་སུ། །པདྨ་མཁའ་འགྲོ་དམར་ནག་དཀར་བའི་ཞལ། །རྒྱབ་ཞལ་ཁམས་ནག་སྟེང་ཞལ་དུ་བའི་མདོག །བཅུ་དྲུག་ཕྱག་གིས་ཐོད་པ་འཛིན་པའི་ནང་། །དོམ་དང་བྱ་རྒོད་བསེ་དང་བ་མེན་དང་། །སྟག་སྤྲེའུ་ཆུ་སྲིན་ནཱ་ཀྲ་ཅེ་སྤྱང་གཡས། །ཁྭ་དང་འུག་པ་བྱ་དཀར་སེང་གེ་དང་། །ས་ར་ས་ར་ཀྲིཥྛ་ཕག་རྣམས་གཡོན། །རྩ་ཞལ་སྤྱི་བོར་པདྨ་དམར་པོས་མཚན། །རབ་ཁྲོས་ཁྲོ་ཆས་ཡོངས་རྫོགས་ཞབས་བཞི་ཡི། །མདུན་གཉིས་བརྐྱང་བསྐུམ་རྒྱབ་གཉིས་གར་ཐབས་ཀྱིས། །བདུད་བཞི་མནན་ཅིང་པད་ཉིའི་སྟེང་བཞུགས་པའི། །དང་པོའི་ཕྱག་གཉིས་ཐུགས་ཀར་ཡུམ་ལ་འཁྱུད། །གོས་དཀར་དམར་མོ་ཁྲོ་མོའི་ཆ་ལུགས་རྫོགས། །གྲི་གུག་ཕྱར་ཞིང་ཐོད་ཁྲག་མགུལ་ནས་འཁྱུད། །མེ་དཔུང་དབུས་བཞུགས་རིགས་བདག་རིང་འདྲིས་བརྒྱན། །ཐུགས་ཀར་ཉི་སྟེང་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་མཐར་། སྔགས་ཕྲེང་འོད་འཕྲོས་དོན་གཉིས་ཕུན་སུམ་ཚོགས། །རིག་མ་བཅུ་དྲུག་སྤྲོས་ནས་མཆོད་ཅིང་བསྟོད། །ཨོཾ་བཛྲ་ཝི་ཎེ། ཝཾ་ཤེ། ཚྭ་དཾ་གེ། མུ་ར་ཛེ། ཧ་

p. 193

སྱ། ལ་སྱ། གཱིརྟི། ནི་ཏེ། པུ། དྷུ་པེ། དཱི་པེ། གནྡྷེ། རཱུ་པ། རཱ་ས། སྤུནྟེ། དྷམཱདྷ་ཏུ་པྲ་ཏིཙྪ་སྭཱ་ཧཱ། འགྲོ་ལ་ཆགས་པ་གཟིགས་གཟིགས་ནས། །ཆགས་པ་ཐམས་ཅད་ཟད་མཛད་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །རྡོ་རྗེ་ཆགས་ལ་ཕྱག་འཚལ་བསྟོད། །འདི་ལྟར་སྒོམ་བཟླས་བྱས་པ་ཡི། །བསོད་ནམས་དགེ་བ་གང་ཐོབ་དེས། །འདི་ནས་ཚེ་འཕོས་གྱུར་མ་ཐག་། བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་བཛྲ་དྷརྨ་ས་མ་ཡ་ཧཱུཾ། ཧུ་ལུ་ཧུ་ལུ་ཨ་རོ་ལིཀྲ་ཕཊ་སྭཱ་ཧཱ། ཞེས་པའི་བཟླས་པ་ཅི་ནུས་བྱ། །དེ་ནས་དམིགས་མེད་ངང་ལ་བཞག །རྡོ་རྗེ་གུར་གྱི་རྒྱུད་ཆེན་ལས། །གསུངས་པའི་གདམས་ངག་མཆོག་གྱུར་པ། །དགྱེས་རྡོར་སྣང་བ་མཐའ་ཡས་ཀྱི། །སྒོམ་བཟླས་མདོར་བསྡུས་བྱ་ཐབས་འདི། །རྡོ་རྗེ་གདན་པའི་གསུངས་བཞིན་དུ། །རྡོ་རྗེ་ཕྲེང་བའི་ནང་ནས་བསྡུས། །རང་གི་རྒྱུན་ཁྱེར་ཉམས་ལེན་ཏེ། །བདག་དང་འགྲོ་བའི་བློ་དམན་དག །མི་རྟག་འཆི་བས་སེམས་སྔངས་ཏེ། །ནམ་འཆི་ཆ་མེད་སྙིང་ལ་གཟེར། །འཆི་བདག་གཤིན་རྗེ་བྱུང་བའི་ཚེ། །བཟློག་ཐབས་མེད་པའི་ངོ་སྤྲོད་མཐོང་། །རང་ཉིད་བརྩོན་འགྲུས་ཆུང་བ་དང་། །བསྐལ་པ་དམན་ཞིང་ཚེ་ཐུང་བས། །ཚེ་འདི་དང་ནི་བར་དོ་རུ། །སངས་རྒྱས་ཐོབ་པའི་སྤོབས་པ་ཞུམ། །ངན་སོང་སྡུག་བསྔལ་བསམ་མི་

p. 194

བཟོད། །མཐོ་རིས་བདེ་སྐྱིད་རྨི་ལམ་ཙམ། །རིགས་དྲུག་སྡུག་བསྔལ་འཁོར་ལོ་འཁོར། །འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ཐར་དུས་མེད་པ་ཡ་རེ་ང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས། །ལན་གྲངས་བྱེ་བ་དུང་ཕྱུར་དུ། །ཡང་ཡང་སྐྱེ་ཞིང་ཡང་ཡང་འཆི། །འདི་ལས་ཇི་ལྟར་ཐར་ན་བསམ། །བདེ་ཆེན་ཞིང་དུ་སྐྱེས་པ་ན། །དེ་ལས་ཐར་ཞིང་རྟག་ཏུ་བདེ། །ཐེག་དམན་མི་ལྟུང་རྫོགས་སངས་རྒྱས། །དེ་ལྟར་ཐུབ་པས་མདོ་ལས་གསུངས། །དེ་ཕྱིར་དོན་དེ་འགྲུབ་པའི་ཐབས། །དགྱེས་རྡོར་རྒྱུད་ཀྱི་དགོངས་པ་ཡིན། །གོ་བ་ཡོད་པའི་མི་ཡོད་ན། །འདི་ལ་ཅིས་ཀྱང་འབྲེལ་པ་ཞོག །གོ་བ་མེད་པའི་གླང་རྒན་ལ། །རྒྱལ་པོའི་བཀའ་ལས་བེར་རྒའི་དཔེ། །འཆི་བདག་གཤིན་རྗེས་མ་ཟིན་པར། །དེ་ཉིད་ཉམས་སུ་ལེན་མི་འགྱུར། །འདི་བྲིས་ཉེ་ས་པའི་ཆ་མཆིས་ན། །དགྱེས་རྡོར་ལྷ་མོའི་ཚོགས་ལ་བཤགས། །དགེ་བས་འགྲོ་དོན་དཔག་མེད་ཤོག །དེ་སྐད་རཱ་ག་ཨ་སྱས་སྨྲས། །ཡི་གེ་པ་ནི་མཐར་ཕྱིན་ནོ། །མངྒ་ལཾ། །་༼ཆ༽༈ །།བདེ་མཆོག་སྣང་བ་མཐའ་ཡས་ཀྱི་སྒོམ་བཟླས་བདེ་ཆེན་ཞིང་དུ་འགྲོ་བའི་སྐྱེལ་མ་པདྨ་མཁའ་འགྲོའི་དཔུང་ཚོགས་ཞེས་བྱ་བ་བཞུགས་སོ། །༄༅། །ན་མ་ཤི་ཙཀྲ་སཾ་བྷ་རཱ་ཡ། བདེ་མཆོག་རྩ་རྒྱུད་རྒྱས་བསྡུས་གཉིས། །ཨ་བྷི་དྷ་ན་སྡོམ་འབྱུང་དང་། །རྡོ་རྗེ་མཁའ་འགྲོ་ལ་སོགས་དང་། །སྤྱི་ཡི་བཤད་རྒྱུད་སཾ་བྷུ་ཊ། །ས་ར་ཧ་དང་དྲིལ་བུ་པ། །ཏི་ལོ་ནཱ་རོ་ལ་སོགས་དང་། །གྲུབ་

p. 195

ཆེན་མང་པོའི་ཐུགས་བཅུད་དེ། །རྒྱུད་སྡེ་ཀུན་གྱི་སྙིང་པོའི་བཅུད། །ཡང་སྙིང་འཁོར་ལོ་སྡོམ་པར་གྲགས། །དེ་ལ་འབྲེལ་པ་བཞག་ནས་ཀྱང་། །བདེ་བ་ཅན་དུ་སྐྱེ་བའི་ཐབས། །ཟབ་ལ་རྒྱ་ཆེ་མཚུངས་པ་མེད། །འདི་ཉིད་ཨ་བྱཱ་ཀ་ར་ཡི། །དགོངས་པ་ཇི་བཞིན་རྡོར་ཕྲེང་ནས། །ཁོལ་དུ་ཕྱུངས་ཏེ་བཀོད་པ་ནི། །པདྨ་མཁའ་འགྲོ་ཞེས་བྱ་བ། །བདེ་མཆོག་སྣང་བ་མཐའ་ཡས་ཀྱི། །དཀྱིལ་འཁོར་དང་ནི་གཙོ་རྐྱང་གཉིས། །འདིར་ནི་གཙོ་རྐྱང་སྟབས་བདེར་བརྗོད། །ཧ་ཅང་དཀའ་སྤྱད་མི་དགོས་པར། ་། བདེ་བ་ཅན་དུ་སྐྱེ་འདོད་ན། །ཐུགས་དམ་ཆག་མེད་རྒྱུན་ཁྱེར་རམ། །ཐ་ན་འབྲེལ་པ་ཙམ་རེ་ཞོག །བན་རྒན་ང་ཡི་སྙིང་གཏམ་ཡིན། །རྡོར་ཕྲེང་དབང་བསྐུར་མ་ཐོབ་ན། །འདི་ཡི་རྗེས་གནང་བྱ་བར་རུང་། །དབང་སྒྲུབ་བདག་མདུན་བུམ་པ་རྣམས། །དྲན་རྫོགས་འདི་གས་ཆོག་པ་ནི། །རྡོ་རྗེ་གདན་པ་ཉིད་ཀྱིས་གསུངས། །ཨ། ཆོས་རྣམས་མི་དམིགས་ཡེ་ནས་ཕྱག་རྒྱ་ཆེ། །དེ་ཡི་རང་མདངས་དམ་ཡེ་དབྱེར་མེད་པའི། །རྨ་བྱའི་ཁྲི་སྟེང་པདྨ་ཉི་གདན་ལ། །དབང་ཕྱུག་ཆེན་པོ་བསྐྱེལ་བའི་གདན་སྟེང་ན། །རང་ཉིད་པདྨ་མཁའ་འགྲོ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཡས་པས་པདྨ་དང་། །གཡོན་པས་པདྨས་མཚན་པའི་དྲིལ་བུ་གཉིས། །ཐུགས་ཀར་བསྣོལ་ཐབས་འཛིན་པས་ཡུམ་ལ་འཁྱུད། །ཐོར་ཚུགས་ཐོད་སྐམ་

p. 196

ཕྱག་རྒྱ་དྲུག་གིས་སྤྲས། །རྡོ་རྗེ་སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན། །ཡུམ་མཆོག་པདྨ་ཌཱཀི་སྐུ་མདོག་དམར། །པདྨ་ཐོད་ཁྲག་འཛིན་ཅིང་ཡབ་ལ་འཁྱུད། །གཅེར་བུ་སྐུ་གྲོལ་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཡབ་ཡུམ་སྐུ་ལས་ཡེ་ཤེས་མེ་དཔུང་འབར། །གཉིས་ཀ་སྤྱན་གསུམ་ཅུང་ཟད་ཞི་མ་ཁྲོ། །རིགས་བདག་འོད་དཔག་མེད་ཀྱིས་དབུ་བརྒྱན་ཞིང་། །ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀར་ཉི་སྟེང་ཏིང་འཛིན་སེམས་དཔའ་ཧྲི། །དེ་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །རང་འདྲའི་སྤྲུལ་པས་ནམ་མཁའི་མཐར་ཐུག་གང་། །སངས་རྒྱས་ཀུན་མཆོད་བྱིན་རླབས་དངོས་གྲུབ་བསྡུས། །མཛད་པ་བཅུ་གཉིས་སྒོ་ནས་འགྲོ་དོན་མཛད། །ཚུར་འདུས་རང་གི་སྙིང་གར་ཐིམ་པར་གྱུར། །སླར་ཡང་མཆོད་པའི་ལྷ་མོ་བཅུ་དྲུག་སྤྲོས། །བདེ་མཆོག་སྣང་བ་མཐའ་ཡས་མཆོད་ཅིང་བསྟོད། །ཨོཾ་བཛྲ་ཝི་ཎེ། ཝཾ་ཤེ། མི་དཾ་གེ མུ་ར་ཛེ། ཧ་སྱ། ལ་སྱ། གཱིརྟི། ཚྭ་ཏེ། པུཡེ། དྷུ་པེ། དཱི་པེ། གནྡྷེ། རཱུ་པ། རཱ་ས། སྤངྒེ། དྷམཱདྷཱ་ཏུ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་

p. 197

ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །སྣང་མཐའ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །འདི་ལྟར་སྒོམ་བཟླས་བྱས་པའི་བསོད་ནམས་ཀྱིས། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཨོཾ་ཤྲཱི་པདྨ་ཌཱཀ་ཧཱུྃཨཱཧཱུྃ༔ ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་བཟླས་པ་དེ་ལ་ཅི་ནུས་བྱ། །དེ་ནས་དམིགས་མེད་ཕྱག་ཆེན་ངོ་བོ་སྐྱོང་། །ནམ་འཆི་ཆ་མེད་མྱུར་དུ་འཆི་འགྱུར་ཞིང་། །སྔོན་ནས་བཏང་དང་རྗེས་ནས་འོང་བ་ཡི། །ཟང་ཟིང་རྒྱུ་ཡི་དགེ་རྩ་མེད་པ་དང་། །ལུས་ངག་དགེ་སྦྱོར་ཡུན་རིང་མ་གྲུབ་ཀྱང་། །བར་དོའི་སྐབས་ནས་བདེ་ཆེན་ཞིང་ཁམས་སུ། །འགྲོ་བས་ཆོག་ཅིང་ཐོགས་པ་མེད་པ་ཡི། །གདམས་ངག་ཚིག་ཆུང་དོན་ཆེ་ཟབ་མོ་འདི། །ཡིད་བཞིན་ནོར་བུ་རྙེད་ལས་འཚེངས་ཆེ་སྟེ། །ཅི་ཕྱིར་ཡང་སྙིང་འཁོར་ལོ་སྡོམ་པའི་ཆོས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་སྙིང་ཡིན། །བདེ་མཆོག་ལ་ཡང་རིགས་ནི་དྲུག་ཡོད་པས། །འདི་ནི་བདེ་མཆོག་སྣང་བ་མཐའ་ཡས་ཏེ། བདེ་བ་ཅན་དུ་འགྲོ་བའི་གནད་ཟབ་ཡིན། །རང་གི་ཉམས་ལེན་གཞན་ལ་ཕན་པའི་ཕྱིར། །རཱག་ཨ་སྱས་ངག་ནས་སྨྲས་པ་བཞིན། །ཤཱཀྱའི་དགེ་ཚུལ་པདྨ་མཐར་

p. 198

ཕྱིན་གྱིས། །རང་དང་གཞན་ལ་ཕན་པའི་སེམས་བསྐྱེད་ཀྱིས། །མེ་ཕོ་རྟ་ལོ་ས་ག་ཟླ་བ་ཡི། །དམར་པོའི་ཚེས་དྲུག་འགྲུབ་སྦྱོར་ལྡན་པ་ཡི། །དགོང་མོ་དབང་གི་དུས་ཀྱི་ཐུན་སྐབས་བྲིས། །འདི་ལ་མ་དག་འགལ་འཁྲུལ་ཉེས་པའི་ཚོགས། །མཆིས་ན་ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་དྲུང་དུ་བཤགས། །དགེ་བས་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །ནམ་ཞིག་འཕོས་ཚེ་གནས་གསུམ་མཁའ་འགྲོ་ཡིས། །མེ་ཏོག་ཆར་འབེབས་རོལ་མོའི་སྒྲ་དང་བཅས། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་སྤྱོད་བདེ་ཆེན་ཞིང་དེར་ཁྲིད་པར་ཤོག །སརྦ་མངྒ་ལཾ། ༼ཇ༽༈ །།གསང་འདུས་འོད་དཔག་མེད་ཀྱི་སྒོམ་བཟླས་བདེ་བ་ཅན་གྱི་ཞིང་ཁམས་བགྲོད་པའི་རྟ་མཆོག་བྷ་ལ་ཧ་ཞེས་བྱ་བ་བཞུགས་སོ། །༄༅། །ན་མོ་བཛྲ་དྷ་ར་ཡ། གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་པ། །བཤད་པའི་རྒྱུད་ཆེན་རྡོ་རྗེ་ཕྲེང་བ་དང་་། །ལྷ་མོ་བཞིས་ཞུས་ཡེ་ཤེས་ཀུན་ལས་བཏུས། །ཀླུ་སྒྲུབ་ཡབ་སྲས་ཐུགས་དམ་ཡིན་པའི་ཕྱིར། །རྒྱ་བོད་ཀུན་ལ་ཉི་ཟླ་བཞིན་དུ་གྲགས། །དེ་ཕྱིར་ནམ་མཁའ་ལྟ་བུའི་གསང་འདུས་ཟེར། །དེ་ལ་འབྲེལ་པ་བཞག་ན་རང་ཅག་རྣམས། །བདེ་བ་ཅན་དུ་སྐྱེ་བ་འཁྲུལ་མེད་ཡིན། །རྡོ་རྗེ་གདན་པ་ཆེན་པོའི་དགོངས་པ་ལྟར། །གསང་འདུས་འོད་དཔག་མེད་ཀྱི་སྒྲུབ་ཐབས་ཟེར། །འདི་ཡི་དཀྱིལ་ཆོག་མང་དྲགས་བསྐྱེད་རིམ་དཀའ། །དེ་བས་གཙོ་རྐྱང་སྟབས་བདེ་དོན་འཐུས་ཕྱིར། །

p. 199

ཡིད་བཞིན་ནོར་བུ་ལྟ་བུའི་གདམས་པ་བསྟན། །ཨ། ཆོས་རྣམས་འོད་གསལ་སྣང་སྟོང་ཟུང་དུ་འཇུག །དེ་ཡི་རང་མདངས་དམ་ཡེ་དབྱེར་མེད་པའི། །རང་ཉིད་གསང་བ་འདུས་པ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་མཚན་དཔེ་རྫོགས། །དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། །དབུ་སྐྲ་ཐོར་ཚུགས་རིགས་བདག་འོད་དཔག་མེད། །ཕྱག་གཡོན་དང་པོས་དྲིལ་བུ་དང་བཅས་པའི། །པདྨ་དམར་པོའི་རྩ་བ་དཀུར་བརྟེན་འཛིན། །གཡས་པས་ཡུམ་ལ་འཁྱུད་ཅིང་དེའི་ཁ་འབྱེད། །གཡས་འོག་ཕྱག་གཉིས་རྡོ་རྗེ་འཁོར་ལོ་དང་། །གཡོན་འོག་ཕྱག་གཉིས་རིན་ཆེན་རལ་གྲི་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །ཡུམ་ཆེན་གོས་དཀར་ལྷ་མོ་དམར་སྐྱ་ལ། །དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་པ། །ཕྱག་གཡོན་དང་པོས་དྲིལ་བུ་དང་བཅས་པའི། །ཨུཏྤལ་དམར་པོའི་ཡུ་བ་དཀུར་བརྟེན་འཛིན། །གཡས་པས་ཡབ་ལ་འཁྱུད་ཅིང་དེའི་ཁ་འབྱེད། །གཡས་ལྷག་ཕྱག་གཉིས་རྡོ་རྗེ་འཁོར་ལོ་དང་། །གཡོན་ལྷག་ཕྱག་གཉིས་རིན་ཆེན་རལ་གྲི་འཛིན། །ཡབ་ཡུམ་དར་དང་རིན་ཆེན་རྒྱན་རྣམས་རྫོགས། །

p. 200

ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་བའི། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི། །ཏིང་འཛིན་སེམས་དཔའ་ཨ་ཡིག་སྔགས་གཡས་བསྐོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །རང་འདྲའི་སྤྲུལ་པ་དཔག་མེད་འཇིག་རྟེན་གང་། །སངས་རྒྱས་རྣམས་མཆོད་འགྲོ་ཀུན་སྨིན་གྲོལ་མཛད། །ཐམས་ཅད་ཚུར་འདུས་རང་གི་ཐུགས་ཀར་ཐིམ། །སླར་ཡང་ཐུགས་ལས་རིག་མ་བཅུ་དྲུག་འཕྲོས། །འོད་དཔག་མེད་ལ་མཆོད་ཅིང་བསྟོད་པར་གྱུར། །ཨོཾ་བཛྲ་ཝི་ཏེ། ཝཾ་ཤེ། མྲྀ་དཾ་གེ མུ་ར་ཛེ། ཧ་སྱ། ལ་སྐྱེ། གཱནྟི། ཀྲྀ་ཏེ། པུཝེ། དྷུ་པེ། དཱི་པེ། གནྡྷེ། རཱུ་པ། རཱ་ས། སྤངྒེ། དྷརྨཱ་དྷ་ཏུ་པྲ་ཏཱིཙྪ་སྭཱ་ཧཱ། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པས་བརྙེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་བསྟོད། །ཨོཾ་ཨ་རོ་ལིཀྲ་ཨཱཿཧཱུྃ། ཞེས་པའི་བཟླས་པ་ཅི་འགྲུབ་བྱ། །དེ་རྗེས་སྒོམ་མཁན་ངོ་བོར་བལྟ་། །བསྔོ་སྨོན་ཐུབ་པས་གསུངས་པ་ནི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་

p. 201

དུ། །ལུང་བསྟན་པ་ཡང་བདག་གཞན་དེར་ཐོབ་ཤོག །བདག་ལ་ཕྱི་མ་ཕན་ཆད་ཀྱིས། །རེ་ལྟོས་བཅས་པའི་མི་ཁྱོད་ཉོན། །སངས་རྒྱས་ཀུན་ཀྱང་སེམས་ཅན་གྱི། །སྡུག་བསྔལ་ཕྱག་གིས་མི་སེལ་ཞིང་། །སྡིག་སྒྲིབ་ཆུ་ཡིས་མི་བཀྲུ་སྟེ། །ཐབས་ནི་ཟབ་མོ་བསྟན་པ་ཡིས། །སེམས་ཅན་སྒྲོལ་བར་མཛད་ཅིང་གསུངས། །གང་ཕན་བཤད་པ་བླ་མ་ཡིན། །གང་སྨྲས་ཉན་པ་སློབ་མ་ཡིན། །བཤད་པའི་ཚིག་དེ་མ་ཉན་ན། །སློབ་མ་ཡིན་ཡང་བཟའ་ཚང་འདྲ། །འཆི་བདག་ནམ་འོང་ཏིག་ཏིག་མེད། །བྱུང་ན་བཟློག་ཐབས་ཨི་གདའ་ན། །རིགས་དྲུག་འཁོར་བའི་སྡུག་བསྔལ་འདི། །རྒྱུན་དུ་མྱོང་ན་ཨི་མི་མཚར། །རྟག་ཏུ་བདེ་སྐྱིད་ལྡན་པའི་གནས། །བདེ་བ་ཅན་དུ་འགྲོ་འདོད་ན། །དགེ་བ་ངན་ངོན་ཙམ་གྱིས་ནི། །བདེ་བ་ཅན་དུ་མི་སྐྱེ་གསུངས། །ཟང་ཟིང་དགེ་བ་རླབས་ཆེན་ནི། །བྱེད་པའི་སྟོབས་དང་འབྱོར་པ་མེད། །ལུས་ངག་དགེ་སྦྱོར་ཡུན་རིང་ཡང་། །བྱེད་ལོང་ཨི་ཡོད་ཅི་ཆ་ཡོད། །ཡི་གེ་དྲུག་བས་ལྷག་མེད་ཀྱང་། །དུང་སོགས་འདོན་ལོང་ཡོད་ཤས་ཆུང་། །དུང་ཕྱུར་མང་པོ་ཐོན་ན་ཡང་། །ཞིང་དེར་བསྔོ་སྨོན་མ་བྱས་ན། །བདེ་བ་ཅན་དུ་སྐྱེ་ངེས་མེད། །ཡི་དམ་ལྷ་ཚོགས་ཐམས་ཅད་ནི། །བྱིན་རླབས་ནུས་པ་ཆེ་མཉམ་ཡང་། །འབྲེལ་བ་གང་ལ་ཆེ་བ་ཡི། །སོ་སོའི་ཞིང་ཁམས་ཁྲིད་པར་བཤད། །དཔེར་ན་དཔོན་འཇུ་བྱས་པ་ན། །སོ་སོའི་སྡེ་ནང་ཁྲིད་དང་འདྲ། །དེ་ཕྱིར་འོད་དཔག་མེད་མགོན་ལ། །རྒྱུད་སྡེ་སོ་སོའི་ལུགས་བཞིན་

p. 202

དུ། །འབྲེལ་པ་སྣ་རེ་བཞག་པ་ན། །བདེ་བ་ཅན་དུ་སྐྱེ་བའི་ཐབས། །དགེ་བའི་རྩ་བ་བཟང་པོ་ཡིན། །ངན་ངོན་ཙམ་ནི་མ་ཡིན་ནོ། །ཁྱད་པར་ཕ་རྒྱུད་གསང་འདུས་འདི། །ཀུན་གྱིས་སྤྱི་བོར་བཀུར་བ་ལ། །སུས་ཀྱང་ཐེ་ཚོམ་སྨྲས་པ་མེད། །དེ་ཕྱིར་བསླད་མེད་གསེར་བས་འཕངས། །ཞིང་ཁམས་དེ་རུ་སྐྱེ་འདོད་ན། །རབ་ཏུ་རྒྱུན་ཁྱེར་བྱ་བའམ། །མིན་ཀྱང་འབྲེལ་བ་སྣ་རེ་ཞོག །དེ་སྐད་རཱ་ག་ཨ་སྱས་སྨྲས། །། དགེ་ཚུལ་པདྨ་མཐར་ཕྱིན་གྱིས། །ལག་པ་རླུང་གི་རྟ་ལ་ཞོན། །རང་དང་གཞན་ལ་ཕན་ཕྱིར་བྲིས། །མ་དག་འོགལ་འཁྲུལ་ཆ་མཆིས་ན། །ཕ་རྒྱུད་གསང་འདུས་ལྷ་ལ་བཤགས། །དགེ་བས་འགྲོ་དོན་དཔག་མེད་ཤོག །སརྦ་མངྒ་ལཾ། ༼ག༽༈ །།སྦྱོང་རྒྱུད་ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་སྒོམ་བཟླས་བདེ་བ་ཅན་དུ་སྐྱེ་བའི་མན་ངག་ཕ་ཁྱིམ་བུ་འགྲོ་བཞུགས་སོ། །༄༅། །ན་མོ་གུ་རུ་ཨཱཿཡུཛྙཱ་ན་ཡ། རྒྱུད་སྡེ་བཞི་ཡི་ནང་ནས་རྣལ་འབྱོར་རྒྱུད། །རྩ་རྒྱུད་ལས་ནི་འཕྲོས་པའི་སྦྱོང་རྒྱུད་དེ། །རྒྱུད་སྡེ་བཞི་ལས་རྣལ་འབྱོར་རྒྱུད་འདི་ཉིད། །བོད་ལ་ཕན་ཐོགས་ཆེ་ཞེས་ཇོ་བོས་གསུངས། །སྔོན་ཚེ་ཐུབ་པ་དང་ནི་གསང་བདག་དུས། །བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས་ཞུས་པ། །སེམས་ཅན་ཚེ་ཐུང་བསོད་ནམས་ཆུང་བ་དང་། །ངན་སོང་གནས་སུ་ལྟུང་བ་དེ་དག་ལ། །ཕན་པའི་ཐབས་ནི་ཇི་ལྟར་ཡོད་ཞུས་པས། །དེ་ལ་ཕན་ཐབས་ཚེ་དཔག་དཀྱིལ་འཁོར་གསུངས། །འདི་ཉིད་ཉམས་སུ་བླངས་བར་བྱས་ན་

p. 203

ནི། །ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པ་དང་། །ཕྱི་མ་བདེ་བ་ཅན་གྱི་ཞིང་དུ་སྐྱེ། །འདི་ཡི་ཕན་ཡོན་ཡོངས་སུ་རྫོགས་པ་ནི། །སངས་རྒྱས་ཀུན་གྱིས་བཤད་ཀྱང་མི་རྫོགས་གསུངས། །འདི་ཉིད་ཉམས་སུ་བླངས་བའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱི་བསོད་ནམས་དང་མཉམ་གསུངས། །འདི་ནི་རྣལ་འབྱོར་རྒྱུད་ནི་ཡིན་ན་ཡང་། །བླ་མེད་རྒྱུད་ལྟར་དྲན་རྫོགས་བསྒོམ་ཆོག་པ། །རྒྱ་གར་པཎ་ཆེན་འཇིགས་མེད་སྦས་པ་དང་། །གྲུབ་ཆེན་མི་ཏྲ་ཛཱ་ཀིའི་དགོངས་པ་ཡིན། །བདག་བསྐྱེད་གཙོ་རྐྱང་བསྒོམ་པ་ཀུན་གྱི་ལུགས། །མདུན་བུམ་སྒྲུབ་དང་དབང་བསྐུར་བྱེད་ན་ནི། །དཀྱིལ་འཁོར་བཅུ་གཉིས་ཟིན་བྲིས་ལོགས་སུ་ཡོད། །ཚེ་དཔག་གསུང་གི་དཀྱིལ་འཁོར་དབང་ཐོབ་ནས། །འདི་ཉིད་ཉམས་སུ་སུ་ཡིས་བླངས་ཀྱང་ཆོག །འདི་ཡི་རྗེས་གནང་བྱེད་པའི་སྲོལ་མེད་དོ། །མངོན་རྟོགས་བློ་ནས་འདོན་པ་མ་ལྕོགས་ན། །དམིགས་པ་བསྒོམ་ཞིང་སྔགས་རང་བཟླས་པས་འཐུས། །སྐྱབས་འགྲོ་སེམས་བསྐྱེད་ད་ནངསགཞན་སོང་ནས། །སོ་སོར་གུད་དུ་དགོས་པ་མ་ཡིན་ནོ། །ཨ། ཆོས་ཀུན་མཐའ་བཞི་བྲལ་བ་དབུ་མའི་ལམ། །སེང་ཁྲི་སྣ་ཚོགས་པདྨ་ཟླ་བའི་སྟེང་། །རང་སེམས་ཧྲིཡིག་དམར་པོ་ཡོངས་གྱུར་ལས། །བཅོམ་ལྡན་ཚེ་དང་བསོད་ནམས་ཡེ་ཤེས་དང་། །ཡོན་ཏན་གཟི་བརྗིད་ཚད་མེད་རྒྱལ་པོ་ནི། །པདྨ་རཱ་གའི་མདོག་ཅན་འོད་ཟེར་འབར། །ཞལ་གཅིག་

p. 204

ཞི་འཛུམ་ཕྱག་གཉིས་མཉམ་གཞག་གིས། །འཆི་མེད་བདུད་རྩིས་གང་བའི་བུམ་པ་བསྣམས། །མཚན་དང་དཔེ་བྱད་དར་དང་རིན་ཆེན་བརྒྱན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡི། །འོད་སྐོར་ནང་དུ་པུཎྱའི་སྔགས་ཕྲེང་དང་། །ཐུགས་ཀར་ཟླ་སྟེང་ཧཱུྃཡིག་དམར་པོའི་མཐར། །སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས། །རྒྱལ་བ་ཀུན་མཆོད་འགྲོ་དྲུག་སྒྲིབ་པ་སྦྱངས། །འཕགས་བཞིའི་བྱིན་རླབས་འགྲོ་བའི་ཚེ་བསོད་དང་། །འབྱུང་བའི་བཅུད་བསྡུས་རང་ཐིམ་ཚེ་བསོད་འཕེལ། །སྤྲུལ་པའི་ལྷ་མོས་བདག་བསྐྱེད་མཆོད་ཅིང་བསྟོད། །ཨགྷཾ། པཱཏུཾ། པུཝེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝིདྱ། ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུྃ། སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་འབྱེད་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །གཟི་བརྗིད་ཚད་མེད་ཁྱོད་ཕྱག་འཚལ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད་། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །འདི་ལྟར་སྒོམ་བཟླས་བསོད་ནམས་མཐུས། །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །

p. 205

ཞིང་མཆོག་དེ་རུ་སྐྱེ་བར་ཤོག །རྩ་རིག་འདི་ཉིད་བདུན་ནམ་གསུམ། །དེ་ནས་སྙིང་པོ་འབྲུ་བཞི་ལ། །རྒྱུན་དུ་བསྙེན་པ་ཅི་ནུས་འབད། །རྩ་རིག་ནི། ཨོཾ་པུཎེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ཧཱུཾ་སྭཱ་ཧཱ། དེ་ནས་ཉམས་ལེན་སེམས་ངོའི་ངང་ལ་བཞག །སེམས་ངོའི་ངང་ནས་བཟླས་ཀྱང་ཤིན་ཏུ་ལེགས། །ཚེ་འདིར་ཚེ་རིང་ནད་མེད་བསོད་ནམས་འཕེལ། །ཕྱི་མ་བདེ་བ་ཅན་དུ་འགྲོ་འདོད་ན། །འདི་ལ་རབ་ཏུ་རྒྱུན་ཁྱེར་ཆག་མེད་དང་། །ཐ་ན་འབྲེལ་པ་ཙམ་རེ་ངེས་པར་ཞོག །གལ་ཏེ་སྙིང་རུས་ལྡན་པའི་མི་ཡོད་ན། །འབྲུ་བཞི་འདི་ལ་བྱེ་གྲངས་མང་པོ་དག་། བཟླས་ན་དུང་གི་ཁ་ཡང་གང་སླ་ཞིང་། །བདེ་བ་ཅན་དུ་ཕ་ཁྱིམ་བུ་འགྲོ་བཞིན། །སྦྱོང་རྒྱུད་འདི་ལ་ཀུན་གྱིས་རྩོད་པ་མེད། །ཉི་ཟླ་ལྟ་བུར་ཡོངས་སུ་གྲགས་པ་ཡིན། །སྙིང་པོ་འབྲུ་བཞི་འདི་ནི་ཚེ་དཔག་དངོས། །འོད་དཔག་མེད་དང་ལྷ་མོ་རྣམ་རྒྱལ་མ། །གསུམ་ཀའི་སྙིང་པོ་གསར་རྙིང་ཀུན་ནས་བཤད། །བློ་ཡིག་ཁོ་ན་བཟླས་པའི་ཕན་ཡོན་ཀྱང་། །དཔག་ཏུ་མེད་པ་རྒྱུད་སྡེ་འགའ་ནས་གསུངས། །དེ་ཕྱིར་འབྲུ་བཞི་སྔགས་འདི་ངོ་མཚར་ཆེ། །དེ་ལྟར་རང་གི་ཉམས་ལེན་དང་བསྟུན་ནས། །གཞན་ལ་ཕན་ཕྱིར་རཱ་ག་ཨ་སྱས་སྨྲས། །དགེ་བཤེས་བཙུན་པ་པདྨ་མཐར་ཕྱིན་གྱིས། །རང་ཉིད་ཀྱང་ནི་འབྲེལ་བ་འཇོག་པ་དང་། །གཞན་ལ་ཕན་པའི་སེམས་བསྐྱེད་བཟང་པོས་བྲིས། །མ་དག་འགལ་འཁྲུལ་མཆིས་ན་བཤགས་བགྱི་ཞིང་། །

p. 206

དགེ་བས་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །མངྒ་ལཾ། ༼ཏ༽༈ །།གསུང་རྡོ་རྗེ་འཇམ་དབྱངས་དམར་པོ་འོད་དཔག་མེད་ཀྱི་སྒོམ་བཟླས་བདེ་ཆེན་ཞིང་གི་ལམ་སྒྲོན་མ་རིག་མུན་སེལ་བཞུགས་སོ། །༄༅། །ན་མོ་ཨ་མི་ཏ་བྷ་ཡ། བཅོམ་ལྡན་རྒྱལ་བ་འོད་དཔག་མེད་པ་འདི། །གསར་རྙིང་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས། །འོན་ཀྱང་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ། །ཆོས་དབྱིངས་གསུང་དབང་དང་ནི་ཕྱོགས་མཐུན་པས། །ངག་གི་དབང་ཕྱུག་རྡོ་རྗེ་འོད་དཔག་མེད། །འཇམ་དབྱངས་དམར་པོ་ཉིད་དང་དོན་ཡང་གཅིག །པཎྜི་ཏ་པ་འཇིགས་མེད་སྦས་པ་དང་། །བུདྡྷཱ་ཀཱིརྟི་གཉིས་ཀྱིས་མཛད་པ་ཡི། །སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོའི་རྒྱ་གཞུང་ཡིན། །འདི་ཉིད་རྣལ་འབྱོར་རྒྱུད་དང་ཆ་མཐུན་ཡང་། །བླ་མེད་རྒྱུད་ལྟར་དྲན་རྫོགས་ཆོག་པ་ནི། །རྡོ་རྗེ་གདན་པ་ཉིད་ཀྱི་དགོངས་པ་ལགས། ཨ། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །རང་སེམས་ཧྲིཡིག་དམར་པོ་ཡོངས་གྱུར་ལས། །ངག་གི་དབང་ཕྱུག་རྡོ་རྗེ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་འོད་ཟེར་འཕྲོ། །། ཞལ་གཅིག་ཞི་འཛུམ་དབུ་ལ་གཙུག་ཏོར་དང་། །ཕྱག་གཉིས་མཉམ་གཞག་ཞབས་གཉིས་འཁོར་ལོས་མཚན། ་། ན་བཟའ་ངུར་སྨྲིག་གསོལ་ཞིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུཾ་

p. 207

ཡིག་ལས་བྱུང་བའི། །རྡོ་རྗེ་སྔོན་པོ་རྩེ་ལྔའི་རྭ་རྩེ་ལ། །ཨཡིག་དམར་པོ་ལྗགས་རྩེར་ཧཱུྃཡིག་མཚན། །འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་རྣམས། །མཆོད་པས་མཉེས་ནས་དེ་དག་ཐམས་ཅད་ཀྱང་། །རང་འདྲའི་འོད་དཔག་མེད་ཀྱི་སྐུར་གྱུར་ནས། །བུ་ཡུག་འཚུབ་བཞིན་བྱོན་ནས་རང་ལ་ཐིམ། །འོད་ཟེར་འཕྲོས་པས་འགྲོ་དྲུག་སྒྲིབ་པ་སྦྱངས། །འོད་དཔག་མེད་ཀྱི་སྐུར་གྱུར་སྔགས་སྒྲ་སྒྲོག །ཡིད་ལས་སྤྲུལ་པའི་མཆོད་པའི་སྤྲིན་གྱིས་མཆོད། །ཨགྷཾ། པཱཏུཾ། པུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་ཏྱཱ། ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུཾ། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདོག་ཅན་དྲི་མེད་འོད་འབར་བ། །སྐྱོབས་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པར་ཡང་བདག་གིས་དེར་ཐོབ་ཤོག །དེ་ནས་སྙིང་པོ་ཉེ་སྙིང་ཅི་ནུས་བཟླ། །སྙིང་པོ་ནི། ཨོཾ་ཝཱ་གཱི་ཤྭ་རི་

p. 208

ཚྭ། ཉེ་སྙིང་ནི། ཨོ་དྷིསྭཱ་ཧཱ། དེ་ནས་དམིགས་མེད་སྟོང་པའི་ངང་ལ་བཞག །སེམས་ངོ་སྐྱོང་བའི་ངང་ནས་བཟླས་ཀྱང་ལེགས། །ཁྱེད་ཅག་བན་ཆུང་ན་སོ་གཞོན་པ་རྣམས། །ཤེས་རབ་ཆེ་ཞིང་ཡོན་ཏན་མཁས་འདོད་ན། །འཇམ་དབྱངས་དམར་པོ་འདི་ཉིད་ཉམས་སུ་ལོངས། །འཆི་བདག་གཤིན་རྗེ་ཨ་ཉོག་ཐེབས་མེད་ཅེས། །གཅེས་སྤྲས་བྱེད་ནས་བསྒྱུར་ངེས་མི་གདའ་བས། །གལ་ཏེ་གཞོན་ནུ་ཉིད་ནས་ཤི་ན་ཡང་། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་ཐབས། །འོད་དཔག་མེད་ཀྱི་སྒྲུབ་པ་འདི་ལྟར་ཡིན། །སྔགས་ཉུང་ཞལ་ཕྱག་ཉུང་ཞིང་སྔགས་འཁོར་མེད། །བན་ཆུང་རྣམས་དང་ཤེས་རབ་ཆུང་རྣམས་ཀྱིས། །འདི་ལ་ཅིས་ཀྱང་འབྲེལ་བ་ཞོག་ཅིག་ཅེས། །རཱ་ག་ཨ་སྱས་ཇི་ལྟར་གསུངས་པའི་ཚིག །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེར་བྲིས། །སརྦ་མངྒ་ལཾ། །༼ཐ༽༈ །།ལྷ་མོ་རྣམ་པར་རྒྱལ་བའི་སྒོམ་བཟླས་བདེ་ཆེན་ཞིང་དུ་འགྲོ་བའི་མཁའ་འགྲོའི་དར་ལམ་དཀར་པོ་ཞེས་བྱ་བ་བཞུགས་སོ། །༄༅། །ན་མཤཱཀྱ་མུ་ན་ཡེ། ལྷ་མོ་གཙུག་ཏོར་རྣམ་པར་རྒྱལ་མ་འདི། །སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད། །འབུམ་ཕྲག་དྲུག་ཅུ་རྩ་བཞིས་གསུངས་པ་སྟེ། །སེམས་ཅན་ཚེ་ཐུང་བསོད་ནམས་ཆུང་བ་དང་། །སྐྱེ་གནས་ངན་པར་སྐྱེ་བ་དེ་རྣམས་ལ། །ཕན་ཕྱིར་འཛམ་བུ་གླིང་དུ་བཞག་པར་གསུངས། །འདི་ཉིད་ཅུང་ཟད་ཉམས་སུ་བླངས་ན་ཡང་། །བསྐལ་པ་སྟོང་དུ་བསགས་པའི་སྒྲིབ་པ་དག །དམྱལ་བ་ཡི་དྭགས་དུད་

p. 209

འགྲོ་ལྷ་མ་ཡིན། །གནོད་སྦྱིན་འབྱུང་པོ་སྲིན་པོ་ཤ་ཟ་དང་། །ལུས་སྲུལ་པོ་དང་བརྗེད་བྱེད་སྦལ་སྤྲུལ་དང་། །ཁྱི་དང་ཝ་དང་སྤྲེའུ་བྱ་རྒོད་དང་། །གཅན་གཟན་འབུ་སྲིན་སྐྱེ་བའི་སྐྱེ་སྒོ་ཆོད། །ཚེ་འདིར་ཚེ་དང་བསོད་ནམས་ཡོན་ཏན་འཕེལ། །སྨན་པས་བོར་བའི་ནད་ཀྱང་སོས་གྱུར་ནས། །ནད་རྣམས་ཀུན་ཞི་བཀྲ་ཤིས་བདེ་ལེགས་འཕེལ། །གཤིན་རྗེའི་རྒྱལ་པོ་ཆོས་ཀྱི་རྒྱལ་པོས་ཀྱང་། །འདི་ཉིད་ཉམས་སུ་ལེན་ལ་སྲུང་ཞིང་སྐྱོབས། །དམྱལ་བའི་གནས་སུ་འོང་ནི་མི་འཇུག་ཅེས། །ཤཱཀྱ་ཐུབ་པའི་མདུན་དུ་ཁས་ལེན་བྱས། །འདི་ཉིད་ཉམས་སུ་བླངས་པའི་གང་ཟག་དེ། །ཤི་ནས་བདེ་བ་ཅན་དུ་སྐྱེ་འགྱུར་ཞེས། །བཅོམ་ལྡན་ཐུབ་པ་ཆེན་པོའི་བཀའ་ཡིན་ནོ། །རྡོར་ཕྲེང་ནང་དུ་དཀྱིལ་འཁོར་ལྷ་མང་ཡོད། །ལྷ་དགུའི་སྟོང་མཆོད་ས་སྐྱ་པ་རྣམས་དར། །གཙོ་རྐྱང་འདི་ཉིད་གཅིག་ཤེས་ཀུན་གྲོལ་དང་། །སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་ལས་འབྱུང་། །འདི་ཉིད་བྱ་རྒྱུད་ཡིན་ཀྱང་བླ་མེད་ལྟར། །དྲན་རྫོགས་ཆོག་པ་རྡོ་རྗེ་གདན་པའི་ལུགས། །ཨ། ཆོས་རྣམས་དམིགས་མེད་བརྗོད་བྲལ་སྟོང་པ་ཉིད། །ཧཱུཾ་ལས་རང་ཉིད་རྣམ་པར་རྒྱལ་མ་དཀར། །དབུས་ཞལ་སྒེག་ཅིང་གཡས་ཞལ་སེར་ལ་ཞི། །གཡོན་ཞལ་སྔོ་ཁྲོས་གསུམ་ཀ་སྤྱན་གསུམ་ལྡན། །ཕྱག་བརྒྱད་གཡས་ཀྱི་དང་པོས་ཐུགས་ཀ་རུ། །སྣ་ཚོགས་རྡོ་རྗེ་འཛིན་ཅིང་དེ་འོག་གིས། །པདྨའི་གདན་བཞུགས་འོད་

p. 210

དཔག་མེད་པ་འཛིན། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་སྡིགས་མཛུབ་ཞགས་པ་འཛིན། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་མཛད། །ཐ་མས་བུམ་པ་པང་དུ་འཛིན་པའོ། །དར་དང་རིན་ཆེན་རྒྱན་ཆ་དུ་མས་བརྒྱན། །པད་ཟླའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས། །མཆོད་རྟེན་ནང་བཞུགས་འོད་ཟེར་དཀར་པོ་འཕྲོ། །རྣམ་སྣང་དབུ་རྒྱུན་གནས་གསུམ་འབྲུ་གསུམ་དང་། །ཐུགས་དབུས་ཟླ་སྟེང་ཧཱུཾ་ཡིག་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དངོས་གྲུབ་བསྡུས་ཏེ་བདག་ལ་ཐིམ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱང་། །རྣམ་རྒྱལ་ལྷ་མོའི་སྐུ་རུ་གྱུར་ནས་ནི། །ཆར་བཞིན་བབས་ནས་བདག་ལ་སིབ་སིབ་ཐིམ། །ཡིད་ལས་སྤྲུལ་པའི་མཆོད་པ་དུ་མས་མཆོད། །ཨནྡྷཾ། པཱདྡྷཾ། པུཊྚེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་ཏྱ། ཤརྡ་པྲ་ཏིཙྪ་ཨཱཿཧཱུཾ། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་

p. 211

བསྟོད། །དེ་ནས་སྙིང་པོ་ཉེ་སྙིང་འདི་གཉིས་ནི། །རང་གིས་ཅི་ནུས་བཟླ་བར་བྱ་བ་ཡིན། །ཨོཾ་ཨ་མྲྀ་ཏ་ཨ་ཡུརྡ་དེ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧཱུཾ་སྭཱ་ཧཱ། ཉེ་སྙིང་འོ། །འདི་ལྟར་སྒོམ་བཟླས་བྱས་པའི་བསོད་ནམས་མཐུས། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག་། སྐྱེས་མ་ཐགཽ་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །དེ་ནས་བསྒོམ་མཁན་སེམས་ཀྱི་ངོ་བོར་བལྟ། །གང་དག་ཚེ་འདིར་ནད་ཉུང་འདོད་པ་དང་། །བསོད་ནམས་འཕེལ་ཞིང་ཤེས་རབ་ཆེ་འདོད་དང་། །ངན་སོང་གསུམ་དང་ཝ་ཁྱི་ལ་སོགས་པ། །སྐྱེ་སྒོ་ངན་པ་ཐམས་ཅད་ཆོད་འདོད་དང་། །སྡིག་སྒྲིབ་མ་ལུས་ཐམས་ཅད་དག་ནས་ཀྱང་། །ཤི་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་སུ། །སྐྱེ་བར་འདོད་ན་འདི་ཉིད་ཉམས་སུ་ལོངས། །རྡོ་རྗེ་ཕྲེང་བ་གཅིག་ཤེས་ཀུན་གྲོལ་དང་། ་། སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་ཀ་དང་། །རྗེས་གནང་འཐོར་བུ་ཀུན་ལ་འདི་ཡོད་ཅིང་། །བསྐུར་གྲངས་མང་བས་མ་ཐོབ་མེད་པར་སེམས། །གལ་ཏེ་མངོན་རྟོགས་བློ་ལ་མ་ཟིན་ན། །སྐུ་མདོག་ཕྱག་མཚན་ཡིད་ལ་ཟུངས་མཛོད་ལ། །དམིགས་པ་བསྒོམ་ཞིང་འབྲུ་བཞི་བཟླས་པས་ཆོག །སྔགས་འདོན་སླ་ལ་སྔགས་གྲངས་ཉུང་བའི་ཕྱིར། །བྱེ་གྲངས་ཐོན་སླ་བློ་སེམས་བདེ་བ་འོང་། །སྔགས་ཀྱང་དག་ལ་འདོན་ཀྱང་བདེ་བ་ཡིན། །དེ་སྐད་རྣམ་པར་རྒྱལ་

p. 212

མའི་རྟོགས་པ་དང་། །གཙུག་ཏོར་རྣམ་རྒྱལ་ངན་སོང་སྦྱོང་རྒྱུད་དང་། །གཟུངས་ཀྱི་འགྲེལ་པ་སྒྲུབ་ཐབས་རྒྱས་བསྡུས་སོགས། །ཀུན་གྱི་དོན་བསྡུས་གོ་བདེ་ཟབ་མོ་འདི། །རང་གིས་ཉམས་བླངས་གཞན་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་བཞིན། །སློབ་བུ་དད་ལྡན་པདྨ་མཐར་ཕྱིན་གྱིས། །འགྲོ་ལ་ཕན་པའི་སེམས་བསྐྱེད་བཟང་པོས་བྲིས། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཀུན་མཁྱེན་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །དགེ་བས་འདི་ཉིད་འཕེལ་ཞིང་དར་རྒྱས་ནས། །འགྲོ་བ་དཔག་ཏུ་མེད་པས་ཉམས་བླངས་ཏེ། །བདེ་ཆེན་ཞིང་དེར་མྱུར་དུ་བགྲོད་པར་ཤོག །སརྦ་མངྒ་ལཾ། ༼ད༽༈ །།གཙུག་ཏོར་གདུགས་དཀར་མོའི་སྒོམ་བཟླས་བདེ་ཆེན་ཞིང་དུ་བགྲོད་པའི་གདམས་པ་བྱ་རྒྱལ་ཁྱུང་གི་རྟ་ཕོ་བཞུགས་སོ། །༄༅། །ན་མོ་ཤཱཀྱ་མུ་ན་ཡེ། ཚེ་དཔག་མེད་པའི་ཡུམ་ཆོག་གོས་དཀར་མོ། །རབ་ཏུ་ཁྲོས་པ་ལྷ་མོ་འདི་ཡིན་པས། །བདེ་བ་ཅན་དུ་སྐྱེ་བ་དེ་ཡི་དོན། །མ་མགོན་ལྕམ་དྲལ་དམ་ལ་བཏགས་པའི་ཕྱིར། །ཐུབ་པའི་གཙུག་ཏོར་ནས་ནི་ལྷ་འདི་སྤྲུལ། །བྱད་ཁ་བཟློག་པར་ཟབ་པ་དེ་ཡི་དོན། །ཞལ་ནས་མ་གསུངས་ཐུབ་པའི་གཙུག་ཏོར་ནས། །མདོ་དང་གཟུངས་ཀྱི་སྒྲ་གྲག་གཙུག་ཏོར་ཟེར། །འདི་ཉིད་བྱ་བའི་རྒྱུད་ནི་ཡིན་ན་ཡང་། །བྱ་རྒྱུད་བླ་མེད་རྒྱུད་ལྟར་ཉམས་ལེན་པ། །ཛེ་ཏ་རི་པ་རྡོ་རྗེ་གདན་པ་སོགས། །གྲུབ་ཆེན་མང་པོས་མཛད་ལྟར་ཉམས་ལེན་བདེ། །དགའ་རབ་རྡོ་རྗེ་འཇམ་

p. 213

དཔལ་བཤེས་གཉེན་ནས། །བི་མ་མི་ཏྲ་བརྒྱུད་པ་རྙིང་མའི་ལུགས། །གུ་རུ་ཁྲག་འཐུང་ནག་པོའི་གཏེར་མ་དང་། །སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩའི་རྒྱ་གཞུང་དང་། །མཐོང་བ་དོན་ལྡན་དབང་ཕྱུག་རྡོ་རྗེ་སོགས། །བོད་གཞུང་ཚད་ལྡན་རྣམས་ཀྱི་བཅུད་བསྡུས་ཏེ། །ཉམས་ལེན་བདེ་ཞིང་བྱིན་རླབས་ཆེ་བ་འདི། །ནད་གདོན་བྱེད་ཁ་གཏད་མནན་བཟློག་པ་ལ། །རྡོ་རྗེ་ཕ་ལམ་རལ་གྲི་ཉིད་དང་མཚུངས། །བདེ་བ་ཅན་གྱི་ཞིང་ཁམས་བགྲོད་འདོད་ན། །བྱ་རྒྱལ་ཁྱུང་ལ་ཆིབས་ནས་བགྲོད་དང་མཚུངས། །དེ་ཕྱིར་འདི་ལ་རྒྱུན་ཁྱེར་ཉམས་ལེན་མཛོད། །ཨ། ཆོས་རྣམས་སྨྲ་བསམ་བརྗོད་མེད་སྟོང་པ་ཉིད། །ཨོཾ་གྱིས་མཚན་པའི་གདུགས་དཀར་ཡོངས་གྱུར་ལས། །དྲན་རྫོགས་དམ་ཡེ་དབྱེར་མེད་རང་ཉིད་ནི། །རྡོ་རྗེའི་གཙུག་ཏོར་ཕྱིར་བཟློག་ཆེན་མོའི་སྐུ། །དབུ་སྟོང་མདུན་ཞལ་སྒེག་པ་ཉིས་བརྒྱ་དཀར། །གཡས་ཞལ་ཉིས་བརྒྱ་འཇིགས་རུང་དགོད་པ་སེར། །རྒྱབ་ཞལ་གཉིས་བརྒྱ་དམར་པོ་གཤེ་ལྟར་རྔམ། །གཡོན་ཞལ་གཉིས་བརྒྱ་ལྗང་གུ་སྙིང་རྗེ་ཞི། །སྟེང་ཞལ་སྔོན་པོ་ཉིས་བརྒྱ་དྲག་ལ་གཏུམ། །དབུ་རེར་རྡོ་རྗེ་མཚན་རྟགས་སྤྱན་གསུམ་གསུམ། །སྐུ་མདོག་དཀར་ཞིང་སྤྱན་མིག་བྱེ་བ་འབུམ། །ཟུར་མིག་བསྒྲད་དང་གློག་འགྱུ་དྲག་ཏུ་གཟིགས། །གཡས་ཕྱག་ལྔ་བརྒྱ་གཡོན་

p. 214

ཕྱག་ལྔ་བརྒྱ་ཡིས། ་། ཐམས་ཅད་བསམ་ཆོད་རལ་གྲི་འབར་བ་ཕྱིར། །ཞབས་གཡས་ལྔ་བརྒྱ་བརྐྱངས་བས་འཇིགས་ཀུན་མནན། །ཞབས་གཡོན་ལྔ་བརྒྱ་བསྐུམས་པས་གདོན་ཀུན་མནན། །སངས་རྒྱས་བྱེ་བ་ཕྲག་བདུན་ཅོད་པན་འཆང་། །དབུ་གཙུག་གདུགས་དཀར་བདུན་ནི་བརྩེགས་མར་འཁོར། །བ་སྤུ་ཐམས་ཅད་ཡེ་ཤེས་འོད་ཟེར་འབར། །ལྷ་རྫས་ན་བཟའ་ཞི་ཁྲོའི་རྒྱན་དང་ལྡན། །དཔྲལ་བར་རྣམ་སྣང་ཐུགས་ཀར་ཨོ་དཀར་པོ། །མགྲིན་པ་སྣང་མཐའི་ཐུགས་ཀར་ཨཱཿདམར་པོ། །ཐུགས་སྨད་རྡོར་སེམས་ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་དབུས་ཟླ་སྟེང་ཨོཾ་ཡིག་དཀར་པོའི་མཐར། །སྔགས་ཕྲེང་འོད་ཀྱིས་སྒྲིབ་བསལ་མཐུ་སྟོབས་རྒྱས། །ཡ་སོ་ཁྲོ་བཅུ་མ་སོ་ཁྲོ་མོ་བཅུ། །སྨ་ར་མེ་དཔུང་རལ་གྲི་ངར་མའི་ལྕེ། །མགྲིན་པར་ཉི་ཟླ་རང་ལུས་མེ་དཔུང་འབར། །གནོད་བྱེད་ཐམས་ཅད་གཞོབ་ཐུལ་བསྲེགས་པར་གྱུར། །དེ་ཡན་མངོན་རྟོགས་བློ་ལ་མ་ཟིན་ཀྱང་། །དམིགས་པ་བསྒོམ་པ་ཁོ་ནས་ཆོག་པ་སྟེ། །བསྒོམ་པ་ཙམ་གྱིས་མནན་གཏད་ངག་མནན་སོགས། །གྲོལ་བ་གུ་རུ་ཁྲག་འཐུང་ནག་པོས་གསུངས། །འདི་ནི་ངག་དུ་འདོན་པ་གལ་ཆེ་འོ། །ཧཱུཾ། རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། །ཕྱག་

p. 215

སྟོང་མངའ་བ་ཆེན་མོ། །དབུ་སྟོང་མངའ་བ་ཆེན་མོ། །སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། །རྡོ་རྗེ་མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ། ཀུན་ནས་བདག་ཅག་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ་ཉིན་དང་མཚན་དུ་བསྲུང་དུ་གསོལ། ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། བི་ཥ་དེ། བི་ཥ་དེ། བཻ་ར་བེ་ར། བཛྲ་དྷ་ར་ཎི། བྷནྡྷ་བྷནྡྷ་ནི། བཛྲ་པཱ་ཎི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧཱུྃ་ཧཱུྃ་བྷན་ཕཊ་མ་མ་རཀྵ་རཀྵ་སྭཱ་ཧཱ། །བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་མནན་པ་དང་། བཅིངས་པ་ཐམས་ཅད་ཕྱེས་ཕྱེས། ཁྲོལ་ཁྲོལ། མནན་པ་དང་བཅིངས་པ་བསྡམས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭ་ཧཱ། ཞེས་པའི་བར་དེ་རབ་བདུན་འབྲིང་ལྔ། ཐ་མ་ཡང་ཚར་གསུམ་བཟླས་པའི་མཐར་སྙིང་པོ་དང་ཉེ་སྙིང་སྔགས་འདི་གཉིས་རང་གི་གང་མོས་བསྙེན་པ་ཅི་འགྲུབ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཊྛི་ཥ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། སྙིང་པོའོ། །ཨོཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །འདི་ལྟར་སྒོམ་བཟླས་བྱས་པའི་བསོད་ནམས་མཐུས། །མི་གཙང་ལུས་འདི་བོར་བར་

p. 216

གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །དེ་ནས་བསྒོམ་མཁན་སེམས་ལ་ཧྲིག་གེར་བལྟ། །ཅི་ཡང་མ་མཐོང་ངང་དུ་ས་ལེར་བཞག །རྒྱུན་དུ་དམིགས་པ་ལ་སོགས་མི་གསལ་ཀྱང་། །སྔགས་ཐུང་གཉིས་པོ་སྤྱོད་ལམ་ཀུན་ཏུ་འདོན། །ཀྱེ་མ་ཚེ་སྔོན་བསོད་ནམས་དམན་པའི་མཐུས། །ཟོས་པ་མེད་པའི་དོམ་ཡིག་ཟེར་བའི་དཔེ། །བྱས་པ་མེད་ཀྱང་གཏད་ཡིག་ནང་དུ་ཐེབས། །བན་བོན་མང་པོའི་མཐུ་གཏད་ཞབས་སུ་སོང་། །ན་ཚ་རྐྱེན་ངན་མང་པོས་རྒྱུན་དུ་མནར། །འཆི་བ་དྲན་ཞིང་དམ་ཆོས་འདོད་ན་ཡང་། །དམ་ཆོས་ཚུལ་བཞིན་སྤྱོད་པའི་སྐལ་པ་མེད། །ནམ་འཆི་ཆ་མེད་འཆི་བ་བཟློག་ཐབས་མེད། །ཤི་ནས་གར་འགྲོ་ཆ་མེད་ཨ་ཙ་མ། །རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཆེ། །དེ་འདྲ་ཡིད་ལ་དྲན་མཁན་མི་ཡོད་ན། །གདམས་པ་འདི་ལ་རྒྱུན་དུ་ཐུགས་དམ་མཛོད། །སྔོན་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། །མཐའ་དབུས་མཁས་པ་བརྒྱ་རྩ་སྤྱན་དྲངས་ནས། །བཀའ་འགྱུར་བསྟན་འགྱུར་ཐམས་ཅད་བོད་དུ་བསྒྱུར། །དེ་དུས་རྒྱལ་པོའི་སྐུ་རིམ་བྱད་བཟློག་ལ། །བཀའ་འགྱུར་ནང་ནས་འདི་ལས་ཟབ་མ་རྙེད། །རྒྱལ་པོའི་སྐུ་རིམ་བྱད་བཟློག་འདི་ལ་བྱས། །རྒྱ་གར་མུ་སྟེགས་རྒྱ་ནག་ཧྭ་ཤང་དང་། །བོད་ཀྱི་བོན་པོས་བྲུབ་ཀྱང་གནོད་མ་ཐུབ། །དུས་ཕྱིས་སོག་པོ་ཨོ་རོད་རྒྱལ་པོ་དེས། །འདི་ལ་རྒྱུན་དུ་ཐུགས་དམ་ཞལ་

p. 217

འདོན་མཛད། །ཀར་བསྟན་རྩད་ནས་བརླག་ཀྱང་གནོད་མ་ཐུབ། །དེ་ཕྱིར་བྱད་བཟློག་འདི་ལས་ཟབ་པ་མེད། །གཞན་ཡང་འདི་ཡི་རྒྱུད་ནས་གསུངས་པའི་དོན། །ཤིན་ཏུ་བསྡུས་ཏེ་ཚིགས་སུ་བཅད་སྨྲ་ན། །སངས་རྒྱས་བྱེ་བ་གྲངས་མེད་དུ་མ་ཡིས། །བྱིན་རླབས་བསོད་ནམས་རང་གིས་ཐོབ་པར་གསུངས། །མཚམས་མེད་ལྔ་དང་ལས་ཀྱི་སྒྲིབ་པ་རྣམས། །ཐམས་ཅད་མ་ལུས་བྱང་ཞིང་དག་པར་འགྱུར། །རང་གི་ཚེ་དང་བསོད་ནམས་སྟོབས་ཆེན་འཕེལ། །ནམ་ཞིག་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་གསུངས། །ཚེ་འདིར་རྐྱེན་བཟློག་ཕྱི་མ་ཞིང་ཁམས་འཐོབ། །ཕྱིར་མི་ལྡོག་པ་གཏན་གྱི་འདུན་མ་སྟེ། །རྫོགས་པའི་སངས་རྒྱས་ཐོབ་པར་ཐག་ཉེ་བ། །འདི་འདྲ་རང་དང་གཞན་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་གཞུང་དང་མན་ངག་བསྡེབས། །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེར་བྲིས། །འདི་ལ་སྔགས་སྒྲ་མ་དག་འགལ་འཁྲུལ་སོགས། །མཆིས་ན་ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས། །དགེ་བས་འགྲོ་ཀུན་བར་ཆད་རྐྱེན་ཞི་ནས། །ཕྱི་མ་བདེ་ཆེན་ཞིང་དེར་སྐྱེ་བར་ཤོག །སྐྱེས་ནས་གཞན་དོན་དཔག་མེད་འགྲུབ་པར་ཤོག །སརྦ་མངྒ་ལཾ། །༼ན༽༈ །།དཔག་བསམ་ཤིང་གི་སྒྲུབ་པ་ཡི་དྭགས་སྐྱེ་སྒོ་གཅོད་ཐབས་བདེ་བ་ཅན་གྱི་ཞིང་དུ་འགྲོ་བའི་ལམ་རྒྱགས་ཞེས་བྱ་བ་བཞུགས་སོ། །༄༅། །ན་མ་ཨཱཿརྱ་ཏཱ་རེ་ཡེ། ཀུ་རུ་ཀུལླེའི་རྟོགས་པ་དང་། །དཔའ་བོ་གཅིག་གྲུབ་རྒྱུད་

p. 218

ལ་སོགས། །བྱ་བའི་རྒྱུད་དུ་གཏོགས་ན་ཡང་། །སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཞེད། །བརྟག་གཉིས་ལ་སོགས་བླ་མེད་རྒྱུད། །འགའ་ནས་ལྷ་མོ་འདི་ཉིད་གསུངས། །རྡོར་ཕྲེང་མི་ཏྲ་བརྒྱ་རྩ་སོགས། །འདི་ཡི་དཀྱིལ་འཁོར་ཆེན་པོ་བཞུགས། །སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་ནས། །འདི་ལ་རིགས་ནི་དུ་མ་གསུངས། །ལྷ་མོ་འདི་ཉིད་བསྒོམ་པའི་ཐབས། །སྐད་ཅིག་དམ་ཡེ་དབྱེར་མེད་པ། །བདེ་མཆོག་རྒྱུད་ལས་འབྱུང་བ་དང་། །རྡོ་རྗེ་གདན་པས་བཞེད་པ་ཡིན། །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ། །སྤྱི་ཁྱབ་སྔོན་དུ་སོང་བས་འཐུས། །མངོན་རྟོགས་དམིགས་རིམ་འདི་ཉིད་ནི། །ངག་ཏུ་བརྗོད་རུང་མ་བརྗོད་ཀྱང་། །སྔགས་དང་དམིགས་པ་ཁོ་ནས་ཆོག །ཨ། ཆོས་ཀུན་དམིགས་མེད་སྟོང་པའི་ངང་ཉིད་ལས། །རང་སེམས་ཨུཏྤལ་དམར་པོ་ཧྲི༔ཡིག་མཚན། །དེ་ལས་ལྷ་མོ་ཀུ་རུ་ཀུལླེ་ནི། །ཞལ་གཅིག་ཕྱག་བཞི་པདྨ་རཱ་གའི་མདོག །སྤྱན་གསུམ་ཞལ་གདངས་ཁྲོ་ཞིང་བཞད་པའི་ཞལ། །དང་པོའི་ཕྱག་གཉིས་ཨུཏྤལ་མདའ་གཞུ་འགེངས། །འོག་མའི་ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས་། །དར་དང་རིན་ཆེན་མེ་ཏོག་དམར་པོས་བརྒྱན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཀྱིས། །དབང་ཕྱུག་སྒྲ་གཅན་པད་ཉིའི་གདན་ལ་

p. 219

བཞུགས། །དམ་ཡེ་དབྱེར་མེད་རིགས་བདག་འོད་དཔག་མེད། །ཐུགས་ཀར་པདྨ་དམར་པོའི་ལྟེ་བར་ཧྲི། །དེ་མཐར་སྔགས་ཕྲེང་དམར་པོ་གཡོན་དུ་འཁོར། །དེ་ཡི་གཡས་སུ་བཾ་ཡིག་ཡོངས་གྱུར་ལས། །དཔག་བསམ་ལྗོན་ཤིང་བསམ་ལས་འདས་པ་སྐྱེས། །ལོ་མ་ལྷ་ཡི་དར་ཟབ་སྣ་ཚོགས་འཕྱངས། །མེ་ཏོག་འདོད་པའི་ཡོན་ཏན་བསམ་མི་ཁྱབ། །འབྲས་བུ་རིན་ཆེན་སྣ་བདུན་བཀྲ་ཤིས་བརྒྱད། །ལོ་འབྲས་མེ་ཏོག་འཕྲལ་དུ་སྨིན་ཅིང་འབྲུལ། །སངས་རྒྱས་ཀུན་གྱི་བསོད་ནམས་མཐུ་ལས་གྲུབ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་གྱིས། །ཤིང་དེ་ཅུང་ཟད་བསྒུལ་ཞིང་སྤྲུགས་པ་ཡིས། །དགོས་འདོད་རིན་ཆེན་སྣ་ཚོགས་ཆར་དུ་འབེབས། །རང་གི་ཐུགས་ལས་མཆོད་པའི་ལྷ་མོ་ནི། །ནམ་མཁའི་ཁམས་རྣམས་མ་ལུས་ཁྱབ་པར་འཕྲོས། །ཕྱོགས་བཅུའི་ཞིང་ཁམས་ཀུན་ན་བཞུགས་པ་ཡི། །སངས་རྒྱས་བྱང་སེམས་མ་ལུས་ཐམས་ཅད་ལ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ། །ཤིང་ལས་བྲུལ་བ་མཆོད་ལྷ་རྣམས་ཀྱིས་ཁྱེར། །སངས་རྒྱས་བྱང་

p. 220

སེམས་རྟག་ཏུ་མཆོད་པར་གྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །སྟོང་གསུམ་གླིང་བཞིའི་སེམས་ཅན་ཐམས་ཅད་བསྡུས། །དཔག་བསམ་ཤིང་ལས་བྲུལ་བའི་འདོད་ཡོན་རྣམས། །ཟས་འདོད་ཟས་དང་གོས་འདོད་རྣམས་ལ་གོས། །ནོར་འདོད་ནོར་དང་རིན་ཆེན་སྣ་ཚོགས་པ། །བདག་གིས་བྱིན་པས་དགའ་མགུ་ཕུན་སུམ་ཚོགས། །རང་རང་གནས་སོང་བདེ་སྐྱིད་ལྡན་པར་གྱུར། །ཨོ་ཀུ་རུ་ཀུལླེ་གྷིསྭཱ་ཧཱ། དམིགས་པ་དེ་དག་བསྒོམས་ཤིང་སྔགས་དེ་བཟླས། །འདི་ལྟར་སྒོམ་བཟླས་བྱས་པའི་བསོད་ནམས་མཐུས། །སེར་སྣའི་སྒྲིབ་པ་མ་ལུས་ཀུན་བྱང་ནས། །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཟད་མེད་ཞིང་གི་དཔལ་ལ་ལོངས་སྤྱོད་ཅིང་། །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཤོག །འདི་ནི་རྒྱུན་ཁྱེར་ཐུན་རེ་ཉམས་བླངས་ན། །སེར་སྣའི་སྒྲིབ་པ་མ་ལུས་བྱང་འགྱུར་ཞིང་། །ཡི་དྭགས་སྐྱེ་བའི་སྐྱེ་སྒོ་ཆོད་གྱུར་ནས། །ནམ་ཡང་དབུལ་པོར་སྐྱེ་བར་མི་འགྱུར་ཞིང་། །བསོད་ནམས་ཇེ་འཕེལ་ཚེ་འདིར་ལོངས་སྤྱོད་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སྐྱེ། །འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ནོར་སྒྲུབ་ཀུན་གྱི་མཆོག་གྱུར་འདི་ཡིན་ནོ། །ཚེ་འདིར་ལྷ་མིའི་འགྲོ་བ་ཐམས་ཅད་བྱམས། །རྒྱལ་པོའི་ཆད་པ་ལ་སོགས་

p. 221

འཇིགས་ཀུན་སྐྱོབས། །མི་ཀུན་དད་ཅིང་གུས་པས་དབང་དུ་འདུ། །དཔག་བསམ་ཤིང་གི་སྒྲུབ་པ་ཞེས་བྱ་བ། །ཀུ་རུ་ཀུལླེའི་རྒྱུད་དང་རྟོགས་པ་ནས། །གསུངས་པའི་གདམས་ངག་ཤིན་ཏུ་ཟབ་པ་སྟེ། །འདི་ཉིད་སྤྱན་རས་གཟིགས་ཀྱིས་དངོས་སུ་གསུངས། །དེ་ཕྱིར་ཁུངས་བཙུན་ཐེ་ཚོམ་བྲལ་བ་ཡིན། །དགེ་སློང་སངས་རྒྱས་དར་གྱིས་བསྐུལ་བའི་ཕྱིར། ་། རཱ་ག་ཨ་སྱས་སྔ་དྲོའི་ཐུན་མཚམས་ལ། །གཞན་ཕན་བསམ་པས་རྫོགས་པར་སྨྲས་པ་སྟེ། །བླ་མ་པདྨ་ཐབས་མཁས་ཞེས་བྱས་བྲིས། །དགེ་བས་འགྲོ་ཀུན་ཡི་དྭགས་སྐྱེ་སྒོ་ཆོད། །འཛད་མེད་རིན་ཆེན་གཏེར་ལ་སྤྱོད་པར་ཤོག །སརྦ་མངྒ་ལཾ། །

ལྷ་མོ་ནོར་རྒྱུན་མའི་སྒོམ་བཟླས་བདེ་ཆེན་ཞིང་གི་སྒོ་འབྱེད།

p. 222

༼པ༽༈ ལྷ་མོ་ནོར་རྒྱུན་མའི་སྒོམ་བཟླས་བདེ་ཆེན་ཞིང་གི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །༄༅། །ན་མོ་བཱ་སུ་དྷ་ར་ཎྱ། གང་དག་ནོར་དང་ལོངས་སྤྱོད་དབུལ་བ་དང་། །གོད་ཁ་མང་ཞིང་ནོར་ལ་སྐམ་འགོང་ཁྱེར། །ཞིང་ལ་ལོ་དགྲ་བཙའ་སད་ལོ་ཉེས་མང་། །ཟས་ནོར་ཡོད་ཀྱང་བཅུད་མེད་ལྟོག་འགོང་ཞུགས། །རྒྱུན་དུ་ནད་མང་ཁ་མཆུ་ཤོར་གོད་མང་། །ཕྱི་མ་ངན་སོང་གནས་སུ་ལྟུང་བ་རྣམས། །ཚེ་འདིར་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བའི་ཕྱིར། །སྔོན་གྱི་དུས་སུ་སངས་རྒྱས་རྡོ་རྗེ་དང་། །རྒྱ་མཚོའི་དབྱངས་ཞེས་བྱ་བས་གསུངས་པ་སྟེ། །བསྟན་པ་འདི་ལ་ཤཱཀྱ་ཐུབ་པས་གསུངས། །དཀྱིལ་འཁོར་རྒྱས་པ་རྡོར་ཕྲེང་ནང་ན་ཡོད། །ལྷ་ལྔ་ལྷ་གཅིག་སྒྲུབ་ཐབས་རྒྱ་མཚོར་

p. 223

ཡོད། །གཙོ་རྐྱང་རྡོ་རྗེ་གུར་གྱི་རྒྱུད་ནས་གསུངས། །དེ་ཕྱིར་བླ་མེད་ལུགས་ལྟར་དྲན་རྫོགས་ཆོག །ཨ། ཆོས་ཀུན་གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །མཁའ་ལ་འཇའ་ཚོན་ཤར་བཞིན་རང་ཉིད་ནི། །འཕགས་མ་ནོར་གྱི་རྒྱུན་མ་གསེར་གྱི་མདོག །ཞལ་གཅིག་ཞི་འཛུམ་ཐོར་ཚུགས་ཟུར་ཕུད་འཕྱངས། །སྣ་ཚོགས་དར་གྱི་སྟོད་གཡོགས་ཤམ་ཐབས་དཀྲིས། །རིན་ཆེན་རྒྱན་ཆ་ཨུཏྤལ་མེ་ཏོག་བརྒྱན། །པད་ཟླའི་སྟེང་ན་སེམས་དཔའི་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད་པ་ཡིས། །སངས་རྒྱས་ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་སྤྲོ། །ཕྱག་གཡོན་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན། །དེ་ལས་འབྲུ་དང་ནོར་གྱི་ཆར་འབེབས་པས། །དཔག་ཚད་བདུན་བར་ནོར་གྱིས་གང་བར་མཛད། །བཅུ་དྲུག་ན་ཚོད་མཛེས་ཤིང་ཡིད་དུ་འོང་། །ཐུགས་ཀར་ཟླ་སྟེང་བཻ་ཡིག་སེར་པོའི་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བའི་འོད་ཟེར་གྱིས། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་དབུལ་ཕོངས་བསལ། །ལྕང་ལོ་ཅན་ནས་ལྷ་མོ་ནོར་རྒྱུན་མ། །དཔག་མེད་བུ་ཡུག་འཚུབ་པ་བཞིན་དུ་བྱོན། བདག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །མཆོད་སྤྲིན་རྒྱ་

p. 224

མཚོར་སྤྲུལ་ནས་ལྷ་མོ་མཆོད། །ཨགྷཾ། པཱཏྱཾ། པུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་ཏྱཱ། ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུྃ། དཔལ་མོ་དབྱིག་གི་ཆར་འབེབས་ནར་རྒྱུན་མ། །སྙན་གྲགས་ཚེ་དང་བསོད་ནམས་རྒྱས་མཛད་ཅིང་། །འགྲོ་བའི་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད། །འདི་ལྟར་སྒོམ་བཟླས་བྱས་པའི་བསོད་ནམས་མཐུས། །ཚེ་འདིར་ཚེ་རིང་ནད་མེད་འབྱོར་པ་རྒྱས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། འབྲུ་བརྒྱད་སྔགས་འདི་ཅི་ནུས་བཟླ་བར་བྱ། །དེ་ནས་བསྒོམ་མཁན་སེམས་ཀྱི་ངོ་བོར་བལྟ། །ངོ་བོར་བལྟ་བའི་ངང་ལ་བཟླས་ཀྱང་ལེགས། །འདིས་ནི་ནད་ཉུང་ནོར་འཕེལ་ཚུལ་ཁྲིམས་གཙང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གསུངས། །གཉོམ་ཆུང་ནད་མང་དབུལ་ཕོངས་ལྡན་པ་ཡི། །བཙུན་པ་བཙུན་མ་སྐྱེས་པ་བུད་མེད་སོགས། །འདི་ལ་རྒྱུན་ཁྱེར་རམ་ནི་མང་དུ་བཟླས། །སྔགས་དེ་བྱེ་གྲངས་མང་པོ་འགྲུབ་ན་ནི། །ངེས་པར་ནད་ཉུང་ལོངས་སྤྱོད་འཕེལ་བ་དང་། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བར་ངེས། །དེ་ཕྱིར་གཉོམ་ཆུང་ཀུན་གྱིས་ཉམས་ལེན་མཛོད། །དེ་སྐད་རཱ་ག་ཨ་སྱས་གཞན་ཕན་གྱི། །བསམ་པས་སྨྲས་པ་མཐར་ཕྱིན་ཞེས་བྱས་བྲིས། །འགལ་འཁྲུལ་བཤགས་བགྱི་དགེ་བ་བྱང་ཆུབ་བསྔོ། །སརྦ་མངྒ་ལཾ།། །།

p. 225

གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེསཔ་༧ ཨ་རཱ་གས་སོ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་འོད་ཆོག་གི་བརྒྱུད་འདེབས།

p. 226

གནམ་ཆོས་འོད་ཆོག་གི་བརྒྱུད་འདེབས་ནི། ན་མོ་ཨ་མི་ཏ་བྷ་ཡེ། ནུབ་ཕྱོགས་བདེ་ལྡན་པདྨོ་བཀོད་ཞིང་གཙོ། །འཆི་མེད་བཅོམ་ལྡན་འོད་སྣང་མཐའ་ཡས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །བྱང་སེམས་ཉན་རང་དགྲ་བཅོམ་འཁོར་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་གཉིས་པ་མཚོ་སྐྱེས་པདྨ་འབྱུང་། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས་། །མི་འགྱུར་རྡོ་རྗེ་ཀརྨ་ཆགས་མེད་སོགས། །རྩ་བརྒྱུད་དཔལ་ལྡན་བླ་མ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཞི་དང་ཁྲོ་བོའི་སྤྲུལ་བསྒྱུར་སྣ་ཚོགས་པ། །སྟོན་མཛད་ཡི་དམ་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་

p. 227

སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །མ་མགོན་ལྕམ་དྲལ་སེང་གདོང་ཡབ་ཡུམ་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྒྲིབ་གཉིས་ནད་གདོན་བར་ཆད་ཞི་བ་དང་། །ཚེ་དཔལ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས། །འོད་དཔག་མེད་དང་དབྱེར་མེད་སངས་རྒྱས་ཤོག །ཅེས་གནམ་ཆོས་འོད་ཆོག་གི་བརྒྱུད་པའི་གསོལ་འདེབས་ཉུང་བསྡུས་འདིའང་དགེ་སློང་ཀརྨ་ཆོས་ལྡན་གྱིས་བསྐུལ་ངོར། ༧ ཀརྨ་པ་བཅུ་བཞི་པས་སྤེལ་བ་དགེ། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གསོལ་འདེབས་ཆོས་སྐུ་སྣང་བ།

p. 228

ན་མོ་གུ་རུ་ཨ་མི་ཏ་བྷ་ཡེ། ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ལོངས་སྐུ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་འབྱུང་གནས་ཞི་དྲག་གཉིས། །ཡང་སྤྲུལ་མི་འགྱུར་རྡོ་རྗེ་ལ་སོགས་པ། །རྩ་བ་གསུམ་གྱི་ལྷ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་རིང་ནད་མེད་ཉམས་དང་རྟོགས་པ་འཕེལ། །བསྐྱེད་རིམ་བརྟན་ཐོབ་རྫོགས་རིམ་དགོངས་པ་རྟོགས། །སྣང་བཞི་མཐར་ཕྱིན་ཕྲིན་ལས་རྣམ་བཞི་འགྲུབ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་དུས་ལ་བབ་སྟེ་འཕོ་བའི་ཚེ། །འོད་གསལ་ངོས་ཟིན་ཅི་འདོད་བར་དུ་གནས། །ཚངས་པའི་ལམ་ནས་མདའ་འཕང་བཞིན་དུ་འཕོས། །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །པདྨའི་སྦུབ་ལ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་པདྨ་ཁ་བྱེ་ནས། །སངས་རྒྱས་འོད་དཔག་མེད་པའི་ཞལ་མཐོང་སྟེ། །ལག་པའི་མཐིལ་ནས་སྤྲུལ་པའི་མཆོད་སྤྲིན་གྱིས། །རྒྱལ་བ་སྲས་བཅས་མཆོད་པས་མཉེས་བྱེད་ཅིང་། །དབང་བསྐུར་བྱིན་རླབས་དམ་ཆོས་མང་ཐོབ་

p. 229

ཤོག །ས་བཅུ་ཐོབ་ནས་ཕྱོགས་བཅུའི་ཞིང་རྣམས་སུ། །སྤྲུལ་པས་རྒྱལ་བ་མཆོད་ཅིང་དམ་ཆོས་ཉན། །འབྲེལ་ཐོགས་འགྲོ་བ་ཞིང་དེར་འདྲེན་པར་ཤོག །ལུས་རྟེན་དེ་ལ་ཞིང་དེར་སངས་རྒྱས་ནས། །འཁོར་བ་ཇི་སྲིད་འགྲོ་བ་འདྲེན་པ་ལ། །སྤྱན་རས་གཟིགས་དང་དབྱེར་མེད་གཅིག་གྱུར་ཅིག །བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །བདེན་པར་གྲུབ་པ་ཀུན་གྱི་བདེན་སྟོབས་ཀྱིས། །སྨོན་ལམ་དེ་དག་གེགས་མེད་འགྲུབ་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ་པཉྩནྡྲི་ཡ་ཨ་བ་བྷྱོ་དྷ་ན་ཡེ་སྭཱ་ཧཱ། ཞེས་པ་རྟོགས་ལྡན་འགས་བསྐུལ་བར་ཨ་རཱ་གས་སྨྲས་པའོ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་གུ་རུ་ཞི་བའི་སྐོར་ལས་རྩ་གསུམ་སྤྱི་ཡི་སྔོན་འགྲོ།

p. 230

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་གུ་རུ་ཞི་བའི་སྐོར་ལས་རྩ་གསུམ་སྤྱི་ཡི་སྔོན་འགྲོ་བཞུགས༔ ཨོཾ༔ མཐིལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ༔ བདག་ཉིད་སྤྱན་རས་གཟིགས་གསལ་བའི༔ ཐུགས་ཀའི་འོད་ཀྱི་འཕྲོ་འདུ་ལས༔ ཕྱོགས་སྐྱོང་གཞི་བདག་འབྱུང་པོའི་ཚོགས༔ སྤྱན་དྲངས་མདུན་དུ་འཁོད་པར་གྱུར༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུྃ༔ གཉུག་གནས་གློ་བུར་ལྷགས་པ་ཡི༔ གནས་བདག་གཞི་བདག་འབྱུང་པོའི་ཚོགས༔ འདིར་འདུས་མཆོད་སྦྱིན་གཏོར་མ་བཞེས༔ གནས་འདིར་གསང་སྔགས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་མ་བྱེད་པར༔ དཀར་ཕྱོགས་སྡོང་གྲོགས་མཐུན་རྐྱེན་སྒྲུབས༔ ནག་ཕྱོགས་བགེགས་རིགས་གཞན་དུ་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཨོཾ་སརྦ་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ སརྦ་བིགྷཱན་གཙྪགཙྪ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་

p. 231

གུ་ཧྱ༔ ནབ་མ་དྷ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་བློ་ལྡན་མཆོག་སྲེད་ཀྱིས་དངོས་སུ་གསུངས་སོ༔ བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱི་རོལ་རྡོ་རྗེའི་གུར་ཁང་ལ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འབར༔ བཛྲ་རཀྵ་བྷྲཱུྃ༔

