མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།
འཇམ་དཔལ་ཁྲོ་ཆུའི་བརྒྱུད་འདེབས།
འཇམ་དཔལ་ཁྲོ་ཆུའི་བརྒྱུད་འདེབས་བཞུགས། །རྡོ་རྗེ་འཆང་ཆེན་འཇམ་དཔལ་ཡེ་ཤེས་སེམས། །ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གི་གདོང་། །འཇམ་དཔལ་བཤེས་གཉེན་པདྨ་འབྱུང་གནས་དང་། །ཁྲག་འཐུང་ནག་པོ་བཱ་སུ་དྷཱ་ར་དང་། །སངས་རྒྱས་ཡེ་ཤེས་གཏེར་སྟོན་ཞང་ཁྲོ་པ། །དར་དབང་ཤཱཀྱ་རྡོ་རྗེ་ཨ་གྲགས་དང་། །ཨ་དབང་མི་བསྐྱོད་རྡོ་རྗེ་ཆོས་རྒྱལ་མཚན། །བྲག་ལྷ་ཨ་རྡོར་བསོད་ནམས་རྣམ་རྒྱལ་དང་། །གྲགས་པ་རིན་ཆེན་ཨ་མོ་གྷ་སིདྡྷི། །ཁྲོ་ཆུ་ལས་གཤིན་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་ཡེ་ཤེས་རྒྱལ་བ་རྡོ་རྗེ་དང་། །རོལ་པའི་རྡོ་རྗེ་རང་བྱུང་རྡོ་རྗེ་དང་། །མི་བསྐྱོད་རྡོ་རྗེ་ཛྷཱ་ན་རིན་ཆེན་དང་། །ཆོས་ཀྱི་རྒྱལ་མཚན་བྲག་ལྷ་ཨ་རྡོར་དང་། །བསོད་ནམས་རྣམ་རྒྱལ་གྲགས་པ་རིན་ཆེན་དང་། །ཨ་མོ་གྷ་དང་ཡི་དམ་ཁྲོ་ཆུ་ལ། །གསོལ་བ་འདེབས་སོ་ནུས་པའི་དངོས་གྲུབ་སྩོལ། །སངས་རྒྱས་འཇམ་དབྱངས་པད་འབྱུང་ཁྲག་འཐུང་ནག །ཞང་ཁྲོ་གཡུང་སྟོན་སྐྱོ་སྟོན་གསང་བདག་དང་། །ཞང་སྟོན་འཁོར་ལོ་རྒྱལ་དང་བསོད་རྣམ་རྒྱལ། །སངས་རྒྱས་དཔལ་དང་བསོད་ནམས་མགོན་པོ་དང་། །བསམ་འགྲུབ་རྡོ་རྗེ་ཤཱཀྱ་
འབྱུང་གནས་དང་། །བྱང་ཆུབ་འོད་དང་ཀུན་བཟང་པད་ཐོད་ཕྲེང་། །ཉི་མ་ཐོད་ཕྲེང་དཔལ་འབྱོར་རྒྱ་མཚོ་དང་། །བྱང་ཆུབ་རྒྱ་མཚོ་བསོད་ནམས་རྣམ་རྒྱལ་དང་། །གྲགས་པ་རིན་ཆེན་ཨ་མོ་གྷ་སིདྡྷི། །རཱ་ག་ཨ་སྱ་མ་ཏི་བྷ་དྲའི་མཚན། །ཁྲོ་ཆུ་ཡ་མའི་ཚོགས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞི། །འབད་མེད་དགོས་པར་ལྷུན་གྱིས་གྲུབ་པ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བ་དང་། །ཚེ་འདི་ཉིད་ལ་ཡི་དམ་ཞལ་མཐོང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་དང་། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་འཇམ་དཔལ་ཁྲོ་ཆུའི་བརྒྱུད་རིམས་གསོལ་འདེབས་༧ ཀརྨ་ཨ་རཱ་གས་སོ། །མངྒ་ལཾ།། །།
ཁྲོ་ཆུའི་བརྒྱུད་རིམ་གསོལ་འདེབས།
ཁྲོ་ཆུའི་བརྒྱུད་རིམ་གསོལ་འདེབས་ནི། འཇམ་དཔལ་པད་འབྱུང་ཁྲག་འཐུང་ནག་པོ་དང་། །བཱ་སུ་སངས་རྒྱས་ཡེ་ཤེས་ཞང་ཁྲོམ་པ། །དར་དབང་ཤཱཀྱ་རྡོ་རྗེ་ཨ་གྲགས་དང་། །ཨ་དབང་མི་བསྐྱོད་རྡོ་རྗེ་ཆོས་རྒྱལ་མཚན། །བྲག་ལྷ་ཨ་རྡོར་བསོད་ནམས་རྣམ་རྒྱལ་དང་། །གྲགས་པ་རིན་ཆེན་ཨ་མོ་གྷ་སིདྡྷི། །ཁྲོ་ཆུ་ལས་གཤིན་རྣམས་ལ་གསོལ་བ་འདེབས། །ཞེས་པ་༧ རཱ་ག་ཨ་སྱས་གྱིས་པའོ།། མངྒ་ལཾ།། །། ༈ སངས་རྒྱས་ཡེ་ཤེས་རྒྱལ་བ་རྡོ་རྗེ་དང་། །རོལ་པའི་རྡོ་རྗེ་རང་བྱུང་རྡོ་རྗེ་དང་། །མི་བསྐྱོད་རྡོ་རྗེ་ཛྷཱ་ན་རིན་ཆེན་དང་། །ཆོས་ཀྱི་རྒྱལ་མཚན་བྲག་ལྷ་ཨ་རྡོར་དང་། །བསོད་ནམས་རྣམ་རྒྱལ་གྲགས་པ་རིན་ཆེན་དང་། །ཨ་མོ་གྷ་དང་ཡི་དམ་ཁྲོ་ཆུ་ལ། །གསོལ་བ་འདེབས་སོ་ནུས་པའི་དངོས་གྲུབ་གྲུབ་སྩོལ། ༧ །ཀརྨ་ཨ་རཱ་གས་སོ།། ༈ །།སངས་རྒྱས་འཇམ་དབྱངས་པད་འབྱུང་ཁྲག་འཐུང་ནག །བཱ་སུ་དྷ་ར་སངས་རྒྱས་ཡེ་ཤེས་དང་། །ཞང་ཁྲོམ་གཡུང་སྟོན་སྐྱོ་སྟོན་གསང་བདག་དང་། །ཞང་སྟོན་འཁོར་ལོ་རྒྱལ་དང་བསོད་རྣམ་རྒྱལ། །སངས་རྒྱས་དཔལ་དང་བསོད་ནམས་མགོན་པོ་དང་། །བསམ་འགྲུབ་རྡོརྗེ་ཤཱཀྱ་འབྱུང་གནས་དང་། །བྱང་ཆུབ་འོད་དང་ཀུན་
བཟང་པདྨ་ཐོད་ཕྲེང་དང་། །ཉི་མ་ཐོད་ཕྲེང་དཔལ་འབྱོར་རྒྱ་མཚོ་དང་། །བྱང་ཆུབ་རྒྱ་མཚོ་བསོད་ནམས་རྣམ་རྒྱལ་དང་། མའི་ཚོགས་ལ་གསོལ་བ་འདེབས། །ཞེས་ཁྲོ་ཆུའི་བརྒྱུད་རིམ་༧ ཀརྨ་ཨ་རཱ་གས་བགྱིས་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།
གཞི་བདག་དཀར་གཏོར།
དེ་ནས་དཀར་གཏོར་དང་གསེར་སྐྱེམས་ཆུ་གཙང་གིས་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས་ནས། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། གཡས་པའི་མཐེ་བོང་མཐེའུ་མནན། ལྷག་མ་གསུམ་པོ་བསྒྲེངས་ལ། ཨོཾ་སྭ་བྷ་ཝ་བི་ཤུདྡྷེ་དྷརྨཱ་ཏི་བཛྲ་སིདྡྷི་ཧཱུྃ། ཞེས་སྦྱངས། ཐལ་མོ་བཀན་ལ་བསྙིལ་བའི་ཚུལ་བྱས་ལ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བར་བཞག་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷ་སརྦ་ཐ་ཁམ་ཨུཏྤ་ཏེ་སྤ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་མང་པོ་སྤེལ། ལག་པའི་སོར་མོ་བསྣོལ་ལ་གུང་མོ་རྩེ་སྤྲད་ལ་བཅག་སྟེ་དཔྲལ་བར་བཅིངས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པས་བདུད་རྩིར་བསྒྱུར། གཡོན་གྱི་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག །གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་སོགས༔ ཞེས་པས་འདོད་དོན་བསྒྲུབ་པར་བསམས་ལ། གཡས་པས་ཁྲོ་བོའི་ཁུ་ཚུར་བཅང་སྟེ་བསྒྲིགས་ལ་རྫས་ལ་གཏད་དེ། སེ་གོལ་བརྡབ་ཅིང་དཀྲོལ་ལ། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་སོགས། ཞེས་རྒྱལ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་
རྒྱས་སོ་སོར་ཐོབ་པར་བསམས་བྱས་ལ། གཡས་པས་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། ཨོཾ་རུ་རུ་ཕུ་རུ་ཛྭ་ལ་སིདྡྷི་སརྦ་ཨརྦ་ས་དྷ་ནི་ཧཱུཾ་ཕཊ་སྭ་ཧཱ། ཞེས་པས་མཉམ་པོར་ཐོབ་པར་བསམ། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སོགས། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཕྱོགས་སྐྱོང་བཅུ་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་ལྔ་དང་། སྲིད་པ་གསུམ་གྱི་འབྱུང་པོ་མཐུ་བོ་ཆེ། འཇིག་རྟེན་སྐྱོང་བ་འཁོར་དང་བཅོས་པ་རྣམས་ལ་འབུལ་ལོ། །ཁྱད་པར་དུ་ཡང་བརྟན་མ་བཅུ་གཉིས་ལ་སོགས་པའི་བོད་ཀྱི་གནས་བདག་གཞི་བདག་བྱེ་བྲག་ཏུ་ཡང་ས་ཕྱོགས་ཡུལ་རིས་ཉེ་སྐོར་འདི་ཉིད་ལ་གནས་པའི་གཞི་བདག་གནས་བདག་ཐམས་ཅད་ལ་འབུལ་ལོ། །རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཁ་འཛིན་རྒྱབ་རྟེན་དགེ་བའི་སྡོང་གྲོགས་བྱེད་པའི་ལྷ་ཀླུ་དགེ་བསྙེན་རྣམས་ལ་འབུལ་ལོ། །དམ་རྫས་བདུད་རྩིའི་གཏོར་མ་གསེར་སྐྱེམས་རྒྱ་ཆེན་པོ་འདི་འབུལ་གྱིས་བཞེས་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་འགྲོ་ན་མ་བཅག །སྡོད་ན་མ་སྡང་། བསམ་པ་མ་ངན། སྦྱོར་བ་མ་རྩུབ།
འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་ཕྲིན་ལས་མཛོད་ཅིག །དེ་ནས་དཀར་གཏོར་དང་གསེར་སྐྱེམས་བཏེགས་ཏེ། ཧཱུྃ། བྱིན་རླབས་གཏེར་འཆང་བླ་མ་ཐོད་ཕྲེང་རྩལ། །མཐུ་སྟོབས་དབང་ཕྱུག་འཇམ་དཔལ་ཁྲོ་བོ་རྒྱལ། །དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་གི །བདེན་པའི་བཀའ་ལ་ཐམས་ཅད་ཀུན་ཉོན་ཅིག །ང་ནི་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །འཇིག་རྟེན་འདས་དང་མ་འདས་ཀུན་གྱི་གཙོ། །རྒྱལ་བའི་ཕྲིན་ལས་མངའ་བདག་ཁྲོ་རྒྱལ་གྱི། །བཀའ་ལས་མ་འདའ་དགོས་པའི་ཕྲིན་ལས་སྒྲུབས། །མཁའ་མཉམ་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །གདུལ་དཀའི་གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་བསྒྲུབ་ལགས་པས། །དཀར་ཕྱོགས་སྐྱོང་བའི་གཞི་བདག་ཁྱེད་རྣམས་ཀྱིས། །གཙང་སྦྱར་ཡིད་དུ་འོང་བའི་གསེར་སྐྱེམས་དང་། །ལྷ་རྫ་ས་ལས་གྲུབ་གཏོར་མ་རྒྱ་ཆེན་པོ། །ཟག་མེད་དགྱེས་པ་ཆེན་པོའི་བདུད་རྩི་འདི། །འབུལ་གྱིས་བཞེས་ལ་
དགེ་བའི་གྲོགས་མཛོད་ཅིག །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ལ། །རུ་ང་ཕྲག་དོག་བསམ་སྦྱོར་མ་སྟོན་ཅིག །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་མཐའ་དག་སྒྲུབ་པའི་ལས་མཛོད་ཅིག །ཅེས་གཙང་སར་བསྐྱལ་ཞིང་འབུལ་ལོ། །རཱ་ག་ཨ་སྱས་སྦྱར་བའོ།། །།ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བགེགས་གཏོར།
དེ་ནས་བགེགས་ལ་གཏོར་མ་སྦྱིན་པ་ནི། གླུད་གཏོར་ལ་སྒྲུབ་པ་པོ་རྣམས་ཀྱི་ལུས་ལ་དྲུད་པའི་ཆངས་བུའི་བསྐོར་ལ། ཤ་དུམ། གླུད་གོས་བཀོན་ལ། ཆུ་གཙང་གིས་བྲན་ལ། བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷ་ཝས་སྦྱངས་ནས། སྟོང་པའི་ངང་ལས་པཾ་ལས་པད་གཞོང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་དཀར་པོ་ཡོངས་སུ་གྱུར་པ་ལས། ལན་ཆགས་གླུད་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་ཡིད་དང་མཐུན་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་སྤྲུལ་པའི་ལས་བྱེད་ཀྱི་ཁྲོ་བོ་གནོད་མཛེས་ལྕགས་ཀྱུ་ཐོ་བ་འཛིན་པ་དཔག་ཏུ་མེད་པས་གནོད་བྱེད་འགུགས་པའི་ལས་བྱེད་པ་ཞིག་ཏུ་གྱུར། འཀི་རཱ་ཛ་ཧཱུྃ་ཛ༔ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུང་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་
བཀའ་བདེན་པ་དང་། ཁྱད་པར་དུ་ཡང་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གི་གདོང་པ་ཅན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ས་བདག །དམ་སྲི་རྒྱལ་འགོང་། ཐེའུ་རང་འགོང་པོ། ནད་འདྲེ་གཅོང་སྲི། ལ་སོགས་པའི་གདོན་བགེགས་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་དང་། བགེགས་ཀྱི་རྒྱལ་པོ་བྱི་ནྱ་ཀས་གཙོར་བྱས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་དང་བཅས་པ་ནད་བདག་ཡམས་བདག་རིམས་བདག་གི་ཚོགས་དང་བཅས་པ་རྣམས་བགེགས་ཀྱི་གཏོར་མ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག་ཌཀི་ཧཱུྃ་ཛ༔ ལན་གསུམ། སརྦ་བྷིགྷཱན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་སོགས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་རླབས། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མོ་བདག་གི་བསམ་པའི་སོགས་ནས། འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་ནས། དམ་པ་གཉིས་ནི་ཐོབ་པར་ཤོག །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་
གནས་སུ་གྱུར་པ་ནི། ལན་ཆགས་ཀྱི་བདག་པོ་བདག་མོ། ནད་ཀྱི་བདག་པོ་བདག་མོ། ཡམས་ཀྱི་བདག་པོ་བདག་མོ། རིམས་ཀྱི་བདག་པོ་བདག་མོ། གྲིབ་ཀྱི་བདག་པོ་བདག་མོ་རྣམས་ལ་སྦྱིན་ནོ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་བུ་ལོན་སོད། ཤ་འཁོན་བྱང་། ལན་ཆགས་དག །སྡིག་སྒྲིབ་དག་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དེ་ནས་རྔ་བརྡུང་ཞིང་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཡང་དག་དོན་ལ་རྟག་ཏུ་མི་མོས་ཤིང་། །དཀྱིལ་འཁོར་སྒྲུབ་ལ་བར་དུ་གཅོད་པ་ཡི། །བགེགས་དང་ལོག་འདྲེན་ཚོགས་རྣམས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་མ་འདི་ཡིས་ཚིམ་མཛོད་ལ། །གནོད་འཚེའི་བསམ་པ་ཐམས་ཅད་རབ་སྤངས་ནས། །སོ་སོ་རང་རང་གནས་སུ་བདེ་བར་དེངས། །ཅི་ཏེ་མི་འགྲོ་འདི་རུ་འཆེ་བྱེད་ན། །ཐལ་བ་རྡུལ་དུ་བརླག་པར་གདོན་མི་ཟ། །དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རིཀཱ་ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ་ཨ་ཀྲོ་རཱ་ཙ་ཡ་མ་རཱ་ཙ་ས་མཱ་ཡ། གནོད་བྱེད་སརྦ་ཤ་ཏྲོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཕྱི་རོལ་དུ་དོར། ཁྲོ་ཆུའི་ལུང་རིག་ལས། སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།
བཅོམ་ལྡན་འདས་འཇམ་ལ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་གདོང་གི་ལས་བྱང་བསྙེན་སྒྲུབ་སྲུང་ཟློག་གི་དམིགས་རིམ་ངག་འདོན་རྒྱུན་ཁྱེར་ཉུང་ངུར་བསྡུས་པ་ཁྲོ་ཆུ་གནམ་ལྕགས་གོ་མཚོན།
ཟླ་གསང་ནག་པོའི་རྒྱུད་དང་། འཇམ་དཔལ་ཁྲོས་པའི་རྒྱུད་དང་སློབ་དཔོན་བཱ་སུ་དྷ་རའི་རྒྱ་གཞུང་གི་མན་ངག་བཅོམ་ལྡན་འདས་འཇམ་ལ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་གདོང་གི་ལས་བྱང་བསྙེན་སྒྲུབ་སྲུང་ཟློག་གི་དམིགས་རིམ་ངག་འདོན་རྒྱུན་ཁྱེར་ཉུང་ངུར་བསྡུས་པ་ཁྲོ་ཆུ་གནམ་ལྕགས་གོ་མཚོན་ཞེས་བྱ་བ་བཞུགས་སོ།།
བརྡ་ཡིག༔ འཇམ་དཔལ་རིགས་གསུམ་ཞབས་ལ་འདུད། །གསུམ་ལྡན་བརྒྱུད་པའི་མན་ངག་བཞིན། །སྐུ་གསུམ་འབྲས་བུ་ཐོབ་པ་དང་། །སྒོ་གསུམ་བར་ཆད་ཟློག་པའི་ཕྱིར། །རིགས་གསུམ་ཁྲོས་པའི་ཁྲོ་བོ་ཡི། །སྲུང་ཟློག་བསད་གསུམ་དམིགས་རིམ་རྣམས། །ཉུང་བསྡུས་སྒོ་གསུམ་དང་བས་བྲི། །རྩ་བ་གསུམ་གྱིས་གནང་བ་སྩོལ། །གཞུང་ལྟར་དཀྱིལ་འཁོར་རྒྱས་པའམ། །ཡང་ན་ཅི་འབྱོར་གཏོར་མ་བཤམས། །མ་ཡེངས་རྩེ་གཅིག་ཏིང་འཛིན་གྱིས། །གྱེར་སྒོམ་སྦྲགས་ལ་འདི་སྐད་དོ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་གསུམ་པོ་དང་། །གཤིན་རྗེའི་གཤེད་པོའི་དཀྱིལ་
འཁོར་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །སྣང་གྲག་ཆོས་རྣམས་རང་བཞིན་མེད་པ་ལ། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །དེ་ཕྱིར་བདག་ནི་གཤིན་རྗེའི་གཤེད་གྱུར་ནས། །དེ་རྣམས་སངས་རྒྱས་ས་ལ་འགོད་པར་བྱ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །ཧཱུྃ། ང་ནི་དཔལ་ཆེན་གཤིན་རྗེའི་གཤེད། །ཁྲོས་པའི་ཐུགས་ཀྱི་འཕྲོ་འདུ་ལས། །ལས་ཀྱི་གཤིན་རྗེས་ནམ་མཁའ་གང་། །སྤྲུལ་པའི་ཁྲོ་མོས་བར་སྣང་གང་། །སྲས་ཀྱི་ཁྲོ་
ཆུང་ས་གཞི་གཏམས། །དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག། །དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀཱ། ཀྲོ་ཏ་པ་ཙ་ལ་ཏི། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ། ས་མ་ཡ། །དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧུར་ཐུ་ཆད་ཡ། ཧཱུཾ། བསམ་བརྗོད་བྲལ་བའི་ངང་ཉིད་ལས། །ཐམས་ཅད་སྟོང་པའི་རང་བཞིན་ཉིད། །སྨན་རཀ་གཏོར་གསུམ་དངོས་པོ་རྣམས། །རྟོག་གཉིས་བདག་འཛིན་བྲལ་བ་ལས། །རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས། །བདག་གཞན་རྟོག་པའི་དྲི་མ་སྦྱངས། །མེ་རླུང་ཆུ་ཡང་འོད་དུ་ཞུ། །སྨན་རཀ་གཏོར་གསུམ་དངོས་པོར་གྱུར། །རྟོག་གཉིས་དག་ནས་སྣོད་བཅུད་རྣམས། །འདོད་པའི་ཡོན་ཏན་དུ་མར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱིཥཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛ་ལ་མཎྜལ་ཧཱུྃ་ཧཱུྃཁཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧཱིཐཱ། ཨོཾ་ཨཱཿཧཱུྃ་ཨགྷཾ་པུཥྛ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནི་ཝི་ཏྱཱ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་འཇིག་རྟེན་ཁམས། །ཚ་གྲང་མཚོན་ཆ་འཁྲུགས་པའི་གནས། །དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས། །ལྕགས་བསྲེགས་ལས་གྲུབ་གཞལ་ཡས་ཁང་། །དེ་ཡི་ཕྱི་
རོལ་རིམ་པ་ལྟར། །འཇམ་དཔལ་དཀར་པོ་སེར་པོ་དང་། །ཁྲོ་བོ་དཀར་པོ་ནང་གཟིགས་གུར། །དེ་ཡི་ཕྱི་རོལ་གསེར་གྱི་འཁོར་ལོ་ནི། །རྩིབས་སྟོང་ནང་དུ་སངས་རྒྱས་སྟོང་། །ཕྱི་རོལ་འོད་ཟེར་དཀར་པོ་དང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་ཐོད་པ་རིམ་གསུམ་དང་། །དུར་ཁྲོད་ཁྲོ་ཆུ་ཁོལ་མ་དང་། །ས་ཆུ་མེ་རླུང་ནམ་མཁའི་གུར། །དེ་རྒྱབ་དུག་རྫས་རྡོ་རྗེའི་མཁར། །སྨུག་ནག་གྲུ་བཞི་མེ་ཕུང་འབར། །དུག་རླངས་སྔོ་དམར་རབ་ཏུ་འཕྱུར། །ཕྱི་རོལ་གནམ་ལྕགས་འཁོར་ལོ་ཡི། །རྩིབས་སྟོང་ནང་དུ་ཁྲོ་བོ་སྟོང་། །རང་འདྲའི་ཁྲོ་ཆུང་དཔག་མེད་དང་། །ཡེ་ཤེས་ལས་ཀྱི་གཤིན་རྗེའི་ཚོགས། །དྲེགས་པ་ལྷ་སྲིན་ཐམས་ཅད་ཀུན། །ཕྱིར་གཟིགས་ཟློག་པའི་ལས་རྣམས་མཛད། །རླུང་གི་སྤུ་གྲི་གྲི་གུག་རྣམས། །སོ་འཐབས་འཁོར་བས་གནོད་བྱེད་གཏུབས། །དེ་ཕྱིར་མཚོན་ཆ་སྣ་ཚོགས་གུར། །གྲུ་བཞི་དུག་རླངས་སྤྲིན་ལྟར་གཏིབས།། ཕྱི་རོལ་མེ་དཔུང་ཁ་དོག་ལྔ། །དུམ་བུ་གཅིག་ཏུ་འབར་བར་གྱུར། །དེ་དབུས་ཆོས་འབྱུང་བསྣོལ་མ་དང་། །བྱད་མ་ཉི་ཟླ་པདྨའི་སྟེང་། །རང་ཉིད་སྐད་ཅིག་བརྫུས་སྐྱེས་སུ། །
ལས་ཀྱི་གཤིན་རྗེ་ནག་པོ་ནི། །སྐུ་མདོག་དམར་ནག་མེ་ལྟར་འབར། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །གཡས་ལྗང་གཡོན་དམར་དབུས་མཐིང་ནག །དབུ་གསུམ་སྟེང་ན་མཆོད་རྟེན་གསུམ། །དུག་དང་ཁྲོ་ཆུ་ལྕགས་ལས་བྱས། །སྲིད་པའི་རྩེ་ལ་སླེབ་པར་གསལ། །ཞལ་གསུམ་འཇིགས་པའི་ཁ་གདངས་ཤིང་། །དགྲ་བགེགས་བྱད་མ་གསོལ་བར་བྱེད་། །ཕྱག་དྲུག་གཡས་གསུམ་དགྲ་སྟ་བསྣམས། །དགྲ་བགེགས་བྱད་མའི་མགོ་ལུས་ཕྲལ། །གཡོན་གསུམ་དགྲ་བོ་བྱེད་མ་ཡི། །ཙིཏྟ་སྲོག་རྩ་བཅས་པ་བསྣམས། །ཁྱད་མ་ལྷ་སྲུང་བཅས་པ་རྣམས། །གསོད་པའི་སྤུ་གྲི་རལ་གྲི་ཡི། །གཤོག་པས་གནོད་བྱེད་ཐམས་ཅད་གཏུབས། །སྐུ་སྨད་ཁྲོ་ཆུའི་ཕུར་པ་ལ། །ཆུ་སྲིན་རྔམས་པའི་ཞལ་གདངས་ཤིང་། །སྦྲུལ་ནག་གདུག་པའི་ཆུན་པོས་བརྒྱན། །དུག་དང་ཁྲག་གི་ངར་དང་བཅས། །དགྲ་བགེགས་ལྷ་སྲུང་འཛེར་བར་བྱེད། །བ་སྤུའི་བུ་ག་ཐམས་ཅད་དུ། །རང་དང་འདྲ་བའི་ཁྲོ་བོས་གཏམས། །མཚོན་ཆ་སྐར་ལྟར་འཁྲུགས་པའི་ཚོགས། །ཅི་བཅོལ་ལས་རྣམས་བྱེད་པའོ། །རྒྱན་ནི་འཇིགས་པའི་ཆ་ལུགས་རྫོགས། །དུག་གི་མེ་དཔུང་ནང་
ནས་བཞེངས། །གཙོ་བོའི་མངོན་རྟོགས་འདི་སློབ་དཔོན་བཱ་སུ་དྷ་རའི་རྒྱ་གཞུང་ལགས་སོ། །དེ་ཡི་ཐུགས་ཀར་རྡོ་རྗེ་དང་། །འོད་ཟེར་དཀར་པོའི་གུར་ཁང་ན། །རྒྱལ་བ་སྲས་བཅས་སྲུང་བའི་གུར། །དེ་ནང་རང་གི་ཙིཏྟ་ནི། །ཟུར་གསུམ་སྲ་ཞིང་མཁྲེགས་པའི་ནང་། །པད་ཉིར་གནམ་ལྕགས་རྡོ་རྗེ་ནི། །མཐིང་ནག་རྩེ་དགུའི་ལྟེ་བ་རུ། །འོད་ཟེར་ཁ་དོག་རྣམ་ལྔ་དང་། །རྟེན་འབྲེལ་དབྱངས་གསལ་ཕྲེང་བའི་གུར། །དེ་ནང་ཧཱུཾ་ཡིག་གིས་བསྡམས་པའི། །ཉི་ཟླའི་གའུ་པད་ཉིའི་སྟེང་། །ཧཱུྃ་ཡིག་མཐིང་ནག་ཞབས་ཀྱུའི་ནང་། །ཡ་ཡིག་དམར་ནག་མཚན་པའོ། །གཙོ་བོའི་མདུན་དུའཆི་བདག་ནག །གཡས་སུ་ཚེ་བདག་དམར་པོ་དང་། །ཁེ་བྷ་སྭ་ཏ་ཁམ་ནག་སྟེ། །གཡོན་དུ་སྲོག་བདག་ནག་པོ་དང་། །ཟ་བ་ལྗང་ནག་ལྔ་པོ་ནི། །དགྲ་སྟ་ཕྱུར་ཞིང་ཙིཏྟ་བསྣམས། །རྒྱབ་ཏུ་ཡ་མ་རཱ་ཙ་ནི། །མཐིང་ནག་ཆུ་སྲིན་གདོང་པ་ཅན། །རལ་གྲི་ཞགས་པ་འཛིན་པའོ། །ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་རྫོགས། །སྐེད་པ་ཆུ་སྲིན་སྦྲུལ་ཆུན་འཕྱངས། །སྐུ་སྨད་ཁྲོ་ཕུར་གནོད་བྱེད་གཟིར། །དུག་རླངས་མེ་ཕུང་ནང་ན་བཞེངས། །ཀུན་གྱི་གནས་གསུམ་
འབྲུ་གསུམ་དང་། །ཐུགས་ཀའི་ཡ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའི་སྤྱན་དྲངས་གྱུར། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་གཤེགས་སུ་གསོལ། །དུས་གསུམ་སངས་རྒྱས་གཤེགས་སུ་གསོལ། །འཇམ་དཔལ་རིགས་གསུམ་གཤེགས་སུ་གསོལ། །རིགས་གསུམ་མགོན་པོ་གཤེགས་སུ་གསོལ། །འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ། །ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་ན། །ཚ་གྲང་འཁྲུགས་པའི་དཀྱིལ་འཁོར་ནས། །ཕྱི་ནང་ཡི་དམ་ཆོས་སྐྱོང་དང་། །བོན་སྐྱོང་ཀུན་གྱི་གཤེད་པོ་སྟེ། །ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ། །འཆི་བདག་ནག་པོ་གཤེགས་སུ་གསོལ། །ཚེ་བདག་ནག་པོ་གཤེགས་སུ་གསོལ། །སྲོག་བདག་ནག་པོ་གཤེགས་སུ་གསོལ། །བེ་བྷ་སྭ་ཏ་གཤེགས་སུ་གསོལ། །ཟ་བ་ལྗང་ནག་གཤེགས་སུ་གསོལ། །ཡ་མ་རཱ་ཙ་གཤེགས་སུ་གསོལ། །བྱེད་ཁ་དྲོད་གཏོང་བཟློག་ཕྱིར་གཤེགས་སུ་གསོལ། །ཆག་ཆེན་ཉམ་ང་བཟློག་ཕྱིར་གཤེགས་སུ་གསོ། །བྱད་ཟོར་ཕུར་ཁ་བཟློག་ཕྱིར་གཤེགས་སུ་གསོལ། །
ཟོར་ཁ་རླུང་ཁ་བསྒྱུར་ཕྱིར་གཤེགས་སུ་གསོལ། །མོ་ངན་རྩིས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །རྨིས་ལྟས་མཚན་ངན་བཟློག་ཕྱིར་གཤེགས་སུ་གསོལ། །རྐྱེན་ངན་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ཧཱུྃ། དྲག་པོ་མཚོན་ཆའི་དཀྱིལ་འཁོར་དུ། །དུག་ཕུར་གཏམས་པའི་ཁྲི་སྟེང་དུ། །པདྨ་ཉི་ཟླ་གཤིན་རྗེ་དང་། །དྲེགས་ཆེན་ལྷ་སྲིན་སྡེ་བརྒྱད་དང་། །བདུད་དང་མུ་སྟེགས་དྲེགས་བྱེད་ཚོགས། །དམིགས་པའི་དགྲ་བགེགས་རུ་ཊ་དང་། །གནོད་བྱེད་བསྐྱེལ་བའི་གདན་སྟེང་དུ། །ལས་གཤིན་ཁྲོ་ཆུ་འཁོར་དང་བཅས། །དགྱེས་ཤིང་མི་གཡོ་བཞུགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ། །བདུད་དང་མུ་སྟེགས་འདུལམཛད་པ། །ཁྲོ་ཆུ་དུག་གདོང་ཕྱག་འཚལ་ལོ། །འཁོར་གྱི་ལས་མཁན་གཤིན་རྗེའི་ཚོགས། །གདུག་པ་འདུལ་ལ་ཕྱག་འཚལ་ལོ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རིགས་
གསུམ་མགོན་པོའི་ལྷ་ཚོགས་དང་། འཇམ་དཔལ་རིགས་ལྔ་རིགས་གསུམ་དང་། །གཤིན་རྗེ་ཁྲོ་ཆུ་དུག་གདོང་དང་། །བཀའ་ཉན་དྲེགས་བྱེད་ལྷ་ཚོགས་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོའི་མཆོད་པ་དང་། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨགྷཾ་པུཎྜེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤརྡ་པྲ་ཏིཙྪ་ཨཱཿཧཱུྃ༔ ཧཱུྃ། སྣང་སྲིད་སྣོད་བཅུད་མཚན་ལྡན་ཀ་པཱ་ལ། །འབྲུ་བཅུད་སྟོང་སྦྱར་རིགས་ལྔ་སྐུ་ལྔའི་དངོས། །ཡེ་ཤེས་ལྔ་ཡི་འབྲུ་བཅུད་བདུད་རྩི་འདི། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་རི་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཧཱུྃ། དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག །མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག །གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་པོ། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་ཡ་མཱན་ཀ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། དེ་ནས་བསྙེན་པའི་དམིགས་རིམ་ནི། །དབུ་གཙུག་མཆོད་རྟེན་གསུམ་ནང་རིགས་གསུམ་མགོན། །དུས་གསུམ་རྒྱལ་བ་
སྲས་བཅས་བསྐོར་བ་ལས། །འོད་འཕྲོས་བདག་གཞན་དུས་གསུམ་སྒྲིབ་པ་སྦྱངས། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་གྱུར། །ཏདྱ་ཐཱ། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། རྒྱལ་བའི་སྐུ་ལས་འོད་ཟེར་ཁ་དོག་ལྔ། །རང་གི་གནས་ལྔར་ཐིམ་པས་དབང་མཆོག་བསྐུར། །སྟོབས་བཅུ་རྫུ་འཕྲུལ་ཐོགས་མེད་དབང་ཐོབ་ནས། །དབང་རྟགས་རྒྱལ་བ་རིགས་ལྔས་དབུ་རྒྱན་གྱུར། །ཨོཾ་ཨཱཿཧཱུྃ་བུདྡྷ་དྷ་ར། བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། ཀརྨ་དྷ་ར་སིདྡྷི་ཧཱུཾ། དཔྲལ་བར་འཇམ་དཔལ་དཀར་པོའི་འོད་ཟེར་གྱིས། །ལུས་ཀྱི་སྒྲིབ་སྦྱངས་བདེར་གཤེགས་རིགས་རྣམས་མཆོད། །སྐུ་ཡི་བྱིན་རླབས་ཨོཾ་ཡིག་རྣམ་པར་བསྡུས། །འཇམ་དཔལ་ལ་ཐིམ་འོད་ཞུ་ཨོཾ་དཀར་གྱུར། །ཨོཾ་ཝཱ་གཱི་ཤྭ་རི་མྱི། །མགྲིན་པའི་སྤྱན་རས་གཟིགས་ཀྱི་འོད་ཟེར་གྱིས། །ངག་གི་སྒྲིབ་སྦྱངས་པདྨའི་རིགས་རྣམས་མཆོད། །གསུང་གི་བྱིན་རླབས་ཨཱཿཡིག་དམར་པོར་བསྡུས། །སྤྱན་རས་གཟིགས་ཐིམ་འོད་ཞུ་ཨཱཿདམར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། །ཐུགས་ཀའི་ཕྱག་ན་རྡོ་རྗེའི་འོད་ཟེར་གྱིས། །ཡིད་ཀྱི་སྒྲིབ་སྦྱངས་རྡོ་རྗེའི་རིགས་རྣམས་མཆོད། །ཐུགས་
ཀྱི་བྱིན་རླབས་ཧཱུྃ་ཡིག་རྣམ་པར་བསྡུས། །ཕྱག་རྡོར་ལ་ཐིམ་འོད་ཞུ་ཧཱུྃ་མཐིང་གྱུར། །ཨོཾ་བཛྲ་པཱ་ཎི་ཧཱུྃ། །ཐུགས་ཀར་འཇམ་དཔལ་རིགས་ལྔའི་འོད་ཟེར་གྱིས། །དུག་ལྔའི་སྒྲིབ་སྦྱངས་རིགས་ལྔའི་རྒྱལ་བ་མཆོད། །སྐུ་ལྔ་ཡེ་ཤེས་འོད་ཟེར་རྣམ་ལྔར་བསྡུས། །ལྷ་ལྔ་ལ་ཐིམ་ལྷ་ལྔ་ཧཱུྃ་ལ་ཐིམ། །ཨོཾ་ཝཱ་གཱི་ཤྭ་རི་མཱི། །ཞི་བསྙེན་འདི་ལ་ཅུང་ཟད་བཟླ། ཐུགས་ཀའི་ཧཱུཾ་མཐར་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་སྒྲིབ་པ་སྦྱངས། །ནད་གདོན་གནོད་བྱེད་ཐམས་ཅད་ཚར་བཅད་ཅིང་། །སངས་རྒྱས་སྲས་བཅས་ཀུན་གྱི་བྱིན་རླབས་དང་། །འགྲོ་བའི་ཚེ་བསོད་དྲེགས་པའི་མཐུ་སྟོབས་ཀུན། །འོད་ཟེར་རྣམ་པར་བསྡུས་ནས་རང་ལ་ཐིམ། །བདག་ཉིད་མཐུ་སྟོབས་གཟི་བརྗིད་མཚུངས་མེད་གྱུར། །ཨོཾ་མཉྫའི་ཡ་མཱནྟ་ཀ། །རྒྱ་གྷི་ཝ། བཛྲ་པཱ་ཎི། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀཱ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། །ཨ་ཀྲོ་རྭ་ཙ། ཡ་མ་རཱི་ཙ། ས་མ་ཡ་ཛཿཛཿ སྔགས་སྦྲེལ་མ་ཅུང་ཟད་དང་དུ་ཏྲི་མན་ཆད་ཅི་ནུས་བཟླ། ༈ འདི་མདུན་བསྐྱེད་མེད་ན་སྒྱུར་ཆོག །བདག་བསྐྱེད་ཞལ་ནས་སྔགས་ཕྲེང་མཆོད་པའི་
ཚུལ། །མདུན་བསྐྱེད་ཞལ་དུ་ཞུགས་པས་ཐུགས་རྒྱུད་བསྐུལ། །མདུན་བསྐྱེད་ཐུགས་ལས་སྔགས་ཕྲེང་དངོས་གྲུབ་ཚུལ། །རང་གི་ཐུགས་ཀར་ཐིམ་པས་མཐུ་སྟོབས་རྒྱས། །བར་དུ་འཁོར་ཚེ་མེ་དཔུང་ཚྭ་ཚྭ་འཕྲོས། །གནོད་བྱེད་དགྲ་བགེགས་ཚར་གཅོད་ལས་འགྲུབ་གྱུར། །དུ་ཏྲི་ཡ་མ་རཱ་ཙ། སོགས་བསྙེན་པ་བྱ། ༈ མདུན་བསྐྱེད་གནས་གསུམ་བདུད་རྩི་དཀར་དམར་མཐིང་། །བདག་གི་གནས་གསུམ་ནས་ཞུགས་ལུས་ཀུན་ཁེངས། །བདུད་རྩིའི་དྭངས་མ་སྙིང་དབུས་གཡས་དང་གཡོན། །འཇམ་དཔལ་མཐིང་དཀར་དམར་པོ་གསུམ་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། མདུན་བསྐྱེད་མེད་ན་དེ་གཉིས་མི་དགོས་སོ། །འོན་ཀྱང་བདག་མདུན་ཆོ་ག་གཅིག་གིས་ཆོག །དུས་གཅིག་བསྐྱེད་པ་རྙིང་མའི་ཁྱད་ཆོས་ཡིན། །མདུན་དུ་ཨེ་ལས་ལྕགས་ཁང་གྲུ་གསུམ་ནང་། །ཀྲྀ་ཏྲི་ལས་སྐྱེས་ཚེ་བདུད་ཕོ་མོ་ལ། །ཚེ་ཐུང་བསོད་ནམས་ཆུང་བའི་ལས་སྒྲིབ་དང་། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་ཐིམ་པར་གྱུར། །དཀོན་མཆོག་གསུམ་དང་ཚེ་བདག་ནག་པོའི་མཐུས། །བདག་ཅག་འཁོར་བཅས་ཚེ་བསོད་དབང་ཐང་ལ། །གནོད་པའི་བདུད་དང་
དགྲ་བགེགས་མ་ལུས་པ། །རུ་ཏྲའི་གཟུགས་ལ་ཛཧཱུྃ་བཾ་ཧོས་ཁུག །ཚེ་བདུད་སྟེང་དུ་ཟློག་བྱེད་ཁྲོ་བོ་ནི། །མཐིང་ནག་རབ་ཁྲོས་རལ་གྲི་འཁོར་ལོ་འཛིན། །སྐུ་སྨད་ཕུར་པས་ཚེ་བདུད་སྙིང་ཁར་གཟིར། །ལུས་ངག་ཡིད་གསུམ་ནུས་པ་བཅོམ་པར་གྱུར། །རྩ་སྔགས་ཤམ་དུ། །དུ་ཏྲི་ཡ་མ་རཱ་ཙ། །ཡ་མ་རཀཱ། ཀྲོ་ཏ་པ་ཙ་ལ་ཏི། ཚེ་བསོད་ནམས་ལ་གནོད་པར་བྱེད་པའི་བདུད་ཐམས་ཅད་ཀྱི་སྲོག་ལ། ཀྲྀ་ཏྲི་ཏྲིག་ནན། ཨེ་ཧུར་ཐུ་ཛ༔ མཱ་ར་ཡ་རྦད། ཙཱ་བྷ་ཡ་ནན། ཞེས་དམིགས་བཟླས་བྱ། བསྙེན་པའི་ཐུན་མཚམས་གཏོར་བསྔོས་ནི། ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་ཤ་ཁྲག་གཏོར་མར་བཤམས། །རྩི་བཅུད་འབྲུ་བཅུད་སྨན་གྱིས་བརྒྱན། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས་ལ་འབུལ། །དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀཾ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱཙ། ཡ་མ་རཱ་ཙ། ས་མ་ཡ་ཛ༔ ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི། ལན་གསུམ་གྱིས་འབུལ། ༈ ཧཱུྃ་ཡ་བྷྱོ། འཇམ་དཔལ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོག་འདྲེན་གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུ། །ལས་ཀྱི་གཤིན་རྗེ་རིགས་གསུམ་འདུས་པའི་
དཔལ། །མི་ཤིགས་སྲ་བརྟན་དུག་གདོང་སྐུ་ལ་བསྟོད། །སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་ཤིང་། །སངས་རྒྱས་སྟོང་ལ་བསྟན་སྲུང་ཁས་བླངས་པ། །ཕྱི་ནང་བསྟན་དགྲ་རྦོད་གཏོང་ཐལ་བར་རློགས། །ཟློག་བྱེད་དུག་གདོང་སྐུ་ལ་ཕྱག་འཚལ་བསྟོད། །སྲིད་གསུམ་ཀུན་ཏུ་ཆེ་བཙན་འགྲན་ཟླ་བྲལ། །ཕྲིན་ལས་ཐོགས་མེད་གཤིན་རྗེའི་འཁོར་གྱིས་བསྐོར། །བསམ་པ་ཙམ་གྱིས་བརྣག་པའི་རུ་ཏྲ་སྒྲོལ། །སྲོག་བདག་དུག་གདོང་སྐུ་ལ་ཕྱག་འཚལ་བསྟོད། །འཆི་བདག་ཚེ་བདག་སྲོག་གི་བདག་པོ་དང་། །ཁེ་བྷཱ་སྭ་ཏ་ཟ་བ་ལྗང་དམར་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །སྤྲུལ་པའི་གཤིན་རྗེ་ལྔ་ལ་ཕྱག་འཚལ་བསྟོད། །གཉིས་མེད་སྤྲུལ་པ་ལས་ཀྱི་མཐའ་སྡུད་དེ། །ཡ་མ་རཱ་ཙ་ལས་མཁན་ཚོགས་དང་བཅས། །གཞན་ཡང་ལས་མཁན་མ་གཤིན་ཚོགས་དང་བཅས། །མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྟོད་ཚོགས་ཀྱིས། །དུས་རྣམས་ཀུན་ཏུ་ལྷ་མཆོག་ཁྱོད་བསྒྲུབས་པས། །མ་གཡེལ་བཞེངས་ཤིག་ལས་ཀྱི་གཤིན་རྗེའི་ཚོགས། །དུག་གསུམ་ཤ་
ཁྲག་གཏོར་མ་འདི་བཞེས་ལ། །བསྟན་དགྲ་གནོད་བྱེད་གདུག་པའི་ཚོགས་རྣམས་ཀུན། །མྱུར་དུ་ཁུག་ལ་ཤ་ཁྲག་ཚོགས་ལ་རོལ། །རྣམ་ཤེས་དྲག་པོ་ཆོས་ཀྱི་དབྱིངས་སུ་སྤོར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གནུབས་སྟོན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའོ།། །།དེ་ནས་སྲུང་བའི་དམིགས་རིམ་ནི། ༈ རང་གི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་གི ནཱ་དའི་ནང་དུ་བླ་མ་རྡོ་རྗེ་འཆང་། །ཟླ་ཚེས་ནང་དུ་ཡི་དམ་འཇམ་དཔལ་དབྱངས། །མགོ་སྐེར་ནཾ་ཡིག་ལྗང་ཁུ་ཐིག་ལེར་བཅས། །ཧ་ཁོག་ནང་དུ་བསྲུང་བྱ་ཐམས་ཅད་ནས། །ཕོ་གཡས་མོ་གཡོན་རྒྱབ་ཏུ་ཞིང་ཁང་དང་། །མདུན་དུ་ནོར་རྫ་ས་འོག་ཏུ་བྲན་ཁོལ་རྣམས། །ཞབས་ཀྱུའི་ནང་དུ་ཆོས་སྐྱོང་སྲུང་མ་སྦ། །སྤྱི་གཙུག་མཆོད་རྟེན་གསུམ་གྱི་ནང་དུ་ནི། །འཇམ་དཔལ་རིགས་གསུམ་རྒྱལ་བ་སྲས་བཅས་བསྐོར། །ཕྱི་རོལ་འཁོར་ལོའི་རྩིབས་ནང་སངས་རྒྱས་སྟོང་། །སྐྱབས་སྦྱིན་ཕྱག་རྒྱས་བསྲུང་བྱ་སྐྱོབ་མཛད་ཅིང་། །སྲུང་འཁོར་རབ་གནས་བྱིན་རླབས་མཛད་པར་གྱུར། །ཡེ་དྷརྨཱ་སོགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རང་གི་ཐུགས་ཀའི་ཡ་དང་ཧཱུྃ་ཡིག་ལས། །འོད་ཟེར་དང་ནི་ཁྲོ་ཆུང་དཔག་
མེད་འཕྲོས། །བདེ་གཤེགས་སྲས་དང་བཅས་པའི་བྱིན་རླབས་དང་། །དྲེགས་པ་ལྷ་སྲིན་རྣམས་ཀྱི་མཐུ་སྟོབས་བསྡུས། །བདག་དང་བསྲུང་བྱའི་གུར་ཁང་རྣམས་ལ་ཐིམ། །བྱད་མས་སྒོམ་པའི་སྲུང་བའི་འཁོར་ལོ་དང་། །ཕྱི་སྣོད་འབྱུང་བའི་མཐུ་སྟོབས་ནུས་པ་རྣམས། །བསྡུས་ནས་རང་གི་སྲུང་བའི་གུར་ལ་ཐིམ། །སྲ་མཁྲེགས་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར། །ནང་བཅུད་འགྲོ་བའི་མཐུ་སྟོབས་ཚེ་བསོད་ནམས། །རང་དང་བསྲུང་བྱའི་བླ་ཚེ་འཁྱམས་པ་དང་། །བྱད་མའི་ཚེ་དང་སྲོག་གི་དྭངས་མ་རྣམས། །འོད་ཟེར་ཛཡིག་དམར་པོའི་འཕྲོ་འདུ་ཡིས། །བསྡུས་ནས་རང་དང་བསྲུང་བྱ་རྣམས་ལ་བསྟིམས། །སྐྱེ་འཆི་འགྱུར་མེད་རྡོ་རྗེའི་སྐུ་ཐོབ་འགྱུར། །རྩ་སྔགས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སྲུངས་ཤིག་ནི་ཧཱུཾ་བཛྲ་རཀྵ་རཀྵ། ཟློག་དམིགས་ནི། ༈ རང་གི་སྤྱི་གཙུག་མཆོད་རྟེན་གསུམ་གྱི་ནང་། །རྟ་མགྲིན་བྱ་ཁྱུང་གཤིན་རྗེ་ནག་པོ་དང་། །སྤྱི་བོར་འཆར་ཀ་ནག་པོ་མཆོད་རྟེན་བསྣམས། །མགྲིན་པར་མྱོས་བྱེད་འོབར་བ་སྐུ་མདོག་དམར། །ཕྱག་གཉིས་མཆོད་རྟེན་དང་ནི་དགྲ་ལྟ་བསྣམས། །སྙིང་ཁར་ཚེ་
བདག་ཞལ་གསུམ་ཕྱག་དྲུག་ནག །གཡས་གསུམ་འཁོར་ལོ་རྡོ་རྗེ་རལ་གྲི་ཕྱར། །བེ་ཅོན་སྡིགས་མཛུབ་གཏུན་ཤིང་གཡོན་ན་བསྣམས། །སྟེང་འོག་བར་གསུམ་གདུག་པ་ཟློག་པར་བྱེད། །གསང་གནས་ཁ་ཐུན་ནག་པོ་ལྕགས་པར་བསྣམས། །དཔུང་པ་གཡས་སུ་ཁྲག་མཚོ་ཁོལ་མ་ནི། །ཉི་ཟླའི་ཆ་ལང་བརྡབས་པས་བྱད་མ་བསྒྲལ། །དཔུང་པ་གཡོན་དུ་རལ་པ་ཚར་དགུ་ནི། །ཁྲམ་ཤིང་ནད་རྐྱལ་བྱེད་མ་ཁྲམ་ལ་འདེབས། །ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་བཅུ་པ། །གཡོན་དུ་བར་མེད་འཁོར་བས་བྱད་མ་གཏུབས། །རྩིབས་བཅུའི་ནང་དུ་ཁྲོ་བོ་བཅུ་པོ་ནི། །གཡས་པས་རང་རྟགས་གཡོ་ན་པས་སྡིགས་མཛུབ་བསྒྲེང་། །ཞལ་ཕྱིར་གཟིགས་ནས་གནོད་བྱེད་བཤད་པར་མཛད། །ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ནང་། །སངས་རྒྱས་སྟོང་གི་ངོ་བོ་ཁྲོ་བོ་སྟོང་། །ཧཱུྃ་ཕཊ་སྒྲ་སྒྲོག་མཚོན་ཆ་མདའ་གཞུ་འགེངས། །རང་གི་ཕྱག་མཐིལ་ཐུགས་ཀའི་བ་སྤུ་ནས།། རང་འདྲའི་ཁྲོ་ཆུང་བྱེ་བ་དུང་ཕྱུར་འཕྲོས། །བྱད་མ་ལྷ་སྲུང་གཡུལ་ངོ་ཕར་ཟློག་ཅིང་། །ཁྲོ་ཆུང་ཐོག་སེར་མཚོན་ཆའི་སྒྱོགས་ཆེན་གྱིས། །བྱད་མ་ཁོ་ཡི་ལྷ་སྲུང་བཅས་པ་
རྣམས། །སྲུང་འཁོར་ཕྱི་རོལ་དུག་རླངས་མཚོན་ཆ་དང་། །གནམ་ལྕགས་བསྐལ་པའི་མེ་ཕུང་སྟེང་དུ་བརྒྱབས། །མྱོས་བསྲེགས་ཐལ་བ་བུན་གྱིས་སོང་ནས་ཀྱང་། །ཁྲོ་ཆུང་ཚུར་འདུས་ཕྱིར་གཟིགས་སྲུང་བར་མཛད། །རང་འདྲའི་གཤིན་རྗེ་ལས་གཤིན་དྲུག་པོ་སྤྲོས། །བྱད་མའི་སྲུང་འཁོར་བཅོམ་ནས་ཚུར་ལ་བསྟིམ། །ཛཡིག་དམར་པོ་ཁོ་ཡི་སྣ་བུག་ཞུགས། །ཚེ་བསོད་ནཱིཡིག་བླངས་ནས་རང་ལ་བསྟིམས། །ཁྲོ་ཆུང་ལས་ཀྱི་གཤིན་རྗེའི་དམག་དཔུང་གིས། །བྱད་མ་ལྷ་དང་སྲུང་མ་ཀུན་བསྡུས་ནས། །སྲུང་མ་ཁོ་རང་གཤེད་དུ་ཕབ་ནས་ཀྱང་། །སྣ་ཚོགས་མཚོན་ཆའི་ཆར་ཕབ་རྡུལ་དུ་བརླག །ཁོ་ཡི་ལས་ངན་རྣམ་སྨིན་ཐམས་ཅད་དང་། །གཤིན་རྗེ་ཁྲོས་པའི་ནུས་པས་འབྱུང་བ་འཁྲུགས། །མཚོན་ཆ་སྣ་ཚོགས་རྦ་རླབས་རབ་འཁྲུགས་པས། །བྱད་མ་ལྷ་དང་སྲུང་མར་བཅས་པ་རྣམས། །ཤ་ཁྲག་དམར་དང་ཆལ་ཆལ་བཏང་བར་གྱུར། །རྩ་སྔགས་ལ། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀྵ། ཀྲོ་ཏ་པ་ཙ་ལ་ཏི། ཨ་ཡ་མ་དུ་རུ་ཙ་ཤ་ན། དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ནི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་བཏགས་ལ་ཐུན་རེ་ལ་བརྒྱ་རྩ་བས་མི་
མང་བ་ཅི་ལྕོགས་བཟླ། །ཐུན་མཚམས་སུ་ཐུན་གཏོར་བཤམས་ལ། ༈ ཨེ་གཏོར་སྣོད་གྲུ་གསུམ་ནང་དུ་ཧཱུྃ་ཏྲི་ལས། །གནོད་བྱེད་བྱད་མ་མངོན་སུམ་ལྟ་བུར་གསལ། །ཁྲོ་ཆུང་ཕོ་ཉ་ལས་མཁན་དཔག་མེད་ཀྱིས། །རང་དབང་མེད་པར་བཀུག་ནས་གཉིས་མེད་བསྟིམས། །བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །རྒྱལ་བ་སྐུ་གསུམ་རིགས་གསུམ་མགོན་པོ་དང་། །འཇམ་དཔལ་རིགས་གསུམ་རིགས་ལྔ་བདེ་བར་གཤེགས། །ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་སོགས་ཀྱི། །བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ཡིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །གནོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་དང་། །བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ་རྣམས། །གཏོར་མ་འདི་ལ་སྐད་ཅིག་ཉིད་ལ་ཁུག །རྩ་སྔགས་ཤམ་དུ། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀྵ། ཀྲོ་ཏ་པ་ཙ་ལ་ཏི། ཨ་ཡ་མ་དུ་རུ་ཙ་ཤ་ན། དགྲ་བགེགས་བྱད་མའི་བླ་སྲོག་རྣམ་པར་ཤེས་པ་ཛཧཱུྃ་བཾ་ཧོ། །ནི་ཏྲ་ཛ༔ ཏིལ་བོ་རིལ་ཛ༔ རྦ་ཏྲ་ཨཱ་ཀརྨ་ཡ་ཛ༔ ཨཱ་ཝེ་ཤ་ཡ་ཛ༔ གརྔ་ནཾ་མཱ་ར་ཡ་ཛ་ཛ༔ ཁོ་ཡི་སྙིང་ནང་རལ་གྲིའི་འཁོར་ལོ་ནི། །རྩིབས་དྲུག་རྣོ་ངར་ལྡན་པ་གཡོན་དུ་
འཁོར། །ཚེ་སྲོག་དོན་སྙིང་ཤ་ཁྲག་དམར་ཉིལ་གཏུབས། །ཚེ་བསོད་ཡིག་འབྲུ་གསུམ་པོ་རང་ལ་བསྟིམ། །གཏོར་མ་བྱད་མའི་ཤ་ཁྲག་དོན་སྙིང་རྣམས། །ལས་ཀྱི་གཤིན་རྗེ་རྣམས་ཀྱི་ཞལ་དུ་བསྟབ། །རྩ་སྔགས་ཤམ་དུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྱད་མའི་དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི། གནོད་བྱེད་བྱད་མའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཁ་རཾ་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི། བ་སུ་ཏ་ལ་ཁ་རཾ་ཁཱ་ཧི། ཚྭ་ས་ལ་ཁ་རཾ་ཁཱ་ཧི། རཀྟ་ལ་ཁ་རཾ་ཁཱ་ཧི། ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། བྱད་མ་མི་ནོར་འཁོར་དང་བཅས་པ་ལ་ཁ་རཾ་ཁཱ་ཧི། ཨེ། དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་ནས། །ཚ་གྲང་མཚོན་ཆ་དུག་ཕུར་བསྐལ་པའི་མེ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཁྲི་སྟེང་ན། །བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྤྲུལ་པ། །འཇམ་དཔལ་གཤིན་རྗེ་རིགས་གསུམ་འདུས་པའི་སྐུ། །གཤེད་ཆེན་ཤན་པ་སྲོག་བདག་གསུམ་གྱི་མཚན། །གཤིན་རྗེ་ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ། ཨེ། སྐུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །གཤིན་རྗེ་འཆི་བདག་ནག་པོ་གཤེགས་སུ་གསོལ། །གཤིན་རྗེ་ཚེ་བདག་ནག་པོ་
གཤེགས་སུ་གསོལ། །གཤིན་རྗེ་སྲོག་བདག་ནག་པོ་གཤེགས་སུ་གསོལ། ཨེ། ཕྲིན་ལས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །གཤིན་རྗེ་བེ་བྷ་སྭ་ཏ་གཤེགས་སུ་གསོལ། །གཤིན་རྗེ་ཟ་བ་ལྗང་དམར་གཤེགས་སུ་གསོལ། །མཐའ་སྡུད་ཡ་མ་རཱ་ཙ་གཤེགས་སུ་གསོལ། ༈ །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །བྱད་ཁ་ཕུར་ཁ་བཟློག་པའི་ཕྲིན་ལས་མཛོད། །རྦོད་གཏོང་རྦད་འདྲེ་བཟློག་པའི་ཕྲིན་ལས་མཛོད། །གནོད་བྱེད་གཟའ་ཀླུ་བཟློག་པའི་ཕྲིན་ལས་མཛོད། །རྒྱལ་བསེན་དམ་སྲི་བཟློག་པའི་ཕྲིན་ལས་མཛོད། །ཐུན་ཟེར་བསྲེགས་མནན་བཟློག་པའི་ཕྲིན་ལས་མཛོད། །གཏད་སེལ་ངག་མནན་བཟློག་པའི་ཕྲིན་ལས་མཛོད། །རླུང་འཁོར་ཕྲ་མེན་བཟློག་པའི་ཕྲིན་ལས་མཛོད། །ཀག་དང་ལྟས་ངན་བཟློག་པའི་ཕྲིན་ལས་མཛོད། །གོད་ཁ་གྱོད་གྱུར་བཟློག་པའི་ཕྲིན་ལས་མཛོད། །ནད་ཁ་རིམས་ཡམས་བཟློག་པའི་ཕྲིན་ལས་མཛོད། །ཟ་འདྲེ་
ཤི་སྲི་བཟློག་པའི་ཕྲིན་ལས་མཛོད། །ཆག་ཆེན་ཉམ་ང་བཟློག་པའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །བྱད་མ་གནོད་བྱེད་རང་གཤེད་རང་ལ་ཕོབ། །ཁོ་ཡི་ལྷ་སྲུང་ཁོ་རང་བདུད་དུ་ཕོབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། ༈ །ཤ་ཁྲག་གཤིན་རྗེས་ཟོས་ལྷག་གཏོར་མ་ནི། །རང་གི་ཐུགས་ཀའི་འོད་ཀྱི་འཕྲོ་འདུ་དང་། །མཁའ་འགྲོ་དྲེགས་པའི་ཚོགས་ཀྱིས་བསྡུས་པ་ཡི། །ངོ་བོ་དྲེགས་པ་ལྷ་སྲིན་དུག་གི་རྫསཾ། །རྣམ་པ་གནམ་ལྕགས་ཁྲོ་ཆུ་ཁོལ་མ་ལས། །གྲུབ་པའི་རི་བོ་ཟུར་གསུམ་རྣོ་ངར་ཅན། །རྣོ་དབལ་མཚོན་ཆའི་ཚོགས་ནི་རབ་ཏུ་གཟེང་། །དུག་རླངས་མེ་དཔུང་དམར་ནག་འབར་བ་ཡིས། །ནམ་མཁའི་མཐོངས་ནས་གནམ་ལྕགས་ཐོག་བརྒྱབ་ལྟར། །བྱད་མ་ས་དང་བསྲེས་ནས་རྣམ་ཤེས་ཕྲལ། །ཆུ་མེ་རླུང་གི་དཀྱིལ་འཁོར་དང་བསྲེས་པས། །བཀྲུས་བསྲེགས་གཏོར་ནས་མིང་ཡང་མེད་པར་བྱས། །རྣམ་ཤེས་ནམ་མཁའ་དང་བསྲེས་མི་དམིགས་གྱུར། །ཅེས་ཟློག་སྔགས་བཟླས་ཤིང་རྒྱུ་དུས་འགྲིགས་ན་ཟོར་འཕང་། ཡང་ན་བྱད་མའི་ཕྱོགས་སུ་བསྐྱལ་ལོ། ༈ རང་གི་ཕྱག་མཐིལ་འཛམ་གླིང་ཁྱོན་
ཙམ་པའི། །གཡོན་གྱི་མཐིལ་དུ་མཚོན་ཆའི་ས་གཞིའི་དབུས། །ཀྲྀ་ཏྲི་ལས་བྱུང་དམིགས་བྱ་འཁོར་བཅས་གསལ། །ཁྲོ་ཆུང་རླུང་ནག་འཚུབས་མས་བཀུག་ཅིང་བསྟིམས། །ཕྱག་གཡས་མཐིལ་དུ་གནམ་ལྕགས་རྩིབས་བརྒྱད་པ། །རྩེ་ལ་གཤིན་རྗེ་མཚོན་ཐོགས་མང་པོ་དང་། །ལྟེ་བར་ཆུ་གྲི་འབར་བས་རབ་ཏུ་མཚན། །ཕྱག་གཉིས་དྲག་ཏུ་བརྡབས་པས་སྲོག་སྙིང་བཅད། །ཟློག་སྔགས་རེ་དང་ཐལ་རྡེབ་རེ་སྦྲེལ་ལ་ཐལ་མོ་དགུ་རྡེབ། མཆན། །ཤ་ཁྲག་དམར་ཉིལ་ཁྲག་སྐྱོ་ལྟར་གྱུར་པ། །ཁོ་ཡི་ལྷ་སྲུང་གཤིན་རྗེར་གྱུར་པས་ཟོས། །ལྷག་རོལ་ཁོ་ཡི་སྟོབས་ནུས་ཐམས་ཅད་ནི། །བསྐལ་པའི་མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར། །རྣམ་ཤེས་མྱི་ཡིག་གྱུར་པ་འོག་ཕྱོགས་ཀྱི། །འཇིག་རྟེན་ཁམས་སུ་མངོན་པར་སངས་རྒྱས་ཤོག །ཅེས་ཐལ་མོ་དགུ་བརྡབ་སྟེ་ཟློག་སྔགས་རེ་དང་སྤྲད་ན་ལེགས་ཏེ་སྤུ་གྲི་རེག་གཅོད་བྱེད་མ་འབུམ་རྡུགས་ཞེས་བྱའོ།། ༈ སྤྱི་གཙུག་མཆོད་རྟེན་ནོར་བུ་པད་ཟླའི་སྟེང་། །བླ་མ་ཨོ་རྒྱན་ཚེ་དཔག་མེད་པ་ཡི། །ཕྱག་གི་བུམ་པ་ནས་བབས་བདུད་རྩིའི་རྒྱུན། །ཚངས་བུག་ནས་ཞུགས་ལུས་གང་འཆི་མེད་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུསིདྡྷི་ཧཱུྃ་ཧི༔ ཕྱི་རོལ་
ཁྲོ་བོ་དཀར་པོའི་ཚོགས་རྣམས་དང་། །མདུན་གྱི་ཚེ་བདག་ནག་པོའི་འོད་ཟེར་གྱིས། །བདུད་དགྲ་ལྷ་སྲིན་རྣམས་ཀྱི་ཚེ་བསོད་བཅུད། །ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པར་གྱུར། །རྩ་སྔགས་ལ། ཨཱ་ཡུ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་བཏགས། སྐད་ཅིག་སྨན་གདོང་པདྨ་རཱ་གའི་མདོག །ཞལ་གསུམ་ཕྱག་དྲུག་རིན་ཆེན་རྒྱན་གྱིས་བརྒྱན། །གཡས་གསུམ་རིན་ཆེན་ནོར་གྱིས་ཆར་པ་འབེབས། །གཡོན་གསུམ་ལྕགས་ཀྱུས་ཁམས་གསུམ་དབང་དུ་སྡུད། །སྐུ་སྨད་རིན་ཆེན་ཕུར་པས་གོད་འདྲེ་གཟིར། །འཁོར་དུ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར། །ཐུགས་ཀར་ཧཱུྃ་དང་ཡ་ཡིག་དམར་སེར་ལས། །འོད་འཕྲོས་རིན་ཆེན་རིགས་ཀྱི་གཤིན་རྗེ་དང་། །གནོད་སྦྱིན་ནོར་ལྷ་སྤྱན་དྲངས་གཉིས་མེད་བསྟིམ། །སླར་ཡང་འོད་འཕྲོས་སྣང་སྲིད་དབང་བསྡུས་ཤིང་། །དགོས་འདོད་ཡིད་བཞིན་ཆར་ལྟར་འབེབས་པར་གྱུར། །རྩ་སྔགས་ལ་འདི་བཏགས། སརྦ་སིདྡྷི་ཕ་ལ་ཧཱུྃ། དཀར་གསུམ་ལས་བྱས་པའི་མཆོད་གཏོར། ཨ་ཀཱ་རོས་བྱིན་བརླབས་ནས་རྩ་སྔགས་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས། ཨོཾ་ཡ་མཱན་ཀ་ས་པཱ་རི་ཝཱ་ར། ཨརྒྱུ་སོགས་ནས། ཤརྡ་པྲ་ཏིཙྪ་ཨ་
ཧཱུྃ༔ ཧཱུྃ། བཅོམ་ལྡན་འཇམ་དཔལ་མཐའ་བྲལ་ཆོས་ཀྱི་སྐུ། །ཉག་གཅིག་ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས། །གང་ཤར་འགགས་མེད་སྣ་ཚོགས་སྤྲུལ་པའི་སྐུ། །འཇམ་དཔལ་གཤིན་རྗེ་ནོར་ལྷའི་ཚོགས་ལ་བསྟོད། །འདོད་ཡོན་ལྔ་ལྡན་མཆོད་པས་ཐུགས་དམ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རང་ཉིད་སྣང་སྟོང་དབྱེར་མེད་ཡི་དམ་ཐུགས་ཀ་རུ། །དུག་གསུམ་ངོ་བོ་བྱ་སྦྲུལ་ཕག་གསུམ་དབུས། །ཡེ་ཤེས་ཧཱུྃ་ཡིག་དཀར་པོ་མེ་འབར་བས། །དུག་གསུམ་བསྲེགས་ནས་ཧཱུྃ་ཡང་ཐིག་ལེར་གྱུར། །འོག་མིན་གནས་ནས་རྡོ་རྗེ་སེམས་དཔའ་བྱོན། །སྙིང་ལ་ཐིམ་པས་སྙིང་ཉིད་རྡོར་སེམས་གྱུར། །རྡོར་སེམས་ཐུགས་ཀར་འཁོར་ལོའི་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བབས་ཉམས་ཆག་དག་པར་གྱུར། །ཨོཾ་བཛྲ་སཏྭ་ཧཱུཾ། རྒྱས་པར་ན་ཡིག་བརྒྱ་བཟླ། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས་། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །སྲུང་འཁོར་ལྷ་བཅས་རིམ་བཞིན་ཧཱུྃ་ལ་ཐིམ། །དེ་ཡང་མི་
དམིགས་གནས་ལུགས་རྫོགས་པ་ཆེ། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །བཅོམ་ལྡན་འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །ཡོངས་རྫོགས་འདོན་པ་རྒྱས་པ་སྟེ། །སེར་མོ་སྒྱུར་བ་འབྲིང་པོ་ཡིན། །སེར་མ་མངོན་རྟོགས་གཉིས་ཀ་སྒྱུར། །དྲན་རྫོགས་ཉིད་དུ་བདག་མདུན་བསྒོམ། །སྤྱན་འདྲེན་མན་ཆད་འདོན་པ་ནི། །འདི་ཡི་ལུགས་ཀྱི་བསྡུས་པ་ཡིན། །མངོན་རྟོགས་དམིགས་རིམ་ཡིད་ཀྱིས་བསྒོམས། །སྔགས་རྣམས་ཅི་ནུས་བཟླས་ནས་ཀྱང་། །སྤྱན་འདྲེན་གཏོར་བསྔོས་བསྟོད་པ་དང་། །ཐུན་གཏོར་ཕུལ་བ་བསྡུས་པ་ཡིན། །བསྐྱེད་རིམ་སྐད་ཅིག་དྲན་རྫོགས་ལ། །སྔགས་རྣམས་ཅི་ནུས་བསྙེན་པ་བྱ། །ཐུན་གཏོར་ནམ་བདེར་འབུལ་བ་ནི། །འདི་ལུགས་ཤིན་ཏུ་བསྡུས་པ་ཡིན། སྤྲོས་མེད་རབ་ཏུ་བསྡུས་པ་ནི། །དམིགས་པ་བསྒོམ་ཞིང་སྔགས་རྣམས་བཟླ། །དེས་ཀྱང་འགྲུབ་པར་འགྱུར་བ་ཡིན། །སྤྲོས་བཅས་རྒྱས་པར་འདོད་ན་ཡང་། །སི་ཏུས་བསྒྲིགས་པའི་ལས་བྱང་དང་། །བདག་གི་ཟིན་བྲིས་ཉམས་སུ་ལོངས། །འདི་ཡི་ནང་གི་དམིགས་རིམ་རྣམས། །མ་གོ་ཐེ་ཚོམ་བྱུང་བ་ནི། །ཟིན་བྲིས་རྒྱས་པའི་ནང་དུ་ལྟོས། །ཁྲོ་ཆུ་འཁོར་མང་བསྒོམས་པ་ནི། །འཁོར་དུ་ཡི་དྭགས་ཡོད་པས་ན། །རྣལ་འབྱོར་དབུལ་པོར་འགྱུར་བ་དང་། །འཁུ་ལྡོག་ལ་སོགས་སྐྱོན་ཡོན་འགའ། །ཡོད་པའི་གསུང་རྒྱུན་མན་ངག་ལྟར། །འདི་རུ་གཙོ་འཁོར་བདུན་པར་བྱས། །བདག་བསྐྱེད་གཙོ་རྐྱང་བྱས་ཀྱང་རུང་། །བསད་
པའི་དམིགས་རིམ་གུད་དུ་སྦས། །ཐུན་གཏོར་བསྡུས་པ་གཞུང་ལྟར་འདོན། །རྒྱས་པར་བྱེད་ན་འགྲེས་རྣམས་གཤང་། །ཐུན་གཏོར་འདི་ལ་ཟབ་ཁྱད་ཀྱི། །ཞལ་ཤེས་གསུམ་ཡོད་ཐུགས་ལ་གབ། །གཞན་རྣམས་གབ་ཅིང་སྦས་པ་མེད། །གཞུང་ཉིད་ཤིན་ཏུ་གསལ་བར་བཀོད། །གཏོར་ཟློག་ཡང་ཟློག་ལ་སོགས་དུས། །ལས་བྱང་རྒྱས་པར་མ་ལྕོགས་ན། །འདི་ཉིད་བཏོན་པས་མ་ཚང་མེད། །སྤྲོས་བཅས་གཏོར་མདོས་མ་ལྕོགས་ན། །འདི་ཉིད་གཞུང་ལྟར་སྲུང་ཟློག་གི། །དམིགས་རིམ་བཟླས་པར་འབད་པ་དང་། །གཏོར་བསྔོས་ཐུན་གཏོར་ལ་འབད་ན། །སྲུང་ཟློག་རྣམས་ཀྱི་མཆོག་ཏུ་འགྱུར། །རྒྱས་པ་རྣམས་ནི་ལྟ་ཅི་སྨོས། །ཉུང་བསྡུས་ལས་བྱང་འདི་ཙམ་ཡང་། །བློ་ནས་འདོན་རྒྱུ་མེད་པ་རུ། །ཁྲོ་ཆུ་ཡི་དམ་ཡིན་ནོ་ཞེས། །སྨྲས་ཀྱང་གཞན་དག་ཁྲེལ་བའི་རྒྱུ། །རྙིང་མ་གྱེར་སྒོམ་ཡིན་པའི་ཕྱིར། །བསྒོམ་བྱ་བློ་ལ་ཡོད་པ་གཅེས། །སྤྱིར་དུ་བསྙེན་སྒྲུབ་ལས་རིམ་རྣམས། །ཕལ་ཆེར་མཐོང་བ་ཙམ་གྱིས་ཤེས། །ཚེ་སྔོན་ལས་འཕྲོ་ཡིན་ནམ་སྙམ། །ཁྱད་པར་འཇམ་དཔལ་དུག་གདོང་སྐོར། །ཡོངས་འཛིན་བཞི་ལས་སོ་སོ་རུ། །དབང་ལུང་ཞལ་ཁྲིད་སོ་སོར་ཐོབ། །འོན་ཀྱང་དུག་གདོང་ཆོས་སྐོར་འདི། །གབ་སྦས་འཁྲུགས་སོགས་ཤིན་ཏུ་ཆེ། །དེ་ཕྱིར་ཕལ་གྱིས་རྟོགས་པར་དཀའ། །ཉམས་སུ་ལེན་པར་རློམ་ཀུན་ཀྱང་། །ཅི་བྱ་གཏོལ་མེད་གང་བྱུང་འདོན། །དེ་ཕྱིར་གྲུབ་རྟགས་ཐོན་པ་ཉུང་། །དེ་ལ་མ་བཟོད་བདག་ཉིད་ཀྱིས། །ངལ་བ་དུ་མས་འདི་ཉིད་བསྒྲུབས། །འཁྲུགས་
བསྡེབས་གབ་སྦས་གསལ་བར་བཀོད། །གཞུང་ལུགས་འོ་མའི་རྒྱ་མཚོ་ལས། །བཅུད་བསྡུས་མར་གྱི་སྙིང་པོ་འདི། །རང་གཞན་དོན་དུ་གསལ་བར་བྱས། །འོན་ཀྱང་བདག་ཅག་སོ་སྐྱེའི་ཕྱིར། །མ་རྟོགས་ལོག་རྟོག་འཁྲུལ་པའི་ཚོགས། །སྔ་འོས་གསལ་བཀོད་ཉེས་པ་རྣམས། །འཇམ་དཔལ་གཤིན་རྗེའི་ཚོགས་ལ་བཤགས། །འདི་བྲིས་དགེ་བ་གང་མཆིས་དེས། །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ཉིད་ཉམས་སུ་ལེན་པ་རྣམས། །བར་ཆད་བདུད་ལས་རྣམ་རྒྱལ་ནས། །མ་འོངས་པ་ན་འཇིག་རྟེན་ཁམས། །རྡུལ་བྲལ་ཡང་དག་འཕགས་ཞེས་པར་། །ལྷ་ཁྱོད་བྱང་ཆུབ་ཚུལ་བསྟན་ཏེ། །མགོན་པོ་ཀུན་གཟིགས་གྱུར་པའི་ཚེ། །འཁོར་གྱི་ཐོག་མར་སྐྱེས་ནས་ཀྱང་། །ཞིང་གི་དཔལ་ལ་ལོངས་སྤྱོད་ཅིང་། །ཆོས་ཀྱི་བདུད་རྩི་འཐུང་ནས་ཀྱང་། །བྱང་ཆུབ་མངོན་དུ་བྱེད་པརཤོག །ལས་མཁན་ཡ་མ་རཱ་ཙ་དང་། །མཁའ་འགྲོ་དུག་ཏི་ནག་མོ་དང་། །གཏེར་སྲུང་བདུད་པོ་ལྕམ་དྲལ་དང་། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །དེ་སོགས་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་རིག་འཛིན་བཀའ་བསྒོས་ལྟར། །ཆོས་འདིའི་སྲུང་མ་དམ་དུ་གྱིས། །འདི་འཆང་སྐལ་ལྡན་ཕྲིན་ལས་སྒྲུབས། །དམ་ཉམས་རྣམས་ལ་ཆད་པ་ཆོད། །སྣོད་མིན་ལག་ཏུ་མ་འགྲིམ་པར། །བཀའ་སྲུང་རྣམས་ཀྱིས་མེལ་ཚེ་གྱིས། །ཅན། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ དྷ་ཐིམ༔ ཞེས་པ་འདི་ཉིད་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཆེན་པོ་༧ ཀརྨ་
རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པ་འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ནས་བསྟན་དགྲ་མ་རུངས་པ་ཐམས་ཅད་ཚར་ཆོད་པར་གྱུར་ཅིག༔ མངྒ་ལཾ། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་བྱང་རྒྱུན་ཁྱེར་བསམ་གཏན་ཆོ་གའི་གཏོར་ཟློག་ཉུང་བསྡུས།
གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་བྱང་རྒྱུན་ཁྱེར་བསམ་གཏན་ཆོ་གའི་གཏོར་ཟློག་ཉུང་བསྡུས་བཞུགས་སོ།།
འཇམ་དཔལ་རིགས་གསུམ་ཞབས་ལ་འདུད། །སྐུ་གསུམ་བརྒྱུད་པའི་བླ་མ་དང་། །རིགས་གསུམ་ཁྲོས་པའི་ཁྲོ་བོ་ཉིད། །སྲུང་ཟློག་བསད་གསུམ་ལས་རིམས་རྣམས། །ཉུང་བསྡུས་སྒོ་གསུམ་དད་པས་བྲི། » །རྩ་བ་གསུམ་གྱིས་གནང་དུ་གསོལ། །གཞུང་ལྟར་དཀྱིལ་འཁོར་རྒྱས་པའམ། །མེད་ན་ཅི་འབྱོར་གཏོར་མ་བཤམས། །མ་ཡེངས་རྩེ་གཅིག་ཏིང་འཛིན་གྱིས། །དྲན་རྫོགས་བདག་མདུན་བསྐྱེད་བསྟིམ་ལ། །གྱེར་སྒོམ་སྦྲགས་ལ་འདི་སྐད་དོ།། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་གཤེགས་སུ་གསོལ། །དུས་གསུམ་སངས་རྒྱས་གཤེགས་སུ་གསོལ། །འཇམ་དཔལ་རིགས་གསུམ་གཤེགས་སུ་
གསོལ། །རིགས་གསུམ་མགོན་པོ་གཤེགས་སུ་གསོལ། །འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ། །ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ནཱ། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་ན། །ཚ་བའི་མེ་དང་གྲང་བའི་ཆུ། །ཚ་གྲང་འཁྲུགས་པའི་དཀྱིལ་འཁོར་དུ། །ཤིན་ཏུ་འཇིགས་པའི་ཕོ་བྲང་ནས། །སྟེང་ནི་རལ་གྲིའི་གདེངས་ཁང་ཞབས། །འོག་ནི་སྤུ་གྲིའི་ས་གཞི་ལ། །བར་སྣང་སྤུ་གྲི་ཆུ་གྲི་དང་། །མཚོན་ཆ་འཆོལ་བའི་གདན་སྟེང་དུ། །སྤུ་གྲི་རལ་གྲི་ཆུ་གྲི་དང་། །དུག་ཕུར་གཏམ་པའི་ཁྲི་སྟེང་ནས། །ཁྲོ་ཆུ་
དུག་གདོང་གཤེགས་སུ་གསོལ། །ལས་གཤིན་དྲུག་པོ་གཤེགས་སུ་གསོལ། །དྲེགས་ཆེན་བཅོ་བརྒྱད་ཁྲི་རུ་བརྩེགས། །པདྨ་ཉི་ཟླའི་གདན་སྟེང་ན། །བདུད་དང་མུ་སྟེགས་ལྷ་སྲིན་དང་། །ཉམས་པའི་དགྲ་བོ་བྱད་མའི་ཚོགས། །མ་རུངས་རུ་ཏྲའི་སྟེང་དུ་བཞུགས། ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཕྱི་ནང་གསང་བའི་མཆོད་པ་དང་། །སྨན་གཏོར་རཀྟའི་མཆོད་པ་འབུལ། །གནོད་བྱེད་ཐམས་ཅད་ཞལ་དུ་བསྟབ། །ཨོཾ་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨ གྷཾ་སོགས། དུ་ཏྲི་ཡ་མ་རཱ་ཙ་སོགས། རྩ་སྔགས་མཐར་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་མ་ཧཱ་རཀྟ་ཁཱ་ཧི། ལན་གསུམ། ཧཱུྃ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ། །ལས་ཀྱི་གཤིན་རྗེ་དུག་གདོང་ནི། །སྐུ་མདོག་དམར་ནག་མེ་ལྟར་འབར། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །གཡས་ལྗང་གཡོན་དམར་དབུས་མཐིང་ཞལ། །གཡས་ཞལ་ལྡང་ཞིང་གཏུམ་པ་ཡིས། །དགྲ་བོ་ཕོ་རྒྱུད་ཞལ་དུ་གསོལ། །གཡོན་ཞལ་དམར་ནག་རྔམ་པ་ཡིས། །དགྲ་བོ་མོ་རྒྱུད་ཞལ་དུ་གསོལ། །དབུས་ཞལ་མཐིང་ནག་ཁྲོས་པ་ཡིས། །གནོད་བྱེད་ལྷ་འདྲེ་ཞལ་དུ་གསོལ། །དབུ་
གསུམ་སྟེང་དེར་མཆོད་རྟེན་གསུམ། །གཡས་པ་ལྕགས་ལ་གཡོན་པ་དུག །དབུས་ནི་ཁྲོ་ཆུའི་མཆོད་རྟེན་ཏེ། །འདས་དང་མ་འོངས་ད་ལྟ་བའི། །དུས་གསུམ་སངས་རྒྱས་དབུ་ལ་བརྒྱན། །སྲུང་སྐྱོབ་ཚེ་དབང་ཆོས་ཀྱི་སྐུ། །ཕྱག་དྲུག་གཡས་གསུམ་དགྲ་སྟ་ཡིས། །བྱད་མ་དམ་ཉམས་མགོ་ལུས་ཕྲལ། །གཡོན་གསུམ་ཙིཏྟ་སྲོག་རྩ་བཅད། །དྲེགས་ཆེན་བཅོ་བརྒྱད་ཞལ་དུ་གསོལ། །སྐུ་ལ་དུག་སྦྲུལ་ཆུན་པོས་བརྒྱན། །གདུག་པའི་ཚོགས་རྣམས་དབང་དུ་སྡུད། །སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས། །སངས་རྒྱས་བསྟན་པའི་བྱ་ར་མཛད། །ཞལ་གསུམ་གདངས་ཤིང་རབ་ཏུ་བསྒྲད། །མཆེ་བ་བཅུ་གཉིས་གཙིགས་པ་ཡིས། །བྱེད་མའི་དོན་སྙིང་ཞལ་དུ་གསོལ། །ལྗགས་གསུམ་འདྲིལ་ཞིང་རྐན་སྒྲ་བརྡེབས། །སྟོང་གསུམ་ལྷ་འདྲེ་ཞལ་དུ་གསོལ། །རལ་གྲིའི་གཤོག་པ་གཡས་པ་ཡིས། །དགྲ་བོ་ཕོ་རྒྱུད་རླག་པར་བྱེད། །ཆུ་གྲིའི་གཤོག་པ་གཡོན་པ་ཡིས། །དགྲ་བོ་མོ་རྒྱུད་དམྱལ་ཐག་གཅོད། །སྐུ་རྐེད་ཆུ་སྲིན་རྔམས་ཞལ་ཅན། །སྟོང་གསུམ་འཇིག་རྟེན་ཞལ་དུ་གསོལ། །སྐུ་སྨད་ཁྲོ་ཆུའི་ཕུར་པ་ལ། །ཟུར་
གསུམ་དབལ་དང་ལྡན་པ་ཡིས། །དགྲ་བགེགས་བྱད་མའི་སྲོག་སྙིང་གཟིར། །སྐུ་ལ་བསྐལ་པའི་མེ་དཔུང་འབར། །དམིགས་པའི་དགྲ་བགེགས་གཞོབ་ཏུ་བསྲེགས། །བ་སྤུའི་གསེབ་ནས་ཁྲོ་ཆུང་འགྱེད། །དགྲ་བགེགས་རྡུལ་དུ་བརླག་ལ་བསྟོད། །བསྙེན་པའི་དམིགས་པ་དང་བཅས་པས། །ཨོཾ་མཉྫ་ཤི་ཡ་མཱན་ཀ༔ རྒྱ་ཤྲཱི་ཝ༔ བཛྲ་པཱ་ཎི༔ དུ་ཏྲི་ཡ་མ་རཱ་ཙ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་རཱ་ཙ་ས་མ་ཡ་ཛ༔ བསྲུང་བའི་དམིགས་པ་དང་བཅས་པས། བསྙེན་སྔགས་དང་། བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་སྲུངས་ཤིག །ནི་ཧཱུཾ་བཛྲ་རཀྵ་རཀྟ༔ འདིར་གཏོར་ཆུང་ཉ་བོ་ལ་བདེན་སྟོབས་འགུགས་གཞུག་བྱས་ལ། རྩ་སྔགས་ཤམ་དུ། དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་དགྲ་བགེགས་བྱད་མ། སོགས། ནད་འདྲེ་ནད་སྲི། ཟ་འདྲེ་ཤི་སྲི། གོད་འདྲེ་གོད་སྲི། སྒབ་འདྲེ་དམ་སྲི། འགོང་པོ་ཕུང་སྲིའི་བླ་སྲོག་རྣམ་པར་ཤེས་པ་ཛཧཱུྃ་བཾ་ཧོ༔ ནི་ཏྲ་ཛ༔ ཏིལ་བོ་ཧྲིལ་ཛ༔ ཛྲ་ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཝེ་ཤ་ཡ་ཛ༔ གནྡྷ་ནི་ཏྲི་མཱ་ར་ཡ་ཛ་ཛ༔ གསུམ་མམ་བདུན་བརྗོད་དེ་ནས་
བསད་པ་ནི། དམིགས་པ་དང་བཅས་ཐུན་འབེབས་ལ། རྩ་སྔགས་ལ། དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་དགྲ་བགེགས་བྱད་མ་སོགས། ནད་འདྲེ་ནད་སྲི། ཟ་འདྲེ་ཤི་སྲི། གོད་འདྲེ་གོད་སྲི། སྒབ་འདྲེ་དམ་སྲི། འགོང་པོ་ཕུང་སྲིའི་སྲོག་རྩ་ལ་མྱོག་ཡཾ་རྦད། ལ་ལི་ཐ་བ་ནི། ར་ཙ་ཕྲ་བ་ནི། གནོད་བྱེད་དགྲ་བགེགས་བྱད་མའི་སྲོག་སྙིང་ལ་མྱོག་མྱོག །ཡཾ་ཡཾ་རྦད་རྦད་ཛ་ཛ༔ ཞེས་སྐབས་དང་བཏུན་ཞལ་བསྟབ་ནི། ཨ་ལས་བྷནྡྷ་ལྕང་ལོ་ཅན་ཡངས་ཤིང་རྒྱ་ཆེ་བ། །དེ་ཡི་ནང་དུ་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་ཡེ་ཤེས་ཀྱི་བདུད་རྩི་གྱུར། ཨོཾ་ཨཱཿཧཱུྃ༔ རྩ་སྔགས་ལ། ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གནོད་བྱེད་དགྲ་བགེགས་བྱད་མ། ནད་འདྲེ་ནད་སྲི། ཟ་འདྲེ་ཤི་སྲི། གོད་འདྲེ་གོད་སྲི། སྒབ་འདྲེ་དམ་སྲི། འགོང་པོ་ཕུང་སྲིའི་ཤ་ཁྲག་རུས་གསུམ་ལ་ཁ་རཾ་ཁཱ་ཧི། དོན་སྙིང་ལ་ཁ་རཾ་ཁཱ་ཧི། དབང་པོ་ལྔ་ལ་ཁ་རཾ་ཁཱ་ཧི། སྐྱེ་མཆེད་བཅུ་གཉིས་ལ་ཁ་རཾ་ཁཱ་ཧི། ཡན་ལག་ཉིང་ལག་གཟུགས་ཕུང་རྣམ་ཤེས་ལ་ཁ་རཾ་ཁཱ་ཧི། སྟོབས་དང་རྫུ་འཕྲུལ་ལ་ཁ་རཾ་ཁཱ་ཧི། མཐུ་ནུས་གཟི་བརྗིད་ལ་
ཁ་རཾ་ཁཱ་ཧི། སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཁ་རཾ་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི། བ་སུ་ཏ་ལ་ཁ་རཾ་ཁཱ་ཧི། རཀྟ་ལ་ཁ་རཾ་ཁཱ་ཧི། མཱི་ས་ལ་ཁ་རཾ་ཁཱ་ཧི། ཀཾ་ནི་རི་ཏི་ལ་ཁཱ་རཾ་ཁཱ་ཧི། བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། སྤྲོ་ན་ཐུན་གཏོར་ཕུལ་མེད་ཀྱང་ཆོག ཨེ་ཡ་བྷྱོ༔ གཤིན་རྗེ་དུག་གདོང་མཐུ་རྩལ་ཅན། །འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར།། སྟོང་གསུམ་འཇིག་རྟེན་ཁྱབ་པར་ཉུལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གང་ལ་དམིགས་པ་རྡུལ་དུ་རློགས། །འཆི་བདག་ནག་པོ་དུས་ལ་བབ། །དགྲ་བོ་ཕོ་རྒྱུད་རྡུལ་དུ་རློགས། །ཚེ་བདག་ནག་པོ་དུས་ལ་བབ། །དགྲ་བོ་མོ་རྒྱུད་རྡུལ་དུ་རློགས། །སྲོག་བདག་ནག་པོ་དུས་ལ་བབ། །གནོད་བྱེད་ལྷ་འདྲེ་རྡུལ་དུ་རློགས། །བྷེ་ཝ་སྭ་ཏའི་དུས་ལ་བབ། །གནོད་བྱེད་སྡེ་བརྒྱད་རྡུལ་དུ་རློགས། །ཟ་བ་ལྗང་ནག་དུས་ལ་བབ། །བདུད་དང་མུ་སྟེགས་རྡུལ་དུ་རློགས། །ཡ་མ་ར་ཙའི་དུས་ལ་བབ། །དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས། །ཁྲོ་ཆུ་དུག་གདོང་དུས་ལ་བབ། །གནོད་བྱེད་བྱེད་མ་རྡུལ་དུ་རློགས། །སྤྱི་གཤེད་དུག་གདོང་དུས་ལ་བབ། །གནོད་བྱེད་ཚོགས་རྣམས་རྡུལ་དུ་
རློགས། །དགྲ་བགེགས་ཤ་ཁྲག་འདི་གསོལ་ལ། །གནོད་བྱེད་བྱད་མ་ལྷ་སྲིན་དང་། །བན་བོན་ཤན་པ་མུ་སྟེགས་སོགས། །དྲེགས་ཆེན་བཅོ་བརྒྱད་ལྷ་འདྲེ་སྟོང་། །བྱད་མ་འབུམ་དང་བཅས་པ་རྣམས། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་དཔོན་སློབ་མི་ནོར་ལ། །ཆག་ཆེན་ཉམ་ང་མཆིས་པ་ཟློག །སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག །བན་བྱད་བོན་བྱད་གཏད་སེར་ཟློག །གཟའ་ཀླུ་ས་བདག་གནོད་པ་ཟློག །རྒྱལ་འགོང་དམ་སྲིའི་གནོད་པ་ཟློག །དགྲ་རྐུན་མི་ཁ་བྲ་མཆུ་ཟློག །ཕྱི་ནང་འཁྲུག་རྩོད་ཕུང་སྣ་ཟློག །མ་ཉེས་ཁ་ཡོག་བྱུར་འདྲེ་ཟློག །དགྲ་ཇག་རྒྱལ་པོའི་ཆད་པ་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་དགུ་བཅུ་རྩ་གཅིག་ཟློག །དུས་མིན་འཆི་བ་བཅོ་བརྒྱད་ཟློག །མོ་ལྟས་མཚན་ལྟས་ངན་པ་ཟློག །དར་སྲི་གཞོན་སྲི་ཤི་སྲི་ཟློག །ནད་སྣ་ཡམས་སྣ་རིམས་སྣ་ཟློག །མི་ཡི་ན་
ཚ་ཐམས་ཅད་ཟློག །ནོར་གྱི་གོད་ཁ་ཐམས་ཅད་ཟློག །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབས། །དུས་ལ་བབ་བོ་ས་མ་ཡཱ། །སྦྱོར་བ་ངན་པ་བཏང་བ་ཡི། །སྡང་དགྲ་གནོད་བྱེད་མ་ལུས་ཀུན། །གཤིན་རྗེ་འཁོར་དང་བཅས་པ་ཡིས། །ཐམས་ཅད་གཅིག་ཏུ་བསྡུས་ནས་ནི། །བརྡུང་དང་བརྡེག་དང་གཏུབ་པ་དང། །གཅོད་དང་གསོད་དང་བ སྒྲལ་བ་དང་། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ལིང་ག་འདི་ལ་བཅུག་པ་དང་། །མིང་བྱང་འདི་ལ་བྲིས་པ་ཡི། །དགྲ་དང་གནོད་བྱེད་བྱད་མ་རྣམས། །ལོ་དང་ཟླ་བར་མ་འགྱང་བར། །ཞག་དང་ཟ་མ་དུས་ཉིད་དུ། །ད་ལྟ་ཉིད་དུ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྩ་སྔགས་ཤམ་དུ། དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ ཀྲོ་ཏ་པ་ཙ་ལ་ཏི ཀཱ་ལ་རཱུ་པ་ཨ་ཀྲོ་རཱ་ཙ་ཡ་མ་རཱ་ཙ་ས་མ་ཡ་ཛ་ཛ༔ དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀཱ་ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ༔ ནད་འདྲེ་ནད་སྲི། ཟ་འདྲེ་ཤི་སྲི། གོད་འདྲེ་གོད་སྲི། སྒབ་འདྲེ་དམ་སྲི། འགོང་པོ་ཆུང་སྲི། ཐམས་ཅད་ནི་ཏྲི་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་
ཟློག༔ ཅེས་བཏགས་ལ་བརྒྱ་བས་མི་ཉུང་བར་བཟླས་ལ་ཐལ་མོ་དགུ་བརྡབ་བོ། །ཞེས་རང་ལ་སྐག་ཆེན་པོ་དང་། ལྷ་འདྲེའི་གཡོས་ཆེན་པོ་ལང་བ་དང་། བྱད་ཁ་དྲག་པོ་དང་། ན་ཚ་དྲག་པོའི་སྲི་ཞུགས་པ་དང་། དེར་གཏོར་ཟློག་རྒྱས་བསྡུས་སོགས་འདོན་མ་ལྕོགས་པར། བསམ་གཏན་ཉལ་ཆོག་གི་གཏོར་ཟློག་ཟབ་པར་བསྡུས་ཏེ། རང་གི་འདོན་ཆར་བསྒྲིགས་པ་ཡིན་ཀྱང་ལག་ལེན་དམིགས་རིམ་ནི་ཐུགས་ལ་གབ་པས་བྲི་མ་ཕོད། ཅེས་པ་ཨ་རཱ་གས་བསྒྲིགས་པའོ། །འདི་བྲིས་ཉེས་འགལ་དུག་གདོང་འཁོར་དང་བཅས་ལ་བཤགས་ཤིང་། དགེ་བས་བདག་གི་རྗེས་འཇུག་རྣམས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་ཁྲོ་ཆུའི་བདུད་རྩི་ལག་མཆོད་མཐོང་བ་བརྒྱུད་པ།
འཇམ་དཔལ་ཁྲོ་ཆུའི་བདུད་རྩི་ལག་མཆོད་མཐོང་བ་བརྒྱུད་པ་བཞུགས་སོ༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སློབ་དཔོན་འཇམ་བཤེས་གཉེན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སློབ་དཔོན་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གུ་རུ་ཁྲག་འཐུང་ནག་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བལ་པོ་བཱ་སུ་དྷ་རའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྟོན་དུམ་པ་རྒྱ་ཞང་ཁྲོམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གནུབས་སྟོན་དར་མ་དབང་ཕྱུག་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི ཡ་བ་ཤཱཀྱ་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཚུངས་མེད་དམ་པ་ཨ་གྲགས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁས་གྲུབ་རིན་ཆེན་ཨ་དབང་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྨན་ལུང་མི་བསྐྱོད་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ འདྲེན་མཆོག་ཆོས་ཀྱི་རྒྱལ་མཚན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བླ་མ་དམ་པ་འཕྲ་ལྷའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་
རཾ་ཁཱ་ཧི༔ འདྲེན་བྲལ་བློ་གྲོས་ཨ་རྡོར་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སི་ཏུ་བསོད་ནམས་རྣམ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྔགས་འཆང་གྲགས་པ་རིན་ཆེན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྔགས་འཆང་ཨ་མོ་གྷའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ འདྲེན་མཆོག་རཱ་ག་ཨ་སྱས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཤིན་རྗེ་ཁྲོ་ཆུ་དུག་གདོང་ཞལ་དུ་སརྦ་པཉྩ་ཨ་མྲ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་དུག་ཏི་ནག་མོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྐུ་སྤྲུལ་འཆི་བདག་ནག་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གསུང་སྤྲུལ་ཚེ་བདག་དམར་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཐུགས་སྤྲུལ་སྲོག་བདག་ནག་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡོན་ཏན་བེ་བྷ་སྭ་ཏའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཕྲིན་ལས་ཟ་བ་ལྗང་ནག་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཉིས་མེད་ཡ་མ་རཱི་ཙའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ འཁོར་ཚོགས་སྤྲུལ་
པར་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཞེས་ཁྲོ་ཆུའི་ལག་མཆོད་རཱ་ག་ཨ་སྱས་བྲིས་པའོ༔
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་རྒྱུན་ཁྱེར།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་རྒྱུན་ཁྱེར་བཞུགས་སོ།། ཨེ་ཡ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཆོ་འཕྲུལ་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་དགྲ་སཱུ་གློ་སྙིང་ཕྱག་ན་བསྣམས། །རབ་འཇིགས་ཁྲོ་ཆས་ཡོངས་རྫོགས་གཤོག་པ་གདེང་། །སྐུ་སྨད་ཁྲོ་ཆུའི་ཕུར་པས་དགྲ་བགེགས་སྙིང་ལ་གཟིར། །འཁོར་ཚོགས་འཆི་བདག་ཚེ་བདག་སྲོག་བདག་དང་། །བེ་བྷ་སྭ་ཏ་ཟ་བ་ལྗང་ནག་དང་། །ཡ་མ་རཱ་ཙ་གཤེད་ཆེན་སྡེ་བཞི་དང་། །གཞན་ཡང་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི། །འདོད་ཡོན་བདུད་རྩི་ཤ་ཁྲག་གཏོར་མ་འབུལ། །བསྟན་དགྲ་བོན་གྱི་ཕུར་ཁ་བཟློག་པ་དང་། །གློ་བུར་བར་ཆད་ཚོགས་རྣམས་བཟློག་པར་མཛོད། །རྨ་རྒྱལ་ཇོ་བོའི་མདུན་དུ་བཞུགས་པའི་དུས་ཡར་ཚེས་ངག་ལམ་ལྟར། རང་ས་ཚང་སར་ཟླ་མཆིམ་གྱིས་བསྐུལ་ངོར། རཱ་ག་ཨ་སྱས་སྨྲས་སོ།། །།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྲུང་ཟློག་བསད་གསུམ་རྒྱུན་ཁྱེར་ངག་འདོན་ཁྱེར་བདེ་བྱ་བ་ཉུང་ངུར་བསྡུས་པ།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྲུང་ཟློག་བསད་གསུམ་རྒྱུན་ཁྱེར་ངག་འདོན་ཁྱེར་བདེ་བྱ་བ་ཉུང་ངུར་བསྡུས་པ་ཞེས་བྱ་བ་བཞུགས་སོ༔
བླ་མ་འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆི༔ འགྲོ་བའི་དོན་དུ་རྒྱལ་བསྟན་བདག་གིས་བསྲུང་༔ ཨེ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ གསེར་ལྕགས་འཁོར་ལོ་རྩིབས་སྟོང་དང་༔ མཚོན་ཆ་རྡོ་རྗེ་ནོར་བུ་དང་༔ པདྨ་རྒྱ་གྲམ་གྲི་གུག་བསྣོལ༔ ཐོད་པ་དུར་ཁྲོད་ཧ་ལ་དང་༔ རླུང་གི་སྤུ་གྲི་ཁྲོ་ཆུ་དང་༔ ལྷ་སྲིན་ལྷ་དམག་རྒྱོབ་སོད་སྨྲ༔ འབྱུང་ལྔ་མེ་ཡིས་གཞལ་ཡས་ཁང་༔། དེ་ནང་གནམ་ལྕགས་མཁར་དབུས་སུ༔ འདབ་བཞི་ཟུར་དྲུག་པད་ཉིའི་སྟེང་༔ བརྫུས་སྐྱེས་ལས་ཀྱི་གཤིན་རྗེའི་སྐུ༔ སྐུ་མདོག་དམར་ནག་མེ་
ལྟར་འབར༔ ཞལ་གསུམ་ཕྱག་ནི་དྲུག་པ་སྟེ༔ གཡས་ལྗང་གཡོན་དམར་དབུས་མཐིང་ནག༔ དབུ་གསུམ་སྟེང་ན་མཆོད་རྟེན་གསུམ༔ དུས་གསུམ་སངས་རྒྱས་ངོ་བོར་བཞུགས༔ ཕྱག་དྲུག་གཡས་གསུམ་རྡོ་རྗེ་སྣུ༔ གཡོན་གསུམ་དགྲ་བགེགས་སྙིང་སྲོག་བཅས༔ སྤུ་གྲི་རལ་གྲི་གཤོག་པ་ཅན༔ ལྟེ་བ་ཆུ་སྲིན་ཁ་གདངས་སྤྲུལ༔ སྐུ་སྨད་ལྕགས་ཕུར་མེ་དཔུང་འབར༔་དམ་ཉམས་དགྲ་བགེགས་སྙིང་སྟེང་གཟིར༔ ཤིན་ཏུ་འཇིགས་ལ་རྔམས་པའི་སྐུ༔ རིགས་བཞི་གཤིན་དྲུག་འབུམ་གྱིས་བསྐོར༔ རང་སྙིང་ལྕགས་རྡོར་རྩེ་དགུའི་ལྟེར༔ འོད་ལྔའི་