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་གི་སྒྲུབ་ཐབས་འདོན་ཆ།

p. 232

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་གི་སྒྲུབ་ཐབས་འདོན་ཆའོ༔

p. 233

གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ འོད་དཔག་མེད་པ་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་རང་ཉིད་སེམས་དཔའ་དཀར༔ མདུན་དུ་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་

p. 234

གཉིས་མཉམ་གཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་

p. 235

གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ འོད་དཔག་མེད་ཀྱི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ༔ འོད་དཔག་མེད་ཀྱི་ལྷ་ཚོགས་བཞུགས་སུ་གསོལ༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་གཞག་མཛད་ཕྱག་འཚལ་ལོ༔ ཨོཾ་ཨ་མི་དྷེ་ཝ་ཧི༔ བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཐུགས་ཀའི་ཧྲིལས་འོད་འཕྲོས་པས༔ རྒྱལ་བ་རིགས་ལྔ་སྤྱན་དྲངས་ནས༔ དབང་བསྐུར་ཚེ་དཔག་དབུ་བརྒྱན་གྱུར༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ འོད་དཔག་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་

p. 236

ཡིས༔ འོད་དཔག་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ རིན་ཆེན་རྒྱན་ཆ་མཛེས་པ་འདི༔ རྒྱལ་སྲས་གཉིས་ཀྱི་སྐུ་ལ་གསོལ༔ སྐུ་ལ་རྒྱུན་གསོལ་མི་མངའ་ཡང་༔ གཟི་བརྗིད་ཆེ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་ཞལ་བསིལ་འདི༔ རྒྱལ་བ་སྲས་བཅས་ཞལ་དུ་འབུལ༔ ཞལ་ལ་སྐྱེམས་པ་མི་མངའ་ཡང་སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ འོད་དཔག་ཞབས་དྲི་དག་བྱའི་ཕྱིར༔ ཞབས་བསིལ་དྲི་ལྡན་འདི་འབུལ་ན། བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ཞབས་བསིལ་སེར་མོར་བསྐྱེད༔ ཞབས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྤྱན་གཟིགས་རྒྱས་པའི་ཕྱིར༔ མེ་ཏོག་མཛེས་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་པུལླེ་དཀར་མོར་བསྐྱེད༔ སྤྱན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཤངས་མཆོག་

p. 237

རྒྱས་པའི་ཕྱིར༔ དྲི་ཞིམ་བདུག་སྤོས་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་དྷ་པེ་སྔོན་མོར་བསྐྱེད༔ ཤངས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་ཕྱག་མཆོག་རྒྱས་པའི་ཕྱིར༔ མར་མེ་གསལ་བ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡོང་༔ སེམས་ཀྱིས་དྷི་པཾ་དམར་མོར་བསྐྱེད༔ ཕྱག་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་ལུས་བཀྲག་རྒྱས་ཕྱིར༔ དྲི་ཆབ་དྲི་ལྡན་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་གནྡྷེ་ལྗང་མོར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྐུ་བཀྲག་འདོན་པའི་ཕྱིར༔ ཞལ་ཟས་རོ་མཆོག་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ནེ་ཝི་དྱ་སེར་མོར་བསྐྱེད༔ ལྗགས་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ འོད་དཔག་སྙན་མཆོག་རྒྱས་པའི་ཕྱིར༔ རོལ་མོ་སྙན་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་ཤརྡ་སེར་མོར་བསྐྱེད༔ སྙན་ལ་མཆོད་པ་འབུལ་བར་བགྱི༔ ཧཱུྃ༔ ཚེ་དཔག་སྐུ་ཉིད་རྒྱས་པའི་ཕྱིར༔ རིག་མ་རྒྱན་ལྡན་འདི་འབུལ་མ༔ བདག་ནི་ཐ་མལ་ལུས་པོ་

p. 238

ཡང་༔ སེམས་ཀྱིས་རིག་མ་མཛེས་པར་བསྐྱེད༔ སྐུ་ལ་མཆོད་པ་འབུལ་བར་བགྱི༔ ཨོཾ་བཛྲ་ཨརྒུ་པཱ་ཏྱཾ་པུཎྜེ་དྷུཔེ་ཨཱཿལོ་ཀེ་གནྡྷེ་ནི་ཝིདྱ་ཤརྡ་མུ་དྲ་ཨཱཿཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་ཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག མངྒ་ལཾ་ཨརྦ་སིདྡྷི་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག མངྒ་ལཾ་ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་གཙོ་བོ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ཨོཾ་མ་ཎི་རཏྣ་ཧཱུྃ༔ ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང་༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གིས་ལྷ་ལ་མཆོད་པ་འབུལ་ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཨོ་རཏྣ་མཎྜ་ལ་ཧཱུྃ༔ ཧཱུྃ༔ བདག་གིས་སྐྱབས་གནས་ཚེ་དཔག་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་

p. 239

པོ་ཡང་༔ སེམས་ཀྱིས་བདུད་རྩིའི་ལྷ་མོར་བསྐྱེད༔ ཚེ་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ་མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ གཏོར་མའི་མཆོད་པ་འབུལ་བ་ན༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་འདོད་ཡོན་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བདག་གིས་སྐྱབས་གནས་འོད་དཔག་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ བདག་ནི་ཐ་མལ་ལུས་པོ་ཡང་༔ སེམས་ཀྱིས་མཆོད་པའི་ལྷ་མོར་བསྐྱེད༔ འོད་དཔག་ཁྱེད་ལ་འབུལ་བ་ན༔ ཐུགས་རྗེས་བདག་གཞན་ཐམས་ཅད་ལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཨོ༔ རྡོ་རྗེའི་སྐུ་ནི་སྐུ་ཡི་མཆོག ཚངས་དང་བརྒྱ་བྱིན་འགྲན་དུ་མེད༔ ནམ་མཁའ་ལྟ་བུའི་སྐུ་མངའ་བའི༔ ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ རྡོ་རྗེའི་གསུང་ནི་གསུང་གི་མཆོག༔ ཆེ་བ་འབྲུག་གིས་དོ་ཟླ་མེད༔ སྙན་པ་གླུ་མས་དོ་ཟླ་མེད༔

p. 240

ཐུགས་རྗེའི་སྤྱན་གྱིས་གཟིགས་པ་ཡི༔ ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་བསྟོད༔ ཧཱུྃ༔ རྡོ་རྗེའི་ཐུགས་ནི་ཐུགས་ཀྱི་མཆོག༔ འགྲོ་བའི་དོན་ལ་ངེས་པར་གཟིགས༔ ཚངས་པ་བརྒྱ་བྱིན་ཐུགས་ཀྱིས་ཀྱང་༔ དོ་ཟླ་མེད་པའི་བཀའ་དྲིན་ཅན༔ སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨོ༔ བདག་ནི་མ་རིག་དབང་གྱུར་པས༔ འོད་དཔག་ཐུགས་དང་གང་འགལ་བ༔ བཤགས་བགྱི་བཛྲ་སཏྭ་ཧཱུྃ༔ ཨོྃ༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ གསུང་གི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཁྱེད་ཀྱི་ཐུགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཧཱུྃསྭཱ་ཧཱ༔ བཛྲ་སཏྭ་ཨོ༔ བཛྲ་སཏྭ་ཨཱཿ བཛྲ་སཏྭ་ཧཱུྃ༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་ལ་སོགས༔ སངས་རྒྱས་བྱང་སེམས་དཔག་མེད་ཐམས་ཅད་ལ༔ རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་བ་འདེབས༔ བདག་ལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ སྣང་བ་མཐའ་ཡས་འགྲུབ་པར་བྱིན་གྱིས་

p. 241

རློབས༔ དེ་ནས་རྩ་སྔགས་འབྲིང་པོ་ནི༔ ཨོཾ་ཨ་མི་དྷེ་ཝ་ཧི༔ བསྡུས་པ༔ ཨོཾ་ཧཱུྃསྭཱ་ཧཱ༔་ཡང་བསྡུས་ཧྲུབསྒྲང་ཆོག་པ་ཡིན༔ དེ་ནས་ཚེ་འགུགས་ཚེ་སྒྲུབ་ནི༔ ཧཱུྃ༔ བཅོམ་ལྡན་འོད་དཔག་མེད་མགོན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔས༔ ཚེ་བུམ་འཛིན་ཅིང་མདའ་དར་གཡབ༔ འབྱུང་བའི་བཅུད་བསྡུས་ལྷུང་བཟེད་ཐིམ༔ ལྷུང་བཟེད་ཚེ་ཡི་བདུད་རྩིས་གང་༔ དེ་ནས་རང་ལ་ཐིམ་པར་གྱུར༔ ཧཱུྃ༔ མདའ་དར་ཤར་དུ་གཡུག་པའི་ཚེ༔ རླུང་གི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་ལྗང་གུ་འོད་དུ་འབར༔ དེ་དབུས་རླུང་གི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་ལྗང་༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ ལྗང་འོད་འབར་བའི་བྲོ་ཁྲིག་ཁྲིག མདའ་དར་ལྷོ་རུ་གཡུག་པའི་ཚེ༔ མེ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དམར་པོ་འོད་དུ་འབར༔ དེ་དབུས་མེ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དམར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དམར་འོད་འབར་བའི་བྲོ་ཁྲིག་ཁྲིག མདའ་དོར་

p. 242

ནུབ་ཏུ་གཡུག་པའི་ཚེ༔ ལྕགས་ཀྱི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དཀར་པོ་འོད་དུ་འབར༔ དེ་དབུས་ལྕགས་ཀྱི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དཀར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དཀར་འོད་འབར་བའི་བྲོ་ཁྲིག་ཁྲིག མདའ་དར་བྱང་དུ་གཡུག་པའི་ཚེ༔ ཆུ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སྔོན་པོ་འོད་དུ་འབར༔ དེ་དབུས་ཆུ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སྔོ༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག་སྔོ་འོད་འབར་བའི་བྲོ་ཁྲིག་ཁྲིག མདའ་དར་སྟེང་དུ་གཡུག་པའི་ཚེ༔ ས་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སེར་པོ་འོད་དུ་འབར༔ དེ་དབུས་ས་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སེར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སེར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཀྲག་བསྡུས་ལ༔ བདག་གི་བཀྲག་མདངས་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་ཚེ་བསྡུས་ལ༔ བདག་གི་ཚེ་འདི་བརྟན་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཅུད་

p. 243

བསྡུས་ལ༔ བདག་གི་ཚེ་བཅུད་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་འོད་བསྡུས་ལ༔ བདག་གི་འོད་ནི་རྒྱས་པར་མཛོད༔ ཏདྱ་ཐཱ༔ ཌཱ་ཀི་ནཱི༔ ཧ་རི་ནི་ས༔ མ་མ་ཨཱཿཡུསིདྡྷི་ཕ་ལ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཨེ་མ་ཧོཿ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་དང་ནི༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་རྣམས་ལ༔ བདག་གིས་གུས་པའི་སེམས་ཀྱིས་ཕྱག་འཚལ་བསྟོད༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ དེ་ནས་རྩ་སྔགས་རྒྱས་པ་ནི༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུསིདྡྷི་ཧཱུྃ༔ ཨོ་བྷི་སྭཱ་ཧཱ༔ གྷོ་གཉིས་ནི༔ གང་འདོད་གཅིག་ནི་བཟླས་པས་ཆོག༔ དེ་ནས་མདུན་གྱི་བཅོམ་ལྡན་འདས༔ འོད་དུ་ཞུ་ནས་རང་ལ་ཐིམ༔ རང་ལུས་ནམ་མཁའི་འཇའ་ཚོན་ལྟར༔ བཅོམ་ལྡན་འདས་ཀྱི་སྐུར་སྣང་བ༔ གསལ་སྟོང་ཟུང་དུ་འཇུག་པར་གྱུར༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་

p. 244

ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ༔ བདེ་ཆེན་ཞིང་སྒྲུབ་འདོན་ཆ་འདི། །གཏེར་བློན་རཱ་ག་ཨ་སྱ་ཡིས། །གཏེར་སྟོན་དགོངས་པ་རྫོགས་པའི་ཕྱིར། །གནམ་ཆོས་གཞུང་ནས་བསྡུས་ཏེ་བསྒྲིགས། །ཉེ་གནས་ཀུན་དགས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་ལྷ་ལ་བཤགས། །དགེ་བས་འབྲེལ་ཐོགས་འགྲོ་བ་ཀུན། །བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ། །མངྒ་ལཾ།། །།༈ སྨོན་ལམ་སོགས་ཇི་ཙམ་བཏོན་ན་རྗེས་སུ། ཐལ་མོ་སྦྱར་ལ། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ༔ ཚངས་པའི་གསུང་ནི་སྐྱེ་མེད་རྟག་པ་རྡོ་རྗེའི་གསུང་༔ སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་མེད་རྡོ་རྗེའི་ཐུགས༔ འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི༔ རྔ་སྒྲའི་རྒྱལ་པོ་རྒྱལ་བ་འདྲེན་པ་འོད་དཔག་མེད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འགྲུབ་གྱུར་ཏེ།

p. 245

བདག་ཅག་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ ཅེས་ལན་གསུམ་བརྗོད་པར་བྱ་སྟེ་རྡོ་རྗེའི་ཚིག་གོ །དེ་ནས་བཟོད་གསོལ། བརྒྱ་བརྗོད་ནས་གཞུང་གི། དེ་ནས་མདུན་གྱི་སོགས་བསྡུ་རིམ་དང་། ཤིས་བརྗོད་དགེ་བསྔོ་སོགས་བྱའོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས།

p. 246

ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས་བཞུགས་སོ། །ན་མོ་ཨ་མི་ཏ་བྷ་ཡ། ཞིང་སྒྲུབ་བསྙེན་པ་སོགས་ཀྱི་སྟ་གོན་རྒྱས་འབྲིང་བསྡུས་གསུམ་སོགས་ནི་ཟིན་བྲིས་ལྟར་ལ། རང་གཞན་གཤིན་དོན་སྟ་གོན་རྒྱུས་འབྲིང་བསྡུས་གསུམ་ལ། རྒྱས་པ་ནི་ཞིང་བཀོད་ཞལ་ཐང་བཤམས་པའི་མདུན། མཆོད་སྟེགས་སྟེང་དུ་འབྲུའི་ཚོམ་བུ་འདབ་བརྒྱད་ཀྱི་དབུས་སུ་སྐུ་གཟུགས་བཞག །གཡས་སུ་རྣམ་རྒྱལ་བུམ་པ་རྫས་ལྡན་ཁ་རྒྱུན་གང་འཛོམ། གཡོན་དུ་ལས་བུམ་མདུན་དུ་ཟླུམ་གཏོར་རྒྱན་ལྡན་དེ་མདུན་སྨན་རཀ་གཏོར་གསུམ་དང་ཞིང་སྐྱོང་གཏོར་མ། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་འབུར་མའམ་ནི་ཙཀ་ལི། ཉེར་སྤྱོད་གོང་ནས་འཕྲེད་བཀྲམ་མམ་བཙུགས་པ་གང་བདེ་སམ་མཛེས་པར་བརྒྱན། དེ་མཐར་མཆོད་པ་སྣ་བདུན་བཤམ། ་༈ འབྲིང་པོ་ཟླུམ་གཏོར་རྩེ་ལ་འོད་དཔག་ཙཀ་ལི་བཙུགས། བུམ་པ་གཉིས་དང་སྨན་རཀ་གཏོར་གསུམ། མཆོད་པ་སྣ་བདུན་བཤམས་པས་འཐུས། ༈ བསྡུས་པ་མདུན་བསྐྱེད་རྟེན་རིན་པོ་ཆེའི་སྣོད་འབྲུས་བཀང་སྟེ་རྡོ་རྗེ་བཞག །བུམ་པ་གཏོར་མ་གང་འཛོམ་བཤམ། ཐོག་མར་སྔོན་འགྲོ་ནི་ཅོག་རྡོག་བཤམས་ལ། རིན་ཆེན་སྣོད་དུ་སོགས་ཁཱ་ཧི་གསུམ་ནས་གཙྪ་གཙྩ་ཡིས་ཕྱི་རོལ་དོར། ན་མོཿ དཀོན་མཆོག་གསུམ་སོགས་འོད་དཔག་ལས་བྱང་ཚང་བར་འདོན་ནས། རང་ཉིད་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར། །ཞལ་གཅིག་ཕྱག་བཞི་དང་པོ་

p. 247

ཐལ་སྦྱར་དང་། །འོག་མས་ཤེལ་ཕྲེང་དང་ནི་པད་དཀར་འཛིན། །ཐོར་ཚུགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྐུ་སྨད་པདྨའི་ནང་ནུབ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་མདུན་དུ་བསྐྱེད་པ་ལྟ་བུ་ཡི། །འོད་དཔག་མེད་པ་གཙོ་འཁོར་གསུམ་པོ་དང་། །བདེ་ཆེན་ཞིང་བཀོད་ཡོངས་སུ་རྫོགས་པར་གསལ། །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧྲིཡིག་མཐར་། །ཨ་མི་དྷེ་ཝའི་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ། །མཛོད་སྤུ་ནས་ཐོན་ནམ་མཁའ་ཁྱབ་པར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །རྒྱལ་བའི་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །འགྲོ་བ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །བདེ་བ་ཅན་དུ་སྐྱེ་བའི་སྐལ་ལྡན་གྱུར། །ཡུལ་ཕྱོགས་ཕྱི་སྣོད་བདེ་ཆེན་ཞིང་དུ་གྱུར། །ནང་བཅུད་སེམས་ཅན་འོད་དཔག་མེད་པའི་སྐུ། །ཡབ་ཡུམ་སྲས་དང་སེམས་དཔའ་སེམས་མ་དང་། །སངས་རྒྱས་བྱང་སེམས་འཕགས་པའི་དགེ་འདུན་གྱུར། །སྔགས་སྒྲ་སྒྲོགས་པས་འཁོར་བ་དོང་ནས་སྤྲུགས། །གཟུགས་ཅན་གཟུགས་མེད་སེམས་ཅན་ཐམས་ཅད་ཀུན། །འོད་དཔག་མེད་པའི་གོ་འཕང་

p. 248

ཐོབ་པར་གྱུར། ཨོཾ་ཨ་མི་དྷེ་ཝ་དྷཱི༔ བརྒྱའམ་ཅི་མང་བཟླའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས། །དྷཱི༔ཡིག་དམར་པོ་བྱུ་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཅིང་མདུན་བསྐྱེད་ཞལ་དུ་ཞུགས། །ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་ཐུགས་རྒྱུད་བསྐུལ། །དེ་ལས་ཧཱི༔ཡིག་དམར་པོའི་ཕྲེང་བ་བྱོན། །ལྟེ་བ་ནས་ཐོན་རང་གི་ལྟེ་བར་ཐིམ། །ཐུགས་ཀར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ལས། །བར་དུ་འཁོར་ཚེ་འོད་ཟེར་སྣ་ཚོགས་པ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་འཕྲོས། །སངས་རྒྱས་འོད་དཔག་མེད་པའི་སྐུ་ལ་ཐིམ། །སྐུ་གསུང་ཐུགས་རྒྱུད་མཉེས་པའི་མཆོད་པ་འབུལ། །སྐུ་ལས་འོད་དཔག་མེད་པའི་སྐུ་ཆེ་ཕྲ། །གསུང་ལས་སྔགས་ཕྲེང་ཧཱུྃཡིག་དམར་པོ་དང་། །ཐུགས་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ། །ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་བྱོན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་གྱུར། །ཧུཾབརྒྱ་རྩའམ་ཅི་མང་བཟླའོ། །དེ་ནས་བདག་མདུན་བུམ་པ་གཉིས་ལ། མདུན་བསྐྱེད་བུམ་བསྐྱེད་ཐུགས་ཀ་རུ། །ཟླ་སྟེང་ཧྲིདམར་གཟུངས་ཀྱིས་བསྐོར། །རང་གི་ཐུགས་ཀའི་སྔགས་ཕྲེང་

p. 249

འཕྲོས། །མདུན་བསྐྱེད་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །གཟུངས་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སྦྱིན་བདག་ཐོག་དྲངས་འགྲོ་ཀུན་གྱི། །སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་དག །བུམ་ལྷའི་སྐུ་ལས་བདུད་རྩི་བབ། །བུམ་པ་བདུད་རྩིས་གང་བར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྷ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀཱནྟེ། ་ཨ་མི་ཏ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླུ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། །ཞེས་གཟུངས་རིང་ཅི་མང་བཟླ། ལས་བུམ་ལ། ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་ཞགས་འཛིན་འདོར་ཐབས་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །ཨོཾ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ༔ ཉེར་གཅིག་བདུན་སོགས་བཟླའོ། །དེ་ནས་བདེ་སྨོན་རྒྱས་པའམ། ཤེས་བྱ་མའམ། ཕྱོགས་དུས་རྒྱལ་བའམ། བཟང་སྤྱོད་དམ་ཐམས་ཅད་ཚར་ན་དང་། མ་ཚར་ན་འདོན་རེས་བྱ། དེ་ལྟ་བུའི་ཆོ་ག་བསྡུས་པ་ཚར་གཅིག་ལ་རུང་ཙམ་ལས། གཞུང་རྐྱང་ནི་རང་དོན་ཐུགས་དམ་

p. 250

ཡིན། གཞན་དོན་བདག་མདུན་བུམ་གསུམ་ཚང་མ་དང་། བདེ་སྨོན་རྣམས་མ་ཚང་ན་མི་རུང་། གཞུང་ཚེ་འགུགས་དང་སྔགས་སོགས་དོ་ནུབ་ཚར་གཅིག །གཤིན་དོན་ལ་མི་དགོས། དེ་ཡང་གསོན་པོའི་རིམ་གྲོ་ལ་ཆེ་ཆོག་བྱེད་ན་ཚེ་གཟུངས་དང་དབང་རྫས་དབང་ལྟར་ལས་བདེ་སྨོན་མ་ཐོན་ན་མི་དགོས་སོ། །སརྦ་མངྒ་ལཾ།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་གའི་ལྷན་ཐབས་ཕན་ཡོན་བསྔགས་པ་མཐའ་ཡས་པའི་གཟུངས།

p. 251
p. 252

གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་གའི་ལྷན་ཐབས་ཕན་ཡོན་བསྔགས་པ་མཐའ་ཡས་པའི་གཟུངས་ཡོད། གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི། །བྱང་ཆོག་བསྡུས་པ་གཞུང་ལྟར་ཏེ། །ཅུང་ཞིག་རྒྱས་པར་བྱ་འདོད་ན། །མདུན་བསྐྱེད་བུམ་བསྐྱེད་ཐུགས་ཀ་རུ༔ ཟླ་སྟེང་ཧྲིཡིག་དམར་པོའི་མཐར༔ གཟུངས་སྔགས་གཡས་སུ་འཁོར་བ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ཚེ་བདག་ཐོག་དྲངས་འགྲོ་ཀུན་གྱི༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ བུམ་ལྷའི་སྐུ་ལས་བདུད་རྩི་བབ༔ བུམ་པ་བདུད་རྩིས་གང་དམིགས་ཤིང་༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏེ༔ ཨ་མི་ཏ་བྷ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨདྷ་ཏེ་སམྱཀཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་མི་ཏེ། ཨ་མི་ཏོདྡྷ་ཝེ༔ ཨ་མི་ཏ་སཾ་བྷ་ཝེ༔ ཨ་མི་ཏ་བི་ཀྲནྟེ༔ ཨ་མི་ཏ་གཱ་མི་ནི༔ ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀེ་ཤ་ཀྵ་ཡཾ་ཀ་རི་སྭ་ཧྭ༔ གཟུངས་འདི་ལན་གཅིག་བརྗོད་པས་ཀྱང་། །བསྐལ་པ་འབུམ་དུ་བསགས་པ་ཡི། །ལས་ཀྱི་སྒྲིབ་པ་བྱང་བར་འགྱུར། །གཞན་ཡང་ཕན་ཡོན་དཔག་མེད་པ། །བཅོམ་ལྡན་ཐུབ་པའི་ཞལ་ནས་གསུངས། །འོད་དཔག་མེད་པའི་གཟུངས་འདི་ནི། །རྒྱུད་འབུམ་ནང་དུ་བཞུགས་པ་ཡིན། །བྱ་བའི་རྒྱུད་དུ་གཏོགས་ལགས་ཀྱང་། །བྱ་རྒྱུད་བླ་

p. 253

མེད་ཉམས་ལེན་ལུགས། །འདི་ལ་སྦྱར་བས་འགལ་བ་མེད། །ཚེ་གཟུངས་བྱ་རྒྱུད་ཡིན་མོད་ཀྱང་། །བླ་མེད་ལུགས་ལ་སྦྱར་དང་མཚུངས། །ཞེས་པ་བདེ་ཆེན་ཞིང་སྒྲུབ་ཀྱི། །ལྷན་ཐབས་རཱ་ག་ཨ་སྱས་སྦྱར། ༈ ལས་བུམ་ལ། ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་ཞགས་འཛིན་འདོར་ཐབས་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །ཨོཾ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ༔ ཉེར་གཅིག་བདུན་སོགས་བཟླའོ། །༈ ཨོཾ་ཨ་མི་དྷེ་ཝ་ཧ་ཡ་གྷི་ཝ་ཨགྷཾ་སོགས་ཀྱིས་མཆོད་། ཧཱུྃ། བདེ་ཞིང་དུ་ཆོས་སོགས། ཧཱུྃལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེག །བདུད་བཞིའི་དཔུང་རྣམས་འཇོམས་མཛད་པ། །དཔའ་བོ་རྟ་མགྲིན་གྱི་སྐུ་ལ་འཚལ་བསྟོད། །ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛོད་ཅིག། ཅེས་གནས་མདོ་སངས་རྒྱས་ཀྱིས་བསྙེན་ཐབས་སུ་སྦྱར་བའོ། །༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་ཆེན་ཞིང་སྒྲུབ་ཀྱི་བཀའ་སྲུང་གསོལ་མཆོད་འགྲིགས་ཆགས་སུ་བྲིས་པ།

p. 254

བདེ་ཆེན་ཞིང་སྒྲུབ་ཀྱི་བཀའ་སྲུང་གསོལ་མཆོད་འགྲིགས་ཆགས་སུ་བྲིས་པ་ཡོད༔ ཞཞཏུཌ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ ཟངས་ལྕགས་སྣོད་དུ་གཏོར་མ་ནི༔ ཟུར་གསུམ་མཐོ་གང་ཙམ་ཞིག་ལ༔ མདུན་དུ་ཟུར་གསུམ་མཁྱུད་གང་གཅིག༔ གཡས་གཡོན་སོར་བཞི་ཙམ་པ་གཉིས༔ དཀར་དམར་རྒྱན་དང་ལྡན་པ་བཤམ༔ ཧཱུྃ༔ སྣང་བ་མཐའ་ཡས་བཀའ་སྲུང་བ༔ བདུད་པོ་ནག་པོ་སེང་གེའི་གདོང་༔ ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ བེར་གསོལ་གཡས་པས་ཕྱར་དར་ལ༔ གཡོན་པས་དམར་གཏོར་དགྲ་ལ་འཕེན༔ ཆིབས་སུ་རྟ་ནག་རྐང་གསུམ་ཆིབས༔ ཡུམ་ནི་དམར་མོ་སེང་གདོང་མ༔ ཁ་ཊཾ་ཙིཏྟ་ཕྱག་ན་འཛིན༔ རྟ་དམར་ཆིབས་པའི་གཡས་གཡོན་དུ༔ བམ་རོ་ཕོ་མོ་དང་བཅས་གསལ༔ ཧཱུྃ༔ འོག་མིན་དུར་ཁྲོད་ཆེན་པོ་དང་༔ རྩུབ་འགྱུར་ཚལ་དང་བསིལ་བའི་ཚལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ གཙུག་ལག་ཆོས་འཁོར་བཞུགས་གནས་ནས༔ ཞིང་སྐྱོང་འཁོར་བཅས་སྤྱན་འདྲེན་ན༔ གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དང་༔ རང་རང་མཐུན་པའི་རྫས་ཀྱིས་བསྐང་༔ སྨན་རཀ་གཏོར་མ་འབུལ་གྱིས་བཞེས༔ ཨོ་སི་ཧ་མུ་

p. 255

ཁ་ཧཱུྃ་ཕཊ༔ ཨོ་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧཱུྃ་ཛ༔ཧཱུྃ་ཕཊ༔ ཏྲི་ཧཱུྃ་ཛ༔ རྦད་རྦད༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་སངས་རྒྱས་བསྟན་པ་སྲུང་༔ མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ༔ ཞིང་སྐྱོང་འཁོར་བཅས་བདག་གིས་བསྟོད༔ དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང་༔ གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཞིང་སྐྱོང་ཐུགས་ཀར་ཟླ་བའི་སྟེང་༔ ཧཱུཾ་མཐར་ཡབ་སྔགས་གཡས་སུ་འཁོར༔ ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་༔ བྷྱོ་མཐར་ཡུམ་སྔགས་གཡོན་དུ་འཁོརཿ༔ བམ་རོ་ཕོ་མོའི་སྙིང་གར་ཏཱི༔ དེ་མཐར་རང་སྔགས་གཡས་གཡོན་འཁོར༔ དེ་གཉིས་ཡིག་མགོ་ཐུར་བསྟན་ནོ༔ བདག་གི་ཞལ་ནས་བཀའ་བསྒོའི་ཚུལ༔ ཡབ་སྔགས་འབྲུ་བདུན་བཟླས་པ་ཡིས༔ ཡབ་ཡུམ་སྔོན་གྱི་དམ་ཚིག་དྲན༔ རྣལ་འབྱོར་ཁྱེད་ཅག་འཁོར་བཅས་ཀྱི༔ བར་ཆད་ཐམས་ཅད་སེལ་བ་དང་༔ ཆོས་མཐུན་བསམ་པ་བདག་གིས་བསྒྲུབ༔ ནམ་ཞིག་དུས་བབས་འཕོ་བའི་ཚེ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྔོན་ནས་བསུ་ཞིང་རྒྱབ་ནས་སྐྱེལ༔ ཞེས་གསུངས་

p. 256

ཁས་བླངས་དམ་བཅས་བསྒོམ༔ ཡབ་སྔགས་ཕྲེང་སྐོར་ཡཟུང་བསྙེན༔ དེ་ནས་གཏོར་འབུལ་བྱེད་འདོད་ན༔ དམར་གཏོར་ཆུང་ངུ་གཅིག་བྲན་ལ༔ ན་མོཿ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ བདེ་ཆེན་ཞིང་དུ་བཞུགས་པ་ཡི༔ ལྷ་ཚོགས་ཀུན་གྱི་བདེན་པ་དང་༔ ཞིང་སྐྱོང་ཡབ་ཡུམ་མཐུ་སྟོབས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཚེ་སྲོག་བསོད་ནམས་ལ་གནོད་ཅིང་ཕྱི་མ་བདེ་ཆེན་ཞིང་ཁམས་སུ༔ འགྲོ་ལ་བར་དུ་གཅོད་བྱེད་པའི༔ དགྲ་བགེགས་བདུད་དང་འབྱུང་པོའི་ཚོགས༔ དམར་ཆེན་གཏོར་མ་འདི་ཉིད་ལ༔ ཁུག་ཅིག་ཛ༔ཧཱུྃ་བཾ་ཧོ༔ཕཊ༔ ཞིང་སྐྱོང་ཡབ་ཡུམ་འཁོར་བཅས་ཀྱི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ དཔལ་ལྡན་ཞིང་སྐྱོང་སྐུ་མདོག་ནག༔ དབུ་ནི་སེང་གེའི་དབུ་ཅན་ལ༔ ཕྱག་གཡས་རུ་མཚོན་དགྲ་ལ་འདེབས༔ གཡོན་པས་བྷན་དགྲ་སྙིང་འཛིན་བེར་ཆེན་ནག་པོ་སྐུ་ལ་གསོལ༔ བདུད་རྟ་ནག་པོའི་སྟེང་ན་བཞུགས༔ དེ་ཡི་གཡས་སུ་བམ་རོ་ཕོ༔ སྐུ་མདོག་ནག་པོ་སྤྲེའུའི་མགོ༔ ལག་པ་བྱ་སྡེར་སར་བརྫིས་པས༔ རི་རབ་ལྡིག་ལྡིག་འབྱུང་བར་ནུས༔ རྐང་པ་སྤྲེའུའི་རྐང་པ་དེ༔ ནམ་མཁར་

p. 257

བཀྱགས་པས་ལྷ་རྣམས་སྔངས༔ རྐང་པའི་སྟེང་དུ་དམར་གཏོར་ཁྱེར༔ དགྲ་ལ་འཕངས་བས་བདུན་བརྒྱུད་གཅོད༔ ཞལ་ནས་མེ་ལྕེ་འབར་བ་ཡིས༔ དགྲ་བོའི་མི་མཁར་འུར་གྱིས་སྲེག༔ སེང་གདོང་གཡོན་དུ་ཛ་ཀ་ཛ༔ སྐུ་མདོག་དམར་མོ་མེ་ཡི་མདོག༔ གཡས་པས་རུ་མཚོན་འཚུབ་པ་ཡིས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་ཙིཏྟ་འཛིན་པ་ཡིས༔ དགྲ་བརྒྱུད་གཏན་ནས་བརླག་པར་ནུས༔ དེ་ཡི་གཡོན་དུ་བམ་རོ་མོ༔ སྐུ་མདོག་དེ་ནི་དམར་མོ་ལ༔ མགོ་ནི་སྤྲེའུའི་གདོང་ཅན་ནོ༔ ལག་པ་བྱ་སྡེར་སར་བརྫིས་པས༔ རི་རབ་ལྡིག་ལྡིག་འབྱུང་བར་ནུས༔ རྐང་པ་སྤྲེའུའི་རྐང་པ་དེ༔ ནམ་མཁར་བཀྱགས་པས་ལྷ་རྣམས་སྔངས༔ རྐང་པའི་སྟེང་དུ་དམར་གཏོར་ཁྱེར༔་དགྲ་ལ་འཕངས་པས་བདུན་བརྒྱུད་གཅོད༔ ཞལ་ནས་མེ་ལྕེ་འབར་བ་ཡིས༔ དགྲ་བོའི་མི་མཁར་འུར་འུར་སྲེག སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ འདི་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྒྲུབ་པའི་བར་ཆད་ཐམས་ཅད་སོལ༔ དགྲ་ཇག་ཆོམ་རྐུན་འཚེ་བ་ཟློག༔ དམ་སྲི་བགེགས་ཀྱི་གནོད་པ་ཟློག ཕ་རོལ་བྱད་དང་རྦོད་གཏོང་ཟློག །

p. 258

ཡམས་ནད་རིམས་ནད་དལ་ཁ་ཟློག༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ གོང་གི་སྔགས་རིང་ཡོངས་རྫོགས་ནི༔ བདུན་ནམ་ཉེར་གཅིག་བརྗོད་ལ་ཕུལ༔ གཙོ་འཁོར་བཞི་པོ་སྐད་ཅིག་གིས༔ སྟོང་གསུམ་སྲིད་གསུམ་ལན་གསུམ་བསྐོར༔ གནོད་བྱེད་ཐམས་ཅད་ཚར་བཅད་ནས༔ རང་གི་སྒྲུབ་ཁང་དེ་ཉིད་ལ༔ ལན་གསུམ་བསྐོར་བ་བྱས་ནས་ཀྱང་༔ རང་གི་རྒྱབ་ཀྱི་ཕྱོགས་བཞུགས་ནས༔ སྒྲུབ་པའི་རྒྱབ་རྟེན་བྱེད་པར་བསྒོམ༔ བདེ་ཆེན་ཞིང་སྒྲུབ་བཀའ་སྲུང་འདི། །སྒྲུབ་པའི་ཆ་ལག་ཚང་བའི་ཕྱིར། །དགེ་སློང་རཱ་ག་ཨ་སྱ་ཡིས། །བྱ་ལོ་ལོ་སར་ཚེས་གཅིག་གི །ཕྱི་དྲོའི་ཆ་ལ་བསྒྲིགས་པ་སྟེ། །ཡིག་མཁན་དགེ་སློང་སྦྱིན་པས་བྱས། །ཉེས་འགལ་ཆོས་སྐྱོང་ཉིད་ལ་བཤགས། །དགེ་བས་གནམ་ཆོས་བསྟན་པ་ནི། །གངྒཱའི་རྒྱུན་བཞིན་འཕེལ་རྒྱས་ཤོག །མངྒ་ལཾ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་ཆེན་ཞིང་གི་བཀའ་སྲུང་ཞིང་སྐྱོང་སེང་གེའི་གདོང་ལ་ཕྲིན་བཅོལ་བདེ་ཆེན་ཞིང་གི་སྐྱེལ་མ།

p. 259
p. 260

བདེ་ཆེན་ཞིང་གི་བཀའ་སྲུང་ཞིང་སྐྱོང་སེང་གེའི་གདོང་ལ་ཕྲིན་བཅོལ་བདེ་ཆེན་ཞིང་གི་སྐྱེལ་མ་བཞུགས་སོ། །ན་མོ་མ་ཧཱ་ཀཱ་ལ་ཡེ། སངས་རྒྱས་བྱེ་བ་དྲུག་ཅུ་ཡི། །ཐུགས་སྤྲུལ་མགོན་པོ་ཕྱག་བཞི་པ། །དེ་ཡི་སྤྲུལ་པ་སེང་གེའི་གདོང་། །ལྷ་ཆེན་དྲག་པོ་ཡབ་ཡུམ་གྱི། །སྲས་སུ་སྤྲུལ་ནས་རྫུ་འཕྲུལ་བསྟན། །སྟོང་གསུམ་ལྷ་འདྲེ་དབང་དུ་སྡུས། །ཕྱག་ན་རྡོ་རྗེས་མ་ཐུལ་ནས། །འོག་མིན་གནས་ནས་ཧེ་རུ་ཀས། །ཡེ་ཤེས་སེང་གདོང་སྤྲུལ་ནས་བསྟིམ། །ངོ་བོ་དཔལ་ཆེན་ཧེ་རུ་ཀ །རྣམ་པ་ལས་ཀྱི་མགོན་པོའི་ཚུལ། །འོག་མིན་གནས་དང་མངོན་པར་དགའ། །བདེ་བ་ཅན་དང་རྗེ་སྒྲ་ཅན། །འཛམ་གླིང་བྱེ་བ་ཕྲག་བརྒྱ་དང་། །ཡུལ་ཆེན་ཉི་ཤུ་རྩ་བཞི་སོགས། །དག་དང་མ་དག་ཞིང་ཁམས་ཀུན། །སྐྱོང་ཕྱིར་ཞིང་སྐྱོང་ཆེན་པོར་གྲགས། །བདག་དང་སློབ་མ་བརྒྱུད་པར་བཅས། །འདི་ཕྱི་བར་དོ་ཐམས་ཅད་དུ། །བཀའ་ཡི་སྲུང་མར་ཁྱེད་བརྟེན་ནོ། །ཚེ་འདིར་དགྲ་བགེགས་ཐམས་ཅད་ཟློག །ནམ་ཞིག་བར་དོར་འཁྱམས་པའི་ཚེ། །གཤེད་དང་དྲི་ཟ་ཕྱིར་བཟློག་ལ། །བདེ་བ་ཅན་གྱི་ཞིང་དུ་སྐྱོལ། །ཅེས་པ་འདི་ཞིང་སྐྱོང་གི་རྒྱུན་ཁྱེར་བྱས་ཚེ། ཀོང་པོའི་ཚོང་དཔོན་ཤིན་ཏུ་

p. 261

ཆས་བཟང་བ་དང་། ཀོང་པོའི་བུད་མེད་ཤིན་ཏུ་རྒྱན་ཆས་སྤྲས་པ་གཉིས་ང་ལ་དབང་ཞུ་ཟེར་བ་བྱུང་ནས་ང་ཡི་དྲུང་དུ་སྐྱེས་པ་བུད་མེད་ཉབ་ཉོབ་འགའ་སྣང་བ། དེ་གཉིས་དཔོན་འདྲ་བ་ཟིལ་ཆེ་བས་རྗེས་སུ་སྐྱེས་པ་མ་ཡིན་ཟེར་བ་ཉམས་ཀྱི་སྣང་བ་ལ། ༧ སི་ཏུ་སྐུ་སྐྱེ་ཁྲབ་རྨོག་མནབས་འཁོར་གསུམ་བཏགས་ནས་རྟ་ནག་པོ་ཞིག་ལ་ཆིབས་ནས་དངོས་སུ་ཚུར་ཕེབས་བྱུང་ནས་མཐོང་བས་བྲིས་པའོ། །ཨ་རཱ་གས་སོ།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཚོགས་མཆོད་དགོས་འདོད་ཀུན་འབྱུང་ཟད་མེད་བདུད་རྩི།

p. 262

གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཚོགས་མཆོད་དགོས་འདོད་ཀུན་འབྱུང་ཟད་མེད་བདུད་རྩི་བཞུགས་སོ། །

p. 263

གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ དེ་ནས་བདེ་ཆེན་ཞིང་སྒྲུབ་ཀྱི་ཚོགས་མཆོད་དགོས་འདོད་ཀུན་འབྱུང་ཟད་མེད་བདུད་རྩི་ལས༔ གཞུང་དུ་བསྟན་པའི་ཚོགས་རྫས་ཅི་འབྱོར་བཤམས་ནས་མེ་ཆུ་རླུང་སོགས་ཀྱིས་སྦྱངས་ནས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ རང་ཉིད་སེམས་དཔའི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ དངོས་འཛིན་དྲི་མ་བསྲེགས་སྦྱངས་བཀྲུས༔ ཚོགས་ཀྱང་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧི༔ ཧཱུྃ་ཧཱི་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ ཆོས་སྐུ་འོད་དཔག་མེད་མགོན་ལ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་ཚོགས་ཀྱིས་

p. 264

བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་ཡི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཚེ་དཔག་མེད། རྒྱལ་བ་རིགས་ལྔའི་ཚོགས་ཀྱིས་བསྐོར༔ དཔའ་བོ་མཁའ་འགྲོ་འབུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རི་བོ་ཏ་ལའི་ཞིང་ཁམས་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ༔ བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་ཞིང་ཁམས་ནས༔ གསང་བདག་ཕྱག་ན་རྡོ་རྗེ་ལ༔ སེམས་དཔའ་ཁྲོ་བཅུའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་

p. 265

གཤེགས་སུ་གསོལ༔ ཟངས་མདོག་དཔལ་རིའི་གཞལ་ཡས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ རྗེ་འབངས་ཉི་ཤུ་རྩ་ལྔ་དང་༔ རྒྱ་གར་གྲུབ་ཐོབ་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ན༔ དྲིན་ཆེན་རྩ་བའི་བླ་མ་ལ༔ རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བསྐལ་པ་མེ་ལྟར་འབར་བ་ནས༔ དབང་ཆེན་རྟ་ཕག་ཡབ་ཡུམ་ལ༔ ཡི་དམ་ཁྲོ་བཅུའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ བདུད་མགོན་ཞིང་སྐྱོང་ཡབ་ཡུམ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་དམ་ཅན་བརྟན་མའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བླ་མེད་གསང་བའི་དཀྱིལ་འཁོར་བཞུགས༔ འདོད་ཡོན་མཆོད་པའི་ལྷ་མོ་ལྔ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ དེ་ནས་ཚོགས་ཕུད་མཆོད་པ་ནི༔་ཧཱུྃ༔ བདེ་ཆེན་གསང་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོའི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོ་

p. 266

ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བསྐང་བ་ནི༔ ཧཱུྃ་ཧི༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་འགྲོ་བའི་མགོན༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཕྱག་ན་རྡོ་རྗེ་མཐུ་ཆེན་ཐོབ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ རྒྱལ་བ་རིགས་ལྔ་ཚེ་དཔག་མེད༔ རིགས་ལྔ་བདེ་གཤེགས་ཚོགས་དང་བཅས༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ གུ་རུ་པདྨ་འབྱུང་གནས་ལ༔ རྗེ་འབངས་ཉེར་ལྔ་གྲུབ་ཆེན་བརྒྱད༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་ན༔ དྲིན་ཆེན་རྩ་བའི་བླ་མ་ལ༔ རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ བསྐལ་པ་མེ་ལྟར་འབར་བའི་ཀློང་༔ རྟ་ཕག་ཡབ་ཡུམ་ཁྲོ་བཅུས་བསྐོར༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ བདུད་མགོན་ཞིང་སྐྱོང་ཡབ་ཡུམ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔

p. 267

དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བསྐོར༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ བདུད་རྩི་སྨན་རཀ་ཐུགས་དམ་བསྐང་༔ དམ་རྫས་གཏོར་མས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བདག་གི་གཡར་དམ་སོལ་སྩོལ་ལ༔ གཡར་དམ་སྐོངས་ལ་རྐྱེན་ངན་ཟློག མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་བཤགས་པ་ནི༔ ཧོཿ སྔོན་བྱུང་དུས་ནས་ད་ལྟའི་བར༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ མ་རིག་ལུས་ངག་ཡིད་གསུམ་གྱིས༔ ཡེ་ཤེས་ཐུགས་དང་ཅི་འགལ་བ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཨོ་པདྨ་སཏཱ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ པདྨ་སཏྭ་ཏྭེ་ནོ་པ་སོགས་པདྨ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཡི་གེ་བརྒྱ་པ་བརྗོད། ཚོགས་ལ་ལོངས་སྤྱོད། ་དེ་ནས་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབས། ཨུཙིཏྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ༔ དེ་ནས་ཆད་མདོ་ནི༔ ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ སྙིགས་མ་རྩོད་ལྡན་དུས་དང་ཡང་མཐའ་ནས༔ སྣང་བ་མཐའ་ཡས་སེམས་

p. 268

ཅན་དོན་ལ་དགོངས༔ བདེ་ཆེན་ཞིང་གི་ལྷ་ཚོགས་ཞལ་ཕྱེས་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་དང་༔ ཁྱད་པར་བདུད་མགོན་ཞིང་སྐྱོང་ཁྱོད་ལ་བཅོལ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ བདེ་ཆེན་ཞིང་ཁམས་འཁྲིད་པར་མ་ཆད་དམ༔ ས་ལམ་བར་ཆད་བཟློག་པར་མ་ཚད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བར་ཆད་རྐྱེན་ངན་བཟློག་པར་མ་ཚད་དམ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད་དེ་ནས་བརྟན་མ་སྐྱོང་བ་ནི༔ ཧྲཱིཿ བརྟན་མ་བཅུ་གཉིས་འཇིག་རྟེན་བོད་ཁམས་སྐྱོང་༔ སྔོན་ཚེ་འདས་དུས་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་སྲུང་བར་ཁས་བླངས་དམ་བཅས་བཞིན༔ གཏོར་མ་འདི་བཞེས་ཕྲིན་ལས་བསྒྲུབ་པར་མཛོད༔ མ་མ་ཧྲི་ཧྲི་རཀོ་ཏིང་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་གཏོར་བྲོ་ནི༔ སངས་རྒྱས་བསྟན་པ་མ་རྫོགས་བར༔ རུ་ཊ་ཐར་བའི་གནས་མེད་དོ༔ བར་ཆད་དམ་སྲི་འབྱུང་པོའི་ཚོགས༔ མནན་པ་ཡིན་ནོ་མ་ལྡང་ཞིག ཨོ་ལཾ་ཨཱཿལཾ་ཧཱུཾ་ལཾ་སྟེ་བྷ་ཡ་ནན༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་

p. 269

བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག༔ སྣང་སྲིད་མ་ལུས་སྐུ་ལ་བསྡུ༔ རང་ཉིད་ས་བོན་ཧྲིལ་ཐིམ༔ ཧཱུྃཡང་མི་དམིགས་ནམ་མཁའ་ལྟར༔ དེ་ཡི་ངང་ལ་མཉམ་པར་བཞག༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ༔ འཕྱངས་ལོ་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་དགེ་བར་དགེ་སློང་རཱ་ག་ཨ་སྱས་སྦྱར་བས་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བར་ཤོག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས།

p. 270

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་བཞུགས་སོ། །

p. 271

ན་མོ་ཨ་མི་ཏ་བྷཱ་ཡ། །གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཟིན་བྲིས་ནི། །སྟ་གོན་རྒྱས་འབྲིང་བསྡུས་གསུམ་སྤྲོས་མེད་བཞི། །རྒྱས་པར་ཞིང་བཀོད་ཐང་སྐུ་བཤམས་པའི་མདུན། །གཞི་སྟེང་འབྲུ་ཡི་ཚོམ་བུ་འདབ་བརྒྱད་བཀོད། །དབུས་སུ་མཉྫིའི་སྟེང་དུ་སྐུ་གཟུགས་བཤམས། །གཡས་སུ་བུམ་པ་རྫས་ལྡན་སྤྱི་ལྟར་ཏེ། །རྒྱབ་ཀྱི་འདབ་མར་ཕྱག་མཚན་རྡོ་རྗེ་བཞག །གཡོན་དུ་ལྷུང་བཟེད་འབྲུ་ཡིས་བཀང་བའི་ནང་། །ཚེ་ཡི་རིལ་བུ་ཅུང་ཟད་བཞག་པའམ། །ཚེ་སྒྲུབ་གཙོ་བོ་ཡིན་ན་ཚེ་རིལ་ལམ། །ཡང་ན་ཚེ་ཟན་ཟས་སྣས་བཀང་ཡང་རུང་། །མདུན་དུ་ཚེ་གཏོར་བུམ་

p. 272

གཟུགས་སྤྱི་ལྟར་བཞག །རྒྱབ་ཟུར་གཡས་སུ་བདུད་རྩི་གཡོན་རཀྟ། །མདུན་ཟུར་གཡས་སུ་ཟླུམ་གཏོར་གཙོ་འཁོར་གསུམ། །གཡོན་དུ་ཞིང་སྐྱོང་གཏོར་མ་གཙོ་འཁོར་བཞི། །དེ་མཐར་མཆོད་པ་སྣ་བདུན་བསྐོར་བཤམ་བྱ། །དེ་རྣམས་ཁ་གསོས་མ་གཏོགས་བརྗེ་མི་དགོས། །ཚེ་མདའ་དར་སྣ་ལྔ་བཏགས་རང་དྲུང་བཞག །དཀྱིལ་འཁོར་དེ་མདུན་མཆོད་སྟེགས་གཅིག་གི་སྟེང་། །བརྗེ་རྒྱུའི་མཆོད་པ་རྣམ་ལྔ་མཎྜལ་བཤམ། ༈ ། འབྲིང་པོ་ཞིང་བཀོད་མདུན་དུ་མཆོད་སྟེགས་སྟེང་། །སྐུ་གཟུགས་བུམ་པ་ཚེ་གཏོར་འཕྲེད་དུ་བཤམ། །གཡོན་དུ་ལྷུང་བཟེད་སྟེང་

p. 273

དུ་རྡོ་རྗེ་བཞག །དེ་རྩར་ཞིང་སྐྱོང་གཏོར་མ་ཟུར་གསུམ་གཅིག །མདུན་དུ་མཆོད་པ་རྣམ་ལྔ་བཤམས་པ་ཡིན། ༈ ། བསྡུས་པ་ཚེ་གཏོར་སྟེང་དུ་ཙཀྲི་བཙུགས། །ཙཀཱིའི་རྒྱབ་ཏུ་ལྷུང་བཟེད་རྡོ་རྗེ་བྲི། །དེ་ལ་སྐུ་དང་ཞིང་བཀོད་གཉིས་ཀ་ཚང་། །གཏོར་མ་བུམ་གཟུགས་བུམ་པ་དེ་ལ་ཚང་། །ཞིང་སྐྱོང་གཏོར་མ་ཟུར་གསུམ་གཅིག་དང་ནི། །མདུན་དུ་མཆོད་པ་རྣམ་ལྔ་བཤམ་པར་བྱ། ་༈ ། ཤིན་ཏུ་སྤྲོས་མེད་རྒྱུན་ཁྱེར་ལ་སོགས་ལ། །དཀྱིལ་འཁོར་མཆོད་གཏོར་ལ་སོགས་ཡིད་ཀྱིས་སྤྲུལ། །དེ་ལ་ཞིང་སྐྱོང་འདོན་པར་མི་བྱའོ། ་། སྒྲུབ་ཚེ་ཐུན་བཞི་ཐུན་དྲུག་གང་འདོད་དོ། །དང་པོ་ཉིན་པར་སྔོན་འགྲོ་བགེགས་གཏོར་བཏང་། །དེ་ནས་རྒྱུན་དུ་སྔོན་འགྲོ་མི་དགོས་སོ། །འདོན་འགྲིགས་ལྟར་དུ་བསྙེན་པའི་མཚམས་བར་འདོན། །དེ་ནས་བསྙེན་པ་བྱ་ཞིང་དམིགས་པ་བསྒོམ། ༈ ། མདུན་དུ་རིན་ཆེན་ཁྲི་ནི་རྒྱ་ཆེ་བ། །ཁྲི་མིག་རྣམས་སུ་རྨ་བྱ་བརྒྱད་ཀྱིས་བཏེག །དེ་སྟེང་པདྨ་འདབ་མ་འབུམ་ལྡན་སྟེང་། །ཉ་རྒྱས་ཟླ་བའི་སྟེང་དུ་འོད་དཔག་མེད། །པདྨ་རཱ་གའམ་བྱུ་རུའི་མདོག་ལྟ་བུ། །ཆོས་གོས་ངུར་སྨྲིག་རྣམ་གསུམ་སྐུ་ལ་གསོལ། །རང་ཉིད་བྱ་སྤྲེལ་ལོ་པ་ཡིན་ན་ནི། །སྐུ་

p. 274

མདོག་དམར་སེར་ལི་ཁྲིའི་མདོག་ལྟ་བུ། །ཆོས་གོས་རྣམ་གསུམ་གསེར་གྱི་མདོག་ཏུ་བསྒོམ། །གཡས་གཡོན་སེམས་དཔའ་གཉིས་དང་འཁོར་གྱི་ཚོགས། །སངས་རྒྱས་བྱང་སེམས་དཔག་མེད་ཁྲོམ་ཚོགས་བཞིན། །གཙོ་བོ་ཀུན་ལས་ཆེ་ཞིང་མཐོ་བ་ནི། །བྱང་ཆུབ་ཤིང་མཆོག་དཔག་ཚད་སྟོང་དྲུག་བརྒྱ། །འདབ་རྒྱས་མེ་ཏོག་འབྲས་བུ་དྲི་བཟང་ཅན། །དེ་ལ་སྐུ་རྒྱབ་བརྟེན་ནས་བཞུགས་པའི་མདུན། །ཡན་ལག་བརྒྱད་ལྡན་བདུད་རྩིའི་མཚོ་ཆུང་དཀྱིལ། །པདྨ་དཀར་པོ་འདབ་བརྒྱད་ཆེན་པོ་ནི། །ཅུང་ཟད་ཁ་ནི་བྱེ་མ་ཐག་པའི་ནང་། །རང་ཉིད་བྱང་ཆུབ་སེམས་དཔའ་སྐུ་མདོག་དཀར། །ཐོར་ཚུགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །སྐུ་སྨད་པདྨའི་ནང་དུ་ནུབ་པ་ལ། །སྐུ་སྟོད་ཐར་སྦྱར་ཞལ་བལྟ་ཆོས་ཉན་བསྒོམ། །བདག་གིས་གསོལ་བ་བཏབ་དང་སྔགས་བཟླས་པས། །། མདུན་བསྐྱེད་དེ་ལས་འོད་ཟེར་སྣ་ཚོགས་ནི། །ནམ་མཁའ་ས་གཞི་བར་སྣང་ཁྱབ་པར་འཕྲོས། །ཡུལ་ཕྱོགས་ཐམས་ཅད་བདེ་ཆེན་ཞིང་དུ་གྱུར། །ས་གཞི་བེཟླུར་ས་གཞི་ཁོད་སྙོམས་ལ། །འཇམ་ཞིང་བདེ་ལ་གསེར་གྱི་མིག་མངས་རིས། །མེ་ཏོག་མཛེས་པ་སྣ་ཚོགས་ཀུན་ནས་བཀྲ། །ཤིང་

p. 275

ཀུན་རིན་ཆེན་སྣ་ཚོགས་ལྗོན་ཤིང་ལ། །ལོ་མ་དར་ཟབ་འབྲས་བུ་བཀྲ་ཤིས་རྟགས། །གཡུང་དྲུང་དགའ་འཁྱིལ་ལ་སོགས་འབྲས་བུར་སྨིན། །ནམ་མཁར་འཇའ་སྤྲིན་བར་སྣང་མེ་ཏོག་ཆར་། །ས་གཞིར་ཅི་འདོད་ལོངས་སྤྱོད་གཅལ་དུ་བཀྲམ། །སྲོག་ཆགས་ཐམས་ཅད་བྱང་ཆུབ་སེམས་དཔའི་ཚོགས། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་ལྡན། །དགེ་སློང་ཆ་ལུགས་ཆོས་གོས་རྣམ་གསུམ་བཀླུབས། །ཀུན་ཀྱང་སྡུག་བསྔལ་མིང་མེད་བདེ་སྐྱིད་ལྡན། །དེ་ནི་ཞིང་ཁམས་སྦྱོང་བའི་དམིགས་པའོ། ༈ ། རང་གི་ལུས་ལས་རང་འདྲའི་སེམས་དཔའི་ཚོགས། །བྱེ་བ་དུང་ཕྱུར་གྲངས་མེད་སྤྲུལ་བྱས་ནས། །བདག་དང་འགྲོ་བ་ཀུན་གྱིས་ཐོག་མེད་ནས། །ད་ལྟ་ཡན་གྱི་སྡིག་སྒྲིབ་བཤགས་པའི་ཕྱིར། །ཕྱག་ནི་འབུམ་ཐེར་དུང་ཕྱུར་གྲངས་མེད་འཚལ། །དེ་བཞིན་བསྐོར་བ་འབུམ་ཐེར་གྲངས་མེད་ཀྱང་། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་ཉིད་ལ་འགྲུབ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། །རྒྱལ་བ་སྲས་བཅས་རྣམས་ལ་སྐུ་ཁྲུས་གསོལ། །ཀ་ཤི་ཀ་ཡི་རས་ཀྱིས་སྐུ་ཕྱིས་ནས། །སྤྲུལ་སྐུ་རྣམས་ལ་ཆོས་གོས་རྣམ་གསུམ་དང་། །སེམས་དཔའ་གཉིས་ལ་དར་དང་རིན་ཆེན་

p. 276

གསོལ། །ཡན་ལག་བརྒྱད་ལྡན་ཆུ་ཡི་ཞབས་བསིལ་དྲངས། །དེ་ནས་སྤྲུལ་པའི་སེམས་དཔའ་བདག་ལ་ཐིམ། །བདག་ལས་སྤྲུལ་པའི་མཆོད་པའི་ལྷ་མོའི་ཚོགས། །མཆོད་རྫས་འཛིན་པ་བྱེ་བ་གྲངས་མེད་འཕྲོས། །ཞབས་བསིལ་མ་ཡིས་ཞབས་ནས་བཀྲུ་བ་སོགས། །སོ་སོར་མཆོད་པའི་བྱ་བས་མཆོད་བྱས་ནས། །མེ་ཏོག་མ་ནི་སྤྱན་ལ་ཐིམ་པ་སོགས། །སྐུ་ཡི་གནས་རྣམས་སུ་ཐིམ་ཐུགས་དགྱེས་གྱུར། །དེ་ནས་རང་གི་ལག་ནས་སྤྲུལ་པ་ཡི། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན་། །གླིང་བཞི་རི་རབ་ལྷ་མིའི་ལོངས་སྤྱོད་ཚོགས། །དཔག་མེད་སྤྲུལ་ནས་མདུན་དུ་ཕུལ་བར་བསྒོམ། །སླར་ཡང་མཆོད་པའི་ལྷ་མོ་མང་སྤྲོས་ཏེ། །འཆི་མེད་བདུད་རྩི་རོ་བརྒྱ་ལྡན་པའི་ཟས། །བདུད་རྩི་དམར་པོ་སོགས་ཀྱིས་མཆོད་བྱས་ནས། །ཤིན་ཏུ་སྙན་པའི་དབྱངས་ཀྱིས་བསྟོད་བསྔགས་བརྗོད། །ལྷ་མོ་ཐམས་ཅད་རང་ལ་ཐིམ་པར་བསམ། །དེ་ནི་བསོད་ནམས་ཚོགས་བསགས་དམིགས་པའོ། ༈ ། དེ་ནས་མདུན་དུ་བཞུགས་པའི་སངས་རྒྱས་ལ། །དད་གུས་དྲག་པོའི་རིག་པ་རྩེ་གཅིག་གཏད། །གཙུག་ཏོར་དྲང་ཞིང་བུང་བའི་མདོག་ལྟ་བུ། །སྤྱན་དཀྱུས་རིང་ཞིང་

p. 277

མཛོད་སྤུ་དུང་ལྟར་དཀར། །སྙན་ཤལ་རིང་ཞིང་ཐུགས་ཀར་དཔལ་བེས་མཚན། །སྐུ་ནི་ཆུ་ཞེང་གབ་ཅིང་ལྷང་ངེར་བཞུགས། །ཕྱག་ཞབས་བཞི་པོར་གསེར་གྱི་འཁོར་ལོ་བཀྲ། །རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་ལྷུང་བཟེད་འཛིན། །པདྨའི་འདབ་འདྲའི་ཞལ་འཛུམ་སྤྱན་གཉིས་ཀྱིས། །བདག་ལ་གཟིགས་ཤིང་ཞལ་ནས་གསུང་བྱོན་ཏེ། །སངས་རྒྱས་ཡིད་ལ་བྱེད་པའི་ཏིང་འཛིན་ནི། །འདི་བསྒོམས་མཐུ་ཡིས་ཁྱོད་དང་འབྲེལ་ཐོགས་ཀུན། །མ་འོངས་ང་ཡི་ཞིང་དུ་སྐྱེ་གསུངས་ནས། །ཕྱག་གཡས་མགོ་ལ་ལན་གསུམ་བྱུགས་མཛད་པས། །ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་པར་བསྒོམ། །དེ་ནི་མདོ་ཡི་ལུགས་ཀྱི་དམིགས་པ་ཡིན། །སངས་རྒྱས་སྐུ་ལ་རྩེ་གཅིག་སེམས་ཟིན་ན། །ཞི་གནས་བསྒོམ་པའི་མཆོག་ཀྱང་དེ་ཡིན་ནོ། ༈ ། དེ་ནས་འོད་དཔག་མེད་པའི་ཐུགས་ཀ་རུ། །ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧཱིདམར་པོ། །དེ་མཐར་སྔགས་ཕྲེང་བྱུ་རུའི་ཕྲེང་བ་བཞིན། །སྔགས་ངོ་ཕྱིར་བསྟན་གཡས་སུ་འཁོར་བ་ལས་། །སྔགས་ཀྱི་རང་སྒྲ་དེ་ཉིད་གྲགས་བཞིན་བསྒོམ། །དེ་ལ་རིག་པ་རྩེ་གཅིག་གཏད་བྱས་ནས། །སེམས་ནི་གཞན་དུ་མི་འཕྲོ་བར་བྱ་སྟེ། །བསྒོམ་པའི་གཞི་ནི་སངས་རྒྱས་

p. 278

ཐུགས་ཀ་རུ། །ཟླ་བའི་དཀྱིལ་འཁོར་དེ་ཉིད་ཙིཏྟ་སྟེ། །བྷིཡིག་འགྲེངས་པ་དེ་ནི་ཐུགས་ཀྱི་སྲོག །སྔགས་སྒྲ་སྒྲོག་བཞིན་ཡི་གེའི་ཕྲེང་བ་འཁོར། །དེ་ཡང་མེ་ལོང་ནང་གི་གཟུགས་བརྙན་ལྟར། །ནང་དུ་ཡོད་ཀྱང་སྐུ་ཡིས་མི་སྒྲིབ་པ། །དེ་ནི་བྱ་རྒྱུད་ལུགས་ཀྱི་དམིགས་པ་ཡིན། ༈ ། དེ་ནས་རླུང་རོ་བུད་ནས་རླུང་བཟུང་སྟེ། །རླུང་ནི་ནང་དུ་རྔུབས་པའི་དུས་ཀྱི་ཚེ། །སངས་རྒྱས་ཐུགས་ཀའི་ཟླ་བ་སྔགས་དང་བཅས། །ཚུར་བྱོན་རང་གི་སྙིང་དབུས་ཐིམ་པར་བསྒོམ། །རླུང་ནི་ཕར་ལ་བཏང་བའི་དུས་ཀྱི་ཚེ། །སངས་རྒྱས་ཐུགས་ཀར་ཟླ་བ་སྔགས་ཕྲེང་རྣམས། །དང་པོ་དུས་ལྟར་གསར་དུ་གཅིག་བསྒོམས་ཏེ། །དེ་ལྟར་དམིགས་པ་ཇི་ཙམ་སྒོམ་གྱི་བར། །རླུང་ཡང་ཧ་ཅང་མི་བསྡོམ་འཇམ་རླུང་སྟེ། །སྔགས་ཀྱང་གོང་བས་ཐོས་པ་ཙམ་དུ་བཟླ། །དེ་ནི་སྤྱོད་རྒྱུད་ལུགས་ཀྱི་དམིགས་པ་ཡིན། ༈ ། དེ་ནས་རང་ཉིད་འཇིག་རྟེན་དབང་ཕྱུག་དཀར། །ཞལ་གཅིག་ཕྱག་བཞི་དང་པོ་ཐལ་སྦྱར་དང་། །འོག་མས་ཤེལ་ཕྲེང་དང་ནི་པད་དཀར་འཛིན། །ཐུགས་ཀར་ཟླ་སྟེང་ཧྲིདཀར་ཡིག་དྲུག་བསྐོར། །ཡིག་དྲུག་གཡས་སུ་འཁོར་བའི་འོད་ཟེར་ལས། །ཡིག་འབྲུ་སྔགས་ཕྲེང་དཀར་པོ་

p. 279

ཤེལ་ལྟ་བུ། །རང་གི་ཐུགས་ཀ་ནས་ཐོན་སངས་རྒྱས་ཀྱི། །ཐུགས་ཀར་ཐིམ་པས་ཐུགས་རྗེ་ཐུགས་དམ་བསྐུལ། །ཐུགས་ཀའི་སྔགས་ཕྲེང་རྩ་ནས་འོད་ཟེར་ལས། །ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ ཞེས་པའི་སྔགས་ཕྲེང་བྱུ་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཏེ་རང་གི་ཞལ་དུ་ཞུགས། །སྙིང་གའི་ཧིར་ཐིམ་ཐུགས་རྗེ་བྱིན་རླབས་ཞུགས། །དེ་ལྟར་ཕར་ལ་སྔགས་ཕྲེང་དཀར་༡པོ་དང་། །ཚུར་ལ་དམར་པོ་རྒྱུན་དུ་འཁོར་བསྒོམ་ཞིང་། །སྔགས་བཟླས་པ་ནི་རྣལ་འབྱོར་རྒྱུད་ཀྱི་ལུགས། །དེ་ཡན་བཟླ་བྱའི་སྔགས་ནི་དེ་ཉིད་དང་། ཨོཾ་ཨཱཿཧཱུྃསྭཱ་ཧཱ། ཨོཾ་བྷི་སྭཱ་ཧཱ། ཧཱུྃ་སྭཱ་ཧཱ། དེ་རྣམས་གང་འདོད་བཟླས་པས་ཆོག་གསུངས་ཀྱང་། །ཨ་མི་དྷེ་ཝ་འབྲུ་དྲུག་དེ་རང་ཟབ། ༈ དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་ཡི། །ཐུགས་ཀར་མདུན་དུ་བསྐྱེད་པ་ལྟ་བུ་ཡི། ་་། འོད་དཔག་མེད་པ་གཙོ་འཁོར་གསུམ་པོ་དང་། །བདེ་ཆེན་ཞིང་བཀོད་ཡོངས་སུ་རྫོགས་པར་བསྒོམ། །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧྲིཡིག་མཐར། །ཨ་མི་དྷེ་ཝའི་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ། །མཛོད་སྤུ་ནས་ཐོན་ནམ་མཁའ་ཁྱབ་པར་འཕྲོས། །འགྲོ་བ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་ཀུན། །

p. 280

ཐམས་ཅད་བ་མོར་ཉི་ཟེར་ཕོག་ལྟར་དག །བདེ་བ་ཅན་དུ་སྐྱེ་བའི་སྐལ་ལྡན་གྱུར། །བདག་ལས་འོད་འཕྲོས་བདུན་བསྐྱེད་ཐུགས་དམ་བསྐུལ། །མདུན་བསྐྱེད་སྐུ་ལས་འོད་དཔག་མེད་པའི་སྐུ། །གྲངས་མེད་འཕྲོས་པས་འཇིག་རྟེན་ཐམས་ཅད་གང་། །སྔགས་སྒྲ་སྒྲོགས་པས་འཁོར་བ་དོང་ནས་སྤྲུགས། །གཟུགས་ཅན་གཟུགས་མེད་སེམས་ཅན་མ་ལུས་པ། །འོད་དཔག་མེད་པའི་གོ་འཕང་ཐོབ་བྱས་ནས། །སྤྲུལ་པ་ཚུར་འདུས་མདུན་གྱི་གཙོ་བོར་ཐིམ། །དེ་ནི་ཕ་རྒྱུད་ལུགས་ཀྱི་དམིགས་པ་ཡིན། ༈ ། བདག་མདུན་ཐུགས་ཀར་སྔགས་ཕྲེང་སྔར་བཞིན་ལས། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས། །ཧྲིདམར་ཕྲེང་བ་བྱུ་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཅིང་མདུན་བསྐྱེད་ཞལ་དུ་ཞུགས། །ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་ཐུགས་རྒྱུད་བསྐུལ། །དེ་ལས་ཧཱི༔ཡིག་དམར་པོའི་ཕྲེང་བ་བྱོན། །ལྟེ་བ་ནས་ཐོན་རང་གི་ལྟེ་བར་ཞུགས། །ཐུགས་ཀར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ་། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ལས། །བར་དུ་འཁོར་ཚེ་འོད་ཟེར་སྣ་ཚོགས་པ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་འཕྲོས། །སངས་རྒྱས་འོད་དཔག་མེད་

p. 281

ཀྱི་སྐུ་ལ་ཐིམ། །སྐུ་གསུང་ཐུགས་རྒྱུད་མཉེས་པའི་མཆོད་པ་འབུལ། །སྐུ་ལས་འོད་དཔག་མེད་པའི་སྐུ་ཆེ་ཕྲ། །གསུང་ལས་སྔགས་ཕྲེང་ཧཱི༔ཡིག་དམར་པོ་དང་། །ཐུགཾས་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ། །ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་བྱོན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ་བསྒོམ་ཞིང་། །ཧཱིཝཡིག་ཁོ་ན་བསྒྲང་བར་བྱ་བ་སྟེ། །དེ་ནི་མ་རྒྱུད་ལུགས་ཀྱི་དམིགས་པ་ཡིན། ༈ ། དེ་ནས་མདའ་དར་ཡོད་ན་གཡབ་བྱ་ཞིང་། །མེད་ན་དམིགས་པ་ཁོ་ནས་ཆོག་པ་ཡིན། །མདུན་བསྐྱེད་འོད་དཔག་མེད་པའི་སྐུ་ལས་ནི། །འཕྲོས་པའི་ཡུམ་ཆེན་འབྱུང་ལྔའི་ལྷ་མོ་ལྔ། །སྒྲོལ་མ་ལྗང་མོ་ཤིང་རླུང་ལྷ་མོ་སྟེ། །མདའ་དར་ལྗང་གུ་ཤར་དུ་གཡུག་པ་ཡིས། །ཤར་ཕྱོགས་ཤིང་ཁམས་འབྱུང་བ་རླུང་གི་བཅུད། །འོད་ཀྱི་ཐིག་ལེ་ལྗང་གུའི་རྣམ་པ་རུ། །བསྡུས་ནས་མདུན་བསྐྱེད་གཙོ་བོའི་ལྷུང་བཟེད་ཐིམ། །གོས་དཀར་མོ་ཞེས་མེ་ཡི་ལྷ་མོ་དམར། །དར་དམར་ལྷོར་གཡུག་མེ་ཡི་བཅུད་བསྡུས་བསྟིམས། །ནམ་མཁའི་དབྱིངས་ཕྱུག་ལྕགས་ཀྱི་ལྷ་མོ་དཀར། །དར་དཀར་ནུབ་གཡུག་ནུབ་ཕྱོགས་ལྕགས་ཁམས་དང་། །ནམ་མཁའི་བཅུད་བསྡུས་གཙོ་བོའི་ལྷུང་བཟེད་ཐིམ། །མཱ་མ་ཀཱི་སྟེ་ཆུ་ཡི་ལྷ་མོ་

p. 282

སྔོ། །དར་སྔོན་བྱང་གཡུག་ཆུ་བཅུད་བསྡུས་ཏེ་ཐིམ། །ས་ཡི་ལྷ་མོ་སངས་རྒྱས་སྤྱན་མ་སེར། །མདའ་དར་སེར་པོ་མཚམས་བཞི་སྟེང་དུ་གཡུག །ས་ཡི་བཅུད་བསྡུས་གཙོ་བོའི་ལྷུང་བཟེད་བསྟིམ། །དེ་བཞིན་ལྷ་མོ་ལྔ་ཡི་འོད་ཟེར་གྱིས། །སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་མཁའ། །ནང་བཅུད་འགྲོ་བའི་ཤ་ཁྲག་དྲོད་དབུགས་སེམས། །འཕགས་པ་རྣམས་ཀྱི་སྐུ་ལྔ་ཡེ་ཤེས་ལྔ། །བྱིན་རླབས་ཐུགས་བཅུད་བཀྲག་དང་གཟི་མདངས་ཀུན། །སིབ་སིབ་བསྡུས་ནས་ལྷ་མོ་ལྔ་ལ་ཐིམ། །ལྷ་མོ་ལྔ་པོ་གཙོ་བོའི་ཕྱག་གི་ནི། །ལྷུང་བཟེད་ཁར་བྱོན་འོད་དུ་ལྟེམ་གྱིས་ཞུ། །འཆི་མེད་ཡེ་ཤེས་བདུད་རྩིས་ལྷུང་བཟེད་གང་། །ཕྱུར་ཞིང་ལུད་པ་ཝ་ཆུ་ལྟ་བུར་བྱོན། །རང་གི་ཁ་དང་ཚངས་བུག་ནས་ཞུགས་པས། །སྡིག་སྒྲིབ་ནད་གདོན་ཚེ་ཡི་བར་ཆད་ཀུན། །དུད་ཁུ་སོལ་ཁུའི་རྣམ་པ་འོག་སྒོ་དང་། །རྐང་མཐིལ་ནས་ཐོན་བདག་ལུས་ཤེལ་ལྟར་དང་། །ཤེལ་གྱི་བུམ་པ་འོ་མས་གང་བ་ལྟར། །བདག་ལུས་ཚེ་ཡི་བདུད་རྩིས་གང་བ་ཡིས། །ནད་མེད་བགྲེས་རྒུད་བྲལ་བའི་ལང་ཚོ་དང་། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་བསྒོམ། །ཨཱཡུ་སིདྡྷི་ཞེས་པའི་སྔགས་རིང་དང་། །ཨོཾ་བྷྲཱུཾ་སྭཱ་ཧཱ་

p. 283

གཉིས་པོ་གང་འགྲུབ་བཟླ། །ཧཱུཾ་ཡིག་ཁོ་ན་མང་དུ་བསྒྲུང་བར་བྱ། །དེ་ནི་ཚེ་སྒྲུབ་དམིགས་པའི་རིམ་པའོ། ༈ ། དེ་ནས་མདུན་བསྐྱེད་ལྷ་རྣམས་བདག་ལ་ཐིམ། །བདག་ལུས་བཅོམ་ལྡན་འོད་དཔག་མེད་པའི་སྐུ། །། ཕྱི་ནི་སྟོང་གསལ་ནམ་མཁའི་འཇའ་ཚོན་བཞིན། །ནང་ནི་སྟོང་པ་ཕྲུ་མ་ཕུས་བཏབ་ལྟར། །རང་གི་སྙིང་གར་པདྨ་དམར་པོ་ནི། །འདབ་མ་བརྒྱད་པ་ཅུང་ཟད་ཁ་བྱེ་བ། །ཟེའུ་འབྲུའི་སྟེང་དུ་བདེ་བ་ཅན་གྱི་ཞིང་། །འོད་དཔག་མེད་པ་གཙོ་འཁོར་གསུམ་དང་བཅས། །ཤིན་ཏུ་གསལ་བ་མངོན་སུམ་ལྟ་བུར་དམིགས། །རང་གི་མགྲིན་པར་པདྨ་དམར་པོ་ནི། །། འདབ་མ་བཞི་པའི་ལྟེ་བར་ཧྲིདཀར་པོ། །ཤར་དུ་ཨོ་དཀར་ལྷོ་རུ་ཨཱཿསེར་པོ། །ནུབ་ཏུ་སྭ་དམར་བྱང་དུ་ཧ་ལྗང་གུ། །དེ་དག་ཡིག་འབྲུ་ལངས་ཏེ་གནས་པར་བསྒོམ། །ཉིན་གྱི་ཐུན་མཚམས་བར་སྐབས་ཐམས་ཅད་དུ། །འདི་སྐབས་རྨི་ལམ་ཡིན་པར་ཡང་ཡང་དྲན་། །སྙིང་གའི་ལྷ་ལ་དམིགས་པ་གཏད་བཞིན་དུ། །། ཨོཾ་ཨཱཿཧཱུྃསྭཱ་ཧཱ། ཞེས་པ་དེ་ཉིད་ཅི་འགྲུབ་བཟླ་བྱ་ཞིང་། །སྟོང་ཉིད་ཉམས་ལེན་གཤིས་དང་མ་བྲལ་བར། །དམིགས་པ་དེ་ཉིད་གསལ་བར་བསྒོམ་པ་ནི། །རྫོགས་རིམ་གཉིས་མེད་ལུགས་ཀྱི་

p. 284

ཉམས་ལེན་ཡིན། །དེ་ལྟར་དམིགས་ཤིང་ཉལ་བས་རྨི་ལམ་ཟིན། །རྨི་ལམ་ཡིན་པར་ཤེས་ཚེ་འཕུར་བྱས་ཏེ། །བདེ་ཆེན་ཞིང་སོགས་མཇལ་དུ་འགྲོ་བ་ནི། །རྫོགས་རིམ་རྨི་ལམ་བཟུང་བའི་ཉམས་ལེན་ཡིན། །ཉལ་ཚེ་སྙིང་གའི་འོད་དཔག་མེད་པ་ཡི། །སྐུ་ཡི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད། །ཉི་མ་ཤར་ལྟར་གསལ་བསྒོམ་ཉལ་བ་ཡིས། །གཉིད་ཚེ་སེམས་ངོ་ཟིན་པའི་འོད་གསལ་ཡིན། །འཆི་ཁའང་དེ་ལྟར་བསྒོམས་པས་ཐུགས་དམ་ཟིན། །ཐུན་མཚམས་གཞུང་ལྟར་བསྔོ་སྨོན་རྒྱས་འདེབས་བྱ། །དེ་ལྟར་ཐུན་བཞིའམ་ཐུན་དྲུག་ཉམས་ལེན་ཏེ། །ཐུན་རེར་དམིགས་པ་ཐམས་ཅད་རྫོགས་པའམ། །དམིགས་པ་ཟིན་པར་དཀའ་ན་ཐུན་རེ་ལ། །དམིགས་པ་གཉིས་རེ་གཉིས་རེ་བགོ་ནས་བསྒོམ། །དགོང་མོ་ཐུན་མཇུག་ཞིང་སྐྱོང་གཏོར་ཆོག་འདོན། །དེ་ཡི་སྔགས་དམིགས་ཅུང་ཟད་བྱ་བ་དེས། །ཐུན་གཅིག་གོ་བཅད་ཐུན་དྲུག་དམིགས་པ་ཚང་། །ནུབ་མོའམ་ནི་ཐུན་མཚམས་ནམ་དགའ་རུ། །ཆག་མི་རུང་བའི་ཐུགས་དམ་གཞན་ཀུན་བྱ། །བསྙེན་པའི་གྲངས་ཚད་ཞག་བཅུ་མདོ་ལས་གསུངས། །འོན་ཀྱང་བདུན་གཉིས་བདུན་གསུམ་ཟླ་སྒྲུབ་དང་། །ལོ་སྒྲུབ་ལ་

p. 285

སོགས་ནན་ཏན་བསྐྱང་བྱ་སྟེ། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་དག་པའི་ཞིང་ནས་ཕྱིར་མི་ལྡོག །དེ་བས་ལྷག་པའི་བསྒྲུབ་རྒྱུ་གཞན་ནི་མེད། །རྟག་ཏུ་ཁམས་དང་ཉམས་དགའ་རིག་པ་དྭངས། །མར་མེ་ཚེ་རིང་མར་མེའི་རྩེ་མོ་འཕེལ། །མར་མེ་ཡོན་ཆབ་གཏོར་མ་འཛིན་པ་དང་། །རོལ་མོའི་སྒྲ་ཐོས་འཇའ་ཟུག་དྲི་བཟང་འཐུལ། །རྨི་ལམ་རབ་ལ་བདེ་ཆེན་ཞིང་ཁམས་མཇལ། །སངས་རྒྱས་བྱང་སེམས་མཇལ་ལམ་ལུང་བསྟན་ཐོབ། །མེ་ཏོག་ཆེན་པོའི་ཟེའུ་འབྲུར་རང་ཉིད་འདུག །མེ་ཏོག་གླིང་དུ་ཕྱིན་སོགས་དག་སྣང་འཆར། །གྲངས་ཀྱི་ཚད་མེད་ཆུ་བོའི་རྒྱུན་ལྟར་བཟླ། ༈་། དེ་ཡང་སྒྲུབ་པ་བྱེད་པའི་དུས་སུ་ནི། །ཚོམ་བུ་ཐང་སྐུ་ལྷུང་བཟེད་བུམ་པ་དང་། །གཏོར་སྣོད་དབྱེར་མེད་བདེ་ཆེན་ཞིང་ཁམས་བསྐྱེད། །སྐུ་གཟུགས་བུམ་ཆུ་ཚེ་རིལ་ཚེ་ནས་དང་། །གཏོར་མའི་རྩེ་མོ་རྡོ་རྗེའི་ལྟེ་བའི་ནང་། །ཐམས་ཅད་དབྱེར་མེད་འོད་དཔག་གཅིག་ཡིན་ནོ། །གྲོལ་ཁར་སོ་སོར་གཙོ་འཁོར་ཆེ་བར་བསྒོམ། །རྒྱས་པར་སྤྲོ་ན་དབང་སྒྲུབ་བྱས་ནས་ཀྱང་། །བདག་འཇུག་རྒྱས་པ་རང་གིས་བླང་བར་བྱ། །དེ་ཚེ་མདུན་བསྐྱེད་བླ་མ་དབྱེར་མེད་པས། །དབང་དོན་

p. 286

གསུང་བཞིན་རང་ལ་དབང་བསྐུར་བསྒོམ། ༈ ། བསྡུ་ན་དབང་རྫས་དེ་དག་རང་ཉིད་ཀྱི། །མགོ་བོར་བཞག་ཅིང་རང་ལ་ཐིམ་པར་བསྒོམ། །རྩ་སྔགས་རྒྱས་འབྲིང་གཉིས་པོ་གང་རུང་མཇུག །ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། །བུམ་ཆུས་ཁྲུས་བྱ་བཏུང་ཞིང་གཏོར་མ་དང་། །ཚེ་རིལ་ཚེ་ནས་ཅུང་ཟད་ལྕེ་ལ་བཞག །མདུན་བསྐྱེད་ཐམས་ཅད་བདག་ལ་ཐིམ་བསྒོམ་ཞིང་། །ཞིང་སྐྱོང་རྟེན་ལ་བསྟིམ་མམ་རང་གནས་གཤེགས། །རང་ཉིད་འོད་ཞུ་ཐུགས་ཀའི་ཧཱིར་ཐིམ་ཞིང་། །ཧཱུྃཡང་མི་དམིགས་སྟོང་པའི་ངང་ལ་བཞག །བཀྲ་ཤིས་གང་ཤེས་བརྗོད་རྗེས་མཚམས་གྲོལ་ལོ། །དེ་ལྟར་བདེ་ཆེན་ཞིང་སྒྲུབ་ཟིན་བྲིས་འདི། །དགེ་སློང་པདྨ་སྦྱིན་པ་ཞེས་བྱ་བས། །ཡུན་རིང་ཞིག་ནས་ནོན་དུ་བསྐུལ་བའི་ངོར། །མཁའ་ལྡིང་རྒྱལ་པོའི་ལོ་སར་ཚེས་གཅིག་ཉིན། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་ལྟར། །བསྐུལ་བ་པོ་དེས་ཡི་གེར་བཀོད་པ་ལས། །ཉེས་འགལ་མཆིས་ན་སྲུང་མ་རྣམས་ལ་བཤགས། །དགེ་བས་འདི་ཉིད་དར་ཞིང་ཆེར་འཕེལ་ནས། །འགྲོ་ཀུན་བདེ་ཆེན་ཞིང་དུ་བརྫུས་སྐྱེས་ཏེ། །རིགས་དྲུག་འཁོར་བའི་བཙོན་ར་སྟོངས་པར་ཤོག །མངྒ་ལཾ། །དགེའོ། །དགེའོ། །

p. 287

དགེའོ།། །།༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་ཁྲིགས་ཆགས་སུ་བཀོད་པ།

p. 288

གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་དབང་ཁྲིགས་ཆགས་སུ་བཀོད་པ་ཡོད་ལགས།

p. 289

གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བདེ་ཆེན་ཞིང་གི་དབང་སྒྲུབ་ནི༔ མཎྜལ་པདྨ་འདབ་བརྒྱད་དམ༔ ཡང་ན་འབྲུ་ཡི་འདབ་བརྒྱད་སྟེང་༔ སྐུ་གཟུགས་བུམ་པ་ཚེ་གཏོར་དང་༔ ལྷུང་བཟེད་རྡོ་རྗེ་བཤམས་པའི་མདུན༔ མཆོད་པ་རྣམ་ལྔ་མདའ་དར་བཤམས༔ སྐུ་གཟུགས་རྡོ་རྗེ་ལྷུང་བཟེད་རྣམས༔ ཙཀ་ལི་ཡིན་ན་གཞི་སྟེང་བཤམ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་པ་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་

p. 290

ཧོ༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་རང་ཉིད་སེམས་དཔའ་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ བུམ་ཆུའི་སྟེང་དང་ལྷུང་བཟེད་ནང་༔ རྡོ་རྗེའི་ལྟེ་དབུས་གཏོར་མའི་རྩེ༔ སྐུ་གཟུགས་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་

p. 291

དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔། གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་གྱུར༔ ཨོཾ་ཨ་མི་དྷེ་ཝ་ཧི༔ བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ༔ ཨ་བྷི་ཥིཉྩ་མཱི༔ ཨགྷཾ་སོགས། ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་གཞག་མཛད་ལ་ཕྱག་འཚལ་བསྟོད༔ ལྷ་ཚོགས་སྐུ་ལས་འོད་ཟེར་ནུབ་ཕྱོགས་འཕྲོས༔ བདེ་ཆེན་ཞིང་ནས་འོད་དཔག་མེད་པ་ཡི༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་དཔག་མེད་པ༔ ཆར་བཞིན་བབས་ནས་བདག་དང་དབང་ལྷ་ལ༔ ཐིམ་པས་བུམ་པ་བདུད་རྩིས་གང་བར་གྱུར༔ ཨོཾ་ཨ་མི་

p. 292

དྷེ་ཝ་ཧྲཱིཿ ཞེས་དང་། ཨོཾ་ཧཱུཾ་སྭཱ་ཧཱ༔ ཉིས་བརྒྱ་ལས་མི་ཉུང་བར་ཅི་འགྲུབ་བཟླས་པར་བྱས་ནས༔ སློབ་མ་མདུན་འཚོགས་ཁྲུས་དང་མཎྜལ་ཕུལ༔ འོ་ན་ད་ལམ་ཁྱེད་རྣམས་ལ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། མཚོ་རྒྱལ་སྤྲུལ་པ་རྟོག་ཚོགས་གཏད་མེད་གཅོད༔ ལབ་ཀྱི་སྒྲོལ་མ་ཟངས་རི་ཞེས་བྱར་འབྱུང་༔ ཞེས་ལུང་བསྟན་པ་དང་༔ ཐུབ་པས་འཇམ་དཔལ་རྩ་རྒྱུད་རྒྱས་པ་ལས། ཡུམ་ཆེན་མོའི་སྤྲུལ་པ་ཡིན་པར་ལུང་བསྟན་པ་ལྟར། བྲམ་ཟེ་ཨཱཿརྱ་དེ་ཝ། ཕ་དམ་པ་སངས་རྒྱས། གཏེར་སྟོན་གྲྭ་པ་མངོན་ཤེས་ཅན་ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་ཡུམ་ཆེན་མོ་དངོས་ཡིན་པར་ཐག་བཅད་པའི་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས་སྲས་རྒྱལ་བ་དོན་གྲུབ་ལ་མཁའ་འགྲོའི་གསང་ཚིག་ཏུ་གདམས་པ་དམ་ཚིག་ཉི་ཤུ་རྩ་གཅིག་པ་ཞེས་བྱ་བ་ལས། སངས་རྒྱས་མྱུར་དུ་ཐོབ་པར་འདོད་པ་ལ། སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ཞིག་ཏུ་སྨོན་ལམ་གདབ་དགོས། ཞིང་ཁམས་མི་འདྲ་བ་བགྲང་གིས་མི་ལོངས་ཤིང་། བརྗོད་པས་མཐའ་ཆོད་པར་དཀའ་བ་རྣམས་ཡོད་ཚུལ་གསུངས་ནས། དེ་

p. 293

ལ་བདེ་བ་ཅན་མ་གཏོགས་པའི་གཞན་ཞིང་ཁམས་རབ་རྣམས་སུ་སྐྱེ་བ་ལ། སྒྲིབ་གཉིས་མ་ལུས་པ་ཆོད་ནས་ས་བརྒྱད་པ་ཡན་ཆད་ཐོབ་དགོས། ཞིང་ཁམས་འབྲིང་དུ་སྐྱེ་བ་ལ་ཡང་། ཉོན་མོངས་པའི་སྒྲིབ་པ་ཕྲ་བའི་ཕྲ་བ་ཡང་མ་ལུས་པ་ཆོད་ནས། སྒོམ་ལམ་དང་པོ་ཡན་ཆད་ཐོབ་དགོས། ཞིང་ཁམས་ཐ་མ་ན་ཡང་བདག་འཛིན་རྩ་བ་ནས་ཆོད་ཅིང་། བདག་མེད་ཆོས་ཉིད་ཀྱི་བདེན་པ་མཐོང་ལམ་ཐོབ་དགོས། མཐོང་ལམ་མ་ཐོབ་ཀྱི་བར་དུ་སྨོན་ལམ་བཏབ་ཀྱང་མི་འགྲུབ། མཐོང་ལམ་མ་ཐོབ་ཀྱང་། དམ་ཚིག་བསླབ་བྱའི་ཚུལ་ཁྲིམས་རྣམས་ལ་སྐྱོན་ཕྲ་བའི་ཕྲ་བ་ཙམ་ཡང་མ་ཞུགས་ཤིང་། སྡིག་པའི་དག་ཤན་དང་། དགེ་བའི་ཕྱོགས་རྣམས་སྒྲུབ་པ་དང་། སྨོན་ལམ་ལ་འབད་ན་དགའ་ལྡན་ལ་སོགས་པའི་ཞིང་ཁམས་ཆུང་ངུ་འགའ་ཞིག་ཏུ་སྐྱེ་རུང་བ་ཙམ་ཡང་ཡོད་པར་འདུག་སྟེ། དེ་ཡང་དཀའ་བར་གདའ་འོ། །ཞིང་ཁམས་དེ་རྣམས་སུ་ཉོན་མོངས་པའི་ཁྲོད་ན་གནས་པའི་སོ་སོའི་སྐྱེ་བོ་ཐ་མལ་པའི་སྐྱེ་གནས་ནི་མ་ཡིན་པས། ད་རུང་སྨོན་ལམ་རིང་དུ་གདབ་པར་བྱའོ། །དེ་བས་ན་ཐ་མལ་པའི་གང་ཟག་ཉོན་མོངས་པ་ཅན་རྣམས་ནི། སངས་རྒྱས་ཀྱི་ཞིང་དུ་སྐྱེ་མི་

p. 294

སྲིད་པ་ཡིན་ཏེ། འོན་ཀྱང་སངས་རྒྱས་འོད་དཔག་མེད་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་དེ་རུ་སྐྱེ་བ་ནི། མགོན་པོ་འོད་དཔག་མེད་པ་ཉིད་ཀྱི་ཞལ་གྱིས་བཞེས་པ་ཡིན་པས་ན། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་སྒོ་ཐམས་ཅད་ནས་འབད་དགོས་སོ། །དེ་ཡང་ཐེ་ཚོམ་དང་། སོ་ཉི་དང་། ལེ་ལོ་དང་། སྤང་བླང་མེད་པར་ངེས་ཤེས་དང་བརྩོན་འགྲུས་དྲག་པོའི་སྒོ་ནས་བདེ་བ་ཅན་གྱི་ཞིང་བཀོད་དང་་། ཡོན་ཏན་རྣམས་དྲན་པར་བྱས་ནས་སྨོན་ལམ་གདབ་པར་བྱའོ། །བདེ་བ་ཅན་གྱི་ཞིང་ཁམས་ནི་སངས་རྒྱས་གཞན་གྱི་ཞིང་ཁམས་ལས་ཁྱད་པར་དུ་ལྷག་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཅན་དུ་ཐ་མལ་པ་ཉོན་མོངས་པ་དང་བཅས་པའི་སོ་སྐྱེའི་གང་ཟག་རྣམས་ཀྱང་སྐྱེ་རུང་བས་ལྷག་པ་ཡིན་པ་དང་། དེར་སྐྱེས་ནས་ཀྱང་ཅི་བསམ་པའི་འདོད་པ་ཐམས་ཅད་ཀྱང་བསམ་མ་ཐག་ནས་འགྲུབ་པ་ཡིན་ཅིང་། ཉོན་མོངས་པའི་སྒྲིབ་པ་ཕྲ་བ་ཙམ་གྱིས་ཀྱང་མི་གོས་པ་དང་། གཞན་སངས་རྒྱས་ཀྱི་ཞིང་ཁམས་གང་འདོད་དུ་འགྲོ་བས་ཆོག་པས་ལྷག་པ་དང་། གཞན་གྱི་ཞིང་ཁམས་ལས་སངས་རྒྱས་པ་ཡང་མྱུར་བས་ལྷག་པ་དང་། དེ་ལ་

p. 295

སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བདེ་བ་ཅན་ལས་ཟིན་ཐག་ཉེ་བའི་ཞིང་ཁམས་ནི་གཞན་དུ་མེད་པས། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་འབད་པ་ནི་གལ་ཤིན་ཏུ་ཆེ། ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་འོད་དཔག་ཏུ་མེད་པའི་ཞིང་བཀོད་པའི་མདོ་ལས། འོད་དཔག་མེད་ཀྱི་མཚན་ཐོས་ཤིང་། དགེ་བའི་རྩ་བ་རྣམས་ཞིང་དེར་སྐྱེ་བའི་ཕྱིར་དུ་བསྔོས་ན། མཚམས་མེད་པ་ལྔ་དང་། ཆོས་སྤངས་པ་མ་གཏོགས། སྒྲིབ་པ་གཞན་ཡོད་ཀྱང་མི་སྒྲིབ་པར་ཞིང་ཁམས་དེར་སྐྱེ་བ་འོད་དཔག་མེདཀྱི་སྨོན་ལམ་ཡིན་པར་གསུངས་པས་ཤིན་ཏུ་སྐྱེ་སླ་ཞིང་། དེར་སྐྱེས་ནས་འཁོར་བར་ཕྱིར་མི་ལྡོག་པར་སྡུག་བསྔལ་གྱི་སྒྲ་ཡང་མི་གྲག་ཅིང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་ནས་སངས་རྒྱས་པར་གསུངས་པའི་ཕྱིར། རྫོགས་པའི་སངས་རྒྱས་ཐོབ་པ་ལ་བར་ཆད་མེད་ཅིང་ལམ་ཐག་ཉེ་བ་ཡིན། ཆོས་པ་བཟང་པོ་ཡིན་ཀྱང་སྨོན་ལམ་མ་བཏབ་ན། ཞིང་ཁམས་དེ་འདྲར་སྐྱེ་བའི་ངེས་པའང་མེད་དེ། རྗེ་དཀོན་མཆོག་ཡན་ལག་གིས་དགེ་སློང་ཆོས་རིན་ལ་གདམས་པ་ལས། ཆོས་རྣམས་འདུན་པའི་རྩེ་ལ་བརྟེན་གསུངས་པས། །བསམ་པ་ཐག་པས་སྨོན་

p. 296

ལམ་གང་བཏབ་པ། །བསམ་པ་བཞིན་དུ་ཐམས་ཅད་འགྲུབ་འགྱུར་བས། །སྐྱེ་བ་འདི་འོག་བདེ་བ་ཅན་ཉིད་དམ། །དགའ་ལྡན་འོག་མིན་ལ་སོགས་དག་པའི་ཞིང་། །དཔལ་ལྡན་བླ་མའི་ཞབས་དྲུང་སྐྱེ་བ་སོགས། །གང་དུ་སྐྱེ་འདོད་གནས་དེར་སྨོན་ལམ་ཐོབ། །བླ་མ་དཀོན་མཆོག་རྣམས་ལ་གསོལ་བ་ཐོབ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྲིན་ལས་སྐུལ། །མ་རྒན་འགྲོ་དྲུག་རྣམས་ལ་དགེ་བ་སྐུལ། །དགེ་བ་ཐམས་ཅད་དེ་ཡི་དོན་དུ་བསྔོས། །འགྲུབ་པའི་མཐུན་འགྱུར་ངེད་ཀྱིས་བྱེད་པ་ཡིན། །ཞེས་གདམས་སོ། །བདེ་བ་ཅན་གྱི་སྨོན་ལམ་དང་། འོད་དཔག་མེད་གཙོ་རྐྱང་གི་སྒྲུབ་ཐབས་ནི། གསར་རྙིང་ཀུན་ལ་མང་དུ་དར་ནའང་ཞིང་ཁམས་ཡོངས་རྫོགས་ཀྱི་དབང་དང་སྒྲུབ་ཐབས་ནི་སྔོན་ཆད་མེད་པ་ལས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་གྱི་ཉིན་འོད་དཔག་མེད་གཙོ་འཁོར་གསུམ་སྐུ་རི་བོ་ཙམ་གཟི་བརྗིད་དཔག་ཏུ་མེད་པ་དངོས་སུ་ཞལ་གཟིགས་ཏེ་དབང་དང་སྒྲུབ་ཐབས་དངོས་སུ་གནང་། སླར་ཡང་དེའི་དགོང་མོ་འོད་དཔག་མེད་འཁོར་དང་བཅས་པ་དངོས་སུ་ཞལ་གཟིགས་

p. 297

ཏེ༔ ཞལ་གདམས་རྨི་ལམ་བཟུང་བའི་གསོལ་འདེབས་གཉིས་གནང་ངོ་། །དེ་ཡང་པདྨ་བཀའ་ཐང་གཏེར་སྟོན་བརྟག་པའི་སྐབས་སུ། ཆང་དང་ཆུ་གཉིས་རྣོ་ཁྱད་འདྲེ་བས་གསལ། ཆོས་ལ་རྣོ་བའི་ནུས་པ་འདུག་ལ་བྱེད༔ ཅེས་གསུངས་པ་ལྟར། འདིའི་འཕོ་ལུང་ནི་འཕོ་བ་གང་བོས་ཀྱང་རྣོ་སྟེ། ཇ་ཡུན་ཙམ་ལས་མི་འགོར་བར་རྟགས་ཐོན་ཅིང་། །དམིགས་པ་གསལ་ན་སྤྱི་བོ་སྐྲངས་པ་ཁྲག་རྡོལ་བ་སོགས་འབྱུང་བས་ཡིད་ཆེས། རས་ཆུང་རྡོ་རྗེ་གྲགས་པའི་མགུར་ལས། རིག་སྔགས་ཀྱི་གཤོག་པ་རྒྱངས་ཤེས་ན། །དག་པའི་ཞིང་དུ་འགྲོ་བ་ཡིན། །ཅེས་གསུངས་པ་ལྟར། འདི་ཡི་བསྙེན་སྒྲུབ་ལ་འབད་ན། ལུས་འདི་བོར་མ་ཐག་ཏུ་བྱ་རྒྱལ་རྒོད་པོས་གནམ་འཕང་གཅོད་པ་ལྟར། བདེ་བ་ཅན་གྱི་ཞིང་ཁམས་སུ་ཏ་ལེ་འགྲོ་ཆོག་པ་ཡིན། བཅོམ་ལྡན་འདས་ཀྱི་ཞལ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་སངས་རྒྱས་འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་ཁམས་ལ། དད་པ་སྐད་ཅིག་ཙམ་སྐྱེས་ཏེ། ཐལ་མོ་སྦྱར་ན་བསོད་ནམས་ཆེ་བར་གསུངས། འོད་དཔག་མེད་པའི་མཚན་

p. 298

ཐོས་ནས། བསམ་པ་ཐག་པ་ནས་དད་པ་སྐད་ཅིག་ཙམ་སྐྱེས་ན། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་པའི་ཕྱིར། འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་ཁམས་ལ། དད་པ་རྩེ་གཅིག་གི་ངང་ནས་རྗེས་ཟློས་མཛོད། ་ཀྱེ༔ བླ་མ་འོད་དཔག་མེད་མགོན་དང་༔ སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ སངས་རྒྱས་བྱང་སེམས་དཔག་མེད་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ཅེས་ལན་གསུམ་བརྗོད། ད་ས་ཕྱོགས་འདི་བདེ་བ་ཅན་གྱི་ཞིང་ཁམས། བླ་མ་ནི་སྤྱན་རས་གཟིགས་འགྲོ་འདུལ། དབང་རྫ་ས་འོད་དཔག་མེད་གཙོ་འཁོར་རྣམས་མངོན་སུམ་བཞུགས་པའི་དྲུང་དུ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་ཞུ་སྙམ་པས་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་

p. 299

ནས་སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ གསུམ་མམ་ཚིག་རྗེས་མ་གསུམ། ད་དབང་གི་གཞི་འགོད་པའི་དོན་དུ། སློབ་མ་ཁྱེད་རང་རྣམས་འོད་དཔག་མེད་གཙོ་འཁོར་གསུམ་གྱི་སྐུ་འདི་ལྟར་དུ་སྒོམས་ཤིག །ཁྱེད་རང་པདྨ་ཟླ་གདན་ལ་འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་གྱི་ཞིང་ཁམས་ནས།

p. 300

འོད་དཔག་མེད་པའི་ལྷ་ཚོགས་རྣམས༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ སློབ་མ་རྣམས་ལ་ཐིམ་པར་གྱུར༔ ཧཱུྃ༔ འོད་དཔག་མེད་པའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཨ་མི་དྷེ་ཝ་ཧི༔ བཛྲ་ཨཱཿཝེ་ཤ་ཡ་ཨ་ཨཱཿ བདུན་བརྗོད་སྤོས་དང་རོལ་མོ་བྱ། དེ་ནས་རྡོ་རྗེ་མགོར་བཞག་ལ། བརྟན་པར་གྱུར་ཅིག་ཏིཥྛ་བཛྲ༔ དེ་ནས་མདའ་དར་ལག་ཏུ་ཐོགས་ལ། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྐུ་ལས་སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔ་སྤྲོས་ཏེ། འཇའ་འོད་འཁྲིགས་པའི་ཀློང་ནས་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་མཛད་ཅིང་གཡོན་ཚེ་ཡི་བུམ་པས་དབང་བསྐུར། གཡས་མདའ་དར་གཡབ་པ་ཙམ་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཅུད་དང་ཡོན་ཏན་ཚེའི་དངོས་གྲུབ་ཐམས་ཅད་བསྡུས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ༔ བཅོམ་ལྡན་འོད་དཔག་མེད་མགོན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་

p. 301

གཉིས་མཉམ་གཞག་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས་སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔས༔ ཚེ་བུམ་འཛིན་ཅིང་མདའ་དར་གཡབ༔ འབྱུང་བའི་བཅུད་བསྡུས་སློབ་མར་ཐིམ༔ ཚེ་བསོད་ཉམས་པ་སོར་ཆུད་གྱུར༔ ཧཱུྃ༔ མདའ་དར་ཤར་དུ་གཡུག་པའི་ཚེ༔ རླུང་གི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་ལྗང་གུ་འོད་དུ་འབར༔ དེ་དབུས་རླུང་གི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་ལྗང་༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག ལྗང་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ལྷོ་རུ་གཡུག་པའི་ཚེ༔ མེ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དམར་པོ་འོད་དུ་འབར༔ དེ་དབུས་མེ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དམར་བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དམར་འོད་འབར་བའི་བྲོ་ཁྲིག་ཁྲིག མདའ་དར་ནུབ་ཏུ་གཡུག་པའི་ཚེ༔ ལྕགས་ཀྱི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དཀར་པོ་འོད་དུ་འབར༔ དེ་དབུས་ལྕགས་ཀྱི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དཀར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དཀར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་

p. 302

དར་བྱང་དུ་གཡུག་པའི་ཚེ༔ ཆུ་ཡི་བཅུད་རྣམས་འདུས་པ་ལས་འཇའ་ཚོན་སྔོན་པོ་འོད་དུ་འབར༔ དེ་དབུས་ཆུ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སྔོ༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སྔོ་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་སྟེང་དུ་གཡུག་པའི་ཚེ༔ ས་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སེར་པོ་འོད་དུ་འབར༔ དེ་དབུས་ས་ཡི་ལྷ་མོ་ནི་་ཞལ་གཅིག་ཕྱག་གཉིས་མདའ་དར་སེར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སེར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཀྲག་བསྡུས་ལ༔ སློབ་མའི་བཀྲག་མདངས་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་ཚེ་བསྡུས་ལ༔ སློབ་མའི་ཚེ་ནི་བརྟན་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཅུད་བསྡུས་ལ༔ སློབ་མའི་ཚེ་བཅུད་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས་འབྱུང་བ་ལྔ་ཡི་འོད་བསྡུས་ལ༔ སློབ་མའི་འོད་ནི་རྒྱས་པར་མཛོད༔ ཏདྱ་ཐཱ༔ ཌཱ་ཀི་ནཱི་ཧ་རི་ནི་ས༔ མ་མ་ཨཱཿཡུ༔ སིདྡྷི་ཕ་ལ་པུཊྚི་ཀུ་རུ་ཡེ་སྭ་ཧྭ༔ ཞེས་བརྗོད་མདའ་དར་གཡབ་

p. 303

ཅིང་མགོ་ལ་བཞག །དེ་ནས་བུམ་པ་ལག་ཏུ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་བཙའ་བ་དང་ནག་པོ་མེད་པ་ལྟོ་བ་ཡངས་པ་མགྲིན་པ་རིང་བ་མཆུ་འཕྱང་བ་ལྷ་རྫས་ཀྱི་གོས་ཀྱིས་མགྲིན་པ་དཀྲིས་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་ནང་དུ་ལྔ་ཕྲག་ལྔ་ཡི་རྫས་དང་ཡན་ལག་བརྒྱད་ལྡན་ཆུ་ཡིས་སུམ་གཉིས་གང་བའི་སྟེང་དུ་བདེ་བ་ཅན་གྱི་ཞིང་ཁམས་ཡོངས་སུ་རྫོགས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བའི་འོད་དཔག་མེད་གཙོ་འཁོར་གྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བའི་མཆུ་ནས་ངང་ན་ར་ར་བབ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ། སྤྱི་གཙུག་མན་ཆད། རྐང་མཐིལ་ཡན་ཆད་ཡེ་ཤེས་ཀྱི་བདུད་རྩིས་ལྟེམ་གྱིས་གང་། སྒྲིབ་པ་བཞི་དག་དབང་བཞི་ཐོབ་སྐུ་བཞི་མངོན་དུ་བྱས་པའི་སྐལ་པ་དང་ལྡན་པར་སྒོམས་ཤིག །ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ བདེ་བ་ཅན་གྱི་ཞིང་ཁམས་ཡིན༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ སྣང་བ་མཐའ་ཡས་

p. 304

ཞལ་མཐོང་ཤོག༔ ཨོཾ་ཨཱཿཧཱུྃསྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ་བུམ་པ་མགོར་བཞག་བུམ་ཆུ་བླུད། དེ་ནས་སྐུ་གཟུགས་ལག་ཏུ་ཐོགས། འདི་སྐད་དུ་ནི་བརྗོད་པའོ། །ད་སྐུ་གཟུགས་འདི་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དངོས་སུ་གསལ་བའི་དཔྲལ་བ། མགྲིན་པ། ཐུགས་ཀ །ལྟེ་བ། གསང་བ་ལྔ་ནས་འོད་དཔག་མེད་ཀྱི་སྐུ་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་སྐུ་ཆུང་ངུ་ལ་ཡན་ལག་དོད་པ་འཕྲོས། ཁྱོད་རང་གི་གནས་ལྔར་ཐིམ་པས་སྐུ་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པར་སྒོམས་ཤིག །ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ སྣང་བ་མཐའ་ཡས་ཞལ་མཐོང་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧྲིཔཉྩ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ལག་ཏུ་ཐོགས་ལ། གཏོར་མ་འདི་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དཔག་ཏུ་མེད་པས་བསྐོར་བ་སྤྲིན་གྱི་ཕུང་པོ་ལྟ་བུ་ཁྱེད་རང་གི་སྤྱི་བོར་བྱོན་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་ལ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། ཚེ་དང་བསོད་ནམས་དང་ཡེ་ཤེས་

p. 305

འཕེལ་ཞིང་རྒྱས་པར་སྒོམས་ཤིག །ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་པའི་ཞལ་མཐོང་ཤོག༔ ཉུང་ན་གཏོར་མ་མགོར་བཞག །མང་ན་དང་པོ་གཅིག་བརྗོད་ནས་དཔོན་སློབ་རྣམས་ཀྱིས་ཧཱུྃརིང་གི་དབྱངས་བྱ་ཞིང་འགྲིམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་ཚེ་དཔག་ཏུ་མེད་པ་འོད་ཀྱི་སྣང་བ་མཐའ་ཡས་པ་ཚེ་དང་བསོད་ནམས་དང་གཟི་བརྗིད་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །ཡབ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་གིས་བྱིན་གྱིས་རློབས་ཤིག །ཡུམ་གཟི་བརྗིད་ཅན་གྱིས་བྱིན་གྱིས་རློབས་ཤིག །བཙུན་མོ་རྒྱལ་རིགས་བཟང་སྐྱོང་མས་བྱིན་གྱིས་རློབས་ཤིག །སྲས་ཟླ་བའི་འོད་ཀྱིས་བྱིན་གྱིས་རློབས་ཤིག །རིམ་གྲོ་པ་སྙན་པ་དྲི་མ་མེད་པས་

p. 306

བྱིན་གྱིས་རློབས་ཤིག །ཤེས་རབ་ཅན་གྱི་མཆོག་བཟང་པོའི་ཏོག་གིས་བྱིན་གྱིས་རློབས་ཤིག །རྫུ་འཕྲུལ་དང་བརྩོན་འགྲུས་ཅན་གྱི་མཆོག་བཀོད་པ་ཆེན་པོས་བྱིན་གྱིས་རློབས་ཤིག །འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །ཉན་ཐོས་དྲུག་ཁྲི་ལ་སོགས་པ་དགེ་འདུན་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །པདྨའི་འོད་ཟེར་ལས་སྤྲུལ་པའི་སངས་རྒྱས་བྱེ་བ་དུང་ཕྱུར་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག་ཉིན་རེ་བཞིན་ཕྱོགས་བཅུ་ནས་བྱོན་པའི་སངས་རྒྱས་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །མ་འོངས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཀྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོས་བྱིན་གྱིས་རློབས་ཤིག །ཚེ་འཕེལ་བར་བྱིན་གྱིས་རློབས་ཤིག །བསོད་ནམས་རྒྱས་པར་བྱིན་གྱིས་རློབས་ཤིག །ནད་ཞི་བར་བྱིན་གྱིས་རློབས་ཤིག །གདོན་ལས་གྲོལ་བར་བྱིན་གྱིས་རློབས་ཤིག །སྡིག་སྒྲིབ་ཞི་བར་བྱིན་གྱིས་

p. 307

རློབས་ཤིག །འཆི་བའི་དུས་སྤྲུལ་པའི་སངས་རྒྱས་འོད་དཔག་མེད་མཐོང་བར་བྱིན་གྱིས་རློབས་ཤིག །ཚེ་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་བྱེ་ནས་སངས་རྒྱས་འོད་དཔག་མེད་མངོན་སུམ་དུ་མཇལ་བར་བྱིན་གྱིས་རློབས་ཤིག །སངས་རྒྱས་མཆོད་ཅིང་ཆོས་ཉན་པ་དང་མི་འབྲལ་བར་བྱིན་གྱིས་རློབས་ཤིག་་ས་ལམ་གྱི་ཡོན་ཏན་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་རློབས་ཤིག །ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུསིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ལག་ཏུ་ཐོགས། ད་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་འདི། ཡར་གྱི་རྭ་ལྔ་རྒྱལ་བ་རིགས་ལྔ། འདབ་མ་བརྒྱད་སེམས་དཔའ་བརྒྱད། མར་གྱི་རྭ་ལྔ་ཡུམ་ལྔ། འདབ་མ་བརྒྱད་སེམས་མ་བརྒྱད་མཚོན་པ་ཡིན་ལ། ལྟེ་བ་ཀུན་ཟླུམ་ཐིག་ལེའི་ཀློང་དུ་སངས་རྒྱས་འོད་དཔག་མེད་གཙོ་འཁོར་གསལ་བ་ཁྱེད་རང་ལ་ཐིམ་པས་ཐུགས་རིག་པ་རྩལ་གྱི་དབང་ཐོབ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་སྒོམས་ཤིག །ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ལ༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔

p. 308

ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ འོད་དཔག་མེད་མགོན་དབང་ཐོབ་ནས༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཨོཾ་ཧཱུྃསྭཱ་ཧཱ༔ བཛྲ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ལྷུང་བཟེད་ལག་ཏུ་ཐོགས་ལ། ད་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཕྱག་མཚན་བེཌཱུརྨའི་ལྷུང་བཟེད་འདི་ཡི་ནང་ན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཆེ་ནས་དང་ཚེ་ཟན་ཚེ་རིལ་གྱིས་བཀང་བའི་སྟེང་ན་འོད་དཔག་མེད་གཙོ་འཁོར་རྣམས་བཞུགས་པ་ཁྱེད་རང་ལ་ཐིམ་པས་བདེ་བ་ཅན་དུ་སྐྱེས་ནས་ཞིང་ཁམས་ཀྱི་དཔལ་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པར་སྒོམས་ཤིག །ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ཏེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེ་ནས་ཀྱང་༔ འོད་དཔག་མེད་པའི་ཞལ་མཐོང་ཤོག༔ ཨོཾ་ཧཱུྃ་སྭཱ་ཧཱ༔ པེུ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ བསྡུ་ན་ལྷུང་བཟེད་འགྲིམ་རྗེས་སམ། ཁྲོམ་ལ་འགྲིམ་ཚར་བའི་སྐབས་སམ། སྤྲོ་ན་བར་མཚམས་ཐམས་ཅད་དུ་ནས་གཏོར་བཀྲ་ཤིས་བརྗོད། ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔་སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའ་མཉམ་གཞག་མཛད་པའི་བཀྲ་ཤིས་ཤོག ཅེས་

p. 309

སྦྱར་རོ། །དེ་ནས་རྒྱས་པར་འདོད་ན། ཚེ་དབང་རྒྱས་པ་ནས་བྱུང་བའི་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་གཉིས་ཀའམ་གང་རུང་སྦྱར་ལ། དེ་ནས་ཚེ་ཆང་ངམ་བུམ་ཆུ་སྦྱིན་ཞིང་། ཧཱུྃ༔ སྐྱེས་བུ་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཆང་བདུད་རྩི་འདི་བྱིན་པས༔ རྟག་ཏུ་ཚེ་ནི་རིང་ནུས་པའི༔ དབང་དང་ལྡན་ནས་ཚེ་འཕེལ་ཤོག༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུསིདྡྷི་ཧཱུྃ༔ དེ་ནས་ཚེ་རིལ་བྱིན་ཅིང་། ཧཱུྃ༔ སྐྱེས་བུ་རིགས་ཀྱི་བུ་ཁྱོད་ལ༔ ཚེ་རིལ་འདི་ཉིད་བྱིན་པ་ཡིས་ཁྱོད་ཉིད་རྡོ་རྗེའི་སྐུ་འགྲུབ་པའི༔ དབང་དང་ལྡན་ནས་ཚེ་འཕེལ་ཤོག༔ ཨོཾ་ཨཱཿཧུཾ་ཨ་མི་དྷེ་ཝ་ཨཱཿཡུསིདྡྷི་ཧཱུྃ༔ གོང་གི་ཚེ་འགུགས་མདའ་དར་དང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་དང་། །ཚེ་རིལ་ཚེ་ཆང་དེ་རྣམས་ནི། །སོས་རེ་མེད་པའི་ནད་པ་ལ། །ལོག་ལྟ་སྐྱེ་ཕྱིར་མི་རུང་ངོ་། །ད་ཁྱེད་རང་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་དང་། ད་རེས་དབང་ཞུས་པའི་དགེ་བའི་རྩ་བ་དེས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་

p. 310

མེད་འཁོར་གྱིས་བསྐོར། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར། །བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ༔ འོ་དེ་ལྟར་དབང་ཐོབ་ནས། རྔ་སྒྲའི་རྒྱལ་པོའི་གཟུངས་ལས། འདི་ནི་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །འཆི་བའི་དུས་སུ་སྟོན་པ་ནི། །དགེ་སློང་དགེ་འདུན་བཅས་ཏེ་མཐོང་། །ཞེས་གསུངས་པའི་ཕྱིར། ་རབ་འདིའི་སྒྲུབ་པ་རྟགས་ཐོན་དང་། ཆོ་ག་རྒྱུན་ཁྱེར། འབྲིང་མངོན་རྟོགས་ཉུང་ངུ་དང་བསྙེན་པ་རྒྱུན་ཁྱེར། །དེ་ཡང་མི་ཤེས་ན། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཆེ་

p. 311

དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཞེས་པ་ཕྲེང་སྐོར་རེའི་མཇུག་ཏུ། བདེ་བ་ཅན་དུ་སྐྱེ་བར་ཤོག །དེ་མ་ཆག་པ་རྒྱུན་དུ་བྱས་ན། བར་དོར་འོད་དཔག་མེད་ཞལ་མཇལ་ཞིང་། བདེ་བ་ཅན་དུ་སྐྱེ་བ་ནི་སངས་རྒྱས་འོད་དཔག་མེད་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཡིན་པར་སྟོན་པ་ཤཱཀྱ་ཐུབ་པས་མདོ་སྡེ་མང་པོ་ནས་གསུངས་པའི་ཕྱིར་དེ་ལྟར་དུ་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ས་གཞི་སྤོས་ཆུས་སོགས། དེ་ནི་ཕྱག་ལེན་རྒྱས་པ་ཡིན་ལ། གལ་ཏེ་ནད་པ་འཆི་ལ་ཁད་ལ་དབང་བརྒྱ་བྱེད་ན། ཚེ་འགུགས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད། ཚེ་ཆང་ཚེ་རིལ་བསྒྱུར་བའི་དབང་རྒྱས་པ་གཅིག་བསྐུར། དེ་ནས་གསོལ་འདེབས་ཤོ་ལོ་ཀ་གཅིག །དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ཚིག་བཞི་རྗེས་ཟློས་བྱ། དེ་ནས་ཚིག་ལྷུག་དམིགས་པ་རྣམས་ཡིད་ཀྱིས་བསྒོམ། ངག་ཏུ་བརྗོད་མི་དགོས་པར། བུམ་པ། སྐུ་གཟུགས། གཏོར་མ། རྡོ་རྗེ། ལྷུང་བཟེད་རྣམས་ཚིགས་བཅད་དང་སྔགས་ཁོ་ནས་བསྐུར་ཏེ། དབང་རྫས་དེ་ལྔ་རྫོགས་པ་དབང་

p. 312

གཅིག་ཏུ་བརྩི་བའི་གྲངས་བཟུང་། བསྐུར་ཐེབས་རེ་ལ་བཅུ་བཅོ་ལྔ་དུ་ཐོན་གྱི་མགོ་ནས་ས་གཞི་སྤོས་བྱུག་རེ་དང་། མཇུག་ཏུ་གཙོ་བོས་ཇི་ལྟར་སྦྱར། བར་སྐབས་སུ་དབང་སྒྲུབ་རེ་བྱས་ལ་བསྙེན་པ་ཅི་འགྲུབ་བཟླ། ནད་པ་འཆ་ངས་ལ་དེ་ལས་ལྷག་པའི་ཕན་ཐོགས་བྱ་རྒྱུ་མེད་དོ། །གལ་ཏེ་ཁྲོམ་ཆེན་ལ་བསྐུར་ན། མདའ་དར་ཁྲི་ཁ་ནས་གཡུག་པས་ཆོག །བུམ་པ་བུམ་ཆུ་འགྲིམ། བཀྲ་ཤིས་བརྗོད། ནས་གཏོར། སྐུ་ཙཀ་ལི་གཏོར་མ་ལ་བཙུགས་ལ་འགྲིམ། ཡང་རྡོ་རྗེ་དང་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམས་ཁྲོམ་ལ་བསྟན་ནས་འགྲིམ་ཚུལ་བྱེད་ཅིང་ལྷུང་བཟེད་དུ་བཅུག་ལ་དུས་གཅིག་ལ་འགྲིམ། དེ་དང་མཉམ་དུ་མཆོད་གཡོག་པ་གཉིས་ཀྱིས་ཚེ་ཆང་དང་ཚེ་རིལ་བཀྱེ། ཚེ་ཆང་ཚེ་རིལ་མེད་ཀྱང་རུང་། དེ་དག་གི་ཚེ་ཧྲིདབྱངས་དང་། ཨོཾ་ཧཱུཾ་སྭཱ་ཧཱ༔ དང་། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རྣམས་གོ་རིམ་མེད་པར་གང་ཟིན་ཁྲོམ་ལ་འུར་འདོན་བཅུག་གོ །དེ་ལྟར་དབང་སྒྲུབ་དབང་བསྐུར་དམིགས་རིམ་རྣམས། །གཏེར་གཞུང་མི་གསལ་ངག་ནས་ཤེས་དགོས་ཤིང་། །ཚེ་འགུགས་མཐའ་རྟེན་ལ་སོགས་བསབ་འོས་དང་། །ཕན་ཡོན་དགོས་ཁྱད་ཚད་ལྡན་ལུང་དང་བཅས། །འབྲེལ་ཚད་འགྲོ་བ་འདྲེན་འདོད་སེམས་བསྐྱེད་ནས། །བྱ་ལོ་འབུམ་འགྱུར་ཟླ་བའི་ཡར་ཚེས་ལ། །གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ཡི། །ཡི་གེ་དཔེ་ཁྲོ་དགེ་སློང་སྦྱིན་པས་བྲིས། །སོ་སྐྱེའི་དབང་གིས་ཉེས་འགལ་མཆིས་སྲིད་ན། །

p. 313

ལྷ་དང་ཆོས་བདག་སྲུང་མའི་དྲུང་དུ་བཤགས། །དགེ་བས་དབང་འདིར་འབྲེལ་བ་ཐོགས་ཚད་ཀུན། །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། །བདེ་བ་ཅན་དུ་ངེས་པར་སྐྱེ་གྱུར་ཅིག །མངྒ་ལཾ།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་རྩ་ཚིག་གི་དབང་ལུང་ཐོབ་ན་འདིའི་དབང་ལུང་།

p. 314

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་རྩ་ཚིག་གི་དབང་ལུང་ཐོབ་ན་འདིའི་དབང་ལུང་གུད་དུ་མི་དགོས་སོ༔ འདི་དཔེ་མཁྱུད་མི་བྱ་བར་ཡི་གེ་འཕེལ་གང་ཐུབ་བྱས་ན་ཕན་ཡོན་བསམ་ལས་འདས་སོ༔ ས་ཐོབ་པའི་སེམས་དཔའ་འགྲོ་དོན་བྱེད་པ་མ་གཏོགས་འདི་གལ་ཆེ་གལ་ཆེ་ཟབ་ཟབ༔ སྔར་བྱས་པ་གཅིག་ཡོད་དེ་འདིས་རྒྱས་སོ་སྙམ་མོ༔

p. 315

ཀམ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ འོད་དཔག་མེད་པ་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་རང་ཉིད་སེམས་དཔའ་དཀར༔ མདུན་དུ་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་

p. 316

ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་བསམ༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་ལ་སོགས༔ སངས་རྒྱས་བྱང་སེམས་དཔག་མེད་ཐམས་ཅད་ལ༔ རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་བ་

p. 317

འདེབས༔ བདག་ལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ སྣང་བ་མཐའ་ཡས་འགྲུབ་པར་བྱིན་གྱིས་རློབས༔ དེ་ནས་སྔགས་འདི་ཅི་མང་བརྗོད༔ དང་པོ་རྩ་སྔགས་རྒྱས་པ་ནི༔ ཨོཾ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ དེ་ནས་རྩ་སྔགས་འབྲིང་པོ་ནི༔ ཨོཾ་ཨ་མི་དྷེ་ཝ་དྷཱི༔ དེ་ནས་རྩ་སྔགས་བསྡུས་པ་ནི༔ ཨོཾ་ཨ་ཧིསཱ་ཧཱ༔ ཡང་ནི་རྩ་སྔགས་བསྡུས་པ་ནི༔ ཨོཾ་ཧཱུྃསྭཱ་ཧཱ༔ ཡང་བསྡུས་ཧྲིབགྲང་ཆོག་པ་ཡིན༔ ཨོཾ་ཧཱུཾ་སྭཱ་ཧཱ༔ བཟླས་པས་ཆོག༔ དེ་ཡིས་འོད་དཔག་མེད་པ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ འདིའི་དབང་སྒྲུབ་ལ་མདུན་བསྐྱེད་འབྲུའི་ཚོམ་བུའམ༔ ཞིང་བཀོད་ཀྱི་ཐང་སྐུའམ་འོད་དཔག་གི་གསེར་སྐུ་སོགས་དང་གཏོར་མ་ཚེ་བུམ་སོགས་དབང་རྫས་མཆོད་པ་གང་འཛོམ་བྱ༔ རྒྱས་པར་སྤྲོ་ན་གནམ་ཆོས་སྐྱབས་སེམས་སོགས་སྔོན་འགྲོ༔ དེ་ནས་མངོན་རྟོགས་གཅིག་གིས་བདག་སེམས་དཔའ༔ མདུན་ཞིང་བཀོད༔ གཏོར་མ་སོགས་ལྷ་དུས་གཅིག་བསྒོམས་ལ་གནམ་ཆོས་ལས་བྱང་གི་སྤྱན་འདྲེན་དང་བཞུགས་གསོལ༔ ལྷ་སྤྱིའི་སྒྲུབ་མཆོད་བསྟོད་སོགས་བྱའོ༔ བསྡུ་ན་མངོན་རྟོགས་ཚར་གཅིག་གིས་ཐམས་ཅད་བསྐྱེད་ནས་གསོལ་བ་བཏབ༔ བསྙེན་པ་ཅི་འགྲུབ་བྱས་རྗེས༔ རང་ཉིད་སེམས་དཔའ་དཀར་པོ་དེ་སྐད་ཅིག་ལ་གནས་འགྱུར་ནས་འོད་དཔག་མེད་གཙོ་འཁོར་དུ་བསྒོམས་ལ་དབང་བསྐུར་བ་ཡིན་ནོ༔ དེ་ནས་སློབ་མ་འདུས་ནས་ཆབ་བླངས༔ མེ་ཏོག་བཀྱེ༔ མཎྜལ་ཕུལ་ལ༔ འོ་ན་ད་

p. 318

ལམ་ཁྱེད་རྣམས་ལ་བདེ་ཆེན་ཞིང་ཁམས་ཀྱི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཡུད་ཙམ་ཞིག་ཞུ་ན༔ སྔོན་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་སྔོན་རོལ་དུ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ཞེས་བྱ་བའི་དྲུང་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དང་༔ ཡང་དགེ་སློང་དེ་ཉིད་སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བར་གྱུར་ནས་སངས་རྒྱས་འཁོར་དང་བཅས་པ་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་ནས་སྨོན་ལམ་བཏབ་ཅིང་བསྐལ་པ་གྲངས་མེད་གཞལ་དུ་མེད་པར་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་པས༔ ཁོང་དང་མཉམ་དུ་སེམས་བསྐྱེད་ཅིང་སྤྱོད་པ་སྤྱད་པ་རྣམས་སྔར་ནས་སངས་རྒྱས་ཚར་ཡང་ཁོང་སངས་མ་རྒྱ་བར་བཞུགས་པས༔ གཞན་དེ་དག་གིས་ངེད་རང་རྣམས་མཉམ་དུ་སེམས་བསྐྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་སུ་བླང་བར་མཉམ་ན༔ ཁྱེད་ད་དུང་འཚང་མི་རྒྱ་བ་ཅི་ལགས་ཞུས་པས༔ བདག་སངས་རྒྱས་པའི་ཚེ་སེམས་ཅན་གང་དག་མཚམས་མེད་པ་ལྔ་དང་དམ་པའི་ཆོས་སྤངས་པ་ནི་མ་གཏོགས༔ སེམས་ཅན་གང་གིས་

p. 319

ངའི་ཞིང་ཁམས་སུ་སྐྱེ་བར་སྨོན་ལམ་བཏབ་ན་སྐྱེ་བར་ངེས་པ་དང་༔ དེར་སྐྱེས་ན་བསམ་བཞིན་དུ་སེམས་ཅན་གྱི་དོན་ལ་འབྱོན་པ་ནི་མ་གཏོགས༔ འཁོར་བའི་གནས་སུ་ཕྱིར་མི་ལྡོག་པ་དང་༔ བདག་གི་མཚན་ཐོས་ན་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས༔ ཚེ་ཟད་པའང་ཚེ་ལོ་དཔག་ཏུ་མེད་པ་འཕེལ་ནུས་པ་དང་༔ སྨོན་ལམ་འདི་རྣམས་མ་འགྲུབ་པས་སངས་མི་རྒྱ་གསུངས་ནས༔་སླར་ཡང་བསྐལ་པ་དཔག་ཏུ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དཀའ་བ་དཔག་ཏུ་མེད་པ་སྤྱད་པས་སྨོན་ལམ་དེ་ཐམས་ཅད་འགྲུབ་སྟེ༔ ད་ལྟ་འདི་ནས་ནུབ་ཀྱི་ཕྱོགས་སྟེང་གི་ཆ་ན་ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན་ཞེས་བྱ་བ་ནི་སྡུག་བསྔལ་དང་ཉོན་མོངས་པ་དང་མི་དགེ་བ་ཞེས་བྱ་བའི་སྒྲ་ཡང་མི་གྲག བཙལ་ཡང་མི་རྙེད་པ་ཞིག་ཡོད༔ དེར་སངས་རྒྱས་ནས་བསྐལ་པ་ཆེན་པོ་བཅུ་ལོན་ཏེ་ད་ལྟའང་དངོས་སུ་བཞུགས་ལ་བསྐལ་པ་བཟང་པོའི་རིང་སངས་རྒྱས་སྟོང་གི་བསྟན་པའི་ཡུན་ནི་བདེ་བ་ཅན་གྱི་ཞག་གཅིག་ཡིན་པར་གསུངས་ཏེ༔ དེ་ལྟར་བརྩི་བའི་བསྐལ་པ་བྱེ་བ་ཁྲག་ཁྲིག་སོགས་སྐུ་ཚེ་ལ་ཚད་མེད་པས་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཞེས་བྱ་སྐུའི་འོད་ཀྱིས་ཞིང་ཁམས་དེ་རྟག་

p. 320

ཏུ་གསལ་ཞིང་འོད་དེ་ལ་དཔག་ཚད་བྱེ་བ་དུང་ཕྱུར་གྲངས་མེད་པས་སངས་རྒྱས་འོད་དཔག་མེད་པ་ཞེས་བྱ༔ འོད་ཀྱི་སྣང་བ་ཆེན་པོ་དེའི་མཐའ་དཔག་པར་མི་ནུས་པས་། སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ༔ དེའི་འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་དང་ཚད་མེད་པས་དགེ་འདུན་དཔག་མེད་ཅེས་བྱ༔ ཆོས་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་དེ་ཨོ་རྒྱན་དངོས་ནི་དེ་ཡིན་ལ༔ རྔ་ཡབ་གླིང་བྱེ་བ་ཕྲག་བརྒྱ་ན་བཞུགས་པ་ནི་སྤྲུལ་སྐུ་པདྨ་འབྱུང་གནས་ཏེ་སངས་རྒྱས་དེའི་སྤྲུལ་པའི་ཆ་རེ་རེ་ཡིན་ལ༔ དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཉེ་གནས་ཀྱི་ཚུལ་དུ་བཞུགས་པ་ནི་སྤྱན་རས་གཟིགས་དངོས་ཡིན་ལ༔ ལྷོ་པོ་ཊ་ལ་བྱེ་བ་ཕྲག་བརྒྱ་ན་བཞུགས་པ་ནི་དེའི་སྤྲུལ་པའི་ཆ་རེ་རེ་ཡིན་པར་བཤད་པ་དང་༔ གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་བཞུགས་པ་ནི་ཕྱག་ན་རྡོ་རྗེ་དངོས་ཡིན་ལ༔ ལྕང་ལོ་ཅན་བྱེ་བ་ཕྲག་བརྒྱ་ན་བཞུགས་པ་ནི་དེའི་སྤྲུལ་པ་ཡིན་པའོ༔ དེ་དག་གི་དོན་རྒྱས་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའི་འོད་དཔག་ཏུ་མེད་པའི་མདོ་དང་༔ བདེ་བ་ཅན་གྱི་མདོ་དང་༔ མདོ་སྡེ་པདྨ་དཀར་པོ་དང་༔ རྔ་

p. 321

སྒྲའི་གཟུངས་དང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་གྱི་མདོ་དང་༔ མདོ་རྒྱུད་དུ་མ་ནས་རྒྱ་ཆེར་གསུངས་སོ༔ དེའང་དག་པའི་ཞིང་ཁམས་ཆེན་པོ་སྟུག་པོ་བཀོད་སོགས་སུ་ས་བརྒྱད་མ་ཐོབ་བར་དུ་མི་སྐྱེ༔ ཤར་མངོན་དགའ་སོགས་སུའང་ས་དང་པོ་མ་ཐོབ་བར་མི་སྐྱེ༔ དེ་བཞིན་དག་པའི་ཞིང་དུ་སངས་རྒྱས་ཀྱི་སར་སྐྱེ་མི་སྲིད་པར་མ་གཅིག་ལབ་སྒྲོན་གྱིས་དམ་ཚིག་ཉེར་གཅིག་སོགས་སུ་གསུངས་ཤིང་༔ མི་འཁྲུགས་པའི་མདོ་སོགས་ནའང་གསལ་ལོ༔་དགའ་ལྡན་ཟངས་མདོག་དཔལ་རི་སོགས་སུ་སྐྱེ་སླ་ནའང་ཕྱིར་མི་ལྟུང་བའི་ངེས་པ་མ་གསུངས་ལ༔ མི་ལྟུང་ནའང་སྐྱེ་འཆིའི་སྡུག་བསྔལ་གྲངས་མེད་པ་ནི་མྱོང་བར་ངེས་པས༔ སྐྱེ་འཆི་དང་སྡུག་བསྔལ་ཐམས་ཅད་མི་མྱོང་ཞིང་ཐེག་དམན་ཉན་རང་དུ་མི་ལྟུང་བར་བདེ་སྐྱིད་ཀྱི་ངང་ནས་འཚང་རྒྱ་བར་འདོད་ན་ནི་བདེ་བ་ཅན་དུ་སྐྱེ་བའི་ཐབས་ལ་འབད་དགོས་པར་གདའ༔ དེ་ལ་ཚེ་དཔག་མེད་ལོངས་སྐུ་དང་སྤྲུལ་སྐུ་འོད་དཔག་མེད་སྒྲུབ་ཐབས་ནི་གསར་རྙིང་ལུགས་མང་དུ་ཡོད་ནའང་༔ ཞིང་ཁམས་ཀྱི་སྒྲུབ་ཐབས་དབང་དང་བཅས་པ་ནི་གནམ་ཆོས་འདི་ལས་གཞན་ནས་མ་བྱུང་བས་ཤིན་ཏུ་ངོ་

p. 322

མཚར་ཆེ་བ་ཡིན་ལ༔ ཆོས་ཡང་དག་པར་སྡུད་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི་སངས་རྒྱས་མི་བཞུགས་ནའང་ནམ་མཁའ་དཀྱིལ་དང་རྩིག་པ་དང་ཤིང་ལས་ཆོས་འབྱུང་ངོ་༔ ཞེས་དང་༔ སྤྱོད་འཇུག་ལས་ཀྱང་༔ ལུས་ཅན་རྣམས་ཀྱིས་བྱ་དང་ནི༔ ཤིང་དང་འོད་ཟེར་ཐམས་ཅད་དང་༔ ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ༔ རྒྱུན་མི་འཆད་པར་ཐོས་པར་ཤོག༔ ཅེས་གསུངས་པ་དང་མཐུན་ནོ༔ དེའང་མདོ་སྡེ་དཀོན་མཆོག་བརྩེགས་པའི་ལེའུ་ལྔ་པ་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་མདོ་ལས༔ འོད་དཔག་ཏུ་མེད་པའི་མཚན་ཐོས་ན་སྐྱེ་བ་ཐམས་ཅད་དུ་ཚངས་པ་སྤྱོད་པར་འགྱུར་བ་དང་༔ སྐྱེ་བ་ཐམས་ཅད་དུ་རིགས་བཟང་པོའི་རིགས་སུ་སྐྱེ་བ་དང་༔ འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་བཤིག་སྟེ་རྡུལ་ཕྲ་རབ་ཏུ་བྱས་པའི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེས་བཀང་སྟེ་སྦྱིན་པ་བཏང་བ་ལས་ནི༔ འོད་དཔག་མེད་ཀྱི་མཚན་དང་དེའི་ཞིང་ཁམས་བདེ་བ་ཅན་གྱི་ཡོན་ཏན་ཐོས་ནས་དགའ་སྟེ༔ ཐལ་མོ་སྦྱར་བས་བསོད་ནམས་ཤིན་ཏུ་ཆེ་བར་གསུངས་

p. 323

སོ༔ འོད་དཔག་ཏུ་མེད་པའི་མཚན་ཐོས་ནས་ཐ་ན་ལན་གཅིག་བསམ་པ་ཐག་པ་ནས་དད་པ་སྐྱེས་ན་དེ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ༔ ཞེས་གསུངས་ན༔ འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་དབང་འདི་ཐོབ་ན་ཕན་ཡོན་རྒྱ་ཆེན་པོ་སྨོས་ཅི་དགོས༔ ཞག་བདུན་དུ་སེམས་མ་ཡེངས་པར་འོད་དཔག་ཏུ་མེད་པ་མདུན་དུ་བསྒོམས་ན༔ ཐོ་རངས་རྨི་ལམ་དུ་བདེ་བ་ཅན་གྱི་ཞིང་ཁམས་དང་སངས་རྒྱས་འོད་དཔག་མེད་མཐོང་ཞིང་༔ དེ་འཆི་བའི་ཚེ་མཚམས་སྦྱོར་ངན་པ་མ་བྱུང་ན་འཆི་མ་ཐོག་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་མངོན་སུམ་དུ་མཐོང་ཞིང་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་ཞིང་བཀོད་ཀྱི་མདོ་དང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་རྒྱ་ཆེར་གསུངས་པའི་ཕྱིར་མཚམས་མེད་དང་ཆོས་སྤངས་པ་ནི་མ་གཏོགས་པར་འདི་ལ་ཐུགས་དམ་བྱས་ན་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པར་ངེས་པ་ཡིན་ནོ༔ དེས་ན་དབང་འདི་ཐོབ་ནས་མངོན་རྟོགས་འདི་མ་ཆག་པར་འདོན་ཞིང་༔ སྙིང་པོ་འབྲུ་བཞི་ལ་དུང་ཕྱུར་སོགས་བཏོན་པ་ནི་མཚམས་མེད་པ་ལྔ་དང་ཆོས་སྤངས་པ་མ་གཏོགས་གཞན་སུ་ཡིན་ཀྱང་འཕོས་

p. 324

མ་ཐག་བདེ་བ་ཅན་དུ་སྐྱེ་བ་ནི་ཁག་ཁུར་ཆོག་པ་མདོ་སྡེ་རྣམས་ལ་དཔང་པོ་ཡིན༔ སྔགས་རྒྱས་བསྡུས་མང་ནའང་༔ ཨོཾ་ཧཱུཾ་སྭཱ་ཧཱ༔ ཞེས་པ་འདི་སྦྱོང་རྒྱུད་ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་གྱི་སྙིང་པོའང་ཡིན༔ རྣམ་རྒྱལ་མ་རིགས་གསུམ་གྱི་གཟུངས་ནས་ཀྱང་གསུངས༔ རྡོ་རྗེ་རྩེ་མོ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས༔ འབྲུ་བཞི་པོའི་ཕན་ཡོན་ཡང་རྒྱ་ཆེར་གསུངས་པས༔ འདི་ལ་དུང་གཅིག་ཐོན་ན་ཨོཾ་སྙམ་པ་མདོ་སྡེ་ལ་བལྟས་ཤིང་སེམས་ལའང་འཆར་བར་སྣང་ངོ་༔ དེས་ན་ཁྱེད་དབང་ཞུ་བ་པོ་རྣམས་ཀྱི་ནང་ནས་ཚེ་འདིར་ལས་ཀྱི་རྣམ་སྨིན་མ་གཏོགས་པའི་ཚེའི་བར་ཆད་སེལ་ཞིང་འཕོས་མ་ཐག་བདེ་བ་ཅན་དུ་སྐྱེ་འདོད་མཁན་འདྲ་ཡོད་ན་ནི་འདི་ལ་ཡི་དམ་བྱེད་ཅིང་རབ་ལ་དུང་༔་ཐ་ནའང་བྱེ་བ་ཡན་ཆད་ལ་ཁས་ལེན་མཛོད༔ དེ་ལ་སྔགས་རིང་བ་རྣམས་ཅི་འགྲུབ་རེ་དང་༔ འབྲིང་པོ་འབྲུ་བཞི་ལ་ཅི་མང་དང་༔ ཧྲིགཅིག་པོའང་གྲངས་ལ་བརྩི་ཆོག ཡང་ཁྱེད་དབང་ཞུ་བ་པོའི་ནང་ན་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སྐྱེ་འཆི་ལ་མི་འཚེར་བར༔ སེམས་ཅན་གྱི་དོན་ལ་སྐྱེ་བ་གྲངས་མེད་བཞེས་ཤིང་ངན་སོང་ལ་ལྟུང་དོགས་མེད་པར་འཁོར་བ་རིང་

p. 325

བཞིན་མེད་པར་གཟིགས་པ་དང་༔ ལྷ་མིའི་བདེ་སྐྱིད་འདི་བློས་མི་ཐེངས་བས་དག་པའི་ཞིང་ཁམས་སུ་འགྲོ་མི་འདོད་པ་དང་༔ ངན་སོང་གསུམ་དུ་སྐྱེ་ཡང་གང་འདོད་སྡུག་བསྔལ་ཁྱགས༔ དེ་སྔའང་རྒྱུན་དུ་ཁུར་ཁུར་བ་ཡིན་བསམ་མི་ཚོ་ཁས་ལེན་མི་དགོས་ཁ་རོག་ཕར་བཞུགས༔ འོན་ཀྱང་དབང་མཉམ་དུ་ཞུས་དང་བསྐལ་པ་དུང་ཕྱུར་གྲངས་མེད་པའི་མཐར་ཐར་པ་ཐོབ་པའི་རྒྱུར་འགྱུར་པས་འཁོར་བ་མཐའ་ཅན་བྱ་བ་དོན་ཡོད་ཡིན་པས༔ སློབ་དཔོན་བདག་ཉིད་སངས་རྒྱས་འོད་དཔག་མེད་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་དངོས་སུ་བཞུགས་པ་དང་༔ ས་ཕྱོགས་འདིའང་བདེ་བ་ཅན་གྱི་ཞིང་ཁམས་ཡིན་པའི་མོས་པ་དང་བཅས་པས་དབང་གི་གསོལ་འདེབས་འདིའི་རྗེས་ཟློས་མཛོད༔ ཀྱེ༔ བླ་མ་འོད་དཔག་མེད་མགོན་དང་༔ སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ སངས་རྒྱས་བྱང་སེམས་དཔག་མེད་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ད་མདུན་གྱི་བུམ་པ་དང་ལྷུང་བཟེད་ཀྱི་ནང་དང་གཏོར་མ་རྡོ་རྗེ་སོགས་དབང་རྫས་རེ་རེ་ལའང་བདེ་བ་ཅན་གྱི་ཞིང་བཀོད་ཚང་མ་རེ་བཞུགས་པའི་དྲུང་དུ་

p. 326

སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སོགས་བདུན་རྣམ་དག་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་རྒྱུད་ལས་གསུངས་ཤིང་༔ གནམ་ཆོས་འདིར་ཡང་བྱུང་བ་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རངས༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ་བྱའོ༔ སྔོན་དུ་དབང་མང་དུ་ཐོབ་པས་རྗེས་མ་ལན་གསུམ་གྱིས་ཆོག་པ་ཕྱག་ལེན་ཏེ་གསར་བུ་སོགས་ལ་ལན་གསུམ་གལ་ཆེའོ༔ དེས་སྐྱབས་སེམས་དང་སྔགས་སྡོམ་བསྡུས་པ་ཞིག་རྒྱུད་ལ་སྐྱེ་བས་དབང་གི་སྣོད་དུ་རུང་བ་ཡིན༔ འདིར་དང་པོ་ནས་སློབ་མ་འོད་དཔག་མེད་དུ་བསྐྱེད་ཀྱང་རུང་ལ༔ ད་ས་ཕྱོགས་འདི་བདེ་བ་ཅན་གྱི་ཞིང་ཁམས་རྣམ་པར་དག་པའི་དབུས་ན་སངས་

p. 327

རྒྱས་འོད་དཔག་མེད་གཙོ་འཁོར་གསུམ་དངོས་སུ་བཞུགས་པའི་དྲུང་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྫིང་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕ་གུས་མཐའ་བསྐོར་བའི་དབུས་སུ་མེ་ཏོག་པདྨ་དཀར་པོ་ཡལ་ག་དང་ལོ་འདབ་ཕུན་སུམ་ཚོགས་པ་རྒྱ་ཆེར་རྒྱས་པའི་རྩེར་མེ་ཏོག་ཁ་ཅུང་ཟད་བྱེ་མ་ཐག་གི་ནང་དུ་ཁྱེད་རང་རྣམས་བྱང་ཆུབ་སེམས་དཔའ་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ༔ དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང་༔ ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་དཀྲིས་ཅན༔ རིན་པོ་ཆེའི་དབུ་རྒྱན་དང་མགུལ་རྒྱན༔ ཕྱག་གདུབ་དང་ཞབས་གདུབ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐུ་སྨད་མེ་ཏོག་པདྨའི་ནང་དུ་ཕྱེད་ཙམ་ནུབ་ཅིང་སྐུ་སྟོད་ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི་ཞལ་ལ་བལྟ་བ་དང་༔ མདུན་དུ་འོད་དཔག་མེད་གཙོ་འཁོར་འདི་ལྟར་སྒོམས་ཤིག༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་ཁྱེད་རྣམས་སེམས་དཔའ་དཀར༔ མདུན་དུ་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་

p. 328

གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ སངས་རྒྱས་འོད་དཔག་མེད་གཙོ་འཁོར་གྱི་སྐུ་ཆེ་ཕྲ་སྣ་ཚོགས་པ༔ གསུང་སྔགས་ཀྱི་ཕྲེང་བ༔ ཐུགས་ཧཱིཝཡིག་དམར་པོ་ལ་ཕྱག་མཚན་རྡོ་རྗེ་དང་ལྷུང་བཟེད་ཀྱི་ཚོགས་ཆར་བབ་པ་ལྟར་བྱོན་ནས་མཚོ་ལ་ཆར་པ་བབ་པ་ལྟར་ཁྱེད་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ སྤོས་དུད་རོལ་མོ་དབྱངས་དང་བཅས་ཏེ་ཧཱུྃ༔ འོད་དཔག་མེད་ཀྱི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་རྣམས་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་

p. 329

ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཨོྃ་ཨཱཿཧཱུྃསྭཱ་ཧཱ༔ དྷིསྭཱ་ཧཱ༔ ཧཱུྃ༔ ཨོཾ་ཧཱུཾ་སྭཱ་ཧཱ༔ བཛྲ་ཨཱཿཝེ་ཤ་ཡ་ཨ་ཨཱཿ དམིགས་པ་ངེས་ཤེས་མ་ཐོབ་བར་དུ་བརྗོད་ཅིང་རོལ་མོ་བྱའོ༔ ཡེ་ཤེས་པ་དེ་མི་ཉམས་བརྟན་པར་གྱུར༔ ཏིཥྛ་བཛྲ༔ ཞེས་རྡོ་རྗེ་སྤྱི་བོར་བཞག་གོ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ༔ མགྲིན་པ་རིང་བ༔ མཆུ་འཕྱང་བ༔ ལྷ་རྫས་དར་གྱིས་མགྲིན་པ་དཀྲིས་པ༔ དཔག་བསམ་ཤིང་གིས་ཁ་བརྒྱན་པ༔ ནང་ཡངས་ཤིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོས་ཕྱེད་ཁེངས་པའི་དབུས་སུ་བདེ་བ་ཅན་གྱི་ཞིང་ཁམས་ཡོངས་སུ་རྫོགས་པར་བཞུགས་པའི་གཙོ་འཁོར་རྣམས་ལས་བདུད་རྩིའི་ཆུ་རྒྱུན་བབས་པ་བུམ་མཆུ་ནས་བྱུང་སྟེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་བུག་ནས་ཞུགས༔ ལུས་ཐམས་ཅད་ལྟེམ་གྱིས་གང་༔ སྡིག་སྒྲིབ་ཐམས་ཅད་འོག་སྒོ་དང་རྐང་མཐིལ་ནས་དུད་ཁུ་དང་སོལ་ཁུ་ལྟར་ནག་ནུ་རུ་རུ་ཕྱིར་ཐོན༔ ལུས་ཀྱི་ཕྱི་ནས་ཀྱང་བཀྲུས་པས་ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར༔ ལུས་ཀྱི་རྩ་གནས་བཞི་བདུད་རྩིས་གང་བས་དབང་བཞི་ཐོབ༔ དབང་དོན་གྱི་ཡེ་ཤེས་བཞི་དངོས་སུ་རྟོགས་པར་སྒོམས་

p. 330

ཤིག༔ དེ་ནས་བུམ་པ་ལག་ཏུ་ཐོགས་ལ༔ ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ བདེ་བ་ཅན་གྱི་ཞིང་ཁམས་ཡིན༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ སྣང་བ་མཐའ་ཡས་ཞལ་མཐོང་ཤོག༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩམཾ༔ མེ་ཏོག་དོར་ཞིང་༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་མཐའི་ཞིང་ལ་དབང་བའི་བཀྲ་ཤིས་ཤོག༔ ད་མདུན་བསྐྱེད་ཀྱི་རྟེན་སྐུ་གཟུགས་འདི་ཉིད་སངས་རྒྱས་འོད་དཔག་མེད་པ་དངོས་སུ་གསལ་བ་ཁྱེད་རྣམས་ཀྱི་སྤྱི་བོར་བཞག་པའི་ཚེ༔ དེའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གསང་བའི་གནས་དང་ལྔ་ནས་འོད་དཔག་ཏུ་མེད་པའི་སྐུ་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་དཔག་ཏུ་མེད་པ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་བྱོན་ནས་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་སྐྱེས་ནས་ཞལ་མཐོང་ཤོག༔ ཨོཾ་ཨཱཿཧུཾ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ ཨོཾ་ཨ་མི་དྷེ་ཝ་ཧི༔ ཨོཾ་ཨཱཿཧཱུྃསྭཱ་

p. 331

ཧཱ༔ བྷིསྭཱ་ཧཱ༔ དྷཱི༔ ཨོཾ་ཧཱུཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་མཱི༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་བ་མཐའ་ཡས་སྐུ་ཡི་བཀྲ་ཤིས་ཤོག མེ་ཏོག་དོར༔ ད་གཏོར་མ་འདི་ཉིད་བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ་འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་སྤྱི་བོར་བྱོན་ནས༔ གསོལ་བ་ཇི་ལྟར་བཏབ་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་དགོངས་པས་བྱིན་གྱིས་བརླབས་ཏེ༔ འོད་དུ་ལྟེམ་མེ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་སྒོམས་ཤིག༔ ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར་ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔་འོད་དཔག་མེད་པའི་ཞལ་མཐོང་ཤོག༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ༔ བདེ་བ་གཤེགས་པ་འཇིག་རྟེན་མཁྱེན་པ༔ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ༔ བླ་ན་མེད་པ༔ ལྷ་དང་མི་རྣམས་ཀྱི་

p. 332

སྟོན་པ་བཅོམ་ལྡན་འདས་སྐུ་ཚེ་དཔག་ཏུ་མེད་པ༔ འོད་དཔག་ཏུ་མེད་པ༔ ཚེ་དང་བསོད་ནམས་དང་ཡེ་ཤེས་དང་ཡོན་ཏན་དང་གཟི་བརྗིད་ཚད་མེད་པའི་རྒྱལ་པོ༔ གཡས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ གཡོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་སོགས་པ༔ འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་བཅས་པ་ཐུགས་བརྩེ་བ་ཆེན་པོས་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་ཐམས་ཅད་ལ་རྟག་ཏུ་གཟིགས་ཤིང་༔ ཡེ་ཤེས་ཀྱི་སྤྱན་དང་རྡོ་རྗེའི་སྙན་མངའ་བས་སེམས་ཅན་ཐམས་ཅད་ཀྱིས་དུས་རྟག་ཏུ་ཅི་བསམ་པའི་རྣམ་པར་རྟོག་པ་དང་ཅི་སྨྲ་བའི་ཚིག་ཐམས་ཅད་མ་འདྲེས་པར་སོ་སོར་དགོངས་ཤིང་གསན་པ་ལགས་པས༔ རྡོ་རྗེའི་སློབ་མ་འདི་རྣམས་ལ་ཐུགས་རྗེས་གཟིགས་ཤིང་དགོངས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབས་ཤིག ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་བྱིན་གྱིས་རློབས་ཤིག ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་བྱིན་གྱིས་རློབས་ཤིག འཆི་བ་

p. 333

མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ༔ ནམ་དུས་ལ་བབ་སྟེ་འཆི་བའི་ཚེ་སྐྱེ་བ་གཞན་གྱིས་མི་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་འདྲེན་པར་མཛད་དུ་གསོལ། དེར་པདྨོ་ལས་སྐྱེས་མ་ཐག་མེ་ཏོག་ཁ་བྱེ་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞབས་འབྲིང་བར་བྱིན་གྱིས་རློབས་ཤིག ཨོཾ་ཨཱཿཧཱུྃ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ ཨོཾ་ཨ་མི་དྷེ་ཝ་ཧི༔ ཨོཾ་ཨཱཿཙྪཱདྷིསྭཱ་ཧཱ༔ དྷིསྭཱ་ཧཱ༔ ཧཱུྃ༔ ཨོཾ་ཧཱུཾ་སྭཱ་ཧཱ༔ སྤྲོ་ན་ཚེ་གཟུངས་ཀྱང་བརྗོད་དོ༔ ཁྲོམ་ཡིན་ན་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ བསྐུལ༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་བ་མཐའ་ཡས་གསུང་གི་བཀྲ་ཤིས་ཤོག༔ ད་རྡོ་རྗེ་འདི་པདྨ་རཱ་ག་ལས་གྲུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ལོངས་སྐུ་ཚེ་དཔག་མེད་རིགས་ལྔ་མཚོན་པ་ཡར་ཀྱི་རྭ་ལྔ༔ རིགས་བདག་ཡུམ་ལྔ་མཚོན་པ་མར་གྱི་རྭ་ལྔ༔ ལྟེ་བ་ཆོས་སྐུ་ཀུན་ཟླུམ་ཐིག་ལེའི་དཀྱིལ་འཁོར་མཚོན་པའི་དབུས་ན་སྤྲུལ་སྐུ་སངས་རྒྱས་འོད་དཔག་མེད་པ་ལ་ཡང་སྤྲུལ་སངས་རྒྱས་བྱང་སེམས་

p. 334

དཔག་ཏུ་མེད་པས་བསྐོར་བ༔ ཁྱེད་རང་གི་སྤྱི་བོར་བཞག་པ་ཙམ་གྱིས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་སངས་རྒྱས་འོད་དཔག་ཏུ་མེད་པའི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀ་ནས་རྡོ་རྗེ་རྩེ་ལྔ་ཧིཡིག་གིས་མཚན་པ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པ་ཙམ་གྱིས་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་སྒོམས་ཤིག་ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ལ༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ འོད་དཔག་མེད་པའི་དབང་ཐོབ་ནས༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ བཛྲ་ཨ་བྷི་ཥིཉྩ་མཱི༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་བ་མཐའ་ཡས་ཐུགས་ཀྱི་བཀྲ་ཤིས་ཤོག༔ ད་ལྷུང་བཟེད་ངོ་བོ་འོད་དཔག་མེད་ཀྱི་ཐུགས་ཕྱག་མཚན་གྱི་རྣམ་པར་སྣང་བ་ཡིན་ལ༔ རྣམ་པ་མདུན་དུ་བཞུགས་པའི་འོད་དཔག་མེད་ཀྱི་ཕྱག་མཉམ་གཞག་གི་སྟེང་

p. 335

ན་རིན་པོ་ཆེ་བཻཌཱུརྱའི་ལྷུང་བཟེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་སྤྱི་བོར་བཞག་པ་ཙམ་གྱིས་བདུད་རྩི་འཕྱུར་ནས༔ སྤྱི་བོ་དང་སྣ་བུག་གཡོན་དང་ཁ་ནས་ཞུགས་པས་ལུས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་མེ་རེ་རེ་གང་ནས༔ འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་སྒོམས་ཤིག་ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ཏེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས་བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་ཀྱི་ཞལ་མཐོང་ཤོག༔ རྩ་སྔགས་བརྗོད་ཅིང་སྤྱི་བོར་བཞག་པ་ཙམ་གྱིས་ཆོག་ལ༔ ཡང་སྤྲོས་པ་ལ་དགའ་ན་ལྷུང་བཟེད་ནང་དུ་དང་པོ་ནས་འོ་མའམ་སྤོས་ཆུ་བླུགས་པ་ཁེམ་གྱིས་བཀྱེ་བའམ༔ ཚེ་ཆང་ལོགས་སུ་བཤམས་པའམ་བུམ་ཆུ་བླུད་ཅིང་༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཚེ་དཔག་ཏུ་མེད་པས་འདི་ལ་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་མི་ཤིགས་པ་རྡོ་རྗེར་མཛོད་ཅིག༔ ཚེ་མི་འགྱུར་བ་གཡུང་དྲུང་དུ་མཛོད་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་དུ་མཛོད་ཅིག༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ་ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་