ཉི་ཟླ་འབྲུ་གསུམ་དང་༔ ཡེ་དྷར་དབྱངས་གསལ་ཧཱུྃ་གུར་ནང་༔ མཿཧཱུཾ་ནཱི་ལ་བསྲུང་སྔགས་བསྐོར༔ གནས་གསུམ་འབྲུ་གསུམ་ཡ་འོད་ཀྱིས༔ ཡེ་ཤེས་པ་བསྟིམ་ཡེ་དབང་རྫོགས༔ འོད་འཕྲོས་འཕགས་མཆོད་སེམས་ཅན་སྨིན༔ འཁོར་འདས་དྲེགས་པའི་བཅུད་བསྡུས་ཐིམ༔ བསྙེན་སྔགས་བཟླ༔ དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྟ་ཀྲོ་ཏ་པ་ཙ་ལ་ཀཱ་ལ་རྭ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་རཱ་༔ ས་མ་ཡ་ཛ་ཛ༔ གསེར་རྩིབས་རྒྱལ་སྟོང་སྐྱབས་སྦྱིན་བསྲུང་༔ ཉན་ཐོས་དང་བཅས་ཆོས་འཁོར་བསྐོར༔ མཆོད་རྟེན་གསུམ་ནང་རིགས་གསུམ་མགོན༔ དུས་གསུམ་རྒྱལ་བས་བསྐོར་ཞིང་བསྲུང་༔ བསྲུང་བསྔགས་བཟླ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀཱ་ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་རཱ་པ༔ ས་མ་ཡ་ཛ་ཛ༔ རྨི་ལ་སྲུངས་ཤིག༔ མ་མ་ནི་བྷཾ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ལྕགས་རྩིབས་ཕྱིར་གཟིགས་ཁྲོ་བོའི་སྟེང་༔ དབུ་གསུམ་གཤིན་རྗེ་རྟ་མགྲིན་ཁྱུང་༔ ཁྲོ་ཆུང་བྱེ་བས་དགྲ་བགེགས་བསྲེགས༔ ཛདམར་ལྕགས་ཀྱུའི་སྲུང་འཁོར་དང་༔ ཚེ་བསོད་ནྲྀ་ལྗང་བདག་ལ་བསྟིམ༔ གཡས་སོར་ཁྲོ་མཐིང་མཚོན་ཐོགས་ལྔ༔ གཡོན་སོར་ལྕགས་
སྡིག་མེ་དབལ་ལྔ༔ བརྡབས་པས་དགྲ་བགེགས་བཙིར་བས་ནོན༔ ཟློག་བསྔགས་བཟླ༔ དུ་ཏྲི་ཡ་མ་རཱ་ཡ་མ་རཀྵ ཀྲོ་ཏ་པ་ཙ་ལ་ཏི་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་ཧྥེ་ལྷ་སྲུང་དང་བཅས་པ་ལ་མཱ་ར་ཡ་བློ་སྦྱོ་ཟློག་ཟློག༔ དགྲ་བགེགས་མགོ་མཇུག་ལྡོག་པའི་རྩ༔ གསུམ་པོར་རང་སྨད་ཕུར་པས་གཟིར༔ དབལ་ཕྱིར་ལྕགས་འཁོར་རྩིབས་བརྒྱད་འཁོར༔ དགྲ་བགེགས་གཏུབ་ཅིང་ཁོ་ཡི་ལྷ༔ གཤིན་རྗེའི་དམག་གྱུར་ཁོ་ཡི་དུག་གླང་སྟག་ལུག་མགོའི་ནད་མཚོན་ཆར༔ ཕབ་ཅིང་ཤ་རུས་ལྷག་མེད་ཟོས དམིགས་བྱའི་སྤྱི་མགྲིན་ལྟེ་སྙིང་བཞིར༔ ལྷ་ཉོན་ཕུང་པོ་འཆི་བདག་བདུད༔ དཀར་སེར་དམར་དང་ནག་པོ་ཡི༔ ས་ཆུ་མེ་རླུང་འཁོར་ལོ་བསྐོར༔ རྩ་འཁོར་བཞི་བཅད་འབྱུང་རིམ་ཐིམ༔ རྣམ་ཤེས་དག་པའི་ཞིང་དུ་བསྐྱལ༔ བསད་སྔགས་བཟླ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀཱ ཀྲོ་ཏ་པ་ཙ་ལ་ཧྥེ་སྲོག་རྩ་ལ་མཱ་ར་ཡ་མྱོག་ཡཾ་རྦད༔ ལ་ལི་ཐ་བ་ནི༔ ར་ཙ་ཕྲ་བ་ནི༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་སྙིང་ལ་མཱ་ར་ཡ་མྱོག་མྱོག༔ ཡཾ་ཡཾ་རྦད་རྦད་ཛ་ཛ༔ བསད་པའོ༔ དགྲ་བགེགས་གང་ལའང་བདུད་བཞི་དང་
སྦྱར༔ ཨེ་ཨེ་ཡཾ་ཡཾ་རཾ་རཾ་ཐཾ་ཐཾ་ལཾ་ལཾ་སུཾ་སུ་དགྲ་བགེགས་སརྦ་ཤ་ཏྲ་མཱ་ར་ཡ་ཆད་རྦད་ཡ༔ ཡང་ན་འབྱུང་བཞི་གོ་ལྡོག་བཟླ༔ ནང་རྟགས་ཞག་བདུན་ཕྱི་རྟགས་ཟླ་བ་གཅིག༔ བུད་མེད་ལ་ཁ་མི་བསྲེ་ཞིང་ལས་སྦྱོར་རང་ཁྱིམ་སྤངས༔ ལན་གཅིག་བསྒྲུབས་ནས་བསྙེན་པ་ཁོ་གསོ་ཙམ༔ བསྐུལ་དང་གཡབ་རྡེབ་གཏོར་མ་འཕངས་བས་སྒྲོལ༔ རང་སྙིང་པད་ཉིར་རྨ་བྱ་དང་༔ ཕག་སྦྲུལ་ཧཱུཾ་དཀར་ཚོན་གང་གྱུར༔ སྤྱི་བོར་རྡོར་སེམས་ཚངས་བུག་ཐིམ༔ ཧཱུྃ་གིས་དུག་བསྲེགས་མེ་འོད་ཐིམ༔ ཙཀྲ་ཧཱུྃ༔ སྒོ་དགུ་འཁོར་ལོ་ཧཱུྃ་གིས་གཏམས༔ དབྱིངས་ནས་རྡོར་སེམས་ཚངས་བུག་ཐིམ༔ སྙིང་ཉིད་རྡོར་སེམས་ཐུགས་ཀ་རུ༔ ཁ་སྦྱོར་རྩིབས་བཞིའི་དབུས་སུ་ཧཱུྃ༔ རྣམ་ཤེས་ཧཱུྃ་གི་ཐིག་ལེར་སྦ༔ སྐུ་སྔགས་དྲན་རིག་སྟོང་ཞིང་གསལ༔ དགེ་བས་འཇམ་དཔལ་ཉིད་འགྲུབ་ཤོག༔ བསྙེན་ཚད་བདུན་ནམ་ཉེར་གཅིག་བཅུ་བཞི་ཡིན༔ ཕ་རོལ་ནུས་ཆེ་སྲུང་ཟློག་མང་ན་མྱུར༔ སྐད་ཅིག་བྱེད་མ་མུ་སྟེགས་འབུམ་ཙམ་བརླག༔ མཁར་བརྩེགས་གོ་གྱོན་མཚོན་ཆ་ཐོགས་པ་དང་༔ རི་བོའི་རྩེར་ཕྱིན་གོས་བཟང་མེ་ཏོག་འཐུ༔ ལུས་ལ་མེ་འབར་ལོ་ལེགས་མཆོད་རྟེན་བསྐོར༔ རོལ་མོ་བཀྲོལ་དང་ཆོས་བཤད་ཉི་ཟླ་ཤར༔ འཚམས་སྲུང་བདུད་རྩི་འཐུང་སོགས་སྲུང་བའི་རྟགས༔ དམག་འགྱེད་བྲག་བཤིག་ཆུ་བོ་གྱེན་དུ་བཟློག༔ ཁམས་གསུམ་རྒྱལ་
བར་རྨིས་པ་བཟློག་པའི་རྟགས་མགོ་བཅད་སྙིང་དང་ཤ་ཁྲག་ཟ གློ་སྙིང་སྐམ་པོར་བྱུང་ན་སོད་རྟགས་སོ༔ ཝི ཞེས་ཀརྨ་ཨ་རཱ་གས་སྦྱར་བ་ལགས་སོ༔ བཀྲ་ཤིས། ཞལ་དྲོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ།
གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ་བཞུགས་སོ།།
འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་དབང་གསན་བསམ་པའི་ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ལ་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། རྣ་རྒྱུད་ལུང་གི་ཐིག་ལེ་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་གྱུར། །སྐལ་ལྡན་ངེས་ཤེས་སྐྱེས་པའི་ཕྱིར། །ལོ་རྒྱུས་རྒྱས་པར་བཤད་པར་བྱ། །ཞེས་གསུངས་པས། ལོ་རྒྱུས་ཅུང་ཟད་ཅིག་འཆད་ན། འཇམ་དཔལ་ཁྲོས་པའི་རྒྱུད་ལེའུ་སོ་ལྔ་
པ་ལས། རྒྱ་གར་གྱི་གྲོང་ཁྱེར་མུ་སྟེགས་གནས་བ་ར་དྷ་ཛ་བྱ་བ་དེར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དར་ནས་ཡོད་པ་ལ། མུ་སྟེགས་སྟོན་པ་ཕུང་བྱེད་ནག་པོ་དང་། མུ་སྟེགས་སྐུ་ཡི་ལ་བ་ཅན་དང་། མུ་སྟེགས་མེ་ཡི་སླག་པ་ཅན་དང་། མུ་སྟེགས་རིགས་ཐམས་ཅད་འདུས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཐམས་ཅད་བཤིགས་ནས། གླེགས་བམ་ཐམས་ཅད་མེར་བསྲེགས། ཆོས་ཀྱི་སྒྲ་ནི་གཅིག་ཀྱང་མེད་པར་བྱས། དེའི་དུས་ན་སངས་རྒྱས་ཀྱི་བསྟན་པ་ལ་འདི་འདྲ་བ་འོང་ཨ། འཕགས་པ་འཇམ་དཔལ་གྱིས་དགོངས་ནས་ཐུགས་མུག་སྐྱེས་ཏེ་
འཇམ་དབྱངས་ཐུགས་ཁྲོས་པ་ལས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙའི་སྐུ་སྤྲུལ་པ་ལ། དབུ་གསུམ་ཕྱག་དྲུག་པ། གཡས་གསུམ་དགྲ་སཱུ་ཕྱར་བ། གཡོན་གསུམ་གློ་སྙིང་བསྣམས་པ། སྐུ་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་དང་ལྡན་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་བ་འཇིགས་སུ་རུང་བ་ཞིག་བསྟན་པས། མུ་སྟེགས་ཐམས་ཅད་ནི་བརྒྱལ་ནས་ཤི། མུ་སྟེགས་ཀྱི་ཡི་གེ་དང་སྒྲ་ཐམས་ཅད་རྣམས་མེར་བསྲེགས། མུ་སྟེགས་ཀྱི་བསྟན་པ་ནི་གཅིག་ཀྱང་མེད་པར་བྱས་སོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་ནི་དར། རྟེན་རྫས་ཐམས་ཅད་བཅུད་ནུས་དང་ལྡན༔ གླེགས་བམ་ཐམས་ཅད་ནི་རང་སྒྲ་གྲག་པ་དང་མདངས་འོད་གཟི་བརྗིད་དང་ལྡན། དབེན་རི་ཐམས་ཅད་ནི་བཀྲ་ཤིས་སོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ། ཀྱེ་མ་འཇམ་དཔལ་ཐུགས་རྗེ་ཅན། །བསྟན་འཛིན་ཆེན་པོ་དྲག་རྩལ་ཅན། །བསྟན་སྲུང་ཆེན་པོ་རྫུ་འཕྲུལ་ཅན། །འདི་འདྲའི་ཐུགས་ཁྲོས་མྱུར་མགྱོགས་ཅན། །ཨ་ལ་ལ་ཧོ་བདེ་ལེགས་སོ། །འདི་ལྟ་བུས་རྫུ་འཕྲུལ་ཅིའི་རྒྱུ་ལས་བྱུང་བ་ལགས། ཞེས་ཞུས་པས། ཀྱེ་སྟོན་པ་འཁོར་བཅས་སྙན་གསན་པར་འཚལ། ང་ཡི་
ཐུགས་རྗེ་དང་རྫུ་འཕྲུལ་འདི་ལྟ་བུ་ནི། ནང་ལྟར་ན་འཕགས་པ་འཇམ་དཔལ་དང་རྟ་མགྲིན་ཕྱག་རྡོར་གསུམ་ཡིན་པས། ཕྱི་ཕ་མུ་སྟེགས་པ་ལ། རྣོ་བས་ནུས་པ་དེ་ལྟར་ཆེ། གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་པས་རྟགས་མཚན་ཆེ་བ་དེ་ལྟར་ལགས། ཕྱི་ལྟར་ན་འཆི་བདག་ཚེ་བདག་སྲོག་བདག་གསུམ་ཡིན་པས་རྫུ་འཕྲུལ་དང་དྲག་རྩལ་ཆེ་བ་དེ་ལྟར་ལགས། ཞེས་འཇམ་དཔལ་ཁྲོས་པའི་རྒྱུད་ལེའུ་སོ་ལྔ་པ་དེར་གསུངས་སོ། །སླར་རྡོ་རྗེ་འཆང་གིས་གསུངས་པ་དང་ཐུབ་པས་གསུང་པ་མང་ནའང་། གཤིན་རྗེ་ཟླ་གསང་ནག་པོ་ལ་སོགས་པ་གསུངས་སོ། །མཐར་འཇམ་དཔལ་གཤིན་རྗེས་བཀའ་སྩལ་པ། ཀྱེ་ཧོ་སྟོན་པ་རྒྱུད་འདི་ནི། །ཀུན་ལ་སྤེལ་ན་འཇིག་རྟེན་ཕུང་བར་འགྱུར། །དེ་བས་འདི་ནི་དམ་དུ་སྦ་བར་བྱ། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། །མཆོད་རྟེན་དཀར་ཆུང་ནང་དུ་སྦོས། །ཞེས་བཀའ་སྩལ་ཏོ། །དེ་ནས་སྟོན་པ་འཁོར་དང་བཅས་པས་མཆོད་རྟེན་དཀར་ཆུང་གྱི་དབུ་རྩེར་སྦས། བསྐྱེད་རིམ་སྒྲུབ་ཐབས་ཆོས་འཁོར་དུ་སྦས། བསྟོད་བསྐུལ་མནན་སྲེག་བུམ་པར་སྦས། འགུགས་བཅིངས་ལས་ཚོགས་བང་རིམ་རིམ་པར་སྦས། སངས་
རྒྱས་བསྟན་པ་དར་བར་ཤོག །དམ་ཆོས་མྱུར་དུ་དར་བར་ཤོག །ང་ལས་ལྷག་པ་གཅིག་གིས་འདོན་པར་ཤོག །ཅེས་སྨོན་ལམ་དང་བཅས་གཏེར་དུ་སྦས་སོ། །དེ་ཉིད་ཕྱི་རབས་ཀྱི་དོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཏེར་ནས་གདན་དྲངས། བྱང་སྤྲ་དུན་རྩེར་གཏན་ལ་ཕབ་ནས་བསྟན་སྲུང་ཁྱད་པར་འཕགས་པ་ཞིག་འདུག་དགོངས་ནས་གཤིན་རྗེའི་ཆོས་སྐོར་ཐམས་ཅད་ཁྱོད་ལ་དབང་གསུངས་ནས་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་ངོ་། །གནུབས་སངས་རྒྱས་ཡེ་ཤེས་དེས་རྫོགས་རིམ་རྒྱུད་དང་བཅས་པ། བསྐྱེད་རིམ་སྒྲུབ་ཐབས་དང་བཅས་པ། བསྟོད་བསྐུལ་མནན་བསྲེགས་དང་བཅས་པ་བལ་ཡུལ་བུམ་ཐང་ཀེ་རུ་ལ་སྦས། ལས་མཐའ་ལ་ལ་གཡུ་ཆུང་གི་རྫོང་སྣུབ་སོ་ལ་སྦས་སོ། །ལ་ལ་ནི་བུམ་ཐང་སྒོ་སྲུང་བཙན་དམར་ལ་གཏད། ལ་ལ་ནི་བྱང་ཆུབ་ཆེན་པོ་མཆོད་རྟེན་འཛིན་པའི་མཚན་ལ་གཏད། ནས་ཟངས་ཀྱི་ཆུས་བྱུག་པ་ཞིག་ཡོད་པའི་ནང་དུ་སྦས་སོ། ཕྱི་རབས་དུས་ལས་དང་སྐལ་བ་ལྡན་པ་གཅིག་དང་འཕྲད་པར་ཤོག །ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །ཅེས་སྨོན་ལམ་དང་བཅས་གཏེར་དུ་སྦས་སོ། །ཕྱི་རབས་དོན་དུ་རྒྱ་ཞང་ཁྲོམ་གྱིས་གཏེར་
ནས་བཏོན། དེ་ཡང་མཐུ་རྩལ་ཆེ་ཚུལ་ནི། བལ་པོ་བཱ་སུ་དྷ་རས་མུ་སྟེགས་པ་ལྔ་བཅུ་རྩ་གཉིས་བསྒྲལ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ཕོ་ངོ་བརྒྱད་བཅུ་གྱ་བདུན་བསྒྲལ། རྒྱ་ཞང་ཁྲོ་གྱིས་བན་བོན་ལྔ་བཅུ་རྩ་གཉིས་བསྒྲལ། ཁོང་ལ་ཐུག་ཚད་མཐུ་ཆེ་བས་རྒྱ་ཞིང་ཁྲོ་དུག་གི་སྒྲོ་བར་གྲགས་སོ། །གནུབས་དར་མ་དབང་ཕྱུག་གིས་ཞག་བདུན་བསྒྲུབས་པས་བན་བོན་སུམ་ཅུ་སོ་གཉིས་བསྒྲལ། ཡ་བ་ཤཱཀྱ་རྡོ་རྗེས་ཟླ་གཅིག་བསྒྲུབ་པས་སྔགས་པ་སུམ་ཅུ་ཕོ་མོ་དྲུག་ཅུ་རེ་གཅིག་བསྒྲལ། སྔགས་པ་ཨ་གྲོགས་ཀྱིས་ཞག་བཅུ་བསྒྲུབས་པས་ཕོ་ངོ་བརྒྱད་ཅུ་བསྒྲལ་སྐད། དེ་ནས་རིམ་པར་བརྒྱུད་དེ། དབང་རྒྱུན་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་། ལུང་རྒྱུན་སིདྡྷི་བསོད་ནམས་རྣམ་རྒྱལ་ནས་བརྒྱུད་དེ། དེ་དག་གི་བརྒྱུད་པ་རྣམས་ཉམས་སུ་སུས་བླངས་མཐུ་ཆེ་བ་མངོན་སུམ་གྱིས་གསལ། དགོས་ཆེད་ནི་འདིའི་རྒྱ་གཞུང་གཏེར་གཞུང་བསླད་མེད་རྣམས་ནས། ཕ་རོལ་དགྲ་ལ་མྱུར་བས་དུག་གདོང་ཟེར་། །རང་ཉིད་སྲུང་བས་ཁྲོ་ཆུ་ཟེར། །ལོག་རྡུགས་འཆམས་གསུམ་མེད་པས་གཤིན་རྗེ་ཟེར། །འདི་ལ་ཕ་རོལ་ནུས་པ་ཆེ་བས་ཤིན་ཏུ་མྱུར། །སྣང་སྲིད་ལྷ་འདྲེའི་གཙུན་ཕུར་
ཡིན། །རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན། །དགྲ་བོ་འཆི་ལུགས་འདི་ལྟར་ཏེ། །ཚངས་པའི་ཚེ་དང་ལྡན་ཡང་འཆི། །ཞག་གསུམ་གྱིས་ནི་འཁུམ་པར་འགྱུར། །ཁྲག་སྐྱུག་མཚོན་གྲིའི་ཁ་རུ་ནི། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །མ་གཤིན་ཕུར་གསུམ་སྔགས་གསར་རྙིང་། །།སྐད་ཅིག་ཐལ་བར་བརླག་པར་འགྱུར། །བྱད་མ་འབུམ་གྱི་སྲོག་གཅོད་ཡིན། །རྔ་ཐོག་འབུམ་གྱི་གཉེན་པོ་ཡིན། །ཞེས་དང་། རྫུ་འཕྲུལ་གྱི་མཐུ་ཡིན་པས་རྣོ་ལ་མྱུར། རླུང་བསྒྲུབ་ཡིན་པས་འདི་ཕ་རོལ་པ་དང་མཐུ་ནུས་པ་ཆེ་ན་བཟང་། རྡུགས་མེད་འཁྱམ་མེད་ལོགས་མེད་བརྡོལ་མེད། ཕྱི་ནང་གསང་གསུམ་གང་ལའང་ཁྱད་མེད། ཕུར་པ་གཤིན་རྗེའི་གཤེད་ཕྱག་ན་རྡོ་རྗེ་ལ་སོགས་གང་ལའང་སྐད་ཅིག་གིས་བརླག་པར་འགྱུར་རོ། །ཕྱི་པ་དང་ནང་པ་ལ་ཁྱད་མེད། དགྲ་ལ་མང་ཉུང་མེད། བྱད་མ་འབུམ་དང་ལྷ་ཚངས་པ་ཡིན་ཡང་སྐད་ཅིག་གིས་བརླག་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཡི་དམ་ཆོས་སྐྱོང་དབྱེར་མེད་ཀྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་མཚམས་སྦྱོར་གཤིན་རྗེ་ཁྲོ་ཆུའི་ལོ་རྒྱུས། གཤིན་རྗེ་འཇམ་དཔལ་ཁྲོས་པའི་རྒྱུད་དོན་རབ་གསལ་ཞེས་བྱ་བ་འདི་ནི་༧ ཀརྨ་རཱ་གས་མཛད་འདུག་པ་ལས་ཅུང་ཟད་
འཇམ་དཔལ་ཁྲོས་པའི་རྒྱུད་ནས་གསུངས་པ་ལྟར་བྲིས་པའོ།། མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན།
འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན་བཞུགས་སོ།།
ན་མོ་ཡ་མཱནྟ་ཀ་ཡེ། འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བསྐུར་བའི་ལག་ལེན་ནི་གཏོར་མ་ཟུར་གསུམ་ཁྲམ་རིས་ཅན་རྩང་བདུན་གྱིས་བརྒྱན། མར་གྱི་མེ་རི་དང་ཤས་རྒྱན། འཛོམ་ན་ཆོས་འབྱུང་བསྣོལ་མའམ། འབྲུའི་ཚོམ་བུ་བདུན་བཀོད་པའི་སྟེང་དུ་བཤམས། སྨན་རཀ་མཆོད་པ་རྣམ་ལྔས་བསྐོར། ཁྲོ་ཆུའི་ལས་བྱང་གི་བསྟོད་པ་ཡན་བདག་མདུན་དུས་གཅིག་བསྒོམ་ལ་བསྙེན་པ་སྐབས་དང་བསྟུན། སློབ་མ་ལ་ཁྲུས་བྱས་མཎྜལ་ཕུལ། དབང་བཤད་བྱས་ལ་གསོལ་བ་གདབ་པ་ནི། སློབ་དཔོན་ཆེན་པོ་བདག་ལ་དགོངས། །བདག་ནི་བླ་མ་ལྷ་ལ་རབ་ཏུ་དད། །ལས་ཀྱི་གཤིན་རྗེ་ནག་པོ་ཡི། །བྱིན་རླབས་དབང་རྣམས་སྩལ་དུ་གསོལ། །གསུམ་མམ་གཅིག
བླ་མས། ཁྱོད་ནི་སྣོད་དང་མི་ལྡན་པའི། །མུ་སྟེགས་ཅན་དང་རིགས་ངན་ཅན། །ལོག་ལྟ་ཅན་དང་དམ་མེད་ཅན། །ཉམ་པ་ཅན་དང་ལོག་སེམས་ཅན། །གཡོ་སྒྱུ་ཅན་སོགས་མ་ཡིན་ནམ། །སློབ་མས། ཨེ་མ་སངས་རྒྱས་བསྟན་པ་བསྲུང་བ་དང་། །སློབ་དཔོན་སྐུ་དགྲ་བསྒྲལ་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་བྱའི་ཕྱིར། །བདག་ལ་གནང་བོར་མཛད་དུ་གསོལ། །གསུམ་མམ་གཅིག ད་ཁྱེད་རང་སྣོད་དང་ལྡན་པའི་ཕྱིར་སྐྱབས་འགྲོ་འདིའི་ལན་མོ་མཛོད། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །སོགས་ནས། ལུས་ངག་ཡིད་གསུམ་གུས་པས་
སྐྱབས་སུ་མཆི། ཞེས་པ་སྐྱབས་འགྲོ་ལས་བྱང་ལྟར་དང་། ད་ནས་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། སྣང་གྲག་ཆོས་རྣམས་རང་བཞིན་མེད་པ་ལ། །ཞེས་སོགས་ལས་བྱང་སེམས་བསྐྱེད་བྱའོ། །དེ་ནས་སློབ་མ་ལས་བུམ་ཆུས་བྲན་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཆོས་འབྱུང་གྲུ་གསུམ་དམར་ནག་བསྣོལ་མ། ཞེས་སོགས་ནས་གཙོ་བོའི་མངོན་རྟོགས་ལས་བྱང་ལྟར་བྱའོ། །དེའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དང་ཡས་མཚན་པ། ཐུགས་ཀའི་ཧཱུཾ་དང་ཡ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྐུ་ཆེ་ཕྲ་སྣ་ཚོགས། གསུང་སྔགས་ཀྱི་ཕྲེང་བ། ཐུགས་གནམ་ལྕགས་རྡོ་རྗེ་དང་ཧཱུྃ་དང་ཡ་མཐིང་ནག་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་སློབ་མ་ལ་སིབ་སིབ་ཐིམ་པར་གྱུར། ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན།། །ཞེས་སོགས་ལས་བྱང་གི་སྤྱན་འདྲེན་བྱས་པའི་མཇུག་ནས་རྩ་སྔགས་ལ། ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་སྔགས་གསུམ་བདུན་སྤོས་དང་རོལ་མོ་བྱའོ། །ཡེ་ཤེས་པ་དེ་བརྟེན་པར་གྱུར། ཏིཥྛ་བཛྲ༔ རྡོ་རྗེ་མགོར་བཞག་སླར་ཡང་མཎྜལ་ཕུལ། ཨེ་མ། སངས་རྒྱས་བསྟན་པ་བསྲུང་བ་དང་། །རྡོ་རྗེ་སློབ་དཔོན་སྐུ་དགྲ་
འདུལ་བ་དང་། །རུ་ཏྲ་ཆམ་ལ་ཕབ་པ་དང་། །དཀོན་མཆོག་དབུ་འཕང་བསྟོད་བྱའི་ཕྱིར། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དབང་རྣམས་བདག་ལ་སྩོལ། །གསུམ་མམ་གཅིག སྤྲོན། གཏོར་མ་འདི་ཉིད། ཅེས་གཙོ་བོའི་མངོན་རྟོགས་རྒྱས་པར་འདོན། བསྡུ་ན་རང་གིས་བསྒོམས་པས་འཐུས། ད་གཏོར་མ་འདི་དང་ཁྲོ་ཆུ་དུག་གདོང་གཉིས་སུ་མེད་པའི་སྤྱི་བོར་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་སྐུའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་འགྱུར་མེད་སྐུ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་དང་བདུད་རྩིའི་དཀར་པོའི་རྒྱུན་བབ། ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །སྐུ་ཡི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དབྱངས་དང་བཅས་པས། ཧཱུྃ། གཏོར་སྣོད་བྷནྡྲ་ཡངས་པའི་དཀྱིལ་འཁོར་དུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཟག་མེད་བདུད་རྩི་དཔལ་གྱི་གཏོར་མ་འདི། །ལས་ཀྱི་གཤིན་རྗེའི་སྐུ་དང་གཉིས་སུ་མེད། །སྐལ་ལྡན་རིགས་ཀྱི་བུ་
ལ་དབང་བསྐུར་བས། །སྐུ་མཆོག་གཡོ་མེད་སྐུ་ཡི་དབང་ཐོབ་ཤོག །ཅེས་རྩ་སྔགས་དང་། ཀཱ་ཡ་བཛྲ་ཨོ། ཞེས་སྤྱི་བོར་བཞག སྤྲོ་ན། དབང་དོན་བཤད་པ་དང་། བསྟོད་པ་ཤོ་ལོ་ཀ སྐུ་ཡི་བཀྲ་ཤིས་ཤོག སྦྱར་བ་འགྲེས་སོ། །མེད་ཀྱང་ཆོག་གོ། །དེ་བཞིན་དུ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་སོགས་འདྲེས། ཧཱུྃ། གཏོར་སྣོད་སོགས་ནས། གསུང་མཆོག་འགག་མེད་གསུང་གི་དབང་ཐོབ་ཤོག རྩ་སྔགས་དང་། ཝཱཀ་བཛྲ་ཨཱཿ མགྲིན་པར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་སོགས། ཧཱུྃ། གཏོར་སྣོད་སོགས། ཐུགས་མཆོག་གཡོ་མེད་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས་དང་། ཙིཏྟ་བཛྲ་ཧཱུྃ། སྙིང་ཁར། ལྟེ་བའི་འོད་ཟེར་སེར་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་ཡོན་ཏན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཡོན་ཏན་གྱི་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཟེར་སེར་པོ་དང་བདུད་རྩི་སེར་པོའི་རྒྱུན་བབ་ལྟར་ཞུགས་པས་ཁྱེད་རང་རྣམས་ཀྱི་ལུས་ཀྱིས་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དག །ཡོན་ཏན་རེ་བཀང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། གཏོར་སྣོད་སོགས། ཡོན་ཏན་རེ་བཀང་དབང་མཆོག་ཐོབ་པར་ཤོག །རྩ་
སྔགས་དང་། གུ་ཎ་ཨ་བྷི་ཥིཉྩ་སྭཱ། ལྟེ་བར། གསང་གནས་ནས་འོད་ཟེར་ལྗང་གུ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཟེར་ལྗང་གུ་སོགས། ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག ཧཱུྃ། གཏོར་སྣོད་སོགས། དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག །རྩ་སྔགས་མཇུག་ཏུ། ཀརྨ་ཨ་བྷི་ཥིཉྩ་ཧཱ། ཞེས་ལྔ་པོ་ལ་འོད་ཟེར་སྤྲོ་བསྡུ་སོགས་གོང་གི་འགྲེས་ཤེས་པར་བྱའོ། །དེ་ནས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་འཇམ་དཔལ་ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་དང་བཅས་པའི། སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་དམ་ཅན་ལས་ཀྱི་གཤིན་རྗེའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་དབང་བསྐུར་བྱིན་གྱིས་བརླབས་པས་ཡེ་ཤེས་པ་ཐམས་ཅད་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས་འཇམ་དཔལ་ཁྲོ་ཆུ་དངོས་དང་དབྱེར་མེད་པར་གྱུར་སྙམ་པའི་ངང་ལ་མི་དམིགས་པའི་ངང་ལ་ཞོག་མཛོད། སྤྲོ་ན་གཏོར་མ་
ལག་ཏུ་ཐོགས་ལ་བསྟོད་པ་གང་རུང་ཞིག་གྱེར། མེད་ཀྱང་ཆོག །བླ་མ་བརྒྱུད་པ་ཧ་ལམ་པ་དང་། གཙོ་འཁོར་བདུན་གྱི་མཚན་ལས་བྱང་ལྟར་བསྒྲུང་ལ་བཀའ་བསྒོ་སྨོན་ལམ་དབང་སྤྱི་ལྟར་གང་འོས་བྱའོ། །དེ་ནས་སྔགས་པ་ཉམས་སུ་ལེན་མཁན་ཡིན་ན་གཏོར་མ་ལག་ཏུ་གཏད་ལ་འཁོར་ལས་གཤིན་རྣམས་ཀྱི་མིང་བརྗོད་ལ་བཀའ་བསྒོ་གང་འོས་སྤྱི་ལྟར་བྱ། ད་མེ་ཏོག་སྔོན་པོའི་ཕྲེང་བ་རེ་ཕུལ་བའི་མོས་པ་མཛོད་ལ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །སོགས། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་སློབ་མའི་ཞལ་དུ་ཞུགས་ཐུགས་ཀར་འཁོད་པར་མོས་ལ། བསྙེན་སྔགས་དང་བཟློག་སྔགས་དང་། གལ་ཆེ་ན་བསད་སྔགས་དང་གསུམ། རྡོ་རྗེའི་ཕྲེང་བ་ནས་བཟུང་ལ་བྱ། སྔགས་ཕྲེང་མེ་ཏོག་གི་ཕྲེང་བ་བྱས་ནས་སྤྱི་བོར་བཅིངས་བའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །སོགས་བྱས། དེས་ཁྲོ་ཆུའི་གཏོར་དབང་ཐོབ་ནས་སྒྲུབ་པ་སྲུང་ཟློག་སོགས་རུང་བ་ཡིན་པས། འདི་ལ་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་བཟུང་བའི་མོས་པས་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱས། གཏང་རག་གི་མཎྜལ་ཕུལ་མཛོད། ས་གཞི་སྤོས་ཆུས་བྱུག །སོགས་བྱ། སྤྱིར་ཁྲོ་ཆུའི་དབང་འདི་བསྐུར་བ་ལ། རང་བསྙེན་པ་ཐེམས་པ་སློབ་མ་
དམ་ཚིག་ཅན་གལ་ཆེ་སྟེ། ས་ཡ་གཉིས་ཀྱིས་དངོས་གྲུབ་དབང་། །གྲངས་ལ་ངེས་མེད་རྟགས་ལ་གཅེས། །དྲོད་རྟགས་མ་ཐོན་རང་འདོད་ཀྱི། །སློབ་དཔོན་སློབ་མ་གཉིས་ཀ་ཕུང་། །ཤི་ན་རྡོ་རྗེ་དམྱལ་བར་འགྲོ། །སྲོག་དང་འདྲ་བས་སྙིང་ལ་འཆང་། །གསེར་དང་འདྲ་བས་ཕུགས་སུ་སྦོས། །ས་སྟེང་ནོར་གང་སྙིང་ལ་འཆང་། །སྙིང་དང་འདྲ་བའི་བུ་གཅིག་གིས། །གསེར་རམ་སྙིང་གི་ནོར་ཕུལ་ནས། །རྟག་ཏུ་བླ་མར་ཞུས་ལ་བསྟེན། །དེ་འདྲ་མིན་པའི་ཁ་འཛམ་གཡོ་སྒྱུ་ཅན། །བླ་མ་གསང་ཞིང་མན་ངག་རྐུ། །མཁས་པ་གཡོ་སྒྱུ་ཅན་གྱི་མིང་། །དེ་འདྲ་དག་ལ་བྱིན་པ་ན། །ཚེ་འདིར་ལས་ཀྱི་གཤིན་རྗེས་སྙིང་བཀའ་འོ། །ཕྱི་མ་རྡོ་རྗེའི་དམྱལ་བར་འགྲོ། །དེ་བས་དམ་ལ་མ་འདའ་ཞིག །ཞེས་སོ། །ས་ཡ་གཉིས་ནི་འབུམ་ཕྲག་ཉི་ཤུའོ། །རྟགས་ནི་གཞུང་དུ་གསལ་ཞིང་། རྟགས་ཡིག་སྤྱི་དང་མཚུངས། འདི་ནི་ལས་ཀྱི་གཤིན་རྗེའི་ངན་སྔགས་ཡིན་པས། གསུམ་ལས་སྤེལ་ན་སྡིག་ཆེའོ། གནང་བས་དགོངས་མཛོད་ཁྲོ་ཆུའི་གཏོར་དབང་ལག་ལེན་དུག་དབང་གཞུང་ནས་ཁོལ་དུ་ཕྱུང་བ་༧ རཱ་ག་ཨ་སྱས་བཀོད་པ་སངས་རྒྱས་བསྟན་པ་སྲུང་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
སྲུང་འཁོར།
༼ཀ༽ དེའི་ཕྱི་རོལ་དུ་འཇམ་དཔལ་དཀར་པོ་ཚེ་བུམ་བསྣམས་པ་བྱེ་བ་དུང་ཕྱུར་ཞལ་ནང་དུ་གཟིགས་པའི་གུར་ཁང་༔ དེའི་རྒྱབ་ཏུ་འཇམ་དཔལ་ཞི་བ་གསེར་མདོག་རལ་གྲི་དང་པོ་ཏི་འཛིན་པ་དཔག་ཏུ་མེད་པའི་གུར༔་དེའི་ཕྱི་རོལ་དུ་འཇམ་དཔལ་ཁྲོ་བོ་དཀར་པོའི་གུར་ཁང་༔ དེའི་ཕྱི་རོལ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་གུར་ཐབ་རྩིབས་གཉིས་སྟེང་འོག་ཡོད་པའི་ནང་དུ༔ སངས་རྒྱས་སྟོང་རྩ་གཉིས་སྤྲུལ་སྐུའི་རྣམ་པ་ཅན་མཚན་དཔེ་འབར་ཞིང་ཆོས་གོས་གསུམ་གྱིས་བཀླུབས་པ༔ དེའི་ཕྱི་རོལ་དུ་འོད་ཟེར་དཀར་པོ་སྒོ་ངའི་དབྱིབས་ཅན་སྲ་ཞིང་མཁྲིགས་པ་འཇམ་ཞིང་འོད་ཟེར་འཕྲོ་བའི་གུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་རྩེ་ལྔ་པ་རྩེ་གཅིག་པ་རྩེ་དགུའི་གུར་བླ་བྲེ་དྲྭ་བ་ར་བ སྲ་ཞིང་བརྟན་ལ་འཐུག་ཅིང་གོ་སྐབས་མེད་པ༔ རྡོ་རྗེའི་དྲྭ་ཡི་ཁོང་གསེང་ཐམས་ཅད་མདོ་སྡེ་དྲང་དོན་ངེས་དོན་ལ་སོགས་པོ་ཏི་གླེགས་བམ་གྱིས་གང་༔ རྡོ་རྗེ་རྣམས་ཀྱི་རྩེ་མོ་ལ་པདྨའི་སྟེང་དུ་སངས་རྒྱས་སྤྲུལ་པའི་སྐུ་རེ་རེ་ལ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དཔག་ཏུ་མེད་པས་བསྐོར་ནས་ཆོས་སྟོན་པ༔ དེའི་ཕྱི་རོལ་དུ་ནོར་བུ་རིན་པོ་ཆེའི་གུར་སེར་པོ༔ དེའི་ཕྱི་རོལ་
དུ་པདྨ་དམར་པོའི་གུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་རྒྱ་གྲམ་ལྗང་གུའི་གུར༔ དེའི་ཕྱི་རོལ་དུ་ཐོད་པ་སྐམ་པོ་དང་རྙིང་པ་དང་རློན་པའི་གུར་སུམ་རིམ་ཟླུམ་པོ་འཇིགས་སུ་རུང་བས་ཁྱབ་པ་དེའི་ཕྱི་རོལ་དུ་དུར་ཁྲོད་ཀྱི་གུར་ཁང་བམ་དང་ཀེང་རུས་དང་ཞིང་ལྤགས་ཀྱི་གཡང་གཞི་གཅིག་ལ་གཅིག་འབྲེལ་བ་དཔག་ཏུ་མེད་པ་འཇིགས་ཤིང་ཡ་ང་བ༔ དེའི་ཕྱི་རོལ་དུ་གནམ་ལྕགས་ཁྲོ་ཆུ་ཁོལ་མའི་གུར་ཟུར་གསུམ་སྲ་ཞིང་བརྟན་པ་བསྐལ་པའི་རླུང་ཡང་མི་ཐར་བ་རྔམ་ལ་འཐུག་ཅིང་གཡོ་འགུལ་མེད་པ་མེའི་ཚྭ་ཚྭ་འཕྲོ་བ༔ དེའི་ཕྱི་རོལ་དུ་ས་ཡི་གུར་སེར་པོ་གྲུ་བཞི་སྲ་ཞིང་བརྟན་པ༔ དེའི་ཕྱི་རོལ་དུ་ཆུའི་གུར་དཀར་ལ་ཟླུམ་པ་རྦ་རླབས་འཁྲུག་པ༔ དེའི་ཕྱི་རོལ་མེའི་གུར་ཟུར་གསུམ་དམར་པོ་ཚ་ཞིང་སྲེག་པ༔ དེའི་ཕྱི་རོལ་རླུང་གི་གུར་ཟླ་གམ་ལྗང་གུ་འཁྲུག་ཅིང་འཐོར་བ༔ དེའི་ཕྱི་རོལ་དུ་ནམ་མཁའ་སྟོང་པའི་ནང་ནས་ཧཱུྃ་ཕཊ་རྒྱོབ་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པའི་གུར༔ དེའི་ཕྱི་རོལ་དུ་དུག་རྫས་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེའི་གུར་འཐུག་ཅིང་གོ་སྐབས་མེད་པ༔ དེའི་ཕྱི་རོལ་དུ་འཇིག་རྟེན་གྱི་དུག་རྫས་ཐམས་ཅད་འདུས་པའི་ངོ་བོ་ཧ་ལ་ཆེན་པོ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་༔ དབྱིབས་གྲུ་བཞི་ཁ་དོག་ན་
བུན་སྨུག་ནག་འཐིབ་པ་ལྟ་བུ༔ དུག་གི་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་གནོད་བྱེད་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་བརྒྱལ་ནུས་པའི་གུར༔ དུག་རྫས་སྣ་ཚོགས་པའི་མེ་དཔུང་དམར་ནག་འུ་རུ་རུ་འབར་ཞིང་དུག་གི་རླངས་པ་སྔོ་དམར་ཕྱུ་རུ་རུ་འཕྱོ་བས༔ གདུག་པ་ཅན་གང་གིས་མཐོང་ཞིང་དྲན་པ་ཙམ་གྱིས་ཀྱང་མི་བཟོད་པའི་རང་བཞིན་ཅན་དུ་གྱུར༔ དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་གི་སྟེང་འོག་གཉིས་སུ་སངས་རྒྱས་སྟོང་གི་ངོ་བོ་ཁྲོ་བོ་སྟོང་༔ མཐིང་ནག་ཞལ་ཕྱིར་གཟིགས་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱི་སྒོས་གནོད་བྱེད་ཟློག་པའི་ལས་མཛད་པ༔ དེའི་ཕྱི་རོལ་དུ་རང་འདྲ་བའི་ཁྲོ་ཆུང་དཔག་མེད་ཞལ་ཕྱིར་གཟིགས་པའི་གུར༔ དེའི་ཕྱི་རོལ་དུ་ཚེ་བདག་དང་འཆི་བདག་དང་སྲོག་བདག་འཇིགས་བྱེད་དགྲ་ནག་གདོང་དྲུག་གཤེད་དམར་ནག་ལ་སོགས་པ་འཇམ་དཔལ་ཁྲོ་བོའི་ཚོགས་ཐམས་ཅད་ཞལ་ཕྱིར་གཟིགས་པའི་གུར༔ དེའི་ཕྱི་རོལ་བེ་བྷ་སྭ་ཏ་ཆོས་རྒྱལ་ཟ་བ་ལྗང་ནག་འཆར་ཀ་ནག་པོ་རལ་པ་ཚལ་དགུ་མྱོས་བྱེད་འབར་བ་ཨཱརྱ་མེ་རུ་རྩེ་ལ་སོགས་པ་ལས་གཤིན་བྱེ་བ་ས་ཡ་ཞལ་ཕྱིར་གཟིགས་པའི་གུར༔ དེའི་ཕྱི་རོལ་དུ་ཕྱི་ནང་གསང་བའི་ལྷ་མ་སྲིན་སྡེ་བརྒྱད་
དཔལ་མགོན་བདུན་ཅུ་དྲེགས་པའི་སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་ཐམས་ཅད་ཞལ་ཕྱིར་གཟིགས་པའི་གུར༔ དེ་ཐམས་ཅད་རབ་ཏུ་ཁྲོས་པའི་ཆ་ལུགས་མཚོན་ཆ་སྣ་ཚོགས་ཐོགས་ནས་བྱེད་མ་ལྷ་སྲུང་དང་བཅས་པའི་ཤ་ཟོས་ཁྲག་འཐུང་རུས་པ་མུར་ཀླད་ཁྲག་འཇིབ་ཅིང་རྡུལ་དུ་རླག་པར་བྱེད་པ༔ དེའི་ཕྱི་རོལ་དུ་རླུང་གི་སྤུ་གྲི་ངར་མ་སོ་འཐབ་པའི་གུར༔ ཁ་དོག་ལྗང་ནག་དབྱིབས་གྲུ་གསུམ་པ་ལ་གཡས་གཡོན་དུ་འཁོར་བའི་བར་དུ༔ གནོད་བྱེད་ཐམས་ཅད་ཧྲག་ཧྲག་གཏུབ་ཅིང་ཐུལ་ཐུལ་སྲེག་པའི་གུར༔ དེའི་ཕྱི་རོལ་དུ་གྲི་གུག་སོ་འཐབ་པ་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་བྱད་མ་དམར་ཉལ་ཉལ་གཏུབས་པའི་གུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་འཁོར་ལོ་རལ་གྲི་སྤུ་གྲི་མདའ་གཞུ་མདུང་ཐུང་ཁ་ཊཾ་གྲི་གུག་ཐོ་བ་ལྕགས་ཀྱུ་དགྲ་སྟ་སོགས་མཚོན་ཆ་སྣ་ཚོགས་རབ་ཏུ་འབར་ཞིང་དུག་གི་ངར་དང་ལྡན་པ༔ སྟེང་འོག་ཐམས་ཅད་བར་མཚམས་མེད་པ་དབྱིབས་གྲུ་བཞི་དུག་གི་ན་བུན་སྤྲིན་བཞིན་དུ་གཏིབས་པས་གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་བརྒྱལ་ཞིང་རེག་པ་ཙམ་གྱིས་ལུས་ངག་ཡིད་གསུམ་རྨུག་ཅིང་རླག་པར་བྱེད་པའི་གུར༔ དེའི་ཕྱི་རོལ་དུ་བསྐལ་པའི་མེ་
དཔུང་ཁ་དོག་ལྔ་ལྡན་གཡས་སུ་འཁྱིལ་ཞིང་དུམ་བུ་གཅིག་ཏུ་གྱུར་ནས་མེ་རབ་ཏུ་འབར་བོས་གནོད་བྱེད་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པའི་གུར་ཁང་༔ དེ་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ༔ ༼ཁ༽ ཞེས་སྦྱར་ཞིང་བསྙེན་པ་དང་བསྲུང་བ་དུས་ཀྱང་རྒྱུན་དུ་རིམ་གྱིས་གསལ་འདེབས་པ་བྱུང་ངོ་༔ ཡང་དུས་གཅིག་ལ་ཐམས་ཅད་གསལ་འདེབས་པ་སོགས་བྱའོ༔་ཨེ་མ་མཁས་རྨོངས་འབྱེད་པའི་མི་རེ་དཀོན། །དཔེར་ན་ཁྲུབ་ཀྱི་བྱང་བུ་རེ་རེ་མགུལ་བཏགས་ནས། །རང་ཉིད་ཁྲབ་ཅན་ཡིན་པར་རློམ་པ་འཁྲུལ། །དེ་བཞིན་སྲུང་འཁོར་རེ་རེས་ཤོག་དྲིལ་དག།།བསྒོམས་ནས་ཁྲོ་ཆུས་སྲུང་འཁོར་བསྒོམ་ཞེས་ཟེར། །གཏེར་གཞུང་ལྷད་མེད་ཡིན་ཟེར་ཁེངས་པར་སྨྲ།། །ལ་ལས་ཟློག་དང་སྲུང་བའི་འཁོར་ལོ་གཉིས། །བསྲེས་ནས་གབ་སྐུང་ཡིན་པར་མ་ཤེས་པས། །སྨྱོན་པའི་ལག་ཏུ་གོ་མཚོན་བཞག་པ་བཞིན། །དགྲ་ཟུན་མི་འབྱེད་ཕྱི་ནང་ནོར་བ་མང་། །དེ་འདྲའི་ཚུལ་ལ་ཁོ་བོས་མ་བཟོད་ནས། །ལས་བྱང་ཟུར་བརྒྱན་བུ་ཡིག་ཚུལ་དུ་བཀོད། །འདི་ལ་ཉེས་གྱུར་རྒྱལ་བ་རྣམས་ལ་བཤགས། །དགེ་བས་བདག་དང་དེ་ཡི་རྗེས་འཇུག་རྣམས། །བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཤོག ཤམ་བྷཱ་༔ ཅེས་པ་འདི་ཡང་ཨ་རཱ་གས་བཀོད་པའོ། །སྤྱི། དགེའོ།། །།
སི་ཏུ་བསོད་ནམས་རྣམ་རྒྱལ་གྱིས་མཛད་པའི་ཁྲོ་ཆུའི་ལས་བྱང་གི་ཡང་ཡིག་ནང་གི་སྲུང་འཁོར།
ཤམཧཱ། གྷ ༔ སི་ཏུ་བསོད་ནམས་རྣམ་རྒྱལ་གྱིས་མཛད་པའི་ཁྲོ་ཆུའི་ལས་བྱང་གི་ཡང་ཡིག་ནང་གི་སྲུང་འཁོར་བཞུགས༔ ༼ག༽ རང་གི་ཐུགས་ཀར་ཕྱི་རིམ་རྡོ་རྗེའི་ལྟེ་བར་ལུ་གུ་རྒྱུད་དུ་ཡོད་པའི་གུར་སྲ་ཞིང་བརྟན་པ༔ དེའི་ནང་དུ་འོད་ཟེར་དཀར་ཞིང་འཇམ་པའི་གུར༔ དེའི་ནང་དུ་སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་ཕྱོགས་བཅུའི་དུས་གསུམ་གྱི་འདས་མ་བྱོན་ད་ལྟའི་སངས་རྒྱས་བྱང་སེམས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཞལ་ནང་དུ་གཟིགས་ནས་ཚེ་ཡི་བུམ་པ་ཐོགས་ཏེ་སྲུང་བ༔ དེའི་ནང་དུ་རང་གི་ཙིཏྟ་ཟུར་གསུམ་རྣོ་ངར་དང་ལྡན་པ་དུག་ལས་གྲུབ་པ་གྱེན་དུ་ལང་བ་སྲ་ཞིང་མཁྲེགས་པའི་རྩ་སྦུབ་གསུམ་དུ་ཧཱུྃ་ནག་པོ་བུང་བ་ལྟར་རང་སྒྲ་དང་བཅས་པ་འཁོར་ཞིང་ཚྭ་ཚྭ་འཕྲོ་བས་སྲུང་བ༔ དེའི་ནང་དུ་པདྨ་ཉི་མའི་གདན་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའམ་གསུམ་པ་མཐིང་ནག་གྱེན་དུ་འགྲེང་ཞིང་འོད་ཟེར་འཕྲོ་བ༔ དེའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ངོ་བོ་ཡེ་ཤེས་ལྔ་ཡི་རང་བཞིན་ལ༔ རྣམ་པ་འོད་ཟེར་ཁ་དོག་ལྗང་གུ་དང་དམར་པོ་དང་སེར་པོ་དཀར་པོ་སྔོན་པོ་ལྔའི་གུར་ཁང་སྲ་ཞིང་བརྟན་པ༔ དེའི་ནང་དུ་རྟེན་འབྲེལ་སྙིང་པོའི་ཡིག་ཕྲེང་དཀར་
པོ་གཡས་སུ་འཁོར་བ༔ དེའི་ནང་དུ་དབྱངས་ཡིག་དམར་པོའི་ཕྲེང་བ་གཡོན་དུ་འཁོར་བ༔ དེའི་ནང་དུ་གསལ་བྱེད་ཡིག་ཕྲེང་དཀར་པོ་གཡས་སུ་འཁོར་བ༔ དེ་ལྟར་ཡི་གེའི་གུར་ཁང་གསུམ་པོ་རང་སྒྲ་དང་བཅས་པ༔ དེའི་ནང་དུ་ཧཱུཾ་ཡིག་སྔོན་པོ་ཕྲེང་བ་ཐག་པ་བསྡམ་པ་འདྲ་བའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར༔ དེའི་ནང་དུ་པད་ཉིའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཧཱུྃ་མཐིང་ནག༔ དེའི་ཞབས་ཀྱུའི་ནང་དུ་ལས་ཀྱི་གཤིན་རྗེ་ཐམས་ཅད་ཀྱི་ངོ་བོ་ཡཿདམར་ནག་གིས་མཚན་པའོ༔ ང༽ ས་མ་ཡ་ཁ་ཐོ་རྒྱ་རྒྱ་རྒྱ༔ ཤ་མ་ཕྱི་ནང་གི་སྲུང་འཁོར་གཉིས་པོ་འདི་བདག་བསྐྱེད་དུས་སྦྱར༔ མདུན་བསྐྱེད་ལ་གཞུང་གིས་འཐུས་སོ༔ ཞེས་པ་ལས་བྱང་གི་ཡང་ཡིག་གི་ཚུལ་དུ་ཀརྨ་ཨ་རཱ་གས་བྲིས་པ་ལ༔ འདི་ལ་ཉེས་གྱུར་འཇམ་དཔལ་ཉིད་ལ་བཤགས༔ དགེ་བས་འགྲོ་ཀུན་འཇམ་དཔལ་ཉིད་འགྲུབ་ཤོག༔ ཨཱི ༈ ཀྱེ་མ་འགའ་ཞིག་སློབ་དཔོན་མ་བསྟེན་ཞིང་༔ ཡིག་ནག་མཐོང་ཆོག་མཁས་པར་རློམས་པ་དང་༔ སློབ་དཔོན་འགའ་ཞིག་རྨོངས་པས་རྨོངས་པ་ཁྲིད་སློབ་དཔོན་གསུང་བཞིན་ཡིན་ཞེས་རྨོངས་པས་འཐམ༔ འགའ་ཞིག་མཁས་པས་གབ་རྐུང་བྱས་པ་དང་༔ སྦས་ཤིང་དཀྲུག་པ་དེ་དོན་མ་རྟོགས་ནས༔ བདག་མདུན་ཁྱད་པར་མི་ཤེས་བདག་མདུན་ནོར༔ སྲུང་འཁོར་ཕྱི་ནང་མ་ཤེས་ཕྱི་ནང་
ནོར༔ གོ་རིམ་མི་ཤེས་གོ་རིམ་རྣམས་དཔྱོད་ནོར༔ སྲུང་ཟློག་དམིགས་པ་དུག་དང་སྨན་བསྲེས་འདྲ༔ དེ་ཕྱིར་ཕལ་གྱི་བྱ་བ་དོན་མེད་ཕྱིར༔ དེ་ལ་མ་བཟོད་བདག་གིས་ཟིན་བྲིས་བྱས༔ རིན་ཆེན་གསེར་ཞུན་ཞུན་ཡིན་ནོ་ཤིང་ལ་ཆོངས༔ ཟབ་དང་མི་ཟབ་ལག་ཏུ་ལོངས་ལ་ལྟོས༔ གཞན་ལ་ཨི་འདུག་ཀུན་ལ་དྲིས་དང་གསལ༔ ཁ་ཐཾ་གུ་ཧྱ༔ དགེའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཅིག་ཆོག་གསུམ་གྱི་གདམས་པ་ཚིགས་སུ་བཅད་པ།
བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་གཅིག་ཆོག་གསུམ་གྱི་གདམས་པ་ཚིགས་སུ་བཅད་པ་བཞུགས་སོ།། ཨེ་ཡ་བྷྱོ༔ ཧ་ལ་སྣ་ཚོགས་ལས་གྲུབ་རྡོ་རྗེའི་མཁར། །གྲུ་བཞི་མེ་འབར་དུག་རླངས་སྤྲིན་ལྟར་འཐིབས། །དེ་དབུས་བདག་མདུན་དམ་ཡེ་དབྱེར་མེད་པའི། །ཁྲོ་ཆུ་དུག་གདོང་མཐིང་ལྗང་དམར་བའི་ཞལ། །དབུ་གསུམ་མཆོད་རྟེན་གསུམ་ནང་རིགས་གསུམ་མགོན། །ཕྱག་དྲུག་གཡས་གཡོན་དགྲ་སྣ་ཙིཏྟ་བསྣམས། །རབ་འཇིགས་ཁྲོ་བོའི་ཆས་རྫོགས་གཤོག་པ་གདེངས། །སྐུ་སྨད་གནམ་ལྕགས་ཕུར་པ་བྱེད་མར་གཟིར། །ཐུགས་ཀར་ཡ་ཧཱུྃ་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་འཁོར་བཅས་མཐུ་སྟོབས་བདག་ལ་ཐིམ། །ཐུགས་ཀའི་ཧཱུྃ་ནང་བསྲུང་བྱ་ཐམས་ཅད་ཚུད། །བྱད་མ་དྲོད་གཏོང་གཤིན་རྗེའི་དམག་གིས་ཟློག །ཨོཾ་མཉྫའི་ཡ་མཱནྟ་ཀ །ཧ་ཡ་གྲི་ཝ། བཛྲ་པཱ་ཎི། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀཱ་ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ། ས་མ་ཡ་ཛཿཛཿ༔ བསྙེན་སྔགས་སོ། །བསྙེན་སྔགས་ལ་སྲུང་སྔགས་བཏགས། བདག་དང་བསྲུང་བྱ་ཐམས་ཅད་ལ་སྲུངས་ཤིག་ནི་ཧཱུཾ་བཛྲ་རཀྵ་རཀྟ༔ བཟློག་པ་དུས་བསྙེན་སྔགས་ལ་ཟློག་
སྔགས་འདི་བཏགས། དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ་ཀྲོ་ཏ་པ་ཙ་ལ་ཏི་ཀཱ་ལ་རཱུ་པ་ཨ་ཀྲོ་རཱ་ཙ་ཡ་མ་རཱ་ཙ་ས་མ་ཡ། ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག ཟློག་སྔགས་དུས་སུ་བརྒྱ་བས་མང་མི་རུང་གསུངས་པས་བརྒྱའམ་ཉེར་གཅིག་བས་མང་མི་རུང་། བསྙེན་པ་དང་སྲུང་ཟློག་ཆག་མེད་རྒྱུན་ཁྱེར་གཏེར་གཞུང་གི་བཅུད་ཐམས་ཅད་འདུས་པ། རཱ་ག་ཨ་སྱས་གསུངས་སོ། །ཨྠྀི༔ རང་ལྷ་ཡི་ང་རྒྱལ་དང་མ་བྲལ་བས་དགུང་མོ་ཉི་མ་ཐལ་ཀ་ཉི་མ་ལ་རྒྱབ་གཏད་ནས་འདུག་ལ། རི་རྒྱབ་ནས་སྤྲུལ་ནག་ཤིན་ཏུ་ཆེ་བ་ཁ་གདངས་བའི་ནང་དུ་ཉི་མ་དང་དགྲ་བོ་དབྱེར་མེད་དེ་ཧྲིལ་གྱིས་སོང་བར་དམིགས་ལ་ཟློག་སྔགས་ཚར་རེ་དང་ཐལ་མོ་རེ་སྤྲད་དེ་ལན་དགུ་བརྡབ་བོ། །ཟབ་རྒྱ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བཅོམ་ལྡན་འདས་འཇམ་དཔལ་ཁྲོ་ཆུ་དུག་གདོང་འཁོར་དང་བཅས་པའི་བསྐུལ་རིང་བར་ཆད་ཀུན་སེལ་གནམ་ལྕགས་འབར་བའི་རྔམ་སྒྲ།
བཅོམ་ལྡན་འདས་འཇམ་དཔལ་ཁྲོ་ཆུ་དུག་གདོང་འཁོར་དང་བཅས་པའི་བསྐུལ་རིང་བར་ཆད་ཀུན་སེལ་གནམ་ལྕགས་འབར་བའི་རྔམ་སྒྲ་བཞུགས་སོ༔
ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ དུག་གདོང་ལྷ་ཚོགས་སྤྱན་འདྲེན་ན༔ ཀུན་བཟང་ཡུམ་གྱི་མཁའ་ཀློང་ནས༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ གཅིག་ཏུ་བསྡུས་པའི་ཧེ་རུ་ཀ༔ ཁྲོ་ཆུ་དུག་གདོང་བཅོམ་ལྡན་འདས༔ གཤེགས་བཞུགས་མཚན་མ་མི་མངའ་ཡང་༔ ཆུ་ཟླ་བཞིན་དུ་འདིར་གཤེགས་ཤིག འཇམ་དཔལ་རིགས་ལྔ་རིགས་གསུམ་མགོན༔ ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས༔ བསྐལ་བཟང་སངས་རྒྱས་སྟོང་ལ་སོགས༔ རིགས་འཛིན་བརྒྱུད་པའི་བླ་མ་རྣམས༔ བསྲུང་ཞིང་བྱིན་གྱིས་བརླབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་
གཤེགས་སུ་གསོལ༔ རྒྱ་གར་བྷ་ར་དྷ་ཛའི་གནས༔ ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་ནས་རིག་གསུམ་མགོན་པོ་གཅིག་བསྡུས་ཁྲོ་ཆུ་དུག་གདོང་ཁྲོ་བོའི་རྗེ༔ ས་བརྒྱད་སེམས་དཔའ་མཐུ་བོ་ཆེ༔ ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ༔ རྟ་མགྲིན་གསང་བདག་གྷ་རུ་སངས་རྒྱས་སྟོང་ཁྲོས་ཁྲོ་བོ་སྟོང་༔ འཆར་ཁ་འཇོམས་བྱེད་ཚེ་བདག་དང་༔ ཁ་ཐུན་ཁྲག་མཚོ་ཁོལ་མ་དང་༔ རལ་པ་ཚལ་དགུ་ཁྲོ་བོ་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ རིམ་པ་བདུན་གྱི་ས་ཡི་འོག༔ ན་རག་དམྱལ་ཁམས་གཤིན་རྗེའི་ཡུལ༔ ལྕགས་མཁར་
འབར་བའི་ནང་ཤེད་ནས༔ ཚེ་བདག་སྲོག་བདག་འཆི་བདག་གསུམ༔ གཅིག་ཏུ་བསྡུས་པའི་དུག་གདོང་དང་༔ ཆོས་ཀྱི་རྒྱལ་པོ་གཤེགས་སུ་གསོལ༔ ལས་གཤིན་དྲུག་དང་གཤེད་ཆེན་བཞི༔ མོན་བཞི་བདུད་བཞི་རུ་ཏྲ་བཞི༔ འཆི་བདག་བཅུ་གཉིས་སྒོ་བ་བཞི༔ ཕོ་གཤེད་མོ་གཤེད་མོན་ཕོ་མོ༔ དུག་གསུམ་ལས་གྲུབ་གཤིན་རྗེ་གསུམ༔ འཁོར་དང་སྤྲུལ་པའི་ཚོགས་བཅས་བྱོན༔ ཆོས་འབྱུང་པད་ཉི་རུ་ཏྲ་དང་༔ རང་རང་དགྱེས་པའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དགྲ་བགེགས་བླ་ཚེ་སྲོག་དབུག་དང་༔ ཁ་རྗེ་དབང་ཐང་སྟོབས་ནུས་བཅས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ བཅོལ་བའི་ལས་རྣམས་མྱུར་འགྲུབ་མཛོད༔ ཧཱུྃ༔ འཁོར་འདས་སྤྱི་དཔལ་བཅོམ་ལྡན་འདས༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ དབུས་ཞལ་རྔམས་པའི་དབུ་གཙུག་ནས༔ ཁྲོ་ཆུ་འབར་བའི་མཆོད་རྟེན་ནང་༔ སངས་རྒྱས་ཀུན་གྱི་སྐུ་འདུས་པ༔ འཇམ་དབྱངས་དམར་སེར་རལ་པོད་འཛིན༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ འཁོར་ནི་ད་ལྟའི་བཅོམ་ལྡན་འདས༔ ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱ་དང་༔
བྱང་སེམས་བྱེ་བ་དཔག་མེད་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གཡས་ཞལ་ཁྲོས་པའི་དབུ་གཙུག་ན༔ ལྕགས་ཀྱི་མཆོད་རྟེན་འབར་བའི་ནང་༔ སངས་རྒྱས་ཀུན་གྱི་ཐུགས་འདུས་པ༔ གསང་བདག་མཐིང་ཀ་རྡོ་དྲིལ་འཛིན༔ ཞི་འཛུམ་ཕྱེད་སྐྱིལ་རིན་ཆེན་བརྒྱན༔ ཀུན་བཟང་སྟོན་པ་བཅུ་གཉིས་དང་༔ སྐལ་མགོན་དྲུག་ཅུ་རྩ་ལྔ་གཉིས༔ སངས་རྒྱས་རབས་བདུན་ལ་སོགས་པ༔ འདས་པའི་སངས་རྒྱས་བྱང་སེམས་ཚོགས༔ ཁྱེད་ཀྱི་ཐུགས་དམ་རྗེས་བསྐུལ་གྱིས༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ དབང་བསྐུར་བྱིན་རླབས་དངོས་གྲུབ་སྩོལ༔ གཡོན་ཞལ་བཞད་པའི་དབུ་གཙུག་ན༔ ཧ་ལོའི་མཆོད་རྟེན་འབར་བའི་ནང་༔ སངས་རྒྱས་ཀུན་གྱི་གསུང་འདུས་པ༔ སྤྱན་རས་གཟིགས་དབང་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔ ཐལ་སྦྱར་ཕྲེང་བ་པདྨ་འཛིན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་རྫོགས༔ བྱམས་པ་སེང་
གེ་རབ་གསལ་ནས༔ མོས་པའི་བར་གྱི་མ་འོངས་པའི༔ སངས་རྒྱས་བྱང་སེམས་འཁོར་གྱིས་བསྐོར༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་རྗེས་འདིར་གཟིགས་ལ༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ༔ བཅོམ་ལྡན་ཁྲོ་ཆུ་དུག་གདོང་གི༔ དབུ་རྒྱན་ཐོད་སྐམ་ལྔ་ཡི་སྟེང་༔ རིན་ཆེན་རྩེ་བྲན་ལྔ་ཡི་ནང་༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལྔ༔ རྣམ་སྣང་རྡོར་སེམས་རིན་ཆེན་འབྱུང་༔ སྣང་མཐའ་དོན་གྲུབ་ཡུམ་དང་བཅས༔ དཀར་མཐིང་སེར་དམར་ལྗང་བའི་མདོག༔ གདན་དང་ཕྱག་རྒྱ་སོ་སོར་གསལ༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་བཅུ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་མ་ལུས་པའི༔ ཕུང་པོ་ཁམས་རྣམས་བྱིན་གྱིས་རློབས༔ སྐུ་ལྔ་ཐོབ་པར་མཛད་དུ་གསོལ༔ རིགས་གསུམ་ཁྲོས་པའི་ཁྲོ་བོ་ཆེ༔ ཁྲོ་ཆུ་དུག་གདོང་དཔྲལ་བ་ན༔ སྐུ་ཡི་ལྷ་མཆོག་འཇམ་དཔལ་དབྱངས༔ དུང་མདོག་ཟུར་ཕུད་ལྔ་དང་ལྡན༔ རལ་གྲི་ཨུཏྤལ་ཚེ་བུམ་འཛིན༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་
དམ་དུས་ལ་བབ༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དུག་གདོང་ལོངས་སྤྱོད་འཁོར་ལོ་ན༔ གསུང་གི་ལྷ་མཆོག་སྤྱན་རས་གཟིགས༔ དཀར་དམར་བགྲང་ཕྲེང་པདྨ་འཛིན༔ སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ གསུང་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ ཁྲོ་ཆུ་ཆོས་ཀྱི་འཁོར་ལོ་ཐུགས་ཀྱི་ལྷ་མཆོག་གསང་བའི་བདག༔ ཁྲོ་ཚུལ་རྡོར་དྲིལ་སྡིགས་མཛུབ་ཅན༔ སྤྲུལ་སྟག་གིས་བརྒྱན་འདོར་ཐབས་བཞུགས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམ་རྫས་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་ཐམས་ཅད་ལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཧཱུྃ༔ སྤྲུལ་སྐུ་ཁྲོ་ཆུ་དུག་སྡོང་ཐུགས་ཀ་ནས༔ སྣ་ཚོགས་འདབ་བཞི་པདྨ་ཉི་མའི་སྟེང་༔ བཅོམ་ལྡན་ལོངས་སྐུ་འཇམ་དཔལ་རིགས་ལྔ་ནི༔ མཐིང་དཀར་སེར་དམར་ལྗང་བའི་ཁ་དོག་ཅན༔
གཞོན་ནུ་ཟུར་ཕུད་ལྔ་དང་མཚན་དཔེས་སྤྲས༔ རྒྱལ་བ་རིགས་ལྔ་སོ་སོའི་དབུ་ལ་བརྒྱན༔ ཕྱག་ན་རལ་གྲི་ཨུཏྤལ་པོ་ཏི་འཛིན༔ ཞི་འཛུམ་རྒྱན་སྤྲས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ འཇམ་དཔལ་རིགས་ལྔའི་ཐུགས་དམ་དབྱིངས་ནས་བསྐུལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ འཁོར་བའི་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ༔ མི་ཤེས་རྨོངས་པའི་དྲི་མ་བསལ་དུ་གསོལ༔ བཀའ་དང་བསྟན་བཅོས་རིག་གནས་ཐམས་ཅད་ལ༔ ཐོགས་མེད་ཀུན་མཁྱེན་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ བཅོམ་ལྡན་གཤིན་རྗེའི་གཤེད་པོའི་ཕྱི་རོལ་ན༔ འཇམ་དཔལ་དཀར་པོ་བྱེ་བ་དུང་ཕྱུར་ཚོགས ནང་དུ་ཞལ་གཟིགས་ཚེ་ཡི་བུམ་པ་འཛིན༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ དངོས་འབྱོར་ཡིད་ཀྱི་སྤྲུལ་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ དེ་རྒྱབ་འཇམ་དཔལ་གསེར་མདོག་ཞི་བའི་སྐུ༔ བྱེ་བ་དུང་ཕྱུར་གྲངས་མེད་ནང་དུ་གཟིགས༔ སྣ་ཚོགས་རྒྱན་ལྡན་རལ་གྲི་པོ་ཏི་འཛིན༔ ཁྱེད་ཀྱི་ཐུགས་རྗེའི་
ཐུགས་དམ་རྒྱུད་བསྐུལ་གྱིས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཞི་བ་དང་༔ བསྲུང་ཞིང་བསྐྱབ་པའི་ཕྲིན་ལས་མཛད་དུ་གསོལ༔ དེ་རྒྱབ་འཇམ་དཔལ་དཀར་པོ་ཁྲོ་བོའི་སྐུ༔ ཞལ་གསུམ་ཕྱག་དྲུག་གཡས་ལྗང་གཡོན་མར་ཞལ༔ ཁྲོ་ཆས་ཡོངས་རྫོགས་སྐུ་སྨད་ཕུར་བུ་དབལ༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཚེ་བུམ་འཛིན༔ བར་གཉིས་ཚེ་བདུད་བཟློག་པའི་འཁོར་ལོ་སྟེ ཐ་གཉིས་ཐོད་པ་བྱང་སེམས་བདུད་རྩིས་བཀང་༔ བྱེ་བ་དུང་ཕྱུར་གྲངས་མེད་ནང་དུ་གཟིགས༔ ཁྱེད་ཀྱི་ཐུགས་དམ་དེང་འདིར་དུས་ལ་བབ༔ ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ འཁོར་འདས་སྣང་སྲིད་ཚེ་ཡི་བཅུད་བསྡུས་ལ༔ བདག་དང་བསྲུང་བྱའི་ལུས་ལ་བསྟིམ་དུ་གསོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱི་རོལ་གསེར་གྱི་འཁོར་ལོ་རྩིབས་སྟོང་ནང་༔ བསྐལ་པ་བཟང་པོ་འདི་ཡི་སངས་རྒྱས་སྟོང་༔ ཕྱོགས་མཚམས་རེ་རེར་བརྒྱ་དང་ཉེར་ལྔ་རེ ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་མདོག མཚམས་བཞིར་
བཞུགས་པ་རྣམས་ནི་སྐུ་མདོག་སྔོ༔ ཀུན་ཀྱང་ཆོས་གོས་གསུམ་མནབ་སྐྱིལ་ཀྲུང་བཞུགས༔ མཚན་དང་དཔེ་བྱད་རབ་བརྒྱན་འོད་ཟེར་འབར༔ ཉན་ཐོས་བྱང་སེམས་འཁོར་ལ་ཆོས་འཁོར་བསྐོར༔ ཕྱག་གཡོན་ཚེ་བུམ་གཡས་པས་སྐྱབས་སྦྱིན་མཛད༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ སྐྱབས་གནས་བསླུ་བ་མེད་པ་ཁྱེད་རྣམས་ཀྱིས༔ བདག་དང་བསྲུང་བྱ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་ལ་བབ༔ ཧཱུྃ༔ བཅོམ་ལྡན་གནམ་ལྕགས་ཁྲོ་ཆུ་དུག་གདོང་གི༔ ཐུགས་ཀར་རྡོ་རྗེ་འབར་བའི་གུར་ནང་ན༔ སངས་རྒྱས་སྟོང་རྩ་ཕྱོགས་བཅུ་དུས་གསུམ་གྱི༔ རྒྱལ་བ་སྲས་བཅས་ཐམས་ཅད་ནང་དུ་གཟིགས༔ ཕྱག་ན་འཆི་མེད་ཚེ་ཡི་བུམ་པ་འཛིན༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ སྲུང་སྐྱོབ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ ཡི་དམ་སྲ་བརྟན་འབར་བའི་གུར་དབུས་ན༔ ཐུགས་སྲོག་ཡེ་ཤེས་སེམས་དཔའ་ཧཱུྃ་མཐིང་གི༔ ན་དའི་ནང་དུ་རྩ་བའི་བླ་མ་ནི༔ སྐུ་མདོག་མཐིང་ཀ་
རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་པའི་སྐུ༔ འཇམ་དཔལ་གཤིན་རྗེ་སྒེག་པའི་རྡོ་རྗེ་དང་༔ དྷེ་ཝ་ཙཎྜ་སློབ་དཔོན་པདྨ་འབྱུང་༔ གུ་རུ་ཁྲག་འཐུང་བ་སུ་དྷ་ར་དང་༔ སངས་རྒྱས་ཡེ་ཤེས་ཞིང་ཁྲོམ་ལ་སོགས་པའི༔ རིག་འཛིན་བརྒྱུད་པའི་བླ་མ་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བརྒྱུད་འཛིན་མོས་པའི་བུ་ལ་བྱིན་གྱིས་རློབས༔ བྱིན་རླབས་འཛད་མེད་ཆུ་བོའི་རྒྱུན་བཞིན་སྩོལ༔ ཁྲོ་ཆུ་དུག་གདོང་ཐུགས་དབུས་ཧཱུྃ་ཡིག་གི ཟླ་ཚེས་ནང་དུ་ཡི་དམ་འཇམ་དཔལ་དབྱངས༔ དམར་སེར་ཕྱག་ན་རལ་གྲི་པོ་ཏི་འཛིན༔ སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ བྱ་སྤྱོད་རྣལ་འབྱོར་གསང་སྔགས་ཕྱི་ཡི་རྒྱུད༔ མ་ཧཱ་ཨ་ནུ་ཨ་ཏི་ནང་གི་རྒྱུད༔ རྒྱུད་སྡེ་དྲུག་གི་ལྷ་ཚོགས་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཁྲོ་ཆུ་དུག་གདོང་ཐུགས་སྲོག་ཧཱུཾ་
ཡིག་གི༔ ཞེབས་ཀྱུའི་ནང་དུ་ཡེ་ཤེས་ཆོས་སྐྱོང་ཚོགས༔ བེར་གུར་ཕྱག་བཞི་ཕྱག་དྲུག་ཨ་གྷོ་ར༔ མ་ནིང་སྡེ་ལྔ་མགོན་ཆེན་ཉི་ཤུ་ལྔ༔ དཔལ་ལྡན་ལྷ་མོ་དཔོན་གཡོག་གཉིས་ལ་སོགས༔ ཁྱེད་ཀྱི་ཐུགས་དམ་ཞལ་བཞེས་དུས་ལ་བབ༔ ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱ་སྲུང་སྐྱོབ་མཐུ་སྟོབས་བསྐྱེད༔ བསྟན་པ་དར་རྒྱས་དངོས་གྲུབ་བསྩལ་དུ་གསོལ༔ བཅོམ་ལྡན་སྨན་སྡོང་ཁྲོ་ཆུ་དུག་གདོང་གི༔ སྤྱི་གཙུག་རིགས་གསུམ་མགོན་པོ་གནས་གྱུར་པ༔ སྐུ་གསུང་ཐུགས་ཀྱི་འཇམ་དཔལ་དཀར་དམར་མཐིང་༔ ཞི་འཛུམ་རལ་པོད་འཛིན་ཅིང་ཕྱེད་སྐྱིལ་བཞུགས༔ མཚན་དཔེའི་དར་དང་རིན་ཆེན་རྒྱན་ལྡན་པ༔ འཇམ་དཔལ་རིགས་གསུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱའི་སྒོ་གསུམ་བྱིན་རློབས་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་རློབས༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་སྨན་སྡོང་ཅན༔ གང་འདུལ་སྐུ་ནི་ཞི་ཁྲོ་ཅིར་ཡང་སྟོན༔ གང་འདུལ་གསུང་ནི་ཆོས་སྒྲ་དྲག་སྔགས་ལྡིར༔ གང་འདུལ་ཐུགས་ནི་མཁྱེན་དང་བརྩེ་བའི་
གཏེར༔ དོན་གཉིས་མཐར་ཕྱིན་ཡིད་བཞིན་ནོར་བུ་ལྟར༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བདག་གིས་བསྐང་༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀྟ་འབུལ འདས་དང་མ་འོངས་སངས་རྒྱས་གྲངས་མེད་པ་ཕལ་ཆེར་ཁྱེད་ཀྱིས་བྱང་ཆུབ་ལམ་ལ་བཀོད༔ དེ་ཕྱིར་རྒྱལ་བ་ཀུན་གྱི་ཡབ་གཅིག་པོ༔ སངས་རྒྱས་ཀུན་ཡབ་ཁྱོད་ཀྱི་ཐུགས་དམ་བསྐང་༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གི༔ མཚན་ནས་བརྗོད་པ་བས་ནི་གང་ཞིག་གིས༔ འཇམ་དཔལ་མཚན་ཙམ་བརྗོད་པས་བསོད་ནམས་ཚོགས༔ ཆེ་བར་གསུངས་ཕྱིར་ཁྱེད་ནི་སྐྱབས་ཀྱི་མཆོག༔ སྐྱབས་གནས་མཚུངས་མེད་ཁྱེད་ཀྱི་ཐུགས་དམ་བསྐང་༔ སངས་རྒྱས་ཞིང་ཀུན་རིན་ཆེན་སྣ་ཚོགས་ཀྱིས༔ བཀང་སྟེ་རྫོགས་སངས་རྒྱས་ལ་མཆོད་པ་བས༔ འཇམ་དཔལ་ཁྱེད་ཀྱི་རྗེས་སུ་སློབ་པའི་བློས༔ སྐད་ཅིག་སྐྱེས་པ་བསོད་ནམས་ཆེ་གསུངས་ཕྱིར༔ ཡི་དམ་ལྷ་ཡི་མཆོག་གྱུར་བསོད་ནམས་གཏེར༔ འགྲོ་བའི་མཆོད་སྡོང་ཁྱེད་ཀྱི་ཐུགས་དམ་བསྐང་༔ བདག་གིས་ཁྱེད་བསྒོམ་ཁྱེད་སྔགས་མཚན་བརྗོད་ན༔ མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ༔ བདག་དང་བདག་ལ་འབྲེལ་
ཐོགས་འགྲོ་བ་ཀུན༔ མ་འོངས་རྡུལ་མེད་བརྩེགས་པའི་ཞིང་ཁམས་སུ༔ ལྷ་ཁྱེད་སངས་རྒྱས་ཀུན་གཟིགས་གྱུར་པའི་ཚེ༔ ཞལ་མཐོང་གདམས་པ་ཐོབ་ནས་སངས་རྒྱས་ཤོག༔ ངོ་བོ་ཆོས་སྐུ་སངས་རྒྱས་ཀུན་དང་གཅིག༔ རྣམ་པ་དཔག་མེད་ལོངས་སྤྱོད་རྫོགས་པའི་ངང་༔ ཐུགས་རྗེ་འགགས་མེད་རྒྱལ་བའི་ཕྲིན་ལས་བདག༔ རྟགས་མཚན་ཆེ་བ་བདེ་གཤེགས་ཀུན་དང་མཉམ སྟོབས་བཅུ་མགོན་པོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ དབུས་ཞལ་མཐིང་ནག་འཇམ་དཔལ་སྐུ་ཡི་ལྷ༔ གཡས་ཞལ་དམར་པོ་རྟ་མགྲིན་གསུང་གི་ལྷ གཡོན་ཞལ་ལྗང་ནག་ཕྱག་རྡོར་ཐུགས་ཀྱི་ལྷ༔ གཞན་གྱིས་བཟློག་མེད་རིགས་གསུམ་འདུས་པའི་ལྷ༔ ལོག་རྡུགས་འཁྱམས་མེད་ལྷ་འདྲེའི་གཅུན་ཕུར་ཆེ༔ རིགས་གསུམ་མགོན་པོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ ཚེ་བདག་སྲོག་བདག་འཆི་བདག་གཅིག་ཏུ་འདུས༔ རྫུ་འཕྲུལ་དྲག་རྩལ་ཐོགས་མེད་གཤིན་རྗེའི་གཤེད༔ ཁྱེད་མཐོང་ཁྲོ་བོ་གཞན་རྣམས་ལག་ཆ་འཆོར༔ འདར་ཞིང་སྔངས་ནུས་འཆི་བདག་ཟིལ་གྱིས་གནོན༔ ཆུ་སྲིན་གདུག་པ་ཅན་གྱི་ཁ་གདངས་ལྟར༔ གཞན་གྱི་དོ་ཟླ་མེད་པའི་ཁྲོ་བོ་ཆེ༔ གཤིན་རྗེའི་གཤེད་པོ་ཁྱེད་ཀྱི་
ཐུགས་དམ་བསྐང་༔ ཀུན་བཟང་རྡོ་རྗེ་འཆང་ཆེན་རིགས་མཆོག་ལྔ༔ སངས་རྒྱས་སྟོང་རྩས་མཐུ་སྟོབས་དབང་བསྐུར་ནས༔ ལྷ་འདྲེ་མི་གསུམ་བན་བོན་མུ་སྟེགས་སོགས༔ ལྷ་སྲུང་དང་བཅོས་རྒྱ་ཆེ་འབུམ་ཕྲག་ཡང་༔ སྐད་ཅིག་ཞག་བདུན་ཙམ་གྱིས་བརླག་བྱ་ཞེས༔ ཁས་བླངས་དམ་བཅའ་རྡོ་རྗེས་ཐ་ཚིག་བཞག༔ དགྲ་བགེགས་བྱད་མ་ཚངས་པའི་ཚེ་ལྡན་ཡང་༔ ཞག་གསུམ་ཙམ་ནས་ཁྲག་སྐྱུག་གྲིར་གསོད་པའི༔ གཞན་ལས་མྱུར་མགྱོགས་ལྡན་པའི་ཆོས་སྐྱོང་མཆོག ཆོས་སྐྱོང་ཆེན་པོ་ཁྱེད་ཀྱི་ཐུགས་དམ་བསྐང་༔ བྱད་མ་འབུམ་ཕྲག་མཐུ་དང་ནུས་ལྡན་ཡང་༔ སྲུང་ཟློག་མང་དང་རྒྱུད་པ་མང་བ་དང་༔ ལོག་རྡུགས་འཁྱམས་མེད་གཞན་ལས་མྱུར་བ་ཡི༔ གཤིན་རྗེ་ནག་པོ་དུག་གི་སྡོང་པོར་གྲགས༔ གཤིན་རྗེ་དུག་གདོང་ནག་པོའི་ཐུགས་དམ་བསྐང་༔ ཕུར་པ་གཤིན་རྗེ་ཕྱག་རྡོར་དབང་ཕྱུག་ཆེ༔ ཕྱི་པ་ནང་པ་དང་ནི་བན་དང་བོན༔ ཤན་པ་སྐྱེ་བོ་བུད་མེད་རྒྱ་དང་འཇང་༔ མེ་ཉག་ཧོར་དང་སོག་པོ་ལ་སོགས་པ༔ གང་ཡང་ཁྱད་མེད་སྐད་ཅིག་རྡུལ་དུ་རློགས༔ དེ་ཕྱིར་གཤིན་རྗེ་སྤྱི་འཇོམས་ནག་པོར་གྲགས༔ གཤིན་རྗེ་སྤྱི་
འཇོམས་ནག་པོའི་ཐུགས་དམ་བསྐང་༔ ཕ་རོལ་ནུས་པ་ཆེ་ན་ཤིན་ཏུ་མྱུར༔ ཁྱད་པར་སྔགས་པ་མུ་སྟེགས་བོན་ལ་མྱུར༔ ལྷ་འདྲེ་སྟོང་དང་བཅས་པ་སྐད་ཅིག་བརླག ཕ་རོལ་དགྲ་བགེགས་བྱད་མ་སྟོབས་ཆེན་ཀུན༔ བྱིན་རླབས་ནུས་ལྡན་ཕ་ཚན་ཅི་ཆེ་ཡང་༔ ཐམས་ཅད་མེ་ལྕེ་ཁ་ཡི་སྦྲང་མ་བཞིན༔ རང་གཤེད་རིང་ལ་འབེབས་པའི་ཁྲོ་གཏུམ་ཅན༔ ལས་ཀྱི་གཤིན་རྗེ་ནག་པོའི་ཐུགས་དམ་བསྐང་༔ རིགས་གསུམ་སྤྲུལ་པ་རྔ་ཐོགས་སྟོང་གི་གཉེན༔ བྱད་མ་འབུམ་གྱི་སྲོག་གཅོད་སྤུ་གྲི་སྟེ༔ མ་གཤིན་ཕུར་གསུམ་གསང་སྔགས་གསར་རྙིང་གི སྟོབས་དང་ནུས་པ་སྐད་ཅིག་ཙམ་ལ་འཇོམས༔ དེ་ཕྱིར་འཇོམས་བྱེད་ཁྲོ་ཆུ་དུག་གདོང་ངོ་༔ སྤྱི་འཇོམས་དུག་གདོང་ནག་པོའི་ཐུགས་དམ་བསྐང་༔ རྣལ་འབྱོར་བར་ཆད་སེལ་ཞིང་སྲུང་དང་སྐྱོབ༔ ཆེ་བཙན་དྲེགས་པ་འགྲོ་འདུལ་ཕྲིན་ལས་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ དེ་ཕྱིར་འཇམ་དཔལ་སྨན་སྡོང་ཆེན་པོར་གྲགས༔ འཇམ་དཔལ་སྨན་སྡོང་ནག་པོའི་ཐུགས་དམ་བསྐང་༔ འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་དང་སྔགས༔ སྦྱོར་བ་ངན་པ་ཅིས་ཀྱང་ལྟར་མི་བཟོད༔ བྱད་མ་
འབུམ་དང་བན་བོན་མཐུ་ཆེན་བརྒྱ༔ གཏད་མཁན་སྟོང་དང་སྔགས་པ་ནང་འགྲོས་སོགས༔ ཅིས་ཀྱང་མི་ཚུགས་རྡོ་རྗེ་ཕ་ལམ་འདྲ༔ སྲུང་བྱེད་ཁྲོ་བོ་ཆེན་པོའི་ཐུགས་དམ་བསྐང་༔ ཕྱི་ནང་བན་བོན་ཀུན་གྱི་གཤེད་མ་སྟེ༔ གང་ཞིག་ཁྱེད་ཉིད་བསྙེན་ཅིང་སྒྲུབ་པ་ན༔ ལས་སྦྱོར་མི་དགོས་བསྐུལ་དང་གཡབ་མོས་སྒྲོལ༔ དེ་ལྟར་གཞན་ལས་ཁྱད་འཕགས་ལྷ་ཁྱེད་ལ༔ བདག་གིས་མཆོད་བསྟོད་བསྙེན་ཅིང་བསྒྲུབ་ལགས་པས༔ སྔོན་གྱི་ཐུགས་དམ་ཐ་ཚིག་དེ་དགོངས་ལ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས བདག་དང་བདག་གི་བསྲུང་བྱ་ཐམས་ཅད་ལ༔ སྲུང་སྐྱོབ་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ༔ བྱད་ཁ་དྲོད་གཏོང་དགྲ་བགེགས་གནོད་པ་ཟློག༔ བདག་དང་ཟབ་གཏེར་བསྟན་དང་བསྟན་འཛིན་ལ༔ སྡང་ཞིང་གདུག་པའི་སེམས་འཆང་དགྲ་བགེགས་ཀུན༔ སྐད་ཅིག་ད་ལྟ་ཉིད་དུ་བཟློག་པར་མཛོད༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི༔ དབུས་ཞལ་དབུ་གཙུག་ཁྲོ་ཆུའི་མཆོད་རྟེན་གྱི༔ རྩེ་མོར་ནོར་བུ་ཏོག་གི་ནང་རོལ་ན༔ པདྨ་དམར་པོ་ཟླ་བའི་གདན་སྟེང་ན༔ རྩ་བའི་བླ་མ་ཨོ་རྒྱན་
ཚེ་དཔག་མེད༔ ཞི་འཛུམ་དམར་གསལ་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ མཚན་དཔེའི་རབ་རྫོགས་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་སྐྱིལ་ཀྲུང་འོད་ཟེར་ཕྱོགས་བཅུར་འཕྲོ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ་ཨོ་རྒྱན་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ འཁོར་འདས་སྣང་སྲིད་ཚེ་ཡི་བཅུད་བསྡུས་ལ༔ བདག་དང་བསྲུང་བྱ་རྣམས་ལ་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་རིག་འཛིན་དངོས་གྲུབ་སྩོལ༔ ཧཱུྃ༔ བཅོམ་ལྡན་སྨན་སྡོང་ཡིད་བཞིན་ནོར་བུ་ནི༔ དམར་གསལ་ཞལ་གསུམ་པདྨ་རཱ་གའི་མདོག༔ དབུ་གཙུག་རྡོ་རྗེ་འཆང་ཆེན་དམར་པོས་བརྒྱན༔ ཕྱག་དྲུག་གཡས་གསུམ་ཡིད་བཞིན་ནོར་བུ་སྟེ༔ གཡོན་གསུམ་ལྕགས་ཀྱུས་ཁམས་ག སུམ་དབང་དུ་སྡུད༔ ཁྲོ་འཛུམ་དར་དང་རིན་ཆེན་དུ་མས་བརྒྱན༔ སྐུ་སྨད་རིན་ཆེན་ཕུར་པས་གོད་འདྲེ་གཟིར༔ འཁོར་ནི་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས༔ དཀར་གསུམ་མངར་གསུམ་འབྲུ་སྨན་རིན་ཆེན་ཚོགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ བདག་དང་བསྲུང་བྱར་གྱུར་པ་ཐམས་ཅད་ལ༔ ཚེ་དབང་བསོད་
ནམས་དངོས་གྲུབ་སྩལ་དུ་གསོལ༔ དཔལ་དང་འབྱོར་པ་འཕེལ་ཞིང་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་སྡུས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དཔལ་ཆེན་གཙོ་མཆོག་སྨན་གདོང་ནག་པོ་ནི༔ མདུན་དངོས་མཆོད་རྟེན་དཀར་པོ་ལས་བྱུང་བའི༔ ཚེ་བདག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་བོའི་ཆས་རྫོགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཕྱག་གཉིས་ཐུགས་ཀར་ཚེ་ཡི་བུམ་པ་འཛིན༔ དམ་རྫས་སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ བདུད་དང་དགྲ་བགེགས་བྱད་མ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་གཟི་བརྗིད་ཀུན་བསྡུས་ལ༔ བདག་དང་བསྲུང་བྱའི་ལུས་ལ་བསྟིམ་དུ་གསོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ མདུན་ངོས་ཕུར་བུ་མཆོད་རྟེན་ནག་པོ་ལས༔ བྱུང་བའི་ཟློག་བྱེད་ཁྲོ་བོ་སྐུ་མདོག་ནག༔ དུར་ཁྲོད་ཆས་རྫོགས་ཞལ་གདངས་མཆེ་བ་གཙིགས༔ ཕྱག་གཡས་རལ་གྲིས་དགྲ་བགེགས་གསོད་པར་བྱེད༔ གཡོན་པས་ཚེ་བདུད་བཟློག་པའི་འཁོར་ལོ་འཛིན༔ སྐུ་སྨད་གནམ་ལྕགས་ཕུར་པས་ཚེ་བདུད་གཟིར༔ སྨན་གཏོར་རཀྟའི་མཆོད་པས་
ཐུགས་དམ་བསྐང་༔ བདག་དང་བསྲུང་བྱའི་ཚེ་རབས་ཐོགས་མེད་ནས༔ ཚེ་ཐུང་བསོད་ནམས་ཆུང་བའི་ལས་སྒྲིབ་དང་༔ ལྷན་ཅིག་སྐྱེས་པའི་འདྲེ་དང་ཚེ་ཡི་བདུད༔ ཁ་རྗེ་དབང་ཐང་ལ་གནོད་དགྲ་བགེགས་དང་༔ ཐམས་ཅད་མ་ལུས་གཟིར་ཞིང་བསད་པ་དང་༔ མཐུ་དང་རྫུ་འཕྲུལ་སྟོབས་ནུས་མེད་པར་མཛོད༔ བཅོམ་ལྡན་འཇམ་དཔལ་སྨན་གདོང་ཐུགས་སྲོག་ནི༔ ཧཱུྃ་དཀར་ཡེ་ཤེས་ལྔ་ཡི་མེ་འབར་བས༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔ དུག་གསུམ་ངོ་བོ་བྱ་སྦྲུལ་ཕག་གསུམ་བསྲེགས༔ འོག་མིན་གནས་ནས་རྡོ་རྗེ་སེམས་དཔའ་བྱོན༔ ཚངས་བུག་ནས་ཞུགས་སྙིང་ཁར་བཞུགས་པ་ནི༔ དཀར་གསལ་དར་དཀར་རིན་ཆེན་རྒྱན་དང་ལྡན༔ ཞི་འཛུམ་རྡོ་རྗེ་གཏོད་ཅིང་དྲིལ་བུ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ ཐུགས་དབུས་ཧཱུཾ་དང་ཡིག་བརྒྱ་ལས་བྱུང་བའི༔ བདུད་རྩིའི་རྒྱུན་གྱིས་ཉམས་ཆག་སྡིག་སྒྲིབ་ཀུན༔ ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ བདག་གིས་ཡིད་ལ་རེ་བ་འགྲུབ་པར་མཛོད༔་ཡིག་བརྒྱ་བརྗོད། བཤགས་པ་འདོན། ཧཱུྃ༔
བཅོམ་ལྡན་དཔལ་ཆེན་ཁྲོ་ཆུ་དུག་གདོང་གི དབུས་ཞལ་དབུ་གཙུག་ཁྲོ་ཆུའི་མཆོད་རྟེན་ནང་༔ འཇམ་དཔལ་ཁྲོས་པའི་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ མཐིང་ནག་ཕྱག་གཉིས་བེ་ཅོན་སྡིགས་མཛུབ་མཛད་འདོར་ཐབས་ཞབས་གཉིས་པད་ཉིའི་གདན་ལ་བཞུགས༔ དུར་ཁྲོད་ཆས་རྫོགས་བསྐལ་པའི་མེ་ད ནག་པོའི་ཐུགས་དམ་དབྱིངས་ནས་བསྐུལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཕོ་གདོན་གཤིན་རྗེའི་གནོད་པ་བཟློག་ཏུ་གསོལ༔ དུས་མིན་འཆི་བ་བཅོ་བརྒྱད་བཟློག་ཏུ་གསོལ༔ སྐག་རིགས་སུམ་བརྒྱ་དྲུག་ཅུ་བཟློག་ཏུ་གསོལ༔ མོ་རྩིས་གབ་རྩེ་ངན་པ་བཟློག་ཏུ་གསོལ༔ གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཏུ་གསོལ༔ འཆི་བདག་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ༔ བདུད་ཀྱི་ཞགས་པོས་འཆིང་བ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཡས་ཞལ་ལྕགས་ཀྱི་མཆོད་རྟེན་འབར་བའི་ནང་༔ ཐུགས་རྗེ་ཁྲོས་པའི་རྟ་མཆོག་ཧེ་རུ་ཀ༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཕྱག་གཡས་དབྱུག་ཏོ་གཡོན་པས་སྡིགས་མཛུབ་མཛད༔
སྟག་ལྤགས་སྨད་དཀྲིས་ཞིང་གླང་སྐུ་སྟོད་གསོལ༔ དཔའ་གཏུམ་རབ་ཁྲོས་སྲིན་པོ་ཁྲོས་པའི་གཟུགས༔ དུར་ཁྲོད་ཆས་རྫོགས་ཡེ་ཤེས་མེ་རིའི་དབུས༔ རྟ་མཆོག་རྒྱལ་པོའི་ཐུགས་དམ་དབྱིངས་ནས་བསྐུལ་དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ མོ་གདོན་བསེན་མོའི་གནོད་པ་བཟློག་ཏུ་གསོལ༔ ཡམས་ནད་རིམས་ནད་དལ་ཡམས་བཟློག་ཏུ་གསོལ༔ ཁྲག་ནད་རྒྱུ་གཟེར་རིམས་ཡམས་བཟློག་ཏུ་གསོལ༔ མ་མོའི་ཁ་རླངས་གདུག་རྩུབ་བཟློག་ཏུ་གསོལ༔ བསེན་མོའི་ཚེ་ལ་རྐུ་བ་བཟློག་ཏུ་གསོལ༔ བཙན་གྱི་ཤོ་རྡེལ་གཏོར་བ་བཟློག་ཏུ་གསོལ༔ རྟ་ནད་འཚེར་རྩུབ་ཐམས་ཅད་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཡོན་ཞལ་དབུ་གཙུག་དུག་གི་མཆོད་རྟེན་ནང་༔ གསང་བདག་ཁྲོས་པའི་བྱ་ཁྱུང་ག་རུ་ཊ༔ གནམ་ལྕགས་ཞུན་མའི་ལུས་ལ་ཁྲོ་ཆུས་ར༔ ཉི་ཟླའི་སྤྱན་ལ་གློག་དམར་འཁྱུགས་པའི་ལྕེ༔ རྡོ་རྗེ་ཕ་ལམ་ལས་གྲུབ་མཆུ་སྡེར་ཅན༔ རལ་གྲིའི་གཤོག་པ་སྤུ་གྲིའི་ཐིལ་ཕྲན་འབར༔ ཆུ་གྲིའི་རྐང་པ་རལ་གྲིའི་མཇུག་སྒྲོ་ཅན་ཀྲི་ཀྲི་སྒྲ་སྒྲོག་ཀླུ་གཉན་སྲོག་རྩ་འདར༔ གཤོག་པ་བརྡབས་
པས་བྱེ་ཚན་ཆར་པ་འབེབས༔ ཁྱུང་ཆེན་འབར་བའི་ཐུགས་དམ་དབྱིངས་ནས་བསྐུལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཀླུ་གཉན་ས་བདག་གནོད་པ་བཟློག་ཏུ་གསོལ༔ ཞ་གྲུམ་རྐང་འབམ་མཛེ་རིགས་བཟློག་ཏུ་གསོལ༔ དམུ་ཆུ་ལྷོག་པ་གཉན་རྒོད་བཟློག་ཏུ་གསོལ༔ ཀླུ་གཉན་རྣམས་ཀྱིས་འཆིང་བ་བཟློག་ཏུ་གསོལ༔ གཏེད་ཁྲམ་དུག་རྣམས་ཐམས་ཅད་བཟློག་ཏུ་གསོལ༔ ཁ་རླངས་མཆེ་དུག་མཐོང་དུག་བཟློག་ཏུ་གསོལ༔ གཉན་དང་ས་སྲིན་གནོད་པ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་གཤིན་རྗེ་གནམ་ལྕགས་འབར་བ་ནི༔ སྤྱི་བོའི་གནས་སུ་བཞུགས་པའི་ཁྲོ་བོ་ནི༔ འཆར་ཁ་ནག་པོ་རབ་འཇིགས་ཁྲོ་ལ་གཏུམ༔ མཆོད་རྟེན་དབུ་བརྒྱན་ཕྱག་གཉིས་མཆོད་རྟེན་བསྣམས༔ དུག་སྦྲུལ་སྟག་ལྤགས་མནབ་ཅིང་སྦྲུལ་མཇུག་འཁྱུགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྟེང་གདོང་ལྷ་ཡི་གནོད་པ་བཟློག་ཏུ་གསོལ༔ མྱོས་ཤིང་འཐིབས་པའི་ནད་རྣམས་བཟློག་ཏུ་གསོལ༔ ལྷ་ཡི་རྩུབ་རིམས་ཐམས་ཅད་བཟློག་ཏུ་གསོལ༔ གནམ་ནད་ཐོག་དང་སེར་
བ་བཟློག་ཏུ་གསོལ༔ དུས་ཀྱི་འཁྲུགས་པ་ཐམས་ཅད་བཟློག་ཏུ་གསོལ༔ ལྷ་མ་ཡིན་གྱི་རྒྱུ་ཐབས་བཟློག་ཏུ་གསོལ༔ ལྷ་ཡི་བཀའ་ཆད་བབ་པ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་འབར་བའི་མགྲིན་པ་ནས༔ ཟློག་བྱེད་གཤིན་རྗེ་འཇོམས་བྱེད་འབར་བ་ནི༔ སྐུ་མདོག་དམར་ནག་རབ་ཁྲོས་སྲིན་པོའི་གཟུགས༔ ཕྱག་གཡས་མཆོད་རྟེན་གཡོན་པས་དགྲ་སྟ་འཛིན༔ ཁྲོ་ཆས་ཡོངས་རྫོགས་མེ་དཔུང་དབུས་ན་བཞུགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ བར་གདོན་གཉན་གྱི་གནོད་པ་བཟློག་ཏུ་གསོལ༔ གཉན་ཆེན་སྡེ་བརྒྱད་གནོད་པ་བཟློག་ཏུ་གསོལ གཉན་ནད་གག་ལྷོག་གཟེར་གསུམ་བཟློག་ཏུ་གསོལ༔ གཉན་ཚད་གཉན་རིམས་ལྷོག་པ་བཟློག་ཏུ་གསོལ༔ ཚེར་ལྷོག་མཐིང་ནག་མེ་དབལ་བཟློག་ཏུ་གསོལ༔ སྐྲངས་ལྷོག་བྱི་བ་ཉ་གས་བཟློག་ཏུ་གསོལ༔ གཉན་སྲིན་ནག་པོ་སུམ་སྒྲིལ་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་ཁྲོ་ཆུ་དུག་གདོང་ཐུགས་ཀ་ནས༔ ཚེ་བདག་ནག་པོ་ཞལ་གསུམ་ཕྱག་དྲུག་པ༔ གཡས་
དཀར་གཡོན་དམར་དབུས་མཐིང་ཁྲོ་ཆས་རྫོགས༔ གཡས་གསུམ་འཁོར་ལོ་རྡོ་རྗེ་རལ་གྲི་ཕྱར༔ གཡོན་གསུམ་བེ་ཅོན་སྡིགས་མཛུབ་གཏུན་ཤིང་བསྣམས༔ ཁྲོ་ཆས་ཡོངས་རྫོགས་ཞབས་བཞི་འདོར་ཐབ་བསྒྲད༔ ཆུ་གླང་པད་ཉིའི་གདན་བ་ཞུགས་བསྐལ་མེ་འབར་དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ འོག་གདོན་ཀླུ་ཡི་གནོད་པ་བཟློག་ཏུ་གསོལ༔ ཀླུ་ནད་མཛེ་རིགས་བཅོ་བརྒྱད་བཟློག་ཏུ་གསོལ༔ འབྲས་དང་དམུ་ཆུ་མིད་དཀྱུས་བཟློག་ཏུ་གསོལ༔ སྦྱར་དང་གྱུར་པའི་དུག་རྣམས་བཟློག་ཏུ་གསོལ༔ བཙའ་སད་སེར་གསུམ་མུ་གེ་བཟློག་ཏུ་གསོལ༔ ས་གཡོས་བཤའ་རྒྱུད་ཡུལ་འབུད་བཟློག་ཏུ་གསོལ༔ ནང་འཁྲུགས་མཚོན་གྱི་ཆུ་གྲི་བཟློག་ཏུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་དུག་གདོང་ཆེན་པོའི་གསང་གནས་ནས༔ གཤིན་རྗེ་ཁ་ཐུན་ནག་པོ་ཆར་སྤྲིན་མདོག༔ ཤིན་ཏུ་འཇིགས་རྔམས་དུར་ཁྲོད་ཆས་བརྒྱད་གསོལ༔ ཕྱག་གཉིས་ལྕགས་པར་བསྣམས་ཤིང་འདོར་ཐབས་བསྒྲད༔ དགྲ་བགེགས་ཐལ་བར་བརླག་ཅིང་ཤ་ཁྲག་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་
ལ༔ དགྲ་དང་བགེགས་དང་བྱད་མ་གནོད་བྱེད་རྣམས༔ ཁ་ཐུན་ནག་པོ་ཁྱོད་ཀྱིས་རྡུལ་དུ་རློགས༔ ཤ་ཁྲག་རུས་གསུམ་ཆེམ་ཆེམ་ཁ་རཾ་ཁཱ་ཧི༔ བྱད་མ་རང་ནུས་རང་ལ་སྨིན་པར་མཛོད༔ དགྲ་བོ་རང་སྲོག་རང་གིས་གཅོད་དུ་ཆུག༔ གནོད་བྱེད་གདོན་བགེགས་རང་གཤེད་རང་ལ་ཕོབ༔ གཤིན་རྗེ་སྲོག་ཐིག་ནག་པོས་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཟློག་བྱེད་དུག་གདོང་དཔུང་པ་གཡས་གོང་ན༔ གཤིན་རྗེ་ཁྲག་མཚོ་ཁོལ་མ་ཁྲག་གི་མདོག༔ རབ་ཁྲོས་ཕྱག་གཉིས་ཉི་ཟླ་ཆ་ལང་རྡེབ༔ དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་དཔུང་འབར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ་གནོད་བྱེད་བྱེད་མ་དགྲ་བགེགས་མ་ལུས་པ༔ ཉི་ཟླ་ཆ་ལང་བར་དུ་ཕྱེ་མར་ཐོང་༔ ཤ་ཁྲག་དོན་སྙིང་དབང་པོ་ནང་ཁྲོལ་རྣམས༔ དམར་དང་ཆལ་ཆལ་ཐོངས་ལ་ཞལ་དུ་བཞེས༔ ལས་གཤིན་ཁྲག་མཚོ་ཁོལ་མའི་དུས་ལ་བབ༔ དུས་ལ་བབ་བོ་མ་གཡེལ་ལས་མཛོད་ཅིག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དུག་གདོང་ཁྲོ་བོའི་དཔུང་པ་གཡོན་པ་ན༔ ལས་ཀྱི་གཤིན་རྗེ་རལ་པ་ཚལ་དགུ་ནི༔ སྐུ་
མདོག་དམར་ནག་རལ་པས་ས་གཞི་ཁྱབ༔ ཁྲོ་བོའི་རྟགས་རྫོགས་འདོར་ཐབས་བསྐལ་མེ་འབར༔ གཡས་པས་ཁྲམ་ཤིང་གཡོན་པས་ནད་རྐྱལ་འཛིན༔ དམ་རྗེས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་ཀུན༔ ཁྲམ་ལ་ཐོབ་ལ་བྱང་བུ་དམར་པོར་བྲིས ལོ་དང་ཟླ་བར་བཞག་པའི་ལོང་མེད་པས༔ ཞག་དང་ཟ་མར་མ་འགོར་དུས་མཐའ་བསྙུང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དུག་གདོང་འབར་བའི་བ་སྤུའི་བུ་ག་ནས༔ ཁྲོ་ཆུང་གྲངས་མེད་མཚོན་ཆ་སྣ་ཚོགས་ཐོགས༔ བྱད་མ་ལྷ་སྲུང་བཅས་པ་བསད་ཅིང་གཏུབས༔ ཁྲོ་ཆུང་དེ་དག་ཀུན་གྱི་སྤུ་གསེབ་ནས༔ མཚོན་ཆའི་ཆར་འབེབས་དགྲ་བགེགས་རླག་པར་བྱེད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་མནག་པའི་དགྲ་བགེགས་བྱད་མ་ལ༔ སྣ་ཚོགས་རྣོ་ངར་མཚོན་ཆའི་ཆར་པ་ཕོབ༔ ཤ་ཁྲག་དོན་སྙིང་དབང་པོ་ནང་རོལ་རྣམས༔ རྡུལ་ཕྲན་ཕྲ་མོ་བཞིན་དུ་གཏུབས་ནས་ཀྱང་༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཕྱི་རོལ་གནམ་ལྕགས་ལས་གྲུབ་འཁོར་ལོའི་གུར༔