p. 336

གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་བཛད་པ༔ སྣང་བ་མཐའ་ཡས་ཡོན་ཏན་བཀྲ་ཤིས་ཤོག ཚེ་རིལ་ལ༔ ད་ཚེའི་རིལ་བུ་འདི་རེ་རེའང་སྣང་བ་མཐའ་ཡས་ཚེ་དཔག་ཏུ་མེད་ཀྱི་སྐུ་ཆུང་ངུ་རེ་རེ་གསལ་བ་ཁའི་སྒོ་ནས་ཞུགས༔ སྙིང་པདྨ་དམར་པོ་འདབ་མ་བརྒྱད་ཁ་གྱེན་ལ་བྱེ་བའི་སྟེང་དུ་དུས་རྟག་ཏུ་བཞུགས་པར་སྒོམས་ཤིག བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས༔ སྙིང་པོ་བསྡུས་པའི་བཅུད་འདི་ནི༔ དེ་རིང་བུ་ཡིས་ཟ་བར་གྱིས༔ འདི་ཟོས་སངས་རྒྱས་ཚེ་དཔག་མེད༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུ་སིདྡྷི་ཧཱུྃ༔ ཚེ་མི་ཤིགས་པ་རྡོ་རྗེར་མཛོད་ཅིག༔ ཚེ་མི་འགྱུར་བ་གཡུང་དྲུང་དུ་མཛོད་ཅིག༔ ཚེ་མི་ནུབ་པ་རྒྱལ་མཚན་དུ་མཛོད་ཅིག ཚེ་ཆང་ཚེ་རིལ་འདི༔ ལྷ་ལྕམ་མནྡ་ར་བའི་མཚན་གཞན་གྲུབ་པའི་རྒྱལ་མོ་ཞེས་བྱ་བས་མཛད་པའི་ཚེ་དཔག་མེད་སྤྲུལ་སྐུ་ལྷ་གཅིག་བུམ་གཅིག་འོད་དཔག་མེད་ཀྱི་དབང་ནས་ཁ་བསྐངས་པ་ཡིན་པས་མ་བྱས་ཀྱང་རུང་ངོ་༔ ད་ནི་རྗེས་གནང་ཐམས་ཅད་ལ་དགོས་པ་སྔགས་ཀྱི་བཟླས་ལུང་ཞུ་བའི་ཕྱིར༔ མེ་ཏོག་དམར་པོའི་ཕྲེང་བ་རེ་རེ་དབུལ་བའི་མོས་པས་རྗེས་ཟློས་མཛོད༔ མགོན་པོ་བདག་ལ་བསྩལ་ལགས་ཀྱིས༔

p. 337

བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གསུམ་མམ་གཅིག༔ དེ་ལྟར་དབང་རྣམས་ཐོབ་ཅིང་གསོལ་བ་བཏབ་པས་ཁྱེད་རྣམས་བྱང་ཆུབ་སེམས་དཔའི་ལུས་དེ་སྐད་ཅིག་གིས་སངས་རྒྱས་འོད་དཔག་མེད་ཀྱི་སྐུར་ལམ་གྱིས་གྱུར་པའི་ཐུགས་ཀར་ཟླ་བའི་གདན་ལ་ཧྲིདམར་པོ་འགྲེང་ཐབས་སུ་གནས་པ་གསལ་ཐོབ༔ སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་པདྨ་རཱ་གའི་ཕྲེང་བ་ལྟ་བུ་བྱོན༔ ཁྱེད་རང་གི་ཞལ་དུ་ཞུགས༔ ཐུགས་ཀར་ཧཱི༔ཡིག་གི་མཐར་གཡས་བསྐོར་དུ་སྒ་ར་ར་འཁོར་བ་ལས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་བབ་པས་ལུས་ངང་ལྟེམ་ལྟེམ་གང་བར་སྒོམས་ལ་རྗེས་ཟློས་དང་མཇུག་ཏུ་ཧྲི༔ཡིག་གི་འཛབ་དབྱངས་མཛོད༔ ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཧཱུྃཧཱིཧི༔ ཞེས་སུམ་སྦྲེལ་དབྱངས་བྱའོ༔ དེ་ནས་སྔགས་ཕྲེང་མེ་ཏོག་དམར་པོའི་ཕྲེང་བར་བྱས་ནས་སྤྱི་བོར་དབང་རྟགས་བཅིང་བར་བསྒོམ་ཞིང་༔ ༔ བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས་འདི་ལ་འགོ་བར་མཛད་དུ་གསོལ༔ ཉེ་བར་མཛད་དུ་གསོལ༔ བརྟན་པར་མཛད་དུ་གསོལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་ཙམ་པ་ཀའམ་ནས་འབྲུ་འམ༔ ཕྲེང་བ་བཞག༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་

p. 338

བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ༔ སྣང་བ་མཐའ་ཡས་ཕྲིན་ལས་བཀྲ་ཤིས་ཤོག །སྐབས་འདིར་ཁས་ལེན་དང་མི་ནག་ཕོ་མོ་ལའང་༔ སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ ཞེས་དུ་འདོན་གྱི་ཁས་ལེན༔ ཆོས་སེམས་ཅན་ལ་བདེ་བ་ཅན་ཀྱི་ཞིང་ཁམས་ན་ཁ་རྒྱུ་ནས་ཕྱག་དུ་འབུལ་གྱི་ཁས་ལེན་བྱ༔ ད་ནི་ཁྱེད་རྣམས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་དབང་ཐོབ་པ་ཡིན་པས༔ སྐྱེ་བོ་ཕོ་མོ་ཐ་མལ་པ་ཐམས་ཅད་འཆི་ནས་ཞག་བདུན་ཕྲག་ཕྱེད་བཞིའི་དུས་ཞི་ཁྲོའི་འཇིགས་སྐྲག་ཐམས་ཅད་ཀྱང་ཡལ༔ གཤིན་རྗེའི་ལས་མཁན་ཡང་མ་སླེབས་པས་དགེ་སྡིག་རྣམ་སྨིན་ཡང་ད་དུང་མ་སླེབས༔ རང་ཤི་བ་ནི་ཐག་ཆོད༔ གར་འགྲོ་རང་དབང་ཆེ་བས་བསམ་པ་ཙམ་ནས་ཕྱིན་པ་ཞིག་འོང་སྟེ་ཤི་བའི་སྡུག་བསྔལ་ནི་ཆེ༔ ཉེ་དུ་ལ་རེ་ཆེ༔ ས་ཕྱོགས་ལ་ཆགས་ཞེན་ཆེ་ཞིང་༔ ད་རེས་ཀྱང་ཆོས་ཤིག་མ་འགྲུབ་ན་སྡིག་ཆེ་ནས་གཤིན་རྗེ་འོང་དོགས་ནས༔ མྱུར་དུ་ས་ཕྱོགས་འདིར་ནི་ལུས་ཤིག་ལོན་ན་ཆོས་བྱེད་བསམ་པ་ཞིག་འོང་༔ དེ་དུས་ཆགས་ཞེན་བྱས་པས་འདུག་དབང་ནི་མེད༔ འཁོར་བ་རིགས་དྲུག་གར་སྐྱེས་

p. 339

ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མེད་པས༔ དེ་དུས་བདེ་བ་ཅན་དུ་བཙོན་དོང་ནས་ཐར་བའི་མི་འབྲོས་པ་ལྟར་ཐེ་ཚོམ་མེད་པར་འགྲོ་བའི་བློ་ཐག་ད་ལྟ་ནས་རྦད་ཀྱིས་ཆོད་ཅིག ང་དེར་ཨེ་སྐྱེ་མི་ཤེས་བསམ་ན༔ དེར་སྐྱེ་ནའང་ཐེ་ཚོམ་གྱི་ཉེས་པས་མེ་ཏོག་པདྨ་ཁ་མི་བྱེ་ནས་ལོ་ལྔ་བརྒྱ་ལ་སངས་རྒྱས་ཀྱི་གསུང་ཐོས་ཤིང་བདེ་སྐྱིད་ཆེ་ནའང་ཞལ་མི་མཐོང་བར་འགྱུར་བས་ཐེ་ཚོམ་མ་བྱེད་ཅིག༔ དེར་དད་པ་རྩེ་གཅིག་གིས་སྨོན་ལམ་བཏབ་ན་སྐྱེ་ངེས་པ་ནི༔ སངས་རྒྱས་དེའི་སྨོན་ལམ་གྱི་སྟོབས་ཡིན༔ རང་རེ་ཚོ་ཕོ་རྒོད་པའི་དོན་མིན༔ དེས་ན་འོད་དཔག་མེད་ལ་ཡི་དམ་དང་༔ དགེ་བ་སྔར་གང་བྱས་དང་༔ ད་གང་བྱེད་ཐམས་ཅད་དེར་སྐྱེ་བའི་ཕྱིར་དུ་བསྔོ་བ་དང་སྨོན་ལམ་ཐོབ༔ དེ་རིང་ནས་བདེ་བ་ཅན་དུ་སྐྱེ་བའི་ཐབས་ཁོ་ན་ལ་འབད་དོ༔ འཆི་དུས་དེར་འགྲོ་བའི་བློ་ཐག་ཆོད་ལ༔ དེ་ཐག་ཆོད་པ་ཚོས་རྗེས་ཟློས་མཛོད༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱེད་ངོ་མཚར་དཔག་ཏུ་

p. 340

མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའ་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བྷྱོ་དྷ་ནཱ་ཡ་སྭཱ་ཧཱ༔ འོ་དེ་ལྟར་བྱ་སྙམ་པས་རྗེས་ཟློས་གྱིས༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ དེང་ནས་བརྩམས་ཏེ་བདག་བྲན་དུ་༔ ཁྱེད་ལ་བདག་ནི་འབུལ་ལགས་ན་ཁྱེད་ཀྱིས་སློབ་མར་བཟུང་བ་དང་༔ ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔ མཎྜལ་ཕུལ་ལ་བྱེར་རོ༔ ཞེས་པ་གནམ་ཆོས་རྩ་ཚིག་རྡོ་རྗེའི་གསུང་ཉུང་ལ་འདུས་ཆེ་བར་གདའ་བས་གོ་བདེ་རྒྱས་པར་བཀྲོལ་བ་འདི་ནི༔ སྨར་ཤོད་གོ་འཇོའི་ཡུལ་ནས་བླ་མ་རྡོ་རྗེ་འཛིན་པ་ཆོས་བརྟན་དང་སྨན་བླ་གཉིས་ཀྱིས་མ་ཧཱ་ཙི་ནའི་ཡུལ་གྱི་བདུད་རྩི་རྐང་འཐུང་འདབ་འཁོར་ལྔ་ཙམ་གྱི་མཎྜལ་དང་བཅས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར༔ དགེ་སློང་རཱ་ག་ཨ་སྱས་ཅང་ཤེས་རྒྱལ་པོའི་ལོ༔ དུས་ཆེན་སྤྲེའུ་ཟླ་བའི་དམར་པོའི་ཚེས་བཞིའི་ཉིན་བྲིས་པ་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་

p. 341

བཤགས་ཤིང་༔་འདི་ལ་འབྲེལ་བ་ཐོགས་ཚད་བདེ་ཆེན་དག་པའི་ཞིང་དུ་རྫུས་ཏེ་སྐྱེ་བར་གྱུར་ཅིག འདི་རྒྱ་ཆེར་འཕེལ་ཞིང་རྒྱས་ནས་འགྲོ་བའི་འདྲེན་པ་དམ་པར་གྱུར་ཅིག༔ མངྒ་ལཾ༔ ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གསོལ་འདེབས་རྗེས་ཟློས།

p. 342

གསོལ་འདེབས་རྗེས་ཟློས༔ ཀྱི་བླ་མ་འོད་དཔག་མེད་མགོན་དང་༔ སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ སངས་རྒྱས་བྱང་སེམས་དཔག་མེད་ལ༔ གསོལ་བ་། །འདབས་སོ་དབང་བསྐུར་སྩོལ༔ ཅེས་ལན་གསུམ༔ ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས། བུམ་པ་ཐོགས་ལ༔ ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ བདེ་བ་ཅན་གྱི་ཞིང་ཁམས་ཡིན༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ སྣང་བ་མཐའ་ཡས་ཞལ་མཐོང་ཤོག་ཨཱཿཨཱཿཝསྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པ་མགོར་བཞག༔ བུམ་ཆུ་བླུད༔ སྐུ་གཟུགས་ཐོགས་ལ༔ ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་པའི་ཞལ་མཐོང་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཧིཔཉྩ་ཀཱ་ཡ་ཨ་བྷི་ཥིཉྩ་མཱི༔ གཏོར་མ་ཐོགས་ལ༔ ཧཱུྃ༔ འདི་ནི་བཅོམ་ལྡན་སྣང་མཐའ་ཡས༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་ཀྱི་ཞལ་མཐོང་ཤོག༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུསིདྡྷི་

p. 343

ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་མཱི༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ལ༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ འོད་དཔག་མེད་མགོན་དབང་ཐོབ་ནས༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཨོཾ་བྷིསྭཱ་ཧཱ༔ བཛྲ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ལྷུང་བཟེད་ཐོགས་ལ༔ ཧཱུྃ༔ འདི་ནི་འོད་དཔག་མེད་མགོན་ཏེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བདེ་ཆེན་ཞིང་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་པའི་ཞལ་མཐོང་ཤོག༔ ཨོཾ་ཧཱུཾ་སྭཱ་ཧཱ༔ པུཎེ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ལ༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་དོན་མཛད་པ༔ སྣང་མཐའ་མཉམ་བཞག་མཛད་པའི་བཀྲ་ཤིས་ཤོག གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ༔ རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི༔ སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག༔ དབང་བསྡུས་འདི་ནི་གཞུང་ནས་ཟུར་བཀོལ་བགྱིས་པའོ༔ མངྒ་ལཾ༔

p. 344

བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་བཞུགས་སོ། །བདེ་ཆེན་ཞིང་སྒྲུབ་ཀྱི་དབང་གི་ལྷན་ཐབས་ཚེ་དབང་རྒྱས་པ་ནས་ཁོལ་དུ་ཕྱུང་བ་ནི། ཧཱུྃ༔ བཀྲ་ཤིས་གདུགས་ཀྱིས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཆོས་ཀྱི་གདུགས་བསྐོར་ནུས་པ་ཡི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གསེར་ཉས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འོད་ཀྱིས་སྟོང་གསུམ་ཁྱབ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ བཀྲ་ཤིས་དུང་གིས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །སྙན་གྲགས་སྟོང་གསུམ་ཁྱབ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་པདྨས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འགྲོ་བ་སྲིད་ལས་བསྒྲལ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་བུམ་པས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཆོས་ཀུན་ཁོང་དུ་ཆུད་ནུས་པའི། །དབང་

p. 345

དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་དཔལ་བེའུས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །འགྲོ་བའི་སྡུག་བསྔལ་སྐྱོབ་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་འཁོར་ལོས་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཆོས་ཀྱི་འཁོར་ལོ་སྐོར་ནུས་པའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་རྒྱལ་མཚན་དབང་བསྐུར་བས། །སློབ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཚེ་ནི་ནུབ་པར་མི་འགྱུར་བའི། །དབང་དང་ལྡན་ནས་ཚེ་འཕེལ་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་འཁོར་ལོ་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཏེ། ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །བསམ་པའི་དོན་ཀུན་འགྲུབ་གྱུར་ཏེ། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔

p. 346

ཧཱུྃ༔ ནོར་བུ་བློན་པོ་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །སྣང་སྲིད་དབང་དུ་འདུས་གྱུར་ཏེ། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་བཙུན་མོ་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །དགའ་བཞི་རྒྱུད་ལ་སྐྱེས་གྱུར་ཏེ། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི༔ ཨ་བྷི་ཥིཉྩཧཱུྃ༔ ཧཱུྃ༔ ནོར་བུ་གླང་པོ་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །བརྟུལ་ཞུགས་ཆེ་བར་གྱུར་ནས་ཀྱང་། ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རྟ་མཆོག་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །བརྩོན་འགྲུས་ཆེར་རྒྱས་གྱུར་ནས་ཀྱང་། ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་དམག་དཔོན་འདི་ཉིད་ནི། །ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །དགྲ་བགེགས་ཚར་གཅོད་གྱུར་ནས་ཀྱང་། །ཚེ་ཡི་རིག་འཛིན་ཐོབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔

བཀྲ་ཤིས་གཙོ་བོ་རྫས་བརྒྱད྄

p. 347
p. 348

ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་ནི༔ ཡུངས་དཀར་དཱར་བ་བིལ་བ་དང་༔ གི་ཝཾ་ལི་ཁྲི་ཞོ་མཆོག་དང་༔ མེ་ལོང་རྣམ་དག་དུང་དཀར་སོགས༔ བདག་པགས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ ཨབྦ་མངྒ་ལཾ་དྲ་བྱ་སྭཱ་ཧཱ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་ནི༔ རིན་ཆེན་གདུགས་དང་གསེར་ཉ་དང་༔ གཏེར་ཆེན་བུམ་པ་པདྨ་བཟང་༔ དུང་དཀར་གཡས་འཁྱིལ་དཔལ་བེའུ༔ མཆོག་གི་རྒྱལ་མཚན་འཁོར་ལོ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ་སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ ཨམྦ་མངྒ་ལཾ་ཧེ་ཏུ་སྭཱ་ཧཱ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ འཁོར་ལོ་ཡིད་བཞིན་ནོར་བུ་དང་༔ རབ་མཛེས་བཙུན་མོ་མི་བདག་དང་༔ དཔལ་གྱི་གླང་པོ་ཅང་ཤེས་རྟ༔ དམག་དཔོན་ལ་སོགས་རིན་ཆེན་བདུན༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ཨོ་སབྟ་རཏྣ་པྲ་ཏིཙྪ་སྭཱ་ཧཱ༔ སརྦ་མངྒ་ལཾ།། །།

བདེ་ཆེན་ཞིང་གི་རོ་སྲེག་ཆོ་ག་ངན་སོང་གནས་འདྲེན་སྡུག་བསྔལ་མཚོ་སྐེམ་གཏན་བདེ་རབ་འབར།

p. 349
p. 350

བདེ་ཆེན་ཞིང་གི་རོ་སྲེག་ཆོ་ག་ངན་སོང་གནས་འདྲེན་སྡུག་བསྔལ་མཚོ་སྐེམ་གཏན་བདེ་རབ་འབར་ཞེས་བྱ་བ་བཞུགས་སོ། །

p. 351

ན་མོ་ཨ་མི་ཏ་བྷ་ཡ། དབང་མེད་བར་དོའི་སེམས་ཅན་རྣམས། །རིགས་དྲུག་སྐྱེ་སྒོ་གཅོད་པའི་ཕྱིར། །བྱང་ཆོག་ལྟར་དུ་ཕྱིར་ལྡོག་བྱ། །འོད་དཔག་མེད་པའི་གཟུངས་རིང་དེ། །ཕྲེང་རེ་བྱས་པ་ཚར་གསུམ་བྲི། །དེ་གསུམ་མཇུག་ཏུ་ཤམ་བུ་གསུམ། །ཨོཾ་ཨ་མི་དྷེ་ཝ་ཧི༔ བྲིས་པ་ཕུང་པོའི་སྤྱི་བོར་བཏགས། །ཡིག་དྲུག་བྲིས་པ་དཔུང་པ་གཡས། །ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་པ་བྲིས་པ་དཔུང་པ་གཡོན། །དེ་ཡིས་གནས་ཡི་ག་མདོར་བསྡུས་ཚང་། །དེ་ཡང་གསང་བ་སྤྱི་རྒྱུད་ལས། །ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པས་རེག་ལ་སྔགས་བཟླས་བྱ། །དེ་ཉིད་དག་པ་མཆོག་ཏུ་འགྱུར། །གསུངས་ཕྱིར་དེ་རུ་ས་མི་རྐོ། །རྡོ་ལེབ་ཤིང་ལོ་རྩྭ་སྔོ་སོགས། །བཀོད་སྟེང་གཞན་ནས་ས་བླང་

p. 352

བཅག །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བརྒྱ་རྩ་བཟླས་ཤིང་ལག་པས་བཅག །དེ་སྟེང་དཀར་གཏོར་གཅིག་བཤམས་ཏེ། །ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབ། །རང་ཉིད་སྐད་ཅིག་དྲན་རྫོགས་ཀྱིས། །འོད་དཔག་མེད་པའི་སྐུར་གསལ་བའི། །ཕྱག་གཡས་ས་ལ་གདབ་པ་ཡིས། །ས་ཡང་རྣམ་པ་དྲུག་ཏུ་གཡོས་། །ས་དེའི་དཀྱིལ་ནས་ལྷ་མོ་ནི། །གསེར་མདོག་དར་དང་རཏྣས་བརྒྱན། །ཁོས་ལེན་ཕྱག་རྒྱས་གཏེར་བུམ་འཛིན། །ས་བདག་ཚོགས་ཀྱིས་བསྐོར་བར་གྱུར། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ས་ལམ་བགྲོད་པའི་དཔང་པོ་

p. 353

མོ། །སྣང་ཞིང་སྲིད་པའི་ས་བདག་དང་། །འདིར་གནས་ས་ཡི་བདག་པོ་རྣམས། །འདིར་གཤེགས་ས་གླུད་གཏོར་མ་བཞེས། །ས་འདི་བདག་ལ་གནང་མཛོད་ལ། །འདི་རུ་མ་གནས་གཞན་དུ་བཟུར། །ཨོཾ་པྲི་ཐི་ཝཱི་དེ་ཝཱི་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཨགྷཾ་སོགས། ས་ཡི་ལྷ་མོ་དགའ་ཞིང་འཛུམ། །ས་འདི་གནང་གིས་འགྲོ་དོན་སྤྱོད། །ཅེས་གསུངས་ས་ལ་ཐིམ་གྱུར་པས། །ས་ཡང་གསེར་གྱི་ཕུང་པོར་གྱུར། །ས་བདག་གཞན་རྣམས་རང་གནས་བྱེར། །སརྦ་བྷཱུ་མི་པ་ཏི་གཙྪ། །དེ་ནས་ཐིག་ཚོན་སོ་སོར་བཤམ། །རིན་ཆེན་སྣོད་དུ་ཐིག་ཚོན་རྣམས། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿབྷརྣམས་ལས། །རང་མདོག་རིགས་ལྔའི་སྐུར་གྱུར་ཅིང་། །ཡེ་ཤེས་པ་ཐིམ་འོད་དུ་ཞུ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། བདུན་རེ་བརྗོད་པས་བྱིན་བརླབས་ཏེ། །དེ་ནས་ཐིག་ཆེན་བརྒྱད་བཏབ་ལ། །མཐེབ་སྲིན་སྦྱར་བས་སྐུད་སྣེ་འཛིན། །གྲུ་མོའི་རྩེ་རུ་ཚད་བྱས་ལ། །དེ་ཉིད་བལྟེབ་ནས་དབུས་སུ་བཟུང་། ཟླུམ་པོར་བསྐོར་བ་ཐབ་ཀྱི་རྒྱ། །དེ་ཡི་ཕྱི་རིམ་སོར་བཞི་པ། །གཉིས་དང་སོར་དོ་པ་གཉིས་བསྐོར། །མཆུ་དང་ཁ་ཁྱེར་ཁ་བད་དང་། །ཁ་འཕྱོང་བཞི་རུ་འབྱུང་བ་ཡིན། །བསྡུ་ན་གཉིས་སམ་གཅིག་གིས་ཆོག །དབུས་སུ་

p. 354

པདྨ་འདབ་བརྒྱད་ཀྱི། །ལྟེ་བར་རྡོ་རྗེ་དཀར་པོ་བྲི། །འདབ་བརྒྱད་ཕྱོགས་མདོག་མཛེས་ཚོན་ཏེ། །ཕྱི་རོལ་ཁ་ཁྱེར་རྡོ་རྗེ་དཀར། །དེ་རྒྱབ་གཞི་ནི་དཀར་པོ་ལ། །སྣ་ཚོགས་རྡོ་རྗེ་ལྗང་གུ་བྲི། །དེ་རྒྱབ་ལྗང་གུ་རིན་ཆེན་སེར། །དེ་རྒྱབ་སེར་པོ་པདྨ་དམར། །ཟུར་བཞི་ཟླ་ཕྱེད་རྡོ་རྗེ་བཞི། །དྲིལ་བུ་འཁྲོལ་ཞིང་སྤྱན་གྱིས་གཟིགས། །སྐོར་བ་བྱས་ཏེ་ཞལ་ཁེབས་རྒྱབ། །དེ་སྟེང་གདུང་ཁང་བརྩེགས་པའམ། །ཕལ་པར་ཤིང་སྡོང་གྲུ་བཞིར་བརྩེགས། །སྤུར་གདན་ཤོག་གུར་འདབ་བརྒྱད་བྲི། །སྤྱིར་བཞག་སྤུར་ཁེབས་ཤོག་གུ་ལ། །འཁོར་ལོ་རྩིབས་བརྒྱད་བྲིས་པས་བཀབ། །ཉེ་ལོགས་སམ་ནི་གཞན་དུའང་རུང་། །སྲེག་གདན་གཞི་ནི་དཀར་པོའི་སྟེང་། །གཡས་སུ་བསྲེག་རྫས་ཐམས་ཅད་དང་། །གཡོན་དུ་མཆོད་པ་སྣ་བདུན་དང་། མེ་ལྷའི་གཏོར་མ་ཆེ་ཆུང་གཉིས། །ཟླུམ་པོ་རྒྱུན་ལྡན་ལི་སྡེར་གང་། །ཆོས་སྐྱོང་གཏོར་མ་ཟུར་གསུམ་གཅིག །མདུན་དུ་མེ་ལྷའི་མཆོད་པ་ཡི། །མཆོད་པ་སྣ་བདུན་ཆ་ཚང་དང་། །མར་ཁུ་དགང་གཟར་ཁ་སྦྱར་བཤམ། །ལས་བུམ་ནང་དུ་དྲན་རྫོགས་སུ། །རྟ་མགྲིན་བསྒོམས་ལ་སྔགས་བཟླས་བཞག་། ཡམ་ཤི་ང་སོར་མོ་བཅུ་གཉི་ས་པ། །ཀུ་ཤ་དཔལ་འབར་ལ་སོགས་པ། །ཉེར་མཁོའི་ཡོ་བྱད་ཚང་བར་བྱས། ཞིང་སྒྲུབ་ལས་བྱང་སྔོན་སོང་རྗེས། །རང་ཉིད་འོད་དཔག་མེད་དུ་བསྒོམ། །མཆོད་པ་སྤུར་ཁང་བཅས་པ་བྲན། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་

p. 355

བའི་མཆོད་པའི་སྤྲིན། །སྨན་གཏོར་བསྲེག་རྫས་སྣ་ཚོགས་པ། །ཟད་མེད་གྱུར་ཅིག་པཱུ་ཛ་ཧོ། །རྡོར་དྲིལ་དང་བཅས་དགང་བླུགས་སྦྱར། །རྫས་རྣམས་ཀུན་ལ་རེག་བྱ་ཞིང་ཨོཾ་ཨཱཿཧཱུཾ། ཨོཾ་ཋ་ཌ་ཎ་ཥ་ཋ་ཋ་ཐ། དེ་ནས་རྫས་རྣམས་བཀྲུ་བསམ་ཞིང་། །ཨོཾ་སྭཱ་ཧཱ། ཡམ་ཤིང་ལ་རེག །ཨོཾ་ཤྲཱི་སྭཱ་ཧཱ། མར་ཁུ་ལ་རེག །ཨོཾ་ཨཱཿསྭཱ་ཧཱ། འབྲུ་ཐམས་ཅད་ལ་རེག །ཨོཾ་ཛྲ་སྭཱ་ཧཱ། ཐམས་ཅད་ལ་རེག ཨོ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལས་བུམ་ཀུ་ཤ་དཔལ་འབར་གསུམ། །རླུང་གཡབ་མེ་དར་དང་བཅས་བཟུང་། །རྒྱན་གོས་དང་བཅས་སྤུར་ཁང་སྒོར། །ཀུ་ཤ་བསངས་སྦྱངས་བྱས་ནས་ཀྱང་། །ཨོ་ལས་ཀུ་ཤ་སྔོ་ལྗང་ནི། །སྲུང་བའི་ནུས་པ་ཕུན་ཚོགས་གྱུར། །ཨོཾ་བཛྲ་སཏྭ་ཨཱཿ པད་ཀོར་དང་བཅས་གཉིས་རེ་བླང་། །ཨོ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་། ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ཨོཾ་བཛྲ་སཏྭ་ཨཱཿ ཐབ་ཀྱི་ཁ་ཁྱེར་གཡས་བསྐོར་བཀོད། །ཆུན་པོ་གཉིས་ནི་རྒྱ་གྲམ་བཅིངས། །རྩེ་མོ་ཚུར་བསྟན་དབུས་སུ་བཞག །ལས་བུམ་གྱིས་བྲན་བསང་སྦྱངས་ཏེ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས། །ཞི་བའི་

p. 356

ཐབ་ཁུང་མཚན་ཉིད་ལྡན། །བུད་ཤིང་རྣམས་ཀྱིས་གང་བའི་དབུས། །པདྨ་དང་ནི་ཟླ་བའི་སྟེང་། །རཾ་ལས་མེ་ལྷ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་དྲང་སྲང་གཟུགས། །སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །གཡས་གཉིས་དབྱུ་གུ་སྐྱབས་སྦྱིན་ཕྱག །གཡོན་གཉིས་ཕྲེང་བ་རིལ་བ་འཛིན། །ར་སྐྱེས་གདན་ལ་ཕྱེད་སྐྱིལ་བཞུགས་། །འོད་འབར་མེ་ལྕེ་སྟོང་གིས་དཀྲིས། །དེ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ། །ཐུགས་དབུས་རཾ་གྱིས་མཚན་པར་གྱུར། །སྟོང་པའི་ངང་ལས་རྫས་འདི་རྣམས། །ཨོཾ་ཧཱུཾ་ཏུཾ་བྷིཨཱརྣམས་ལས། །རིགས་ལྔའི་ངོ་བོ་ཡེ་ཤེས་ཀྱི། །ཁ་དོག་ལྔ་ལྡན་མེ་འབར་གྱུར། །དྲིལ་བུ་འཁྲོལ་ཞིང་དབྱངས་དང་བཅས། །དེ་ནས་མེ་སྦར་བ་ནི། ཧཱུྃ། མེ་འདིའི་རྩ་སྔོ་བ་ནི། །རྡོ་རྗེ་སེམས་དཔའི་ཡེ་ཤེས་མེ། །དེ་སྟེང་མེ་མདོག་དམར་བ་དེ། །སྣང་བ་མཐའ་ཡས་ཡེ་ཤེས་མེ། །མེ་འདིའི་སྐེད་པ་སེར་བ་དེ། །རིན་ཆེན་འབྱུང་ལྡན་ཡེ་ཤེས་མེ། །དེ་སྟེང་མེ་མདོག་དཀར་བ་དེ། །རྣམ་པར་སྣང་མཛད་ཡེ་ཤེས་མེ། །མེ་འདིའི་རྩེ་མོ་ནག་པ་དེ། །དོན་ཡོད་གྲུབ་པའི་ཡེ་ཤེས་མེ། །རྒྱལ་བ་རིགས་ལྔའི་མེ་ཡིན་ནོ། །ཡེ་ཤེས་ལྔ་

p. 357

ཡི་མེ་དཔུང་གིས། །ཁྱོད་ཀྱི་ཕུང་པོ་ལྔ་སྦྱངས་པས། །དུག་ལྔ་གཏན་ནས་དག་ནས་ཀྱང་། །ཡེ་ཤེས་སྐུ་ལྔ་ཐོབ་པར་ཤོག །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ༔ མེ་སྦར་གྱེར་ལ་མེ་རུ་བཙུགས། །ཨོཾ་བཛྲ་ཛཱ་ལ་ཛཱ་ལ་ཧཱུྃ། ཧཱུྃ། ཡེ་ཤེས་མེ་དཔུང་འབར་བ་འདི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ། ་། མ་འཕྲོ་མ་མཆེད་མ་འཁྱིལ་ཅིག །ལྷ་སྲིན་ཀུན་ལ་གནོད་དོགས་པས། །མེ་མགོ་དར་གྱིས་མནན་པར་བྱ། །ཨོ་མེ་དབལ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་མེ་དར་གཡབ་བྱས་ལ། །མགྱོགས་པར་གཞི་འགྲམ་འོང་ནས་འདུག །ཕྱོགས་གཙང་ལྔ་སེར་མེད་ཕྱོགས་སུ། །ཁ་གྱུས་བསྲེག་རྫས་ཐམས་ཅད་ནི། །མཆོད་གཡོག་པ་ལ་བསྐུར་བས་ཆོག །ཐབ་ཏུ་གནས་པའི་མེ་ལྷ་ཡི། །ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཤར་ལྷོ་ཕྱོགས་ནས་མེ་ཡི་ལྷ། །དྲང་སྲོང་ཚོགས་བཅས་སྤྱན་དྲངས་གྱུར། །ལག་གཡས་མི་འཇིགས་ཕྱག་རྒྱ་ཡི། །མཐེ་བོང་སྲིན་ལག་རྩར་གཡབ་ཅིང་། །རྣ་བ་གཡོན་ནས་གཡས་ངོས་ཁྱེར། །གཡོན་པས་དྲིལ་བུ་བསིལ་བྱ་ཞིང་། །ཨོ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོ་ཊཀྐི་ཧཱུཾ་ཛ་ཧཱུཾ། གཟི་བརྗིད་

p. 358

འབར་བ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །འབར་བའི་གནས་འདིར་བཞུགས་སུ་གསོལ། །ཨོཾ་ཨགི་དེ་བ་ས་མ་ཡ་ཏིཥྛ་ལྷན། ཐབ་ཀྱི་ཤར་ལྷོར་ཀུ་ཤའི་གདན། །ཡེ་ཤེས་མེ་ལྷ་འཁོར་བཅས་འཁོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨགྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་ཏྱཾ་པྲ་ཏིཙྪ་སྭཱ་ཧཱ། ཞེས་པས་ཆུ་གཉིས་འབུལ་བྱས་ཏེ། །ལག་གཡས་རྡོ་རྗེ་དང་བཅས་པའི། །མཐེ་བོང་གིས་ནི་མཐེའུ་ཆུང་མནན། །དམ་ཚིག་ཕྱག་རྒྱ་དེ་ཕྱར་ཞིང་། །ཧཱུཾ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱི། །དམ་ཚིག་ལ་ནི་གནས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ཧ་ན་ས་མ་ཡ་ཧཱུྃ་ཕཊ། ཡེ་ཤེས་མེ་ལྷ་དམ་ཚིག་པ། །དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། །ཛཧཱུྃ་བཾ་ཧོ༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རིགས་ལྔ་སྤྱན་དྲངས་དབང་བསྐུར་ཏེ། །སྐུ་གང་ཆུ་ལྷག་ཡར་ལུད་པས། །རྣམ་པར་སྣང་མཛད་དབུ་བརྒྱན་གྱུར། །ཨོཾ་ཨག་ཡེ་ས་པ་རི་ཝཱ་ར་པུཀྵེ་ནས་ཤབྡའི་བར། ཨོ། གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམ་པའི་བྱིན་ཅན་ལས་ལ་བརྩོན། །སྲེག་བླུགས་འབུལ་

p. 359

ལོ་ལས་ཀུན་སྒྲུབས། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་སྒྲུབ་པའི། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །དགང་བླུགས་ཁ་ལ་ཧྲི༔ཡིག་དང་། །མེ་ལྷ་ཅུང་ཟད་ཞལ་གདངས་པའི། །ལྗགས་ལ་རཾ་ཡིག་གིས་མཚན་པས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ལག་གཉིས་རྡོར་དྲིལ་དང་བཅས་པའི། །ཁུ་ཚུར་མཛུབ་མོ་གཉིས་བརྐྱངས་པས། །དགང་བླུགས་བཟུང་སྟེ་དགང་གཟར་གྱིས། །བླུགས་གཟར་ནང་དུ་མར་ཁུ་ནི། །སྔགས་རེ་བརྗོད་ཅིང་ལན་བདུན་བླུག །ཨོ་ཨག་ཡེ་སྭཱ་ཧཱ། གྲུ་མོ་གཉིས་པོ་པུས་མོ་ལས། །ཕྱིར་མི་འདའ་བར་དགང་བླུག་སྦྱར། །ཐབ་ཀྱི་ཁ་ལ་གཡས་སྐོར་ནི། །ལན་གསུམ་བྱས་པར་བསྒོམ་བྱ་ཞིང་། །ཨོཾ་ཨག་ཡེ་ཧ་བྱ་ཀ་བྱ་ཝཱ་ཧ་ནཱ་ཡ་ཨཱཿདི་བྱ་སྭཱ་ཧཱ། ཞེས་པས་མར་ཁུ་སྐྱོགས་སུ་བླུག །དེ་འདྲ་གསུམ་མམ་བདུན་བྱས་བསྐུར། །དུད་པ་སྔོན་པོ་གྱེན་འགྲེང་དང་། །མེ་ལྕེ་དཀར་དང་གྱེན་དུ་འབར། །དྲི་ངན་མེད་སོགས་བཟང་རྟགས་ཏེ། །མེ་ལྕེ་ནག་དང་དུ་བ་འཚུབས། །ངན་པའི་རྟགས་མཚན་བྱུང་གྱུར་ན། །རྟ་མགྲིན་སྔགས་ནི་མང་དུ་བཟླས། །ལས་བུམ་ཆུ་ཡིས་བྲན་བཅུག་གོ །མེ་ལྷའི་ཐུགས་ཀའི་འོད་ཟེར་གྱིས། །ཚེ་འདས་བཀུག་ནས་སྡིག་སྒྲིབ་རྣམས། །འོད་ཟེར་གྱིས་དྲངས་བསྲེག་རྫས་ལ། །

p. 360

ཐིམ་སྟེ་མེ་ལྷས་གསོལ་བར་གྱུར། །གང་ཟག་བཟང་པོ་ཡིན་ན་ནི། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་བསྟིམ། །བསྲེག་རྫས་གུང་མཐེབ་སྦྱར་བས་འབུལ། །བསྲེག་རྫས་ཀུན་གྱི་སྔགས་མགོ་ལ། །ཨོ་ཨགྷ་ཡ་ཞེས་སྦྱར་ཡམ་ཤིང་བྱང་ཆུབ་ཤིང་། །བསམ་པ་རྩེ་མོ་སྟེང་བསྟན་འབུལ། །ཨོཾ་བོ་དྷི་བྲིཀཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ། མར་ཁུ་ལ། ཨོཾ་ཨག་ཡེ་སྭཱ་ཧཱ། ཚེ་ལས་འདས་བདག་གཞན་སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཐམས་ཅད་ལ་འགྲེ། པའི་སྐྱེ་བ་གཞན་དུ་འབྱོར་པའི་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སོགས། ཏིལ་ནག་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སོགས། ཡུངས་ཀར་ལ། ཨོཾ་སརྦ་ཨཎཱ་སི་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་བར་དོའི་འཇིགས་སྐག་ཐམས་ཅད་སོགས། ཟས་མཆོག་ནི་སྐྱ་ཚུལ་མར་སོགས་ཟས་སྣ་བསྲེས། ཨོཾ་སརྦ་སམྨ་དེ་སྭཱ་ཧཱ། ཚེ་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། དྲུར་ཝ་ནི་རམ་རྩི་ཡིན་ཏེ། ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ཚེ་ལས་འདས་པ་སྐྱེ་བ་གཞན་དུ་ཚེ་ཕུན་སུམ་ཚོགས་པ་ལ་བར་

p. 361

དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་ཞིང་ཁམས་བགྲོད་པ་ལ་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། གྲོ་ལ། ཨོཾ་བཛྲ་གྷསྨཱ་རེ་སྭཱ་ཧཱ། ཚེ་ལས་འདས་པ་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། སོ་བ་ལ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། སྲན་མ་ལ། ཨོ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་སོགས། འབྲས་ལ། ཨོཾ་བཛྲ་པུཥྛ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད༔ ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་༴ བིལ་བ་ལྟར་ཁའམ་མ་རྙེད་ན་སེ་ཐོག་ཤུག་ཐོག་གང་རུང་ལ། ཨོཾ་བཛྲ་ཏི་བ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་རིགས་རྒྱུད་ཕུན་སུམ་ཚོགས་པ་ལ་བར་དུ་

p. 362

གཅོད་པར་བྱེད་པའི་སྡིག་སྒྲིབ་ཐམས་ཅད༴ དཀར་གསུམ་མངར་གསུམ་གང་འབྱོར་ལ། ཨོབཛྲ་མཱ་ལེ་པུཥཱ་ཡེ་སྭཱ་ཧཱ། ཚེ་ལས་འདས་པའི་ཤེས་རབ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པའི་སྡིག་སྒྲིབ་ཐམས་ཅད༔ མེ་ཏོག་དཀར་པོ་མེད་ན་ནས་ལ། ཨོཾ་བཛྲ་པུལླེ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པར་བྱེད་པའི༴ དྲི་དང་སོ་རྩི་ཇ་སོགས་བཏུང་བའི་རིགས་ལ། ཨོཾ་བཛྲ་ཏཾ་བུ་ལཱ་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་བཀྲ་ཤིས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ སྨན་སྣ་ཚོགས་ལ། ཨོཾ་ཨོ་ཥ་དྷི་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ དར་རས་གོས་སྣམ་དུམ་བུ་ལ། ཨོབཛྲ་ཝས་ཡ་སྭཱ་ཧཱ། ཚེ་ལས་འདས་པའི་སྐྱེ་བ་གཞན་དུ་རྒྱན་དང་གོས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད༴ འདིར་མ་འཐུས་པའི་འབྲུའི་རིགས། བཟའ་བཏུང་ལ་སོགས་འབུལ་འདོད་ན། ཨ་ཡེ་སོགས་ལྷ་སྔགས་མཇུག་ཏུ། ཨོཾ་ཨཱཿཧཱུྃ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ། དེ་ལྟར་ཏིལ་ནི་ཉེར་གཅིག་ཙམ། །གཞན་རྣམས་བདུན་ནམ་གསུམ་རེས་ཆོག །དེ་ནས་རང་མདུན་མཆོད་པ་རྣམས། །རེ་རེ་བཞིན་དུ་འབུལ་བར་བྱ།

p. 363

འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨཧཱུྃ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞབས་བསིལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨག་ཡེ་ས་པ་རི་ཝཱ་ར་པཱཧཱུྃ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་པུཤྲཱི་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨག་ཡེ་ས་པ་རི་

p. 364

ཝཱ་ར་དྷཱུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་། བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨཱཿལོ་ཀེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། འཇིག་རྟེན་ཁམས་ནི་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྲྭ་ཡེ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། ཞལ་ཟས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ནེ་ཝི་ཏྱ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །དྲང་སྲོང་མེ་ལྷའི་

p. 365

ཚོགས་ལ་འབུལ། །བཞེས་ནས་ཞི་བའི་ཕྲིན་ལས་མཛོད། །ཨོཾ་ཨགྲྭ་ཡེ་ས་པ་རི་ཝཱ་ར་ཤབྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྨྲ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཆོད་པ་རྣམས་དང་མར་མེ་དང་། །ལྷ་བཤོས་ལ་སོགས་འབུལ་བྱ་ཞིང་། །རོལ་མོའི་སྐབས་སུ་མཚམས་འཛིན་གྱི། །མེ་ཏོག་འཐོར་ཞིང་དྲིལ་བུ་བསིལ། །སྤྲོ་ན་རོལ་ཆེན་འུར་བརྡུང་བྱ། །ཨོཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པའི། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཕྲིན་ལས་སྒྲུབ་པའི་མངའ་བདག་ཆེ། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་ཐེག་མཆོག་ར་སྐྱེས་ཆིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་བཀང་གརྗེ་བསྣམས། །ཆོས་ཀྱི་བདུད་རྩིས་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞི་བའི་ཕྲིན་ལས་བསྒྲུབ་པ་དང་། །ས་ལམ་བར་ཆད་ཞི་བར་མཛོད། །དྲང་སྲོང་ཆེན་པོ་མེ་ལྷ་ཡིས། །སྔོན་གྱི་

p. 366

དམ་བཅས་མནའ་དོར་བ། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །མེ་ལྷ་ཁྱེད་ཉིད་མེ་དཔུང་དང་། །གཉིས་སུ་མེད་པར་བཞུགས་མཛོད་ལ། །སྦྱིན་སྲེག་མཆོད་པ་འདི་རྣམས་ཀུན། །བདེ་ཆེན་ཞིང་གི་ལྷ་ཚོགས་ཀྱི། །ཞལ་དུ་བསྟབ་པའི་ལས་མཛོད་ཅིག །མེ་ལྷའི་ཐུགས་ལས་སྤྲུལ་པ་ཡི། །མེ་ལྷ་དྲང་སྲོང་ཡིད་ལས་སྐྱེས། །རང་འདྲ་ཞིག་གིས་ལྷ་ཚོགས་ལ། །མཆོད་པའི་ཕྱག་ཚང་མཛད་པར་གྱུར། །མེ་ལྷའི་ལྟོ་བ་རྒྱ་ཆེ་བ། །འོད་ལས་གྲུབ་པའི་གཞལ་ཡས་ཁང་། །དེ་དབུས་པདྨ་ཟླ་གདན་ལ། །འོད་དཔག་མེད་མགོན་སྐུ་མདོག་དམར། །ཞེས་པ་ནས། བ་ལིངྐཱ་རཀྟ་ཁཱ་ཧིའི་བར། ཞིང་སྒྲུབ་ཆོ་ག་བཞིན་དུ་འདོན། །ཕལ་པ་ཡིན་ན་བསྲེག་རྫས་རྣམས། །ཚེ་འདས་ཤ་རུས་དབྱེར་མེད་བསྒོམ། །ལྷ་ཚོགས་རྣམས་ལ་མཆོད་པ་ཡིན། །གང་ཟག་དམ་པའི་གདུང་ཡིན་ན། །གདུང་དང་ལྷ་ཚོགས་དབྱེར་མེད་བསྒོམ། །བསྲེག་རྫས་མཆོད་པ་འབུལ་བ་ནི། །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ དེ་ལ་གོང་གི་བསྲེག་རྫས་སྔགས། །བཏགས་ཏེ་རིམ་པར་འབུལ་བ་སྟེ། །ལྷ་སྔགས་རྫས་སྔགས་འདོད་གསོལ་གསུམ། །གཅིག་ཏུ་བརྩི་བ་གྲངས་སུ་འཛིན། །གཙོ་བོ་ལ་ནི་བརྒྱ་རེ་འབུལ། །ཨོཾ་མ་ཎི་པདྨེ་ཧཱུཾ། དེ་ལ་རྫས་སྔགས་བཏགས་བྱས་

p. 367

ཏེ། །ཐུགས་རྗེ་ཆེན་པོར་ཉེར་གཅིག་འབུལ། །ཨོཾ་བཛྲ་པཱ་ཎིཧཱུྃ། མཐུ་ཆེན་ཐོབ་ལ་ཉེར་གཅིག་འབུལ། །ཨོཾ་སརྦ་བུདྡྷ་བྷྱོ་དྷི་སཏྭ་ས་པ་རི་ཝཱ་རཱ་ཡ། བདེ་ཆེན་ཞིང་གི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །བདུན་ནམ་ཉི་ཤུ་རྩ་གཅིག་འབུལ། །འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ལ་སོགས་གོང་ལྟར་ལ། །བཅོམ་ལྡན༴ བཞེས་ནས་ཞི་བའི༴ ། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་པཱ་ཛ་ལ་སོགས་འགྲེའོ། །ཤསྔའི་བར་གྱིས་རྒྱས་པར་མཆོད། །མེ་ལྷའི་གཏོར་མ་ཆེ་བ་དེ། །མར་ཁུས་བྲན་ལ་བཀྱགས་བཅུག་ལ། །ཨ་ཀཱ་རོས་བྱིན་བརླབས་ལ། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་བྱས་ནས། །བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་

p. 368

རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། ་། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཚིག་མཇུག་དེར་ཡོད་ཐམས་ཅད་ཀྱིས། །རྗེས་ཟློས་ལན་གསུམ་བྱེད་བཅུག་ལ། །གདུང་ཁང་ནང་དུ་ཕུལ་བཅུག་གོ །ཨོཾ། རྡོ་རྗེའི་སྐུ་ནི་སྐུ་ཞེས་སོགས་ནས། བཛྲ་སཏྭ་ཧཱུྃ་གི་བར། །ཆོ་ག་ནང་ལྟར་བརྗོད་པར་བྱ། །དེ་ནས་ཆོས་སྐྱོང་གཏོར་མ་བྲན། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཞིང་སྐྱོང་ཡབ་ཡུམ་སྤྱན་དྲངས་ལ། །མེ་ལྷའི་ལྟོ་བའི་བདེ་ཆེན་ཞིང་། །ཕྱག་རྡོར་དྲུང་དེར་བཞུགས་པར་བསྒོམ། །སྣང་བ་མཐའ་ཡས་བཀའ་སྲུང་བ། །ཞེས་པ་དང་། རང་རང་མཐུན་པའི་རྫས་ཀྱིས་བཀང་། །སྦྱིན་སྲེག་མཆོད་པ་འབུལ་གྱིས་བཞེས། །ཨརྒྱུ་ལ་སོགས་སྔགས་ཀྱིས་མཆོད། །ཨོ་སི་ཧ་མུ་ཁ་ཧཱུྃ་ཕཊ། ཨོ་སི་ན་ར་མ་ཧཱུྃ་ཕཊ། ཏྲེ་ཧྲིང་ཛ༔ཧཱུྃ་ཕཊ། ཏྲི་ཧཱུྃ་ཛ༔ དེ་ལ་རྫས་སྔགས་བཏགས་ནས་ཀྱང་། །བསྲེག་རྫས་ཐམས་ཅད་བདུན་རེ་འབུལ། །ཧཱུྃ། སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །ཁས་བླངས་སངས་རྒྱས་བསྟན་པ་སྲུང་། །མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ། །ཞིང་སྐྱོང་འཁོར་བཅས་བདག་གིས་བསྟོད། །དམ་རྫས་སྦྱིན་སྲེག་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །གང་

p. 369

བཅོལ་ལས་རྣམས་འགྲུབ་པར་མཛོད། །དེ་ནས་གཏོར་མར་མར་ཁུས་བྲན། །ན་མོ། དཀོན་མཆོག་གསུམ་གྱི་སོགས་བདེན་སྟོབས་དུས། །བདག་ཅག་ཡོན་མཆོད་ཅེས་པ་དང་། །ཚེ་འདས་བདེ་ཆེན་ཞིང་ཁམས་སུ། །ཞེས་སོགས་བཀུག་གཞུག་ཚིག་ཟུར་བསྒྱུར། །ཧཱུྃ། དཔལ་ལྡན་ཞིང་སྐྱོང་གཏོར་མ་བཞེས། །ཚེ་འདས་བདེ་ཆེན་ཞིང་ཁམས་སུ། །སྔོན་ནས་བསུས་ལ་ཕྱི་ནས་སྐྱོལ། །ས་དང་ལམ་གྱི་བར་ཆད་ཟློག །གསོན་པོ་ཚེ་དང་ལྡན་རྣམས་ཀྱི། །ནད་གདོན་བར་ཆད་ཐམས་ཅད་སོལ། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །གཏོར་མ་ཐབ་ཏུ་འབུལ་རྒྱུ་བསྐུར། །དེ་ནས་རྒྱས་པར་སྤྲོ་ན་ནི། །མེ་ལྷའི་ཐུགས་ཀར་བདེ་ཆེན་ཞིང་། །དེ་མཐར་ཚེ་འདས་བསྐྱེད་བྱས་ལ། །བྱང་ཆོག་བཞིན་དུ་ཕྱིར་ལྡོག་བྱ། །བསྡུ་ན་ལྷ་བསྐྱེད་ནས་བཟུང་སྟེ། །བུམ་དབང་བར་དུ་བྱང་ཆོག་ལྟར། །དེ་ནས་ཟས་བསྔོ་བྱང་ཆོག་ལྟར། །ཟས་རྣམས་ཐབ་ཀྱི་ནང་དུ་འབུལ། །མེ་སྦོར་མི་དགོས་སྔར་བྱས་ཆོག །ལམ་བསྟན་བསྔོ་བ་བྱང་ཆོག་ལྟར། །དེ་ཡིས་སྦྱིན་སྲེག་དངོས་གཞི་རྫོགས། །ཨོཾ་ཨ་མི་དྷེ་ཝ་ཧྲིས་པ་རི་ཝཱ་ར་དེ་ལ་བསྲེག་རྗེ་ས་སྔགས་སྦྱར་བ། །བདུན་རེ་གོང་ལྟར་ཕུལ་བར་བྱ། །དེ་ལ་ཨགྷཾ་སོགས་བཏགས་ལ། །མཆོད་པ་རྣམས་ཀྱང་ཆ་རེ་འབུལ། །ཧཱུྃ། བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། །སེམས་ཅན་རྣམས་ལ་

p. 370

རྟག་ཏུ་ཐུགས་རྗེས་གཟིགས། །དམ་བཅའ་ཞལ་བཞེས་འགྲོ་བའི་སྐྱབས་མཛད་པ། །སྣང་མཐའ་མཉམ་གཞག་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང་། །དེ་དག་མ་ལུས་བཟོད་པར་གསོལ། །ཞེས་སོགས་ཡིག་བརྒྱ་ཚར་རེ་བཟླ་། །ཨོ། ཁྱེད་ཀྱིས་སེམས་ཅད་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཡེ་ཤེས་པ་རྣམས་རང་གནས་གཤེགས། །དམ་ཚིག་པ་རྣམས་རང་ལ་ཐིམ། །དེ་ནས་བསྲེག་རྫས་ལྷག་མ་རྣམས། །གྲངས་ཀ་མི་བཟུང་ལྷག་མེད་དུ། །གོང་ལྟར་འཇིག་རྟེན་མེ་ལྷར་འབུལ། །མེ་ལྷའི་གཏོར་མར་མར་ཁུས་བྲན། །གཡོན་ངོས་སྦྱིན་བདག་དེ་ཡིས་བཀྱགས། །ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས། །ཨོཾ་ཨ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་བསྔོ་བྱས་ཏེ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་

p. 371

སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་ལ་སོགས་པ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འདོད་གསོལ་ཡོན་བདག་རྗེས་ཟློས་བཅུག །མེ་ལྷའི་སྔགས་དང་ཨགྷཾ་སོགས། །བཏགས་ལ་མཆོད་པ་ལྷག་མེད་འབུལ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཨོ། མ་འབྱོར་པ་དང་ཉམས་པ་དང་སོགས་ནས། །དེ་ཀུན་དྲང་སྲོང་བཟོད་པར་མཛོད། །ཡིག་བརྒྱ་བཟླས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་འབར་བའི་རྣམ་པར་གྱུར། །སྤྱན་དྲངས་པ་ཡི་ཕྱག་རྒྱ་ཡི། །མཐེ་བོང་ཕྱིར་ལ་བསྐྱེད་པར་བྱ། །བསྔོ་བ་སྨོན་ལམ་བྱ་བ་དང་། །ཡི་གེ་བརྒྱ་པ་ཚར་གསུམ་འདོན། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད། །དེ་ནས་ངག་བཏང་རྡོ་དྲིལ་བཞག །ༀ་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཞེས་བརྗོད་རུས་པ་ཐལ་སོལ་བསྡུ། །གང་ཟག་བཟང་པོའི་ཐལ་སོལ་ནི། །ཆུ་ཆེན་གཞུང་

p. 372

དུ་བཏབ་བྱས་པས། །ཆུ་འཐུང་སེམས་ཅན་སྒྲིབ་པ་སྦྱོང་། །ཕལ་པའི་ཐལ་སོལ་ཀླུ་མེད་ཅིང་། །ས་དཔལ་བཟང་སར་བླུག་ཏུ་བཅུག །རུས་པ་སྣོད་གཙང་ནང་དུ་བཞག །དེ་ལ་ཁྲུས་དང་ཕྱིར་ལྡོག་བྱ། །དེ་ནི་རུས་ཆོག་ཅེས་བྱའོ། །མདུན་དུ་དཀར་གཏོར་གཅིག་བཤམས་ལ། །ས་སློང་སྐབས་སུ་བཤད་པ་ཡི། །དམིགས་པ་དང་བཅས་ས་ལྷ་ལ། །གཏོར་མ་བསྔོས་ལ་འབུལ་རྒྱུ་བསྐུར། །ས་སྐྱིན་བླང་བཅུག་མདུན་དུ་སྤུངས། །ཨ། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །འོད་དཔག་མེད་པའི་སྐུར་གསལ་བའི། ་། ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་གྱི་ཐུགས་རྒྱུད་བསྐུལ། །སྐུ་ལས་འོད་འཕྲོས་ས་ལ་ཐིམ། །ཡེ་ཤེས་ལྔ་ཡི་རང་བཞིན་གྱུར། །ཨོཾ་ཧཱུཾ་སྭཱ་ཧཱ། ཉེར་གཅིག་བརྗོད། ལག་མཐིལ་གཉིས་སུ་ཨ་ཡིག་ལས། །ཟླ་བའི་སྟེང་དུ་ཧཱུྃ་ཡིག་ལས། །རྡོ་རྗེ་དཀར་པོ་རྩེ་ལྔ་པ། །དེ་ཞུ་ལག་པར་ཐིམ་པ་ཡིས། །ལག་པ་རྡོ་རྗེའི་རང་བཞིན་དང་། །སོར་མོ་རྡོ་རྗེ་རྩེ་གཅིག་གྱུར། །ཨོཾ་བཛྲ་སཏྭ་ཧཱུཾ། ཚེ་འདས་དེ་ཡི་སློབ་མ་དང་། །ཉེ་འབྲེལ་མིན་ཅིང་སྡིག་ཆེན་མིན། །དེ་འདྲ་ཞིག་གིས་རུས་པ་བཏུལ། །ཆུས་སྦྱོང་ཕུག་རོན་དང་རུ་ཙམ། །དེ་ཡིས་ས་སྦྲུས་འཇིམ་པ་བྱ། །ལས་བུམ་ཆུ་ཡིས་བྲན་བྱ་ཞིང་། །རྟ་མགྲིན་སྔགས་བཟླས་མི་གཙང་བསངས། །སྲ་བྷ་ཝཱ་ཡིས་སྟོང་པར་

p. 373

སྦྱངས། །ཧཱུཾ་ལས་རིན་ཆེན་ཕུང་པོར་གྱུར། །མཐེ་བོང་གཉིས་ཀྱིས་མཛུབ་ཆུང་མནན། །ལག་གཉིས་ཁ་སྤྲོད་ཚུལ་བྱས་ལ། །ལན་གྲངས་ཉེར་གཅིག་འཇིམ་པར་རེག །འོད་དཔག་གཟུངས་རིང་ཉེར་གཅིག་བརྗོད། །ལག་པས་འཇིམ་པ་སྐུ་ཕོར་རེག །ཆོས་སྐུ་སྟོང་པའི་ངང་ཉིད་ལས། །གཟུགས་སྐུ་སྣ་ཚོགས་བྱོན་པར་གྱུར། །ཨོཾ་དྷརྨ་དྷ་ཏུ་གནྡྷེ་སྭཱ་ཧཱ། དེ་ཡིས་རུས་ཆོག་ས་ཆོག་ཚར། །དེ་ནས་མི་མང་ཐམས་ཅད་ཀྱིས། །ཨོཾ་ཧཱུཾ་སྭཱ་ཧཱ་ཡིག་དྲུག་གཉིས། གང་འདོད་བཟླ་ཞིང་བཏབ་པས་ཆོག །སྐམ་ནས་དཀར་རྩི་གསོལ་གྲུབ་ལེགས། །དཀར་རྩི་མེད་ཀྱང་འགལ་བ་མེད། །དེ་ནས་སཱཙྪ་ཐམས་ཅད་བསྒྲིགས། །མར་མེ་མཆོད་པ་བཤམས་བྱས་ལ། །སྭ་བྷ་ཝ་ཡི་སྔགས་བརྗོད་ནས། །སྟོང་པའི་ངང་ལས་མཆོད་རྟེན་ནི། །ཆེན་པོ་མང་པོར་གྱུར་པ་ཡི། །བུམ་པའི་ནང་དུ་རིན་ཆེན་གྱི། །གཞལ་ཡས་ཁང་པ་རྒྱ་ཆེན་གྱི། །དབུས་སུ་པདྨ་ཟླ་གདན་ལ། །འོད་དཔག་མེད་མགོན་སྐུ་མདོག་དམར། །ཞེས་པ་ནས་བཟུང་འོད་ཆོག་ནི། :། ཚེ་འགུགས་མ་གཏོགས་ཐམས་ཅད་འདོན། །དེ་ནས་མདུན་གྱི་བཅོམ་ལྡན་འདས། །འོད་ཞུ་མཆོད་རྟེན་རྣམ་པར་གྱུར། །རྟེན་འབྲེལ་སྙིང་པོ་ཉེར་གཅིག་ནི། །བརྗོད་ཅིང་ནས་འཐོར་རབ་གནས་སོ། །གང་ཟག་ཕལ་པའི་རུས་ཚྭནི། །ཆུ་ཐུབ་སྐོར་བ་མི་འགྲོ་ཞིང་། །ས་དགྲ་མེད་པའི་ཕུག་པར་བསྐྱལ། །

p. 374

གནས་བདག་དེ་ལ་དཀར་གཏོར་བསྔོ། །རང་གིས་ཆོས་འབྲེལ་ཞུས་པའམ། །རང་གི་ཉེ་དུ་ཡིན་ན་ནི། །རང་གིས་མེ་ནི་མི་སྦར་བར། །གྲྭ་པ་ཞིག་ལ་སྦྱར་དུ་བཅུག །ཐ་མལ་ཕུང་པོ་མེ་སྦྱར་བ། །ཉེས་པ་ཡོད་ཅེས་ལ་ལས་སྨྲ། །མེ་སྦར་མཁན་གཅིག་གླ་སྦྱིན་ཚོལ། །ཚེ་འདས་དེ་ཡི་མིང་ནས་འབོད། །མེ་ཐལ་གྲོས་ཞེས་བརྗོད་པ་ནི། །བླ་དེ་རོ་ལ་གནས་པའི་ཕྱིར། །དེ་ལ་སྐྲག་སྣང་འབྱུང་དོགས་ཟེར། །དེ་འདྲ་ལོག་པ་ཡིན་པའི་ཕྱིར། །དེ་འདྲའི་མིག་ལྟོས་མི་བྱ་བར། །མེ་ནི་སློབ་དཔོན་རང་གིས་སྦྱར། །གང་ཟག་བཟང་པོའི་གདུང་ལ་ནི། །དེ་ཡི་ཡི་དམ་གང་ཡིན་བསྐྱེད། །མཆོད་བསྟོད་བྱས་ལ་གཤེགས་སུ་གསོལ། །གདུང་དེ་དམ་ཚིག་སེམས་དཔར་བསྐྱེད། །དེ་ལ་མཆོད་བསྟོད་བྱས་ལ་བཞུ། །དེ་མ་བྱས་ན་བླ་མའི་གདུང་། །གསེར་སྐུ་བཤིག་དང་འདྲའོ་ཟེར། །འོན་ཀྱང་དེ་བྱས་རྟེན་མི་འབྱོན། །གདུང་དང་ཡི་དམ་དབྱེར་མེད་ལ། །སྦྱིན་སྲེག་མཆོད་པ་འབུལ་བ་ཡིན། །དེ་ལ་ཉེས་པ་འབྱུང་མི་སྲིད། །གང་ཟག་བཟང་པོའི་གདུང་ལ་ནི། །གདུང་ཁང་སྟེང་དུ་ཨོམ་བཅིངས་ཁར། །བྱིན་རླབས་ཅན་ཀྱི་རྟེན་གཅིག་བཞག །དེ་མ་བྱས་ན་རིང་བསྲེལ་སོགས། །རྟེན་རྣམས་མཁའ་འགྲོས་གདན་འདྲེན་སྲིད། །དེ་དག་ཞལ་གདམས་ཉེར་མཁོ་ཡིན། །འོད་ཆོག་རོ་སྲེག་རུང་བའི་དོན། །འོད་དཔག་ཚེ་དཔག་དོན་གཅིག་ཅིང་། །སྦྱོང་རྒྱུད་ཚེ་དཔག་གསུང་དཀྱིལ་སྐབས། །ལྷ་ཡི་བུ་རྣམས་ཞི་བ་ཡི། །ཧོམ་ཁུང་ཐ་མ་བར་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པའི། །ཟླུམ་པོ་ཉིད་

p. 375

དུ་བྱས་ནས་ནི། །དེ་ཡི་མིང་ལ་ཡུངས་ཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ན། །ངན་སོང་ཀུན་ལས་ཐར་བར་འགྱུར། །དེ་ཡི་ཤ་དང་རུས་པ་དང་། །སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ག་དེ་དང་འདྲ་བ་ནི། །སྦྱིན་སྲེག་བྱས་ན་ངན་སོང་ཡང་། །ཀུན་ལས་རྣམ་པར་ཐར་བར་འགྱུར། །ཞེས་གསུངས་གསང་འདུས་རྒྱུད་ལས་ཀྱང་། །རྣམ་ཤེས་ལྔ་བྲལ་བེམ་པོའི་ལུས། །བག་ཆགས་སྦྱངས་བས་ཐར་པ་ཐོབ། །སྦྱང་གཞི་ཕྱི་དང་ནང་གི་རོ། །སྦྱོང་བྱེད་འབྱུང་བ་ཡེ་ཤེས་མེ། །འབྱུང་བའི་མེ་ཡིས་བག་ཆགས་སྦྱོང་། །ཡེ་ཤེས་མེ་ཡིས་ཉོན་མོངས་སྲེག །ཅེས་གསུངས་ཕྱིར་ན་ཕན་ཡོན་ཆེ། །རང་ངམ་སྦྱིན་བདག་གསོན་པོ་ཡི། །སོ་སེན་སྐྲ་དང་གོས་རྙིང་ལ། །སྒྲིབ་སྦྱོང་སྦྱིན་སྲེག་བླུགས་འདོད་ན། །བྱ་ཚུལ་ཐམས་ཅད་གོང་དང་འདྲ། །ཚེ་འདས་ཞེས་པ་ཚེ་ལྡན་བསྒྱུར། །ཕྱིར་ལྡོག་འདོད་ཡོན་བསྔོ་བ་སྐྱུར། །དེ་ཡི་ཚབ་ལ་ཚེ་འགུགས་སྦྱར། །ཞིང་སྐྱོང་འགུགས་གཞུག་གཏོར་འབུལ་མཇུག །ལས་བྱང་གཞུང་ནི་དེ་ལྟར་འདོན་། །སཱཙྪ་སོགས་ཀྱང་འགྲུབ་ན་ལེགས། །བླ་མ་སྨན་བླ་ཁུ་དབོན་གྱིས། །རིང་ནས་བསྐུལ་བ་དོན་ཡོད་ཕྱིར། །དགེ་སློང་རཱ་ག་ཨ་སྱ་ཡིས། །ལྕགས་མོ་ཕག་ལོའི་དབོ་ཟླ་ཡི། །ཚེས་པ་བཅུ་གཉིས་བཅུ་གསུམ་གྱི། །ཐུན་སྐབས་འགའ་ལ་སྨྲས་པ་ལྟར། །ནམ་མཁའ་ཀུན་དགའ་གཉིས་པོ་ཡིས། །རེས་མོས་བྱས་ཤིང་བྲིས་པ་ལ། །ཉེས་འགལ་གང་མཆིས་ལྷ་ལ་བཤགས། །དགེ་བས་སྐྱེ་འགྲོ་མང་པོ་ཞིག །རིགས་དྲུག་སྐྱེ་སྒོ་ཆོད་ནས་ཀྱང་། །བདེ་ཆེན་

p. 376

ཞིང་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ། །དགེའོ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་སྒྲུབ་ཀྱི་བྱང་ཆོག་ཐར་ལམ་དཀར་པོ།

p. 377
p. 378

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་སྒྲུབ་ཀྱི་བྱང་ཆོག་ཐར་ལམ་དཀར་པོ་བཞུགས་སོ།

p. 379

ཧཏར༔ བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ལྷ་ཚོགས་ལ་ཕྱག་འཚལ་ལོ༔ འདི་ཡི་སྒོ་ནས་བྱང་བུ་ནི༔ དང་པོ་མདུན་དུ་ཚེ་འདས་ཀྱི༔ རོ་འམ་རུས་དུམ་སྐྲ་ཆུན་ནམ་གཟུགས་བརྙན་མིང་རུས་བྲིས་པའམ༔ བསྡུ་ན་ནི་ཡིག་ཙམ་གྱིས་ཆོག ཐེབ་ཙེ་གཅིག་ཏུ་ལྕོག་རྡོག་ནི༔ གསུམ་མམ་ཡང་ན་གཅིག་ཀྱང་རུང་༔ ཆངས་བུ་ཏིང་ལོ་གཅིག་གམ་གསུམ༔ ཏིལ་ནག་གམ་ནི་ཡུངས་ཞི་དང་༔ བྱེ་མ་འདོད་ཡོན་བཅས་པ་བཤམ༔ ཞིང་སྦྱང་ཆོ་ག་སྔོན་སོང་ཚེ༔ བུམ་ནང་ལྷ་ཚོགས་གསལ་བ་ལ༔ དམིགས་པ་གཏད་ལ་མང་དུ་བསྙེན༔ དམིགས་རྟེན་བྲན་ལ་འདི་སྐད་བརྗོད༔ ཨོ་ཀ་ཏི་མ་ན་ཡ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས༔ མདུན་དུ་ཚེ་ལས་འདས་པ་ནི༔ རྒེ་གསོན་པོའི་

p. 380

གཟུགས་ལྟར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཡི་དམ་ལྷ་ཡི་བདེན་པ་ཡིས༔ སྒེའི་རྣམ་པར་ཤེས་པ་དེ༔ སྟེང་འོག་བར་གསུམ་གར་གནས་པའི༔ གནས་ནས་གཟུགས་དང་མིང་རུས་འདིར༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ༔ དེ་ནི་ལན་གསུམ་བརྗོད་པའོ༔ དེ་ནས་ཅོག་རྡོག་ཆངས་བུ་དང་༔ ཏིང་ལོ་བཤམས་ལ་བྲན་བྱས་ཏེ༔ ཧཱུྃ་ལས་རིན་ཆེན་སྣོད་ནང་དུ༔ གཏོར་མ་སོ་སོའི་ཡིད་མཐུན་པའི༔ ལོངས་སྤྱོད་དཔག་ཏུ་མེད་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཚེ་ལས་འདས་པ་འདི་ཉིད་ལ༔ གསོན་པོའི་བདུད་དང་ཤི་བའི་གཤེད༔ ཁྱེད་རྣམས་གཏོར་

p. 381

མ་འདི་ཁྱེར་ལ་ཚེ་ལས་འདས་པ་འདི་ཉིད་ལ༔ ཐར་བའི་གེགས་ནི་ཁྱོད་མ་བྱེད༔ གལ་ཏེ་མ་ཉན་བྱས་གྱུར་ན༔ ངས་ནི་ལྷ་ཡི་ང་རྒྱལ་བསྐྱེད༔ ཁྱོད་ཀྱི་མགོ་བོ་དུམ་བུར་འགེམས༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ལྕོག་རྡོག་རྟེན་ལ་གཡས་བསྐོར་ཞིང་༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཞེས་བརྗོད་ལྕོག་རྡོག་མཉམ་དུ་བླུགས༔ དེ་འདྲ་ལན་གསུམ་བྱ་བ་ཞི་སྦྱོང་ཡིན༔ དེ་ནས་མཐེབ་སྐྱུའམ་ཏིང་ལོ་དང་༔ ཆངས་བུ་བྲན་ལ་བཟུང་བྱས་ཏེ༔ ཧཱུྃ༔ ཚེ་ལས་འདས་པ་འདི་ལ་ནི༔ བར་དུ་གཅོད་དང་འཁྲི་བ་དང་༔ ཐོས་དང་རིག་དང་རྟོག་པ་ཡི༔ གདོན་བགེགས་གསོན་བདུད་གཤིན་ལྕགས་ཀྱིས༔ ཆངས་བུ་ཏིང་ལོ་འདི་བཞེས་ལ༔ མ་གནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་འགྲོ་བར་མི་བྱེད་ན་བདག་ནི་ཁྲོ་རྒྱལ་དབང་ཆེན་ཏེ༔ རྡུལ་ཕྲན་བཞིན་དུ་རླག་པར་བྱེད༔ རྡོ་རྗེ་དམྱལ་བར་ཤི་ཀ་རེ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག ཆངས་བུ་ཏིང་ལོ་གཡོན་དུ་བསྐོར་ཞིང་༔ ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་སོགས་ལན་གསུམ་བརྗོད་ཅིང་སྡེར་དུ་ཕུལ༔ ཞི་དྲག་ཕྱེད་མས་སྦྱོང་བའོ༔ དེ་ནས་དྲག་པོར་སྦྱོང་བ་ནི༔ ཧཱུྃ༔ ང་ནི་ལྷ་ཡི་ཏིང་འཛིན་གྱི༔ འོད་ཀྱིས་ཕྱོགས་བཅུ་ཐམས་ཅད་གང་༔ ཕྱོགས་

p. 382

རྣམས་ཐམས་ཅད་བདེ་ཆེན་ཞིང་༔ གང་བ་དེ་ལས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་བྱེད་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཞེས་སོགས། ལན་གསུམ་བརྗོད༔ ནས་ལྕག་གིས་བྲབ༔ དེ་ནས་མཚམས་གཅོད་སྲུང་འཁོར་ནི༔ ཧཱུྃ༔ སྟེང་ཡང་རྡོ་རྗེའི་གུར་ཁང་ལ༔ འོག་ཀྱང་རྡོ་རྗེའི་ས་གཞིར་གྱུར༔ བར་མཚམས་རྡོ་རྗེའི་རྭ་བར་གྱུར༔ མེ་དཔུང་ཆེན་པོས་མཚམས་བཅད་ནས༔ གཤེད་ཀྱིས་ཚུགས་པ་མེད་པར་གྱུར༔ ཨོཾ་བཛྲ་ན་མི་རཀྟ་ཧཱུྃ༔ མདུན་དུ་མེ་ཆུ་ཏིལ་གསུམ་བཤམ༔ ཚེ་འདས་སྙིང་གར་པཾ་ནག་པོ༔ དེ་ལ་སྡིག་སྒྲིབ་ཐམས་ཅད་ཐིམ༔ སྡིག་པ་རྭ་ཙའི་གཟུགས་གྱུར་པ༔ རྐང་མཐིལ་ཡཾ་ལས་རླུང་གཡོས་པས༔ ལྟེ་བའི་རཾ་ལས་གཏུམ་མོ་འབར༔ སྣ་བུག་གཡས་ནས་སྡིག་པ་དེ༔ མདུན་གྱི་ཏིལ་ལ་ཐིམ་པར་གྱུར༔ མེ་ནི་ཞི་བའི་ཐབ་ཁུང་དབུས༔ ཟ་བྱེད་རྡོ་རྗེ་མཁའ་འགྲོ་མཐིང་༔ རྡོར་དྲིལ་འཛིན་ཅིང་ཁྲོ་ཆས་རྫོགས༔ ཞལ་དུ་སྡིག་པ་ཕུལ་བས་བསྲེག ལག་གཡས་གཡོན་ཏི་ལ་བླངས་ལ༔ ལན་དགུར་བསྐོར་ཞིང་མེ་ཆུར་དོར༔ ཨོཾ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཱ་པཾ་ད་ཧ་ན་

p. 383

བྷསྨིན་ཀུ་རུ་ཡེ་སྭཱ་ཧཱ༔ རྡོ་རྗེ་མཁའ་འགྲོ་དབྱིངས་སུ་གཤེགས༔ བཛྲ་མུཿ སའམ་བྱེ་མ་སྔགས་ལ་འདེབས༔ ཨོ་པདྨོ་ཨུཊྛི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ༔ ཨོ་པ་ཙ་པཙ་སརྦ་པྲ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརླ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃསྭཱ་ཧཱ༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ལྷ་ཁྲུས་གསོལ་བ་ནི༔ བུམ་པ་ལག་ཏུ་ཐོགས་བྱས་ཏེ༔ མཆོད་གཞི་ངོས་ལ་མེ་ལོང་བསྟན༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ འོད་དཔག་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ དེ་ནས་རས་ཀྱིས་ཕྱི་ཚུལ་དང་༔ ན་བཟའ་གསོལ་བའི་ཚུལ་བྱ་ཞིང་༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ འོད་དཔག་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་

p. 384

ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཨོཾ་བཛྲ་ཝས་ཨཱཿཧཱུྃ༔ ཁྲུས་ཆུ་བུམ་པ་གཞན་དུ་བླུགས༔ མེད་ན་བུམ་པ་ད་གས་རུང་༔ ཚེ་འདས་ལ་ནི་མེ་ལོང་བསྟན༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ འོད་དཔག་མེད་པའི་ལྷ་ཚོགས་བཞུགས༔ ཁྱོད་ཀྱི་སྒྲིབ་པ་སྦྱོང་བར་གྱུར༔ དུག་གསུམ་གཏན་ནས་དག་གྱུར་ཅིག༔ འདི་ནི་ཕ་རོལ་ཕྱིན་དྲུག་ནུ༔ དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་༔ ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ༔ ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ༔ ཆུ་བོ་དྲུག་གིས་ཁྲུས་བྱས་པས༔ བག་ཆགས་རྣམ་དྲུག་སྦྱངས་ནས་ནི༔ གང་ལ་ཉེས་པ་མི་མངའ་བའི༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ དྲི་ཆུ་དྲུག་གིས་ཁྲུས་བྱས་པས༔ དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་༔ རྒྱ་ཆེན་ཡོན་ཏན་དྲུག་ལྡན་ཁྲུས་ལེགས་མཛད་ལ་ཉེས་མི་མངའ༔ དྲི་མ་རྣམ་དྲུག་དག་པ་ཡི༔ ཡོན་ཏན་ཐམས་ཅད་དང་ལྡན་པ༔ སངས་རྒྱས་ཐམས་ཅད་མཆོད་དོན་དུ༔ དད་པས་བདག་གིས་ཁྲུས་བགྱིའོ༔ ཨོཾ་ཨ་མི་དྷེ་ཝ་ཧཱི༔ ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཚིག་མཚམས་ཀུན་ཏུ་

p. 385

སྔགས་དེ་ཉིད༔ བརྗོད་ཅིང་མེ་ལོང་གཟུགས་བརྙན་བཀྲུ༔ དེ་ནས་དུག་སྦྱོང་དུག་བཅོམ་ནི༔ བྱེ་མ་ཐོགས་ལ་འདི་སྐད་བརྗོད༔ ཧཱུྃ༔ ཚེ་འདས་ཁྱོད་ཀྱི་དུག་གསུམ་དང་༔ དུག་ལྔ་དུག་བརྒྱད་སྒྲིབ་པ་རྣམས༔ འོད་དཔག་མེད་ཀྱི་ལྷ་ཚོགས་ཀྱིས༔ བྱང་ཞིང་དག་པར་མཛད་དུ་གསོལ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ་དཀོན་མཆོག་གསུམ་པོ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ ཨོཾ་ཨ་མི་དྷེ་ཝ་དྷཱི༔ ཚེ་འདས་ཀྱི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་བྱེ་མ་བཏབ་པར་བྱ༔ ཐེབ་ཙེ་གཅིག་ཏུ་ས་ཆུ་མེ༔ བུམ་པའི་ཀུ་ཤ་དང་བཅས་བཟུང་༔ འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་དག་གིས༔ ཚེ་འདས་དུག་ནི་དུག་མེད་ཤོག རྟེན་ལ་སྐོར་ཞིང་རླུང་གཡབ་སྟེ༔ ཨོཾ་ཨ་མི་དྷེ་ཝ་དྷཱི༔ ཚེ་འདས་ཀྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཁྲུས་སྡེར་ནང་དུ་བླུགས༔ སངས་རྒྱས་བསོད་ནམས་མཐུ་དག་དང་༔ ལྷ་རྣམས་ཀུན་གྱི་བསམ་པ་ཡིས༔ ཁྱོད་ཀྱི་འདོད་དོན་གང་ཡིན་པ༔ དོན་དེ་དེ་རིང་འགྲུབ་གྱུར་ཅིག༔ རྐང་

p. 386

ལྕགཉིས་ཁྱེད་ཅག་བདེ་ལེགས་ཤོག༔ རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག༔ ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག༔ ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག ཉིན་མ་བདེ་ལེགས་མཚན་བདེ་ལེགས༔ ཉི་མའི་གུང་ཡང་བདེ་ལེགས་ཤིང་༔ ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག༔ ཁྱོད་ལ་སྡིག་པར་མ་གྱུར་ཅིག༔ མེ་ཏོག་ནས་ནི་གཏོར་བྱ་ཞིང་༔ ཚེ་འདས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག༔ ཆོས་བཤད་གདམས་ངག་སྟོན་པ་ནི༔ ཧཱུྃ༔ ཚེ་ལས་འདས་པ་སྒེ་ཁྱོད༔ རིགས་དྲུག་གནས་སུ་འཁྱམས་སྲིད་པས་རིགས་དྲུག་མགོན་པོ་ཐུབ་ཆེན་དྲུག༔ གསོལ་བ་ཐོབ་དང་གྲོལ་བར་འགྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཉེ་དུ་ཡོད་ན་ཕྱག་འཚལ་བཅུག༔ ཚེ་འདས་ཉིད་ཀྱིས་འཚལ་བར་དམིགས༔ ཨེ་མ་ཧོ༔ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་དང་ནི༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་རྣམས་ལ༔ ཚེ་འདས་གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ༔ བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་དྲོངས༔ ཉོན་དྲུག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ཕྱིན་དྲུག་ཆོས་སྟོན་ཉོན་དྲུག་རྣམ་པར་དག རིགས་དྲུག་