རྩིབས་བཅུའི་ནང་དུ་ཡེ་ཤེས་ཁྲོ་བོ་བ སྟེང་གི་ཕྱོགས་ན་ཟློག་བྱེད་ཁྲོ་བོའི་རྒྱལ༔ ཧཱུྃ་མཛད་སྔོ་ནག་རྡོ་རྗེ་སྡིགས་མཛུབ་ཕྱག༔ ལྷ་གདོན་འདུལ་མཛད་ཁྲོ་བོ་ཆེན་པོ་སྟེ། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་བཟློག༔ གཟའ་དང་རྒྱུ་སྐར་གནོད་པ་བཟློག་ཏུ་གསོལ༔ ཤར་གྱི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ གཤིན་རྗེ་མཐར་བྱེད་སྐུ་མདོག་སྔོ་ནག་ལ༔ གཡས་གཡོན་ཕྱག་ན་རྡོ་རྗེ་ཐོ་བ་བསྣམས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ཤར་ཕྱོགས་དྲི་ཟའི་གནོད་པ་བཟློག་ཏུ་གསོལ༔ ལྷོ་ཡི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ ཤེས་རབ་མཐར་བྱེད་དཀར་གསལ་ཁྲོ་ཆས་རྫོགས༔ གཡས་གཡོན་དབྱུག་པ་སྡིགས་མཛུབ་ཕྱག་ན་བསྣམས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ལྷོ་ཕྱོགས་གཤིན་རྗེའི་གནོད་པ་བཟློག་ཏུ་གསོལ༔ ནུབ་ཀྱི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ པདྨ་མཐར་བྱེད་དམར་པོ་ཁྲོ་ཆས་རྫོགས༔ གཡས་གཡོན་ཕྱག་ན་པདྨ་སྡིགས་མཛུབ་ཅན༔ དམ་
རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ནུབ་ཕྱོགས་ཀླུ་ཡི་གནོད་པ་བཟློག་ཏུ་གསོལ༔ བྱང་གི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ བགེགས་ཆེན་མཐར་བྱེད་སྐུ་མདོག་སྔོ་ནག་ལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གཡོན་སྡིགས་མཛུབ་དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ བྱང་ཕྱོགས་གནོད་སྦྱིན་གནོད་པ་བཟློག་ཏུ་གསོལ༔ ཤར་ལྷོ་མཚམས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ འདོད་རྒྱལ་སྔོ་ནག་ལྕགས་ཀྱུ་སྡིགས་མཛུབ་ཕྱག༔ སྟག་སྦྲུལ་དར་དང་རིན་ཆེན་རྒྱན་དང་ལྡན༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཤར་ལྷོ་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ཤར་ལྷོ་མེ་ལྷའི་གནོད་པ་བཟློག་ཏུ་གསོལ༔ ལྷོ་ནུབ་མཚམས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ དབྱུག་སྔོན་ཅན་ནི་སྐུ་མདོག་སྔོ་ནག་ལ༔ གཡས་གཡོན་ཕྱག་གཉིས་དབྱུག་པ་སྡིགས་མཛུབ་ཕྱག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ལྷོ་ནུབ་སྲིན་པོའི་གནོད་པ་བཟློག་ཏུ་གསོལ༔ ནུབ་བྱང་མཚམས་
ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ སྟོབས་པོ་ཆེ་ནི་སྐུ་མདོག་ནག་པོ་ལ༔ གཡས་པས་རྡོ་རྗེ་རྩེ་གསུམ་གཡོན་སྡིགས་མཛུབ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ ནུབ་བྱང་རླུང་ལྷའི་གནོད་པ་བཟློག་ཏུ་གསོལ༔ བྱང་ཤར་མཚམས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ མི་གཡོ་མགོན་པོ་སྐུ་མདོག་སྔོ་ནག་ལ༔ ཕྱག་གཡས་རལ་གྲི་གཡོན་པས་སྡིགས་མཛུབ་མཛད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་བྱད་ཁ་ཟློག༔ བྱང་ཤར་བགེགས་ཀྱི་གནོད་པ་བཟློག་ཏུ་གསོལ༔ འོག་གི་ཕྱོགས་ནས་ཟློག་བྱེད་ཁྲོ་བོའི་རྒྱལ༔ གནོད་མཛེས་སྔོ་ནག་གཏུན་ཤིང་སྡིགས་མཛུབ་ཕྱག༔ ཞབས་གཉིས་འདོར་ཐབས་མེ་དཔུང་ཚྭ་ཚྭ་འཕྲོ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་བྱད་ཁ་ཟློག་འོག་ཕྱོགས་ས་བདག་གནོད་པ་བཟློག་ཏུ་གསོལ༔ ཧཱུྃ༔ ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ནང་༔ སངས་རྒྱས་སྟོང་རྩ་ཁྲོ་བོར་སྐུ་བཞེངས་པ༔ ཁྲོ་བོ་སྟོང་ནི་སྐུ་མདོག་མཐིང་ནག་འབར༔ དཔལ་གྱི་ཆས་བཅུ་གར་གྱི་
ཉམས་གུར་ལྡན༔ ཕྱག་མཚན་མཚོན་ཆའི་རིགས་བྱེད་སྣ་ཚོགས་བསྣམས༔ ཕལ་ཆེར་ཕྱག་ན་གནམ་ལྕགས་མདའ་གཞུ་འགེངས༔ ཞལ་ཕྱིར་གཟིགས་ཤིང་ཧཱུྃ་ཧཱུཾ་ཕཊ་སྒྲ་སྒྲོག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདོན་བགེགས་བྱད་མ་ཐམས་ཅད་བརྡུང་བ་དང་༔ ཡེ་ཤེས་འཇིག་རྟེན་སྲུང་མས་བྱད་ཟློག་ཅིག༔ ཁྲོ་ཆུ་དུག་གདོང་ཐུགས་ཀའི་ས་བོན་དང་༔ ཕྱག་མཐིལ་བ་སྤུའི་བུ་ག་ཐམས་ཅད་ནས༔ རང་འདྲའི་ཁྲོ་ཆུང་སྐུ་མདོག་ནག་པོ་ནི༔ བྱེ་བ་དུང་ཕྱུར་མཚོན་ཆ་སྣ་ཚོགས་འཛིན༔ མཚོན་ཆ་སྣ་ཚོགས་སྦྱོགས་དང་ཐོག་སེར་བཅས༔ ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་༔ འུར་སྒྲ་ཆེམ་སྒྲ་ཐུག་ཆོམ་དྲག་པོར་བཅས༔ བྱད་མ་ལྷ་སྲུང་གཡུལ་ངོ་ཟློག་པར་བྱེད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བན་བྱད་བོན་བྱད་མུ་སྟེགས་བྱད་ཁ་ཟློག༔ ཡེ་ཤེས་འཇིག་རྟེན་སྲུང་མའི་བྱད་ཁ་ཟློག མུ་སྟེགས་བོན་དང་ངན་སྔགས་སྦྱོར་མཁན་ཟློག༔ གཏད་དང་སེལ་ནག་ཕུང་བཤིག་བཟློག་ཏུ་གསོལ༔ རླུང་འཁོར་ཕྲ་མེན་ངག་མནན་བཟློག་ཏུ་གསོལ༔ ཟོར་ཁ་གཏོར་ཁ་དྲོད་གཏོང་བཟློག་ཏུ་གསོལ༔
རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕྱི་རོལ་འཇམ་དཔལ་ཁྲོ་བོ་སྣ་ཚོགས་པ༔ ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་པ༔ གཤིན་རྗེ་ཚེ་བདག་སྲོག་བདག་འཆི་བདག་ནག རྡོ་རྗེ་འཇིགས་བྱེད་དགྲ་ནག་གདོང་དྲུག་དང་༔ མཐར་བྱེད་གཤེད་དམར་ཡེ་ཤེས་ཁྲོ་བོའི་ཚོགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། ཡེ་ཤེས་ལྷ་ཡི་བཀའ་ཆད་བྱད་ཁ་ཟློག༔ དུས་མིན་འཆི་དང་ཚེ་ཡི་བར་ཆད་ཟློག༔ སྲོག་ལུས་དབང་ཐང་རླུང་རྟའི་དགྲ་དར་ཟློག༔་དགྲ་སྣ་དམག་སྣ་ཇག་སྣ་རྐུན་སྣ་ཟློག༔ མ་ཉེས་ཁ་ཡོག་རྒྱལ་པོའི་ཆད་པ་ཟློག མི་ཁ་བྲ་མཆུ་རྨིས་ལྟས་མཚན་ངན་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐམས་ཅད་ཟློག རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་རྒྱབ་འཇིག་རྟེན་ལས་ཀྱི་གཤིན་རྗེའི་ཚོགས༔ བེ་བྷ་སྭ་ཏ་འཆར་ཁ་ནག་པོ་དང་༔་ཆོས་ཀྱི་རྒྱལ་པོ་ཟ་བ་ལྗང་ནག་དང་༔ རལ་པ་ཚར་དགུ་མྱོས་བྱེད་འབར་བ་དང་༔ ཨཱརྱ་མེ་རུ་ཕྱ་སང་ཏེལ་པ་དང་༔་བདུད་འཇོམས་བྲག་འཇོམས་ཨ་ཝ་གླང་མགོ་སོགས༔ ལས་གཤིན་བྱེ་བ་ས་ཡ་ཞལ་ཕྱིར་གཟིགས༔ རབ་ཁྲོས་རྔམས་པའི་ང་རོ་
ཕྱོགས་བཅུར་སྒྲོག༔་ལག་ན་རྣོ་བའི་མཚོན་ཆ་སྣ་ཚོགས་ཕྱིར༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མ་མ་ལུས་པའི༔ ཤ་ཟོ་ཁྲག་འཐུང་རུས་མུར་ཀླད་པ་འཇིབས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་རྒྱབ་ཕྱི་ནང་གསང་བའི་སྡེ་བརྒྱད་དང་༔ དཔལ་མགོན་བདུན་ཅུ་དྲེགས་ཆེན་བཅོ་བརྒྱད་དང་༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཐམས་ཅད་ཀྱང་༔ རབ་ཁྲོས་ཕྱི་རོལ་ཞལ་གཟིགས་མཚོན་ཆ་ཐོགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བྱད་མ་ལྷ་སྲུང་བཅས་པ་རྣམས༔ མ་ལུས་ཐམས་ཅད་ལྷ་སྲིན་རྔམས་ཟས་གྱིསཿ་ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ་ཡཱ༔ འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གིས༔ གསང་བའི་ཡུམ་ཆེན་དུག་ཏི་ནག་མོ་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ སྤྱན་གསུམ་སྡང་མིག་དབུ་སྐྲ་མཐུར་དུ་འཕྱངས༔ རུས་པའི་རྒྱན་དང་གཟིག་གི་ཤམ་ཐབས་ཅན༔ ཐོད་སྐམ་དབུ་བརྒྱན་ཐོད་ཕྲེང་དོ་ཤལ་བྱས༔ ཕྱག་གཡས་འོག་མས་
ལྕགས་ཀྱུས་དགྲ་བགེགས་འགུགས༔ ཕྱག་གཡས་དང་པོའི་རལ་གྲིས་དགྲ་བགེགས་བསྒྲལ༔ ཕྱག་གཡོན་དང་པོས་ལྕགས་སྒྲོག་བྱད་མ་སྡོམས༔ འོག་མས་ཐོད་ཁྲག་དགྲ་བགེགས་སྙིང་ཁྲག་སྟོབས༔ ཞབས་གཉིས་ཡབ་ཀྱི་ལྟེ་བར་འཁྲིལ་ཞིང་འཁྱུད༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བྱད་མ་ཚར་གཅོད་ལས་མཛོད་ཅིག༔ གསོད་བྱེད་ཤན་པ་ནག་མོའི་དུས་ལ་བབ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུམ་སྔགས་ནི༔ ཨོཾ་རུ་རུ་རཀྵ་རཀཱ་མ་བྷྱོ་ཛ་ཛ༔ ཡབ་སྔགས་ཤམ་དུ་བརྒྱ་རེ་ལས་སྦྱར་མི་རུང་གསུངས༔ དེ་ཡང་སྲུང་སྔགས་དུ་ཐུན་མགོ་ལ་སྦྱར་ན་ཟབ༔ ཨྠྀི༔ ༈ འདི་གལ་ཆེ་ན་མ་གཏོགས་རྒྱུན་དུ་མི་དགོས། ཨེ་ཡཱ་བྷྱོ༔ རིམ་པ་བདུན་གྱི་ས་འོག་ནས༔ ན་རཀ་དམྱལ་ཁམས་དམེས་ནག་ནས༔ རིགས་གསུམ་གཅིག་འདུས་གཤིན་རྗེའི་གཤེད༔ ཁྲོ་ཆུ་དུག་གདོང་དམག་ལ་ཆོས༔ སྲིད་གསུམ་ཁྱེད་ཀྱི་ལྟོ་བར་གནས༔ དུས་གསུམ་སངས་རྒྱས་མན་ཆད་ནས༔ འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ སྲོག་དབུགས་ཟ་བའི་མཐུ་བོ་ཆེ༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་
ཙམ་གྱི་ལྗགས་སྐྱོངས་ལ༔ དགྲ་བགེགས་བྱད་མ་ཞལ་དུ་བཞེས༔ དགྲ་བགེགས་བྱད་མ་ཕོ་རྒྱུད་རྣམས༔ གཡས་ཞལ་ལྗང་གུའི་ཞལ་དུ་བསྟབ༔ དགྲ་བགེགས་བྱད་མ་མོ་རྒྱུད་རྣམསཿ༔ གཡོན་ཞལ་དམར་པོའི་ཞལ་དུ་བསྟབ༔ དགྲ་བགེགས་བྱད་མ་ལྷ་སྲུང་རྣམས༔ དབུས་ཞལ་ནག་པོའི་ཞལ་དུ་བསྟབ ཕྱག་དྲུག་གཡས་གསུམ་དགྲ་སྟ་ཡིས་དགྲ་བགེགས་བྱད་མའི་མགོ་ལུས་ཕྲལ༔ གཡོན་གསུམ་ཙིཏྟ་བསྣམས་པ་ཡིས༔ དགྲ་དང་བགེགས་དང་བྱད་མ་དང་༔ བྱད་མའི་མགོན་བྱེད་དྲེགས་པའི་ཚོགས༔ ཀུན་གྱི་སྲོག་སྙིང་ཆེམ་ཆེམ་ཟོ༔ ཞལ་གསུམ་གདངས་ཤིང་མཆེ་བ་གཙིགས༔ བྱད་མའི་དོན་སྙིང་ད་རོལ་ཅིག༔ ལྗགས་གསུམ་འདྲིལ་ཞིང་རྐན་སྒྲ་རྡེབ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ སྟོང་གསུམ་ལྷ་འདྲེ་ཞལ་དུ་བསྟབ༔ གཤོག་པ་གཡས་པའི་རལ་གྲི་ཡི༔ འཁོར་ལོ་གཡས་སུ་འཁོར་བ་ཡིས༔ དགྲ་བགེགས་ཕོ་རྒྱུད་སྲོག་རྩ་གཅོད༔ གཤོག་པ་གཡོན་པ་ཆུ་གྲི་ཡི༔ འཁོར་ལོ་གཡོན་དུ་འཁོར་བ་ཡིས༔ དགྲ་བགེགས་མོ་རྒྱུད་སྲོག་རྩ་གཅོད༔ སྐེད་པ་ཆུ་སྲིན་ཞལ་གདངས་ཤིང༔ འབྲུག་སྒྲོག་གློག་
འཁྱུག་དུག་རླངས་འཕྱུར༔ སྟོང་གསུམ་སྟོང་གི་འཇིག་རྟེན་མ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ དགྲ་དང་བགེགས་དང་བྱད་མའི་ཚོགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས ཐམས་ཅད་ཆུ་སྲིན་གྲེ་བར་རྫོངས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྐུ་སྨད་ཕུར་པ་རྣོ་ངར་ལྡན་དགྲ་བགེགས་བྱད་མའི་རྩ་གསུམ་དང་༔ དུག་གསུམ་ལུས་ངག་ཡིད་གསུམ་གཟིར༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམ༔ འཆུག་མེད་མངོན་སངས་རྒྱས་པར་མཛོད༔ སྐུ་ལས་མེ་དཔུང་ཚྭ་ཚྭ་འཕྲོས༔ གནོད་བྱེད་དགྲ་བགེགས་གཞོབ་ཏུ་བསྲེག༔ བ་སྤུའི་གསེབ་ནས་ཁྲོ་ཆུང་འགྱེད༔ གནོད་བྱེད་མ་ལུས་ཐལ་བར་བརླགས༔ འཁོར་གྱི་གཤིན་རྗེ་འབུམ་དང་བཅས༔ སྟོང་གསུམ་འཇིག་རྟེན་ཁྱབ་པར་ཉུལ༔ སྐྱེ་འགྲོ་ཐམས་ཅད་ཁྲམ་ལ་འདེབས༔ དགེ་སྡིག་ཡིག་ཆུང་བྱང་བུར་འདེབས༔ ཁྱེད་ནི་ལམ་རྒྱུད་ལྔ་ཡི་བདག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བསྟན་དང་བདག་ལ་སྡང་བ་ཡི༔ དགྲ་བགེགས་ཐམས་ཅད་ཁྲམ་ལ་ཐོབས༔ སྡིག་ཆེན་དགྲ་བོ་བྱད་མ་ལ༔ ལས་ཀྱི་རྣམ་སྨིན་ད་ལྟ་སྟོན༔ གསང་སྔགས་བསྟན་དང་བསྟན་འཛིན་དང་༔ དམ་ལྡན་
རྣལ་འབྱོར་བདག་ཅག་ལ༔ སྡང་ཞིང་གདུག་པའི་སེམས་འཆང་བའི༔ བན་དང་བོན་དང་མུ་སྟེགས་སོགས༔ སྐྱེ་བོ་བུད་མེད་ཤན་པའི་ཚོགས༔ རྒྱ་འཇང་མེ་ཉག་ཧོར་སོག་དང་༔ མཐའ་མི་བོད་མི་དགྲ་བགེགས་ཚོགས༔ དྲེགས་པ་བཅོ་བརྒྱད་ལྷ་སྲིན་ཚོགས༔ ལྷ་འདྲེ་སྟོང་དང་བྱད་མ་འབུམ ཐམས་ཅད་ཁྱོད་ཀྱི་ཞལ་དུ་བསྟབ་བསྐལ་པའི་མེ་དང་སྦྲང་བུ་ལྟར༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་ཁྲོ་ཆུ་དུག་གདོང་གི མདུན་དབུས་གྲུ་གསུམ་གཞལ་ཡས་ནས༔ ལས་གཤིན་འཆི་བདག་དམག་ལ་ཆོས༔ སྐུ་མདོག་སེར་ནག་འབར་བ་ལ༔ ཕྱག་ན་དགྲ་སྟ་ཙིཏྟ་བསྣམས༔ སྐུ་སྨད་ཕུར་པས་དགྲ་བགེགས་གཟིར༔ འདབ་གཤོག་མཁའ་ལྡིང་རྒྱལ་པོ་འདྲ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ཕོ་རྒྱུད་ཞལ་དུ་བསྟབས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཕོ་རྒྱུད་དམོད་པའི་དྲག་སྔགས་ཟློག༔ ཕོ་རྒྱུད་གནོད་བྱེད་རྡུལ་དུ་རློགས་མ་གཡེལ་ཕྲིན་ལས་མྱུར་དུ་མཛོད༔ མདུན་གཡས་ཟུར་ནས་
བསྐུལ་པ་ནི༔ ལས་གཤིན་ཚེ་བདག་དམག་ལ་ཆོས༔ སྐུ་མདོག་དམར་ནག་འབར་བ་ལ༔ ཞལ་གདས་མཆེ་གཙིག་རྐན་སྒྲ་རྡེབ༔ དགྲ་སྟ་ཙིཏྟས་གནོད་བྱེད་བསྒྲལ༔ ཁྱུང་ཆེན་ལྟ་བུའི་གཤོག་པ་གདེང་༔ སྐུ་སྨད་ཕུར་པ་ཚྭ་ཚྭ་འཕྲོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་མོ་རྒྱུད་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ མོ་རྒྱུད་དམོད་པའི་དྲག་སྔགས་ཟློག༔ གནོད་བྱེད་མོ་རྒྱུད་རྡུལ་དུ་རློགས༔ མ་གཡེལ་མ་འདའ་ཕྲིན་ལས་མཛོད༔ མདུན་གཡོན་ཟུར་ནས་བསྐུལ་པ་ནི༔ ལས་གཤིན་སྲོག་བདག་དམག་ལ་ཆོས༔ སྐུ་མདོག་མཐིང་ནག་ཁྲོ་ལ་གཏུམ༔ གཡས་གཡོན་དགྲ་སྟ་ཙིཏྟ་བསྣམས༔ མེ་འབར་གཤོག་པ་ལྷབས་སེ་ལྷབ༔ སྐུ་སྨད་ཁྲོ་ཕུར་ཟངས་སེ་ཟང་༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ སྣང་སྲིད་ལྷ་འདྲེ་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷ་འདྲེ་དམོད་པའི་དྲག་སྔགས་ཟློག གནོད་བྱེད་ལྷ་འདྲེ་རྡུལ་དུ་རློགས༔ མ་ཐོགས་མྱུར་དུ་ཕྲིན་ལས་མཛོད༔ རྒྱབ་གཡས་ཟུར་ནས་བསྐུལ་བ་ནི༔ བི་བྷ་སྭ་ཏ་དམག་ལ་ཆོས༔ སྐུ་མདོག་ཁམ་ནག་
འཇིགས་པའི་གཟུགས༔ ཕྱག་གཡས་དགྲ་སྟ་གཡོན་ཙིཏྟ༔ ཕུར་ཞབས་ཁྱུང་གཤོག་མེ་རི་འབར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ ལྷ་སྲིན་སྡེ་བརྒྱད་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྡེ་བརྒྱད་དམོད་པའི་བྱད་ཁ་ཟློག མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ རྒྱབ་གཡོན་ཟུར་ནས་བསྐུལ་བ་ནི༔ ཟ་བ་ལྗང་ནག་དམག་ལ་ཆོས ལྗང་ནག་དགྲ་སྟ་ཙིཏྟ་འཛིན༔ ཕུར་པའི་ཞབས་ཅན་གཤོག་པ་གདེང་༔ ཁྲོ་གཏུམ་ཞལ་གདངས་མཆེ་བ་གཙིགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདུད་དང་མུ་སྟེགས་དམ་སྲི་རྣམས༔ ཞལ་དུ་བསྟབ་བོ་མྱུར་དུ་བཞེས༔ བདུད་དང་མུ་སྟེགས་དམོད་པ་ཟློག༔ བདུད་དང་མུ་སྟེགས་སྟོབས་ནུས་ཆོམས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྒྱབ་ཀྱི་ཕྱོགས་ནས་བསྐུལ་པ་ནི༔ ཡ་མ་རཱ་ཙ་དམག་ལ་ཆོས རིམ་དགུ་ས་ཡི་འོག་ནས་བཞེངས༔ མཐའ་མེད་རྒྱ་མཚོའི་ཀློང་ནས་བྱོན༔ མཐིང་ནག་སྐུ་ལ་མུན་པ་འཐིབ༔ གཡས་གསུམ་རལ་གྲིས་དགྲ་སྲོག་གཅོད༔ གཡོན་གསུམ་སྦྲུལ་ཞག་དམ་ཉམས་
འཆིང་༔ དུག་གསུམ་ཁྲོས་པའི་དབུ་གསུམ་ནི༔ སེང་གེ་ཕག་དང་ཆུ་སྲིན་ཞལ༔ ཡ་ཁ་གནམ་ལ་མ་ཁ་ས༔ གངས་རིའི་མཆེ་གཙིགས་གློག་དམར་ལྕེ༔ དགྲ་དང་བགེགས་དང་བྱད་མ་རྣམས༔ ཞལ་དུ་བསྟབ་བོ་གྱུར་མིད་ཐོངས༔ རིམ་དགུ་ས་ཡི་འོག་ཏུ་སོངས༔ དམྱལ་ཁམས་གཤིན་རྗེའི་ཡུལ་དུ་ཁྱེར༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མྱུར་མགྱོགས་ལས་འདི་ད་སྒྲུབས་ཤིག༔ ལས་གཤིན་ཡ་མ་རཱ་ཙ་ཡིས༔ ལྟོ་བ་སྟོང་གསུམ་ཙམ་གྱི་ནང་༔ དམ་ཅན་ཆོས་ཀྱི་རྒྱལ་པོ་ནི༔ སྐུ་མདོག་སེར་ནག་འབར་བ་ལ༔ སྟག་ཤམ་མི་མགོའི་ཕྲེང་བས་བརྒྱན༔ ཞལ་ནི་མ་ཧེ་ཁྲོས་པའི་ཞལ༔ གཅེར་བུ་ལིང་ག་གྱེན་དུ་བསྒྲེང་༔ ཞབས་གཉིས་འདོར་ཐབས་ཆུ་གླང་སྟེང་༔ ཕྱག་གཡས་ཁྲམ་ཤིང་ཀླད་ལ་བསྐོར༔ གཡོན་པས་ནད་ཀྱི་རྐྱལ་པ་འཛིན༔ གསོན་པོ་སྐོས་ལ་འདེབས་པ་པོ༔ ཤི་བའི་གཤིན་པོ་ཀུན་གྱི་རྗེ༔ དགེ་བ་ཀུན་གྱི་སྟངས་འཛིན་པ༔ སྡིག་པ་ཀུན་གྱི་ཆད་པ་མཁན༔ ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡིག་ཅན་དགྲ་བོ་ལས་ངན་ལ༔ རྣམ་སྨིན་ད་ལྟ་ཉིད་དུ་སྟོན༔ བཅོལ་བའི་ཕྲིན་ལས་
འགྲུབ་པར་མཛོད༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ རྩ་ཕྱག་གཡས་སོར་ལྔ་པོ་ལ༔ སྤྲུལ་པའི་ཁྲོ་བོ་མཐིང་ནག་ལྔ༔ སྲ་བརྟན་གནམ་ལྕགས་ལུས་པོ་ལ༔ བ་སྤུ་དུག་གི་ཚེར་མ་སྐྱེས༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ གཡོན་སོར་ལྕགས་ཀྱི་སྡིག་པ་ལྔ༔ མེ་འབར་དུག་གི་རླངས་པ་འཕྱུར༔ ལུས་ལ་མཚོན་ཆའི་བ་སྤུ་སྐྱེས༔ མི་སྡུག་དཔག་ཚད་སྟོང་གསུམ་ཁྱབ༔ སྤྲུལ་པའི་ཁྲོ་བོ་སྡིག་རྒོད་ཚོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱ་ལ་གནོད་པའི༔ གདོན་བགེགས་དམ་སྲི་རྒྱལ་འགོང་རྣམས༔ ཁྲོ་སྡིག་འཐབ་པའི་བར་དུ་བསྟིམ༔ རང་དབང་མེད་པར་སྲོག་སྙིང་དྲོངས༔ ྋ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ བཀའ་ཉན་གཤེད་ཆེན་སྡེ་བཞི་པོ༔ ཤར་གྱི་ཕྱོགས་ནས་བསྐུལ་བ་ནི༔ གཤིན་རྗེ་ཡ་མ་རཱ་ཙ་ནི༔ སྨུག་ནག་སྲིན་པོ་ཁྲོས་པའི་གཟུགས༔ སྐུ་སྨད་གནམ་ལྕགས་ཕུར་པ་འབར༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ ཡུམ་ནི་རོ་ལངས་ཐལ་མདོག་མ༔ ཕྱག་ན་ཁྲམ་ཤི་ང་ནད་རྐྱལ་འཛིན༔ ཡབ་ཡུམ་མྱུར་དུ་དམག་ལ་ཆོས༔ བརྒྱན་པའི་
གཏོར་མ་འདི་བཞེས་ལ༔ དགྲ་བོ་ཐལ་བ་རྡུལ་དུ་རློགས༔ བེ་ཅོན་དགྲ་བོའི་མགོ་ལ་རྒྱོབས༔ འཁོར་ལོ་འབར་བས་ཤ་ཁྲག་གཏུབ༔ ཁྲམ་གྱི་ཤིང་ལ་དགྲ་བོ་ཐོབས༔ ནད་ཀྱི་རྐྱལ་ཁ་དགྲ་ལ་ཕྱེས༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི༔ གཤེད་ཆེན་མྱོས་བྱེད་འབར་བ་ནི༔ སྐུ་མདོག་སེར་ནག་འབར་བ་ལ༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ སྐུ་སྨད་ཕུར་པས་དགྲ་བགེགས་གཟིར༔ ཡུམ་ནི་གསོད་བྱེད་ནག་མོ་སྟེ ཕྱག་ན་ཁྲམ་ཤིང་ནད་རྐྱལ་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ བེ་ཅོན་རྒྱོབས་ལ་འཁོར་ལོས་གཏུབས༔ ཁྲམ་ལ་ཐོབ་ལ་ནད་རྐྱལ་བྱོས༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི༔ གཤེད་རྗེ་ཨརྱ་མེ་རུ་རྩེ༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་ན་བེ་ཅོན་འཁོར་ལོ་ཕྱིར༔ སྨད་ཕུར་དགྲ་གཟིར་མེ་དཔུང་འབར༔ ཡུམ་ནི་སྲོག་ལེན་ནག་མོ་སྟེ༔ ཁྲམ་ཤིང་ནད་རྐྱལ་ཕྱག་ན་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་ཅིང་འཚེ་བའི་དགྲ་བོ་འདི༔ བེ་ཅོན་རྒྱོབས་ལ་འཁོར་ལོས་
གཏུབས༔ ཁྲམ་ལ་ཐོབ་ལ་ནད་རྐྱལ་བྱོས༔ མ་གཡེལ་མ་འདའ་ཕྲིན་ལས་མཛོད༔ བྱང་གི་ཕྱོགས་ནས་བསྐུལ་བ་ནི༔ གཤེད་ཆེན་རལ་པ་ཚར་དགུ་སྟེ༔ སྐུ་མདོག་ལྗང་ནག་རལ་པ་བཤལ༔ སྐུ་སྨད་གནམ་ལྕགས་ཕུར་བུ་འབར༔ ཕྱག་གཡས་བེ་ཅོན་གཡོན་འཁོར་ལོ༔ ཡུམ་ནི་བདུད་མོ་རལ་གཅིག་མ ནག་མོ་ཁྲམ་ཤིང་ནད་རྐྱལ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ བེ་ཅོན་འབར་བས་ཀླད་ཁྲག་ཆོམས༔ འཁོར་ལོས་ཤ་ཁྲག་རུས་གསུམ་གཏུབས༔ ནད་ཁ་ཕྱེས་ལ་ཁྲམ་ལ་ཐོབ༔ བཅོལ་བའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་བཀའ་ཉན་པ༔ མོན་པ་སྡེ་བཞི་ཡབ་དང་ཡུམ༔ ཤར་ཕྱོགས་དུང་གི་མོན་པ་ནི༔ སེང་གེའི་མགོ་ཅན་གཡུ་རལ་བསིགས༔ སྐུ་སྨད་ཕུར་པ་རྣོ་ངར་འབར༔ ཕྱག་ན་བེ་ཅོན་ཙིཏྟ་འཛིན༔ ཡུམ་ནི་མོན་མོ་བླ་རྐུན་མ༔ དཀར་མོ་ལྕགས་ཀྱུ་ཞགས་པ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔ བེ་ཅོན་རྒྱོབས་ལ་དོན་སྙིང་ཕྱུངས༔ བཅོལ་བའི་ལས་འདི་མྱུར་དུ་
མཛོད༔ ལྷོ་ཕྱོགས་གསེར་གྱི་མོན་པ་ནི༔ ཁྱུང་གི་དབུ་ཅན་ཁྱུང་རྭ་གདེང་༔ སྐུ་སྨད་ཕུར་པ་ཚྭ་ཚྭ་འཕྲོ༔ ཕྱག་ན་བེ་ཅོན་ཙིཏྟ་བསྣམས༔ མོན་མོ་སྙིང་འབྱིན་གཟེར་འདེབས་མ༔ སེར་ནག་ལྕགས་ཀྱུ་ཞགས་པ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་དགྲ་ལྕགས་ཀྱུས་ཁུག་ལ་ཤོག༔ ཞགས་པས་ཆིངས་ལ་བེ་ཅོན་རྒྱོབས༔ དོན་སྙིང་ཕྱུངས་ལ་ཧབ་ཧབ་ཟོ༔ མ་གཡེལ་ལས་འདི་མྱུར་དུ་མཛོད༔ ནུབ་ཕྱོགས་བསེ་ཡི་མོན་པ་ནི༔ དམར་པོ་དྲེད་ཀྱི་མགོ་བོ་ཅན༔ སྐུ་སྨད་ཕུར་བུ་དབལ་དང་ལྡན༔ བེ་ཅོན་ཕྱར་ཞིང་ཙིཏྟ་བསྣམས༔ ཡུམ་ནི་མོན་མོ་ཁྲག་རལ་མ༔ དམར་ནག་ལྕགས་ཀྱུ་ཞགས་པ་ཐོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་ལས་ངན་འདི་ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔ བེ་ཅོན་རྡུངས་ལ་དོན་སྙིང་ཁྱེར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྱང་ཕྱོགས་ལྕགས་ཀྱི་མོན་པ་ནི༔ སྔོན་པོ་སྟག་གི་མགོ་བོ་ཅན༔ བེ་ཅོན་སྙིང་འཛིན་སྐུ་སྨད་ཕུར༔ ཡུམ་ནི་མོན་མོ་སྐུ་མདོག་ལྗང་༔ གཡུ་ཡི་རལ་པ་རབ་ཏུ་བསིགས༔ ལྕགས་ཀྱུ་ཞགས་པ་ཕྱག་ན་འཛིན༔ བརྒྱན་པའི་གཏོར་
མ་འདི་བཞེས་ལ༔ གནོད་པར་བྱེད་པའི་དགྲ་བོ་འདི༔ ལྕགས་ཀྱུས་ཟུངས་ལ་ཞགས་པས་སྡོམས༔ བེ་ཅོན་རྒྱོབས་ལ་དོན་སྙིང་བྲོ༔ བཅོལ་བའི་ལས་འདི་མྱུར་དུ་མཛོད༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་བཀའ་ཉན་པ༔ བདུད་པོ་ཡབ་ཡུམ་རྣམ་པ་བརྒྱད༔ ཤར་བདུད་ཧེ་ལོ་ཁྱབ་པ་ནི༔ ནག་པོ་སྐུ་སྨད་ཕུར་པ་འབར༔ འཇིགས་པའི་གཟུགས་ཅན་གླང་ལྤགས་གསོལ༔ ཕྱག་ན་ཁྲམ་ཤིང་བདུད་ཞགས་ཐོགས༔ ཡུམ་ནི་མི་ཟན་སྙིང་འབྱིན་མ༔ མི་ལྤགས་རློན་པ་གོས་སུ་གྱོན༔ མི་ཤ་རློན་པ་ཟས་སུ་ཟ་ལག་ན་སྤུ་གྲི་མི་སྙིང་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་ཞིང་གདུག་པའི་དགྲ་བོ་འདི༔ ཁྲམ་ལ་ཐོབ་ལ་བདུད་ཞགས་ཆིངས༔ སྤུ་གྲིས་ཤོས་ལ་དོན་སྙིང་ཊོ༔ བདུད་པོ་མི་ཡི་ཤ་ལ་དགའ༔ དགྲ་བོའི་ཤ་ལ་ད་ཟོ་ཞིག བདུད་མོ་མི་ཡི་ཁྲག་ལ་དགའ༔ དགྲ་བོའི་ཁྲག་ལ་ད་འཐུང་ཞིག བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷོ་བདུད་ནག་པོ་འཛུམ་མེད་ནི༔ མཐིང་ནག་གླང་གི་པགས་པ་བྱེད༔ སྐུ་སྨད་ལྕགས་ཕུར་མེ་རི་འབར༔ ཁྲམ་ཤིང་ཕྱར་ཞིང་བདུད་ཞགས་འཕེན༔ ཡུམ་ནི་སྙིང་ཁྲག་དུག་འཐུང་
མ༔ ནག་མོ་མི་ཡི་གཡང་གཞི་གྱོན༔ ལག་ན་སྤུ་གྲི་མི་སྙིང་ཐོགས༔ ཤ་རི་ཁྲག་གི་དྲི་ཚོར་ནས༔ དཔག་ཚད་བརྒྱ་ཡང་སྐད་ཅིག་བསྐོར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཡིད་ལ་དམིགས་པའི་དགྲ་བོ་འདི༔ བདུད་ཞགས་ཐོབ་ལ་ཁྲམ་ལ་བྲིས༔ དགྲ་བོ་ཤ་ཁྲག་རྔམས་ཟས་གྱིས༔ བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ ནུབ་བདུད་ཕོ་གར་འགྲིག་པ་ནི༔ ནག་པོ་གླང་ཆེན་པགས་པ་གྱོན༔ མེ་འབར་སྐུ་སྨད་ཕུར་བུ་འདྲིལ༔ ཁྲམ་ཤིང་ཞགས་པ་ལག་ན་ཐོགས༔ ཡུམ་ནི་ཤ་ལ་གཟེར་འདེབས་མ༔ ནག་མོ་མི་ལྤགས་དྲོན་མོ་གྱོན་ལག་ན་སྤུ་གྲི་ཙིཏྟ་ཐོགས༔ མི་ཤ་མི་ཁྲག་མཐོང་ཙ་ན༔ དགའ་བའི་གད་མོ་ལྷངས་སེ་ལྷང་༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་སྡང་བའི་དགྲ་བོ་འདི༔ ཞགས་པས་དམ་ཚིངས་ཁྲམ་ཁ་ཐོབ༔ སྤུ་གྲིས་གཏུབས་ལ་དོན་སྙིང་ཁྱེར༔ ཤ་ལ་དགའ་བའི་བདུད་པོ་ཁྱོད་དགྲ་བོའི་ཤ་ལ་ད་ཟོ་ཞིག ཁྲག་ལ་དགའ་བའི་བདུད་མོ་ཁྱོད༔ དགྲ་ཁྲག་སྐོམ་དུ་ད་འཐུང་ཞིག བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ བྱང་བདུད་རལ་པ་སྤྱི་ཆིང་ནི༔ ནག་པོ་གླང་ཆེན་ཀོ་རློན་གྱོན༔ སྐུ་སྨད་
ཕུར་བུ་མེ་རི་འབར༔ ཕྱག་ན་ཁྲམ་ཤིང་ཞགས་པ་འཛིན༔ ཡུམ་ནི་ནག་མོ་ཁྲག་རལ་༔ སྐུ་མདོག་ནག་མོ་ཞིང་ལྤགས་གསོལ༔་ལག་ན་སྤུ་གྲི་མི་སྙིང་ཐོགས༔ མི་ཤ་མི་ཁྲག་མཐོང་ཙ་ན༔ དགའ་ཡང་མཆི་མ་ཐུ་ལུ་ལུ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་ལས་ངན་འདི ཁྲམ་ལ་ཐོབ་ལ་བདུད་ཞགས་དཀྲིས། སྤུ་གྲིས་དོན་སྙིང་ཆོད་ལ་ཟོ༔ དགྲ་ཤ་དགྲ་ཁྲག་མངར་མོ་འདི༔ བདུད་པོ་ཡབ་ཡུམ་རྔམས་ཟས་གྱིས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཧཱུྃ༔་ཁྲོ་ཆུ་དུག་གདོང་ཕོ་ཉ་ནི༔ འཆི་བདག་གཤིན་རྗེ་བཅུ་གཉིས་ནི༔ ཤར་སྟོད་བྱེ་བ་ས་རི་ནི༔ ནག་པོ་སེང་གེའི་གཡང་གཞི་གསོལ༔ ཕྱག་ན་བེ་ཅོན་འཁོར་ལོ་འཛིན༔ སྐུ་སྨད་ཕུར་བུ་མེ་རི་འབར༔ མི་སྲོག་གཅོད་ལ་བབ་པའི་ཚེ༔ དགའ་བས་འཛུམ་མདངས་ཡ་ལ་ལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་སྲོག་རྩ་ད་ཆོད་ཅིག༔ ཤར་དབུས་ནོར་བུ་དགེ་བ་འཕེལ༔ དམར་སེར་སེང་གེའི་པགས་པ་གྱོན༔ བེ་ཅོན་ཕྱུར་ཞིང་འཁོར་ལོ་བསྐོར༔ སྐུ་སྨད་ཕུར་པ་མེ་དཔུང་འཕྲོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔
གསོད་ལ་དགའ་བའི་གཤིན་རྗེ་ཁྱོད༔ དགྲ་སྲོག་དམར་པོ་ད་ཆོད་ཅིག༔ ཤར་སྨད་ནག་པོ་འཇིགས་བྱེད་ནི༔ སེར་ནག་སེང་གེའི་པགས་པ་གྱོན༔ སྐུ་སྨད་ཕུར་བུ་ཚྭ་ཚྭ་འཕྲོ༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ གཅོད་པའི་དུས་ལ་བབ་ཙམ་ན༔ སྲིད་པའི་རླུང་བས་བང་རེ་མགྱོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་ལས་ངན་དགྲ་བོ་འདི༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་ད་ཁྱེར་ཅིག༔ ལྷོ་སྟོད་གནས་པའི་གཤིན་རྗེའི་མིང་༔ བྱེ་བ་དགུ་ཁྲི་ཞེས་བྱ་བ༔ ནག་པོ་སེང་གེའི་པགས་པ་གྱོན༔ བེ་ཅོན་འཁོར་ལོ་ཕྱག་ན་བསྣམས༔ སྐུ་སྨད་ཕུར་པ་མེ་དཔུང་འབར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྱེར་ཅིག་དགྲ་བགེགས་ད་ཁྱེར་ཅིག༔ ལྷོ་དབུས་རཀཱ་གློག་ཕྲེང་ནག༔ བེ་ཅོན་འཁོར་ལོ་ཕྱག་ན་བསྣམས༔ སྐུ་སྨད་ཕུར་པ་བསྐལ་མེ་འབར༔ ནག་པོ་དུང་སེང་ལྤགས་པ་གྱོན༔ སྲོག་ལ་རྔམས་པའི་གཤིན་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་གཏད་དོ་སྲོག་རྩ་ཆོད༔ ལྷོ་སྨད་ཡཀྵ་གསོད་བྱེད་ནི༔ ནག་པོ་སེང་ལྤགས་གོས་སུ་གྱོན༔ བེ་ཅོན་ཕྱར་ཞིང་འཁོར་ལོ་འཛིན༔ སྐྱེ་འགྲོའི་
སྲོག་གཅོད་ཤན་པ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཤན་པ་སྲོག་ལ་ད་རོལ་ཅིག༔ ནུབ་སྟོད་གཤིན་རྗེའི་གཏུམ་པོ་ནི༔ དུད་ཁ་སྐུ་སྨད་ཕུར་བུ་འབར༔ སེང་གེའི་གཡང་གཞིས་སྐུ་སྟོད་གཡོགས༔ ཕྱག་ན་བེ་ཅོན་འཁོར་ལོ་བསྣམས༔ གསོད་པའི་དུས་ལ་བབ་ཙམ་ན༔ མཆེ་བ་གཉེར་ཞིང་འཛུམ་མདངས་སྟོན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གསོད་པའི་ལས་འདི་དགྲ་ལ་མཛོད༔ ནུབ་དབུས་གད་པ་ཀུན་འཇོམས་ནི༔ དཀར་པོ་སེང་གེའི་གཡང་གཞི་གྱོན༔ བེ་ཅོན་ཕྱིར་ཞིང་འཁོར་ལོ་འཛིན༔ སྐུ་སྨད་ཕུར་བུ་དབལ་དང་ལྡན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལས་ངན་དགྲ་བོའི་སྲོག་དབུགས་ལོངས༔ གཏད་དོ་བཅོལ་ལོ་མཐུ་མ་ཆུང་༔ ནུབ་སྨད་ཁམ་པ་རལ་གཅིག་ནི༔ མཐིང་ནག་སེང་གེའི་གཡང་གཞི་གྱོན༔ སྐུ་སྨད་ལྕགས་ཕུར་དབལ་དང་ལྡན༔ ཕྱག་ན་བེ་ཅོན་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་བོའི་བླ་སྲོག་དབུག༔ ཟོ་ཞིག་འཐུང་ཞིག་ཧབ་ཤ་གྱིས༔ བྱང་སྟོད་སྦྲུལ་མགོ་ཀུན་འཛིན་ནི༔ སྔོན་པོ་སེང་གེའི་གཡང་གཞི་གསོལ༔ སྐུ་སྨད་ཕུར་པ་མེ་
དཔུང་འབར༔ ལག་ན་བེ་ཅོན་འཁོར་ལོ་འཛིན༔ ལས་ཀྱི་གཤིན་རྗེ་སྲོག་གི་བདག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གཤིན་རྗེ་དགྲ་བོའི་བླ་ལ་ཡ༔ སྲོག་བདག་ཁྱོད་ཀྱིས་དགྲ་སྲོག་ཆོད༔ བྱང་དབུས་ངང་པ་སྟོབས་ལྡན་ནི༔ སེར་པོ་སྐུ་སྨད་ཕུར་པ་འདྲིལ༔ བེ་ཅོན་འཁོར་ལོ་འབར་བ་འཛིན༔ སེང་གེའི་པགས་པས་སྟོད་གཡོགས་ཤིང་གསོད་བྱེད་ལས་ཀྱི་གཤིན་རྗེ་ཁྱོད བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོའི་སྲོག་རྩ་ཆོད༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བྱང་སྨད་གྱད་པ་སྟོབས་ཆེན་ནི༔ ནག་པོ་སེང་གེའི་གཡང་གཞི་གྱོན༔ སྐུ་སྨད་ཕུར་པ་མེ་དཔུང་འབར༔ བེ་ཅོན་འཁོར་ལོའི་ཕྱག་མཚན་ཅན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གསོད་ལ་དགའ་བའི་གཤིན་རྗེ་ཁྱོད༔ དགྲ་བོའི་སྲོག་རྩ་ད་དྲོངས་ཤིག༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི ལས་མཁན་དུག་གསུམ་གཤིན་རྗེ་གསུམ༔ ཉམས་པའི་དགྲ་བགེགས་བྱད་མ་ཡི༔ དུག་གསུམ་ལས་ལ་གྲུབ་པའི་ཕྱིར༔ རང་གཤེད་རང་ལ་འབེབས་པར་བྱེད༔ གཏི་མུག་ལས་གྲུབ་གཤིན་རྗེ་ནི༔ ནག་པོ་གླང་གི་མགོ་བོ་ཅན༔ ལག་
ན་སྤུ་གྲི་ཐོ་བ་ཐོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མ་འདི་གནམ་ལྕགས་ཐོ་བས་ཀླད་ཁྲག་ཆོམ༔ སྤུ་གྲི་འབར་བས་དོན་སྙིང་གཏུབས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ གཏི་མུག་སྒོ་ནས་མི་དགེའི་ལས༔ གང་བསགས་ལས་འབྲས་ངན་པ་རྣམས༔ དགྲ་བགེགས་གཟུགས་ཕུང་འདི་ཉིད་ལ༔ ད་ལྟ་ཉིད་དུ་སྨིན་དུ་ཆུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཉམས་དགྲ་བགེགས་བྱད་མ་ཡི༔ ཞེ་སྡང་ལས་ལ་གྲུབ་པ་ཡི༔ ལས་ཀྱི་གཤིན་རྗེ་སྟག་གི་མགོ སེར་ནག་རལ་གྲི་ཐོད་ཁྲག་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བྱད་མ་ལས་ངན་འདི༔ རལ་གྲིས་གཏུབས་ལ་སྙིང་ཁྲག་འཐུང་༔ ཁོ་ཡི་ཚེ་རབས་ཐམས་ཅད་དུ༔ ཞེ་སྡང་ལས་གྱུར་མི་དགེའི་ལས གང་བསགས་འབྲས་བུ་ངན་པ་རྣམས༔ དགྲ་བགེགས་གཟུགས་ཕུང་འདི་ལ་ཕོབ༔ ལས་ཀྱི་རྣམ་སྨིན་ཆུད་མ་གསན༔ གཤིན་རྗེ་རྒྱལ་པོའི་བཀའ་མ་བཅག༔ བཅོལ་ལོ་ལས་མཛོད་མཐུ་མ་ཆུང་༔ དགྲ་བགེགས་བྱད་མ་དམ་ཉམས་འདིས༔ འདོད་ཆགས་ལས་ལ་གྲུབ་པ་ཡི༔ ལས་
ཀྱི་གཤིན་རྗེ་འུག་པའི་མགོ༔ དམར་པོ་གྲི་གུག་ཐོད་ཁྲག་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ་གནོད་པའི་དགྲ་བགེགས་བྱད་མ་འདི༔ གྲི་གུག་འབར་བས་སྲོག་རྩ་ཆོད༔ ཐོད་པས་སྙིང་ཁྲག་ཆུས་ལ་འཐུང་༔ ལས་ངན་དགྲ་བགེགས་བྱད་མ་འདི༔ འདོད་ཆགས་སྒོ་ནས་མི་དགེའི་ལས༔ གང་བསགས་གཟུགས་ཕུང་འདི་ལ་ཕོབ༔ རྒྱུ་འབྲས་རྣམ་སྨིན་ད་ལྟ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ སྒོ་བཞི་སྲུང་བའི་སྒོ་སྲུང་ནི༔ དྲེགས་པ་སྡེ་བཞི་ཡབ་དང་ཡུམ༔ ཤར་སྒོ་གཡས་ནས་བསྐུལ་བ་ནི༔ སྲོག་བདག་སྙིང་འབྱིན་སྐུ་མདོག་དཀར༔ དར་ནག་བེར་ཆེན་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་འཛིན༔ རྒྱལ་འགོང་འབུམ་གྱི་ཡོངས་རྗེ་བོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་རྒྱལ་པོས་ཁྲམ་ལ་ཐོབ༔ འཁོར་ལོ་འབར་བས་དགྲ་སྲོག་ཆོད༔ རྒྱལ་པོས་སྨྱོ་འབོག་དགྲ་ལ་ཐོངས༔ གཏད་དོ་ལས་བཅོལ་མཐུ་མ་ཆུང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཤར་སྒོ་གཡོན་ནས་བསྐུལ་བ་ནི༔ བདུད་མོ་རོ་ལངས་སྦྱིན་དཀར་མ༔ སྐུ་མདོག་ནག་མོ་མི་ལྤགས་
གྱོན༔ ཕྱག་ན་ཁ་ཊཾ་ལྕགས་ཀྱུ་འཛིན༔ བསེན་མོ་འབུམ་གྱི་ཡོངས་རྗེ་མོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྐུས་ཤིག་དགྲ་བོའི་ཚེ་རྐུས་ཤིག༔ ལྕགས་ཀྱུས་དགྲ་བོའི་སྙིང་ནས་དྲོངས༔ རྩེ་གསུམ་དགྲ་བོའི་རྩ་གསུམ་ཕུག༔ སྙིང་ཁྲག་མ་ལུས་ཁྱོད་ཀྱིས་འཇིབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་སྒོ་གཡས་ནས་བསྐུལ་བ་ནི༔ དཔལ་ལྡན་མགོན་པོ་ནག་པོ་ཆེ༔ སྐུ་ལ་བེར་ནག་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་འཛིན༔ ལས་མགོན་འབུམ་གྱི་ཡོངས་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་མགོན་པོས་ཁྲམ་ལ་ཐོབ༔ གནམ་ལྕགས་འཁོར་ལོས་དགྲ་བོ་གཏུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་སྒོ་གཡོན་ནས་བསྐུལ་བ་ནི༔ དཔལ་ལྡན་ལྷ་མོ་བེ་ཏ་ལི༔ ནག་མོ་མི་ལྤགས་རློན་པ་གསོལ༔ ཕྱག་ན་ཁ་ཊཾ་ཞགས་པ་འཛིན༔ མ་མོ་འབུམ་གྱི་གཙོ་མོ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཞགས་པས་དགྲ་བོའི་སྐེ་ནས་ཆིངས༔ ཏྲི་ཤུལ་མཚོན་གྱིས་དགྲ་བོ་སྒོལ༔ མ་མོའི་ནད་རིམས་དགྲ་ལ་ཐོངས བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ནུབ་
སྒོ་གཡས་ནས་བསྐུལ་བ་ནི༔ བདུད་ཕོ་ཡབ་རྗེ་སྐུ་མདོག་ནག དར་ནག་བེར་ཆེན་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་འཛིན༔ བདུད་དམག་འབུམ་གྱི་ཡོངས་རྗེ་ཁྱོད བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོ་བདུད་ཀྱི་ཁྲམ་ལ་ཐོབ༔ འཁོར་ལོ་འབར་བས་དོན་སྙིང་གཏུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་སྒོ་གཡོན་ནས་བསྐུལ་བ་ནི༔ རེ་ལྡེ་མགོ་ཉག་བུ་མོ་སྟེ༔ བདུད་མོ་རོ་ལངས་ཐལ་མདོག་མ༔ ནག་མོ་མི་ལྤགས་དྲོན་མོ་གྱོན༔ གཡས་པས་རོ་ཡི་རྒྱལ་མཚན་ཕྱར༔ གཡོན་པས་ལྕགས་སྒྲོག་སྔོན་པོ་འཛིན༔ བདུད་མོ་འབུམ་གྱི་ཡོངས་རྗེ་མོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྕགས་སྒྲོག་འབར་བས་དགྲ་བོ་ཆིངས༔ བམ་ཆེན་དབྱུག་པས་ལྷ་དང་ཕྲོལ༔ ཁྲག་རིམས་ནད་ཀྱིས་དགྲ་བོ་སོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྱང་སྒོ་གཡས་ནས་བསྐུལ་བ་ནི༔ གནོད་བྱེད་དམར་པོ་མེ་རུ་རྩེ༔ སྐུ་ལ་དར་ནག་དགུ་བརྩེགས་གསོལ༔ ཕྱག་ན་ཁྲམ་ཤིང་འཁོར་ལོ་བསྣམས༔ བཙན་དམག་འབུམ་གྱི་ཡང་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གྲི་ཐབ་གཟེར་ནད་
དགྲ་ལ་ཐོངས༔ དགྲ་བོ་བཙན་གྱིས་ཁྲམ་ལ་ཐོབ༔ ཟངས་ལྕགས་འཁོར་ལོས་དགྲ་སྲོག་གཅོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྱང་སྒོ་གཡོན་ནས་བསྐུལ་བ་ནི༔ བསེ་གདོང་འབར་བ་རོ་ལངས་མ༔ ནག་མོ་མི་ལྤགས་གཡང་གཞི་གྱོན༔ ལག་ན་རོ་དབྱུག་དྲིལ་བུ་བསྣམས༔ བཙན་མོ་འབུམ་གྱི་ཡོངས་རྗེ་ཁྱོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་བམ་རོ་ལྷ་དང་ཕྲོལ༔ དྲིལ་བུས་དགྲ་བོ་མྱོས་པར་གྱིས༔ ཁྲག་སྐྱག་ནད་ཀྱིས་དགྲ་བོ་སོད༔ བཅོལ་བའི་ལས་འདི་མྱུར་གྲུབ་མཛོད༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ ལས་མཁན་སྲིད་པའི་བདུད་པོ་བཞི༔ ཤར་ཕྱོགས་ལྷ་ཡི་བུ་ཡི་བདུད༔ དཀར་པོ་དུང་གི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྱོད་ཉིད་དྲག་ཏུ་ཁྲོས་པའི་ཚེ༔ སྔོ་ནག་རལ་པ་ཁམ་ནག་འཁྱིལ༔ ཞེ་སྡང་བསྐལ་པའི་མེ་ལྟར་འབར༔ སྤྲུལ་པ་གསེར་གྱི་བུང་བ་ནི༔ དགྲ་བོའི་སྤྱི་བོའི་གཙུག་ནས་ཞུགས༔ ཚངས་པའི་བུ་གའི་རྩ་མདུད་ཆོད༔ དགྲ་བོ་ས་ཁམས་ཆུ་ལ་བསྟིམ༔ པགས་གཞི་ས་ལ་བཏིང་དུ་ཚུག༔ བཅོལ་ལོ་བདུད་པོ་མཐུ་མ་ཆུང་༔
ནུབ་ཀྱི་ཕྱོགས་ནས་ཉོན་མོངས་བདུད༔ དམར་པོ་མེ་ཡི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྱོད་ཉིད་དྲག་ཏུ་ཟད་པའི་ཚེ༔ ཁྲག་མདོག་མེ་ཡི་ལན་ཚར་ཅན༔ .འདོད་ཆགས་ཁྲག་མཚོ་ཁོལ་བ་འདྲ༔ སྤྲུལ་པའི་སྡིག་པ་བསྒྲད་པའི་གཟུགས༔ དགྲ་བོའི་མགྲིན་པའི་གནས་ནས་ཞུགས༔ ལྕེ་ཆུང་རྩ་གཉིས་ཧྲིག་ཧྲིག་ཆོད༔ དགྲ་བོའི་ཆུ་ཁམས་མེ་ལ་བསྟིམ༔ ཁ་སྐམ་ལྕེ་ཡང་གྲེ་ཁུང་ཐོངས ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ༔ ལྷོ་ཡི་ཕྱོགས་ནས་ཕུང་པོའི་བདུད༔ ནག་པོ་གསེར་གྱི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྗོད་ཅིང་དྲག་ཏུ་ཁྲོས་ཙམ་ན༔ མཐིང་ནག་རལ་པ་མུན་ལྟར་འཐིབས༔ ང་རྒྱལ་བྲག་རི་ཉིལ་བ་འདྲ༔ སྤྲུལ་པ་ཁ་བརྒྱད་སྡོམ་གྱི་གཟུགས༔ དགྲ་བོའི་ལྟེ་བའི་དཀྱིལ་དུ་ཞུགས༔ ལྟེ་བའི་རྩ་མདུད་ཧྲག་ཧྲག་ཆོད༔ དགྲ་བོའི་མེ་ཁམས་རླུང་ལ་བསྟིམ༔ ལུས་དྲོད་མཐའ་ནས་སྡུད་དུ་ཆུག༔ བདུད་པོ་ཁྱོད་ཀྱི་དུས་ལ་བབ༔ བྱང་ན་འཆི་བདག་ལས་ཀྱི་བདུད༔ ནག་པོ་ལྕགས་ཀྱི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་ལ་ཟད་པའི་ཚེ༔ མཐིང་
ནག་ཞལ་གདངས་མཆེ་བ་གཙིགས༔ སྤྲུལ་པ་གྱད་ཀྱི་སྟོབས་ཆེན་གཟུགས༔ དགྲ་བོའི་སྙིང་གི་དཀྱིལ་དུ་ཞུགས་ཁོ་ཡི་སྲོག་རྩ་དབུ་མ་ཆོད༔ རོ་རྐྱང་གཉིས་པོ་ལག་པས་ཆོད༔་རླུང་ནི་རྣམ་པར་ཤེས་ལ་བསྟིམ༔ དགྲ་བོའི་ལུས་དང་རྣམ་ཤེས་ཕྲོལ༔ སྲིད་པ་གསུམ་གྱི་སྲོག་བདག་ཁྱོད༔ དགྲ་སྲོག་དམར་པོ་ད་ཆོད་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི ལས་བྱེད་རུ་ཏྲ་སྡེ་བཞི་པོ༔ ཤར་གྱི་རུ་ཏྲ་དཀར་པོ་ནི༔ རབ་གཏུམ་སྲིན་པོ་ཁྲོས་པ་འདྲ མྱུར་མགྱོགས་བར་སྣང་གློག་བས་མྱུར༔ ཕྱག་ན་ཁྲག་ཟོར་དམར་པོ་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲུག་ཟོར་སྡང་བའི་དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོས༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས༔ མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་རུ་ཏྲ་སེར་པོ་ནི༔ གཤིན་རྗེ་བས་ཀྱང་རྔམས་གཏུམ་ཆེ༔ གཟའ་རྒོད་བས་ཀྱང་དྲག་རྩལ་ཆེ༔ ལག་ན་དམར་ཆེན་ཁྲག་ཟོར་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲག་ཟོར་སྡང་བའི་
དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས༔ མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་རུ་ཏྲ་དམར་པོ་ནི༔ མེ་བས་ཚ་ལ་གློག་བས་མྱུར༔ དྲག་གཏུམ་ནམ་མཁའི་ཐོག་དང་འདྲ༔ ལག་ན་ཁྲག་ཟོར་དམར་པོ་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲག་ཟོར་སྡང་བའི་དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ བྱང་ཕྱོགས་རུ་ཏྲ་ལྗང་གུ་ནི༔ བདུད་བས་ཞེ་ནག་བཙན་བས་དྲག༔ བསྐལ་པའི་མེ་བས་ཚ་ངར་ཆེ༔ ལག་ན་ཁྲག་ཟོར་དམར་པོ་ཕྱར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཁྲག་ཟོར་སྡང་བའི་དགྲ་ལ་ཡ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ ཁྲག་ཟོར་གནོད་པའི་བགེགས་ལ་ཡ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ བཀའ་ཡི་ལས་བྱེད་ཤན་པ་ནི༔ མོན་པ་ཡབ་ཡུམ་བཅུ་གཉིས་ཏེ༔ མོན་
པ་དྲུག་ནི་ཁ་དོག་ནག༔ སྐྲ་ནི་སྤྱི་བོའི་གདོང་དུ་བཅིངས༔ ལག་གདུབ་རྐང་གདུབ་ལྕགས་ལས་བྱས༔ ལུས་ལ་ཐལ་བེར་ནག་པོ་གྱོན༔ རེ་བ་ནག་པོའི་རྐེད་ཆིངས་བྱས༔ མཐུ་བདག་གཡས་དང་གཡོན་དུ་བརྫིས༔ ལག་ན་མདུང་དང་སྡིག་གྲི་བསྣམས༔ མཆོང་རྩལ་བྱེད་ཅིང་གར་སྟབས་བསྒྱུར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ་དམ་ཉམས་སྡང་བའི་དགྲ་བོ་འདི༔ གཟུགས་བཞི་ས་ལ་ད་རྒྱོབས་ཤིག༔ གཡང་གཞི་ས་ལ་ད་ཐིང་ཞིག མགོ་དང་ཡན་ལག་ད་ཆོད་ཅིག༔ བཅོལ་བའི་ལས་ལ་མཐུ་མ་ཆུང་༔ མོན་མོ་དྲུག་ནི་སྐུ་མདོག་ནག༔ ཁམ་ནག་རལ་པ་ཤ་ར་ར༔ གཅེར་བུ་དུང་གི་རྣ་རྒྱན་ཅན༔ མོན་མོ་གླུ་ལེན་ཀྱུ་རུ་རུ༔ ཞབས་གཉིས་མཆོང་དང་ལིངས་སེ་ལིང་༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་དོན་སྙིང་ད་ཐོན་ཅིག༔ རྒྱུ་ཞགས་དམར་པོ་ལག་རྡོག་གྱིས༔ སྙིང་ཁྲག་དྲོན་མོ་དབལ་གྱིས་ཐོབ༔ བཅོལ་བའི་ལས་ལ་མ་གཡེལ་ཅིག་ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ བཀའ་ཡི་ཕོ་ཉ་མི་སྲུན་པ༔ གཤེད་ཆེན་བདུན་བརྒྱ་ཉི་ཤུ་པོ༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུ་ནི༔ ནག་པོ་སྤྱན་
གསུམ་སྡང་མིག་བསྒྲད༔ དབུ་སྐྲ་སྤྱི་ཆིངས་ཨམ་གཙིགས་བསྡམས༔ མི་ལྤགས་གྱོན་ཞིང་འཇིག་རྟེན་ཉུལ༔ ལག་ན་གཅོད་པའི་འཁོར་ལོ་འཛིན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལས་ཀྱི་གཤིན་རྗེ་སྲོག་གི་བདག༔ ཁྱོད་ལ་དགའ་བའི་དགྲ་སྲོག་འབུལ༔ འཛུམ་ཞིང་འཛུམ་ཞིང་དགྲ་དབུག་རོལ༔ དུས་ལ་བབ་བོ་ས་མཱ་ཡ༔ མོ་གཤེད་སུམ་བརྒྱ་དྲུག་ཅུ་ནི༔ ནག་མོ་མི་ཡི་གཡང་གཞི་གྱོན༔ མཆེ་བ་བྲང་གི་སླེལ་སྣར་སླེབས༔ ནུ་མི་གཡབ་མོ་རྡེབ་ཅིང་འགྲོ༔ རལ་པ་ནག་པོ་སྤྲིན་ལྟར་གཏིབས༔ ལག་ན་ཐུན་རྫས་སྣ་ཚོགས་བསྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ་མི་ཤ་ཁྲག་གིས་དྲི་ཚོར་ནས༔ དཔག་ཚད་བརྒྱད་ཁྲི་རྒྱུག་བྱེད་མ དགྲ་ཤ་དགྲ་ཁྲག་དྲོན་མོ་འདི༔ ཧ་ཧ་ཧི་ཧིའི་བཞེས་སུ་གསོལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ལས་གཤིན་ཁྲོ་ཆུ་དུག་གདོང་གི༔ སྤྲུལ་པ་ལས་བྱེད་གདུག་པ་ཅན༔ ལས་ཀྱི་རླུང་གི་ཤུགས་ལྡན་པའི གནམ་ལྕགས་རྒྱ་གྲམ་འབར་བ་ཡིས༔ དགྲ་བོའི་སྙིང་ནི་དུམ་བུར་ཐོངས༔ མ་ཉེས་ཐོག་བབ་བྱེད་པའི་དགྲ རུས་སྦལ་ནག་པོ་བརྒྱད་རྣམས་ཀྱིས༔ སྲོག་ཆོད་སྙིང་ཁྲག་འཐུང་
བར་གྱིས༔ ལྕགས་ཀྱི་སྡིག་པ་བདུན་པོ་ཡིས༔ སློབ་མ་དམ་ལོག་སྙིང་ཁྲག་འཇིབས༔ མཆེད་གྲོགས་དམ་མེད་དགྲར་ལང་ན༔ བསེ་སྦལ་བདུན་གྱིས་སྲོག་རྩ་ཆོད༔ བདག་ལ་སྡང་བའི་བན་བོན་རྣམས༔ དུག་གི་ཕག་རྒོད་རྣམས་ཀྱིས་ཟོ༔ བྱད་མ་གནོད་བྱེད་སྔགས་པ་རྣམས༔ རུས་སྦལ་བདུན་གྱིས་སྲོག་རྩ་འཇིབས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ བྱ་ནག་བདུན་གྱིས་ཤ་ལ་ཟོ༔ ཁྱི་ནག་བདུན་གྱིས་ཁྲག་ལ་འཐུང་༔ དུག་སྤྲུལ་བདུན་གྱིས་ཁོང་སྙིང་ཐོན༔ གཡུ་སྤྱང་བདུན་གྱིས་རུས་ལཱ་མུར༔ ཧེ་རུ་ཀ་ཡི་སྤྲུལ་པ་སྟེ༔ གསེར་གཡུ་མཆོང་ལྕགས་སྦྲང་བུ་རྣམས༔ དགྲ་བོའི་བུ་ག་དགུ་ནས་ཞུགས༔ ཚེ་སྲོག་བཀྲག་མདངས་འཇིབས་ལ་ཤོག༔ མ་གཡེལ་མ་གཡེལ་གཤིན་རྗེའི་ཚོགས༔ མྱུར་མགྱོགས་ལས་འདི་མྱུར་དུ་མཛོད༔ དམ་ཉམས་དགྲ་བགེགས་ལས་ངན་འདི༔ ལས་ངན་འཁོར་བའི་རྒྱུན་ཆོད་ལ༔ བླ་སྲོག་ཤ་ཁྲག་ཚོགས་སུ་རོལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ སྐུ་ལྔ་ཡེ་ཤེས་ཐོབ་པར་མཛོད༔ གང་དག་ཞི་བས་མི་ཐུལ་བ༔ ཚད་མེད་ཐུགས་རྗེའི་ཁྲོ་བོར་སྤྲུལ༔ ཞེ་སྡང་ཁྲོས་པ་མ་ཡིན་ཏེ༔ སྙིང་རྗེས་
ངན་སོང་རྒྱུན་གཅོད་མཛོད༔ འདི་ནི་རྒྱལ་བའི་དགོངས་པ་མཆོག བཙན་ཐབས་དབྱིངས་སུ་འདྲེན་བྱེད་པ༔ རིགས་གསུམ་མགོན་པོ་ཁྲོས་པའི་སྐུ༔ དུག་སྡོང་ཁྲོ་བོ་ཕྲིན་ལས་ཡིན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨེ་མ་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི ལྷ་གྲངས་མང་བས་ལྷ་ངོ་ཤེས་པ་དཀོན༔ དེ་ཕྱིར་སྔགས་པ་འགའ་ལ་ཕན་སྙམ་ནས༔ རྣལ་འབྱོར་རཱ་ག་ཨ་སྱས་ཞེས་བྱ་བས༔ ཁྲོ་ཆུའི་སྒྲུབ་ཆེན་བྱེད་པའི་སྐབས་སུ་བྲིས༔ འདི་ལ་ཉེས་པ་གང་མཆིས་ལྷ་ལ་བཤགས༔ དགེ་བས་ཟབ་གཏེར་བསྟན་དང་བསྟན་འཛིན་ལ༔ བར་ཆད་མེད་ཅིང་དབུ་འཕང་མཐོ་ཕྱིར་བསྔོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལས་མཐའ་སྦྱིན་བསྲེག་བྱ་བའི་མན་ངག་གསལ་བར་བསྡུས་ཏེ་བཀོད་པའི་ཟིན་བྲིས།
འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལས་མཐའ་སྦྱིན་བསྲེག་བྱ་བའི་མན་ངག་གསལ་བར་བསྡུས་ཏེ་བཀོད་པའི་ཟིན་བྲིས་བཞུགས་སོ།
འཇམ་དཔལ་གཤིན་རྗེ་མེའི་ཐོག་རྒོད་འབར་བ་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྦྱིན་སྲེག་ལ་གསུམ་སྟེ༔ སྤྱི་དང་བྱེ་བྲག་ཞལ་ཧོམ་དང་གསུམ་མོ༔ དང་པོ་ནི་གདོན་བགེགས་ཚར་གཅོད་པ་ནི༔ ཤི་འདྲེ་ཆུང་སྲི་གོད་འདྲེ་དང་སྨྱོ་འདྲེ་འདུལ་བའམ༔ དགྲ་བགེགས་རྣམས་ཚར་གཅོད་འདོད་ན་སྦྱིན་སྲེག་བྱ་སྟེ༔ ས་ཆོག་དང་བྲི་ཐིག་སོགས་བསྲེག་རྫས་ཐམས་ཅད་དང་༔ མེ་ལྷ་མེ་སྦྱར་མེ་ཞགས་རྗེས་ཆོག་ཐམས་ཅད་དང་༔ གཞན་སྤྱི་དང་འདྲ་སྟེ་འདིར་མ་སྨྲས་སོ༔ གཉིས་པ་དྲག་པོའི་ས་སྣ་ལ༔ གྲུ་གསུམ་མདའ་གང་སུམ་བརྩེགས་བྱ དུག་ཁྲག་གིས་ཆག་ཆག་གདབ༔ གྲུ་གསུམ་མཚོན་ཆ་མེ་རིའི་མཚོན་པ༔ ནང་དུ་ཡི་གེ་རཾ་བྲིས༔ དུག་ཤིང་རིམ་པ་གསུམ་
བརྩེགས་པ༔ ཡང་ན་སྔར་གྱི་བྲུབ་ཁུང་དེ་ཉིད་ཕྱི་ནས་དུག་ཤི་ང་གྲུ་གསུམ་བརྩེགས་ནང་ཚེར་མས་བཀང་༔ གཡས་སུ་སྨན་རཀ་དང་མར་གཏོར་བཤམས༔ གཡོན་དུ་གཞི་ནག་པོའི་སྟེང་དུ་ཡམ་ཤིང་སོར་བརྒྱད་ཁྲག་གིས་སྦག་པ་བདུན་ནམ་ཉེར་གཅིག གཡོན་ནས་བྲུབ་ཁུང་ཡོད་པའི་ཟན་ལིང་རེ་དང་༔ ལིང་ག་དངོས་གཞིའི་ནང་གི་ཤོག་ལིང་དེ་གྲི་ལྕགས་ཀྱི་མཚོན་གྱིས་རྐང་པ་གཡོན་ནས་བསད༔ སྔགས་བརྗོད་ཅིང་གཏུབ་པའི་དུམ་བུ་རེ་དང་ཤ་དུམ་སྦྲགས་ནས་བཞག སྔར་གྱི་ཟན་ལིང་དེ་ལྕགས་གཏུན་ནམ་རྡོ་གཏུན་ལྕགས་ལྡེར་རམ་མེད་ན་རྡོ་ཐོག་ཏུ་བསད་སྔགས་བཟླ་ཞིང་ཐོ་བས་ཞིབ་པར་བརྡུང་བའི་ཕྱེ་མ་ཤ་དུམ་དང་ལིང་ག་ཐམས་ཅད་ལ་བཏབ༔ བྱིན་བརླབས་མ་བྱས་པའི་ཆང་རྒོད་དང་ཁྲག་དང་ཆུ་བསྲེས་པའི་ཕུད་རྒོད་ཀྱང་བཤམས༔ མདུན་དུ་
མཆན་ནམ་ཚིལ་དང་ཁྲག་ཞག་བསྲེས་པའི་མར་ཁུ་ཅུང་ཟད་བཤམས༔ དེ་ལ་སླར་འགུགས་གཞུག་དང་མཆོད་པ་བྱིན་རླབས་བྱ༔ ཁ་ལྔ་སེར་དང་མཁའ་འགྲོ་སོགས་ལ་གདོང་མི་ལྟ་བར་ལྷོའམ་དགྲ་ཕྱོགས་སུ་ཁ་བལྟས༔ མགར་བའི་འདུག་སྟངས་ཀྱིས་སྔགས་ཆས་གྱོན༔ དུར་ཁྲོད་སོལ་བ་གདོང་ལ་བྱུག ཐབ་བྲན་བསངས་སྦྱངས་མེ་སྦར་ལ༔ སྟོང་པའི་ངང་ལས་མདུན་དུ་མེ་ཐབ་གྲུ་གསུམ་མཐིང་ནག་མེ་རླུང་མཚོན་ཆ་འཁྲུགས་པ༔ དུག་གི་མེ་རི་མེ་དཔུང་འུར་སྒྲ་ཚག་སྒྲ་དང་འབྲུག་ལྟར་ལྡིར་བའི་དབུས་སུ༔ འཇིག་རྟེན་ཁམས་ཚ་གྲང་རབ་ཏུ་འཁྲུགས་པའི་ཞེས་སོགས་ནས་བསྐྱེད་ཆོག་སྤྱན་འདྲེན་བཞུགས་གསོལ་སོགས་ནས་གཏོར་བསྔོས་གཞུང་ལྟར་འདོན༔ དེ་ནས་རྩ་སྔགས་ལ། ཨོཾ་བྷྱོ་དྷི་བྲིཀཱ་ཡེ་སྭཱ་ཧཱུ་རྗེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཡམ་ཤིང་ལ༔ ཨོཾ་ཨཀྵེ་ཡེ་སྭཱ་ཧཱ༔ རྨིའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་འབུལ༔ དེ་ནས་གཡོན་གྱི་ཧོམ་གཟར་དུ་ལིང་རོ་ཤ་དུམ་རེ་དང་ཟན་ལིང་རེ་བཞག༔ གཡས་བླུག་གཟར་གྱིས་ཁྲག་བླུག་པ་བཟུང་ནས༔ ཧཱུྃ༔ འཇིགས་བྱེད་ཡ་མཱན་ཀ་ནི༔ སོགས་བསྟབ་པའི་གཞུང་ཚིག་དེ་བརྗོད་ནས༔ གཤིན་རྗེ་འཁོར་བཅས་ཞལ་མེའི་རང་བཞིན་གནམ་ས་ཙམ་གདངས་བའི་ནང་དུ་དགྲ་བགེགས་དངོས་སུ་བསྟབས་པས༔ ཧྲག་ཧྲག་བསྲེགས་ཤིང་གྱུར་
མིད་དུ་བཏང་བར་བསམས་ལ༔ བསྙེན་སྔགས་དང་ཟློག་སྔགས་དང་བསད་སྔགས་གསུམ་སྦྲེལ་བའི་མཇུག་ཏུ༔ བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱི་སྲོག་སྙིང་རྣམ་ཤེས་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཞེས་བརྒྱ་དང་ཉེར་བརྒྱད་འབུལ་ཏེ༔ སྔགས་དང་རྫས་ལ་ལྷག་ཆད་མང་ཉུང་མེད་པར་བྱའོ༔ དེ་ནས་མངའ་གསོལ་བྱ་སྟེ༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་འབར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཟློག་པའི་ཕྲིན་ལས་མཛོད། ཅེས་སོགས། གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔་ཞེས་སོགས་སྐབས་ཐོབ་འདོན་པ་བསྒྱུར༔ དེ་ནས་མེ་ལྷའི་གཏོར་མ་དེ་རིམ་གྲོ་ཡིན་ན་གཏོར་བསྔོས་བྱས་ལ་འབུལ༔ མཐུ་ཡིན་ན༔ ཕྱོགས་ཕྱོགས་དག་ཀྱང་སོགས་བསྐུལ་པ་བྱས་ལ༔ སྟོང་གསུམ་འཇིག་རྟེན་ཁྱབ་པར་རྒྱུག༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འབུལ༔ ནད་གདོན་སྡིག་སྒྲིབ་ཚར་ཆོད་ཅིག༔ ཅེས་སོགས་སྐབས་ཐོབ་བསྒྱུར བསྟོད་པ་བྱ༔ སྐབས་འདིར་རྐྱེན་བཟློག་ཡིན་ན་མེའི་བརྟུལ་ཞུགས་བྱ༔ མེ་ལྕེ་ཁ་ལས་སྤྲུལ་པའི་ཁྲོ་བོ་རྣམས༔ ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་ཏེ༔ མེ་དཔུང་གི་རྟ་ལ་ཆིབས་ནས། བདག་ཅག་འཁོར་བཅས་ཀྱི་ནད་དང་གནོད་པ༔ མི་མཐུན་པའི་ཕྱོགས་གང་ལ་དམིགས་པ་ཐམས་ཅད༔ གཞོབ་ཐུལ་བསྲེགས་ནས་ཐལ་བ་རྡུལ་དུ་བརླག་པར་བསམ༔
མཚམས་གཅོད་ཀྱི་ཚིགས་བཅད་རྣམས་དང་རྩ་སྔགས་སོགས་ཀྱིས་མེ་ཞགས་བརྒྱབ༔ དེ་ནས་རྗེས་ཆོག་བྱ༔ རིམ་གྲོ་ཡིན་ན་བཀྲ་ཤིས་བརྗོད༔ ལས་སྦྱོར་ཡིན་ན་མི་བརྗོད༔ མཐུ་ཡིན་ན་སྦྱིན་སྲེག་རང་ཁྱིམ་དུ་མི་བྱའོ༔ ༈ གསུམ་པ་ནི་ས་སྟེགས་སེར་པོ་གྲུ་གསུམ་པའི་བྲུབ་ཁུང་ལྟ་བུའི་ནང་དུ༔ དུག་ཚེར་གྱིས་བཀང་ནས་ལིངྒ་ཡང་བཞག༔ ལོགས་གཅིག་ནས་ཁུང་བུ་སྤྱད་པའི་མཆུ་ཐལ་བར་བྱ༔ དེའི་སྟེང་དུ་རྫ་ས་ལ་ཁྲོ་ཆུའི་སྐུ་ཞལ་གདངས་བ་ཕྱག་སྤར་མོ་འདེབས་ཚུལ་ཙམ༔ ནང་སྟོང་པ་བྱས་ལ་བཞག་ནས༔ གཞུང་ལྟར་མེ་དཔུང་གི་ནང་ན་གཤིན་རྗེའི་གཤེད་བསྐྱེད་ནས༔ སྤྱན་འདྲེན་མཆོད་པ་གཞུང་ལྟར་བྱ༔ བསྲེག་རྫས་ནི་མར་ཁུ་ཡམ་ཤིང་བདུན་ཏེ༔ ཤིང་སྟག་པའི་ལོ་མའི་ལིང་ག་མ་རྙེད་ན་ཤོག་ལིང་སྟེ༔ ཟན་གྱི་ཉ་བོ་རེ་ཤ་དུམ་རེ་ཧོམ་གཟར་དུ་བླུགས་ལ་ཁྲག་གིས་བྲན་ཏེ༔ གོང་ལྟར་སྔགས་ཀྱིས་བརྒྱ་རྩ་འབུལ་རིམ་གྲོ་ཡིན་ན་རྩ་སྔགས་མཇུག་ཏུ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ བདག་ཅག་ཡོན་མཆོད་ལ་གནོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྒྱ་དང་རྩ་བརྒྱད་ཀྱིས་ཡུངས་ཀར་འབུལ༔ གཏོར་འབུལ་གཏོད་བསྐུལ་བྱ༔ རྗེས་ཆོག་བྱས་ལ་སྐུ་གཟུགས་དགོན་པའམ༔ སྒྲུབ་ཁང་ཡིན་ན་དབེན་སར་བཞག་ལ་ཕྱིས་དགོས་དུས་སྤྱད༔ གྲོང་པ་ཡིན་ན་ཟོར་དུ་འཕངས་ལ་བཅགས་ནས་རྗེས་མི་མངོན་པར་བྱའོ༔ འདི་ནི་དགྲ་བགེགས་ཐམས་ཅད་དང་ཁྱད་པར་དུ་གདོན་བགེགས་རྒོད་དང་ཆུང་སྲི་འདུལ་བ་ལ་ཟབ་བོ༔
དེ་ནས་གཤེགས་གསོལ་དང་བསྡུ་ཆོག་ལས་བྱང་ལྟར་བྱས་ལ༔ རིམ་གྲོ་ཡིན་ན་ཐལ་བ་དེ་སླ་ངས་སྦུབས་ལ༔ སྐད་ཅིག་གིས་ས་ཡི་འོག་ནས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་གཡས་སེངྒེ། གཡོན་ཕག་ཞལ་དབུས་ཆུ་སྲིན་གྱི་གདོང་པ་ཅན་ཡ་ཁ་གནམ་ལ་མ་ཁ་ས༔ མཆེ་བ་གངས་རི་ལྟར་གཙིགས་པ༔ ལྕེ་གློག་ལྟར་དུ་འགྱུ་བ ཁ་ནང་དུ་གནོད་བྱེད་དམ་སྲི་ཐམས་ཅད་ཚུད་པར་གྱུར འགུགས་གཞུགག་བྱས་ལ་ཆུ་སྲིན་གྱིས་གྱུར་གྱིས་མིད་ནས་ས་རིམ་པ་དགུའི་འོག་ཏུ་སོང་ནས༔ རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པས་མནན་པར་བསམས་ནས༔ ལས་བྱང་གི་བྲོ་མནན་དེ་བྱས་ལ༔ ཐལ་བ་ལམ་རྒྱ་གྲམ་མམ་མཆོད་རྟེན་གྱི་འོག་ཏུ་བླུགས༔ སྲོག་སྒྲུབ་ཆེན་མོ་ཡིན་ན༔ ཐལ་བ་དེ་ཆ་བཞི་བྱས་ལ༔ ཆ་གཅིག་རི་གཉན་གསུམ་གྱི་རྩེ་ལ་ཕྱར་ན་མྱུར་དུ་མཐའ་ལ་ཕུང་༔ ཆ་གཅིག་ཆུ་གཉན་པོའམ་མཚོ་གཉན་པོར་བཏབ༔ ཆ་གཅིག་ལུང་གསུམ་གྱི་མདོ་རུ་མནན་པའམ༔ ཆ་གཅིག་དེ་ལ་ཆ་ཉུང་ངུ་མང་དུ་བྱས་ལ༔ ཟོར་དང་གཏོར་མའི་ནང་དུ་ཅུང་ཟད་རེ་བླུག་ལ་འཕང་༔ ཆ་གཅིག་མནན་པ་བྱེད་པ་དེ་དང་ལིང་ག་དང་མཉམ་དུ་མནན་པ་ལ་སོགས་བྱ༔ ཡང་ན་ལམ་ཆེན་པོ་དང་༔ ལམ་བཞི་མདོ་ཟམ་སྔས་སོགས་ལ་དགྲ་ངན་ཞིང་ལྷ་འདྲེ་གདུག་པ་ཅན་གནས་སར་མནན་པའམ་ཕྱར་བ་ལ་སོགས་པ་བྱའ༔་ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ སམ། ཞེས་པ་འདི་ནི་
མཆོད་སྦྱིན་ལ་བརྩོན་པ་ལྷུར་ལེན་པའི་སྙིགས་དུས་ཀྱི་དྲང་སྲོང་ཨ་རཱ་གས་སྦྱར་བའོ༔ ཨྠྀི༔ འདི་ལ་ཉེས་པ་གང་མཆིས་འཇམ་དཔལ་ཉིད་ལ་བཤགས༔ དགེ་བས་དགྲ་དང་བགེགས་ཀྱི་ཚོགས་བསྲེགས་ནས༔ བསྟན་པ་མེ་ལྟར་འབར་ཞིང་རྒྱས་པར་ཤོག ༈ ཨེ་མ་འགའ་ཞིག་རྒྱུད་སྡེའི་སྲེག་བླུག་མ་གཏོགས་ནས༔ མེ་མཆོད་ཡིན་ཞེས་མདུན་དུ་མེ་བུས་ནས༔ མེ་སྙིང་ཡིན་ཞེས་གཏོར་མ་སྲེག་པར་མཐོང་༔ འགའ་ཞིག་རྒྱུད་སྡེའི་སྦྱིན་སྲེག་ལ་ཞེན་ནསཿ༔ བྲི་ཐིག་ས་ཆོག་དག་ལ་ཉི་མ་འཕུད༔ སྲེག་རྫས་སྔགས་ལ་གྲངས་དཀོན་བྱེད་པ་མཐོང་༔ དེ་དག་འདི་ཡི་སྐབས་དོན་མི་མཐོང་ནས༔ རྒྱུད་སྡེའི་དོན་དང་ཅུང་ཟད་མི་འགལ་ཞིང་༔ ལས་མཇུག་བསྡུ་བའི་ཕྱག་ལེན་ཟབ་མོ་འདི༔ བཀོད་པས་རང་གཞན་འགའ་ལ་ཕན་པར་ངེས༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་ཕྲིན་ལས་ཀུན་འདུས་སྦྱིན་སྲེག་གི་ཆོ་གའི་མན་ངག
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་ཕྲིན་ལས་ཀུན་འདུས་སྦྱིན་སྲེག་གི་ཆོ་གའི་མན་ངག་བཞུགས་སོ།།
དུསམ།བོདྷམིཇི། ཝེ་ཊནི༔ འཇམ་དཔལ་གཤིན་རྗེ་མེའི་ཐོག་རྒོད་འབར་བ་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྦྱིན་སྲེག་ལ་གསུམ་སྟེ༔ སྤྱི་དང་བྱེ་བྲག་ཞལ་ཧོམ་དང་གསུམ་མོ༔་དང་པོ་ནི་གདོན་བགེགས་ཚར་གཅོད་པའམ༔ ཤི་འདྲ་ཆུང་སྲི་གོད་འདྲེ་དང་སྨྱོ་འདྲེ་འདུལ་བ་དང་༔ དགྲ་བགེགས་རྣམས་ཚར་གཅོད་འདོད་ཀྱང་སྦྱིན་སྲེག་བྱ་བར་གསུངས་ཏེ༔ ས་ཆོག་དང་བྲི་ཐིག་བསྲེག་རྫས་ལ་སོགས་མེ་ལྷ་མེ་སྦར་མེ་ཞགས་རྗེས་ཆོག་ཐམས་ཅད་སྤྱི་དང་འདྲ་སྟེ་འདིར་མ་སྨྲས་སོ༔ གཉིས་པ་ནི་དྲག་པོའི་ས་སྣ་ལ༔ གྲུ་གསུམ་མདའ་གང་སུམ་རིམ་ལ་དུག་ཁྲག་གིས་ཆག་ཆག་གདབ༔ ནང་དུ་ཡི་གེ་རེ་དང་གྲུ་གསུམ་གཞན་རྣམས་ལ་མཚོན་ཆ་བྲི་ཞིང་མེ་རིའི་མཚོན་པའོ༔ དུག་ཤིང་རིམ་པ་གསུམ་དུ་
བརྩེགས༔ ཡང་ན་སྔར་གྱི་བྲུབ་ཁུང་དེའི་ཕྱི་ལ་དུག་ཤིང་གྲུ་གསུམ་བརྩེགས་ནས་ཚེར་མས་བཀང་༔ གཡས་སུ་སྨན་དང་རཀྟ་དམར་གཏོར་བཤམས། གཡོན་དུ་གཞི་ནག་སྟེང་དུ་ཡམ་ཤིང་སོར་བརྒྱད་པ་ཁྲག་གིས་སྦག་པ་བདུན་ནམ་ཉེར་གཅིག སྔར་ནས་བྲུབ་ཁུང་ན་ཡོད་པའི་ཟན་ལིང་དེ་དང་། ལིང་ག་དངོས་གཞི་ཤོག་ལིང་དེ་གྲི་ལྕགས་ཀྱི་མཚོན་གྱིས་རྐང་པ་གཡོན་ནས་བསད་སྔགས་བཟླ་ཞིང་གཏུབ་པའི་དུམ་བུ་བརྒྱ་དང་རྩ་བརྒྱད་བྱས་ལ་ཤ་དུམ་རེ་རེ་དང་སྦྲགས་ནས་བཞག་ལ། ཟན་ལིང་དེ་ལྕགས་གཏུན་ནམ་རྡོ་གཏུན་ལྕགས་ལྡེར་རམ་མེད་ན་རྡོ་ཐོག་ཏུ་བསད་སྔགས་བཟླ་ཞིང་ཐོ་བས་ཞིབ་པར་བརྡུང་བའི་ཕྱེ་མ་ཤ་དུམ་དང་ལིང་ག་ཐམས་ཅད་ལ་བཏབ། བྱིན་རླབས་མ་བྱས་པའི་ཆང་རྒོད་དང་ཁྲག་ཆུ་ལ་བསྲེས་པའི་ཕུད་རྒོད་ཀྱང་བཤམས། མདུན་
དུ་མཆན་ནམ་ཚིལ་དང་ཁྲག་ཞག་བསྲེས་པའི་མར་ཁུ་ཅུང་ཟད་བཤམས། དེ་ལ་སླར་འགུགས་གཞུག་དང་མཆོད་པ་བྱིན་རླབས་བྱ། ཁ་ལྔ་སེར་དང་མཁའ་འགྲོ་ལ་གདོང་མི་གཏད་ཅིང་ལྷོའམ་དགྲ་ཕྱོགས་སུ་ཁ་གྱུས་ནས། སྔགས་ཆས་ཀྱིས་བརྒྱན་ལ་མགར་བའི་འདུག་སྟངས་ཀྱིས་གདོང་ལ་རོ་སོལ་བྱུག་ཅིང་། སྔོན་འགྲོ་ཕྱི་རྒྱུད་པ་ལ་གཏོར་མ་འབུལ་ཞིང་བཀའ་བསྒོའོ། །བགེགས་བསྐྲད་མཚམས་བཅད་ལས་བྱང་ལྟར་གུར་ཁང་ལྔ་རིམ་བསྒོམས་ལ། མཆོད་རྫས་བྱིན་གྱིས་བརླབས་ནས། སླར་ཡང་། མཆོད་རྫས་རྣམས་མི་དམིགས་པ་ལས། །ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཁྲག་གི་ཡོན་ཆབ། ཞག་གི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཙིཏྟའི་ཞལ་ཟས། རྐང་ཆེན་གྱི་གླིང་བུ། མཆོད་རྫས་རྣམས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨགྷཾ་ཨཱཿཧཱུྃ༔ དེ་བཞིན་དུ། པཱདྷཾ་པུབྦེ་དྷཱ་པ་ཨ་ལོ་ཀེ་གནྡྷེ་ནི་ཝི་དྱ་ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ལན་གསུམ། གཞན་ཡང་སྨན་དང་གཏོར་མོ་དུག་ཁྲག་བདུད་རྩིའི་རྒྱ་མཚོ་རྩུབ་འགྱུར་དྲག་པོའི་ཡམ་ཤིང་། ཤ་ཁྲག་གློ་སྙིང་ནང་ཁྲོལ་འབྲུ་བཅུད་སྣ་ཚོགས་ཀྱི་མཆན་སྣ། འདོད་ཡོན་རྒྱ་ཆེན་དང་ལྡན་
པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲི་ཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་བྷིཥྛ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲིཋཱ༔ ལན་གསུམ་བྱ། གཞན་ཡང་ལས་བཞི་མེ་མཆོད་སྤྱི་འགྲོ་ལྟར་རྫས་རྣམས་བྱིན་བརླབས། ཐབ་བྲན་ལ་བསངས་སྦྱངས་མེ་སྦར་ལ། སྟོང་པའི་ངང་ལས་མདུན་དུ་མེ་ཐབ་གྲུ་གསུམ་མཐིང་ནག་མེ་རླུང་མཚོན་ཆ་ལྟར་འཁྲུགས་པ། དུག་གི་མེ་རི་མེ་དཔུང་འུར་སྒྲ་ཚག་སྒྲ་དང་བཅས་པ་འབྲུག་ལྟར་ལྡིར་བའི་དབུས་སུ། འཇིག་རྟེན་ཁམས་ཚ་གྲང་རབ་ཏུ་འཁྲུགས་པའི་དབུས་སུ། འོག་ཐམས་ཅད་སྤུ་གྲིའི་ས་གཞི། སྟེང་ཐམས་ཅད་རལ་གྲིའི་གུར་ཁང་། བར་སྣང་ཐམས་ཅད་མཚོན་ཆ་རབ་ཏུ་འཁྲུགས་པ། ཞེས་སོགས་ནས་ལས་བྱང་རྒྱས་པ་གནམ་ལྕགས་གོ་ཆ་ལྟར་བསྐྱེད་ཆོག་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ནས། མཆོད་པའི་བར་གཞུང་ལྟར་བྱ། དེ་ནས་དུ་ཏྲི་ཡ་མ་སོགས་རྩ་སྔགས་ལ། ཨོཾ་བྷྱོ་དྷི་བྲིཀཱ་ཡེ་སྭཱ་ཧཱ། དགྲ་བགེགས་བྱད་མ་ཆེ་གེའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཡམ་ཤིང་དང་། ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། དགྲ་བགེགས་བྱད་མ་ཚེའི་འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་འབུལ། ༈ འདི་སྐབས་ལིངྒ་བསྐྱེད་ཆོག་དང་
དམིགས་བྱ་འགུགས་གཞུག །བསྒྲལ་ལས་ཉུང་བ་ཆོས་སྐུ་ཞི་བ་མ་སོགས་དགོས་པ་སློབ་དཔོན་གྱི་ཕྱག་ལེན་ནོ། །མཆན། ༈ དེ་ནས་གཡོན་གྱི་ཧོམ་གཟར་གྱིས་ལིང་རོ་ཤ་དུམ་རེ་དང་ཟན་ལིང་ཤ་དུམ་རེ་བཞག །གཡས་བླུག་གཟར་གྱིས་ཁྲག་བླུག་པ་བཟུང་ལ། ཧཱུྃ། འཇིགས་བྱེད་ཡ་མཱན་ཀ་ནི། །སོགས་བསྟབ་པའི་གཞུང་ཚིག་དེ་འདོན་ནས། གཤིན་རྗེ་འཁོར་བཅས་ཞལ་གྲུ་གསུམ་མེའི་རང་བཞིན་གནམ་ས་ཙམ་གདངས་བའི་ནང་དུ་དགྲ་བགེགས་དངོས་སུ་བསྟབས་པས། ཧྲག་ཧྲག་བསྲེགས་ཤིང་གྱུར་མིད་དུ་བཏང་བར་བསམས་ལ། བསྙེན་སྔགས་ཟློག་སྔགས་བསད་སྔགས་གསུམ་སྦྲེལ་བའི་མཇུག་ཏུ། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱི་སྲོག་སྙིང་རྣམ་ཤེས་དང་བཅས་པ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཞེས་བརྒྱ་དང་ཉེར་བརྒྱད་འབུལ་ཏེ། སྔགས་དང་རྫས་ལ་ལྷག་ཆད་མང་ཉུང་མེད་པར་བྱའོ། །དེ་ནས་མངའ་གསོལ་བྱ་སྟེ། རོལ་མོ་བསྒྲགས་ཤིང་འདི་སྐད་དོ།། ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ སྐུ་མདོག་མཐིང་ནག་སྲིད་པའི་རྩེ་ལས་མཐོ༔ ལྷ་རྣམས་ཡོངས་ཀྱིས་ཁྱེད་ལ་མངའ་གསོལ་ལོ༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་འབར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཅེས་སམ་ཡང་ན་བྱད་ཁ་ཕུར་ཁ་ཟློག་པའི་ཕྲིན་ལས་མཛོད༔ དགྲ་ལ་བྱེད་
ན༔ དགྲ་བོ་བྱད་མ་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་ཁ་བསྒྱུར་རོ། ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བཅོམ་ལྡན་རིགས་གསུམ་མགོན་པོས་མངའ་གསོལ་ལོ༔ སྐུ་གསུམ་ལྡན་ཕྱིར་མཆོད་རྟེན་གསུམ་གྱིས་བརྒྱན༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ སྐབས་སུ་གང་བབ་རིགས་འགྲེས། ཧཱུྃ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བཅོམ་ལྡན་རྒྱལ་བ་རིགས་ལྔས་མངའ་གསོལ་ལོ༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ གཟའ་ཆེན་བརྒྱད་ཀྱིས་ཁྱེད་ལ་མངའ་གསོལ་ལོ༔ སྤྱན་དགུ་དམར་ཟླུམ་བར་སྣང་ཁམས་སུ་བསྒྲད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ འཇོམས་བྱེད་ལས་ཀྱི་གཤིན་རྗེས་མངའ་གསོལ་ལོ༔ སྨ་ར་ཨག་ཚོམ་བསྐལ་པའི་མེ་ལྟར་འབར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་
རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ སྲོག་གཅོད་ལས་ཀྱི་གཤིན་རྗེས་མངའ་གསོལ་ལོ༔ མཆེ་བ་བཅུ་གཉིས་ཟླ་ཚེས་འབར་བས་གཏམས༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ ཕོ་རྒྱུད་བདུད་པོ་ཡོངས་ཀྱིས་མངའ་གསོལ་ལོ༔ གཡས་པས་དགྲ་སྟས་ཉམས་པའི་སྲོག་རྩ་གཅོད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ མོ་རྒྱུད་མ་མོ་ཡོངས་ཀྱིས་མངའ་གསོལ་ལོ༔ གཡོན་པས་བྷནྡྷར་ཉམས་པའི་གློ་སྙིང་གསོལ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ དྲག་པོའི་ཕྲིན་ལས་མཛད་པར་མངའ་གསོལ་ལོ༔ བ་སྤུའི་གསེབ་ནས་རང་འདྲའི་ཁྲོ་ཆུང་འགྱེད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་
མཐུ་བོ་ཆེ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་མངའ་གསོལ་ལོ༔ སྐུ་གསུང་ཐུགས་ལས་ཁྲོ་ཚོགས་དཔག་མེད་འཕྲོ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཚེ༔ ས་བདག་ཀླུ་གཉན་འདུལ་ཕྱིར་མངའ་གསོལ་ལོ༔ སྐུ་སྨད་དུག་སྦྲུལ་འབར་བའི་ཆུན་པོས་བརྒྱན༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མངའ་གསོལ་ལོ༔ སྲུང་བའི་གུར་ཁང་རྡོ་རྗེ་མེ་རིས་བསྐོར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ ཉམས་པའི་སྲོག་རྩ་གཅོད་པར་མངའ་གསོལ་ལོ༔ ཁྲོ་ཆུའི་ཕུར་པས་དམ་ཉམས་སྙིང་ལ་གཟིར༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བྱད་མ་རྦོད་གཏོང་བཟློག་པར་མངའ་གསོལ་ལོ༔ གཤིན་རྗེ་
མ་མོ་དྲེགས་བྱེད་ལས་ལ་འགྱེད༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ ཕྱི་ནང་བར་ཆད་འདུལ་བར་མངའ་གསོལ་ལོ༔ རལ་གྲི་ཆུ་གྲི་འབར་བའི་གཤོག་པ་གཏམས༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ སངས་རྒྱས་བསྟན་པ་བསྲུང་བར་མངའ་གསོལ་ལོ༔ ཐོགས་མེད་རྫུ་འཕྲུལ་བར་སྣང་ཁམས་སུ་རྒྱུག་ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ རྣལ་འབྱོར་དགྲ་བླ་ཆེན་པོར་མངའ་གསོལ་ལོ༔ བསམ་པ་ཙམ་གྱིས་བརྣག་པའི་རུ་ཏྲ་བསྒྲལ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ བཀའ་ཡི་གཏོར་ལེན་ཆེན་པོར་མངའ་གསོལ་ལོ༔ ཚོགས་ཁང་འགྲིམ་ཞིང་རྣལ་འབྱོར་དྲོད་ཚད་ཉུལ༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འདི་བཞེས་
ལ༔ བར་ཆད་རྐྱེན་རྣམས་བཟློག་པའི་ཕྲིན་ལས་མཛོད༔ ཅེས་དང་། གནོད་བྱེད་དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་སོགས་གང་མོས་ཤམ་བུ་ཁ་བསྒྱུར༔ དེ་ནས་ཕྱི་མཆོད་སྨན་དང་རཀ་རྣམས་རིམ་པར་འབུལ་ཞིང་། ཧཱུྃ༔ དགྲ་བོ་བྱད་མ་རྣམས་ནི་བསྒྲལ་བ་ཡི༔ དམར་ཆེན་ཁྲག་གི་ཡོན་ཆབ་དམ་པ་འདི༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས་ལ་འབུལ༔ ཅེས་ནས། སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བར་དུ་ཚང་བར་འདོན་ལ་རིམ་བཞིན་འབུལ༔ དེ་ནས་མེ་ལྷའི་དམར་གཏོར་དེ་བཏེགས་ལ་དུག་ཁྲག་གིས་བྲན་ལ། བདེ་རིམ་སོགས་ལ་ལས་བྱང་ལྟར། ཧཱུྃ་ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔་ཞེས་པ་ནས། མ་ཧཱ་བ་ལིང་ཏ་ཁཱ་ཧི༔ སོགས་གཏོར་བསྔོས་བྱས་ལ་འབུལ་ལོ། །དམིགས་བྱ་སོགས་མཐུ་སྒྲུབ་ཡིན་ན། ཧཱུྃ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། བསྐུལ་པ་བྱས་ལ། སྟོང་གསུམ་འཇིག་རྟེན་ཁྱབ་པར་རྒྱུག༔ ཞལ་ཟས་སྦྱིན་སྲེག་མཆོད་པ་འབུལ༔ ནད་གདོན་སྡིག་སྒྲིབ་ཚར་ཆོད་ཅིག༔ ཅེས་སོགས་སྐབས་སུ་གང་བབ་བསྒྱུར༔ ཡང་ན་བསྐུལ་རིང་གནམ་ལྕགས་རྔམ་སྒྲ་ལྟར། སྨད་ཆའི་བསྐུལ་པ་བྱས་ལ་གཏོར་མ་མེ་ལ་འཕང་ངོ་༔ དེ་ནས་བསྟོད་པ་བྱ་བ་ནི༔ ཡཱ༔ ཕྱོགས་བཅུར་
ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ པདྨ་ཉི་ཟླའི་གདན་སྟེང་ན༔ སོགས་ནས། སངས་རྒྱས་ཀུན་གྱི་ཞིང་དུ་སྐྱེ་བར་ཤོག༔ ཅེས་པའི་བར་བསྟོད། སྐབས་འདིར་རྐྱེན་བཟློག་ཡིན་ན་མེའི་བརྟུལ་ཞུགས་བྱ་སྟེ། མེ་ལྕེ་ཁ་ལས་སྤྲུལ་པའི་ཁྲོ་བོ་རྣམས། ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་མེ་དཔུང་གི་རྟ་ལ་ཆིབས་ནས། བདག་ཅག་འཁོར་བཅས་ཀྱི་ནད་དང་གནོད་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་གཞོབ་ཐུལ་བསྲེགས་ནས། ཐལ་བ་རྡུལ་དུ་བརླག་པར་བསམ། མཚམས་གཅོད་ཀྱི་ཚིགས་བཅད་རྣམས་རྩ་སྔགས་སོགས་ཀྱིས་མེ་ཞགས་བརྒྱབ། དེ་ནས་རྗེས་ཆོག་བྱ། རིམ་གྲོ་ཡིན་ན་བཀྲ་ཤིས་བརྗོད། ངེས་པར་དམིགས་བྱ་སོགས་ཀྱི་ལས་སྦྱོར་ཡིན་ན་ཤིས་པ་མི་བརྗོད། སྦྱིན་སྲེག་རང་ཁྱིམ་དུ་མི་བྱའོ།། ༈ གསུམ་པ་ས་སྟེགས་སེར་པོ་གྲུ་གསུམ་བྲུབ་ཁུང་ལྟ་བུའི་ནང་དུ་དུག་ཚེར་གྱིས་བཀང་ནས་ལིངྒ་ཡང་བཞག །ལོགས་གཅིག་ཏུ་ཁུང་བུ་སྤུད་པའི་མཆུ་ཐལ་ཙམ་བྱ། དེའི་སྟེང་དུ་རྫས་ལ་ཁྲོ་ཆུའི་སྐུ་ཞལ་གདངས་བ་ཕྱག་སྤར་མོ་འདེབས་ཚུལ་ཅན། །ནང་སྟོང་པ་བྱོས་ལ་བཞག་ལ། ལས་གཞུང་ལྟར་མེ་དཔུང་གི་ནང་གཤིན་རྗེ་བསྐྱེད་པ་དང་། སྤྱན་འདྲེན་མཆོད་བསྟོད་ལ་སོགས་གཞུང་ལྟར་བྱ། སྲེག་རྫས་ནི་ཡམ་ཤིང་མར་ཁུ་བདུན་ཏེ་ཤིང་སྟག་པའི་ལོ་མའི་ལིང་ག་མ་རྙེད་ན་ཤོག་ལིང་སྟེ། ཟན་ལིང་རེ་ཤ་དུམ་རེ་ཧོམ་གཟར་དུ་རཀྟ་དགང་བླུག་གིས་བྲན་ཏེ། གོང་ལྟར་སྔགས་བརྒྱ་དང་རྩ་བརྒྱད་འབུལ། རིམ་གྲོ་ཡིན་ན་སྔགས་ཀྱི་མཇུག་ཏུ།
ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། བདག་ཅག་ཡོན་མཆོད་ལ་གནོད་པའི་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་ཀྱིས་ཡུངས་ཀར་འབུལ། གཏོར་མ་ལ་གཏོར་བསྐུལ་བྱ། རྗེས་ཆོག་བྱས་ལ་སྐུ་གཟུགས་དགོན་པའམ། སྒྲུབ་ཁང་ཡིན་ན་དབེན་སར་བཞག་ལ་ཕྱིས་དགོས་དུས་སྤྱད། གྲོང་ནག་ཡིན་ན་ཟོར་དུ་འཕང་སྟེ་བཅག་ནས་རྗེས་མི་མངོན་པར་བྱའོ། །འདི་ནི་དགྲ་བགེགས་ཐམས་ཅད་དང་ཁྱད་པར་དུ་གདོན་རྒོད་ཆུང་སྲི་འདུལ་བ་ལ་ཟབ་བོ། །སྤྲི། དེ་ནས་གཤེགས་གསོལ་དང་བསྡུ་ཆོག་ལས་བྱང་ལྟར་བྱས་ལ། རིམ་གྲོ་ཡིན་ན། དེའི་མལ་དུ་བརྫུས་སྐྱེས་སུ་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་ཆུ་སྲིན་གྱི་གདོང་པ་ཅན་ཁྲོས་པའི་ཆ་བྱད། ཡ་མག་ལ་གནམ་ལ་མ་མགལ་ས། ལྕེ་གློག་ལྟར་དུ་འགྱུ་བ་མཆེ་བ་གངས་རི་ལྟར་གཙིགས་པ། ཁ་ནང་དུ་གནོད་བྱེད་ཐམས་ཅད་བཅུག་ནས་ཐར་བའི་དུས་མེད་པར་བསམས་ལ། འགུགས་གཞུག་བྱས་ལ་ཆུ་སྲིན་གྱིས་གྱུར་གྱིས་མིད་ནས་ས་རིམ་པ་དགུའི་འོག་ཏུ་སོང་བར་བསམས་ལ་རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པས་མནན་པར་བསམས་ལ། ལས་བྱང་གི་རྟ་བྲོ་བྱས་ལ་ཐལ་བ་ལམ་རྒྱ་གྲམ་མམ་མཆོད་རྟེན་མ་ཎི་སོགས་ཀྱི་འོག་ཏུ་བླུགས་སོ། །སྲོག་སྒྲུབ་ཆེན་མོ་ཡིན་ན། ཐལ་བ་ཆ་བཞི་བྱས་ལ། ཆ་གཅིག་རི་གཉན་གསུམ་གྱི་རྩེ་ལ་ཕྱར་ན་མྱུར་དུ་ཕུང་། ཆ་གཅིག་མཚོ་ཆུ་གཉན་པོའམ་གཉན་པོའི་གཞུང་དུ་བཏབ། ཆ་གཅིག་ལུང་པ་གསུམ་གྱི་མདོ་རུ་བཏབ་པའམ་མནན། ཆ་གཅིག་དེ་ལ་ཆ་
ཉུང་ངུ་མང་དུ་བྱས་ཏེ། ཟོར་དང་གཏོར་མའི་ནང་དུ་ཅུང་ཟད་རེ་བླུག་སྟེ་འཕང་། ཆ་གཅིག་མནན་པ་བྱེད་པའི་ལིང་ག་དང་མཉམ་དུ་མནན་པ་ལ་སོགས་བྱ། ཡང་ན་ལམ་ཆེན་པོ་དང་། ལམ་བཞི་མདོ་ཟམ་སྔས་ལ་སོགས་པ་དགྲ་ངན་ཞིང་ལྷ་འདྲེ་གདུག་པ་ཅན་གནས་སར་མནན་པའམ་ཕྱར་བ་ལ་སོགས་པ་བྱའོ། །ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ཤམཐཏུ༔ འདི་ལྟར་བྱས་པས་འདོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། དུར་ཁྲོད་མེའི་རབ་གསལ། མེའི་སྤུ་གྲི་ཞེས་བྱ་བ། སུ་ལ་མ་སྤེལ་བཀའ་རྒྱུ་ཡོད། སྙིང་གི་དྭངས་མ་ཁྲག་ཡིན་ནོ། །ཟབ་བོ༔ སྦས་སོ༔ ཨྠྀི༔ ཞེས་པའི་ཆོ་གའི་འགྲིགས་འདི་བྲམ་ཟེའི་མཆོད་སྦྱིན་ལ་བརྩོན་པ་ལྷུར་ལེན་པའི་སྙིགས་དུས་ཀྱི་སྤྲང་བན་རཱ་ག་ཨ་སྱས་གཞུང་གི་མན་ངག་ཞལ་ཤེས་ཕྱག་ལེན་གྱིས་བརྒྱན་ནས་བྲིས་པའོ། །འདི་ལ་ཉེས་འགལ་མཆིས་ན་འཇམ་དཔལ་ཉིད་ལ་བཤགས་ཤིང་དགེ་བས་བསྟན་པའི་དགྲ་བགེགས་མྱུར་བསྲེགས་ནས། བསྟན་པ་མེ་ལྟར་འབར་ཞིང་རྒྱས་པར་ཤོག །སྤྱི། རིག་འཛིན་ཞང་ཁྲོམ་གཏེར་ཀ་བཅོས་མེད་ལ། །བླ་མའི་ཟིན་བྲིས་འཁྲུལ་མེད་བརྒྱན་བྱས་ནས། །ལག་ལེན་ཁྱེར་བདེ་མ་བུ་གཅིག་སྡོམ་འདི། །སྔགས་གཟུགས་ནེ་ཏྲའི་མིང་གི་ལག་ཆ་ཡིན། །ཨྠྀི༔ དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་གཏོར་བསྔོས།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་གཏོར་བསྔོས་བཞུགས་པའི་དབུའོ།།
ཡཾ་རཾ་ཀེ་ལས་རླུང་མེ་ཐོད་སྐྱེད་སྟེང་༔ བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ༔ ཞུ་ཞིང་ཁོལ་བས་ཟག་མེད་བདུད་རྩིར་གྱུར༔ ཧ་ཧོ་ཧྲཱིཿཡིས་ཁ་དོག་དྲི་རོ་ལྡན༔ ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་དང་བཅས༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ མཆོད་པ་སྣ་བདུན་འདོད་པའི་ཡོན་ཏན་ལྔ༔ དམ་རྫ་ས་སྨན་རཀ་གཏོར་མའི་མཆོད་པ་འབུལ༔ རྡོ་རྗེ་འཆང་ཆེན་འཇམ་དཔལ་
གཤིན་རྗེ་དང་༔ ཤིནཾ་གྷརྦ་གུ་རུ་པདྨ་འབྱུང་༔ ཁྲག་འཐུང་ནག་པོ་བཱ་སུ་དྷ་ར་དང༔ སངས་རྒྱས་ཡེ་ཤེས་ཞང་ཁྲོམ་ལ་སོགས་པ༔ རིག་འཛིན་བརྒྱུད་པའི་ཞལ་དུ་བ་ལི་འབུལ༔ ཁྲོ་ཆུ་དུག་གདོང་ཚེ་བདག་སྲོག་བདག་དང་༔ འཆི་བདག་བེ་བྷ་སྭ་ཏ་ཟ་བ་ལྗང་༔ ཡ་མ་རྭ་ཙའི་ཞལ་དུ་བ་ལི་འབུལ དུག་ཏི་ནག་པོ་བདུད་པོ་ལྕམ་དྲལ་སོགས༔ བཀའ་སྲུང་དམ་ཅན་ཞལ་དུ་བ་ལི་འབུལ༔ ཨོཾ་མནྡྲ་ཤཱི༔ ཡ་མཱནྟ་ཀ བྱ་གྷི་ཝཾ༔ བཛྲ་པཱ་ཎི༔ དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ར༔ ཀཱ་ལ་རཱུ་པ་ཨ་ཀྲོ་རཱ་༔ ཡ་མ་རཱ་ཙ་ས་མ་ཡ་ཛ་
ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨགྷཾ་སོགས། ཧཱུྃ༔ ཕྱི་ལྟར་འཆི་བདག་་ཚེ་བདག་སྲོག་བདག་གསུམ གཅིག་ཏུ་འདུས་པས་སྐད་ཅིག་ཐལ་བར་བརླགས༔ ནང་ལྟར་རྟ་མགྲིན་ཕྱག་རྡོར་གཤིན་རྗེའི་གཤེད༔ གཅིག་ཏུ་འདུས་པས་སྐད་ཅིག་བཟློག་ཏུ་མེད༔ གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ གཅིག་ཏུ་འདུས་པ་སྟོབས་ཆེན་བསམ་མི་ཁྱབ༔ ཕྱི་པ་ནང་པ་བན་བོན་མུ་སྟེགས་པ༔ དབང་ཕྱུག་མ་གཤིན་ཕྱག་རྡོར་ཕུར་གསུམ་དང་༔ སྡེ་བརྒྱད་ཧོར་སོག་རྒྱ་འཇང་བུད་མེད་སོགས༔ དེ་ཕྱིར་འཇོམས་མཛད་སྤྱི་འཇོམས་ནག་པོ་ཆེ༔ ཕ་ཏོ་ནུས་མཐུ་བྱིན་རླབས་ཆེ་བ་དང་༔ ཕ་ཚན་སྡེ་དཔུང་ཆེ་ཞིང་ལྷག་པར་མྱུར སུས་ཀྱང་འགྲན་གྱི་ཐོགས་མེད་ཐོག་རྒོད་བཞིན༔ རང་ཕྱོགས་བསྲུང་ཕྱིར་བདུད་རྩི་སྨན་གདོང་མ༔ ཕ་རོལ་འཇོམས་ཕྱིར་དུག་གདོང་ནག་པོ་ཆེ༔ ཁྱེད་ལ་ཕྱག་འཚལ་བསྟོད་ཅིང་སྐྱབས་ཞུ་བ༔ བན་བོན་བྱེད་ཁ་དྲོད་གཏོང་གཏད་སེལ་དང་། རླུང་འཁོར་སྦྱིན་སྲེག་ཕྲ་མེན་ངན་སྔགས་དང་༔ ལྷ་སྲིན་སྡེ་བརྒྱད་བགེགས་རིགས་གནོད་པ་ཟློག༔ བདག་ཅག་འཁོར་བཅས་བསྲུང་ཞིང་བསྐྱབ་ཏུ་གསོལ༔ དུས་མིན་འཆི་དང་
ཆག་ཆེན་ཉམ་ང་ཟློག༔ ཕྱི་མ་ངན་སོང་བར་དོའི་འཇིགས་པ་སྐྱོབས༔ མཐར་ཐུག་བླ་མེད་སངས་རྒྱས་ཐོབ་པར་མཛོད༔ སྐྱབས་གཞན་མ་མཆིས་ཐུགས་རྗེའི་ད་གཟིགས་ཤིག ཅེས་པ་དོན་ལྷ་འབུམ་གྱིས་བསྐུལ་བས་༧རཱ་ག་ཨ་སྱས་བྲིས༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེའི་བསྐང་བ།
འཇམ་དཔལ་གཤིན་རྗེའི་བསྐང་བ་བཞུགས་སོ། །
འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བཀའ་གནང་སྩོལ་ལ་བར་ཆད་སོལ། །བླ་མ་ཡི་དམ་མཁའ་འགྲོའི་བསྐང་བ་རྒྱས་བསྡུས་གང་རུང་བྱས་ལ། གཤིན་རྗེའི་གཏོར་མདོས་བསྐང་བ་ལ་སོགས་བཤམས་ལ། སྨན་རཀ་གཏོར་གསུམ་ལ་སོགས་བྱིན་གྱིས་བརླབས་ལ། དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་། །ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང་། །རྣམ་རྟོག་རྒྱུ་ལས་བསྒྲལ་བའི་བམ་
ཆེན་དང་། །འབྲུ་བཅུད་སྟོང་ལ་སྦྱར་བའི་བདུད་རྩི་དང་། །འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་དང་། །ཕྱི་ནང་གསང་བ་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནས། །དུས་གསུམ་སངས་རྒྱས་ཐུགས་དམ་བསྐང་། །སྤྲུལ་པ་སྐུ་ཡི་གཞལ་ཡས་ནས། །འཇམ་དཔལ་རིགས་ལྔའི་ཐུགས་དམ་བསྐང་། །རང་སྣང་དག་པའི་གཞལ་ཡས་ནས། །རིགས་གསུམ་མགོན་པོའི་ཐུགས་དམ་བསྐང་། །སྤྱི་
གཙུག་པད་ཟླའི་གདན་སྟེང་ནས། །རྩ་བའི་བླ་མའི་ཐུགས་དམ་བསྐང་། །ཧཱུྃ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ། །ཁྲོ་ཆུ་དུག་གདོང་ཐུགས་དམ་བསྐང་། །བདུད་དང་མུ་སྟེགས་འདུལ་མཛད་པ། །གཤིན་རྗེ་ནག་པོའི་ཐུགས་དམ་བསྐང་། །ཕྱི་ནང་ཆོས་སྐྱོང་འདུལ་མཛད་པ། །སྤྱི་གཤེད་དུག་གདོང་ཐུགས་དམ་བསྐང་། །དགྲ་བགེགས་མ་ལུས་འདུལ་མཛད་པའི། །ལས་ཀྱི་གཤིན་རྗེའི་ཐུགས་དམ་བསྐང་། །རྦད་འདྲེ་དྲོད་གཏོང་འདུལ་མཛད་པ། །འཁོར་གྱི་གཤིན་རྗེའི་ཐུགས་དམ་བསྐང་། །སྣང་སྲིད་ཕོ་རྒྱུད་འདུལ་བའི་ཕྱིར། །འཆི་བདག་ནག་པོའི་ཐུགས་དམ་བསྐང་། །སྣང་སྲིད་མོ་རྒྱུད་འདུལ་བའི་ཕྱིར། །ཚེ་བདག་ནག་པོའི་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱུད་འདུལ་བའི་ཕྱིར། །སྲོག་བདག་ནག་པོའི་ཐུགས་དམ་བསྐང་། །བདུད་དང་མུ་སྟེགས་འདུལ་མཛད་པ། །བེ་བྷི་སྭ་ཏའི་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་འདུལ་མཛད་པ། །ཟ་བ་ལྗང་ནག་ཐུགས་དམ་བསྐང་། །དགྲ་བགེགས་མ་ལུས་འདུལ་མཛད་པ། །ཡ་མ་རཱ་ཛའི་ཐུགས་དམ་བསྐང་། །གཤེད་ཆེན་སྡེ་བཞི་
འདུལ་མཛད་པ། །མོན་པ་སྡེ་བཞིའི་ཐུགས་དམ་བསྐང་། །བདུད་པོ་སྡེ་བཞི་འདུལ་མཛད་པ། །འཆི་བདག་བཅུ་གཉིས་ཐུགས་དམ་བསྐང་། །ཕོ་གཤེད་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་། །མོ་གཤེད་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་། །སྒོ་བ་དྲེགས་པ་སྡེ་བཞིའི་ཐུགས་དམ་བསྐང་། །སྲོག་གཅོད་རུ་ཏྲ་སྡེ་བཞིའི་ཐུགས་དམ་བསྐང་། །གཤིན་རྗེ་དགུ་ཁྲི་དགུ་འབུམ་ཐུགས་དམ་བསྐང་། །གཤིན་རྗེ་བདུན་བརྒྱ་ཉི་ཤུའི་ཐུགས་དམ་བསྐང་། །ཕོ་ཉ་ལས་མཁན་འཁོར་བཅས་ཐུགས་དམ་བསྐང་། །བསེ་ཡི་སྦལ་པ་དམར་པོའི་ཐུགས་དམ་བསྐང་། །ལྕགས་ཀྱི་སྡིག་པ་ནག་པོའི་ཐུགས་དམ་བསྐང་། །དུག་གི་ཕག་རྒོད་ནག་པོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཧཱུྃ། བཅོམ་ལྡན་འཇམ་དཔལ་མཐའ་བྲལ་ཆོས་ཀྱི་སྐུ། །ཉག་གཅིག་ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས། །གང་ཤར་འགགས་མེད་སྣ་ཚོགས་སྤྲུལ་པའི་སྐུ། །བཅོམ་ལྡན་
གཤིན་རྗེ་འཁོར་བཅས་དགོངས་སུ་གསོལ། །བདག་དང་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི། །གཏི་མུག་འཁྲུལ་སེམས་དཔག་མེད་བླངས་བྱས་ནས། །ད་ལྟ་ཚེ་འདིའི་ལུས་བླངས་ཡན་ཆད་དུ། །རིག་དང་མ་རིག་འཁྲུལ་པའི་ལས་དབང་གིས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡན་ལག་གི། །དམ་ཚིག་ཉམས་ཆག་ནོར་འཁྲུལ་གྱུར་པ་ཀུན། །མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས། །ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་ཏུ་གསོལ། །ཅེས་ཡི་གེ་བརྒྱ་པ་བརྗོད། ཁྲོ་ཆུ་དུག་གདོང་གི་ཟློག་མདོས་བཅས་དུས། རྒྱལ་ཕུར་འཛོམས་ཉིན་སྔ་དྲོའི་ཐུན་མཚམས་ཤིག་ལ། རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བས། འགལ་འཁྲུལ་མཆིས་ན་འཇམ་དཔལ་ཚོགས་ལ་བཤགས་ཤིང་། དགེ་བས་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ཐུན་མཚམས་གཏོར་མ་འབུལ་བ།
ཐུན་མཚམས་སུ་གཏོར་མ་བཤམས་ལ༔ ཨེ༔ གཏོར་སྣོད་གྲུ་གསུམ་ནང་དུ་ཀྲྀ་ཏྲི་ལས༔ གནོད་བྱེད་བྱད་མ་མངོན་སུམ་ལྟ་བུར་གསལ༔ ཁྲོ་ཆུང་ཕོ་ཉ་ལས་མཁན་དཔག་མེད་ཀྱིས༔ རང་དབང་མེད་པར་བཀུག་ནས་གཉིས་མེད་བསྟིམ༔ བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ རྒྱལ་བ་སྐུ་གསུམ་རིགས་གསུམ་མགོན་པོ་དང་༔ འཇམ་དཔལ་རིགས་གསུམ་རིགས་ལྔ་བདེ་བར་གཤེགས༔ ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་སོགས་ཀྱིས༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ཡིས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ༔ གནོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་དང་༔ བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ་རྣམས༔ གཏོར་མ་འདི་ལ་སྐད་ཅིག་ཉིད་ལ་ཁུག༔ རྩེ་སྔགས་རྣམས་དང་༔ དུ་ཏྲི་ཡ་མ་རཱ་༔ ཡ་མ་རཀཱ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་བྱད་མའི་བླ་སྲོག་རྣམ་པར་ཤེས་པ་ཛ༔ཧཱུྃ་བཾ་ཧོནཾ་ཏྲི་ཛ༔ ཏིལ་བོ་རིལ་ཛ༔ ནྱ་ཨ་ཀར་ཡ་ཛ༔ ཨཱ་ཝེ་ཤ་ཡ་ཛ༔ གཏྲ་ཚྭ་མཱ་རཱ་ཛ་ཛ ཁོའི་སྙིང་ནང་རལ་གྲིའི་འཁོར་ལོ་ནི༔ རྩིབས་དྲུག་རྣོ་ངར་ལྡན་པ་གཡོན་དུ་འཁོར༔ ཚེ་
སྲོག་དོན་སྙིང་ཤ་ཁྲག་དམར་ཉིལ་གཏུབས༔ རང་གི་ཐུགས་ཀར་ཛ་ཟེར་འཕྲོ་འདུ་ཡིས༔ ཚེ་བསོད་ཡིག་འབྲུ་གསུམ་པོ་རང་ལ་བསྟིམ༔ བསོད་ནམས་ཡེ་ཤེས་ཚེ་བསོད་རྒྱས་པར་གྱུར༔ གཏོར་མ་བྱད་མའི་ཤ་ཁྲག་དོན་སྙིང་རྣམས༔ ཐོད་ནང་ཡེ་ཤེས་བདུད་རྩི་ཨོཾ་ཨཱཿཧཱུྃ༔ ལས་ཀྱི་གཤིན་རྗེ་རྣམས་ཀྱི་ཞལ་དུ་བཏབ༔ རྩ་སྔགས་ལ་འདི་བཏགས ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱད་མའི་དོན་སྙིང་ལྔ་ལ་ཁཱ་ཧི་ཁཱ་ཧི༔ གནོད་བྱེད་བྱེད་མའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཁཱ་རཾ་ཁཱ་ཧི༔ གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི༔ བ་སུ་ཏ་ལ་ཁ་རཾ་ཁཱ་ཧི མཱི་ས་ལ་ཁ་རཾ་ཁཱ་ཧི༔ རཀྟ་ལ་ཁ་རཾ་ཁཱ་ཧི་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བྱད་མ་མི་ནོར་འཁོར་དང་བཅས་པ་ལ་ཁ་རཾ་ཁཱ་ཧི༔
ཁྲོ་ཆུའི་ཐུན་གཏོར་གྱི་དམིགས་རིམ་དང་བསྐུལ་པ་རིང་མོ།
ཁྲོ་ཆུའི་ཐུན་གཏོར་གྱི་དམིགས་རིམ་དང་བསྐུལ་པ་རིང་མོ་བཞུགས༔ ༈ དེ་ནས་གཏོར་མ་བསྐུལ་བ་ཐུན་གཏོར་འཕང་བ་ནི༔ དམར་གཏོར་ལ་བྱ་ནག་རྟ་ནག་གཡག་ནག་ལུག་ནག་ཁྱི་ནག༔ སྟག་གཟིག་དོམ་སོགས་ཀྱི་ཤ་ཁྲག་དང་༔ བཙན་དུག་ཐང་ཕྲོམ་ལ་སོགས་པའི་དུག་སྣ་ཚོགས་སྦྱར་བའི་དུག་ཁྲག་གིས་བྲན་ལ༔ གཏོར་མ་ལ༔ ཡཾ་ལས་རླུང་༔ རཾ་ལས་མེ༔ ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་དྲག་པོའི་ཐོད་པ་བྷནྡྲ་ལྕང་ལོ་ཅན་གྲུ་གསུམ་པའི་ནང་དུ༔ ཚྭ་དང་ཁྲི་ལས་དགྲ་བགེགས་བྱད་མ་དེ༔ ཁོ་རང་ཅི་འདྲ་བར་བསྟིམ་ལ་འགུགས་གཞུག་དྲག་པོས་གཏོར་མ་དང་ཉ་བོ་ལ་བསྟིམས་ལ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་འོད་དུ་ཞུ་བ་ལས་རྣམ་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ༔ ཨོཾ་ཨཱཿཧཱུྃ༔ གསུམ། དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་༔ ཡ་མ་རཱ་ཙ༔ ས་མ་ཡ་ཛ་ཛ༔ ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྲ་བོ་འདི་ཡི་དོན་སྙིང་ལྔ་ལ་ཁཱ་ཧི༔ དགྲ་བོ་བྱད་མ་འདི་ཡི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཁཱ་ཧི་ཁཱ་ཧི༔ གོ་རོ་ཙ་ན་ལ་ཁཱ་ཧི་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི་ཁཱ་ཧི༔ དགྲ་བོ་བྱེད་མའི་གཟུགས་ཕུང་རྣམ་པར་ཤེས་པ་
ལ་ཁཱ་ཧི་ཁཱ་ཧི༔ དགྲ་བོ་བྱད་མའི་སྐྱེ་མཆེད་ལ་ཁཱ་ཧི་ཁཱ་ཧི༔ དགྲ་བོ་བྱད་མ་མི་ནོར་འཁོར་དང་བཅས་པ་ལ་ཁཱ་ཧི་ཁཱ་ཧི༔ དགྲ་བོ་སྡེ་ཕ་ཚན་ཚ་ཞང་དང་བཅས་པ་ལ་ཁཱ་ཧི་ཁཱ་ཧི༔ དགྲ་བོ་རུ་རོགས་ཁྱིམ་མཚེས་དང་བཅས་པ་ལ་ཁཱ་ཧི་ཁཱ་ཧི༔ དགྲ་བོའི་སྐྱེ་བ་བདུན་རྒྱུད་མ་ལུས་པ་ལ་ཁཱ་རཾ་ཁཱ་ཧི༔ ཞེས་བརྗོད་ལ་གཏོར་མ་དགྲ་བགེགས་མི་ནོར་འཁོར་བཅས་དུ་བསམ་པའམ༔ བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ཁྲག་ཏུ་བསམ་ལ་འབུལ་ལོ༔ ལས་ཀྱི་གཤིན་རྗེའི་ཁ་གདངས་ཤིང་མཆེ་བ་གཙིགས་པས་དགྲ་བགེགས་བྱད་མའི་ཤ་ཁྲག་རྣམས་སྟིམ་སྟིམ་མ་ལུས་པར་གསོལ་བར་བསམ༔ ང་རྒྱལ་དང་ལྡན་ཞིང་རྔ་བརྡུང་ལ་རོལ་མོ་དང་བཅས་པས་འདི་སྐད་དོ༔ ཧཱུྃ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ ལས་ཀྱི་གཤིན་རྗེའི་ཞིང་ཁམས་ནས༔ ཚ་བའི་མེ་དང་གྲང་བའི་ཆུ༔ ཚ་གྲང་འཁྲུགས་པའི་དཀྱིལ་འཁོར་ནས༔ ཤིན་ཏུ་འཇིགས་པའི་ཕོ་བྲང་ནས༔ སྟེང་ནི་རལ་གྲིའི་ལྡིང་ཁང་ཞབས༔ འོག་ནི་སྤུ་གྲིའི་ས་གཞི་ལ༔ བར་སྣང་སྤུ་གྲི་ཆུ་གྲི་དང་༔ མཚོན་ཆ་འཆོལ་བའི་མཚོན་སྟེང་དུ༔ སྤུ་གྲི་རལ་གྲི་ཆུ་གྲི་དང་༔ དུག་ཕུར་གཏམས་པའི་ཁྲི་སྟེང་དུ༔ པདྨ་ཉི་མའི་གདན་སྟེང་ན༔ དྲེགས་ཆེན་བཅོ་བརྒྱད་ཁྲི་རུ་བརྩེགས༔ བདུད་
དང་མུ་སྟེགས་ལྷ་སྲིན་དང་། ཉམས་པའི་དགྲ་བོ་བམ་གྱི་ཚོགས༔ མ་རུངས་རུ་ཏྲའི་ཁྲི་སྟེང་དུ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ་ལས་ཀྱི་གཤིན་རྗེ་བཞུགས་པ་ནི༔ སྐུ་མདོག་དམར་ནག་མེ་ལྟར་འབར༔ ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས༔ གཡས་ལྗང་གཡོན་དམར་དབུས་མཐིང་ཞལ༔ གཡས་ཞལ་ལྗང་ནག་གཏུམ་པ་ཡིས༔ དགྲ་བོ་ཕོ་རྒྱུད་ཞལ་དུ་གསོལ༔ གཡོན་ཞལ་དམར་ནག་རྔམ་པ་ཡིས༔ ཉམས་པ་མོ་རྒྱུད་ཞལ་དུ་གསོལ༔་དབུས་ཞལ་མཐིང་ནག་ཁྲོས་པ་ཡིས༔ གནོད་བྱེད་བྱེད་མ་ཞལ་དུ་གསོལ༔ དབུ་གསུམ་སྟེང་ན་མཆོད་རྟེན་གསུམ༔ གཡས་པ་ལྕགས་ལ་གཡོན་པ་དུག༔་དབུས་ནི་ཁྲོ་ཆུའི་མཆོད་རྟེན་ཏེ༔ འདས་དང་མ་བྱོན་ད་ལྟར་གྱི༔ ཕྱོགས་བཅུའི་སངས་རྒྱས་དབུ་ན་བཞུགས༔ སྲུང་སྐྱོབ་ཚེ་དབང་ཆོས་ཀྱི་སྐུ༔ ཕྱག་དྲུག་གཡས་གསུམ་དགྲ་སྣ་ཡིས༔ དམ་ཉམས་བྱད་མའི་མགོ་ལུས་ཕྲལ༔ གཡོན་སྙིང་སྲོག་རྩར་བཅས་པ་ཡིས༔ དྲེགས་ཆེན་བཅོ་བརྒྱད་ཞལ་དུ་གསོལ༔ སྐུ་ལ་དུག་སྦྲུལ་ཆུན་པོས་བརྒྱན༔ གདུག་པའི་ཚོགས་རྣམས་དབང་དུ་སྡུད༔
སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས༔ སངས་རྒྱས་བསྟན་པའི་བྱ་ར་བྱེད༔ ཞལ་གསུམ་གདངས་ཤིང་རབ་ཏུ་བསྒྲད༔ མཆེ་བ་བཅུ་གཉིས་གཙིགས་པ་ཡིས༔ བྱད་མའི་དོན་སྙིང་ཞལ་དུ་གསོལ༔ ལྗགས་གསུམ་འདྲིལ་ཞིང་རྐན་སྒྲ་རྡེབ སྟོང་གསུམ་ལྷ་འདྲེ་ཞལ་དུ་གསོལ༔ རལ་གྲིའི་གཤོག་པ་གཡས་པ་ཡིས༔ དགྲ་བོ་ཕོ་རྒྱུད་རླག་པར་བྱེད༔ ཆུ་གྲིའི་གཤོག་པ་གཡོན་པ་ཡིས༔ དགྲ་བོ་མོ་རྒྱུད་དམྱལ་ཐག་གཅོད༔ སྐུ་སྐེད་ཆུ་སྲིན་རྔམས་ཞལ་ཅན་སྟོང་གསུམ་ལྷ་སྲིན་ཞལ་དུ་གསོལ༔ སྐུ་སྨད་ཁྲོ་ཆུའི་ཕུར་པ་ནི༔ ཟུར་གསུམ་དབལ་དང་ལྡན་པ་ཡིས༔ དགྲ་བོ་བྱད་མའི་སྲོག་སྙིང་གཟིར༔ སྐུ་ལ་བསྐལ་པའི་མེ་དཔུང་འབར༔ དམིགས་པའི་དགྲ་བགེགས་གཞོབ་ཏུ་བསྲེག༔ བ་སྤུའི་གསེབ་ནས་ཁྲོ་ཆུང་འགྱེད༔ དགྲ་བགེགས་བྱད་མ་རྡུལ་དུ་རློགས༔ ༈ བསྡུ་ན་འདི་ཕྱིན་བྱའོ༔ ལས་ཀྱི་གཤིན་རྗེ་མཐུ་རྩལ་ཅན༔ འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར༔ སྟོང་གསུམ་འཇིག་རྟེན་ཁྱབ་པར་ཉུལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གང་ལ་དམིགས་པ་རྡུལ་དུ་རློགས༔ འཆི་བདག་ནག་པོའི་དུས་ལ་བབ༔ ཕོ་རྒྱུད་ཚོགས་རྣམས་
རྡུལ་དུ་རློགས༔ ཚེ་བདག་ནག་པོའི་དུས་ལ་བབཿ༔ དགྲ་བོ་མོ་རྒྱུད་རྡུལ་དུ་རློགས༔ སྲོག་བདག་ནག་པོའི་དུས་ལ་བབ༔ སྣང་སྲིད་ལྷ་འདྲེ་རྡུལ་དུ་རློགས༔་་བྷཱ་སྭ་ཏ་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་རྡུལ་དུ་རློགས༔ ཟ་བ་ལྗང་དམར་དུས་ལ་བབ༔ བདུད་དང་མུ་སྟེགས་རྡུལ་དུ་རློགས༔ ཡ་མ་རཱི་ཙའི་དུས་ལ་བབ༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ ཐམས་ཅད་མ་ལུས་རྡུལ་དུ་རློགས༔ སྤྱི་གཤེད་དུག་གདོང་དུས་ལ་བབ༔ ཕྱི་ནང་ཆོས་སྐྱོང་རྡུལ་དུ་རློགས༔ དགྲ་བགེགས་ཤ་ཁྲག་འདི་གསོལ་ལ༔ བྱད་མ་ལྷ་སྲིན་སྡེ་བརྒྱད་དང་༔ བན་བོན་ཤན་པ་མུ་སྟེགས་ཚོགས༔ དྲེགས་ཆེན་བཅོ་བརྒྱད་ལྷ་འདྲེ་སྟོང་༔ བྱད་མ་འབུམ་དང་བཅས་པ་རྣམས༔ སྐད་ཅིག་ཉིད་ལ་བརླག་པར་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ནམ་གུང་ཉིན་གུང་དུས་དྲུག་ལ་བསྐུལ་ལོ༔ གཡབ་རྡེབ་དང་དམོད་བཅོལ་དྲག་ཏུ་བྱ༔ ངུ་འབོད་ལ་སོགས་བྱའོ༔ དེ་ལྟར་བྱས་ན་དགྲ་བགེགས་མྱུར་དུ་བརླག་པར་འགྱུར་རོ༔ དེ་ལྟར་བསྐུལ་བས་ལྷ་འདྲེ་རྣམས་ཀྱིས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་རང་དབང་མེད་
པར་འཁོད་ནས་ལས་ཀྱི་གཤིན་རྗེ་བྱེ་བ་འབུམ་དང་བཅས་པས་བྱད་མའི་ཤ་ཟོས་ཁྲག་འཐུང་རུས་མུར་སྐྱེ་རྒྱུད་བཅད་པར་བསམ༔ ཐལ་བ་རྡུལ་དུ་བརླག་པར་བསམ་མོ༔ སརྦ་མངྒ་ལཾ། ༈ གཞུང་གི་ཐུན་གཏོར་དང་། གཏོར་གཉིས་པོ་འདོན་ཏེ་བྱ། གཟའི་བསྐུལ་པ་གཏེར་སྲུང་བདུད་པོ་ལྕམ་དྲལ་དང་བཅས་པའི་བསྐུལ་པ་བྱའོ། །རང་གི་ཕྱག་ལེན་མཐིལ་སོགས། ཐར་རྡེབ་བྱ་མཆན། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེ་ཁྲོ་ཆུ་དུག་གདོང་ཅན་གྱི་ཡང་བཟློག་བསད་ཁང་བཅོ་ལྔ་དགྲ་བགེགས་ཀུན་འཇོམས་ཀྱི་འདོན་འགྲིགས་སྙན་བརྒྱུད་བཀའ་རྒྱ་ཅན།
གཤིན་རྗེ་ཁྲོ་ཆུ་དུག་གདོང་ཅན་གྱི་ཡང་བཟློག་བསད་ཁང་བཅོ་ལྔ་དགྲ་བགེགས་ཀུན་འཇོམས་ཀྱི་འདོན་འགྲིགས་སྙན་བརྒྱུད་བཀའ་རྒྱ་ཅན་ནོ༔
བླ་མ་དང་འཇམ་དཔལ་གཤིན་རྗེ་དུག་སྡོང་ཉིད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ གཤིན་རྗེའི་ཡང་བཟློག་ཆོ་གའི་འདོན་འགྲིགས་ནི༔ ལིངྒ་ལྷ་གྲངས་དང་མཉམ་པ་ཕྱག་ལེན་ལྟར་བཤམས་ལ་བཀུག་གཞུག་བརྒྱའམ་ཉེར་གཅིག་བཅོ་ལྔ་སོགས་བྱ་ཞིང་༔ དང་པོ་གཞུང་ལྟར་གཙོ་བོའི་གཏོར་ཆུང་བྲན་ནས་ བྷྱོ༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ དུས་ལ་བབ་བོ་སོགས་ནས་བསྒྲལ་ལས་ཐུན་དྲུག་སོགས་ལས་འགྲིགས་ལྟར་དང་ཞལ་བསྟབ་ཟློག་སྒྱུར་བྱའོ༔ དེ་བཞིན་གཙོ་དྲུག་གཞུང་ལྟར་རོ༔ དེ་ནས་གཏོར་ཆུང་བྲན་ལ་ཕྱོགས་གཤེད་ཆེན་སྡེ་བཞིའི་དུས་ལ་བབ༔ དུས་ལ་བབ་བོ་སཱ་མ་ཡཱ༔ ཞེས་པ་ནས༔ གཤིན་རྗེའི་དམག་ཚོགས་སོགས་ཞེས་བློ་འགུགས་སྔགས་
བཅས་བཀའ་ཉན་ཆེན་པོ་སོགས་ཕུར་ཐུན་བྱིན་རླབས་ཧཱུྃ་ཕཊ༔ རྒྱས་པར་བདུད་གཤེད་ཧཱུྃ་གཤེད་ཆེན་སྡེ་བཞིའི་དུས་ལ་བབ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ ནས་བསད་སྔགས་བསད་པ་ཐུན་དྲུག་ཐུན་སྔགས་བསད་སྔགས་བྱའོ༔ ཞལ་བསྟབས་ལ༔ ཧཱུྃ༔ འཇིག་བྱེད་ཡ་མཱནྟ་ཀ་ནི༔ སྲིད་པ་གསུམ་སོགས་ནས༔ རྡུལ་ཕྲན་བཞིན་དུ་བརླགས་བྱས་ནས་གཤེད་ཆེན་སྡེ་བཞིའི་ཞལ་དུ་བསྟབ༔ གཏི་མུག་ཤ་ལ་སོགས་ནས་ཁཱ་ཧི༔ བློ་བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས་ཞེས་སོགས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ གཏོར་ཆུང་ཕུལ༔ ཡང་ཨེ་ཡཱ་བྷྱོ༔ དགྲ་བགེགས་བསྒྲལ་
བའི་ལས་འདི་མཛད་དུ་གསོལ༔ དམ་ཉམས་དགྲ་འདིའི་རང་གཤེད་རིང་ལ་ཕོབ༔ བྷྱོ་སྔོན་ཚེ་ཟློག་པ་གང་ནས་བྱུང་༔ སོགས་ནས་ཐ་མར་ཟློག་པ་དེ་ལྟར་ཟློག༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ སོགས་ནས་ཟློག་སྔགས་གཏོར་མ་རོལ་མོ་བྱའོ། །དེ་བཞིན་དུ། མོན་པ་སྡེ་བཞི༴ བདུད་པོ་སྡེ་བཞིའ༴ འཆི་བདག་བཅུ་གཉིས༴ གཤེད་ཆེན་བདུན་བརྒྱ་ཉི་ཤུའི་དུས་ལ༴ སྒོ་བ་དྲེགས་པ་སྡེ་བཞི༴ སྲོག་གཅོད་རུ་ཊ་སྡེ་བཞིའི་དུས་ལ་བབ་སོགས་ནས་གོང་ལྟར་འགྲེས་སོ༔ ཡང་། ཧཱུྃ༔ སྤྱི་གཤེད་དུག་གདོང་དུས་ལ་བབ༔ དུས་ལ་བབ་བོ་སོགས་གཏོར་མ་ཕུལ༔ པ ཤིན་རྗེའི་དམག་ཚོགས་སོགས༔ བླ་འགུགས་སྔགས་དོང་༔ བཀའ་ཉན་ཆེན་པོ་སོགས ཕུར་བསྐྱེད་ནས་ཧཱུྃ་ཕཊ་བར༔ དེ་ནས་རྒྱས་པར་བདུད་གཤེད་ཁ་འཐབ་བྱ་ཞིང་༔ དེ་ནས་ཧཱུྃ་སྤྱི་གཤེད་དུག་གདོང་དུས་ལ་བབ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ ཞེས་པ་ནས་བསད་སྔགས་བསད་པ་ཐུན་རྫོགས་མཐར་ཐུན་སྔགས་བསད་སྔགས་ཀྱིས་བརྒྱན་ནས་ཞལ་བསྟབ་ནི༔ ཧཱུྃ༔ འཇིགས་བྱེད་ཡ་མཱན་ཀ་འདི་ཞེས་པ་ནས་སྤྱི་གཤེད་དུག་གདོང་ཞལ་དུ་བསྟབ༔ ཁཱ་ཧི་བར་རོ༔ དེ་ནས་གཏོར་ཆུང་བྲན་ནས༔ ཧཱུྃ༔ ཕྱོགས་ཕྱོགས་དག་ཕྱོགས་ཕ་ཀི་ན༔ ས་རིམ་པ་དགུ་སོགས་ཡ་མ་རཱ་ཙ་བསྐུལ་ཟུར་
གསུམ་ཕུལ་ལ༔ ཨེ་ཡཱ་བྷྱོ་དགྲ་བགེགས་བསྒྲལ་བའི་ལས་འདི་མཛད་དུ་གསོལ༔ དམ་ཉམས་དགྲ་འདིའི་རང་གཤེད་རང་ལ་ཕོབ༔ བྷྱོ༔ སྔོན་ཚེ་ཟློག་པ་གང་ནས་བྱུང་༔ སོགས་ཐ་མར་ཟློག་པ་དེ་ལྟར་ཟློག༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ སོགས་ནས་ཟློག་སྔགས་གཏོར་ཆུང་འབུལ་ལོ༔ དེ་ལྟར་གོང་འོག་གཉིས་ཀྱི་འཁོར་མང་ཐམས་ཅད་ལ་མ་ནོར་བར་འགྲེས་སོ༔ དེ་ནས་རྩང་གྱེར་འདོན༔ ཐུན་གཏོར་ལ་དགྲ་བགེགས་བཀུག་ནས་བསྐུལ་པ༔ ཚོགས་བསྒྲལ་ལྷག་མ་གཞུང་བཞིན༔ ཚད་མདོ༔ བརྟན་སྐྱོང་༔་གཏོར་ཐེབ་སྒྲུབ་ལ་འགུགས་གཞུག་བྱ༔ གཏོར་བྲོ་འདོན་བཀྲ་ཤིས་སྔོ་སྨོན་བྱེད༔ དེ་ལྟར་ཞག་མང་ཉུང་སོགས་སྐབས་དང་བསྟུན་ནོ༔ ༈ འབུལ་དུས་ཐུན་གཏོར་གྱི་མཚམས་ནས་སྒོ་ཕྱི་ནས་གསེར་སྐྱེམས་མཆོད༔ དེ་ནས་མདའ་ཟོར་འཕེན་ཡང་ཁྱིམ་ནས་གསེར་སྐྱེམས་སྒོ་དབྱེ་ནི༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀཿ ཞེས་སོགས་གྱེར་ནས་གསེར་སྐྱེམས་མཆོད༔ ཕྱོགས་གར་ཡོད་དུ་མདོས་ཞལ་བསྒྱུར༔ དེ་ནས་རྒྱས་པར་སྤྲོ་ན་མདོས་ཀྱི་མདུན་ནས་གཏོར་ཆུང་བཅུ་གཅིག་བཤམས་གནམ་ལྕགས་རྔམ་སྒྲའི་ཨེ་ཡཱ་ བྷྱོ༔ རིམ་པ་བདུན་གྱི་ས་འོག་ནས༔ ན་རཀ་དམྱལ་ཁམས་སོགས་ནས་གཏོར་རྫོང་མདོས་ནང་དུ་འབུལ་ལོ༔ གཏོར་རྫོངས་མ་བཏོན་ཀྱང་མི་འགལ་ལོ༔ དེ་ནས་དཀར་གཏོར་ཆད་མདོ་ཟོར་བཅས་ཐོགས་ཏེ་གོམ་པ་
ཉེར་གཅིག་ལས་མི་ཉུང་བར་འགྲོ༔ དེ་ནས་གཏོར་མ་རྣམས་སྣོད་གཞན་དུ་དཔག་ལ་ལིངྒ་དངོས་དེ་མཐོང་བརྒྱུད་ལྟར་བཞག་ལ༔ དེ་ནས་བཀུག་གཞུག་དང་བླ་འགུགས་སྔགས་གྲངས་མེད་ཚར་ནས༔ སྒོང་ཟོར་ཐོགས་ལ་གཞུང་ལྟར་བློ་སྲིད་པའི་བྱ་སྒོང་སོགས་ཟོར་རྣམས་བརྒྱབ༔ དེ་ནས་གཏོར་མ་གཅིག་ཐོགས་ལ་སྤྱི་གཤེད་དུག་གདོང་གི་བསྐུལ་ནི༔ ས་རིམ་པ་དགུ་ཡི་མར་འོག་ནས་ཞེས་བསད་སྔགས་ཀྱིས་བརྒྱན་ནས་བརྡེག་གོ༔ དེ་བཞིན་དུ་བློ་མཚོན་ཆ་བུ་ཡུག་འཚུབས་མའི་སོགས ཙིཏྟ་རི་ལྟར་སྤུང་པ་སོགས༔ སྣང་སྲིད་དབང་དུ་བསྡུས་པའི་སོགས༔ སྒལ་ཚིགས་རི་ལྟར༔ ཁྲག་ཞག་རྦ་ཀློང་༔ ཀེང་རུས་རི་ལྟར༴ བསྐལ་པ་མེ་ལྟར་འབར་བའི་སོགས་ནས་འཁོར་མང་གི་གཏོར་མ་རེ་རེ་བཞིན་བསད་སྔགས་ཀྱིས་བརྒྱབ་ནས་ལིངྒར་བརྡེག་གོ༔ དེ་ནས་གཙོ་དྲུག་ནི་ཨེ་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ མཐའ་སྡད་ཡ་མ་རཱ་ཙ་གཤེགས་སུ་གསོ༔ དེ་བཞིན་དུ ཟ་ཝ་ལྗང་དམར= བེ་བྷ་སྲ་ཏ༔ སྲོག་བདག ཚེ་བདག འཆི་བདག་རྣམས་རིམ་བཞིན་བསད་སྔགས་བཅས་པས་བརྒྱབ་བོ༔ དེ་ནས་གཙོ་བོ་ལ་ཉི་མ་ལྷོ་ཕྱོགས་ཀྱི་བསྐུལ་རིང་བཞེས་འབོད་བསད་སྔགས་རྣམས་ཀྱིས་ལིངྒར་བརྡེག༔ ཡང་ན་མདོས་གཞི་རྩང་ར་བཅས་མེ་ནང་དུ་འབུལ་ལོ༔ ཟློག་སྔགས་འདོན་དར་ནག་བརྡབ་བོ༔ ལིངྒཟོར་གཏོར་མ་རྩང་བཅས་མེ་ཧོ་ནང་དུ་འབུལ་ལོ༔
དེ་ནས་མདོས་གདན་གཏོར་སྣོད་ཁ་སྦུབ་ལ་བཀུག་གཞུག་ལན་གསུམ་གཏོར་བྲོ་བརྡུང་༔ དེ་ནས་རྗེས་བཅད་དམིགས་པ་དང་ལྡན་པས་རང་གནས་སུ་ལོག་ལ་གནམ་ལྕགས་གོ་མཚོན་ལྟར་ཚོགས་དྲངས་ལྷག་མ་ཚེ་སྒྲུབ་ནོར་སྒྲུབ་བསྔོ་སྨོན་རྒྱལ་དབྱངས་བཀྲ་ཤིས་སོགས་རྗེས་ཆོག་རྣམས་རྒྱས་པར་བྱའོ༔ ༈ འདི་ལ་ཡང་དམིགས་པ་དང་ཞིབ་ཆ་མར་མེ་ཁྲག་བསད་སྦྱར་བ་སོགས་ཤེས་པར་བྱའོ༔ དེ་མ་གཏོགས་པའི་འདོན་བསྒྲིག་སྙན་བརྒྱུད་འདི་ནི་རང་གི་སློབ་དཔོན་གོང་མ་རྣམས་ཀྱི་གསུང་གི་བདུད་རྩིའི་ཆ་ཤས་ལས་འབྱུང་བས་ཤིན་ཏུ་ཟབ་བོ༔ བཀྲ་ཤིས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གནམ་ལྕགས་གོ་མཚོན་གྱི་བུ་ཡིག་བསད་པ་རྒྱུན་ཁྱེར་སྦས་པའི་ཤོག་དྲིལ།
གནམ་ལྕགས་གོ་མཚོན་གྱི་བུ་ཡིག་བསད་པ་རྒྱུན་ཁྱེར་སྦས་པའི་ཤོག་དྲིལ་བཞུགས་སོ༔ ནམ།བ།ཙ།། འོག་ཕྱོགས་བསད་ཁང་ནང་དུ་དགྲ་བོ་ཉིད༔ མགོ་མཇུག་ད་པས་དབུ་རྐྱང་རོ་གསུམ་ལ༔ རང་ལུས་སྐུ་སྨད་ཕུར་པ་ཟུར་གསུམ་གྱི༔ རྩ་གསུམ་གཤགས་ནས་གསེར་གྱི་ས་གཞིར་འཛེར༔ དབལ་གྱི་ཕྱི་རོལ་དགྲ་བོ་ལུས་ཀྱི་ནང་༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་དྲག་ཏུ་འཁོར༔ ལུས་ངག་བླ་སྲོག་གཏུབ་ཅིང་ཤ་ཁྲག་རྣམས༔ ཁོ་ཡི་དུག་གསུམ་ལས་གྲུབ་གཤིན་རྗེའི་ཚོགས༔ གླང་སྟག་འུག་མགོ་ཅན་དང་དགྲ་བོ་ཡི༔ ལྷ་སྲུང་རྣམས་ཀྱང་གཤིན་རྗེར་གྱུར་ནས་ཟོས༔ ལྷ་སྲུང་ཁོ་རང་གཤེད་དུ་ཕབ་ནས་ཀྱང་༔ ནད་ཡམས་མཚོན་ཆའི་ཆར་ཕབ་རྡུལ་དུ་བརླག༔ དགྲ་བོའི་སྙིང་ནང་ཁྲག་གི་སྦལ་པའི་ནང་༔ ཚྭ་ལྗང་མིག་ཏུ་སྐུ་སྨད་ཕུར་རྩེ་བཙུགས༔ ཁོ་ཡི་མཐུ་སྟོབས་ཚེ་བསོད་གཟི་བརྗིད་ཀུན༔ རླུང་དང་མཉམ་དུ་ཚུར་འོང་རང་ལ་ཐིམ༔ རླུང་ཕྱིར་བཏང་བས་སྙིང་ནང་ཁྲག་སྦལ་ཞུགས༔ དུག་ཁྲག་ལུས་གང་ཁྲག་རུལ་ཆུ་སེར་སྐྱུག༔ ཕུར་རྩེ་ནཾ་ཡིག་བཅད་ནས་དབུགས་ཆད་ནས༔ རྣམ་ཤེས་ཨ་ཡིག་ཕུར་པའི་ཁོང་གསེང་
ནས༔ རིགས་གསུམ་མགོན་པོའི་ཐུགས་ཀར་ཐིམ་ནས་ཀྱང་༔ རྣམ་ཤེས་སྐུ་གསུམ་གོ་འཕང་ཐོབ་པར་ཤོག༔ རྩ་སྔགས་ཤམ་དུ དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ་ཀྲོ་ཏ་པ་ཙ་ལ་ཏི་ཨ་ཡ་མ་དུ་རུ་ཙ་ཤ་ན་རྗེའི་སྲོག་རྩ་ལ་མྱོག་ཡཾ་རྦད༔ ལ་ལི་ཐལ་ཝ་ནི༔ ར་ཙ་ཕྲ་བ་ནི༔ དགྲ་བོའི་སྲོག་རྩ་ལ་མྱོག་མྱོག་ཡཾ་ཡཾ་ཆེད་ཅད་ཛཿཛཿ ཞེས་ཅི་ནུས་དམིགས་པ་བཅས་པས་བཟླ་ཞིང་༔ དེ་ནས་ཐུན་གཏོར་བཤམས་ལ་གཞུང་ལྟར་འབུལ༔ དེ་ལྟར་རྒྱུན་དུ་བྱ་ཞིང་ཉེར་དགུའི་དུས་སུ་བསྐུལ་ནས་གཏོར་མ་དགྲ་ཕྱོགས་སུ་འཕེན༔ གྲི་ལྕགས་ཀྱི་ཕུར་པ་དགྲ་ཕྱོགས་སུ་གདེང་༔ དེ་ལྟར་བྱས་པས་རྟགས་འབྱུང་ངོ་༔ ཤིན་ཏུ་གལ་ཆེ་ན་སྒྲུབ་པ་ཆེན་མོ་ལྟར་བྱའོ༔ བསད་པ་རྒྱུན་ཁྱེར་བསྙེན་སྒྲུབ་རྒྱུད་ཀྱི་སྐོར་གྱི་གྱེར་སྒོམ་སྦྲགས་མའོ༔ ལྕེ ཤམཐ། སྔགས་ནག་རཱ་གའི་མིང་ཅན་གྱིས་བྲིས་པའོ༔ གཅིག་རྒྱུད་ལགས་པས་སྤེལ་བའི་གནས་མེད་དོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བསད་པ་དོན་བསྡུས་རྒྱུན་ཁྱེར་ཉམས་ལེན།
བསད་པ་དོན་བསྡུས་རྒྱུན་ཁྱེར་ཉམས་ལེན་ནི༔ བྱད་མ་མགོ་མཇུག་ལོག་ནས་ཡོད་པ་ཡི༔ རྩ་དབུ་མ་རྐྱང་མ་རོ་མ་གསུམ་རྩ་སྦུབ་ཏོག་གི་ཡོད་པ་ལ༔ རང་གཤིན་རྗེའི་གཤེད་པོར་གསལ་བའི་ལྕགས་ཕུར་དེ་ལས་གཤིན་རྗེ་སྟོད་ཞལ་གསུམ་ཕྱག་དྲུག་རང་འདྲ་བ་ལ་སྨད་ལྕགས་ཕུར་ཟུར་གསུམ་དུ་གྱུར་ནས༔ རྩ་སྦུབ་གསུམ་དུ་བཏབ་པས་ལུས་ལ་གཟིར་དཀྱིལ་མོ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་བཏབ་སྟེ་ཕུར་པའི་དབལ་ཁར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དྲག་ཏུ་འཁོར་བས་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་དམྱལ་དམྱལ་བཏང་སྟེ༔ ཤ་ཁྲག་དམར་སྤུངས་སྤུངས་སོང་བ་རྣམས་ཀྱང་གཤིན་རྗེའི་དམག་ཚོགས་སུ་གྱུར༔ ཁོ་རང་གི་དུག་གསུམ་ངོ་བོ་ལས་གྲུབ་པའི་ལས་ཀྱི་གཤིན་རྗེ་ཨ་ཝ་གླང་མགོ་དང་སྟག་མགོ་དང་འུག་པའི་མགོ་ལ་སོགས་ཕོ་ཉ་དཔག་ཏུ་མེད་པས་མཚོན་ཆ་ཐོགས་ཏེ༔ ཤ་རུས་ལ་རྒྱབ་བརྡུང་༔ ནད་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་དུ་ཕབ༔ ཤ་ཟོས་ཁྲག་འཐུང་རུས་པ་མུར་ནས་གཏན་དུ་བརླག་པར་གྱུར་ཅིང་རང་གཤེད་རང་ལ་ཕབ་པར་གྱུར༔་རང་གི་ཕྱོགས་མཚམས་ཐམས་ཅད་ལྕགས་སྲེག་གི་ས་གཞི་འབར་བས་བྱད་མ་ལྷ་སྲུང་དང་
བཅས་པ་ཐམས་ཅད་བྱ་སྒོ་མེ་ལ་བསྲེགས་པ་བཞིན་དུ་གཞོབ་ཐུལ་གྱིས་མེད་པར་གྱུར༔ ཕུར་པ་ལིངྒ་ལ་བཏབ་པའམ༔ དགྲ་ཕྱོགས་སུ་གཟིར་རོ༔ བསད་སྔགས་བསྙེན་པར་ཛ་ཛ་ནན༔ བཏགས་ལ་བརྒྱ་རྩ་བཟླ༔ གཏོར་མ་བསྐུལ་དང་བཅས་པ་དགྲ་ཕྱོགས་སུ་འཕང་ངོ་༔ བསད་པ་དོན་བསྡུས་རྒྱུན་ཁྱེར་ཡིན༔ ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ་ནས་བརྒྱུད་པའོ༔ ཁ་ཐཾ་རྒྱ་རྒྱ་རྒྱ༔ གསང་རྒྱ༔ མངྒ་ལཾ།། ཨཾ༔ ན་མོ་ཡ་མཱནྟ་ཀ་ཡེ། ཁ་ལ་རྒྱས་འདེབས་ལ་སོགས་པའི། །མནན་པའི་རིགས་ནི་གང་བྱེད་ཀྱང་། །ས་བདག་ཐེ་སེ་སྤྲེལ་ཁོག་ནི། །ཚེས་གྲངས་བཅུ་གཉིས་དག་ལ་རྒྱུ། །དེ་ཉིན་ས་ནི་མཐུ་བའི་ཚད། །དུ་བསྐོས་གྲངས་ཀྱི་མི་འཆི་གསུངས། །དེ་ཕྱིར་ཀུན་ལ་འཛེམ་པར་བྱ། །སྡེ་བརྒྱད་ལྡོག་དུས་མི་བྱ་ཞིང་། །ཐེབས་དུས་བྱ་ཞིང་ཀླུ་ཐེབས་གནད། །ལྟོ་འཕྱེའི་འཁོར་ཐིག་བཤད་མོད་ཀྱང་། །གསར་རྙིང་མི་མཐུན་ཐེ་ཚོམ་བཞག །ཐེ་ཚོམ་མེད་པའི་དག་རྩིས་ནི། །དཔྱིད་གསུམ་བྱུང་དུ་ཁ་བལྟས་བརྐོ། །དབྱར་གསུམ་ཤར་དུ་ཁ་བལྟས་བརྐོ། །སྟོན་གསུམ་ལྷོར་ལྟ་དགུན་གསུམ་ནུབ། །སྐག་ལེ་ལྔ་ནི་རྒྱག་ཚེ་ཡིན། །གྲུ་གང་
མཐོ་གང་ཚད་ཡིན་ནོ། །དེ་བས་ཐུང་ན་ནུས་པ་མེད། དེ་བས་རིང་ན་གདོང་ཉེས་ཡོད། །དབྱིབས་ནི་གྲུ་གསུམ་ཉིད་དུ་བྱ། །ཟླ་བའི་ངོས་འཛིན་རིགས་བཞི་སྟེ། །རྒྱལ་གྱི་ཉ་ལ་སྟག་ཟླར་བརྩི། །དེ་ལ་འཁྲུལ་བ་མེད་པ་ཡིན། །སྟག་ཟླ་དཔྱིད་ཟླ་ར་བ་སྟེ། །དཔྱིད་དབྱར་སྟོན་དགུན་རིམ་པ་ལྟར། །ར་འབྲིང་ཐ་ཆུང་བཅུ་གཉིས་སོ། །ཟླ་ལྷག་བུང་ན་གང་ལྷག་པ། ས་རིས་དང་བསྟུན་བརྩི་ཞིབ་བྱ། །སྔགས་འཆང་རཱ་ག་ཨ་སྱས་བྲིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བདེན་སྟོབས།
བདག་མདུན་གཉིས་ཀྱི་མདུན་དུ་བྲུབ་ཁུང་མི་དམིགས་པ་ལས༔ ཡི་གེ་ཀཾ་ནག་པོ་ཡོངས་སུ་གྱུར་པ་ལས༔ ཟངས་ལྕགས་ཁྲོ་ཆུ་ལས་གྲུབ་པའི་མུན་ཁང་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་དགུ་རིམ༔ དེའི་ནང་དུ་ལྕགས་སྲེག་གི་ཁང་སྒྲོམ་མེ་འབར་བ་ཟུར་གསུམ་རྔམ་ལ་འཐུག་པ༔ ནག་ལ་འཇིགས་པ༔ ཚ་ལ་རྩུབ་པ༔ གཤིན་རྗེའི་བསད་ཁང་༔ བདུད་ཀྱི་ཤན་ཁང་༔ དམྱལ་བའི་བཙོན་ཁང་༔ ཞེ་སྡང་གི་མེ་འབར་བ༔ འདོད་ཆགས་ཀྱི་ཆུ་འབྲུབ་པ༔ ང་རྒྱལ་གྱི་བྲག་ཉིལ་བ༔ ཕྲག་དོག་གི་རླུང་ནག་འཚུབ་པ༔ གཏི་མུག་གི་མུན་པ་འཐིབས་པ༔ ཁ་རུབ་ལ་གཏིང་ཟབ་པ༔ རྒྱ་ཆེ་བ་རྒྱ་ཁྱོན་དཔག་ཚད་ཙམ་པ༔ སྟེང་ན་ཐོག་དང་མཚོན་ཆའི་ཆར་འབེབས་པ༔ འོག་ན་ནད་དང་དུག་གི་རླངས་པ་འཐུལ་བ༔ དེའི་ནང་དུ་ཐོད་པ་ལས་ཀྱི་གཤིན་རྗེ་ཕོ་མོའི་ངོ་བོ༔ དམྱལ་བའི་ལྕགས་སྲེག་འབར་བའི་ཟངས་ཀྱི་གའུ་ཁ་སྦྱོར་བ༔ སྔོ་དམར་གྱི་རྒྱ་ཆིངས་ནི་དམྱལ་སྲུང་ལས་ཀྱི་གཤིན་རྗེ་ནག་པོའི་ཞགས་པས་དམ་དུ་བསྡམས་པ༔ དེའི་ནང་དུ་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་མེ་ཡི་ཚྭ་ཚྭ་འཕྲོ་བའི་ཁ་ནང་དུ་དགྲ་བོ་བྱད་མའི་རྣམ་
པར་ཤེས་པ་ཚྭ་ཁམ་ནག་གཅིག་ཏུ་གྱུར༔ བདག་མདུན་གྱི་ཐུགས་ཀ་ནས་ཕོ་ཉ་ལས་མཁན་དཔག་ཏུ་མེད་པ་འཕྲོས་པས༔ བསྟན་པའི་སྤྱི་དགྲ༔ བླ་མའི་སྐུ་དགྲ༔ རྣལ་འབྱོར་པའི་སྒོས་དགྲ༔ བྱད་མ་ལྷ་སྲུང་དང་བཅས་པ༔ བསམ་པ་ངན་པ་འཆང་བ༔ སྦྱོར་བ་རྩུབ་མོ་བྱེད་ཅིང་ཤོམ་པ༔ ཁྱད་པར་དུ་དམིགས་ཡུལ་གང་ཡིན་པ་དེའི་སྤྲུལ་པའི་ལས་མཁན་རྣམས་ཀྱིས་ནམ་མཁའི་ཁམས་ནས་བྱིའུ་ཁྲས་དེད་པ་ལྟ་བུ༔ བར་སྣང་ཁམས་ནས་སྦྱར་མ་རླུང་གིས་བསྡུས་པ་ལྟ་བུ༔ ས་གཞི་ཁམས་ནས་གཅེར་བུ་ལྷགས་པས་བདས་པ་བཞིན་དུ་རང་དབང་མེད་པར་གཟུགས་ཀྱི་ལིང་ག་མིང་བྱང་བུ་གར་ཚོགས་འདི་ཉིད་ལ་ཤ་རུལ་ལ་སྦྲང་མ་འདུས་པ་བཞིན་དུ་འདུས༔ རྡོ་ཚན་ལ་ཁ་བ་བབ་པ་བཞིན་དུ་ཐིམ་པས༔ དགྲ་བོ་བྱད་མ་དེ་ཉིད་ལུས་སྐམ་ལ་རིད་པ༔ སྔོ་ལ་ཧམ་པ༔ སྐྱ་ལ་བརླམ་པ༔ མྱ་ངན་གྱི་ཕྱག་རྒྱ་ཅན༔ ཁ་ངུ་བ༔ མིག་ཤི་མིག༔ རྐང་ལག་ལྕགས་སུ་བཅུག་པ༔ བུ་ག་དགུ་ནས་ཁྲག་འཛག་པ་མགོན་སྐྱབས་ཀྱི་ལྷ་དང་བྲལ་༔ གཅེར་བུ་འདར་ཕྲི་ལི་ལི་བྱེད་པ༔ རྐང་ལག་འཁོབ་པ་སྐྲ་གཟིངས་བ་སྙིང་ཁ་ན་ཁྲག་གི་སྦལ་པ་བྱིའུ་ལེབ་མའི་
མགོ་ཙམ་གྱི་སྟེང་དུ་ཧཱུྃ་ལྗང་གུས་མཚན་པར་གྱུར༔ ༈ ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ༔ རིག་འཛིན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་༔ བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔་ཁྱད་པར་དུ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་༔ སྐུ་ཡི་སྤྲུལ་པ་འཆི་བདག་ནག་པོ༔ གསུང་གི་སྤྲུལ་པ་ཚེ་བདག་ནག་པོ༔ ཐུགས་ཀྱི་སྤྲུལ་པ་སྲོག་བདག་ནག་པོ༔ ཡོན་ཏན་སྤྲུལ་པ་བེ་བྷ་སྭ་ཏ༔ ཕྲིན་ལས་ཀྱི་སྤྲུལ་པ་ཟ་བ་ལྗང་ནག༔ གཉིས་མེད་སྤྲུལ་པ་ཡ་མ་རཱ་ཙ༔ ལ་སོགས་པ་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་༔ བདེན་པ་ཆེན་པོས་མཐུས སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ༔ དོ་བསྔོ་ཞིང་འགྲས་ཚོལ་བ་རྣལ་འབྱོར་པ་བདག་གི་སྒོས་དགྲ༔ ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་འདི་རྣམས་ལ༔ དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔
ཐ་མ་ནད་ལ་མི་ཕན་པར་བྱེད་པ༔ ཚེ་ལ་བརྐུ་བ༔ སྲོག་ལ་འཇབ་པ༔ བརླ་ལ་ཁྱེར་བ༔ ཡིད་ལ་རློམ་པ༔ གོད་ཁ་དང་ཆོ་འཕྲུལ་གཏོང་བའི་གདོན་བགེགས་འབྱུང་པོ་གླད་དང་གཏོར་མས་བརྔན་ཀྱང་མི་ཐུབ༔ དམ་པའི་ཆོས་བཤད་ཀྱང་མི་ཉན༔ བདེན་པའི་སྟོབས་བརྗོད་ཀྱང་མི་བརྩི་བ བཀའ་དང་དམ་ལ་མི་གནས་པ༔ འགྱུ་ལོག་འཕར་སྡང་མགོ་གཡོག་མགོ་སྐོར་བྱེད་པའི་དགྲ་བགེགས་ལོག་འདྲེན་གང་ཡིན་པའི་བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་ག་འདི་ལ་ཁུག་ཅིག བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤྲོ་ཊ་བཾ༔ བཛྲ་གྷནྡྷེ་ཧོ༔
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་ཕྲིན་ལས་ཀྱི་ཆོ་ག་དགྲ་གཤེད་ནག་པོ།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་ཕྲིན་ལས་ཀྱི་ཆོ་ག་དགྲ་གཤེད་ནག་པོ་བཞུགས་སོ༔
ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ༔ བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཕྲིན་ལས་ཀྱི་ཆོ་ག་དགྲ་གཤེད་ནག་པོ་ཞེས་བྱ་བ༔ རྗེ་བཙུན་བླ་མའི་ཕྱག་ལེན་ལྟར་བརྗོད་པར་བྱའོ༔ དེ་ཡང་ཐོག་མར་རུ་ཏྲའི་བསྐྱེད་ཆོག་དང་དམ་བདར་བཀུག་གཞུག་རྣམས་ལེགས་པར་བྱས་ལ༔ གཏོར་མ་ལ་སྨན་རཀ་བསྒྲེང་ཞིང་གཤིན་རྗེའི་ལྷ་ཚོགས་ལ་ཕྲིན་ལས་གཞུང་བཞིན་དུ་བྱ༔ ཐོག་མར་གཤིན་རྗེའི་དམག་གིས་དགྲ་བོ་བཀུག་པ་ནི༔ བྷྱོ༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ འཆི་བདག་ནག་པོའི་དུས་ལ་བབ། ཚེ་བདག་ནག་པོའི་དུས་ལ་བབ༔ སྲོག་བདག་ནག་པོའི་དུས་ལ་བབ༔ བེ་བྷ་སྭ་ཏའི་དུས་ལ་བབ༔ ཟ་བ་ལྗང་ནག་་དུས་ལ་བབ༔ ཡ་མ་རཱ་
ཙའི་དུས་ལ་བབ༔ དུས་ལ་བབ་བོ་ས་མཱ་ཡ༔ དམ་ལ་མ་འདའ་དམ་ཚིག་ཅན་དམ་རྫས་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་དམག་ཚོགས་ལས་ལ་འགྱེད༔ བླ་རྐུན་ཇག་པ་ལས་ལ་ཆོས གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ དམ་ཉམས་དགྲ་བོ་གཉིད་ལོག་གི༔ བླ་འཁྱམས་དམ་ཉམས་ཁྲིད་ལ་ཤོག༔ སྲོག་རྩ་དམར་པོ་ཆོད་ལ་ཤོག༔ སྙིང་ཁྲག་ཧུབ་ཀྱིས་འཐུང་ལ་ཤོག༔ སོད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དགྲ་བོ་འཁོར་བཅས་ཁུག་ལ་ཤོག༔ ལྷ་དང་ཕྲོལ་ལ་བདུད་དང་སྤྱོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་
མཛོད༔ ཅེས་བསྐུལ་ཞིང་དྲག་སྔགས་བརྗོད་ཅིང་བཀུག་གཞུག་བྱ༔ ཐུན་གྱིས་བྲབ༔ སླར་ཡང་བསྐུལ་བ་ནི༔ གཤེད་ཆེན་སྡེ་བཞིའི་དུས་ལ་བབ༔ མོན་པ་སྡེ་བཞིའི་དུས་ལ་བབ༔ བདུད་པོ་སྡེ་བཞིའི་དུས་ལ་བབ འཆི་བདག་བཅུ་གཉིས་དུས་ལ་བབ༔ དུས་ལ་བབ་བོ་ས་མཱ་ཡ༔ དམ་ལ་མ་འདའ་དམ་ཚིག་ཅན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་དམག་ཚོགས་ལས་ལ་འགྱེད༔ བླ་རྐུན་ཇག་པ་ལས་ལ་འགྱེད༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ དམ་ཉམས་དགྲ་བོ་གཉིད་ལོག་གིས༔ བླ་འཁྱམས་དམ་ཉམས་ཁྲིད་ལ་ཤོག༔ སྲོག་རྩ་དམར་པོ་ཆོད་ལ་ཤོག༔ སྙིང་ཁྲག་ཧུབ་ཀྱིས་འཐུང་ལ་ཤོག༔ སོད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དགྲ་བོ་འཁོར་བཅས་ཁུག་ལ་ཤོག༔་ལྷ་དང་ཕྲོལ་ལ་བདུད་དང་སྤྲོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་པར་མཛོད༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུའི་དུས་ལ་བབ༔ མོ་གཤེད་སུམ་བརྒྱ་དྲུག་ཅུའི་དུས་ལ་བབ༔ སྒོ་བ་དྲེགས་པ་སྡེ་བཞིའི་དུས་ལ་བབ༔ སྲོག་གཅོད་རུ་ཏྲ་སྡེ་བཞིའི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ལ་མ་འདའ་དམ་ཚིག་ཅན༔ དམ་རྫས་གཏོར་
མ་འདི་བཞེས་ལ༔ གཤིན་རྗེའི་དམག་ཚོགས་ལས་ལ་འགྱེད༔ བླ་རྐུན་ཇག་པ་ལས་ལ་ཆོས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ དམ་ཉམས་དགྲ་བོ་གཉིད་ལོག་གི བླ་འཁྱམས་དམ་ཉམས་ཁྲིད་ལ་ཤོག༔ སྲོག་རྩ་དམར་པོ་ཆོད་ལ་ཤོག༔ སྙིང་ཁྲག་ཧུབ་ཀྱིས་འཐུང་ལ་ཤོག༔ སོད་རྟགས་དོན་སྙིང་ཁྱེར་ལ་ཤོག དགྲ་བོ་འཁོར་བཅས་ཁུག་ལ་ཤོག༔ ལྷ་དང་ཕྲོལ་ལ་བདུད་དང་སྤྲོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་པར་མཛོད༔ ཨེ་ཡ་བྷྱོ༔ གཤིན་རྗེའི་དམག་ཚོགས་ཐམས་ཅད་ཀྱིས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ དམ་ཉམས་ལས་ངན་སྡིག་ཅན་འདི༔ ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས༔ ཞགས་པ་འབར་བས་སྐེ་ནས་ཆིངས་ལྕགས་སྒྲོག་འབར་བས་ཡན་ལག་སྡོམས དྲིལ་བུ་འབར་བས་མྱོས་སུ་ཆུགས༔ འཁོར་ལོ་འབར་བས་བསྐོར་ལ་ཤོག༔ བེ་ཅོན་འབར་བས་རྒྱབ་ནས་དེད༔ མུན་པ་ནག་པོས་སྟུན་ནས་སུས༔ ལས་ཀྱི་རླུང་གིས་འོག་ནས་ཁྱོག༔ རི་རབ་ཆེན་པོས་སྟེང་ནས་ནོན༔ བཙོན་ཁང་སྒོ་མེད་ནང་དུ་ཚུད བསྐལ་པའི་མེ་འབར་དབུས་སུ་རྒྱོབ༔ ལྷ་དང་སྲོལ་
ལ་བདུད་དང་སྤྱོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྩ་སྔགས་ཤམ་དུ དུ་ཏྲི་ཡ་མ་རཱ་༔ ཡ་མ་རཀྵ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་བྱད་མའི་བླ་སྲོག་རྣམ་པར་ཤེས་པར་ཛ༔ཧཱུྃ་བཾ་ཧོ༔ ཚྭ་ཛ་ཏིལ་ཐཾ་རིལ་ཛ ཛྲ་ཨ་ཀར་ཡ་ཛ༔ ཨཱ་བེ་ཤ་ཡ་ཛ༔ གརྦ་ཏྲཾ་མཱ་ར་ཡ་ཛ་ཛ༔ བྷྱོ༔ བཀའ་ཉན་ཆེན་པོ་ཕྲ་མ་མཁན༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ འགོ་བའི་ལྷ་དང་ཕྲལ་བར་གྱིས༔ དམ་ཉམས་དགྲ་བོ་ལས་ངན་འདིའི དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ༔ སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ༔ ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ༔ མ་ལྷ་གསང་བའི་གནས་ནས་ཕྲོལ༔ ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ༔ ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ༔ བན་བོན་ལ་སོགས་འགོ་བའི་ལྷ༔ རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ༔ མངོན་སྤྱོད་དྲག་པོས་རྡུལ་དུ་རློགས༔ དུ་ཏྲི་ཡ་མ་རཱི་ཙ་ཡ་མ་རཀྵ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ མ་མ་ཏྲག་རཀཱ་མཱ་ར་ཡ་ཕྱེས་ཕྱེས༔ ཏྲག་རཀྵ་རུ་དྲ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བོ་སྐྱོབ་བྱེད་ཀྱི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་
ཕྱེས་ཕྱེས༔ ཞེས་ལྷ་དབྱེའི་རྫས་ཀྱི་ཐུམ་པོའམ་བྱ་རོག་འུག་པའི་སྒྲོས་རྡེག་གོ༔ མེད་ན་ཡུངས་ཀར་རྡེག་གོ༔ སྐད་ཅིག་གིས་ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ཆེན་པོ་ནས༔ འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ལས་ཀྱི་གཤིན་རྗེ་དྲུག ཡབ་ཡུམ་འཁོར་དྲེགས་པ་བཅོ་བརྒྱད་མ་མོ་གཤིན་རྗེ་བྱེ་བ་དུང་ཕྱུར་ཐམས་ཅད་ཆར་བབ་པ་ལྟར་བྱོན་ནས་ཕུར་པ་དང་ཐུན་རྫས་རྣམས་ལ་ཐིམ་པས་ཕུར་པ་ལས་ཀྱི་གཤིན་རྗེ་རབ་ཏུ་ཁྲོས་པའི་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ་ངར་དང་ལྡན་པ༔ སྐམ་ཐུན་དུག་གི་རལ་གྲི་དང་སྤུ་གྲི་ཆུ་གྲི་བསམ་ཆོད་འབར་བོ༔ རློན་ཐུན་ཁྲག་ནད་རྒྱུ་གཟེར་གྱི་ནད་རླངས་སྤྲིན་ལྟར་འཐིབ་པ་རེག་པ་ཙམ་གྱིས་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེ་ནས་གལ་ཆེ་ན་རུ་ཏུ་སྡེ་བཞི་དང་སྔགས་པ་སྡེ་དྲུག་གི་བསྐུལ་པ་གཞུང་ལྟར་བྱ་ཞིང་སྔགས་དང་དམིགས་པ་སྤྲད་དོ༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ འཆི་བདག་ནག་པོའི་དུས་ལ་བབ༔ ཚེ་བདག་ནག་པོའི་དུས་ལ་བབ༔ སྲོག་བདག་ནག་པོའི་དུས་ལ་བབ༔ བེ་བྷ་སྲ་ཏའི་དུས་ལ་བབ༔ ཟ་བ་ལྗང་ནག་དུས་ལ་བབ༔ ཡ་མ་རཱི་ཙའི་དུས་ལ་
བབ༔ གཤེད་ཆེན་སྡེ་བཞིའི་དུས་བབ༔ མོན་པ་སྡེ་བཞིའི་དུས་བབ༔ བདུད་པོ་སྡེ་བཞིའི་དུས་བབ༔ འཆི་བདག་བཅུ་གཉིས་དུས་ལ་བབ༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུའི་དུས་ལ་བབ༔ མོ་གཤེད་སུམ་བརྒྱ་དྲུག་བཅུ་དུས་ལ་བབ༔ སྒོ་བ་དྲེགས་པ་སྡེ་བཞིའི་དུས་ལ་བབ༔ སྲོག་གཅོད་རུ་ཊ་སྡེ་བཞིའི་དུས་ལ་བབ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སྟོད་ནི་ཁྲོ་ཆེན་འབར་བའི་ཞལ༔ སྐུ་སྨད་ཟུར་གསུམ་དབལ་དང་ལྡན༔ ཆང་ཟུང་རྩེ་ནས་གློག་སྟོང་འཁྱུགས༔ ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིརཿ༔ དགྲ་བགེགས་སྟེང་དུ་ཀཱི་ལ་ཡ༔ སྐད་ཅིག་སྲོག་དང་བྲལ་བར་གྱིས༔ རྩ་སྔགས་ལ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་བྱད་མའི་སྲོག་རྩ་ལ་མྱོག་ཡཾ་རྦད༔ ལ་ལི་ཐ་བ་ལི༔ རཱ་ཙ་ཕྲ་བ་ལི༔ དགྲ་བགེགས་བྱད་མའི་སྲོག་སྙིང་ལ་མྱོག་མྱོག༔ ཡཾ་ཡཾ༔ རྦད་རྦད༔ ཛ་ཛ༔ ཞེས་ཕུར་པས་བཏབ༔ རྒྱས་པར་སྤྲོ་ན་ཐུན་སྔགས་ཀྱང་བཟླ༔ ཐུན་གྱི་དམོད་པ་ནི༔ ཧོ༔ སྲིད་པ་གསུམ་གྱི་སྐྱེ་འགྲོའི་སྲོག་ལ་དབང་བྱེད་པའི་གཤིན་རྗེ་སྲོག་ལ་དགའ་བ་ཁྱེད་རྣམས་ཀྱིས༔ དགྲ་བོའི་སྲོག་ལ་དབང་གྱིས་ཤིག༔ དགྲ་བགེགས་
ཀྱི་ཁྲག་ལ་སྐོམ་གྱིས་ཤིག རྒྱུ་མ་རྐང་ལག་རྣམས་ལ་ཟས་གྱིས་ཤིག༔ མཆེ་གཙིགས་དྲག་པོས་རལ་གྲིས་གཏུབས་ཤིག རྫ་རྫ་མགོ་གཏུན་ཤིང་གི་སྤྱི་བོ་ནས་རྡུངས་ཤིག ཅིག་ཙིག་དགྲ་སྟས་ཚལ་པར་ཁོས་ཤིག༔ སྡུས་སྡུས་ཕག་མདུང་གིས་སྙིང་ལ་རྒྱོབས་ཤིག སྙིང་རློན་འཁོར་ལོས་བྷནྡྷ་ཆོད་ཅིག༔ ཞི་བའི་ཞལ་གྱིས་གསེར་དབྱུག་གིས་དམ་ཉམ་དགྲ་བགེགས་སྤྱི་བོ་ནས་ཆོམས་ཤིག རྗེ་རྫ་མགོའི་མྱུར་དུ་ཁུག་ཅིག ཅེས་དྲག་ཏུ་བརྗོད༔་ཡུངས་དཀར་རྒྱལ་པོ་ཤ་རི་རཾ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དྲག་སྔགས་ཐོག་སེར་དྲག་པོ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ ནད་ཡམས་དལ་ཁ་ཆར་བཞིན་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ འབྱུང་བའི་དུག་ཐུན་རླུང་ལྟར་འཚུབ༔ གདུག་པའི་དུག་སྣ་ཡོངས་རྫོགས་པ༔ ལྔ་ཕུང་འཇོམས་བྱེད་དུག་རླངས་ཀྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ དྲེགས་པ་འཇོམས་བྱེད་རྩལ་གྱི་སྐུ༔ མཚེ་ཡི་མདའ་འཕེན་སེར་ལྟར་འདྲིལ༔ དགྲ་
བགེགས་ལྔ་ཕུང་རྡུལ་དུ་རློགས༔ སྟོབས་ཆེན་འདུ་བ་མདའ་ཡི་ཐུན༔ དྲེགས་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ མི་བཟད་ཐོག་ཆེན་ལྟར་འབེབས་ཀྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགསཾ༔ སྟོབས་ཆེན་བརྡུང་བ་རྡོ་ཡི་ཐུན༔ དྲེགས་པ་འཇོམས་མཛད་གཏུམ་པོའི་སྐུ༔ དྲག་པོ་གནམ་ལྕགས་ཐོག་སེར་གྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ ཁྲོ་ཆུ་དུག་གདོང་དུས་ལ་བབ༔ འཆི་བདག་ནག་པོའི་དུས་ལ་བབ༔ ཚེ་བདག་ནག་པོའི་དུས་ལ་བབ༔ སྲོག་བདག་ནག་པོའི་དུས་ལ་བབ བེ་བྷ་སྭ་ཏའི་དུས་ལ་བབ༔ ཟ་བ་ལྗང་ནག་དུས་ལ་བབ༔ ཡ་མ་རཱ་ཙའི་དུས་ལ་བབ༔ ཉམས་པའི་དམ་ཉམས་དགྲ་དང་བགེགས༔ རིངས་པར་ཁུག་ལ་བསྒྲལ་ཆུག་ཅིག༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ མཚོན་ཆེན་འབར་བ་ཆེན་པོ་ཡིས༔ ལུས་ནི་དུམ་བུར་གཏུབ་པར་བྱ༔ དབང་པོ་རྩད་ནས་གཅོད་པར་བྱེད༔ རྡུལ་ཕྲན་བཞིན་དུ་གཏོར་བར་བྱ་མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ རལ་གྲིས་གཏུབས་ལ༔ ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་འདི༔ རྡོ་རྗེ་མེ་འབར་སྙིང་
བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་འམ་འོན་ཏེ་བརླག་པར་འགྱུར དགྲ་བགེགས་བྱད་མ་སྨོས་ཅི་དགོས༔ རྡུལ་ཕྲན་བཞིན་དུ་གཏོར་བར་བྱ༔ ཞེས་བརྗོད་དོ༔ དེ་ནས་ལིང་རོ་བདུད་རྩི་དང་རཀྟས་བྲན་ལ༔ ཞལ་དུ་བསྟབ་པ་ནི་དགྲ་བགེགས་དངོས་སུ་བསམ་ལ་འབུལ་བ་ནི༔ ཧཱུྃ༔ འཇིགས་བྱེད་ཡ་མཱནྟ་ཀ་ནི༔ སྲིད་པ་གསུམ་ལ་འཁོར་ལོ་བསྐོར༔ འགྲོ་བ་ཀུན་གྱི་སྲོག་དབུགས་ལེན༔ ཉམས་པར་གྱུར་པའི་དགྲ་དང་བགེགས༔ འདི་ཡིས་ལས་ཀྱི་མཐའ་བསྡུས་ཏེ རྡུལ་ཕྲན་བཞིན་དུ་བརླགས་བྱས་ནས༔ ཁྲོ་ཆུ་དུག་གདོང་ཞལ་དུ་བསྟབ༔ འཆི་བདག་ནག་པོའི་ཞལ་དུ་བསྟབ ཚེ་བདག་ནག་པོའི་ཞལ་དུ་བསྟབ༔ སྲོག་བདག་ནག་པོའི་ཞལ་དུ་བསྟབ༔ བེ་བྷ་སྭ་ཏའི་ཞལ་དུ་བསྟབ ཟེ་བ་ལྗང་དམར་ཞལ་དུ་བསྟབ༔ ཡ་མ་རཱ་ཙའི་ཞལ་དུ་བསྟབ གཤེད་ཆེན་སྡེ་བཞིའི་ཞལ་དུ་བསྟབ མོན་པ་སྡེ་བཞིའི་ཞལ་དུ་བསྟབ༔ བདུད་པོ་སྡེ་བཞིའི་ཞལ་དུ་བསྟབ༔ འཆི་བདག་བཅུ་གཉིས་ཞལ་དུ་བསྟབ༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུའི་ཞལ་དུ་བསྟབ མོ་
གཤེད་སུམ་བརྒྱ་དྲུག་ཅུའི་ཞལ་དུ་བསྟབ༔ སྒོ་བ་དྲེགས་པ་སྡེ་བཞིའི་ཞོལ་དུ་བསྟབ སྲོག་གཅོད་རུ་ཊ་སྡེ་བཞིའི་ཞལ་དུ་བསྟབ༔ གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ འདོད་ཆགས་ཁྲག་ལ་ལྡིབ་ལྗིབ་དགྱེས་པར་རོལ༔ ཞེ་སྡང་རུས་ལ་ཀྲུམ་ཀུམ་དགྱེས་པར་རོལ༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་བཛྲ་ཨཱ་རལླི༔ ལྷག་མེད་དབྱིངས་སུ་རོལ་ཅིག་ས་མ་ཡ༔ ཅེས་རྩ་སྔགས་ལ་བཏགས༔ དགྲ་བགེགས་བྱད་མའི་དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི༔ གནོད་བྱེད་དགྲ་བགེགས་ཀྱི་སྲོག་རྩ་ཁྲག་རྩ་སྙིང་རྩ་ལ་ཁ་རཾ་ཁཱ་ཧི༔ གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི༔ བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚྭ་ས་ལ་ཁ་རཾ་ཁཱ་ཧི༔ རཀྟ་ལ་ཁ་རཾ་ཁཱ་ཧི༔ ཀཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ དགྲ་བོ་བྱད་མ་མི་ནོར་འཁོར་དང་བཅས་པ་ལ་ཁ་རཾ་ཁཱ་ཧི༔ ལིང་རོ་གཏོར་མདོས་ནང་དུ་ཕུལ་ལོ༔ དེ་ནས་གཏོར་ཆུང་ཕུད་རྒོད་ཀྱིས་བྲན་ལ བཟློག་གཞུང་བཏོན་ནས་མདོས་ནང་འབུལ༔ དེ་ལྟར་གབ་རྒྱས་པར་སྤྲད་ན་ཚར་བདུན༔ འབྲིང་པོར་ཚར་གསུམ༔ བསྡུས་པ་བྱེད་ན་གཅིག་བྱའོ༔ དེ་ནས་དམིགས་པ་ནི་བདག་མདུན་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་རང་འདྲ་བའི་ཁྲོ་ཆུང་བྱེ་བ་དུང་ཕྱུར་འཕྲོས་ནས་གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་གཡུལ་ངོ་ཕར་བཟློག༔
ཁྲོ་ཆུང་གི་ཚོགས་ཐོག་དང་སེར་བ་མཚོན་ཆ་སྣ་ཚོགས་ཀྱི་སྐྱོགས་ཆེན་པོས་གནོད་བྱེད་དགྲ་བགེགས་བྱད་མ་ཁོ་ཡི་ལྷ་སྲུང་དངབཅས་པ་བྱ་སྤུ་རླུང་གིས་དེད་པ་ལྟར་དེད་ནས་སྲུང་འཁོར་གྱི་ཕྱི་རོལ་དུག་གི་རླུང་ནག་དང་མཚོན་ཆ་སྣ་ཚོགས་གཟེངས་པ་བསྐལ་པའི་མེ་དཔུང་འབར་བས་སྟེང་དུ་བརྒྱབས་ནས༔ དུག་གི་མྱོས་བསྐལ་པའི་མེས་བསྲེགས་ཐལ་བ་བུན་གྱིས་སོང་༔ ཁྲོ་ཆུང་ཐམས་ཅད་ཚུར་འདུས་ནས་ཁྲོ་བོའི་གུར་ཞལ་ཕྱིར་གཟིགས་ནས་སྲུང་ཟློག་གི་ལས་མཛད་པར་བསྒོམས་ལ༔ ཟློག་གཞུང་འདོན་ནོ༔ ཨྠྀི༔ ཞེས་སྔགས་ནག་རཱ་ག་ཨ་སྱས་མན་ངག་དང་ཞལ་ཤེས་བསྡེབས་ནས་བསྒྲིགས་པའོ༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེའི་སྒོ་དབྱེ་གསེར་སྐྱེམས།
འཇམ་དཔལ་གཤིན་རྗེའི་སྒོ་དབྱེ་གསེར་སྐྱེམས་བཞུགས་པའི་དབུ་ཕྱོགས་ལགས་སོ༔
དེ་ནས་གསེར་སྐྱེམས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨ་མྲྀ་ཏེ་སོགས། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ ཧཱུྃ༔ ང་ནི་དཔལ་ཆེན་གཤིན་རྗེའི་གཤེད༔ ང་ནི་དཔལ་ཆེན་ཁྲག་འཐུང་གཙོ༔ ང་ཡིས་མི་འདུལ་གང་ཡང་མེད༔ དེ་རིང་ལས་བཞིའི་ཕྲིན་ལས་བསྒྲུབ༔ རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ༔ འབྲུ་བཅུད་སྟོང་སྦྱར་སྙིང་ཁུ་དང་༔ རིན་ཆེན་སྨན་གཏོར་ཛ་གད་བཅས༔ བདུད་རྩི་གསེར་
སྐྱེམས་དམ་པ་འདི༔ རྡོ་རྗེ་འཆང་ཆེན་མན་ཆད་ནས༔ རྩ་བར་བརྒྱུད་པའི་བཀའ་བརྒྱུད་རྣམས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ དེ་རིང་གཟུ་དང་དཔང་པོ་མཛོད༔ རྒྱུད་སྡེ་བཞི་ལ་སོགས་པ་ཡི༔ ཡི་དམ་ཆོས་སྐྱོང་མཁའ་འགྲོའི་ཚོགས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ༔ དཔལ་ཆེན་གཤིན་རྗེའི་གཤེད་པོ་དང་༔ བཀའ་སྡོད་ཕོ་ཉ་ཡང་སྤྲུལ་བཅས་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ བར་ཆད་རྐྱེན་རྣམས་བཟློག་པར་མཛོད༔ ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་
སྲུང་༔ དྲི་ཟ་སྟོང་གི་གཙོ་བོ་སྟེ སྟོན་པའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ཀུན༔ ཤར་ཕྱོགས་ཤེལ་སྒོ་དཀར་པོ་ཕྱེས༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཁུག་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ རིན་ཆེན་གསེར་སྐྱེམས་འདི་བཞེས་ལ་དམར་ཆེན་དྲག་པོའི་གཏོར་ཟོར་དང་༔ མདོས་ལམ་ཟོར་ལམ་དགྲ་ལ་བྷྱོ༔ ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ གཤིན་རྗེ་སྟོང་གི་གཙོ་བོ་སྟེ༔ སྟོན་པའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཀུན༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས དམའ་བ་རྣམས་ཀྱིས་དབུ་ཁུག་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག རིན་ཆེན་གསེར་སྐྱེམས་འདི་བཞེས་ལ༔ དམར་ཆེན་དྲག་པོའི་གཏོར་ཟོར་དང་༔ མདོས་ལམ་ཟོར་ལམ་དགྲ་ལ་བྱོ༔ ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ གྲུལ་བུམ་སྟོང་གི་གཙོ་བོ་སྟེ༔ སྟོན་པའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་
ཕྱིར༔ ནུབ་ཕྱོགས་གྲུལ་བུམ་གདོན་ཚོགས་ཀུན༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས དམའ་བ་རྣམས་ཀྱིས་དབུ་ཁུག་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག རིན་ཆེན་གསེར་སྐྱེམས་འདི་བཞེས་ལ༔ དམར་ཆེན་དྲག་པོའི་གཏོར་ཟོར་དང་༔ མདོས་ལམ་ཟོར་ལམ་དགྲ་ལ་བྷྱོ༔ ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ གནོད་སྦྱིན་སྟོང་གི་གཙོ་བོ་སྟེ༔ སྟོན་པའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་ཕྱིར༔ བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ཀུན༔ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས དམའ་བ་རྣམས་ཀྱིས་དབུ་ཁུག་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ རིན་ཆེན་གསེར་སྐྱེམས་འདི་བཞེས་ལ༔ དམར་ཆེན་དྲག་པོའི་གཏོར་ཟོར་དང་༔ མདོས་ལམ་ཟོར་ལོམ་དགྲ་ལ་བྷྱོ༔ ཧཱུྃ༔ རྒྱལ་ཆེན་བཞི་དང་སྒོ་བ་བཞི༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅས༔ རིན་ཆེན་གསེར་སྐྱེམས་འདི་བཞེས་ལ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག མཐོ་བ་རྣམས་ཀྱིས་ཞབས་
ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཁུག་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ རིན་ཆེན་གསེར་སྐྱེམས་འདི་བཞེས་ལ༔ དམར་ཆེན་དྲག་པོའི་གཏོར་ཟོར་དང་༔ མདོས་ལམ་ཟོར་ལམ་དགྲ་ལ་བྷྱོ༔ ཧཱུྃ༔ ནམ་མཁའི་ལྷ་དམག་དབང་བསྒྱུར་བའི༔ ཡེ་ཤེས་གཤིན་རྗེའི་དམག་དཔུང་དང་༔ ཧཱུྃ༔ བར་སྣང་གཉན་དམག་དབང་བསྒྱུར་བའི༔ ལས་ཀྱི་གཤིན་རྗེའི་དམག་དཔུང་དང་༔ འོག་ཕྱོགས་ཀླུ་དམག་དབང་བསྒྱུར་བའི༔ འཇིག་རྟེན་གཤིན་རྗེའི་དམག་དཔུང་རྣམས༔ སྟོང་ཁམས་ཀུན་ལ་དབང་བསྒྱུར་བའི༔ ལྷ་སྲིན་སྡེ་བརྒྱད་དམག་དཔུང་དང་༔ རིན་ཆེན་གསེར་སྐྱེམས་འདི་བཞེས་ལ༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ དམར་ཆེན་དྲག་པོའི་གཏོར་ཟོར་དང་༔ མདོས་ལམ་ཟོར་ལམ་དགྲ་ལ་བྷྱོ༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས༔ བར་ཆད་གདོན་བགེགས་ཞི་བ་དང་༔ སྡང་དགྲའི་ཐོག་ཏུ་དམག་སྣ་དྲོངས༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ ཅེས་བརྗོད་གསེར་སྐྱེམས་འབུལ་ཞིང་སྒོ་དབྱེའོ༔ ཨ་རཱ་གས་མཛད་པའོ་- ༈ དེ་ནས་ནང་དུ་ལོག་མདོས་ཀྱི་ཕྱོགས་བཞིར་དཔལ་འབར་ལྔ་སྒྲོན་ཅིང་ཕོ་བྲང་ནང་སྒོ་
དབྱེ་བ་ནི༔ ཧཱུྃ༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི་ཕོ་བྲང་ནང་གི་ཤར་སྒོ་ནས༔ སྒོ་བ་སྙིང་འབྱིན་དཀར་པོ་དང་༔ ཡུམ་ནི་བདུད་མོ་རོ་ལངས་མ༔ ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ༔ ཧཱུྃ༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི ཕོ་བྲང་ནང་གི་ལྷོ་སྒོ་ནས༔ སྒོ་བ་མགོན་པོ་ནག་པོ་དང་༔ ཡུམ་ཆེན་ལྷ་མོ་བྷེ་ཏ་ལི༔ ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ ལྷོ་སྒོ་གསེར་སྒོ་སེར་པོ་ཕྱེས༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱབ༔ ཧཱུྃ༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ ཕོ་བྲང་ནང་གི་ནུབ་སྒོ་ནས་སྒོ་བ་ཡབ་རྗེ་ནག་པོ་དང་༔ སྒོ་མ་རོ་ལངས་ཐལ་མདོག་མས༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཁྲོ་ཆུ་དུག་གདོང་གི༔ ཕོ་བྲང་ནང་གི་བྱང་སྒོ་ནས། གནོད་སྦྱིན་དམར་པོ་མེ་རུ་རྩེ༔ སྒོ་མ་བསེ་གདོང་རོ་ལངས་མས༔ ཐབས་ཤེས་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས༔ གཏོར་ཟོར་དགྲ་བགེགས་སྟེང་དུ་
རྒྱོབ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག༔ སྒོ་བས་སྒོ་ཕྱེས་ཤ་ར་རཿ༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག་འཕྲང་པས་འཕྲང་སོལ་སི་ལི་ལི༔ གཏོར་ཟོར་གཉེན་པོ་འདི་འཕེན་ན༔ སྟེང་གི་ལྷ་རྣམས་ཞབས་སྐུམས་ཤིག༔ འོག་གི་ཀླུ་རྣམས་དབུ་ཁུག་ཅིག བར་གྱི་བཙན་རྣམས་སྐུ་གཟུར་ཅིག༔ གཏོར་མ་འདི་ཡི་ཟོར་འཕེན་ན༔ བསྐུལ་ལོ་དེ་ནི་ཕྱོགས་མ་མཆིས༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས༔ གསེར་སྐྱེམས་འདི་བཞེས་དམག་ལ་ཆོས༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ གཏོར་ཟོར་རྦད་དོ་ཤ་ར་ར༔ ཁྲག་ཟོར་ནད་རླངས་ཀྱི་ལི་ལི༔ དུར་ཟོར་དྲི་ངད་སྤུངས་སེ་སྤུང་༔ ཡུངས་བོར་མདའ་ལྟར་ཏ་ལ་ལ༔ མཚེ་ཟོར་དམར་པོ་ཟངས་སེ་ཟང་༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨནྡྷཾ་སོགས་ནས་ཤབྡའི་བར༔ སྨན་རཀ་རྣམས་ལ་ཁཱ་ཧི་སྦྱར་ནས་འབུལ༔ དེ་ནས་ལྷ་ཚོགས་རྣམས་ནམ་མཁར་བཏེགས་ནས༔ འཇམ་དཔལ་ཁྲོ་ཆུའི་ལྷ་ཚོགས༔ མདོས་གཏོར་ལ་བརྟེན་པ་རྣམས༔ བཛྲ་ས་མཱ་ཛ༔ ཨ་སྤོ་ར་ཎ་བཛྲ་ས་མ་ཡ་ཛ༔ ཞེས་བརྗོད་མེ་ཏོག་འཐོར་བཀྲ་ཤིས་བསྡུས་
ཙམ་བྱེད༔ དེ་ནས་གཏོར་ཆེན་གདན་ནག་པོར་དཔག་ནས༔ གསོ་བྲན་གསར་དུ་བྱས་ལ་བཀུག་གཞུག་དྲག་ཏུ་བྱ་ཞིང་༔ ལྷ་ཚོགས་རྣམས་དམིགས་ཏེ༔ སྦྱིན་པའི་ཚུལ་དུ་ཁཱ་ཧི་བྱས་ནས་གཏོར་ཆུང་མང་དུ་བཤམས་ལ་གཏོར་རྫོང་བྱ་༈ གཏོར་ཕྱོགས་ཟློག་ཞལ་སྒྱུར་ནས༔ ཆད་ཐོ་བཏང་འཆམས་གཏོར་ཟློག་དཔག་ནས༔ ༈ ཆོས་སྐྱོང་ཆུང་བ་རྣམས་སྔོན་དུ༔ ཆེ་བ་རྣམས་རྗེས་ནས་འདོན༔ གཏོར་རྫོངས་རྒྱས་བསྡུས་གང་འོས་བྱ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེ་ཁྲོ་ཆུའི་གཏོར་རྫོངས་གདུག་པ་ཟིལ་གནོན་གནམ་ལྕགས་འབར་བ།
གཤིན་རྗེ་ཁྲོ་ཆུའི་གཏོར་རྫོངས་གདུག་པ་ཟིལ་གནོན་གནམ་ལྕགས་འབར་བ་བཞུགས་སོ༔
ཨེ༔ དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་ནས། །ཚ་གྲང་མཚོན་ཆ་དུག་ཕུར་བསྐལ་པའི་མེ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཁྲི་སྟེང་ནས། །བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྤྲུལ་པ། །འཇམ་དཔལ་གཤིན་རྗེ་རིགས་གསུམ་འདུས་པའི་སྐུ། །གཤེད་ཆེན་ཤན་པ་སྲོག་བདག་འབུམ་གྱི་མཚན། །གཤིན་རྗེ་ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་
ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེ་ངན་བར་ཆད་བཟློག་པའི་དུས་ལ་བབ་། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཨེ་སྐུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །གཤིན་རྗེ་འཆི་བདག་ནག་པོ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་
བསྒྲལ་བའི་ཕྲིན་ལས་མཛོད། །ཀྱེ་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཨེ། སྐུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །གཤིན་རྗེ་ཚེ་བདག་ནག་པོ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད་། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཨེ། སྐུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །གཤིན་རྗེ་སྲོག་བདག་ནག་པོ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་
བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཨེ། ཕྲིན་ལས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །གཤིན་རྗེ་བེ་བྷ་སྭ་ཏ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཨེ། ཕྲིན་ལས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །གཤིན་རྗེ་ཟ་བ་ལྗང་ནག་གཤེགས་སུ་གསོལ། །དམ་རྫ་ས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་
ཅོལ་བའི་ཕྲིན་ལས་མཛོད། །ཨེ། ཕྲིན་ལས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །མཐའ་སྡུད་ཡ་མ་རཱ་ཙ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བསྐལ་པ་མེ་ལྟར་འབར་བའི་ད་ལ་ནས། །གཤེད་ཆེན་ཡབ་ཡུམ་རྣམ་བརྒྱད་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཀེང་རུས་རི་ལྟར་སྤུངས་བའི་དཀྱིལ་འཁོར་
ནས། །མོན་པ་ཡབ་ཡུམ་རྣམ་བརྒྱད་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད་། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཁྲག་ཞག་རྦ་ཀློང་འཁྲུགས་པའི་དཀྱིལ་འཁོར་ནས། །བདུད་པོ་ཡབ་ཡུམ་རྣམ་བརྒྱད་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །སྒལ་ཚིགས་རི་ལྟར་སྤུངས་པའི་དཀྱིལ་འཁོར་ནས། །འཆི་བདག་ཆེན་པོ་བཅུ་གཉིས་གཤེགས་སུ་
གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཙི་ཏྟ་རི་ལྟར་སྤུངས་བའི་ད་ལ་ནས། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་གཤེགས་སུ་གསོལ། །དམ་རྫ་ས་ཕྱི་ནང་གསང་བའི་མཆོད་པ་འབུལ། དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །སྣང་སྲིད་དབང་དུ་འདུས་པའི་ད་ལ་ནས། །དྲེགས་པ་སྒོ་བ་ཡབ་ཡུམ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་
བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མཚོན་ཆ་བུ་ཡུག་འཚུབ་པའི་ད་ལ་ནས། །ཤན་པ་རུ་ཏྲ་སྡེ་བཞི་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །རྩ་སྔགས་མཇུག་ཏུ། ཤན་པ་ནག་པོ། དུག་སྡོང་ཆེན་པོ། ཀུན་སྒྲོལ་ཆེན་པོ། ཡ་མ་ནག་པོ། སྤྱི་གཤེད་ཆེན་པོ། འཆི་བདག་བྱེ་བ་དགུ་འབུམ་དང་བཅས་པའི་ཞལ་དུ་མ་ཧཱ་མཱི་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཀེ་ནི་རི་
ཏི་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། གནོད་བྱེད་དགྲ་བགེགས་འཁོར་དང་བཅས་པའི་ཤ་ཁྲག་དོན་སྙིང་དབང་པོ་རྣམ་ལྔ་ལ་ཁ་རཾ་ཁཱ་ཧི། ཞེས་གཏོར་མ་བཅུ་བཞི་རེ་རེ་བཞིན་འབུལ་ལོ། །མདོས་ཀྱི་ཕྱི་རིམ་ནས་དམར་གཏོར་ཅུང་ཟད་ཆེ་བ་གཅིག་དང་ཆུང་བ་བཅུ་བཞི་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། ཕུད་རྒོད་ཀྱིས་བྲན་ལ་འགུགས་གཞུག་བྱ་བ་ནི། ཨེ། གཏོར་སྣོད་གྲུ་གསུམ་སོགས། མི་ནོར་འཁོར་དང་བཅས་པ་ལ་ཁཱ་ཧི་ཁཱ་ཧིའི་བར་བརྗོད། དེ་ནས་བསྐུལ་རེ་དང་གཏོར་ཆུང་རེ་སྦྲགས་ལ་འབུལ་ལོ། །ཞེས་པ་འདི་ནི་རིན་པོ་ཆེ་རཱ་ག་ཨ་སྱས་ལྗགས་ཁྲིད་ཇི་ལྟ་བར་སློབ་མ་བིརྱ་སཱ་ག་རས་མགྱོགས་པར་བྲིས་པའོ། མང་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེའི་ཟློག་བརྒྱ་གསོག་ཐབས་བསྡུས་པ།
གཤིན་རྗེའི་ཟློག་བརྒྱ་གསོག་ཐབས་བསྡུས་པ་བཞུགས་སོ།། ཨེ་ཡ་བྷྱོ༔ དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་ནས། །ཚ་གྲང་མཚོན་ཆ་དུག་ཕུར་བསྐལ་པའི་མེ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཁྲི་སྟེང་ནས། །ལས་ཀྱི་གཤིན་རྗེ་རིགས་གསུམ་འདུས་པའི་སྐུ། །གཤེད་ཆེན་ཤན་པ་སྲོག་བདག་འབུམ་གྱིས་མཚན། །གཤིན་རྗེ་ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་གཉིས་མེད་སྤྲུལ། །གཤིན་རྗེ་འཁོར་དང་བཅས་པ་གཤེགས་སུ་གསོལ། །དམ་རྫ་ས་སྨན་རཀ་ལ་སོགས་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །དངོས་གྲུབ་མ་ལུས་དགྱེས་བཞིན་མྱུར་དུ་སྩོལ། །རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ། །བན་ཁྱད་བོན་བྱད་བཟློག་པའི་དུས་ལ་བབ། །ཆག་ཆེན་ཉམ་ང་བཟློག་པའི་དུས་ལ་བབ། །རླུང་འཁོར་ཕྲ་མེན་བཟློག་པའི་དུས་ལ་བབ། །ངག་མནན་གཏད་སེལ་བ་ཟློག་པའི་དུས་ལ་བབ། །རྦོད་གཏོང་གཏོར་ཁ་བཟློག་པའི་དུས་ལ་
བབ། །ཟ་འདྲེ་ཤི་སྲི་བཟློག་པའི་དུས་ལ་བབ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཤིན་རྗེའི་ཟློག་བརྒྱའི་འགྲེས་བྱང་། ༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་གསེར་སྐྱེམས་དམག་བསྐུལ་གཅིག་དྲིལ།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་གསེར་སྐྱེམས་དམག་བསྐུལ་གཅིག་དྲིལ་བཞུགས་སོ། །རྣལ་འབྱོར་པ་བདག་གི་གཙང་མ་ཕུད་ཀྱི་གསེར་སྐྱེམས་དམ་རྫས་བདུད་རྩིའི་མཉེས་མཆོད་འདི་བཞེས་ལ། ཡེ་ཤེས་ཀྱི་སྤྱན་ཕྱེས། ཐུགས་དམ་གྱི་རྒྱུད་བསྐུལ། སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས། མགྱོགས་པའི་རྟ་ཆིབས། དམག་གི་དཔུང་བསྐྱེད་ལ། མདོས་ཡས་ལམ་ཕྱེས། གཏོར་ཟོར་ལམ་ཕྱེས། སྡང་དགྲ་གནོད་བྱེད་ཀྱི་སྟེང་དུ། དམག་ལ་ཆོས། དཔའ་ཡ་གྱིས་དཔུང་རོག་བྱིས། རྣམ་འབྱོར་བདག་གིས་དྲག་པོའི་ལས་བྱེད། ཞིང་ཆེན་གྱི་རྔ་བརྡུང་། བཀྲག་ཆེན་གྱི་དར་ཕྱར། དམར་པོའི་ཁྲག་ཕྱར། རྣོན་པོའི་ཟོར་འཕེན། དྲག་པོའི་ཧོམ་སྦར། མདོས་དང་ཟློག་པ་བཏང་བ་ཡིན་པས། ཁྱེད་རྣམས་ལ་ཕོད་བཙུགས་པ་དང་དོ་བསྡོ་བ་མ་ཡིན་། དམར་ཆེན་གྱི་གཏོར་མ་འཕེན་པ་ལ། ཁྱེད་རྣམས་ཡ་མ་ང་ཕྲག་མ་དོག མཐོ་བ་རྣམས་ཀྱིས་ཞབས་སྐུམས། དམའ་བ་རྣམས་ཀྱིས་དབུ་སྨོད། གཡས་སུ་འདུག་པ་གཡས་སུ་གཟུར། གཡོན་དུ་འདུག་པ་གཡོན་དུ་གཟུར། ཐད་དུ་འདུག་པ་ཐད་དུ་གཟུར། མདོས་ལམ་ཡས་ལམ་ཟོར་ལམ་
ཕྱེས་། གཞན་ཡང་མདོས་ཀྱི་དཔུང་ཕུལ། གླུད་ཀྱི་སྐྱེལ་མ། ཡས་ཀྱི་ཟོར་ཟློག །གཏོར་ཁ་ཟོར་ཁ་རླུང་ཁ་ཐམས་ཅད་དགྲ་བོ་བྱད་མ་འདྲེ་གདོན་གྱི་སྟེང་དུ་བསྒྱུར་བའི་ཕྲིན་ལས་མཛོད་ཅིག་།འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ཡབ་ཡུམ་ལྷ་ཚོགས་འཁོར་དང་བཅས་པ། སྐུ་སྤྲུལ་འཆི་བདག་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ། །གསུང་སྤྲུལ་ཚེ་བདག་དམར་པོའི་ལྷ་ཚོགས་འཁོར་དང་བཅས་པ། ཐུགས་སྤྲུལ་སྲོག་བདག་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ། ཡོན་ཏན་སྤྲུལ་པ་བེ་བྷ་སྭ་ཏ་ལྷ་ཚོགས་འཁོར་དང་བཅས་པ། ཕྲིན་ལས་སྤྲུལ་པ་ཟ་བ་ལྗང་དམར་གྱི་ལྷ་ཚོགས་འཁོར་དང་བཅས་པ། གཉིས་མེད་ཀྱི་སྤྲུལ་པ་ཡ་མ་རཱ་ཙའི་ལྷ་ཚོགས་འཁོར་དང་བཅས་པ། དམ་ཅན་ཆོས་ཀྱི་རྒྱལ་པོ་གཤེད་ཆེན་སྡེ་བཞི། མོན་པ་སྡེ་བཞི་ཡབ་ཡུམ། བདུད་པོ་ཡབ་ཡུམ་བརྒྱད། འཆི་བདག་གཤིན་རྗེ་བཅུ་གཉིས། དུག་གསུམ་ལས་ཀྱི་གཤིན་རྗེ་གསུམ། སྒོ་བ་དྲེགས་པ་སྡེ་བཞི་ཡབ་ཡུམ། ལས་མཁན་བདུད་པོ་སྡེ་བཞི། ལས་བྱེད་རུ་ཊ་སྡེ་བཞི། མོན་པ་ཡབ་ཡུམ་བཅུ་གཉིས། ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ།