p. 387

ཐུབ་པ་སྤྲུལ་སྐུའི་ཆ་ལུགས་ཅན༔ རྒྱལ་བ་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ འགྲོ་བ་རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ༔ རྗེས་ཟློས་བྱེད་ཅིང་ཕྱག་ནི་ཅི་མང་འཚལ༔ ཚེ་འདས་ཉིད་ཀྱིས་ཟེར་བར་བསྒོམ་བྱ་ཞིང་༔ ཀྱེ་མ་འོད་དཔག་མེད་མགོན་གསོན༔ བདག་འདྲའི་ཚེ་འདས་སྡིག་ཅན་འདི༔ འཁོར་བའི་སྐྱོན་གྱིས་ནོན་ལགས་པས༔ བདག་ནི་ཁྱེད་ལ་སྐྱབས་སུ་མཆི༔ ཁྱེད་ཀྱི་ཐུགས་རྗེས་བཟུང་ནས་ཀྱང་༔ བདག་ལ་དབང་བསྐུར་བསྩལ་དུ་གསོལ༔ རྗེས་ཟློས་ཚུལ་དུ་ལན་གསུམ་བརྗོད༔ སྐྱབས་འགྲོ་སེམས་བསྐྱེད་གདམས་པ་ནི༔ ཚེ་འདས་དེ་ཡིས་ལེན་པར་དམིགས་ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ རྗེས་ཟློས་བྱས་དམིགས་ལན་གསུམ་བརྗོད༔ མེ་ཏོག་ཆུ་སྐྱེས་པདྨའི་སྟེང་༔ དེ་ནང་ཚེ་འདས་སེམས་དཔའ་དཀར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་འོད་དཔག་གི༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ ཚེ་འདས་ཉིད་ལ་སིབ་སིབ་ཐིམ༔ ཧཱུྃ༔ བདེ་ཆེན་ཞིང་

p. 388

གི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར་ལོག་འདྲེན་ཐར་པའི་བར་ཆད་བསལ་དུ་གསོལ༔ དྲིལ་བུ་འཁྲོལ་ཞིང་སྔགས་འདི་གསུམ་བདུན་བརྗོད༔ ཨོཾ་ཨ་མི་དྷེ་ཝ་ཧཱུྃ༔ བཛྲ་ཨཱཿཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མགོ་ལ་བཞག་ཚུལ་གྱིས༔ ཏིཥྛ་བཛྲ༔ དེ་ནས་བུམ་པ་ལག་ཏུ་ཐོགས་ལ༔ ཧཱུྃ༔ སློབ་མ་ཚེ་ལས་འདས་པ་ཉོན༔ བུམ་པ་འདི་ནི་ཕྱི་ལྟར་ན༔ རིན་ཆེན་བུམ་པ་ཡིན་མོད་ཀྱང་༔ ནང་ནི་རིན་ཆེན་གཞལ་ཡས་ཁང་༔ དེ་ཡི་ནང་ན་འོད་དཔག་མེད༔ བདེ་བ་ཅན་གྱི་ལྷ་ཚོགས་བཞུགས༔ དེ་ལས་བྱིན་རླབས་ཆར་ལྟར་བབས༔ ཁྱོད་ཀྱི་ལུས་ལ་ཐིམ་ནས་ཀྱང་༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་དྷཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ཡི་མཚམས་སུ་ཟས་བསྔོ་འདོན༔ ཨཾ༔ ཅ། དང་༔ ན་མོ་དྷེ་ཝ་པཉྩ་ཡེ༔ ཟས་གཏད་ནི༔ ཙཀ་ལིའི་རྒྱབ་ཡིག་ཏུ་བྱས་ནས༔ འདི་སྐད་དུ་ནི་བརྗོད་པར་བྱ༔ ཡིད་མཐུན་སྣོད་ཀྱི་ནང་དུ་ནི༔ ཤ་ཐུད་མར་ཆང་ཇོ་རྣམས་ནི༔ ཟག་མེད་བདེ་བ་སྐྱེད་བྱེད་པའི༔ ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔ ཨོཾ་བཛྲ་སྤ་ར་ཎ་ཁཾ༔ བར་དོའི་སེམས་ཅན་དྲི་ཡིས་ཚིམ༔

p. 389

ཟས་སྣའི་གསུར་བྱས་བྲན་ནས་ཀྱང་༔ འདི་སྐད་དུ་ནི་བརྗོད་པར་བྱ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཟས་སྐོམ་ཐབས་ཀྱིས་ཆག་ཡོད་དང་༔ སྐྱེ་བ་སྔོན་གྱི་བུ་ལོན་དང་༔ ཡི་དྭགས་གནས་སུ་སྐྱེ་ཤོམ་ན༔ བདག་གིས་འདི་ཉིད་བསྔོས་པ་འདི༔ རྩ་གསུམ་ལྷ་ཡི་བདེན་པ་ཡིས༔ བསྔོས་བཞིན་ཁྱོད་ཀྱིས་ཐོབ་པར་ཤོག༔ སརྦ་ཏ་ཐཱ་ག་ཏ་ཧཱུྃ༔ ཙཀ་ལི་རྒྱབ་ཡིག་བྱས་ནས་ནི༔ བཀྲ་ཤིས་རྟགས་བརྒྱད་ལག་ཏུ་ཐོགས༔ དེ་ནས་འདི་ལྟར་བརྗོད་པར་བྱ༔ འོ་ཚེ་འདས་རྨི་ཁྱོད་ཉོན་དང་༔ བདག་གིས་བཀྲ་ཤིས་རྟགས་བརྒྱད་འདི༔ བྱིན་པ་བཞིན་དུ་ཐོབ་ནས་ཀྱང་༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་ཤོག༔ ཨཊྚ་མཾ་ག་ལཾ་ཧཱུྃ༔ ཙཀ་ལི་རྒྱབ་ཡིག་བྱས་ནས་ནི༔ རྒྱལ་སྲིད་སྣ་བདུན་ཐོགས་བྱས་ནས༔ འདི་སྐད་དུ་ནི་བརྗོད་པར་བྱ༔ ཨེ་མ་རིགས་ཀྱི་བུ་ཁྱོད་ཉོན༔ བདག་གིས་རིན་ཆེན་སྣ་བདུན་འདི༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང་༔ འཁོར་ལོས་སྒྱུར་རྒྱལ་ལྟར་བུར་ཤོག རཏྣ་དྲ་བྱ་མཾ་ག་ལཾ་ཧཱུྃ༔ ཙཀ་ལི་རྒྱབ་ཡིག་བྱས་ནས་ནི༔ མཁའ་འགྲོ་སྡེ་བཞིའི་སྐུ་ཐོགས་ལ༔ འདི་སྐད་དུ་ནི་བརྗོད་པར་བྱ༔ འོ་ཁྱོད་ནི་དཔའ་བོ་ཡབ་ཡུམ་ལྟར༔ དགའ་བ་རྣམ་བཞི་ངོས་བཟུང་ནས༔ རྡོ་རྗེ་འཛིན་པའི་སར་གནས་ཤོག༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་

p. 390

ཀརྨ་ཧ་རི་ནི་ས་མཾ་ག་ལཾ་ཧཱུྃ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ལོངས་སྤྱོད་ཚོགས་འདི་རབ་ཏུ་ལོངས༔ ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་ཟད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ལ་མི་འཕྲེང་ངོ་༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་ཞིང་དུ་གཤེགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལཾ་བྷ་ཏ༔ བྷ་དུ་ཡ་ཡ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་ལི་ཨཧཱུྃ་པྲ་ཏིཙྪ་ཧོ༔ དེ་ནས་མར་མེ་མདུན་དུ་བཞག༔ མེ་སྦར་བ་ཡི་དམིགས་པ་ནི༔ ཀོང་བུ་པདྨ་ཟླ་བའི་སྟེང་མར་ཁུ་སྔགས་ཕྲེང་གཡས་སུ་འཁོར༔ སྡོང་བུ་ཧྲིཡིག་དམར་པོ་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ ཚེ་འདས་དུག་ལྔའི་སྡིག་སྒྲིབ་དང་༔ མ་དག་ཕུང་པོ་ལྔ་བསྲེགས་ནས༔ དག་པ་འོད་དཔག་མེད་པའི་སྐུ༔ མཚན་དང་དཔེ་བྱད་ལྡན་པར་གྱུར༔ ཧཱུྃ༔ མེ་འདིའི་རྩ་བ་སྔོ་བ་དེ། རྡོ་རྗེ་སེམས་དཔའི་ཡེ་ཤེས་མེ༔ དེ་སྟེང་མེ་མདོག་དམར་བ་དེ༔ སྣང་བ་མཐའ་ཡས་ཡེ་ཤེས་མེ༔ མེ་འདིའི་རྐེད་པ་སེར་བ་དེ༔ རིན་ཆེན་འབྱུང་ལྡན་ཡེ་ཤེས་མེ༔ དེ་སྟེང་མེ་

p. 391

མདོག་དཀར་བ་དེ༔ རྣམ་པར་སྣང་མཛད་ཡེ་ཤེས་མེ༔ མེ་ཡི་རྩེ་མོ་ནག་པ་དེ༔ དོན་ཡོད་གྲུབ་པའི་ཡེ་ཤེས་མེ༔ རྒྱལ་བ་རིགས་ལྔའི་མེ་ཡིན་ནོ༔ ཡེ་ཤེས་ལྔ་ཡི་མེ་དཔུང་གིས༔ ཁྱོད་ཀྱི་ཕུང་པོ་ལྔ་བསྲེགས་པས༔ དུག་ལྔ་གཏན་ནས་དག་ནས་ཀྱང་༔ ཡེ་ཤེས་སྐུ་ལྔ་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཾ་ཧྲིལླས༔ འཕྲལ་དེར་མིང་ཡིག་མི་བཞུ་ན༔ མར་མེ་ལ་ནི་བསྟན་ཙམ་བྱ༔ བཞུ་ན་བླ་མ་རྒྱང་འབོད་དང་༔ གཟུགས་མེད་སྒྲ་མེད་དྲི་མེད་རོ་མེད་རེག་བྱ་མེད་ཆོས་མེད་དོ༔ ཞེས་དང་གཟུངས་སྔགས་འདོན་བཞིན་དུ༔ རིག་པ་ཚེ་འདས་ཁོ་ལ་གཏད༔ ཉམས་ལེན་ལྟ་བའི་ངང་ནས་བཞུ༔ དེ་ནས་ལམ་བསྟན་བྱ་བ་ནི༔ ཚེ་འདས་འོད་དཔག་མེད་པའི་སྐུ༔ ནུབ་ཀྱི་ཕྱོགས་སུ་ཞལ་གཟིགས་ནས༔ མདུན་གྱི་བར་སྣང་ཁམས་སུ་ནི༔ ཟླ་བའི་གདན་ལ་བཞུགས་པར་དམིགས༔ ཧཱུྃ༔ ཚེ་ལས་འདས་པ་ཁྱོད་ཉིད་ནི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་༔ ཕན་ཡོན་ཆེ་བའི་ཞིང་ཡོད་པས༔ དག་པའི་གནས་ཅིག་དེ་ཡིན་ནོ༔ ལྷོ་ནུབ་ཟ་བྱེད་སྲིན་པོའི་ཡུལ༔ གུ་རུ་པདྨ་འབྱུང་གནས་བཞུགས༔ སྐྱེ་ཡང་སླ་སྟེ་ཕན་ཡོན་ཆུང་༔ དེ་མིན་སངས་རྒྱས་ཞིང་གཞན་རྣམས༔ རྒྱལ་བ་རིགས་བཞིའི་ཞིང་ཁམས་ཡིན༔ སྐྱེ་བར་དཀའ་བས་དེ་སྐྱུར་ལ༔ བདེ་བ་ཅན་དུ་

p. 392

འགྲོ་བར་གྱིས༔ རང་གི་སྣ་བུག་ནས་རླུང་ཤུགས་དྲག་པོ་ཞིག་འཕྲོས་ནས༔ བར་སྣང་ཟླ་བའི་དཀྱིལ་འཁོར་ལ་ཕོག་པས༔ ཟླ་བའི་སྟེང་དུ་ཚེ་འདས་ཀྱི་རྣམ་པར་། ཤས་པ་འོད་དཔག་མེད་ཀྱི་སྐུར་གསལ་བ་དེ༔ མདའ་འཕངས་བ་བཞིན་དུ་བདེ་བ་ཅན་དུ་གཤེགས་པར་གྱུར༔ ཕཊ༔ གལ་ཏེ་གསོན་ཤོག་ཡིན་ན་ནི༔ ཚེ་འདས་ཞེས་པར་ཚེ་ལྡན་སྦྱར༔ ཟས་བསྔོ་ལམ་བསྟན་གཉིས་པོ་བསྒྱུར༔ ཟླ་བའི་སྟེང་དུ་མེ་དཔུང་ནང་༔ སྦྱིན་བདག་འོད་དཔག་མེད་པའི་སྐུ༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་༔ ལྟེ་བ་གསང་བ་གཙུག་ཏོར་དུ༔ ཧོ་སེར་ཧཾ་ལྗང་ཀ་དུད་ཁ༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན༔ མཐིང་དཀར་སེར་དང་དམར་པོ་ཡི༔ རྣམ་པར་སྤྱན་དྲངས་ལུས་ལ་ཐིམ༔ རྡོ་རྗེའི་གོ་ཁྲབ་གྱོན་པར་གྱུར༔ ཨོཾ་ཧཱིནཱཾ་ན་མཿཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྵ་སྭཱ་ཧཱ༔ བསོད་ནམས་རི་བོ་བཞིན་དུ་སོགས༔ ལོ་བརྒྱ་ཐུབ་ཅིང་སོགས༔ དེ་ནས་བསྔོ་བ་རྒྱས་པའམ༔ ཡང་ན་ཆོ་ག་ཉིད་ཀྱི་མཇུག༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་ཞེས་སོགས་ནས་བོ་དྷ་ན་ཡེ་སྭཱ་ཧཱ༔ ཚང་བར་བརྗོད༔ བདག་ནི་ཚེ་འཕོས་ཞེས་པའི་མལ༔ གང་ཡིན་དེ་ཡི་མིང་བཅུག་གོ །

p. 393

བྱང་ཐལ་སཱཙྪ་འགྲུབ་ན་ལེགས༔ མ་འགྲུབ་གཞུང་ཆུའི་ནང་དུ་བླུགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྥ་ཁ་ཐམ༔ ཤམ་ཏུཏུཉྫཤོཀུཊྚེ༔ ཞེས་པ་འདི་ཉིད་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་གྱི་ལོ་ཁྲུམས་ཟླ་བའི་ཡར་ཚེས་དགུའི་ཉིན༔ དཔལ་རྣོ་བཀྲའི་གཞུང་ནས་གསུངས་པ་དང་མཐུན་པའི་ཐུགས་རྗེ་ཆེན་པོ་སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་པ་ཞིག་གིས་དངོས་སུ་བཀའ་བསྩལ་ཏོ༔ ཞེས་གནམ་ཆོས་བྱང་ཆོག་གཞུང་དང་༔ དེ་ཡིས་བསྔོས་བཞིན་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ༔ མེ་སྤྲེལ་ཁྲུམས་སྟོད་ཟླ་བའི་ཚེས་བརྒྱད་ནུབ༔ རྒྱལ་བ་རྒྱ་མཚོའི་གཞུང་ཉིད་ནས་གསུངས་པ་ལྟར༔ ཞལ་གཟིགས་ཏེ་ཐུགས་རྗེ་ཆེན་པོ་དང་འོད་དཔག་མེད་གཉིས་མགྲིན་གཅིག་ཏུ་འདི་ལྟར་བཀའ་བསྩལ་ཏོ༔ ཞེས་གནམ་ཆོས་ཟས་གཏད་དང་༔ མོ་ཡིག་བུ་ཡིག་གཉིས་གབ་སྤྲད༔ གནམ་ཆོས་རང་གཞུང་དང་གཞན་ནས་ཁ་བསྐང་འོས་ཅུང་ཟད་ཀྱིས་ཁ་བསྐངས་ཏེ༔ རྟོགས་ལྡན་ཀརྨ་སོགས་གསར་བུ་འགའ་ལ་ཕན་པའི་ཕྱིར༔ བྱ་ལོ་འབྲུག་ཟླའི་ཉེར་བཞིའི་ཉིན་དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེ་པ་བྱས་ཏེ༔ གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ༔ ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་འདི་དང་འབྲེལ་ཚད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ་བར་གྱུར་ཅིག༔ མངྒ་ལཾ༔

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་དུས་མཆོད་ཀྱི་ཟིན་བྲིས་འདོན་འགྲིགས།

p. 394

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་དུས་མཆོད་ཀྱི་ཟིན་བྲིས་འདོན་འགྲིགས་བཞུགས་སོ། །

p. 395

ན་མོ་གུ་རུ། རིག་འཛིན་སྤྲུལ་པའི་སྐུ་ལ་འདུད། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཡི། །གཏོར་མའི་རིམ་པ་འདི་ལྟ་སྟེ། །དབུས་སུ་བླ་མ་གཏོར་མ་སྟེ། །གཡས་སུ་ཡི་དམ་སྟོད་ཟུར་གསུམ། །དེའི་གཡས་ཆོས་སྐྱོང་སྤྱི་གཏོར་ནི། །ཟུར་གསུམ་ཧ་ཅང་མི་རྣོ་བ། །དེ་གཡས་ནོར་ལྷ་སྤྱི་གཏོར་ནི། །ཟླུམ་པོའི་སྟེང་དུ་ནོར་བུའི་གཟུགས། །དེ་གཡས་ཕྱི་རྒྱུད་དཀར་གཏོར་བཞག །བླ་མའི་གཡོན་དུ་མཁའ་འགྲོ་ཡི། །གཏོར་མ་སྟོད་ཟུར་གཉིས་པ་བཞག །དེ་ཡི་གཡོན་དུ་ལྷ་མོ་ཡི། །སྤྱི་གཏོར་ཟུར་གསུམ་བཞག་པར་བྱ། །དེ་ཡི་གཡོན་དུ་བཀའ་སྲུང་གི །སྤྱི་གཏོར་

p. 396

ཟུར་གསུམ་ཅུང་ཟད་རྣོ། །དེ་གཡོན་དམ་ཅན་གཏོར་མ་ནི། །མཁར་ཐབས་ར་མགོས་མཚན་པ་བཞག །དེ་ནི་བཅའ་ཚོགས་རྒྱས་པའོ། ༈ ། བསྡུས་པ་སྡེར་སོགས་སྣོད་གཙང་དུ། །དབུས་སུ་གཏོར་མ་རིན་ཆེན་འབར། །མདུན་དུ་ཞི་བའི་གཏོར་མ་ཟླུམ། །གཡས་སུ་ཟུར་བཞི་རྒྱས་པའི་གཏོར། །རྒྱབ་ཏུ་ཟུར་གཉིས་དབང་གི་གཏོར། །གཡོན་དུ་ཟུར་གསུམ་དྲག་པོའོ། །ཤིན་ཏུ་བསྡུས་པའི་གཏོར་མ་ནི། །རིན་ཆེན་འབར་བ་གཅིག་གིས་ཆོག །ལོགས་གསུམ་ནོར་བུའི་གཟུགས་གསུམ་ནི། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཡས་ཟུར་མགོན་པོའི་རིགས་

p. 397

རྣམས་ཏེ། །གཡོན་ཟུར་ལྷ་མོའི་རིགས་ཀུན་འདུས། །རྒྱབ་ཟུར་བཀའ་སྲུང་རིགས་ཀུན་འདུས། །སྐེད་པ་ཟླུམ་པོ་ནོར་ལྷ་ཀུན། །གཏོར་རྫབ་ཟླུམ་པོ་འཇིག་རྟེན་པ། །པད་འདབ་ར་བས་བསྐོར་བ་ནི། །འཁོར་དང་ཡང་འཁོར་གྲུབ་པའི་ཚོགས། །ལྷ་བརྒྱ་གཏོར་གཅིག་ཅེས་བྱའོ། །སྨན་རཀ་གཏོར་མ་ཕྱི་མཆོད་བཤམ། །ཕྱི་མཆོད་མེད་ན་ཡིད་ཀྱིས་སྤྲུལ། བདུད་རྩིའི་ཚབ་ལ་འོ་མས་རུང་། །རཀྟའི་ཚབ་ལ་ཇ་རྒོད་དམ། །འབྲི་མོག་སྐྱོས་པ་བཤམས་པས་ཆོག །མདུན་བསྐྱེད་རྟེན་ལ་སྐུ་གཟུགས་སམ། །འབྲུ་ཡི་པདྨ་འདབ་བརྒྱད་བྱ། །མེད་ན་གཏོར་མའི་རྩེ་མོ་ཡི། །མར་རྒྱན་ལྷ་ཡི་དཀྱིལ་འཁོར་བསྐྱེད། །གཏོར་མ་མཆོད་པའི་སྤྲིན་དུ་དམིགས། །དཀར་བགེགས་སོ་སོར་འཛོམ་ན་ལེགས། །མ་འཛོམས་མཐེབ་སྐྱའམ་འབྲུ་ཆུས་བྲན། །དང་པོ་དཀར་བགེགས་འབུལ་དགོས་ཀྱི། །རྒྱུན་དུ་དཀར་བགེགས་མེད་ཀྱང་ཆོག ༈ ། དེ་ནས་འདོན་འགྲིགས་རིམ་པ་ནི། །སྐྱབས་འགྲོ་སེམས་བསྐྱེད་དཀར་བགེགས་དང་། །བདེ་ཆེན་ཞིང་སྒྲུབ་སྨན་བླ་དང་། །ཐུགས་རྗེ་ཆེན་པོའི་རིགས་གང་འདོད། །མཚན་བརྒྱད་གཅིག་དྲིལ་སོགས་ཞི་བ། །ཚེ་དཔག་མེད་ཀྱི་རིགས་གང་

p. 398

འདོད། །དེ་རྣམས་བླ་མ་གཏོར་མར་བསྔོ། །གུར་དྲག་བཀའ་དགོངས་ཞི་ཁྲོ་དང་། །ཕུར་པ་ཡི་དམ་ཕུར་མཇུག་རིགས། །རོ་ཟ་ཡེ་ཤེས་འཇིགས་བྱེད་དང་། །རྒྱུད་། བདག་ལ་སོགས་ཡི་དམ་རིགས། །ཐམས་ཅད་ཡི་དམ་གཏོར་མར་བསྔོ། །ལས་ཧུར་ཕག་ཁྲོས་སེང་གསུམ་དང་། །སྒྲོལ་མ་མཚོ་རྒྱལ་ལབ་སྒྲོན་སོགས། །ཐམས་ཅད་མཁའ་འགྲོའི་གཏོར་མར་བསྔོ། །མ་ནིང་ཕྱག་བཞི་ཕྱུག་དྲུག་དང་། །ཞིང་སྐྱོང་ཏྲག་ཤད་སྲིན་མགོན་སོགས། །ཐམས་ཅད་ཆོས་སྐྱོང་གཏོར་མར་བསྔོ། །དུད་སོལ་རང་བྱུང་རེ་མ་ཏི། །སྔགས་སྲུང་སྤྱང་ཞོན་ཁ་མོ་ཆེ། །དེ་སོགས་ལྷ་མོའི་གཏོར་མར་བསྔོ། །གཟའ་དང་ཤན་པ་བེ་ཧར་དང་། །སྨྱོ་ཁ་སྤུ་གྲི་ལ་སོགས་པའི། །བཀའ་སྲུང་གཏོར་མར་བཀའ་སྲུང་ཀུན། །ཛཾ་ལྷ་རིགས་དགུ་རྣམ་ཐོས་སྲས། །ཨ་པར་ཛཱི་ཏ་ཚོགས་ཀྱི་བདག །རེ་མན་དང་ཀུ་བེ་ར། །ཀུན་ཀྱང་ནོར་ལྷའི་གཏོར་མར་བསྔོ། །སྔགས་བདག་ཐང་ལྷ་མི་མགོན་དཀར། །སྤོམ་ར་ངོམ་རྒྱལ་ལ་སོགས་པ། །དཀར་ཕྱོགས་ཕྱི་རྒྱུད་གཏོར་མར་བསྔོ། ༈ ། དེ་ནས་སླར་ཡང་གསོ་བྲན་བྱ། །གསོལ་ཁ་ཡན་འགར་ཡོད་ན་འདོན། །དེ་ནས་ཚོགས་བྱས་ཚོགས་ཕུད་

p. 399

འབུལ་། །གནམ་ཆོས་གཏོར་བསྔོས་དེ་ཉིད་འདོན། །ཚོགས་ཀྱི་བར་པས་བསྐང་བ་གསོ། །བསྐང་བ་མེད་ན་ཡི་དམ་གསོ། །གནམ་ཆོས་བསྐང་བ་ཉུང་ངུའམ། །འགྲེས་རྩ་བཤངས་པའི་རྒྱས་པ་འདོན། །ཚོགས་ཟན་ཐ་མ་ལིངྒ་དང་། །སྦྲག་སྟེ་བསྒྲལ་ལས་གནམ་ཆོས་ཀྱི། །གཞུང་ནས་བྱུང་བ་དེ་ཉིད་དམ། །ཡེ་ཤེས་འཇིགས་བྱེད་ནང་ལྟར་བྱ། །དེ་ཡིས་ཟློག་པ་ཡོད་ན་གསོ། །ཡེ་ཤེས་འཇིགས་བྱེད་ཟློག་གཞུང་ངམ། །རྣོ་སྤུ་ལས་བྱུང་ཟློག་གཞུང་དང་། ་། ཁ་བཟློག་འུག་བཟློག་ལ་སོགས་འདོན། །དེ་ནས་ཚོགས་རོལ་ལྷག་མ་འབུལ་། །དེ་ནས་དཀར་གཏོར་དམར་གཏོར་བཤམས། །དཀར་གཏོར་གནམ་ཆོས་དཀར་གཏོར་འདོན། །དམར་གཏོར་ཆེ་བ་ཞིག་དེ་ལ། །དགུག་གཞུག་སྤྱི་ལྟར་གང་འོས་བྱ། །གུར་དྲག་ཀིང་ཀང་ལ་སོགས་པའི། །གནམ་ཆོས་དགྲ་ཆོས་རིགས་རྣམས་འདོན། །རོ་ལངས་ཅན་ནི་ཆེ་ཆུང་སོགས། །མགོན་པོ་ལྷ་མོའི་བསྐུལ་པའི་རིགས། །མདུང་འཛིན་ཧབ་ཤ་ལ་སོགས་པའི། །བཀའ་སྲུང་བསྐུལ་རྣམས་གང་ཡོད་འདོན། །དེ་རྗེས་གཞུང་གི་ཆད་མདོ་དང་། །བརྟན་སྐྱོང་ཤོ་ལོ་ཀ་དེ་འདོན། །དེ་ནས་དཀར་གཏོར་དམར་གཏོར་གཉིས། །

p. 400

ཕྱི་རོལ་ཕྱོགས་ཀྱི་གཙང་སར་དབུལ། །ཟློག་པ་ཡོད་ན་སྐབས་དེར་དབུལ། །དེ་ནས་གནམ་ཆོས་ལས་བྱང་མཇུག །བཀྲ་ཤིས་ལ་སོགས་བསྡུ་རིམ་བྱ། །དེ་ནི་གནམ་ཆོས་ཁ་རྐྱང་ལུགས། །དེ་མིན་གཏེར་རྙིང་ཁོག་དབུབ་པ། །བླ་མ་ཡི་དམ་མཁའ་འགྲོ་སོགས། །སོ་སོའི་མཚམས་སུ་གནམ་ཆོས་ཀྱི། །གང་འདོད་སྦྱར་ནས་འདོན་པས་ཆོག །དེ་ནས་བསྐང་བ་གཏོར་འབུལ་སོགས། །སོ་སོའི་མཚམས་སུ་གང་འདོད་སྦྱར། །གནམ་ཆོས་ཁ་རྐྱང་དགོས་རྒྱུ་མེད། །སྣ་ཁ་རེ་ཟུང་འགྲེལ་པ་བྱ། །དེ་ལྟར་བྱས་ཚེ་གཏོར་མཆོད་ཀྱང་། །སྔར་གྱི་སྲོལ་ལས་བཅོལ་མི་དགོས། །གནམ་ཆོས་ནང་ནས་གལ་ཆེ་བ། །སྔ་དྲོ་བདེ་ཆེན་ཞིང་སྒྲུབ་དང་། །ལོ་མ་གྱོན་མ་ཆག་མེད་བྱ། །ཚེ་རིང་ཕྱི་མ་བདེ་ཆེན་སྐྱེ། །མི་ནད་ཕྱུགས་ནད་ཞི་ཕྱིར་རོ། །གལ་ཏེ་ལས་བྱང་འདོན་འདོད་ན། །ཞི་བ་མཚན་བརྒྱད་གཅིག་དྲིལ་ལ། །ལྷ་སྤྱིའི་མཆོད་པ་སྦྱར་བར་བྱ། །གནམ་ཆོས་ལས་བྱང་ལྷ་བསྐྱེད་སྐབས་། །དྲག་པོའི་གསང་སྒྲུབ་སྦྱར་ལ་འདོན། །དེ་གཉིས་འདོན་རུང་མི་འདོན་རུང་། །གནམ་ཆོས་བསྐང་བ་གཏོར་བསྔོས་གཉིས། །ཆག་མེད་འདོན་པས་དོན་ཀུན་ཚང་། །

p. 401

གནམ་ཆོས་ནང་གི་ཡི་དམ་རིགས། །གང་འདོད་སྐད་ཅིག་དྲན་རྫོགས་བསྒོམ། །མངོན་རྟོགས་འདོན་རུང་མི་འདོན་རུང་། །བསྙེན་པར་འབད་པ་ཁོ་ནས་འགྲུབ། །རྟོགས་ཐོན་སྒྲུབ་པ་བྱེད་འདོད་ན། །གཞུང་ལྟར་མཆོད་བསྟོད་མི་དགོས་པར། །མཚམས་བསྡམས་ངག་བཅད་དམ་པའི་ངང་། །གཞུང་ལྟར་སྔགས་བཟླ་དམིགས་པ་བསྒོམ། །རབ་ལ་ཞག་གསུམ་འབྲིང་ལ་ལྔ། །ཐ་མ་བདུན་ལས་མི་འགྱང་བར། །སྒྲུབ་ཐབས་སྤྱི་ནས་བཤད་པ་ལྟར། །རང་གི་ལས་སྒྲིབ་ཆེ་ཆུང་གིས། །རབ་དངོས་འབྲིང་ཉམས་ཐ་མ་ཡང་། །རྨི་ལམ་རྟགས་མཚན་ངོ་མཚར་འབྱུང་། །ཐེ་ཚོམ་ཡོད་ན་མི་འགྲུབ་པས། །། ཐེ་ཚོམ་སྤོངས་ལ་ཞག་བདུན་སྒྲུབས། །བདེན་རྫུན་ལག་ཏུ་ལོངས་དང་གསལ། །སྔར་གྱི་རྙིང་མའི་ཆོས་རྣམས་ལ། །ཟླ་བ་གསུམ་དུ་སྒྲུབ་པ་བས། །འདི་ཉིད་ཞག་གསུམ་རྟགས་མཚན་གསལ། །ཁོ་བོས་ལན་མང་མྱོང་བས་གྲུབ། །སྤྱིལ་པོ་དབོན་པོས་བསྐུལ་བྱས་ནས། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །མངྒ་ལཾ། །ཨོྃ༔ ཤཐམ་༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ སྒར་པ་བྱེད་ནས་འགྲོ་བའི་དུས༔ དབུས་སུ་རིན་ཆེན་འབར་བའམ༔ བླ་མའི་གཏོར་མ་བྱས་པ་ལ་

p. 402

ཡེ་ཤེས་པ་ནི་ཐམས་ཅད་ཀུན༔ བསྔོ་བ་དེ་ལ་མི་རུང་མེད༔ རྣམ་སྲས་ལྷ་སྨན་དམ་ཅན་གྱི༔ གཏོར་མ་ལོགས་སུ་བཅའ་དགོས་སོ༔ མདུན་དུ་ལྷ་བཤོས་འདྲ་བ་ལ༔ གཞི་བདག་ཐམས་ཅད་བསྔོ་བར་འཐད༔ སྒྲོལ་དཀར་དབུས་སུ་བསྔོ་ཆོག་གོ༔ ཚེས་བརྒྱད་ཚེས་བཅུ་བཅོ་ལྔ་ནས༔ གནམ་གང་བར་གྱི་དུས་མཆོད་ཀུན༔ དེ་ལ་བསྔོ་ནི་ངེས་པར་ཆོག༔ དམར་གཏོར་གཅིག་ལ་གཏོར་འབུལ་ཀུན༔ ལྕོག་རྡོག་གཅིག་ལ་སྔོན་འགྲོ་དང་༔ དཀར་བགེགས་དེ་ལ་བསྔོ་བས་ཆོག དུས་མཆོད་དུས་ནི་དཀར་གཏོར་ཚོགས༔ ལྷ་རྣམས་སོ་སོར་བཅའ་དགོས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདག་གིས་ཞུས་པས་སྤྲུལ་སྐུ་ལ་ཨོ་རྒྱན་ཆེན་པོས་དངོས་སུ་གསུངས་ཏེ༔ འདི་ནི་གཏོར་མ་ལྷ་གྲངས་སོགས༔ རྒྱས་པར་བཅའ་མ་ལྕོགས་ན༔ ལྕོག་རྡོག་གཅིག་གི་ཕུད་དཀར་གཏོར་དང་ལྷག་མ་བགེགས་ལ་བསྔོ༔ གཏོར་མ་རིན་ཆེན་འབར་བའི་ལོགས་གསུམ་རྩ་བ་གསུམ་ཟུར་གཡས་གཡོན་ཡེ་ཤེས་ཀྱི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད༔ རྒྱབ་ཟུར་འཇིག་རྟེན་བཀའ་སྲུང་ཤ་ཁྲག་རུང་བ་ཐམས་ཅད༔ མདུན་གྱི་ཟླུམ་པོ་ཕྱི་རྒྱུད་པ་དང་ཤ་མི་བཞེད་པ་ཐམས་ཅད༔ གཡས་ཟུར་བཞི་རྣམ་སྲས་

p. 403

སོགས་ནོར་ལྷ་ཐམས་ཅད༔ རྒྱབ་ཟུར་གཉིས་ལྷ་སྨན་སོགས་བརྟན་མ་དང་ནོར་ལྷ་མོ་རིགས་ཚེ་རིང་ཨ་ཕྱི་སོགས༔ གཡོན་ཟུར་གསུམ་སྐྱེས་བུ་ཆེན་པོ་སོགས་ཏེ༔ བཀའ་སྲུང་གཏོར་མ་མི་འཁྱེར་དགོས་པ་གསུམ༔ དམར་གཏོར་རིགས་ལ་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་འབུལ༔ དཀར་གཏོར་གཅིག་ཡོད་ན་ལེགས༔ མེད་ན་གོང་གི་དེས་འཐུས༔ ཚོགས་ལྷ་བཤོས་ཏེ༔ རྒྱུན་ཁྱེར་འདིས་འཐུས་པར་འདུག་པས་རྒྱུན་ཁྱེར་ལག་བླང་དུ་ལེགས་སོ༔ མངྒ་ལཾ༔ ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་བསྐོར་ལས༔ བདེ་ཆེན་ཞིང་གི་འཕོ་བའི་གདམས་པ་རྒྱས་པར་འགྲེལ་བ།

p. 404

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་བསྐོར་ལས༔ བདེ་ཆེན་ཞིང་གི་འཕོ་བའི་གདམས་པ་རྒྱས་པར་འགྲེལ་བ་བཞུགས་སོ༔

p. 405

ཨོཾ༔་གུ་རུ་དྷེ་ཝ་ཌཱཀི་ནི་ཧཱུྃ༔་འདིར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ བདེ་ཆེན་ཞིང་གི་སྒྲུབ་ཐབས་ཀྱི་ཆ་ལག༔ བདེ་ཆེན་ཞིང་གི་འཕོ་བའི་ལུང་བྱེད་པ་ཡིན་ལ༔ དེ་ཡང་ཆོས་འདི་ཡི་ལོ་རྒྱུས་ཅུང་ཟད་ཞུ་ན༔ བཀའ་ཐང་སྡེ་ལྔའི་ནང་ཚན་རྒྱལ་པོ་བཀའ་ཡི་ཐང་ཡིག་ལས༔ དུས་ཀྱི་མཐའ་ལ་གསང་སྔགས་ཀྱི་བདག་པོ་རིག་འཛིན་སུམ་ཅུ་རྩ་གསུམ་འབྱོན་པར་གསུངས་ནས༔ དེ་དག་ཀྱང་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་སྐབས༔ ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ན༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རྡོ་རྗེ་དྲག་པོ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་སུ༔ ཞིང་ཁམས་

p. 406

རྣམ་དག་ཙནྡན་ནགས་ཞེས་སུ༔ དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར༔ བླ་མེད་སྟོན་པ་སུམ་སྟོང་འདུས་པ་སྐྱོང་༔ རྒྱལ་བ་ཡེ་ཤེས་ཀུན་བཟང་ཞེས་པ་འབྱུང་༔ ཞེས་ལུང་བསྟན་པ་ལ་སོགས་པ་གཏེར་ཁ་དུ་མ་ནས༔ ལུང་བསྟན་པའི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཞེས༔ ལོ་ཆེན་བཻ་རོ་ཙཱ་ན་ཤུད་པུ་དཔལ་སེང་གཉིས་ཀྱི་སྤྲུལ་པ་གཅིག་ཏུ་འདུས་པའི་ངོ་བོ༔་མ་འོངས་པའི་སངས་རྒྱས་ཡེ་ཤེས་ཀུན་བཟང་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་བཞིན་པ་དེ༔ དགུང་ལོ་བཅུ་གསུམ་པ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བདུན་ཉིན༔ སངས་རྒྱས་འོད་དཔག་མེད་གཙོ་འཁོར་གསུམ་སྐུ་ཤིན་ཏུ་ཆེ་བ་རི་བོ་ཙམ༔ གཟི་བརྗིད་དཔག་ཏུ་མེད་པ་དངོས་སུ་ཞལ་གཟིགས་ཏེ༔ བདེ་ཆེན་ཞིང་གི་སྒྲུབ་ཐབས༔ རྨི་ལམ་དུ་བདེ་ཆེན་ཞིང་

p. 407

མཇལ་ཐབས༔ སྣང་བ་མཐའ་ཡས་ཀྱི་ཚེ་སྒྲུབ༔ བདེ་ཆེན་ཞིང་གི་འཕོ་བ༔ བདེ་ཆེན་ཞིང་གི་གསོལ་འདེབས༔ བདེ་ཆེན་ཞིང་གི་སྨོན་ལམ༔ བདེ་ཆེན་ཞིང་གི་དབང་༔ དེ་རྣམས་དངོས་སུ་གནང་ངོ་༔ སླར་ཡང་དེའི་དགུང་མོ་ལ་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ཞལ་གཟིགས་ནས༔ རྨི་ལམ་བཟུང་བའི་གསོལ་འདེབས་དང་༔ ཞལ་གདམས་གཉིས་གནང་བའོ༔ དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་སྣོད་དུ་རིགས་ནས༔ དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་བསྟན་ཏོ༔ ཞེས་གསུངས་པ་དང་དོན་མཚུངས་པའོ༔ དེ་ལ་འཕོ་བ་གསར་རྙིང་གི་ལུགས་མང་ཡང་༔ འདི་ནི་བརྒྱུད་པ་ཉེ་ཞིང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གསུང་དྲོན་མོ་ཡིན་པས་བྱིན་རླབས་ཆེ་བ་ཡིན་ནོ༔ དེ་ཡང་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྣལ་འབྱོར་ལེ་ལོ་ཅན་དོན་དུ༔ འཕོ་བའི་གདམས་ངག་བསྟན་པར་བྱ༔ ཞེས་གསུངས་སོ༔ དེ་ཡང་རྫོགས་པ་ཆེན་པོ་སོགས་ཆོས་ཟབ་མོ་ཐོབ་ཀྱང་༔ བསྒོམ་ལུང་མེད་པའི་ལེ་ལོ་ཅན་དང་༔ ཉམས་སུ་ལེན་ལོ་བྱས་ཀྱང་གྲོལ་བའི་གདེང་མ་ཐོབ་པ་རྣམས་ལ་བསྒོམ་མི་དགོས་པར་འཆི་ཁར་སངས་རྒྱས་པའི་གདམས་ངག༔ སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་གདམས་ངག་འདི་གལ་ཆེའོ༔ དེ་ཡང་ད་ལྟ་ནས་སྦྱངས་ནས་རང་

p. 408

འཆི་ངེས་པའི་ཚེ༔ རིང་གིས་འཕོ་ཐུབ་ན་རབ་ཡིན༔ དེ་མ་ཐུབ་ཀྱང་ད་ལྟ་འཕོ་ལུང་ཞུས་པས༔ འཆི་དུས་བླ་མས་འཕོ་བ་འདེབས་པ་དེས་ཐེབས་སླ་བ་ཡིན་ཏེ༔ འཕོ་བ་ཐེབས་པའི་ཕན་ཡོན་ནི༔ རྡོ་རྗེ་གདན་བཞི་ལས༔ སྡིག་གིས་ཀུན་ལས་མི་གོས་ཏེ༔ འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ༔ ཞེས་དང་༔ སྟེང་དུ་ཚངས་པའི་སྒོ་འདི་ནི༔ མདོ་ལས་འཕོ་བའི་མིང་དུ་བཤད༔ ཨེ་མའོ་ཆོས་འདི་ནི་མཆོག་གི་ལམ༔ ཨེ་མའོ་འཁོར་བ་གཅོད་བྱེད་པ༔ ཨེ་མའོ་གྲོལ་བའི་གོ་འཕང་གནས༔ ཨེ་མའོ་ཡེ་ཤེས་ངོ་མཚར་ཆེ༔ ཞེས་དང་༔ ཉེས་པ་ཀུན་གྱི་གོས་པ་ནི༔ འཕོ་བའི་སྦྱོར་བ་སྦྱར་བས་གྲོལ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ དུས་ལ་བབ་པའི་འཕོ་བ་ནི༔ མཚམས་མེད་པ་ལྔ་བྱེད་པའི་གང་ཟག་ཡིན་ཡང་མཐོ་རིས་སམ༔ ཐར་པ་ཐོབ་པར་གསུངས་པས་ཕན་ཡོན་ཤིན་ཏུ་ཆེའོ༔ ཞེས་དང་༔ འཕོ་བ་དེ་ལྟར་ཐེབས་ན་ཇི་ལྟར་སྡིག་པོ་ཆེ་ཡིན་ཀྱང་དམིགས་པའི་བྱིན་རླབས་ཀྱིས༔ སངས་རྒྱས་གཅིག་གི་བསྟན་པ་མ་རྫོགས་ཀྱི་བར་དུ་ལྷ་མི་ལ་སོགས་པའི་ལུས་ཁྱད་པར་ཅན་ལེན་ཅིང་༔ དེ་ནས་ལས་ཀྱི་འཕྲོ་མྱུར་དུ་ཟད་ནས་སངས་རྒྱས་པར་འགྱུར་ཞིང་༔ གང་ཟག་ཅི་རིགས་པ་ནི་མངོན་རྫོགས་སུ་ཞིང་ཁམས་ཁྱད་པར་ཅན་དུ་རིག་འཛིན་ཐོབ་པར་འགྱུར༔ ཞེས་གསུངས་སོ༔ དེ་ལྟར་འཕོ་བ་ལ་ཡང་སྤྱིར་ཆོས་སྐུའི་འཕོ་བ༔ ལོངས་སྐུའི་འཕོ་བ༔ སྤྲུལ་སྐུའི་འཕོ་བ༔ ཐ་མལ་པའི་འཕོ་བ༔ བཙན་ཐབས་ཀྱི་

p. 409

འཕོ་བ༔ གྲོང་དུ་འཇུག་པ་སོགས་མང་དུ་ཡོད་པ་སྟེ༔ ཆོས་སྐུའི་འཕོ་བ་ནི༔ ཚེ་འདིར་ཕྱག་ཆེན་དང་རྫོགས་ཆེན་ཁྲེགས་ཆོད་ལ་ཉམས་ལེན་བཟང་པོ་ཡོད་པས་འཆི་དུས་འོད་གསལ་མ་བུ་འཕྲད་དེ༔ དེ་ལ་ཞག་བདུན་ལ་སོགས་གནས་པ་སྟེ༔ འཕོ་བྱ་འཕོ་བྱེད་བྲལ་བ་དོན་དམ་པའི་འཕོ་བ་ཡིན་པས༔ དེ་ལ་ཡང་སྒོ་བཟང་ངན་ཡང་མེད་པར་གསུངས༔ དེ་ལྟར་ཆོས་སྐུའི་འཕོ་བ་ཐེབས་ན་ཕྱི་རྟགས་ནམ་མཁའ་གཡའ་དག་པ་དང་༔ ནང་རྟགས་ཕུང་པོ་བཀྲག་མདངས་ཡུན་རིང་མི་ཡལ་བ་དང་༔ གསང་བའི་རྟགས་སུ་དཀར་པོ་ཧཱུྃ་མཐིང་ག་ལ་སོགས་པ་འབྱོན་ནོ༔ ལོངས་སྐུའི་འཕོ་བ་ནི༔ ད་རེས་ཀྱི་འཕོ་བ་བཤད་བྱ་འདི་ཡིན༔ ཐེབས་པའི་རྟགས་སུ་ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་དང་༔ ནང་རྟགས་སུ༔ སྤྱི་བོ་ཚངས་བུག་ཏུ་ཁྲག་གམ་ཆུ་སེར་འཐོན་པ༔ ཟིལ་པ་འཕྲོ་བ་དང་སྐྲངས་པ་དང་རླངས་པ་འཐུལ་བ་དང་༔ སྐྲ་ཁོལ་བུར་བྱི་བ་དྲོད་ཚ་ཆིལ་གྱིས་འདུ་བ་སོགས་འབྱུང་༔ གསང་བའི་རྟགས་སུ་གདུང་རིགས་ལྔའམ་གང་རུང་རེ་རེའམ༔ ལྷའི་སྐུ་གཟུགས་ཕྱག་མཚན་འབྱོན་ནོ༔ སྤྲུལ་སྐུའི་འཕོ་བ་ནི༔ གཞོགས་གཡས་པ་ས་ལ་ཕབ་རླུང་སྣ་བུག་གཡོན་ནས་རྒྱུ་བར་བྱས་ཏེ༔ མདུན་དུ་ཐུབ་པ་དང་པད་འབྱུང་སོགས་ཀྱི་སྐུ་བཤམས་པའམ༔ བསྒོམས་ཏེ་དེ་ལ་རྣམ་ཤེས་སྣ་བུག་གཡོན་ནས་འཕོས་ཏེ༔ སེམས་ཅན་གྱི་དོན་ལ་སྤྲུལ་སྐུ་འབྱུང་བའི་སེམས་བསྐྱེད་དང་སྨོན་ལམ་བྱའོ༔ དེ་ཐེབས་ན་ཕྱི་རྟགས་སུ་སྤྲིན་ནམ་འཇའ་དཔག་བསམ་གྱི་

p. 410

ལྗོན་ཤིང་ལྟ་བུ་དང་༔ མེ་ཏོག་གི་ཆར་འབེབས་སོ༔ ནང་རྟགས་སུ་སྣ་བུག་གཡོན་ནས་ཁྲག་གམ་ཆུ་སེར་རམ་བྱང་སེམས་ཐོན་ནས་ཟིལ་པ་ཕྲུམ་པ་འབྱུང་༔ གསང་རྟགས་སུ་དབུ་བུམ་རིལ་ལམ་ལྷའི་ཕྱག་མཚན་དང་རིང་བསྲེལ་ཕྲ་མོ་མང་དུ་བྱུང་ངོ་༔ བཙན་ཐབས་ཀྱི་འཕོ་བ་ནི་བྱ་མི་རུང་སྟེ༔ འཆི་རྟགས་ཐམས་ཅད་ཚང་ཡང་འཆི་བསླུ་ལན་གསུམ་བྱ༔ དེ་མ་བྱས་པར་འཕོས་ན་ལྷ་བསད་པའི་ཉེས་པ་འབྱུང་གསུངས༔ ཡང་རྒྱལ་པོའི་ཆད་པ་དང་ན་ཚ་སྡུག་བསྔལ་ཅི་བྱུང་ཡང་འཕོ་བར་བྱ་མི་རུང་སྟེ༔ ད་དུང་འཆི་བའི་དུས་ལ་མ་བབ་པ་ཡིན་ན་ལྷ་བསད་པའི་ཉེས་པ་འབྱུང་བས༔ ཚེ་འདས་ཀྱང་སྐེ་རྩ་ཆད་ངེས་མ་རེད་བར་འཕོ་བ་འདེབས་མི་རུང་༔ ད་རུང་ཚེ་མ་ཟད་པར་སོས་རྒྱུ་ཡོད་ན་ལྷ་བསད་པའི་ཉེས་པ་འབྱུང་༔ ལྷ་ཞེས་པ་ནི་ལུས་ལ་དམ་པ་རིགས་བརྒྱའི་ལྷ་ཚོགས་བཞུགས་པས་ཐམས་ཅད་བསད་པ་དང་འདྲ༔ དེས་ནི་ཚེ་ཟད་ངེས་མ་གཏོགས་འཕོ་བ་བཏབ་ན་ཕན་ཡོན་མེད་པའི་སྟེང་ལ་ངན་སོང་དུ་འགྲོའོ༔ དེའི་གནད་ཀྱིས་བཙན་ཐབས་སུ་འཕོ་མི་རུང་སྟེ༔ རྡོ་རྗེ་གདན་བཞི་ལས༔ དུས་ལ་བབ་ན་འཕོ་བྱ་སྟེ༔ དུས་མིན་ལྷ་རྣམས་གསོད་པ་ཉིད༔ ཅེས་དང་༔ དུས་མིན་འཕོས་ན་ལྷ་རྣམས་གསོད་པར་འགྱུར༔ ཇི་སྲིད་ཡུན་རིང་འཚོ་དང་ཆོས་སྤྱོད་པ༔ དེ་སྲིད་དགེ་བའི་རྒྱུན་ནི་འཕེལ་བའོ༔ ཞེས་ལུང་ཡང་དག་པར་འཕོ་བའི་ལེའུ་ལས་མ་གསུངས་སོ༔ དེ་དང་མཚུངས་པར་ཨོ་རྒྱན་རིན་པོ་ཆེས༔ དེ་ཡང་འཆི་ལྟས་དང་མཚུངས་པའི་འཆི་བསླུ་

p. 411

ནན་ཏན་བྱ་ཞིང་༔ འཆི་ལྟས་མཚན་མ་ཚང་ཡང་འཆི་བསླུ་མ་བྱས་པར་འཕོས་ན་ནི༔ ལྷ་བསད་པའི་ཉེས་པ་འབྱུང་བ་དང་༔ རང་གིས་རང་ལྕེབ་པའི་ཉེས་པ་ཕོག་པས༔ མཚམས་མེད་པ་ལྔ་ལས་ཀྱང་ཉེས་པ་ཆེ་བ་འབྱུང་བའི་ཕྱིར་རོ༔ འཆི་བསླུ་སྤྱི་དང་བྱེ་བྲག་གང་འོས་ཅི་རིགས་པར་བྱ༔ ཞེས་གསུངས་སོ༔ གྲོང་དུ་འཇུག་པ་ནི༔ རྟེན་འབྲེལ་གྱིས་བོད་དུ་བཀའ་མ་བབས་པར་གྲགས་པས་དེ་ལྟར་དཔེ་རྒྱུན་ཡོད་ཀྱང་ཕྱག་ལེན་བརྒྱུད་པ་མེད་པའོ༔ དེ་ནས་ཐ་མལ་གྱི་འཕོ་བ་ནི་བཙན་ཐབས་ཀྱི་འཕོ་བ་དངོས་མིན་ཀྱང་༔ དེའི་མིང་ཅན་གྱི་འཕོ་བ་ནི༔ སྐད་ཅིག་མའི་འཕོ་བ་ཞེས་བྱ་སྟེ༔ གཡང་ས་དང་༔ ཆུ་དང་མདའ་དང་མཚོན་རྣོན་པོ་དང་གཟའ་ལ་སོགས་པ་འཆི་རྐྱེན་ཅི་འོང་ཆ་མེད་པས༔ དུས་རྒྱུན་དུ་སྐྲག་སྔངས་ནམ་བྱུང་སྤྱི་བོར་སྣང་བ་མཐའ་ཡས་སམ་ཨོ་རྒྱན་ལ་རིག་པ་གཏད་པས༔ འཆི་རྐྱེན་དྲག་པོ་གློ་བུར་དུ་བྱུང་ན་ཡང་གོམས་པའི་ཤུགས་ཀྱིས་སྤྱི་བོར་རྣམ་ཤེས་གཏད་རྒྱུ་འོང་བ་དེར་རྣམ་ཤེས་འཕོས་ཏེ༔ ཨོ་རྒྱན་ཆེན་པོའི་འདུན་པ་སྤྱི་བོར་བླ་མ་ལ་གཏད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ ཞེས་གསུངས་སོ༔ ཐ་མལ་པའི་འཕོ་བ་ནི༔ མགོ་བྱང་དུ་བསྟན༔ ཁ་ནུབ་ཏུ་སྟོན༔ གཞོགས་གཡས་ས་ལ་ཕབ་ལ་སྤྱི་བོའི་ཕྱོགས་ནས༔ དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་དང་༔ སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་སོགས༔ དཀོན་མཆོག་གསུམ་གྱི་མཚན་གང་ཤེས་དང་གཟུངས་སྔགས་བྱིན་རླབས་ཅན་རྣམས་

p. 412

བསྒྲགས་ཤིང་སྨོན་ལམ་བཏབ་ན་ཡང་ངན་སོང་དུ་མི་སྐྱེ་བ་གསུངས་སོ༔ དེ་ཡང་ཆོས་དྲུག་དྲིལ་བ་རྡོ་རྗེའི་གླུ་ལས༔ སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན༔ སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ༔ ཞེས་དང་༔ བླ་མེད་ཀྱི་རྒྱུད་སྡེ་མང་པོ་ནས་བཏུས་པ་ཟབ་མོ་ནང་དོན་ལ༔ དེ་ནས་རྣམ་ཤེས་ཀུན་གཞི་ནི༔ ཚངས་བུག་ནས་ནི་གཟུགས་མེད་དོ༔ ཐིག་ལེ་ལས་ནི་ལྷ་མོ་ཚེ༔ ལྟེ་བ་ལས་ནི་འདོད་ཁམས་ལྷ༔ མིག་ལས་འདོད་པའི་མི་དབང་པོ༔ སྣ་ལས་གནོད་སྦྱིན་གནས་སུ་སྟེ༔ རྣ་བ་ལས་ནི་གྲུལ་བུམ་ལྷ༔ སྲིད་པའི་སྒོ་ནས་ཡི་དྭགས་བཤད༔ ཆུ་ཡི་ལམ་ལས་དུད་འགྲོར་འགྱུར༔ འོག་སྒོ་ལས་ནི་དམྱལ་བ་བརྒྱད༔ ཅེས་གསུངས་པའི་དོན་གྱི་འཕོ་བའི་གདམས་ངག་མ་བསྒོམས་པར་ལས་དབང་གིས་ཚངས་བུག་ནས་འཕོས་ན་གཟུགས་མེད་ཁམས་སུ་སྐྱེ་ལ༔ འཕོ་བའི་གདམས་པས་ཚངས་བུག་ཏུ་འཕོས་ན་དག་པ་མཁའ་སྤྱོད་དུ་སྐྱེ་བ་ཡིན་པར་བཞེད་པའི་ལུགས་གཅིག་དང་༔ སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས༔ འཆི་ལྟས་ཤར་ཚེ་སྒོམ་ཞིང་ཞེན་པ་གཏད༔ སྒོ་དགུ་བཀག་ལ་རྗེས་དང་སྨོན་ལམ་བརྒྱན༔ ཞེས་གསུངས་པའི་དོན་མཚོག་མ་དང་ཚངས་བུག་མི་གཅིག་སྟེ༔ མཚོག་མ་ནི་སྐུ་མཚམས་ནས་ཁུག་སོར་བཞིའི་ས་ནས་རྣམ་ཤེས་འཕོས་ན་གཟུགས་མེད་ཁམས་སུ་སྐྱེ་ལ༔ སྐྲ་མཚམས་ནས་ཁུག་སོར་བརྒྱད་ཀྱིས་མདོར་ན་སྐྲ་འཁྱིལ་གྱི་དབུས་དེར་ཚངས་པའི་བུ་ག་ཡོད་པ་དེར་འཕོས་ན་མཁའ་སྤྱོད་དུ་སྐྱེ་བའོ༔ ཞེས་གསུངས་པའི་ལུགས་

p. 413

གཉིས་ཡོད་ཀྱང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ དེ་ཡང་རྣམ་ཤེས་འཕྲོ་བའི་ལམ་ལ་ཁྱད་པར་ཆེ་སྟེ༔ དེ་ལ་རབ་འབྲིང་ཐ་མ་གསུམ་སྟེ་དགུའོ༔ སྤྱི་བོ་ཚངས་པའི་བུ་ག་ནི་དག་པ་མཁའ་སྤྱོད་དུ་འགྲོ་བའི་ལམ་ཡིན་པས༔ དེར་རིག་པ་ཐོན་ན་ཐར་པ་ཐོབ་པར་འགྱུར་བས༔ ལམ་མཆོག་ཏུ་གྱུར་པ་ཡིན་པས་དེར་འདུན་པ་གཏད་པ་ལ་བྱུང་བ་གལ་ཆེའོ༔ མིག་ལས་རྣམ་ཤེས་ཐོན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ༔ སྣ་བུག་གཡོན་ནས་མི་ལུས་གཙང་མ་སྟེ༔ སྒོ་རབ་གསུམ་མོ༔ སྣ་བུག་གཡས་ནས་གནོད་སྦྱིན༔ རྣ་བ་གཉིས་ལས་གཟུགས་ཁམས་ཀྱི་ལྷ༔ ལྟེ་བ་ནས་འདོད་པའི་ལྷར་སྐྱེ་སྟེ་སྒོ་འབྲིང་གསུམ་མོ༔ ཆུ་ལམ་ནས་དུད་འགྲོ༔ སྲིད་པའི་སྒོ་ཞེས་བྱ་བ་ཁམས་དང་ཐིག་ལེ་དཀར་དམར་རྒྱུ་བའི་ལམ་ནས་ཡི་དྭགས་སུ་སྐྱེ༔ བཤང་ལམ་ནས་དམྱལ་བར་སྐྱེ་སྟེ་སྒོ་ཐ་མ་གསུམ་མོ༔ ཞེས་གསུངས་སོ༔ དེ་ནས་འཕོ་བའི་གདམས་པ་དངོས་ནི༔ རྡོ་རྗེ་གདན་བཞི་ལས༔ སྦྱང་བྱ་ཡི་གེ་ཕྱེད་དང་གཉིས༔ བརྒྱད་ཀྱི་མཐའ་མ་གསུམ་ལས་དྲངས༔ ས་བོན་འདི་ནི་དྲག་པོའི་མེ༔ རླུང་གི་དཀྱིལ་འཁོར་ལ་བརྟེན་པ༔་སེམས་འདི་ཡིས་ནི་དམིགས་པ་བྱ༔ སྟེང་དུ་ཚངས་པའི་སྒོ་འདི་ནི༔ ཚིགས་དགུ་ཡིས་ནི་མཆོག་གི་ལྡན༔ ལུས་མེད་སེམས་ཀྱི་ངོ་བོ་ཡི༔ དངོས་པོ་དངོས་པོ་བསྒོམ་པར་བྱ༔ ཞེས་གསུངས་པ་དང་༔ སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས༔ འཕོ་བ་གསེར་འགྱུར་མ་སྒོམ་སངས་རྒྱས་ནི༔ ཞེས་སོགས་ནས༔ ཧཱུྃ་དང་རླུང་

p. 414

སེམས་དབྱེར་མེད་དྷ་ཏིར་དྲངས༔་ཀླུ་ཡི་ཡིག་གསར་ཚངས་པའི་ལམ་ནས་འཕངས༔ ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེས༔ ཚེ་འདིར་ལྷག་མེད་མ་འགྲུབ་ན༔ འཕོ་ཆེ་མཁའ་སྤྱོད་འགྲུབ་འདོད་པས༔ སྦྱང་དང་ལས་ལ་སྦྱར་བའོ༔ ཞེས་དང་༔ སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པར་བྱེད་པའི་གདམས་ངག༔ རྣལ་འབྱོར་པ་ལུས་རྒྱ་གྲོལ་བ་དང་སངས་རྒྱས་པ་དུས་མཚུངས་པའི་གསང་ཆོས་འཕྲུལ་ཞུན་དུ་གདམས་པ་འདི་སྟོན་པར་བྱེད༔ ཅེས་གསུངས་པ་ལྟར་སྟོན་ཏེ༔ དེ་ཡང་འཕོ་བ་སྦྱང་བ་དང་༔ ལས་ལ་སྦྱར་བ་གཉིས་ལས༔ དང་པོ་འཕོ་བ་སྦྱངས་བའི་དམིགས་ཐུན་ཞུ་བའི་ཕྱིར་མཎྜལ་འབུལ་བ་འདི་ཡི་རྗེས་ཟློས་མཛོད་ཅིག༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་ལ་གཟིགས༔ དེ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་གཤེགས་པའི་ཤུལ༔ འཁོར་བའི་ནད་ཐམས་ཅད་སེལ་བའི་རྩི་སྨན༔ ཡོན་ཏན་རྒྱ་མཚོ་འབྱུང་བའི་གནས༔ ཚེ་འདི་དང་ཚེ་རབས་ཐམས་ཅད་ཀྱི་བདེ་སྐྱིད༔ དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུད་དམ་པ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འདི་ཡི་རྗེས་ཟློས་མཛོད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་

p. 415

སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ༔ ད་ཁྱེད་རང་རྣམས་སྐད་ཅིག་གིས་ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པ་ཞལ་གཅིག་པ༔ ཕྱག་བཞི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ འོག་མ་གཉིས་ཤེལ་དཀར་གྱི་ཕྲེང་བ་དང་མེ་ཏོག་པདྨ་དཀར་པོ་བསྣམས་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ༔ དབུ་སྐྲ་ཐོར་ཚུགས་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ༔ དར་དང་རིན་པོ་ཆེའི་བརྒྱན་ཅིང་མཚན་དང་དཔེ་བྱད་འོད་དུ་འབར་བ་ཞིག་ལམ་གྱིས་སྒོམས་ཤིག དེའང་ཐུགས་རྗེ་ཆེན་པོའི་སྐུ་དེ་ཕྱི་དར་དཀར་གྱི་གུར་ཕུབ་པ་ལྟ་བུ་ལ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་སྟོང་སང་ངེ་བའི་དབུས་སུ༔ རྩ་དབུ་མ་མཚན་ཉིད་བཞི་དང་ལྡན་པ༔ བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ༔ གསལ་བ་མཚོན་པའི་ཕྱིར་ནང་དམར་བ༔ བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་ཤིན་ཏུ་དྲང་བ༔ ངན་སོང་གི་སྒོ་བཅད་པའི་ཕྱིར་མར་སྣེ་ལྟེ་འོག་ཏུ་ཕུག་རྡུགས་སུ་ཡོད་པ༔ མཐོ་རིས་ཀྱི་ལམ་བགྲོད་པའི་ཕྱིར་ཡར་སྣེ་སྤྱི་བོར་ཚངས་པའི་བུ་གར་ཧད་པོར་ཡོད་པ༔ དེ་ལྟ་བུ་

p. 416

ཞིག་སྒོམས་ཤིག ཁྱེད་རང་རྣམས་ཀྱི་སྤྱི་བོ་རུ༔ སེང་ཁྲི་པད་མ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་། བཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ ཞབས་གཉིས་བྱམས་བཞུགས་མཛད་པ་ཡི༔ ཞབས་གྱི་མཐེ་བོང་གཉིས་པོ་ཡིས༔ དབུ་མའི་ཡར་སྣེ་འཆར་བར་སྒོམས༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་བསྟིམ༔ དེ་ནས་འཕོ་བའི་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔ བདག་གིས་

p. 417

རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔ བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཞེས་པའི་གསོལ་འདེབས་ཅི་མང་བྱས་ནས༔ རང་གི་སྙིང་ག་དབུ་མའི་ནང་དུ་སྨྱུག་མའི་ཚིགས་འགག་པ་ལྟར་དུ་པདྨ་དམར་པོ་འདབ་མ་བརྒྱད་པ༔ དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་བཀས་པ་ཙམ༔ དེའི་སྟེང་དུ་རླུང་སེམས་རྣམ་པར་ཤེས་པ་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་ཧཱུྃཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་བཀྲག་མདངས་ལྡན་པས་མཚན་པ༔ འཕར་ལ་ཁད་པ་ཡར་ལ་ཁད་པ་ཅིག་བསྒོམ༔ ཧཱུྃ༔དེ་ལས་འོད་ཟེར་དྷཱི༔ཡིག་གི་རྣམ་པ་ཞིག་འཕྲོས་པས་འོག་སྒོ་དམྱལ་བའི་སྒོ་ཁྲིག་གིས་བཅད༔ ཡང་ཧིགཅིག་འཕྲོས་པས་དུད་འགྲོའི་སྐྱེ་སྒོ་ཆུའི་ལམ་ཁྲིག་གིས་བཅད༔ དེ་ནས་ཧྲིགཉིས་འཕྲོས་ཏེ་གསང་གནས་དང་ཁའི་སྒོ་ཡི་དྭགས་ཀྱི་སྐྱེ་སྒོ་བཅས༔ དེ་ནས་ཧིགཅིག་འཕྲོས་པས་ལྟེ་བ་འདོད་ལྷའི་སྒོ་བཅད༔ ཡང་ཧིགཉིས་འཕྲོས་ལྷ་མིན་དང་གཟུགས་ཁམས་དང་གྲུལ་བུམ་གྱི་སྐྱེ་སྒོ་རྣ་བ་གཉིས་བཀག དེ་ནས་ཧྲིགཉིས་འཕྲོས་གནོད་སྦྱིན་དང་མི་སྐྱེ་རྒ་ན་འཆིའི་སྐྱེ་སྒོ་སྣ་བུག་གཉིས་བཅད༔ དེ་ནས་ཧྲི༔ཡིག་གསུམ་འཕྲོས་གཟུགས་ཁམས་ཀྱི་སྐྱེ་སྒོ་སྨིན་མཚམས་དང་༔ མིག་གཡས་མིའི་རྒྱལ་པོར་སྐྱེ་བའི་སྒོ་དང་མིག་གཡོན་རྣམས་བཀག༔ ཡང་ཧཱུྃགཅིག་འཕྲོས་མཚོག་མ་གཟུགས་མེད་ཁམས་ཀྱི་

p. 418

སྐྱེ་སྒོ་རྣམས་བཀག་པར་བསྒོམས་ལ༔ ངག་ཏུ་ཧཱིབགྲང་ཡང་རུང་༔ དེ་ནས་ཧིཀ་ཞེས་བརྗོད་པས་རང་སེམས་ཐིག་ལེ་དཀར་པོ་ཧཱིཝཡིག་གིས་མཚན་པ་དེ་དབུ་མའི་ལམ་ནས་གྱེན་དུ་འཕར་ནསཿ༔ སྤྱི་བོའི་འོད་དཔག་མེད་པའི་ཞབས་ཀྱི་མཐེ་བོང་ལ་རེག་ཙམ་བྱས༔ ཀ་ཞེས་བརྗོད་པས་མར་ཕབ་སྙིང་གའི་ཟླ་བའི་གདན་ལ་འདུག་པར་བསྒོམ༔ དེ་ཡང་རླུང་རོ་ལན་གསུམ་བུས་ལ་རླུང་བཟུང་བ་དང་སྦྲག་སྟེ༔ རླུང་བཟུང་ནས་ཡུན་རིང་དུ་བསྡམས་ཏེ་ཡིད་ཀྱིས་ཧིཀ་བརྗོད་པས་རོ་རྐྱང་གི་རླུང་དབུ་མ་ནས་སྤྱི་བོར་སྔོ་ཐལ་གྱིས་ཐོན་པ་དང་མཉམ་དུ་ཐིག་ལེ་ཞབས་ཀྱི་མཐེ་བོང་ལ་རེག་པ་དང་༔ ཀ་ཞེས་ཡིད་ཀྱིས་བརྗོད་པས་མར་ཕབ་སྙིང་གར་གནས་པར་བསྒོམ་ཞིང་སྤར༔ སྤར་དུས་རྡོ་རྗེ་ཁུ་ཚུར་དཔྱི་ཟུར་དུ་བཅང་ལ་རླུང་སེམས་སྣང་བ་ཐམས་ཅད་སྟེང་དུ་སྤུང་བར་བྱའོ༔ གལ་ཏེ་དེ་ལྟར་རླུང་བཟུང་མི་ཤེས་པ་རྣམས་ཀྱང་ཧིཀ་ཅེས་ཐིག་ལེ་དབུ་མ་ནས་ཡར་འཕར༔ སངས་རྒྱས་ཀྱི་ཞབས་ཀྱི་མཐེ་བོང་ལ་རེག༔ ཀ་ཞེས་མར་ཕབ་སྙིང་གར་བབས་པར་བསྒོམ་སྟེ༔ དེ་ལྟར་ཡར་སྤར་བ་དང་༔ མར་དབབ་པའི་དམིགས་པ་གསལ་པོ་ཉེར་གཅིག་ཙམ་བྱ༔ དེ་ནས་སྨོན་ལམ་བྱ་བ་ནི༔ འདི་སྐད་དུ་ནི་བརྗོད་པར་བྱ༔ འདིའི་རྗེས་ཟློས་བྱའོ༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་

p. 419

བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནཱ་ཡེ་སྭཱ་ཧཱ༔ ཞེས་སྨོན་ལམ་བཏབ་པས་འོད་དཔག་མེད་ཀྱི་ཕྱག་གིས་ལྷུང་བཟེད་ནས་འཆི་མེད་བདུད་རྩིའི་རྒྱུན་བབས་པས་རང་ལུས་ལྟེམ་གྱིས་གང་བར་བསྒོམས་ལ༔ དེ་ནས་ཚེ་ཡི་གསོལ་འདེབས་ནི༔ རྗེས་ཟློས་བྱའོ༔ ཨེ་མ་ཧོ༔ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་དང་ནི༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་རྣམས་ལ༔ བདག་གིས་གུས་པའི་སེམས་ཀྱིས་ཕྱག་འཚལ་བསྟོད༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་དྷེ་ཝ་ཨཱཿཡུསིདྡྷི་ཧཱུྃ༔ ཕྲེང་སྐོར་རེའམ་ཅི་ལྕོགས་བཟླས་ལ༔ འོད་དཔག་མེད་གཙོ་འཁོར་གསུམ་འོད་དུ་ཞུ་ནས་རང་ལ་ཐིམ་ཞིང་ཚངས་བུག་ཧཾ་དང་སྣ་ཚོགས་རྡོ་རྗེས་

p. 420

བཀག་པར་བསྒོམ་མོ༔ དེ་ལྟར་ཐུན་དྲུག་གམ་བཞི་ལ་སོགས་པར་ཉམས་སུ་བླངས་པས་འཕོ་བ་འབྱོངས་རྟག་ཚངས་བུག་ཏུ་དྲོད་ཚ་ཆིལ་གྱིས་འོང་བ་དང་༔ གཡའ་བ་དང་ཟ་བ་དང་སྦྲིད་པ་དང་སྐྲངས་པ་དང་༔ སྤྱི་བོའི་གཙུག་ཉོལ་ལེར་སོང་བ་དང་བེམས་པ་དང་༔ ཚངས་བུག་ཏུ་ཁྲག་གམ་ཆུ་སེར་ཐོན་པ་འབྱུང་བས༔ དེ་ལྟར་འབྱུང་བ་དང་སྐུ་མཚམས་ཁུག་སོར་བརྒྱད་ཀྱི་སར་ལེགས་པར་བལྟས་ཏེ་ཀུ་ཤ་བཙུགས་པས་ལྟེམ་མེ་ཟུག་གོ༔ དེ་བྱུང་ན་དེ་ཙམ་གྱིས་ཚོད་མ་བཟུང་ན་ཚེའི་བར་ཆད་དུ་འགྱུར་བས་དམིགས་པའི་འཕྲོ་བཅད༔ དབུ་མར་ཐིག་ལེ་འགྲིམ་འགྲུལ་མི་བྱ་ཞིང་༔ ཧིཀ་ཀ་མི་བགྲང་ངོ་༔ ཡང་ཚངས་བུག་མེད་པའི་རིགས་སམ་ཚངས་བུག་མ་རྙེད་ན་མགོ་ན་བ་དང་༔ མགོ་ཡུ་འཁོར་བ་བྱུང་བས༔ འོད་དཔག་མེད་ཁྲུ་གང་སོར་བསྐྱེད་ལ༔ ཐིག་ལེ་ཧཱི༔ཡིག་དང་བཅས་པ་ནམ་མཁའ་ལ་འོད་དཔག་མེད་ཀྱི་པད་གདན་ལ་མ་ཐུག་བར་དུ་སྤར༔ ཡང་ཕྱིར་དབུ་མའི་ནང་སྙིང་གར་གནས་པར་བསྒོམ་མོ༔ དེ་འདྲ་བ་ཐུན་འགའ་ལ་བསྒོམས་པས་ཚངས་བུག་བྱེ་སྟེ་ཁྲག་གམ་ཆུ་སེར་ཐོན་པར་འགྱུར་རོ༔ དེས་འཕོ་བ་སྦྱོང་ལུགས་བཤད་ཟིན་ནས༔ རང་ཉིད་འཕོ་བ་ནི༔ འཆི་རྟགས་ཐམས་ཅད་ཚངས་ཡང་འཆི་བསླུ་ལན་གསུམ་བྱས་ལ་དེས་ཀྱང་མ་བསླུས་ན༔ ཀྱེ་མ༔ བདག་ལ་འཆི་ཁའི་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་

p. 421

རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཞེས་གསུངས་པ་ལྟར་ལུས་ལོངས་སྤྱོད་གཉེན་འདུན་ཐམས་ཅད་སངས་རྒྱས་འོད་དཔག་མེད་ལ་མཎྜལ་དུ་འབུལ་ཏེ༔ ཕུལ་ཚར་ནས་ཆགས་སེམས་སྤང་༔ འཕོ་བའི་དམིགས་པ་སྦྱོང་དུས་ལྟར་སྒོ་དགུ་ཧཱི༔ཡིག་གིས་བཀག་ལ༔ འོད་དཔག་མེད་གཙོ་འཁོར་ཁྲུ་གང་ཙམ་གྱི་ནམ་མཁར་བསྒོམས་ལ་རྣམ་ཤེས་ཐིག་ལེ་ཧྥིས་མཚན་པ་རྒྱངས་ཀྱིས་འཕངས་ལ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ་པའི་དམིགས་པ་དབུགས་མ་ཆད་བར་དུ་ཡང་ཡང་བྱའོ༔ འཕོ་བའི་གསོལ་འདེབས་དང་སྨོན་ལམ་རང་གིས་ནུས་ཚད་རང་གིས་བྱ༔ མཆེད་གྲོགས་སོགས་ལ་ཡང་འདོན་བཅུག་གོ༔ དེས་རྣམ་ཤེས་སྤྱི་བོར་ཐོན་ནས་ཕྱི་མ་བདེ་བ་ཅན་དུ་སྐྱེ་ངེས་སོ༔ དེ་ནས་གཞན་ལ་འདེབས་པ་ནི༔ འཆི་ངེས་པའི་ནད་པ་ཕྱི་དབུགས་ཆད་ཙམ་ནི་རོ་དེའི་མགོ་མཐོ་བ་ཙོག་པུའི་རྣམ་པར་བཞག་ལ༔ དང་པོ་སྐྱབས་འགྲོ་དང་སེམས་བསྐྱེད་སངས་རྒྱས་ཀྱི་མཚན་གང་ཤེས་མང་བར་བསྒྲགས༔ དེ་ནས་སྐེ་རྩ་ཆད་ངེས་རེད་པ་དང་ཡིད་ཀྱིས་འཕོ་བའི་དམིགས་པ་ཡང་སྤར་ཞིང་༔ ངག་ཏུ་ཚིག་འདི་རྣམས་དབྱངས་སྙན་པོས་བརྗོད་དོ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ལུས་ཡི་དམ་སེམས་དཔའ་དཀར༔ ལུས་ནང་དབུ་མ་མདའ་སྨྱུག་ཙམ༔ རང་གི་ཐུགས་ཀར་ཧྲིདམར་ནི༔ རིང་ཆ་ཚེག་དྲག་བཅས་པ་བསྒོམ༔ དེ་

p. 422

དབུས་ཧིདྲུག་འཕྲོས་པ་ཡིས༔ འགྲོ་དྲུག་སྐྱེ་བའི་སྒོ་བཅད་ནས༔ སྤྱི་བོར་ཚངས་བུག་ཧ་རེ་བསྒོམ༔ སྤྱི་བོར་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་བོ་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་བ་ཅན་ནས་སྤྱན་དྲངས་བསྟིམ༔ དེ་ནས་ཁྱོད་ཀྱི་རྣམ་ཤེས་ནི༔ ཐིག་ལེ་དཀར་པོ་ཧྲི༔ཡིག་མཚན༔ སྣང་མཐའི་ཐུགས་དཀར་འཕོས་པར་བསྒོམ༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་

p. 423

ཕྱག་རྡོར་མཐུ་ཆེན་ཐོབ༔ ཚེ་འདས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཞེས་དམིགས་པ་གསོལ་འདེབས་དང་བཅས་པ་ཚར་བདུན་ནམ་ཉེར་གཅིག་ཙམ་བྱས་ལ༔ ཧིཀྲ་གང་མང་བརྗོད༔ ཕཊ་དྲག་པོ་དང་བཅས་སྐྲ་མཚམས་ནས་ཁུག་སོར་བརྒྱད་ཀྱི་སར་སྤྱི་གཙུག་དྲང་པོ་ནས་སྐུ་ཉག་འཐེན་པས༔ སྐྲ་རུལ་བ་ལྟར་བྱི་བ་དང་༔ ཀག་སྒྲ་དང་རླངས་པ་ཐོན་པ་དང་༔ སྒྲུངས་པ་དང་༔ ཆུ་སེར་ཟི་ལ་པ་ཐོན་ནམ༔ དྲོད་ལྷུག་པ་དང་དྲོད་ཚ་ཆིལ་གྱིས་འདུ་བ་འོང་༔ སྐྲ་མེད་པ་ལ་མཛུབ་མོས་མནན་པས་རྐྱང་པ་དང་ཆུ་སེར་འཁྱིལ་བ་དང༔ རྟོགས་མ་བྱུང་བར་དུ་བསྐྱར་རོ༔ དེ་ནས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་ཐམས་ཅད་དང་༔ ཚེ་འདས་ཀྱི་ཕུང་པོ་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསྒོམ་ཞིང་༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ་སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔་བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་

p. 424

ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནྡྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་པའི་སྨོན་ལམ་ལན་གསུམ་བདུན་ལ་སོགས་བཏབ་ནས༔ ལམ་བསྟན་པ་ནི༔ དབྱངས་དང་བཅས་པའི་འདི་སྐད་དོ༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔ ཚེ་འདས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ འཁོར་བ་འདི་ལ་མ་ཆགས་པར༔ ཐེ་ཚོམ་ཅུང་ཟད་མེད་པ་རུ༔ བདེ་ཆེན་ཞིང་དུ་འགྲོ་བར་གྱིས༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་པས་འོད་དཔག་མེད་དེ་མདའ་འཕངས་པ་ལྟར༔ བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་བསྒོམ༔ ངན་སོང་སྡུག་བསྔལ་མི་མྱོང་ཞིང་༔ སོགས། པདྨ་འདམ་གྱིས་མ་གོས་ལྟར༔ ཞེས་སོགས་བརྗོད་པར་བྱའོ༔ དེས་གཞན་ལ་འདེབས་པ་ལྟར༔ ནོར་དོན་དུ་གཉེར་བའི་ཁོང་སྲན་མེད་པར་བྱམས་སྙིང་རྗེས་རོ་ཐམས་ཅད་ལ་བཏབ་ན་ཕན་ཡོན་བསམ་ལས་འདས་སོ༔ དེ་ཡང་ཐེབས་རྟགས་ཡེ་ནས་མེད་ན་རྣམ་ཤེས་འཕོ་ཚར་བ་ཡིན་སྲིད་དེ༔