གནམ་ལྕགས་རྒྱ་གྲམ་འབར་བ། རུས་སྦལ་ནག་པོ་བདུན། ལྕགས་ཀྱི་སྡིག་པ་བདུན། བསེ་ཡི་སྦལ་པ་བདུན། དུག་གི་ཕག་རྒོད་བདུན། བྱ་ནག་བདུན། ཁྱི་ནག་བདུན། དུག་སྦྲུལ་བདུན། གཡུ་ཡི་སྤྱང་མོ་བདུན། གསེར་གཡུ་མཆོང་དང་ལྕགས་ཀྱི་སྦྲང་བུ་། འཆི་བདག་བྱེ་བ་དགུ་འབུམ། དམ་ཅན་གཤིན་རྗེའི་དམག་ཚོགས་འཁོར་དང་བཅས་པ་གཏེར་བདག་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། གཏེར་སྲུང་བདུད་པོ་ལྕམ་དྲལ། བཀའ་སྲུང་བ་འཇུག་ནག་པོ། ཀླུ་རྒྱལ་བཱ་སུ་དྷ་ར། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱིས་དམིགས་པའི་སྡང་དགྲ་གནོད་བྱེད་བྱད་མ་འཁོར་དང་བཅས་པའི་སྟེང་དུ་དམག་སྣ་དྲོངས། དམག་མཚོར་རྒྱོབས། རུ་མཚོན་ཕྱོར། དམ་ཉམས་དགྲ་བགེགས་བྱད་མ་དགྲ་རྐུན་ཇག་གསུམ་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག ཨེ་མ་སྤྱི་འཇོམས་ཁྲོ་ཆུ་དུག་གདོང་གི །གསེར་སྐྱེམས་དམག་བསྐུལ་བསྡུས་པ་གཅིག་དྲིལ་འདི། །བྱི་བ་ཟླ་བའི་བདུད་ཉི་དུས། །གྲྭ་སློབ་ཀུན་ལ་བོན་གྱི་བྱད་ཁ་དང་། །སྡེ་བརྒྱད་ཀྱི་གནོད་པ་བྱུང་བས། ཟོར་གྱི་སྣ་སེལ་དུ། ཨ་རཱ་གས་སྦྱར་རོ། །མདོས་སོགས་གཞན་ལ་སྦྱར་ན་འགལ་
བ་མེད། །རྒྱུད་གཞུང་ཀུན་གྱི་ནང་ནས་བསྒྲིགས་པ་འདི། །འདི་བྲིས་ཉེས་པ་གང་མཆིས་པ། །བཅོམ་ལྡན་འཇམ་དཔལ་ཉིད་ལ་བཤགས། །དགེ་བས་ཟབ་གཏེར་བསྟན་དང་བསྟན་འཛིན་ལ། །བར་ཆད་མེད་ཅིང་བྱང་ཆུབ་འགྲུབ་ཕྱིར་བསྔོ། ཤམ༔ རྒྱ་རྒྱ་རྒྱ༔ ༣༢༢ཉྩ་སྨུཔཧབརཛྫཐུ།ཉ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གྱི་གཏོར་ཟློག་གི་གསེར་སྐྱེམས་སྒོ་དབྱེ་ཟོར་ལས།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གྱི་གཏོར་ཟློག་གི་གསེར་སྐྱེམས་སྒོ་དབྱེ་ཟོར་ལས་བཞུགས་སོ། །
འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །གཏོར་མདོས་ཀྱི་སྒོ་དབྱེ་བྱ་བ་ནི། དང་པོ་དཀར་གཏོར་བསྔོ། དེ་ནས་གསེར་སྐྱེམ་བྱིན་རླབས་ལ། །ཕྱོགས་མཚམས་ཀུན་ཏུ་གདོང་ཕྱོགས་ལ་མཆོད་ཅིང་། ཧོ༔ གཙང་མ་ཕུད་ཀྱི་གསེར་སྐྱེམས། དམ་རྫས་བདུད་རྩིའི་དགྱེས་མཆོད་འདི་བཞེས་ལ། ཡེ་ཤེས་ཀྱི་སྤྱན་དབྱེ། ཐུགས་དམ་གྱི་རྒྱུད་བསྐུལ། སྲ་བའི་གོ་གྱོན། མགྱོགས་པའི་རྟ་ཆིབས། སྡང་དགྲ་གདོན་བགེགས་སྟེང་དུ་དམགས་ལ་ཆོས། དཔལ་ཡ་གྱིས། །དཔུང་གྲོགས་གྱིས། རྣལ་འབྱོར་བདག་གི་ཞིང་ཆེན་གྱི་རྔ་བརྡུང་། བཀྲག་ཆེན་གྱི་དར་ཕྱར། དམར་པོའི་ཁྲག་
མཆོད་། རྣོན་པོའི་ཟོར་འཕེན། དྲག་པོའི་ཧོར་སྦར། མདོས་དང་གཏོར་མ་གཏོང་བ་ཡིན་པས། ཁྱེད་རྣམས་རུ་མ་ང་དང་ཕྲག་མ་དོག །མཐོ་བ་རྣམས་ཀྱིས་ཞབས་བསྐུམ། བར་མ་རྣམས་ཀྱིས་དབུ་བཟུར། མདོས་ལམ་ཡས་ལམ་ཕོར་ལམ་ཕྱེས། གཞན་ཡང་མདོས་ཀྱི་དཔུང་ཕུལ། གླུད་ཀྱི་སྐྱེལ་མ། ཡས་ཀྱི་བྱོལ་བཟློག །གཏོར་ཁ་ཟོར་ཁ་རླུང་ཁ་ཐམས་ཅད་སྡང་དགྲ་གནོད་བྱེད་ཀྱི་སྟེང་དུ་བསྒྱུར་བའི་ཕྲིན་ལས་མཛོད་ཅིག །ཧཱུཾ། ཤར་གྱི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་ལྷ་སྲིན་མཁའ་འགྲོ་གཟའ། །ཡུལ་ལྷ་གཞི་བདག་དྲག་རྩལ་
ཅན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག །བར་མ་རྣམས་ཀྱིས་སྐུ་བཟུར་ཅིག ། མདོས་ལམ་ཡས་ལམ་ཟོར་ལམ་ཕྱེས། །ཟོར་ཁ་རླུང་ཁ་དགྲ་ལ་བསྒྱུར། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཧཱུཾ། ལྷོ་ཡི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་ལྷ་སྲིན་མཁའ་འགྲོ་གཟའ། །ཡུལ་ལྷ་གཞི་བདག་དྲག་རྩལ་ཅན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག །བར་མ་རྣམས་ཀྱིས་སྐུ་བཟུར་ཅིག །མདོས་ལམ་ཡས་ལམ་ཟོར་ལམ་ཕྱེས། །ཟོར་ཁ་རླུང་ཁ་དགྲ་ལ་བསྒྱུར། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། ཧཱུཾ;་།ནུབ་ཀྱི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་ལྷ་སྲིན་མཁའ་འགྲོ་གཟའ། །ཡུལ་ལྷ་གཞི་བདག་དྲག་རྩལ་ཅན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག །བར་མི་རྣམས་ཀྱིས་སྐུ་བཟུར་ཅིག །མདོས་ལམ་ཡས་ལམ་ཟོར་ལམ་ཕྱེས། །ཟོར་ཁ་རླུང་ཁ་དགྲ་ལ་
བསྒྱུར་། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཧཱུྃ། བྱང་གི་ཕྱོགས་ན་གནས་པ་ཡི། །ཕྱོགས་སྐྱོང་ལྷ་སྲིན་མཁའ་འགྲོ་གཟའ། །ཡུལ་ལྷ་གཞི་བདག་དྲག་རྩལ་ཅན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག །བར་མ་རྣམས་ཀྱིས་སྐུ་བཟུར་ཅིག །མདོས་ལམ་ཡས་ལམ་ཟོར་ལམ་ཕྱེས། །ཟོར་ཁ་རླུང་ཁ་དགྲ་ལ་བསྒྱུར། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཧཱུཾ། ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། བྱང་ཤར་མཚམས་ན་གནས་པ་ཡི། །ཕྱོགས་སྐྱོང་ལྷ་སྲིན་མཁའ་འགྲོ་གཟའ། །ཡུལ་ལྷ་གཞི་བདག་དྲག་རྩལ་ཅན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག །བར་མ་རྣམས་ཀྱིས་སྐུ་བཟུར་ཅིག །མདོས་ལམ་ཡས་ལམ་ཟོར་ལམ་ཕྱེས། །ཟོར་ཁ་རླུང་ཁ་དགྲ་ལ་བསྒྱུར། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཧཱུྃ། སྟེང་དང་འོག་གི་ཕྱོགས་དང་ནི། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཕྱོགས་སྐྱོང་ལྷ་སྲིན་མཁའ་འགྲོ་གཟའ། །
ཡུལ་ལྷ་གཞི་བདག་དྲག་རྩལ་ཅན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག །བར་མ་རྣམས་ཀྱིས་སྐུ་བཟུར་ཅིག །མདོས་ལམ་ཡས་ལམ་ཟོར་ལམ་ཕྱེས། །ཟོར་ཁ་རླུང་ཁ་དགྲ་ལ་བསྒྱུར། །རྣ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཅེས་གསེར་སྐྱེམ་ཕྱོགས་མཚམས་བརྒྱད་དུ་གཏོར་བར་བྱའོ།། ༈ དེ་ནས་མདོས་ཀྱི་སྒོ་དབྱེ་བ་ནི། སྒོ་གཙང་བཞི་ཤབ་ཅིང་གསེར་སྐྱེམ་མཆོད་དོ། །ཀྱེ། སྒོ་བ་དྲེགས་པ་སྡེ་བཞི་ཡབ་ཡུམ་རྣམས། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་ཕྱེས། །དཀྱིལ་འཁོར་ལྷ་ཚོགས་ནམ་མཁའི་མཐའ་ལ་གཤེགས། །རྩ་རྒྱུད་བླ་མས་དབྱིངས་ནས་མཁྱེན་དགོངས་གསོལ་། །འཇམ་དཔལ་ལྷ་ཚོགས་དམག་དཔུང་རྒྱབ་རྟེན་མཛོད། །གཤིན་རྗེ་ཁྲོ་ཆུས་ལྷ་ཚོགས་དམག་ལ་ཆོས། །ལྷ་སྲིན་དྲེགས་པའི་ཚོགས་ཀྱིས་དམག་སྣ་དྲོངས། །གནོད་བྱེད་དགྲ་སྡེ་གཞོམ་པའི་ལས་མཛོད་ཅིག །ཅེས་གསེར་སྐྱེམས་མཆོད། ཕོ་བྲང་སྒོ་བཞི་ཕྱེས་ནས་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་འབུལ་བའི་ཕྱོགས་སུ་ཞལ་གྲུ་ནས། སྐུ་ལས་མེ་དཔུང་དང་མཚོན་དང་དུག་རླངས་ཁྲོ་ཆུང་
གི་ཚོགས་འཕྲོས་པས་སྟོང་གསུམ་ཀུན་ཀྱང་ཡམ་ཡམ་ཤིག་ཤིག་བྱེད་པར་བསམ། གཏོར་མདོས་ཕྱིར་དཔག །སླར་ཡང་གཏོར་མདོས་ལས་ཀྱི་གཤིན་རྗེ་འཁོར་དྲེགས་པ་སྡེ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ། རྩ་སྔགས་ལ་ཟོར་སྔགས་བཏགས་པ་ཅུང་ཟད་བཟླ། གཏོར་རྫོངས་བྱ། གཏོར་མདོས་འབུལ་སར་སླེབ་པ་དང་དཀར་གཏོར་བསྔོ། སྲིད་པ་ཧོ་ཡི་རྒྱབ་ཡིག་བསྒྲགས། ཟོར་ལིང་ལ་བཀུག་གཞུགས་དང་མཁྱེན་གསོལ་བྱས་ལ་གསེར་སྐྱེམས་མཆོད་དོ། །ཞེས་ཟོར་རྣམས་གཞུང་བཞིན་འཕང་།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟོར་ལས།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟོར་ལས་བཞུགས་སོ༔
དེ་ནས་གཟུ་དཔང་བྱ་བ་ནི༔ ཕུད་ཕྱོགས་བཅུར་གཏོར་ལ་འདི་སྐད་དོ༔ བྷྱོ༔ བདག་ནི་མ་ཉེས་མ་ལེན་ནོ༔ དུས་གསུམ་བདེ་གཤེགས་ཞི་ཁྲོ་ཆོས་སྐྱོང་དང་༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་གཞི་བདག་རྣམས༔ རང་རང་གནས་ནས་དམ་རྫས་ཕུད་བཞེས་ལ༔ གཟུ་དང་དཔང་མཛོད་མཁྱེན་པའི་ཐུགས་་ཀྱིས་དགོངས༔ བདག་གིས་སྒྲུབ་པའི་དྲག་པོའི་ཐུན་ཟོར་འདི༔ སྟེང་འོག་ཕྱོགས་མཚམས་ཀུན་ལ་བཞུགས་པ་ཡི༔ ལྷ་ཀླུ་གཞི་བདག་རྣམས་ལ་མི་འཕེན་ནོ༔ གནོད་བྱེད་དགྲ་བགེགས་འདི་ལ་འཕེན་བསམས་པས༔ གདུག་སེམས་མ་འཆང་བདག་གི་སྡོང་གྲོགས་
མཛོད༔ ཕྱོགས་བཞིར་བཞུགས་པའི་ཕོ་ཉ་སྒོ་སྲུང་ནི༔ བྱ་རྒོད་སྟག་དང་ཀང་ཀ་སྤྱང་མགོ་ཅན༔ རང་རང་ཕྱག་རྒྱས་ཕྱོགས་བཞིའི་སྒོ་ཕྱེས་ལ༔ གནོད་བྱེད་དགྲ་དང་བགེགས་ལ་ཟོར་སྣ་དྲོངས༔ དགྲ་བགེགས་བར་ཆད་ཐལ་བ་རྡུལ་དུ་རློགས༔ དེ་ནས་ཟོར་སྣ་སྒྱུར་ལ་སྐྱེས་བུ་གོ་ཆ་དང་མཚོན་ཆ་ཅན་རྣམས་ཀྱིས་བསོ་སྒྲ་དང་བཅས་པ༔ དང་པོ་ཟོར་གྱི་སྣ་འདྲེན་སྒོང་ཟོར་འཕེན་པ་ནི༔ སྒོང་ཟོར་ཐོགས་ལ་འདི་སྐད་དོ༔ བྷྱོ༔ སྲིད་པའི་བྱ་སྒོང་ཟླུམ་པོ་འདྲིལ་བའི་དབུས༔ བྲ་བོ་སྲན་མ་ཚྭ་དང་ཐལ་ཆེན་དང་ཀ་གཙོང་བཙོད་རམ་བལ་ཚོན་ལ་སོགས་པ༔ ངན་པའི་རྫས་ཀྱིས་ཟོར་གྱི་སྣ་
དྲོངས་ལ༔ སྲིད་སྡེའི་མི་ཁ་བྲ་མཆུ་ངན་པ་རྣམས༔ བསྟན་པ་བཤིགས་པའི་དགྲ་དང་བགེགས་ལ་ཟོར༔ རྩ་སྔགས་ཤམ་དུ༔ ཨཱ་མི་ཁ་ཧུར་ཐུ་རྦད་རྦད་དྲིལ་དྲིལ་ཐུ་ཐུ་ཤིག་ཤིག་བྷྱོ་བྷྱོ་ཟློག་ཟློག་སྒྱུར་སྒྱུར༔ ཁྲམ་ཟོར་ཐོགས་ལ༔ བྷྱོ༔ ཡ་མ་རཱ་ཙ་གཤིན་རྗེ་སྲོག་གི་བདག༔ སྲིད་པ་ཁྲམ་ཐོགས་གཤིན་རྗེའི་ཕོ་ཉ་རྣམས༔ སྔ་དགྲ་བདར་བའི་སྲོག་ལ་ཁྲམ་ཟོར་རྒྱབ༔ ཤོ་རྩིས་ཁྲམ་གྱིས་སྲོག་རྩ་རབ་དཀྲུགས་ནས༔ དགྲ་དཔུང་བདུན་རྒྱུད་རྩད་ཆོད་ཁྲམ་ལ་ཐོབ༔ རྩ་སྔགས་ཤམ་དུ༔ ཡ་མ་རཱ་ཙ་ཡ་བྷྱོ་ཛ༔ དགྲ་བགེགས་ཧུར་ཐུ་མཱ་ར་ཡ་ཆད༔ མདའ་ཟོར་ཐོགས་ལ༔ བྷྱོ༔ སྲོག་གཟན་དམར་པོ་ཚེ་བདག་བཙན་གྱི་གཙོ༔ སྲིད་པ་མདའ་ཐོག་བཙན་གྱི་དམག་དཔུང་རྣམས༔ ཕྱི་དགྲ་བསམ་པའི་སྙིང་ལ་མདའ་ཟོར་རྒྱོབ གྲི་ཐབས་གཟེར་ནད་རྩ་ཡི་རྒྱུད་དཀྲུག་སྟེ ཕོ་རྩ་མོ་རྩ་རྩད་ནས་ཆོད་པར་གྱིས༔ རྩ་སྔགས་ལ༔ ཨ་བྷི་ཀྵ་ཛ་བྷྱོ༔ དགྲ་བགེགས་ཧུར་ཐུ་མཱ་ར་ཡ་ཆད༔ ཁྲག་ཟོར་ཐོགས་ལ༔ བྷྱོ༔ ཨེ་ཀ་ཙ་ཏི་མ་མོ་ནད་ཀྱི་བདག༔ སྲིད་པ་རིམས་བདག་མ་མོའི་དམག་ཚོགས་རྣམས༔ ད་དགྲ་སྦྱོར་བའི་ལུས་ལ་ཁྲག་ཟོར་རྒྱོབ༔ འདུ་བ་རྣམ་བཞིས་ཁོང་
ནས་རབ་དཀྲུག་སྟེ༔ རྒྱུ་ལུས་གཟུག་ཕུང་རྡུལ་དུ་བརླག་པར་གྱིས༔ རྩ་སྔགས་ལ༔ ཨེ་ཀ་ཙ་ཏི་ཏྲག་རཀྵ་ཁ་ཐུན་བྷྱོ༔ དགྲ་བགེགས་ཧུར་ཐུ་མཱ་ར་ཡ་ཆད༔ རྡོ་ཟོར་ཐོགས་ལ༔ བྷྱོ༔ རྐོས་རྗེ་དྲང་དཀར་འཆི་བདག་བདུད་ཀྱི་གཙོ༔ སྲིད་པ་ཞགས་ཐོགས་བདུད་ཀྱི་ཕོ་ཉ་རྣམས༔ བསྟན་པ་བཤིག་པའི་དགྲ་ལ་རྡོ་ཟོར་རྒྱོབ༔ བླ་ཚེ་སྲོག་དབུགས་ཀུན་གཞིའི་རྒྱུད་དཀྲུག་སྟེ༔ ཁ་ཕུང་རྗེས་མེད་ཐལ་བ་རླུང་ལ་བསྐུར་རྩ་སྔགས་ཤམ༔ དུ་ཁྲག་དུ་ཛ་བྷྱོ༔ དགྲ་བགེགས་ཧུར་ཐུ་མཱ་ར་ཡ་ཆད༔ ཀོང་ཟོར་ཐོགས་ལ ཧཱུྃ༔ ཡབ་གཅིག་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ གཟི་བརྗིད་དྲག་སྟོབས་རྔམ་པའི་གཏུལ་ཞུགས་ཅན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་ལས་འདས༔ དོ་ནུབ་དྲག་པོའི་ཟོར་གྱི་ཕྲིན་ལས་མཛོད༔ ཕུང་བྱེད་གདུག་པ་དྲག་པོའི་ས་སྣ་ལ༔ ཀོང་ཟོར་དམར་ནག་གྲུ་གསུམ་འཇིགས་པའི་ནང་༔ མདའ་འཕང་ནམ་རྒྱང་དམར་གཏོར་ཉུང་རྩང་གིས༔ བདུད་དང་ས་བདག་གཤིན་རྗེའི་ཆད་པ་ཟློག མཚེ་ཉུང་མར་མེ་སྤོས་དང་དུད་པ་ཡིས༔ མཁའ་འགྲོ་རྒྱལ་འགོང་གནོད་སྦྱིན་ཆད་པ་ཟློག ཤ་ཁྲག་སྦགས་ཆེར་
ཕབ་དང་དུག་སྣ་ཡིས༔ ཐེའུ་རང་གཟའ་དང་འགོང་པོའི་ཆད་པ་ཟློག གུ་གུལ་རྡ་ཚིལ་རམ་དང་བལ་ཚོན་གྱིས༔ བཙན་དང་ཀླུ་བདུད་ལྷ་ཡི་ཆད་པ་ཟློག༔ དྲག་པོའི་ཏིང་འཛིན་སྔགས་དང་འཕྲོ་འདུ་ཡིས༔ སྔགས་ཟོར་དལ་ཡམས་ཐམས་ཅད་དགྲ་ལ་ཟློག༔ བྷྱོ༔ ལེགས་ལྡན་ནག་པོ་མགོན་པོ་ཡོངས་ཀྱི་གཙོ༔ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས༔ དབང་ཕྱུག་རེ་ཏི་མ་མོ་ཡོངས་ཀྱི་དཔོན༔ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས༔ ཁྱབ་མཇུག་ཆེན་པོ་གཟའ་རྣམས་ཡོངས་ཀྱི་གཙོ༔ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས༔ རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱའི་ཚོགས༔ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས༔ དགྲ་བླ་པེ་དཀར་སྲོག་བདག་འབུམ་དང་བཅས༔ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས༔ ཀླུ་བདུད་མགོ་དགུ་ས་བདག་འབུམ་གྱི་གཙོ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས༔ སྟེང་འོག་ཕྱོགས་མཚམས་ཆོས་སྐྱོང་འབུམ་སྡེའི་ཚོགས༔ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས༔ བྷྱོ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དམག་ཚོགས་རྣམས༔ དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུགས སྔ་དགྲ་བདར་བ་
ཕྱི་དགྲ་སེམས་པ་དང་༔ ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ནི་དྲི་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ཤམ་བུར༔ ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག ས་ག་དུ་ན་ཟློག༔ ཙ་དུར་སྙིང་ན་ཟློག རྭ་ཙ་དུ་ན་ཟློག༔ སུམ་ཏྲི་རཀྵ་ཟློག བྱད་ཟོར་ཕུར་ཁ་ཐམས་ཅད་དགྲ་ལ་བྷྱོ་ཟློག༔ ཅེས་དམིགས་པ་དང་བཅས་པས་ཟློག་སྔགས་བཟླ་ཞིང་ཉ་བོ་ལ་ཟོར་བརྡེགས་པས༔ ཕུང་པོ་ལུས་སེམས་རྡུལ་དུ་བརླགས་པར་བསམ༔ དེ་ནས་གཞན་ཟོར་ལྷག་རྣམས་ཕྱོགས་མཚམས་སུ་འཕངས་བས་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བྱད་ཁ་ཐམས་ཅད་བཟློག་པར་བསམ་མོ༔ དེ་ལྟར་དམིགས་པ་གསལ་ཞིང་ངར་དང་ལྡན་པ་གཅེས་སོ༔ རུ་ཏྲའི་སྙིང་ཟོར་སྡེ་བཞི་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱེད་ཀྱི་བཀའ་ཉན་ལས་བྱེད་ཤན་པ་ནི༔ ཤར་གྱི་ཕྱོགས་ཀྱི་རུ་ཏྲ་དཀར་པོ་ནི༔ ཁྲག་ཟོར་འཕོངས་ཤིག་དགྲ་བགེགས་སྲོག་ལ་ཡ༔ ཉིན་གྱི་ལས་བྱེད་མར་མར་མེར་གྱི་བདག༔ དགྲ་བགེགས་ཕོ་རྒྱུད་བརླག་པའི་དུས་ལ་བབ༔ མཚན་གྱི་ལས་བྱེད་རཾ་རཾ་རུམ་གྱི་རྗེ༔ དགྲ་བགེགས་མོ་རྒྱུད་བརླག་པའི་
དུས་ལ་བབ༔ ཤན་པ་རུ་ཏྲ་སྡེ་བཞི་ཡབ་ཡུམ་ནི༔ དམར་ཆེན་ཁྲག་གི་གཏོར་མ་འདི་བཞེས་ལ༔ བྱད་མ་ཁ་ལ་ཟ་ཟ་དུས་ལ་བབ༔ དགྲ་བགེགས་བྱད་མ་རང་ཤ་རང་གིས་ཟོ༔ དགྲ་བགེགས་བྱད་མ་རང་སྲོག་རང་གིས་ཆོད༔ དགྲ་བགེགས་བྱད་མ་རང་མཚོན་རང་ལ་རྒྱོབ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱེད་ཀྱི་བཀའ་ཉན་ལས་བྱེད་ཤན་པ་ནི༔ ལྷོ་ཡི་ཕྱོགས་ནས་རུ་ཏྲ་སེར་པོ་ནི༔ ཁྲག་ཟོར་འཕོངས་ཤིག་དགྲ་བགེགས་སྲོག་ལ་ཡཱ༔ ཉིན་གྱི་ལས་བྱེད་མར་མར་མེར་གྱི་བདག༔ དགྲ་བགེགས་ཕོ་རྒྱུད་བརླག་པའི་དུས་ལ་བབ༔ མཚན་གྱི་ལས་བྱེད་རཾ་རཾ་རུམ་གྱི་རྗེ༔ དགྲ་བགེགས་མོ་རྒྱུད་བརླག་པའི་དུས་ལ་བབ༔ ཤན་པ་རུ་ཏྲ་སྡེ་བཞི་ཡབ་ཡུམ་ནི༔ དམར་ཆེན་ཁྲག་གི་གཏོར་མ་འདི་བཞེས་ལ༔ བྱད་མ་ཁ་ལ་ཟ་ཟ་དུས་ལ་བབ༔ དགྲ་བགེགས་བྱད་མ་རང་ཤ་རང་གིས་ཟོ༔ དགྲ་བགེགས་བྱད་མ་རང་སྲོག་རང་གིས་ཆོད༔ དགྲ་བགེགས་བྱད་མ་རང་མཚོན་རང་ལ་རྒྱོབ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ རྣལ་འབྱོར་
བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱེད་ཀྱི་བཀའ་ཉན་ལས་བྱེད་ཤན་པ་ནི༔ ནུབ་ཀྱི་ཕྱོགས་ནས་རུ་ཏྲ་དམར་པོ་ནི༔ ཁྲག་ཟོར་འཕོངས་ཤིག་དགྲ་བགེགས་སྲོག་ལ་ཡཱ༔ ཉིན་གྱི་ལས་བྱེད་མར་མར་མེར་གྱི་བདག༔ དགྲ་བགེགས་ཕོ་རྒྱུད་བརླག་པའི་དུས་ལ་བབ༔ མཚན་གྱི་ལས་བྱེད་རཾ་རཾ་རུམ་གྱི་རྗེ༔ དགྲ་བགེགས་མོ་རྒྱུད་བརླག་པའི་དུས་ལ་བབ༔ ཤན་པ་རུ་ཏྲ་སྡེ་བཞི་ཡབ་ཡུམ་ནི༔ དམར་ཆེན་ཁྲག་གི་གཏོར་མ་འདི་བཞེས་ལ༔ བྱད་མ་ཁ་ལ་ཟ་ཟ་དུས་ལ་བབ༔ དགྲ་བགེགས་བྱད་མ་རང་ཤ་རང་གིས་ཟོ༔ དགྲ་བགེགས་བྱད་མ་རང་སྲོག་རང་གིས་ཆོད༔ དགྲ་བགེགས་བྱད་མ་རང་མཚོན་རང་ལ་རྒྱོབ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱེད་ཀྱི་བཀའ་ཉན་ལས་བྱེད་ཤན་པ་ནི༔ བྱང་གི་ཕྱོགས་ནས་རུ་ཏྲ་ལྗང་གུ་ནི༔ ཁྲག་ཟོར་འཕོངས་ཤིག་དགྲ་བགེགས་སྲོག་ལ་ཡཱ༔ ཉིན་གྱི་ལས་བྱེད་མར་མར་མེར་གྱི་བདག༔ དགྲ་བགེགས་ཕོ་རྒྱུད་བརླག་པའི་
དུས་ལ་བབ༔ མཚན་གྱིས་ལས་བྱེད་རཾ་རཾ་རུམ་གྱི་རྗེ༔ དགྲ་བགེགས་མོ་རྒྱུད་བརླག་པའི་དུས་ལ་བབ༔ ཤན་པ་རུ་ཏྲ་སྡེ་བཞི་ཡབ་ཡུམ་ནི༔ དམར་ཆེན་ཁྲག་གི་གཏོར་མ་འདི་བཞེས་ལ༔ བྱད་མ་ཁ་ལ་ཟ་ཟ་དུས་ལ་བབ༔ དགྲ་བགེགས་བྱད་མ་རང་ཤ་རིང་གིས་ཟོ༔ དགྲ་བགེགས་བྱད་མ་རང་སྲོག་རང་གིས་ཆོད༔ དགྲ་བགེགས་བྱད་མ་རང་མཚོན་རང་ལ་རྒྱོབ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལྕགས་སམ་བྷནྡྷའི་སྣོད་ཡངས་ས༔ འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས༔ དྲག་པོའི་བཤོས་བུ་ཟུར་གསུམ་བཞེངས༔ མདའ་མདུང་མཚེ་ཉུང་རྩང་གིས་བརྒྱན༔ མྱོས་བྱེད་དུག་དང་ཁྲག་སྣས་བྱུག༔ རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ༔ ངོས་ལ་ཞེ་སྡང་མེ་དཔུང་འབར༔ འོག་ནས་གཏི་མུག་མུན་པ་འཐིབ༔ རྩེ་མོར་མཚོན་ཆ་བུ་ཡུག་འཚུབ༔ རྐེད་པར་གཤིན་རྗེའི་དམག་དཔུང་འཐིབ༔ འཕང་བ་གཤིན་རྗེ་ཉིད་ཀྱིས་འཕངས་རྒྱབ་པ་དམ་ཉམས་དགྲ་ལ་བརྒྱབ༔ དགྲ་ཁམས་ཐལ་བ་རྡུལ་དུ་རློགས༔ དགོངས་སུ་གསོལ་བ་ནི༔ ཧོ་དགོངས་སུ་གསོལ་ལོ༔ ལན་
གསུམ༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག ལས་ཀྱི་གཤིན་རྗེའི་ཞིང་ཁམས༔ འབྱུང་བ་ཚ་གྲངས་འཁྲུགས་པའི་གནས་ནས༔ དམ་ཅན་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་༔ སྐུའི་སྤྲུལ་པ་འཆི་བདག་ནག་པོ༔ གསུང་གི་སྤྲུལ་པ་ཚེ་བདག་དམར་པོ༔ ཐུགས་ཀྱི་སྤྲུལ་པ་སྲོག་བདག་ནག་པོ༔ ཡོན་ཏན་སྤྲུལ་གྱི་སྤྲུལ་པ་བི་བྷ་སྭ་ཏ༔ ཕྲིན་ལས་ཀྱི་སྤྲུལ་པ་ཟ་བ་ལྗང་ནག༔ གཉིས་མེད་ཀྱི་སྤྲུལ་པ་ཡ་མ་རཱ་ཛ༔ གཤེད་ཆེན་སྡེ་བཞི༔ མོན་པ་སྡེ་བཞི༔ བདུད་པོ་སྡེ་བཞི་འཆི་བདག་བཅུ་གཉིས༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུ མོ་གཤེད་སུམ་བརྒྱ་དྲུག་ཅུ༔ སྒོ་བ་དྲེགས་པ་སྡེ་བཞི་སྲོག་གཅོད་རུ་ཏྲ་སྡེ་བཞི༔ བྱ་ནག་བདུན༔ ཁྱི་ནག་བདུན༔ སྦྲུལ་ནག་བདུན༔ སྡིག་པ་བདུན༔ རུས་སྦལ་བདུན༔ ཕག་རྒོད་བདུན༔ མོན་ཕོ་དྲུག༔ མོན་མོ་དྲུག༔ འཆི་བདག་བྱེ་བ་དགུ་འབུམ་གྱི་དམག་ཚོགས༔ འཇིགས་པའི་ཆ་ལུགས་དང་ལྡན་པ༔ དྲག་པོའི་ང་རོ་དང་ལྡན་པ༔ གདུག་པའི་ཞེ་སྡང་དང་ལྡན་པ་མེ་ལྕེ་བས་ཚ་བ༔ སྤུ་གྲི་བས་རྣོ་བ༔ གློག་དམར་བས་མྱུར་པ༔ ཐོག་རྒོད་བས་དྲག་པ༔ སྲིད་པ་གསུམ་
གྱི་སྲོག་ལ་དབང་བསྒྱུར་བ་ཁྱེད་རྣམས་ཀྱིས ཉི་ཟླ་ཙམ་གྱི་སྤྱན་བསྒྲད༔ གནམ་ས་ཙམ་གྱི་ཞལ་གདངས གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗག་སྐྱོངས་ལ་སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ དོ་བསྔོ་ཞིང་འགྲས་ཚོལ་བ༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ༔ གནོད་ཅིང་འཚེ་བའི་གདོན་བགེགས༔ གཟུགས་ལིང་ག་ལ་བྲིས་པ༔ མིང་བྱང་བུ་ལ་བཏབ་པ༔ དམ་ཉམས་ཡིད་ལ་བརྣག་པའི་དགྲ་བགེགས་འདི་ལོ་དང་ཟླ་བར་མ་བཞག༔ ཞག་དང་ཟ་མར་མ་འགོར་བར་ད་ལྟ་ཉིད་དུ་བཞེས་སུ་གསོལ་ལོ༔ རྒྱས་པར་ན་འདིའོ༔ བླ་འཁོར་ལོ་ལ་བསྐོར་བ༔ དགྲ་ཡ་དང་གྱོད་ཡ་བྱས་པ༔ འཛིངས་ཡ་དང་འཁོན་ཡ་བྱས་པ༔ འགྲས་ཡ་དང་རྩོད་ཡ་བྱས་པ༔ ཁ་འོ་མས་འཇམ་པ༔ སྙིང་ཚེར་མས་རྩུབ་པ༔ སྲུང་བའི་ལེ་གུ་ལྷ་ལོག བསླབ་པའི་སློབ་བུ་དམ་ལོག༔ བཞག་པའི་བྲན་ཁོལ་སྙིང་རིང་༔ རུས་ཀྱི་ཕ་ཚན་རྒྱབ་ལོག༔ བཅོས་པའི་ནད་པ་སོས་ལོག༔ གཏམ་པའི་ཤག་རོགས་མནའ་ཟན༔ བསྟན་པའི་མགོ་དཔོན་ཁྲེལ་མེད༔ བཀའ་ལ་འཁུ་བ༔ དམ་
ལས་ལོག་པའི་དགྲ་འདྲེ་བྱད་མ༔ གཟུགས་ལིངྒ་ལ་བྲིས་པ༔ མིང་བྱང་བུ་ལ་བཏབ་པ༔ དམ་ཉམས་ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་འདི༔ ལོ་དང་ཟླ་བར་མ་བཞག་ཞག་དང་ཟ་མར་མ་འགོར་བར་ད་ལྟ་ཉིད་དུ་བཞེས་ཤིག༔ ཅེས་གཏོར་ཆེན་ནམ་ཡང་ན་ཟོར་ཆེན་འཕེན་ནོ༔ ༈ ཞེས་ཟོར་རྣམས་སྨྲེང་བཟློག་སྔགས་བཟླས་བཅས་རིམ་བཞིན་འཕང་ལ་ཟོར་ལིང་ག་ལ་བརྡེགས༔ ཟོར་ཆེན་སྒོང་ཟོར་ཐོགས་ལ༔ ཧོ༔ དགོངས་སུ་གསོལ་ལོ༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག༔ ལས་ཀྱི་གཤིན་རྗེའི་ཞིང་ཁམས་། འབྱུང་བ་ཚ་གྲང་འཐབ་པའི་གནས་ནས། དམ་ཅན་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་། སྐུའི་སྤྲུལ་པ་འཆི་བདག་ནག་པོ། གསུང་གི་སྤྲུལ་པ་ཚེ་བདག་དམར་པོ། ཐུགས་ཀྱི་སྤྲུལ་པ་སྲོག་བདག་ནག་པོ༔ ཡོན་ཏན་གྱི་སྤྲུལ་པ་བེ་བྷ་སྭ་ཏ། ཕྲིན་ལས་ཀྱི་སྤྲུལ་པ་ཟ་བ་ལྗང་ནག །གཉིས་མེད་ཀྱི་སྤྲུལ་པ་ཡ་མ་རཱ་ཙ། ཡུམ་དུག་ཏི་ནག་མོ། གཤེད་ཆེན་སྡེ་བཞི། མོན་པ་སྡེ་བཞི༔ བདུད་པོ་སྡེ་བཞི། འཆི་བདག་བཅུ་གཉིས། ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ། སྒོ་བ་དྲེགས་པ་སྡེ་བཞི། སྲོག་གཅོད་རུ་ཏྲ་སྡེ་བཞི། བྱ་
ནག་བདུན། ཁྱི་ནག་བདུན། སྦྲུལ་ནག་བདུན། སྡིག་པ་བདུན་། རུས་སྦལ་བདུན། ཕག་རྒོད་བདུན། མོན་ཕོ་དྲུག །མོན་མོ་དྲུག །འཆི་བདག་བྱེ་བ་དགུ་འབུམ་གྱི་དམག་ཚོགས། འཇིགས་པའི་ཆ་ལུགས་དང་ལྡན་པ། དྲག་པོའི་ང་རོ་དང་ལྡན་པ། གདུག་པའི་ཞེ་སྡང་དང་ལྡན་པ། མེ་ལྕེ་བས་ཚ་བ། སྤུ་གྲི་བས་རྣོ་བ། གློག་དམར་བས་མྱུར་བ། ཐོག་རྒོད་བས་དྲག་པ། དུག་མདའ་བས་གཟིར་བ། སྲིད་པ་གསུམ་གྱི་སྲོག་ལ་དབང་བསྒྱུར་བ་ཁྱེད་རྣམས་ཀྱིས། ཉི་ཟླ་ཙམ་གྱི་སྤྱན་བསྒྲད། གངས་རི་ཙམ་གྱི་མཆེ་བ་གཙིགས། གློག་དམར་ཙམ་གྱི་ལྗགས་རྐྱངས་ལ། སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲྭ། དོ་བསྔོ་ཞིང་འགྲས་ཚོལ་བ། རྣལ་འབྱོར་པ་བདག་གི་སྒོས་དགྲ། བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ། གནོད་ཅིང་འཚེ་བའི་གདོན་བགེགས། གཟུགས་ལིང་ག་ལ་བྲིས་པ། མིང་བྱང་དམར་ལ་བཀོད་པ། དགྲ་ཡ་དང་གྱོད་ཡ་བྱེད་པ། འཛིངས་ཡ་དང་འཁོན་ཡ་བྱེད་པ། འགྲས་ཡ་དང་རྩོད་ཡ་བྱེད་པ། ཁ་འོ་མས་འཇམས་པ། སྙིང་ཚེར་བས་རྩུབ་པ། སྲུང་བའི་ལེ་གུ་ལྷ་ལོག །བསླབ་པའི་སློབ་བུ་དམ་ལོག་
བཞག་པའི་བྲན་ཁོལ་སྙིང་རིང་། རུས་ཀྱི་ཕ་ཚན་རྒྱབ་ལོག །བཅོས་པའི་ནད་པ་སོས་ལོག གཏམ་པའི་ཤག་རོག་མནའ་ཟན། བསྟན་པའི་འགོ་དཔོན་ཁྲེལ་མེད། བཀའ་ལས་འཁུ་བ་དམ་ལས་ལྡོག་པ་རྣམས་དང་། གཞན་ཡང་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས། ཕོ་སྲི་རི་བོའི་རྩེ་ནས་ལང་བ། མོ་སྲི་རྒྱ་མཚོའི་འགྲམ་ནས་ལང་བ། ཆུང་སྲི་རྩིག་པའི་གསིང་ནས་ལང་བ། དགྲ་སྲི་ལ་བཙས་སྟེང་ནས་ལང་བ། གོད་སྲི་ར་བའི་མཐིལ་ནས་ལྡང་བ། གཤིད་སྲི་དུར་ཁྲོད་ཀྱི་གླིང་ནས་ལྡང་བ། སྲིད་པའི་འདྲེ་དགུ་གཙུག་ལག་གི་གདོན་བཅུ་ལ་སོགས་པའི་དགྲ་བགེགས་གཟུགས་ལིང་ག་ལ་བྲིས་པ། མིང་བྱང་བུ་ལ་བཏབ་པའི་དམ་ཉམས་ཡིད་ལ་བརྣག་པའི་དགྲ་བོ་བྱད་མ་འདི་རྣམས་ལོ་དང་ཟླ་བར་མ་བཞག་དང་། ཞག་དང་ཟ་མར་མ་འགྱང་བར་ད་ལྟ་ཉིད་དུ་བཞེས་ཤིག །ཅེས་ཟོར་འཕངས་དར་ནག་བརྡབས། གོས་མགོ་མཇུག་ལྡོག་ལ་བརྡབས། ཟློག་བསད་ཀྱི་སྔགས་དྲག་པོར་བཟླ། གལ་ཆེ་བའི་དབང་དུ་ན། གདོན་རྒོད་འདུལ་བ་ལ་ཁྲོ་བོ་སྡིག་བརྡབས་བྱ། བྱད་མ་འདུལ་ན་བྱད་མ་འབུམ་རྡུགས་སྤུ་གྲི་རེག་གཅོད་བྱ། དགྲ་བོ་བསྒྲལ་ན་ཉི་མ་མདུང་
གང་བྱ། མཐུ་ཟློག་བྱེད་ན་རི་རབ་སྟེང་བཟློག་བྱ། དེ་དག་གང་ལའང་གཞུང་དང་ཞལ་ཤེས་བསྡེབ་པའི་སྔགས་དམིགས་འཁྲུལ་འཁོར་ཤེསན་ལས་གང་ཡང་མི་འགྲུབ་མི་སྲིད་དེ་ཅིག་ཆར་དུ་འགྲུབ་པར་བྱའོ། །རླུང་ཁ་ཡེ་མ་གྱུ་ན་སྡེ་བརྒྱད་དར་ཆིངས་ཀྱི་དམིགས་པ་ཞལ་ལས་ཤེས། ཟོར་གྱུ་དང་མ་རྒྱུ་སྤེལ་མ་རེད་ན་བཟང་ངོ་། །གཏོར་མ་ལང་བྱུང་ན་ཆག་སྒོ་ཤིན་ཏུ་ཆེ་བ་ཡིན་པས་རིམ་གྲོ་ལུང་འདོགས། གཏོར་ལིང་བསྲེགས་ཐལ་མནན་ན། མཁའ་འགྲོ་རྒྱུ་ལྡོག་རྩི་ལ་གདོང་མི་གཏུགས། རང་ཉིད་གཤིན་རྗེར་གསལ་བའི་ཕྱག་མཚན་དགྲ་སྣ་ས་ལ་བརྒྱབས་པས་ས་གཞི་ཤགས་སེ་རལ་པའི་ནང་ནས་ལས་གཤིན་ཡ་མ་རཱ་ཙས་ཆུ་སྲིན་གྱི་ཞལ་རབ་ཏུ་གདངས་ནས་འོ་དོད་འབོད་པར་བསམས་ལ། འགུགས་གཞུག་བྱ། བསྟོད་བསྐུལ་བྱ། གཏོར་མ་འབུལ། ཐལ་ལིང་དོང་དུ་བྲུབ། མེ་ཆུ་རླུང་གིས་དགུ་རིམ་གཡོགས། དུར་གཡམ་ལ་རི་རབ་རྒྱ་གྲམ་བྲིས་པས་མནན། གཏོར་བྲོ་བརྡུངས། ལས་གྲུབ་པ་དང་རང་ལ་མི་ལྡོག་པའི་དྲག་སྔགས་ཅི་མང་བཟླའོ། །གཞན་ཡང་ལག་ལེན་ཞིབ་པ་པོད་གཞུང་དང་ཞལ་ལས་ཤེས། ཞེས་ཁྲོ་ཆུའི་གསེར་སྐྱེམས་སྒོ་དབྱེ་མི་གསལ་བས་མདོར་བསྡུས་ཉེར་མཁོའི་ལག་ལེན་བཅས། རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེའི་ཁྲོ་ཆུ་དུག་གདོང་གི་གཏོར་བྲོ་རྒྱལ་དབྱངས།
འཇམ་དཔལ་གཤིན་རྗེའི་ཁྲོ་ཆུ་དུག་གདོང་གི་གཏོར་བྲོ་རྒྱལ་དབྱངས་བཞུགས་སོ།།
སྐད་ཅིག་གིས་ས་ཡི་འོག་ནས་ལས་ཀྱི་གཤིན་རྗེ་མ་ཧེ་གླང་གི་མགོ་ཅན༔ ཁ་གནམ་ས་ཙམ་གདངས༔ མཆེ་བ་གངས་རིའི་ཕྲེང་བ་ལྟར་གཙིགས༔ ལྕེ་གློག་ལྟར་འཁྱུག་པའི་ཁ་ནང་དུ༔ གནོད་བྱེད་དགྲ་བགེགས་དམ་སྲི་སྒབ་འདྲེ་ཐམས་ཅད་ཚུད་པར་གྱུར༔ དེ་ལྟར་གསལ་བར་བསྐྱེད་ལ་བཀུག་གཞུག་ལན་གསུམ་བྱས་ནས༔ གཤིན་རྗེ་ཐམས་ཅད་ཧུར་གྱིས་ལོག་ནས༔ ས་རིམ་དགུའི་འོག་ཏུ་སོང་བའི་སྟེང་ནས༔ གཏོར་གཞོང་རྡོ་རྗེ་རྒྱ་གྲམ་རི་རབ་ཀྱི་གླིང་བཞི་དང་བཅས་པས་མནན་པའི་སྟེང་ནས༔ གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས་པས་མནན་པར་གྱུར༔ གཏོར་བྲོ་
ནི༔ ཧཱུྃ༔ དགྲ་བགེགས་བསྒྲལ་བའི་ཕུང་པོ་ལྷག་རོལ་ལ༔ ལས་ཀྱི་གཤིན་རྗེ་ཆེན་པོའི་བྲོ་བརྡུངས་བས༔ མཐིང་ནག་ཆེན་པོ་རྔམས་པའི་སྟངས་སྟབས་ཀྱིས༔ གནོད་བྱེད་ཡ་མ་དམ་སྲི་སྒབ་འདྲེ་དང་༔ བྱད་མ་རུ་ཏྲའི་ཚོགས་རྣམས་མ་ལུས་ནོན༔ ཞལ་གསུམ་ཁྲོས་པས་སྲིད་གསུམ་ཟིལ་གྱིས་གནོན༔ དབུ་གསུམ་མཆོད་རྟེན་ཁམས་གསུམ་མ་ལུས་མནན༔ སྤྱན་གསུམ་བགྲད་པས་ལྷ་སྲིན་སྡེ་བརྒྱད་མནན༔ སྤུ་གྲིའི་གཤོག་པས་བྱད་མ་རྦོད་གཏོང་མནན༔ ཆུ་སྲིན་རྔམས་ཞལ་ས་བདག་ཀླུ་གཉན་མནན༔ ཁྲོ་ཆུའི་ཕུར་པས་རུ་ཏྲ་ཕོ་མོ་མནན༔ སངས་རྒྱས་
བསྟན་ལ་གནོད་པར་བྱེད་པའི་དགྲ མཐོ་རིས་ཐར་པའི་གདོན་བགེགས་བྱད་མ་ཡི༔ དམ་སྲི་རུ་ཏྲ་དགྲ་བགེགས་ཕོ་མོ་རྣམས༔ ལས་ཀྱི་གཤིན་རྗེའི་འོག་ཏུ་མནན༔ བསྐལ་པར་ལྡང་བར་བྱེད་པར་མ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ནན༔ དགྲ་བོ་ས་ཡི་ཁམས་སུ་ནན༔ ཆུའི་ཁམས་བཻ་ནན༔ མེའི་ཁམས་རཾ་ནན༔ རླུང་གི་ཁམས་ཡཾ་ནན༔ ནམ་མཁའི་ཁམས་ལཾ་ནན༔ རྣམ་པར་ཤེས་པའི་ཁམས་སྟེ་བྷ་ཡ་ནན༔ མཱ་ར་ཡ་ནན་ནན༔ རྗེས་སུ་བཀྲ་ཤིས་སྨོན་ལམ་དང་བཅས་པ་བྱ༔ ཞེས་པ་འདི་བསེ་སྒྲོམ་སྨུག་པོ་ནས༔ གནུབས་བན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཡིས་ཁོལ་བུ་ཅུང་ནས་ཟུར་དུ་བཀོད་པའོ༔ ཟབ་རྒྱ༔ རྒྱ་རྒྱ་རྒྱ༔ དེ་ནས། རྣལ་འབྱོར་བདག་ཅག་བྱང་ཆུབ་ཆེ༔ བླ་མེད་སྒྲུབ་པའི་ས་འདི་ལ༔ ཚེ་དང་བསོད་ནམས་དཔལ་འབྱོར་བཟང་དགེ་ལེགས་ཆེན་པོས་གང་གྱུར་ཅིག༔ ཨ་ལ་ལ་ཧོ༔ ཞེས་གཏོར་སྣོད་ཡར་བསྟན་འབྲུ་འཐོར༔ ༈ རྒྱལ་དབྱངས་བྱ་བ་ནི༔ ཀྱེ༔ མངོན་སྤྱོད་ལམ་དུ་བྱ་བ་ཡི༔ རིག་འཛིན་རྣལ་འབྱོར་ཆེན་པོ་བདག ཞེ་སྡང་དགྲ་ཡི་གཡུལ་ངོ་ལས༔ ད་ནི་རྒྱལ་ལོ་རྣམ་པར་རྒྱལ༔ ཞེས་ལན་གསུམ༔ ལྷ་རྒྱལ་ལོ༔ ཞེས་ཀརྨ་ཨ་རཱ་གས་བསྒྲིགས་པའོ༔ སརྦ་མངྒ་ལཾ། ཨོཾ༔
དེ་ནས་ཐོ་བཙུགས་ནས་བྱ་ཁྱུང་གིས་སྒབ་འདྲེ་མཚམས་བཅད་པ་ནི། རང་ཕྱོགས་ཀྱི་དབུ་ལ་ཁྱུང་གསལ་བར་བསྒོམས་ལ། སྒབ་འདྲེ་མཚམས་བཅད་པར་བསམ་ལ༔ ཨོཾ་བཛྲ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ ཧཱུྃ༔ ཆེ་མཆོག་སྤྲུལ་པའི་བྱ་ཁྱུང་རྒྱལ༔ མཐུ་རྩལ་སྟོབས་ཀྱིས་སྡེ་བརྒྱད་འདུལ༔ བགེགས་དང་འབྱུང་པོའི་ཕྱི་ལམ་ཆོད༔ བཛྲ་ག་རུ་ཊ་ཡ་ཧཱུྃ་ཕཊ༔ སརྦ་བུདྡྷ་ནན༔ བྱང་ལ་ཁྲོམ་བཞི་གཡུང་དྲུང་བྲིས་ལ་བཙུགས༔ ལམ་དུ་ཕྱི་མིག་མི་ལྟ་བར་རྣམ་འཇོམས་དང་བྱུང་སྔགས་བཟླ་ཞིང་འོང་སྲོལ་ཡོད༔ ཅེས་པ་ཨ་རཱ་གས་བསྡུས་པའོ༔ སརྦ་མངྒ་ལཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེའི་ཀ་བསྟོད་བསྐུལ་པ།
དེ་ནས་གཤིན་རྗེའི་ཀ་བསྟོད་བསྐུལ་པ་ནི། ཀ་ཡེ་གསོན་དང་འཇམ་དཔལ་གཤིན་རྗེའི་གཤེད། །ཁ་དོག་དམར་དཀར་བསྐལ་པའི་མེ་དཔུང་འབར། །ག་ཤལ་དུག་སྦྲུལ་རྒྱུ་རློན་མགོ་ཕྲེང་འཕྱང་། །ང་རོ་ཧཱུཾ་ཧཱུཾ་ཕཊ་ཕཊ་འབྲུག་སྟོང་ལྡིར། །ཅ་ཅོ་རྒྱོབ་སོད་སྒྲ་སྒྲོག་གཤིན་རྗེའི་ཚོགས། །ཆ་ལུགས་མ་རུངས་འཇིགས་པའི་གཟུགས་ཅན་ལ། །ཇ་ཆང་སྨན་རཀ་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་ཐུགས་རྗེའི་འོད་དཀར་གྱིས། །ཏ་ཐཱ་ག་ཏའི་བསྟན་པ་རྒྱས་པར་མཛོད། །ཐ་མལ་རྨོངས་པའི་བསྟན་དགྲ་ལས་ངན་རྣམས། །ད་ནི་མྱུར་དུ་བསྒྲལ་བའི་དུས་ལ་བབ། །ན་མེད་དོན་ཆེན་འགགས་ལ་ཐུག་དུས་འདིར། །པ་དེ་པུ་དེའི་ཆོ་འཕྲུལ་ཅི་ལ་ཕན། །ཕ་རོལ་ལོག་པའི་དགྲ་དཔུང་རྩད་ནས་ཆོད། །བ་གླང་ལྟ་བུ་བླུན་རྨོངས་དགྲ་བོ་འདི། །མ་གཡེལ་མྱུར་དུ་ཁུག་ལ་བཙོན་དུ་ཆིངས། །ཙ་ཆེན་བཞི་ཡི་རཀྟ་དྲོངས་ལ་ཤོག །ཚ་གྲང་འདུ་བ་རྣམ་བཞི་ཁོངས་ནས་སློང་་།ཛ་ཡེའི་ཐུགས་ཀར་རྣམ་པར་ཤེས་པ་སྤོར། །ཝ་དང་སྟག་གཟིག་དབྱི་གཅན་ཤ་ལ་རོལ། །ཞ་གྲུམ་རིམས་ཡམས་ནད་ཀྱི་ཆར་པ་ཕོབ། །ཟ་བྱེད་གཤིན་རྗེའི་ཚོགས་ཀྱི་
རྔམས་ཟས་གྱིས། །འ་རེ་འུ་རེའི་འབྲུག་སྒྲོག་ཐོག་སེར་ཕོབ། །ཡ་མ་རཱ་ཙ་ལས་གཤིན་དྲུག་པོ་དང་། །ར་ཆེན་གཤིན་རྗེ་དགུ་ཁྲི་དགུ་འབུམ་དང་། །ལ་ཆེན་གཤིན་རྗེ་བདུན་བརྒྱ་ཉི་ཤུ་དང་། །ཤ་ཟ་སྲིན་པོ་དྲེགས་པ་སྡེ་བརྒྱད་ཀྱིས། །ས་ཆ་གང་དུ་འདུག་ཀྱང་དགྲ་བོ་སོད། །ཧ་ཧེ་གསང་སྔགས་བསྟན་པ་ངོ་མཚར་ཆེ། །ཨ་ལ་ལ་ཞེས་བསྟན་པ་རྒྱས་པར་མཛོད། །ཅེས་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ནག་པོའི་བསྟོད་ལས་བསྐུལ་པ་ཁྱི་ཕོ་ཕག་གི་ཟླ་བའི་ཚེས་བཅུ་ཉི་མ་ནག་པོ་ཆེན་པོའི་ཉིན་ལ་༧ སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེ་ཁྲོ་ཆུ་དུག་གདོང་ལས༔ ལིང་ག་བསྒྲལ་ལས་ཀྱི་མགོར་གསེར་སྐྱེམས།
གཤིན་རྗེ་ཁྲོ་ཆུ་དུག་གདོང་ལས༔ ལིང་ག་བསྒྲལ་ལས་ཀྱི་མགོར་གསེར་སྐྱེམས་བཞུགས་སོ༔ ཨོཾ༔ གསེར་སྐྱེམས་འབྲུ་སྣ་བླུག་པ་བཀྱག་ལ༔ ཀྱེ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་གྱི་བཙན་དང་ཆོས་སྐྱོང་དང་༔ བོནགྱི་ལྷ་སྲུང་ཕོ་ལྷ་དང་༔ དགྲ་ལྷ་འགོ་བའི་ལྷ་ལྔ་དང་༔ སྲོག་ལྷ་ཡུལ་ལྷ་མ་ལྷ་དང་༔ ཞང་ལྷ་རྩེ་ལྷ་རྩེ་སྨན་སོགས༔ ལྷ་འདྲེ་ཐམས་ཅད་མི་བཀུག་པ༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དོ་ནུབ་ང་ཡི་ལས་མཛོད་ཅིག དུས་གསུམ་རྒྱལ་བའི་བཀའ་བྱུང་གིས༔ ལུས་སེམས་འདི་རུ་མ་ཆགས་པར༔ བག་ཟོན་རང་རང་གནས་སུ་དེངས༔ བདག་ནི་མ་ཉེས་མ་གཡོས་སོ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ མ་ཉེས་མ་ཡོ་ཡེ་ཤེས་ལྷ༔ སྲིད་པའི་མ་མོ་ར་མདའ་ལྡོག༔ ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས༔ ཞལ་ལྕེ་སྣང་སྲིད་ཡོངས་ཀྱིས་ཆོད༔ དམ་ཉམས་དགྲ་བགེགས་ལས་ངན་འདི༔ བསྒྲལ་བའི་ཞིང་བཅུ་ཚང་བ་ཡིན༔ ཉམས་པ་བདུན་ལ་གཏོགས་པ་དང༔ སྐུ་དགྲ་རྣམ་ལྔར་གྱུར་པ་ལ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ དྲིན་ལེན་གཏང་རག་ཁྱོད་ལ་བཏང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་
འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་བསྒྲལ་ལས་ཉུང་བ།
འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་བསྒྲལ་ལས་ཉུང་བ་བཞུགས་སོ༔ ཐུན་ཁང་ལིང་ག་བསྐྱེད་ལ། དམིགས་བྱ་འགུགས་གཞུག་བྱས་ལ། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཆོ་འཕྲུལ་འཇམ་དཔལ་གཤིན་རྗེའི་གཤེད། །ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ལ། །ཉོན་མོངས་མ་རིག་དུག་ལྔའི་ཕུང་པོ་ལ། །བསྟན་པ་བཤིག་པའི་དགྲ་བགེགས་ལ་སོགས་པ། །མྱུར་དུ་ཁུག་ལ་བསྒྲལ་བའི་ཕྲིན་ལས་མཛོད། །དང་པོ་ཐུན་གྱིས་བསད་པ་ནི། ཡུངས་དཀར་ནག་གིས་བྲབ་ཅིང་འདི་སྐད་དོ། །།ཧཱུྃ། ང་ནི་ལས་ཀྱི་གཤིན་རྗེ་ཡིན། །དགྲ་དང་བགེགས་ཀྱི་གཉེན་པོ་ཆེ། །ཡུངས་དཀར་རྒྱལ་པོ་ཤ་རི་རཾ། །དགྲ་བགེགས་སྟེང་དུ་དབབ་པར་བྱ། །ཁྲག་ཐུན་ནད་རླངས་ཆི་ལི་ལི། །མཚེ་ཡི་མདའ་འཕེན་ཟངས་སེ་ཟང་། །གནམ་ལྕགས་ཐོག་ཆེན་ཧྲི་ལི་ལི། །ཡུངས་ཀར་རྦབ་དྲིལ་ཤ་ར་ར། །དགྲ་བགེགས་སྟེང་དུ་དབབ་པར་བྱ། །ཕུང་པོ་གཏན་ནས་བརླག་པར་བྱ། །ཞེས་ཐུན་བརྡེག དེ་ནས་ཕུར་པ་ཐོགས་ལ། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །རྡོ་རྗེ་ཕུར་པ་ཀཱི་ལ་ཡ། །སྟོད་ནི་ཁྲོ་ཆེན་འབར་བའི་ཞལ། །སྐུ་སྨད་ཟུར་གསུམ་དབལ་
དང་ལྡན། །ཆང་ཟུང་རྩེ་ནས་གློག་སྟོང་འཁྱུག །ཆུ་སྲིན་ཁ་ནས་འབྲུག་ལྟར་ལྡིར། །སྐད་ཅིག་སྲོག་དང་བྲལ་བར་གྱིས། །དེ་ནས་རལ་གྲི་ཐོགས་ལ། ཧཱུྃ། འཇིགས་བྱེད་ཆེན་པོའི་དུས་ལ་བབ། །ཉམས་པའི་དམ་ཉམས་དགྲ་དང་བགེགས། །རིངས་པར་ཁུག་ལ་བསྒྲལ་ཆུག་ཅིག །མངོན་སྤྱོད་དྲག་པོའི་དུས་ལ་བབ། །མཚོན་ཆེན་འབར་བ་ཆེན་པོ་ཡིས། །ལུས་ནི་དུམ་བུར་གཏུབ་པར་བྱ། །དབང་པོ་རྩད་ནས་གཅོད་པར་བྱ། །རྡུལ་ཕྲན་བཞིན་དུ་གཏོར་བར་བྱ། །མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག །རྡོ་རྗེའི་ཐོ་བ་ཐོགས་ལ༔ ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེ་མེ་འབར་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷའམ་འོན་ཏེ་བརླག་པར་འགྱུར། །རྡུལ་ཕྲན་བཞིན་དུ་མེད་པར་བྱ། །རིམ་པར་བཏབ་ལ་ལས་མཐའ་བསྡུའོ།། ༈ དེ་ནས་ཧོམ་ཁུང་གྲུ་གསུམ་ཚེར་མ་ཅན་གྱི་ཤིང་ལ་མེ་སྤར་ལ། གཙོ་བོ་བསྐྱེད་ལ། ཞལ་ཧོམ་ཁུང་གདངས་བའི་ནང་བསྟབ་པར་བསམས་ལ། ལིང་རོ་རྣམས་བསྲེག་པར་བྱ་སྟེ། ཧཱུྃ། འཇིགས་བྱེད་ཡ་མཱན་ཀ་ནི། །
སྲིད་པ་གསུམ་ལ་འཁོར་ལོ་བསྐོར། །འགྲོ་བ་ཀུན་གྱི་སྲོག་དབུགས་ལེན། །ཉམས་པར་གྱུར་པའི་དགྲ་དང་བགེགས། །འདི་ཡི་ལས་ཀྱིས་མཐའ་བསྡུས་ཏེ། །རྡུལ་ཕྲན་བཞིན་དུ་བརླགས་བྱས་ནས། །ཁྲོ་ཆུ་དུག་གདོང་ཞལ་དུ་བསྟབས། །འཆི་བདག་ནག་པོའི་ཞལ་དུ་བསྟབས། །ཚེ་བདག་དམར་པོའི་ཞལ་དུ་བསྟབས། །སྲོག་བདག་ནག་པོའི་ཞལ་དུ་བསྟབས། །བེ་བྷཱ་སྭ་ཏའི་ཞལ་དུ་བསྟབས། །ཟ་བ་ལྗང་དམར་ཞལ་དུ་བསྟབས། །ཡ་མ་རཱ་ཙའི་ཞལ་དུ་བསྟབས། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། ཞེས་བརྗོད། དེ་ནས་མངའ་གསོལ་ཟློག་པ་ཟོར་མདོས་སྦྱར། གཞན་ཡང་ཆོས་སྐྱོང་ཤེས་ཚད་སྐབས་འདིར་སྦྱར། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ཚོགས་ཀྱི་ལས་བྱེད་པ།
དེ་ནས་ཚོགས་ཀྱི་ལས་བྱེད་པ་ལ༔ པདྨ་ལ་སོགས་རྫས་ལག་ཏུ་བཟུང་ལ་ངག་ཏུ། ཀྱེ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱ་མི་རུང་༔ བྲམ་ཟེ་ཁྱི་དང་གདོལ་པ་གསུམ༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཨ་ཧོ་མ་ཧཱ་སུ་ཁ༔ ཞེས་བརྗོད་ལེན་པ་པོས་ཀྱང་པད་ཀོར་དང་བཅས་པས། བདེ་བར་གཤེགས་པ་ཆོས་སྐུ༔ འདོད་ཆགས་ལ་སོགས་དྲི་མ་སྤངས༔ གཟུང་དང་འཛིན་པ་རྣམ་པར་དག དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཅེས་བརྗོད་ལ་བླངསཾ༔ དེ་ནས་དཔའ་བོ་དང་རྣལ་འབྱོར་མའི་རང་བཞིན་གྱི་ངང་གིས་སྦྱིན་སྲེག་ལྟར་ལོངས་སྤྱོད༔ དེ་ནས་ལྷག་མ་བསྔོ་བ་ནི། བྱིན་རླབས་སྤྱི་མཐུན་བྱས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨས་བྷ་བ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས་ཚོགས་གཞོང་བྷནྡའི་སྣོད་ཡངས་ཤིང་རྒྱ་ཆེ་བ། ལྷག་མའི་དངོས་པོ་དེ་ཉིད། འདོད་ཡོན་གྱི་ལོངས་སྤྱོད། ཤ་ཆེན་གྱི་ཕུང་པོ། རཀྟའི་རྒྱ་མཚོ། སྟོང་གསུམ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲི༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བཀའ་བརྒྱུད་བླ་མ་ཕུད་ལ་དགྱེས༔ བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ༔ གཤིན་རྗེ་དུག་གདོང་ཚོགས་ལ་
དགྱེས༔ ཐ་མ་ལྷག་མས་མི་མཆོད་རྒྱུ འཁོར་གྱི་གཤིན་རྗེ་ལྷག་མར་དགྱེས༔ ཕུད་ལ་དགྱེས་པ་ཕུད་ལ་རོལ༔ ཚོགས་ལ་དགྱེས་པ་ཚོགས་ལ་རོལ༔ ལྷག་ལ་རོལ༔ ལྷག་མིའི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་རུ་ཏྲེ་མྱུར་དུ་སྒྲོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཆད་མདོ་བརྟན་སྐྱོང་།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཆད་མདོ་བརྟན་སྐྱོང་བཞུགས་སོ༔ ཧཱུྃ་ཧྲིབྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་ནུས་པ་ཆེན་པོའི་དབང་བསྐུར་ཞིང་༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐུར་བསྟན་ནས༔ དྲེགས་པ་རུ་ཏྲའི་སྡེ་དཔོན་བཏུལ་བའི་ཚེ༔ མ་གཤིན་དྲེགས་པའི་ཚོགས་རྣམས་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར་བ་དང་༔་བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ འཛམ་གླིང་འཕགས་ཡུལ་གངས་ཅན་ལྗོངས་རྣམས་ཀྱི༔ དུར་ཁྲོད་
བས་མཐའ་གཙུག་ལག་ཁང་རྣམས་སུ༔ འཇམ་དཔལ་གཤིན་རྗེ་པདྨ་འབྱུང་གནས་དང་༔ གནུབས་སྟོན་སངས་རྒྱས་ཡེ་ཤེས་ལ་སོགས་པའི༔ གཤིན་རྗེ་སྒྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས༔ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ བདུད་དང་མུ་སྟེགས་ཚོགས་རྣམས་བསྒྲལ་བའི་ཚེ༔་འཇམ་དཔལ་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཚད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཚད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བོར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ དམ་རྗེས་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ གསང་བའི་ཡུམ་མཆོག་མཁའ་འགྲོ་མཚོ་རྒྱལ་མས༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཐམས་ཅད་ཀྱིས༔ འདུལ་བཀའ་སྲིན་པོ་ཐབས་ཀྱིས་འདུལ་བའི་ཚེ༔ གཤིན་རྗེའི་རྣལ་འབྱོར་
ཞང་ཁྲོམ་ཆེན་པོ་ཡིས༔ གསང་བ་གཏེར་གྱི་སྒོ་མོ་ཕྱེས་པའི་ཚེ༔ བཀའ་དང་གཏེར་གྱི་སྲུང་མ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ རྣམ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བརཿ༔ དམ་རྫ་ས་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་གཟུ་དང་དཔང་མཛོད་ཅིག༔ དཀར་ཕྱོགས་སྐྱོང་བ་མ་ལུས་ཐམས་ཅད་ཀྱིས༔ རིན་ཆེན་གསེར་སྐྱེམས་དམ་པ་འདི་བཞེས་ལ༔ གཏོར་མའི་ཟོར་ལམ་དམ་པ་བསལ་དུ་གསོལ༔ མི་བཟད་རབ་འཇིགས་གཤིན་རྗེའི་དམག་དཔུང་རྣམས༔ སྲ་བའི་གོ་གྱོན་རྣོ་བའི་མཚོན་ཐོགས་ཤིང་༔ འཇིག་རྟེན་སྐད་ཅིག་ཙམ་གྱིས་བརླག་ནུས་པའི༔ གཤིན་རྗེའི་དམག་དཔུང་དགྲ་བོའི་སྟེང་དུ་བསྒྱུར བསྟན་ལ་སྡང་བའི་དགྲ་བོ་སྡིག་ཅན་འདིའི༔ མི་ནོར་ལྷ་སྲུང་ཡུལ་མཁར་བཅས་པ་ལ༔ དྲག་པོའི་གཏོར་ཟོར་མཚོན་ཆའི་
ཆར་གྱིས་ཕོབ༔ ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ དེ་ནས་གཏོར་མ་དུག་དང་མཚོན་ཆའི་ཆར་དུ་གྱུར་པས་གཤིན་རྗེའི་དམག་ཚོགས་ཐམས་ཅད་ཀྱིས་དགྲ་བགེགས་བརླག་པར་བསམ་མོ༔ དེ་ནས་བརྟན་མ་སྐྱོང་བ་ནི༔ བྷྱོ༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླང་པའི༔ བོད་ཁམས་སྐྱོང་བའི་བརྟན་མ་འཁོར་དང་བཅས༔ སྔོན་གྱི་དམ་ཚིག་གཉེན་པོ་དྲན་མཛོད་ལ༔ འདིར་བྱོན་དམ་བསྐང་མཆོད་སྦྱིན་གཏོར་མ་ལོངས༔ རྡོ་རྗེ་ཀུན་དྲག་རྡོ་རྗེ་ཡ་མ་སྐྱོང་༔ རྡོ་རྗེ་ཀུན་བཟང་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་བཞི་ཡང་འདིར་གཤེགས་གཏོར་མ་ལོངས་རྣམ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་རྗེ་གཡུ་སྒྲོན་རྡོ་རྗེ་དཔལ་གྱི་ཡུམ༔ རྡོ་རྗེ་ཀླུ་མོ་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་བུ་མོ་བཞི་ཡང་གཏོར་མ་ལོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་རྗེ་སྨན་གཅིག་རྡོ་རྗེ་བོད་ཁམས་སྐྱོང་༔ རྡོ་རྗེ་གཟུགས་ལེགས་རྡོ་རྗེ་གཡར་མོ་བསིལ༔ སྨན་མོ་བཞི་ཡང་འདི་གཤེགས་གཏོར་མ་ལོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བརྟན་མ་ཁྱེད་རྣམས་སྔོན་ཚེ་པདྨ་ཡིས༔ དབང་བསྐུར་མིང་བཏགས་དམ་ཚིག་བདུད་རྩི་བྱིན༔ མ་
འོངས་ཐར་པ་ཐོབ་པའི་ལུང་ཡང་བསྟན༔ བོད་ཁམས་ཐམས་ཅད་སྐྱོང་ཞིང་སྲུང་བ་དང་༔ མི་མཐུན་བར་ཆད་ཞི་བར་བཀའ་བསྒོས་བཞིན༔ ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟིན་བྲིས་ཆེན་པོ་རབ་གསལ་པོད་ཆུང་གི་དཀར་ཆག་ཐེམ་བྱང་།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟིན་བྲིས་ཆེན་པོ་རབ་གསལ་པོད་ཆུང་གི་དཀར་ཆག་ཐེམ་བྱང་བཞུགས་སོ༔
ན་མོ་མཉྫའི་ཡེ༔ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཁྲོ་ཆུ་དུག་གདོང་ཟིན་བྲིས་དཀར་ཆག་བཀོད། །མ་གཤིན་དྲེགས་པའི་ཚོགས་རྣམས་བཀའ་གནང་སྩོལ། །འཇམ་དཔལ་ཁྲོས་རྒྱུད་ཟླ་གསང་ནག་པོའི་རྒྱུད། །དེ་ཡི་རྒྱུད་གཞུང་ཚད་ལྡན་འཕངས་ཡུལ་དུ། །སྣང་བྱེད་འཇམ་དཔལ་བཤེས་གཉེན་ཞེས་གྲགས་པ། །ཉིད་ཀྱིས་སྤྱན་དྲངས་རྒྱུད་གཞུང་བརྡ་བཀྲོལ་ཚེ། །འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་ཞེས། །དེ་ཡི་སྒྲུབ་ཐབས་རྒྱ་གཞུང་མང་པོ་ཞིག །ཁྲག་འཐུང་ནག་པོ་པདྨ་འབྱུང་གནས་སོགས། །རྒྱ་གར་མཁས་གྲུབ་འགའ་ཡིས་གཏན་ལ་ཕབ། །བཀའ་བབ་བལ་པོ་བཱ་སུ་དྷ་རའི་
གཞུང་། །བོད་དུ་གནུབས་སྟོན་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱུད་དང་སྒྲུབ་སྐོར་དཔག་མེད་གདན་དྲངས་ནས། །སྒྲགས་ཀྱི་ཡང་རྫོང་བསྒྲུབས་པས་ལྷ་ཞལ་གཟིགས། །མཐུ་སྟོབས་དབང་གིས་བྲག་ལ་ཕུར་པ་བཏབ། །མུ་སྟེགས་བོན་སོགས་བསྟན་དགྲ་ཐམས་ཅད་བསྒྲལ། །དེ་ནས་སློབ་དཔོན་པདྨ་འབྱུང་གནས་དང་། །འཇམ་དཔལ་བཀའ་བབ་སངས་རྒྱས་ཡེ་ཤེས་ཀྱིས། གཤིན་རྗེའི་རྒྱུད་དང་སྒྲུབ་སྐོར་དཔག་མེད་ཅིག །མ་འོངས་དོན་དུ་གཏེར་ཁ་མང་ཞིག་སྦས། །གཙུག་ལག་དཔལ་དགེ་གླང་སྟོན་རིན་ཆེན་གླིང་། །དུམ་རྒྱ་ཞང་ཁྲོ་རྒྱལ་པོས་གཏེར་ནས་བཏོན། །བསྟན་པའི་དགྲ་བོ་ཐམས་ཅད་ཚར་
བཅད་དོ། །ལས་ཅན་རྣམས་ལ་ཆོས་བཀའ་སོ་སོར་གཏད། །གནུབས་སྟོན་དར་དབང་ཡ་བ་ཤཱཀ་རྡོར་དང་། །མཚུངས་མེད་ཨ་གྲགས་མཁས་གྲུབ་རིན་ཆེན་དབང་། །རྒྱལ་སྲས་སྨན་ལུང་མི་བསྐྱོད་རྡོ་རྗེ་སོགས། །མཁས་གྲུབ་མང་པོ་རྣམས་ཀྱིས་ཐུགས་དམ་མཛད། །སྙིགས་དུས་སི་ཏུ་བསོད་ནམས་རྣམ་རྒྱལ་དང་། །རིག་འཛིན་ཆེན་པོ་དབང་པོའི་སྡེ་ལ་སོགས། །སྐྱེས་ཆེན་དམ་པ་རྣམས་ཀྱིས་སྒྲུབ་པ་མཛད། །གཏེར་གཞུང་རྣམས་སུ་གབ་འཁྲུགས་ཆེ་བའི་ཕྱིར། །དེ་དག་རྣམས་ཀྱིས་གབ་བསལ་འཁྲུགས་བཅོས་ཏེ། །འདོན་འགྲིགས་ཕྱག་ལེན་ཟིན་བྲིས་མང་དུ་མཛད། །དེ་རྣམས་ཀུན་གྱི་ཕྱག་ལེན་གསལ་བའི་ཕྱིར། །འཇམ་དཔལ་ཁྲོ་ཆུའི་སྲུང་ཟློག་བསད་གསུམ་གྱི། །འདོན་འགྲིགས་ཕྱག་ལེན་ཟིན་བྲིས་མང་པོ་ཞིག །སྔགས་འཆང་རཱ་ག་ཨ་སྱ་བདག་གིས་བཀོད། །མ་འོངས་འགྲོ་ལ་ཕན་པ་ཨེ་ཡོང་སྙམ། ༈ །དེ་ནས་གཞུང་གི་འདོན་ཆ་ལ་ཕན་པའི། །རྒྱུན་ཁྱེར་སྲུང་ཟློག་བསད་གསུམ་ཁ་ཚང་ཕྱིར། །ལས་བྱང་བསྡུས་པ་གནམ་ལྕགས་གོ་མཚོན་ཡོད། །སི་ཏུས་བསྒྲིགས་པ་ལས་བྱང་རྒྱས་པ་ཡི། །ཁ་བཀང་བུ་ཡིག་སྲུང་འཁོར་འདོན་འགྲིགས་ཡོད། །བློ་དམན་སྤྲོས་བཅས་མི་ལྕོགས་བསྙེན་འདོད་ན། །གཅིག་ཆོད་གསུམ་གདམས་འདོན་བྱ་ཉུང་འདུས་
ཡོད་། །ལྷ་གྲངས་ཤེས་ཤིང་ལྷ་མང་ཚང་བའི་ཕྱིར། །བསྐང་ཟློག་བསྐུལ་རིང་གནམ་ལྕགས་རྔམ་སྒྲ་ཡོད། །དེ་རྣམས་འདོན་ཆ་སྒྲིག་ཆོག་གཞུང་གིས་བརྒྱན། །དེ་ནས་ཟིན་བྲིས་ཀ་ཐེམ་སྨོས་པ་ནང་། ༼ཀ༽ །ཡིད་ཆེས་དང་བ་དད་པ་སྐྱེ་བའི་ཕྱིར། །འཇམ་དཔལ་ལོ་རྒྱུས་ཤིན་ཏུ་གསལ་བ་ཡོད། ༼ཁ༽ །བྱིན་རླབས་དབང་ནི་ཆུ་རྒྱུན་མི་འཆད་ཕྱིར། །བླ་མ་བརྒྱུད་པ་དབང་གི་ཟིན་བྲིས་ཡོད། ༼ག༽ །སྤྲོས་བཅས་བསྙེན་སྒྲུབ་གཞུང་བཞིན་བྱ་བ་ལ། །གོང་བསྙེན་བྱ་ཚུལ་ཟིན་བྲིས་རབ་གསལ་ཡོད། ༼ང༽ །སྒྲུབ་ཆས་མི་འཛོམས་བསྙེན་པ་བྱ་འདོད་ན། །སྤྲོས་མེད་བསྙེན་ཐབས་གཅིག་ཆོག་གདམས་པ་ཡོད། ༼ཅ༽ །བསྐྱེད་ཆོག་ཟུང་འཇུག་བསྟན་དགྲ་བསྒྲལ་བ་ལ། །སྙན་བརྒྱུད་རྫོགས་རིམ་རླུང་བསྲེའི་གདམས་པ་ཡོད། ༼ཆ༽ །ལྷ་གྲངས་ཤེས་ཤིང་ལྷ་ཚོགས་གསལ་བའི་ཕྱིར། །ལྷ་ངོ་གསལ་བྱེད་ཞལ་ཁྲིད་གསལ་པ་ཡོད། ༼ཇ༽ །གསང་སྔགས་བཟླས་བརྗོད་སྔགས་འབྲུ་དག་པའི་ཕྱིར། །སྔགས་བྱང་དག་ཡིག་ཨུ་པ་དེ་ཤ་ཡོད། །༼ཉ༽ །སྲུང་ཟློག་བསད་གསུམ་སྤྱི་ཁོག་ཁྲོལ་བའི་ཕྱིར། །སྲུང་ཟློག་བསད་པ་སྤྱི་ཡི་ཁོག་དབུབ་ཡོད། ༼ཏ༽ །གཞུང་ཆེན་འདོན་འགྲིགས་གབ་འཁྲུགས་ཆེ་བའི་ཕྱིར། །འདོན་འགྲིགས་གབ་
འཁྲུགས་བསལ་བའི་ཟིན་བྲིས་ཡོད། ༼ཐ༽ །རང་གཞན་སྲུང་ཞིང་གཞན་གྱིས་མི་ཚུགས་ཕྱིར། །ལས་ཚོགས་རང་གཞན་སྲུང་བའི་ཟིན་བྲིས་ཡོད། ༼ད༽ །བཏགས་ཆོག་རྒྱལ་པོ་རང་གཞན་བ སྲུང་བའི་ཕྱིར། །སྲུང་འཁོར་བྲི་ཐབས་དཔེ་བུམ་གསལ་བ་ཡོད། ༼ན༽ །ཕ་རོལ་རྦོད་གཏོང་གནོད་པ་བཟློག་པའི་ཕྱིར། །ཟློག་པའི་མན་ངག་ཀུན་གྱི་ཟིན་བྲིས་ཡོད། ༼པ༽ །དམ་ཉམས་དགྲ་ལ་མྱུར་དུ་ཆད་པ་ན། །ཐུན་གཏོར་ཟིན་བྲིས་གབ་པ་རྣམ་གསུམ་ཡོད། ༼ཕ༽ །ལས་ཚོགས་ཐོར་བུ་འགའ་རེ་ཚང་བའི་ཕྱིར། །ལས་ཚོས་ཟིན་བྲིས་ཁ་འཐོར་སྣ་མང་ཡོད། ༼བ༽ ། རང་གཞན་དགྲ་བགེགས་བར་ཆད་བཟློག་པའི་ཕྱིར། །གཏོར་ཟློག་སྤུ་གྲི་རེག་གཅོད་བཅའ་ཐབས་ཡོད། ༼མ༽ །དྲག་སྔགས་དམིགས་པའི་འཁྲུལ་འཁོར་ཁ་བསྒྱུར་ཕྱིར། །གཏོར་ཟློག་དམིགས་པ་མཚོན་ཆའི་སྒྱོགས་ཆེན་ཡོད། ༼ཙ༽ །ཕ་རོལ་བྱད་མ་ཚན་ཆེ་མང་བ་ལ། །ཡང་ཟློག་བཅའ་ཐབས་བསད་ཁང་བཅོ་ལྔ་ཡོད། ༼ཚ༽ །བྱད་མ་རྦོད་གཏོང་མཁན་རྣམས་ཕུང་བའི་ཕྱིར། །ཡང་ཟློག་སྔགས་དམིགས་མེ་ཡི་སྤུ་གྲི་ཡོད། ༼ཛ༽ །དམ་ཉམས་དགྲ་ལ་ཆོ་འཕྲུལོ་རྟགས་ཐོན་ཕྱིར། །གཏོར་ཟོར་འཕེན་ཐབས་ནམ་མཁའི་ཐོག་བརྒྱབ་ཡོད། ༼ཝ༽ །ཆོས་སྐྱོང་དྲེགས་པའི་
སྲོག་སྔགས་བསྒྲུང་བའི་ཕྱིར། །སྔགས་སྒོམ་སྤུ་གྲི་འབར་བའི་འཁོར་ལོ་ཡོད། ༼ཞ༽ །བསྟན་ལ་ཐུག་པའི་དགྲ་བོ་བྱུང་སྲིད་ན། །སྲོག་སྒྲུབ་ཆེན་མོ་ཙིཏྟ་དམར་འབྱིན་ཡོད། ཟ་དེ་ཡི་ཕྱག་ལེན་གབ་པ་མངོན་ཕྱུང་ཕྱིར། །ལིངྒ་བྲི་ཐབས་ཞལ་ཤེས་སྣ་མང་ཡོད། ༼འ༽ །ལྷ་ཉིད་གནད་ལ་ཤིན་ཏུ་དབབ་པའི་ཕྱིར། །གནད་འབེབ་རྒྱུད་ལུང་སྲོག་རྩ་དམར་འདྲེན་ཡོད།། ༼ཡ༽ །དགྲ་བོ་དུག་གྲི་མཚོན་གྱིས་བསད་པའི་ཕྱིར། །ཐུན་གྱི་གདམས་པ་སྤུ་གྲི་རེག་གཅོད་ཡོད། །༼ར༽ །དམ་ཉམས་མྱུར་བར་བསྒྲལ་ཞིང་བསད་པའི་ཕྱིར། །བསད་པའི་ཤོག་དྲིལ་བདུད་བཞི་བརླག་ཐབས་ཡོད། ༼ལ༽ །ཕྱི་རོལ་མུ་སྟེགས་ངན་བྱེད་ཕུང་བའི་ཕྱིར། །ཁྲག་སོབ་ཕ་རོལ་ལུགས་ཀྱི་ངན་སྔགས་ཡོད། ༼ག༽ །དམ་ཉམས་དགྲ་བགེགས་རླུང་ལ་རྦད་ཆོད་ཕྱིར། །རླུང་འཁོར་རླུང་གི་སོག་ལེའི་གཞུང་ཉིད་ཡོད། ༼ས༽ །རླུང་འཁོར་ཕྱག་ལེན་གཏན་ལ་དབབ་པའི་ཕྱིར། །དེ་ཡི་བུ་ཡིག་ཡང་ཡིག་ལ་སོགས་ཡོད། ༼ཧེ༽ །སྒྲུབ་པའི་ལུས་འཇུག་ཁ་རྣམས་ཚང་བའི་ཕྱིར། །ལས་མཐའ་སྦྱིན་སྲེག་བྱ་བའི་མན་ངག་ཡོད། ༼ཨ༽ །ལས་མཐའ་དགྲ་བོ་བླ་རུས་མི་ལྡང་ཕྱིར། །མཐའ་གཏད་ལས་མཇུག་མནན་པ་བྱ་ཐབས་ཡོད། ༼ཨི༽ །སེམས་བསྐྱེད་བྱང་
ཆུབ་ལམ་དུ་འགྲོ་བའི་ཕྱིར། །ཟིན་བྲིས་བརྩམ་དོན་སྨོན་ལམ་བཅས་པ་ཡོད། །དེ་ལྟར་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི། །རྒྱུད་དང་རྒྱ་གཞུང་མན་ངག་ཉམས་ལེན་ཕྱིར། །ཟིན་བྲིས་ཆེན་མོ་རབ་གསལ་པོད་ཆུང་པོ། །དེ་ཡི་དགེ་བས་འགྲོ་རྣམས་རྨོངས་པ་ཡི། །མི་ཤེས་འཁྲུལ་པའི་དྲི་མ་རབ་བསལ་ནས། །འགྲོ་བ་ཐམས་ཅད་གསལ་བའི་ཉིན་བྱེད་ཀྱི། །གངས་ཅན་གསང་སྔགས་བསྟན་པ་གསལ་ཞིང་རྒྱས། །བསྟན་འཛིན་རྣམས་ཀྱི་བར་ཆད་བསྒྲལ་བར་ཤོག །འདི་བཀོད་གསང་བ་བསྒྲགས་པའི་ཉེས་པ་སོགས། །འཇམ་དཔལ་སྤྲུལ་པའི་ལྷ་ཚོགས་རྣམས་ལ་བཤགས། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བཅོམ་ལྡན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་རབ་ཏུ་གསལ་བ།
བཅོམ་ལྡན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལོ་རྒྱུས་ཟིན་བྲིས་མདོར་བསྡུས་རབ་ཏུ་གསལ་བ་བཞུགས་སོ།།
རྒྱ་གར་སྐད་དུ། ཙན་གུ་རྒྱ་ཀཱ་ལ་ཏན་ཨུ་པ་དེ་ཤ་ན་མ། བོད་སྐད་དུ། ཟླ་གསང་ནག་པོའི་རྒྱུད་ཀྱི་མན་ངག་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས པའི་བཀའ་འདི་ལ། །ཡི་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པས། འདིའི་ལོ་རྒྱུས་ལ་བཞི་སྟེ། ལྷ་དངོས་ཇི་ལྟར་བྱུང་ཚུལ། འཇམ་དཔལ་ཞི་ཁྲོའི་རྒྱུད་གསུངས་ཚུལ། དེའི་བཀའ་བབས་བརྒྱུད་ཚུལ། དགོས་ཆེད་དང་ཕན་ཡོན་བསྟན་པའོ། །དང་པོ་ལ་ཕྱི་ནང་གསང་བ་གསུམ་སྟེ། ཕྱི་ལྟར་ན་སྔོན་འོག་
ཕྱོགས་འཇིག་རྟེན་གྱི་ཁམས་གཤིན་རྗེ་དམྱལ་བའི་ཡུལ་དམེ་ནག་བྱ་བ་ན། ལས་ཀྱི་གཤིན་རྗེ་ཚེ་བདག་སྲོག་བདག་འཆི་བདག་གསུམ་བསྡོངས་ནས་སྐུ་གཅིག་ཏུ་བརྫུས་ཏེ་སྐྱེས་པ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ཞེས་བྱ་བ་བྱུང་སྟེ། འཁོར་ལས་ཀྱི་གཤིན་རྗེ་བྱེ་བ་དུང་ཕྱུར་དང་བཅས་པས། ཁམས་གསུམ་སྲིད་གསུམ་འགྲོ་དྲུག་སྐྱེ་འགྲོ་ཐམས་ཅད་དུས་གཅིག་ཏུ་ཟོས་ནས། གཞན་གང་གིས་ཀྱང་འདུལ་མ་ཐུབ་པའི་དུས་སུ། དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་རིགས་ལྔའི་སངས་རྒྱས་སྟོང་རྩ་གཉིས་དང་བཅས་པས། ཁོའི་དབུ་གསུམ་གྱི་ཐོག་ཏུ་མཆོད་རྟེན་གསུམ་བཞག་ནས་སྟོབས་
བཅུ་མངའ་བ་རྫུ་འཕྲུལ་ཐོགས་མེད་ཀྱིས་དབང་བསྐུར་ནས་དམ་ལ་བཏགས། རང་རྟགས་སྲོག་གི་སྙིང་པོ་མདངས་གསོལ་དུ་ཕུལ། ཕྱི་རབས་ཀྱི་སྔགས་འཆང་རྣམས་ཀྱིས་བསྒྲུབ་ན་འཇིག་རྟེན་གྱི་ཁམས་ཀྱི་ལྷ་འདྲེ་མི་གསུམ་ཐམས་ཅད་དང་ནང་པའི་ཁྱད་མ་ལྷ་སྲུང་དང་བཅས་པ། ཕྱི་པ་མུ་སྟེགས་ལ་སོགས་ཤིན་ཏུ་རྒྱ་ཆེ་བ་འབུམ་ཕྲག་རྣམས་ཀྱང་སྐད་ཅིག་དུས་གཅིག་ལ་ཞག་བདུན་ནས་མ་ལུས་པར་བཅོམ་ནས་བརླག་པར་ཁས་བླངས་དམ་བཅས་ནས། རིགས་ལྔའི་སངས་རྒྱས་སྟོང་གི་མདུན་དུ་ཐ་ཚིག་ས་མ་ཡ་ན་ར་ཀན་སྟོང་རྩ་བརྒྱད་ཀྱིས་དམ་བཅས་སོ། །ནང་ལྟར་ན་རྒྱ་གར་གྱི་ཡུལ་བྷ་ར་དྷ་ཛ་ན། མུ་སྟེགས་ཀྱི་སྟོན་པ་ཕུང་བྱེད་ནག་པོ་དང་། སྐྲ་ཡི་ལ་བ་ཅན་དང་། མིའི་སླག་པ་ཅན་ལ་སོགས་པ་མང་པོ་འདུས་ནས་སངས་རྒྱས་ཀྱི་གཙུག་ལག་ཁང་ཐམས་ཅད་ནི་བཤིགས། གླེགས་བམ་ཐམས་ཅད་ནི་མེར་བསྲེགས། ཆོས་ཀྱི་སྒྲ་ནི་གཅིག་ཀྱང་མེད་པར་བྱས་སོ། །དེར་འཇམ་དཔལ་ཐུགས་ཁྲོས་ནས་རྟ་མགྲིན་ཕྱག་རྡོར་འཇམ་དཔལ་གསུམ་གཅིག་ཏུ་བསྡུས་ནས། ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྐུ་འཇིགས་སུ་རུང་བར་བསྟན་པས། མུ་སྟེགས་པ་ཐམས་ཅད་བརྒྱལ་ནས་ཤི། མུ་སྟེགས་
ཀྱི་ཡིག་སྒྲ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ནས་མུ་སྟེགས་ཀྱི་བསྟན་པ་གཅིག་ཀྱང་མེད་པར་བྱས། སངས་རྒྱས་ཀྱི་བསྟན་པ་ནི་དར་ཞིང་རྒྱས་སོ། །གསང་བ་ལྟར་ན་ཆོས་སྐུ་ཀུན་ཁྱབ་ཀུན་ཏུ་བཟང་པོའི་ཀློང་ན། ལོངས་སྐུ་འཇམ་དཔལ་རིགས་ལྔའི་ངེས་པ་ལྔ་ལྡན་དུ་བཞུགས་པ་ལས། སྤྲུལ་སྐུ་ལས་གཤིན་ཁྲོ་ཆུ་དུག་གདོང་གི་སྐུར་སྤྲུལ་ནས། གདུག་པ་ཅན་ཐམས་ཅད་འདུལ་ཞིང་བསྟན་པ་སྲུང་བ་ཡིན་ནོ། །དེ་ལྟར་ལས་གཤིན་གསུམ་གཅིག་ཏུ་འདུས་པས་དྲག་རྩལ་གཞན་ལས་ཆེ། རིགས་གསུམ་མགོན་པོ་གཅིག་ཏུ་འདུས་པས་གང་ལའང་ཐོགས་རྡུགས་མེད། སྐུ་གསུམ་གཅིག་ཏུ་བསྡུས་པ་ཡིན་པས་རྟགས་མཚན་ཆེ་བ་ཡིན་ནོ། །གཉིས་པ་ནི། བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་ཉིད་ལ། གནས་རང་བཞིན་རྣམ་དག་གི་དུར་ཁྲོད་ལ་སོགས་པར་ཡུམ་རྡོ་རྗེ་རོ་ལངས་མ་ལ་སོགས་པས་ཞུས་པའི་ངོར། འཇམ་དཔལ་ལེའུ་ཁྲི་དྲུག་སྟོང་པ་དང་། འཇམ་དཔལ་རོལ་པའི་རྩ་རྒྱུད་དང་། ཟླ་གསང་ནག་པོའི་རྒྱུད་དང་། ཟླ་གསང་མེ་ལྕེ་ཕྲེང་བའི་རྒྱུད་དང་། ཟླ་གསང་ཟོར་བ་དམར་ནག་གི་རྒྱུད་དང་། འཇམ་དཔལ་ཁྲོས་པའི་རྒྱུད་ཅེས་བྱ་བ་ཁྲོ་ཆུ་དུག་གདོང་གི་རྒྱུད་ལ་
སོགས་པ་མཐའ་ཡས་པ་གསུངས་སོ། །རྒྱུད་དེ་རྣམས་ལྷ་མ་སྲིན་སྡེ་བརྒྱད་དང་མཁའ་འགྲོ་མ་རྣམས་ཀྱིས། རིན་པོ་ཆེ་དང་གནམ་ལྕགས་དང་རུས་པའི་སྒྲོམ་བུར་བཅུག་ནས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པ་དང་། ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་དང་། ཨོ་རྒྱན་མཁའ་འགྲོའི་གནས་དང་། རྒྱ་གར་ལྷོ་ཕྱོགས་མཆོད་རྟེན་དཀར་ཆུང་སོགས་སུ་སྦས་ནས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་གཏེར་གྱི་སྲུང་མ་བྱེད་ཅིང་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མཆོད་པ་བྱེད་དོ། །གསུམ་པ་ནི། སེང་ག་ལའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་ཉིད། རྒྱལ་པོ་དྷརྨཱ་ཨ་ཤྭ་ཀའི་བླ་མཆོད་པཎྜི་ཏ་ལྔ་བརྒྱའི་ཐ་ཆུང་ཡིན་ཏེ། ཁོང་གིས་འཇམ་དཔལ་ལ་ཡི་དམ་བྱས་ཤིང་། ༀ་ཝཱ་གི་ཤྭ་རི་ཧཱུྃ། ཞེས་ཡི་གེ་དྲུག་པ་བསྙེན་པས། དུས་ལན་གཅིག་ནས་པཎྜི་ཏ་རྣམས་སྐུ་འཆག་པའི་ལམ་དུ། འཇའ་ཚོན་སྣ་ལྔ་བྱུང་ནས་ཁོང་གི་ཐུགས་ཀར་ཐིམ་པས་སྒྲ་ཆེན་པོ་ཡང་བྱུང་ཞིང་འཇམ་དཔལ་ཞལ་མཐོང་ནས། འཇམ་དཔལ་ཞི་ཁྲོའི་ཆོས་མ་ལུས་པ་ལ་རང་བཞིན་གྱིས་མཁས་པར་གྱུར་ཏེ། དེ་ལྟར་སྒྲ་དང་འོད་བྱུང་བའི་དོན་པཎྜི་ཏ་གཞན་རྣམས་ཀྱིས་མ་ཤེས་པ་ལ། སློབ་དཔོན་
དགའ་རབ་རྡོ་རྗེས་མཁྱེན་ནས། འདི་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པ་ཡིན་པས་མིང་ཡང་འཇམ་དཔལ་བཤེས་གཉེན་ཞེས་བྱའོ། །ཞེས་གསུངས་སོ། །དེ་ཡང་འཇམ་དཔལ་གྱི་རྒྱུད་ཕལ་ཆེར་མི་ཡུལ་དུ་སྣང་བ་སློབ་དཔོན་འདིའི་སྐུ་དྲིན་ཡིན་ཏེ། སྔོན་ཁྲོ་གྱི་པཎྜི་ཏ་ཞིག་གིས་ཨོ་རྒྱན་ནས་འཇམ་དཔལ་གྱི་རྒྱུད་རྣམས་སྤྱན་འདྲེན་པར་བརྩམས་པ་ན། ཨོ་རྒྱན་གྱི་རྒྱལ་པོ་ལྐོག་མ་སླང་ནས་ན་བ་དང་། མུན་པས་བར་བཅད་པ་སོགས་ཀྱི་ཆོ་འཕྲུལ་བྱུང་ནས་གདན་མ་དྲོངས་སྐད། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་ཀྱང་བྱ་། རྟ་མཆོག་ཛི་ན་ཞེས་ཀྱང་བྱ། དེ་ཉིད་ཨོ་རྒྱན་དུ་བྱོན་ནས། ཌཱཀི་མ་རྣམས་ལ་སྡིགས་མཛུབ་གཏད་པས་ཁོང་རྣམས་བརྒྱལ་ལོ། །བརྒྱལ་སངས་ནས་མིང་པོ་ཅི་འདོད་པ་ཁྱེར་ཅིག་ཟེར་ནས་གནང་བ་བྱིན་པས། རྩ་རྒྱུད་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་དང་། བཤད་རྒྱུད་ཆོ་ག་འདུས་པ། རྒྱུད་ཕྱི་མ་མཚན་བརྗོད། གཤིན་རྗེའི་གཤེད་ལེའུ་ཁྲི་དྲུག་སྟོང་དང་། གཤིན་རྗེའི་གཤེད་ལེའུ་བཅོ་བརྒྱད་པ་སོགས་སྤྱན་དྲངས། རྩ་རྒྱུད་རྒྱས་པ་དེ་ཁ་ཆེའི་གཙུག་ལག་ཁང་དུ་བཞུགས། ཀླུ་བཱ་སུ་དྷ་ར་ཞེས་སྦྲུལ་མགོ་བཅོ་བརྒྱད་མི་མགོ་རྩ་བའི་
ཞལ་དང་བཅུ་དགུ་ཡོད་པ་གཅིག་གིས་བསྲུངས་ནས། བཤད་པ་དང་བྲི་བ་དང་ཁྱེར་བའི་དབང་མེད། ལྟ་བ་དང་བློ་ལ་བཟུང་རུང་ཙམ་ཡོད་པར་གྲགས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དུར་ཁྲོད་བསིལ་བ་ཚལ་དུ་དགོངས་པ་ལ་བཞུགས་ནས། ལྷ་མ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ཤིང་དམ་ལ་བཏགས་པས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་གནང་བ་བྱིན་ནས། མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་གནམ་ལྕགས་དང་རུས་པའི་སྒྲོམ་བུ་གཅིག་གཏེར་ནས་བཏོན་པས། ཟླ་གསང་ནག་པོ་ལ་སོགས་པ་འཇམ་དཔལ་ཞི་ཁྲོའི་རྒྱུད་མཐའ་ཡས་པ་བྱུང་ངོ་། །རྒྱུད་དེ་རྣམས་ལ་བརྟེན་ནས་སྒྲུབ་ཐབས་མང་དུ་མཛད་ནས་སློབ་མ་སྒེག་པའི་རྡོ་རྗེ་ཞེས་ཀྱང་བྱ། སྣ་ཚོགས་གཟུགས་དང་ནོར་བུ་གླིང་པ་དང་། བྱང་ཆུབ་སྐལ་ལྡན་ཞེས་སྐུ་གཅིག་ལ་མཚན་བཞིར་གྲགས་པ་དེ་དང་། པདྨ་འབྱུང་གནས་དང་། རམ་བུ་གུ་ཧྱ་དེ་ཝ་ཙནྡྲ་ཞེས་ཀྱང་བྱ། ཕུང་བྱེད་ཤནྟཾ་གནྡྷ་དང་། ཤྲཱི་སེངྷ་སོགས་ལས་ཅན་རྣམས་ལ་བཤད་དོ། །སློབ་དཔོན་པདྨས་ཀྱང་སྐུ་ལ་རྫོགས་པའི་དུར་ཁྲོད་དང་། བསིལ་བ་ཚལ་དང་། མཆོད་རྟེན་དཀར་ཆུང་སོགས་ནས་ཁྲོ་ཆུ་དུག་གདོང་གི་རྒྱུད་ལ་སོགས་པ་དུ་མ་
གཏེར་ནས་བཏོན། དེ་ནས་དུར་ཁྲོད་བསིལ་བ་ཚལ་དུ་སློབ་དཔོན་པདྨ་ཉིད་འཇམ་དཔལ་དམར་པོའི་སྐུར་སྤྲུལ་ནས་ལྷ་ལས་གྱུར་པའི་བགེགས་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས། མཚན་ཚེ་བདག་ཆེན་པོར་གྲགས་སོ། །ཧ་ལ་གདོང་དྲུག་ཏུ་སྤྲུལ་ནས་བཙན་འགོང་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས། མཚན་སྐུ་མཆོག་དམར་པོར་གྲགས་སོ། །གཤིན་རྗེ་གདོང་དྲུག་ཏུ་སྤྲུལ་ནས་གཤིན་རྗེ་ཐམས་ཅད་བསྒྲལ་ཏེ་རིག་པ་དབྱིངས་སུ་བསྟིམས་པས། འཇིགས་བྱེད་ཆེན་པོར་མཚན་གྲགས་སོ། །དེ་ནས་སློབ་དཔོན་པདྨས་བལ་པོའི་སློབ་དཔོན་བཱ་སུ་དྷ་ར་དང་། གུ་རུ་ཁྲག་འཐུང་ནག་པོ། སངས་རྒྱས་ཡེ་ཤེས་སོགས་ལ་གནང་ཞིང་། སངས་རྒྱས་ཡེ་ཤེས་ཀྱིས་བསྒྲུབས་པས་གྲུབ་པ་ཐོབ་ནས་གྲུབ་རྟགས་བྲག་ལ་ཕུར་པ་བཏབ་བོ། །དེས་ན་ཁྲོ་ཆུ་དུག་གདོང་འདི་སྤྱིར་འཇམ་དཔལ་ཁྲོས་པའི་རྒྱུད་ཐམས་ཅད་ལ་བརྟེན་ཞིང་། ཁྱད་པར་དུ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ནས་བཏུས་ཏེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་དང་། གསང་བདག་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མཛད་པ་དང་། སློབ་དཔོན་བཱ་སུ་དྷ་རིས་མཛད་ནས་མུ་སྟེགས་པ་ལྔ་བཅུ་
བསྒྲལ་བ་དང་། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་ནས་ཕོ་ངོ་བརྒྱད་ཅུ་གྱ་བདུན་བསྒྲལ་བ་སོགས་སློབ་དཔོན་མང་པོས་མཛད་པ་སོགས་ཡོད་དོ། །དེ་ཡང་འཇམ་དཔལ་གསང་རྒྱུད་ལས ཟས་ངན་ལྕི་བ་ཟ་བ་དང་༔ ལས་ངན་སྡིག་པ་བྱེད་པ་དང་༔ གོས་ངན་རེ་བ་གྱོན་པ་དང་༔ མཚམས་མེད་ལྔ་ནི་བྱེད་པའི་ཚེ༔ དེ་ཚེ་ང་ཡི་བསྟན་པ་འབྱུང་༔ ཞེས་གསུངས་པ་ལྟར་སྙིགས་མ་ལྔ་བདོ་བའི་དུས་གདུལ་དཀའ་བའི་ཚེ༔ ཞེ་སྡང་ལམ་དུ་ཁྱེར་ཞིང་བསྟན་པ་རིན་པོ་ཆེ་བསྲུང་བའི་ཆེད་དུ་བཱ་སུ་དྷ་ར་དང་སངས་རྒྱས་ཡེ་ཤེས་ཀྱིས་བལ་ཡུལ་བུམ་ཐང་ཀེ་རུ་དང་། གཡུ་ཆུང་གི་རྫ་ལྷུད་མོ་དང་། བུམ་ཐང་ལྷ་ཁང་གི་སྒོ་སྲུང་བཙན་དམར་གྱི་དྲུང་དང་། བྱང་ཕྱོགས་དབང་ཕྱུག་ཆེན་པོའི་མཆོད་རྟེན་གྱི་འཇིམ་པའི་མཚན་མ་ཟངས་ཀྱི་ཆུས་བྱུགས་པ་སོགས་གཏེར་གནས་རྣམས་སུ་ལྕགས་ཀྱི་པར་བུའི་ནང་དུ་རྒྱུད་གཞུང་རྣམས་བཅུག་སྟེ། རྒྱ་རིམ་པ་བདུན་གྱིས་བཏབ་ནས་གཏེར་དུ་སྦས་ཏེ། བདུད་ཕོ་ལྕམ་དྲལ་སོགས་ལ་གཉེར་དུ་གཏད་ནས། ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་བོ། །སློབ་དཔོན་པདྨའི་ལུང་བསྟན་ལས། གཡུ་ཕུག་རྫ་ལྷུད་སྦས་པའི་གཏེར་
ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་༔ ཞེས་གསུངས་པ་ལྟར་གནུབས་སངས་རྒྱས་ཡེ་ཤེས་ཉིད་པ། རྒྱ་ཞང་ཁྲོམ་གྱིས་གཏེར་ནས་བཏོན་ཏེ། བལ་པོ་དང་གཙང་ལ་སྟོད་ཀྱི་བར་དུ་བན་བོན་ལྔ་བཅུ་རྩ་གཅིག་ལ་རྟགས་བསྟན་ནས་བསྒྲལ་ལོ། །ཧ་ཅང་དྲག་སྔགས་ཚན་ཆེ་ཞིང་མྱུར་བ་བྱུང་བས། རྒྱ་ཞང་ཁྲོམ་དུག་གི་སྒྲོ་བ་ཞེས་གྲགས་སོ། །གཞན་ཡང་བལ་ཡུལ་ཨེ་ཡི་གཙུག་ལག་ནས་གཙུག་ལག་དཔལ་དགེས་བཏོན་པ་དང་། རིན་ཆེན་གླིང་པའི་གཏེར་མ་ཡང་ཡོད་པར་སྣང་ཞིང་། ཡང་རྡོ་རྗེ་འཆང་གིས་མཛད་པའི་སྒྲུབ་ཐབས་དུག་གདོང་ཉིད་ལ་གཏད་དེ། དབང་ཕྱུག་ཆེན་པོ་དང་། མུ་སྟེགས་མ་ཁོལ་དང། མུ་སྟེགས་མེའི་སླག་པ་ཅན་ལ་བརྒྱུད།། དེས་དུག་སྦྲུལ་གྱི་པགས་པ་ལ་སྲིན་པོ་དྷ་ཤ་གི་ཝའི་ཨག་ཚོམ་གྱིས་བྲིས་ནས། ཁྲོ་ཆུའི་ཕུར་པ་མཐོ་གང་གི་ནང་དུ་བཅུག་སྟེ། རཱ་ཧུ་ལ་ལ་གཏེར་སྲུང་བཅོལ་ནས། བལ་ཡུལ་མཆོད་རྟེན་ནག་པོ་ལ་སྦས་པ༔ ཕྱིས་ཆུ་སྦྲུལ་གདུག་པའི་ལོ་ལ། གླིང་སྟོན་ཤཱཀྱ་སེང་གེས་གཏེར་ནས་བཏོན་པ་འདི། འཇམ་དཔལ་ཕ་ཁོལ་ལུགས་དང་ཕྱི་པ་ལྟར་སྒྲུབ་པ་
དང་། གཤིན་རྗེ་ཁྲག་སོབ་ཅེས་གྲགས་སོ། །དེ་ལྟར་ཞང་ཁྲོམ་ལུགས་དང་ཕ་ཁོལ་ལུགས་ཞེས་ལུགས་གཉིས་སུ་གྲགས་ཆེ་བ་ལས། འདི་གཙོ་ཆེར་ཞང་ཁྲོམ་ལུགས་ལ་རྩོད་པ་མེད་པས་དེའི་རྗེས་སུ་འབྲངས་པའོ། །དེར་ཡང་རྒྱ་ཞང་ཁྲོམ་གྱི་མདུན་དུ་གནུབས་སྟོན་དར་དབང་གིས། རྟ་འབྲུག་གཤོག་བྱ་བ་འབྲི་སུམ་ཅུ་རྩ་གཉིས་བྱིན་པ་གཅིག གསེར་སྲང་གང་། གཡུ་ཕུག་རོན་ཙམ་ཞིག སྦྱང་ཐུལ་གཅིག དར་ཡུག་ལྔ་སོགས་དགུ་ཚན་གཅིག་ཕུལ་ནས་ཞུས། བྱང་སྟོད་དུ་བསྒྲུབས་པས་ཞག་བདུན་ནས་བན་བོན་སུམ་ཅུ་རྩ་གཉིས་བསྒྲལ། དེ་ལ་ཡ་བ་ཤཱཀྱ་རྡོ་རྗེས། གསེར་སྲང་གང་དང་གཡུ་འོད་འབར་བྱ་བ་གཅིག་ཕུལ་ཏེ་ཞུས། རྫོང་ཨ་བྲག་ན་ཟླ་བ་གཅིག་བསྒྲུབས་པས་སྔགས་པ་སུམ་ཅུ་ཕོ་ངོ་དྲུག་ཅུ་རེ་གཅིག་བསྒྲལ། དེ་ལ་སྔགས་པ་ཨ་གྲགས་ཀྱིས་ཞུས་ནས ཞག་བཅུ་བཞིར་བསྒྲུབས་པས། ཕོ་ངོ་བརྒྱད་ཅུ་བསྒྲལ། དེ་ནས་རིམ་པར་བརྒྱུད་དེ། བཞི་པ་ནི་ཕྱི་རབས་ཀྱི་བནེ་ཉམ་ཆུང་ཁས་ཉེན་བརྩོན་འགྲུས་མེད་ཅིང་སྙིང་རུས་ཆུང་བ་དགྲ་མང་བ། ཕྱི་ནང་བན་བོན་མུ་སྟེགས་སོགས་ཚན་ཆེ་ཞིང་། རྫས་མཐུ་ནག་པོས་ཁེངས་པའི་ང་རྒྱལ་གྱིས་བསྟན་པ་ལ་གནོད་ཅིང་། བྱང་ཆུབ་
བསྒྲུབ་ཏུ་མི་སྟེར་བ་རྣམས་འདུལ་བའི་དོན་དུ་མཛད་ཅིང་་། གསང་སྔགས་ནང་པའི་རྒྱུད་གསུམ་གྱི་ནང་ནས། བསྐྱེད་པ་མ་ཧཱ་ཡོ་གའི་ཕྱོགས་སུ་གཏོགས་སོ། །དེ་ལྟར་ལོ་རྒྱུས་ནི་མང་དོགས་ནས་མ་བྲིས་ལུང་འདྲེན་གྱི་སྤྲོས་པ་བསྐྱུངས་ནས་བཤད་པ་ཡིན་ལ། ཕན་ཡོན་ནི་ཡིད་ཆེས་ཕྱིར་ལུང་འདྲེན་པར་བྱ་སྟེ། འཇམ་དཔལ་ཁྲོས་པའི་རྒྱུད་ཅེས་བྱ་བ་ཁྲོ་ཆུའི་རྒྱུད་ལེའུ་སོ་ལྔ་དང་ལྡན་པ་ལས། ཐུགས་རྗེ་དང་ནུས་པ་དྲག་རྩལ་དང་ལྡན་པ་འདི་ལྟ་བུའོ༔ ཕྱི་ལྟར་ན་འཆི་བདག་དང་ཚེ་བདག་སྲོག་བདག་གསུམ་ཡིན་པས༔ རྫུ་འཕྲུལ་དང་དྲག་རྩལ་ཆེ་བ་དེ་ལྟར་ལགས༔ ནང་ལྟར་ན་འཇམ་དབྱངས་རྟ་མགྲིན་ཕྱག་རྡོར་གསུམ་ཡིན་པས༔ མཐུ་སྟོབས་ནུས་པ་ཆེ་བ་དེ་ལྟར་ལགས༔ གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡིན་པས་བྱིན་རླབས་རྟགས་མཚན་ཆེ་བ་དེ་ལྟར་ལགས༔ ཞེས་དང་། གཞན་ལས་མྱུར་བ་འདི་ལྟར་ལགས༔ ཕ་རོལ་དགྲ་ལ་མྱུར་བས་དུག་གདོང་ཟེར༔ རང་ཉིད་བསྲུང་བའི་མཆོག་ཏུ་ཁྲོ་ཆུ་ཟེར༔ ལོག་རྡུགས་འཁྱམས་གསུམ་མེད་པས་གཤིན་རྗེ་ཟེར༔ འདི་ལ་ཕ་རོལ་ནུས་པ་ཆེ་ན་ཤིན་ཏུ་མྱུར༔ སྣང་སྲིད་ལྷ་འདྲེའི་གཅུན་ཕུར་ཡིན༔ རིགས་གསུམ་
མགོན་པོའི་སྤྲུལ་པ་ཡིན༔ ཅེས་དང་། དགྲ་བོ་འཆི་ལུགས་འདི་ལྟར་ལགས༔ ཚངས་པའི་ཚེ་དང་ལྡན་ཡང་འཆི༔ ཞག་གསུམ་གྱིས་ནི་གུམ་པར་འགྱུར༔ ཁྲག་སྐྱུགས་མཚོན་གྲིའི་ཁ་རུ་ནི༔ འཆི་བར་འགྱུར་བ་ཐེ་ཚོམ་མེད༔ ཅེས་བཀའ་སྩལ་ཏེ༔ ཡང་རྩ་བའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་ལས༔ ཤིན་ཏུ་འཇིགས་པ་ཁྲོ་ཆུ་དུག་གདོང་ཞེས་བྱ་བ་སྟེ་འགྲན་གྱི་དོ་ཟླ་མེད་དོ༔ ཕྱི་ནང་གསང་གསུམ་ཀུན་གྱི་གཤེད་མ་ཡིན་པས༔ ཆུ་སྲིན་གདུག་པའི་ཁ་གདངས་པ་བཞིན་གཞན་གྱིས་དོ་ཟླ་མེད་པ་འདི༔ ལར་དྲིལ་ལ་བསྒྲུབས་པ་ཙམ་གྱིས་ཀྱང་༔ གང་ལ་དམིགས་པ་སྐད་ཅིག་གི༔ བརླག་པར་འགྱུར་བ་ཐེ་ཚོམ་མེད༔ འདི་ལས་གཉན་པ་མི་སྲིད་དོ༔ ཤིན་ཏུ་འཇིགས་པ་རང་གཤེད་རང་ལ་འབེབས༔ མུ་སྟེགས་བྱད་མ་འབུམ་ཙམ་ཡང་༔ སྐད་ཅིག་ཉིད་ལ་བསྒྲལ་བར་བྱེད༔ ཕ་རོལ་ནུས་པ་ཆེ་བ་དང་༔ སྲུང་དང་ཟློག་པ་མང་བ་དང་༔ རུས་ཆེན་ཚོགས་པ་མང་ན་མྱུར༔ ལོག་རྡུག་འཁྱམས་གསུམ་ནི་མི་སྲིད་དོ༔ དང་པོ་བསྒྲུབས་ནས་ཕྱིས་སྒྲུབ་མི་དགོས༔ བསྙེན་པ་ཁ་གསོ་བས་ཆོག༔ བསྐུལ་དང་གཏོར་མ་བཏང་བ་ཙམ་གྱིས་ཆོག དགྲ་ལ་ཁྲོས་ནས་ཐུ་བ་བརྡབ་པ་དང་༔ གཏོར་མ་
བསྐུལ་བ་ཙམ་གྱིས་ཆོག༔ ཅེས་འབྱུང་ཞིང་། ཟླ་གསང་ནག་པོའི་རྒྱུད་ལས་བཏུས་ནས་བལ་པོའི་སློབ་དཔོན་བཱ་སུ་དྷ་རས་མཛད་པའི་གཤིན་རྗེ་ཟླ་གསང་ནག་པོ་སྲོག་གི་པར་བུའི་སྒྲུབ་ཐབས་རྩ་བའི་གཞུང་ལས། མ་གཤིན་ཕུར་གསུམ་སྔགས་གསར་རྙིང་༔ སྐད་ཅིག་མ་ལུས་ཐལ་བར་བརླག༔ ཅེས་དང་། དེའི་ཡིག་ཆུང་ལས། མུ་སྟེགས་སྲོག་གི་སྤུ་གྲི་འདི༔ བྱད་མ་འབུམ་གྱི་སྲོག་གཅོད་ཡིན༔ རྔ་ཐོགས་སྟོང་གི་གཉེན་པོ་ཡིན༔ ཞེས་གསུངས་སོ། །ཡང་རྩ་བའི་སྒྲུབ་ཐབས་དེའི་འགྲེལ་བ་སྒྲུབ་ཐབས་རྒྱས་པ་བཱ་སུ་དྷ་ར་ཉིད་ཀྱིས་མཛད་པ་ལས། མནན་སྲེག་འཕང་གསུམ་གསུངས་ནས། དེ་ལྟར་བྱས་ན་ཅི་ལྟ་བུའི་བྱད་མ་རྔ་ཐོགས་འབུམ་ཡང་སྐད་ཅིག་གིས་འཇོམས་པར་འགྱུར་རོ༔ རྫུ་འཕྲུལ་གྱི་མཐུ་ཡིན་པས་རྣོ་ལ་མྱུར༔ རླུང་སྒྲུབ་ཡིན་པས་འདི་ཕ་རོལ་པོ་མཐུ་དང་ནུས་པ་ཆེ་ན་བཟང་༔ རྡུགས་མེད་འཁྱམས་མེད་ལོག་མེད་བརྡལ་མེད་དེ༔ ཕྱི་ནང་གསང་གསུམ་གང་ལའང་ཁྱད་མེད༔ ཕུར་པ༔ གཤིན་རྗེ༔ ཕྱག་རྡོར༔ དབང་ཕྱུག་ཆེན་པོ་ལ་སོགས་གང་ཡང་སྐད་ཅིག་ཉིད་ལ་བརླག་པར་འགྱུར་རོ༔ ཕྱི་པ་ནང་པ་ཁྱད་མེད༔ དགྲ་ལ་མང་ཉུང་མེད༔ བྱད་
མ་འབུམ་དང་ལྷ་ཚངས་པ་ཡིན་ཀྱང་སྐད་ཅིག་དེ་ཉིད་ལ་བརླག་པར་འགྱུར་རོ༔ ཞེས་གསུངས་སོ། །ལོ་རྒྱུས་ཤོག་དྲིལ་ལས། རྡུགས་མེད་ལོག་མེད་འཁྱམས་མེད༔ ཁྱད་པར་མུ་སྟེགས་དང་བྱད་མ་ལ་མྱུར༔ ཞེས་གསུངས་སོ། །སྔགས་ཀྱི་སྲུང་བའི་ཤོག་དྲིལ་ལས། ཚུལ་འདི་ལ་ནི་མུ་སྟེགས་ནག་པོའི་རྫས་མཐུ་ནག་པོ་ཡང་རྡུགས་ཤིང་གྲོགས་སུ་འགྱུར༔ བན་བོན་མུ་སྟེགས་སུས་ཀྱང་འཇིག་རྟེན་ལས་འདས་པའི་ལྷ་སྔགས་གང་གི་སྒོ་ནས་ཀྱང་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པའི་སྦྱོར་བ་ཅིས་ཀྱང་མི་ཚུགས་ཤིང་༔ བལྟ་བར་ཡང་མི་བཟོད་དོ༔ དེ་ཡང་རྫས་མཐུ་ནག་པོ་ཅན་ལ་ནི་ཧེ་རུ་ཀས་ཆད་ཀྱང་ཡེ་ཤེས་པའི་ཆོས་སྐྱོང་ཡང་འགྲོ་ས་མི་རྙེད་ན་འཇིག་རྟེན་པ་ནི་ལྟ་ཅི་སྨོས༔ འདིས་ནི་དེ་ལྟ་བུའི་རྫས་མཐུ་ནག་པོ་ཅན་ཡང་འཇོམས་ཤིང་༔ དུག་བདུད་རྩིར་བསྒྱུར་བ་ལྟ་བུ་ཡིན་པར་གསུངས་སོ༔ ཞེས་དང་། ཐུན་གྱི་ཞལ་གདམས་ཀྱི་ཡིག་ཆུང་ལས༔ དགྲ་ལ་ཁྲོས་ཤིང་གཡབ་མོ་བརྡབ་པ་དང་༔ དམོད་པ་བོར་བ་ཙམ་གྱིས་ཁྲག་ཏུ་སྐྱག་པར་འགྱུར་རོ༔ ཞེས་དང་། བྱད་མ་གདོང་ལེན་གྱི་མན་ངག་ལས་དེ་ལྟར་བྱས་པས་བྱད་མ་འབུམ་གྱིས་བྲུབ་ཀྱང་ཚུར་ལ་གནོད་མི་ནུས༔ ཞེས་
གསུངས་སོ། །མདུན་བསྐྱེད་སྒྲུབ་ཐབས་བལ་པོ་བཱ་སུ་དྷ་ར་དང་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཞལ་གདམས་རྒྱ་ཞང་ཁྲོམ་གྱི་གཏེར་མའི་ཡིག་ཆུང་ལས། བྱད་མ་འབུམ་དང་འགྲས་ཀྱང་འདིས་ཐུབ བན་བོན་བརྒྱ་དང་འགྲས་ཀྱང་འདིས་ཐུབ་གཏད་མཁས་སྟོང་དང་འགྲས་ཀྱང་འདིས་ཐུབ སྔགས་པ་འབུམ་དང་ནང་འགྲས་བྱུང་ཡང་འདིས་ཐུབ༔ མ་གཤིན་ཕུར་གསུམ་དང་འགྲས་ཀྱང་འདིས་ཐུབ༔ འདིས་མི་ཐུབ་པ་གང་ཡང་མེད་དོ༔ དགྲ་ཕ་རོལ་གྱི་བྱད་མ་ཐམས་ཅད་མེ་ལྕེའི་ཁ་ལ་སྦྲང་བུ་བཞིན་དུ་འགྲོ༔ དགྲ་བོ་ནུས་པ་ཆེ་ན་ཤིན་ཏུ་མྱུར་རོ༔ མུ་སྟེགས་བོན་པོ་བྱད་མ་གསུམ་ལ་ཁྱད་པར་དུ་མྱུར་རོ༔ ཞེས་གསུངས་སོ། །ཡང་བསྙེན་པ་ཅི་ནུས་རྒྱུན་དུ་བཟླས་ན༔ ཚེ་འདི་ལ་བར་ཆད་སེལ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ འགྲོ་བ་འདུལ་བའི་ཆེ་བཙན་དྲག་པོ་འབྱུང་༔ ཞེས་འཕགས་པ་འཇམ་དཔལ་ཉིད་ཞལ་གཟིགས་དུས་རྒྱ་ཞང་ཁྲོམ་ལ་གསུངས་སོ༔ གཞན་ཡང་འཇམ་དཔལ་ཕ་ཁོལ་ལུགས་རྡོ་རྗེ་འཆང་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ལས༔ ལྷ་འདྲེ་སྟོང་དང་བྱད་མར་བཅས༔ བརླགས་ནས་བཟློག་ཅིང་བསད་པར་འགྱུར༔ ཐམས་ཅད་མ་
ལུས་འཇོམས་པའོ༔ འདི་ལ་དགྲ་བོ་མང་ན་མྱུར་ནུས་པ་བྱིན་རླབས་ཆེ་ན་མྱུར་བན་བོན་ཤན་པ་མུ་སྟེགས་དང་༔ ཕྱི་ནང་ཐམས་ཅད་དུས་གཅིག་འཇོམས༔ ཞེས་གསུངས་སོ༔ དེའི་འགྲེལ་པ་སྒྲུབ་ཐབས་རྒྱས་པ་རྡོ་རྗེ་འཆང་ཉིད་ཀྱིས་མཛད་པ་ལས༔ སྲུང་ཟློག་གི་མཆོག་སྟེ་ཕྱི་ནང་རྔ་ཐོགས་འབུམ་གྱིས་ཀྱང་ཚུར་ལ་མི་མཐོང་ནས་སྐད་ཅིག་ལ་ཕར་ལོག་ནས་ཁོ་རང་བརླག་པར་ཐེ་ཚོམ་མེད་དོ༔ ལར་འདི་ལས་ཀྱི་གཤིན་རྗེ་སྤྱི་འཇོམས་ནག་པོ་བྱ་བ་ཡིན་པས༔ དགྲ་བོ་ཕ་ཚན་ཆེ་བ་རུས་པ་མང་བ་བྱིན་རླབས་དང་ནུས་པ་ཆེ་ཞིང་༔ སྲུང་ཟློག་མནན་པ་ཅི་ལྟར་མང་བ་ལ་མྱུར༔ ཕྱི་པ་མུ་སྟེགས༔ ནང་པའི་སྔགས་པ༔ ཤན་པ་སྐྱེ་བོ༔ བན་བོན་སྔགས་སྟོན་བུད་མེད་རྒྱ་འཇང་༔ མེ་ཉག་ཧོར་སོག་པོ་གང་ལ་ཡང་ཁྱད་མེད༔ དང་པོ་ཞག་ཉི་ཤུ་རྩ་གཅིག་བསྒྲུབ༔ ཕྱིས་སྒྲུབ་མི་དགོས༔ དགྲ་བགེགས་གང་ལའང་བསྐུལ་བ་གྱེར་བ་དང་༔ གཡབ་མོ་བརྡབ་པ་ཙམ་གྱིས་ཆོག་གོ༔ དེ་ལག་ཏུ་ལོང་དང་གསལ་ལོ༔ ཞེས་གསུངས་སོ༔ བླ་མ་བརྒྱུད་རིམ་ནི་ལོ་རྒྱུས་དང་རྣམ་གྲངས་མང་བས་ལོགས་སུ་བཀོད་དོ༔ ཞེས་པ་འདི་འཇམ་དཔལ་གཤིན་རྗེ་ཉིད་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་ཀརྨ་
ཨ་རཱ་གས་སྣོན་ཟླ་བའི་ཡར་ཚེས་བདུན་གྱི་ཉིན་མོ་ཁོ་ནར་རྫོགས་པར་སྦྱར་བའོ། །འདི་ལ་འགལ་འཁྲུལ་གང་མཆིས་འཇམ་དཔལ་ཉིད་ལ་བཤགས། །དགེ་བས་བདག་དང་བདག་གི་རྗེས་འཇུག་དང་། །འདི་ཉིད་མཐོང་ཞིང་ཐོས་པའི་འགྲོ་བ་རྣམས། །སྐྱེ་ཀུན་འཇམ་དབྱངས་ཉིད་ཀྱིས་རྗེས་བཟུང་ནས། །བར་ཆད་བདུད་བཞིའི་དཔུང་གིས་མི་ཚུགས་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་བླ་མ་བརྒྱུད་པ་དབང་གི་ཟིན་བྲིས།
འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་བླ་མ་བརྒྱུད་པ་དབང་གི་ཟིན་བྲིས་བཞུགས།།
འཇམ་དཔལ་དབྱངས་ལ་ན་མོ། གཤིན་རྗེ་ཁྲོ་ཆུའི་བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་པོ། འཇམ་དཔལ་ཡེ་ཤེས་སེམས་དཔའ། ལས་ཀྱི་གཤིན་རྗེ། ཁྲོ་ཆུ་དུག་གདོང་ནག་པོ་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ། བཱ་སུ་དྷ་ར། སངས་རྒྱས་ཡེ་ཤེས། རྒྱ་ཞང་ཁྲོམ། དྲལ་སྡེ་སམ་བྷྱོ་ཊ། གང་བན་བཀྲ་ཤིས། གང་བ་རི་དཀར་བ། མཐུ་ཆེན་གང་བ་ཤཱཀྱ་འབུམ། གཡུང་སྟོན་རྡོ་རྗེ་དཔལ། ཤཱཀྱ་མགོན་པོ། དཔལ་ལྡན་མགོན་པོ། །ཆོས་རྒྱལ་མཚན། བདེ་ལེགས་རྒྱལ་མཚན། ཤཱཀྱ་བཟང་པོ། ནམ་མཁའ་རྒྱལ་མཚན། རིག་འཛིན་དབང་པོའི་སྡེ། ཀརྨ་དོན་ཡོད་རཱ་ག་ཨ་སྱའོ།། ༈
ཁྲོ་ཆུའི་བརྒྱུད་རིམ་ནི། རྒྱ་ཞང་ཁྲོམ། རྒྱལ་སྡེ་སམ་བྷྱོ། གང་བན་བཀྲ་ཤིས། གང་བ་རི་དཀར་བ། གང་བ་ཤཱཀྱ་འབུམ། གཡུང་སྟོན་རྡོ་རྗེ་འབུམ། ཤཱཀྱ་མགོན་པོ། དཔལ་ལྡན་མགོན་པོ། ་ཆོས་རྒྱལ་མཚན། བདེ་ལེགས་རྒྱལ་མཚན། ཤཱཀྱ་བཟང་པོ། ནམ་མཁའ་རྒྱལ་མཚན། རིག་འཛིན་ཆེན་པོ། བྱང་བདག་དབང་པོའི་སྡེ། ཀརྨ་དོན་ཡོད། རཱ་ག་ཨ་སྱའོ།། ༧ ཡང་ན་ཞང་ཁྲོམ། ཁུ་ལུང་བ་ཡོན་ཏན་རྒྱ་མཚོ། རྡོ་སྟོན་ལྕགས་ཡེ། མི་རྟོགས་དྲན་ཆུང་། དྲན་སྟོན་མཐའ་བྲལ། མེས་སྟོན་དཀོན་མཆོག་རིན་ཆེན། བཀྲ་ཤིས་རྒྱལ་མཚན། ལྷ་སྒོམ་པ། གང་བ་གྲགས་
འབུམ་། གཡུང་སྟོན་རྡོ་རྗེ་དཔལ། འགྲོ་མགོན་ཚེ་བདག །ཚེ་དབང་རྒྱལ་པོ། སྔགས་འཆང་ལེགས་ལྡན་པ། །འཇམ་དབྱངས་ཆེན་པོ། རིག་འཛིན་ཆེན་པོ་དབང་པོའི་སྡེ། ཨ་ནུ་ཀརྨ་དོན་ཡོད་རཱ་ག་ཨ་སྱའོ།། ༧ ཁྲོ་ཆུའི་བརྒྱུད་རིམ་ནི། འཇམ་དཔལ་གཤིན་རྗེའི་གཤེད་སློབ་དཔོན་འཇམ་དཔལ་བཤེས་གཉེན། པདྨ་འབྱུང་གནས་ཁྲག་འཐུང་ནག་པོ། བཱ་སུ་དྷ་ར། སངས་རྒྱས་ཡེ་ཤེས། རྒྱ་ཞང་ཁྲོམ། གནུབས་སྟོན་དར་དབང་། ཡ་བ་ཤཱཀྱ་རྡོ་རྗེ། ཨ་གྲགས། ཨ་དབང་། སྨན་ལུང་མི་བསྐྱོད་རྡོ་རྗེ། ཆོས་ཀྱི་རྒྱལ་མཚན། བླ་མ་ཕྲག་ལྷ། སློབ་དཔོན་ཨ་རྡོར། བླ་མ་མང་ག་ལ་སཱ་དྷུ། རྡོ་རྗེ་འཛིན་པ་ཆེན་པོ། དེས་ཀརྨ་སི་ཏུ། ༧ ཡང་ན་སངས་རྒྱས་ཡེ་ཤེས། གཡུང་སྟོན་རྒྱལ་བའི་རྡོ་རྗེ། རོལ་པའི་རྡོ་རྗེ། རང་བྱུང་རྡོ་རྗེ། མི་བསྐྱོད་རྡོ་།རྗེ་། ཛྷཱ་ན་རིན་ཆེན། ཆོས་ཀྱི་རྒྱལ་མཚན། བླ་མ་ཕྲག་ལྷ། ཨ་རྡོར། མང་ག་ལམ་སཱ་དྷུ། རྡོ་རྗེ་འཛིན་པ་སྔགས་འཆང་བཛྲ། སི་ཏུ་ཆོས་ཀྱི་གོ་ཆ། འཇམ་དཔལ་རལ་གྲི། སི་ཏུ་ཆོས་ཀྱི་རྒྱལ་མཚན། སྔགས་འཆང་ཀརྨ་སྙན་གྲགས་བཟང་པོ། ༧ ཁྲོ་ཆུ་དུག་གདོང་གི་བརྒྱུད་པ། ཞང་ཁྲོམ་ཡེ་ཤེས་འབར། ཡེ་ཤེས་དཔལ། གཡུང་སྟོན་ཁྲོ་རྒྱལ། རྡོ་རྗེ་འབུམ། མཚུར་
སྟོན་རིན་ཆེན་རྡོ་རྗེ། བཀྲ་ཤིས་དཔལ་བཟང་། བཀྲ་ཤིས་དར་རྒྱས། མི་དབང་རྒྱལ་པོ། སྔགས་འཆང་ཤཱཀྱ་ཡེ་ཤེས། འབྲི་གུང་རིན་ཆེན་ཕུན་ཚོགས། ཨོ་རྒྱན་རྡོ་རྗེ། ཨོ་རྒྱན་བསྟན་འཛིན། དཀོན་མཆོག་ཕུན་ཚོགས། རྩ་བའི་བླ་མའོ།། ༈ གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་བརྒྱུད་པ་ནི། འཇམ་དཔལ་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན་། སློབ་དཔོན་པདྨ་འབྱུང་གནས། གུ་རུ་ཁྲག་འཐུང་ནག་པོ། བལ་པོ་བཱ་སུ་དྷ་ར། སངས་རྒྱས་ཡེ་ཤེས། རྒྱ་ཞང་ཁྲོ། གནུབས་སྟོན་དར་དབང་། ཡ་བ་ཤཱཀྱ་རྡོ་རྗེ། ཨ་གྲགས། ཨ་དབང་། སྨན་ལུང་མི་བསྐྱོད་རྡོ་རྗེ། བླ་མ་གཉན་སྲས། ཆོས་ཀྱི་བླ་མ། རིག་འཛིན་ཀུ་མཱ་རཱ་ཛ། མཁས་མཆོག་དྲི་མེད་འོད་ཟེར། འོད་གསལ་རང་གྲོལ། རྡོ་རྗེ་རིན་ཆེན་། བྱ་བཏང་བདེ་ཆེན་རང་གྲོལ། མཁས་གྲུབ་སངས་རྒྱས་བཀྲ་ཤིས། བླ་མ་དམ་པ། ཀུན་དགའ་དཔལ། སེ་སྟོན་རིན་ཆེན་རྒྱལ་མཚན། སྤྱན་ཚབ་མགོན་པོ་ཟླ་བ། །མཉམ་མེད་དྷམཱ་དྷཱ་ཛ། རིག་འཛིན་ཆེན་པོ་བཀྲ་ཤིས་སྟོབས་རྒྱལ། སྔགས་འཆང་ཀརྨ་དོན་ཡོད། བདག་རཱ་ག་ཨ་སྱའོ།། ༈ ཡང་སྨན་ལུང་ནས། ཆོས་ཀྱི་རྒྱལ་མཚན། བླ་མ་ཕྲག་ལྷ། སློབ་དཔོན་
ཨ་རྡོར། སིཏྟ་བསོད་ནམས་རྣམ་རྒྱལ། སྔགས་འཆང་གྲགས་པ་རིན་ཆེན། སྔགས་འཆང་ཨ་མོ་གྷ་སིད་དྷི། བདག་རཱ་ག་ཨ་སྱའོ། །དེ་གཉིས་གཙོ་བོ་ལ། གཞན་ལུང་དང་ཞལ་ཁྲིད་མང་།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བཅོམ་ལྡན་འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་གི་གོང་བསྙེན་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ།
བཅོམ་ལྡན་འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་གི་གོང་བསྙེན་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ་བཞུགས་སོ༔
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ འདིར་ཡི་དམ་ཆོས་སྐྱོང་དབྱེར་མེད་ཁྲོ་ཆུ་དུག་གདོང་ཉམས་སུ་ལེན་ཐབས༔ གཞུང་གི་མན་ངག་གབ་པ་དང་༔ འཁྲུགས་པ་དང་འཐོར་བ་རྣམས་བསྡེབས་ནས་གསལ་བར་བཀོད་པར་བྱའོ༔ དེ་ལ་བླ་མ་ཡི་དམ་ཆོས་བདག་སྲུང་མ་རྣམས་ཀྱིས༔ ཕྱི་རབས་ཀྱི་སྔགས་པ་གསར་བུ་བློ་ཆུང་རྣམས་ལ༔ ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ནས༔ བདག་ལ་བཀའ་འགྲོལ་ཞིང་དགོངས་པས་རྗེས་སུ་གནང་བར་མཛད་དུ་གསོལ༔ དེ་ལ་ཐོག་མཐའ་བར་གསུམ་བསམ་པས་ཀུན་བསླངས་
ནས༔ འདི་ཡི་བསྐྱེད་རྫོགས་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་དང་༔ སྙིགས་མའི་དུས་འདིར་བྱང་ཆུབ་སྒྲུབ་པ་ལ་བར་ཆད་མང་བས༔ རང་ཉིད་སངས་རྒྱས་སྒྲུབ་པའི་ལམ་གྱི་བར་ཆད་བསྲུང་བ་དང་༔ སངས་རྒྱས་ཀྱི་བསྟན་པ་དང་བླ་མ་དམ་པའི་སྐུ་ཚེ་དང་ཕྲིན་ལས་ལ་གནོད་པ་ཐམས་ཅད་ཚར་བཅད་ནས༔་བསྟན་པ་རིན་པོ་ཆེ་དང་བླ་མའི་ཕྲིན་ལས་རྒྱས་པ་དང་༔ བསྟན་དགྲ་དེ་ཡང་ཕྱི་མའང་ནམ་ཡང་བློས་མི་བཏང་བར་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ༔ དེའི་ཆེད་དུ་འདི་ཉམས་སུ་ལེན་སྙམ་པ་འདི་གལ་ཆེ༔ བསམ་པ་དེ་དང་པོ་མེད་ན་དབང་མཚན་ཉིད་པ་མི་ཐོབ༔ བར་དུ་མེད་ན་
ལྷ་མི་འགྲུབ་ཅིང་བསྒྲུབས་པས་རྟགས་མི་ཐོན༔ འགྲུབ་རྟགས་བྱུང་ཡང་དམ་སྲིའི་ཆོ་འཕྲུལ་ཡིན༔ ཐ་མ་མེད་ན་དགྲ་ལ་རྟགས་མི་ཐོན༔ གཤིན་རྗེ་ལས་ལ་མི་རྒྱུག༔ ཕྱི་མ་རང་ཉིད་ལས་ཀྱི་གཤིན་རྗེ་དང་སྲིན་པོ་རུ་ཊ་ལ་སོགས་པར་སྐྱེ༔ དམིགས་ངན་མང་དུ་བྱས་པ་ན༔ བསྡུས་འཇོམས་དང་ཡང་སོས་ཐིག་ནག་རྣམས་སུ་སྡུག་བསྔལ་མྱོང་༔ དེ་བས་ན་གསང་སྔགས་སུ་གྱུར་ནས་རང་ཉིད་བྱང་ཆུབ་ཐོབ་ཅིང་ལས་ཚོགས་ཞོར་ལ་འགྲུབ༔ སྔགས་ལོག་པར་གྱུར་ན་ཚེ་འདིར་ལས་ཚོགས་མི་འགྲུབ༔ ཅུང་ཟད་འགྲུབ་ཀྱང་ཕྱི་མ་མནར་མེད་བསྟེན༔ འདི་ཉིད་སྒྲུབ་པའི་འབྲས་བུ་ནི༔ སེམས་བསྐྱེད་བཟང་ངན་དང་དམ་ཚིག་སྲུང་མི་སྲུང་གཉིས་ལ་རག་ལས་པས་གཟབ་པ་གལ་ཆེ༔ ཨྠྀི༔ དང་པོ་ནི་རྗེས་གནང་སོགས་ཀྱིས་མི་ཆོག་པས དུག་དབང་ཞེས་སུ་གྲགས་པའི་སྲོག་དབང་ཆེན་པོ་ཐོབ་པར་བྱའོ༔ ཞུ་དུས་འབྱོར་ན་རབ༔ མ་འབྱོར་ན་རྗེས་ནས་གཏང་རག་གི་ཚུལ་དུ་བླ་མ་ལ་འབུལ་བ་ཆེན་པོ་དང་༔ དེ་མ་འབྱོར་ན་རང་གི་སྙིང་ནོར་ཆེན་པོ་རང་གི་གཅེས་ཆེ་བ་གཅིག་ཕུལ༔ ཡི་དམ་ཆོས་སྐྱོང་ལ་ཚོགས་དང་གཏོར་མ་ཆེན་པོས་མཉེས་པར་བྱ་བ་གལ་ཆེ༔ དམ་ཚིག་ལ་ནི༔ དཀོན་མཆོག་
ལ་རྟག་ཏུ་མཆོད་པ་དང་གཅིག བླ་མ་སྤྱི་བོར་ཁུར་བ་དང་གཉིས༔ དམ་ཚིག་གཅིག་པའི་མཆེད་གྲོགས་ལ་སྙིང་ལྟར་བརྩེ་བ་དང་གསུམ༔ རབ་དགུ་གསུམ་ཀཿ འབྲིང་མར་ངོའི་དགུ་གཉིས༔ ཐ་མ་ཉི་ཤུ་དགུ་ལ་ཁྲོ་ཆུའི་གཏོར་མ་འབུལ་བ་མི་བཅག་པ་དང་བཞི༔ དུས་རྟག་ཏུ་ཁྲོ་ཆུ་ལ་གཏོར་བསྔོས་སྔགས་བསྔོས་ཙམ་བྱ་བ་དང་ལྔ༔ རྟག་ཏུའམ་ཐ་ན་ཞག་རེ་ལ་ལན་རེ་ལྷ་ཡི་ང་རྒྱལ་བཟུང་བ་དང་དྲུག སྔགས་རྒྱུན་དུ་བཟླ་ཞིང་ཐ་ན་ཡང་ཚར་བདུན་རེ་མི་ཆག་པ་དང་བདུན༔ གར་ཐོད་ཐོད་དུ་དབང་མི་བསྐུར་བ་དང་བརྒྱད༔ བསྟན་པ་ལ་ཐུག་པ་མ་གཏོགས་ལས་སྦྱོར་ཆེན་མོ་མི་བྱ་བ་དང་དགུ༔ དགྲ་དང་མནའ་མི་བཞག་མི་བསྐྱར་བ་དང་བཙུ༔ དགྲ་བོའི་ཁ་འཕྲོ་དང་ཡུགས་སའི་ཁ་འཕྲོ་མི་ཟ་བ་དང་བཅུ་གཅིག ཁྱིམ་པ་ཡིན་ཀྱང་ཡུགས་ས་དང་མི་འགྲོགས་པ་དང་བཅུ་གཉིས༔ བསྙེན་སྒྲུབ་བྱེད་དུས་ལྷ་གང་ཡིན་གསང་བ་དང་བཅུ་གསུམ༔ མཚམས་བསྡམས་ནས་མེ་དང་ཉི་མ་སྤང་བ་དང་༔ སྟན་དྲོད་མ་ཡལ་བར་བྱས་ནས་མཚམས་གཡོག་པ་ལ་ཡང་གདོང་མི་སྟོན་པ་དང་བཅུ་བཞི༔ མཚམས་གཡོག་བུད་མེད་ཀྱིས་མི་བྱ་ཞིང་༔ བཅའ་གཞི་རྣམས་ཁྱི་དང་བུད་མེད་ཀྱིས་མི་མཐོང་
བར་བྱ་བ་དང་བཅོ་ལྔའོ༔ དམ་ཚིག་དེ་རྣམས་བསྲུང་ན་ཡོན་ཏན་ནི༔ ལྷ་དང་སྲུང་མ་རྣམས་རྟག་ཏུ་འདུ་ཞིང་སྲུང་༔ ལྷ་སྲིན་སྡེ་བརྒྱད་དབང་དུ་འདུ་ཞིང་ཟིལ་གྱིས་གནོན༔ དམ་ཅན་སྲུང་མས་ཕྲིན་ལས་བསྒྲུབ་ཅིང་༔ གཤིན་རྗེ་དང་མ་མོ་ལས་ལ་འཁོར༔ ཆག་ཆེན་ཉམ་ང་མི་མཐུན་པའི་བར་ཆད་ཐམས་ཅད་ཞི༔ མཐུན་རྐྱེན་ཚེ་དང་བསོད་ནམས་བསམ་པའི་དོན་ཐམས་ཅད་འགྲུབ༔ བྱད་ཁ་ཕུར་ཁ་བར་དུ་གཅོད་པའི་འཇིགས་པ་ཐམས་ཅད་བཟློག༔ ཕྱི་མ་ངན་སོང་དུ་ནམ་ཡང་མི་ལྟུང་ཞིང་༔ སྐྱེ་བ་ཀུན་ཏུ་འཇམ་དཔལ་ཉིད་ཀྱིས་རྗེས་སུ་བཟུང་ནས་ལྷ་དང་མིའི་སྐྱེ་གནས་མཐོ་བ་རྣམས་སུ་སྐྱེ་བའམ༔ ཞིང་ཁམས་དག་པར་སྐྱེས་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ༔ རྫོགས་པའི་སངས་རྒྱས་འཇམ་དབྱངས་ཉིད་ཀྱི་གོ་འཕང་ཐོབ་པར་འགྱུར་རོ༔ དམ་ཚིག་ཉམས་ན་ཚེ་འདིར་བར་ཆད་མང་ཞིང་བཀྲ་མི་ཤིས༔ ལས་སྦྱོར་རང་ལ་ལྡོག་ཅིང་༔ ལོངས་སྤྱོད་དབུལ་ལ་གཤིན་རྗེ་རང་གི་བདུད་དུ་བབ༔ སྲོག་རྩ་བཅད་ནས་རྡོ་རྗེའི་དམྱལ་བ་སྟེ དམྱལ་ཁམས་བཅོ་བརྒྱད་ལས་ཀྱང་སྡུག་བསྔལ་ཆེ་བའི་གནས་དེར་སྐྱེ་ཞིང་༔ ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་དར་དྲགས་ལ་ཡུན་རིང་བ་མྱོང་སྟེ༔
མཐར་མི་ལུས་ཐོབ་ནས་བླ་མ་ཡི་དམ་གྱི་སྤྲུལ་པ་གཅིག་དང་འཕྲད་ནས་རིམ་གྱིས་གྲོལ་བར་འགྱུར་རོ༔ བླ་མ་ལ་དམ་ཚིག་མ་བསྲུངས་ནས་ཡི་དམ་ལ་བསྙེན་པ་ཚུལ་བཞིན་དུ་བྱས་ན༔ རིག་སྔགས་འཆང་བའི་གདོན་ཞེས་བྱ་སྟེ་ལྷ་ཡི་སྐུ་གཟུགས་འདྲ་བའི་དམ་སྲིའི་རིགས་གཅིག་གི་ཡི་དྭགས་སུ་སྐྱེས་ནས༔ ཕྱི་རབས་མཚམས་དང་སྒྲུབ་ཆེན་བྱེད་པ་རྣམས་ལ་གནོད་པར་འགྱུར༔ དེ་བས་དམ་ཚིག་བསྲུང་བ་གལ་ཆེའོ༔ རང་གིས་འདི་ཞུ་སའི་བླ་མ་དེ་རང་བས་དམན་པའམ༔ མི་བཙུན་པ མི་དུལ་བ༔ ཐ་མལ་བ་ལྟར་སྣང་ཡང་༔ འདི་ནི་ངེས་པར་འཇམ་དཔལ་ཉིད་ཀྱི་སྤྲུལ་པ་ཡིན་པས༔ བདག་ཅག་རྗེས་སུ་བཟུང་ཕྱིར་ཐ་མལ་ལྟར་སྣང་སྟེ༔ སངས་རྒྱས་རི་བོང་དུ་སྐྱེས་པ་དང་མཚུངས་ཏེ༔ འཇམ་དཔལ་ཉིད་དོ་སྙམ་པར་བྱས་ནས་ལྷ་མི་འགྲུབ་མི་སྲིད་པའི་གནད་དམ་པ་ཡིན་ནོ༔ ཨྠྀི༔ ས་མ་ཡ༔ ཉམས་ན་གསོ་བའི་ཐབས་ནི༔ བླ་མ་དངོས་སུ་བཞུགས་ན་རབ མི་བཞུགས་ན་སློབ་མར་ཐུགས་ཡིད་འདྲེས་པའམ༔ ཁྱིམ་པ་ཡིན་ན་སྲས་ལ་སོགས་ལ་འབུལ་བས་མཉེས་པར་བྱས་ནས་དབང་བསྐྱར་ལ་ཞུ༔ དེ་མ་འགྲིགས་ན་མདུན་བསྐྱེད་ངོ་བོ་བླ་མ་ལ་རྣམ་པ་ལྷར་བསྒོམས་
ནས་ཚོགས་དང་བསྐང་བཤགས་བརྒྱ་རྩ་འབུལ༔ ཏིང་ངེ་འཛིན་གྱིས་དབང་རྒྱས་པར་བླངས༔ ཡིག་བརྒྱ་དང་སཱཙྪ་རྣམས་ཅི་འགྲུབ་ལ་འབད༔ བླ་མའི་འདས་མཆོད་ལ་དམིགས་ནས་དངོས་པོ་འབུལ་རྒྱུ་ཅི་ཡོད་པ་དེ་དགེ་ཕྱོགས་སུ་བཏང་ངོ་༔ དེ་ལྟར་དམ་ཚིག་དང་ལྡན་པར་བྱས་ལ་བསྙེན་སྒྲུབ་ལ་འཇུག་པར་བྱའོ༔ ཨྠྀི༔ བསྙེན་པ་ནི༔ དང་པོ་སྟ་གོན༔ གཉིས་པ་དངོས་གཞི༔ རྗེས་སུ་ལས་ཚོགས་སྒྲུབ་པ་དང་གསུམ་ལས༔ དང་པོ་ལ་གཉིས་ཏེ༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དང་གསུམ་ལས༔ དང་པོ་བརྔན་དང་གསེར་སྐྱེམས་ཆུ་གཏོར་བཏང་༔ སཱཙྪ་གདབ༔ གསུང་རབ་བཀླག༔ དགེ་འདུན་དང་སྐྱེ་བོ་སྤྲང་ལོང་རྣམས་ལ་སྟོན་མོ་བྱ༔ གནས་བདག་ལ་གཏོར་མ་འབུལ༔ སྡོང་གྲོགས་གྱིས་ཤིག༔ འཇིགས་པའི་གཟི་བརྗིད་རྣམས་ཁྱོད་ལ་སྟོན་པ་མ་ཡིན་པས༔ མ་སྐག མི་སྔངས༔ ཅེས་བཀའ་བསྒོ༔ དེ་ནས་བགེགས་གཏོར་བཏང་ལ་བགེགས་བསྐད༔ རྫས་བདུག་གམ་གུ་གུལ་གྱིས་གནས་ཁང་ཡོ་བྱད་རྣམས་ལ་བདུག༔ ཐུན་གྱིས་བྲབ༔ དེ་ནས་སྒོ་རྩར་ཐོ་དཀར་པོ་གཅིག་བརྩེགས་ལ༔ དེར་རྒྱལ་ཆེན་བཞི་ལ་དཀར་གཏོར་གཅིག་བསྔོས་
ལ༔ ཕྱི་ཡི་བར་ཆད་ནང་དུ་མ་བཏང་ཞིག༔ ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག༔ ཅེས་བརྗོད་ལ་གཏོར་མ་ཐོའི་རྩར་བཞག ཐོ་རྒྱལ་པོ་བཞི་ལ་བསྐྱེད༔ གྲོ་གའམ་ཤོག་བུ་ལ་ལིངྒ་བྱ་མཆུ་ཅན་གྱི་སྙིང་ཁར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི་བྲི༔ དེ་ཡི་མཐར་གནོད་བྱེད་དམ་སྲི་ཁུག་ཅིག་མཱ་ར་ཡ་ཛ་ཛ༔ ཞེས་བྲི༔ དེའི་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་ཡན་ལག་བཞི་ལ་ཛཧཱུྃ་བཾ་ཧོ༔ སྤྱི་བོར་ནན༔ རྐང་ཞབས་སུ་ཡཾ་ཡཾ་བྲི༔ དེའི་མཐར་ཡིག་མགོ་ནང་དུ་བསྟན་ལ༔ ཡ་མ་དམ་སྲི་ཀཾ་པ་ནི་མཱ་ར་ཡ་ཛ་ཛནན་ཏྲིའུ་ཏྲིའུ་ཡ་ན་མ་ཤེ་ཛ་ཁུག་ནན༔ ཞེས་བྲི༔ དེའི་མཐར་ཛ་ཁྲམ་གྱིས་བསྐོར༔ བཀུག་གཞུག་བརྒྱ་རྩ་བརྒྱད་བྱས་ནས༔ སྔགས་དེ་ཡི་དམ་སྔགས་ཤམ་དུ་བཏགས་ལ་སྟོང་ཙམ་བཟླ༔ ཁྱི་སྤུ་ར་བལ་སྐུད་པས་བཅིང་༔ སྒྲུབ་ཁང་གི་ཕྱི་སྒོའི་ཐེམ་པའི་ཕྱི་ངོས་འོག་ཏུ་དོང་གྲུ་གསུམ་གྲུ་གང་བྲུས་ལ་བཅུག བདག་གིས་ཁྲོ་ཆུ་དུག་གདོང་སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ཞེས་བདེན་སྟོབས་དང་བཅས་པ་ལན་གསུམ་བྱ༔ རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་རི་རབ་གླིང་བཞི་བྲིས་པས་ཁ་བཅད༔ དམ་སྲི་
ལས་ངན་ཁྱོད་བྱམས་པའི་བསྟན་པ་མ་བྱུང་གི་བར་དུ་མ་ལྡང་ཅིག༔ བྱམས་པའི་བསྟན་པ་ལ་ཆོས་ཉོན་ཅིག ཅེས་ས་རིམ་པ་དགུ་ཡིས་གཡོག༔ རེ་རེ་ལ་རྡོ་རྗེ་རྒྱ་གྲམ་རེ་བྲིས་པས་མནན༔ མེ་ཁྲོལ་གཅིག་བླུག༔ ཆུ་ཐིགས་གཅིག་བླུག༔ དེ་ནས་མི་མངོན་པར་བྱས་ལ༔ དེ་ནས་ལས་བྱང་གཞུང་གི་བྲོ་བྱས་ལ་རྐང་པ་གཉིས་ཀྱིས་རྒྱ་གྲམ་དུ་མནན་ནོ༔ གནས་ནི༔ གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པ་རབ༔ གནམ་ས་གྲུ་གསུམ་མམ༔ རི་གསུམ་གྱི་རྩེའམ༔ ལུང་གསུམ་གྱི་མདོའམ༔ ཐ་མ་ཡང་ཤིན་ཏུ་དབེན་པའི་གནས་སོ༔ དུས་ནི་གཟའ་ཉི་མ་དང་མིག་ཕུར་བུ་སྤེན་པ་རྣམས་གང་རུང་དར་བའི་དུས་སོ༔ དེ་ཉིན་མཚམས་བསྡམས་ལ་ས་ཆོག་རྒྱས་པ་ནི་སྤྱི་ལྟར་རོ༔ བསྡུ་ན་དཀར་གཏོར་བསྔོས་ལ་ཕྲིན་ལས་བཅོལ༔ སྟེགས་བུ་ནི༔ རབ་འདོམ་གང་འབྲིང་མདའ་གང་ཐ་མ་གྲུ་གང་རྣམས་གྲུ་བཞིར་བྱས་ལ་འཇམ་པོར་བྱུག༔ དུག་ཁྲག་དང་རོ་སོལ་གྱིས་ནག་པོ་བྱ༔ དེ་ཡི་སྟེང་དུ་ཡར་བརྩེགས་པའམ༔ མར་བྲུས་པའམ་ཚད་ནི་མཐོ་གང་པ་གཅིག་བྱ༔ དུག་ཁྲག་གིས་ཕྱི་ནག་ལ་ནང་དམར་བ་བྱ༔ བྲུབ་ཁུང་ཁ་ལ་རྩང་ཉེར་གཅིག་བཙུགས༔ སྟེགས་བུ་ཁ་ལ་ཉེར་
བརྒྱད་དམ་བརྒྱ་རྩ་བརྒྱད་བཙུགས༔ གྲོ་གའམ་ཤོག་བུ་ལུ་ལིངྒ་ཡན་ལག་ལྕགས་སུ་བཅུག་པའི་སྙིང་ཁར་ནི་ཏྲ་བརྩེགས་པའི་གཡས་གཡོན་དུ་ཛ་ཁ་སྤྲོད་བྲི༔ དེ་ཡི་མཐར༔ ཚེ་བསོད་ཁ་རྗེ་དབང་ཐང་ལ་གནོད་པའི་དགྲ་བགེགས་ཚེ་སྲོག་ལ་གནོད་པའི་ཚེ་བདུད༔ བྱད་མ་བསམ་ངན་འཆང་བ༔ སྡང་བའི་དགྲ གནོད་པའི་བགེགས༔ བསྟན་པའི་སྤྱི་དགྲ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག ཛཧཱུྃ་བཾ་ཧོ༔ དེའི་ཕྱི་རིམ་རྩིབས་བཅོ་བརྒྱད་ལ་ཧཱུྃ་ཛ༔ སྤེལ་ཏེ་བྲི༔ རྩིབས་དེའི་ཕྱི་རོལ་ལྟོ་བའི་ནང་དུ་ཟློག་སྔགས་བསད་སྔགས་ཐུན་སྔགས་རྣམས་གཡོན་བསྐོར་དུ་བྲི༔ དེའི་ཕྱི་རིམ་ཛ ཁྲོམ་གྱིས་བསྐོར་ལ་བཀུག་གཞུག་བྱའོ༔ ཚོན་སྐུད་དམ་ར་ཁྱིའི་སྐུད་པས་བཅིངས་ལ་བག་ཟན་གྱི་སྙིང་ཁར་བཅུག་ལ་བྲུབ་ཁུང་དུ་གཞུག ཕུར་བུ་སོར་བརྒྱད་པ་གཅིག་སྙིང་ཁར་བཙུགས༔ ཚོན་སྐུད་དེའི་ཡུ་བ་ལ་ཡང་དཀྲི༔ སྙིང་ཁ་ནས་ནཾ་ཏྲི་ལས་ཚོན་སྐུད་བཏེགས་ལ་བྲུབ་ཁུང་ཐུན་ལམ་ནས་ཡར་དྲངས༔ དེའི་སྟེང་དུ་བཀྲ་མི་ཤིས་པའི་ས་སྣ་ཅི་འཛོམས་ལ་མཆོད་རྟེན་ནག་པོ་བྲེ་མན་ཆད་ཡོད་པ་ལ་བཙན་དུག་ར་དུག་བོང་ང་ནག་པོ་བྱུག༔ ཁང་སེང་ཅན་བང་རིམ་གསུམ་པ་
གཅིག་བཞག དེའི་ཁང་སེང་ནས་ཐུན་ཐག་སྟེང་དུ་དྲང་བ་རང་ངོས་ཀྱི་སྟེགས་བུའི་འགྲམ་མམ་རང་གི་མདུན་དུ་རལ་གྲི་སོར་བརྒྱད་པའི་ཡུ་བ་ལ་བཏགས་ཏེ༔ ས་གྲུ་གསུམ་ཆུང་ངུ་གཅིག་ལ་རལ་གྲིའི་ཡུ་བ་བཙུགས་ནས་སླང་སྟེ་བཞག བཀྲ་ཤིས་པའི་ས་སྣ་གང་འཛོམ་ལ་མཆོད་རྟེན་དཀར་པོ་བྲེ་བུམ་པ་ཏོག་དང་བཅས་པ་བང་རིམ་བཞི་པ་གཅིག་བྱས་ལ༔ དེ་ཡི་བུམ་པའི་ནང་དུ་བཟང་དྲུག་ལ་སོགས་སྨན་སྣ་དང་༔ དྲི་བཟང་སྣ་ཚོགས་མང་པོ་བཞག་པའི་དབུས་སུ་དུག་ཁྲག་གིས་རིལ་བུ་མཐེ་བོང་ཙམ་ཞིག་བཞག་པ༔ དེ་ལ་གཟུངས་ཐག་བཏག་པའི་སྣེར་སྔར་གྱི་གཟུངས་ཐག་ལ་བཏག༔ མཆོད་རྟེན་གྱི་མགུལ་དུ་ཁྲོ་ཆུའི་སྲོག་འཁོར་གཅིག་དང་སྲུང་བའི་འཁོར་ལོ་གཉིས་བྲིས་ལ་བཏགས༔ མཆོད་རྟེན་དཀར་པོ་དེ་མཆོད་རྟེན་ནག་པོའི་སྟེང་དུ་བཞག༔ མཐར་ཁྲག་གི་ཡོན་ཆབ༔ དུག་ཆུའི་ཞབས་བསིལ། མེ་ཏོག་སྔོན་པོའམ་ནག་པོ་དྲི་ང་བ༔ གུ་གུལ་དང་ཚིལ་ཆེན་སྦྱར་བའི་བདུག་སྤོས ཚིལ་ཆེན་གྱི་མར་མེ ཁྲག་དང་མི་རུས་ཕྱེ་མ་ཆང་དང་སྦྱར་བའི་དྲི་ཆབ༔ ལྷ་བཤོས་འབྲུ་ནག་ལས་གྲུབ་པའི་ཟུར་གསུམ་ཁྲག་གིས་བྱུག་པ༔ ཐོད་རྔ་རྐང་གླིང་རྣམས་གཡས་བསྐོར་དུ་བཤམས༔ གཡས་
གཡོན་ཏུ་ཁྲིའུའི་ཁར་རམ་མཉྫིའི་སྟེང་དུ་གཡས་སུ་བདུད་རྩི་བྷན་བཀང་བ་པཉྩ་བཏབ་པ་བཞག༔ གཡོན་དུ་བྷན་རཀྟས་བཀང་བ་སྨན་ཆེན་ཅུང་ཟད་བཏབ་པ་བཤམས༔ སྟེང་གི་ནམ་མཁའ་གཡོ་འགུལ་མེད་པའི་ལྡིང་ཁྲི་གསུམ་བྱས་ལ༔ དབུས་མ་ཟངས་ལྕགས་ཀྱི་ཀ་ཏོ་ར་ལྟ་བུའམ༔ མ་འབྱོར་ན་བྷནྡའི་ནང་དུ་ནས་ནག་སྲན་མ་བྲ་བོ་ཏིལ་ནག་རིམ་བུ་སྐྱེ་ཚེ་ཡུངས་དཀར་ཡུངས་ནག་ཐང་ཕྲོམ་འབྲས་བུ༔ མི་ནག་རྟ་ནག་བྱ་ནག་ཁྱི་ནག་སྟག་གཟིག་སོགས་ཀྱི་q༔ བཙན་དུག་ཐང་ཕྲོམ་ཟངས་ལྕགས་ཁྲོའི་ཕྱེ་མ་རྣམས་ཅི་འཛོམ་བསྲེས་པའིགཏོར་མ་ཟུར་གསུམ༔ ཟུར་ཧ་ཅང་མི་རྣོ་བ་སྟོད་སྨད་དུ་ཁྲམ་རིས་གསུམ་ཡོད་པ་གཅིག་ལ་ཆུང་ཉེར་གཅིག་བཙུགས་པ་བཤམས༔ དར་རམ་རས་ནག་པོ་ལ་དུག་སྣ་དང་ཁྲག་སྣ་བྱུག་ལ་ཁྲོ་ཆུའི་སྐུ་ཆེ་ཆུང་ཅི་རིགས་པ་གཅིག་བྲིས་ལ་རབ་གནས་བྱས་ལ་གཏོར་མར་བཙུགས༔ དར་ནག་ཆེ་བ་རྒྱབ་ནས་ཚུར་བཤམས༔ གཏོར་མའི་སྟེང་དུ་དར་ནག་གིས་གདུགས་ཕུབ་དེ་ནི་རྟག་གཏོར་ཡིན་པས་མི་བསྒུལ༔ མདུན་བསྐྱེད་སྒོམ་པའི་དམིགས་རྟེན་དངོས་ཡིན་ནོ༔ ལྡིང་ཁྲི་གཡོན་མར་སྣོད་ཡངས་བ་གཅིག་གི་ནང་དུ་འབྲུ་སྣས་བཀང་བ་ཟན་གཙང་མར་
གཤིན་རྗེའི་གཏོར་མ་གཞུང་ལྟར་གཙོ་འཁོར་བདུན༔ དེ་ལ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་བྱ་རིགས་རི་དྭགས་གཅན་གཟན་གཡུང་དྭགས་སྣ་ཚོགས་ཀྱི་བསྐང་འབྲས་བཙུགས༔ དེ་ནི་རྒྱུན་གཏོར་དང་བསྐང་གཏོར་གཉིས་ཀ་ཡིན་རྒྱུན་དུ་གསོ་བྲན་བྱས་ལ་གཞུང་བསྲང་༔ གཡས་ཀྱི་ལྡིང་ཁྲི་ལ་ཕུན་སུམ་ཚོགས་པའི་ཚེ་ཟས་ནི༔ རིན་པོ་ཆེའི་སྣོད་ནང་དུ་འབྲུ་ནག་མ་ཡིན་པའི་འབྲུ་སྣ་ཚོགས་ཀྱིས་བཀང་ལ༔ དེའི་སྟེང་དུ་གཏོར་མ་རིན་ཆེན་འབར་བ་པད་འདབ་ཚེ་རིལ་གྱིས་བསྐོར༔ ཤ་ཁྲག་གཏན་ནས་མ་འདྲེས་པར་བྱས་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན༔ དེ་ལ་ནོར་སྒྲུབ་སྐུ་གཅིག་བཙུགས༔ འབྱོར་ན་ཏིང་ཆུང་ནང་དུ་དཀར་གསུམ་མངར་གསུམ་སྦག་པའི་མཆོད་པ་སྣ་བདུན་བཤམས༔ གཏོར་མའི་དྲུང་དུ་ཚེ་མདའ་རྒོད་སྒྲོ་མ་གཅིག་ལ་དར་དམར༔ གཡུ་ཤོ༔ སྲུང་སྐུད་དཀར་པོ༔ ཚེ་དཔག་སྐུ་རྣམས་བཏགས༔ ཚེར་ནག་ཕུར་པ་སོར་བཅུ་གཉིས་པ་མགོ་བོ་རྒྱ་མདུད་ཀྱིས་ཕྱོགས་བཞིར་ཟངས་ལྕགས་ར་གན་དངུལ་བཞིའི་ཨ་ལོང་རེ་བཏགས༔ ཨ་ལོང་དར་སྣ་ལྔས་བརྒྱན༔ ཕུར་པ་དར་དམར་དུ་དྲིལ་ལ༔ དར་སྐུད་དམར་པོས་དཀྲི༔ སླར་གྲོ་ག་ལ་རྡོ་རྗེ་ཕྱེད་པ་དང་
རྒྱ་མདུད་ལྟ་བུ་བརྒྱད་བཞོག་བྱ༔ སེང་ལྡེང་ལ་ཆང་ཟུང་བརྒྱད་བཞག་པ་དང་༔ རྒྱ་མདུད་འོག་མ་ལ་གྲི་ལྕགས་ཀྱི་མདེའུ་ཟུར་གསུམ་པ་ལྕགས་སྣོད་དུ་དུག་ཁྲག་གིས་ངར་བླུད་པ་བཙུགས༔ སྔོ་དམར་སྐུད་པས་ཆང་ཟུང་དཀྲིས་ལ་སྐུད་པ་དེ་ཉིད་ཀྱི་ཚེར་ནག་ཕུར་པ་དང་སྦྲེལ༔ ཕུར་པ་གཉིས་ལས་འོད་ཟེར་འཕྲོས༔ སངས་རྒྱས་མཆོད༔ སེམས་ཅན་གྱི་དོན་བྱས༔ དགྲ་བགེགས་ཚར་བཅད་ནས་ཡོངས་སུ་གྱུར་པ་ལས་ཁྲོ་ཆུ་ཉིད་དུ་བསྒོམས་ནས་བསྐྱེད་བསྟིམ་བྱ༔ རབ་གནས་བྱ༔ དེའི་ཐུགས་ཀར་བསྲུང་བྱ་རྣམས་བསྒོམ༔ དེ་འོད་དུ་ཞུ་ནས་ཕུར་པ་ཉིད་དུ་གྱུར་པར་བསམ༔ ཕུར་པ་ཚེའི་མདའ་དར་ལ་བཏགས༔ དེ་ནས་སྲོག་འཁོར་ལོགས་ནས་བྱུང་བ་ལྟར་བྲིས་ནས་ཐོག་ཕུར་དང་མཉམ་དུ་སྦག༔ མཆན་ཁུང་ནམ་ལུས་ལ་འཆང་༔ མི་ལ་མི་སྟོན༔ གྲི་ལྕགས་ཕུར་པ་དང་སྦྲགས་ནས་ཐོག་ཕུར་མི་དགོས་པས་མགུལ་ལམ་གོང་བ་གཡས་སུ་བཏགས༔ གྲི་ལྕགས་ཀྱི་ཕུར་པ་སོར་བཞི་པ་གྲི་ཁྲག་གིས་ངར་བླུད༔ བསྲུང་བའི་སྔགས་སྟོང་ཚོ་སྔགས་ལ་སྒྲུབ་ཚེ་སྙིང་ཁར་བཏགས༔ སྒྲུབ་ཚར་རྗེས་གོང་བ་གཡས་གཡོན་གང་རུང་དུ་བཏགས༔ སྤྱིར་ངག་འཁྲོལ་འཁོར་ལོ་དང་གྲི་
ལྕགས་ཕུར་པ་མགུལ་དུ་བཏགས༔ སྲོག་འཁོར་དང་ཐོག་ཕུར་མཆན་ཁུང་དུ་བཅང་ན་བདེའོ༔ དེ་ནས་གཞན་ཡང་རྩ་བ་གསུམ་གྱི་གོང་གཏོར༔ མཆོད་པ་རྣམ་ལྔ་ཚོགས་རྫས་ཡོ་བྱད་དཀར་གཏོར་དམར་གཏོར༔ རྒྱུན་གྱི་མཐེབ་སྐྱུ་མང་པོ་ལ་སོགས་ཚོགས་པར་བྱས་པས་དེ་ནི་སྤྲོས་བཅས་སོ༔ སྤྲོས་མེད་གཞན་དུ་གསལ༔ གཉིས་པ་ནི༔ དེ་ནས་གཞུང་གི་ཡི་དམ་གཞན་ཡོད་ན་གཞུང་བསྲང་༔ གཞན་མེད་ན་ཁྲོ་ཆུའི་གཞུང་བསྲང་༔ ཡི་དམ་འོག་ཆོས་སྐྱོང་གི་གོང་དུ་ཁྲོ་ཆུའི་གཞུང་བསྲང་༔ གཞན་མེད་ན་ཁྲོ་ཆུའི་གཞུང་བསྲང་༔ དེ་ནས་ཆོས་སྐྱོང་གང་བྱེད་འདོན༔ ནུབ་དང་པོར་ཚོགས་གཏོར་འབུལ༔ བརྟན་སྐྱོང་གི་བར་བྱ༔ རྒྱུན་དུ་ཚོགས་དང་བརྟན་སྐྱོང་མི་དགོས༔ སྐྱབས་འགྲོ་སེམས་བསྐྱེད་ནས་བསྟོད་པ་ཡན་ཆད་སྔ་དྲོ་བྱེད༔ ཉིན་ཕྱེད་དགོང་མོ་སྲོད་ནམ་ཕྱེད་ཐོ་རངས་དང་དུས་དྲུག་གོ༔ འབྲིང་ཉིན་གསུམ་མཚན་སྲོད་དང་ཐུན་བཞི༔ ཐ་མ་སྔ་དྲོ་དགོང་མོ་གཉིས་སྲོད་དང་གསུམ༔ དམིགས་པ་ཤིན་ཏུ་བརྟན་པོར་བྱེད་ཅིང་དེ་ནངས་ཐུན་དེ་ཁོ་ནས་གཞུང་བསྲང་༔ དུས་གསུམ་མམ་དུས་དྲུག་ཐུན་ནམ་བྱེད་དུས་གཏོར་བསྔོས་རེ་བྱས་ཀྱང་ཆོག༔ ཐུན་ཞེས་པ་གཞུང་གསར་དུ་
བསྲངས་ནས་དམིགས་པ་གསལ་འདེབས་པ་ཡིན་པས༔ ཐུན་མང་ཉུང་བསྐྱེད་རིམ་བརྟན་མི་བརྟན་དང་བསྟུན་ནོ༔ དེ་ནས་གཞུང་གི་སྐྱབས་འགྲོ་ནས་བཟུང་སྲུང་འཁོར་བསྐྱེད་ཆོག་བསྟོད་པ་ཡན་ཆད་ཐམས་ཅད་དང་༔ ངག་ནས་འདོན་པ་དང་ཡིད་ལ་བསྒོམ་པ་སོགས་འདོན་སྒོམ་སྦྲགས་ལ༔ བདག་བསྐྱེད་མདུན་བསྐྱེད་སོ་སོར་བྱེད་ན་མདུན་བསྐྱེད་མཆོད་པ་བྱིན་རླབས་མན་ཆད་འདོན༔ རྙིང་མ་ཡོངས་གྲགས་ལྟར་བདག་མདུན་ཆོ་ག་དུས་གཅིག་ལ་བསྐྱེད་ཀྱང་ཆོག༔ དེ་ནས་ནང་པར་ངག་བྱིན་རླབས་རྒྱས་པའམ༔ མེད་ན་དབྱངས་གསལ་བྱེད་ཚར་གསུམ་བཟླ༔ ཕྲེང་བ་སྟོང་པའི་ངང་ལས་དབྱངས་གསལ་ལས་བྱུང་བའི་མི་མགོའི་ཕྲེང་བར་བསམ༔ ཕྲེང་བ་སྙིམ་པར་བཅུག་ལ༔ ཨོཾ་རུ་ཙི་ར་མ་ཎི་པྲ་ཝནྡྷ་ཡེ་སྭཱ་ཧཱ༔ བདུན་བརྗོད་ནས་སྔགས༔ ཡང་རང་ཉིད་གཞུང་ལྟར་གསལ་བའི་སྤྱི་བོར་མཆོད་རྟེན་དབུས་མའི་ནང་དུ་འཇམ་དབྱངས་ཞི་བ་དམར་སེར༔ གཡོན་ཕྱག་ན་རྡོ་རྗེ་ཞི་བ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ༔ གཡས་སྤྱན་རས་གཟིགས་ཞི་བ་དཀར་པོ་ཕྱག་བཞི་པ༔ གསུམ་ཀ་དར་དང་རིན་པོ་ཆེའི་རྒྱན་པ་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་བསམ༔ དེ་རྣམས་ལས་འོད་འཕྲོས་བདག་གཞན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་བཀོད་པར་བསྒོམས་ནས༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཞེས་བརྒྱའམ་ཉེར་གཅིག་གམ་བདུན་བཟླས༔ ཡང་དེ་རྣམས་ཀྱི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས༔ རང་གི་གནས་ལྔ་ལ་ཐིམ་ནས་སྟོབས་བཅུ་མངའ་བའི་རྫུ་འཕྲུལ་ཐོགས་པ་མེད་པའི་དབང་བསྐུར༔ ཡེ་ཤེས་ལྔ་ཡི་དབང་ཐོབ༔ དབང་རྟགས་སུ་ཐོད་སྐམ་ལྔ་ཡིས་དབུ་བརྒྱན་གྱི་སྟེང་དུ་རིན་པོ་ཆེའི་རྩེ་བྲན་ལྔའི་ནང་དུ་རྒྱལ་བ་རིགས་ལྔ་བཞུགས་པར་བསམ༔ ཨོཾ་ཨཱཿཧཱུྃ༔ བུདྡྷ་དྷ་ར༔ བཛྲ་དྷ་ར༔ རཏྣ་དྷ་རཿ༔ པདྨ་དྷ་ར༔ ཀརྨ་དྷ་ར༔ སིདྡྷི་ཧཱུྃ༔ ཞེས་བདུན་ནམ་ཉེར་གཅིག་བརྗོད༔ དེ་ནས་རང་གི་ཀླད་པ་དུང་ཁང་གི་ནང་དཔྲལ་བའི་ཕྱོགས་སུ༔ ཨོཾ་ཡིག་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་གིས་འཇམ་དཔལ་སྐུ་མདོག་དཀར་པོ་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ༔ ཕྱག་གཡས་རལ་གྲི་ཕྱར་ཞིང་གཡོན་ཚེ་ཡི་བུམ་པ་བདུད་རྩིའི་བཀང་བ་དང་བཅས་ཨུཏྤལ་གྱི་ཡུ་བ་བསྣམས་པ༔ སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་པོ་
ཏི་ཡོད་པ༔ དར་དང་རིན་པོ་ཆེའི་བརྒྱན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་གདན་ལ་ཨོཾ་དཀར་པོའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས༔ རང་གི་ལུས་གང་བས་ལུས་ཀྱི་སྡིག་སྒྲིབ་དག༔ འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱངས་ནས་སྐུ་འཇམ་དཔལ་རྡོ་རྗེའི་གོ་འཕང་ལ་བཀོད་པར་བསམས་ལ༔ ༀ་ཝཱ་གི་ཤྭ་རི་མཱི༔ ཞེས་བརྒྱ་ཙམ་བཟླས་པས༔ འོད་ཟེར་དེས་སྐུའི་རིགས་ཀྱི་སངས་རྒྱས་ཐམས་ཅད་ལ་གཟུགས་མཛེས་སྡུག་སོགས་འདོད་ཡོན་ལྔས་མཆོད༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་བྱིན་རླབས་ཐམས་ཅད་ཨོཾ་ཡིག་དཀར་པོའི་རྣམ་པར་འོད་ཟེར་གྱི་ཚུལ་དུ་བསྡུས༔ འཇམ་དཔལ་ཉིད་ལ་ཐིམ་པས་འོད་དུ་ཞུ་ནས་ཟླ་བའི་སྟེང་དུ་ཨོཾ་ཡིག་དཀར་པོར་གྱུར༔ ཡང་མགྲིན་པའི་ཨཱཿཡིག་དེ་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་དཀར་ལ་དམར་བའི་མདངས་ཅན༔ གཡས་བགྲང་ཕྲེང་དང་གཡོན་པདྨའི་ཡུ་བ་ནས་འཛིན་པ༔ མཛེས་འཛུམ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་བརྒྱན་པའི་ཐུགས་ཀར་པདྨའི་གདན་ལ་ཨཱཿཡིག་དམར་པོ་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས༔ རང་གི་ག་གང་ནས་ངག་
གི་སྒྲིབ་པ་དག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་དག གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ཐོབ་པར་བསམས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བརྒྱ་ཙམ་བཟླ་ཞིང་༔ འོད་ཟེར་དེས་གསུང་གི་རིགས་ཀྱི་སངས་རྒྱས་ཐམས་ཅད་ལ་བསྟོད་དབྱངས་རོལ་མོའི་མཆོད་པ་སྣ་ཚོགས་ཕུལ༔ གསུང་གི་བྱིན་རླབས་ཐམས་ཅད་ཨཱཿཡིག་དམར་པོའི་རྣམ་པར་སྤྱན་དྲངས་ནས་སྤྱན་རས་གཟིགས་ལ་ཐིམ་པས༔ འོད་དུ་ཞུ་ནས་པདྨའི་གདན་ལ་ཨཱཿས་མཚན་པར་གྱུར༔ ཡང་སྙིང་ཁའི་ཧཱུཾ་དེ་ཉིད་ཕྱག་ན་རྡོ་རྗེ་མཐིང་ཁ་ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པའི་དྲིལ་བུ་དཀུར་བརྟེན་པ༔ ཁྲོས་པའི་ཉམས་ཅན༔ སྟག་ཤམ་སྦྲུལ་དང་རིན་པོ་ཆེའི་བརྒྱན་ཅིང་འདོར་ཐབས་སུ་བཞུགས་པའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུཾ་མཐིང་ཀའི་མཐར་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་འཕྲོས་རང་གི་ཡིད་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག༔ འོད་ཟེར་དེ་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཐུགས་རྡོ་རྗེ་མི་སྤྱོད་པའི་གོ་འཕང་ལ་བཀོད་པར་བསམ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བརྒྱ་སྐོར་རེ་བཟླ་ཞིང་༔ འོད་ཟེར་དེས་ཐུགས་ཀྱི་རིགས་ཀྱི་སངས་རྒྱས་ཐམས་ཅད་ལ་བདེ་
སྟོང་གི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཧཱུཾ་ཡིག་སྔོན་པོའི་རྣམ་པར་ཁ་བ་བུ་ཡུག་ལྟར་སྤྱན་དྲངས༔ གསང་བདག་ལ་ཐིམ་པས་འོད་དུ་ཞུ་ནས༔ ཉི་ཟླའི་གདན་ལ་ཧཱུཾ་སྔོན་པོས་མཚན་པར་གྱུར༔ ཡང་རང་ཉིད་ཁྲོ་ཆུ་གཞུང་ལྟར་གསལ་བའི་ཐུགས་ཀར་པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་དེ་ཉིད་འཇམ་དཔལ་མཐིང་ཁ༔ ཤར་དུ་འཇམ་དཔལ་དཀར་པོ༔ ལྷོར་སེར་པོ༔ ནུབ་ཏུ་དམར་པོ༔ བྱང་དུ་ལྗང་སྔོན༔ ལྔ་ཀའང་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་ཞིང་རྒྱལ་བ་རིགས་ལྔའི་དབུ་བརྒྱན་ཅན༔ ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ༔ མཛེས་འཛུམ་དར་དང་རིན་པོ་ཆེའི་བརྒྱན་ཅིང་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པ༔ གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུཾ་མཐིང་ག་འཁོར་བཞིའི་ཐུགས་ཀར་ཟླ་བ་ལ་ཤར་དུ་ཨོཾ༔ ལྷོར་ཏཱཾ༔ ནུབ་ཏུ་ཏི༔ བྱང་དུ་ཨཱཿརྣམས་རང་རང་གི་ཁ་དོག་དང་མཐུན་པའི་སྔགས་ཕྲེང་གིས་བསྐོར་བ དེ་རྣམས་ལས་འོད་ཟེར་ཁ་དོག་ལྔ་འཕྲོས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒྲིབ་པ་སྦྱངས༔ འཇམ་དཔལ་རིགས་ལྔའི་གོ་འཕང་ལ་བཀོད་པར་བསམ་ཞིང་༔ ༀ་ཝཱ་གི་
ཤྭ་རི་ཧཱུྃ༔ ཅེས་བརྒྱ་རྩ་བརྒྱད་བཟླ་ཞིང་། འོད་ཟེར་གྱིས་རིགས་ལྔའི་རྒྱལ་བ་ཐམས་ཅད་མཆོད༔ སྐུ་ལྔ་ཡེ་ཤེས་ལྔའི་བྱིན་རླབས་ཐམས་ཅད་འོད་ཟེར་རྣམ་པ་ལྔའི་རང་བཞིན་དུ་ཚུར་འདུས་ལྷ་ལྔ་ལ་ཐིམ་པས༔ རང་གི་ཕུང་པོ་ལྔ་སྐུ་ལྔར་གནས་འགྱུར༔ འཇམ་དབྱངས་རིགས་ལྔའི་ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་པར་བསམ༔ དེ་ནས་རང་ཉིད་ཁྲོ་ཆུར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་སངས་རྒྱས་ཐམས་ཅད་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ནག དེའི་ཞབས་སུ་ཉལ་ཐབས་སུ་སྒོམ་པའི་ཞབས་ཀྱུའི་ནང་དུ་འཇམ་དཔལ་གཤིན་རྗེ་ཐམས་ཅད་ཀྱི་ངོ་བོ་ཡདམར་ནག་ཧཱུྃ་གི་ཧ་ཁོག་ཏུ་རང་གི་ཚེའི་ངོ་བོ་ནི་ལྗང་གུ་འོད་ཟེར་བཀྲག་མདངས་དང་ལྡན་པ༔ ཧཱུྃ་གི་མཐར་རང་ཉིད་ཀྱི་མདུན་ངོས་ནས་གཡོན་དུ་བཀོད་དེ་སྔགས་མགོ་རང་གི་མདུན་གྱི་གཡས་ངོས་སུ་ཡོད་པ༔ ཡི་གེའི་ངོ་ཕྱིར་བསྟན་ཏེ་མིའི་བྲོ་ར་བསྒྲིག་པ་ལྟར་བསྐོར་བར་བསྒོམ༔ དང་པོ་ཡི་གེ་དེ་ཀློག་པའི་ཚུལ་དུ་ཁྲི་ཚོ་ཙམ་བཟླ༔ དེ་ནས་ཕྲེང་བའི་ཕྲེང་ལུང་འཁོར་བ་ལྟར༔ འོད་ཟེར་མཐིང་ཁ་གཡས་སུ་འཁོར་བར་བསམ་ལ་ཁྲི་ཚོ་ཙམ་བཟླ༔ དེ་ནས་མཆོད་རྟེན་ལ་མི་མང་པོས་བསྐོར་བ་བྱེད་པ་ལྟར་ཧཱུྃ་ཡིག་མི་འགུལ་ཞིང་སྔགས་ཀྱི་ཡིག་འབྲུ་གཡས་སུ་
འཁོར་བར་བསམས་ནས་ཁྲི་ཚོ་ཙམ་བཟླ༔ སླར་ཡང་ཡིག་འབྲུ་འཁོར་བཞིན་པའི་ས་བོན་གསུམ་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐུགས་རྗེ་ནུས་མཐུ་ཐུགས་སྲོག་ཡི་གེ་དང་བཅས་པ་དབང་དུ་བསྡུས་ནས་རང་གི་སྙིང་ཁའི་ས་བོན་ལ་ཐིམ༔ དེ་ཐམས་ཅད་དབང་དུ་བསྡུས༔ ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་དང་༔ རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་ཐམས་ཅད་སྦྱངས༔ སངས་རྒྱས་ཀྱི་ས་ལ་བཀོད༔ དེ་དག་གི་མཐུ་སྟོབས་རྫུ་འཕྲུལ་ཡོན་ཏན་ནུས་མཐུ་སྲོག་སྙིང་ཡི་གེ་དང་བཅས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས་རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསྒོམ༔ ཡང་འོད་ཟེར་མེ་ལྕེ་དང་གློག་ཞགས་ལྟ་བུ་འཕྲོས༔ རང་ལ་གནོད་པའི་ནད་དང་གདོན་དང་སྡིག་སྒྲིབ་མི་ཁ ཁ་སྨྲས་དགྲ་གྱོད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཕོག་པས༔ བ་མོ་ལ་ཉི་ཟེར་ཕོག་པའམ༔ བྱ་
སྒྲོ་མེ་ལ་བསྲེག་པ་ལྟར་སྐད་ཅིག་ལ་མེད་པར་བྱས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཀྲག་གཟི་མདངས་མཐུ་སྟོབས་གཟི་བརྗིད་ཐམས་ཅད་གཅིག་ཏུ་བསྡུས་ནས་བདག་ཉིད་གཟི་བརྗིད་ཕུན་སུམ་ཚོགས་ཤིང་ཐམས་ཅད་འདུས་པའི་བདག་ཉིད༔ ང་ལས་ཆེ་བཙན་འཇིག་རྟེན་ཁམས་ན་མེད་དོ་སྙམ་པའི་ང་རྒྱལ་བརྟན་པར་བྱའོ༔ དམིགས་པ་དེ་རྣམས་མ་ཡེངས་པར་བསྙེན་པ་བྱ་སྟེ༔ ཨོཾ་མཉྫ་ཤི་ཡ་མཱནྟ་ཀ་བྱ་གྲི་ཝ་བཛྲ་པཱ་ཎི་དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ར༔ ཀཱ་ལ་རྭ་པ༔ ཨ་ཀྲོ་རྭ་ཙ༔ ཡ་མ་རཱ་ཙ་ས་མ་ཡ་ཛ་ཛ༔ སྔོན་དུ་ཡི་དམ་གཞན་གྱི་བསྙེན་པ་མ་སོང་བའི་གསར་པ་ཡིན་ན སྔགས་སྦེལ་མ་དེ་ཉིད་རྒྱུན་དུ་འདོན༔ སྔོན་དུ་བསྙེན་པ་སོང་ཡང་མི་ནོན་དོགས་ཀྱི་རྩུབ་ཆ་ཆེ་བ་བྱུང་ན་ཐུན་མགོ་ལ་སྟོང་ངམ་བརྒྱ་རེ་བཟླ༔ སྔོན་དུ་བསྙེན་པ་གཞན་སོང་ན་རྒྱུན་དུ་སྔགས་དུ་ཏྲི་མན་ཆད་བསྙེན་པར་བྱའོ༔ དུས་ནི༔ རབ་ཞག་ཉེར་གཅིག འབྲིང་བཅུ་བཞི ཐ་མ་ཡང་ཞག་བདུན་བསྙེན༔ གྲངས་ནི་རབ་ས་ཡ་བདུན༔ འབྲིང་ས་ཡ་གཉིས༔ ཐ་མ་ས་ཡ་གཅིག ཡང་ཐ་བདུན་འབུམ་མམ་འབུམ་ཕྲག་
བཞིའོ༔ འོན་ཀྱང་དུས་དང་གྲངས་མ་ངེས་པར་རྟགས་གཙོ་ཆེ་བར་གསུངས༔ མཚོ་ཡི་གཏིང་དུ་འགྲོའམ་སྟེང་དུ་འདུག གངས་རི་དཀར་པོའི་རྩེ་ལ་འཛེགས་པ་དང་༔ གོས་དཀར་དྲི་མ་མེད་པ་གྱོན་པ་དང་༔ མེ་ཏོག་སྣ་ཚོགས་འཐུ་བ་དང་༔ རལ་གྲི་དང་ཆོས་ཀྱི་པོ་ཏི་རྙེད་པ་བྱུང་ན་སྐུ་ཡི་འགྲུབ་རྟགས་སོ༔ ལུས་ལ་མེ་འབར་བ་དང་༔ མཚོན་ཆ་སྣ་ཚོགས་ཐོགས་པ་དང་༔ རོལ་མོའི་སྐད་རིགས་རང་གིས་འཁྲོལ་བ༔ རྔ་བརྡུང་དུང་བུད་མཆོད་རྟེན་བསྐོར༔ ལོ་ཐོག་ལེགས་པོ་མཐོང་བ་དང་སྙེ་མ་འཐུ་བ༔ དེ་རྣམས་གསུང་གི་འགྲུབ་རྟགས་སོ༔ བདུད་རྩི་འཐུང་དང་ཆོས་བཤད་པ་ཉི་མ་དང་ཟླ་བ་ཤར་བ་དེ་དག་ཐུགས་ཀྱི་འགྲུབ་རྟགས་སོ༔ རྡོ་རྗེའི་རྫོང་དང་མཁར་བརྩེགས་པ༔ གོ་ཆ་གྱོན་པ༔ མཚོན་ཆ་རྙེད་པ་བཟུང་བ་དང་༔ གཡུལ་འགྱེད་པ་ལས་རྒྱལ་བ༔ ཁམས་གསུམ་ལས་རྒྱལ་བ༔ གཞན་དང་འཐབས་པས་རང་རྒྱལ་བ༔ མཁར་ཁང་ལྕགས་རིའི་སྒོ་མཚམས་དམ་དུ་བཅད་ཅིང་སྲུང་བ༔ བྲག་བཤིག་པ་ཤིང་བཅད་པ་ནམ་ལངས་བ༔ དར་ཕྱར་བ་དུང་འབུད་པ་དམག་དཔོན་བྱེད་པ ༔ མི་ཆེན་པོའི་གུས་འདུད་བྱེད་པ་དང་༔ གཞན་གྱིས་རང་ལ་ཕྱག་
འཚལ་བ༔ གྱེན་ལ་འགྲོ་བ་སྐས་ལ་འཛེགས་པ༔ རྫོང་གི་ནང་དུ་འདུག་དང་རི་རབ་བཤིག་པ་སྐྱོགས་ཆེན་འཕེན་པ་ལ་སོགས་པ་རྣམས༔ རྨི་ལམ་དག་ཏུ་བྱུང་བ་དང་༔ རབ་དངོས་འབྲིང་ཉམས་དྲི་བཟང་འཐུལ་བ༔ ནང་མཆོད་ཁོལ་ལམ་རླངས་པ་འབྱུང་༔ གཏོར་མ་དབྱར་མི་རུལ་ལ་དགུན་མི་འཁྱག་པ༔ ཞལ་མཇལ་བ་ལུང་བསྟན་པ་ལ་སོགས་པ་འབྱུང་ངོ་བསྐྱེད་རིམ་གསལ་ཞིང་ཉམས་བདེ་བ༔ ཤེས་པ་གསལ་བ་ལ་སོགས་པའི་རྟགས་ཐོན་པར་བྱ་ཞིང་༔ རྟགས་ལ་མངོན་ཞེན་དང་དགའ་བྲོད་མི་བྱ་ཞིང་༔ རྒྱུ་འབྲས་རྟེན་འབྲེལ་ཙམ་དུ་ཤེས་པར་བྱའོ༔ དེ་ནས་ཐུན་དུ་བྱེད་ན་ཐུན་མཇུག་ཏུ༔ རང་གི་ཐུགས་ཀར་ཧཱུཾ་གི་རྩེར་སྔགས་ཕྲེང་འཕྲོས༔ ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་མཆོད་པའི་ཚུལ་ཞུགས་པས་མཉེས༔ ཐུགས་ཀའི་ཧཱུཾ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ༔ ཞབས་ཀྱུ་ནས་སྔགས་ཕྲེང་འཕྲོས་ལྟེ་བ་ནས་སམ༔ ཐུགས་ཀ་ནས་དངོས་གྲུབ་སྣ་ཚོགས་ཀྱི་ངོ་བོར་ཐོན༔ རང་གི་ལྟེ་བའམ་སྙིང་ཁར་ཐིམ༔ བྱིན་རླབས་དངོས་གྲུབ་མཐུ་རྩལ་ནུས་པ་དང་ལྡན་པར་བསམ༔ དེ་ལྟར་སྔགས་ཕྲེང་བདག་མདུན་གཉིས་ཀྱི་བར་དུ་འཁོར་བས༔ ཕར་མཆོད་ཚུར་དངོས་གྲུབ་
ཐོབ༔ བར་དུ་སྔགས་ཕྲེང་ལས་མེ་དཔུང་ཚྭ་ཚྭ་འཕྲོས་ནས་གནོད་བྱེད་ཐམས་ཅད་ཚར་བཅད་པར་བསམས་ལ་བརྒྱ་ཙམ་བཟླའོ༔ དེ་ནས་དབང་དང་དངོས་གྲུབ་བླངས་ཏེ་མདུན་བསྐྱེད་ཀྱི་དཔྲལ་བའི་ཨོཾ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་དཀར་པོ་བྱུང་ནས༔ རང་གི་དཔྲལ་བ་ནས་ཞུགས༔ ལུས་ཀྱི་སྒྲིབ་པ་དག༔ འགྱུར་བ་མེད་པ་སྐུའི་དངོས་གྲུབ་ཐོབ་མདུན་བསྐྱེད་ཀྱི་མགྲིན་པའི་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་དམར་པོ་བྱུང་༔ རང་གི་མགྲིན་པ་ནས་ཞུགས༔ ངག་གི་སྒྲིབ་པ་དག འགགས་པ་མེད་པ་གསུང་གི་དབང་ཐོབ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཧཱུྃ་ལས་བདུད་རྩིའི་འོད་ཟེར་རྒྱུན་སྔོན་པོ་བྱུང་༔ རང་གི་སྙིང་ཁར་ཞུགས༔ སེམས་ཀྱི་སྒྲིབ་པ་དག༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ༔ དེ་ལྟར་བདུད་རྩིའི་འོད་ཟེར་གསུམ་གྱི་རང་ལུས་གང་༔ བདུད་རྩིའི་དྭངས་མ་རང་གི་སྙིང་ཁའི་ནང་དུ་ལུད་པ་ལས༔ སྙིང་ཁའི་དཀྱིལ་དུ་ཐུགས་ཀྱི་འཇམ་དཔལ་སྐུ་མདོག་སྔོན་པོ༔ སྙིང་ཁའི་ནང་དུ་གཡས་སུ་སྐུའི་འཇམ་དཔལ་དཀར་པོ༔ སྙིང་ནང་གཡོན་དུ་གསུང་གི་འཇམ་དཔལ་དམར་པོ༔ གསུམ་ཀའང་ཕྱག་གཡས་ཤེས་རབ་ཀྱི་
རལ་གྲི་ཕྱར་ཞིང་༔ གཡོན་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཐུགས་ཀར་བསྣམས་པ༔ ཞི་ཞིང་འཛུམ་པ༔ དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་ཤིང་༔ གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ༔ རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་གཡས་ཀྱི་ཐུགས་ཀར་ཨོ༔ གཡོན་གྱི་ཐུགས་ཀར་ཨཱཿ དབུས་ཀྱི་ཐུགས་ཀར་ཧཱུཾ་གིས་མཚན་པར་བསམས་ལ༔ འཇམ་དཔལ་སྲས་བཅས་བདག་ལ་དགོངས་སུ་གསོལ༔ ཡི་དམ་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་རྣམས༔ བདག་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་བརྗོད༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་སིདྡྷི་ཨོ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བདུན་ནམ་ཉེར་གཅིག་བརྗོད༔ དེ་ནས་མདུན་གྱི་བྲུབ་ཁུང་མི་དམིགས་པར་ཨེ་ལས་ལྕགས་སྲེག་ཁང་པ་གྲུ་གསུམ་པ༔ ཁ་དོག་ཅིང་མཐིལ་ཡངས་བ༔ དེའི་ནང་དུ་ཧཱུྃ་དང་ཏྲི་ལས་སྐྱེས་པའི་གནོད་བྱེད་ཚེ་བདུད་ཕོ་མོ་གཉིས་བྱི་ཆིངས་སུ་གནས་པ༔ རིད་ཅིང་སྐྱེམ་པ་རྐང་ལག་ལྕགས་སུ་བཅུག་པ་ཞིག་གསལ་བར་གྱུར༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ བཅོམ་ལྡན་འདས་འཇམ་དཔལ་ཚེ་བདག་ནག་པོའི་བདེན་པ་དང་༔ བདེན་པ་ཆེན་
པོའི་མཐུས༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལ་གནོད་པར་བྱེད་པའི་བདུད་དང་དགྲ་བགེགས་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག ཛཧཱུྃ་བཾ་ཧོ༔ ལན་གསུམ་བརྗོད༔ རང་གི་སྔོན་གྱི་ལས་ལས་གྱུར་པ༔ འཕྲལ་གྱི་རྐྱེན་ལས་གྱུར་པའི་གནོད་བྱེད་ཚེ་བསོད་ནམས་ལ་བར་དུ་གཅོད་པའི་བགེགས་དང་དགྲ༔ ཁྱད་པར་དུ་ཚེ་ཐུང་ཞིང་བསོད་ནམས་ཆུང་བའི་ལས་སྒྲིབ༔ དམ་ཚིག་ཉམས་ཆག་དང་བཅས་པ་ནག་ཉི་ལི་ལི་བསྡུས་ནས་ཚེ་བདུད་ལ་ཐིམ༔ རང་གི་ལུས་ལས་ཀྱང་ཁྲུས་ཆུས་དུད་ཁུ་བཞིན་དུ་ནག་ནུར་གྱིས་ཐོན་ནས་ཚེ་བདུད་ལ་ཐིམ་པར་བསྒོམ༔ ཚེ་བདུད་ཀྱི་སྟེང་དུ་ཕུར་པ་དང་མཆོད་རྟེན་ནག་པོ་དབྱེར་མེད་པ་ལས༔ ཟློག་བྱེད་ཁྲོ་བོ་ནག་པོ་ཞལ་གཅིག་ཕྱག་གཉིས་ཞལ་གདངས་ཤིང་མཆེ་བ་གཙིགས་ནས་སྐན་སྒྲ་རྡེབ་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ༔ ཕྱག་གཡས་རལ་གྲི་ཕྱར་ཞིང་གཡོན་ཚེ་བདུད་བཟློག་པའི་འཁོར་ལོ་འཛིན་པ༔ སྐུ་སྨད་གནམ་ལྕགས་ལས་གྲུབ་པའི་ཕུར་པ་མེ་འབར་བས་ཆེ་བདུད་ཕོ་མོའི་སྙིང་ལ་འཛེར་ཞིང་གཟིར་བ༔ ལུས་ངག་ཡིད་གསུམ་གྱི་ནུས་པ་བཅོམ་ནས་གནོད་མི་
ནུས་པར་བསམས་ལ༔ དུ་ཏྲི་ཡ་མ་རཱ་༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་རཱི་ཙ༔ ས་མ་ཡ་ཛ་ཛ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏུ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཚེ་བསོད་ནམས་ལ་གནོད་པར་བྱེད་པའི་བདུད་ཐམས་ཅད་ཀྱི་སྲོག་ལ་ནི་ཏྲི་ཏྲིག་ནན༔ ཨེ་ཧུར་ཐུ་ཛ༔ མཱ་ར་ཡ་རྦད༔ ཙཱུམྦྷ་ཡ་ནན༔ རང་ཉིད་རྐྱེན་ཆག་ཆེ་ན་བརྒྱ་ཙམ་བཟླ༔ འཇམ་ན་བདུན་ནམ་ཉེར་གཅིག་བཟླ༔ དེ་ནས་ཐུན་གཏོར་གཏོར་ཆུང་གཅིག་ལ་བདུད་རྩིས་བྲན༔ བྱིན་གྱིས་རླབས་ལ་ཚིགས་བཅད་གང་རུང་དང་༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་སོགས་ལ་རྩ་སྔགས་བཏགས་ལ༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་ལ་རྒྱུན་གཏོར་ནང་དུ་འབུལ༔ འཇམ་དཔལ་ཞི་བའི་ངང་ལས་སོགས། བསྟོད་པ་ཤོ་ལོ་ཀ་གཅིག་ཙམ་གྱིས་བསྟོད༔ དེ་ནས་ཚེ་བསྲིང་དཔལ་བསྐྱེད་པའི་ཐབས་ནི༔ རང་ཉིད་ལྷར་གསལ་བའི་སྤྱི་གཙུག་ཏུ་མཆོད་རྟེན་ནོར་བུའི་ཏོག་གི་ནང་ངམ་ནོར་བུའི་སྟེང་དུ༔ པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་དང་ཨོ་རྒྱན་ཚེ་དཔག་མེད་དབྱེར་མེད་པ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་ཚེ་བུམ་འཛིན་པས་སྐྱིལ་ཀྲུང་གིས་བཞུགས་པ༔
དེའི་ཐུགས་ཀར་ཟླ་བའི་གདན་ལ་བྲིས་མཚན་པའི་མཐའ་བསྐོར་དུ་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས༔ རྒྱལ་བ་སྲས་དང་བཅས་པ་ཚེ་དཔག་མེད་པའི་རྣམ་པར་སྤྱན་དྲངས་ནས་ཚེ་དཔག་མེད་ལ་ཐིམ༔ ཡང་ཚེ་བུམ་ལས་འོད་འཕྲོས་པས༔ རང་གི་ཚེ་ལྷ་འདྲེས་ཁྱེར་བ་ཐམས་ཅད་དང་༔ འབྱུང་བའི་བཅུད༔ སྐྱེ་འགྲོའི་ཚེ་དང་བསོད་ནམས༔ ཚེའི་དངོས་གྲུབ་ཐམས་ཅད༔ འོད་ཟེར་གྱི་རྣམ་པར་བསྡུས་ནས་བུམ་པར་ཐིམ༔ བུམ་པ་ནས་འཆི་མེད་བདུད་རྩིའི་རྒྱུན་ན་ར་ར་བབས༔ རང་གི་ཚངས་བུག་ནས་ཞུགས༔ ལུས་ཐམས་ཅད་འཆི་མེད་བདུད་རྩིས་གང་བར་བསམ་ཞིང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྒྱའམ་ཉེར་གཅིག་བཟླ༔ ཚེའི་བདུད་རྩིས་ལུས་གང་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས༔ ཕྱོགས་མཚམས་སྟེང་འོག་བར་མཚམས་མེད་པར་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་སྨད་ཕུར་བུ་འབར་བ་ཅན༔ ཞལ་གཡས་ལྗང་གཡོན་དམར་བ༔ ཕྱག་དང་པོ་གཉིས་ཀྱིས་ཚེ་ཡི་བུམ་པ་ཐུགས་ཀར་འཛིན་པ༔ བར་པ་གཉིས་ཀྱིས་ཚེ་བདུད་ཟློག་པའི་འཁོར་ལོ༔ ཐ་མ་
གཉིས་ཐོད་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩི་དཀར་དམར་འདྲེས་པས་བཀང་བ་བསྣམས་པ༔ དེ་ལྟ་བུ་བྱེ་བ་དུང་ཕྱུར་གྱིས་ཐེམ་འགགས་ནེམ་འགགས་སུ་གང་ནས་ཚུར་གཟིགས་པ་རང་གི་མདུན་ངོས་སུ་གྱུར་པའི་སྒོ་སྲུང་གི་ཚུལ་དུ་མཆོད་རྟེན་དཀར་པོ་དེ་དང་དབྱེར་མེད་པའི་ཚེ་བདག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་འདོར་ཐབས་སུ་བསྒྲད་པ༔ ཕྱག་ན་ཚེ་ཡི་བུམ་པ་འཛིན་པར་བསམ༔ ལྷ་ཚོགས་དེ་ཐམས་ཅད་ལས་འོད་དཀར་པོ་འཕྲོས༔ བདུད་དང་ལྷ་མ་སྲིན་སྡེ་བརྒྱད་རང་ལ་གནོད་པའི་བྱད་མ་དགྲ་བགེགས་ཐམས་ཅད་ཀྱི་བཀྲག་གཟི་མདངས༔ ཚེ་བསོད་ནམས་ཐམས་ཅད་བསྡུས་ནས་ཁྲོ་བོ་རྣམས་ཀྱི་བུམ་པར་ཐིམ་པས༔ བུམ་པ་ནས་བདུད་རྩིའི་རྒྱུན་ཕྲ་མོ་ཉི་ཟེར་ལྟར་བྱུང་བས༔ རང་གི་བ་སྤུའི་བུ་ག་ནས་ཞུགས༔ ལུས་གང་བས་དྭངས་མ་ཐམས་ཅད་སྙིང་ཁར་དྲི་ལ་ཐིམ་པས༔ རང་གི་ཚེ་དང་བཀྲག་མདངས་རྒྱས༔ ཚེ་ཉི་ཟླ་དང་མཉམ་ཞིང་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་གྱུར༔ ཡང་ཁྲོ་བོ་དཀར་པོ་རྣམས་ཀྱི་ཕྱག་ཐ་མའི་ཐོད་པ་ལས་འོད་ཟེར་འཕྲོས༔ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་ཡི་བཅུད་དང་༔ ཨ་ཧཾ་བྱང་སེམས་ཀྱི་དྭངས་མ་ཐམས་ཅད་
བསྡུས༔ ཐོད་པར་ཐིམ༔ ཐོད་པ་ནང་ནས་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་བབས༔ རང་གི་ཚངས་བུག་དང་བ་སྤུའི་སྒོ་ཐམས་ཅད་ནས་ཞུགས༔ ལུས་ཐམས་ཅད་བྱང་སེམས་ཀྱི་བདུད་རྩིས་གང་བས༔ བདེ་སྟོང་འཆི་མེད་རྡོ་རྗེའི་སྐུ་ཐོབ་པར་བསམ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ ཡ་མ་རཱ་ཙ༔ ས་མ་ཡ་ཛ་ཛ༔ ཨ་ཡུརྫུ་ན་སིདྡྷི་ཧཱུྃ༔ ཞེས་བརྒྱའམ་ཉེར་གཅིག་བཟླ༔ སླར་ཁྲོ་བོ་དཀར་པོ་ཐམས་ཅད་བདུད་རྩིར་ཞུ་ནས་རང་ལ་ཐིམ་པས་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་དཀར་པོ་རེ་རེས་གཏམ་པར་བསམ༔ དེ་ནས་དཔལ་བསྐྱེད་པ་ནི༔ གཏོར་མ་རིན་ཆེན་འབར་བའི་སྟོད་ཆ་དང་དབྱེར་མེད་པར༔ སྐད་ཅིག་གིས་འཇམ་དཔལ་ཁྲོ་ཆུ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གསུམ་ཕྱག་དྲུག་སྐུ་སྨད་རིན་པོ་ཆེ་ལས་གྲུབ་པའི་ཕུར་བུ གོད་འདྲེའི་སྙིང་དཀར་ནག་མཚམས་སུ་ཟུག༔ ཕྱག་གཡས་གསུམ་ན་རིན་པོ་ཆེའི་ཕུར་པ་དགོས་འདོད་ཀུན་འབྱུང་བསྣམས་ནས༔ ནོར་གྱི་ཆར་འབེབས་པ༔ གཡོན་གསུམ་ན་ལྕགས་ཀྱུ་དམར་པོ་བསྣམས་ནས༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ༔ སྐུ་ལ་རིན་པོ་ཆེའི་
རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་གནོད་སྦྱིན་དང་ནོར་ལྷའི་རིགས་ཐམས་ཅད་ཀྱིས་བསྐོར་བ༔ དེའི་ཐུགས་ཀར་ཉི་ཟླའི་གདན་ལ་ཧཱུྃ་ཡིག་དང་ཡདམར་སེར་དེ་ལས་འོད་འཕྲོས༔ རིན་ཆེན་རིགས་ཀྱི་འཇམ་དཔལ་གཤིན་རྗེ་དང་༔ ནོར་ལྷ་དང་གནོད་སྦྱིན་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ༔ སླར་ཡང་འོད་འཕྲོས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས་ནས་དགོས་འདོད་ཐམས་ཅད་ཆར་བཞིན་འབེབས་པར་བསམས་ལ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་༔ ཡ་མ་རཱ་ཙ ས་མ་ཡ་ཛ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྒྱ་རྩ་བཟླའོ༔་དེ་ནས་གཏོར་མ་རིན་ཆེན་འབར་བ་དེ་ཡི་སྨད་ཆ་དཀར་གསུམ་གྱི་མཆོད་པ་དེ་རྣམས༔ ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ རྩ་སྔགས་ལ༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི ཨགྷཾ་སོགས་ཀྱིས་མཆོད༔་བསྟོད་པ་ཤོ་ལོ་ཀ་གཅིག་གིས་བསྟོད༔ ༈ དེ་ནས་རྫོགས་རིམ་ལ་འཇུག་པར་བྱ་སྟེ༔ དང་པོ་ནས་སྒོམ་པའི་སྲུང་འཁོར་དང་ལྷ་ཚོགས་ཐམས་ཅད་དུས་གཅིག་ལ་ལམ་གྱིས་གསལ་བཏབ་ལ༔ དེ་རྣམས་ཐམས་ཅད་ཨ་འཐས་ཐེར་ཟུག་མ་ཡིན་པ༔ རྣམ་པ་གསལ་ཡང་ངོ་བོ་སྟོང་
པ༔ ནམ་མཁར་འཇའ་ཤར་བའམ་ཆུ་ནང་དུ་ཟླ་བ་ཤར་བ་ལྟར་བསྒོམ༔ སངས་རྒྱས་ཡེ་ཤེས་ཞལ་གདམས་ལས༔ གཟུགས་སྣང་སྟོང་པ་ཆོས་སྐུའི་ངང་ལ་ཞོག༔ ཅེས་གསུངས་སོ༔་དེ་ནས༔ རང་གི་སྙིང་ཁར་པདྨ་དང་ཉི་མའི་སྟེང་དུ༔ རང་གི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་དུག་གསུམ་གྱི་ངོ་བོ་བྱ་སྦྲུལ་ཕག་གསུམ་ཡང་སུམ་ཚོམ་དུ་བསྒོམ༔ དཀྱིལ་དུ་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་དཀར་པོ༔ དེ་བཞི་ཀའང་ཆེ་ཆུང་ཚོན་གང་བ་རེ་བསམ་སྤྱི་བོར་རྡོ་རྗེ་གཅིག་བསྒོམ༔ སྤྱི་བོ་ནས་སྙིང་ཁར་ཧཱུྃ་ལ་ཐིམ་པས་རྐྱེན་བྱས༔ ཧཱུྃ་དེ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོའི་རྣམ་པར་བྱུང་ནས་དུག་གསུམ་བསྲེགས༔ ཧཱུཾ་འོད་དུ་ཞུ་ནས་མེ་འོད་ཐིག་ལེའི་རྣམ་པར་དཀར་ཀྱི་ལེ་བ་བསྒོམ༔ དེ་ནས་འོག་མིན་གྱི་གནས་ནས་རྡོ་རྗེ་སེམས་དཔའ་ཐོག་ལྷུང་བ་ལྟར་དཀར་ཧྲི་ལི་ལི་བྱུང་༔ ཚངས་བུག་ནས་ཞུགས༔ རང་གི་སྙིང་ཁར་ཐིམ་པས༔ ཐིག་ལེ་དེ་ཉིད་སྐད་ཅིག་ལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ༔ དེ་ཡང་སྐུ་མདོག་དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ་པ༔ ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་༔ གཡོན་དྲིལ་བུ་དཀུར་བརྟེན་པ༔ དར་དང་རིན་པོ་ཆེའི་
བརྒྱན་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཟླར་བཞུགས་པར་བསྒོམ༔ ཙཀྲ་ཧཱུྃ༔ ཞེས་བརྗོད་པར༔ བུ་ག་དགུར་འཁོར་ལོ་རྡོ་རྗེས་མཚན་པ་རེ་རེས་རྒྱས་བཏབ་པར་བསྒོམ༔ དེ་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཉི་ཟླའི་གྲྭའུ་ཁ་སྦྱོར༔ དེའི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བཞི་པ་ཁ་སྦྱོར༔ དེའི་ནང་དུ་ཧཱུྃ་ཡིག་དཀར་པོ༔ དེའི་ཐིག་ལེའི་ནང་དུ་རང་གི་རྣམ་ཤེས་ནི་ཡིག་ཏུ་གནས་པ་ཧཱུྃ་གི་མཐར་ཡིག་བརྒྱས་བསྐོར་བ་ལས༔ འོད་ཟེར་དང་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་༔ དམ་ཚིག་ཉམས་ཆག་ཆོ་ག་ལྷག་ཆད༔ ཏིང་ངེ་འཛིན་གྱི་ཐང་ལྷོད༔ སྔགས་ཀྱི་སྒྲ་ཟུར་ཉམས་པ༔ གཉིད་རྨུག་ལེ་ལོ་ཚོད་ཡོད་སྙོམས་ལས་ལ་སོགས་ཀྱི་སྒྲིབ་པ་ཐམས་ཅད་དུད་ཁུ་ལྟར་དག་ནས༔ འོག་གཞི་ས་འོག་ཏུ་སོང་༔ ལུས་ཡེ་ཤེས་ཚངས་པའི་དངོས་གྲུབ་ཐོབ༔ བདུད་རྩིས་གང་བར་བསམས་ལ༔ ཡིག་བརྒྱ་བདུན་ནམ་གསུམ་བཟླ༔ དེ་ནས་བསྡུ་རིམ་ནི༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ༔ སྲུང་འཁོར་ཕྱི་མ་རྣམས་ནང་མ་ལ་ཐིམ༔ ནང་མ་འཁོར་ལ་ཐིམ༔ འཁོར་རང་ལ་ཐིམ༔ རང་དབུ་ཞབས་ནས་རིམ་གྱིས་འདུས་ནས་ཧཱུྃ་ལ་ཐིམ༔ དེ་ཡང་ཞབས་ཀྱུ་དང་འ་
མདོག་དང་ཧ་ཁོག་དང་མགོ་བོ་དང་ཟླ་ཚེས་ཐིག་ལེ་ནཱ་དའི་བར་དུ་ཐིམ༔ དེ་ཡང་ཇེ་ཕྲ་སྐུ་ཡི་རྩེ་མོ་ཙམ་ལ་ཡུན་རིང་དུ་སེམས་བཟུང་༔་དེ་ཡང་ཡལ་ནས་ཅི་ཡང་ཡིད་ལ་མི་བྱེད་པར༔ སེམས་ཁོ་རང་ཇི་ལྟར་འདུག་པ་དེ་ཉིད་ལ་བཟོ་བཅོས་མེད་པར་མ་ཡེངས་ཙམ་དུ་ཧྲིག་གེར་བལྟས་ཏེ༔ ཡུན་རིང་དུ་མཉམ་པར་བཞག་གོ༔་རྒྱུད་ལས༔ རྫོགས་རིམ་ངན་སོང་སྒོ་གཅོད་ཡོད༔ ཅེས་དང་གཞུང་ལས༔ སྤྲོས་བྲལ་གནས་ལུགས་ངང་ལ་ལྷན་ཅིག་བཞག༔ ཅེས་གསུངས་པའི་དོན་ནི༔ དེ་ནས་རང་ཉིད་སྐད་ཅིག་གིས་སྲུང་འཁོར་དང་བཅས་པའི་བསྐྱེད་རིམ་ཐམས་ཅད་དུས་གཅིག་ལ་འཇའ་ཤར་བ་ལྟར་རིམ༔ གསལ་འདེབས་པའམ༔ ཡང་ན་རང་ཉིད་སྐད་ཅིག་གིས་གཙོ་བོ་རྐྱང་པ་རྒྱན་མེད་པ་གཅིག་ཏུ་གསལ་བས༔ ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་ཅིང་༔ དགེ་བ་འདི་ཡིས་མྱུར་དུ་བདག༔ བཅོམ་ལྡན་འཇམ་དཔལ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ བསྐྱེད་རྫོགས་ཀྱི་དགེ་བ་བྱང་ཆུབ་ཏུ་བསྔོ༔ ཟས་ཟ་བ་དང་ཕྱི་ས་འདོར་བ་སོགས་ཐུན་མཚམས་སུ་བྱ་བར་བཤད་ཀྱང་༔ འདིར་བླ་མེད་ཀྱི་ལུགས་ཡིན་ཕྱིར་ཐུན་
མཚམས་མིན་ཀྱང་བཟོད༔ སྔགས་ཆབ་མ་གཏོགས་ཁ་མི་བཤལ༔ དགེ་སློང་ཡིན་ན་སྔགས་ཆབ་བྱ༔ སེམས་ཅན་གང་གི་ཡང་ལྕེ་མི་བཟའ༔ བྱིན་བརླབས་མ་བྱས་པའི་ཤ་ཆང་སྤང་༔ ཟས་གང་ཡང་རུང་བའི་སྣོད་དེ་བྷནྡྷ༔ ཟས་དེ་དགྲ་བགེགས་ཀྱི་ཤ་ཁྲག་ཤ་ལྔ་བདུད་རྩི་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱི་བརླབས་ནས༔ ལག་པ་གཡས་གཡོན་དགང་གཟར་བླུགས༔ ཁ་ཁྲོ་བོའི་ཞལ་གྲུ་གསུམ་པ་མེ་ཐབ་ཀྱི་རང་བཞིན་དུ་འབུལ་བས༔ སྙིང་ཁར་འཇམ་དབྱངས་རིགས་ལྔ་གསལ་བཏབ་པ་ལ༔ མཆོད་པས་མཉེས་ནས༔ སྐུ་ལས་བདུད་རྩི་བབ་པས་ལུས་གང་བར་བསྒོམ་ལ་བཟའོ༔ རང་ལུས་རྒྱལ་བའི་སོགས་ཀྱིས་བསྔོ་བ་བྱ༔ གོས་ནི་གླང་ཀོ་དང་ཞིང་ལྤགས་སྐེ་རགས་སྦྲུལ་རྒྱན་བསམས་ལ༔ རང་གི་གཡས་ཕྱོགས་སུ་མཆོད་རྟེན་གསུམ་ལ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་བཞུགས་པ་ལ༔ གཡོན་རལ་གྲི་སྔོན་པོ་དང་གཡས་སྤུ་གྲི་དཀར་པོའི་གཤོག་པ་གཉིས་སོག་པ་གཉིས་ཀྱི་སྟེང་དུ་ཕུབ་སྒོར་མོ་ལྟར་ཡོད་པ༔ སྤུ་གྲི་གཡས་དང་རལ་གྲི་གཡོན་དུ་འཁོར་བས༔ དགྲ་བགེགས་ཐམས་ཅད་དམར་ཉི་ལི་ལི་གཏུབ་ཅིང་༔ རང་ཉིད་འཕུར་ནས་མཆོད་རྟེན་
ལ་སྐོར་བ་བྱེད་པར་དམིགས་ལ་འགྲོའོ༔ བསྟན་པ་ལ་གནོདཔའི་དགྲ་བགེགས་ཐམས་ཅད་དུས་གཅིག་ཏུ་འདུས་ནས་རང་གི་མལ་འོག་ཏུ་ཚུད་པའི་སྤྱི་བོ་ནས་སྐུ་སྨད་གནམ་ལྕགས་ཕུར་པས་འཛེར་ཏེ༔ རྩེ་མོ་ཉི་མའི་གདན་ལ་ཐུག་པར་བྱས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་ལུས་གཡོ་འགུལ་དང་བྲལ༔ ངག་སྨྲ་བརྗོད་དང་བྲལ༔ སེམས་དྲན་རྟོག་དང་བྲལ་ཏེ་རང་བཞིན་བདེ་བ་དང་ལྡན་པར་བསམ་ལ་འདུག་གོ༔ སླར་སྐྱབས་འགྲོ་ནས་ཙམ་སྔ་མ་ཇི་ལྟ་བ་བཞིན་ཐུན་བཟུང་༔ དེ་ལྟར་ཞག་རེ་ལ་ཐུན་དུ་བྱེད་པ༔ ཐུན་དང་ཐུན་དུ་གཅོད་ཅིང་རྟགས་མ་ཐོན་བར་རེམ༔ དུས་སམ་གྲངས་ཀྱི་བསྙེན་པ་ཐེམ་པར་བྱས་ནས༔ ནུབ་ཐ་མ་ལ༔ གཏང་རག་གི་མཆོད་པ་དང་ཚོགས་རྒྱས་པར་བཏང་༔ བསྐུལ་པ་གཏོར་འབུལ་བརྟན་སྐྱོང་བྱའོ༔ བྲུབ་ཁུང་གི་ལིངྒ་དེ་སྒྲུབ་ཁང་ཐེམ་འོག་ཏུ་མནན༔ རྟ་བྲོ་བྱས་ཤིང་ནང་དུ་ལོག་ལ་བཀྲ་ཤིས་སོགས་གཞུང་ལྟར་བྱ༔ ཡེ་ཤེས་པའི་སྲོག་འཁོར་དང་དར་ནག་གི་སྐུ་སོགས་རྟེན་རྫས་རྣམས་ལ་བསྟིམ༔ དམ་ཚིག་པ་རང་གི་སྙིང་ཁར་བསྡུ༔ རང་ཉིད་ཉལ་བའི་ཕུགས་སུ་མིས་མ་མཐོང་བར་གྲི་ལྕགས་ཀྱི་མདེལ་ཅན་གྱི་ཕུར་པ་དེ་ལྕམ་མམ་
ཀ་བ་ལྟ་བུ་ལ་བཏགས་ལ༔ སེང་ཕུར་དང་མདའ་དར་གཉིས་འཕྱང་བར་བྱས་ལ་བཞག དར་ནག་གི་མདུན་དུ་འཛོམས་ན་རྟེན་གཏོར་བཅའ་ལ་བཞག༔ མ་འཛོམས་ཀྱང་ཕུགས་སུ་བཤམས༔ ལྷར་བསྐྱེད་པའི་རྫས་སྣ་ཚོགས་ཀྱི་གཏོར་མ་དེ་ཅུང་ཟད་ཙམ་རེ་བདུག་ན་བགེགས་ཐམས་ཅད་བྲོས་སོ༔ ཁོང་དུ་མི་བཏང་ངོ་༔ རྒྱུན་གཏོར་བསྐང་གཏོར་རྣམས་ནང་འཁོར་གྱི་དངོས་གྲུབ་ཏུ་རོལ༔ རིན་ཆེན་འབར་བ་ནི་རང་ཉིད་ཁོ་ནས་དངོས་གྲུབ་ཏུ་རོལ༔ མཆོད་པ་རྣམས་གཙང་སར་དོར༔ འབྲུ་སྣ་རྣམས་གཡང་སྒམ་སམ་མཛོད་ཕུགས་སུ་བཏབ༔ མཆོད་རྟེན་གཉིས་སྒྲུབ་ཁང་ནང་གི་བྱང་ངམ་ནུབ་ཕྱོགས་སུ་དབེན་སར་སྦ༔ བྲུབ་ཁུང་བཅག་སྟེ་རྗེས་མི་མངོན་པར་བྱའོ༔ གསུམ་པ་ནི༔ དེ་ལྟར་བསྙེན་པ་ཐེམ་པའི་སྲུང་ཟློག་བསད་གསུམ་སོགས་ལས་ཚོགས་ཐམས་ཅད་རང་བཞིན་གྱི་དོན་དུ་སྤྱད་པས་འགྲུབ་པ་ཡིན་ནོ༔ འདིར་ཚིག་གི་མཛེས་ཆ་དང་སྙན་ངག་སོགས་སྤངས་ནས་ཤིན་ཏུ་གོ་བདེ་བར་བཀོད་པའོ༔ འདི་ལ་འགལ་འཁྲུལ་གང་མཆིས་འཇམ་དཔལ་ཉིད་ཀྱི་དྲུང་དུ་བཤགས་ཤིང་དགེ་བས་འགྲོ་ཀུན་འཇམ་དཔལ་ཉིད་འགྲུབ་ཤོག ཅེས་རྡོ་རྗེ་ཐེག་པ་ལ་མོས་པའི་དགེ་སློང་ཀརྨ་ཨ་རཱ་གས་བཀོད་
པ་ཛ་ཡནྟུ༔ ༈ ཀྱེ་མ་རྨོངས་པའི་རྔ་ཤིང་རྔ་ལྕག་དང་༔ རྔ་ལྤགས་རྣམས་ནི་སོ་སོར་ཅི་བརྡུང་ཡང་༔ རྔ་སྐད་མི་འབྱུང་བཞད་གད་རྒྱུ༔ དེ་བཞིན་གཏེར་གཞུང་སླད་མེད་ཡིན་ནོ་ཞེས༔ བརྟེན་པའི་ཤོག་དྲིལ་སོ་སོར་ཉམས་བླངས་ཀྱང་༔ བསྙེན་སྒྲུབ་བསྐྱེད་རྫོགས་ཡན་ལག་མི་ཚང་ཞིང་༔ འགྲུབ་རྟགས་མི་འབྱུང་སྤྱོད་ལྡན་རྣམས་ཀྱིས་ཁྲེལ༔ དེ་བས་རྒྱུད་གཞུང་མན་ངག་ཞལ་ཁྲིད་ཅེས༔ འཁྲུལ་མེད་གསལ་ཞིང་གབ་སྦས་མེད་པ་རུ༔ བཀོད་འདི་ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ བདག་གཞན་དོན་གཉིས་འགྲུབ་བོ་ཨེ་མ་ཧོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཤམཉྩཁམ༩ གུ་ཧྱ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་ལས་སྤྲོས་མེད་ལྟར་བསྙེན་པའི་མན་ངག་ཤིན་ཏུ་གསལ་བར་བཀོད་པ།
བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་ལས་སྤྲོས་མེད་ལྟར་བསྙེན་པའི་མན་ངག་ཤིན་ཏུ་གསལ་བར་བཀོད་པ་བཞུགས་སོ། །
བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་ལ་ཕྱག་འཚལ་ལོ། རྣལ་འབྱོར་སྤྲོས་བཅས་མི་ལྕོགས་པ་དང་། ཡོ་བྱད་མི་འབྱོར་པ། སྤྲོས་པ་ལ་མི་དགའ་བ་རྣམས་ཀྱིས། ཁྲོ་ཆུའི་བསྙེན་པ་སྤྲོས་མེད་ལྟར་བྱ་བ་ནི། གཟའ་སྐར་བཟང་བའམ་རྩུབ་པའི་ཉིན་པར། སྟེགས་བུ་གནས་དང་འཚམས་པའི་སྟེང་དུ་བྲུབ་ཁུང་གཅིག་བཞག །དེ་ལ་མཐར་ཆུང་ཉེར་གཅིག་བཙུགས། དེའི་ནང་དུ་ཤོག་ལིང་ངམ་མ་འབྱོར་ན། ཟན་ལིང་གཅིག་ལ་དུག་ཤིང་ཕུར་པ་སོར་བཞི་བཙུགས་ལ་བཞག ཁ་བཅད་ལ་སྟེང་དུ་ཚ་ཚ་སྟོད་དཀར་པོ། པདྨ་སྨད་ནག་པོ་བྱས་ལ་བཞག །དེའི་
སྟེང་དུ་ལྡིང་ཁྲིའི་ཁར་དུག་སྣ་ཁྲག་སྣ་ཤ་ཁྲག་ཅི་འབྱོར་གྱི་གཏོར་མ་ཁྲམ་རིས་ཅན། དེའི་གཡས་སུ་དཀར་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་གཡོན་དུ་རྒྱུན་གཏོར་ཟུར་གསུམ་ཤ་ཡིས་བརྒྱན་པ་དང་། གང་བདེར་སྨན་རཀ་སོགས་མཆོད་པ་ཅི་འབྱོར་བཤམས། རབ་སྔགས་འཁོར་དང་ཕུར་པ་གཉིས། མ་འབྱོར་ཡང་གྲི་ལྕགས་ཀྱི་ཕུར་པ་གྲི་ཁྲག་གིས་ངར་བླུད་པ་མགུལ་དུ་བཏགས། མཚམས་གཅོད་སྔོན་འགྲོ་གཏོར་མ་བཏང་ནས་། སྐྱབས་འགྲོ་ནས་བཟུང་བསྟོད་པའི་བར་དང་། འབྱོར་ན་ནུབ་དང་པོ་དང་ནུབ་ཐ་མ་ལ་ཚོགས་དང་གཏོར་མ་འབུལ་བ་བྱེད། བསྙེན་པ་བྱེད་
ཚུལ་ཐམས་ཅད་རྒྱས་པའི་སྐབས་ལྟར་ཉམས་སུ་ལོངས། །ས་མ་ཡ། རྒྱ་རྒྱ་རྒྱ། ཡང་དེ་ཙམ་མི་འབྱོར་བའི་སྤྲོས་མེད་དོན་གྱི་རྣལ་འབྱོར་རམ། སྤྲོས་བཅས་ལ་འཇུག་ན་མདུན་དུ་སྟེགས་ཀྱི་ཁར་ལྕགས་ལྡེར་རམ་སྣོད་གཙང་མ་གཅིག་ཏུ་དམར་གཏོར་གཅིག་བྱས་ལ། སྨད་གྲིས་བཅད་ལ། འོག་ལ་གྲུ་གསུམ་བྱས་ལ་ཟན་ལིང་བཅུག དེའི་སྟེང་དུ་གཏོར་མ་སྦྱར་ལ་དཀྱིལ་དུ་བཞག གཡས་སུ་མར་གྱི་རིལ་བུ་ཆེན་པོ་གཅིག གཡོན་དུ་གཏོར་མ་ཟུར་གསུམ་ཆེ་བ་གཅིག་བཞག སྔོན་འགྲོ་ནས་བཟུང་སྟེ་རྒྱས་པའི་སྐབས་ལྟར་ཉམས་སུ་ལོངས༔ ས་མ་ཡ། རྒྱ་རྒྱ་རྒྱ། གུ་ཧྱ། ཨྠྀི༔ ཡང་ཤིན་ཏུ་རྨོངས་པའི་གང་ཟག་ཕྱག་ལེན་ལ་རྡུགས་པས་ཀྱང་མི་ཚད། འདོན་ཚད་འདོན་ཆ་འཁྲུགས་པ་དང་། དམིགས་པ་མ་ཟིན་པའི་རིགས་ལ་གཅིག་ཆོག་རྣམས་ཀྱི་གདམས་པ་བསྟན་ཏེ། སྐྱབས་འགྲོ་ནས་བཟུང་སྟེ་བསྟོད་པའི་བར་དེ་ལ། ཁོ་བོས་མཚལ་སེར་བྱས་ནས་ཡོད་པ་འདི་མཚལ་མ་ཁོ་ན་འདོན་། བསྙེན་པ་གཅིག་གིས་ཆོག་པ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་
སྒྲིབ་སྦྱངས། གནོད་བྱེད་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས། ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱི་མཐུ་སྟོབས་ཐམས་ཅད་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་བསམས་ལ་བསྙེན་པ་བྱའོ།། །སྲུང་བ་གཅིག་གིས་ཆོག་པ་ནི། དུག་རྫས་རྡོ་རྗེའི་བསྲུང་བ་ཁོ་ན་བསྒོམ༔ ཟློག་པ་གཅིག་གིས་ཆོག་པ་ནི། རི་རབ་ཐལ་ཕུང་ཁོ་ན་བསྒོམ། བསད་པ་གཅིག་གིས་ཆོག་པ་ནི། སྙན་བརྒྱུད་སྨད་ཕུར་ཁོ་ན་བསྒོམ། སྔགས་བཟླས་པས་ཆོག་པའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་དབང་པོ་ཡ་རབ་ཤིན་ཏུ་སྤྲོས་མེད་དོན་གྱི་རྣལ་འབྱོར་པས། སྤྲོས་བཅས་ཅི་ཡང་མི་འཚལ་ཞིང་། གཞུང་བསྲང་བ་ཡང་མི་དགོས་ཏེ། སེམས་ཉིད་སྟོང་གསལ་ནམ་མཁའ་ལྟ་བུ་ལ། །སྐད་ཅིག་དྲན་རྫོགས་འཇའ་ཚོན་ཤར་བ་ལྟར། བསྙེན་པ་ཅི་ནུས་འབད་བཅོམ་ལྡན་ཁྲོ་ཆུ་དུག་གདོང་གི་སྲུང་འཁོར་དང་བཅས་པ་ཝལ་གྱིས་གསལ་བཏབ་ནས། སྤྱན་འདྲེན་བྱ་རྒྱུ་མེད་པ་དང་། སེམས་ཡེ་ཤེས་སེམས་དཔའ་རང་ལུས་དམ་ཚིག་སེམས་དཔར་ཤེས། གྲག་སྟོང་བྲག་ཆ་ལྟ་བུ་ཅི་ནུས་འབད། བློས་བྱས་དབུ་
ཞབས་ན་བསྡུ་བའི་རྣམ་རྟོག་ཕྲེང་བ་མི་དགོས་ཏེ། རང་སེམས་བསྐྱེད་རིམ་དེའི་ངོ་བོར་ལྷན་གྱིས་བཞག །ཧྲིག་གེར་བལྟའོ།། འདིའི་མན་ངག་འགའ་ཞིག་ནང་། འདི་རླུང་སྒྲུབ་ཡིན་པས་གཏོར་མ་མེད་ཀྱང་ཆོག་གསུངས་པ་ལྟར། བཟའ་བཏུང་བདུད་རྩིར་བསམས་ལ་བདག་བསྐྱེད་ལ་མཆོད། དེ་ནས་རྒྱུན་གཏོར་གྱིས་མཆོད་ལ། རྡེབ་ཆོག་དང་བསད་དམིགས་སྐབས་སུ་དགྲ་བོའི་ཤ་ཁྲག་ལས་ཀྱི་གཤིན་རྗེ་རྣམས་ལ་སྟེར་བས་དམིགས་པས་ཐུན་གྱི་གོ་ཆོད། དགྲ་བོ་ཁོ་རང་གི་ལིངྒ་དེ་ཁང་པ་བྲུབ་ཁུང་། རང་གི་སྐུ་སྨད་ཕུར་པར་བསྒོམས་པས་ཕུར་པ། ལག་པ་མཚོན་ཆ་དང་འཁོར་ལོ་དང་དམིགས་པས་ཐུན་རྫས་ཏེ། སྤྲོས་པ་ཅི་ཡང་མི་དགོས་སོ། །སྔགས་དང་དམིགས་པ་ཁོ་ནས་འགྲུབ་བོ། །ཞེས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རྣལ་འབྱོར་ཆེན་པོའི་ཚུལ་དུ་བསྙེན་པའི་ཐབས། ཀརྨ་ཨ་རཱ་གས་བཀོད་པའོ། །འདི་ལ་ཉེས་པ་ཅི་མཆིས་འཇམ་དཔལ་དབྱངས་ལ་བཤགས། དགེ་བས་འགྲོ་བ་ཐམས་ཅད་འཇམ་དབྱངས་འགྲུབ་པར་ཤོག །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམཐགཏཙཎྜགག་གོ ཨེ་མ་རྒྱལ་བས་གསུངས་པའི་ཆོས་རྣམས་ཀུན། །གང་ཟག་དབང་པོ་རིམ་པ་བཞིན། །རྒྱས་
དང་བསྡུས་དང་ཤིན་ཏུ་བསྡུས། །སྤྲོས་བཅས་སྤྲོས་མེད་གསུངས་པ་རྣམས། །ཕལ་གྱིས་དབྱེ་བ་ཤེས་པར་དཀའ། །དབྱེ་བའི་ཡལ་ག་མང་པོ་ཡང་། །སྡོང་པོ་དེ་ལ་འདུས་པ་ལྟར། །ཤིན་ཏུ་ཟབ་ཅིང་མ་ཚང་མེད། །འདི་ལྟར་བསྙེན་པ་བྱེད་པ་རྣམས། །ག་ཡིག་རྒྱས་པའི་ནང་དུ་ལྟོས། །གྲངས་ལ་ངེས་པ་མེད་པ་ཡིན། །རྟགས་ཐོན་པ་ནི་གནད་ཆེའོ། །གང་ཟག་འགའ་ཞིག་ཁམས་དབང་གིས། །ཞེས་ཀྱང་རྟགས་མེད་རིགས་ཡིན་ན། །གྲངས་ཀྱི་བསྙེན་པ་བྱེ་བའོ། །བདུན་འབུམ་བཞི་འབུམ་ཐེམ་པར་བྱ། །དེས་ཀྱང་ལས་ཚོགས་འགྲུབ་པ་ཡིན། །ལས་རུང་བསྙེན་པ་ཞེས་བྱའོ། །སྤྲོས་མེད་དོན་གྱི་རྣལ་འབྱོར་རམ། །ཡང་ན་རྨོངས་པའི་གང་ཟག་ལ། །སྤྲོས་མེད་སྐོར་རྣམས་གསེར་ལས་འཕང་། །ས་མ་ཡ། རྒྱ་རྒྱ་རྒྱ། ཞེས་པ་ཨ་རཱ་གས་སོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཤིན་རྗེ་ཁྲོ་ཆུའི་མན་ངག་བསད་པ་རྒྱུན་ཁྱེར་སྙན་བརྒྱུད་རྫོགས་རིམ་རླུང་དང་བསྲེ་བ་སོགས་འགའ་ཞིག་གི་ཟིན་བྲིས།