p. 425

སྐད་ཅིག་མ་དང་ཟན་ཟ་ཡུན་གཅིག་ལས་མི་གནས་པ་ཡང་ཡོད་པས༔ ཕྱི་དབུགས་མ་ཆད་དུས་ནས་འཕོ་བ་འདེབས་པོ་སླེབ་ན་ཡིད་ཀྱིས་དམིགས་པས་སྒོ་དགུ་བཀག་པ་སོགས་བྱ༔ སྤར་བ་སོགས་མི་བྱ་བར༔ མཚན་དང་སྨོན་ལམ་ཡུན་རིང་འདོན་པ་སོགས་བྱས་ན་ཐེབ་ངེས་སོ༔ ཡོངས་གྲགས་ལ་ཞག་གསུམ་ཉི་མ་དྲོས་བཞི་ཚུན་ལ་རྣམ་ཤེས་ཕུང་པོ་ལ་གནས་པས་འཕོ་བ་འདེབས་པ་གལ་ཆེའོ༔ དེ་ནས་ཚར་བར་བྱེད་དེ༔ བཀའ་གདམས་གླེགས་བམ་ནས་ཞག་གསུམ་བདུན་གནས་པར་ཡང་བཤད་པས་ཞག་བདུན་ཚུན་ཡང་འདེབས་རུང་ངོ་༔ གྲོང་ཆོག་པ་ལ་ལ་དག་བྱང་བུའི་རྣམ་ཤེས་སྤར་བའི་རིགས་ཡང་ཡིན་གསུངས་ནས༔ རོ་ཞག་མང་ལོན་པར་རྣམ་ཤེས་ཕུང་པོ་ལ་བཀུག་གཞུག་བྱས་ནས་སླར་འཕོ་བ་འདེབས་སྲོལ་ཡོད་འདུག་པ་ནི༔ དེ་རྒྱུད་གཞུང་ནས་མ་གསུངས་ཀྱང་༔ འགལ་བ་ཡང་མེད་པར་སེམས༔ དེ་ཡན་ནི་འགྲེལ་པ་ཡིན་ལ༔ གནམ་ཆོས་ཐུགས་གཏེར་ལས་བྱུང་བའི་རྩ་ཚིག་བཅོས་སླད་མེད་པ་དེ་ཡི་ལུང་ཡང་བྱས་ན་ཕན་ཡོན་ཆེ་བས་འདི་ལྟར་རོ༔ ནཾ༔ དེ་ནས་འཕོ་བའི་རིམ་པ་ནི༔ རང་གི་ཐུགས་ཀར་ཧཱིདམར་ནི༔ རིང་ཆ་ཚེག་དྲག་དང་བཅས་བསམ༔ དེ་ལས་ཧིདྲུག་འཕྲོས་པ་ཡིས༔ འགྲོ་དྲུག་སྐྱེ་བའི་སྒོ་བཅད་ནས༔ སྤྱི་བོའི་ཚངས་བུག་ཧ་རེ་བསམ༔ དེ་ནས་སྤྱི་བོར་འོད་དཔག་མེད༔་གོང་ལྟར་གཙོ་འཁོར་གསུམ་པོ་བསྒོམ༔ དེ་ནས་རང་གི་རྣམ་ཤེས་ནི༔ ཐིག་ལེ་

p. 426

དཀར་པོ་ཧྲིཡིག་མཚན༔ སྣང་མཐའི་ཐུགས་ཀར་འཕོས་པར་བསམ༔ ཐེ་ཚོམ་ཅུང་ཟད་མེད་པ་རུ༔ བདེ་ཆེན་སྐྱེ་བའི་སྨོན་ལམ་བཏབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འཕོ་བའི་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔ བདག་གིས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་དང་སྨོན་ལམ་ནི་གོང་ལྟར་རོ༔ ཞེས་པ་བདེ་ཆེན་ཞིང་གི་འཕོ་བའི་རྒྱས་བཤད་འདི་ནི་སྤྲུལ་སྐུ་ཉིད་ཀྱི་གསུང་གིས་བསྐུལ་ནས་བདག་རཱ་ག་ཨ་སྱས་སྦྱར་བ་ལ༔ འགལ་འཁྲུལ་ཉེས་པ་ཅི་མཆིས་བཤགས་ཤིང་དགེ་བས་འདི་ཉིད་མཐོང་ཐོས་ཀྱི་སེམས་ཅན་ཐམས་ཅད་བདེ་ཆེན་དག་པའི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག༔ སརྦ་མངྒ་ལཾ། །དགེའོ། །༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ།

p. 427
p. 428

འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

p. 429

ན་མོ་རཏྣ་གུ་རུ་ཡེ། འདིར་འཕོ་འདེབས་བྱ་ཚུལ་ལ་གཉིས་ཏེ། དགེ་བཤེས་ཡོན་ཏན་ཅན་གྱི་ལུགས་དང་། རྟོགས་ལྡན་ཉམས་མྱོང་ཅན་གྱི་ལུགས་སོ། །མཁས་པ་རྣམས་ཀྱིས་དང་པོ་སྐྱབས་འགྲོ་སེམས་བསྐྱེད། མ་ནམ་བཞི་བསྐོར་བྱ། དེ་ནས་མིང་ནས་བོས་ལ་ཐིམ་རིམ་རྒྱས་པར་ངོ་སྤྲོད། སངས་རྒྱས་རྣམས་ཡིད་ལ་གྱིས་ཞེས་བརྡ་སྦྱར་ནས་སངས་རྒྱས་ཀྱི་མཚན་བསྒྲག །ཁྱོད་རང་དཀོན་མཆོག་གསུམ་གྱི་དྲུང་དུ་ཉེས་ལྟུང་བཤགས་སྙམ་པའི་ལན་མོ་གྱིས་ལ་ལྟུང་བཤགས་འདོན། ཐུགས་རྗེ་ཆེན་པོ་ནམ་མཁར་སྒོམས་ལ་ལན་མོ་གྱིས་ལ། ཞེས་ཐུགས་རྗེ་ཆེན་པོའི་སྨྲེ་སྔགས་བསྟོད་པ་དང་། འཇམ་དབྱངས་ནམ་མཁར་སྒོམས་ལ་གསོལ་བ་ཐོབ། ཅེས་ཤེས་བྱའི་མཁའ་དབྱིངས་མ་འདོན། ཐུབ་པ་གསང་བདག་སོགས་ནམ་མཁར་

p. 430

སྒོམས་ལ་བར་དོའི་འཇིགས་པ་ལས་སྐྱོབས་ཕྱིར་རྗེས་ཟློས་གསོལ་བ་ཐོབ་ཅེས་གཙོ་རྒྱལ་མ་འདོན། དེ་ནས་འཕོ་བའི་དམིགས་པ་སྤྱོད་ནས་འཕོ་བའི་གསོལ་འདེབས་བྱ། འཕོ་བ་སྤར་ནས་སྒྲ་འཐེན། ལམ་སྟོན་བྱས་ལ་བདེ་སྨོན་འདོན་པའོ། །དེ་ལུགས་མཛེས་ཆ་ཆེ་ཞིང་འདོན་རྒྱུ་མང་ཡང་། ལུས་སེམས་འབྲེལ་བའི་རྟེན་ཡེ་ཤེས་མགོན་པོའི་རླུང་ངམ་དྲག་པོ་ཆེན་པོའི་རླུང་ཆད་ནས། ད་ལྟ་དང་མི་འདྲ་བར་རྣམ་རྟོག་རིགས་པ་གཅིག་སྐྱེས་ཙམ་ནས་ནམ་མཁར་བདག་རླུང་དེ་རྒྱུནས་འཕོ་ཚར་འགྲོ་བས། བཤད་པ་མང་པོ་བྱེད་ཚེ་ངང་ནས་སྒོ་གར་འགྲོ་ཆ་མེད་པས། བཤད་པ་ཉུང་བ་དམིགས་པ་མང་བ་ལེགས། ཐིམ་རིམ་བཤད་ཀྱང་མི་ནག་པས་མི་གོ །ཤི་ཚར་ནས་ཐིམ་རིམ་ཡལ་ཚར་བས་དགོས་པ་མེད་དོ། །ལ་ལ་ན་རེ་ཟ་འདྲེ་དང་མ་ཕྲལ་ན་འཕོ་བ་ཐེབ་

p. 431

མི་འཇུག་པས་ཕྲལ་དགོས་ཞེས་གསུར་དུད་བྱེད་ནས་ཟ་འདྲེ་ལ་བསྔོ། འཇིག་རྟེན་གསུམ་རྒྱལ་བསྐྱེད་ཅིང་ཁྲོ་བོ་སྤྱན་འདྲེན་ཀུན་རིག་ལྟར་བྱས་ཏེ། སུམྦྷ་ནིའི་ནས་ལྕག་ཀྱིས་བྲབ་ལ་སྲུང་འཁོར་བསྒོམས་ནས། སླར་འཕོ་བའི་དམིགས་པ་བྱེད་པ་ཡང་མཐོང་སྟེ། ཟ་འདྲེས་འཕོ་འདེབས་ལ་བར་ཆད་བྱེད་ཟེར་བ་རྒྱུད་གཞུང་ཚད་ལྡན་ཀུན་ནས་མ་མཐོང་། བར་དོ་ན་གནོད་ཀྱང་འཕོ་བ་ཐེབ་ན་བར་དོ་མེད་པར་གསུངས་སོ། །ནས་ལྕག་དང་གསུར་དུད་ཀྱིས་རྣམ་ཤེས་འཕོ་དོགས་ཡོད། འདི་རྟོགས་ལྡན་ཉམས་མྱོང་ཅན་གྱི་ལུགས་ལྟར་ན་འཆི་ཁ་ནས་དབང་དང་སེམས་བསྐྱེད་ཐོབ་ན། འཆི་ཚེ་སྔས་སུ་རང་ཡོད་ན་ཐེབ་སླ་བར་མཐོང་། གཉུག་སོང་ནས་འཕོ་ཚར་རམ་མེད། མི་གཞོན་ནུ་སོས་རེ་ཡོད་པ་སོགས་ལ་ཤི་ནས་སྐེ་རྩ་ཆད་ཡག་མ་རེད་པར་འཕོ་བ་འདེབས་མི་རུང་། རླུང་ལོགས་ཡིན་ན་འཕོ་བ་ཐེབ་ན་ཉེས་པ་ཆེ་བར་གསུངས། རྒྱུད་ལས། དུས་མིན་ལྷ་རྣམས་གསོད་པའོ། །ཞེས་ལུས་ལྷ་བསད་པ་དང་འདྲའོ། །མ་ཐེབ་སོས་ན་འཕོ་བ་མཁན་གཤེ་བར་འགྱུར་ཏེ། དེ་འདྲའི་ལོ་རྒྱུས་འགའ་ཡང་ཐོས། ནད་ཡུན་རིང་བ་དང་རྒན་རྒོན་སོས་རེ་མེད་ངེས་ཤི་ཐག་ཆོད་པ་ལ་ནི་མ་ཤི་དུས་དབུགས་འགྲོ་ལ་ཁད་ནས་བཏབ་ཀྱང་ཉེས་པ་མེད་དོ། །འོན་ཀྱང་ཡིད་ཀྱིས་དེའི་ལུས་ཕག་མོར་བསྒོམས་ལ་སྒོ་དགུ་ཡི་གེས་བཀག་པ་རྣམས་འཆི་ལ་ཁད་ནས་ཡིད་ཀྱིས་བསྒོམས་ནས་བཞག །སྤར་ནི་མི་སྤར། ཕྱི་དབུགས་ཆད་མ་ཐག་ནས་ཡིད་ཀྱིས་ལན་མང་དུ་སྤར། ངག་ཏུ་མི་བརྗོད། སངས་རྒྱས་ཀྱི་མཚན་དང་གསོལ་བ་

p. 432

འདེབས་སོ་སོགས་བྱ། སྐེ་རྩ་ཆད་ཡག་རེད་ཙ་དམིགས་པ་མ་ཡེངས་པར་འཕོ་འདེབས་དངོས་དེ་བྱེད་དོ། །དེ་བས་སྔ་ནས་བྱས་ན། ཨ་ང་ད་རུང་སོས་རེ་ཡོད་ཛ་ད་ལྟ་ནས་འཕོ་འདེབས་བྱས་བྱུང་སྙམ་ནས་ཞེ་སྡང་གིས་མཚམས་སྦྱར་ནས་འཕོ་བ་མི་ཐེབ་ངན་སོང་དུ་འགྲོའོ། །འཆི་ལ་ཁད་ནས་ཁོག་སྨད་དུ་མི་རེག །མི་ཡིད་མཐུན་པ་རྣམས་སྟན་མང་དུ་མི་འདུག་མགོ་ངོས་སུ་འདུག་བཅུག །རོ་ཉལ་བ་དེ་དམིགས་པ་མི་བདེ་བས་འཕོ་བ་འདེབས་ཚེ་ཙོག་པུར་བཟུང་བཅོལ་ན་ལེགས། འཛོམ་ན་དང་པོ་མཆོད་པ་རྣམ་ལྔ་བཤམས་ལ། ཇི་སྙེད་སུ་དག་མས་དཀོན་མཆོག་གསུམ་ལ་ཕུལ། འཕོ་བ་ཐེབ་པའི་གསོལ་བ་བཏབ། ཚེ་འདས་དེ་ལ་སྙིང་རྗེ་ཚད་མེད་པ་མཆི་མ་འཁྲུག་པར་བྱུང་ན་ངེས་པར་ཐེབ། སྙིང་རྗེ་མ་སྐྱེས་ན་ཐེབ་དཀའ། རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོར་བསྒོམས་ལ་རོའི་སྔས་སུ་བཀྱག་གི་སྟེང་དུ་རྒྱལ་བ་བྱམས་པའི་བཞུགས་སྟངས་སུ་འདུག་སྟེ། རྒྱས་པར་ན་ལྟུང་བཤགས་འདོན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྤྲོ་ན་བདེ་གཤེགས་བརྒྱད་ཀའི་མཚན་བརྗོད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

p. 433

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་གཤེགས་སྨན་བླ་མཆེད་བརྒྱད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །སྤྲོ་ན་རིགས་ལྔ་བརྗོད། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་མཆོག་རིན་ཆེན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་དབང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེར་རྒྱས་ལ་ཕྱག་འཚལ་ལོ། །

p. 434

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་སངས་རྒྱས་ཀྱི་མཚན་གང་ཤེས་བརྗོད་རུང་། དེ་ནས་རང་གི་དམིགས་པ་དང་བསྟུན་ནས། རང་གི་སྣ་བུག་གཡོན་ནས་དབྱངས་ཡིག་བཅུ་དྲུག་འཕྲོས། ཚེ་འདས་ཀྱི་སྣ་བུག་གཡོན་དུ་ཐིམ་པར་གྱུར། རྒྱས་པར་ན་དབྱངས་ཡིག་བརྗོད། རང་གི་ལག་གཡས་སྲིན་མཛུབ་ཀྱིས་སྣ་བུག་གཡས་བཀག་ལ་གཡོན་ནས་རླུང་བུས། རང་གི་སྣ་བུག་གཡས་ནས་གསལ་བྱེད་སུམ་ཅུ་འཕྲོས། ཚེ་འདས་ཀྱི་སྣ་བུག་གཡས་སུ་ཐིམ་པར་གྱུར་། རྒྱས་པར་ན་གསལ་བྱེད་བརྗོད། ལག་གཡོན་སྲིན་མཛུབ་ཀྱིས་སྣ་བུག་གཡོན་བཀག་ལ་གཡས་ནས་རླུང་བུས། རང་གི་སྣ་རྩེ་ནས་ཧཱུྃ་སྔོན་པོ་གཅིག་ཕྲི་ལི་ལི་འཕྲོས་ཏེ་ཚེ་འདས་ཀྱི་སྣ་སྒོར་ཐིམ། །དབྱངས་གསལ་ཧཱུྃ་རྣམས་སྙིང་གི་དཀྱིལ་དུ་ཐིམ་པས་བདག་གིས་ཅི་སྨྲས་པ་གོ་བར་གྱུར། ཧཱུྃ་ཞེས་སྣ་བུག་གཉིས་ནས་རླུང་རིང་བར་བུས། ཚེ་ལས་འདས་པའི་མ་དག་འཁོར་བའི་སྒོ་བརྒྱད་པོ་ཡི་གེ་ཧྲིདམར་པོར་རེ་རེས་བཀག་པར་གྱུར། བཱིཧཱིཧྲཱིཿ དེ་ནས་སྐད་ཆེ་ཆུང་རན་པས། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་པ། དཔོན་དང་མི་ཆེན་ཡིན་ན་ཁྱེད་ཅེས་པའི་ཚིག་གང་འོས་དང་། ཕལ་པ་ཡིན་ནའང་

p. 435

བཟང་མིང་ནས་ལན་གསུམ་བོས། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། འཇིག་རྟེན་ཕྱི་མའི་སྣང་བ་མ་ཤར་བ། ལས་དགེ་སྡིག་དབང་གིས་གར་འགྲོ་ལ་ངེས་པ་མེད་པས༔ བར་དོ་དང་པོ་འཕོ་བ་བསྒོམ་པའི་སྐབས་སུ་བབ་པ་ཡིན་ནོ། །ཕ་གཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། འཆི་བ་འཆི་བ་མ་ཡིན་ཏེ། རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། ཞེས་གསུངས་པ་དང་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་པའི་དུས་ད་ལྟ་ཡིན་པས་མ་ཡེངས་པར་ཉོན་ཅིག །ཁྱེད་རང་གི་ལུས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་ལ་སྨུག་པའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བས་མ་མཆུ་མནན་པ། །ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁའ་ཕྱར་ཞིང་། གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊཾ་ག་གྲུ་མོར་བཅུག་ཅིང་། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་པ། གཡོན་བརྐྱང་བས་པད་ཉི་བམ་གྱི་སྟེང་ན་འགྱིང་བ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་དྲུག་གིསས་སྤྲས་པ། སྐུའི་ཕྱི་དར་དམར་

p. 436

གྱི་གུར་ཕུབ་པ་ལྟ་བུ་ལ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་པ། བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ། གསལ་བ་། མཆན་པའི་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་ཤིན་ཏུ་དྲང་བ། ངན་སོང་གི་སྒོ་བཅད་པའི་ཕྱིར་མར་སྣེ་ལྟེ་བའི་འོག་ཏུ་སྨྱུག་མའི་ཚིག་འགག་པ་ལྟ་བུར་ཕུག་རྡུགས་སུ་ཡོད་པ། ཐར་པའི་སྒོ་འབྱེད་པའི་ཕྱིར་ཡར་སྣེ་སྤྱི་བོ་ཚངས་པའི་བུ་ག་ཟངས་དུང་གི་ཁ་ལྟར་ཧད་པོར་ཡོད་པ། ་མཚན་ཉིད་བཞི་དང་ལྡན་པའི་ལྟེ་བའི་དབུས་སུ་པདྨ་དམར་པོ་དང་། ཟླ་བའི་གདན་ལ་སྲན་མ་ཕྱེད་བཀས་པ་ཙམ་གྱི་སྟེང་དུ། ཁྱེད་རང་གི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་འཕར་ལ་ཁད་པ། ཡར་ལ་ཁད་པ་ཅིག་སྒོམས་ཤིག །ཁྱེད་རང་གི་སྤྱི་བོའི་གཙུག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དང་ཟླ་བའི་གདན་ལ། ཁྱེད་རང་གི་རྩ་བའི་བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་ངོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། མཚན་

p. 437

བཟང་པོ་དང་དཔེ་བྱད་བཟང་པོས་རྒྱན་པ། ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྐུ་ཡི་བཀོད་པ་ལ་རྫོགས་པ། སྐུའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་ཁྱབ་པ་ཞིག་བཞུགས་ཡོད་པར་སྒོམས་ཤིག །བཞུགས་ནས་ཀྱང་ཡོད་དོ། །ངེད་ཀྱིས་གསོལ་བ་བཏབ་ནས་རྣམ་ཤེས་སྤར་བའི་ཚེ། ཐེ་ཚོམ་མེད་པར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་མཐེབ་མོས་མནན་ཏེ། སྤྱི་གཙུག་ནས་སྐྲ་འཐེན་ཙམ་བྱས་ལ། གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ན་། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕྲོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བྱིན་རླབས་འོད་དུ་འཁྲུགས་པའི་བར་མཚམས་ན། །། རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་

p. 438

འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ན། །སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། ་། ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བརྟུལ་བཞུགས་འོད་དུ་འཚེར་བའི་གངས་ཁྲོད་ན། །མཁའ་སྤྱོད་དགའ་བའི་རྡོ་རྗེ་་་ཞྭ་དམར་པའི་གསང་མཚན། གདོང་ལྔ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ཕྱི་ནང་དཀྱིལ་

p. 439

འཁོར་མུ་མེད་རབ་འབྱམས་ན། །བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། །ཡེ་ཤེས་མེ་འབར་་་་ཕྱག་དྲུག་པ། ཆོས་སྐྱོང་རྫུ་འཕྲུལ་ཅན། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་གྱུར་ཅིག །ཅེས་གསོལ་བ་བཏབ་ཅིང་། ཚེ་འདས་ཀྱི་ལྟེ་བའི་རྣམ་ཤེས་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་

p. 440

དེ་སྐར་མདའ་ལྟར་གྱེན་དུ་སོང་སྟེ། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་དམིགས་པ་རེ་དང་སྤྲད་ལ་དལ་བུས། ཧིཀ །ཅེས་བདུན་ཙམ་སྤར། སྤྲོ་ན་སྐབས་འདིར་ཐུན་བཞི་དབྱངས་དང་བཅས་པས་བཏོན་ལ་རྒྱང་འབོད་བྱ། མཐར་ཧིཀ་ཀ་བགྲང་དམིགས་པ་སྤར། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །རྡོ་རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་གིས་ཀུན་ལས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་སྒྲོལ། །ཞེས་གསུངས་པའི་ཕྱིར། མཚམས་མེད་པ་ལྔ་བྱས་པའི་སྡིག་ཆེན་ཡིན་ནའང་འཕོ་བ་ཐེབ་ན་ངན་སོང་དུ་མི་འགྲོ་སྟེ། རབ་དག་པའི་ཞིང་ཁམས། འབྲིང་ལྷ་གནས་གཙང་མ། ཐ་མ་ཡང་མི་ལུས་ཆོས་ལྡན་དུ་སྐྱེ་བ་རྡོ་རྗེ་འཆང་གི་བཀའ། ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡིན་པས་མ་འཇིགས་མ་སྐྱག་པར་ཡར་འཕོས་ཤིག །སྤྲོ་ན་སྐབས་འདི་རྣམས་སུ་གོང་གི་དམིགས་པ་གསལ་འདེབས་བྱ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་

p. 441

པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་

p. 442

འོད་དཔག་མེད་ལ་ཕྱག་འཚལ་ལོ། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་

p. 443

འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཧིཀ་བདུན་ཙམ་བགྲང་། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་དུས་སུ་ཡིད་ཀྱི་བསམ་པ་གང་ཞིག་དྲན་པར་གྱུར་པ་དེར་ནི་སྐྱེ་བ་ཡང་དག་སྐྱེ། ཞེས་གསུངས་པས། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ལ་ཡིད་གཞན་དུ་མ་ཡེངས་པར་ཁྱེད་རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་བཞུགས་ཡོད་པས། དེ་ལ་རིག་པ་རྩེ་གཅིག་ཏུ་གཏོད་ཅིག །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཏེ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །

p. 444

ན་རོ་ཛྙ་ན་སིདྡྷི་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས་། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དྭགས་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ་

p. 445

གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སྤྲོ་ན་འདིར་བརྒྱུད་རིམ་དང་། །གྲུབ་བརྙེས་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཡི་དམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་

p. 446

གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཧིཀ྄། སྤྲོ་ན་འདིར་འབྲེལ་བ་ཐོགས་ཆོག་མ་འདོན། འོ་ཚེ་ལས་འདས་པ་ཉོན་ཅིག །རྗེ་ནཱ་རོ་པཎ་ཆེན་གྱི་ཞལ་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་ཆོད་ནས་སྒོ་གཅིག་ཕྱེ། །ཞེས་གསུངས་པའི་དོན། ཚེ་ལས་འདས་པ་ཁྱོད་རྒེ་མོ་ཁྱོད་ད་ལྟ་ཁང་པ་རྡིབས་པ་དང་འདྲ་བ་གཅིག་རེད་ནས་ཡོད་དོ། །དེ་སྔ་ཐིམ་རིམ་དཀར་ལམ་དམར་ལམ། གཞི་ཡི་འོད་གསལ་སྐད་ཅིག་རེ་རེ་ཙམ་ཤར་ཀྱང་ངོས་མ་ཟིན་ནས། །ད་ལྟ་བེམ་རིག་བྲལ་རན་པ་ཡིན་ནོ། །འོག་ཕྱོགས་སུ་གནམ་སྒོ་འདྲ་བ་ཅིག་ཧ་རེ་ཡོད། དེ་འོག་སྒོ་དམྱལ་བར་འགྲོ་བའི་ལམ་ཡིན། དེར་མ་འགྲོ་བར་ཡར་ཤོག །འོག་ཁང་གི་གློ་སྒོ་ཐུར་བསྟན་འདྲ་བ་ཅིག་ཡོད། དེ་གསང་གནས་དུད་འགྲོར་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །ཤོད་ཁང་གི་བློ་སྒོ་འདྲ་བ་ཅིག་ཡོད། དེ་ལྟེ་བ་འདོད་ལྷ་

p. 447

རིགས་དྲུག་ཕམ་ལྟུང་དུ་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །སྟེང་ཁང་གི་སྒོ་ཆེན་ཕྱེས་པ་འདྲ་བ་ཅིག་ཡོད། དེ་ཡི་དྭགས་སུ་སྐྱེ་བའི་ལམ་ཁ་ཡིན་པས། དེར་མ་འགྲོ་བར་ཡར་ཤོག །སྟེང་ཁང་གི་སྒོ་ཆུང་གཉིས་གཤིབ་འདྲ་བ་ཅིག་ཡོད། དེ་གནོད་སྦྱིན་དང་མིར་སྐྱེ་བའི་ལམ་སྣ་བུག་གཉིས་ཡིན་པས། །དེར་མ་འགྲོ་བར་ཡར་ཤོག །སྟེང་ཁང་གི་གློ་སྒོ་བྱང་དུ་བསྟན་པ་འདྲ་བ་གཉིས་ཡོད། དེ་རྣ་བ་གཡས་གཡོན་གྲུལ་བུམ་དང་ལྷ་མིན་དུ་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །སྟེང་གི་ཤར་ངོས་ནས་སྒེས་སྐར་ཕྱེས་པ་འདྲ་བ་གཉིས་ཡོད། དེ་མིག་གཉིས་ཡིན་ཏེ་གཟུགས་ཁམས་ཀྱི་ལྷ་དང་འཁོར་ལོས་སྒྱུར་རྒྱལ་དུ་སྐྱེ་བའི་སྒོ་ཡིན། དེར་ཡང་འཁོར་བའི་སྡུག་བསྔལ་ཡོད་པས་དེར་མ་འགྲོ་བ་ཡར་ཤོག །ཤར་དུ་གསལ་ཁུང་ཆུང་ངུ་ཅིག་ཡོད། དེ་སྨིན་མཚམས་གཟུགས་ཁམས་ལྷའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ཤོག །སྟེང་གི་ཤར་ནུབ་གཉིས་སུ་གསལ་ཁུང་ཆུང་ངུ་བ་གཉིས་ཡོད། དེ་གཟུགས་མེད་ཁམས་ལྷ་ཚེ་རིང་པོར་སྐྱེ་བའི་སྒོ་ཡིན། དེར་མ་འགྲོ་བར་ཡར་ལྟོས་དང་། སྟེང་དཀྱིལ་དྲང་པོ་ནས་སྐར་ཁུང་འདྲ་བའི་སྒོ་ཅིག་ཡོད།

p. 448

ཚངས་པའི་བུ་ག་དག་པ་མཁའ་སྤྱོད་དུ་འགྲོ་བའི་སྒོ་ཡིན། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པས་ལམ་ཡིན་པས་དེར་ཐེ་ཚོམ་མེད་པར་ཡར་ཤོག །སྤྱི་བོ་དེ་ན་སངས་རྒྱས་འོད་དཔག་མེད་བཞུགས་ཡོད་པའི་ཐུགས་ཀར་འཕོས་ཤིག །ཅེས་སྐུ་མཚམས་ནས་ཁུག་སོར་བརྒྱད་མཇལ་བའི་ས་ནས་སྐུ་གཞན་རྣམས་ཕར་ཕྱེས་ལ། སྐྲ་ཉུང་ངུ་ཅིག་བཟུང་ལ་དབྱངས་དང་བཅས་པས། ཧཱུྃ༔ ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས། །རྒྱལ་བ་འོད་དཔག་མེད་པ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེའི་ཆོས་ཀྱི་དབྱིངས་ནས། །ལོངས་སྐུ་ཐུགས་རྗེའི་བདག་ཉིད་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཟངས་མདོག་དཔལ་རི་མཁའ་འགྲོའི་གླིང་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་

p. 449

ནས། །གཏེར་སྟོན་ཉི་ཟླ་སངས་རྒྱས་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས། །དྲིན་ཆེན་རྩ་བརྒྱུད་བླ་མ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཙིཏྟ་རིན་ཆེན་སྙིང་གི་གནས་ནས། །ཞི་བ་བཞི་བཅུ་རྩ་གཉིས་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད་། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ནས། །རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཀླད་པ་དུང་ཁང་འབར་བའི་གནས་ནས། །འབར་བ་ཁྲག་འཐུང་ལྔ་བཅུ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ། བཀའ་དང་དམ་ཚིག་གསང་བའི་

p. 450

གནས་ནས། །བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་ཡིས། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །ཚེ་འདས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་ས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ རང་གི་མཐེ་བོང་གི་སྲིན་རྩ་མནན་པའི་ཁུ་ཚུར་སྤྱི་བོའི་སྟེང་དུ་བཟུང་། རིག་པ་ཚེ་འདས་ཀྱི་རྣམ་ཤེས་ཐིག་ལེ་ལ་གཏད་ལ་འཕེན་པའི་དམིགས་པ་དང་བཅས་སྐད་དྲག་པོས། ཧིཀ །ཧིཀ །ཧིཀ །ཅེས་སྐྲ་འཐེན་པས་ཐེབ་རྟག་དང་པོ་སྐུ་འཐེན་གྱི་བྱི་དཀའ་བ་ལ། དེ་རྗེས་ནས་རུལ་བ་ལྟ་བུར་བྱི་འོང་བའོ། །ལག་དྲོད་ལྷུག་པ་སྤྱི་བོར་དྲོད་ཚ་ཆིལ་བ། རླངས་པའམ་ཟིལ་པ་འོང་བ། སྤྱི་བོ་སྐྲངས་ནས་ཤ་ཤུན་བྱེ་བ། ཀག་སྒྲ་གྲག་པ། རླངས་པ་འདྲ་བ་ཕྱུར་རེ་འོང་། ལག་པ་ལ་ཆུ་སེར་འགོ་བ། སྤྱི་བོར་ཆུ་སེར་རྡོར་བ། སུས་འཐེན་ན་ཏིང་ཕུང་མལ་ཙམ་སྒྲ་རུལ་བ་ལྟར་ལི་བ། གཞན་ཚོ་འཐེན་ཡང་མི་ལི་བ། རོ་བཀྲག་མདངས་ཡོད་པ་འཕྲལ་དུ་མེད་སོང་བ། དེ་སོགས་རྟགས་མ་ཐོན་བར་དུ་དམིགས་པ་དང་གསོལ་འདེབས་སྤྲད་ཅིང་སྤར་ཡང་རྟགས་མེད་ན་རོ་ཞག་སོང་ནས་འཕོ་ཚར་བའམ། མིན་ན་སྐལ་བ་མེད་པའོ། །དེ་ལྟར་འཕོ་བ་བཏབ་ཚར་ནས་ལམ་བསྟན་ཏེ་གནས་སྤར་བ་ནི་འདིར་ཟས་བསྔོ་བྱ། དེ་ནས་ཞིང་ཁམས་བསྟན་པ། །འོ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །ཤར་ཕྱོགས་ན་རྡོ་རྗེ་རིགས་ཀྱི་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དོ། །ལྷོ་ཕྱོགས་ན་

p. 451

རིན་ཆེན་རིགས་ཀྱི་ཞིང་ཁམས་དཔལ་དང་ལྡན་པ་ཞེས་བྱ་བ་ཡོད་དོ། །བྱང་ཕྱོགས་ན་ལས་ཀྱི་རིགས་ཀྱི་ཞིང་ཁམས་ལས་རབ་རྫོགས་པ་ཞེས་བྱ་བ་ཡོད་དོ། །དབུས་ཕྱོགས་ན་དེ་བཞིན་རིགས་ཀྱི་ཞིང་ཁམས་འཐུག་པོ་བཀོད་ལ་སོགས་པ་ལོངས་སྐུའི་ཞིང་ཁམས་དཔག་ཏུ་མེད་པ་ཡོད་ཀྱང་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་མ་གཏོགས་སྐྱེ་བར་དཀའ་བས། དེ་རྣམས་སུ་རིག་པ་མ་གཏད་ཅིག །སྟེང་ཕྱོགས་ན་དགའ་ལྡན་ལ་སོགས་སྤྲུལ་སྐུའི་ཞིང་ཁམས་མང་དུ་ཡོད་ཀྱང་ཚུལ་ཁྲིམས་གཙང་ཞིང་དགེ་བཅུ་སྤྱོད་པ་མ་གཏོགས་སྐྱེ་བར་དཀའ། །སྐྱེས་ཀྱང་འཁོར་བའི་སྡུག་བསྔལ་ཡོད། དེ་བས་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་འདས་པའི་ཕ་རོལ་ན། བདེ་བ་ཅན་ཞེས་བྱ་བ་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་སྡུག་བསྔལ་གྱི་མིང་ཡང་མི་གྲགས་པ་ཡོད་དོ། །དེ་ན་སངས་རྒྱས་འོད་དཔག་མེད་འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དོ། །དེར་ནི་སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་སླ་ལ་ཕན་ཡོན་ཆེ་བས་མ་ཆགས་མ་ཞེན་པར་ཐེ་ཚོམ་མེད་པར་དེར་སོང་ཞིག །ཁྱོད་ལ་ཤ་ཁྲག་གི་ལུས་ནི་མེད། ཡིད་ཀྱི་ལུས་ཡིན་པས་བསམ་པ་ཙམ་གྱི་ཕྱིན་པར་

p. 452

ངེས་སོ། །དབྱངས་དང་བཅས། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །ཚེ་འདས་ཀྱི་རྣམ་ཤེས་དང་འོད་དཔག་མེད་དབྱེར་མེད་པ་མདའ་འཕངས་བ་ལྟར་བདེ་བ་ཅན་དུ་སོང་བར་བསྒོམ་ལ། ཕཊཕཊཕཊ༔ ཅེས་དྲག་པོར་བརྗོད། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །པདྨ་འདམ་གྱིས་མ་གོས་སོགས་བརྗོད། ཅེས་པ་འདི་ནི་རྒྱུད་གཞུང་དང་ཡང་མི་འགལ་ཞིང་ཤིན་ཏུ་མཐུན་པ། གོ་སླ་བའི་མི་ནག་པ་ལ་ཡང་ཕན། ལུང་འདྲེན་བཤད་པ་ཉུང་ཞིང་བཟུང་སླ་བར་བྱས་ཏེ། དོན་གྲུབ་དང་ཡང་དག་ལ་ཕན་ཕྱིར་བྲིས་པ་ཡིན་ཀྱང་། འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཅིང་བདེ་བ་ཅན་དུ་སྐྱེ་བའི་ལམ་མཆོག་དམ་པར་གྱུར་ཅིག །སོ་སྐྱེའི་དབང་གིས་འཁྲུལ་པ་བྱུང་ན་འཆགས་སོ། །ཞེས་འདི་ལ་གོམས་པ་དགེ་སློང་རཱ་ག་ཨ་སྱས་སྦྱར་བའོ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ བདེ་ཆེན་ཞིང་གི་སྒྲུབ་ཐབས་ཟབ་མོ།

p. 453
p. 454

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ བདེ་ཆེན་ཞིང་གི་སྒྲུབ་ཐབས་ཟབ་མོ་བཞུགས་སོ༔

p. 455

ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་བྱས་ནས༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་བདག་གཞན་ཐུགས་རྗེས་གཟིགས༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཁྱོད་ལུས་ཡི་དམ་སེམས་དཔའ་དཀར༔ ལུས་ནང་དབུ་མ་མདའ་སྨྱུག་ཙམ༔ ཕྱི་དཀར་ནང་དམར་སྟོང་ཞིང་དྲང་༔ རང་གི་ཐུགས་ཀར་

p. 456

ཧྲཱིཿདམར་ནི༔ རིང་ཆ་ཚེག་དྲག་བཅས་པར་བསྒོམ༔ དེ་ལས་ཧཱིདྲུག་འཕྲོས་པ་ལས༔ འགྲོ་དྲུག་སྐྱེ་བའི་སྒོ་བཅད་ནས༔ སྤྱི་བོ་ཚངས་བུག་ཧ་རེ་བསམ༔ ཚངས་བུག་པདྨ་ཟླ་གདན་ལ༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་༔ ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ༔ སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ༔ གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་༔ གཡས་གཡོན་ཕྲེང་བ་པདྨ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ གཡོན་དུ་ཕྱག་རྡོར་མཐུ་

p. 457

ཆེན་ཐོབ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ བཞེངས་པའི་སྟབས་ཀྱིས་པད་ཟླར་བཞུགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར༔ གཙོ་འཁོར་གསུམ་གྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ བདེ་ཆེན་གནས་ནས་སྤྱན་དྲངས་བསྟིམ༔ དེ་ནས་རང་གི་རྣམ་ཤེས་ནི༔ ཐིག་ལེ་དཀར་པོ་ཧྲིཡིས་མཚན༔ སྣང་མཐའི་ཐུགས་ཀར་འཕོས་པར་བསྒོམ༔ དེ་ནས་འཕོ་བའི་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔་བདག་གིས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔ བདག་སོགས་ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ དེ་ནས་ཚེ་ཡི་གསོལ་འདེབས་ནི། རྗེས་ཟློས་བྱའོ། ཨེ་མ་ཧོ༔ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་དང་༔ ཐུགས་རྗེ་ཆེན་པོ་མཐུ་ཆེན་ཐོབ་རྣམས་དང་༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་རྣམས་ལ་བདག་གིས་གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ༔

p. 458

གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུཾ་ཨ་མི་དྷེ་ཝ་ཨཱཿཡུསིདྡྷི་ཧཱུྃ༔ ཕྲེང་སྐོར་ཙམ་མམ༔ དེ་ནས་འཕོ་བ་ནི༔ ཨེ་མ་ཧོ༔ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་༔ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ༔་ཚེ་འདས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས༔ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ཧིཀ་ཀ ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ འཁོར་བ་འདི་ལ་མ་ཆགས་པར༔ ཐེ་ཚོམ་ཅུང་ཟད་མེད་པ་རུ༔ བདེ་ཆེན་ཞིང་དུ་འགྲོ་བར་གྱིས༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ཧ་ནེ་ཧ་ནེ་ཨ་ནོ་ལི་མི་ཏ་ཡེ༔ གུ་རུ་ཡེ་བཛྲ་སཏཱ་སྭ་ཧཱ༔ ཕཊ་ཕཊ་ཕཊ༔ དེ་ནས་སྨོན་ལམ་བྱ་བ་ནི༔ ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔

p. 459

དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ༔ པཉྩནི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་བརྗོད་པས་འོད་དཔག་མེད་མདའ་འཕང་བ་ལྟར་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་བསྒོམ༔ ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་༔་དཀའ་བ་སྤྱད་པ་མེད་པ་ཡིས༔ ལྷ་བས་ལྷག་པའི་ལུས་ཐོབ་ནས༔ ཚེ་འདས་སངས་རྒྱས་མྱུར་འགྲུབ་ཤོག༔ པདྨོ་འདམ་གྱི་མ་གོས་ལྟར༔ སྲིད་གསུམ་དྲི་མས་མ་གོས་ཤིང་༔ སྲིད་པའི་པདྨོ་ལས་བྱུང་བ༔་བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཅེས་གཞན་ལ་འདེབས་ཏེ་དོན་དུ་གཉེར་བའི་མིའི་ཁོང་སྲན་མེད་པར་རོ་ཐམས་ཅད་ལ་བྱམས་སྙིང་རྗེས་བཏབ་ན་ཕན་ཡོན་བསམ་ལས་འདས་སོ༔ དེ་ཡང་ཐེབས་རྟགས་ཡེ་ནས་མེད་ན་རྣམ་ཤེས་འཕོ་ཚར་བ་ཡིན་སྲིད་དེ༔ སྐད་ཅིག་གིས་ཟན་ཟ་ཡུན་ནམ༔ བ་ཅིག་བཞོ་བའི་ཡུན་ལས་མི་གནས་པ་ཡང་ཡོད་པས་ཕྱི་དབུགས་མ་ཆད་དུས་འཕོ་འདེབས་པ་སླེབ་ན་ཡིད་ཀྱིས་དམིགས་པས་སྒོ་དགུ་བཀག་པ་སོགས་བྱའོ༔ སྤར་བ་ལ་སོགས་མི་བྱ་བར་མཚན་དང་སྨོན་ལམ་ཡུན་རིང་འདོན་པར་བྱས་ན་ཐེབས་སོ༔ ཡོངས་གྲགས་ལ་ཞག་གསུམ་ཉི་མ་དྲོས་བཞི་ཚུན་རྣམ་ཤེས་རོ་ལ་གནས་པས་འཕོ་བ་ཐེབས་པ་གལ་ཆེ་བས༔ དེ་ནས་འཕོ་ཚར་བར་བྱའོ༔ བཀའ་གདམས་

p. 460

གླེགས་བམ་ནས་ཞག་བདུན་གནས་སྤར་བ་བཤད་པས་ཞག་བདུན་ལའང་འདེབས་རུང་ངོ་༔ གྲོང་ཆོག་པ་ལ་ལ་དག་བྱང་བུའི་རྣམ་ཤེས་སྤར་བའི་རིགས་པ་ཡིན་གསུངས་ནས༔ རོ་ཞག་མ་ལོན་པ་དང་༔ རྣམ་ཤེས་ཕུང་པོ་ལ་བཀུག་གཞུག་བྱས་ནས་སླར་འཕོ་བ་འདེབས་སྲོལ་ཡང་འདུག་པ་ནི༔ རྒྱུད་ལས་མ་གསུངས་ཀྱང་འགལ་བ་མེད་པར་སེམས༔ དེ་ཡན་ནི་འགྲེལ་བ་ཡིན་ལ༔ གནམ་ཆོས་ཐུགས་གཏེར་ལས་བྱུང་བའི་རྩ་ཚིག་གིས་བཅོས་སླད་མེད་པར་དེའམ་ལུང་བྱས་ན་བྱིན་རླབས་ཆེ་བ་འདི་ལྟ་སྟེ༔ དེ་ནས་འཕོ་བའི་རིམ་པ་ནི༔ རང་གི་ཐུགས་ཀར་ཧཱིདམར་ནི་རིང་ཆ་ཚེག་དྲག་བཅས་པར་བསམ༔ དེ་ཡང་ཧིདྲུག་འཕྲོས་པ་ཡིས༔ འགྲོ་དྲུག་སྐྱེ་བའི་སྒོ་བཅད་ནས་སྤྱི་བོར་ཚངས་བུག་ཧ་རེར་སེམས༔ དེ་ནས་སྤྱི་བོར་འོད་དཔག་མེད༔ གོང་ལྟར་གཙོ་འཁོར་གསུམ་པོ་བསྒོམ༔ དེ་ནས་རང་གི་རྣམ་ཤེས་ནི༔ ཐིག་ལེ་དཀར་པོ་ཧྲི༔ཡིས་མཚན༔ སྣང་མཐའི་ཐུགས་ཀར་འཕོས་པར་བསམ༔ ཐེ་ཚོམ་ཅུང་ཟད་མེད་པ་རུ༔ བདེ་ཆེན་སྐྱེ་བའི་སྨོན་ལམ་བཏབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ་ཤིན་ཏུ་ངོ་མཚར༴ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སྨོན་ལམ་གདབ་བོ༔ བདེ་ཆེན་ཞིང་གི་འཕོ་བའི་རྒྱས་བཤད་འདི་ནི་སྤྲུལ་སྐུ་ཉིད་ཀྱིས་གསུང་གིས་བསྐུལ་ནས་རཱ་ག་ཨ་སྱས་

p. 461

སྦྱར་བ་ལ༔ ཉེས་པའི་ཚ་མཆིས་ན་བཤགས་ཤིང་དགེ་བས་འདི་ཉིད་མཐོང་ཐོས་ཀྱི་སེམས་ཅན་ཐམས་ཅད་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་ཚེ་དབང་རྒྱས་པའི་ལོ་རྒྱུས་བསྡུས་པ།

p. 462

གནམ་ཆོས་ཚེ་དབང་རྒྱས་པའི་ལོ་རྒྱུས་བསྡུས་པ།

p. 463

འོ་ན་ད་ལམ་ཁྱེད་རྣམས་ལ་ཚེ་དཔག་མེད་ཀྱི་དབང་བསྐུར་བ་ལ། ལོ་རྒྱུས་ཟུར་ཙམ་ཞུ་ན། ་མཆོག་ཐུན་མོང་གི་དངོས་གྲུབ་གང་བསྒྲུབ་ཀྱང་། ཐོག་མར་ཚེ་བསྒྲུབས་ནས་དངོས་གྲུབ་གཞན་ཐམས་ཅད་ཀྱང་། བསྒྲུབ་པའི་ལོང་ཡོད་པར་འགྱུར་བས་གལ་ཆེ་སྟེ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། ལས་ཚོགས་ཀུན་གྱི་ཐོག་མར་ནི། །རིག་འཛིན་ཚེ་ཉིད་བསྒྲུབ་པར་བྱ། །ཞེས་གསུངས་སོ། ་། ཚེ་བསྲིང་བའི་ཐབས་ལས་གལ་ཆེ་བའི་བྱ་བ་ནི་གང་ཡང་མེད་དོ། །པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པས། འཁོར་བར་སྲོག་ལས་གཅེས་པ་

p. 464

ནི། །འགའ་ཡང་ཡོད་པ་མ་མཐོང་བས། །དེས་ན་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བར་ཡང་དག་སྦྱོར། །ཞེས་གསུངས་སོ། །དེ་ལ་འོག་མིན་གྱི་གནས་སུ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་ན་རྡོ་རྗེས་རྒྱུད་འདི་ཞུས་ཚེ་དཔག་མེད་ཀྱིས་གསན་ནོ། །ཁ་ལ་མེ་འབར་དང་རོ་ལངས་ཚེ་རིང་གསུམ་ལ་གཏད་དོ། །དེ་ནས་དུས་སྙིགས་མའི་སྐབས་སུ། བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རང་ལོ་བཅུ་གསུམ་པ་ལ་མགོན་པོ་ཚེ་དཔག་མེད་ཀྱིས་དངོས་སུ་གནང་བས། བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ལ་མཁའ་འགྲོའི་ཁ་རླངས་ཐུ་ལེ་བ་ཡིན་

p. 465

ནོ། །དེ་ལྟ་བུ་འབྱུང་བར་གང་ལས་བཤད་ཅེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་རིགས་ནས་དེའི་དྲུང་དུ་གཤེགས་ནས། བྱང་ཆུབ་ཀྱི་ལམ་ཡང་དག་པར་བསྟན་ཏོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི། སངས་རྒྱས་མི་བཞུགས་ན་ཡང་། ནམ་མཁའི་དཀྱིལ་དང་། རྩིག་པ་དང་། ཤིང་རྣམས་ལས་ཆོས་འབྱུང་ངོ་། །ཞེས་དང་། རིག་པའི་རྒྱལ་པོའི་རྒྱུད་ལས། དུས་གསུམ་རྒྱལ་བའི་ཐུགས་གཏེར་ནི། །རྫ་ཤིང་སྣོད་ལ་ཡང་མ་བསྟན། །ཅེས་དང་། གསར་རྙིང་གི་ཡི་དམ་ལྷའི་སྒྲུབ་ཐབས་ཐམས་ཅད་ནས། འགྲུབ་པའི་རྟགས་ནི། རབ་ཞལ་མཇལ་ཆོས་འཆད། དབང་བསྐུར། ལུང་སྟོན་པ་འབྱུང་། ཞེས་པ་ལྟར་སྐུ་མཚམས་ལ་བཞུགས་ནས་། སྒྲུབ་པ་མཛད་པའི་ཡི་དམ་ལྷ་འདི་དག་དངོས་སུ་ཞལ་མཇལ་ནས། དབང་སྐུར་ལུང་བསྟན་རྒྱུད་མན་ངག་རྣམས་གནང་བ་ལགས་སོ། །དེ་ལ་སངས་རྒྱས་འོད་དཔག་མེད་

p. 466

ཅེས་ཀྱང་བྱ། ཚེ་དཔག་མེད་ཅེས་ཀྱང་བྱ། སངས་རྒྱས་སྣང་བ་མཐའ་ཡས་ཞེས་ཀྱང་བྱ། འདིའི་མཚན་རྣ་བར་ཐོས་ན་ཡང་། བུད་མེད་ཀྱི་ལུས་སུ་མི་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཚངས་པར་སྤྱོད་པར་འགྱུར་བ་དང་། རིགས་བཟང་པོར་སྐྱེ་བར་འགྱུར་བ་དང་། རྡུལ་ཕྲ་རབ་གྲངས་ལས་འདས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་སྣ་ཚོགས་ཀྱིས་བཀང་སྟེ་སྦྱིན་པར་བཏང་བ་བས། སངས་རྒྱས་ཚེ་དཔག་མེད་དམ་འོད་དཔག་མེད་འདིའི་མཚན་དང་བདེ་བ་ཅན་གྱི་ཡོན་ཏན་ཐོས་ནས་དགའ་སྟེ། ཐལ་མོ་སྦྱར་བ་ཙམ་བྱས་ན་བསོད་ནམས་ཆེས་ཆེ་བར་གསུངས་པ་དང་། སངས་རྒྱས་འདིའི་མཚན་ཐོས་ནས་ལན་གཅིག་ཙམ་བསམ་པ་ཐག་པ་ནས་དད་པ་སྐྱེས་ན། དེ་དག་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སོགས་ཕན་ཡོན་མཐའ་ཡས་པ། འོད་དཔག་ཏུ་མེད་པའི་མདོ་ལས་གསུངས་པ་དང་། ཚེ་དཔག་ཏུ་མེད་པ་འདིའི་སྔགས་ཀྱི་སྒྲ་བྱ་དང་རི་དྭགས་ཀྱི་རྣ་ལམ་དུ་ཐོས་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་སངས་རྒྱ་བར་ཚེ་དཔག་ཏུ་མེད་པའི་མདོ་དང་གཟུངས་རྣམས་ལས་རྒྱ་ཆེར་གསུངས་ན། འདིའི་དབང་ཐོབ་ན་ཕན་

p. 467

ཡོན་རྒྱ་ཆེན་པོ་དང་ལྡན་པ་སྨོས་ཅི་དགོས་ཏེ། ཚེ་དཔག་མེད་ཀྱི་སྙིང་པོའི་གཟུངས་ལས་གང་ལ་ལ་ཚེ་དཔག་མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ། མེའི་འཇིགས་པ་མི་འབྱུང་། ཆུའི་འཇིགས་པ་མི་འབྱུང་། དུག་གི་འཇིགས་པ་མི་འབྱུང་། མཚོན་གྱི་འཇིགས་པ་མི་འབྱུང་། གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་། སྲིན་པོའི་འཇིགས་པ་མི་འབྱུང་། སྔོན་གྱི་རྣམ་པར་སྨིན་པར་ནི་གང་ལ་ཡང་མ་གཏོགས་སོ། །ཞེས་དང་། སྦྱོང་རྒྱུད་ལས་ཀྱང་། ཚེ་དཔག་ཏུ་མེད་པའི་དབང་ཐོབ་ན། ཚེ་ཐུང་བ་རྣམས་ཚེ་རིང་བར་འགྱུར་བ་དང་། བསོད་ནམས་ཆུང་བ་རྣམས་བསོད་ནམས་དང་ལྡན་པར་འགྱུར་བ་དང་། ངན་སོང་དུ་འགྲོ་བ་རྣམས་ངོན་སོང་ལས་གྲོལ་བ་གསུངས་སོ། །ཁྱད་པར་དུ་འདིའི་རྒྱུད་ཚེ་ཆེན་འོད་ཟེར་རྫ་དམར་ཞེས་བྱ་བ་ལས། ཀྱེ། ཚེ་ཆེན་འོད་ཟེར་རྔ་དམར་འདི། །འདྲི་བ་ལག་ན་རྡོ་རྗེས་འདྲིས། །བཤད་པ་ཀུན་ཏུ་བཟང་པོས་བཤད། །གསན་པ་ཚེ་དཔག་མེད་ཀྱིས་གསན། །འདི་ཡི་ཕན་ཡོན་བསམ་མི་ཁྱབ། །འདི་ཉིད་རྣ་བས་ཐོས་ན་ཡང་། །བསྐལ་པ་སྟོང་གི་སྡིག་པ་དག །སྐྱེ་བ་དགུ་སྟོང་སྒྲིབ་པ་འདག །ཚེ་འདིར་

p. 468

འཆི་བ་འོང་མི་སྲིད། །བར་ཆད་མེད་ཅིང་ཕྱི་མ་ཡང་། །བདེ་ཆེན་ཞིང་མིན་སྐྱེ་མི་སྲིད། །རྣ་བས་ཐོས་ཤིང་དང་བླངས་ན། །སངས་རྒྱས་འོད་དཔག་མེད་དང་མཉམ་། །ཕན་ཡོན་འདི་ལས་གཞན་ཆེ་མེད། །ཅེས་གསུངས་སོ། །དེ་ལྟར་འདི་དང་ཕྱི་མའི་དོན་ཐམས་ཅད་འགྲུབ་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་དགེ་སློང་རཱ་ག་ཨ་སྱས་འཕྲལ་དུ་སྦྱར་བ་མངྒ་ལཾ།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནམ་ཆོས་སྣང་མཐའི་ཚེ་དབང་།

p. 469
p. 470

གནམ་ཆོས་སྣང་མཐའི་ཚེ་དབང་བཞུགས་སོ༔

p. 471

ཤུ་ཏྲ་ཀྲྀ་ནཾ༔ ཨོཾ་ཧཱུྃ་ཏྲ་ནི༔ དབང་སྒྲུབ་ནི༔ ཅོག་རྡོག་གམ་ནི་གང་རུང་བྲན་བྱས་ལ༔ རང་གི་སྙིང་ནས་འོད་འཕྲོས་པས༔ སྔོན་དང་མ་འོངས་ད་ལྟར་གྱི༔ ལྷ་འདྲེ་རྣམས་ཀྱི་དྲིལ་ཕོག༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱིས་བདག་ལ་སྲུངས༔ དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། དུས་མིན་འཆི་དང་ནད་རྣམས་དང་༔ གདོན་དང་བགེགས་རྣམས་མེད་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་བྱེད་ངན་པ་མེད་པར་

p. 472

མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༔ འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ༔ བདེ་ལེགས་ཕུན་སུམ་ཚོགས་པ་ཡི༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕྱིར་རོལ་དུ་དབུལ༔ སུཾ་བྷ་ནི་བརྗོད༔ སྐྱབས་སེམས་ད་ནངས་སྤྱིའི་སོང་བས་འཐུས་སོ༔ བདག་དང་བུམ་མདུན་གསུམ་ཀ་རུ༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ རྨ་བྱ་པདྨའི་གདན་ལ་བཞུགས༔ ཞལ་གཅིག་ཕྱག་གཉིས་མཚན་དཔེས་བརྒྱན༔ སྤྲུལ་སྐུའི་ཆ་ལུགས་མཉམ་གཞག་ཅན༔ མཉམ་གཞག་སྟེང་ན་

p. 473

བདུད་རྩི་ཡིས༔ བཀང་བའི་ལྷུང་བཟེད་ནང་བུམ་བཞག སངས་རྒྱས་ཀུན་གྱི་བྱིན་རླབས་རྣམས༔ བདག་མདུན་བུམ་ལྷར་ཐིམ་པར་གྱུར༔ ཨོཾ་ཨ་མི་དེ་ཝ་ཨཱཿཡུ་ཧཱུྃ༔ ཞེས་བརྒྱ་རྩ་གསུམ་བསྙེན་ནོ༔ སྤྱན་འདྲེན་མི་དགོས་དམ་ཡེ་དབྱེར་མེད་ཡིན༔ མཆོད་བསྟོད་སྤྲོ་ན་རུང་༔ མ་བྱས་ཀྱང་མི་དགོས་སོ༔ དཔོན་སློབ་མང་ན་དབང་སྒྲུབ་སྔགས་ལ་བརྒྱ་ཕྲག་དུ་ཐོན་འུར་འདོན་བྱས་ན་བྱིན་རླབས་ཆེའོ༔ ཁྲོམ་དབང་ཉུང་དབང་གང་ཡང་རུང་བའོ༔ རང་གཞན་འདི་བསྙེན་འདོད་པ་ལ༔ སྔོན་འགྲོ་ཡང་མི་དགོས་པར་མངོན་རྟོགས་དེ་དབང་ཆོག་གི་ཁོ་ན་འདོན་ནས་བསྙེན་པ་བྱ་རུང་སྟེ༔ བདག་མདུན་མི་ཟེར་བར༔ བདག་ལ་སིབ་སིབ་ཐིམ་པར་གྱུར། ཞེས་ཚིག་བསྒྱུར་རོ༔ བདག་བསྐྱེད་དུས་བདག་ཉིད་སྣང་བ་མཐའ་ཡས་ཚེ་དཔག་མེད་ཅེས་བསྒྱུར་རོ༔ དེ་ནས་དབང་ཞུ་བ་རྣམས་འཚོགས་ལ༔ གོང་གི་སྔོན་འགྲོ་གཏོར་མ་དབུལ༔ སུཾ་བྷ་ནིས་ནས་ཐུན་བྲབ་སྟེང་ཐམས་ཅད་རྡོ་རྗེའི་གུར་སོགས་བརྗོད༔ ཆབ་བླང་༔ མེ་ཏོག་ནས་བཀྱེ༔ དབང་བཤད་བྱའོ༔ འོ་ན་ད་ལམ་སངས་རྒྱས་འོད་དཔག་ཏུ་མེད་པའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཙམ་ཞུ་ན༔ མདོ་སྡེ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས༔ འཕགས་པ་འོད་དཔག་མེད་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས༔ སྔོན་བསྐལ་པ་གྲངས་མེད་པའི་

p. 474

གོང་རོལ་དུ༔ སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་བསྟན་པ་ལ༔ དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཞིག་བྱུང་སྟེ༔ དེས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བསྟོད་དེ༔ བྱང་ཆུབ་ཏུ་སེམས་བསྐྱེད་དོ༔ དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་ལོ་བྱེ་བ་ཐམ་པར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཐམས་ཅད་བཤད་དོ༔ དེ་ནས་དགེ་སློང་དེས་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཐམས་ཅད་བཤད་དོ༔ དེ་ནས་དགེ་སློང་དེས་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཐམས་ཅད་ཞིང་ཁམས་གཅིག་ལ་བསྡོམས་ཤིང་དེ་བས་ཀྱང་ཐ་གྲུ་དང་ཡོན་ཏན་ཆེས་ཆེ་བའི་ཞིང་ཡོངས་སུ་བཟུང་བའི་སྨོན་ལམ་བཏབ་སྟེ༔ བཅོམ་ལྡན་འདས་གལ་ཏེ་བདག་བྱང་ཆུབ་ཐོབ་པའི་ཚེ་སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས༔

p. 475

བདག་གི་མིང་ཐོས་ཏེ་སེམས་རབ་ཏུ་དང་བར་གྱུར་ལ་བདག་རྗེས་སུ་དྲན་པ་དེ་དག་གལ་ཏེ་འགུམ་པའི་དུས་ཉེ་བར་གནས་པའི་ཚེ༔ བདག་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་བའི་མདུན་འདི་ལྟ་སྟེ༔ གཡེང་བ་མ་མཆིས་པའི་སེམས་ཀྱིས་གནས་པར་མ་གྱུར་པ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ༔ བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚེ་སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས་པ་ན་སེམས་ཅན་གང་གིས་བདག་གི་མིང་ཐོས་ན་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ༔ སེམས་གཏོང་ཞིང་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པར་བགྱི་ན༔ མཚམས་མ་མཆིས་པ་བགྱིས་པ་དང་དམ་པའི་ཆོས་སྤངས་པའི་བསྒྲིབས་པས་སྒྲིབ་པའི་སེམས་ཅན་རྣམས་མ་གཏོགས་པར༔ དེ་དག་ཐ་ན་སེམས་བསྐྱེད་པའི་འགྱུར་བ་བཅུས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མ་གྱུར་པ་དེ་སྲིད་དུ༔ བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ༔ ཞེས་སྨོན་ལམ་རྒྱ་ཆེན་

p. 476

པོ་བཏབ་ཅིང་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་དག་སྤྱད་ནས༔ ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བདག་ཉིད་རབ་ཏུ་སྤྱོད་ཅིང་གཞན་དག་ལའང་འཛིན་དུ་བཅུག་གོ༔ སེམས་ཅན་གྲངས་མེད་པ་བྱང་ཆུབ་ལ་བཀོད་དོ༔ སངས་རྒྱས་གྲངས་མེད་པ་ལ་བཀུར་སྟི་ཕུན་སུམ་ཚོགས་པ་བྱས་ཏེ་ད་ལྟ་འདི་ནས་ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བར་སངས་རྒྱས་འོད་དཔག་མེད་ཅེས་བྱ་བར་སངས་རྒྱས་ནས་བཞུགས་སོ༔ འོད་དཔག་ཏུ་མེད་པ་འཕྲོ་བས་འོད་དཔག་མེད་འོད་ཀྱི་སྣང་བ་ཆེན་པོས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ཁྱབ་པས་སྣང་བ་མཐའ་ཡས༔ འཁོར་ཉན་ཐོས་ཀྱི་གྲངས་ཚད་མེད་པས་དགེ་འདུན་དཔག་མེད༔ སྐུ་ཚེའི་ཚད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་གཅིག་གོ་ཞེས་ཚད་གཟུང་དུ་མེད་པས་ཚེ་དཔག་ཏུ་མེད་པ་ཞེས་བྱའོ༔ ཡང་སངས་རྒྱས་འདིའི་མཚན་ཐོས་ཤིང་དད་པ་སྐྱེས་ནས་དེར་སྐྱེ་བའི་སྨོན་ལམ་བཏབ་ཀྱང་ཐེ་ཚོམ་སྐྱེས་ན་ཞིང་ཁམས་དེར་སྐྱེ་བར་གྱུར་ནའང་ལོ་ལྔ་བརྒྱ་པདྨའི་ཁ་མི་བྱེ་བས༔ པདྨའི་ནང་དེ་ན་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་སངས་རྒྱས་ཀྱི་

p. 477

གསུང་ནི་ཐོས་ཀྱང་ཞལ་མཇལ་བ་འཕྱི་བར་བཤད་པས༔ སྨོན་ལམ་བཏབ་ན་སྐྱེའམ་མི་སྐྱེ༔ ཕན་ཡོན་དེ་རྣམས་བདེན་ནམ་མི་བདེན་བསམ་པའི་ཐེ་ཚོམ་སྤང་བ་གལ་ཆེའོ༔ ཐེ་ཚོམ་མེད་པ་རྣམས་ནི་སྐྱེ་བའི་སྡུག་བསྔལ་མེད་པར་པདྨ་ལས་བརྫུས་ཏེ་སྐྱེས་ནས་བྱང་ཆུབ་སེམས་དཔར་སྐྱེས་ནས་རིང་པོར་མ་ལོན་པརོ་གཞན་དག་དང་འདྲ་བར་ཡུད་ཙམ་གྱིས་ལུས་ཀྱི་རྣམ་པ་དེ་ལྟ་བུར་འགྱུར་རོ༔ དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ནི་སྐུ་ལུས་གསེར་གྱི་མདོག་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ནོ༔ ཚེ་ཚད་དཔག་ཏུ་མེད་ཅིང་གྲངས་མེད་པ་ཐུབ་པ་དང་༔ དུས་མ་ཡིན་པའི་འཆི་བ་མེད་ཅིང་ན་བ་དང་རྒས་པ་མེད་དོ༔ ཉོན་མོངས་པ་དུག་ལྔ་དང་དུག་གསུམ་མེད་དོ༔ དེར་སྐྱེས་ནས་སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་འབྱོན་ན་མ་གཏོགས་འཁོར་བ་དང་ངན་སོང་དུ་ཕྱིར་ལྡོག་པ་མི་སྲིད་དོ༔ མི་ཁོམ་པའི་གནས་བརྒྱད་དང་ངན་སོང་གི་སྒྲའང་མི་གྲག་གོ༔ སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་ཞིང་མཆོད་པ་བྱེད་པ་མ་གཏོགས་པ་ཐ་མལ་གྱི་བུད་མེད་མེད་དོ༔ པདྨ་ལས་བརྫུས་ཏེ་སྐྱེ་བ་མ་གཏོགས་པ་མངལ་ནས་སྐྱེ་བ་མེད་དོ༔ རིན་པོ་

p. 478

ཆེའི་ཁང་བཟང་དང་མལ་སྟན་དང་གོས་དང་རྒྱན་དང་བཟའ་བ་དང་བཏུང་བ་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ཡིད་ལ་དྲན་པ་ཙམ་གྱིས་ཅི་འདོད་པ་འབྱུང་ཞང་ལངས་སྤྱོད་པ་སྟེ་རྩོལ་སྒྲུབ་མི་དགོས་སོ༔ རང་གི་ལག་པའི་མཐིལ་ནས་མཆོད་པའི་སྤྲིན་རྒྱ་མཚོ་ཆེན་པོར་སྤྲུལ་ཏེ་སངས་རྒྱས་མཆོད་ཅིང་ཆོས་ཉན་པ་དང་མི་འབྲལ་ལོ༔ དེར་སྐྱེས་པ་ཐམས་ཅད་ལ་ལྷའི་མིག་གི་མངོན་ཤེས་དང་རྣ་བའི་མངོན་ཤེས་སོགས་མངོན་པར་ཤེས་པ་ལྔ་དང་ལྡན་ནོ༔ རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་བགྲོད་ཅིང་སངས་རྒྱས་རྣམས་ལ་མཆོད་ཅིང་ཆོས་ཉན་པ་དང་༔ འབྲེལ་ཐོགས་ཀྱི་སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་ཅིང་འདྲེན་པའི་ཕྲིན་ལས་རྒྱ་ཆེན་པོ་བསྒྲུབས་ནས་སླར་བདེ་བ་ཅན་གྱི་ཞིང་དེ་ཉིད་དུ་ཡུན་མི་འགོར་བར་སླེབས་པའི་རྫུ་འཕྲུལ་ལ་ཐོགས་པ་མེད་དོ༔ དེ་ལྟར་བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སངས་རྒྱས་མཆོད་པ་དང་ཆོས་ཉན་པ་དང་ཏིང་ངེ་འཛིན་བསྒོམས་ནས་ས་ལམ་ཐམས་ཅད་བགྲོད་དེ་མཐར་ནམ་ཞིག་དེ་ནས་ཚེ་འཕོས་མ་ཐག་མངོན་པར་

p. 479

རྫོགས་པར་འཚང་མི་རྒྱ་བར་མི་སྲིད་པར་གསུངས་སོ༔ དེ་ནས་ཚེ་འདི་ཉིད་དུ་ཚེའི་བར་ཆད་སེར་ཞིང་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་ངེས་པར་ཚེ་བསྲིང་ནུས་པ༔ ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་དེར་སྐྱེས་ནས་གཏན་བདེའི་འདུན་མ་གྲུབ་པ༔ བདེ་སྐྱིད་ཕུན་སུམ་ཚོགས་ཤིང་དཀའ་བ་བསྐྱེད་མི་དགོས་པར་མངོན་པར་རྫོགས་པར་སངས་རྒྱ་བའི་དབང་ཟབ་མོ་འདི་ནི་མདོ་པདྨ་དཀར་པོ༔ འོད་དཔག་ཏུ་མེད་པའི་མདོ༔ བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ༔ རྔ་སྒྲའི་རྒྱལ་པོའི་གཟུངས༔ ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ༔ ཚེ་རྒྱུད་རྡོ་རྗེ་ཕྲེང་བ༔ མཚན་བརྒྱ་རྩ་བརྒྱུད་པའི་གཟུངས་ལ་སོགས་པ་མདོ་རྒྱུད་དུ་མ་ནས་རྒྱ་ཆེར་གསུངས་པ་དང་དོན་དང་དགོངས་པ་ནི་མཐུན་ལ༔ ཁྱད་པར་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་བཞེས་པ་མེ་སྤྲེའུའི་ལོ༔ ས་ག་ཟླ་བའི་ཚེས་ལྔའི་ནུབ་སངས་རྒྱས་སྣང་བ་མཐའ་ཡས་མངོན་སུམ་དུ་ཞལ་གཟིགས་ནས་དབང་འདི་དང་སྒྲུབ་ཐབས་ལས་ཚོགས་རྣམས་དངོས་སུ་གནང་བ་ཡིན་པས་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན་ནོ༔ དེའང་སངས་རྒྱས་འོད་དཔག་ཏུ་མེད་པའི་

p. 480

མཚན་ཐོས་པའི་ཕན་ཡོན༔ འོད་དཔག་ཏུ་མེད་པའི་མདོ་ལས་གསུངས་པའི་དོན༔ བྱང་ཆུབ་སྙིང་པོའི་མཐའི་བར་དུ་བུད་མེད་ཀྱི་ལུས་སུ་མི་སྐྱེ་བ་དང་༔ ཚེ་རབས་ཐམས་ཅད་དུ་ཚངས་པར་སྤྱོད་པར་འགྱུར་བ་དང་༔་རིགས་བཟང་པོར་སྐྱེ་བར་འགྱུར་བ་དང་༔ ཡང་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཏུ་བྱས་པའི་གྲངས་བས་ཀྱང་མང་བའི་འཇིག་རྟེན་ཀྱི་ཁམས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་གང་གིས་འོད་དཔག་མེད་ཀྱི་མཚན་དང་བདེ་བ་ཅན་གྱི་ཡོན་ཏན་ཐོས་ན་དགའ་སྟེ་ཐལ་མོ་སྦྱར་བར་བྱེད་པར་བསོད་ནམས་ཆེས་ཆེའོ༔ སེམས་ཅན་གང་དག་ཁ་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེའི་མཚན་ཐོས་ལ་ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་ཙམ་ཞིག་བསམ་པ་ཐག་པ་ནས་དད་པ་དང་ལྡན་པས་བསྐྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་སོ༔ མཚན་ཐོས་པ་ལ་ཕན་ཡོན་དེ་ལྟར་ན༔ འདིའི་དབང་ཐོབ་ན་སྨོས་ཅི་དགོས༔ དེས་ན་ད་ལམ་དབང་འདི་ཞུ་བའི་ཚེ་སངས་རྒྱས་འོད་དཔག་མེད་ལ་དད་པ་རྩེ་གཅིག་པའི་ངང་ནས་ཞུས་མཛོད་དང་

p. 481

དེ་བས་ཕན་ཡོན་རྒྱ་ཆེན་པོ་འབྱུང་ངོ་༔ ཞེས་དབང་བཤད་རཱ་ག་ཨ་སྱས་སྦྱར་བའོ༔ ༈ དེ་ནས་དབང་བསྐུར་བ་ནི༔ ཁྲུས་བྱས་མཎྜལ་ཕུལ་ལ༔ དང་པོ་གསོལ་བ་གདབ་བོ༔ ཞེས་གསུངས་པས་ཚེ་དབང་ནང་ནས་སབ་སྟེ༔ བླ་མ་ཚེ་དཔག་མེད་པ་ལ༔ གསོལ་བ་འདེབས་སོ་འཆི་མེད་ཀྱི༔ ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ གསུམ་མམ་གཅིག༔ ཚེ་དཔག་མེད་ལ་སྐྱབས་སུ་མཆི༔ མི་དགེ་གང་བྱས་བཤགས་པར་བགྱི༔ དགེ་བ་ཀུན་ལ་བདག་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ འགྲོ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལན་གསུམ་མམ་ཚིག་རྗེས་མ་གསུམ༔ དེ་ནས་སློབ་མར་ལྷར་བསྐྱེད་དེ་བུམ་ཆུས་བྲན་ཚུལ་བྱ༔ དེ་ནས་དམིགས་པ་འདི་ལྟར་མཛོད༔ རང་ཉིད་སྣང་བ་མཐའ་ཡས་ནི༔ རྨ་བྱ་པདྨའི་གདན་ལ་བཞུགས༔ ཞལ་གཅིག་ཕྱག་གཉིས་མཚན་དཔེས་བརྒྱན༔ སྤྲུལ་སྐུའི་ཆ་ལུགས་མཉམ་བཞག་ཅན༔ མཉམ་བཞག་སྟེང་ན་བདུད་རྩི་ཡིས༔ བཀང་བའི་ལྷུང་བཟེད་ནང་བུམ་བཞག༔ སངས་རྒྱས་ཀུན་གྱི་བྱིན་རླབས་རྣམས༔ སློབ་མ་ཀུན་ལ་ཐིམ་པར་གྱུར༔ དབྱངས་རོལ་མོ་སྤྲོས་བཅས༔ ཧཱུྃ༔ སྣང་བ་

p. 482

མཐའ་ཡས་ལྷ་ཚོགས་མ་ལུས་རྣམས་༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཨ་མི་དེ་ཝ་ཨཱཿཡུ་ཧྲི༔ བཛྲ་ཨཱཿཝེ་ཤ་ཡ་ཨ་ཨཱཿ སྔགས་གསུམ་མམ་བདུན་བརྗོད་ནས་རྡོ་རྗེ་མགོར་བཞག་སྟེ༔ ཏིཥྛ་བཛ྄༔ དང་པོ་སྐུ་བུམ་པའི་དབང་ནི༔ བུམ་པ་ལག་ཏུ་ཐོགས་བྱས་ལ་ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ སྣང་བ་མཐའ་ཡས་ཚེ་དཔག་མེད༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་ཡི་དབང་རྣམས་ཡོངས་རྫོགས་ཤིང་༔ ཁྱད་པར་དབང་བཞི་ཡོངས་རྫོགས་ཤོག༔ རྩ་སྔགས་གཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དུང་དཀར་ལག་ཏུ་ཐོགས་ལ༔ ཧཱུྃ༔ དུང་དཀར་འདི་ནི་གསུང་གི་རྫས༔ སྣང་བ་མཐའ་ཡས་ལྷ་ཚོགས་ཀྱི༔ གསུང་གི་དབང་རྣམས་ཡོངས་རྫོགས་ཤིང་༔ ཁྱད་པར་དབང་བཞི་ཡོངས་རྫོགས་ཤོག༔ རྩ་སྔགས་གཤམ་བུར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག༔ དེ་ནས་ཐུགས་ཀྱི་རྫས་དཔལ་བེའུ་ཐོགས་ལ༔ ཧཱུྃ༔ དཔལ་བེའུ་འདི་ནི་ཐུགས་ཀྱི་རྫས༔ སྣང་བ་མཐའ་ཡས་ལྷ་ཚོགས་ཀྱི༔ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤིང་

p. 483

ཁྱད་པར་དབང་བཞི་ཡོངས་རྫོགས་ཤོག༔ རྩ་སྔགས་གཤམ་བུར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག་གོ༔ དེ་ནས་ཡོན་ཏན་པདྨ་ཐོགས་ལ༔ ཧཱུྃ༔ པདྨ་ཡོན་ཏན་དབང་གི་རྫས༔ སྣང་བ་མཐའ་ཡས་ལྷ་ཚོགས་ཀྱི༔ ཡོན་ཏན་དབང་རྣམས་ཡོངས་རྫོགས་ཤིང་༔ ཁྱད་པར་དབང་བཞི་ཡོངས་རྫོགས་ཤོག༔ རྩ་སྔགས་གཤམ་བུར༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཞེས་ལྟེ་བར་བཞག དེ་ནས་ཕྲིན་ལས་འཁོར་ལོ་ལག་ཏུ་ཐོགས་ལ་ཧཱུྃ༔ འཁོར་ལོ་འདི་ནས་ཕྲིན་ལས་རྫ་ས༔ སྣང་བ་མཐའ་ཡས་ལྷ་ཚོགས་ཀྱི༔ ཕྲིན་ལས་དབང་རྣམས་ཡོངས་རྫོགས་ཤིང་༔ ཁྱད་པར་དབང་བཞི་ཡོངས་རྫོགས་ཤོག༔ རྩ་སྔགས་གཤམ་བུར༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་གསང་གནས་སུ་བཞག༔ དེ་ནས་རྒྱལ་མཚན་ལག་ཏུ་ཐོགས་ལ༔ ཧཱུྃ༔ རྒྱལ་མཚན་འདི་ནི་སྐུ་ཡི་དབང་༔ བུ་ཁྱོད་དཔྱི་གཡོན་བཞག་པ་ཡིས༔ སྣང་བ་མཐའ་ཡས་ལྷ་ཚོགས་ཀྱི༔ སྐུ་ཡི་དབང་རྣམས་ཐོབ་པར་ཤོག༔ རྩ་སྔགས་གཤམ་བུར༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དཔྱི་གཡོན་བཞག དེ་ནས་གདུགས་ཐོགས་ལ༔ ཧཱུྃ༔ གདུགས་ཆེན་འདི་ནི་ཞི་བའི་རྫས༔ ཁྱོད་ཀྱི་རྣ་གཡས་བཞག་པ་ཡིས༔ ཞི་བའི་ལས་རྣམས་འགྲུབ་པར་ཤོག༔ རྩ་སྔགས་གཤམ་བུར༔

p. 484

ནད་གདོན་བར་ཆད་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ༔ ཞེས་རྣ་གཡས་བཞག༔ དེ་ནས་གསེར་ཉ་ཐོགས་ལ༔ ཧཱུྃ༔ གསེར་ཉ་འདི་ནི་རྒྱས་པའི་རྫས༔ ཁྱོད་ཀྱི་རྣ་གཡོན་བཞག་པ་ཡིས༔ རྒྱས་པའི་ལས་རྣམས་འགྲུབ་པར་ཤོག༔ རྩ་སྔགས་གཤམ་དུ༔ མཐུ་སྟོབས་ནུས་པ་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རྣ་བ་གཡོན་དུ་བཞག༔ དེ་ནས་ལྕགས་ཀྱུ་ཐོགས་ལ༔ ཧཱུྃ༔ ལྕགས་ཀྱུ་འདི་ནི་དབང་གི་རྫ་ས༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ དབང་གི་ལས་རྣམས་འགྲུབ་པར་ཤོག༔ རྩ་སྔགས་གཤམ་དུ༔ སྣང་སྲིད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མགྲིན་པར་བཞག དེ་ནས་རལ་གྲི་ཐོགས་ལ༔ ཧཱུྃ༔ རལ་གྲི་འབར་བ་དྲག་པོའི་རྫས་ཁྱོད་ཀྱི་གསང་བར་བཞག་པ་ཡིས༔ དྲག་པོའི་ལས་རྣམས་འགྲུབ་པར་ཤོག༔ རྩ་སྔགས་ཤམ་བུར༔ དགྲ་སྲི་མཱ་ར་ཡ་ཕཊ༔ ཅེས་གསང་བར་བཞག༔ དེས་དངོས་གཞི་སོང་༔ གཞུང་ན་མེད་ཀྱང་ཕྱག་ལེན་གཏོར་མ་བཟུང་ནས༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད༔ རྒྱལ་བ་དགོངས་པ་བརྒྱུད་པ༔ རིག་འཛིན་བརྡའི་བརྒྱུད་པ༔ གང་ཟག་སྙན་ཁུང་

p. 485

བརྒྱུད་པ༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པ༔ གཏེར་ཆོས་སྨོན་ལམ་བརྒྱུད་པ༔ ཐུགས་རྗེ་བྱིན་རླབས་བརྒྱུད་པ༔ བཀའ་བབས་དོན་གྱི་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཁྱད་པར་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ༔ འཇིག་རྟེན་མཁྱེན་པ༔ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ༔ ལྷ་དང་མི་རྣམས་ཀྱི་སྟོན་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ༔ འོད་དཔག་ཏུ་མེད་པ༔ འོད་ཀྱི་སྣང་བ་མཐའ་ཡས་པ་འཁོར་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ༔ ནད་ཞི་བར་མཛད་དུ་གསོལ༔ གདོན་ལས་ཐར་བར་མཛད་དུ་གསོལ༔ ཚེ་བསྲིང་བར་མཛད་དུ་གསོལ༔ དཔལ་སྐྱེད་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཨོཾ་ཨ་མི་དེ་ཝ་ཨཱཿཡུ་ཧྲཱིཿ ཞེས་གཏོར་མ་སྤྱི་བོར་བཞག་ལ་སྔགས་གསུམ་མམ་བདུན་བརྗོད་དོ༔ དེ་ནས་མེ་ཏོག་འཐོར་ཞིང་༔ ཧཱུྃ༔ བདེ་ཆེན་ཞིང་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ སེམས་ཅན་རྣམས་ལ་རྟག་ཏུ་ཐུགས་རྗེས་གཟིགས༔ དམ་བཅའ་ཞལ་བཞེས་འགྲོ་བའི་

p. 486

དོན་མཛད་པ༔ སྣང་མཐའ་མཉམ་བཞག་མཛད་པའི་བཀྲ་ཤིས་ཤོག༔ ཅེས་པ་དང་དེ་ནས། རང་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འདི་ཡི་དམ་དུ་བཟུང་སྙམ་པས༔ འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས༔ ཤམ༔ ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེའུ་ས་ག་ཟླ་བའི་ཚེས་ལྔའི་ནུབ་སྣང་བ་མཐའ་ཡས་ཉིད་ཀྱིས་དངོས་སུ་བཀའ་སྩལ་པའོ༔ མངྒ་ལཾ༔ བར་མཚམས་ཁ་སབ་འོས་རྣམས་གནམ་ཆོས་ནས་རཱ་ག་ཨ་སྱས་སབ་པའོ༔ འདི་ལ་འབྲེལ་ཚད་ཚེའི་བར་ཆད་སེལ་ཞིང་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་གྱུར་ཅིག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གནས་ཆོས་ཚེ་དབང་འབྲིང་པོ་བཞུགས་པའི་དབུ་ཕྱོགས།