གཤིན་རྗེ་ཁྲོ་ཆུའི་མན་ངག་བསད་པ་རྒྱུན་ཁྱེར་སྙན་བརྒྱུད་རྫོགས་རིམ་རླུང་དང་བསྲེ་བ་སོགས་འགའ་ཞིག་གི་ཟིན་བྲིས་བཞུགས་སོ༔
འཇམ་དཔལ་དུག་གདོང་ནག་པོ་ལ་ཕྱག་འཚལ་ལོ༔ སྐྱེས་བུ་དམ་པ་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ཀྱང་སྤྲོས་བཅས་ཀྱི་ཕྱག་ལེན་ལ་བསྡུས་པའམ༔ ཕྱག་ལེན་མཁས་ཀྱང་ཡོ་བྱད་མེད་པའམ༔ སྤྲོས་པ་ལ་མི་དགའ་བའི་གང་ཟག་ལ་བྱེད་མ་དགྲར་ལང་ན། ཏིང་ངེ་འཛིན་དང་སྔགས་ཀྱིས་བསྒྲལ་བའི་མན་ངག་སྙན་བརྒྱུད་ནི༔ རང་ཉིད་ལས་ཀྱི་གཤིན་རྗེར་གསལ་བའི་འོག་ཏུ ལྕགས་ཁང་གྲུ་གསུམ་གྱི་ནང་དུ་བྱད་མ་མགོ་འཇུག་ལྡོག་པའི་རྩ་དབུ་མ་རོ་མ་རྐྱང་མ་གསུམ་པོ་དེ་ཧ་རེ་ཡོད་པར་བསམ༔ རང་གི་སྐེད་པ་མན་ཆད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ༔ རྣོ་བའི་ངར་དང་ལྡན་པ་གསུམ་དུ་གྱུར་ནས་རྩ་གསུམ་པོ་
འཛེར༔ ཕུར་བུའི་ཕྱི་རོལ་ཁོ་ཡི་ལུས་ཀྱི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཞིག་དྲག་ཏུ་འཁོར་བས༔ ཁོ་ཡི་ལུས་ངག་ཡིད་གསུམ་དམར་མྱ་ལ་ལ་གཏུབས་པར་བསྒོམ༔ ཡང་རེས་འགའ་རིང་ཉིད་གཤིན་རྗེའི་གཤེད་ཀྱི་སྐུ་སྨད་ཕུར་པ་ཟུར་གསུམ་པ་གཅིག་ཏུ་བསམ༔ དགྲ་བོ་བྱད་མ་མགོ་མཇུག་ལོག་པའི་རྩ་གསུམ་སྦུ་གུ་རུགས་སེ་ཡོད་པ་ལ་བཏབ་པས༔ གསེར་གྱི་ས་གཞི་ལ་ཐུག་པར་འཛེར༔ ཕུར་བུའི་དབལ་ཁར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དྲག་ཏུ་འཁོར་བས༔ ཁོ་ཡི་ལུས་ངག་ཡིད་གསུམ་མྱལ་མྱལ་གཏུབས་ནས༔ ཤ་ཁྲག་དམར་དཔུང་ངེ་སོང་
བ་རྣམས་ཀྱང་༔ གཤིན་རྗེ་མགོ་བརྙན་ཅན་དཔག་ཏུ་མེད་པ་དང་ཁོ་རང་གི་དུག་གསུམ་གྱི་ངོ་བོ་ལས་གྲུབ་པའི་ལས་ཀྱི་གཤིན་རྗེ༔ ཨ་ཝ་གླང་གི་གདོང་༔ སྟག་མགོ་ཅན་དང་༔ འུག་མགོ་ཅན་གྱི་ཚོགས་དང་༔ ཁོ་རང་གི་ལྷ་སྲུང་རྣམས་ཀྱང་གཤིན་རྗེའི་དམགས་ཚོགས་སུ་གྱུར་ནས་ཕོ་ཉ་དཔག་ཏུ་མེད་པ་དང་བཅས་མཚོན་ཆ་སྣ་ཚོགས་ཐོགས་པས༔ དགྲ་བོའི་ལུས་ངག་ཡིད་གསུམ་བཤའ་གཏུབ་བརྡུང་༔ ནད་ཡམས་དང་མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབ་ནས་རྡུལ་དུ་བརླག༔ ཤ་ཟོས་ཁྲག་འཐུང་རུས་པ་མུར་རང་གཤེད་རང་ལ་ཕབ༔ ཁོ་རང་གི་ལྷ་སྲུང་ཁོ་རང་གི་གཤེད་དུ་ཕབ་ནས༔ མིང་ཡང་མེད་པར་བརླག༔ རང་གི་ཕྱོགས་མཚམས་ཐམས་ཅད་ལྕགས་སྲེག་གི་ས་གཞི་མེ་འབར་བར་གྱུར་པས༔ བྱད་མ་ལྷ་སྲུང་དང་བཅས་པ་བྱ་སྒོ་མེ་ལ་སྲེག་པ་བཞིན་དུ་གཞོབ་ཐུལ་ཐུལ་བསྲེགས་ནས་རྡུལ་ཙམ་མེད་པར་བསྒོམ༔ གྲི་ལྕགས་ཀྱི་ཕུར་པ་ཡོད་ན་ཟན་ལིང་ལ་བཏབ་པའམ་ཡང་ན་དགྲ་ཕྱོགས་སུ་གཟིར་རོ༔ ཡང་ལྕགས་ཁང་ཟུར་གསུམ་པའི་ནང་དུ་དགྲ་བོ་གན་རྐྱལ་དུ་འགྱེལ་བའི་སྙིང་ཁར་ཁྲག་གི་སྦལ་པ་བྱིའུ་མཆིལ་པའི་མགོ་ཙམ་གྱི་ནང་དུ་ནི་ལྗང་ཁུ་བུག་པ་དོད་པ་གཅིག་བསམ༔ དེའི་སྟེང་དུ་རང་ཉིད་གཤིན་རྗེའི་སྐུ་
སྨད་ཁྲོ་ཆུའི་ཕུར་པ་རྩེ་མོ་རྣོ་ངར་དང་ལྡན་ཞིང་མེ་འབར་བ། རྗེའི་བུག་པའི་ནང་དུ་བཙུགས་ནས༔ རང་ཉིད་ཀྱིས་རླུང་ནང་དུ་ཚུར་རྔུབ་པའི་དུས༔ ཁོ་ཡི་བཀྲག་མདངས་གཟི་བརྗིད་ཚེ་བསོད་སྟོབས་རྩལ་ཐམས་ཅད༔ འོད་ཀྱི་རྣམ་པས་རང་ཉིད་ལ་ཐིམ་པས༔ རང་ཉིད་སྟོབས་དང་གཟི་བརྗིད་ཐམས་ཅད་སྔར་བས་ཆེ་བར་བསྒོམ་ཞིང་རླུང་བཟུང་༔ ཁོ་མགོན་སྐྱབས་དཔུང་གཉེན་བཀྲག་གཟི་བརྗིད་དང་བྲལ་ནས༔ སྔོ་ལ་ཧམ་པ་ཐལ་བའི་མདོག་འདྲ་བར་གྱུར༔ རླུང་ཕྱིར་བཏང་དུས་ཁོའི་སྙིང་ནང་དུ་ཁྲག་གི་སྦལ་པ་ཞུ་ནས་ཁ་ནས་ཁྲག་རུལ་དང་ཆུ་སེར་སྐྱུག་པར་བསམ༔ དེ་ལྟར་རླུང་ལ་བསྐྱོན་ཅིང་བསྒོམ༔ ཡང་ཕུར་པའི་རྩེས་ནིའི་བུག་པ་རྦད་ཀྱིས་བཅད་པ་དང་ཁོ་ཡི་སྲོག་ཁྲོག་གི་ཆད་པ་དུས་མཉམ་དུ་སོང་བར་བསམ༔ བསད་རྟགས་རྫོགས་ནས་གནས་སྤར་བ་ནི༔ རྣམ་ཤེས་རྩྭ་ལྗང་ཁུ་ཞུ་ནས་ཨ་དཀར་པོ་ཞིག་ཏུ་གྱུར་ཏེ༔ ཕུར་བུའི་ཁོང་གསེང་ནས་ཡར་རིགས་གསུམ་མགོན་པོའི་ཐུགས་ཀར་ཐིམ་པར་བསམས་ལ་མི་དམིགས་པར་བཞག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ ༈ ཡང་དགོང་མོ་ལྟ་བུ་ལ་བསད་པའི་རྡེབ་ཆོག་ནི༔ རང་གི་རྐང་པ་གཡས་པའི་རྟིང་པས་སྲིན་པོའི་སྒོ་བཀག༔ གཡོན་ཅུང་ཟད་བརྐྱངས་
ལ་ཕྱེད་སྐྱིལ་བྱ༔ མདུན་གྱི་འོག་གཞི་དུག་མཚོ་ནག་པོ་འཇིགས་སུ་རུང་བའི་སྟེང་དུ༔ མ་ཧེ་ནག་པོ་ཁྲོ་གཉེར་ཅན་འཇིགས་སུ་རུང་བའི་ལག་གཉིས་བརྐྱངས་བའི་སྟེང་དུ་མཆུ་བཞག་པ༔ དེའི་སྟེང་དུ་གཤིན་རྗེ་བེ་བྷ་སྭ་ཏ་གཤིན་རྗེའི་ཕྲུ་གུ་སྟོང་གིས་བསྐོར་བ༔ དེའི་འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར་བ༔ དེའི་སྟེང་གི་ཐད་དུ་རང་གི་ལག་པ་གཡོན་པ་དེ༔ ལྕགས་སྲེག་གི་ཁང་སྒྲོམ་འབར་བའི་ནང་དུ་མུན་པ་འཐིབ་པ༔ དེའི་ནང་དུ་མཛུབ་མོ་ཁྲོ་ལྕགས་ཀྱི་གཏན་པ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ༔ རང་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས༔ དགྲ་བོ་དངོས་སུ་བཀུག་ལ་བཞག ཡང་འོད་ཟེར་འཕྲོས་ཁོའི་ལྷ་སྲུང་བཀུག་ལ་བསྟིམ༔ དེ་ནས་རང་གི་མཐེ་བོང་དེ་དགྲ་སྟ་རྣོ་ངར་དང་ལྡན་པས་དགྲ་བོ་གཏུབས་པར་བསམ་ལ་ཕྲེང་བ་ཕྱིར་འདྲེན་ཅིང་བསད་སྔགས་ཟློག་གི་སྔགས་བཟླ༔ གཤིན་རྗེའི་ལས་མཁན་མང་པོས་དགྲ་སྟས་བྱད་མ་ལྷ་དང་བཅས་པ་གཏུབས་ནས་གཏོན་པའི་སྟེང་དུ་ཤ་ཁྲག་གི་ཕུང་པོ་ཆེན་པོ་ཡོད་པ་དེ༔ ལྕགས་སྲེག་གི་ཁང་སྒྲོམ་དུ་ལྷུང་བས་ཐུལ་གྱིས་ཚིག་སྟེ་ཐལ་བའི་ཕུང་པོ་གཅིག་ཏུ་གྱུར་ནས་ཡོད་པར་བསམ༔ དེ་ནས་རང་གི་དབུགས་ཐུབ་ཚད་ཀྱིས་བསྡམས་ལ་ཡིད་ཀྱིས་ཀི་ཡ་
ཀིས་ཞེས་མང་དུ་བསྒང་མི་ཐུབ་པ་དང་རླུང་འབུད་པ་དང་མཉམ་དུ་ཐལ་མོ་བརྡབ་པས༔ ཐལ་བ་དེ་རྣམས་ཐམས་ཅད་བེ་བྷ་སྭ་ཏ་འཁོར་བཅས་དང་མ་ཧེ་ལ་སོགས་པའི་ཞལ་དུ་སོང་༔ དེ་ཐམས་ཅད་་རིམ་པ་དགུའི་འོག་ཏུ་སོང་བར་བསམ་མོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གུ་ཧྱ༔ ༈་ཡང་དགོང་མོ་ཉི་མ་མདུང་གང་ཙམ་ནས་ལ་ལས་ཐལ་ཁའི་ཚུན་ལ༔ གཤིན་རྗེ་མོ་འཇིགས་སུ་རུང་བ་ལག་ན་བཤའ་གྲི་དང་༔ རྒྱབ་ན་ཤ་སྐྱེ་ནག་པོ་ཁུར་བ་གཅིག་གིས་བཤའ་གྲིས་དགྲ་བོ་བཤས་ཤིང་བཅད་ནས་ཤ་སྐྱེར་བཅུག་སྟེ༔ ཉི་མ་དང་འགྲོགས་ནས་མཐའི་མུན་པའི་གླིང་དུ་སོང་བར་བསམ༔ བསད་སྔགས་དང་ཐལ་མོ་བརྡབ་པར་བྱའོ༔ ཐལ་མོ་བརྡབས་དམིགས་པས་འགྲུབ་བོ༔ ༈ ཨེ་མ་གནམ་ལྕགས་འབར་བའི་ཡིད་ཀྱི་སྤུ་གྲི་འདི༔ བསྐྱེད་རྫོགས་མཐར་ཕྱིན་སྐྱེས་བུའི་མཚོན་ཆ་ཡིན༔ རིམ་གཉིས་མི་ལྡན་གནོད་སེམས་ཞེ་སྡང་ཅན༔་དེ་འདྲས་བྱས་ཀྱང་བསྐྱེད་རིམ་མི་བརྟན་ཕྱི་ར༔ གཞན་ལ་གནོད་པར་མི་ནུས་རང་ཉིད་ལ༔ དམིགས་ངན་དེ་འདྲས་དམྱལ་བར་རང་ཉིད་སྐྱེ དེ་ཕྱིར་འདི་ནི་དབང་པོ་ཡ་རབ་ལས༔ དམ་མེད་ཕལ་པའི་སྤྱོད་ཡུལ་མ་ཡིན་ནོ༔ འོན་ཀྱང་བྱིས་པས་ལས་ངན་བསགས་དོགས་པས༔ དམིགས་པའི་མན་ངག་འགའ་ཞིག་ཞལ་ལས་ཤེས༔ འདི་བྲིས་བརྩེ་བ་བྲལ་བའི་བསྟན་ཆོས་དག༔ བརྩམས་པའི་
ཉེས་པ་འཇམ་དབྱངས་ཉིད་ལ་བཤགས༔ དགེ་བས་རྒྱལ་བའི་བསྟན་དགྲ་རྩད་བཅད་ནས༔ བཤད་སྒྲུབ་བསྟན་པ་ཡུན་རིང་འབར་བར་ཤོག༔ ས་མ་ཡ་ཁ་ཐཾ་རྒྱ་རྒྱ་རྒྱ༔ ཞེས་སྔགས་ནག་བསྐྱེད་རིམ་གྱི་ང་རྒྱལ་ཅན༔ རྫོགས་རིམ་ལ་མོས་པ་ལམ་དུ་བྱེད་པ་ཀརྨ་ཨ་རཱ་གས་བཀོད་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གནམ་ལྕགས་འབར་བ་ཁྲོ་ཆུ་དུག་གདོང་གི་ལྷ་ངོ་གསལ་བྱེད།
གནམ་ལྕགས་འབར་བ་ཁྲོ་ཆུ་དུག་གདོང་གི་ལྷ་ངོ་གསལ་བྱེད་བཞུགས་སོ༔
ༀ་དེ་ཡི་ཕྱི་རོལ་དུ་གཤེད་ཆེན་སྡེ་བཞི་ཡབ་ཡུམ་ནི༔ ཤར་དུ་སྲིན་པོ་ཡ་མ་རཱ་ཛ་སྨུག་ནག་ཡུམ་རོ་ལངས་ཐལ་མདོག་མ ལྷོར་གཤེད་ཆེན་མྱོས་བྱེད་འབར་བ་སེར་ནག་ཡུམ་གསོད་བྱེད་མ་ནག་མོ༔ ནུབ་ཏུ་གཤེད་ཆེན་ཨརྱ་མེ་རུ་དམར་པོ་ཡུམ་སྲོག་ལེན་མ་ནག་མོ༔ བྱང་དུ་གཤེད་ཆེན་རལ་པ་ཚལ་དགུ་ལྗང་ནག་ཡུམ་བདུད་མོ་རལ་གཅིག་མ་ནག་མོ༔ དེ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྐུ་སྨད་ཕུར་པ་ཟུར་གསུམ་མེ་འབར་བ་དང་༔ ཡབ་རྣམས་བེ་ཅོན་དང་འཁོར་ལོ་འཛིན་ཅིང་ཡུམ་རྣམས་ཁྲམ་ཤིང་དང་ནད་རྐྱལ་འཛིན་པའོ༔ དེའི་ཕྱི་རོལ་དུ་མོན་པ་སྡེ་བཞི་
ཡབ་ཡུམ་ནི༔ ཤར་དུ་དུང་གི་མོན་པ་སེང་གེའི་མགོ་ཅན་མོན་མོ་བླ་རྐུན་མ་དཀར་མོ༔ ལྷོར་གསེར་གྱི་མོན་པ་སེར་པོ་ཁྱུང་གི་མགོ་ཅན་ཡུམ་མོན་མོ་སྙིང་འབྱིན་གཟེར་འབེབས་མ་སེར་ནག༔ ནུབ་ཏུ་བསེ་ཡི་མོན་པ་དམར་པོ་དྲེད་ཀྱི་མགོ་ཅན་ཡུམ་མོན་མོ་ཁྲག་རལ་དམར་ནག༔ བྱང་དུ་ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན་ཡུམ་མོན་མོ་གཡུ་ཡི་རལ་པ་ལྗང་གུ༔ དེ་རྣམས་ཞལ་གཅིག་ཕྱག་གཉིས་སྐུ་སྨད་ཕུར་པ་ཟུར་གསུམ་འབར་བ༔ ཡབ་རྣམས་བེ་ཅོན་དང་ཙིཏྟ་འཛིན་པ་ཡུམ་རྣམས་ལྕགས་ཀྱུ་དང་ཞགས་པ་ཐོགས་པའོ༔ དེའི་ཕྱི་རོལ་དུ་བདུད་པོ་ཡབ་ཡུམ་
ནི༔ ཤར་དུ་བདུད་པོ་ཧེ་ལེ་ཁྱབ་པ་ནག་པོ་ཡུམ་མི་ཟན་སྙིང་འབྱིན་མ༔ ལྷོར་བདུད་ནག་པོ་འཛུམ་མེད་མཐིང་ནག་ཡུམ་སྙིང་ཁྲག་དུག་འཐུང་མ་ནག་མོ༔ ནུབ་བདུད་སོ་བདར་འཁྲིག་པ་ནག་པོ་ཡུམ་ཤ་ལ་གཟེར་འདེབས་མ་ནག་མོ༔ བྱང་བདུད་རལ་པ་སྤྱི་ཆིང་ནག་པོ་ཡུམ་ནག་མོ་ཁྲག་རལ་མ་ནག་མོ༔ དེ་རྣམས་ཞལ་གཅིག་ཕྱག་གཉིས་སྨད་ཕུར་པ་མེ་འབར་བ༔ ཡབ་རྣམས་ཁྲམ་ཤིང་དང་ཞགས་པ་འཛིན་པ༔ ཡུམ་རྣམ པས་སྤུ་གྲི་དང་མི་སྙིང་འཛིན་པའོ༔ ཡང་ན་ཡབ་རྣམས་བེ་ཅོན་དང་འཁོར་ལོ་ཡུམ་རྣམས་ཁཊཾ་དང་རོ་དབྱུག་མི་སྙིང་འཛིན་པར་བསྐྱེད་པར་གསུངས་སོ༔ དེ་དག་དཔའ་བོ་རྣམས་གླང་ཆེན་གྱི་ཀོ་བ་དང་དཔའ་མོ་རྣམས་མི་ལྤགས་ཀྱི་གཡང་གཞི་གསོལ་བའོ༔ དེའི་ཕྱི་རོལ་དུ་འཆི་བདག་བཅུ་གཉིས་ནི༔ ཤར་དུ་བྱེ་བ་ས་དར་ནག་པོ༔ ནོར་བུ་དགེ་འཕེལ་དམར་སེར༔ ནག་པོ་འཇིགས་བྱེད་སེར་ནག༔ ལྷོར་བྱེ་བ་དགུ་ཁྲི་ནག་པོ༔ རཀཱ་གློག་ཕྲེང་དམར་པོ༔ ཡཀྟ་གསོད་བྱེད་ནག་པོ༔ ནུབ་ཏུ་གཏུམ་པོ་དུད་ཁ༔ གང་བ་ཀུན་འཇོམས་དཀར་པོ༔ ཁམ་པ་རལ་གཅིག་མཐིང་ག༔ བྱང་དུ་སྦྲུལ་མགོ་ཀུན་འཛིན་སྔོན་པོ༔ ངང་པ་སྟོབས་ལྡན་སེར་པོ༔ སྤྱད་པ་སྟོབས་
ཆེན་ནག་པོ༔ དེ་དག་ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཕུར་བུ་མེ་འབར་བ༔ བེ་ཅོན་དང་འཁོར་ལོ་འཛིན་པ༔ སེང་གེའི་གཡང་གཞི་གསོལ་བའོ༔ དེའི་ཕྱི་རོལ་དུ་གཏི་མུག་གཤིན་རྗེ་གླང་གི་མགོ་ཅན་ནག་པོ་སྤུ་གྲི་ཐོ་བ་འཛིན་པ༔ ཞེ་སྡང་གཤིན་རྗེ་སྟག་གི་མགོ་ཅན་སེར་ནག་རལ་གྲི་དང་ཐོད་ཁྲག་འཛིན་པ༔ འདོད་ཆགས་གཤིན་རྗེ་འུག་པའི་མགོ་ཅན་དམར་པོ་གྲི་ཐོད་འཛིན་པའོ༔ དེའི་ཕྱི་རོལ་དུ་ཤར་དུ་ལྷའི་བུའི་བདུད་དཀར་པོ་དུང་གི་འཁོར་ལོ་འཛིན་པ༔ ལྷོར་ཕུང་པོའི་བདུད་སེར་པོ་གསེར་གྱི་འཁོར་ལོ་འཛིན་པ༔ ནུབ་ཏུ་ཉོན་མོངས་པའི་བདུད་དམར་པོ་མེའི་འཁོར་ལོ་འཛིན་པ༔ བྱང་དུ་འཆི་བདག་གི་བདུད་ནག་པོ་ལྕགས་ཀྱི་འཁོར་ལོ་འཛིན་པ༔ དེ་ཡི་ཕྱི་རོལ་དུ་ཕོ་གཤེད་སུམ་བརྒྱ་དྲུག་ཅུས་གཅོད་པའི་འཁོར་ལོ་འཛིན་པ༔ མོ་གཤེད་སུམ་བརྒྱ་དྲུག་ཅུས་ཐུན་རྫས་སྣ་ཚོགས་འཛིན་པ་རྣམས་སྐུ་མདོག་ནག་པོ་མི་ལྤགས་ཀྱི་གཡང་གཞི་གྱོན་པའོ༔ དེའི་ཤར་དུ་སྒོ་བ་སྙིང་འབྱིན་དཀར་པོ་ཡུམ་བདུད་མོ་རོ་ལངས་སྨིན་དཀར་མ༔ ལྷོར་སྒོ་བ་མགོན་པོ་ནག་པོ་ཡུམ་ལྷ་མོ་བྷེ་ཏ་ལི་ནག་མོ༔ ནུབ་ཏུ་སྒོ་བ་ཡབ་རྗེ་ནག་པོ་ཡུམ་བདུད་མོ་རོ་
ལངས་ཐལ་མདོག་མ་ནག་མོ༔ བྱང་དུ་སྒོ་བ་གནོད་སྦྱིན་དམར་པོ་ཡུམ་བསེ་གདོང་རོ་ལངས་མ་ནག་མོ༔ ཡབ་བཞི་སྐུ་ལ་དར་ནག་དགུ་བརྩེགས་གསོལ་ཞིང་ཕྱག་ན་ཁྲམ་ཤིང་དང་འཁོར་ལོ་འཛིན་པ༔ ཡུམ་བཞིས་མི་ལྤགས་ཀྱི་གཡང་གཞི་གྱོན་ཅིང་༔ ཕྱག་གཡས་ན་ཁཊཾ་དང་རོ་དབྱུག་འཕྱར་ཞིང་༔ གཡོན་རྣམས་རིམ་པ་བཞིན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པའོ༔ དེ་ཡི་ཕྱི་རོལ་དུ་ཕྱོགས་བཞི་རུ་ཏྲ་དཀར་སེར་དམར་ལྗང་བཞིའི་ཁྲག་ཟོར་འཕེན་པའོ༔ དེ་ཡི་ཕྱི་རོལ་མོན་ཕོ་དྲུག་གར་བྱེད་ཅིང་༔ མོན་མོ་དྲུག་གླུ་ལེན་པ༔ དེ་ཐམས་ཅད་ཞབས་གཉིས་མཆོང་རྩལ་དང་ལྡན་པའོ༔ དེའི་ཕྱི་རོལ་དུ་བྱ་ནག་བདུན་དགྲ་ཤ་ཟ་བ༔ ཁྱི་ནག་བདུན་དགྲ་ཁྲག་འཐུང་བ༔ དུག་སྤྲུལ་བདུན་དགྲ་བོས་ཁོང་སྙིང་འདོན་པ༔ ལྕགས་ཀྱི་སྡིག་པ་བདུན་བྱད་མའི་ཤ་ཁྲག་ཟ་བ༔ བསེ་ཡི་རུས་སྦལ་བདུན་འབྱུང་བ་ལྔ་ཡི་བཀྲག་མདངས་འཕྲོག་པ༔ དུག་གི་ཕག་རྒོད་བདུན་གནོད་བྱད་ཀླུ་གཉན་ཟ་བ༔ གཡུ་ཡི་སྤྱང་ཀི་བདུན་གསེར་མཆོང་གཡུ་ལྕགས་ཀྱི་སྦྲང་བུ་རྣམས་སོ༔་གནམ་ལྕགས་འབར་བ་ཁྲོ་ཆུ་དུག་གདོང་གི སྔོན་ཆད་འདི་ནི་ལྷ་ངོ་ཤེས་པ་དཀོན༔ སི་ཏུ་སྐུ་སྐྱེ་ཞེས་
གྲགས་མཐུ་ཆེན་གྱིས༔ དྲག་སྔགས་འཆང་སློབ་རྣམས་ཀྱི་དོན་དུ་བཀོད༔ བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་གསལ་བྱེད་ཤོག༔ སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་རླུང་འཁོར་དང་སྲོག་འཁོར་སོགས་ལ་ཉེ་བར་མཁོ་བའི་སྔགས་ཡིག་ཤིན་ཏུ་གསལ་བ།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་རླུང་འཁོར་དང་སྲོག་འཁོར་སོགས་ལ་ཉེ་བར་མཁོ་བའི་སྔགས་ཡིག་ཤིན་ཏུ་གསལ་བ་བཞུགས་སོ༔
འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ ཞང་ཁྲོམ་ལུགས་ཀྱི་བསྙེན་སྔགས་ནི༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ར༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ་ཡ་མ་རཱ་ཙ་ས་མ་ཡ་ཛ་ཛ༔ སྲུང་སྔགས་ནི༔ མ་མ་ནི་བྷཾ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ བདག་ཅག་འཁོར་དང་བཅས་པ་ལ་སྲུངས་ཤིག༔ ཚྭ་ཧཱུཾ་བཛྲ་རཀྵ་རཀྵ༔ ཟློག་སྔགས་ནི༔ དུ་ཏྲི་ཡ་མ་རཱ་ཙ༔ ཡཾ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ནི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག ཡང་འདི་བཏགས་སོ༔ ཡ་མ་ས་མ་ཏི༔ དགྲ་
བོ་ཆེ་གེའི་སྲོག་ལ་བྷྱོ་བྷྱོ༔ ཟློག་ཟློག༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀཱུ ཀྲོ་ཏ་པ་ཙ་ལ་ཏི༔ དགྲ་བོ་དྷིའི་སྲོག་རྩ་ལ་མྱོག་ཡཾ་རྦད༔ ལ་ལི་ཐ་བ་ནི༔ ར་ཙ་ཕྲ་བ་ནི༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་རྩ་སྙིང་རྩ་ལ་མྱོག་མྱོག་ཡཾ་ཡཾ་རྦད་རྦད་ཛ་ཛ༔ སྦྱིན་སྲེག་སྔགས་ནི༔ བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཀྱི་སྲོག་སྙིང་རྣམ་ཤེས་དང་བཅས་པ་ལ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ བསད་སྔགས་གཉིས་པ་ནི༔ ཡ་ཡ་དགྲ་བོའི་སྲོག་ལ་རྦད་རྦད༔ ནག་པོ་ཙིཏྟ༔ དུ་ཏྲི་རཱ་ཙ༔ ཡ་མ་ཛ་ཛ༔ དགྲ་བོའི་སྲོག་ལ་བྲེང་བྲེང་༔ རྩ་ཐིག་སྲོག་ཐིག་རྦད༔ སྙིང་ཐིག་
ལཾ་ལཾ་ཁཾ་ཁཾ་རཾ་རཾ་ཡཾ་ཡཾ་བྱད་མའི་སྲོག་སྙིང་དུ་སོད་སོད༔ བསད་སྔགས་ཐ་མ་ནི༔་དུ་ཏྲི་ཡ་མ་རཀྟ༔ དགྲ་བོ་བྱད་མའི་སྲོག་རྩ་ཁྲག་ཐིག་སྙིང་ཕྱུངས་ཡ་མ་དགྲ་བོའི་སྲོག་ལ་ཤག་ཟད་ཤྭ་ན་རཀཱ་ཁ་ཐུ༔ དགྲ་བོའི་སྲོག་ལ་ཛ་ཛ༔ ཡ་མ་དགྲ་བོའི་རྩ་ཁྲག་ཙིཏྟ་ཕྱུངས༔ དགྲ་བོའི་སྲོག་ལ་ཐུ་རིལ་ཛ༔ དགྲ་བོའི་སྲོག་ལ་་རིལ་རྦད༔ དགྲ་བོའི་སྲོག་ལ་བྲེང་ཤག་ཛ༔ དགྲ་བོའི་སྲོག་ལ་བི་རིལ་ཤག་རྦད༔ ཡ་མ་དགྲ་བོའི་སྲོག་ལ་ཛ་ཛ༔ རྦད་རྦད༔ ཐུན་སྔགས་ནི༔ དུ་ཏྲི་ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ དགྲ་བོའི་ཙ་དྲུག་ཏ་ཐུན༔ ཏ་ཤ་ཀུ་ཏུ་ཌ་ཐུན༔ ར་ག་ཙིཏྟ་རྦད༔ མ་མ་ཡ་ཀ་ཤ་ལ་ཛ་ཛ༔ བྷྱོ་བྷྱོ་སྙིང་ཁ་རག་མོ་དགྲ་བོའི་ཙ་ལ་ཐུན༔ ནག་པོ་ཙིཏྟ་དགྲ་བོའི་སྲོག་ལ་ཐུན༔ ཡ་མ་རཱ་ཙ་དགྲ་བོའི་སྙིང་ལ་ཐུན༔ ཡ་མ་ཏྲི་ཎ་དགྲ་བོའི་དབུགས་ལ་ཐུན༔ ཧ་རེ་ཤ་ཡ་སྙིང་དབུགས་ལ་ཐུན༔ ཡ་མ་རཱ་ཙ་དགྲ་བོའི་སྲོག་དབུགས་ཧབ་ཤ༔ སྙིང་ཁ་རག་མོ་རཱ་ཙ་དབུགས་ལ་ཐུན༔ ཧ་རི་སྙིང་ཁྲག་ཤ་ལོ༔ ཐུན་ཐུན་བྷྱོ་བྷྱོ༔ བླ་འགུགས་སྔགས་ནི༔ དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ ཀྲོ་ཏ་པ་ཙ་ལ་ཏི༔ དགྲ་བོ་ཆེ་གེའི་བླ་སྲོག་རྣམ་པར་ཤེས་པ་ཛ༔ཧཱུྃ་བཾ་ཧོ༔ ནྲྀ་
ཛ་ཏིལ་བོ་རིལ་ཛ༔ ཛྲ་ཨ་ཀར་ཡ་ཛ༔ ཨཱ་བེ་ཤ་ཡ་ཛ༔ གནྡྷ་ནཱཾ་མཱ་ར་ཡ་ཛ་ཛ༔ ལྷ་དབྱེའི་སྔགས་ནི༔ མ་མ་ཏྲག་རཀཱ༔ མཱ་ར་ཡ་ཕྱེས་ཕྱེས༔ ཏྲག་རཀྟ་རུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བོ་སྐྱོབ་བྱེད་ཀྱི་ལྷ་སྲུང་ཐམས་ཅད་དང་ཕྱེས་ཕྱེས༔ གཟིར་སྔགས་ནི༔ དགྲ་བགེགས་སྒྲེའི་སྲོག་ལ་ནི་ཏྲི་ཏྲེག་ནན༔ ཨེ་ཧུར་ཐུ་ཛ༔ མཱ་ར་ཡ་རྦད༔ ཅེས་སྔགས་བྱང་ཉེར་མཁོ་བསྡུས་པ་འདི་ནི༔ ཞུ་དག་ལན་དགུ་བྱས་པ་ཡིན༔ ཤམཐgdཨེ་མ་སྙིགས་དུས་མོས་པས་བཟླས་བརྗོད་བརྩོན་བྱས་ཀྱང་༔ སྔགས་ལོ་ཆད་ལྷག་ནོར་འཁྲུལ་གབ་སྦས་མང་༔ དེ་ཕྱིར་ངལ་བ་དོན་མེད་ཨ་ཐང་ཆད༔ ནོར་བའི་ཆོས་ལས་མ་ནོར་འབྲས་བུ་དཀའ༔ དེ་ཕྱིར་བདག་གིས་འདི་ནི་འབད་པས་བསྒྲུབས༔ རྒྱུད་གཞུང་མན་ངག་མང་པོའི་སྙིང་པོ་ཕྱུང་༔ སློབ་དཔོན་མང་པོའི་ཞལ་ཁྲིད་དཔང་དུ་བཙུགས༔ དབེན་པའི་གནས་སུ་འབྲུ་ཞུས་མང་པོ་བྱས༔ འདྲ་འདྲའི་འདྲ་མིན་མང་པོ་ལེགས་པར་བརྟག༔ འདི་ནི་ཡིད་ཆེས་གནས་སུ་ལེགས་པར་བསྒྲུབས་པའོ༔ རཱ་ག་ཨ་སྱ་ཞེས་བྱས་བྲིས་པའོ།། ཐཾ༔ ཨེ་ཁྲོམ་བཅོ་ལྔའི་འཁྲུལ་འཁོར་བཞུགས་སོ༔ ཤམཐཾ། འཇམ་དཔལ་གཞན་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཁྲོ་ཆུ་དུག་གདོང་གི་གཏོར་མ་ལ་བརྟེན་ནས༔ ཟློག་པ་ནི༔ དང་པོ་མཐོང་བ་བརྒྱུད་པ་ལྟར་རོ༔ གཉིས་པ་ནི་བོང་ང་ནག་པོ༔ ཐར་ནུ་རེ་ལྕགས་ཐང་ཕྲོམ༔ སྟག་གཟིག་
དོམ་དྲེད་གཅན་ཟན་སྣ་ཚོགས་ཀྱི་ཤ༔ རྟ་གླང་ར་ལུག་གི་ཁྲབ་ག་ཞིབ་པར་བརྡུང་ལ༔ འབྲུ་ནག་ལ་བསྲེས་གཏོར་མ་ཟུར་གསུམ་ལྟ་བུ་ལ་ལྷ་གྲངས་ཀྱིས་བསྐོར༔ ཉ་བོ་དང་སྙིང་གཟུགས་དགུ་རེར་བརྒྱན༔ དྲག་པོའི་སྣོད་ནང་དུ་བཤམས་ལ༔ ས་མ་ཡཱ་ཁ་ཐཾ༔ ༈ ཡང་རང་གིས་ལས་སྦྱོར་བྱས་ལ་ཕ་རོལ་པོའི་ཟློག་པ་བྱས་ན་ཟློག་རྟགས་བྱུང་བའི་ཕ་རོལ་པོ་སྟོབས་ཆེན་གྱི་བྱད་ཁ་དང་ལྷ་འདྲེ་གཡོས་ཆེན་གྱི་གནོད་པ་སོགས་ལ་ཟློག་པ་བཅའོ༔ གཡུལ་འགྱེད་པའི་ས བཤའ་བུད་དྲག་པོའི་ས གྲོག་མཁར་ས༔ ཆུ་ས་ཤིང་རྡོ་བཞིའི་ཚེ་ཟད་བཞི༔ ཚྭ་ཆུའི་ས་སྤྲིན་དང་སྦྱར་རོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ལས་ཀྱི་གཤིན་རྗེ་ཀུན་འཇོམས་ནག་པོའི་ཟློག་བསད་ཀྱི་མན་ངག་སྙན་དུ་བརྒྱུད་པའི་ཟིན་བྲིས།
ལས་ཀྱི་གཤིན་རྗེ་ཀུན་འཇོམས་ནག་པོའི་ཟློག་བསད་ཀྱི་མན་ངག་སྙན་དུ་བརྒྱུད་པའི་ཟིན་བྲིས་རབ་ཏུ་གསལ་བ་འགའ་ཞིག་བཞུགས་སོ༔
ལས་ཀྱི་གཤིན་རྗེ་ཀུན་འཇོམས་ནག་པོ་ཉིད་ལ་ཕྱག་འཚལ་ལོ། །འདིར་ཏིང་ངེ་འཛིན་དང་སྔགས་ཀྱི་སྒོ་ནས་ཟློག་པ་དང་བསད་པའི་མན་ངག་གི་ཤོག་དྲིལ་དང་སྙན་བརྒྱུད་ཞལ་ཤེས་བཀོད་པར་བྱ་སྟེ། རང་ཉིད་ཁྲོ་ཆུ་དུག་གདོང་དབུ་སྲིད་པའི་རྩེར་སླེབ་པའི་འོག་ཕྱོགས་མདུན་དུ་ནམ་མཁའ་རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་གྱི་སྟེང་དུ་བཙོན་ཁང་དུ་བྱད་མ་ལྷ་སྲུང་དང་བཅས་པ་བསམ། རང་གི་ཕྱག་གཡས་པར་ཐུགས་ཀའི་ས་བོན་གྱི་འོད་ཀྱི་འཕྲོ་འདུ་དང་། ཁྲོ་བོ་དྲེགས་པའི་ཚོགས་ཀྱིས་བསྡུས་པ་ལས་བྱུང་བ། ངོ་བོ་དྲེགས་པའི་ལྷ་སྲིན་དང་དུག་རྫས་ལ་རྣམ་པ་དུག་
རྩལྕགས་ཁྲོ་ཆུ་ཁོལ་མ་ལས་གྲུབ་པའི་རི་བོ་ཆེན་པོ་ཟུར་གསུམ་པ་རྣོ་བའི་ངར་དང་ལྡན་པ། ལོག་དང་ཟུར་གསུམ་རྣམས་སུ་མཚོན་ཆ་སྣ་ཚོགས་ཟིང་ཟིང་པོར་སྐྱེས་ཤིང་། དུག་གི་མེ་དཔུང་དམར་ནག་འུ་རུ་རུ་འབར་ཞིང་དུག་རླངས་སྔོ་དམར་ཕྱུ་རུ་རུ་བྱེད་པ་ཞིག་སྒོམ། དེ་ཉིད་རང་གི་ཕྱག་གཡས་པས་ནམ་མཁའི་དབྱིངས་སུ་བཏེགས་ལ་ཁོ་ཡི་སྟེང་དུ་བརྒྱབས་པས་གནམ་ལྕགས་ཀྱི་ཐོག་ཕོག་པ་ལྟར་དགྲ་བོའི་ལུས་གཏོར་ནས་མིང་ཡང་མེད་པར་བྱས། རྣམ་ཤེས་ནམ་མཁའ་དང་བསྲེས་ལ་མི་དམིགས་པའི་ངང་དུ་བཞག་པར་བྱའོ། །འདི་ནི་ཟློག་པ་རི་རབ་ཐལ་དབྱུང་ཞེས་བྱ་སྟེ། གཞུང་
གི་ཟློག་པ། ཡང་ཟློག་སོགས་བྱས་ན་དམིགས་པ་འདི་བཏང་གཏོར་མ་འཕེན་པ་དང་གཏོར་རྒྱབ་སོགས་བྱེད་ཀྱང་དམིགས་པ་འདི་ཉིད་མཆོག་ཏུ་ཟབ། སྤྲོས་བཅས་མེད་ཀྱང་དམིགས་པ་ཁོ་ནས་ཆོག དམིགས་རྟེན་ལག་རྡེབ་བྱེད་དམ་གོས་མཐུ་བརྡབ་ཀྱང་རུང་ངོ་། །ཟློག་བསད་གཉིས་པོ་གང་བྱེད་སྔགས་ཀྱི་ཁ་བསྒྱུར་བྱའོ།། ཨྠྀི༔ རང་ཉིད་གཤིན་རྗེའི་གཤེད་ཀྱི་ཕྱག་གཡས་པར་གནམ་ལྕགས་ཀྱི་མཆོད་རྟེན་པཱུ་རི་སྒོ་བྱེ་བའི་ནང་དུ། མཚོན་ཆ་སྣ་ཚོགས་ཟིང་ཟིང་ཚྭ་ཚྭ་རབ་ཏུ་ཁོལ་བའི་ནང་དུ་དམིགས་བྱ་དངོས་སུ་གནས་པ། ཕྱག་གཡོན་དུག་གི་པཱུ་རི་སྒོ་བྱེ་བའི་ནང་དུ་དུག་གི་མེ་དཔུང་དང་རླངས་པ་སྔོ་དམར་འཕྲོ་བ། དེའི་ནང་དུ་བྱད་མའི་ལྷ་སྲུང་དངོས་སུ་གནས་པ། རང་གི་ཐུགས་ཀའི་འོད་ཟེར་གྱིས་དགྲ་བོ་གནོད་བྱེད་དེ་ཐམས་ཅད་བསྡུས་ནས་གཟུགས་ལ་བསྟིམ། མཆོད་རྟེན་གྱི་སྒོ་གཉིས་ཁ་སྤྲོད་པས་ཁོ་ཡི་ལྷ་སྲུང་ཐམས་ཅད་བདུད་དུ་བབས་ནས་གཤིན་རྗེས་དམག་ཏུ་གྱུར། མཆོད་རྟེན་གཉིས་བརྡབས་པས་བྲག་ཚལ་གྱིས་སོང་ནས་ཤ་ཁྲག་གཤིན་རྗེས་ཟོས་ནས་ལྷག་མ་མེད་པར་བྱས། དེ་ལྟར་དམིགས་ནས་ཐལ་མོ་བརྡབ་དམོད་བཅོལ་བྱའོ། །གཅུན་པ་དང་བསད་པ་པཱུ་རི་ཁ་སྤྲོད་བྱའོ། །
སྤྱི། ཡང་རང་ཉིད་བཅོམ་ལྡན་འདས་གནམ་ལྕགས་འབར་བའི་ཕྱག་གཡས་གཡོན་དུ་དུག་སྣ་ཚོགས་ལས་གྲུབ་པའི་རི་རབ་མཚོན་ཆ་སྣ་ཚོགས་སྐྱེས་པ། དུག་གི་མེ་དཔུང་རབ་ཏུ་འབར་བ་རེ་བསྣམས་ནས། བརྡབ་པའི་བར་དུ་དམིགས་བྱ་རྣམས་ཇིར་ཇིར་དམར་ཉིལ་ཉིལ་བསྒྲལ་བར་བསམ། བསད་པ་དུས་རི་རྩེ་སྤྲོད་ཅེས་བྱའོ། །སྤྱི། གུ་རྒྱ་ས་མ་ཡ་ཁ་ཐཾ། ཡང་རང་ཉིད་ཁྲོ་ཆུར་སྒོམ་པའི་ཕྱོགས་མཚམས་ལྕགས་སྲེག་གི་ས་གཞི་དམར་ལམ་མེ་བ། ཕྱག་ཐམས་ཅད་ཀྱི་དམིགས་བྱའི་རྐང་པ་ནས་བཟུང་སྟེ། །སྲིད་པའི་རྩེ་མོར་ཁྱེར་ཏེ་ལྕགས་སྲེག་གི་ས་གཞི་ལ་བརྡབས་པས། ཇར་ཇར་བུན་བུན་ཆོམ་ཆོམ་བྱ་སྒྲོ་མེ་ལ་རེག་པ་ལྟར་སོང་བར་བསམ། ལག་སྟབས་བྱ་བའམ་གོས་མཐུ་རྡེབ། བསད་པ་གཟུགས་ལེན་མའོ། །སྤྱི། རང་ཉིད་ཁྲོ་ཆུར་གསལ་བས་དམིགས་བྱའི་བྱིས་པ་གར་ཡོད་ཤེས་པར་བྱས་ལ། མདུན་དུ་གཤིན་རྗེའི་ལས་མཁན་སེང་གེའི་མགོ་ཅན། ཁ་གདངས་ཤིང་ངར་བའི་ཁར་དམིགས་བྱའི་བྱིས་སྒྱུར་བས་གྱུར་མིད་དུ་སོང་བར་བསམ་ཞིང་། ལག་པ་གཉིས་གནམ་ལྕགས་ཀྱི་འཁོར་ལོ་བསམ་ལ་ཐལ་མོ་བརྡབ་བོ། །སེང་གདོང་ཅན་གྱིས་བྱིསྔ་བསད་པའི་སྤུ་
གྲི་སོ་རྒལ་ཞེས་བྱའོ། །སྤྱི། གུཉྩ། དྷ་ཐིམ། རྒྱ་རྒྱ་རྒྱ༔ ༈ ཡང་ཉི་མ་དམར་རྩེ་རེ་བའི་དུས་སུ༔ ལ་རྒྱབ་ནས་གཤིན་རྗེ་འཆི་བདག་ནག་པོའི་རྣམ་པ་སྦྲུལ་ནག་པོ་མགོ་དགུ་འཇིགས་སུ་རུང་བ་ཞིག་གིས་ཚུར་ཁ་ཟེད་ནས་ཡོད་པར་བསམ། དགྲ་བོ་བྱད་མ་མི་ནོར་འཁོར་དང་བཅས་པ་དང་། མགོན་སྐྱོབ་བྱེད་མཁན་ཐམས་ཅད་ཀྱང་ཉི་མ་ལ་ཐིམ། ཉི་མ་ཐལ་བ་དང་མཉམ་དུ་ཉི་མ་དེ་སྦྲུལ་ནག་དེས་གྱུར་མིད་བྱས་ནས་སྐད་ཅིག་ལ་ཟླ་བ་གཟའ་ཡིས་ཟིན་པ་ལྟར་ནག་སྐམ་གྱིས་སོང་བར་བསམ། རང་གཤིན་རྗེའི་ང་རྒྱལ་གྱིས་ཐལ་མོ་དགུ་བརྡབ་བོ་། །ལག་གཉིས་ཉི་ཟླའི་བར་དུ་དགྲ་བོ་བརྡབ་ཀྱང་རུང་ངོ་། །འདི་དག་ཟློག་བསད་གང་བྱེད་སྔགས་ཀྱིས་སྒྱུར་རོ། །བསད་པ་ཤས་ཆེའོ། །སམག ཨྠྀི༔ རྒྱ་རྒྱ་རྒྱ༔ ཨེ་མ། དུས་ངན་འདི་འདྲར་སྔགས་འཆང་སྐྱེས་བུ་འགས། །ལིང་གའི་དཔེ་རིས་ཙམ་ཡང་མི་མཁྱེན་ཞིང་། །མིང་ཡིག་ཙམ་ལ་ལྷག་ཆད་མེད་པར་དཀའ། །དེའི་ཕྱིར་ལག་ལེན་ཆེན་པོ་ལྟ་ཅི་སྨོས། །བརྩོན་འགྲུས་བྲལ་ནས་རྫས་ཀྱང་གསེར་བས་དཀོན། །དཔའ་གཏུམ་གཟི་བརྗིད་ལྡན་པའི་དགྲ་བོ་ཡི། །དྲི་མ་ཟག་རྫས་ལེན་པར་སུ་ཡིས་ནུས། །དེའི་ཕྱིར་སྤྲོས་མེད་ཡིད་ཀྱི་མཚོན་ཆ་འདི། །དཀའ་བློ་བདེ་བས་བྲན་གྱི་ཡང་གཡོག་འདྲ། །མྱུར་མགྱོགས་ཐོགས་མེད་ནམ་མཁའི་
གློག་དང་འདྲ། །ནམ་དགོས་ཕན་པ་མགུལ་གྱི་ནོར་བུ་འདྲ། །ཐོག་རྡུགས་མེད་པ་གནམ་ལྕགས་ཐོག་དང་འདྲ། །འདི་འདྲའི་གདམས་ངག་རྒྱ་བོད་གཉིས་ལ་དཀོན། །བརྗེད་པར་འཕང་བ་བརྗེད་ཐོའི་ཡི་གེར་བཀོད། །དོན་མེད་ཕུང་དོགས་ཞལ་ཤེས་སེམས་ལ་སྦས། །གསེར་སྲང་བརྒྱ་ཡི་བཀའ་རྒྱ་ཡོད་པར་ངེས། །བློ་སྙིང་བླ་མར་གཏད་ན་སྦྱིན་རུང་ཞིང་། །ཁ་འཇམས་གཡོ་སྒྱུ་ཅན་ལ་ཅི་ཕྱིར་བསྟན། །དཔེ་ཆ་བསྟན་ཀྱང་ཞལ་ཤེས་སེམས་ལ་གབ། །བསམས་པས་ཆོག་པའི་བསམ་ཆོད་རལ་གྲི་འདི། །ཤིན་ཏུ་ཟབ་བོ་ས་མ་ཡ་རྒྱ་རྒྱ༔ ཨྠྀི༔ བསད་ཟློག་སྤྲོས་མེད་སྙན་བརྒྱུད་ཡིག་ཆུང་འདི། །སྔགས་ནག་ཀརྨ་རཱ་ག་ཨ་སྱས་བྲིས། །འདི་བྲིས་ཉེས་པ་འཇམ་དབྱངས་ཉིད་ལ་བཤགས། །དགེ་བས་བསྟན་དགྲ་རྩད་ནས་གཅོད་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་ལས་བྱང་རྒྱས་བསྡུས་གསུམ་དང་མདོས་ཟློག་ཡང་ཟློག་རྣམས་ཀྱི་ཟིན་བྲིས།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་ལས་བྱང་རྒྱས་བསྡུས་གསུམ་དང་མདོས་ཟློག་ཡང་ཟློག་རྣམས་ཀྱི་ཟིན་བྲིས་ཡོད།།
ན་མོ་གུ་རུ་ཡ་མཱནྟ་ཀ་ཡེ། སྲུང་བ་འཇམ་དཔལ་སྨན་གདོང་དང་། །ཟློག་བསད་གཤིན་རྗེ་དུག་གདོང་ལ། །དགོངས་པ་འགྲོལ་ཕྱིར་ཕྱག་འཚལ་ནས། །དེ་ཡི་འདོན་འགྲིགས་བཤད་པར་བྱ། །རང་བཞིན་བསྙེན་སྒྲུབ་བྱ་ཚུལ་དང་། །སྲུང་ཟློག་བསད་པ་བྱ་ཚུལ་ལོ། །བསྙེན་བསྒྲུབ་བྱ་ཚུལ་སྟ་གོན་རྣམས། །གཞུང་ལྟར་རྒྱས་བསྡུས་གང་ལྕོགས་བཅའ། །འདོན་ལུགས་ཁྱད་པར་མེད་པ་ཡིན། །དེ་ལའང་རྒྱུས་བསྡུས་འབྲིང་གསུམ་སྟེ། །རྒྱས་པ་སི་ཏུས་བསྒྲིགས་པ་ལྟར། །སྐྱབས་སེམས་མངོན་རྟོགས་གཞུང་ལྟར་ལ། །མངོན་རྟོགས་ཕྱི་ཡི་སྲུང་འཁོར་དང་། །ནང་གི་
ཐུགས་ཀའི་སྲུང་འཁོར་གཉིས། །སྡེབ་འཁྱོར་ཡོད་པས་སབ་པར་བྱ། །རྙིང་མ་སྤྱི་ཡི་ལུགས་ཡིན་པས། །བདག་མདུན་སོ་སོར་འདོན་སྲོལ་མེད། །ཆོ་ག་གཅིག་གིས་དུས་གཅིག་བསྐྱེད། །མཆོད་བསྟོད་སོ་སོར་མི་དགོས་ཏེ། །མཆོད་བསྟོད་ཚར་གཅིག་འདོན་པའི་ཚེ། སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས། །བདག་མདུན་སོ་སོར་མཆོད་བསྟོད་དམིགས། །སྨན་མཆོད་བརྒྱུད་རིམ་ཁ་སབ་བྱ། །གཏོར་མདོས་མ་བྱས་གོང་དེར་བསྙེན་པ་བྱས་ན་ལེགས། །གཞུང་གི་བསྟོད་པ་ཚར་བའི་རྗེས། །ཧཱུཾ། པདྨ་ཉི་མའི་གདན་སྟེང་ནས། །ཞེས་སོགས་བསྟོད་པ་རྒྱས་པའང་
སྦྱར། །དེ་རྗེས་བསྙེན་པ་བྱ་བ་སྟེ། །ཟིན་བྲིས་གཞུང་ནས་འབྱུང་བ་ལྟར། །གནས་གསུམ་བྱིན་རླབས་དབང་བསྐུར་སོགས། །བསྒོམ་ཞིང་སོ་སོའི་སྔགས་ཀྱང་བཟླ། །ཐུགས་ཀའི་ཧཱུྃ་མཐའ་སོགས་པའི་དམིགས་པ་བྷྱོ། །བདག་བསྐྱེད་མཛྫུ་ཤྲཱི་དང་། །དུ་ཏྲི་སོགས་ལ་དམིགས་བསྙེན་བྱ། །བདག་བསྐྱེད་ཞལ་ནས་སྔགས་ཕྲེང་སོགས། །མདུན་བསྐྱེད་ལ་དམིགས་བསྙེན་པ་བྱ། །བདག་མདུན་བསྙེན་པ་ཚར་བའི་རྗེས། །མདུན་བསྐྱེད་གནས་གསུམ་བདུད་རྩི་སོགས། །དངོས་གྲུབ་ལེན་པའི་སྔགས་དམིགས་བྱ། །ཨོྃ་ཨཱཿཧཱུྃ་ཀཱ་ཡ་སིདྡྷི་སོགས་། །དེ་ནས་མདུན་དུ་ཨེ་ལས་ལྕགས་ཁང་སོགས། །ཚེ་བདུད་གཟིར་བའི་སྔགས་དམིགས་བྱ། །དེ་རྗེས་གཏོར་མ་གསོ་བྱས་ལ། །ཧཱུྃ། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ཚིགས་བཅད་སྔགས་བཟླས་གཏོར་མ་བསྔོ། །འདི་ལ་གཏོར་ཆུང་འབུལ་ཀྱང་ལེགས། །ཧཱུྃ་ཡ་བྷྱོ་སོགས་བསྟོད་པ་བྱ། །དེ་ནས་དབྱངས་གསལ་རྟེན་འབྲེལ་བརྗོད། །དེ་རྣམས་སྔ་ཐུན་རིམ་པ་སྟེ། །ཐུན་གཞན་གསུམ་ལ་དེ་དང་མཚུངས། །འཛོམས་ན་ཞག་རེ་ཚོགས་རེ་བྱ། །སྤྲོ་ན་མངའ་གསོལ་གསོལ་ཁའང་བྱ། །དེ་ལྟར་བདུན་གཅིག་བདུན་གཉིས་
སམ། །བདུན་གསུམ་བསྙེན་སྒྲུབ་གཞི་བསྙེན་ཡིན། །བདུན་གསུམ་དག་ལས་རིང་མི་བྱ། །གྲོལ་ཁ་སྒྲུབ་རྟེན་གཏོར་མ་ལ། །དམིགས་པས་རང་ལ་དབང་ཡང་བླངས། །ཀཱ་ཡ་ཝཱཀ་ཙིཏྟ་སོགས། །གནས་གསུམ་བྱིན་གྱིས་བརླབ་ཚུལ་བྱ། །དེས་ནི་བསྙེན་བསྒྲུབ་བྱ་བའི་ཚུལ། །ཆོ་ག་རྒྱས་པའི་འདོན་འགྲིགས་རྫོགས།། ༈ །།ཆོ་ག་བསྡུས་པའི་འདོན་འགྲིག་ནི། །གནམ་ལྕགས་གོ་མཚོན་གཞུང་ལྟར་ལ། །གནུབས་སྟོན་སངས་རྒྱས་ཡེ་ཤེས་ཀྱི། །བསྟོད་པ་ཡན་ཆད་གཞུང་ལྟར་ལས། །ཐུན་མཚམས་གསུམ་ནི་དགོང་ཐུན་མཇུག །ཚེ་སྒྲུབ་ནོར་སྒྲུབ་གཉིས་པོ་སྦྱར། །རྫོགས་རིམ་བསྡུ་རིམ་མི་བྱའོ། །དེ་བཞིན་ཚེ་སྒྲུབ་ནོར་སྒྲུབ་གཉིས། །རྒྱས་པའི་སྐབས་སུའང་ཤེས་པར་གྱིས། །གསོལ་ཁ་བསྐང་གསོལ་ཚོགས་མཆོད་གསུམ། །འདོད་ན་རྒྱས་པའི་སྐབས་ལྟར་བྱ། །དེ་ནས་རྒྱུན་ཁྱེར་ཉམས་ལེན་བྱེད་འདོད་ན། །གནམ་ལྕགས་གོ་མཚོན་གཞུང་ལྟར་ལས། །བདག་བསྐྱེད་བསྙེན་པའི་སྐབས་དེ་རུ། །བསྙེན་པ་ཅི་ནུས་འབད་པར་བྱ། །མདུན་བསྐྱེད་ཐང་སྐུ་དར་ནག་གམ། །མེད་ན་གཏོར་མའི་རྩེ་རུ་བསྐྱེད། །མདུན་བསྐྱེད་བསྙེན་པ་ཅི་འགྲུབ་
དང་། །དངོས་གྲུབ་ལེན་ཆོག་གཞུང་ལྟར་ལས། །མདུན་དུ་ཨེ་ལས་ལྕགས་ཁང་སོགས། །ཚེ་བདུད་གཟིར་མནན་མི་དགོས་ཏེ། །བཏོན་ཡང་འགལ་བ་མེད་པ་ཡིན། །ཐུན་མཚམས་ཕྱི་སྣོད་འཇིག་རྟེན་སོགས། །གཞུང་གི་གཏོར་བསྔོས་བསྟོད་པའང་བྱ། །སྔ་དྲོ་སྲུང་བའི་དམིགས་པ་དང་། །སྲུང་སྔགས་ཧཱུྃ་བྷཾ་རཀྵ་སོགས། །ཕྲེང་སྐོར་ཙམ་ཞིག་བརྗོད་པར་བྱ། །དེ་ནས་བྱ་བ་གང་དགོས་བསྒྲུབ། །ཕྱི་དྲོ་ལས་བྱང་ཝིག་མི་དགོས། །དྲན་རྫོགས་ཉིད་དུ་གསལ་བཏབ་ནས། །ལུས་ལྷ་གཤིན་རྗེའི་ལུས་བཅས་གསལ་བཏབ་ལ། །ཟློག་དམིགས་དང་བཅས་ཟློག་སྔགས་བཟླ། །བརྒྱ་ལས་མང་བར་མི་བྱ་སྟེ། །མཐུ་འདྲེན་བྱེད་ན་སུམ་བརྒྱ་ཡིན། །དེ་ནས་དམར་གཏོར་གཅིག་བཤམས་ལ། །ཨེ་གཏོར་སྣོད་ལ་སོགས་འགུགས་གཞུག་དང་། །དྲག་པོ་ཆོས་དབྱིངས་ལ་སོགས་ནས། །ཕྲིན་ལས་མཛོད་བར་གཞུང་ལྟར་འདོན། །ཤ་ཁྲག་གཤིན་རྗེའི་ཟོས་ལྷག་སོགས། །དམིགས་པ་དང་བཅས་ཐུན་གཏོར་དེ། །འཕེན་ནམ་གནོད་བྱེད་དགྲ་ཡུལ་སོགས། །ཕུལ་བ་ལ་སོགས་སྐབས་དང་བསྟུན། །དེ་རྗེས་རང་གི་ལག་མཐིལ་སོགས། །དམིགས་པ་དང་བཅས་ཐལ་མོ་ནི། །
ལན་དགུ་དང་བཅས་སྔགས་བཟློག་སྔགས་དང་སྤྱད། །དེ་ནས་སྤྱི་གཙུག་མཆོད་རྟེན་ལ་སོགས་བརྗོད་པ་ཡིན། །དེ་ཉིད་རྒྱུན་ཁྱེར་བྱས་པ་ན། །བསྙེན་པ་སྲུང་ཟློག་བསད་པ་སོགས། །ཐམས་ཅད་དེ་གས་ཆོག་པར་ངེས། །མ་ཚིག་ཙམ་གྱིས་བསྡུས་པ་ནི། །ཧེ་ལ་སྣ་ཚོགས་ལས་གྲུབ་སོགས། །མངོན་རྟོགས་ཉུང་ངུ་དེ་ཉིད་བརྗོད། །དེ་འང་བསྙེན་པ་སྲུང་ཟློག་བསད། །གཅིག་ཆོག་གསུམ་གྱི་གདམས་པ་འདུས། །དེ་དོན་ཟིན་བྲིས་དག་ལས་གསལ། །དེ་ནས་གཏོར་ཟློག་ཡང་ཟློག་གཉིས། །བཅའ་ཚོགས་མཐོང་བ་བརྒྱུད་པ་ལྟར། །དེ་ཡང་ཟིན་བྲིས་དག་ལས་གསལ། །ཆོ་ག་རྒྱས་པ་གཞུང་ལྟར་ལས། །སྲུང་འཁོར་རང་ཐུགས་ཕྱི་ནང་གཉིས་པོ་སབ། །སྨན་མཆོད་སྐབས་སུ་བརྒྱུད་རིམ་སབ་། །ཀཱ་ཡ་སིདྡྷི་ཞེས་པའི་སྐབས། །གནས་གསུམ་ཐིག་ལེ་ལྕེ་ལ་བཞག །བསྟོད་པ་ཡན་ཆད་གཞུང་ལྟར་ལས། །ཧཱུཾ་པདྨ་ཉི་མ་ལ་སོགས་པའི། །བསྟོད་པ་རྒྱས་པའང་བསྟོད་པའི་རྗེས། །བསྙེན་པ་ཕྲེང་སྐོར་ཙམ་ཞིག་བྱ། །དེ་ནས་སྲུང་སྔགས་ཅུང་ཟད་བཟླ། །དེ་ཚེ་བསྙེན་པ་བསྲུང་བ་ཡིན། །དམིགས་རིམ་བསྡུས་པ་ཅི་ཟིན་བྱ། །དེ་ནས་གསོལ་ཀ་
མངའ་གསོལ་གསུམ། །སྦྱར་ན་ལེགས་ཤིང་མ་སྦྱར་རུང་། །སྦྱར་ན་གཏོར་ཟློག་གསོ་བྲན་ཝིག །ཡང་ན་གཏོར་ཆུང་ཕུལ་ཡང་ལེགས། །དེ་ནས་ཚོགས་བྱ་ཚོགས་ཕུད་ཕུལ། །ཁྲོ་ཆུ་ཁོ་ནར་གཙོར་བཟུང་ནས། །སྐབས་འདིར་གཏོར་བསྔོས་གང་དགོས་བྱ། །མ་སབ་ནའང་མ་ཚང་མེད། །ཚོགས་ཕུད་བར་པས་བསྐང་བ་གསོ། །མེད་ན་གཏོར་ཟློག་གསོ་བྲན་བྱ། །གཞུང་གི་བསྐང་བ་ཉུང་ངུ་འདོན། །གཏོར་ཟློག་མེད་པའི་ཚོགས་ལ་ནི། །བསྒྲལ་ལས་གུད་དུ་མི་དགོས་ཏེ། །བསྐང་བའི་ནང་ན་དོན་གྱིས་ཚང་། །གཏོར་ཟློག་ཡོད་ན་ཚོགས་དུམ་བདུན། །ཟན་ལིང་བདུན་དང་ཤ་དུམ་བདུན། །གཏོར་ཆུང་མང་བ་སོ་སོར་བཤམས། །མདུན་དུ་ཟངས་ལྕགས་སྣོད་ཀྱི་ནང་། །ཚོགས་དུམ་ལིངྒ་གཅིག་བཞག་བྲན། །བྲུབ་ཁུང་ཡོད་ན་བྲུབ་ཁུང་དང་། །མེད་ན་གཏོར་ཆེན་འོག་རྣམས་སུ། །ཟན་ལིང་བཞག་པ་ལ་དམིགས་ཏེ། །བྲུབ་ཁུང་བསྐྱེད་ཆོག་ནས་བཟུང་སྟེ། །ཀཱི་ལ་ཡ་ཡི་བར་ཡན་འདོན་། །དེ་ནས་གཏོར་ཆུང་གཉིས་བྲན་ལ། །གཤེད་ཆེན་སྡེ་བཞིའི་བསྐུལ་པ་དང་། །གནམ་ལྕགས་རྒྱ་གྲམ་འབར་བ་སོགས། །སྔགས་པ་སྡེ་དྲུག་གཏོར་མ་འབུལ། །ཕུར་
འདེབས་བཏོན་ལ་ཕུར་པ་བཏབ། །ཐུན་རྫས་སོགས་ཀྱི་དམོད་པ་བརྗོད་པའི་ཚེ། །ཕྱི་ལག་བྱས་ལ་ཐུན་རྫས་བརྒྱབ། །དེ་ནས་ཡུངས་དཀར་ནས་བཟུང་སྟེ། །ཐོ་བའི་བར་གྱི་ཐུན་རྫས་བརྒྱབ། །ཤིན་ཏུ་གལ་ཆེན་ཡིན་ན་ནི། །ཐུན་རྫས་རེ་ལ་བསད་སྔགས་སྦྱར། །ཧཾ་ཟེར་རམ་ནི་ཐོད་སྟེང་དུ། །ལིང་རོ་བཀྱག་ལ་ཞལ་བསྟབ་གྱེར། །གཏོར་ཟློག་ནང་ཕུལ་བདུད་རྩིས་བྲན། །དེ་ནས་གཏོར་ཆུང་གཅིག་བཤམས་ལ། །ཧཱུྃ། ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ། །ནས་བཟུང་བསྒྱུར་བའི་ཕྲིན་ལས་མཛོད། །སྔོན་ཚེ་ཟློག་པ་གང་ནས་བྱུང་། །སོགས་ནས་འདི་ལྟར་བཟློག་བར་འདོན། །བྷྱོ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ནས། །བན་བོན་སྔགས་པའི་བྱད་ཁ་བཟློག་གི་བར། །ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །འཇིག་རྟེན་དྲེགས་པ་སྐུ་གསུང་ཐུགས་སྤྲུལ་དང་། །ཟློག་སྒྱུར་དུས་བབ་བར་གྱི་ཚིག་གསུམ་མཐར། །བདག་ཅག་ཡོན་མཆོད་འཁོར་བཅས་ཞེས་པ་ནས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཀྱི་བར། །དེ་ནས་རྔ་ནི་དྲག་བརྡུང་ཟློག་སྔགས་བཟླ། །དེ་ཡིས་གཙོ་བོའི་ཟློག་པ་ཚང་བ་ཡིན། །བན་སྐྱོང་བོན་སྐྱོང་ཀུན་གྱི་གཤེད་
ཡིན་ཕྱིར། །ཁྱོད་ཁ་བཟློག་ལ་འདི་བས་ཟབ་པ་མེད། །དེ་ནས་སླར་ཡང་ཟན་ལིང་ཚོགས་དུམ་བཤམས། །བྲུབ་ཁུང་བསྐྱེད་ཆོག་ཝིག་ནི་མི་དགོས་ཏེ། །གཏོར་ཆུང་བཤམས་ལ་ཕོ་ཉ་བསྐུལ་བ་ནི། ། བྷྱོ༔ འཆི་བདག་ནག་པོའི་དུས་བབ་ཚིག་གཅིག་ལ། །གཤེད་ཆེན་སྡེ་བཞིའི་དུས་བབ་མན་ཆད་སྦྱར། །བསྙེན་སྔགས་བླ་འགུགས་སྔགས་བསྟབ་བརྗོད་པར་བྱ། ། བྷྱོ༔ བཀའ་ཉན་ཆེན་མོ་ནས་བཟུང་ལྷ་དབྱེ་གྱེར། །བྱ་རོག་འུག་པའི་སྒོ་ཡིས་འཐབ་ཚུལ་བྱ། །མེད་ན་ཐུན་བྲབ་ལྷ་དབྱེའི་སྔགས་ཀྱང་བརྗོད། །སྐད་ཅིག་ལྷོ་ཕྱོགས་ལ་སོགས་ཐུན་བྱིན་རླབས། །གཤེད་ཆེན་སྡེ་བཞི་སྔགས་པ་སྡེ་དྲུག་གཉིས། །གཙོ་བོ་མ་གཏོགས་འཁོར་ལ་མི་སྦྱར་རོ། །བྷྱོ༔ འཆི་བདག་ནག་པོའི་དུས་ལ་བབ། །ཅེས་པ་ནས་ཐོ་བའི་བར་གོང་ལྟར་ལས། །བསྟབ་པ་འཆི་བདག་ནག་པོའི་ཞལ་དུ་བསྟབ། །བྷྱོ༔ སྐུ་ཡི་སྤྲུལ་པ་འཆི་བདག་ནག་པོ་ནས། །ཚིག་གཉིས་མཇུག་ཏུ་ཞལ་གཅིག་ཕྱག་གཉིས་སོགས། །ལས་མཛོད་ཅིག་བར་བརྗོད་ཅིང་གཏོར་ཆུང་འབུལ། །འཇིག་རྟེན་དྲེགས་པ་སྐུ་གསང་ཐུགས་སྤྲུལ་དང་། །སྐུ་ཡི་སྤྲུལ་པས་ནམ་མཁའ་གང་ཞེས་མཐར། །བདག་ཅག་ཡོན་མཆོད་ཅེས་ནས་
འགྲུབ་མཛོད་བར། །ཟློག་སྔགས་བརྗོད་ཅིང་རྔ་དྲག་བརྡུང་། །དེས་ནི་སྐུ་སྤྲུལ་འཆི་བདག་ཟློག་པ་རྫོགས། །འཆི་བདག་འདི་ནི་ནཱ་ག་རཀྵ་སྟེ། །གཏད་དང་ཀླུ་གདོན་ཟློག་པའི་མཆོག་ཡིན་ནོ། །དེ་ནི་གཞུང་ལྟར་འགྲེས་རྣམས་ཤེས་བྱས་ཏེ། །ཚེ་བདག་འདི་ནི་ཟློག་བསད་ཡང་ཟློག་མཆོག་།ཡང་ཟློག་རྡོ་རྗེ་ཕ་ལམ་མཆོད་བསྟོད་དང་། གཏོར་ཟློག་ཀྱང་ནི་འདི་ལ་འཐུས་པ་ཡིན། །དེ་ནི་ཐུགས་སྤྲུལ་སྲོག་བདག་འགྲེས་གཤང་སྟེ། །སྲོག་བདག་སྲོག་ཐིག་ཁ་ཐུན་དོན་གཅིག་སྟེ། །བསད་པའི་ལས་ལ་ཤིན་ཏུ་རྣོ་བར་བཤད། །དེ་ནས་བེ་བྷ་སྭ་ཏའི་འགྲེས་བཤང་འདོན། །བི་བྷ་སྭ་ཏ་འཆར་ཀའི་མིང་ཡིན་ཏེ། །ཟོར་ཁ་རྒོད་སྟོང་ཟློག་པའི་མཆོག་ཏུ་གསུངས། །ཕྲིན་ལས་སྤྲུལ་པ་ཟ་ཝ་ལྗང་ནག་ནི། །ཡིག་ཆ་ལ་ལར་ཟ་བ་ལྗང་དམར་ཡོད། །ཡ་ཀའི་རྫོགས་པའི་སངས་རྒྱས་མན་ཆོད་ནས། །མ་ཀའི་འཇག་མའི་སྲིན་བུ་ཡན་ཆད་ཀྱིས། །སྲོག་དབུགས་ཟ་བ་སྲིད་པ་ལས་ཀྱིས་བསྐོས། །དེ་ཕྱིར་ཟ་བ་ཞེས་སུ་མིང་བཏགས་ཏེ། །དོན་ལ་འཆི་བདག་ནག་པོ་ཡིན་པར་ངེས། །ཡ་མ་རཱ་ཙ་ཆོས་རྒྱལ་དོན་གཅིག་སྟེ། །ངོ་བོ་རྫོགས་པའི་སངས་རྒྱས་ཡིན་
ནའང་། །རྣམ་པ་གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་ཚུལ། །ས་བརྒྱད་སེམས་དཔའ་དགེ་སྡིག་ཤན་འབྱེད་ཡིན། །དེ་དག་རྣམས་ལས་འཇིགས་པའི་ལྷ་གཞན་མེད། །ཚར་གཅིག་ནང་དུ་གབ་བདུན་སྤྱད་པ་དེས། །ཟློག་པ་ཚར་གཅིག་ཟློག་པ་ཚར་བདུན་ཚང་། །བཅུ་དྲུག་བཏོན་པས་ཟློག་པ་བརྒྱ་རྩ་ཚང་། །དེ་ནི་རྒྱས་པ་ཡིན་ཞིང་འབྲིང་གི་ཆེ། །གཙོ་བོ་ཞིག་དང་འཁོར་གསུམ་ལ། །འགྲེས་བཤང་དཔེར་ན་ཟློག་པ་ཚར་གསུམ་འགྲོ། །བསྡུ་ན་གཙོ་འཁོར་བདུན་པོ་ཕྱོགས་གཅིག་བསྡུ། །འགྲེས་ཀྱི་ས་རུ་བདུན་པོའི་མཚན་རྣམས་བརྗོད། །བསྒྲལ་ལས་བསྟབ་པ་གཏོར་ཟློག་གཞུང་ཉིད་འདོན། །དེ་ནས་ཚོགས་རོལ་ལྷག་མ་རྩང་ནང་ཕུལ། །དེ་ནས་རྩང་གྱེར་བཏོན་པས་ཟློག་གཞུང་རྫོགས། །ཟློག་བསད་ཐུན་མོང་ཕྱི་རྟགས་ཐོན་འདོད་ན། །ཟློག་པ་རེ་ལ་འགུགས་གཞུག་གསུམ་གསུམ་རེ། །བླ་འགུགས་སྔགས་ལ་ཉི་ཤུ་རྩ་གཅིག་ཙམ། །ཕུར་འདེབས་ལ་སོགས་ཐུན་གྱི་སྐབས་ཀུན་ཏུ། །དམིགས་པ་གསལ་བས་བསད་སྔགས་ཚར་གསུམ་རེ། །དེ་ལྟར་བྱས་པས་བསད་ཟློག་གཉིས་ཀ་འགྲུབ། །རྟགས་ཐོན་བྱེད་ན་ཞག་རེ་ཚར་གསུམ་འདོན། །བར་སྐབས་སྔ་དྲོ་ཀུན་ལ་སྲུང་སྔགས་
ཅི་ནུས་བཟླ། །ཕྱེད་ཡོལ་ཉི་ནུབ་བར་དུ་ཟློག་པའི་སྔགས། །ཉི་ནུབ་ནས་བཟུང་མཚན་མོའི་ཆ་རྒྱུན་ལ། །བསད་སྔགས་ཁོ་ན་བཟླ་བར་བྱ་བ་སྟེ། །སྔགས་རྒྱུན་བྱེད་མཁན་མང་དུ་ཡོད་ན་མཆོག །མེད་ན་རང་གིས་བར་སྐབས་ཅི་ནུས་བཟླ། །དེ་ལྟར་རྨིས་རྟགས་མ་ཐོན་བར་དུ་འབད། །བདེ་རིམ་ཡིན་ན་ཡོན་བདག་འདོད་དང་བསྟུན། །དེ་ནས་འབུལ་ཉིན་སྔ་དྲོའི་ཆ་ལ་ནི། །སྔ་དྲོ་གནམ་ལྕགས་གོ་མཚོན་ལ་སོགས་པ། །ཁྲོ་ཆུའི་ལས་བྱང་བསྡུས་པ་ཚར་གཅིག་འདོན། །ཚོགས་དང་བསྒྲལ་ལས་བསྟབ་པ་སྔོན་དང་མཚུངས་། །ཟློག་གཞུང་གབ་མ་སྤྱད་པ་བསྡུས་པ་འདོན། །ཟོར་སྣོད་ནང་དུ་ཟོར་ཆེན་གཉིས་དང་ནི། །རུ་ཏྲ་སྡེ་བཞི་དེ་འདྲར་ཆུང་བ་བཞི། །ཁྲམ་ཟོར་ཁྲག་ཟོར་རྡོ་ཟོར་མདའ་དང་གཞུ། །ཀོང་ཟོར་མདའ་འཕང་ནམ་རྒྱང་བཙུགས་པ་ཞིག །སྒོང་ཟོར་དང་བཅས་དཔེའུ་རིས་ལྟར་བཅའ། །སྔར་ནས་བཅས་ལ་་་ཡུངས་ཀར་སྔགས་ནས་གཏོར། ཐུན་སྔགས་བྲབ་ན་བཟང་། །འཕྲལ་དུ་དེ་ཉིན་བཅས་ན་འགལ་བ་མེད། །དེ་ནས་འབུལ་ཉིན་གསེར་སྐྱེམས་དཀར་གཏོར་འབུལ། །སྔོན་ནས་གཏོར་མའི་སྟོད་ཆ་ལྷ་སོ་སོ། །སྨད་ཆ་བྲུབ་ཁུང་དགྲ་
བགེགས་ཤ་ཁྲག་དང་། །སྐེད་པ་མཆོད་པའི་སྤྲིན་དུ་བསྒོམ་ཡོད་པ། །ཡིད་ཀྱིས་ལྷ་ཚོགས་ནམ་མཁར་བཏེགས་བྱས་ནས། །སྤྲིན་ནག་འཁྲིག་བཞིན་འུར་ཆེམ་ནམ་མཁར་བཞུགས་། །ཞལ་ཡང་རང་ལ་མི་བལྟ་དགྲ་ལ་བལྟ། །རྔམ་རྔམ་ཅིག་ཅིག་དམག་ལ་ཆས་པར་བྷེ། །ཕྱར་ནག་སྟེང་དུ་གཏོར་མདོས་ཞལ་བསྒྱུར་ལ། །དེ་མཐར་གཏོར་ཆུང་བཅུ་བཞིའི་བསྐོར་བ་ཅན། །བཀུག་གཞུག་བསྡུས་པ་ཙམ་ཞིག་འགྲུབ་ན་ལེགས། །མ་འགྲུབ་ན་ཡང་དགྲ་བགེགས་ཤ་ཁྲག་དམིགས། །ཨེ་དྲག་པོ་ཆོས་དབྱིངས་གཤིན་རྗེ་ལ་སོགས་པའི། །སྡེ་ཚན་སོ་སོའི་མཚན་གྱི་མཇུག་ཏུ་ནི། །དམ་རྫས་ཕྱི་ནང་ལ་སོགས་ཚིག་བདུན་པོ། །སྦྱར་ནས་རྫོ་ངས་འདེབས་ཚུལ་དུ་གཏོར་ཆུང་འབུལ། །རྩ་སྔགས་མཇུག་ཏུ་ཤན་པ་ནག་པོ་སོགས། །ཁཱ་ཧི་སྦྱར་ཞིང་རོལ་མོ་འུར་བརྡུང་བྱ། །ནམ་མཁར་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །དགྲ་བགེགས་ཤ་ཁྲག་ལྷག་མེད་ཧབ་ཐོབ་ཟོས། །དམག་ཆེན་བཟའ་བཏུང་ཟས་ཀྱིས་མགུ་བ་ལྟར། །ཁྲོས་འཁྲུགས་རྔམ་ཞིང་ཟ་ཟ་རམ་རམ་བསམ། །དེ་ནས་བདེ་རིམ་གཏོར་ཟློག་ཡིན་ན་ནི། །ཕྱོགས་ཀྱི་གཙང་སར་འབུལ་རྒྱུ་བསྐུར་བས་ཆོག །
སྔོན་དུ་དཀར་གཏོར་དེ་རྗེས་གཏོར་ཟློག་ཁྱེར། །དང་པོ་འགྲོ་ཁ་ཡུད་ཙམ་བཀྱག་བཅུག་ལ། །ཉི་མ་ལྷོ་ཕྱོགས་མ་ཡི་བསྐུལ་རིང་འདོན། །སྒོ་ཐེམ་ནས་བཟུང་གོམ་པ་བདུན་ཅུ་ནི། །རྩ་བཞི་བས་ནི་ཉེ་ན་འཁོར་ལ་ལྡོག །དེ་ནས་ཕྱི་ལྟས་མི་བྱ་ཚུར་འོང་སྟེ། །གཏོར་སྣོད་སྒོ་ཐེམ་རྩ་རུ་སྒྲུབ་པར་བྱ། །གཏོར་སྐྱེལ་ཚུར་ལ་མ་ཕྱིན་བར་དུ་ནི། །ཟློག་སྔགས་འདོན་ཅིང་རོམ་མོ་ཅི་བཅད་དེ། །དེ་ནི་གཏོར་སྐྱེལ་དག་གིས་སྲུང་བ་ཡིན། །དེ་ནས་སྒོ་རྩར་གཏོར་སྣོད་སྒྲུབ་པ་ལ། །དམ་སྲི་འགུགས་གཞུག་བྱས་ལ་གཏོར་བྲོ་བརྡུང་། །ནང་དུ་ཕྱིན་ནས་ཚེ་འགུགས་ནོར་སྒྲུབ་སོགས། །གནམ་ལྕགས་གོ་མཚོན་གཞུང་ནས་འབྱུང་ལྟར་འདོན། །དགའ་སྟོན་ཚོགས་འཁོར་ཡོད་ན་བཟང་བ་སྟེ། །ཆད་མདོ་བརྟན་སྐྱོང་རྗེས་ཆོག་བཀྲ་ཤིས་སོགས། །ལས་བྱང་ཆེ་བའི་གཞུང་རྣམས་ཚང་བར་བྱ། །གལ་ཏེ་འཇམ་སྟབས་མི་བྱ་རྩུབ་བྱེད་ན། །ཁྱིམ་དེར་ཕྱོགས་ཀྱི་གཙང་སར་ཁ་ཕྱོགས་སུ། །སླ་ངའི་ནང་དུ་གྲུ་གསུམ་ཨེ་བཅས་ནས། །དེ་ནང་གཏོར་མའི་ཞབས་དང་བྲུབ་ཁུང་གི །ཤོག་ལིང་ཡོད་ན་བཏོན་ནས་དེར་བཞག་ལ། །མེད་ན་ཟན་ལིང་ཆེ་བ་གཅིག་བཞག་ནས། །ཧོམ་ཁུང་བསྐྱེད་
ཆོག་བཀུག་གཞུག་བཅས་པ་བྱ། །སྐབས་འདིར་ཆད་མདོའི་གཏོར་མ་ཕུལ་ཡང་ཉིན། །སྒོང་ཟོར་ནས་བཟུང་ཟོར་རྣམས་རིམ་བཞིན་འཕངས། །བཞེས་འབོད་བྱས་ལ་ཟོར་ཆེན་འཕེན་པ་དང་། །མཉམ་དུ་དར་ནག་ཆོས་གོས་ལ་སོགས་བརྡབ། །གལ་ཏེ་ཟོར་ཆེན་མ་གྱུ་ཚུར་ལོག་ན། །ཟོར་ཆེན་གཉིས་པོ་འཕང་བར་བྱ་བ་ཡིན། །སྔོན་མ་གྱུ་ན་རྒྱབ་མ་བསྐྱལ་མི་དགོས། །དེ་ཡང་མ་གྲུ་ལན་གསུམ་དག་ལ་བསྐྱལ། །སྦྱིན་བདག་གམ་ནི་གྲྭ་སློབ་གལ་ཆེན་རྣམས། །གྲལ་ནི་མགོ་མཇུག་ལྡོག་པར་འཁོད་པ་ཡིས། །གྲལ་མཇུག་གཏོར་ཟློག་ཉིད་ལ་ཐུག་པར་བསྡད། །གྲལ་མགོར་རྡོ་རྗེ་སློབ་དཔོན་ཉིད་འདུག་ནས། །གཏོར་ཟློག་ནང་གི་ཡ་མ་རཱ་ཙ་ཡི། །གཏོར་མ་བླངས་བྲན་གཅིག་གིས་གཅིག་ལ་གཏད། །རྡོ་རྗེ་སློབ་དཔོན་ཕྱག་ཏུ་ཕྱིན་པ་ནས། །ཧཱུཾ། གཉིས་མེད་སྤྲུལ་པ་ཡ་མ་རཱ་ཙ་སོགས། །ཟློག་གཞུང་ཡ་མ་རྭ་ཙའི་ལེའུ་བཏོན། །ཟློག་སྔགས་བརྗོད་ནས་ལིང་གར་བརྒྱབ། །དེ་ནསཟ་བ་ལྗང་ནག་ནས་བཟུང་སྟེ། །འཆི་བདག་ནག་པོའི་བར་གྱི་ལས་གཤིན་ལྔ། །འདྲེས་བཤང་བཏོན་ཅིང་གཏོར་མ་ལིངྒར་བརྒྱབ། །དེ་རྗེས་གཙོ་བོའི་གཏོར་མ་སྣོད་དུ་བཤམས། །དཔལ་འབར་
བཙུགས་ལ་སློབ་དཔོན་ཕྱག་ཏུ་ཐོགས། །ཕྱག་རྟགས་རྡོ་རྗེ་བརྗོད་ན་ལེགས་པ་སྟེ། །ཧཱུྃ། ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ། །ཞེས་པ་གཙོ་བོའི་ཟློག་པ་དེ་ཉིད་ཀྱིས། །ཟོར་ཁ་རླུང་ཁ་བསྒྱུར་བའི་ཕྲིན་ལས་མཛོད། །ཟློག་སྔགས་བཏོན་ཅིང་ཀུན་གྱི་སྤྱི་བོར་འགྲིམ། །མི་ཆེན་བླ་ཆེན་ལ་སོགས་ང་རྒྱལ་ཅན། །དབུ་ན་གཏོར་མ་འཇོག་པ་མི་བདེ་ན། །ཕྱག་ཏུ་བཞག་པ་ཙམ་གྱིས་འཐུས་པ་ཡིན། །དམིགས་པ་གཏོར་མའི་རྩེ་སྟོད་ཁྲོ་ཆུའི་སྐུ། །དེ་ལ་ཡེ་ཤེས་བསྐལ་པའི་མེ་འབར་བས། །བསྲུང་བྱའི་ནད་དང་ལུས་གདོན་ཐམས་ཅད་བསྲེགས། །སྔོན་གྱི་འཁོར་ནི་དྲུག་པོ་འགྲིམ་པའི་ཚེ། །བསྲུང་བྱའི་ནད་གདོན་བར་ཆད་ཐམས་ཅད་ཀུན། །ལག་འགྲིམས་བྱས་པས་གཏོར་མའི་འོད་ཟེར་གྱིས། །ནད་དང་གདོན་དང་དགྲ་དང་བར་ཆད་ཀུན། །རྩིག་གསེབ་དུ་བ་རླུང་གིས་དེད་པ་ལྟར། །དེད་ནས་སླ་ངའི་ནང་གི་ལིངྒར་བསྟིམ། །གཏོར་མ་དྲུག་པོ་གྲ་སྟ་མེ་འབར་བས། །ལིངྒར་བརྒྱབས་པས་རྩྭ་ཕུང་མེ་བརྒྱབ་ལྟར། །རྡུལ་དུ་བརླགས་ནས་རྗེས་མེད་སོང་བར་བསམ། །དེ་ནས་གཙོ་བོའི་གཏོར་མ་དེ་ཉིད་ནི། །གནམ་ལྕགས་རི་བོ་ཟུར་གསུམ་ལ་སོགས་པ། །དམིགས་
པ་དང་བཅས་དམིགས་པ་མ་ཟིན་བར། །གཏོར་མ་ལིངྒར་རྒྱག་སྟོང་བྱེད་བཞིན་དུ། །ཟློག་སྔགས་་་་བསད་པ་ཡིན་ན་བསད་སྔགས། མང་བཏོན་ལིངྒའི་སྟེང་དུ་བསྐྱེལ། །དར་ནག་བརྡབ་ཅིང་རོལ་མོ་དྲག་ཏུ་འཁྲོལ། །དེ་ནས་ས་ལ་གྲུ་གསུམ་རིམ་མཚན་བྲི། །དེ་སྟེང་ཤིང་གིས་གྲུ་གསུམ་བསྒོང་བྱས་ནས། །གཏོར་མ་ལིངྒ་རྩང་དང་བཅས་པ་བསྲེགས། །སྦྱིན་སྲེག་བྱེད་ན་ཤོག་ལིང་སྐྱུར་ནས་བཞག །ཐལ་བ་རྒྱ་གྲམ་ལམ་དང་མཆོད་རྟེན་འོག །ས་ནོན་ཆེ་བ་གཅིག་ཏུ་བླུག་པར་བྱ། །དེ་གོང་ཚོགས་དང་ཆད་མདོ་ཚེ་སྒྲུབ་དང་། །བཀྲ་ཤིས་བསྡུ་ཚིག་ལ་སོགས་གཞུང་ལྟར་རོ། །དེ་ནི་རིམ་གྲོ་ལུགས་ཀྱི་དྲག་ལས་ཡིན། །བསད་ཟློག་གཉིས་ལ་རྟགས་ཐོན་དྲག་ལས་ནི། །ཟིན་བྲིས་རྒྱས་པའི་ནང་ནས་འབྱུང་བ་ལྟར། །སྔོན་ནས་མར་མེ་གཏོར་ཟློག་མདུན་དུ་བཞག །འགུགས་གཞུག་དུས་སུ་དེ་ལ་དམིགས་རིམ་བྱ། །འབུལ་ཁ་ཉིན་པར་འགུགས་གཞུག་བརྒྱ་རྩ་བྱ། །གཏོར་ཟློག་གཏོར་རྫོངས་བཅས་པ་ཚར་བའི་རྗེས། །སྔོན་དུ་དཀར་གཏོར་དེ་རྗེས་རང་ཉིད་ཀྱི། །གཏོར་མགྲོན་ཆོས་སྐྱོང་གང་ཡོད་དམར་གཏོར་དང་། །མར་མེ་གཏོར་ཟློག་དར་ནག་རྣམས་ཀྱང་ཁྱེར། །སྔགས་ཆས་གྱོན་ལ་
གོམ་པ་དོན་བཞིའི་སར། །དགྲ་སོགས་ཕྱོགས་ནི་གཙང་སར་ཁ་བལྟས་ཏེ། །དང་པོ་དཀར་གཏོར་འབུལ་ཞིང་གསེར་སྐྱེམས་མཆོད། །དེ་ནས་རང་གི་ཆོས་སྐྱོང་ཐམས་ཅད་ཀྱི། །དྲག་རིམ་གཏོར་མ་རྗེས་བཞག་རིམ་གྱིས་བཤམས། །དེ་ནས་ལིངྒ་མར་མེ་བཅས་པ་ལ། །འགུགས་གཞུག་ལན་གསུམ་བླ་འགུགས་དང་བཅས་བརྗོད། །ཀོང་བུ་དེ་ཉིད་དགྲ་བོ་དངོས་སུ་བསམ། །བསད་སྔགས་བརྗོད་ཅིང་སྔར་ནས་སྔགས་པ་ཡི། །ཁྲག་གིས་མར་མེ་དེ་ཉིད་བསད་པའི་ཚེ། །དགྲ་བོའི་རྣམ་ཤེས་ནག་སྐམ་སོང་བར་བསམ། །མར་མེ་གསུམ་གཉིས་ཙམ་ཞིག་མ་ཟད་པར། །བསད་སྔགས་བཟླ་ཞིང་དམིགས་པ་ཁོ་ན་གཟིར། །ཁྲག་གི་ནད་རླངས་དུག་རླངས་རྣམས་སུ་བསམ། །མར་མེ་བསད་རྗེས་ལྷ་གྲངས་གཏོར་མའམ། །མེད་ན་ཁྲོ་ཆུའི་ཆད་མདོའི་གཏོར་མ་དེ། །དགྲ་བོའི་ཕྱོགས་སུ་རྩེ་བསྟན་ཕུལ་བར་བྱ། །དེ་རྗེས་མདོས་ཀྱི་རྩང་རྣམས་བླངས་བྱས་ནས། །ཡ་མ་རཱ་ཙ་ལ་སོགས་ལས་གཤིན་དྲུག །ཁྱིམ་དུ་གཏོར་རྒྱབ་བྱེད་ལྟར་རིམ་བཞིན་འཕེན། །དེ་རྗེས་གཙོ་བོའི་གཏོར་མ་ལག་ཏུ་ཐོགས། །ཉི་མ་ལྷོ་ཕྱོགས་བསྐུལ་རིང་བཏོན་པའི་རྗེས། །གནམ་ལྕགས་རི་བོ་
ཟུར་གསུམ་ལ་སོགས་པའི། །དམིགས་པ་མ་ཟིན་བར་དུ་བསད་སྔགས་བཟླ། །དེ་ཚེ་རོལ་མོ་བསྒྲགས་ཤིང་གཟི་བརྗིད་བསྐྱེད། །དམིགས་པ་ཟིན་ནས་ཐེ་ཚོམ་མེད་པར་འཕངས། །དར་ནག་བརྡབ་ཅིང་ཆས་གོས་དང་། །དུག་པོ་གང་ཡིན་མགོ་མཇུག་ལྡོག་ལ་བརྡབ། །དེ་ནས་དམིགས་མེད་ངང་ལ་ཡུད་ཙམ་སྡོད། །གལ་ཏེ་གཏོར་མ་གྲུ་བར་མ་གྱུར་ན། །ཚུར་འོང་ལན་གསུམ་འཕང་བར་བཤད། །ཟོར་དང་གཏོར་མ་གྲུ་བའི་གནད་ཟབ་ལ། །གཏོར་རྩེ་སྦོམ་ཞིང་རྩ་བ་ཕྲ་བར་བཤད། །འཕེན་ཕྱོགས་ཅུང་དམའ་རང་ཕྱོགས་མཐོ་བར་བྱ། །ཧ་ཅང་གཟར་ན་ལེགས་པ་མ་ཡིན་ནོ། །དེ་ནས་མདོས་སྣོད་སྦུབ་ལ་གཏོར་བྲོ་བརྡུང་། །དར་དྲིལ་ཕྱི་མིག་མི་བྱ་ཁྱིམ་དུ་འོང་། །རྗེས་སུ་ཁྱུང་དམར་གཅིག་གིས་བཅད་པར་བསྒོམ། །ལམ་དུ་འོང་ཚེ་རྣམ་འཇོམས་བསྒྲག་པར་བྱ། །ནང་དུ་སྦྱིན་སྲེག་བླུག་རྒྱུ་ཡོད་ན་བླུགས། །དེ་ནས་དགའ་སྟོན་ཚོགས་ཀྱི་འཁོར་ལོ་བྱ། །ཚེ་སྒྲུབ་ནོར་སྒྲུབ་བཀྲ་ཤིས་མི་བྱའོ། །ཡང་ཟློག་ཡིན་ན་བཅའ་ཚོགས་ཟིན་བྲིས་ལྟར། །འདོན་ལུགས་གཏོར་ཟློག་ཉིད་དང་མཚུངས་པ་ལ། །འབུལ་དུས་དང་པོ་དཀར་གཏོར་གསེར་སྐྱེམས་ཕུལ། །དེ་ནས་ཕྱི་ཡི་རྩང་རྣམས་ཤབ་བྱས་
ལ། །ཧོམ་ཁུང་བཅོ་ལྔའི་ནང་གི་ལིངྒ་བླངས། །སླ་ངའི་ནང་བཞག་སྔར་དང་འདྲ་བ་སྟེ། །ལིངྒ་བྲན་ལ་འགུགས་གཞུག་ལན་གསུམ་བྱ། །དེ་ནས་འདི་ལ་གཏོར་རྫོངས་མི་བྱེད་པར། །དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་སོགས། །མཇུག་ནས་རིམ་བཞིན་ཡར་སྟོན་ལིངྐར་བརྒྱབ། །རྗེས་ལ་གཙོ་བོའི་གཏོར་མ་དེ་ལ་ནི། །ཉི་མ་ལྷོ་ཕྱོགས་མ་ཡི་བསྐུལ་རིང་མཇུག །དགོངས་སུ་གསོལ་སོགས་བཞེས་འབོད་བྱས་པའི་མཐར། །ཟློག་སྔགས་བཟླ་ཞིང་ལིངྒའི་སྟེང་དུ་བསྐྱེལ། །དར་ནག་གཡབ་ཅིང་མདོས་གདན་སྣོད་སྦུབས་ནས། །དགྲ་བགེགས་དམ་སྲི་འགུགས་གཞུག་ཅུང་ཞིག་བྱ། །དེ་ནས་ཡ་མ་རཱ་ཙའི་ཕྱོགས་ཕྱོགས་བསྐུལ་སྟོན་ཏེ། །ས་གས་ས་འོག་ཡ་མ་རཱ་ཙ་ལངས། །ཁ་ཡི་ནང་དུ་དགྲ་བགེགས་དམ་སྲི་བཅུག །དེ་སྟེང་རི་རབ་གླིང་བཞིས་མནན་པར་བྷེ། །ལས་བྱང་མཇུག་གི་རྟ་བྲོ་བརྡུང་བར་བྱ། །གལ་ཏེ་ཡང་ཟློག་ཕྱི་རོལ་འགྲིགས་ན་ནི། །མར་མེ་ཁྲག་གསོད་སྦྱར་ཡང་རུང་བ་ཡིན། །བྱ་ཚུལ་རྣམས་ནི་གོང་དང་མཚུངས་པ་ཡིན། །འདི་ནི་རྙིང་མ་སྤྱི་ཡི་ལུགས་ཡིན་པས། །བདག་མདུན་སོ་སོར་འདོན་པ་མི་དགོས་ཀྱང་། །གསར་མའི་ཆོས་
ལ་ཐུགས་ཞེན་ཆེ་བའི་ཕྱིར། །སོ་སོར་མེད་པས་བློ་ཁ་མི་རྫོགས་ན། །གནམ་ལྕགས་གོ་མཚོན་སྟོད་ཆ་བདག་བསྐྱེད་བྱ། །མདུན་དུ་ཨེ་ལས་ལྕགས་ཁང་ཞེས་སོགས་དང་། །མདུན་བསྐྱེད་ལ་དམིགས་བསྙེན་པའི་དམིགས་རིམ་བསྒྱུར། །བདག་བསྐྱེད་བསྟོད་པ་ཡན་ཆད་ཚར་བའི་རྗེས། །ཟློག་པའི་དམིགས་པ་བྱེད་ལ་ལུས་ལྷ་སྒྱུར། །མདུན་བསྐྱེད་སི་ཏུའི་ལུགས་ཀྱི་ཆོ་ག་དེའི། །སྐྱབས་འགྲོ་སེམས་བསྐྱེད་མཚམས་གཅོད་སྒྱུར་བར་བྱ། །མཆོད་པ་བྱིན་རླབས་མན་ཆད་གཞུང་ལྟར་འདོན། །སྲུང་འཁོར་ཁ་བ་གཉིས་པོ་མི་སབ་བོ། །དེ་མིན་བསྟོད་པ་ཡན་ཆད་གཞུང་ལྟར་རོ། །ལས་འགྲིགས་གཏོར་ཟློག་འདོན་ལུགས་གཞུང་དང་མཚུངས། །རྒྱུན་ཁྱེར་ཤིན་ཏུ་བསྡུས་པའི་ཉམས་ལེན་ནི། །ཧ་ལ་སྣ་ཚོགས་ལས་གྲུབ་ཅེས་པ་ཡི། །མངོན་རྟོགས་ཤིན་ཏུ་བསྡུས་པ་ཆག་མེད་དང་། །སྔ་དྲོ་སྲུང་དམིགས་བསྲུང་སྔགས་ཅི་ནུས་བཟླ། །དགོང་མོ་ཟློག་དམིགས་ཟློག་སྔགས་ཅི་འགྲུབ་དང་། །ཉིན་གུང་མཚན་སོགས་བསྙེན་པ་ཅི་ནུས་འབད། །འགྲོ་འདུག་ལ་སོགས་སྤྱོད་ལམ་གང་བྱེད་ཚེ། །བསྐྱེད་རྫོགས་ཟུང་འཇུག་ངང་ལ་བསྙེན་པ་བྱ། །རབ་ཏུ་དགུ་གསུམ་ཐ་མ་ཉེར་དགུ་ལ། །དམར་
གཏོར་དང་ནི་བསྐུལ་པ་གང་རུང་ཞིག །ཆག་མེད་བྱེད་པ་འདི་ཡི་དམ་ཚིག་ཡིན། །ཀརྨ་ཚེ་བརྟན་མཆེད་གྲོགས་རྣམ་གསུམ་གྱིས། །བསྐུལ་ཚེ་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །འགལ་འཁྲུལ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ། །ཡི་གེ་པ་ཡང་བསྐུལ་པ་པོ་དེས་བྱས། །མངྒ་ལཾ། དགེའོ།། དགེའོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ཧཱུྃ་ཡིག་དཔེའུ་རིས།
དཔེའུ་རིས་ཡོད།
ཧཱུྃ་ཡི་འདི་དཔེར་ན་ཟངས་ཀྱི་སྦུ་གུ་ལ། ཧཱུྃ་བཟོས་པ་ལྟ་བུར་བསྒོམ་པའི་ནང་སྟོང་པ་ལ། སྦ་བ་བསྒོམ་ཚུལ་ཐིག་ལེའི་ནང་དུ། རང་གི་དབང་ལུང་བརྒྱུད་པའི་རྩ་བའི་བླ་མའི་ངོ་བོ་ལ་རྣམ་པ་རྡོ་རྗེ་འཆང་གི་ཆ་ལུགས་ལ་བརྒྱུད་པ་དྲུག་ལྡན་གྱིས་བསྐོར་བ། ཟླ་ཚེས་ནང་དུ་ཡི་དམ་རང་གི་རྩ་བའི་ཡི་དམ་གང་ཡིན་ལ་རྒྱུད་སྡེ་བཞི་སོགས་ཡི་དམ་ཐམས་ཅད་བསྒོམ། མགོ་སྐེད་ནང་དུ་རྡོ་རྗེ་ཕག་མོ་སོགས་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་བསྒོམ། ཧ་ཁོག་ནང་དུ་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་ལྗང་ཁུ། དེའི་གཡས་སུ་ཚེའི་ངོ་བོ་ཨ་དཀར་པོ། གཡོན་དུ་བསོད་ནམས་ཀྱི་ངོ་བོ་ཧཱུྃ་སྔོན་པོ། དེ་དག་གི་གཡས་སུ་བསྲུང་བྱ་ཕོ། གཡོན་དུ་མོ་རིགས། རྒྱབ་ཏུ་སྦྲ་ཁང་།
མདུན་དུ་ནོར་རྫས་སོགས་བསྒོམ། འ་ཆུང་ནང་དུ་ཆོས་སྐྱོང་ལྷ་ཆེན་མ་ནིང་སོགས་ཕོ་རྒྱུད། ལྷ་མོ་དུད་སོལ་མ་སོགས་མོ་རྒྱུད་བསྒོམ། ཞབས་ཀྱུའི་ནང་དུ་སྡེ་བརྒྱད་ཀྱི་ས་བོན་སྤྱས་བྲིས་པ་ཙམ་མགོ་ཐུར་བསྟན་བསྒོམས་པས། སྡེ་བརྒྱད་ཀྱི་སྲོག་སྙིང་རང་གི་བུ་རྟིས་བཟུང་བ་ཡིན་པས་འཁུ་ལྡོག་མི་འགྱུར་བའི་དགོས་པ་ཡོད་དོ། །དེ་ཡང་མི་ཚུད་སྙམ་ན། དངོས་པོ་སྣོད་ནང་དུ་བཅུག་པ་ལྟ་བུ་ཡིན་ན། ཁག་མེད། འདི་སེམས་ཀྱི་བསྒོམ་བྱ་སྟོང་གསུམ་ཡུངས་འབྲུར་ཚུད་པ་ཞེས་པ་ལྟ་བུ་ལ་བསམ་པར་བྱའོ། །ཞེས་ཨ་རཱ་གས་གསུངས་བཞིན་བྲིས།།
རལ་གྲིའི་དཔེའུ་རིས།
འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ནས་ཕྱུང་བའི་རལ་གྲི་ཕྱུང་རྒྱག་འདི་ལ་ལོ་རྒྱུས་དང་ཕན་ཡོན་མང་པོ་ཡོད་ཀྱང་འདིར་ཡི་གེ་མང་བས་མ་སྤྲོས༔ དེའི་དོན་ཚུལ་བསྡུས་པ་གོད་ཁ་མནན་པའི་ཐབས་ནི༔ དཔེའུ་རིས་ལྟར་བྲིས་ལ༔ གུ་གུལ་རུ་རྟ་མུ་ཟི་ཤུ་དག སྒོག་སྐྱ་ཤིང་ཀུན༔ གླ་རྩི་ཨ་རུ་ར༔ རྫས་སྣ་བརྒྱད་པོ་ཞིབ་པར་བྱུག༔ འཁོར་ལོ་འདི་མི་ཕོ་མོ་གང་ལ་བཏགས་པས་ཆོག༔ མན་ངག་ཀུན་འབྱུང་ཡིན༔ རྣམ་ཐོས་སྲས་ཀྱི་བང་མཛོད་ཡིན༔ ལིངྒ་མགོ་ཐུར་དུ་བསྟན༔ སྒྲེ་མོ་གང་ལ་བཏགས་གྱུར་ན ཕུལ་གང་མེད་ཀྱང་འབྲུ་ཡི་མཛོད་གྱུར༔ རྗེ་མོ་འདི་ཞེས་བྱ་བའི་ཁྱིམ་སྒོ་ལམ་སྲང་དུ་གནོད་པར་བྱེད་པའི་གོད་འདྲེ་གོད་སྲི་ཐམས་ཅད་ཀྱི་སྲོག་ལ་ཡག་མོ་ཀ་ལ་རུ་པ་སྙིང་རྩ་ལ་ཡ་མ་ཡ་མ སྲོག་རྩ་ལ་ཡ་མ་ཡ་མ༔ སྙིང་ལ་ཕྲིལ་ཕྲིལ༔ གོད་འདྲེ་མཱ་ར་ཡ་ནན༔ གོད་འདྲེ་འགོང་པོ་མཱ་ར་ཡ་ནན༔ གོད་འདྲེ་རྒྱལ་འགོང་མཱ་ར་ཡ་ནན༔ གོད་འདྲེ་མཆུ་དམར་མཱ་ར་ཡ་ནན༔ གཡོགས་དཀར་པོ་བྱ༔
དཔེའུ་རིས་ཡོད།
སྙིང་ལ་ཕྲིལ་ཕྲིལ་ཙི ཏྟ་ཉུང་ཉུང་སྲོག་སྙིང་ཁྲག་ཤཱ་སྙིང་སྲོག་ཙིཏྟ་མཱ་ར་ཡ༔ སྲོག་རྩ་ལ་ཡཾ་ཡཾ། སྙིང་རྩ་ལ་ཡཾ་ཡཾ། ཆྒེ་མོ་འདི་ཞེས་བྱ་བའི་ཁྱིམ་སྒོ་ལམ་སྲང་དུ་གནོད་པར་བྱེད་པའི་གོད་འདྲ་གོད་སྲི་ཐམས་ཅད་ཀྱི་སྲོག་ལ་ར་ཀློ་ཡག་མོ་ཀ་ལ་རུབ། རྦད་འདྲེ་གོད་འདྲ་མཱ་ར་ཡ་ནན༔ གོད་སྲི་མཱ་ར་ཡ་ནན༔ སྟཱཾ་བྷ་ཡ་ནན༔ གོད་འདྲེ་བཤོར༔ པོ་མཱ་ར་ལ་ནན༔ གོད་འདྲེ་རྒྱལ་འགོང་མཱ་ར་ས་ནན༔ གོད་འདྲེ་འདྲེ་མོ་མཱ་ར་ས་ནན༔ སེམས་ཅན་འདི་ཞེས་བྱ་བ། ལ་ཙཀྲ་འདི་བསྲུངས་ཤིག །སེམས་ཅན་འདི་ཞེས་བྱ་བ། ལ་ཙཀྲ་འདི་བསྲུངས་ཤིག །
འཇམ་དཔལ་སྨན་གདོང་ནག་པོའི་སྒོ་ནས་རང་གཞན་བསྲུང་བའི་དམིགས་བཟླས་རྫས་སྲུང་།
འཇམ་དཔལ་སྨན་གདོང་ནག་པོའི་སྒོ་ནས་རང་གཞན་བསྲུང་བའི་དམིགས་བཟླས་རྫས་སྲུང་བཞུགས་སོ༔
ཨམནོསཔདྨའག །ཉ༣ཊི༔ འཇམ་དཔལ་སྨན་གདོང་ནག་པོ་མི་ཤིགས་གནམ་ལྕགས་འབར་བ་ལ་ཕྱག་འཚལ་ལོ༔ འདིའི་སྒོ་ནས་རང་གཞན་པསྲུང་བའི་ཐབས་ལ་གསུམ༔ དམིགས་བཟླས༔ རྫས་སྲུང་༔ ཙཀྲ༔ དང་པོ་ནི༔ ཁྲོ་ཆུའི་གཞུང་བསྲང་ན་རབ༔ མ་གྲུབ་ན་མངོན་རྟོགས་ནས་ཇི་ལྟར་བཤད་པའི་བསྐྱེད་རིམ་སྲུང་བའི་གུར་དང་བཅས་པ་སྐད་ཅིག་ལ་གསལ་གདབ༔ རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་ནཱ་དའི་ནང་དུ་རྩ་བའི་བླ་མ་དེ་ཉིད་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་འདུས་པའི་ངོ་བོ་ལ༔ རྣམ་པ་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རུས་པའི་རྒྱན་དྲུག་དང་རིན་པོ་
ཆེས་བརྒྱན་ཅིང་༔ སྐུ་འགྱིངས་བག་དང་བཅས་ཏེ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ་བླ་མ་ཐམས་ཅད་འདུས་པའི་ངོ་བོར་བསྒོམ༔ དེ་ཡང་སྤྲོས་པ་ལ་དགའ་ན་རྩ་བརྒྱུད་བླ་མ་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ ཡང་བླ་མའི་སྐུ་རིམ་དང་བསྲུང་བ་དགོས་ན་རྡོ་རྗེ་འཆང་གི་མདུན་དུ་བླ་མ་དེ་དངོས་སུ་བསྒོམ༔ ཟླ་ཚེས་ཀྱི་ནང་དུ་ཡི་དམ་ཐམས་ཅད་འདུས་པའི་ངོ་བོ་འཇམ་དཔལ་དབྱངས་དམར་སེར་རལ་གྲི་པོ་ཏི་བསྣམས་ནས་བཞུགས་པར་བསམ༔ སྤྲོས་པ་ལ་དགའ་ན་ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དང་རང་གི་ཡི་དམ་གཞན་
ཐམས་ཅད་དེ་ལ་བསྐོར་ནས་བཞུགས་པར་བསྒོམ༔ མགོ་སྐེའི་ནང་དུ་རང་གི་སྲོག་གི་དྭངས་མ་ནི་ཡིག་ལྗང་གུའི་ནང་དུ་ཚེའི་དྭངས་མ་ཐིག་ལེ་དཀར་པོ་རྡེའུ་ཙམ་ཞིག་གི་མཐའ་སྐོར་དུ་མིང་ཡིག་སྐོ་ར་བསྐོར་བར་བསྒོམ༔ ཧ་ཁོག་ནང་དུ་གཡས་སུ་བསྲུང་བྱ་ཕོ་རིགས་གཡོན་དུ་མོ་རིགས༔ རྒྱབ་ཏུ་ཞིང་ཁང་༔ མདུན་དུ་ནོར་རྫས༔ འོག་ཏུ་བྲན་འཁོར་རྣམས་བསྒོམ༔ འ་ཆུང་ནང་དུ་ཆོས་སྐྱོང་ལྷ་ཆེན་མ་ནིང་སོགས་ཕོ་རྒྱུད། ལྷ་མོ་དུད་སོལ་སོགས་མོ་རྒྱུད་བསྒོམ་ཞབས་ཀྱུའི་ནང་དུ་སྡེ་བརྒྱད་ཀྱི་ས་བོན་སྤུས་བྲིས་པ་ཙམ་མགོ་ཐུར་བསྟན་དུ་བསྒོམ༔ སྤྱི་བོའི་མཆོད་རྟེན་གསུམ་གྱི་ལྷ་གསུམ་སྐད་ཅིག་གིས་གནས་འགྱུར་ནས་གཡས་སུ་སྐུའི་འཇམ་དཔལ་དཀར་པོ་གཡོན་དུ་གསུང་གི་འཇམ་དཔལ་དམར་པོ༔ དབུས་སུ་ཐུགས་ཀྱི་འཇམ་དཔལ་མཐིང་ག གསུམ་ཀའང་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་པ༔་གཡས་རལ་གྲི་གཡོན་ཨུཏྤལ་པོ་ཏི་བསྣམས་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ༔ དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པར་བསམ༔ གནམ་ས་གཉིས་པོ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཁ་སྤྲོད་གུར་ཐབས་སུ་ཡོད་པ་རྩིབས་སྟོང་གི་ནང་དུ་བསྐལ་བཟང་སངས་རྒྱས་
སྟོང་༔ ཞལ་འཛུམ་ཞིང་སྤྱན་བསྲུང་བྱ་ལ་གཟིགས་པ་ཐམས་ཅད་སྤྲུལ་སྐུའི་ཆ་ལུགས་ཅན༔ མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་ན་བཟའ་ཆོས་གོས་གསུམ་བཀླུབས་པ༔ སྐུ་མདོག་ནི་མདུན་ཕྱོགས་ཤར་ཡིན་པས་དཀར་པོ༔ ལྷོ་ཕྱོགས་ཐམས་ཅད་སེར་པོ༔ ནུབ་ཕྱོགས་ཐམས་ཅད་དམར་པོ༔ བྱང་ཕྱོགས་ཐམས་ཅད་ལྗང་གུ༔ མཚམས་སུ་བཞུགས་པ་ཐམས་ཅད་སྔོན་པོ༔ གཡས་ཐམས་ཅད་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་འོག་ཏུ་བསྲུང་བྱ་ཐམས་ཅད་ཆོས་ཉན་པའི་འདུན་པས་ཡོད་པར་བསམ་སྟེ༔ སངས་རྒྱས་རེ་རེའི་མདུན་དུ་བསྲུང་བྱ་རེ་རེ་ཡོད་ཅིང་དེ་རེ་རེའི་མཐར་བྱང་ཆུབ་སེམས་དཔའི་ཉན་ཐོས་བྱེ་བ་དུ་མས་བསྐོར་ཐམས་ཅད་ཀྱི་ཕྱག་གཡོན་ན་ཚེའི་བུམ་པ་བསྣམས་ཤིང་༔ རྟེན་འབྲེལ་བསླུ་བ་མེད་པ་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་འཁོར་བསྐོར་ནས་སྲུང་བའི་འཁོར་ལོ་ཐམས་ཅད་བྱིན་གྱིས་བརླབས་ཤིང་རབ་ཏུ་གནས་པར་བསྒོམ༔ རྟེན་འབྲེལ་སྙིང་པོ་ཚར་གཅིག་གམ་གསུམ་བཟླ༔ དེ་ནས་རང་གི་སྙིང་གའི་ཧཱུྃ་དང་ཡ་ལས་འོད་ཟེར་འཕྲོས་པས་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་ཡོང་དཔག་ཏུ་མེད་པ་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་
རྒྱུད་བསྐུལ་བས༔ དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་དང་༔ དྲེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ཐམས་ཅད་བསྡུས་ནས༔ བདག་དང་བསྲུང་བྱའི་གུར་ཁང་ལ་ཐིམ་པས་རྡོ་རྗེ་ཕ་ལམ་གྱིས་ཀྱང་མི་ཆོད་པར་གྱུར༔ ཡང་འོད་ཟེར་ཁྲོ་ཆུང་འཕྲོས་པས་བྱད་མ་ལྷ་སྲུང་དང་བཅས་པའི་སྲུང་བའི་གུར་ཁང་བཅོམ གསོད་པའི་མཚོན་ཆ་བཅས༔ ནུས་མཐུ་ཐམས་ཅད་བསྡུས་ནས་རང་དང་གུར་ཁང་རྣམས་ལ་ཐིམ་པས༔ དེའི་ཤུགས་ཀྱིས་རང་གི་གུར་ཁང་སྲ་ཞིང་མཁྲེགས་པ་རྔམས་ལ་མཐུག་པ་འོད་ཟེར་རབ་ཏུ་འབར་བར་གྱུར་པར་བསམ༔ ཡང་ས་བོན་ལས་འོད་ཟེར་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་མཐུ་སྟོབས་ཅན་རྣམས་ཀྱི་ནུས་མཐུ་དང་༔ རང་དང་བསྲུང་བྱ་རྣམས་ཀྱི་ཚེ་དང་བླ་འཁྱམས་པ་དང་༔ བྱད་མའི་སྲོག་གི་དྭངས་མ་ཐམས་ཅད་ཛདང་འོད་ཟེར་གྱི་འཕྲོ་འདུས་བསྡུས་ནས་རང་དང་བསྲུང་བྱ་རྣམས་ལ་ཐིམ་པས་རྡོ་རྗེའི་གུར་དུ་གྱུར༔ ཡང་ས་བོན་ལས་འོད་ཟེར་འཕྲོས༔ ཕྱི་སྣོད་ཀྱི་འཇིག་རྟེན་སྲ་མཁྲེགས་ཀྱི་ནུས་པ་ཐམས་ཅད་དང་༔ འབྱུང་བ་ལྔའི་ནུས་པ་དང་སྟོབས་རྣམས་གུར་ཁང་ལ་ཐིམ་པས༔ གུར་ཁང་གནམ་ལྕགས་ཀྱི་རྡོ་རྗེ་ཕ་ལམ་ལྟ་
བུ་སྲུབ་མེད་པ་གང་གིས་ཀྱང་མི་ཆོད་པ་མི་ཤིགས་པ་མི་ཚུགས་པར་གྱུར་པར་བསམ༔ དེ་ལྟར་འཕྲོ་འདུའི་དམིགས་པ་ཡང་དང་ཡང་དུ་གསལ་གདབ་ཅིང་༔ ཨོཾ་མཉྫའི་ཡ་མཱནྟ་ཀ༔ བྱ་གྷི་ཝ༔ བཛྲ་པཱ་ཎི༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་༔ ཡ་མ་རཱ་ཙ༔ ས་མ་ཡ་ཛ༔ བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་སྲུངས་ཤིག་ནི་ཧཱུཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་དང་རྒྱུན་དུ་ནི་དུ་ཏྲི་མན་ཆད་བཟླ༔ རང་ཁོ་ན་སྲུང་བ་ལ་ནི༔ མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར༔ ཡང་རྒྱལ་པོ་དང་རྗེ་དཔོན་དང་༔ བླ་མ་དང་ཡོན་བདག་གི་རིམ་གྲོ་བྱེད་ན་བདག་ཅག་དཔོན་གཡོག་འཁོར་དང་བཅས་པ་ལ་སྲུངས་ཤིག་ནཾ་ཧཱུཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་སྦྱར་བ་བཟླ༔ ཐུན་མཚམས་སུ་གཏོར་ཆུང་འབུལ་ཞིང་༔ བཅོམ་ལྡན་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ནད་གདོན་བྱེད་མ་ལ་སོགས་པའི་གནོད་པ་ཐམས་ཅད་ལས་བསྲུང་བ་དང་༔ བསྐྱབ་པ་དང་༔ སྦ་བའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་བརྗོད་
ཅིང་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ༔ རྨི་ལམ་དུ་ཉི་ཟླ་ཤར་བ༔ ནམ་ལངས་པ༔ གོས་གསར་གྱོན་པ༔ གོ་ཆ་དང་ཁྲབ་གྱོན་པ༔ རྫོང་ནང་དུ་འདུག་པ༔ མཁར་བརྩེགས་པ༔ གཞན་དོན་དུ་ཡིན་ན་བསྲུང་བྱ་དེ་རྣམས་དངོས་སམ་བརྡ་རྟགས་ཀྱི་སེམས་ཅན་སྐྱབས༔ བཙན་པོའི་མཁར་དུ་ཁྲིད་པ༔ གོས་གསར་པ་དང་གོ་ཆ་བཀོན་པའི་རྨིས་ལྟས་རང་དང་བསྲུང་བྱ་གཉིས་ཀ་ལ་འབྱུང་༔ དངོས་སུ་ཁམས་བདེ༔ རིག་པ་དྭངས༔ བསྐྱེད་རིམ་སྲུང་འཁོར་གསལ་བ་དང་༔ ཁྱད་པར་གློ་བུར་དུ་དོན་མེད་པར་དཔའ་སེམས་སྐྱེ་བར་འབྱུང་ངོ་༔ དེ་ལྟར་སྲུང་བ་གལ་ཆེ་ན་མཚམས་བསྡམས༔ དེ་ཙམ་མིན་ན༔ མཚམས་མ་གྲུབ་ཀྱང་ཐུན་དང་ཐུན་དུ་བཟླས་པས་འགྲུབ་བོ༔ རྒྱུན་གྱི་སྲུང་བ་ནི༔ དམིགས་པ་གསལ་བས་སྔགས་བརྒྱའམ་ཉེར་གཅིག་ཐུན་རེ་ཙམ་བཟླས་པས་ཆོག་གོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ས་མ་ཡ་ཁ་ཐཾ༔ ཨྠྀི༔ ཤིམ། གཉིས་པ་ལ་རང་བསྲུང་བ་དང་གཞན་བསྲུང་བའོ༔ དང་པོ་ནི་རང་ལ་བྱད་ཁ་སྟོན་མཁན་མང་དུ་ཡོད་ན་རྫ་ས་སྲུང་འདི་རྣམས་བྱའོ༔ རང་གི་བྱང་སེམས་ལ་བསྙེན་སྔགས་སྟོང་བཏབ་སྟེ་དེ་ནས་བསྙེན་སྔགས་ཤམ་དུ་མ་མ་བཛྲ་ཀཱ་ཡ་
ནཾ་ཧཱུཾ་བཛྲ་རཀྵ་རཀྵ༔ ཞེས་བརྒྱ་རྩ་བཟླས་ཏེ་བཏབ༔ དཔྲལ་བར་ཐིག་ལེ་གཅིག་བྱས་པས་སྐུ་རྡོ་རྗེ་འཇམ་དབྱངས་དཀར་པོ་དཔྲལ་བར་ཨོཾ་དཀར་པོས་མཚན་པར་བསྒོམ༔ བསྙེན་སྔགས་ཀྱི་མཇུག་ཏུ་མ་མ་བཛྲ་ཝཱཀ་ནི་ཧཱུཾ་བཛྲ་རཀྵ་རཀྵ༔ ཞེས་བརྒྱ་རྩ་བཟླས་མགྲིན་པར་ཐིག་ལེ་བྱས་པས་གསུང་རྡོ་རྗེ་སྤྱན་རས་གཟིགས་དཀར་དམར་གྱི་མགྲིན་པར་ཨཱཿདམར་པོས་མཚན་པར་བསམ༔ རྩ་སྔགས་མཇུག་ཏུ་མ་མ་བཛྲ་ཙིཏྟ་ཏྲཾ་ཧཱུཾ་བཛྲ་རཀྵ་རཀྵ༔ ཞེས་བརྒྱ་རྩ་བཟླས༔ སྙིང་གར་ཐིག་ལེ་བྱས་པས་ཐུགས་རྡོ་རྗེ་ཕྱག་ན་རྡོ་རྗེ་མཐིང་གའི་ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་བསམ༔ དེ་ནས་ལྷ་གསུམ་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱས་ནས་རྒྱས་བཏབ་པར་བསྒོམ༔ རྡོ་རྗེ་གསུམ་གྱི་སྲུང་བའོ༔ ཨྠྀི༔ རང་གི་དྲི་ཆུ་བར་པ་ལ་བསྙེན་སྔགས་མཇུག་ཏུ་མ་མ་ནི་ཧཱུཾ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་བརྒྱ་རེ་བཟླས་ནས་གནས་གསུམ་དུ་ཐིག་ལེ་བྱ༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་དུ་གྱུར་སྐུ་གསུང་ཐུགས་རྡོ་རྗེའི་རྒྱས་བཏབ་པར་བསམ་དྲི་ཚུ་ལ་བརྟེན་ནས་རང་སྲུང་བའོ༔ ཨྠྀི༔ གྲི་ལྕགས་ཀྱི་ཕུར་
པ་སོར་བཞི་པ་གྲི་ཁྲག་གིས་ངར་བླུད་པ་ལ་བསྔགས་ནས་མགུལ་དུ་བཏགས་པ་དེ་ལ་སྔགས་བསྐྱར་ལ་བཏབ༔ མེད་ན་གསར་དུ་བསྙེན་སྔགས་ལ་མ་མ་ཏྲཾ་ཧཱུཾ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་བཟླས་ལ་རང་གི་གོང་བ་གཡས་སུ་བཏགས་སོ༔ དེ་ལ་ནི་ཁྱད་མ་འབུམ་གྱིས་བྲུབ་ཀྱང་གནོད་མི་ནུས་སོ༔ ཨྠྀི༔ གཉིས་པ་ནི༔ རང་གི་དྲི་ཆུ་བར་པ་ལ་བསྙེན་སྔགས་ཤམ་དུ་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་སྲུངས་ཤིག་ནཾ་ཧཱུཾ་བཛྲ་རཀྵ་རཀྵ༔ ཞེས་བརྒྱའམ་སྟོང་བཏབ་ལ་བསྲུང་བྱ་མི་ནོར་ཐམས་ཅད་ལ་གཏོར༔ དུད་འགྲོའམ་ནད་པ་གདོན་ཅན་ལྟ་བུ་ལ་ཁོང་སུ་བཏང་བ་དང་ཕྱི་ནས་བྱུགས་པར་བྱའོ༔ དྲི་ཆུ་གཏོར་མ་བདེ་ན་སྔགས་ཆུ་ལ་དྲི་ཆུ་བསྲེས་ན་རུང་ཙམ་མོ༔ དེས་བྱད་མ་འབུམ་གྱིས་གླགས་མི་རྙེད་དོ༔ དྲི་ཆུས་གཞན་བསྲུང་བའོ༔ ཨྠྀི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སེང་ལྡེང་གི་ཕུར་པ་གྲི་ལྕགས་ཀྱི་མདེའུ་ཅན་དང་༔ ཚེར་ནག་གི་ཕུར་པ་གཉིས་ལ་སྔགས་བསྙེན་པའི་སྟ་གོན་དུ་བཤད་པ་ལྟ་བུ་མང་དུ་བྱ༔ བསྐྱེད་བསྟིམས་དང་རྩ་སྔགས་ཤམ་དུ་འདི་ཁྱིམ་དུ་འཆང་བའི་མི་ནོར་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་ནི་ཧཱུཾ་བཛྲ་རཀྵ་རཀྵ༔
ཞེས་བརྒྱའམ་སྟོང་གིས་བསྔགས་ནས་བསྲུང་བྱ་རྣམས་ཀྱི་ཁྱིམ་ཕུག་ཏུ་སྦའོ༔ རྫས་ཕུར་གྱིས་གཞན་བསྲུང་བའོ༔ ཨྠྀི༔ ཡང་བོང་ནག་ཆུང་ཆུང་ཡུངས་ཀར་ཙམ་དུ་གཏུབས་ལ་སྔགས་སྟོང་ཙམ་གྱིས་སྔགས་ལ་ཉི་མ་རེ་ལ་རེ་རེ་ཟོས་པས་གཟའ་ནད་ཐུབ་བོ༔་ཧ་ས་ཧ་ས་ཀཱི་ལ་ཡ་སོ་ཏི་ཙིཏྟ་ཧ་ས་ཧཱུྃ་ཕཊ༔ ཕྲེང་སྐོར་རེ་རེའི་མགོར་རྩ་སྔགས་ཚར་རེ་སྦྱར་རོ༔ ཨྠྀི༔ ཡང་བོང་བ་བཟང་པོ་སྔགས་ལ་སློབ་དཔོན་དང་ལྷ་དུག་གདོང་ནག་པོ་དང་སྔགས་གསུམ་དྲན་ཅིང་གཞན་མ་མཐོང་བར་ནས་འབྲས་ཀྱི་ཆ་ཙམ་ཟའོ༔ ཧ་ས་ཧ་ས་ཀཱི་ལ་ཡ་ན་མ་ཡ་སོ་ཏི་ཙིཏྟ་ཧ་ས་ཧཱུྃ་ཕཊ༔་རྨ་བྱ་མས་དུག་ཆེན་བསྲུང་བའི་གདམས་པའོ༔ ཨྠྀི༔ ཡང་བཙན་དུག་ཟ་ཐབས་གཅིག་ལ༔ ཧ་ས་ཧ་ས་ཀཱི་ལ་ཡ་ན་ལ་ཡ་སོ་ཏི་ཙིཏྟ་ཧ་ས་ཡ་ཧཱུཾ་ཕཊ༔ སློབ་དཔོན་ལྷ་སྔགས་རྗེས་དྲན་གསུམཾ༔ བོང་ང་རིལ་མ་ཙམ་ལ་བཞི་བརྒྱ་རེ་ཟེར་ཀྱང་སྟོང་ཙམ་བཟླ་གྲངས་བྱེད་ཅིང་བསྒོམ༔ དང་པོ་ནས་བོང་ང་གཏུབས་ནས་སྔགས་པར་བྱའོ༔ དུག་རིགས་དང་རིམས་ནད་ཆུ་སེར་རླུང་ནད་ལ་ཕན་ནོ༔ ཨྠྀི༔ ཡང་བྱད་མ་གནོད་བྱེད་ས་བདག་སོགས་ཀྱི་ཆོ་འཕྲུལ་བྱི་བས་གཏོར་མ་དཔེ་ཆ་སོགས་ལ་ཐང་རང་དང་མི་འདྲ་