p. 487
p. 488

གནས་ཆོས་ཚེ་དབང་འབྲིང་པོ་བཞུགས་པའི་དབུ་ཕྱོགས་ལགས་སོ༔

p. 489

ན་མོ་ཨཱཿཡུརྫུ་ན་ཡེ༔ འཆི་མེད་ཚེ་ཡི་དབང་བསྐུར་ནི༔་གཞི་སྟེང་བུམ་པ་ཚེ་གཏོར་དང་༔ ཚེ་རིལ་མདའ་དར་མཆོད་པ་བཤམས༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ བདུད་རྩི་སྨན་གཏོར་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ ཧཱུྃ༔ བདག་དང་མདུན་དང་བུམ་པའི་ནང་༔ ཧཱིདམར་རིང་ཆ་ཚེག་དྲག་བཅས༔ ཡོངས་སུ་

p. 490

གྱུར་པ་དེ་ཉིད་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སེམས་ཅན་ཀུན་གྱི་དོན་བྱས་ཤིང་༔ སངས་རྒྱས་མཆོད་ནས་འོད་ཟེར་དེ༔ ཚུར་འདུས་ཚེ་དཔག་མེད་དམར་པོ༔ ཞལ་གཅིག་ཕྱག་གཉིས་དར་གྱིས་བརྒྱན༔་གཡས་པས་ཚེ་བུམ་གཡོན་མཉམ་བཞག་ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ རིན་ཆེན་རྒྱན་གྱིས་རབ་ཏུ་བརྒྱན༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ༔ ཡུམ་མཆོག་དམར་མོ་གཡས་གྲི་ཁུག༔ གཡོན་པས་ཚེ་ཡི་བུམ་པ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ པདྨ་ཟླ་སྟེང་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་

p. 491

སྟེང་ཧྲཱིཿཡི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ ཐམས་ཅད་ཚེ་དཔག་མེད་ཀྱི་སྐུར༔ གྱུར་ནས་བུ་ཡུག་འཚུབ་བཞིན་བྱོན༔ བདག་མདུན་བུམ་པའི་ལྷ་ལ་ཐིམ༔ གཞན་ཡང་འཁོར་འདས་ཚེ་ཡི་བཅུད༔ འོད་ཀྱི་རྣམ་པར་བདག་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཟབ་པར་ཡུམ་གྱི་སྔགས་ནི་འདི༔ བཛྲ་ཨཱཿཡུ་ཤེ་ཛ༔ གོང་མ་བརྒྱ་ལས་མི་ཉུང་ཞིང་༔ འོག་མ་བཏགས་པ་ཅི་འགྲུབ་བཟླ༔ ཨགྷཾ་སོགས། སྔགས་ལ༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ འཆི་མེད་དབང་པོ་སྐུ་ཚེར་འགྲན་ཟླ་བྲལ༔ སྒྲུབ་མཆོག་ཚེ་ཡི་རིག་འཛིན་ངེས་པར་སྟེར་མཐའ་ཡས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ཏེ་ཁྲུས་བྱས་མཎྜལ་ཕུལ༔ སྔོན་འགྲོ་གཏོར་མ་བཤམས་ལ་ཆབ་བྲན༔ ཨོཾ་ཨཱཿཧཱུྃ༔ ལྷ་སྲིན་སྡེ་བརྒྱད་གཙོར་བྱས་པའི༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ༔ དཀར་གསུམ་མངར་གསུམ་གཏོར་མ་འདི༔ རྣལ་འབྱོར་བདག་གིས་ཁྱོད་ལ་སྦྱིན༔ ཚེ་དབང་ཟབ་མོ་བསྐུར་བ་ལ༔ ཁྱེད་རྣམས་བར་ཆད་མ་བྱེད་པར༔ བདག་གི་མགོན་དང་

p. 492

གྲོགས་མཛོད་ཅིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁཱ་ཧི༔ གསུམ༔ ཧཱུྃ༔ ང་ནི་ཁྲོ་བོ་དབང་ཆེན་ཏེ༔ བགེགས་དང་ལོག་འདྲེན་ང་ལ་ཉོན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ང་ཡི་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ང་རྒྱལ་ཐུགས་ཁྲོས་ཏེ༔ ཐལ་བའི་རྡུལ་དུ་རླག་པར་བྱེད་དེ་བས་ད་ལྟ་ཕྱིར་དེངས་ཤིག ཨོཾ་སུམ་བྷ་ནི་ཧཱུཾ་སོགས། གཏོར་མ་ཕྱིར་འབུལ་སྟེང་འོག་རྡོ་རྗེའི་གུར་དུ་གྱུར༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ འོ་ན་ད་ལམ་ཁྱེད་རྣམས་ལ་སངས་རྒྱས་ཚེ་དཔག་མེད་ཀྱི་དབང་བསྐུར་བ་ཡིན་ཏེ༔ ཆོས་སྐུ་ཚེ་དཔག་མེད་ནི༔ དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཡིན་ཏེ༔ ཀུན་བཟང་སྣང་བ་མཐའ་ཡས་ཞེས་བྱའོ༔ ལོངས་སྐུ་ཚེ་དཔག་མེད་ནི༔ ནུབ་ཕྱོགས་པདྨ་བཀོད་པའི་ཞིང་ཁམས་ན་ངེས་པ་ལྔ་ལྡན་གྱི་ཚུལ་དུ་བཞུགས་ཏེ༔ པདྨ་གར་གྱི་དབང་ཕྱུག་ཅེས་བྱ༔ སྤྲུལ་སྐུ་ཚེ་དཔག་མེད་ནི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན་བཞུགས་ཏེ༔ སངས་རྒྱས་འོད་དཔག་མེད་ཅེས་བྱ༔ དེ་གསུམ་གྱི་ངོ་བོ་ནི་དབྱེར་མེད་ཡིན་ནོ༔ སངས་རྒྱས་དེའི་མདོ་དང་རྒྱུད་ནི་མང་དུ་བཞུགས་ཀྱང་༔ རྒྱ་གར་སྐད་དུ༔

p. 493

ཨཱ་ཡུ་མ་ཧཱ་རསྨི་དུན་དུ་བྷི་རཱ་ག་ནཱ་མ༔ བོད་སྐད་དུ༔ ཚེ་ཆེན་པོ་འོད་ཟེར་རྫ་དམར་ཞེས་བྱ་བ་འདི་ནི༔ འོག་མིན་གྱི་གནས་སུ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་གཡས་སུ་ཚེ་དཔག་མེད༔ གཡོན་དུ་ལག་ན་རྡོ་རྗེ་གསུམ་ལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་སོ༔ དེའི་ཚེ་བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་ནས་དཔལ་ཕྱག་ན་རྡོ་རྗེ་བཞེངས་ཏེ་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་ཧོ་བཅོམ་ལྡན་རྡོ་རྗེ་འཆང་༔ ཚེ་དཔག་རྒྱུད་འཕགས་གང་ལྟར་ལགས༔ བདག་ལ་ཕན་ཡོན་བཀའ་སྩོལ་ཅིག ཅེས་ཞུས་པས། རྒྱུད་ལེའུ་བརྒྱད་པ་གསུངས་ཏེ༔ རྒྱུད་འདི་ཚེ་རིང་ཁྱོད་ལ་གཏད༔་སྦ་བ་རོ་ལངས་ཁྱོད་ཀྱིས་སྦོས༔ ཁ་ལས་མེ་འབར་ཁྱོད་ཀྱིས་སྟོན༔ ཞེས་གསུངས་ནས༔ བཀའ་སྲུང་གསུམ་ལ་བཀའ་གཏད་དོ༔ དེ་ནས་བཀའ་བབ་བྱུང་ཚུལ་ནི༔ གུ་རུ་པདྨ་འབྱུང་གནས་དེ་ཉིད་རྒྱ་གར་མ་ར་ཏི་ཀའི་བྲག་ཕུག་ཏུ་མགོན་པོ་ཚེ་དཔག་མེད་བསྒྲུབས་པས༔ དངོས་སུ་བྱོན་ནས་ཚེའི་དབང་བསྐུར༔ ནམ་མཁའ་ཇི་སྲིད་སྐུ་ཚེ་ལ་འདས་གྲོངས་མེད་པའི་དངོས་གྲུབ་ཐོབ༔ གཞན་ཡང་དགའ་རབ་རྡོ་

p. 494

རྗེ་དང་༔ ཤྲཱི་སེང་ཧ་དང་༔ ཧཱུཾ་ཆེན་ཀ་ར་དང་༔ བི་མ་ལ་མི་ཏྲ་དང་༔ མནྡཱ་ར་བ་དང་༔ བདེ་ལྡན་མ་དང་༔ རིན་ཆེན་ཞི་བ་འཚོ་དང་༔ བདེ་ཆེན་རྒྱལ་མོ་དང་༔ དབྱིངས་ཕྱུག་རྒྱལ་མོ་སོགས་རྒྱ་གར་ན་ཚེ་དཔག་མེད་བསྒྲུབས་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པ་མང་དུ་བྱོན༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཚེ་དབང་བསྐུར་ནས༔ ཚེ་ལོ་ལྔ་བརྒྱ་ཐུབ་པ་གཅིག་བྱེད་དགོངས་པ་ལ༔ བདུད་བློན་དབང་ཆེན་རྣམས་ཀྱིས་དབྱེན་བྱས་པས་རྒྱལ་པོ་ཐེ་ཚོམ་སྐྱེས་ཏེ་དབང་མ་ཞུས་པས་རྟེན་འབྲེལ་འཆུགས༔ ལོ་ཙཱ་བ་བཻ་རོ་ཙ་ན་དང་༔ གནུབས་ནམ་མཁའི་སྙིང་པོ་དང་༔ ཉང་ཏིང་འཛིན་བཟང་པོ་དང་༔ སངས་རྒྱས་ཡེ་ཤེས་དང་༔ ཇོ་མོ་མཁར་ཆེན་བཟའ་དང་༔ ཤེལ་དཀར་རྡོ་རྗེ་མཚོ་སོགས་ཆེའི་རིག་འཛིན་ཐོབ༔ དེ་ནས་ཚེ་སྒྲུབ་དང་ཚེ་དབང་རྣམས༔ ཆུ་དང་བྲག་དང་གཙུག་ལག་ཁང་དང་མཆོད་རྟེན་རྣམས་ལ་གཏེར་དུ་སྦས༔ ལ་ལ་ཐུགས་གཏེར་དུ་སྦས་ནས་སློབ་དཔོན་སྲིན་ཡུལ་དུ་བྱོན་ནོ༔ དེ་ནས་དུས་སྙིགས་མ་ཚེ་ལོ་བཞི་བཅུ་ཁ་རལ་སུམ་ཅུ་ལ་ཉེ་བའི་དུས༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་

p. 495

འབྱོན་པའི་དུས་རྟགས་རྣམས་ཀྱང་ཚང་སྐབས༔ བཀའ་ཐང་འབྲིང་པོ་ལས༔ གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱོན༔ ཞེས་དང་༔ རཏྣའི་གཏེར་ཁ་ལས༔ ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ༔ གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན༔ ཅེས་དང་༔ བདུད་འདུལ་རྡོ་རྗེའི་གཏེར་ཁ་ལས༔ དཔལ་སེང་སྐྱེ་བ་ངོམ་གྱི་ཕྱོགས་ནས་འབྱུང་༔ ལས་ཅན་རྡོ་རྗེའི་མཚན་འཛིན་ཁ་བྱང་འཛིན༔ ཞེས་ལུང་བསྟན་པར་ལྟར༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་མེ་མོ་བྱའི་ལོ་རྒྱལ་གྱི་ཟླ་བའི་ཚེས་བདུན་ལ༔ ཨུ་རྒྱན་རིན་པོ་ཆེ་དང་ཚེ་དཔག་མེད་དབྱེར་མེད་པ་ཆ་ལུགས་མངོན་རྟོགས་དང་མཐུན་པ་གཅིག་དངོས་སུ་བྱོན་ནས༔ འདིའི་དབང་འབྲིང་པོ་འདི་དངོས་སུ་གནང་༔ དབོ་ཟླ་བ་དམར་པོའི་ཚེས་བཅུ་ལ་བཀའ་སྲུང་ཁ་ལས་མེ་འབར་གྱིས་འདིའི་རྒྱུད་གཏད༔ གཞན་ཡང་ཨོ་རྒྱན་རིན་པོ་ཆེ་ཚེ་དཔག་མེད་ཀྱི་སྐུར་བཞེངས་ནས་ཉིན་རེ་བཞིན་དུ་བྱོན་ནས་འདིའི་དབང་རྒྱས་བསྡུས་གཉིས་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་བཞི་སོགས་འདིའི་ཆོས་སྐོར་ཚང་བ་གནང་བ་ཡིན་པས༔ བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་སྟེ༔ བྱང་ཆུབ་སེམས་དཔའི་སྡེ་

p. 496

སྣོད་ལས༔ དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི༔ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས༔ སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིགས་ནས༔ དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་ཡང་དག་པ་བསྟན་ཏོ༔ ཆོས་ཡང་དག་པ་སྡུད་པའི་མདོ་ལས༔ བྱང་ཆུབ་སེམས་དཔའ་དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི་སངས་རྒྱས་མི་བཞུགས་ན་ཡང་༔ ནམ་མཁའི་དཀྱིལ་དང་༔ རྩིག་པ་དང་ཤིང་རྣམས་ལས་ཀྱང་ཆོས་འབྱུང་ངོ་༔ ཞེས་གསུངས་པ་དང་མཚུངས་པའོ༔ ཚེ་དཔག་ཏུ་མེད་པའི་མདོ་ལས༔ ཚེ་ཟད་པ་ལ་ཚེ་ལོ་བརྒྱ་ཐུབ་པ་དང་༔ ཤི་ནས་བདེ་བ་ཅན་ཏུ་སྐྱེ་བ་དང་༔ མཚན་དང་སྔགས་རྣ་ལམ་དུ་གྲག་ན་ཡང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་ཤིང་༔ ཁྱད་པར་དུ་འདིའི་ཕན་ཡོན་རྣ་བར་ཐོས་པས་བསྐལ་པ་སྟོང་དུ་བསགས་པའི་སྒྲིབ་པ་དག༔ སྐྱེ་བ་དགུ་སྟོང་དུ་བསགས་པའི་སྒྲིབ་པ་དག སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡོད་ན་མ་གཏོགས་འདིའི་དབང་ཐོབ་ན་དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་གང་ཡང་འོང་མི་སྲིད༔ འདིའི་དབང་མང་དུ་ཐོབ་ན༔ ཚེ་ལ་བར་ཆད་མེད་ཅིང་ཕྱི་མ་

p. 497

ལ་ཡང་བདེ་བ་ཅན་གྱི་ཞིང་ཁམས་མ་གཏོགས་འཁོར་བར་སྐྱེ་མ་སྲིད༔ འདིའི་དབང་ཐོབ་ནས་འདིའི་བསྙེན་པ་སོགས་ཉམས་ལེན་བྱས་ན༔ སངས་རྒྱས་འོད་དཔག་མེད་ཀྱི་གོ་འཕང་ཐོབ་ན༔ གཞན་ཕན་ཡོན་བརྗོད་པར་ག་ལ་ནུས་ཏེ༔ འདིའི་རྒྱུད་ལས༔ འདི་ཡི་ཕན་ཡོན་བསམ་མི་ཁྱབ༔ འདི་ཉིད་རྣ་བར་ཐོས་པ་ཡང་༔ བསྐལ་པ་སྟོང་གི་སྡིག་སྒྲིབ་དག༔ སྐྱེ་བ་དགུ་སྟོང་སྒྲིབ་པ་དག༔ ཚེ་འདིར་འཆི་བ་འོང་མི་སྲིད༔ བར་ཚད་མེད་ཅིང་ཕྱི་མ་ཡང་༔ བདེ་ཆེན་ཞིང་མིན་སྐྱེ་མི་སྲིད༔ རྣ་བས་ཐོས་ཤིང་དྭངས་བླངས་ན༔ སངས་རྒྱས་འོད་དཔག་མེད་དང་མཉམ༔ ཕན་ཡོན་འདི་ལས་ཆེ་གཞན་མེད༔ ཅེས་གསུངས་སོ་དེ་ནས་དབང་བསྐུར་བྱ་བ་ནི༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་རྗེས་ཟློས་མཛོད༔་བླ་མ་དུས་གསུམ་སངས་རྒྱས་དང་༔ ཚེ་དཔག་མེད་པ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཚེ་དབང་ཞུ༔ བདག་ལ་ཚེ་དབང་བསྐུར་དུ་གསོལ༔ དེ་ཉིད་སློབ་མས་ལན་གསུམ་བརྗོད༔ དཀོན་མཆོག་གསུམ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་

p. 498

བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་སྤྱོད་མཆོད་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག༔ གསུམ་མམ་ཚིག་རྗེས་མ་གསུམ༔ ད་ཡེ་ཤེས་པ་འབེབས་པའི་དོན་དུ་དམིགས་པ་འདི་བཞིན་མཛོད༔ བུམ་པའི་ནང་གི་ཚེ་དཔག་མེད་ལས་འོད་འཕྲོས་ཁྱེད་རང་རྣམས་ལ་ཕོག་པས༔ ཁྱེད་རང་རྣམས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟ་བུ༔ ཞལ་གཅིག་ཞི་ཞིང་འཛུམ་པ༔ ཕྱག་གཉིས་གཡས་ཚེ་བུམ་འཛིན་ཅིང་གཡོན་མཉམ་བཞག་མཛད་པ༔ རང་འོད་ཀྱི་རིག་མ་གཡས་གྲི་ཁུག་དང་གཡོན་ཚེ་བུམ་འཛིན་པས་འཁྲིལ་བ༔ ཡབ་ཡུམ་གཉིས་ཀ་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་གནས་གསུམ་དང་ཐུགས་ཀའི་ཧཱུྃལས་འོད་ཟེར་འཕྲོས་པས༔ བདེ་བ་ཅན་དང་ཟངས་མདོག་དཔལ་གྱི་རི་བོ་

p. 499

ནས༔ ཚེ་དཔག་མེད་ཀྱི་སྐུ་ཆེ་ཕྲ་སྣ་ཚོགས་པ་ཆར་བབས་པ་ལྟར་བྱོན་ནས༔ ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག སྤོས་རོལ་མོ་དབྱངས་བཅས་པས༔ ཧཱུྃ༔ བུམ་པའི་ཚེ་དཔག་མེད་པ་ལས༔ འོད་ཟེར་འཕྲོས་ནས་སློབ་མར་ཕོག༔ སློབ་མ་ཚེ་དཔག་མེད་པར་གྱུར༔ ཚེ་དཔག་མེད་པ་ཡེ་ཤེས་པ༔ དཔག་ཏུ་མེད་པ་ཆར་བབས་པ༔ མཚོ་ལ་ཐིམ་བཞིན་སློབ་མ་དང་༔ གཉིས་སུ་མེད་པ་གཅིག་ཏུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ བཛྲ་ཨཱཿཡུ་ཤེ་ཛ༔ བཛྲ་ཨཱཿཝེ་ཤ་ཡ་ཨ་ཨཱཿ ཞེས་གསུམ་མམ་བདུན་བརྗོད༔ ཡེ་ཤེས་པ་དེ་ཉིད་བརྟན་པར་གྱུར༔ རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛྲ༔ བུམ་པ་ལག་ཏུ་ཐོགས་ལ༔ ད་བུམ་པ་འདིའི་ནང་ན་ཚེ་དཔག་མེད་བཞུགས་པའི་སྐུ་ལས་བདུད་རྩིས་རྒྱུན་བབས༔ བུམ་པ་ལྟེམ་གྱིས་གང་༔ བུམ་པ་སྤྱི་བོར་བཞག་པས་བུམ་ལྷ་ཁྱེད་རང་རྣམས་ལ་ཐིམ༔ བུམ་ཆུ་ངག་ཏུ་བླུད་པས་ལུས་འཆི་མེད་བདུད་རྩིས་གང་བར་སྒོམས་ཤིག༔ ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང་༔ ནང་ན་ཚེ་དཔག་མེད་པ་བཞུགས༔ སྐུ་ལས་བདུད་རྩིས་རྒྱུན་བབས་པས༔ བུམ་པ་ལྟེམ་གྱིས་གང་གྱུར་ཏེ༔ སློབ་མའི་སྤྱི་བོར་

p. 500

བཞག་པ་ཡིས༔ ཚེ་དཔག་མེད་པ་ཐིམ་པ་གྱུར༔ དེ་ཉིད་ལྕེ་ལ་བཞག་པ་ཡིས༔ ལུས་ཀུན་བདུད་རྩིས་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོ༔ ད་སྐུ་འདྲ་འདི་ཉིད་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ༔ ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱའི་བུམ་པ་ནས་ཚེའི་བདུད་རྩི་ངང་ན་ར་ར་འབེབས༔ གཡོན་མཉམ་བཞག་གི་ཕྱག་རྒྱ་ཡུམ་དང་འཁྲིལ་བ༔ དར་དང་རིན་པོ་ཆེས་བརྒྱན་ཅིང་པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་མངོན་སུམ་དུ་བྱོན་པས༔ དེའི་སྐུའི་གནས་ལྔ་ནས་ཚེ་དཔག་མེད་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་ཆར་བཞིན་བབས་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག་ཧཱུྃ༔ མགོན་པོ་ཚེ་དཔག་མེད་པ་ཡི༔ སྐུ་ལ་ཚེ་ཡི་ལྷ་ཚོགས་རྫོགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ཚེ་དཔག་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱི༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ འཆི་མེད་དབང་པོ་སྐུ་ཚེར་འགྲན་ཟླ་བྲལ༔ སྒྲུབ་མཆོག་ཚེ་ཡི་རིག་

p. 501

འཛིན་ངེས་པར་སྟེར༔ ཚེ་དཔག་མེད་པའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་སྐུ་ཡི་དབང་ཐོབ་པ་ཡིན༔ ད་གསུང་སྔགས་ཕྲེང་གི་དབང་ནི༔ ཨོཾ་ཨཱཿཧཱུྃ་ནི་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ༔ བཛྲ་གུ་རུ་ནི་ཨོ་རྒྱན་གྱི་སྙིང་པོ༔ ཨཱ་ཡུ་ཤེ་སྭཱ་ཧཱ་ནི་ཚེ་ཡི་གཞི་ཚུགས་ཞེས་པ་སྟེ༔ ཚེ་དཔག་མེད་དང་ཨོ་རྒྱན་དབྱེར་མེད་པའི་སྔགས་ཀྱི་ཕྲེང་བ་དེ༔ མེ་ཏོག་དམར་པོའི་ཕྲེང་བར་གྱུར་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཚེ་དཔག་མེད་པའི་སྙིང་པོ་ཡི༔ ཕྲེང་བའི་ངོ་བོ་ཡིན་པ་ལ༔ རྣམ་པ་མེ་ཏོག་དམར་པོ་ཡི༔ ཕྲེང་བ་ཁྱོད་ཀྱི་མགྲིན་པར་ཐིམ༔ གསུང་གི་དབང་བསྐུར་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཝཱཀ་སི་ཨཱཿཚེ་དཔག་མེད་ཡབ་ཡུམ་གྱི་བྱང་སེམས་ཀྱི་ངོ་བོ་ཚེ་ཆང་བདུད་རྩི་འདི་ཁྱེད་ལ་བླུད་པས་ལུས་ཀྱི་རྩ་དབུ་རྐྱང་རོ་གསུམ་གྱི་རིགས་སུ་གྱུར་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཚན་གསུམ་པོ༔ འཆི་མེད་བདུད་རྩིས་གང་བས་ལུས་ལ་བདེ་བ་རྒྱས༔ ངག་ལ་ནུས་པ་འབར་བར་སྒོམས་ཤིག༔ ཧཱུྃ༔ ཚེ་ཆང་བདུད་རྩིའི་རྒྱ་མཚོ་འདི༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ མགོན་པོ་ཚེ་དཔག་མེད་པ་ཡི༔

p. 502

གསུང་གི་དབང་བསྐུར་ཐོབ་ནས་ཀྱང་༔ རྟག་ཏུ་ཚེ་ནི་འཕེལ་བར་ཤོག༔ ཨོཾ་ཨཱཿཙྪཱཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ མེ་ཏོག་མཐོར་ཞིང་༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ འཆི་མེད་དབང་པོ་སྐུ་ཚེར་འགྲན་ཟླ་བྲལ༔ སྒྲུབ་མཆོག་ཚེ་ཡི་རིག་འཛིན་ངེས་པར་སྟེར༔ ཚེ་དཔག་མེད་པའི་གསུང་གི་བཀྲ་ཤིས་ཤོག༔ དེས་གསུང་གི་དབང་ཐོབ་པ་ཡིན༔ ད་གཏོར་མ་འདི་སྙིང་གར་བཞག་པ་ཙམ་གྱིས་འཁོར་འདས་སྣོད་བཅུད་ཐམས་ཅད་འོད་དམར་པོར་ཞུ་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧྲིལ་ཐིམ་པས༔ སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པར་སྒོམས་ཤིག༔ ཧཱུྃ༔ གཏོར་མ་འདི་ནི་ཚེ་དཔག་མེད༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས་མགོན་པོ་ཚེ་དཔག་མེད་པ་ཡི༔ ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ད་ཚེ་ཡི་རིལ་བུ་རེ་རེ་ཡང་༔ ཚེ་དཔག་མེད་གྱི་སྐུ་རེ་རེར་གྱུར་ཏེ༔ ཁ་ཤར་གྱི་སྒོ་ནས་ཞུགས་པ༔ སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་དུས་རྟག་ཏུ་བཞུགས་པར་སྒོམས་ཤིག༔ ཧཱུྃ༔ ཚེ་ཡི་རིལ་བུ་རེ་རེ་ཡང་༔ མགོན་པོ་ཚེ་

p. 503

དཔག་མེད་གྱུར་ཏེ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ། སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ འཆི་མེད་དབང་པོ་སྐུ་ཚེར་འགྲན་ཟླ་བྲལ༔ སྒྲུབ་མཆོག་ཚེ་ཡི་རིག་འཛིན་ངེས་པར་སྟེར༔ ཚེ་དཔག་མེད་པའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ཐུགས་ཀྱི་དབང་ཐོབ་པ་ཡིན༔ ད་མར་མེ་འདི་ཡེ་ཤེས་ལྔའི་རང་བཞིན་མེ་ཁ་དོག་ལྔ་ལྡན་དུ་འབར་བ༔ དང་པོ་སྲིད་པ་ཆགས་པའི་གནས་ལྟེ་བ་སྤྲུལ་པའི་འཁོར་ལོའི་གནས་སུ་བཞག་པས༔ དུག་ལྔའི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་གྱུར་པའི་ལས་སྒྲིབ་ཐམས་ཅད་མུན་ཁུང་དུ་མར་མེ་བཏེག་པ་ལྟར་སངས་སེ་དག་པར་སྒོམས་ཤིག༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་མར་མེ་འདི༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ མགོན་པོ་ཚེ་ནི་དཔག་མེད་ཀྱི༔ ཡོན་ཏན་ཚེ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ སརྦ་སིདྡྷི་ཧྲཱིཿ ད་ཚེ་མདའ་འདི་ཡུམ་གསང་བ་ཡེ་ཤེས་ཀྱི་ངོ་བོ་ཡིན་པས༔ འདི་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ ཁྱེད་རང་རྣམས་ཀྱི་ཚེ་ཡར་བ་

p. 504

དང་༔ ལྷ་སྲིན་རྣམས་ཀྱིས་བརྐུས་པ་དང་༔ འཕྲོག་པ་ཐམས་ཅད་ཡི་གེ་ནིཡིག་ལྗང་གུའི་རྣམ་པར་བཀུག་ནས༔ ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཚེ་མདའ་རྒོད་སྒྲོས་བརྒྱན་པ་འདི༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི༔ ལག་ནས་ཚེ་བཀུག་ནུས་པ་ཡི༔ དབང་དང་སློབ་མ་ལྡན་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ སརྦ་ཨ་བྷི་ཥིཉྩ་ཧི༔ མེ་ཏོག་འཐོར་ཞིང་༔་ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ འཆི་མེད་དབང་པོ་སྐུ་ཚེར་འགྲན་ཟླ་བྲལ༔ སྒྲུབ་མཆོག་ཚེ་ཡི་རིག་འཛིན་ངེས་པར་སྟེར༔ ཚེ་དཔག་མེད་པའི་ཡོན་ཏན་བཀྲ་ཤིས་ཤོག དེས་ཡོན་ཏན་གྱི་དབང་ཐོབ་པ་ཡིན༔ ད་གཏོར་མ་འདི་ཉིད་ཚེ་དཔག་མེད་ཚེའི་རིག་འཛིན་རྣམས་ཀྱིས་བསྐོར་བ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པས༔ ཚེ་དཔག་མེད་ཀྱི་ཕྲིན་ལས་ནི་ཚེ་བསྲིང་བ་ཡིན་པས༔ ཁྱེད་རང་རྣམས་ཀྱིས་ཚེའི་དངོས་གྲུབ་ཐོབ་པར་སྒོམས་ཤིག༔ མང་ན་གཏོར་མ་ལག་ཏུ་ཐོགས༔ ཉུང་ན་མགོར་བཞག་ལ༔ ཆོས་སྐུ་ཚེ་དཔག་མེད༔ ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་སྐུ་ཚེ་

p. 505

དཔག་མེད༔ ཡུམ་གོས་དཀར་མོ་ལ་སོགས་པ་འཆི་མེད་ཚེའི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ འཆི་མེད་པདྨ་འབྱུང་གནས༔ དགའ་རབ་རྡོ་རྗེ༔ ཤྲཱི་སེང་ཧ༔ བི་མ་ལ་མི་ཏྲ༔ ཧཱུཾ་ཆེན་ཀ་ར༔ ནམ་མཁའི་སྙིང་པོ༔ ཉང་ཏིང་འཛིན་བཟང་པོ༔ སངས་རྒྱས་ཡེ་ཤེས༔ བེ་རོ་ཙ་ན་ལ་སོགས་པ་ཚེའི་རིག་འཛིན་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ ལྷ་ལྕམ་མནྡ་ར་བ༔ བདེ་ཆེན་རྒྱལ་མོ༔ རིན་ཆེན་ཞི་བ་འཚོ༔ དབྱིངས་ཕྱུག་རྒྱལ་མོ༔ བྲམ་ཟེའི་བུ་མོ་བདེ་ལྡན་མ༔ ཡེ་ཤེས་མཚོ་རྒྱལ༔ ཤེལ་དཀར་རྡོ་རྗེ་མཚོ་ལ་སོགས་པ་ཚེ་ལ་དབང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ བར་ཆད་བསལ་བར་མཛད་དུ་གསོལ༔ གདོན་ལས་གྲོལ་བར་མཛད་དུ་གསོལ༔ ནད་མེད་བདེ་བའི་བྱིན་ཆེན་དབབ་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཙྪཱཧཱུྃ་བཛྲ་གུ་རུ་ཨཱཿཡུ་ཤེ་སྭཱ་ཧཱ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་དམར༔ འཆི་མེད་དབང་པོ་སྐུ་ཚེར་འགྲན་ཟླ་བྲལ༔ སྒྲུབ་མཆོག་ཚེ་ཡི་རིག་འཛིན་ངེས་པར་སྟེར༔ ཚེ་

p. 506

དཔག་མེད་པའི་ཕྲིན་ལས་བཀྲ་ཤིས་ཤོག༔ དེས་ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན༔ ད་ཚེ་དཔག་མེད་ཡི་དམ་གྱི་ལྷར་བཟུང་བའི་མོས་པས་རྗེས་ཟློས་མཛོད༔ མགོན་པོ་ཚེ་དཔག་མེད་པ་དང་༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱི༔ ཅི་གསུངས་བཀའ་ནི་མི་བཅག་བསྒྲུབ༔ ན་ར་ཀན༔ ན་ར་ཀན༔ དེས་ཚེ་དཔག་མེད་པའི་དབང་ཡོངས་སུ་རྫོགས་པ་ཐོབ་པས༔ གཏང་རག་གི་མཎྜལ་འབུལ་བ་རྗེས་ཟློས་མཛོད༔ རི་རབ་གླིང་བཞི་གླིང་ཕྲན་བརྒྱད༔ བསོད་ནམས་དགེ་ཚོགས་ཅི་ཡོད་པ༔ བདག་གི་ཐམས་ཅད་བསྡུས་ནས་ཀྱང་༔ བླ་མ་ཡི་དམ་ལྷ་རྣམས་ལ༔ བདག་གི་མཎྜལ་འདི་འབུལ་ལོ༔ བདག་ནི་བསོད་ནམས་དང་ལྡན་ཞིང་༔ ཚེ་ནི་རིང་བར་མཛད་དུ་གསོལ༔ དེ་ནས་སློབ་མ་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རྒུནརྫཟླ༔ ད༔ གནམ་ཆོས་ཚེ་དབང་འབྲིང་པོའི་ཟིན་བྲིས༔ གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་ཉེ་གནས་ཀུན་དགའ་སྟེ༔ ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་དོན་དཔག་ཏུ་མེད་པ་འབྱུང་བར་གྱུར་ཅིག༔ མངྒ་ལཾ།། །།༧ ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

འོད་དཔག་མེད་པའི་སྨོན་ལམ་གསོལ་འདེབས།

p. 507
p. 508

འོད་དཔག་མེད་པའི་སྨོན་ལམ་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཧཱུཾ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱབས་ཀུན་འདུས་སངས་རྒྱས་འོད་དཔག་མེད། །སྐུ་དམར་གསལ་ཆོས་གོས་རྣམ་གསུམ་གསོལ། །ཕྱག་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །སྐུ་མཚན་དཔེས་རབ་བརྒྱན་སྐྱིལ་ཀྲུང་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་སྣང་མཐའི་སྐུ་ལ་ཐིམ། །རྗེ་དཀོན་མཆོག་ཀུན་འདུས་རྫོགས་སངས་རྒྱས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དཔེ་བཤས་ལུག་མགོ་འཁོར་ཇི་བཞིན་དུ། །དེ་ནམ་འཆི་ཆ་མེད་ཨ་ཙ་མ། །ནུབ་རི་རྩེའི་ཉི་མ་ཇི་བཞིན་དུ། །དཔེ་བཤོལ་ཐབས་མེད་པའི་ཨ་ཙ་མ། །གཉེན་ཉེ་དུ་ཟས་ནོར་ཤུལ་དུ་ལུས། །རང་གཅིག་པུར་འགྲོ་དགོས་ཨ་ཙ་མ། །ས་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས། །ས་ཆ་མེད་གར་འགྲོ་ཨ་ཙ་མ། །ལུས་འབྱུང་བཞི་ཐིམ་སྡུད་ཟུག་གཟེར་ཆེ། །སེམས་འཁྲུལ་སྣང་འཇིག་སྐྲག་ཨ་ཙ་མ། །ལས་དགེ་སྡིག་ལུས་དང་གྲིབ་

p. 509

བཞིན་འགྲོགས། །དཔོན་གཤིན་རྗེའི་ཁྲིམས་ར་ཨ་ཙ་མ། །ལུས་དུག་ལྔའི་སྟེང་དུ་སེར་སྣས་མནན། །སེམས་རིགས་དྲུག་འགྲོ་ཀུན་ཨ་ཙ་མ། །དུས་དེ་དུས་བདག་ལ་སྐྱབས་གཞན་མེད། །ཕ་ཐུགས་རྗེས་ཟུངས་ཤིག་འོད་དཔག་མེད། །དུས་དེང་སང་སྙིགས་དུས་བར་ཆད་མང་། །ཚེ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །། ཡེ་གདོད་ནས་རང་སེམས་ཆོས་ཀྱི་སྐུ། །དེ་རང་ངོ་ཤེས་པར་བྱིན་གྱིས་རློབས། །དུས་ནམ་ཞིག་འདི་ནས་ཚེ་འཕོས་ཚེ། །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །རྗེ་འོད་དཔག་མེད་པ་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །ད་ཚུལ་ལྟོས་རང་གི་སེམས་ལ་ལྟོས། །དེ་བལྟས་པས་མ་མཐོང་ངང་ལ་ཞོག །སེམས་བཟོ་བཅོས་མེད་པར་ལྷུག་གེ་ཞོག །དབྱིངས་ནམ་མཁའི་མཐོངས་ལ་ཡར་ལྟོས་དང་། །དོན་ཡེ་ཤེས་ལྔ་ཡི་འོད་ཟེར་ལྔའི། །འཇའ་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད། །ལྷ་དམ་པ་རིགས་བརྒྱ་དངོས་སུ་མཇལོ། །དེ་བལྟས་ན་རང་སེམས་དབྱེར་མེད་འདྲེས། །སྒོམ་གསལ་སྟོང་དབྱེར་མེད་ངོ་མཚར་ཆེ། །དེ་གོ་ན་བར་དོར་མངོན་སངས་རྒྱས། །ཆོས་ཐེག་པ་དགུ་ཡི་ཡང་རྩེ་ཡིན། །ཆོས་དེ་ལས་ཟབ་པ་

p. 510

གཅིག་ཀྱང་མེད། །ལམ་དེ་ལས་མྱུར་བར་སླེབ་པ་ཡིན། །མཆོག་གཞོན་ནུ་བུམ་སྐུ་འགྲུབ་གྱུར་ཅིག །དེ་སྣོད་ལྡན་རྣམས་ཀྱིས་སྙིང་ནོར་མཛོད། །ཚིགས་དེ་སྐད་རཱ་ག་ཨ་སྱ་ཡིས། །ས་རྐོ་སྟོད་ཆུ་ཆེན་རྒྱུད་དུ་སྨྲས། །ཁྱེད་འདིར་འཚོགས་རྣམས་ཀྱི་ཐུགས་ལ་ཞོག །བདག་དུས་གསུམ་དགེ་བ་ཅི་བསགས་པས། །ལྷ་འོད་དཔག་མེད་པ་འགྲུབ་གྱུར་ཅིག །མངྒ་ལཾ། །༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་ཆེན་ཞིང་བཀོད་ཀྱི་ཞལ་ཐང་བཀོད་ཐབས་མདོ་རྒྱུད་སོར་བཞག་ཐར་པའི་ཐེམ་སྐས།

p. 511
p. 512

བདེ་ཆེན་ཞིང་བཀོད་ཀྱི་ཞལ་ཐང་བཀོད་ཐབས་མདོ་རྒྱུད་སོར་བཞག་ཐར་པའི་ཐེམ་སྐས་ཡོད། །

p. 513

ན་མོ་ཨ་མི་ཏ་བྷ་ཡེ། མདོ་རྒྱུད་ཀུན་གྱི་དོན་བསྡུས་ཞིང་བཀོད་འདི། །ཞིབ་པར་བྲིས་ན་མཐའ་ཡས་བྲི་མུ་མེད། །རྩེ་ཚང་འགགས་འདུས་ཙམ་ཞིག་འདི་ན་བཀོད། །སྟེང་གི་གཡས་ཟུར་སྔོན་ཚེ་འདས་པའི་དུས། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བས། །སངས་རྒྱས་རིན་ཆེན་སྙིང་པོ་སྤྱན་དྲངས་ནས། །གཙུག་ལག་ཁང་བརྩེགས་བསྙེན་བཀུར་དཔག་མེད་བྱས། །རྒྱལ་པོའི་བུ་ནི་སྟོང་དང་རྩ་གཉིས་ལ། །བློན་པོ་བྲམ་ཟེ་རྒྱལ་མཚོའི་རྡུལ་ཞེས་པ། །འཁོར་ནི་བྲམ་ཟེའི་ཁྱེ་འུ་སྟོང་ཕྲག་བཅས། །ཐམས་ཅད་སེམས་བསྐྱེད་སྨོན་ལམ་རྒྱ་ཆེར་བཏབ། །རྒྱལ་པོ་སངས་རྒྱས་

p. 514

འོད་དཔག་མེད་པ་དང་། །སྲས་རྣམས་སྤྱན་རིས་གཟིགས་དང་མཐུ་ཆེན་ཐོབ། །བྲམ་ཟེ་ཤཱཀྱ་ཐུབ་པ་ལ་སོགས་དང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏོ། །སྟེང་གི་གཡས་ངོས་འོད་མདོ་ནས་གསུངས་པའི། །སྔོན་ཚེ་དཔག་ཏུ་མེད་པའི་གོང་རོལ་དུ། །སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་། །དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བས། །བྱང་ཆུབ་སེམས་བསྐྱེད་སྨོན་ལམ་རྒྱ་ཆེན་བཏབ། །འོད་དཔག་མེད་དུ་འགྱུར་ཞེས་ལུང་བསྟན་མཛད། །འོག་གི་མཐའ་ཡི་སངས་རྒྱས་འདི་གཉིས་ནི། །མ་འོངས་སྤྱན་རས་གཟིགས་དབང་སངས་རྒྱས་

p. 515

པ། །འོད་ཟེར་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་དང་། །དེ་རྗེས་མཐུ་ཆེན་ཐོབ་ནི་སངས་རྒྱས་པ། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་སྟེ། །མདོ་སྡེ་པད་དཀར་ནས་གསུངས་ཞིང་བཀོད་ཚང་། །ཞིང་བཀོད་མདོ་དང་འོད་མདོ་གཉིས་ཀ་ནས། །བདེ་བ་ཅན་གྱི་ཞིང་བཀོད་རྒྱ་ཆེར་གསུངས། །ཞིང་གི་མཐའ་སྐོར་ལྕགས་རི་རིམ་པ་བདུན། །ཏ་ལའི་ཕྲེང་བ་རིམ་བདུན་བཤད་ན་ཡང་། །བརྡ་མཚོན་ཙམ་རེ་བྱས་པས་འཐུས་པ་ཡིན། །འོག་ཏུ་ཐུབ་པ་གཙོ་འཁོར་བྲིས་པ་ནི། །བདེ་ཆེན་ཞིང་མཐོ་འཇིག་རྟེན་འདི་ནི་དམའ། །བྱ་རྒོད་སྤུང་རིར་མདོ་སྡེ་པད་དཀར་གསུངས། །མགོན་མེད་ཟས་སྦྱིན་ཀུན་དགའ་ར་བ་ན། །འོད་མདོ་ཞིང་བཀོད་མདོ་གཉིས་གསུངས་པ་ཡིན། །དེ་ཡིས་མདོ་སྡེ་དེ་གཉིས་བཀོད་པ་ཚང་། །མདུན་འོག་རྒྱལ་པོའི་ཕོ་བྲང་བཙུན་མོ་སྲས། །མཆོག་བཟུང་གཉིས་དང་རིམ་གྲོ་པ་སོགས་ནི། །འཆི་མེད་རྔ་སྒྲའི་གཟུངས་ཀྱི་བཀོད་པ་ཚང་། །དེ་ཡི་གཡས་ན་འགྲོ་འདུལ་འཁྲུངས་པ་ཡི། །སྤྱན་ཆབ་སྒྲོལ་མ་དཀར་ལྗང་བྱོན་པ་འདི། །མ་ཎི་བཀའ་འབུམ་བཀོད་པ་ཚང་བ་ཡིན། །གཙོ་བོའི་རྒྱབ་ན་གཞལ་ཡས་ཁང་ཡོད་ཅིང་། །མདུན་གཡོན་ཐོད་ཕྲེང་སྡེ་ལྔ་

p. 516

འཁྲུངས་པ་འདི། །པདྨ་བཀའ་ཐང་བཀོད་པ་ཚང་བ་ཡིན། །གཡས་ཕྱོགས་སྤྱན་རས་གཟིགས་ཀྱི་དྲུང་དེ་ན། །སངས་རྒྱས་པདྨའི་སྙིང་པོ་ཡིག་དྲུག་བཞུགས། །དེ་ཡིས་ཟ་མ་ཏོག་གི་བཀོད་པ་ཚང་། །སྟེང་གི་འཇའ་སྤྲིན་ནང་དུ་རིགས་ལྔ་བཞུགས། །གཡས་གཡོན་ཉེ་སྲས་བརྒྱད་དང་སྒོག་སོགས་བརྒྱད། །མཐུ་ཆེན་ཐོབ་ཀྱི་དྲུང་དུ་རྡོ་རྗེ་ཆོས། །རྒྱུད་རྣམས་ཕལ་ཆེར་ཞུ་བ་པོ་ཡིན་ཕྱིར། །ཡང་སྙིང་འདུས་སོགས་ཐུགས་རྗེ་ཆེན་པོའི་རྒྱུད། །ཚེ་རྒྱུད་རྣམས་དང་དགོངས་འདུས་ལ་སོགས་ཀྱི། །རྒྱུད་ཀྱི་གླེང་གཞི་བཀོད་པ་ཚང་བ་ཡིན་། །གཡས་གཡོན་བར་སྣང་ཕྱོགས་བཅུའི་སངས་རྒྱས་བཞེངས། །འོག་ཏུ་དགེ་སློང་གཡས་གསུམ་གཡོན་གསུམ་ནི། །འདུས་པ་དང་པོར་ཉན་ཐོས་དྲུག་ཁྲིར་མཚོན། །འོག་གི་གཡས་གཡོན་མེ་ཏོག་པདྨའི་ནང་། །རང་དང་སྦྱིན་བདག་སྐྱེས་པའི་ཚུལ་འདི་ནི། །ཞིང་འདིའི་སྐྱེ་བ་ལེན་ཚུལ་ཐམས་ཅད་དང་། །གནམ་ཆོས་ལུགས་ཀྱི་བདག་བསྐྱེད་སྒོམ་ཚུལ་ཡིན། །གཡས་སུ་སྤྱན་རས་གཟིགས་དབང་ཕྱག་བཞི་བཞེངས། །གཡོན་དུ་ཕྱག་རྡོར་ཞི་བ་རྡོར་དྲིལ་ཡིན། །འདི་ནི་གནམ་ཆོས་ལུགས་ཡིན་གཞན་ལ་ནི། །ཕྱག་གཉིས་ལྡེམ་སྐུ་སྤྱི་

p. 517

ལྟར་བྲི་བར་བྱ། །ས་གཞི་ཁ་དོག་གཅིག་ཏུ་མ་ངེས་པ། །གང་ཟག་སོ་སོས་ཡིད་ལ་གང་མོས་མཐོང་། །ཐང་ཁ་བྲི་ཚོན་གནམ་མཐིང་ས་སྤང་མཛེས། །མེ་ཏོག་ཆར་དང་བྱ་རིགས་སྐད་སྙན་སོགས། །རིགས་པས་དཔྱད་ལ་ཅི་མཛེས་བྱས་པས་ཆོག །འོད་དཔག་མེད་དང་རིན་ཆེན་སྙིང་པོ་དང་། །འཁོར་ལོས་སྒྱུར་བ་གསུམ་ལ་ཕོ་བྲང་དགོས། །གཞན་གྱི་མཁར་གསུམ་མེད་ཀྱང་ཆོག་པ་ཡིན། །རིགས་ལྔ་ཐུབ་དྲུག་ཕྱོགས་བཅུའི་སངས་རྒྱས་དང་། །དུས་གསུམ་སངས་རྒྱས་ཉེ་སྲས་བརྒྱད་སོགས་ཚང་། །ཐོས་བསམ་རྒྱ་ཆེན་བྱས་པའི་འབྲས་བུ་འདི། །རང་གིས་འབྲིའམ་གཞན་ལ་འབྲིར་བཅུག་ན། །གཏན་བདེའི་འདུན་མ་འགྲུབ་བོ་ཕྱི་རབས་རྣམས། །དགེ་སློང་བཅོས་བུ་རཱ་ག་ཨ་སྱ་བདག །འཆི་ཡང་ཁ་ཆེམས་དེ་ལས་མེད་དོ་ཨང་། མངྒ་ལཾ།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

མདོ་རྒྱུད་མང་པོ་ནས་བསྡུས་པའི་ཞིང་བཀོད་ཁུངས་བཙུན།

p. 518

མདོ་རྒྱུད་མང་པོ་ནས་བསྡུས་པའི་ཞིང་བཀོད་ཁུངས་བཙུན་ཡོད། །ཨེ་མ་ཧོ༔ སྔོན་ཆད་མ་གྲགས་ངོ་མཚར་ཞིང་བཀོད་འདི། །རང་གར་གང་མཛེས་བྲིས་པ་མ་ལགས་ཏེ། །འོད་མདོ་ཞིང་བཀོད་མདོ་དང་པདྨ་དཀར། །ཚེ་ཡི་གཟུངས་དང་བདེ་སྨོན་རྒྱ་གཞུང་དང་། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡི། །རྒྱུད་ཀྱི་གླེང་གཞི་དང་ནི་དེ་བཞིན་དུ། །ཡང་སྙིང་འདུས་རྒྱུད་གུ་རུ་དྲག་པོའི་རྒྱུད། །དེ་དག་གི་ཡང་གླེང་གཞིའི་བཀོད་པ་དང་། །ཐུགས་རྗེ་ཆེན་པོའི་ལོ་རྒྱུས་ཆེན་པོ་དང་། །པདྨ་བཀའ་ཐང་ཚིགས་བཅད་ཚིག་ལྷུག་གཉིས། །དེ་བཞིན་ཟ་མ་ཏོག་གི་ལོ་རྒྱུས་དང་། །འཕོ་བ་འཇག་བཙུགས་མ་ཡི་ལོ་རྒྱུས་རྣམས། །གཅིག་ཏུ་བསྡེབས་ནས་ཞིང་བཀོད་ལེགས་པར་བྲིས། །གཙོ་བོའི་ཐིག་ནི་སྡོམ་འབྱུང་སོར་བཞག་བྱས། །གཡས་སུ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །དམར་པོ་རྒྱལ་བ་རྒྱ་མཚོའི་ཆ་ལུགས་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་པ་ནི། །ཕྱག་རྡོར་ཁྲོ་བོའི་གཟུགས་སུ་་་རྡོ་རྗེ་དྲིལ་བུ་འཛིན་པ། བྲིས་པ་གཉིས། །གཞུང་ནས་མ་བཤད་ཁོ་བོའི་རྨི་ལམ་ཡིན། །ཕྱི་རབས་འདི་ལ་དཔེ་བཞག་བྲི་བཞེངས་རྣམས། །སེམས་དཔའ་

p. 519

གཉིས་པོ་ཞི་བ་གཞན་ལྟར་ལས། །གཞན་རྣམས་འདི་བཞིན་བྲིས་ན་ཤིན་ཏུ་ལེགས། །འདི་ཉིད་མ་འཆུགས་བྲིས་ཀྱང་འགལ་བ་མེད། །མཐུ་ཆེན་ཐོབ་དང་ཕྱག་ན་རྡོ་རྗེ་གཉིས། །ལྷ་སྔགས་སོ་སོར་བཤད་ཀྱང་ངོ་བོ་གཅིག །དཔེར་ན་ཕྱག་རྡོར་རྡོ་རྗེ་གནོད་སྦྱིན་བཞིན། །སྟེང་ཕྱོགས་སངས་རྒྱས་འཁོར་དང་འཇའ་སྤྲིན་ནང་། །འཕུར་ནི་འོངས་བ་གཉིས་དང་་་ཉེ་སྲས་ལྟ་བུའི་ལོངས་སྤྱོད་རྫོགས་སྐུ། སེམས་དཔའ་བཅུ། །ཕྱོགས་བཅུའི་ཞིང་གི་སེམས་དཔའ་ཞིང་འདིར་ལྷགས། །དེ་བཞིན་འཕུར་ནས་འོང་བའི་ཉན་ཐོས་བཞི་་་་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་ཤམ་ཐབས། །རིགས་བཞིའི་རྒྱལ་བའི་ཉན་ཐོས་ཞིང་འདིར་ལྷགས། །འོག་ཕྱོགས་བཞེངས་་་མཆོད་རྒྱབ་མ་ལ། ཐབས་ཉན་ཐོས་བརྒྱད་པོ་ནི་སྤྲུལ་སྐུའི་ཆ་ལུགས་ཕྱག་ཆོས་འཆད། །འོད་དཔག་མེད་ཀྱི་འདུས་པའི་འཁོར་རྣམས་སོ། །ཀླུ་སྒྲུབ་་་སྦྲུལ་གྱི་གདེངས་ཀ ཉང་རལ་་་རལ་པ་ཅན། ཁྱུང་པོ་རྣལ་འབྱོར་དང་། ་་་ཞྭ་སེར། །དྭགས་པོ་་་དྭགས་ཞུ། མཐོང་བ་དོན་ལྡན་་་་ཞྭ་ནག མཁའ་སྤྱོད་པ་། ་་པཎ་ཞྭ། །བསོད་ནམས་རྩེ་མོ་ཀུན་དགའ་བཟང་པོ་དང་། །དེ་རྣམས་འཛམ་གླིང་འདི་ནས་ཞིང་དེར་བྱོན། །སྐུ་ཡི་བཀོད་པ་དེ་དག་དངོས་སུ་བཞུགས། །དེ་ཕྱིར་འཛམ་གླིང་འདི་

p. 520

ཡི་བན་རྩང་ཚུལ། །སྟེང་གི་གཡས་ཟུར་འཕོ་བ་འཇག་བཙུགས་མ། །པད་འབྱུང་ཞིང་དེར་འབྱོན་ནས་ཞུས་པ་དང་། །རྒན་མོ་རྡོ་རྗེ་ཕག་མོའི་སྤྲུལ་པའོ། །རིགས་ལྔ་ཐུབ་པ་དྲུག་དང་རྟ་ཕག་གཉིས། །སེམས་དཔའ་ཡབ་ཡུམ་བཅུ་དྲུག་ཡུམ་ཆེན་བཞི། །མཆོད་ལྷ་ལྔ་དང་འདོད་ཡོན་ལྷ་མོ་ལྔ། །དེ་དག་ཐུགས་རྗེ་ཆེན་པོ་གསང་འདུས་དང་། །ཡང་སྙིང་འདུས་པའི་རྒྱུད་ཀྱི་གླེང་གཞི་ཡིན། །གཡོན་ངོས་བྱང་ཆུབ་་་སྐུ་མདོག་དཀར་པོ། སེམས་དཔའ་རྡོ་རྗེ་ཆོས། ་་་ཕྱག་རྡོར་འོག་ཏུ་ཡོད། །ཡང་སྙིང་འདུས་པའི་རྒྱུད་ཀྱི་ཞུ་བ་པོ། །སྟེང་གི་གཡོན་ངོས་ཤཱཀ་ཐུབ་གཙོ་འཁོར་ནི། །སྟོན་པས་འོད་མདོ་ཞིང་བཀོད་གསུངས་པའི་དུས། །ཉན་ཐོས་རྣམས་ཀྱིས་ཞིང་དེ་གསལ་བར་མཐོང་། །དེ་ཡི་དུས་སུ་བདེ་བ་ཅན་དེར་ཡང་། །ཤཱཀ་ཐུབ་གཙོ་འཁོར་སྐུ་ཡི་བཀོད་པ་གཅིག །དངོས་སུ་བཞུགས་པར་སྣང་བའི་བཀོད་པ་ཡིན། །གཡས་ངོས་ཐུགས་རྗེ་ཆེན་པོའི་འོག་དེ་ནི། ་། དེ་བཞིན་གཤེགས་པ་པདྨ་དམ་པ་ཡི། ་་་་སྤྲུལ་སྐུའི་ཆ་ལུགས་སྐུ་མདོག་དཀར། །ཡི་གེ་དྲུག་པ་ཞུས་པའི་ཡོན་དུ་ནི། །རིན་ཆེན་མུ་ཏིག་ཕྲེང་བ་ཕུལ་བའི་ཚུལ། །ཟ་མ་ཏོག་གི་མདོ་ནས་གསུངས་པ་ཡིན། །མདུན་གཡས་

p. 521

ཐུགས་རྗེ་ཆེན་པོ་འགྲོ་འདུལ་ནི། ་་་་ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ཕྲེང་བ་པདྨ་གཉིས་དཀར་པོ། །བདེ་བ་ཅན་དུ་ཐུགས་རྗེ་ཆེན་པོ་འཁྲུངས། །འཁོར་ལོས་སྒྱུར་བའི་རྒྱལ་པོས་གདན་དྲངས་ཤིང་། །འོད་དཔག་མེད་པས་འགྲོ་འདུལ་དབང་བསྐུར་ཞིང་། །སྤྱན་ཆབ་སྒྲོལ་མ་དཀར་སྔོན་བྱུང་བའི་ཚུལ། །ལོ་རྒྱུས་ཆེན་པོའི་ནང་ནས་གསུངས་ལྟར་ཡིན། །མདུན་གཡོན་ཐོད་ཕྲེང་རིགས་ལྔ་འཁྲུངས་པ་ནི། ་་་་་ཕྱག་མཚན་གཡས་རྣམས་ཌ་རུ་གཡོན་རྣམས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སྐུ་མདོག་རང་མཚུངས་པའི་བེར་མནབས། །རིགས་བདག་སྤྲུལ་པ་ཨོ་རྒྱན་རིགས་ལྔ་འཁྲུངས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་གདན་དྲངས་ཚུལ། །པདྨ་བཀའ་ཐང་རྒྱས་བསྡུས་གཉིས་པོ་དང་། །གུ་རུ་དྲག་པོའི་རྒྱུད་ཀྱི་གླེང་གཞི་ཡིན། །ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་དང་། །གུ་དྲག་ཞུ་བ་པོ་ནི་སྤྱན་རས་གཟིགས། །རིགས་བདག་གཞལ་ཡས་ཁང་དུ་བཞུགས་པ་ནི། །པདྨ་བཀའ་ཡི་ཐང་ཡིག་དགོངས་པ་དེ། །བྱང་ཆུབ་ཤིང་དང་འཁོར་་་མདུན་དུ། །ལོས་སྒྱུར་་་་གྲུ་ནང་རྒྱལ་པོའི་ཆ་ལུགས། རྒྱལ་དང་། །མཆོག་ཟུང་གཉིས་་་་བ་དན་དང་གདུགས་བཟུང་བ། རྔ་སྒྲའི་གཟུངས་ནས་གསུངས། །གཡས་འོག་སྤྱན་རས་གཟིགས་དབང་སངས་རྒྱས་

p. 522

པ། །འོད་ཟེར་་་་སྐུ་མདོག་དཀར་པོ་སྤྲུལ་སྐུའི་ཆ་ལུགས་ཆོས་འཆད་ཕྱག་རྒྱ། དཔལ་བརྩེགས་རྒྱལ་པོའི་བཀོད་པ་དང་། །གཡོན་འོག་མཐུ་ཆེན་ཐོབ་ཉིད་སངས་རྒྱས་པ། །ཡན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་་་སྐུ་མདོག་སྔོ། སྟེ། །པདྨ་དཀར་པོའི་མདོ་ལས་གསུངས་པ་ཡིན། །པདྨའི་རྩེ་མོའི་འོད་ལས་སངས་རྒྱས་སྐུ། །དགོས་འདོད་ཆར་འབེབས་མེ་ཏོག་འཇའ་ཡི་སྤྲིན། །ས་གཞི་བཻཌཱུར་རིན་ཆེན་རི་བོ་དང་། །ལྗོན་ཤིང་བསིལ་བའི་ཆུ་དང་སྐད་སྙན་བྱ། །ཏ་ལའི་ཕྲེང་བ་རིན་ཆེན་ལྕགས་རི་བདུན། །འདི་དག་མདོ་སྡེ་གསུམ་གྱི་དགོངས་པའོ། །ཞིང་དེར་སྐྱེས་ཚད་་་་་གསེར་མདོག་མཉམ་གཞག་སྐུ་སྨད་ཤིང་ལོའི་ནང་དུ་ནུབ། མཚན་དཔེ་ལྡན་པའི་བརྡའ། །ཀུན་ལ་གཙུག་ཏོར་བྲིས་པ་དེ་ལྟར་ཡིན། །སྟེང་ཕྱོགས་གཡས་གཡོན་འཇའ་ཡི་སྤྲིན་ནང་དུ། །རིགས་ལྔའི་སངས་རྒྱས་སྤྲུལ་སྐུ་་་་འདིར་གཡས་སུ་གཉིས་གཡོན་ངོས་གསུམ་སྤྲུལ་སྐུའི། བཞེངས་ཐབས་ཅན། །འོག་ཕྱོགས་མཆོད་ལྷ་རྣམས་ཀྱི་རྒྱབ་མ་ལ། ་་་མཆོད་ལྷ་ཉན་ཐོས་བར་དེར། །རིགས་ཀྱི་ཡུམ་བཞི་བཞེངས་ཐབས་་་་སྐུ་མདོག་མཐིང་དཀར་སེར་དམར། གནས་པ་ནི། །པདྨ་ཟབ་པ་དང་ནི་ཡང་སྙིང་འདུས། །དེ་སོགས་རྒྱུད་ཀྱི་གླེང་གཞིའི་དོན་ཡིན་

p. 523

ལ། །དེ་བཞིན་སྟེང་ཕྱོགས་གདུགས་་་་་ཕྱག་མཚན་རང་རང་གསུམ་སེར་པོ་གཉིས་ལི་ཁྲི་མདོག་དཀར་པོ་གཉིས་ཏེ་རང་རང་ཕྱག་མཚན་གོང་དུ་ཁུར། སྤྲིན་ནང་དྲུག་དང་དེ་རྣམས་ཕྱོགས་བཅུའི་སེམས་དཔའ་རྣམས་སོ། །དང་རྔ་ཡབ་ཅན། ་། གཡས་གཡོན་སེམས་དཔའ་ཉེ་བའི་སྲས་བརྒྱུད་་་་ཉེ་སྲས་བརྒྱད་ནི་སྐུ་མདོག་གཞུང་ལྟར་མཐིང་ག ཡིན། །ཐུབ་པ་དྲུག་དང་མཉམ་དུ་སེམས་མ་བརྒྱད། ་་་སྐུ་མདོག་དཀར་སེར་དམར་ལྗང་བའོ། །མདུན་དུ་མཆོད་ལྷ་ལྔ་་་ཨཱཿལོ་ཀཱིརྟི་པུཝེ་ནཱིརྟི་སོགས་སྔོ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འཛིན་པ་ལྔ། དང་འདོད་ལྷ་ལྔ། ་་་་མེ་ལོང་རག་དུང་སྤོས་གཞོང་པ་ནོར་བུས་བཀང་པ་འཛིན་པ་ལྔ། །དེ་དག་རྒྱུད་ཀྱི་གླེང་གཞི་སོར་བཞག་གོ །མདུན་དུ་རི་དྭགས་ཆོས་ཉན་ཆོས་འཁོར་ལོ། །ཞིང་ཁམས་གསུང་དང་ཆོས་སྒྲས་ཁྱབ་པའོ། །མདུན་དུ་ཁང་བརྩེགས་རྒྱལ་པོའི་ཕོ་བྲང་སྟེ། །གཟིངས་སུ་བཞུགས་པའི་རྒྱལ་པོ་ཡབ་ཡུམ་ནི། །འོད་དཔག་མེད་ཀྱི་ཡབ་དང་ཡུམ་ཡང་ཡིན། །མདུན་དུ་ཉན་ཐོས་གཉིས་ནི་མཆོག་ཟུང་གཉིས། །དེ་དག་འཆི་མེད་རྔ་སྒྲའི་དགོངས་པའོ། །ས་གཞི་བེཟླུར་ལག་མཐིལ་ལྟར་མཉམ་དང་། །རིན་ཆེན་རི་བོ་གཉིས་ཀ་མདོ་ནས་བཤད། །ཕྱག་རྡོར་འོག་ཏུ་གཤིན་པོ་ཚེ་འདས་གཉིས། །སྤྱན་རས་གཟིགས་འོག་པདྨ་

p. 524

སྟོང་པ་རྣམས། །སྦྱིན་བདག་གསོན་པོ་དེ་རུ་སྐྱེ་བའི་ས། །རྟེན་འབྲེལ་མཚོན་བྱེད་ཙམ་དུ་བྲིས་པའོ། །བདེ་ཆེན་ཞིང་བཀོད་དུ་མ་མཐོང་ན་ཡང་། །འདི་འདྲ་། འཐུས་ཆ་སྔོན་ཆད་མ་མཐོང་བས། །ཕྱིན་ཆད་འདི་ལྟར་བྲིས་ཤིག་སྐལ་ལྡན་རྣམས། །དེ་སྐད་རཱ་གའི་མིང་གིས་སྨྲ་བར་བྱས། །འདི་བྲིས་དགེ་བས་བདེ་ཆེན་ཞིང་བསྒྲོད་ཤོག །མངྒ་ལཾ།། །།༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་བཀོད་ཞལ་ཐང་གི་རྒྱབ་ཏུ་སྟོད་འོད་དཔག་གི་སྐུའི་ཐད་དུ་བྱང་ཆུབ་མཆོད་རྟེན་ཆེན་པོ་ཚད་ལྡན་ཞིག་བྲིས་པའི་ནོར་བུའི་ཏོག

p. 525
p. 526

བདེ་བཀོད་ཞལ་ཐང་གི་རྒྱབ་ཏུ་སྟོད་འོད་དཔག་གི་སྐུའི་ཐད་དུ་བྱང་ཆུབ་མཆོད་རྟེན་ཆེན་པོ་ཚད་ལྡན་ཞིག་བྲིས་པའི་ནོར་བུའི་ཏོག །ཨོཾ་ཨཱཿཧཱུྃ། ཉི་མ་ལ་ཝཾ། ཟླ་བ་ལ་ཨེ། ཆོས་འཁོར་རྣམས་དང་བྲེ་བྲེ་མགུལ་བཅས་ལ་བླ་བརྒྱུད་མཚན་སྔགས། ཆོས་ལོངས་སྤྲུལ་གསུམ་གྱི་རྩ་སྔགས། རིགས་གསུམ་མགོན་པོའི་སྔགས་བྲིས། བུམ་ལྟོའི་ནང་དུ་འོད་དཔག་མེད་ཀྱི་གཟུངས་རིང་དང་། ཚེ་གཟུངས། དབྱངས་གསལ། ཡེ་དྷརྨཱ་རྣམས་གཟབ་ཆུང་གིས་དག་པར་བྲི། དེ་འོག་བང་རིམ་རྣམས་ལ་གཟབ་ཆུང་ངམ་གཤར་ཡིག་གང་བདེར་བྲི་བར་བྱ་སྟེ། ༈ བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས་། རབ་ཏུ་བྱུང་བས་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་ཡིན་ནོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དཔའ་རྒྱལ་སྲས་མ་ལུས་ཚོགས། །རྡུལ་ཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་རྣམས་མ་ལུས་པ། །ཐུགས་རྗེ་ཆེན་པོས་དེང་འདིར་བརྩེར་དགོངས་ལ། །རྟེན་མཆོག་འདི་ལ་བརྟན་པར་བཞུགས་སུ་གསོལ། །རྟེན་མཆོག་འདི་ཉིད་མཐོང་ཐོས་དྲན་རེག་དང་། །འདི་ལ་ཕྱག་དང་མཆོད་པ་ཕུལ་བ་དང་། །འདི་ལ་འབྲེལ་པ་

p. 527

ཐོགས་ཚད་འགྲོ་བ་རྣམས། །བདག་ཅག་དཔོན་སློབ་ཡོན་་་་་འདི་ལ་སྦྱིན་བདག་གི་མིང་སྤེལ་བྲིས་ཀྱང་རུང་། མཆོད་འཁོར་བཅས་རྣམས། །ནམ་ཞིག་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་མཆོག་དམ་པ་དེར། །སྐད་ཅིག་ཉིད་ལ་བརྫུས་ཏེ་སྐྱེ་བར་ཤོག །རྟེན་མཆོག་འདི་ཉིད་གང་དུ་བཞུགས་པའི་སར། །མི་ནད་ཕྱུགས་ནད་ཡམས་ནད་རྒྱུན་ཆད་ནས། །ལོ་ལེགས་འཁྲུག་པ་ཞི་དང་དམ་ཆོས་འཕེལ། །བཀྲ་ཤིས་བདེ་ལེགས་འདོད་དགུ་འགྲུབ་པ་སོགས། ་། འཇིག་རྟེན་འཇིག་རྟེན་འདས་པའི་བཀྲ་ཤིས་གང་། །དེ་དག་ཐམས་ཅད་དེང་འདིར་འབྱུང་བར་ཤོག །ཅེས་པ་སྐྱབས་འགྲོ་རིམ་གསུམ་ཡན་ལ་ཅི་ཤོང་བྲི། ས་འཛིན་གྱི་ནང་དུ་མགོན་པོ། ལྷ་མོ་ཆོས་སྐྱོང་གི་སྔགས་བྲི། ས་འཛིན་གྱི་འོག་ཏུ་པད་འདབ་དགུ་ལ་ཇོ་བོ་དགུ་འདི་ལྟར། རྗེ་ཐཾ༔ ཛཾ་ཐཾ། ཛཾ་ཐཾ། ཛཾ་ཐཾ། ཛཾ་ཐཾ། ཛཾ་ཐཾ། ཛཾ་ཐཾ། ཛཾ་ཐཾ། ཛཾ་ཐཾ། ཞེས་པ་འདི་ཨ་རཱ་གས་སོ། །འདི་རྣམས་རཱ་གའི་ཕྱག་བྲིས་སུ་དཔེར་བཤུས་པས་དག་ངེས། ༈་མཆོད་རྟེན་རྩེ་མོར་ནོར་བུའི་ཏོག་ལ། ཨོཾ་ཨཱཿཧཱུཾ། ་ཉི་མ་ལ་ཝཾ། ཟླ་བ་ལ་ཨེ། ཆོས་འཁོར་རྣམས་རྩེ་ནས་མས་རིམ་བཞིན། ཨོཾ་ཨ་མི་ཏ་བྷ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། བརྒྱུད་པའི་

p. 528

མཚན་སྔགས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། །ཨོཾ་ཧཱུཾ་བཛྲ་ཨཱཿཡུ་ཥེ་ནི་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཝཱ་གི་ཤྭ་རི་ཨཾ། ཨོ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། ཧཱུྃ་བཛྲ་ཕཊ༔ ཨོ་། མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྲེ་ལམ་འདུག་གོ །བུམ་ལྟོའི་ནང་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོད་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲནྟེ། ཨ་མི་ཏ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླུ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་འོད་དཔག་ཀྱི་གཟུངས་དང་། ༀ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱཿཡུར་ཛྙཱ་ན་སུ་བི་ནིཥྛི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ། སཾམྱཀཾ་བུདྡྷཱ་ཡ། ཏད་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྭཱ་ར་པ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མུཏྤ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཨ་ཨཱཿཨི་ཨཱི་ཨུ་ཨཱུ་རྀ་རཱི་ལི་ལཱི་ཨེ་ཨེ་ཨོ་ཨོ་ཨཾ་ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧིཀྐ། ཚེ་གཟུངས་དང་དབྱངས་གསལ་བྱེད། ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་

p. 529

དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཨོཾ་ན་མོ་བྷྱ་ཨཱཿཡུ་ཛྙཱ་ན་དྷིས་རོ་ལོ་ཀ་ཧཱུྃ་ཧཱུྃ༔ ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿཡུ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཧཱུཾ་སྭཱ་ཧཱ། ཏ་ཨ་ཡུརྡ་དེ་སྭཱ་ཧཱ། ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ཨོཾ་མ་ཧཱ་བིད་སྭཱ་ཧཱ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ།

p. 530

མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་བཞུགས་སོ།

p. 531

འདི་ཉིད་ཆག་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམ། །དཔེ་གཅོད་འདོད་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བ་མེད། །འདི་ལས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གར་མ་སྐྱུར་ཉམས་ལེན་འབུངས། །འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང་། །ཨེ་མ་ཧོ༔ འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གིས་ཆུ་བུར་མིག་གིས་མ་མཐོང་ཡང་། །རང་སེམས་གསལ་བའི་ཡིད་

p. 532

ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་

p. 533

པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ༔ །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རིས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་

p. 534

པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤང་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་གྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་པ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང་། །དུས་མིན་འཆི་བ་མ་ལུས་ཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་

p. 535

འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁུང་རུས་པའི་གཏིང་། །ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གིས་ལུས་དང་ལོངས་སྤྱོད་དགེ་རྩར་བཅས་། །དངོས་སུ་འབྱོར་པའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཕ་མས་ཐོགས་དྲངས་བདག་སོགས་འགྲོ་ཀུན་གྱི། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་བཅད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་

p. 536

བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་པ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ།། །།ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང་། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང་། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤང་ལས་ངན་བསགས་པ་མཐོལ་ལོ་བཤགས་། ་། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། ་། དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་

p. 537

བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་བ་མཐོལ་ལོ་བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱུད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང་། །དེ་ཡི་སྡོམ་པ་དམ་ཚིག་སྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས་། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནི་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་

p. 538

དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤང་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་སྒྲུབ་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་སྐྱོབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང་། །འཁོན་པ་སྡུམ་དང་ཞི་དལ་དྲང་པོར་སྨྲ། །དོན་དང་ལྡན་པའི་གཏམ་བརྗོད་འདོད་པ་ཆུང་། །བྱམས་དང་སྙིང་རྗེ་བསྒོམ་ཞིང་ཆོས་ལ་སྤྱོད། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པར་། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་

p. 539

སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གདྨ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །འཆི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །

p. 540

རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ནཱ་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང་། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང་། །དུས་ངན་སྙིགས་མར་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་ནི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་

p. 541

ནི་གྲངས་མེད་པ། །སྐད་ཅིག་ཉིད་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་པ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག་། སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །མེ་ཏོག་ཁ་ནི་མི་བྱེ་བས། །སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །སྐྱེས་མ་ཐག་ཏུ་མེ་ཏོག་བྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་

p. 542

སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིན་གྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་ན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང་། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང་། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་བདེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱ། །སྤྱན་རས་གཟིགས་དང་སྒྲོལ་མ་དང་། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་

p. 543

རང་གནས་བདེ་ཆེན་ཞིང་། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབས་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་པའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་པ་གྲངས་མེད་འཆི་བ་མེད། ་། རྟག་ཏུ་ཞིང་དེར་འཛིན་པར་ཤོག །ཁྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཆེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོང་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་བཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེག་ན་འཕར་བྱེད་པ། །བདེ་འཇམ་

p. 544

ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང་། །ལོ་མ་དར་ཟབ་འབྲས་བུ་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོག །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུར་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲག །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང་། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེ་ལྡན། །མངོན་ཤེས་ལྔ་དང་སྤྱན་ལྔ་

p. 545

ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང་། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང་། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆར་ཆེན་འབེབས། །ཤིང་དང་ཆུ་རླུང་པདྨོ་ཐམས་ཅད་ལས། །ཡིད་དུ་འོང་བའི་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང་། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་པར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོག །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲག །བདུད་རྩིའི་རྫོང་དང་ཆུ་ཀླུང་དེ་རྣམས་ཀྱང་། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང་། །ཡིད་བཞིན་

p. 546

འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང་། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། ་། སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ཏ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དྲུག་ཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བཀུར་བྱེད་པ་དང་། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདིས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང་། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་

p. 547

ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ་། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང་། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །། ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིགས་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་

p. 548

འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫ་ཤི་ཡེ། ན་མསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་ཕྱག་གསུམ་འཚོལ་ན་འབུམ་ཐེར་དུ་འགྱུར་བར་གསུངས། དེ་བས་རབ་བརྒྱ་ཕྲག །འབྲིང་ཅི་ནུས། ཐ་མ་ཡང་ཕྱག་བདུན་ཡན་འཚལ། རབ་འདི་མ་ཆག་པ། འབྲིང་ལོ་ཟླ་ཙམ་ལ་མ་ཆག་པ། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་རྒྱུ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ་དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེའི་བར་ཆད་སེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །འོད་མདོ་ཞིང་བཀོད་མདོ་དང་། པདྨ་དཀར་པོ་འཆི་མེད་རྔ་སྒྲ་སོགས་ཀྱི་དགོངས་པ་ཡིན། ཞེས་དགེ་སློང་རཱ་ག་ཨ་སྱས་སྦྱར་བ་འགྲོ་བ་སེམས་ཅན་མང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་

p. 549

ཅིག །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་བ་ཅན་གྱི་སྨོན་ལམ་ཐར་པའི་གྲུ་གཟིངས།

p. 550

བདེ་བ་ཅན་གྱི་སྨོན་ལམ་ཐར་པའི་གྲུ་གཟིངས་བཞུགས་སོ།

p. 551

ན་མོ་ཨ་མི་ཏ་བྷ་ཡེ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འཇིག་རྟེན་ཁམས་ནི་གྲངས་མེད་ཀྱི། །ཕ་རོལ་འཇིག་རྟེན་བདེ་བ་ཅན། །ཆགས་པ་ཡོད་ལ་འཇིག་པ་མེད། །སྔོན་འདས་སངས་རྒྱས་གྲངས་མེད་བྱོན། །ད་ལྟ་འོད་དཔག་མེད་པ་བཞུགས། །རིགས་དྲུག་འཁོར་བའི་སྡུག་བསྔལ་བྲལ། །པདྨའི་སྦུབས་ལས་རྫུས་ཏེ་སྐྱེས། །དེ་ལ་སྐྱེ་བའི་སྡུག་བསྔལ་མེད། །དེ་རུ་སྐྱེས་པ་ཐམས་ཅད་ནི། །གསེར་མདོག་དབུ་ལ་གཙུག་ཏོར་སོགས། །མཚན་བཟང་སུམ་ཅུ་སོ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །མངོན་ཤེས་རྫུ་འཕྲུལ་

p. 552

ཐོགས་པ་མེད། །སངས་རྒྱས་ཞིང་ཁམས་མཐའ་ཡས་པ། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་བགྲོད། །ནད་དང་འཆི་བའི་སྡུག་བསྔལ་མེད། །ཡིད་ལ་བསམ་ཚད་སྐད་ཅིག་འགྲུབ། །ཟས་གོས་ལོངས་སྤྱོད་རིན་ཆེན་རྣམས། །རྩོལ་སྒྲུབ་མི་དགོས་ལྷུན་གྱིས་གྲུབ། །རྟག་ཏུ་སྣང་བ་མཐའ་ཡས་དང་། །སྤྱན་རས་གཟིགས་ལས་དམ་ཆོས་ཉན། །བསྐལ་པ་བྱེ་བ་འབུམ་ལ་ཡང་། །རྒས་པ་མེད་ཅིང་འཆི་བ་མེད། །དུས་མཐའ་ནམ་ཞིག་འཕོས་མ་ཐག །མངོན་པར་རྫོགས་པའི་སངས་རྒྱས་ཐོབ། །དེ་འདྲའི་ཞིང་ཁམས་དག་པ་དེར། །བདག་

p. 553

སོགས་སེམས་ཅན་སྐྱེ་བར་ཤོག །ཡི་དམ་ལྷ་ཡིས་ལུང་བསྟན་པ། །ལུང་བསྟན་དོན་དང་ལྡན་པར་ཤོག །ས་དང་ལམ་གྱི་ཡོན་ཏན་རྣམས། །ཡར་ངོའི་ཟླ་བཞིན་འཕེལ་བར་ཤོག །མངོན་དགའ་དཔལ་ལྡན་འཐུག་པོ་བཀོད། །ལས་རབ་རྫོགས་དང་འོག་མིན་སོགས། །ལོངས་སྐུའི་ཞིང་ཁམས་ཀུན་བགྲོད་ཅིང་། །ཀུན་བཟང་མཆོད་པའི་སྤྲིན་དཔུང་གིས། །སངས་རྒྱས་རྣམས་ལ་མཆོད་བྱེད་ཅིང་། །དབང་དང་བྱིན་རླབས་ཐོབ་པར་ཤོག །དགའ་ལྡན་ལྕང་ལོ་པོ་ཊ་ལར། །ཟངས་མདོག་དཔལ་རི་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་ཀུན་ཉུལ་ཞིང་། །སངས་རྒྱས་དེ་ལ་མཆོད་བྱེད་ཅིང་། །དབང་དང་བྱིན་རླབས་ཐོབ་པར་ཤོག །མ་འོངས་བྱམས་པ་སེང་གེ་ནས། །མོས་པའི་བར་གྱི་བསྐལ་བཟང་གི །སངས་རྒྱས་རིམ་བཞིན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོང་ནས། །སངས་རྒྱས་དེ་དག་མཆོད་བྱེད་ཅིང་། །དམ་ཆོས་བདུད་རྩི་འཐུངས་ནས་ཀྱང་། །སླར་ཡང་རང་གནས་བདེ་ཆེན་གྱི། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །དེ་བཞིན་བཻཌཱུརྱ་སྣང་སོགས། །སངས་རྒྱས་ཞིང་ཁམས་དཔག་མེད་དུ། །རྫུ་འཕྲུལ་སྟོབས་

p. 554

ཀྱིས་ཞིང་བགྲོད་ནས། །སྨན་བླ་ལ་སོགས་སངས་རྒྱས་རྣམས། །མཆོད་སྤྲིན་རྒྱ་མཚོས་མཆོད་བྱེད་ཅིང་། །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་གནས་བདེ་ཆེན་ཞིང་བགྲོད་ཤོག །མཐུ་རྩལ་རྫུ་འཕྲུལ་མཆོག་ཐོབ་ནས། །རང་ལས་འཕྲོས་པའི་འོད་ཟེར་གྱིས། །འབྲེལ་ཐོགས་སེམས་ཅན་ཐམས་ཅད་ཀུན། །སྦྱར་ལེན་དྭངས་མའི་རྡུལ་བཞིན་དུ། །བདེ་བ་ཅན་དུ་འདྲེན་པར་ཤོག །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །འཇམ་པའི་དབྱངས་ཀྱི་མཁྱེན་རབ་དང་། །ཨོ་རྒྱན་ཆེན་པོའི་རྫུ་འཕྲུལ་རྣམས། །རྣལ་འབྱོར་བདག་ལ་ལྡན་པར་ཤོག །དེ་ལ་བརྟེན་ནས་རིགས་རྒྱུད་དང་། །ཆོས་རྒྱུད་དང་ནི་འབྲེལ་ཐོགས་ཀུན། །སྲུང་སྐྱོབ་བྱིན་གྱིས་བརླབ་པ་དང་། །ནམ་ཞིག་འཆི་བའི་དུས་སུ་ཡང་། །བདེ་བ་ཅན་དུ་བསུ་བར་ཤོག །ཆོས་ཉིད་རྣམ་པར་དག་པ་དང་། །རྟེན་འབྲེལ་བསླུ་བ་མེད་པ་དང་། །རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། ཞེས་པ་རབ་

p. 555

གནས་ནུབ་རཱ་གས་དབོན་པོ་བླ་མ་ཆོས་དབང་ཀུན་བཟང་གསོལ་བཅས་དང་ཞྭ་གོས་གཟབ་ནས་དགའ་བའི་རྣམ་འགྱུར་བྱེད་པ་ཞིག་རྨིས་པ་དེ་དངོས་ཡིན་བླ་མ་དེ་ག་པ་ཡིན་པར་ངོས་ཟིན་ནས། དེ་རྒྱབ་ས་ག་ཟླ་བའི་ཡར་ངོ་ཞིག་ལ། ནུབ་གཅིག་བླ་མ་ཆོས་དབང་ཀུན་བཟང་ཕེབས་བྱུང་། སྐུ་ནི་གསལ་པོར་མི་མཐོང་དུ། ཁོང་བདེ་བ་ཅན་ན་སྐྱེ་ཚར་ཟེར་བའི་ལུང་བསྟན་བྱུང་ཙ། འདིར་ནི་ཅི་ལ་བྱོན་པ་ཡིན་བསམས་པས། བདེ་བ་ཅན་ནས་འདིར་ལྟད་མོ་ལྟ་བ་ལ་འོང་བ་ཡིན་ཟེར་བ་ཞིག་ལ་བརྟེན་སླར་སྨོན་ལམ་བཏབ་པའོ། །ཨ་རཱ་གས་བསྒྲིགས།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཆོ་ག་ཕྱིར་ལྡོག་སྐབས་སུ་སྨོན་ལམ་བཏབ་པ།

p. 556

ན་མོ་ཨ་མི་ཏ་བྷ་ཡེ། འདི་ནས་ནུབ་ཀྱི་ཕྱོགས་རོལ་འཇིག་རྟེན་ཁམས། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པ་ན། །ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན། །དེ་ན་སངས་རྒྱས་འོད་དཔག་མེད་པ་བཞུགས། །འཁོར་ནི་བྱང་སེམས་ཉན་ཐོས་མཐའ་ཡས་བསྐོར། །འོད་ཀྱང་སྐུ་ཚེ་དག་ཀྱང་མཐའ་ཡས་ཏེ། །འོད་ཀྱི་ཡོན་ཏན་སུས་ཀྱང་བརྗོད་མི་ནུས། །ཕ་མས་ཐོག་དྲངས་འབྲེལ་ཐོགས་ཚེ་འདས་ཀུན། །འོད་དཔག་མེད་པའི་དྲུང་དུ་སྐྱེ་བར་ཤོག །ངན་སོང་གསུམ་དང་ལྷ་མིན་མི་ཁོམ་བརྒྱད། །སྒྲ་ཡང་མི་གྲགས་རྣམ་པར་དག་པའི་ཞིང་། །དྲི་བཟང་ངད་ལྡན་མེ་ཏོག་འབྲས་བུ་དང་། །རིན་ཆེན་ལྗོན་ཤིང་དུ་མས་ལེགས་པར་བརྒྱན། །སྤྲུལ་པའི་བྱ་ཚོགས་སྙན་པའི་སྒྲ་སྒྲོག་ཅིང་། །མཐའ་བསྐོར་རིན་ཆེན་ཏ་ལའི་ཕྲེང་བས་སྐོར། །ཐམས་ཅད་གསེར་གྱི་དྲྭ་བས་ཡོངས་སུ་ཁེབས། །རིན་པོ་ཆེ་ལས་གྲུབ་པ་པདྨའི་གདན། །དཔག་ཚད་ཕྱེད་པ་ནས་བཟུང་བཅུ་པའི་ཚད། །འོད་ཟེར་བྱེ་བ་སྟོང་ཕྲག་སོ་དྲུག་པ། །འོད་ཟེར་རྩེ་མོར་སྤྲུལ་པའི་སངས་རྒྱས་རེ། །ས་གཞི་ཁོད་སྙོམས་རིན་ཆེན་སྣ་ཚོགས་སྤྲས། །སྤོས་ཆུ་དྲི་ཞིམ་མེ་

p. 557

ཏོག་སྣ་ཚོགས་ཅན། །སྒྲ་སྙན་ཡིད་འོང་དུ་མ་སྒྲོག་ཅིང་འབབས། །འདམ་རྗེ་བ་མེད་ཀྱང་གསེར་གྱི་བྱེ་མ་བདལ། །མི་དགེ་སྒྲིབ་པ་ལྟོ་བ་སྡུག་བསྔལ་གྱི། །མིང་ཡང་མི་གྲགས་བཙལ་ཡང་མི་རྙེད་ལ། །དེ་བཞིན་བདེ་སྡུག་དག་པའི་བཏང་སྙོམས་མེད། །དུས་རྣམས་རྟག་ཏུ་བདེ་སྐྱིད་ཁོ་ནར་སྤྱོད། །བདེ་ཞིང་སྐྱིད་པའི་རྒྱུ་མཚན་རྒྱས་པར་ནི། །བསྐལ་པར་བརྗོད་ཀྱང་རྫོགས་པར་མི་འགྱུར་བ། །དེ་ཕྱིར་བདེ་བ་ཅན་ཞེས་ཡོངས་སུ་གྲགས། །ཞིང་ཁམས་གཙང་མའི་གནས་རབ་དམ་པ་དེར། །ཕ་མས་ཐོག་དྲངས་འབྲེལ་ཐོགས་ཚེ་འདས་ཀུན། །རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག །གཟུགས་དང་ཁ་དོག་གཞལ་ཡས་ལོངས་སྤྱོད་ནི། །གཞན་འཕྲུལ་དབང་བྱེད་ལྷ་དང་འདྲ་བ་སྟེ། །ཕུན་སུམ་ཚོགས་པའི་ལུས་མཆོག་ཐོབ་པར་ཤོག །སྤོས་དང་ཕྲེང་བ་བྱུག་པ་ན་བཟའ་དང་། །གདུགས་དང་རྒྱལ་མཚན་བ་དན་སིལ་སྙན་སོགས། །ཅི་འདོད་ལོངས་སྤྱོད་ཞིང་ཁམས་ཡོངས་སུ་ཁྱབ། །སྣ་ཚོགས་གོས་དང་སྣ་ཚོགས་རྒྱན་ཆ་རྣམས། །ཐམས་ཅད་རིན་ཆེན་ལྗོན་པའི་ཤིང་ལས་འཕྱངས། །རིན་ཆེན་གཞལ་ཡས་ཁང་དང་རིན་ཆེན་ཁྲི། །སྣ་ཚོགས་སྔས་

p. 558

ལྡན་བཅས་པ་མདུན་དུ་འབྱུང་། །ལྷ་ཡི་བུ་མོ་བརྒྱ་སྟོང་རྩེ་ཞིང་མཆོད། །ཉིན་བཞིན་མེ་ཏོག་ཆར་གྱིས་སིལ་མར་བཀྲམ། །སྤོས་དྲིའི་རླུང་གིས་གང་གི་ལུས་། རེག་པ། །ལུས་སེམས་བདེ་བ་ཚད་མེད་སྐྱེད་པར་བྱེད། །ཉིན་མཚན་མེད་པར་སངས་རྒྱས་འོད་ཀྱིས་གསལ། །སྤོས་ཆུ་མེ་ཏོག་རིན་ཆེན་སྣ་ཚོགས་དང་། །མཆོད་པ་སྣ་ཚོགས་དུས་སུ་ཆར་འབེབས་ཤིང་། །གདུགས་དང་བླ་བྲེ་རྔ་ཡབ་ནམ་མཁར་འཛིན། །ལྷ་མོའི་གར་བྱེད་རོལ་མོ་སྣ་ཚོགས་སྒྲོག །བདེ་སྐྱིད་ཕུན་སུམ་ཚོགས་པའི་ཞིང་ཁམས་དེར། །ཕ་མས་ཐོག་དྲངས་འབྲེལ་ཐོགས་ཚེ་འདས་རྣམས། །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །པདྨའི་སྦུབས་ལས་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་པདྨ་ཁ་བྱེ་ནས། །སངས་རྒྱས་འོད་དཔག་མེད་མགོན་མཇལ་བར་ཤོག །རྫུ་འཕྲུལ་སྟོབས་ལས་སྤྲུལ་པའི་མཆོད་པའི་སྤྲིན། །དཔག་མེད་སྤྲུལ་ནས་རྒྱལ་བ་མཆོད་པར་ཤོག །བཅོམ་ལྡན་དེ་ཡིས་བྱང་ཆུབ་ལུང་བསྟན་ནས། །སྐད་ཅིག་དེ་ལ་རབ་དགའི་ས་ཐོབ་ཤོག །མཚན་དང་དཔེ་བྱད་མངོན་པར་ཤེས་པ་སོགས། །རྫུ་འཕྲུལ་སྟོབས་ཀྱིས་རྔ་ཡབ་པོ་ཊ་ལ། །མངོན་དགའ་

p. 559

ལ་སོགས་ཞིང་ཁམས་མང་བགྲོད་ཅིང་། །རྒྱལ་བ་དེ་དག་ཀུན་ལ་མཆོད་བྱེད་ཅིང་། །གདམས་པས་རྗེས་སུ་བརྟན་པ་ཐོབ་པར་ཤོག །བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱོད་བྱེད་ཅིང་། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །བདག་ཀྱང་ཚེ་འདིར་དུས་མིན་འཆི་བ་ཞི། །ཚེ་དཔག་མེད་པས་སྒོ་གསུམ་བྱིན་བརླབ་སྟེ། །འོད་དཔག་མེད་ཀྱི་ཕྲིན་ལས་བདག་བསྒྲུབས་ནས། །འབྲེལ་ཐོགས་བདེ་ཆེན་ཞིང་དུ་འཁྲིད་བྱེད་པ། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་བདག་འགྲུབ་ཤོག །ཅེས་པ་འདི་རཱ་ག་ཨ་སྱས་ཆོ་ག་ཕྱིར་ལྡོག་སྐབས་སུ་སྨོན་ལམ་བཏབ་པའོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

རྨི་ལམ་བཟུང་ནས་བདེ་བ་ཅན་དུ་ཕྱིན་སྨོན་ལམ་བཏབ་པ།

p. 560

ན་མོ་ཨ་མི་ཏ་བྷ་ཡེ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །དཔག་ཡས་ཞིང་གི་ཕ་རོལ་ན། །སྨོན་ལམ་ལས་གྲུབ་རྒྱལ་བའི་ཞིང་། །ས་གཞི་བཻ་ཌཱུར་སྔོན་པོའི། །མདོག་མནན་ན་ནེམ་ཞིང་བཏེག་ན་སྤར། །གསེར་གྱི་མིག་མང་རིས་ཕྱག་འཚལ། །མཐའ་སྐོར་ཏཱ་ལའི་ཕྲེང་བ་དང་། །རིན་ཆེན་ལྗོན་ཤིང་དུ་མས་མཛེས། །ལོ་མ་དར་ཟབ་གོས་ཀྱི་མཆོག །ཁ་དོག་སྣ་ཚོགས་རེག་ན་འཇམ། །སྣ་ཚོགས་མེ་ཏོག་ཆར་འབེབས་པ། །དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །ཡན་ལག་བརྒྱད་ལྡན་ཆུ་བོ་དང་། །སྤྲུལ་པའི་བྱ་རིགས་ཆོས་སྒྲ་སྒྲོག །ཅི་འདོད་འདོད་ཡོན་དཔག་མེད་རྣམས། །ཡིད་ལ་གང་བསམ་ལྷུན་གྱིས་གྲུབ། །བདེ་སྐྱིད་སྤྲོ་དགའ་བསམ་མཐའ་ཡས། །བདེ་ཆེན་ཞིང་ལ་ཕྱག་འཚལ་ལོ། །ཞིང་དབུས་བྱང་ཆུབ་ཤིང་གི་དྲུང་། །བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །མཚལ་གྱི་ལྷུན་པོ་ལྟ་བུ་ཡི། །མཚན་དཔེའི་རབ་བརྗིད་གཟི་བྱིན་འབར། །ཞིང་ཁམས་རྒྱ་མཚོ་འོད་ཀྱིས་འགེངས། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །གཡས་སུ་སེམས་དཔའ་སྤྱན་རས་གཟིགས། །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །

p. 561

ལོངས་སྤྱོད་རབ་རྫོགས་སྐྱིལ་ཀྲུང་བཞུགས། །བསྙེན་ཅིང་སྒྲུབ་པའི་ཡི་དམ་ལྷ། །ཐུགས་རྗེའི་བདག་སོགས་འགྲོ་བའི་མགོན། །རྒྱལ་བ་རྒྱ་མཚོ་ལ་ཕྱག་འཚལ། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་ཞལ་གདངས་ཁྲོ་བོའི་སྐུ། །སྟག་ལྤགས་ལ་སོགས་ཁྲོ་ཆེས་རྫོགས། །རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ། །བླ་མ་རྒྱལ་བ་འོད་དཔག་མེད། །ཡི་དམ་བཅོམ་ལྡན་ཐུགས་རྗེའི་བདག་། བར་ཆད་ཀུན་སེལ་རྡོ་རྗེ་འཛིན། །ལྷ་མཆོག་གསུམ་ལ་གསོལ་བ་འདེབས། །། ལྷ་མཆོག་གསུམ་ལ་སྐྱབས་སུ་མཆི། །ལྷ་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་དང་སློབ་མ་བརྒྱུད་པར་བཅས། །ཕ་མས་གཙོར་བྱས་འབྲེལ་ཐོགས་ཀུན། །ལྷ་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་ཁམས་དེར། །པདྨའི་སྦུབས་ལ་སྐྱེ་བར་ཤོག །ཅེས་པ་འདི་ནུབ་གཅིག་རྨི་ལམ་བཟུང་ནས་བདེ་བ་ཅན་དུ་ཕྱིན་པས་ས་གཞི་ཐམས་ཅད་བེཌཱུརྱའི་རང་བཞིན་སྔོ་ལྡེམ་ལྡེམ་དབུས་ན་སངས་རྒྱས་འོད་དཔག་མེད་མཚལ་གྱི་ལྷུན་པོ་ལྟ་བུ་ལྷང་ངེར་བཞུགས་པའི་གཡས་སུ་སྤྱན་རས་གཟིགས་དང་རྒྱལ་བ་རྒྱ་མཚོ་རྣམས། གཡོན་དུ་མཐུ་ཆེན་ཐོབ་གཏུམ་ཁྱུང་གི་རྣམ་

p. 562

པ་གཙོ་བོ་ལས་ཀྱང་འཁོར་གཉིས་ཤིན་ཏུ་གསལ་བ་རྨིས་པ་ལ་བརྟེན་ནས་ཞིང་གི་བཀོད་པ་ཨ་རཱ་གས་བྲིས་སོ། །༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གུ་རུ་དབང་ལ་གནང་བའི་བདེ་སྨོན་ཉུང་ངུ་།

p. 563
p. 564

གུ་རུ་དབང་ལ་གནང་བའི་བདེ་སྨོན་ཉུང་ངུ་ཡོད། ༈ འདི་ནས་ནུབ་ཕྱོགས་སྟེང་གི་ཆ། །སངས་རྒྱས་ཞིང་ཁམས་བདེ་བ་ཅན། །བདེ་སྐྱིད་ཀུན་ཚང་སྡུག་བསྔལ་བྲལ། །ཞིང་ཁམས་ད་རུ་སྐྱེ་བར་ཤོག །པདྨ་འདབ་མ་སྟོང་ལྡན་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐྱེས་མ་ཐག་ཏུ་འོད་དཔག་མེད། །མངོན་སུམ་མཇལ་ནས་ཆོས་ཐོབ་ཤོག །རང་གི་ལག་ནིས་སྤྲུལ་པ་ཡི། །མཆོད་པས་རྒྱལ་བ་མཆོད་པས་མཉེས། །བྱང་ཆུབ་ལུང་བསྟན་ཐོབ་ནས་ཀྱང་། །ནམ་མཁར་འཕག་སྟེ་ས་ཐོབ་ཤོག །དེ་མ་ཐག་ཏུ་སྤྲུལ་པ་བརྒྱས་། །སངས་རྒྱས་ཞིང་བརྒྱ་མཆོད་པ་དང་། །སེམས་ཅན་བརྒྱ་ཡི་དོན་བྱེད་ཤོག །རིམ་གྱིས་ས་བཅུ་བགྲོད་བྱེད་ཅིང་། །བྱང་ཆུབ་སྤྱོད་པ་སྤྱད་བྱེད་ཤོག །ཀུན་ཏུ་འོད་དང་པདྨ་ཅན། །རྡོ་རྗེ་འཛིན་གྱི་ས་ཐོབ་ཤོག །འོད་དཔག་མེད་པའི་སྐུ་ཚེ་དང་། །འཇམ་པའི་དབྱངས་ཀྱི་མཁྱེན་རབ་དང་། །སྤྱན་རས་གཟིགས་ཀྱི་འགྲོ་དོན་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །ཛཾ་བྷ་ལ་ཡི་དངོས་གྲུབ་དང་། །འཕགས་མ་སྒྲོལ་མའི་མྱུར་མགྱོགས་རྣམས། །ཐམས་ཅད་བདག་ལ་ལྡན་གྱུར་ནས། །འཁོར་བ་དོང་ནས་སྤྲུག་

p. 565

གྱུར་ཅིག །ཅེས་ཨ་རཱ་གས་གུ་རུ་དབང་ལ་གནང་བའོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

རྩ་བ་གསུམ་ཞེས་པ་བདེ་སྨོན།

p. 566

རྩ་བ་གསུམ་དང་དཀོན་མཆོག་གསུམ། །བདེན་པར་གྲུབ་པ་ཐམས་ཅད་ཀྱི། །ཐུགས་རྗེའི་སྤྱན་གྱིས་འདིར་གཟིགས་ལ། །སྨོན་ལམ་འགྲུབ་པར་བྱིན་གྱིས་རླབས། །དེང་ནས་བཟུང་སྟེ་བྱང་ཆུབ་བར། །བདག་ནི་གར་ཕྱིན་གར་བསྡད་དུ། །ནད་མུག་མཚོན་འཁྲུག་ཞི་བ་དང་། །ཆར་ཆུ་དུས་འབེབས་ལོ་ལེགས་ཤོག །བདག་ནི་མཐོང་དང་རེག་པ་དང་། །ཐོས་དང་གུས་པ་ཐམས་ཅད་ཀྱང་། །ནད་གདོན་བར་ཆད་འཕྲལ་དུ་ཞི། །ཚེ་བསོད་བདེ་སྐྱིད་འཕེལ་བ་དང་། །བྱང་ཆུབ་ས་བོན་ཐེབ་པར་ཤོག །ཆོས་དང་ཟང་ཟིང་ལ་སོགས་ཀྱི། །འབྲེལ་པ་ཐོགས་ཚད་ཐམས་ཅད་ནི། །བར་ཆད་ཞི་ཞིང་ཉམས་རྟོགས་འཕེལ། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །མིང་ཡིག་ཐོབ་ཚད་ཚེ་འདས་ཀུན། །བར་དོའི་འཇིགས་པ་ཀུན་བྲལ་ཞིང་། །སྐྱེན་པོས་མདའ་འཕང་ཇི་བཞིན་དུ། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །བདག་ལ་གནོད་སེམས་རྐུ་འཕྲོག་དང་། །གཤེ་སྐུར་ལ་སོགས་ངན་འབྲེལ་ཡང་། །དེ་ཡི་ཉེས་པས་ཁོང་རྣམས་ནི། །ངན་སོང་འགྲོ་བར་མ་གྱུར་ཅིག །ཚེ་འདིར་ཕན་པའི་སྐལ་མེད་ཀྱང་། །ནམ་ཞིག་དུས་ལ་བབ་པའི་

p. 567

ཚེ། །བདག་ཉིད་ཁོ་ནས་འཁོར་བ་ནས། །དྲངས་ཏེ་སངས་རྒྱས་སར་འགོད་ཤོག །རྟ་ཁལ་དུད་འགྲོ་ཐམས་ཅད་དང་། །དེ་ཡིས་བརྫིས་པའི་འབུ་སྲིན་སོགས། །ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །མདོར་ན་འབྲེལ་ཐོགས་མ་ལུས་པ། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །དེ་འདྲའི་སྐལ་མེད་སྡིག་ཅན་ཡང་། །བདག་གི་སྤྲུལ་པ་ཡང་སྤྲུལ་གྱིས། །རིམ་གྱིས་བདེ་ཆེན་ཞིང་ཁམས་སུ། །ཐམས་ཅད་མ་ལུས་ཁྲིད་པར་ཤོག །བདག་ཅག་འདི་ནས་འཕོས་མ་ཐག །བདེ་ཆེན་ཞིང་དུ་བརྫུས་སྐྱེས་ཤོག །དེ་རུ་ས་བཅུ་མངོན་བྱས་ནས། །སྤྲུལ་པས་འགྲོ་བ་འདྲེན་པ་ལ། །སྤྱན་རས་གཟིགས་དང་དབྱེར་མེད་ཤོག །ཅེས་རྒྱལ་ལོ་དམར་པོའི་ཚེས་བཅུའི་ཉིན་འགྲུབ་སྦྱོར་དུས་བཟང་འཛོམས་པའི་ཉིན་པར་རཱ་ག་ཨ་སྱས་སྨྲས་སོ། །ཐམས་ཅད་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་ལ་སྤྱོད་པར་ཤོག། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་སྨོན། འབུམ་རྒྱས་རྟོགས་ལྡན་ལ་གནང་བ།

p. 568

ན་མོ་ཨ་མི་ཏ་བྷ་ཡེ། ཆོས་སྐུ་སྣང་བ་མཐའ་ཡས་ལ་སོགས་པའི། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་དང་བཅས། །ཡེ་ཤེས་སྤྱན་དང་རྡོ་རྗེའི་སྙན་། མངའ་བ། །ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ། །ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་སྤྱན་སྔར་འབུལ། །མཆོད་པའི་སྤྲིན་ཕུང་ནམ་མཁར་ཁྱབ་གྱུར་ཅིག །དེ་ཡི་དགེ་རྩ་སེམས་ཅན་ཀུན་ལ་བསྔོ། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དེ་དག་ཀུན་གྱི་དགེ་རྩ་གཅིག་བསྡུས་ཏེ། །ད་ལྟ་ཉིད་དུ་བདག་ལ་སྨིན་གྱུར་ནས། །སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བྱང་གྱུར་ཅིག །ནད་གདོན་བར་ཆད་ཐམས་ཅད་བྱང་གྱུར་ཅིག །ཚེ་བསོད་ཉམས་དང་རྟོགས་པ་འཕེལ་གྱུར་ཅིག །རླུང་སེམས་སྣང་བ་དབང་དུ་འདུས་གྱུར་ཅིག །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་གྱུར་ཅིག །རྟོགས་པ་ས་ར་ཧ་དང་མཉམ་གྱུར་ཅིག །བརྟུལ་ཞུགས་བིརླ་པ་དང་མཉམ་གྱུར་ཅིག །ལྟ་བ་ཀླུ་སྒྲུབ་ཉིད་དང་མཉམ་གྱུར་ཅིག །སྐུ་ཆེ་ཨོ་རྒྱན་རྗེ་དང་མཉམ་གྱུར་ཅིག །རྫུ་འཕྲུལ་ཏེ་ལོ་པ་དང་མཉམ་གྱུར་ཅིག །ཤེས་རབ་

p. 569

འཇམ་དཔལ་དབྱངས་དང་མཉམ་གྱུར་ཅིག །ནུས་མཐུ་གསང་བའི་བདག་དང་མཉམ་གྱུར་ཅིག །འགྲོ་དོན་སྤྱན་རས་གཟིགས་དང་མཉམ་གྱུར་ཅིག །ནམ་ཞིག་འཕོས་ཚེ་ཆོས་སྐུར་མངོན་སངས་རྒྱས། །གཟུགས་སྐུ་བདེ་ཆེན་ཞིང་དུ་བརྫུས་སྐྱེས་ནས། །སྣ་ཚོགས་མཆོད་པས་རྒྱལ་བ་མཉེས་བྱེད་ཤོག །མ་དག་ཞིང་དུ་གང་འདུལ་སྤྲུལ་པ་ཡིས། །ནམ་མཁའ་ཇི་སྲིད་འགྲོ་བ་འདྲེན་པ་ཡི། །སྤྱན་རས་གཟིགས་དང་ངོ་བོ་དབྱེར་མེད་ཤོག །ཆོས་དབྱིངས་གདོད་ནས་རྣམ་པར་དག་པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་དང་། །རྒྱལ་བ་སྲས་བཅས་ཐུགས་རྗེ་ཚད་མེད་མཐུས། །བདག་གིས་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །ཅེས་འབུམ་རྒྱས་རྟོགས་ལྡན་ཞལ་འདོན་མཛད་རྒྱུ་ལ་དགེ་སློང་རཱ་ག་ཨ་སྱས་མཛད་པའོ། །དགེའོ།། །།ཐུགས་རྗེའི་བདག་ཉིད་པདྨ་འབྱུང་གནས་ལ། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཆོས་དང་མཐུན་པའི་འདོད་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཨ་རཱ་གས་སོ།། །།

འདིར་བདེ་སྨོན་གྱི་ཟིན་བྲིས་ཉུང་ངུ་ཐར་པ་ཆེན་པོའི་ལམ་སྟོན།

p. 570

འདིར་བདེ་སྨོན་གྱི་ཟིན་བྲིས་ཉུང་ངུ་ཐར་པ་ཆེན་པོའི་ལམ་སྟོན་བཞུགས་སོ། །

p. 571

ན་མོ་དྷེ་ཝ་ལོ་ཀི་ཤྭ་ར་བཛྲ་པཱ་ཎི་ཡེ། ཆོས་དབྱིངས་མཁའ་ཁྱབ་ནམ་མཁའ་ལྟ་བུའི་ཀློང་། །ཐུགས་རྗེའི་འོད་སྟོང་འགྲོ་དྲུག་རྟག་ཏུ་གཟིགས་། །ཆོས་རྗེ་འོད་དཔག་མེད་ལ་གུས་ཕྱག་འཚལ། །བདེ་སྨོན་འདི་ཉིད་མདོ་ལུགས་ཡིན་པའི་ཕྱིར། །ངག་འདོན་ཁྱེར་བདེ་ཚིགས་སུ་བཅད་པ་ཡིན། །དེ་ཕྱིར་འདི་ཉིད་ཚིག་དོན་ཕལ་ཆེར་ནི། །གཞུང་དུ་གསལ་ཕྱིར་ཟིན་བྲིས་དགོས་པ་མེད། །ཀུན་གྱི་བློ་ཁ་ཚིམ་ཕྱིར་ཅུང་ཟད་བྲི། །ཞེས་དང་པོ། ཨེ་མ་ཧོ༔ འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེདའཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་

p. 572

འཕགས་པའི་ཡུལ་ས་ན། །ཞེས་བྱ་བ་ནི། ས་གཞི་དང་རི་རབ་ནམ་མཁའ་ལ་སོགས་ཀྱི་མིང་ཡང་མེད་དེ། དེར་འཕགས་པའི་ཡུལ་ཞེས་བྱ་བ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་བསམ་གྱིས་མི་ཁྱབ་པའི་སྟེང་ན་ཐེག་ཆེན་བླ་མེད་ཆོས་ཀྱི་འཁོར་ལོ་སྐོར་བ་རྟག་ཏུ་དར་སྣ་ལྔ་དང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གདུགས་དང་རྒྱལ་མཚན་བླ་བྲེ་སོགས་དང་དར་གྱི་ལྡ་ལྡི་སོགས་བསམ་གྱིས་མི་ཁྱབ་པ་དང་། འོག་ཏུ་རིགས་དྲུག་གི་སྐྱེ་གནས་ཡེ་ནས་མེད་པའི་ཕྱིར་མ་ཆགས་པདྨ་འབར་བའི་ས་གཞི་ལ་ཁ་དོག་གསེར་བཙོ་མའི་མདོག་ལྟ་བུ་ཡེ་ཤེས་ལྔ་ཡི་རང་འོད་འཕྲོ་བས་ཉིན་

p. 573

མཚན་མེད་པའོ། །དེའི་དབུས་སུ་འོག་མིན་ཐར་པ་ཆེན་པོའི་གྲོང་ཞེས་བྱ་བ་ནི། རིན་པོ་ཆེའི་རི་བོ་ཆེན་པོ་དེའི་རྩ་བར་མཆོད་རྟེན་བང་རིམ་སྟོང་དང་ལྡན་པའི་ནང་ཕོ་བྲང་གི་ཚུལ་དུ་ཡོད་པའི་རི་རབ་ཀྱི་སྟེང་དུ་རིན་པོ་ཆེའི་ལྗོན་ཤིང་ཡལ་ག་དང་ལོ་མ་འབྲས་བུ་ཐམས་ཅད་དར་ཟབ་དང་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་དང་། འདོད་དགུའི་ལོངས་སྤྱོད་སྣ་ཚོགས་ཆར་འབེབས་པའི་དབུས་སུ་ཡེ་ཤེས་ལྔའི་འོད་ཟེར་ཕྱོགས་བཅུར་འཕྲོས་པའི་དབུས་སུ་འོད་ཀྱི་ཐིག་ལེ་ཉི་མའི་གུར་ལྟ་བུའི་དབུས་སུ་པདྨ་འདབ་མ་སྟོང་དང་ལྡན་པའི་འོག་ནས་རྨ་བྱའི་ཁྲི་རྐང་ཡོད་པའི་སྟེང་དུ་ཉ་རྒྱས་ཟླ་བའི་སྟེང་ན། སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག་ཅན་གཟི་བརྗིད་ཉི་མ་སྟོང་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་མཉམ་གཞག་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། སྐུ་ལ་ཆོས་གོས་དམར་སེར་ལི་ཁྲིའི་མདོག་ལྟ་བུ་ལེའུ་བརྒྱད་ཅུ་དང་ལྡན་པ་གསོལ་བ། དེའི་གཡས་སུ་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཡས་ན་ཤེལ་དཀར་གྱི་ཕྲེང་བ་

p. 574

བསྣམས་པ། གཡོན་ན་མེ་ཏོག་པདྨ་དཀར་པོའི་ཡུ་བ་ནས་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་གསོལ་བ། ཞབས་གཉིས་བཞེངས་པའི་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་ཅེས་བྱ་བ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཞལ་ཞི་མ་ཁྲོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་པ་ཞབས་བཞེངས་སྟབས་ཀྱིས་པད་ཟླའི་གདན་ལ་བཞུགས་པ་ལ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གྲངས་ལས་འདས་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་ཡོད་པ་ཐམས་ཅད་ཀྱིས་ཐེག་ཆེན་བླ་མེད་ཀྱི་ཆོས་ཀྱི་སྒྲ་དང་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་བཀྲོལ་ནས་བཞུགས་པ་གསལ་བར་བསྐྱེད་དོ། །གཞན་ཡང་བདུད་རྩིའི་རྫིང་བུའི་ཆུ་མིག་དང་དཔག་བསམ་གྱི་ཤིང་དང་རིན་པོ་ཆེའི་རི་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་བྱ་དང་རི་དྭགས་སོགས་ཀྱིས་ཆོས་སྒྲ་སྒྲོག་ཅིང་ཡིད་སེམས་དང་མདངས་སྤྲོ་བ་བསྐྱེད་ནུས་པ་རྣམས་ཡོད་པ་དེ་དག་ཐམས་ཅད་སྐད་ཅིག་དྲན་རྫོགས་སུ་གསལ་གདབ་ཅིང་། ངག་ནས་སྨོན་ལམ་གཞུང་ལྟར་འདོན་ཅིང་། ཁྱད་པར་ཕ་མས་

p. 575

ཐོག་དྲངས་པ་གང་གི་ལུས་དང་ལོངས་སྤྱོད་སོགས་ནས། དངོས་སུ་འབྱོར་བའི་མཆོད་སྤྲིན་ཇི་སྙེད་ཡོད་ན་རབ་མེད་ཀྱང་རང་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ལྷ་འདྲེ་མི་གསུམ་གྱི་དཔལ་འབྱོར་མངའ་ཐང་ལུས་དང་ལོངས་སྤྱོད་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་སྔར་མཎྜལ་གྱི་ཚུལ་དུ་ཕུལ་བར་བསམ། དེ་ཕུལ་བའི་བསོད་ནམས་ཀྱིས་བདག་གཞན་ཕོ་མས་ཐོག་དྲངས་པའི་རིགས་དྲུག་དུ་ཁལ་སྤྱོད་པའི་སེམས་ཅན་ཐམས་ཅད་བྱ་གཅན་གཟན་རི་དྭགས་འབུ་སྲིན་ལ་སོགས་དང་བཅས་པས་བསྐལ་པ་སྟོང་དུ་བསགས་པའི་ལས་དང་ཉོན་མོངས་ཀྱི་སྡིག་སྒྲིབ་དུག་ལྔ་དུག་གསུམ་ལས་གྱུར་པའི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་དུ་གྱུར་པ་ཐམས་ཅད་སངས་རྒྱས་འོད་དཔག་མེད་པའི་སྤྱན་སྔར་མཐོལ་ལོ་བཤགས་པའི་ཆེད་དུ་འབུལ་བར་བསམ། རང་གཞན་གྱིས་ལུས་བྱེ་བ་དུང་ཕྱུར་གྲངས་མེད་པར་སྤྲུལ་ནས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་སྡིག་ལྟུང་ཉེས་པ་ཐམས་ཅད་སྨོན་ལམ་གྱི་ཚིག་དོན་ཡོད་པ་བཞིན་གནོང་འགྱོད་དྲག་པོའི་ཚུལ་དུ་ཕྱག་འཚལ་བར་བསམ་ཞིང་རང་ཡང་ཁ་ནུབ་ཏུ་རྒྱུ་ནས་ཅི་ནུས་ཀྱིས་ཕྱག་འཚལ་ཞིང་འདོན་ནོ། །ཕྱག་མ་ལྕོགས་ཀྱང་ཡིད་ཀྱིས་བསྒོམས་པས་

p. 576

འཐུས། དེ་ལྟར་ཕུལ་ནས་མཎྜལ་སོགས་ཕུལ་བའི་བསོད་ནམས་ཀྱིས་ལས་དང་ཉོན་མོངས་ཀྱི་མི་དགེ་བཅུ་དང་མཚམས་མེད་ལྔ་ལྕི་བཞི་ལོག་བརྒྱད་སོགས་ཐམས་ཅད་བ་མར་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་ནས་དཀར་པོ་དགེ་བ་བཅུ་དང་བསོད་ནམས་ཀྱི་ཚོགས་རྫོགས་ཚེ་འདིར་ལུས་དང་ལོངས་སྤྱོད་ཐམས་ཅད་སོ་ནམ་བྱས་པའི་ལོ་འབྲས་སྨིན་པ་ལྟ་བུར་རྒྱས་པར་བསམ་མོ། །དེ་ནས་བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སོགས། དེ་ནས་རང་ཉིད་འཆི་ནད་ཐེབས་ནས་སྨན་དང་རིམ་གྲོ་ཐབས་གང་དྲག་ཅི་བྱས་ཀྱང་མ་ཕན་ནས་འཆི་བའི་རྟགས་ངེས་པར་ཚང་ན། རང་གིས་སྨོན་ལམ་གཞུང་ལྟར་འདོན་ནུས་ན་འདོན། མ་ནུས་ན་ཡིད་ཀྱིས་གསོལ་བ་བཏབ་པས་འཐུས། །རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁའ་ན་རང་གི་རྩ་བའི་བླ་མ་དང་དབྱེར་མེད་པ་བདེ་གཤེགས་འོད་དཔག་ཏུ་མེད་པ་བཅོ་ལྔའི་ཟླ་བ་ཤར་བ་ལྟ་བུ་ལ་འཁོར་བྱང་ཆུབ་སེམས་དཔའ་མཆེད་བརྒྱད་་་་སྨན་བླ་མཆེད་བརྒྱད་ཡིན་པར་གསུངས་མཆན། ལ་སོགས་པའི་དགེ་འདུན་མང་པོས་བསྐོར་བ་སྐར་ཚོགས་བཀྲག་པ་ལྟ་བུ་གསལ་བར་བསྒོམ། ཡིད་ཀྱིས་གསོལ་བ་ལན་བདུན་འདི་ལྟར་

p. 577

བཏབ། བདེ་གཤེགས་འོད་དཔག་མེད་མཁྱེན་ནོ། །སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདག་ནི་བར་དོར་འཁྱམས་པ་ཐུགས་རྗེས་གཟིགས། །བདེ་ཆེན་དག་པའི་ཞིང་དེར་ལམ་སྣ་དྲོངས། །ཞེས་ཤོ་ལོ་ཀ་དེས་གསོལ་བ་བཏབ། དེ་མ་ཐག་ཏུ་ར་བླ་མ་འོད་དཔག་མེད་དང་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་ཉི་མ་ཤར་བ་ལྟ་བུ་རིང་གི་ལུས་ངག་ཡིད་གསུམ་ལ་ཕོག་པས་ལས་དང་ཉོན་མོངས་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས་རང་གི་སེམས་དང་འོད་དཔག་མེད་ཀྱི་ཐུགས་དབྱེར་མེད་དུ་འདྲེས་ནས་བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ཀྱིས་སྔོན་བསུ་དང་རྒྱབ་རྟེན་མཛད་ནས་བདེ་ཆེན་ཞིང་དུ་སྐར་མདའ་འཕང་བ་བཞིན་སོང་བར་བསམ། དེ་ལྟར་དབུགས་མ་སོང་བར་དུ་ལན་མང་དུ་བསྒོམས་ན་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་གཉིས་ཀྱི་བར་དུ་ཀུན་གཞི་འོད་གསལ་ཅུང་ཟད་ཤར་བའི་དུས་སུ་འོད་དཔག་མེད་དངོས་སུ་བྱོན་ནས་སྨན་ལྷ་མཆེད་བརྒྱད་ཀྱིས་བསུ་བ་བྱེད་ནས་རང་དང་འོད་དཔག་མེད་དབྱེར་མེད་དུ་གྱུར་ནས་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །དེ་ལྟར་ཞིང་དེར་སྐྱེས་པའི་ཕན་ཡོན་དང་སྐྱེས་པ་བརྫུས་སྐྱེས་སུ་སྐྱེ་བའི་ལོ་རྒྱུས་

p. 578

སོགས་དང་བདེ་སྐྱིད་ལོངས་སྤྱོད་སོགས་ཀྱི་ལུང་འདྲེན་བྲི་བར་མི་དགོས་ཏེ་སྨོན་ལམ་གྱི་ཚིག་དོན་དུ་གསལ་བའོ། །དེ་ལྟར་སྨོན་ལམ་འདི་ལ་རྒྱུན་དུ་བརྩོན་ན་ཚེ་འདིར་ནད་གདོན་བར་ཆད་ཞི། ཚེ་དུས་སུ་བསྲིང་བ་དང་བསོད་ནམས་དང་ལོངས་སྤྱོད་རྒྱས་པར་འགྱུར་པ་ནི། འོད་དཔག་མེད་དང་ཚེ་དཔག་མེད་ཅེས་བྱ་བ་དོན་ལ་ལྷ་གཅིག་ཡིན་ཕྱིར་ཚེ་དཔག་མེད་ལ་འབྲེལ་པ་བཞག་ཚད་ཀྱི་བསོད་ནམས་ཀྱི་ཕུང་པོ་ནམ་མཁའི་མཐའ་དང་མཉམ་སྟེ་བརྗོད་ཀྱིས་མི་ལོང་པའོ། །སྔོན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་བྱ་བ་དེ་ཉིད་ལྷ་ཐུགས་རྗེ་ཆེན་པོ་བསྒོམ། གསུང་ཡི་གེ་དྲུག་པ་བཟླས་པས་དེའི་ཕྱིར་བོད་ཀྱི་ཆོས་སྐལ་ལ་བཞག་སྟེ། ཐུགས་རྗེ་ཆེན་པོའི་སྐུ་དངོས་བདེ་བ་ཅན་དུ་བཞུགས་པས་དེའི་ཕྱིར་རྒྱལ་པོ་དེ་ཉིད་ཐུགས་རྗེ་ཆེན་པོ་ལ་འབྲེལ་པ་བཞག་ཚད་བདེ་བ་ཅན་དུ་སྨོན་ལམ་བཏབ་པས། དེ་ཕྱིར་ཀུན་གྱིས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་ན་སྐྱེ་སླ་བར་གསུངས་སོ། །སྔོན་ཚེ་སྨོན་ལམ་གྱི་མཐུས་སངས་རྒྱས་གཞན་ལས་འོད་དཔག་མེད་ཐུགས་རྗེ་མྱུར་བ་དང་། འོད་དཔག་མེད་ཀྱི་མཚན་ལན་གཅིག་འབུ་སྲིན་གྱི་རྣ་བར་ཐོས་པའང་། མཐར་བྱང་ཆུབ་

p. 579

སེམས་དཔའ་འགྲོ་དོན་ནུས་པ་རེ་འོང་བར་གསུངས་ན་ཉམས་སུ་བླངས་པའི་མི་རྣམས་ལ་ལྟ་ཅི་སྨོས་སོ། །ཞེས་ཟིན་བྲིས་ཉུང་ངུ་ལུང་འདྲེན་མདོར་བསྡུས་པ་འདི་ཉིད་ཉེ་གནས་དགེ་སློང་པདྨ་སྦྱིན་པས་ལན་གཉིས་བསྐུལ་ཕྱིར་ཨ་རཱ་གས་སྦྱར་བའོ། །དགེ་བས་འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཀླུ་སྒྲུབ་ཀྱིས་མཛད་པའི་བདེ་སྨོན་དམིགས་རིམ།

p. 580

ཀླུ་སྒྲུབ་ཀྱིས་མཛད་པའི་བདེ་སྨོན་དམིགས་རིམ་ཡོད། །

p. 581

ན་མོ་མ་ཧཱ་སུ་ཁ་ཀྵེ་ཏྲ་ཡེ། དཀོན་མཆོག་བརྩེགས་པའི་ལེའུ་འོད་མདོ་དང་། །ཞིང་བཀོད་མདོ་སྡེ་གཉིས་ཀྱི་དོན་བསྡུས་ནས། །འཕགས་པ་ནཱ་ག་རྫུ་ནས་མཛད་པ་ཡི། །བདེ་སྨོན་འདི་ནི་སྨོན་ལམ་རྒྱས་པ་སྟེ། །འདི་ལ་བསྒོམ་བྱ་དམིགས་པ་མང་པོ་མེད། །སེམས་ནི་མ་ཡེངས་རྩེ་གཅིག་གལ་ཆེ་སྟེ། །རབ་ནི་ཉམས་ལེན་ལྟ་བའི་ངང་ནས་བསྒོམ། །ཐ་ན་དད་པ་རྩེ་གཅིག་དམིགས་པ་གཏད། །འདི་ཡི་ཚིག་རྣམས་ཅུང་ཟད་གོ་དཀའ་ན། །འོད་མདོ་ཞིང་བཀོད་མདོ་གཉིས་གཟིགས་པས་གསལ། །འདི་ཡི་བསྒོམ་བྱ་དམིགས་རིམ་ངག་ཁྲིད་ནི། །ཤེས་རབ་ཅན་རྣམས་འོད་

p. 582

མདོ་ཞིང་བཀོད་ལྟོས། །ཤེས་རབ་ཆུང་རྣམས་ཞིང་བཀོད་ཐང་སྐུ་ལ། །ཡང་ཡང་བལྟ་ཞིང་ཡིད་ལ་གསལ་བར་བྱ། །དེ་ནས་ནུབ་ཀྱི་ཕྱོགས་སུ་ཁ་གྱུས་ལ། །ཆུ་བུར་མིག་གིས་དངོས་སུ་མི་མཐོང་ཡང་། །ནུབ་ཀྱི་ཕྱོགས་རོལ་ནམ་མཁའི་ཕ་མཐའ་ན། །འཇིག་རྟེན་འདི་ལས་རབ་ཏུ་མཐོ་བའི་སར། །བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བཀོད། །དེ་དབུས་རྨ་བྱས་བཏེག་པའི་རིན་ཆེན་ཁྲི། །སྣ་ཚོགས་པདྨ་འབུམ་ལྡན་ཟེའུ་འབྲུའི་སྟེང་། །སངས་རྒྱས་འོད་དཔག་མེད་པ་བཞུགས་པ་ནི། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་ནས་ཀྱང་། །ཞལ་རས་འཛུམ་ཞིང་རང་ལ་

p. 583

གཟིགས་པར་བསམ། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །དཀར་པོ་ཕྱག་གཉིས་མཆོག་སྦྱིན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་། ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་སྟེང་། །རྡོ་རྗེ་དྲིལ་བུས་མཚན་པ་འཛིན་པ་སྟེ། །འཁོར་གཉིས་བཞེངས་པའམ་ནི་སེམས་སྐྱིལ་གང་འདོད་བསྒོམ། །དེ་མཐར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། །བྱེ་བ་དུང་ཕྱུར་གྲངས་ལས་འདས་པ་རྣམས། །ཐམས་ཅད་མཚུངས་པར་གསེར་མདོག་གཙུག་ཏོར་ཅན། །ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ་བའོ། །ལུང་པ་དོག་པའི་ཕ་རི་ཚུ་རི་རུ། །ལྟད་མོ་ལྟ་ལྟར་གསལ་པོར་མཐོང་བར་བསྒོམ། །སེམས་ནི་མ་ཡེངས་རིག་པ་རྩེ་གཅིག་ཏུ། །ཞིང་ཁམས་སངས་རྒྱས་བཅས་པ་ཡིད་ལ་བཀོད། །དམིགས་པ་བསྒོམ་ཞིང་དད་གུས་རྩེ་གཅིག་པས། །ལན་རེ་ལ་ཡང་ཚར་གྲངས་བདུན་རེ་ཙམ། །དེ་འདྲ་ཉིན་གསུམ་མཚན་གསུམ་དུས་དྲུག་བྱ། །ཐུན་མཚམས་ཆག་མེད་དགེ་སྦྱོར་གཞན་རྣམས་བྱ། །དེ་ལྟར་རྩེ་གཅིག་མ་ཡེངས་ཞག་བདུན་དུ། །བསྒོམས་ནས་ཞག་བདུན་ཐོ་རངས་རྨི་ལམ་དུ། །བདེ་ཆེན་ཞིང་ཁམས་མཇལ་བའི་སྣང་བ་བྱུང་། །དེ་

p. 584

ནས་མཚམས་སྦྱོར་ངན་པས་མ་ཤི་ན། །བདེ་བ་ཅན་དུ་སྐྱེ་བར་མདོ་ལས་གསུངས། །ལོ་ཟླ་འགའ་ཞིག་ཉམས་ལེན་དེ་བྱས་ན། །རྨི་ལམ་བདེ་ཆེན་ཞིང་ཁམས་ཡང་ཡང་མཇལ། །འོད་དཔག་མེད་ལས་ཆོས་ཀྱང་ཐོབ་འགྱུར་ཞིང་། །ཆོས་དེ་གཞན་ལ་བཤད་ཀྱང་རུང་བར་གསུངས། །དེ་ནི་ད་ལྟའི་སངས་རྒྱས་མངོན་སུམ་དུ། །བཞུགས་པའི་མདོ་ཡི་དགོངས་པ་འཁྲུལ་མེད་ཡིན། །དང་པོ་བྱང་ཆུབ་སེམས་བསྐྱེད་སྡོམ་པ་ཐོབ། །སྡིག་པ་སྟོབས་ཆུང་དགེ་བ་སྟོབས་ཆེ་ན། །སྨོན་ལམ་ཚར་བཅུ་བཏབ་ཀྱང་སྐྱེ་བར་གསུངས། །དེ་དག་འཆི་ཚེ་དབུགས་ནི་ཆད་དུས་སམ། །ཡང་ན་བར་དོར་འཁྱམས་པའི་སྐབས་དེ་རུ། །འོད་དཔག་མེད་པ་འཁོར་དང་བཅས་པ་ནི། །རང་གི་མདུན་དུ་མངོན་སུམ་བཞུགས་པ་མཐོང་། །དེ་ཡིས་ཡིད་དགའ་དད་གུས་དཔག་མེད་སྐྱེ། །དེ་ཡིས་རྐྱེན་བྱས་ཞིང་དེར་སྐྱེ་བར་བཤད། །དགེ་སྟོབས་མི་ཆེ་སྡིག་སྒྲིབ་ཆེ་ན་ཡང་། །རྒྱུན་དུ་འདི་ལ་ཐུགས་དམ་བྱས་པ་ན་། །མཚམས་མེད་ལྔ་དང་ཆོས་སྤངས་མ་གཏོགས་པ། །སྡིག་སྒྲིབ་ཉམས་ཆག་གཞན་གྱིས་མི་སྒྲིབ་པར། །ཞིང་དེར་སྐྱེ་བར་སངས་རྒྱས་སྨོན་ལམ་སྟོབས། །སྐྱེའམ་མི་སྐྱེ་ཐེ་ཚོམ་མི་

p. 585

རུང་སྟེ། །ཐེ་ཚོམ་བྱེད་ཅིང་སྨོན་ལམ་བཏབ་པ་ན། །སྐྱེ་ནི་སྐྱེ་སྟེ་མེ་ཏོག་ཁ་མི་བྱེ། །བདེ་སྐྱིད་ལྡན་ཞིང་སངས་རྒྱས་གསུང་ཐོས་ཀྱང་། །ལོ་གྲངས་ལྔ་བརྒྱར་སངས་རྒྱས་ཞལ་མཐོང་འཕྱི། །དེ་ཕྱིར་ཐེ་ཚོམ་མེད་པར་ངེས་ཤེས་བསྐྱེད། །ཕྱག་དང་མཆོད་པ་ལ་སོགས་ནམ་ཕུལ་ཡང་། །ཞིང་དེ་ཡིད་ལ་བཀོད་ལ་དེ་ལ་ཕུལ། །ཉོན་མོངས་དུག་ལྔའི་རྟོག་པ་ནམ་ཤར་ཚེ། །ནུབ་ཀྱི་ཕྱོགས་ནས་འོད་དཔག་མེད་དེ་ཡིས། །མངོན་སུམ་གཟིགས་ནས་ཡོད་བསམ་སྐྲག་པ་བསྐྱེད། །སྡོམ་པ་དམ་ཚིག་སྲུང་ཐབས་མཆོག་ཏུ་ཟབ། །རང་ལ་རེ་ཞིང་ལྟོས་པའི་ཚེ་འདས་ཀུན། །ཁྲོམ་ཚོགས་བཞིན་དུ་རང་གི་གཡས་གཡོན་འཁོད། །ནུབ་ཏུ་ཁ་གྱུས་ཐལ་མོ་སྦྱར་བྱས་ཏེ། །བདེ་བ་ཅན་གྱི་ཞིང་ཁམས་མངོན་སུམ་མཐོང་། །རམ་བུ་བཀྱག་ནས་བདེ་སྨོན་མཉམ་དུ་འདོན། །ཐུགས་རྗེས་ཟུངས་ཤིག་རྗེ་བཙུན་སྤྱན་རས་གཟིགས། །ཞེས་སོགས་འདོད་གསོལ་ཚིག་རྣམས་བརྗོད་པའི་ཚེ། །འོད་དཔག་མེད་པ་གཙོ་འཁོར་གསུམ་པོ་ཡི། །སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ནི། །འཇའ་ཡི་སྣམ་བུ་བརྐྱངས་ལྟར་ནར་གྱིས་བྱུང་། །ཚེ་འདས་ཐམས་ཅད་འོད་དེས་བཏུམས་ནས་ཁྱེར། །ཞིང་དེར་པདྨ་རྣམས་

p. 586

ཀྱི་སྦུབས་སུ་ཐིམ། །སྐད་ཅིག་དེ་ལ་བརྫུས་སྐྱེས་སྤྲུལ་པའི་སྐུ། །གསེར་མདོག་མཚན་དཔེའི་ལྡན་པ་དགེ་སློང་གཟུགས། །ཐོབ་པར་གྱུར་བསམ་དམིགས་མེད་ངང་ལ་བཞག །ཚར་མང་འདོན་ཡང་དེ་ལྟར་བསྒོམ་ཝིག་བྱ། །དམིགས་པ་དེ་ཡང་དགོངས་འདུས་གཞུང་ལས་གསུངས། །སྨོན་ལམ་འདི་ཉིད་རྒྱུན་དུ་ཉམས་བླངས་ན། །རང་དོན་གཞན་དོན་གཉིས་ཀ་དེ་གས་འགྲུབ། །དགེ་བཤེས་གོང་མ་རྣམས་ཀྱི་གསུང་རྒྱུན་དང་། །སྔར་ཞིག་རང་ཉིད་འཁྲུལ་པའི་རྨི་ལམ་ན། །བདེ་བ་ཅན་དུ་སྐྱེ་བར་འདོད་པ་ན། །ཞིང་བཀོད་ཐང་ཀ་མདུན་དུ་བཤམས་བྱས་ལ། །དེ་ལ་དམིགས་རྟེན་བྱས་ནས་ཞིང་ཁམས་དེ། །ཡིད་ལ་བསྒོམ་ཚུལ་ལུང་བསྟན་བརྡ་ཙམ་བྱུང་། །དེ་ཕྱིར་རང་གིས་ཞིང་ཁམས་ལ་དམིགས་ནས། །རྒྱུན་དུ་ཕྱག་འཚལ་མཆོད་བསྟོད་བྱེད་པ་ཡིན། །རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ལ། །འདི་ཡི་ལྗགས་ལུང་ཞུ་བར་བྱས་པའི་ཚེ། །ཚུར་ལ་འདི་ཡི་དམིགས་རིམ་དགོས་ཞེས་གསུངས་། །ང་ཡིས་མི་ཤེས་ཁོང་ལ་ཞུས་པ་ལ། །དེ་ཡི་དམིགས་རིམ་བདག་གིས་རྩོམ་མི་འོས། །འོན་ཀྱང་བླ་མའི་གསུང་ནི་རྡོ་རྗེའི་གསུང་། །ཡིན་ཕྱིར་བཀའ་ནི་མ་བཅག་ཙམ་དུ་

p. 587

བྲིས། །འགལ་འཁྲུལ་གང་མཆིས་མཁྱེན་ལྡན་རྣམས་ལ་བཤགས། །དགེ་བས་འགྲོ་དོན་དཔག་མེད་འབྱུང་བར་ཤོག །དེ་སྐད་ཕག་ལོ་ཕག་ཟླའི་ཡར་ཚེས་ལྔ། །སྔ་དྲོའི་ཐུན་ལ་རཱ་ག་ཨ་སྱས་སྨྲས། །དགེ་སློང་པདྨ་སྦྱིན་པས་ཡི་གེར་བཀོད། མངྒ་ལཾ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་སྨོན་འདོན་དུས་དམིགས་རིམ་གསལ་བ།

p. 588

བདེ་སྨོན་འདོན་དུས་དམིགས་རིམ་གསལ་བ་བཞུགས་སོ།

p. 589

ན་མོ་མ་ཧཱ་སུ་ཁ་ལྟེ་ཊ་ཡེ། དཀོན་མཆོག་བརྩེགས་པའི་ལེའུ་འོད་མདོ་དང་། །ད་ལྟའི་སངས་རྒྱས་མངོན་སུམ་བཞུགས་པའི་མདོ། །སྙིང་རྗེ་པད་དཀར་བདེ་ཆེན་ཞིང་བཀོད་མདོ། །ཀླུ་སྒྲུབ་ཀྱིས་མཛད་བདེ་སྨོན་རྒྱ་གཞུང་དང་། །བཟང་སྤྱོད་འཆི་མེད་རྔ་སྒྲའི་གཞུང་ལ་སོགས། །ཀུན་གྱི་དོན་བསྡུས་བདེ་སྨོན་འདི་ཉིད་ནི། །དེ་བཞིན་གཤེགས་པ་རྨ་ཆུའི་འགྲམ་ཕེབས་ཚེ། །ཞག་བདུན་བར་དུ་ཉིན་མཚན་དུས་དྲུག་ཏུ། །བདེ་བ་ཅན་དུ་འོད་དཔག་མེད་བཞུགས་པ། །འཁོར་དང་བཅས་པ་མངོན་སུམ་གསལ་བར་གཟིགས། །དེ་དུས་མཛད་ཕྱིར་བྱིན་རླབས་ཁྱད་

p. 590

པར་འཕགས། །ཕྱག་རབ་ཡན་ལག་བདུན་པ་སྨོན་ལམ་བཅས། །དོན་ལ་མདོ་ལུགས་ཆོ་ག་ཚང་བ་ཡིན། །འདི་ཡི་བསྒོམ་བྱ་དམིགས་རིམ་ངག་ཁྲིད་ནི། །ཤེས་རབ་ཆེ་རྣམས་འོད་མདོ་ཞིང་བཀོད་ལྟོས། །ཤེས་རབ་ཆུང་རྣམས་ཞིང་བཀོད་ཐང་ཀ་ལ། །ཡང་ཡང་བལྟ་ཞིང་དམིགས་པ་གསལ་བར་བྱ། །དེ་ནས་ནུབ་ཀྱི་ཕྱོགས་སུ་ཁ་གྱུས་ལ། །ཆུ་བུར་མིག་གིས་དངོས་སུ་མ་མཐོང་ཡང་། །ནུབ་ཀྱི་ཕྱོགས་རོལ་ནམ་མཁའི་ཕ་མཐའ་ན། །འཇིག་རྟེན་འདི་ལས་རབ་ཏུ་མཐོ་བའི་སར། །བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བཀོད། །དེ་དབུས་རྨ་བྱས་བཏེག་པའི་རིན་ཆེན་

p. 591

ཁྲིར། །སྣ་ཚོགས་པདྨ་འབུམ་ལྡན་ཟེའུ་འབྲུའི་སྟེང་། །སངས་རྒྱས་འོད་དཔག་མེད་པ་བཞུགས་པ་ནི། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་ནས་ཀྱང་། །ཞལ་རས་འཛུམ་ཞིང་རང་ལ་གཟིགས་པར་བསམ། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རིས་གཟིགས། །དཀར་པོ་ཕྱག་གཉིས་མཆོག་སྦྱིན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་སྟེང་། །རྡོ་རྗེ་དྲིལ་བུས་མཚན་པ་འཛིན་པའོ། །འཁོར་གཉིས་བཞེངས་པའང་སེམས་སྐྱིལ་གང་འདོད་བསྒོམ། །དེ་མཐར་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། །བྱེ་བ་དུང་ཕྱུར་གྲངས་ལས་འདས་པ་རྣམས། །ཐམས་ཅད་མཚུངས་པར་གསེར་མདོག་གཙུག་ཏོར་ཅན། །ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ་བའོ། །ལུང་པ་དོག་པའི་ཕ་རི་ཚུར་རི་དང་། །ལྟད་མོ་ལྟ་ལྟར་གསལ་པོར་མཐོང་བར་བསྒོམ། །སེམས་ནི་མ་ཡེངས་རིག་པ་རྩེ་གཅིག་ཏུ། །ཞིང་ཁམས་སངས་རྒྱས་བཅས་པ་ཡིད་ལ་བཀོད། །དེ་ནས་རང་ལུས་གྲངས་མེད་སྤྲུལ་བྱས་ཏེ། །ཕྱག་ནི་དགུ་ཕྲུག་འཚལ་བར་བསྒོམ་བྱས་ལ། །ཕྱག་འཚལ་ཟེར་བ་དགུ་པོ་རིམ་གྱིས་འདོན། །དང་པོ་དཀོན་མཆོག་གསུམ་

p. 592

ལ་ཕྱག་འཚལ་ཞིང་། །གཉིས་པ་འོད་དཔག་མེད་ལ་ཕྱག་འཚལ་ཡིན། །དེ་ནས་འོད་དཔག་མེད་པ་དེ་ཉིད་ཀྱི། །སྐུ་ལ་ལན་གཉིས་གསུང་ལ་ལན་གཉིས་དང་། །ཐུགས་ལ་ལན་གཉིས་ཡོན་ཏན་ཕྲིན་ལས་གཅིག །དེ་ལྟར་ཕྱག་འཚལ་དགུ་པོ་རྫོགས་པའི་རྗེས། །དངོས་སུ་འབྱོར་བའི་མར་མེ་ཡོན་ཆབ་སོགས། །རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་། །ཡིད་ཀྱིས་སྤྲུལ་པ་མཆོད་པས་ནམ་མཁའ་བཀང་། །ནམ་མཁའི་མཐར་ཐུག་ཞིང་ཁམས་ཐམས་ཅད་ནས། །མེ་ཏོག་སྤོས་ཀྱི་ཤིང་དང་རིན་ཆེན་རྣམས། །ཐམས་ཅད་བློ་ཡིས་བླངས་ཏེ་མཆོད་པར་བསྒོམ། །རང་དང་མ་རྒན་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཐམས་ཅད་དེ་ཡི་མདུན་དུ་བཤགས། །འཕགས་པ་རྣམས་དང་སོ་སོའི་སྐྱེ་བོ་ཡི། ་། དགེ་རྩ་ཀུན་ལ་སྙིང་ནས་ཡི་རང་བསྒོམ། །རྫོགས་སངས་རྒྱས་ནས་དམ་ཆོས་མ་གསུང་པ། །དེ་དག་རྣམས་ལ་གསུང་བར་ཞུ་བ་འབུལ། །འགྲོ་དོན་རྫོགས་ནས་མྱ་ངན་འདའ་བཞེད་རྣམས། །མྱ་ངན་མི་འདའ་བཞུགས་པར་ཞུ་བ་འབུལ། །དེ་ལྟར་བྱས་པའི་དགེ་བ་འདི་དག་ཀུན། །རང་ཉིད་རྫོགས་སངས་རྒྱས་པའི་ཕྱིར་དུ་བསྔོ། །དེ་ཡིས་ཡན་ལག་བདུན་

p. 593

པ་ཚང་བ་སྟེ། །མདོ་ལུགས་ཆོ་ག་ཐམས་ཅད་དེར་འདུས་སོ། །ཇི་སྲིད་བྱང་ཆུབ་སྙིང་པོ་ཞེས་པ་ནས། །སྤྱོད་དང་མཚུངས་པར་ཤོག་ཅེས་བྱ་བའི་བར། །མི་ནས་མིར་སྐྱེས་བསྟན་པ་འཛིན་པ་ཡི། །སྨོན་ལམ་བཏབ་པ་སྤྱི་ཡི་ལུགས་དང་མཚུངས། །གལ་ཏེ་མྱུར་དུ་བདེ་ཆེན་ཞིང་སྐྱེས་ཀྱང་། །དེ་ཡི་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་། །སུམ་སྤྲུལ་རྣམས་ཀྱིས་བསྟན་དང་སེམས་ཅན་ལ། །ཕན་ཐོགས་འབྱུང་བའི་སྨོན་ལམ་འགྱུར་བ་ཡིན། །དེ་ཡང་བཀའ་བརྒྱུད་བླ་མ་རྣམས་ཀྱི་ལུགས། །སྙིང་ནས་དམ་ཆོས་སྒྲུབ་པའི་འབྲས་བུ་ནི། །བསྐལ་བ་དཔག་མེད་གོང་ནས་ད་ཡན་ཆད། །བསགས་པའི་ལས་ངན་སྡིག་སྒྲིབ་ཅི་ཡོད་ཀུན། །ཐམས་ཅད་ལུས་ཐོག་འདི་ལ་སྨིན་ཐུབ་ན། །ཚེ་ཐུང་ནད་མང་རྣམ་རྟོག་དགྲ་ཡིས་འཚེ། །མཛེ་དང་ཆུ་ནད་ཤིག་ནད་ཚབ་ཆེན་མནར། །སྒྲིབ་པ་ཅི་ཡོད་ལུས་ཐོག་འདིར་ཟད་ནས། །དེ་ནས་གཏན་དུ་བདེ་བའི་སྨོན་ལམ་སྟེ། །གང་དེ་ཚེ་འདི་ཉིད་ལ་རབ་སྨིན་ནས། །གསུངས་ཀྱང་རང་རེ་དེ་འདྲའི་རྟོགས་པ་མེད། །དེ་འདྲ་འོང་དོགས་རིམ་གྲོ་སྲུང་ཟློག་བྱེད། །དེ་ཕྱིར་འདི་ཡི་ཚིག་ཟུར་བསྒྱུར་བ་ལེགས། །གང་དེ་ཚེ་འདིར་སྨིན་པར་མ་གྱུར་ཅིག །ལན་གྲངས་

p. 594

གཞན་དུ་མྱོང་བར་མ་གྱུར་ཅིག །ཅེས་པའི་ཚིག་དེ་རང་རེས་བསྒྱུར་ན་ལེགས། །བསྒྱུར་ཀྱང་དེ་འདྲར་འགྲུབ་ཐབས་མེད་སྙམ་ན། །བདེ་བ་ཅན་དུ་སྐྱེས་ན་དེ་འགྲུབ་སྟེ་། །བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་དུ། །འཆི་རྒྱུ་མེད་ཅིང་སངས་རྒྱས་མཆོད་པ་དང་། །ཆོས་ཉན་ཏིང་འཛིན་བསྒོམས་པས་སྒྲིབ་པ་སྦྱང་། །དེ་མིན་སྨོན་ལམ་གཞུང་དུ་གང་བདེར་གསལ། །གལ་ཏེ་ཚང་མ་འདོན་ལོང་མ་བྱུང་ན། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །ཡན་ཆད་བཏབ་ཀྱང་སྨོན་ལམ་ཚང་བ་ཡིན། །ཤིན་ཏུ་བསྡུས་པའི་སྨོན་ལམ་འདོད་ན་ནི། །ཚེ་འདིའི་སྣང་བ་ནུབ་པར་ཉེ་བ་ན། །བྱང་ཆུབ་ཆེན་པོའི་ལུང་བསྟན་ཐོབ་གྱུར་ཅིག །ཅེས་པའི་བར་དེ་བརྗོད་པས་དོན་རྩ་འཐུས། །གལ་ཏེ་རིམ་གྲོ་ལ་སོགས་མཚམས་ཀྱི་དུས། །ནུབ་དེའི་ཕྱོགས་ནས་ཞིང་བཀོད་ཐང་སྐུ་བཤམས། །དེ་ནི་དམིགས་རྟེན་དམིགས་པ་གསལ་ཕྱིར་ཡིན། །དེ་མདུན་མཆོད་པ་རྣམ་ལྔ་ཅི་འབྱོར་གཟབ། །གོང་ལྟར་བདེ་ཆེན་ཞིང་ཁམས་ཡིད་ལ་བཀོད། །གོང་གི་ཕྱག་འཚལ་ཟེར་བའི་ཚིག་དང་བསྒྲིག །ཕྱག་ནི་དགུ་ཕྲུག་འཚལ་རྗེས་པུས་མོ་བཙུགས། །དམིགས་པ་བསྒོམ་ཞིང་དད་གུས་རྩེ་

p. 595

གཅིག་པས། །ཐུན་རེ་ལ་ཡང་ཚར་གྲངས་བདུན་རེ་ཙམ། །དེ་ལྟར་ཉིན་གསུམ་མཚན་གསུམ་ཐུན་དུ་བྱ། །ཐུན་མཚམས་ཆག་མེད་དགེ་སྦྱོར་གཞན་རྣམས་བྱ། །དེ་ལྟར་རྩེ་གཅིག་མ་ཡེངས་ཞག་བདུན་དུ། །བསྒོམས་ན་ཞག་བདུན་ཐོ་རངས་ཁ་ཉིད་དུ། །བདེ་ཆེན་ཞིང་ཁམས་མཇལ་བའི་སྣང་བ་འབྱུང་། །དེ་ནས་མཚམས་སྦྱོར་ངན་པས་མ་ཤི་ན། །བདེ་བ་ཅན་དུ་སྐྱེ་བར་མདོ་ལས་གསུངས། །ལོ་ཟླ་འགའ་ཞིག་ཉམས་ལེན་བྱས་གྱུར་ན། །རྨི་ལམ་བདེ་ཆེན་ཞིང་ཁམས་ཡང་ཡང་མཇལ། །འོད་དཔག་མེད་ལ་ཆོས་ཞུས་ཐོབ་འགྱུར་ཞིང་། །ཆོས་དེ་གཞན་ལ་བཤད་ཀྱང་རུང་བར་འགྱུར། །དེ་ནི་ད་ལྟའི་སངས་རྒྱས་མངོན་སུམ་དུ། །བཞུགས་པའི་མདོ་ཡི་དགོངས་པ་འཁྲུལ་མེད་ཡིན། །དགེ་བཤེས་གོང་མ་རྣམས་ཀྱི་གསུང་རྒྱུན་དང་། །སྔར་ཡང་རང་ཉིད་འཁྲུལ་པའི་རྨི་ལམ་ན། །བདེ་བ་ཅན་དུ་སྐྱེ་བར་འདོད་པ་ན། །ཞིང་བཀོད་ཐང་ཀ་མདུན་དུ་བཤམས་བྱས་ལ། །དེ་ལ་དམིགས་རྟེན་བྱས་ན་ཞིང་ཁམས་དེ། །ཡིད་ལ་བསྒོམ་ཚུལ་ལུང་བསྟན་བརྡ་ཙམ་བྱུང་། །དེ་ཕྱིར་རང་གིས་ཞིང་ཁམས་ལ་དམིགས་ནས། །རྒྱུན་དུ་ཕྱག་འཚལ་མཆོད་བསྟོད་བྱེད་པ་ཡིན། །དེ་ཉིད་གཞན་ལ་ཕན་ཕྱིར་

p. 596

སྨྲས་པ་སྟེ། །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་འོད་དཔག་མེད་ལ་བཤགས། །དགེ་བས་འགྲོ་ཀུན་བདེ་ཆེན་ཞིང་བགྲོད་ཤོག །ཨ་རཱ་གས་སོ། །མངྒ་ལཾ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས།

p. 597
p. 598

བདེ་ཆེན་ཞིང་གི་བསྔོ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བཞུགས་པའི་དབུ་ཕྱོགས་ལགས་སོ། །

p. 599

མདུན་གྱི་ནམ་མཁའི་གནས་སུ་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་དང་། པདྨ་དང་ཟླ་བའི་གདན་ལ་བསྔོ་བའི་དཔང་པོ་སངས་རྒྱས་སྣང་བ་མཐའ་ཡས། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་འོད་དང་འོད་ཟེར་འཕྲོ་བ། ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པའི་རང་བཞིན་མངོན་

p. 600

སུམ་དུ་གསལ་བར་གྱུར། དེའི་མདུན་དུ་ཚེ་ལས་འདས་པ་མིང་ནས་སྨོས་པ་དེ་ཉིད་ལུས་ལ་རས་གོས་དཀར་པོ་དྲི་མ་མེད་པ་གྱོན། ལག་ཏུ་མེ་ཏོག་དཀར་པོ་འདབ་མ་བརྒྱད་པ་ཐོགས། པུས་བཙུགས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཞལ་ལ་མངོན་སུམ་དུ་ལྟ་ཞིང་བསྔོ་བའི་མཐུན་འགྱུར་བྱེད་པར་གྱུར། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། ཚེ་ལས་འདས་པ་མིང་ནས་སྨོས་པའི་རྗེ་དེ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་སུ་གསོལ། འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་གཙོ་བོ་མཆོག་དམ་པས་

p. 601

རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང་དེ་ལྟར་ཕུལ་བའི་དགེ་བའི་རྩ་བ་དང་། ཚེ་འདས་དེ་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། སངས་རྒྱས་འོད་དཔག་མེད་ལ་སོགས་པ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བ་ལ་བརྟེན་ནས་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་དར་ཞིང་རྒྱས་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་འདི་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་

p. 602

ཐོབ་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་གཅིག་ཏུ་བསྡུས་ཤིང་བསྡོམས་ནས། མིང་ནས་སྨོས་ལ། དེ་རྣམས་ཀྱི་རྗེས་སུ་འབྲང་ཞིང་རྗེས་སུ་འཇུག་པར་གྱུར་ཅིག །རྗེས་སུ་འབྲངས་ནས་དགེ་བའི་རྩ་བ་དེ། ཚེ་ལས་འདས་པ་དེ་རྣམས་ཀྱི་རྒྱུད་ལ་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག །བར་དོའི་འཇིགས་པའི་སྒྲ་བཞི་དང་ཡ་ངའི་འཕྲང་བརྒྱད་ལས་གྲོལ་ཞིང་ཐར་བར་གྱུར་ཅིག །རིགས་དྲུག་འཁོར་བའི་སྐྱེ་སྒོ་མ་ལུས་པ་ཆོད་པར་གྱུར་ཅིག །སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨ་ཁ་བྱེ་ནས་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །གསུང་གི་གདམས་པ་ནོད་ཅིང་བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་གྱུར་ཅིག །ལུས་རྟེན་དེ་ལ་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་

p. 603

མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པ་ཡང་། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་འཁྲུངས་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་དེ། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཀྱི་བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་བ་བྷྱོ་དྷ་ན་ཡེ་སྭཱ་ཧཱ། དེ་ལྟར་བསྔོ་བ་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་པ་ལ་

p. 604

བརྟེན་ནས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཐུགས་ཀ་ནས་འོད་ཟེར་བྱུང་། ཚེ་ལས་འདས་པ་དེ་དག་ལ་ཕོག་པས་འོད་དུ་ལྟེམ་གྱིས་ཞུ་ནས་བསྔོ་བའི་དཔང་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ། དེ་ཉིད་ཞལ་ནུབ་ཏུ་གཟིགས་ཏེ་དཔག་ཆེན་གྱིས་མདའ་འཕངས་བ་ལྟར། བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་གྱུར། ་་ཅེས་ཀརྨ་ཨ་རཱ་ག་ཞེས་བྱ་བས་བྲིས་པའོ། །བསྔོ་བ་འདི་ཉིད་ལ་འབྲེལ་པ་ཐོགས་ཚད་དང་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་བརྫུས་ཏེ་སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །མངྒ་ལཾ།། །།༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ།

p. 605
p. 606

བདེ་ཆེན་ཞིང་གི་བསྔོ་བ་བསྡུས་པ། རྒྱུན་ཁྱེར་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ་བཞུགས་སོ། །

p. 607

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བདག་ཚེ་དང་ལྡན་པ༔ ཚེ་ལས་འདས་པ་སྒེ། ཞེས་བགྱི་བ་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་སུ་གསོལ། དུས་གསུམ་གྱི་འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་ཡི་རང་བའི་དགེ་བའི་རྩ་བ་དང་། འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདི་ཉིད་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བས་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་དུས་གསུམ་

p. 608

རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་འདི་ཉིད་བདག་ཚེ་དང་ལྡན་པ། ཚེ་ལས་འདས་པ་སྒེ། ཞེས་བགྱི་བའི་རྒྱུད་ལ་ད་ལྟ་ཉིད་དུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་

p. 609

པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །རིགས་དྲུག་འཁོར་བའི་སྐྱེ་སྒོ་མ་ལུས་པ་ཐམས་ཅད་ཆོད་པར་གྱུར་ཅིག །སྐྱེ་བ་འདི་ནས་གཞན་གྱིས་བར་མ་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་སངས་རྒྱས་འོད་དཔག་མེད་པའི་ཞལ་མངོན་སུམ་དུ་མཐོང་ནས་གསུང་གི་གདམས་པ་ནོད་པར་གྱུར་ཅིག །དེ་མ་ཐག་ཏུ་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་ཅིང་རྒྱལ་བ་ཚེ་དཔག་མེད་ཇི་སྲིད་འཚོའི་བར་དུ་ཞབས་འབྲིང་བྱེད་པར་གྱུར་ཅིག །དེས་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་ནས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་བསྔོ་བ་བསྡུས་པ་རང་གཞན་ཤི་གསོན་གང་ལ་ཡང་བསྒྱུར་རུང་བ། ཨ་རྭ་

p. 610

གས་དོན་འགྲུབ་ཀྱི་ཐུགས་དམ་བྱ་ཕྱིར་སྦྱར་བའོ། །མངྒ་ལཾ།། །།༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཚོགས་མཆོད་བྱིན་རླབས་ཆར་འབེབས།

p. 611
p. 612

ཚོགས་མཆོད་བྱིན་རླབས་ཆར་འབེབས་བཞུགས།

p. 613

བདེ་ཆེན་ཞིང་གི་ལྷ་ལ་ཕྱག་འཚལ་ལོ། །འདིར་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཚོགས་མཆོད་བྱ་བར་འདོད་པས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ། བདག་ཉིད་སེམས་དཔའི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་བསྲེགས་གཏོར་བཀྲུས། །མ་དག་ཚོགས་རྣམས་ཀུན་སྦྱངས་ནས། །ཡེ་ཤེས་བདུད་རྩིའི་རང་བཞིན་གྱུར་ཨོ་ཨཱཿཧཱུྃ། སྤྱན་འདྲེན་པ་ནི། གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །བཅོམ་ལྡན་འོད་དཔག་མེད་མགོན་འདིར་བྱོན། །གནས་རི་བོ་ལྟའི་ཕོ་

p. 614

བྲང་ནས། །འཕགས་མཆོག་སྤྱན་རས་གཟིགས་དབང་གནས་འདིར་བྱོན། །གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གསང་བདག་ཕྱག་ན་རྡོ་རྗེ་གནས་འདིར་བྱོན། །གནས་ཕྱིར་མི་ལྡོག་པའི་ཞིང་ཁམས་ནས། །བྱང་སེམས་ཉན་ཐོས་དགྲ་བཅོམ་གནས་འདིར་བྱོན། །ལྷོ་ནུབ་དཔལ་རིའི་ཕོ་བྲང་ནས། །རྗེ་པདྨ་འབྱུང་གནས་གནས་འདིར་བྱོན། །གནས་ཆོས་ཉིད་བདེ་ཆེན་ཀློང་ཡངས་ནས། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་གནས་འདིར་བྱོན། །གནས་ཟབ་ཞི་སྤྲོས་བྲལ་ཕོ་བྲང་ནས། །གྲུབ་ཆེན་ཀརྨ་ཆགས་མེད་གནས་འདིར་བྱོན། །གནས་སྤྱི་གཙུག་ཉི་ཟླའི་

p. 615

གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་གནས་འདིར་བྱོན། །གནས་མཁའ་སྤྱོད་དག་པའི་གཞལ་ཡས་ནས། །ཡི་དམ་རྡོ་རྗེ་ཕག་མོ་གནས་འདིར། །གནས་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་གནས་འདིར་བྱོན། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་གནས་འདིར་བྱོན། །གནས་ཉེ་བའི་འཐུང་སྤྱོད་ཕོ་བྲང་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་གནས་འདིར་བྱོན། །བྱིན་རླབས་དང་དངོས་གྲུབ་བསྩལ་དུ་གསོལ། །འདིར་ཚོགས་ཀྱི་རྣལ་འབྱོར་དམ་ཚིག་གཙང་། །འདོད་ཡོན་གྱི་ཚོགས་མཆོད་དང་རེ་སྤྲོ། །སྤྲོ་དགའ་དང་ལྡན་པའི་མཆོད་པ་འབུལ། །ཚོགས་དང་པོ་ཕུལ་བ་ནི། ཧཱུྃ། བླ་མ་ཡི་དམ་ཆོས་སྐྱོང་ལ། །ག་ཎ་ཙཀྲའི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། བསྐང་བྱ་སྐོང་བྱེད་བསྐང་ཡུལ་རྣམས། །གཉིས་སུ་མེད་པའི་ཀློང་དུ་བསྐང་། །བཤག་བྱ་བཤགས་བྱེད་ཡུལ་ལས་འདས། །རྟེན་འབྲེལ་ཙམ་དུ་བཤགས་པར་བགྱི། །ཀྱེ། གཟིགས་ཤིག་མཛེས་ལྡན་སོགས། བདེ་བར་གཤེགས་པ་

p. 616

སོགས། ཚོགས་ལ་ལོངས་སྤྱོད་ནས་ལྷག་མ་བྲན་ལ། ལྷག་ལ་དབང་བ་དྲེགས་པའི་ཚོགས། །ལྷག་གཏོར་འདི་བཞེས་ཕྲིན་ལས་མཛོད། །མི་མཐུན་གནོད་པའི་ཕྱོགས་ཀུན་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ལྷག་གཏོར་བསྐྱལ། ཆད་མདོ་ནི། ཧཱུྃ། སྣང་སྲིད་ལྷ་སྲིན་མ་མོ་མཁའ་འགྲོའི་ཚོགས། །སྔོན་གྱི་དམ་བཅའ་གཉན་ལ་མ་འདའ་བར། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བརྟན་སྐྱོང་ནི། བྷྱོ། བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་རྣམས། །འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས། །བོད་ཁམས་བདེ་ཞིང་ལོ་ལེགས་སྲིད་རྣམས་འཕེལ། །ཆོས་སྲིད་དར་རྒྱས་མཐོང་ཐོས་སྨིན་གྲོལ་མཛོད་། །གཏོར་བྲོ་ནི། ཧཱུྃ། སྐྱེ་འགགས་གཉིས་སུ་མེད་པའི་ཀློང་། །ཡེ་ཤེས་ཆེན་པོའི་བྲོ་བརྡུང་བས། །གཉིས་འཛིན་དགྲ་བགེགས་རང་སར་དག །ཆོས་ཀྱི་དབྱིངས་སུ་རྣམ་པར་རྒྱལ། །ཞེས་ཚོགས་མཆོད་ཉུང་བསྡུས་འདི་བཞིན་ལྷ་བྲིས་པ་ཀརྨ་ཆོས་འབྱོར་ནས་བསྐུལ་ངོར། ༧ ཀརྨ་པ་བཅུ་བཞི་པས་ས་ཡོས་ཟླ་ཚེས་དགེ་བའི་ཉིན་གདན་ས་ཆེན་པོ་འོག་མིན་མཚུར་ཕུར་སྦྱར་བ་དགེ་ལེགས་འཕེལ། །

Pecha page