བའི་གནོད་པ་བྱེད་ན༔ བཙན་དུག་སོགས་དུག་སྣ་དང་བག་ཕྱེ་ལ་བྱི་བའི་གཟུགས་བྱས་ལ༔ དེའི་ཁོག་པར་བསད་སྔགས་ཀྱི་མཐའ་ལ༔ བྱད་མ་གང་དང་གང་གི་སྤྲུལ་པ་ཡིན་པའི་མུ་སྟེགས་བུ་མོའི་ཁ་ཆིངས་ཤིག་སོད་ཅིག༔ ཅེས་པ་བྲིས་ལ་བཅུག་ནས་འགྲུལ་སྲང་དུ་བཞག༔ བྱེ་མ་ལའང་དེ་ལྟར་སྔགས་ལ་གཟུགས་དང་འགྲིམ་སྲང་དུ་གཏོར༔ གཏོར་མའི་བར་ཆད་བསྲུང་བའོ༔ ཨྠྀི༔ ཡང་ཁྲོ་ཆུའི་གཏོར་མ་ལ་བྱི་བས་གནོད་ན༔ ཨོཾ་ར་ཀུ་མ་ར་ཙཱུ༔ ཙུ་རུ་ཙུ་རུ་སྭཱ་ཧ༔ ཡུངས་ཀར་ལ་བསྔགས་ནས་འགྲིམ་སྲང་དུ་གཏོར་ན་ཁ་འཆིང་༔ མི་ཁྱིས་མ་འགོང་པའི་བྱེ་མ་ལ་བསྔགས་ནས་གཏོར་ན་ཁེ་གཞན་དུ་བསྒྱུར་བར་འགྱུར་རོ༔ སྤྱི་གསུམ་པ་ཙཀྲས་སྲུང་བ་གཞན་དུ་གསལ༔ ཤམབ་༔ རྒྱ་རྒྱ་རྒྱ༔ ཨེ་མ༔ རྒྱུད་གཞུང་མན་ངག་ལག་ལེན་རྣམས་ཀྱི་བཅུད༔ རང་གིས་ཉམས་བླངས་རྟགས་མཚན་གཏན་ལ་ཕབ༔ གནམ་ལྕགས་ཁྲོ་ཆུའི་རྫོང་ཆེན་ལྟ་བུ་ཡི༔ སྲུང་བ་གབ་སྦས་མེད་པར་བཀོད་པ་ལ༔ འགལ་འཁྲུལ་ཉེས་པ་གང་མཆིས་མཐོལ་ཞིང་བཤགས༔ དགེ་བས་འགྲོ་ཀུན་བྱང་ཆུབ་གེགས་མེད་ཤོག་ཅེས་པ་འདི་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བའོ་བྷ་ཝནྟ༔
བཅོམ་ལྡན་འདས་འཇམ་དཔལ་སྨན་གདོང་ནག་པོའི་སྲུང་འཁོར་བྲི་བའི་དཔེ་བུམ་ཟིན་བྲིས་བསྡུས་ཏེ་གསལ་བར་བཀོད་པ།
བཅོམ་ལྡན་འདས་འཇམ་དཔལ་སྨན་གདོང་ནག་པོའི་སྲུང་འཁོར་བྲི་བའི་དཔེ་བུམ་ཟིན་བྲིས་བསྡུས་ཏེ་གསལ་བར་བཀོད་པ་བཞུགས་སོ༔
བྷངྒབརཀོ༔ བཅོམ་ལྡན་འདས་གཞན་གྱིས་གཞོམ་དུ་མེད་པ་ལ་ཕྱག་འཚལ་ལོ༔ འདི་ཡི་འཁོར་ལོ་དཔེ་བུམ་ལ་གསུམ་སྟེ༔ སྲོག་འཁོར་དང་སྲུང་འཁོར་ཟློག་འཁོར་རོ༔ དང་པོ་ནི་རབ་ཞིང་ལྤགས་རོ་རས་ཐ་མ་དར་ནག་གམ་མཐིང་ཤོག་ལ༔ སྐུ་གཞུང་ལྟར་བྲིས་པའི་ལྟོ་བར་མུ་ཁྱུད་དྲུག་བསྐོར་བའི་ལྟེ་བ་སེར་པོ་ལ༔ ཡཱ་དུད་ཁ་མཿལྗང་ཁུ་ཧཱུྃ༔དམར་པོ་གསུམ་ལ་འཆང་བ་པོ་ལ་སྲུངས་ཤིག་སོགས་སྤེལ་ཚིག་གིས་བསྐོར༔ དེའི་ཕྱིར་ལིང་རྩེ་བརྒྱད་ལ་བྷཾ་རཀྟ་རེའོ༔ དེའི་ཕྱིར་རྩིབས་སྔོན་པོ་བརྒྱད་ལ་ཡཱ་རེའོ༔ རྩིབས་མཆན་བརྒྱད་ལ་ཕཊ་རེའོ༔ དེའི་ཕྱིར་དམར་པོ་ལ་བསྙེན་སྔགས་སོ༔
དེའི་ཕྱིར་སེར་པོ་ལ་ཐུན་སྔགས་སོ༔ དེའི་ཕྱིར་དཀར་པོ་ལ་ཡེ་དྷམ་རྟེན་འབྲེལ་སྙིང་པོ༔ སྔགས་མགོ་ཕྱིར་བསྟན་ལ་གཡས་སུ་བསྐོར་བ་བྲི༔ རབ་གནས་བྱས་ལ་གྲི་ལྕགས་སམ་ཐོག་ཕུར་དང་ལྡན་ནས་མིས་མ་མཐོང་བར་མཆན་ཁུང་དུ་བཅང་བ་སྲོག་འཁོར་ཡིན་ནོ༔ ཨྠྀི༔ རྒྱུན་དུ་སྲུང་བའི་འཁོར་ལོ་ཡིད་བཞིན་ནོར་བུ་ནི༔ རབ་ཞིང་ལྤགས་འབྲིང་རོ་རས་ཐ་མ་མཐིང་ཤོག་ལ༔ གཤིན་རྗེའི་སྐུ་གཞུང་ལྟར་བྲིས་པའི་ལྟོ་བར་འཁོར་ལོ་མུ་ཁྱུད་དྲུག་པའི་དབུས་སུ་འཆང་བ་པོ་ལ་སྲུངས་ཤིག་མིང་སྤེལ་དང་བཅས་པ༔ དེ་རྒྱབ་རྩིབས་བརྒྱད་ལ་བྷཾ་རཀྟ་བརྒྱད་དོ༔ མཚན་བརྒྱད་
ལ་ཕཊ་ཏྲ་བརྒྱད༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་བསྙེན་སྔགས༔ དེ་རྒྱབ་མཚོན་ཆའི་འཁོར་ལོ་བྲི༔ སྔགས་ཕྱིར་བསྟན་གཡས་སྐོར་བྲི༔ གྲི་ལྕགས་ཕུར་པའམ་ཐོག་ཕུར་དང་སྦྲག༔ མིས་མ་མཐོང་བར་རང་གི་ལུས་ལ་བཅང་ངོ་༔ ཨྠྀི༔ ཡང་ཁྲོ་ཆུའི་སྲུང་འཁོར་འབྲིང་པོ་ནི༔ ཡང་འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་དབུས་སུ་རྡོ་རྗེ་ཡཱ་ནི་ཧཱུྃ་གསུམ་བྲི༔ དེའི་ཕྱིར་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག༔ རྡོ་རྗེའི་རྒྱབ་ཏུ་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག༔ མིང་སྤེལ༔ དེ་རྒྱབ་མུ་ཁྱུད་ལ་བསྙེན་སྔགས་དང་མཐུ་དང་ནུས་པ་སྤེལ་ཅིག་བྲི༔ དེ་རྒྱབ་རྩིབས་བཅུ་དྲུག་ལ་ཡཱ་བཅུ་དྲུག་གཡས་སྐོར་དུ་འཆང་བ་པོ་ལ་སྲུངས་ཤིག༔ དེ་རྒྱབ་ཐོད་པ་སྐམ་རློན་བརྒྱད༔ རྩིབས་བར་དང་ཐོད་པའི་བར་དུ་རཀྟ༔ དེ་རྒྱབ་ཡེ་དྷརྨ༔ དེ་རྒྱབ་རལ་གྲི་རྩེ་སྤྲོད་ཀྱི་གུར༔ ཟུར་བཞིར་ཕུར་པའི་དབལ་སོ་དང་ཀཱི་ལ་ཡ༔ བཟློག༔ དེ་རྒྱབ་མེ་རི་བྲི༔ ལྟོ་བར་ཚྭ་དང་ཧཱུཾ་སྔོ་ཡཱ་དམར༔ ལྟེ་བ་སེར་རྡོ་རྗེ་སྔོ་རྩ་སྔགས་སྔོ་རྩིབས་སེར༔ ཡཱ་བཅུ་དྲུག་མཐིང་ག༔ རྩིབས་མཆན་དམར་ཐོད་སྐམ་དཀར་ཐོད་རློན་དམར་ཡེ་དྷརྨ་སེར་རལ་གྲི་སྔོ་ཕུར་པ་མཐིང་མེ་རི་དམར༔ འཁོར་ལོའི་རྫས་ལ་
བཟང་དྲུག་ཡུང་བ་སེར་པོ༔ གླ་རྩི་ཤུ་དག་གྷི་ཝཾ་རྒྱ་སྣག་མཚལ་དཀར༔ སྔགས་མགོ་ཐམས་ཅད་ཕྱིར་བསྟན་གཡས་སྐོར་དུ་བྲི༔ སྐར་མ་རྒྱལ་ལ་བཟང་བར་བྲི༔ རང་ཕྱོགས་སུ་ཧཱུཾ་སྔོན་པོ་ཕྱི་རོལ་དུ་ཡཱ་བྲིས་བཏག༔ ཁྲོ་ཆུའི་སྲུང་འཁོར་འབྲིང་པོའོ༔ ༔ སྲུང་འཁོར་ཆེན་མོ་ནི་ཐེ་ཚོམ་གྱི་གནས་སུ་འདུག་པས་མ་བྲིས་སོ༔ ཡང་མུ་ཁྱུད་ལྔ་བསྐོར་ལྟེ་བར༔ ཡཱ་ནི་ཧཱུཾ་གསུམ་ལ་འཆང་བ་པོ་ལ་སྲུངས་ཤིག་བསྐོར༔ དེའི་ཕྱི་སེར་པོ་ལ་བསྙེན་སྔགས༔ དེ་རྒྱབ་རྩིབས་བརྒྱད་སྔོན་པོ་ལ་ཡཱ་ནི་ཧཱུཾ་གསུམ་རེ༔ རྩིབས་མཆན་དམར་པོ་གནོད་བྱེད་ལ་དམོད་པ་བྲི༔ དེའི་ཕྱི་སྔོན་པོ་ལ་ཟློག་སྔགས་དང་ཐུན་སྔགས་བྲི༔ དེའི་ཕྱིར་མཚོན་ཆ་སྣ་ཚོགས་ཕྱིར་བསྟན་པ༔ དེའི་ཕྱི་མེ་རིའི་ཕྱོགས་མཚམས་སུ་གྲི་བརྒྱད་རེ་བྲི༔ བསྙེན་སྔགས་རྟེན་འབྲེལ་སྙིང་པོ་དང་ཐུན་སྔགས་སོགས་ཀྱིས་རབ་གནས་བྱས་ལ་བཏགས༔ བྱིསྦ་ལ་སོགས་བསྲུང་བར་འགྱུར་རོ༔ ༈ གཏད་ཟློག་ནག་པོའི་སྲུང་འཁོར་ནི༔ རྡོ་རྗེ་རྩེ་དགུའི་ལྟེ་བར་མུ་ཁྱུད་རིམ་པ་བདུན་བསྐོར་བའི༔ ལྟེ་བར་འབྲུ་གསུམ་མགོ་ཅན་དང་༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་གནོད་པའི༔ ཕ་རོལ་གྱིས་ལུས་བཅིང་བ་
ངག་མནན་པ༔ ཡིད་བསྡམས་པ་ཐམས་ཅད་ཁྲོལ་ཅིག་ཁྲོལ་ཅིག་རཀྵ་རཀྵ༔ དེ་རྒྱབ་མུ་ཁྱུད་ལ༔ ཧཱུཾ་ཙིཏྟ་རཀྟ་ཚིན་ཚིན༔ ཤནྟི་ཤནྟི་ཤེར་བྱེར༔ སྤར་སྤར་སྟེ་བྷ་ཡ་བྱེར༔ མོ་ཧ་བྱེར༔ འཛཾ་བྷ་བྱེར༔ ཡར་བཟློག་བྷྱོ༔ འཆང་བ་པོ་ལ་རཀྵ་རཀྵ༔ མིང་སྤེལ་དང་བཅས་པ་བྲི༔ དེའི་ཕྱི་ལ༔ ཨཱཿཝཱཀྐ་རཀྟ་བཛྲ་ཛི་ཧན་ཛི་ཧན༔ ཛི་ཤན་ཏི་ཤན་ཏི༔ ཤར་བྱེར་སྤར་སྤར་སོགས་གོང་ལྟར༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀ་ཡ་བི་ཡ་བཛྲ་ཛི་ཧན་ཛི་ཧན་ཤན་ཏི་ཤན་ཏི་ཤར་ཕྱིར་སྤར་སྤར་སོགས་འཆང་བ་པོ་ཆེ་གེའི་ལུས་ངག་ཡིད་གསུམ་ལ་གནོད་པ་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ༔ དེའི་ཕྱི་ལ་སྟེང་གི་རྡོ་རྗེའི་ཐད་ནས་བརྩམས་ཏེ་བཀྲ་ཤིས་རྟགས་བརྒྱད་བྲི༔ དེའི་ཕྱི་ལ་འཁོར་ལོ་རྩིབས་བརྒྱད་བྱས་པའི་གདུགས་ཀྱི་ཐད་ནས་བརྩམས་ཏེ༔ ཀ་མ་ཤིག་ཤིག༔ ཀ་མ་ཁྲོལ་ཁྲོལ༔ མ་མ་ཤིག་ཤིག༔ མ་མ་ཁྲོལ་ཁྲོལ༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ རྭ་ཙ་ཤིག་ཤིག༔ རཱ་ཙ་ཁྲོལ་ཁྲོལ༔ ས་ག་ཤིག་ཤིག༔ ས་ག་ཁྲོལ་ཁྲོལ༔ ཡ་མ་ཤིག་ཤིག༔ ཡ་མ་ཁྲོལ་ཁྲོལ༔ རག་མོ་ཤིག་ཤིག༔ རག་མོ་ཁྲོལ་ཁྲོལ༔ ས་མ་ཡ་ཤིག་ཤིག༔ ས་མ་ཡ་ཁྲོལ་ཁྲོལ༔ ཅེས་མིང་སྤེལ་
དང་བཅས་པ་བྲི༔ ཕྱི་མ་ལ༔ མ་ཏི་འུར་པ་ནན་ཁྲོལ༔ ལྕེ་ཏི་འུར་པ་ནན་ཁྲོལ༔ རྩེ་ཏི་འུར་པ་ནན་ཁྲོལ༔ འུར་ཏི་འུར་པ་ནན་ཁྲོལ༔ མ་ལ་ཏེ་ཕྱི་ནན་ཁྲོལ་ས་མ་ཡ་ཕྱེས་ཕྱེས་ཁྲོལ༔ དེའི་ཕྱི་ལ་རྟེན་འབྲེལ་སྙིང་པོ་སྟེ་སྔགས་མགོ་ཐམས་ཅད་ཕྱིར་བསྟན་ཏོ༔ རྡོ་རྗེའི་ར་དབུས་མ་གཉིས་སུ་འབྲུ་གསུམ་མགོ་ཅན་ནང་བསྟན་བྲི༔ འཁོར་ལོ་གསེར་གྱི་རྡོ་རྗེ་སྟོང་གསུམ་དང་མཉམ་པ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི༔ ཡ་རྩེའི་ཨོཾ་ལ་ཨོཾ་བཛྲར་ཀ་ཡས་བསྐོར་བ༔ ལྟེ་བར་བསྲུང་བྱ་གནས་པའི་ཨཱཿལས་ཨཱཝཱཀས་བསྐོར་བ༔ མར་རྩེའི་ཧཱུྃ་ལ་ཧཱུཾ་ཙིཏྟ་རཀྱུས་བསྐོར་བ༔ རྩིབས་བརྒྱད་ལ་ལྕགས་ཀྱི་འཁོར་ལོའི་སྟེང་དུ་སྡེ་བརྒྱད་རྣམས་གནས་པས་སྲུང་བ༔ ཡེ་དྷར་སོགས་སྔགས་རྣམས་ལ་ཡེ་ཤེས་ཀྱི་མེ་འབར་བས༔ སྡེ་བརྒྱད་ཀྱི་ངག་མནན་པ་སོགས་གནོད་པ་ཐམས་ཅད་བསྲེགས༔ གཞན་ཡང་བྱེད་མ་རྔོད་གཏོང་དང་བཅས་པ་བསྲེགས་པར་བསམས་ལ༔ སྲུང་སྔགས་ཡེ་དྷརྨ་འཁོར་ལོའི་སྔགས་རྣམས་ཀྱིས་རབ་གནས་བྱ༔ རང་ཉིད་སྨན་གདོང་དུ་བསྒོམས་ལ༔ གྲི་ལྕགས་ཀྱི་ཕུར་པ་སོར་བཞི་པ་གཅིག་དང་བཅས་ཏེ་དྲོད་དང་མ་བྲལ་བར་འཆང་ངོ་༔ ལུས་ངག་ཡིད་
གསུམ་བྱད་དུ་བཅུག་པ་ལ་བཀྲོལ་ཞིང་༔ བསྲུང་བའི་འཁོར་ལོ༔ གཏད་བཟློག་ནག་པོ༔ མནན་བཟློག་ནག་པོ༔་གཏད་ནག་པོ་ཟློག་བྱེད༔ ངག་བཀྲོལ་འཁོར་ལོ༔ བསྲུང་བ་མེའི་ཙཀྲ་སྟེ་ཤིན་ཏུ་ཟབ་བོ༔ ཨྠྀི༔ འཇམ་དཔལ་གནམ་ལྕགས་ཐོག་རྒོད་འབར་བ་ལ་ཕྱག་འཚལ་ལོ༔ ཟློག་འཁོར་ནི་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར༔ ལྟེ་བ་གྲུ་གསུམ་དཀྱིལ་དུ་རྡོ་ཛེ༔ རྡོ་རྗེའི་ལྟེ་བར་ཡཱ་ནཾ་ཧཱུྃ་གསུམ༔ དེའི་མཐར་གཡས་སྐོར་དུ༔ བདག་སོགས་ཀྱི་ལུས་ངག་ཡིད་གསུམ་ལ་བྱད་ཁ་སོགས་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ་ཟླ་གམ་གསུམ་ལ་ཡཱ་ནང་པ་སངས་རྒྱས་པའི་བྱད་ཁ་ཟློག་ཅིག༔ ཡཱ་ཕྱི་པ་མུ་སྟེགས་པའི་བྱད་ཁ་ཟློག་ཅིག༔ ཡཱ་འཇིག་རྟེན་སྡེ་བརྒྱད་ཀྱི་བྱད་སོགས་འགྲེས༔ དེ་རྒྱབ་མུ་ཁྱུད་ལ་བསྙེན་སྔགས་དང་ཟློག་སྔགས་ཤམ་ལ༔ རྩ་ཤ་ན་དགྲ་བོ་བྱད་མ་ལྷ་སྲུང་དང་༔ ཤམ་ལ་གནོད་བྱེད་སྡེ་བརྒྱད་བྱེད་ཁ་ཐམས་ཅད་ཟློག་གོ་བྲི༔ དེ་རྒྱབ་རྩིབས་བཅུ་དྲུག་ལ་ཡཱ་བཅུ་དྲུག་ལ་འདི་འཆང་བ་པོ་ལ་སྲུངས་ཤིག༔ བྱད་ཁ་ཟློག་ཅིག་གིས་བསྐོར་བ་བྲི༔ དེ་རྒྱབ་རླུང་ལྗང་ཁུ༔ དེ་རྒྱབ་མེ་དམར་པོ༔ དེ་རྒྱབ་ཆུ་སྔོན་པོ༔ དེ་རྒྱབ་མུ་ཁྱུད་ལ་ཟློག་སྔགས་ཀྱི་ཤམ་ལ༔
ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་བྱད་ཁ་ཟློག་ཅིག་དབང་ཕྱུག་ཆེན་པོ་ལ་སོགས་ཕྱི་པ་མུ་སྟེགས་པའི་བྱད་ཁ་ཟློག་ཅིག་འཇིག་རྟེན་གྱི་ལྷ་འདྲེ་སྡེ་བརྒྱད་སོགས་ཀྱི་བྱད་ཁ་ཟློག་ཅིག༔ དེ་རྒྱབ་ལ་མཚོན་ཆ་སྣ་ཚོགས་བྲི༔ གྲི་ཁྲག་བཙན་དུག་གླ་རྩི༔ གུ་གུལ་དཀར་ནག་ཆུ་དག་ནག་པོ༔ དོམ་སོགས་གཅན་གཟན་གྱི་ཁྲག་གང་འཛོམས༔ རྒྱ་སྐག་རྣམས་ཀྱིས༔ བདུད་ཉི་ཁྲ་ཚ་གང་འཛོམ་ལ་བྲི༔ རྡོ་རྗེ་སྔོན་པོ་གྲུ་གསུམ་ལྗང་ཟླ་གམ་སེར་མུ་ཁྱུད་སྔོ༔ རྩིབས་དམར་རྩིབས་མཆན་སེར༔ ཟློག་སྔགས་ཕྱི་མ་སེར༔ མཚོན་རྩེ་སྔོ་ཡུ་བ་དམར༔ སྔགས་མགོ་ཐམས་ཅད་ནང་དུ་བསྟན་ལ་གཡོན་སྐོར་དུ་བྲི༔ རབ་གནས་བྱས་ཏེ་བཏགས་པ་ནི༔ ཟློག་པའི་མན་ངག་རང་གཞན་བསྲུངས་ཤིང་གཞན་གྱི་ལུས་ངག་ཕལ་ལ་ཁོ་རང་ལྷ་སྲུང་ལོག་ནས་བཟློག་ཅིང་ཕུང་བར་བྱེད་པ་དང་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པར་མི་ནུས་པའི་མན་ངག་ཤིན་ཏུ་ཟབ་པའོ༔ ཤམཐ།ཝཧཾ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ཁྲོ་ཆུ་ཞང་ཁྲོམ་ལུགས་ཀྱི་ཙཀྲའི་ཟིན་བྲིས་གཞུང་གཞན་རྣམས་ཕལ་གྱིས་གོ་དཀའ་ཞིང་༔ འདི་དྲག་སྔགས་གདུག་པ་ཅན་ཡིན་པའི་ཕྱིར༔ གནད་ཐམས་ཅད་ཞལ་ཤེས་
དགོས་ཟེར་བ་ལྟར༔ འདིའི་མན་ངག་དམར་ཁྲིད་རྣམས་གཞུང་དང་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་རྣམས་དག་པར་བཀོད་པ་ལ་ཉེས་པ་གང་མཆིས་བཤགས་ཅིང་དགེ་བ་ཅི་མཆིས་པ༔ འགྲོ་ཀུན་བར་ཆད་ཞི་ནས་འཇམ་མགོན་བླ་མ་ཉིད་འགྲུབ་ཤོག༔ ཅེས་པ་ཡང་འདི་ལ་ཆེར་གོམས༔ ༧ རཱ་གའི་མིང་ཅན་དག་གིས་བྲིས༔ གུ་ཧྱ༔ མངྒ་ལཾ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྲོག་འཁོར་བྲི་ཐབས་གཞུང་གི་ཚིག་མི་གསལ་དཔེ་ཆ་རྙེད་ཀྱང་བཀོད་ཐུབ་པ་མེད་པས་འདི་ནི་གཞུང་དང་ཞལ་ཤེས་བསྡེབ་པའི་བལྟས་ཆོག
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྲོག་འཁོར་བྲི་ཐབས་གཞུང་གི་ཚིག་མི་གསལ་དཔེ་ཆ་རྙེད་ཀྱང་བཀོད་ཐུབ་པ་མེད་པས་འདི་ནི་གཞུང་དང་ཞལ་ཤེས་བསྡེབ་པའི་བལྟས་ཆོག་སྟེ་གཞན་ལ་མི་སྤེལ་བཀའ་རྒྱའོ།།
ན་མོ་གུ་རུ་ཡ་མཱནྟ་ཀ་ཡེ། འཇམ་དཔལ་གཞོམ་དུ་མེད་པ་ལ་ཕྱག་འཚལ་ལོ། །ཁྲོ་ཆུའི་སྲོག་འཁོར་ནི། རབ་ཞིང་ལྤགས་སམ་དར་ནག༔ འབྲིང་མཐིང་ཤོག༔ ཐ་ནའང་ཤོག་བུ་གཙང་མ་ལ་བྲི་སྟེ། རབ་གསེར་དངུལ། འབྲིང་མཚལ། ཐ་ན་རྒྱ་སྣག་གིས་བྲི། མགུལ་དུ་འདོགས་རྒྱུ་ལ་སྨན་སྣ་དང་བྱིན་རྟེན་ཏེ། གཏོར་མ་ལ་བཙུགས་རྒྱུ་ཡིན་ན། བཙན་དུག་དང་གྲི་ཁྲག་བསྲེ། མུ་ཁྱུད་རིམ་པ་ལྔ་བཀོད་པའི་དབུས་སུ་འཇམ་དཔལ་གྱི་ངོ་བོ་ཧཱུྃ༔དམར་པོ། དེའི་ཧ་ཁོག་ནང་དུ་རང་དང་བསྲུང་བྱའི་བླ་སྲོག་ངོ་བོ་ནི་ལྗང་ཁུ། ཞབས་ཀྱུའི་འོག་ཏུ་ལས་ཀྱི་གཤིན་རྗེའི་ངོ་བོ་ཡཱ་
སྔོན་པོ། དེ་གསུམ་ཁོང་སེང་ཅན་བྲི། །སི་ཏུ་བསོད་ནམས་རྣམ་རྒྱལ་གྱིས་དེ་ཚོ་ལཉྩ་བྲིས་འདུག་སྟེ། གཏེར་གཞུང་ནས་མ་གསུངས་པས་ཡི་གེ་དབུ་ཅན་རང་གིས་ཆོག༔ དེ་ཡི་མཐར་ཧཱུྃ་གི་དབུའི་ཕྱོགས་ནས་བཟུང་སྟེ་ཕྱི་ནས་ནང་དུ་བསྐོར་ལ། བདག་སྒྲུབ་པ་པོ་མིང་འདི་ཞེས་བྱ་བ་དང་། རང་གི་བསྲུང་བྱ་གལ་ཆེ་རིམ་གྱི་མིང་དང་། བདག་ཅག་དཔོན་སློབ་དཔོན་གཡོག་མི་ནོར་འཁོར་དང་བཅས་པ་ལ་སྲུངས་ཤིག་ནི་བྷཾ་བཛྲ་རཀྵ་རཀྟ་བྲི། ལྟེ་བ་སེར་པོ་བྱ། དེ་རྒྱབ་ལིང་ཚེ་དཀར་པོ་བརྒྱད་ལ། བྷཾ་རཀྵ༔བརྒྱད། བར་མཚམས་ཀྱི་ཆོད་བརྒྱད་སེར་པོ། དེ་རྒྱབ་རྩིབས་སྔོན་
པོ་བརྒྱད་ལ། ཡ༔ བ་ཚག་ཅན་བརྒྱད། རྩིབས་མཆན་དམར་པོ་བརྒྱད་ལ་ཕཊབརྒྱད། ཕཊ་བརྒྱད་ལ་ཚེག་དྲག་ཡོད། སི་ཏུས་ཡ་ཕཊ་རྣམས་ལཉྩ་བྲིས་གདའ་སྟེ་མི་དགོས། །དེ་རྒྱབ་མུ་ཁྱུད་དམར་པོ་ལ། ༈ ཨོཾ་མཉྫ་ཤྲཱི་ཡ་མཱནྟ་ཀ་སོགས་ནས་ས་མ་ཡཱ་ཛ་ཛའི་བར་བསྙེན་སྔགས་ཀྱི་མཇུག་ཏུ། བསྲུང་བྱ་འདི་རྣམས་ལ་སྲུངས་ཤིག་ཚྭ་ཧཱུཾ་བཛྲ་རཀྵ་རཀྵ། དེ་རྒྱབ་མུ་ཁྱུད་སེར་པོ་ཆེ་བ་གཅིག་ལ། དུ་ཏྲི་ཡ་མ་རཀྵ་ཀྲོ་ཏ་པ་ཙ་ལ་དགྲ་བོ་རྩ་དྲུག་ཏ་ཐུན། ཏ་ཤ་ཀུ་ཏུ་ཏྲ་ཐུན། རཀྟ་ཙིཏྟ་ཆད། ཡ་མ་ཡཀཱ་ལ་ཛ་བྷྱོ་བྷྱོ་སྙིང་ཁ་རག་མོ་དགྲ་བོའི་རྩ་ལ་ཐུན། ནག་པོ་ཙིཏྟ་དགྲ་བོའི་སྲོག་ལ་ཐུན། ཡ་མ་རཱ་ཙ་དགྲ་བོའི་སྙིང་ལ་ཐུན། ཡ་མ་ཏྲི་ཤ་དགྲ་བོའི་དབུགས་ལ་ཐུན། ཧ་རི་ཤ་ཡ་སྙིང་དབུགས་ལ་ཐུན། ཡ་མ་རཱ་ཙ་དགྲ་བོའི་སྙིང་དབུགས་ལ་ཧབ་ཤ། སྙིང་ཁ་རག་མོ་རཱ་ཙ་དབུགས་ལ་ཐུན། ཧ་རི་སྙིང་ཁྲག་ལོང་། ཐུན་ཐུན་བྷྱོ༔ ཡ་མ་དགྲ་བོའི་སྲོག་ལ་རྦད་རྦད། ནག་པོ་ཙིཏྟ། དུ་ཏྲི་རཱ་ཙ། ཡ་མ་ཛ་ཛ། སྲོག་ལ་བྲིང་བྲིང་། ཙ་ཐིག་སྲོག་ཐིག་ཟད། སྙིང་ཐིག་ལམ་ལམ། ཁམ་ཁམ། རམ་རམ། ཡམ་ཡམ་བྱད་མའི་སྲོག་སྙིང་དུ་སོད་དོ། །དེ་རྒྱབ་མུ་ཁྱུད་དཀར་པོ་
རྩལ། ཡེ་དྷརྨཱ་དང་སུ་པྲ་ཏིའི་མཇུག་ཏུ་མ་མ་ནཱི་ཧཱུཾ་བཛྲ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཐམས་ཅད་ཡི་གེ་མགོ་ཕྱིར་བསྟན་ཡི་གེ་དབུ་ཅན་བྱའོ། །དེ་རྒྱབ་ཁྲོ་ཆུའི་སྐུ་གཞུང་ལྟར་བྲི་། འཁོར་ལོ་མེ་ལོང་ངོས་སུ་ཁྲུས་གསོལ། ཡུངས་དཀར་གཏོར་ཞིང་སུམྦྷ་ནི་བརྗོད་པས་བགེགས་བསྐྲད། སྟོང་པར་སྦྱང་ལ་ཁྲོ་ཆུ་བསྐྱེད་བསྟིམ་བྱ། བསྙེན་སྔགས་མང་དུ་བཟླས་ལ་ཕུ་གདབ། ཁྲོ་ཆུའི་ཐུགས་ཀའི་ཧཱུཾ་གི་ནང་དུ་བདག་དང་བསྲུང་བྱ་ཚུད་པར་བསྒོམས་ལ། མ་མ་ནཾ་བྷྱོ་སོགས་སྔགས་སྦྱར་ལ་བརྒྱ་ཙམ་བཟླ། ལྷ་འོད་དུ་ཞུ་བ་འཁོར་ལོ་བསམས་ལ། ཡེ་དྷརྨ་མང་དུ་བརྗོད་ཅིང་མེ་ཏོག་འཐོར། བཀྲ་ཤིས་ཤོ་ལོ་ཀ་ཙམ་བརྗོད། དེ་ནས་ལྟེ་བའི་ཧཱུྃ་མགོ་འཇུག་མ་ལོག་པར་ལྟེབས་ལ། ནང་དུ་བདུད་རྩི་རིལ་བུ་སོགས་བྱིན་རླབས་རྟེན་གང་རྙེད་བཅུག །ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིང་། དར་རས་ནག་པོས་བཏུམ། ཕྱི་ཡི་གཡོགས་ཅི་བདེ་བྱས་ལ། ཧཱུྃ་ཡིག་ཞལ་རང་ལ་ཕྱོགས་པར་བྱས་པའི། ཕྱི་གྲི་ལྕགས་ཕུར་པ་སོར་བཞི་གྲི་ཁྲག་གིས་ངར་བླུད་པ་ལ་བསྙེན་སྔགས་སྟོང་ཡན་ཆད་སྔགས་ལ་གདབ། དེ་རང་གི་མགུལ་ཏུ་བཏག་པ་སྲོག་འཁོར་བླ་རྡོ་གཉིས་ཀ་ཡིན། འཁོར་ལོ་མེད་
ཀྱང་ཕུར་པ་དེ་སྲུང་སྔགས་དེ་ཅི་མང་དུ་སྔགས་ནས་བསྲུང་བྱ་གལ་ཆེན་རིགས་ཀྱི་མགུལ་ཏུ་བཏགས། རང་གི་དྲི་ཆུ་བར་པ་ལ་སྤོས་ཆུ་དང་། ཡབ་སྲས་སོགས་ཀྱི་གསང་ཆབ་བསྲེས་ནས། སྲུང་སྔགས་སྟོང་ཡན་ཆད་ཅི་མང་སྔགས་ནས་རང་གི་བསྲུང་བྱའི་མི་ནོར་རྣམས་ལ་ཆབ་དེས་བྲན་ལ། བྱེ་མ་འབུམ་རྡུགས་ཀྱི་གདམས་ངག་ཅེས་བྱ་སྟེ། ཚིག་ཉུང་དོན་ཆེ་བའི་ཟབ་རྒྱ་ཅན་ནོ། །འཁོར་ལོ་ཞིང་ལྤགས་དར་ནག་ལ་བྲིས་ནས་གཏོར་མ་ལ་བཙུགས་རྒྱུ་ཡིན། སྒྲུབ་རྟེན་ཞལ་ཐང་གི་རྒྱབ་ཏུ་འཁོར་ལོ་བྲིས་ན་སྐུ་གཟུག་བྲི་མི་དགོས། དེ་ཕྱིན་དེ་ཆོག །ཅེས་པ་བླ་མ་གཉིས་དང་སྦྱིན་བདག་གིས་བསྐུལ་ཀྱང་བཀའ་རྒྱ་དམ་པའི་རྟེན་འབྲེལ་གྱིས། དཔེ་ཆ་ཉི་མ་གསུམ་བཙལ་ཀྱང་མ་རྙེད། རང་གི་སྒྲུབ་རྟེན་ཞལ་ཐང་གི་རྒྱབ་ནས་བཏུས་ཏེ་ཞལ་ཤེས་ཕྱག་ལེན་དང་བཅས་པ་གབ་སྦས་མེད་པར་སྔགས་ནག༔ ༧ རཱ་ག་ཨ་སྱས་ངག་ནས་སྨོས་པ་ལྟར། དགེ་སློང་ནག་པོའི་མིང་ཅན་གྱིས་བྲིས། སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས་ཤིང་། དགེ་བས་དམ་ལྡན་སྔགས་འཆང་རྣམས་ཀྱི་སྲོག་སྐྱོབ་པར་གྱུར་ཅིག །མངྒ་ལཾ།། །།
གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྒོ་ནས་བཟློག་པའི་མན་ངག་ཀུན་གྱི་ཟིན་བྲིས་ཤིན་ཏུ་གསལ་བར་བཀོད་པ།
གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྒོ་ནས་བཟློག་པའི་མན་ངག་ཀུན་གྱི་ཟིན་བྲིས་ཤིན་ཏུ་གསལ་བར་བཀོད་པ་བཞུགས་སོ༔
འཇམ་དཔལ་གནམ་ལྕགས་འབར་བ་ལ་ཕྱག་འཚལ་ལོ༔ འདིའི་སྒོ་ནས་བཟློག་པ་བྱ་བ་ལ་ལྡ༔་སྔགས་དང་ཏིང་ངེ་འཛིན་གྱི་ཟློག་པ་དང་༔ རྡེབ་ཆོག༔ གདོང་ཟློག༔ གཏོར་མས་ཟློག་པ༔ ཙཀྲས་ཟློག་པའོ༔ དང་པོ་ཏིང་ངེ་འཛིན་ལ་གཉིས༔ ལུས་དཀྱིལ་བཀོད་པ་དང་༔ ཟློག་པ་དངོས་སོ༔ བདག་བསྐྱེད་མངོན་རྟོགས་གཞུང་ལྟར་སྐད་ཅིག་གིས་གསལ་བཏབ་ལ༔ སྤྱི་བོའི་མཆོད་རྟེན་ནང་གི་ལྷ་གསུམ་གནས་འགྱུར་ནས༔ གཡས་རྟ་མགྲིན་གཡོན་བྱ་ཁྱུང་༔ དབུས་གཤིན་རྗེའི་གཤེད་ནག་པོར་གྱུར༔ རང་གི་སྤྱི་བོར་གཤིན་རྗེ་འཆར་ཀ་ནག་པོ༔ ཕྱག་
གཉིས་མཆོད་རྟེན་བསྣམས་ནས༔ སྟེང་ལྷའི་གདུག་པ་ཟློག་པར་བྱེད་པ༔ མགྲིན་པར་མྱོས་བྱེད་འབར་བ། ཕྱག་གཉིས་མཆོད་རྟེན་དགྲ་སྟ་བསྣམས་ནས་བར་གཉན་གྱི་གདུག་པ་ཟློག་པར་བྱེད་པ༔ སྙིང་ཁར་གཤིན་རྗེ་ཚེ་བདག་ནག་པོ་ཞལ་གསུམ་ཕྱག་དྲུག་གིས་གཡས་གསུམ་འཁོར་ལོ༔ རལ་གྲི༔ དགྲ་སྟ༔ གཡོན་གསུམ་བེ་ཅོན་སྡིགས་མཛུབ༔ གཏུན་ཤིང་བསྣམས་ནས༔ འོག་ཀླུའི་གདུག་པ་ཟློག་པར་བྱེད་པ༔ གསང་གནས་སུ་གཤིན་རྗེ་ཁ་ཐུན་ནག་པོ་ཕྱག་ན་ལྕགས་པར་བསྣམས་ནས་དགྲ་བགེགས་ཐལ་བར་བརླག་ཅིང་༔ བྱད་མའི་ཤ་ཁྲག་གསོལ་
བ༔ དཔུང་པའམ་ཕྲག་པ་གཡས་སུ་གཤིན་རྗེ་ཁྲག་མཚོ་ཁོལ་མ༔ ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ་པ༔ བྱད་མའི་ཤ་ཁྲག་དམར་ཕྱ་ལ་ལ་བཏང་བ༔ དཔུང་པ་གཡོན་དུ་གཤིན་རྗེ་རལ་པ་ཚར་དགུ༔ ཁྲམ་ཤིང་དང་༔ ནད་རྐྱལ་ཐོགས་ནས་བྱད་མ་ཁྲམ་ལ་འདེབས་པ༔ རང་གི་བ་སྤུའི་བུ་ག་ནས་ཁྲོ་ཆུང་ཐམས་ཅད་ཁྲོ་བོ་མཚོན་ཆ་ཐོགས་པས་གང་ནས་བྱད་མ་ལྷ་སྲུང་དང་བཅས་པ་གསོད་ཅིང་གཏུབ་པ༔ ལྷ་དེ་དག་གི་བ་སྤུའི་གསེབ་ནས་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པས་དགྲ་བགེགས་རྡུལ་དུ་བརླགས་པར་བསམ༔ རང་ཉིད་ཀྱི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་འཁོར་ལོའི་གུར་ཐབས༔ རྩིབས་བརྒྱད་སྟེང་འོག་གཉིས་སུ་རྩིབས་གཉིས་དང་བཅུར་ཡོད་པ༔ གཡོན་དུ་བར་མེད་དུ་འཁོར་བས་བྱེད་མ་གནོད་བྱེད་ལྷ་སྲུང་དང་བཅས་པ༔ ཤ་ཁྲག་དམར་ཐ་ར་ར་བཏང་བར་བསྒོམ༔ རྩིབས་ཀྱི་ནང་ངོས་རྩིབས་ལ་མ་རེག་ཙམ་དུ༔ ཁྲོ་བོ་བཅུ་ནི༔ ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ༔ གཡས་རྡོ་རྗེའི་ཐོ་བ་བསྣམས་པ༔ ལྷོར་གཤིན་རྗེ་མཐར་བྱེད་དཀར་པོ༔ གཡས་དབྱུག་པ༔ ནུབ་ཏུ་པདྨ་མཐར་བྱེད་དམར་པོ༔ གཡས་པདྨ༔ བྱང་དུ་བགེགས་མཐར་བྱེད་སྔོ་ནག༔ གཡས་
རྩེ་ལྔ༔ ཤར་ལྷོར་འདོད་རྒྱལ་སྔོ་ནག༔ གཡས་ལྕགས་ཀྱུ༔ ལྷོ་ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ༔ ནུབ་བྱང་དུ་སྟོབས་ཆེན་ནག་པོ་གཡས་རྡོ་རྗེ་རྩེ་གསུམ༔ བྱང་ཤར་མི་གཡོ་བ་སྔོ་ནག་གཡས་རལ་གྲི༔ སྟེང་དུ་ཧཱུྃ་མཛད་སྔོ་ནག་གཡས་རྡོ་རྗེ༔ འོག་ཏུ་གནོད་མཛེས་སྔོ་ནག་གཡས་གཏུན་ཤིང་༔་གཡོན་ཐམས་ཅད་སྡིགས་མཛུབ་མཛད་པ༔ སྟག་དང་སྦྲུལ་སོགས་ཁྲོ་བོའི་ཆ་ལུགས་རྫོགས་པ༔ ཞལ་ཕྱིར་གཟིགས་ནས་གནོད་བྱེད་བྱེད་མ་ལྷ་སྲུང་དང་བཅས་པ་ཤིང་ལོའམ༔ ན་བུན་རླུང་གིས་དེད་པ་ལྟར་མཐའི་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་པར་བསྒོམ༔ དེ་ནས་སྔར་སྲུང་འཁོར་གྱི་དུས་བསྒོམ་པའི་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱི་ངོ་བོ་ཁྲོ་བོ་ནག་པོ་ཕྱག་ན་མཚོན་ཆ་སྣ་ཚོགས་དང་༔ མདའ་གཞུ་འགེངས་ཞལ་ཕྱིར་གཟིགས་ཤིང་ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲོག་ཅིང་གདོན་བགེགས་བྱད་མ་བརྡུང་བ་དང་ཟློག་པར་མཛད་པའོ༔ དེ་ཡན་ནི་ཟློག་པ་དང་བསད་པ་གཉིས་ཀའི་བདག་བསྐྱེད་ཐུན་མོང་བ་ཡིན་ནོ༔ ཟློག་དམིགས་དངོས་ནི༔ རང་ཉིད་གཤིན་རྗེར་གསལ་བའི་ཐུགས་ཀའི་ས་བོན་དང་ཕྱག་གཡས་གཡོན་མཐིལ་བ་སྤུའི་བུ་ག་ཐམས་ཅད་ནས་རང་
འདྲ་བའི་ཁྲོ་ཆུང་བྱེ་བ་དུང་ཕྱུར་མཚོན་ཆ་སྣ་ཚོགས་ཐོགས་པ་འཕྲོས༔ བྱད་མ་ལྷ་སྲུང་དང་བཅས་པའི་གཡུལ་ངོ་ཕར་བཟློག་ནས༔ ཁྲོ་ཆུང་རྣམས་བྲག་རི་ཉིལ་བ་ལྟར་གནམ་ལྕགས་ཀྱི་ཐོག་རྒོད་ལྷུང་བ་ལྟ་བུས་བྱེད་མ་ལྷ་སྲུང་དང་བཅས་པ་མེ་ལྕེ་ཁའི་སྦྲང་བུ་ལྟ་བུའམ༔ བྱིའུ་ཁྲས་དེད་པ་ལྟར་མཐའི་རྒྱ་མཚོའི་ཕ་རོལ་དུ་བསྐད༔ བར་བར་དུ་རང་འདྲ་བའི་འཇམ་དཔལ་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པས་བར་མཚམས་མེད་པར་གཏམས་པར་བསྒོམ༔ ཡང་ཁྲོ་ཆུང་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཀྱི་སྒྲོགས་དང་༔་འཁྲུལ་འཁོར་ཐོག་སེར་དཔག་ཏུ་མེད་པ་དང་བཅས་ནས༔ བྱད་མ་ལྷ་སྲུང་དང་བཅས་པ་དེད་ནས༔ སྲུང་འཁོར་གྱི་ཕྱི་རོལ་དུ༔ དུག་རླངས་གནམ་ལྕགས་བསྐལ་པའི་མེ་དང་བཅས་པའི་སྟེང་དུ༔ རི་ཉིལ་བ་ལྟར་བཅར་བས༔ ཤ་ཁྲག་དམར་ཉིལ་གྱིས་སོང་བ༔ དུག་རྫས་ཀྱིས་དེད་པས་མྱོས༔ བསྐལ་པའི་མེས་གཞོབ་ཐུལ་གྱིས་བསྲེགས༔ ཐལ་བ་རླུང་ནག་འཚུབས་མས་བུན་གྱིས་གཏོར༔ རྣམ་ཤེས་འབྱུང་བ་བཞི་འདས་པའི་འོག་ཏུ༔ ནམ་མཁའི་དབུས་སུ་ལྟོས་མེད་དུ་འཕངས་བས་ཕྲུག་གིས་བསྲེས་ལ་ཁྲོ་ཆུང་རྣམས་ཚུར་འདུས་ནས༔
སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཁྲོ་བོས་ཞལ་ཕྱིར་གཟིགས་ནས༔ བར་མཚམས་མེད་པར་གཏམས་པར་བསྒོམ༔ དེས་ཀྱང་མི་ཟློག་པར་ཆོ་འཕྲུལ་ཆེ་ན༔ གོང་ལྟར་བསྒོམས་པའི་རྗེས་ལ༔ རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས༔ ལས་ཀྱི་གཤིན་རྗེ་རང་འདྲ་བ་དང་༔ ལས་གཤིན་དྲུག་པོས་མཚོན་ཆ་དྲུག་ཐོགས་པ་དཔག་ཏུ་མེད་པ་འཕྲོས༔ ཁོའི་གུར་ཁང་སྲ་མཁྲེགས་བརྟན་པའི་ནུས་པ་ཐམས་ཅད༔ རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ༔ རང་གི་གུར་ཁང་ལ་ཐིམ༔ ཁོའི་གུར་ཁང་བྱེ་མའི་ཁང་བུ་ལ་ཆུ་ཕོག་པ་བཞིན་དུ་ཞིག་པར་གྱུར༔ ཡང་བདག་གི་ཐུགས་ཀ་ནས་ཛདམར་རྣོ་ངར་དང་ལྡན་པ་ལྕགས་ཀྱུ་ལྟ་བུར་འཕྲོས༔ ཁོའི་སྣ་བུག་གཡོན་དུ་ཞུགས༔ སྲོག་རྩ་ནས་བརྒྱུད༔ ཁོའི་སྙིང་གི་དཀྱིལ་དུ༔ བླ་ཁྲག་གི་སྦལ་པ་བྱེའུ་ལེབ་མའི་མགོ་ཙམ་གྱི་ནང་དུ༔ སྲོག་གི་རྣམ་པར་ཤེས་པ་ཞྭ་དམར་ནག་གནས་པ་དེ་སྦལ་པའི་ལྟོ་བ་གཤག་ནས་ནི་མིག་ཏུ་ཛ༔ ལྕགས་ཀྱུས་བཟུང་ནས་བླངས་པས་འོ་མའི་སྤྲིས་མ་ཡར་བཀྱག་པ་བཞིན་དུ༔ ཁོའི་ནུས་པ་བཀྲག་མདངས༔ བླ་ཆེའི་དྭངས་མ་རྣམས་ནི་ལ་བསྡུས་ནས་བསྟིམ༔ རྩྭ་ལྗང་དམར་འདར་ལྡི་ལི་ལི་བྱེད་
པ་དེ་བླངས་ནས་ཁོའི་སྣ་བུག་གཡས་ནས་ཐོན༔ རང་གི་སྣ་བུག་གཡོན་དུ་ཞུགས་ནས༔ ས་བོན་ལ་ཐིམ་པས༔ རང་གི་ནུས་པའི་ཁ་ལ་ཁོའི་ནུས་པ་ཁན་ནས༔ རལ་གྲི་ལ་ངར་བླུད་པ་ལྟར་བཀྲག་གཟི་མདངས་ནུས་པ་དང་ལྡན་པར་གྱུར༔ ཁོའི་ལུས་ངག་ཡིད་གསུམ་གྱི་དཔལ་ཉམས་ཏེ༔ སྔོ་ལྗང་ལོ་སད་ཀྱིས་ཁྱེར་བ་བཞིན༔ ཉམས་ཐག་ཅིང་རེད་པ༔ བུ་ག་དགུ་ནས་ཁྲག་འབབ་པར་གྱུར༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ ལས་ཀྱི་གཤིན་རྗེའི་ཚོགས་དཔག་ཏུ་མེད་པར་གྱུར་ནས༔ ཁོའི་ལྷ་སྲུང་གི་ཚོགས་བསྡུས་ནས་ཁོའི་ལྷ་སྲུང་ཁོ་རང་གི་གཤེད་དུ་གྱུར་ནས༔ མཚོན་ཆའི་ཆར་ཕབ་ནས་རྡུལ་དུ་བརླག་པར་གྱུར༔ ཁྱད་པར་དུ་ཁོས༔ བསྐལ་པ་དཔག་ཏུ་མེད་པ་ནས༔ ད་ལྟའི་བར་བསགས་པའི་ལས་ངན་ཐམས་ཅད་ཀྱི་རྣམ་པར་སྨིན་པ་དུས་གཅིག་ལ་སྨིན་ནས༔ གཤིན་རྗེའི་ནུས་པ་དང་༔ འབྱུང་བ་ལྔའི་རང་བཞིན་འཁྲུགས་པའི་མཚོན་ཆ་རབ་ཏུ་རྣོ་བ་དཔག་ཏུ་མེད་པ་དུས་གཅིག་ལ་སྨིན་ནས༔ གཤིན་རྗེའི་ནུས་པ་དང་༔ འབྱུང་བ་ལྔའི་རང་བཞིན་འཁྲུགས་པའི་མཚོན་ཆ་རབ་ཏུ་རྣོ་བ་དཔག་ཏུ་མེད་པ་ཆུ་ཡི་རྦ་རླབས་ལྟར་འཁྲུགས་ནས༔ ཁྲག་དམར་ཆ་ལ་ལ་བྱེད་
ཅིང་༔ ཁོ་རང་ལྷ་སྲུང་དང་བཅས་པ་རྡུལ་དུ་བརླགས་པར་བསམས་ལ༔ བསྙེན་སྔགས་ལ་འདི་བཏགས་ལ་བཟླས༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ནི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཟློག་པ་བདུན་ནམ་ཉེར་གཅིག་སོགས་གང་ལྕོགས་བཟླ༔ བྱད་མ་མང་ན་རྒྱུན་དུ་བརྒྱ་རེ་བྱ༔ ཤིན་ཏུ་དོགས་ཟོན་ཆེ་ན་དུས་གསུམ་བརྒྱ་རེ་བྱ༔ དེ་བས་མང་མི་རུང་གསུངས་ཀྱང་༔ ཁ་ཆད་སྤངས་བའི་མཐུ་འདྲེན་ཡོད་ན་དུས་གསུམ་དུ་སྟོང་བཟླའོ༔ དེ་བས་མང་ནི་ངེས་པར་མི་རུང་ངོ་༔ དེ་ལྟར་རྟགས་མ་བྱུང་གི་བར་དུ་སྔགས་དང་དམིགས་པ་ལ་འབད་དོ༔ བཟློག་པའི་རྟགས་ནི་དམག་བཟློག་པ་དང་༔ འཇའ་འོད་མཐའ་ནས་བཟློག་པ༔ འཚུབ་མ་བཟློག་པ༔ གཅན་གཟན་སྣ་ཚོགས་ཀྱི་ཁ་བཅིངས་པ༔ ཐོག་འཕང་བ་གཡུལ་བཤིག་པ་དང་དམག་ཚོགས་བཅོམ་པ༔ རི་བསྙིལ་བ༔ བྲག་གཤིག་པ༔ ཆུ་བཟློག་པ༔ དགྲ་ལ་ཆས་པ༔ དམག་འགྱེད་པ༔ གཡུལ་ལས་རྒྱལ་བ༔ ཆུ་བོ་གྱེན་དུ་བཟློག་པ༔ རྦབ་ཆེན་གྱེན་དུ་བཟློག་པ༔ ཤིང་བཅད་ཅིང་༔ ཞིང་སྨོ༔ ལོ་
ཏོག་བརྔ་བ༔ ལིང་འདེབས་པ༔ འདབ་ཆགས་བསད་པ་ལ་སོགས་རྨིས་ལྟས་དང་༔ དངོས་སུ་དཔའ་སེམས་སྐྱེ་བ་སོགས་འབྱུང་ངོ་༔ རྒྱ་གཞུང་ལས༔ རྟགས་མཚན་དེ་དག་བྱུང་དུས་ན༔ དེ་དུས་ཕ་རོལ་བྱད་མ་ནི༔ རྔ་ཕུར་ཐོགས་པ་འབུམ་གྱིས་ཀྱང་༔ བྱད་དང་རིག་སྔགས་ཅི་བྱས་ཀྱང་༔ སྐད་ཅིག་ཉིད་ལ་འཇོམས་པར་འགྱུར༔ ཅེས་གསུངས་སོ༔ དེ་དག་གི་ཐུན་མཚམས་སུ༔ གཏོར་མ་འབུལ་ཞིང་༔ བསྟོད་བསྐུལ་བྱ༔ གཏོར་མ་དགྲ་ཕྱོགས་སུ་འབུལ༔ ཡང་ན་རྒྱུ་ལྡོག་ལེགས་པར་འགྲིགས་ཤིང་༔ ཐེབས་ཡོད་དུས་ན་དགྲ་ཕྱོགས་སུ་གཏོར་མ་འཕང་༔ སྔགས་དང་ཏིང་ངེ་འཛིན་གྱིས་བཟློག་པའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨྠྀི༔ དེ་ནས་རྡེབ་ཆོག་ནི༔ དགོང་མོའི་དུས་སུ༔ རང་ཉིད་ཁྲོ་ཆུ་ལུས་དཀྱིལ་དང་བཅས་པ་སྐད་ཅིག་ལ་གསལ་བའི༔ ཕྱག་མཐིལ་འཛམ་གླིང་ཁྱོན་ཙམ་པའི༔ གཡོན་གྱི་མཐིལ་དུ་མཚོན་ཆ་སྣ་ཚོགས་ཀྱི་ས་གཞི་བུ་ཡུག་ལྟར་འཚུབས་པའི་དཀྱིལ་དུ་རྗེ་དྲི་ཡོངས་སུ་གྱུར་པ་ལས༔ དམིགས་བྱ་འཁོར་བཅས་བསྐྱེད༔ ཁྲོ་ཆུང་གི་ཚོགས་དང་རླུང་ནག་འཚུབ་མས་རང་དབང་མེད་པར་བཀུག་ལ་གཉིས་མེད་དུ་བསྟིམ༔ ཕྱག་གཡས་པའི་དཀྱིལ་དུ་གནམ་
ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དང་༔ རྩེ་ཐམས་ཅད་ལས་ཀྱི་གཤིན་རྗེ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པའི༔ ལྟེ་བར་དཔོན་ལ་གསེར་གྱི་རྡོ་རྗེ༔ བཙན་པོ་ལ་ཕུར་པ༔ བྱད་མ་ལ་ཆུ་གྲི༔ བུད་མེད་ལ་སྤུ་གྲི༔ སྐྱེ་བོ་ལ་རལ་གྲི༔ ཕྱག་གཉིས་དྲག་ཏུ་བརྡབས་པས་སྲོག་སྙིང་ཐལ་བྱུང་དུ་ཕུག༔ སྲོག་རྩ་བཅད་ནས༔ མཚོན་ཆ་ལ་སོགས་ཁྲག་གིས་ངར་བླུད་པ་ལྟར་གྱུརཿ༔ ཤ་ཁྲག་དམར་ཉིལ་གྱིས་ཁྲག་སྐྱོ་ལྟ་བུར་གྱུར༔ ཁོའི་ཤ་ཁྲག་རྣམས༔ ཁོའི་ལྷ་སྲུང་རྣམས་གཤིན་རྗེའི་དམག་ཚོགས་སུ་གྱུར་ནས༔ ཤ་ཟོས། ཁྲག་འཐུང་༔ ཀླད་ཁྲག་གསོལ་བར་བསམ༔ ལྷག་རོལ་དང་༔ ཁོའི་སྟོབས་ནུས་ཐམས་ཅད་བསྐལ་པའི་མེས་གཞོབ་བུན་གྱིས་བསྲེག༔ བསྐལ་པའི་ཆུ་བོ་ཆེན་པོས་བསངས་ཤིང་བཀྲུས༔ བསྐལ་པའི་རླུང་གིས་རྗེས་ཤུལ་མེད་པར་གཏོར༔ རྣམ་ཤེས་ཡུམ་ཡིག་ཏུ་གྱུར་ནས༔ འོག་ཕྱོགས་ཀྱི་འཇིག་རྟེན་ཁམས་སུ་སངས་རྒྱས་པར་བསྒོམ༔ ཟློག་སྔགས་བརྒྱའམ་ཅི་ལྕོགས་བཟླས་ལ་ཐལ་མོ་ལན་དགུར་བརྡབ་བོ༔ རྡེབ་ཆོག་བྱད་མ་འབུམ་རྡུགས་སྤུ་གྲི་རེག་གཅོད་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ ཡང་ཉི་མ་མདུང་གང་ཙམ་དུས༔ ཁ་ནུབ་ཏུ་གྱུ་
ལ༔ རང་ཉིད་འཇམ་དཔལ་ལུས་ལྷ་དང་བཅས་པ༔ སྐད་ཅིག་ལ་གསལ་བཏབ༔ མདུན་དུ་བརྫུས་སྐྱེས་སུ་སྐད་ཅིག་གིས་གཤིན་རྗེ་ཡ་མ་རཱ་ཙ༔ དུག་གསུམ་ཁྲོས་པའི་ལྷ་དབུ་གསུམ་དབུས་ཆུ་སྲིན༔ གཡས་སེང་གེ༔ གཡོན་ཕག་ཞལ༔ ཡ་ཁ་གནམ་ལ་མ་ཁ་ས༔ ལྕེ་བར་སྣང་གློག་ལྟར་འཁྱུག་པ༔ མཆེ་བ་གངས་རི་གཙིགས་པ་འདྲ་ལ༔ འཇིགས་སུ་རུང་བ་ཞིག་བསྒོམས་ནས༔ བསྙེན་སྔགས་ལ་ཟློག་སྔགས་བཏགས༔ དེ་ལ་སྔགས་འདི་བཏགས༔ ཡ་མ་ས་ཡ་ཏི༔ དགྲ་བོ་བྱད་མའི་སྲོག་ལ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྒྱ་བས་མི་མང་བ་ཅི་ལྕོགས་ཤིག་བཟླ༔ ཕྱག་གཡས་ཉི་མ་གཡོན་ཟླ་བ་དེ་གཉིས་ཀྱི་བར་དུ་དགྲ་བོ་བྱེད་མ་སྒོ་ང་བྲག་ལ་བརྒྱབ་པ་བཞིན་ཤ་ཁྲག་དམར་ཚེལ་ཆལ་སོང་ཞིང་༔ ཤ་ཁྲག་དེ་དག་དམར་ཆིལ་གྱིས་གཤིན་རྗེ་ཡ་མ་རཱ་ཙའི་ཞལ་དུ་སོང་བས་ཁ་བཙུམས་ནས་ས་རིམ་པ་བདུན་གྱི་འོག་ཏུ་མར་སོང་བར་བསམ་ལ་ཐལ་མོ་བརྡབ་བོ༔ ཡ་མ་རཱ་ཙའི་ལག་རྡེབ་ས་མ་ཡ་ཁ་ཐཾ༔ ཨོཾ༔ ཡང་བགེགས་གདུག་པ་ཅན་དང་བྱེད་མ་བསད་ཅིང་གཅུན་པ་ནི༔ རང་ཉིད་ཁྲོ་ཆུ་བཟློག་པའི་སྐབས་ལྟ་བུ་ལ༔ ཞལ་གསུམ་ཕྱག་དྲུག་གམ་ཞལ་གཅིག་ཕྱག་གཉིས་པ་
དམྱལ་བ་ནས་སྲིད་པའི་རྩེ་མོར་ཁྱབ་ཅིང་ལྟོ་བ་ན་སྲིད་པ་གསུམ་གསལ་བ༔ དེའི་ཐུགས་ཀའི་ཧཱུཾ་དང་ཡ་ལས་ལྕགས་ཀྱི་སྡིག་པ་ནག་པོ་མང་པོ་འཕྲོས༔་དམིགས་བྱའི་སྙིང་གི་ནང་དུ་ཞུགས་ནས་ཤ་ཟོས་སྙིང་ཁྲག་འཇིབ༔ རྣམ་ཤེས་ནག་སྐམ་སྐམ་སོང་༔ སོར་མོའི་རྩེ་ནས་ཀྱང་སྡིག་པ་གྲངས་མེད་པ་འཕྲོས་པས་གནོད་བྱེད་བརྒྱལ་ནས་འདར་ལྡི་ལི་ལི་བྱེད་ཅིང་ལུས་ཐམས་ཅད་ཀྱི་ཤ་ཁྲག་ཧབ་ཧབ་ཟོས་པས་ཁས་བླངས་དམ་བཅས་སྲོག་སྙིང་ཕུལ་ཞིང་རང་ཉིད་ལ་སྐྱབས་ཞུས་པར་བསམ༔ ཤིན་ཏུ་ཐུལ་དཀའ་ན་གཡས་ཀྱི་སོར་མོ་ལྔ་ཁྲོ་བོ་མཐིང་ནག་མཚོན་ཆ་ཐོགས་པ་ལྔ༔ གཡོན་གྱི་སོར་མོ་ལྔ་ལྕགས་ཀྱི་སྡིག་པ་མེ་འབར་བ་ལྔར་བསྒོམ་ཐལ་མོ་བརྡབས་པས་དེ་གཉིས་ཀྱི་བར་དུ་བཅིར་ནས་འདར་ལྡི་ལི་ལི་བྱེད་ཅིང་ཁས་བླངས་སྲོག་སྙིང་ཕུལ༔ འདི་ཐུན་མཇུག་ཏུ་བྱའོ༔ འདི་ཤིན་ཏུ་ཟབ༔་ཨར་ལ་གཏད་པ༔ ཁྲོ་བོ་སྡིག་རྡེབ་ཅེས་བྱ་སྟེ༔ གདོན་ཐུལ་བ་ལ་འདི་ལས་ཟབ་པ་མེད༔ མྱོང་བས་ཀྱང་གྲུབ་བོ༔ སྔགས་ནི་བསད་ན་བསད་སྔགས་བཟླ༔ བཟློག་ན་ཟློག་སྔགས་བཟླ༔ བསྙེན་སྔགས་ཀྱི་མཇུག་ཏུ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀཱ་ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་
མ་དུ་རུ་ཙ་ཤ་ན་གནོད་བྱེད་ཆེ་གེ་མོའི་སྲོག་ལ་ནི་ཏྲི་ཏྲིག་ནན་ཨེ་ཧུར་ཐུ་ཛ༔ མཱ་ར་ཡ་རྦད༔ ཅེས་དམིགས་པས་དྲག་ཏུ་གཅུན་པས་ཐུལ་རྟགས་མྱུར་དུ་འོང་ངོ་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་སེར་བའི་གདོང་ཟློག་ནི༔ སེང་ལྡེང་སྐྱེར་པ་སོགས་དྲག་པོའི་ཤིང་ལ་རལ་གྲི་བྱས༔ དུག་ཁྲག་བྱུག་ཅིང་སྔོན་པོ་བྱུག༔ སྦལ་མགོར་ཧཱུཾ་མགོ་ཕྱིར་བསྟན་པ་དང་༔ སྙིང་རྩ་ནས་ཕྱིར་ལ་བསྙེན་སྔགས་ཀྱི་མཇུག་ལ་ཟློག་སྔགས་ལ་གནོད་བྱེད་སེར་བ་སེར་བྱེད་ཀྱི་མིང་བྲིས་པའི་ལིང་ག་རེ་བས་བཏུམ་ལ་རྡོག་ཞབས་སུ་དྲིལ་ཞིང་༔ རང་ཉིད་སྐད་ཅིག་གིས་ལུས་དཀྱིལ་དང་བཅས་པའི་ལྷར་བསྒོམ༔ ལྟོ་བ་ནས་ཁྲོ་ཆུང་སྤྲུལ་པ་གྲངས་མེད་འཕྲོ་བ༔ གཡས་གཤོག་རལ་གྲིའི་རྩེ་མོ་ལས་མེ་འབར་བ༔ གཡོན་གཤོག་ཆུ་གྲི་རྩེ་མོ་ལས་མཚོན་ཆ་ཁོལ་བ༔ ཆུ་སྲིན་གྱི་ཁ་ནས་གློག་དང་འབྲུག་སྒྲ་གྲག་པ༔ རང་གི་གཡས་སུ་ལྷ་སྲིན་སྡེ་བརྒྱད་ཀྱི་གདན་ལ༔ ཚེ་བདག་ནག་པོ་ཕྱག་གཡས་རལ་གྲིའི་རྩེ་ལ་མེ་འབར་བ༔ བཏབ་པ་ཙམ་གྱིས་གནོད་བྱེད་གཞོབ་ཏུ་རག་རག་བཏང་བ༔ གཡོན་དུ་སྡིགས་མཛུབ་ཀྱི་རྩེ་ན་རང་འདྲ་བའི་ཁྲོ་བོ་སྤྲོས་པས༔ གནོད་བྱེད་རྣམས་ཞབས་འོག་ཏུ་བཀུག་ནས་བྲོ་མཛད་པ༔ གཡོན་དུ་
དྲེགས་པ་ཕོ་མོའི་གདན་ལ་འཆི་བདག་ལྡང་ནག༔ གཡས་ཕུར་པའི་རྩེ་ནས་མཚོན་ཆ་སྤྲོས་པས་གནོད་བྱེད་རྣམས་བསད་བཅད་རྡུལ་དུ་བརླགས་པ༔ གཡོན་སྡིགས་མཛུབ་ཀྱི་རྩེ་ནས་རང་འདྲ་བ་མང་པོ་སྤྲོས་པས༔ གནོད་བྱེད་རྣམས་ཞབས་འོག་ཏུ་བཀུག་ནས་བརྡུང་བར་བསྒོམ༔ རང་གི་ཐུགས་ཀ་ནས་ཁྲོ་ཆུང་དང་གནམ་ལྕགས་ཀྱི་སྡིག་རྒོད་མེ་འབར་བའི་དམག་དཔུང་སྤྲོས་ནས༔ སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་ཐམས་ཅད་བཟློག་ནས༔ གཞན་དགྲ་བོའི་ཡུལ་དུ་ཟ་ལམ་སྟོན༔ ཕུས་གདབ༔ རལ་གྲི་གཡུག༔ ཡུངས་ཀར་དང་ཐལ་ཆེན་སྔགས་ལ་གཏོར་རོ༔ སྡིགས་མཛུབ་ཀྱིས་དགྲ་ལ་ཟ་ལམ་བསྟན་ཏོ༔ སེར་བ་གདོང་ནས་ཟློག་པར་ཐེ་ཚོམ་མེད་དོ༔ བསྙེན་སྔགས་མཇུག་ཏུ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་ཏྲི་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ཅེས་དྲག་ཏུ་བཟླའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ གཏོར་མ་དང་༔ ཙཀྲས་ཟློག་པ་ནི་ལོགས་སུ་གསལ་ལོ༔ ཞེས་བཟློག་པའི་མན་ངག་འཁྲུགས་དང་གབ་སྦས་བསལ་ནས་བཀོད་པའོ༔ འདི་ལ་ཉེས་མཆིས་འཇམ་
དབྱངས་ཉིད་ལ་བཤགས༔ དགེ་བས་བདུད་བཞིའི་གཡུལ་ངོ་བཟློག་ནས་ཀྱང་༔ འགྲོ་ཀུན་འཇམ་དཔལ་དབྱངས་ཉིད་འགྲུབ་པར་ཤོག༔ ཀྱེ་མ༔ དུས་ངན་དུས་འདིར་བདུད་ཚོགས་སྤྲིན་ལྟར་གཏིབས༔ ལུས་སྲོག་ཆོས་ཀྱི་བར་ཆད་ཆར་ལྟར་འབེབས༔ གསང་སྔགས་སྒོ་རུ་ཞུགས་པ་ཕལ་ཆེར་ཀྱང་༔ ཕྲག་དོག་ངན་སེམས་མ་རུངས་མེ་ལྟར་འབར༔ ངག་མནན་སེལ་དང་འགོང་ཆོག་རྫས་ངན་གྱིས༔ བྱང་ཆུབ་བསྒྲུབ་ཏུ་མི་སྟེར་ལུས་སྲོག་འཕྲོག༔ དེ་འདྲའི་དུས་ན་གནམ་ལྕགས་འབར་བའི་མཚོན༔ འདི་ཉིད་ཡིན་ནོ་རིན་ཐང་གསེར་བས་དཀོན༔ སྲོག་དང་འདྲ་བས་གཞན་ལ་མ་སྤེལ་ཅིག༔ འོན་ཀྱང་བསྟན་དགྲས་མཐོང་ན་བསྟན་ལ་གནོད༔ དེ་ཕྱིར་ཙིའི་དཀྱིལ་དུ་ཨ་ཐོ་རྒྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ཞེས་པ་སྔགས་ནག༔ ༧ ཀརྨ་རཱ་གས་སོ༔ ༈ འདིར་བསད་པའི་དམིགས་པ་གུད་དུ་སྦས་པ་ནི༔ སྔགས་པ་ཁོ་ཡི་སྙིང་དེ་སྦལ་པ་དམར་པོས་ཟོས་པར་བསམ༔ བོན་པོ་ལ་ཁོའི་སྙིང་དེ་དུག་གི་ཕག་རྒོད་ཀྱིས་ཟོས་པར་བསམ༔ བཙན་པོ་ལ་ཁོའི་སྙིང་དེ་དུག་སྦྲུལ་ནག་པོས་ཟོས་པར་བསམ༔ བན་དེ་ལ་ཁོའི་སྙིང་དེ་ལྕགས་ཀྱི་སྡིག་པས་ཟོས་པར་བསམ༔ སྐྱེས་
པ་དང་བུད་མེད་ལ་ཁོའི་སྙིང་དེ་སྤྲུལ་པ་ནག་པོ་དང་དམར་པོས་ཟོས་པར་བསྒོམ་པ་སོགས༔ སོ་སོའི་སྔགས་བཟླ་ཚེ་གསེབ་དམིགས་སུ་ཤེས་པར་བྱའོ༔ ༈ ཀུན་ལ་བསྙེན་སྔགས་ལ་བཏགས་ན། རྒྱུད་འཇམ། ལས་སྔགས་ལ་བཏགས་པ་ནི། འཕྲལ་རྣོ་ཤིང་ཟབ་པ་ལ། དེ་གཉིས་ཀ་སྦྲག་པ་ནི་མཆོག་ཏུ་ལེགས་སོ། །མར་མེ་ཁྲག་གསོད་ནི། །ཤོག་གཙང་ལ་ལིངྒ་བྲི། རོ་ཤིང་སྐྱེར་པ་གང་རུང་ལ་ལིངྒ་ཕྱི་བསྟན། གཞོག་གཡོན་ནས་མགོ་ཐུར་བསྟན་ལ་དཀྲི་དེའི་ཕྱི་ནས་རོ་རས་ཀྱིས་དཀྲི། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ཁྲོ་ཆུའི་ཐུན་གཏོར་ཞལ་ཤེས་གབ་སྦས་ཀྱི་ཟིན་བྲིས།
ཁྲོ་ཆུའི་ཐུན་གཏོར་ཞལ་ཤེས་གབ་སྦས་ཀྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་ལགས་སོ། །གཞན་ལ་ཤིན་ཏུ་གསང་རྒྱའོ།།
ན་མོ་གུ་རུ་ཡི་མཱནྟ་ཀ་ཀྲོ་ཏ་ཡེ། རིགས་གསུམ་འདུས་པའི་ཁྲོ་བོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །སུམ་ལྡན་བླ་མས་བཀས་བསྐུལ་ཕྱིར། །ཞལ་ཤེས་སྙན་བརྒྱུད་རྣམ་གསུམ་བཀོད། །གནམ་ལྕགས་གོ་མཚོན་ཡིག་ཆུང་ལས། །ཐུན་གཏོར་འདི་ལ་ཟབ་ཁྱད་ཀྱི། །ཞལ་ཤེས་གསུམ་ཡོད་ཐུགས་ལ་གབ། །གསུངས་པའི་དོན་ནི་འདི་ལྟ་སྟེ། ་།ཐུན་མཚམས་སམ་ནི་རྒྱུན་ཁྱེར་ལ། །དམར་གཏོར་གཅིག་བཤམ་ཆུས་བྲན་ལ། །གཏོར་སྣོད་ལྕགས་སྲེག་ཧོམ་ཁུང་བསམ། །གཏོར་མ་དགྲ་བོ་དངོས་སུ་བསམ། །སྤྲུལ་པའི་ཕོ་ཉ་དཔག་མེད་ཀྱིས། །བྱིའུ་ཁྲ་ཡིས་
གཅུམ་པའམ། །རྔོན་པས་རི་དྭགས་དེད་པ་ལྟར། །བཀུག་ནས་གཏོར་མ་ཉིད་ལ་བསྟིམ། །གཞུང་ལྟར་བདེན་བདར་ལན་གསུམ་རྗེས། །རྩ་སྔགས་ཤམ་བུ་དུ་ཏྲི་སོགས། །བླ་འགུགས་བདུན་ནམ་ཉེར་གཅིག་བརྗོད། །གཏོར་མ་དགྲ་བོར་གསལ་བ་ཡི། །སྙིང་དཀྱིལ་ཁོ་རང་ཐོག་མེད་ནས། །བསགས་པའི་ལས་ངན་སྡིག་སྒྲིབ་དེ། །གནམ་ལྕགས་འཁོར་ལོ་རྩིབས་དྲུག་པ། །དང་པོ་ཆུང་ངུ་གཅིག་ཡོད་པས། །ལས་ངན་རླུང་གིས་གཡོན་དུ་འཁོར། །ཤུགས་དྲག་མྱུར་འཁོར་ཇེ་ཆེར་སོང་། །རྣ་ཡིག་ཚེ་སྲོག་དོན་སྙིང་དང་། །ཤ་ཁྲག་ཐམས་ཅད་དམར་ཉིལ་གཏུབ། །
དེ་ནས་འཁོར་ལོ་མི་དམིགས་གྱུར། །ཁོ་ཡི་ཚེ་བསོད་ནུས་མཐུ་རྣམས། །ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་གི །རྣམ་པར་རང་གི་གནས་གསུམ་ཐིམ། །བཀྲག་མདངས་གཟི་བརྗིད་སྔར་ལས་རྒྱས། །རྣམ་ཤེས་ངོ་བོ་ཨ་དཀར་པོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་སུ། །རྒྱལ་བ་གཅིག་གི་ཐུགས་ཀར་ཐིམ། །ཆོས་སྐུ་སྐྱེ་མེད་ཐོབ་པར་དམིགས། །ཁོ་ཡི་ཤ་ཁྲག་བླ་ཚེ་སྲོག །གཏོར་སྣོད་བྷན་ལྕང་ལོ་ཅན། །གྲུ་གསུམ་ཡངས་ཤིང་རྒྱ་ཆེའི་ནང་། །སྦེ་སྣུམ་རོ་བཅུད་ལྡན་པ་ཡིས། །དམར་དང་མེ་རེ་གང་བར་བསྒོམ། །ཤ་ཁྲག་བདུད་རྩིར་མི་བསྒྱུར་བར་། །དེ་དག་བསྔོ་བ་རྣོ་བའི་གནད། །།གནམ་ལྕགས་འཁོར་ལོ་འཁོར་བའི་ཚེ། །རྩ་སྔགས་ལ་ནི་བསད་སྔགས་བཏགས། །བདུན་ནམ་ཉེར་གཅིག་བརྒྱ་ལ་སོགས། །མང་ཉུང་དོ་གལ་ཆེ་ཆུང་བསྟུན། །གཤིན་རྗེའི་ཤ་ཁྲག་ཟོས་བསྒོམ་ཚེ། །རྩ་སྔགས་བ་ལཾ་ཁཱ་ཧི་སོགས། །གནོད་བྱེད་བྱེད་མ་ཞེས་པ་རྣམས། །གང་ཡིན་ཆེ་གེའི་མིང་འཇུག་བྱ། །ཁྱད་ཟློག་རང་སྲུང་གཙོར་བཏོན་ན། ༈ །ཨེ་དྲག་པོ་ཆོས་དབྱིངས་གཤིན་རྗེ་སོགས། །གཞུང་གི་ཟློག་ཐུང་དེ་ཉིད་འདོན། །བསད་པ་ཁོ་ན་ཡིན་ན་ཡང་། །ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་
སོགས་། །ཁྲོ་ཆུའི་བསྐུལ་པ་ཆེན་པོ་འདོན། །དེ་ནས་རོལ་མོ་དང་བཅས་པས། །བསད་བཟློག་གང་ཡིན་སྔགས་གཅིག་བརྗོད། །གཏོར་མ་མཆོད་གཡོག་བཀྱག་གམ་ལག་ཏུ་ཐོགས། །ཕྱོག་གཙང་དགྲ་ཕྱོགས་འགྲིགས་ན་ཟོར་དུ་འཕང་། །ཕྱོགས་མ་འགྲིགས་ན་དགྲ་ཕྱོགས་འབུལ་དུ་བཅུག །དམིགས་པ་གཤིན་རྗེས་ཟོས་ལྷག་གཏོར་མ་དེ། །རང་གི་ཐུགས་ཀའི་འོད་ཟེར་དང་། །མཁའ་འགྲོ་རྣམས་དང་སྣང་སྲིད་ལྷ་འདྲེ་དང་། །བདུད་དང་སྡེ་བརྒྱད་ཀུན་གྱིས་བཅུད་བསྡུས་ནས། །ངོ་བོ་འཇིག་རྟེན་དུག་རྫས་སྣ་ཚོགས་ལ། །རྣམ་པ་གནམ་ལྕགས་ཁྲོ་ཆུ་ཁོལ་མ་ལས། །གྲུབ་པའི་རི་བོ་ཟུར་གསུམ་རྣོ་ངར་ཅན། །མདའ་མདུང་རལ་གྲི་སྤུ་གྲི་ཆུ་གྲི་སོགས། །རྣོ་དབལ་མཚོན་ཆའི་ཚོགས་ནི་རྩི་ཤིང་ལྟར། །གདུག་པའི་མེ་དཔུང་དམར་ནག་འབར་ཞིང་འཁྲུག །དུག་ཆེན་ཧ་ལའི་རླངས་པ་སྔོ་དམར་འཕྱུར། །དགྲ་བོ་གར་གནས་འོག་གཞི་འབྱུང་རིམ་བརྩེགས། །ཁོ་ཡི་སྦྲ་ཁང་གྲུ་གསུམ་ཧོམ་ཁུང་བསམ། །ཁོ་ཉིད་གན་རྐྱལ་སྙིང་དཀྱིལ་ནི་ཡིག་མཚན། །རང་ཉིད་ཁྲོ་ཆུར་གསལ་བའི་ཕྱག་གཡས་ཀྱིས། །ནམ་མཁའི་དབྱིངས་སུ་ཕྱུར་བའི་དགྲ་བོ་ལ། །བརྒྱབས་པས་གཏོར་
རྩེ་ཕུར་པའི་རྩེ་འདྲ་བ། །སྲོག་ཡིག་ཚྭ་ལ་བརྒྱབས་པས་སྲོག་རྩ་བཅད། །དཔེར་ན་ནམ་མཁའི་དབྱིངས་ནས་ཐོག་བརྒྱབ་ལྟར། །འོག་གཞི་འབྱུང་བ་བཞི་ཡི་རིམ་སོང་ཕུག །དགྲ་ལུས་ས་དང་བསྲེས་ཏེ་རྣམ་ཤེས་ཕྲལ། །འོག་གཞི་རྒྱ་མཚོ་དང་བསྲེས་ཚེ་བསོད་བཀྲུས། །དེ་འོག་མེ་ཡི་དཀྱིལ་འཁོར་དང་བསྲེས་ནས། །སྟོབས་ནུས་ཁོ་ཡི་ཕུང་པོ་དང་བཅས་པ། །གཞོབ་བུན་ཐུལ་གྱིས་བསྲེགས་ནས་ཐལ་བ་དེ། །འོག་གཞི་རླུང་གི་དཀྱིལ་འཁོར་དང་བསྲེས་པས། །ཐལ་བ་གཏོར་ནས་རྗེས་མེད་བརླག་པར་བསམ། །ཀུན་གཞིའི་རྣམ་ཤེས་ནམ་མཁའ་དང་བསྲེས་པས། །འཁྲུལ་སྣང་འགགས་ནས་ཆོས་ཉིད་ཀློང་དུ་ཐིམ། །དེ་རྗེས་རྩ་སྔགས་མཇུག་ཏུ་ཟློག་བསད་སྔགས། །ཟློག་བསད་གང་ཡིན་སྐབས་འཇུག་སྔགས་བཟླའོ། །རྩ་སྔགས་མཇུག་ཏུ་ཟློག་བསད་སྔགས་གཉིས་པོ། །ཟློག་སྔགས་མཇུག་ཏུ་ཐལ་མོ་བརྡབས་པ་ཡིས། །དེ་ནས་ཐལ་མོ་བརྡབ་པའི་དམིགས་པ་ནི། །རང་ཉིད་ཁྲོ་ཆུ་རྩ་ཕྱག་གཡས་པ་ཡིས་། །ཕྱག་མཐིལ་འཛམ་གླིང་ཁྱོན་ཙམ་རྒྱ་ཆེ་བ། །སྲ་མཁྲེགས་རྡོ་རྗེ་ཕ་ལམ་རྒྱུ་ལས་གྲུབ། །གཡོན་གྱི་མཐིལ་དུ་མཚོན་ཆའི་ས་གཞིའི་དབུས། །ནྲྀ་ཏྲི་ལས་བྱུང་གནོད་བྱེད་གང་
ཡིན་གསལ། །སྤྲུལ་པ་ཁྲོ་ཆུང་རླུང་ནག་འཚུབ་མའི་ཚོགས། །སྤྲོས་པས་བཀུག་ལ་ཕྱག་གཡོན་གཟུགས་ལ་བསྟིམ། །ཕྱག་གཡས་མཐིལ་གྱིས་གནམ་ལྕགས་འཁོར་ལོ་ནི། །རྩིབས་བརྒྱད་ལྡན་ཐབས་གནས་པའི་རྩིབས་རྩེར་ནི། །གཤིན་རྗེ་མཚོན་ཐོགས་མང་པོ་སྐར་ལྟར་འཕྲོ། །འཁོར་ལོའི་ལྟེ་བར་ཆུ་གྲི་རབ་རྣོ་བར། །རྩ་བ་སྲ་མཁྲེགས་རྩེ་མོ་རབ་ཏུ་རྣོ། །ཕྱག་གཉིས་དྲག་ཏུ་བརྡབས་པས་ཆུ་གྲི་དེ། །དམིགས་བྱའི་སྙིང་ཁར་བརྒྱབས་པས་སྲོག་རྩ་བཅད། །ཤ་ཁྲག་དམར་ཉིལ་ཁྲག་སྐྱོ་ལྟར་དཀྲུགས་ནས། །ཁོ་ཡི་ལྷ་སྲུང་གཤིན་རྗེའི་ཚོགས་སུ་གྱུར། །ཤ་ཁྲག་དབང་པོ་དོན་སྙིང་ཧབ་ཐོབ་ཟོས། །ལྷག་རོལ་ཐམས་ཅད་བསྐལ་པའི་མེ་འབར་བསྲེགས། །དེ་ནས་འཁོར་ལོ་བསྐལ་པའི་ཆུ་བྱུང་བཀྲུས། །དེ་རྗེས་འཁོར་ལོ་བསྐལ་པའི་རླུང་བྱུང་གཏོར། །རྣམ་ཤེས་ཚུ་ཡིག་གྱུར་པའི་འོག་ཕྱོགས་ཀྱི། །འཇིག་རྟེན་ཁམས་སུ་རྒྱལ་བའི་ཐུགས་ཀར་ཐིམ། །ཐལ་རྡེབ་རེ་དང་ཟློག་བསད་སྔགས་རེ་སྤྱད་། །ཐལ་མོ་དགུ་བརྡབ་བྱད་མ་འབུམ་རྡུགས་ཡིན། །བསད་པ་ཡིན་ན་བསད་སྔགས་རེ་དང་སྤྱད། །དེ་ལྟར་ལྟེ་བར་ཆུ་གྲི་བསྒོམ་པ་དེ། །སྔགས་པ་དང་ནི་བོན་པོ་ལ་ཡིན་
གྱི། །བེན་དེ་ཡིན་ན་གསེར་གྱི་རྡོ་རྗེ་ནི། །ར་དགུ་ལྡིང་ཞིང་རྣོ་ངར་ལྡན་པའོ། །བཙན་པོ་ལ་ནི་གནམ་ལྕགས་རྡོ་རྗེ་ནི། །ཕུར་པ་རྣོ་ངར་ཚྭ་ཚྭ་འཕྲོ་བར་བསྒོམ། །བུད་མེད་ལ་ནི་སྤུ་གྲི་འབར་བར་བསམ། །དེ་བཞིན་སྐྱེས་པར་རལ་གྲི་རྣོ་ངར་ཅན། །དེ་དག་ཀུན་ཀྱང་རྩ་བ་རབ་ཏུ་བརྟན། །རྩེ་མོ་སྤུ་གྲི་བསམ་ཆོད་འབར་བ་བསྒོམ། །བསྙེན་པ་ལ་སོགས་གོང་ལྟར་མཚུངས་པ་ཡིན། །བྱེ་མ་འབུམ་རྡུགས་སྤུ་གྲི་རེག་གཅོད་ཡིན། །སྔགས་ཀྱིས་བསྒྱུར་ཁས་ཟློག་པ་གང་འདོད་འགྲུབ། །འདི་ཉིད་བྲིས་པས་བརྩེ་བྲལ་བསྟན་བཅོས་ཀྱི། །ཉེས་པ་གང་མཆིས་ཡི་དམ་ལྷ་ལ་བཤགས། །དགེ་བས་དཀོན་མཆོག་དབུ་འཕང་མཐོ་གྱུར་ཅིག །འདི་དག་གསལ་བར་བཀོད་པ་མི་འོས་ཏེ། །དཀོན་མཆོག་ཀུན་འདུས་བླ་མའི་བཀས་བསྐུལ་ཕྱིར། །སྙིགས་དུས་སྔགས་ནག་རཱ་ག་ཨ་སྱས་སྨྲས། །གསང་རྒྱ། སྦས་རྒྱ། གཞན་ལ་མ་སྤེལ་རང་སྲོག་བཙའ་བར་གྱིས། །སྔགས་པ་དམ་མེད་ལག་ཏུ་སོང་གྱུར་ན། །ལུས་སེམས་ཕྱེ་མར་བརླག་པའི་བཀའ་རྒྱ་ཡོད། །སྤྱི། །
ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ།
ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
ལོ་ཀི་ཤྭ་ར་ཡ། ན་མོ་མཉྫ་ཤི་ཡ། བཅོམ་ལྡན་འཇམ་དཔལ་དབྱངས་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་སྒྲུབ་པའི་ཐབས་གདུག་པ་ཀུན་སྒྲོལ་གྱི་དོན་གསལ་བར་བྱེད་པ་ལས་རབ་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྩ་བ་འཁོར་བར་ངེས་འབྱུང་དང་། །ཐར་པ་དོན་གཉེར་ལས་འབྲས་ཡིད་ཆེས་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་དང་། །རྒྱུད་ལ་གང་སྐྱེས་གཤིན་རྗེ་ཉིད་དེ་རྒྱལ་། །བླ་མ་གཙུག་ཏུ་ཁུར་ཞིང་ལེགས་པར་མཆོད། །དྲི་མེད་དབང་མནོས་དམ་ཚིག་སྲོག་ལྟར་བསྲུང་། །གཡོ་མེད་སེམས་ཀྱི་བསྙེན་སྒྲུབ་མཐར་
ཕྱིན་པ། །བསྟན་པའི་སྲོག་ཤིང་བསྟན་སྲུང་གཤིན་རྗེའི་རྒྱལ། །བདག་དང་ཆོས་ལ་བརྟག་ཅིང་དཔྱད་པའི་ཚེ། །བསྐྱེད་བྱ་སྐྱེད་བྱེད་དོན་ལ་གཏན་མ་གྲུབ། །ཐ་སྙད་སྒྱུ་མའི་རོལ་པ་དཔག་ཏུ་མེད། །སྣང་སྟོང་འཇོག་ཚེ་ཤེས་པ་གཤིན་རྗེའི་རྒྱལ། །ཞི་གནས་མེད་ན་ལྷག་མཐོང་མི་རྟོགས་ཤིང་། །ལྷག་མཐོང་མེད་ན་ཉོན་མོངས་མི་སྤོང་ངོ་། །ཟུང་དུ་འཇུག་ཕྱིར་ཐོག་མར་ལོག་པ་ཡི། །གཡེང་བ་ཞི་བྱེད་གཤིན་རྗེའི་གཤེད་པོའི་རྒྱལ། །དེས་ན་སོ་སོར་རྟོགསཔས་རབ་བརྟགས་པས། །བདག་མེད་གཉིས་ཀྱི་རྣམ་པར་བཤད་པ་ན། །དྲན་པ་རྒྱང་སོ་ཟུང་འབྲེལ་ལེགས་གོམས་
པས། །མཉམ་བཞག་མི་རྟོག་ཡེ་ཤེས་གཤིན་རྗེའི་རྒྱལ། །རྗེས་ཐོབ་དུས་ཀྱང་ལྟ་བ་དེས་དྲངས་པའི། །བློ་ཡི་རྒྱུན་གྱི་ཕྱི་ནང་དངོས་པོ་ཀུན། །ཆུ་ཟླ་ལྟར་དུ་རང་བཞིན་མེད་ཤེས་པའི། །དག་པའི་འཇིག་རྟེན་ཡེ་ཤེས་གཤིན་རྗེ་རྒྱལ། །མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་པ་ལ། །རྗེས་ཐོབ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ཞིག །བམ་་་་་་སྲིད་དབྱེར་མེད་རོ་གཅིག་པས། །མཐར་ཐུག་རྒྱལ་བའི་དགོངས་པ་གཤིན་རྗེའི་རྒྱལ། །མདོར་ན་གང་ཤར་སྣང་བོ་ཐམས་ཅད་ཀུན། །ཐད་ཀ་ཐད་ཀར་གཅོད་པའི་རྣལ་འབྱོར་པས། །འཕྲད་ལེགས་རང་གྲོལ་ཤེས་པ་ལེགས་པར་སྐྱོངས། །བཅིང་གྲོལ་རེ་དོགས་བྲལ་བ་གཤིན་རྗེའི་རྒྱལ། །ཉོན་མོངས་སྡུག་བསྔལ་བྱད་གདོན་བར་ཆད་རྣམས། །རྣམ་པར་གྲོལ་བ་རྒྱལ་བ་ལས་ལྷག་གསུངས་། །སེམས་དང་བདུད་གཉིས་དབྱེར་མེད་རོ་གཅིག་པས། །ལམ་གྱི་གྲོགས་དང་སོ་སོར་ཤེས་པ་རྒྱལ། །འོན་ཀྱང་དེ་ཡི་ནང་ནས་རྒྱལ་བ་ཡི། །སྔགས་ཀྱི་ཁྱད་ཆོས་ཐབས་ལམ་བོགས་འདོན་ལོ། །བསམ་གྱིས་མི་ཁྱབ་སྐབས་འདིར་སྤྱི་དགོས་ཀྱི། །རུ་ཏྲ་འཇོམས་པའི་རྒྱལ་པོ་གཤིན་རྗེ་ཡི། །གདམས་པ་དུ་མ་འཐོར་འདི་བསྟན་པ་དང་། །སེམས་ཅན་
དོན་དུ་རྣམ་གྲངས་གོ་རིམ་རྣམས། །བླ་མའི་དྲིན་གྱིས་རྩ་བ་ཐོ་རུ་བསྡེབས། །དམ་ཅན་རྒྱ་མཚོས་བཟོད་གསོལ་གནང་བར་མཛོད། །དེ་ཡང་འཇམ་དཔལ་གཤིན་རྗེའི་བཤད་པ་འཐོར་བུ་རྣམས་རྩ་བ་ཐོ་རུ་བསྡེབས་པ་ལས་རབ་རྒྱ་མཚོ་ཞེས་བྱ་བ་འདི་ལ་དོན་རྣམ་པ་གསུམ་སྟེ། གདམས་པ་གང་ནས་བྱུང་བའི་ལོ་རྒྱུས་བསྟན་པ་དང་། །དེ་ལྟ་བུའི་གདམས་པ་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བསྟན་པ་དང་། ཡོན་ཏན་གྱི་གདམས་པ་འདི་ཇི་ལྟར་ལེན་པའི་ཚུལ་བསྟན་པའོ། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མདོ་རུ་བསྡུ་ན་ཐེག་པ་རིམ་པ་དགུར་འདུས་སོ། ༈ །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། ཐེག་པ་ཐུན་མོང་བ་གསུམ། ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པ་ལ། ཀྲི་ཡ། ཨུ་པ། ཡོ་ག་སྟེ། རྒྱུད་སྡེ་འོག་མ་གསུམ། བླ་མེད་ལ་བསྐྱེད་པ་མ་ཧཱ་ཡོ་ག་ལུང་ཨ་ནུ་ཡོ་ག༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། ཐེག་པ་རིམ་པ་དགུ་ཞེས་གསུངས། ༈ དམ་པ་ལས། ཐེག་པ་གོང་གི་དབང་དུ་ཡིན་པས། དགུ་ཞེས་པ་མི་རིགས་པར་གསུང་
འདུག་ཀྱང་། ཐེག་པ་དགུ་ཞེས་པ་འདི་ནི། ཐེག་ཆེན་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་སུ་ཕྱེ་ན། རྒྱུད་སྡེའི་རིགས་ལ་ཐ་སྙད་བཏགས་པ་ཡིན་པས། དོན་ལ་ཐེག་པ་ཆེ་འབྲིང་ཆུང་གསུམ་ལས་མི་གདའ་ཞིང་། འགལ་བ་མེད་པའི་རྒྱུད་ལུང་རིགས་དང་བཅས་པ། རྗེ་བཙུན་དམ་པ་ཨུ་རྒྱན་གཉིས་པས་གསུངས་སོ།། ༈ དེ་ཡང་བཤད་བྱའི་ཆོས་གཤིན་རྗེའི་གདམས་པ་འདི་ནི་ཤེས་པ་རྣམ་པ་བཅུའི་སྒོ་ནས་འཆད་པ་ལ། དང་པོ་ཁུངས་ཤེས་པ་ནི། གདམས་པ་འདི་ནི་བསྐྱེདཔ་མ་ཧཱ་ཡོ་གར་གཏོགས་ཤིང་། རྒྱུད་ནི་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ནས་བཏུས་སོ། །དེ་ཡང་མུ་སྟེགས་ཐམས་ཅད་ཕྲིན་ལས་བཞིའི་སྒོ་ནས་འདུལ་བའི་ཆེད་གཙོ་བོར་རྟོན་པ་མུ་སྟེགས་ཟླ་གསང་ནག་པོ་ཞེས་ཀྱང་ཟེར་རོ།། གཉིས་པ་རིགས་ཞེས་པ་ནི་འཇམ་དཔལ་རིགས་ཡིན་ནོ།། གསུམ་པ་མཚན་ཞེས་པ་ནི་གཤིན་རྗེ་སྐུ་ཡི་རིགས། འཆི་བདག་གསུང་གི་རིགས། ཚེ་བདག་ཐུགས་ཀྱི་རིགས། སྲོག་བདག་གཤིན་རྗེ་རིགས་སུ་འདུས་པའི་བདག་ཉིད་ཡིན་པས། མཚན་ཡང་གཤིན་རྗེ་ཁྲོ་ཆུ་དུག་གདོང་ཞེས་གསོལ། གཞན་ཡང་མུ་སྟེགས་སྲོག་གི་སྤུ་གྲི་ནག་པོ་བྱད་མ་འབུམ་གྱི་སྲོག་གཅོད།
ལས་ཀྱི་མཐའ་སྡུད་སྤྱི་གཤེད་ནག་པོ། ཞེས་མཚན་གྱི་རྣམ་གྲངས་མང་དུ་སྣང་ངོ་། །བཞི་པ་འཁོར་ཞེས་པ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཤིན་རྗེ་ཐམས་ཅད་གཉིས་མེད་ཀྱི་སྤྲུལ་པ་སོགས་གཤིན་རྗེ་ཐམས་ཅད་རྩ་བའི་འཁོར། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་དྲེགས་པའི་ཕྱི་ཐམས་ཅད་འཁོར་གྱི་ཚུལ་དུ་བཀའ་ཉན་གསུང་སྡོད་ཕྲིན་ལས་སྒྲུབ་པར་བྱེད་པ་ནི་འདི་ཡི་དམ་ཚིག་དང་ལས་ཀྱི་ཆེ་བ་ཡིན་ནོ།། ལྔ་པ་ལས་ཞེས་པ་ནི་བན་བོན་མུ་སྟེགས་ཕྱི་ནང་གསང་གསུམ་གྱི་བྱད་མ་འབུམ་ཡིན་ཀྱང་། སྐད་ཅིག་ཙམ་ཡང་བརླགས་པར། སངས་རྒྱས་སྟོང་རྩ་གཉིས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ་བ་ཡིན་ནོ།། དྲུག་པ་བསྐུལ་ཞེས་པ་ནི་དུས་རྒྱུན་དུ་དམ་རྫས་འཚོགས་པ་དང་འཕྲིན་ལས་གནད་ཀྱི་བསྐུལ་པ་བྱས་པས། ཁོ་རང་གི་སྔོན་གྱི་སྨོན་ལམ་གྱི་དབང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་འདྲེ་ཐམས་ཅད་སྔོན་གྱི་དམ་ཚིག་གཉན་པོ་དྲན་ནས། རང་དབང་མེད་པར་འདུས་ནས་ལས་བྱེད་པ་ཡིན་ནོ།། བདུན་པ་མཛད་པ་ཞེས་པ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨུ་རྒྱན་གྱི་རྒྱལ་པོ་
པདྨ་འབྱུང་གནས། གུ་རུ་ཁྲག་འཐུང་ནག་པོ་རྣམས་ཀྱི་རྒྱུད་བཤད་པའི་ཚུལ་གྱིས་བལ་པོ་བཱ་སུ་དྷ་ར་ལ་གནང་ངོ་། །སློབ་དཔོན་ཆེན་པོ་དེས་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ནས་ཕྱུངས་ཏེ་ལྕགས་ཀྱི་པར་བུ་ནག་པོར་བཅུག་སྟེ་རྒྱ་རིམ་པ་བདུན་གྱིས་བཏབ་སྟེ་བལ་ཡུལ་བུམ་ཐང་དུ་གཏེར་དུ་སྦས་སོ། །ལ་ལར་ཀ་ཞུ་དམར་པོར་སྦས་ཟེར་བ་སྣང་ཞིང་། ལ་ལར་བསེ་སྒྲོམ་སྨུག་པོར་བཅུག་ཟེར་བ་སྣང་ངོ་། །མུ་སྟེགས་སྟོན་པ་བདག་ཉིད་ཀྱི། །ལས་ཀྱི་གཤིན་རྗེའི་ངན་སྔགས་འདི། །གཤིན་རྗེ་ནག་པོའི་རྒྱུད་ནས་བཏུས། །ལྕགས་ཀྱི་པར་བུར་བཅུག་ནས་ནི། །བལ་ཡུལ་བུམ་ཐང་གཏེར་དུ་སྦས། །ཕྱི་རབས་དུས་ཀྱི་ཐ་མ་ལ། །ལས་ཅན་གཅིག་དང་འཕྲད་པར་ཤོག །ལས་ཅན་གཅིག་གིས་ཐོན་ནས་ཀྱང་། །གདུག་པའི་དགྲ་བགེགས་སྒྲོལ་བར་ཤོག །ཅེས་གསུངས་སོ། །དེ་ལྟར་གཞུང་ཡིག་རྣམས་བལ་ཡུལ་གྱི་གཏེར་མ་ཡིན་ཀྱང་། དེ་ལས་གཞན་པའི་ཤོག་དྲིལ་མོན་བུམ་ཐང་གི་ཀ་ཞུར་བསེ་སྒྲོམ་དུ་བཅུག་ནས་སྦས་པ་ཡིན་ཅིང་གྲགས་པས། ཆོས་རྒྱུས་མེད་པ་ལ་ལ་དག་གིས་ཤོག་དྲིལ་རྣམས་ཚེ་བདག་སོགས་ཀྱི་ཡིན་པས་མ་དག་པར་སྨྲ་འདུག་སྟེ། འོ་ན་འདི་ཡི་གཞུང་རྣམས་ཀྱང་དེ་
དག་ལས་བྱུང་བས་མ་དག་པར་འདོད་དགོས་ཏེ་མི་ནུས་སོ། །དེས་ན་སྙིང་འབྱིན་སོགས་ཀྱི་ཤོག་དྲིལ་རྣམས་ཐུན་མོང་མ་ཡིན་པས་ཇི་ལྟར་བྱས་ཀྱང་རུང་བའི་རྒྱུ་མཚན་ཤེས་པ་གནད་ཡིན་ནོ། །དེ་ཡང་སློབ་དཔོན་ཆེན་པོ་འདི་ལ་མུ་སྟེགས་སྟོན་པ་ཞེས་པས། ངན་སྔགས་ཀྱི་སྒོ་ནས་མུ་སྟེགས་པ་དཔག་ཏུ་མེད་པ་བརླགས་པས། དེ་སྐད་མཚན་ལ་ཐོགས་པ་ཡིན་ཏེ། རྒྱུད་ལའང་མུ་སྟེགས་ཟླ་གསང་ནག་པོའི་རྒྱུད་ཅེས་བྱ་བ་འདྲ་བར་འདུག་གོ། བརྒྱད་པ་དོན་ཆེད་ཤེས་པ་ནི། ཕྱི་རབས་ཀྱི་རྣལ་འབྱོར་པས་སྤྱི་དགོས་ཀྱི་རུ་ཏྲ་འདུལ་བ་དང་། བནྡེ་ཁས་ཉེན་དབང་ཆུང་ལ་དགྲ་དར་བ་དེ་དག་འདུལ་བ་དང་། ཕྱི་ནང་བན་བོན་ནག་པོ་མཐུ་ཅན་མུ་སྟེགས་ཤན་པ་བྱད་མ་ཐམས་ཅད་འདུལ་བའི་ཆེད་དུ་མཛད་དོ།། དགུ་པ་གཏེར་སྟོན་ཤེས་པ་ནི། རྒྱ་ཞང་ཁྲོམ་ཞེས་བྱ་བ་གཤིན་རྗེ་དངོས་སུ་གྲུབ་པའི་རྣལ་འབྱོར་པ་གཅིག་བྱོན་པ་དེས་གཏེར་སྟོན་གྲགས་པ་ཆེན་པོ་ཐོན་ནོ། །གདམས་པ་ཆེ་བ་སྟོན་པའི་ཕྱིར་། གཏོར་མ་བསྐུལ་པ་བྱས་པ་ཙམ་གྱིས་བལ་ཡུལ་དང་གཙང་སྟོད་བར་གྱི་བྱེད་མ་བན་བོན་ལྔ་བཅུ་ཞག་བདུན་ནས་ཕྱི་རྟགས་ཐོན་ངེས་པར་བསྒྲལ་ལོ། །དེ་ལྟར་བྱས་པས་ནུས་པ་
དང་ཡོན་ཏན་ཆེ་བའི་གྲགས་པ་ཆེན་པོས་ས་སྟེང་ཁྱབ་པར་གྱུར་ཏོ།། བཅུ་པ་བརྒྱུད་པ་ཤེས་པ་ནི། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱ་ཞང་ཁྲོམ་བྱ་བ་དེ་ལ། གནུབས་སྟོན་དར་བ་དབང་གིས་འབྲི་སུམ་ཅུ་སོ་གསུམ་གྱིས་ཉོས་པའི་རྟ་འབྲུག་གཤོག་བྱ་བ་གཅིག་དང་། གསེར་སྲང་གང་། སྦྱང་ཐུལ་གཅིག་ཕུལ་ནས་ཞུས། གཅིག་བརྒྱུད་བྱེད་པའི་བཀའ་རྒྱས་གདམས། ཞག་བདུན་བསྒྲུབས་པས་བསྟན་དགྲ་སུམ་ཅུ་ལ་ཕྱི་རྟགས་ཐོན་པར་བྱས་པ་ལ། ནུས་པ་དང་གྲགས་པ་ཆེན་པོ་བྱུང་ངོ་། །དེ་ལ་ཡ་བ་ཤཱཀྱ་རྡོ་རྗེས་ནང་ནོར་གཡུ་འོད་འབར་བྱ་བ་གཅིག་དང་། གསེར་སྲང་གང་ཕུལ་ནས་ཞུས་སོ། །གཅིག་བརྒྱུད་ཀྱི་བཀའ་རྒྱས་གདམས། ཞག་བདུན་བསྒྲུབས་པས་མཐུ་དང་ནུས་པས། བསྟན་དགྲ་སུམ་ཅུ་ཙམ་ཞག་བཞི་བཅུ་ནས་ཕྱི་རྟགས་ཐོན་ནོ། །དེ་ལ་ཨ་གྲགས་ཀྱིས་མཉེས་པའི་འབུལ་བ་བྱས་ནས་ཞུས་ཏེ། ཞག་བདུན་བསྒྲུབས་པས་ཕོ་ངོ་སུམ་ཅུ་ཙམ་ལ་ཕྱི་རྟགས་ཐོན་ནོ། །དེ་ལ་ཨ་དབང་གིས་འབུལ་བ་མང་དུ་བྱས་ནས་ཞུས། བསྒྲུབས་པས་མཐུ་དང་ནུས་པ་ཆེ་བའི་གྲགས་པ་ཆེན་པོ་ཐོན་ནོ། །དེ་ནས་བླ་མ་དམ་པའི་བར་ནུས་མཐུ་ཆེན་པོ་དང་ལྡན་བཞིན་དུ་བརྒྱུད་
དོ། །གཞན་ཡང་སློབ་དཔོན་ཆེན་པོ་བཱ་སུ་དྷ་རས་གནུབས་སྟོན་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་གནང་ཞིང་། དེ་ནས་གཡུང་སྟོན་རྒྱལ་བའི་རྡོ་རྗེ་ལ་སོགས་པ་ལའང་བརྒྱུད་ཚུལ་སོགས་མང་དུ་ཡོད་པར་སྣང་ངོ་། །བདག་གིས་ནི་རྗེ་བཙུན་ཆེན་པོ་སྔགས་འཆང་དམ་པ་སྟག་ཞིག་བཞད་པའི་རྡོ་རྗེ་ལ་གཞུང་དང་ཡིག་སྣ་མན་ངག་ཞིབ་མོ་མང་ཞིག་དང་བཅས་པ་བརྡ་ལེགས་པར་འཕྲོད་པར་ཞུས་སོ། །གཞན་ཡང་འདི་ལ་མཁོས་པར་བྱེད་པའི་བསོད་སྙོམས་པ་གཉིས་ལ་སོ་སོར་སྲུང་ཟློག་བསད་མནན་གང་ལའང་མན་ངག་ཁྱད་པར་ཅན་མང་ཞིག་ཞུས་ཤིང་། བདག་གིས་སྲུང་ཟློག་སོགས་ལ་ཡིད་ཆེས་པའི་གདིང་ཅུང་ཟད་དང་ལྡན་པར་བྱས་ཤིང་སྲོག་ལྟར་བཅང་བ་ཡིན་ནོ།། དང་པོ་དེ་ལྟར་བླ་མ་དམ་པ་གོང་མ་རྣམས་ཀྱིས་སློབ་མ་ལ་མན་ངག་ཆ་ཚང་ཟུར་ཙམ་རེ་ལས་མ་གནང་བ་ལ་བརྟེན་ནས་ཐར་ཐོར་དུ་སོང་འདུག་པ་ལ་རྗེས་སུ་ཡང་འདི་ལྟར་གྱུར་ན་ཤིན་ཏུ་འཕང་བར་མཐོང་ཞིང་། རྣལ་འབྱོར་དམ་ཚིག་དང་ལྡན་པའི་བསྟན་སྲུང་དམ་པར་བསམ་སྟེ། དཔེའུ་རིས་རྟགས་དང་བཅས་པ་རྣམས་མན་ངག་ཟིན་བྲིས་སུ་བྱས་ཤིང་། གཞན་རྣམས་ནི་སྔར་འདུག་པ་ལྟར་དུ་མན་ངག་གི་གོ་རིམ་གཞན་དུ་
རྩ་བ་ཐོ་རུ་བསྡེབས་ཤིང་གདམས་པ་རྣམས་ཕྱོགས་བསྡུས་སུ་བྲིས་པ་ཡིན་པས་ཡིད་ཆེས་པའི་ཁུངས་སུ་ཡོད་དོ།། གཉིས་པ་དེ་ལྟར་བྱུང་བའི་གདམས་པ་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བསྟན་པ་ནི། མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་འཇམ་དཔལ་གཤིན་རྗེ་འདི་འགྲན་གྱི་དོ་ཟླ་མེད་པ་ཡིན་ཏེ། དེ་ཡང་འདི་ལ་གཤེད་དང་གཉན་པོ་བྱ་བ་གཏན་ནས་མི་སྲིད་པས། བྱད་མ་ལྷ་སྲུང་ཐམས་ཅད་རང་གནད་ལ་འབེབས་པར་འགྱུར་ཞིང་རང་མཐུ་རང་ལ་འབེབས་པར་བྱ་བའི་ཡོན་ཏན་དང་། ཕྱི་ནང་གསང་གསུམ་མ་གཤིན་ཕུར་གསུམ་བན་བོན་མུ་སྟེགས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་གཤེད་དང་གཉེན་པོ་ཡིན་པས། སྲོག་ཆགས་ཕྲ་མོ་རྣམས་ལ་ཆུ་སྲིན་གདུག་པ་ཁ་གདངས་བ་འདྲ་བ་དང་། ཁྱད་པར་དུ་མུ་སྟེགས་ཀྱི་རྫས་མཐུ་ནག་པོ་ལ་ནི་ཡེ་ཤེས་དང་འཇིག་རྟེན་གང་གིས་ཀྱང་ལྟ་བར་མི་བཟོད་ན་འདི་ལ་གནོད་པ་མེད་ཅིང་གྲོགས་སུ་འགྲོ་བ་དང་། བྱད་མ་ཕ་རོལ་པོ་ནུས་པ་ཆེ་ཞིང་སྲུང་ཟློག་ཇི་ལྟར་མང་བཞིན་དུ་ལྷག་པར་ཡང་ཕར་ལ་ཟློག་བསད་ཀྱི་ལས་མྱུར་བ་དང་། ཐང་གཅིག་བསྒྲུབས་ནས་ཕྱིས་སྒྲུབ་མི་དགོས་ཤིང་བསྙེན་པ་ཁ་གསོ་བ་ཙམ་དང་། གཏོར་མ་བསྐུལ་པ་བྱས་ནས་ཁྲོས་ནས་མཐུ་བ་བརྡབ་
པ་ཙམ་གྱིས་དགྲ་བོ་སྐད་ཅིག་ཉིད་ལ་བསྒྲལ་བ་དང་། ལོག་རྡུགས་འབྱམ་གསུམ་བྱ་བ་མི་སྲིད་ཅིང་བསྲུང་བའི་གནད་ཐམས་ཅད་ཤེས་ཤིང་། དྲན་པ་ཙམ་གྱིས་ཀྱང་ལྷ་འདྲེ་ཐམས་ཅད་མདུན་དུ་རང་ཤུགས་ཀྱིས་བྲན་དང་ཕོ་ཉར་གྱུར་པ་དང་། སྐུལ་པ་བྱེད་པའི་ཚེ་ཡང་ལྷ་འདྲེ་ཐམས་ཅད་དམ་ཚིག་དབང་གིས་འདུ་ཞིང་བཀའ་ཉན་ལས་བྱེད་པར་འགྱུར་བ་དང་། ཁྱད་པར་མཆོག་ཏུ་གྱུར་པའི་ཆེ་བ་འབོད་རྦད་བསད་གསུམ་སོགས་ཀྱི་ལས་མི་དགོས་པར། ལས་སྦྱོར་གང་བྱེད་དེ་ཉིད་ལ་ལྕོག་ཟླུམ་ལ་རལ་གྲི་ཕྱུང་རྒྱག་ལྟར་བསྒྲུབས་པས་ཆོག་པ་དང་། རླུང་སྒྲུབ་བམ་རྫུ་འཕྲུལ་གྱིས་སྒྲུབ་པ་ཡིན་པས། སྤུ་གྲི་བཀའ་མ་ལྟར་མྱུར་བ་ལ་སོགས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པར་གསུངས་སོ། གསུམ་པ་ལ་གསུམ་དུག་དབང་ཇི་ལྟར་བསྐུར་ཚུལ་དང་། དམ་ཚིག་ཇི་ལྟར་བསྲུང་ཚུལ་དང་། སྒྲུབ་པའི་ཐབས་ཉིད་དོ།། དང་པོ་ནི་སྐལ་པ་དང་ལྡན་པའི་རྣལ་འབྱོར་པས། ཐོག་མར་གཤིན་རྗེ་ཚེ་བདག་སོགས་ཀྱི་དབང་རྣམ་དག་ཐོབ་ཅིང་བླ་མ་གཙུག་གི་ནོར་བུ་ལྟར་བཀུར་ཞིང་། གཏོར་མ་བཟང་ཞིང་རྒྱ་ཆེ་བ་དང་འབུལ་བ་ལ་སོགས་པས་བླ་མ་མཉེས་ཤིང་གཏིང་དུ་ཡང་མཉེས་པ་ཁོ་ན་
སྒྲུབ་པ་དང་། དམ་ཚིག་སྲུང་བར་བྱེད་པའི་སློབ་མ་རྣམས་དུག་དབང་གི་ཆ་ནས་བཤད་པ་ལྟར་དུག་དབང་བསྐུར་བར་བྱའོ།། གཉིས་པ་ནི་སྤྱིར་གསང་སྔགས་ཀྱི་དམ་ཚིག་སྲུང་བར་བྱེད་པའི་སློབ་མ་རྣམས་ལ་དུག་དབང་གི་ཆོ་ག་ནས་བཤད་པ་ལྟར་གྱི་དུག་དབང་བསྐུར་བར་བྱའོ།། གསུམ་པ་ནི་སྤྱིར་གསང་སྔགས་ཀྱི་དམ་ཚིག་བསྲུང་བས་འཐུས་ཤིང་། ཁྱད་པར་གྱི་དམ་ཚིག་ལ། ཞུ་དུས་བླ་མ་ལ་དད་གུས་བྱ། གཏོར་ཚོགས་དང་འབུལ་བ་བཟང་བར་བྱ། རྟེན་རྫས་བཅའ་ཐབས་སུ་བཤད་པ་ལྟར་ཚོགས་པར་བྱ། སྒྲུབ་དུས་ཁྱི་དང་བུད་མེད་ཀྱིས་མ་མཐོང་བར་བྱ། ཁྱིམ་པ་ཡིན་ན་སྒྲུབ་དུས་བུད་མེད་སྤྱི། ཁྱད་པར་ཡུགས་ས་མོ་མི་འབག༔ དགྲ་དང་མནའ་མི་བྱ། དགྲའི་ཟ་འཕྲོ་མི་ཟ། རང་གི་གོས་དྲི་མ་ཅན་དགྲ་ལ་མི་བཀོན་། སྤྱིར་གཏོར་མ་དང་ཁྱད་པར་དགུ་གཏོར་བསྐུལ་པ་དང་བཅས་པ་མི་བཅག །འདི་ཡི་དམ་ཚིག་གཅིག་པ་མ་གཏོགས་ང་ཡི་ལྷ་འདི་ཡིན་ཞེས་མི་བསྒྲག །གལ་ཏེ་དམ་ཚིག་ཉམས་ན་རང་ལ་ལྡོག་ཅེས་ལ་ལས་ཟེར་འདུག་སྟེ། མི་ལྡོག་ཞུད་པ་ཡིན་པས་ལས་གང་ཡང་མི་འགྲུབ་པར་གསུངས་ཤིང་། ཚོགས་གཏོར་རྒྱ་ཆེན་པོ་དང་བཟོད་གསོལ་བྱ། ཐུགས་
དམ་བསྐངས་བར་བྱས་ནས་སོར་ཆུད་པར་གསུངས་པས་གལ་ཤིན་ཏུ་ཆེའོ།། བཞི་པ་ལ་གཉིས། བསྙེན་སྒྲུབ་དང་ལས་སྦྱོར་ཇི་ལྟར་བྱ་བའོ།། དང་པོ་ནི་ཡར་ངོ་སོགས་གཟའ་སྐར་བཟང་པོར་དབེན་ཞིང་ཡིད་དུ་འོང་བའི་གནས་སུ་འཁྲུལ་འཁོར་གྱི་ཁང་པར་སྤྱིར་བསྟན་དགྲ། ཁྱད་པར་བསྙེན་སྒྲུབ་ལ་བར་དུ་གཅོད་པ་རྣམས་ཀྱི་རུ་པ་ཟློག་བསད་ཀྱིས་བསྐོར་བ་གཞུག༔ སྟེང་དང་གཡས་གཡོན་དུ་ཟློག་པ་ལས་བཤད་པ་ལྟར་གཏོར་མ་དམ་རྫས་དང་བཅས་པ་བཤམས། གཞན་ཡང་ཡི་དམ་ཆོས་སྐྱོང་གི་མཆོད་པ་དང་གཏོར་མ་བཟང་ལ་རྒྱ་ཆེ་བར་བཤམས། དེ་ནས་མཚམས་དམ་པར་གཅོད་བསྲུང་བའི་གནད་དགུ་ཤེས་པའི་སྒོ་ནས། སྒོམ་བཟླས་ལ་ཐུན་བཞིར་འབད་པར་བྱ་ཞིང་། ཐུན་མཇུག་ཏུ་སྒྲུབ་པའི་བར་ཆད་ཟློག་པའི་མན་ངག་ཟློག་བསད་ལས་འབྱུང་བ་ལྟར་ཅུང་ཟད་བྱས་ལ། སྒྲུབ་པ་ཚར་ནས་ལས་མཐའ་གང་རུང་ལ་སྦྱར་རོ། །སྤྱིའི་གཏོར་མ་རྒྱུན་གཏོར་བསྐུལ་པ་དང་བཅས་པ་མ་ཆག་པར་བྱའོ། །སྐབས་སུ་ཚོགས་ཀྱི་བསྐང་བ་སྦྱར་བར་བྱ་སྟེ། རྩ་སྔགས་ཀྱི་བསྙེན་པ་ནི། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀཱ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་
ཙ། ས་མ་ཡ་ཛ་ཛ༔ ཞེས་སོ། །དེ་ལྟར་འཕྲོད་ན་ཡང་མཚམས་སོགས་གང་བྱེད་ཀྱི་སྒོ་ནས་རྒྱུན་ཁྱེར་གྱིས་བསྒྲུབས་ཀྱང་རུང་ངོ་། །འགྲུབ་རྟགས་ནི་བསྲུང་བའི་བྱ་ལམ་ནས་བཤད་པ་ལྟར་རོ།། གཉིས་པ་ལས་སྦྱོར་ལ་སྲུང་ཟློག་བསད་མནན་གང་བྱེད་ཀྱང་མར་ངོའི་མགོ་ཕུར་ལ་སོགས་བདུད་ཀྱི་ཉི་མ་ལ་རི་གསུམ་རྩེ། ལུང་གསུམ་མདོ་ལ་གཉན་ཞིང་དབེན་པའི་གནས་སུ་གཤིས་ལ་དགྲ་ཐོག་བབས་སུ་བྱུང་ན་གནས་ལ་ཡང་མ་ངེས་པར་གསུངས་སོ། །བསྲུང་བའི་གནས་དུས་ནི་བསྙེན་པ་དང་འདྲའོ། །སོ་སོའི་བཅས་སོགས་ཇི་ལྟར་འཚོགས་པ་བཞིན་བྱ་ཞིང་། ཡི་དམ་ཆོས་སྐྱོང་གི་གཏོར་མ་བཟང་ལ་རྒྱ་ཆེ་བ་གཡོ་སྒྱུ་མེད་པར་བཤམས། སྤྱི་འགྲོས་སུ་མ་ཏི་དགུའི་སྒོ་ནས་སོ་སོའི་མན་ངག་རྣམས་ཚང་བར་བྱས་ལ། རྟགས་དང་སྦྱར་ཏེ་ལས་སྦྱོར་གྱིས་གཞུང་བསྲང་། ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་བ་མ་ཆག་པར་བྱ། དེ་ཡང་ལྷ་གཞུང་བཞིན་བསྲང་བ་ཡིན་ལ་ལས་ཟེར་འདུག་ཀྱང་། རྫུ་འཕྲུལ་གྱི་ལྷ་དང་མཐུ་ཡིན་པས་རང་གཞུང་གི་གནད་མ་གོ་བ་ཡིན་པས་བདག་བསྐྱེད་ཀྱང་དེ་ཉིད་དང་། མདུན་བསྐྱེད་ཀྱང་རྟེན་གཏོར་རིམ་གྲི་ཕུར་གྱི་བསྐྱེད་ཆོག་ལ་གཙོར་བྱ་ཞིང་། ཡི་དམ་ཆོས་
སྐྱོང་རྣམས་རྒྱབ་རྟེན་དཔུང་བསྐྱེད་དུ་སྟེང་དང་འོག་ཏུ་སྐད་ཅིག་གིས་བསྐྱེད་ཅིང་། གཤིན་རྗེ་ཚེ་བདག་སོགས་གཤིན་རྗེ་གང་རུང་གིས་བསྐོར་ནས་སྤྱན་འདྲེན་བསྟོད་པ་སོགས་ཕྲིན་ལས་བཅོལ་བ་ལས་ལ་བསྐུལ་བ་ལ་གཙོར་བྱ་བ་ཡིན། དེ་ཡང་ཕྱི་པ་ལ་བྱེད་ན་དེ་ལྟར་རྒྱས་པར་བྱ། སྐྱེ་བོ་ཕལ་པ་ལ་ཅུང་ཟད་བྱ། ནང་པ་ལ་ལས་སྦྱོར་དེའི་སྐབས་སུ་དོན་ལས་ཞེན་པའི་ཆོས་སྤྱོད་ཅུང་ཟད་ཀྱང་མི་བྱེད་པར་ནག་སྒྲུབ་ཁོ་ནར་བྱེད་ན་མུ་སྟེགས་ལྟར་སྒྲུབ་པ་ཞེས་བྱའོ། །དེས་ན་ལས་གང་ཡིན་རྟགས་རྫོགས་པར་བྱུང་ནས་ཤ་ལྔ་བདུད་རྩི་ལྔ་དང་། མི་ནག་རྟ་ནག་བྱ་ནག་གཡག་ནག་ར་ནག་སྟག་གཟིག་སོགས་ཀྱི་ཤ་དང་། བཙན་དུག་དང་ཐང་ཕྲོམ་ལ་སོགས་པའི་དུག་སྣ་དང་། འབྲུ་སྣ་ཚོགས་ཀྱི་ཕྱེ་ཆང་དང་ཁྲག་གིས་སྦྲུས་ལ་ལས་སྦྱོར་གང་བྱེད་ཀྱི་གཏོར་མ་དང་། བསྟབ་པའི་རྫས་རྣམས་བྱ། གཏའ་གཏོར་འཛིན་གཏོར་གྱི་རྫས་རྣམས་ཀྱང་དེ་ཡིན་ནོ། །དེ་ནས་ལས་ཁུངས་ནས་ཕྱུང་སྟེ་བསད་པ་ལས་བཞི་ཚེ་ཁྲུས་ལུང་གི་སྙིང་པོ་ཅན་རྒྱས་པ་ཅིག་བྱས་ལ། ལས་མཐའ་གང་ཡིན་གྱི་མཐའ་ལ་གཏད་དོ།། ༈ དེའང་ཚེ་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ཟློག་བསད་ཀྱི་བསྙེན་སྒྲུབ་ལས་གསུམ་
ལ་རྟགས་ཇི་ལྟར་ཐོན་ཡང་སྔགས་པ་ནག་པོ་རུ་ཊར་གོལ་བའི་རྒྱུ། མི་ཚེ་མི་དགེ་བ་ལ་བསྐྱལ་བ་ཡིན་པས། རང་གཞན་ངན་འགྲོ་མུ་མཐའ་མེད་པའི་རྒྱུ་རུ་གྱུར་ཏེ། དེས་ན་སྐབས་འདིར་འཁྲུལ་པ་ཤིན་ཏུ་ཤས་ཆེ་བས། སྔགས་ཀྱི་དོན་མི་ཤེས་པ་རྣམས་ཀྱི་དོན་དུ་ཚེ་ཁྲུས་ལུང་གི་དགོངས་པ་དང་པོ་ལ་འཇུག་པའི་ཐབས་ཙམ་བཤད་པའོ། །དེ་ལྟར་འཁྲུལ་པ་ཆེ་བཞིན་དུ་ཚོགས་ཐ་མ་དང་དམར་སྤྲེངས་ཤིང་བསྟབ་ལས་བྱ་བ་དང་། ཟློག་བསད་མནན་བསྲེགས་སོགས། ལས་མཐའ་གང་འཇིགས་སུ་རུང་བ་རྣམས་བྱས་ན་ཡོན་ཏན་ཅི་ཡོད་ལ། མ་བྱས་ན་ཉེས་པ་ཅི་འབྱུང་ཞེ་ན། སྔགས་ཀྱི་རྣལ་འབྱོར་པ་རྣམས་ལ་ནི་ཤིན་ཏུ་དགོས་ཤིང་མེད་དུ་མི་རུང་བའི་མཆོག་ཡིན་ལ། ཐོག་མར་དགོས་པ་བཤད་དོ། །དེ་ཡང་སྔགས་ཀྱི་ཐབས་མཐའ་ཡས་ཁྱད་པར་ཅན་འབྲས་བུ་ལམ་དུ་བྱེད་པ་དང་། རྣམ་པ་ལམ་དུ་བྱེད་པ་ཡིན་ཏེ། ཕྱི་ན་ཁྲོ་ཚུལ་མེ་ལྟར་འབར། །ནང་ན་བྱམས་པ་ཆུ་ལྟར་བསིལ། །ཞེས་གསུངས་པ་ལྟར་། དྲག་པོའི་ཚུལ་གྱིས་སེམས་ཅན་ལ་བརྩེ་བ་ཆེན་པོའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་བཞིན། རང་ཉིད་ཀྱང་ཁྲོ་ཆུའི་ལྷ་སྐུ་སྒྱུ་མ་
ལྟ་བུ་དེ་ལྟར་མོས་པར་བྱས་ནས། མྱུར་བར་མཆོད་པས་འགྲུབ་པར་གསུངས་ཏེ། སྐྱེ་བོ་ཞེ་སྡང་ཅན་རྣམས་ལ་བརྒྱལ་བས་ཤིན་ཏུ་ཁྲོས་པའི་སྐུ་དང་། འདོད་ཆགས་ཅན་རྣམས་ལ་འདོད་ཆགས་ཤིན་ཏུ་ཆེ་བ་དང་། གཏི་མུག་ཅན་རྣམས་ལ་རབ་ཏུ་ཞི་བའི་དགོས་པ་དང་ཆེ་བ་ཡིན་ནོ། །དེ་ལྟར་བྱེད་པ་ནི་འབྲས་བུ་ལམ་དུ་བྱེད་པ་དང་། རང་བཞིན་གྱི་བདག་འཛིན་རུ་ཏྲ་དེ་ཤ་ཁྲག་གི་འབྱུང་གནས་དང་། གཟུགས་སུ་བྱས་ནས་གཉིས་མེད་བདེ་ཆེན་གྱི་ཡེ་ཤེས་ཆོས་སྐུ་དེ་ཉིད་ལྷའི་གཟུགས་སུ་ཤར་བའི་སྒྱུ་མའི་སྐྱེས་བུའི་ཆོས་ཉིད་བདེན་པར་ཅུང་ཟད་ཙམ་སྟོང་པ་ཉིད་ཀྱི་ངང་ནས་སྤྱིར་ཡང་བྱར་གཏུབ་པའི་རྟེན་འབྲེལ་གྱི་རྩལ་ཀ་མ་འགགས་པའི་ཚུལ་གྱི་ཕོ་ཉ་དུ་མས་དེ་ལ་བཟའ་སྟེ་རུ་ཊ་རྗེས་མེད་དུ་བཏང་ནས་གཟུགས་དེའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དུག་གསུམ་གྱི་རང་བཞིན་ཤ་ཁྲག་རུས་པའི་རྒྱ་མཚོར་བྱས་ལ། ལྷ་རྣམས་ཁྲོ་བ་དང་། ཆགས་པ་དང་བཞད་པའི་ཉམས་ཅན་ཞལ་གདངས་ཤིང་རྔམ་པའི་ཚུལ་གྱིས་བཞུགས་པའི་ལྷ་རྣམས་ལ་ལྷག་མ་མེད་པར་ཕུལ་བས་བདེ་བའི་རང་བཞིན་གཅིག་ཏུ་གྱུར་ཏེ། རང་གཞན་གྱི་ཉོན་མོངས་དྲུང་ནས་འབྱིན་ཏེ་སྐུ་གསུམ་གོ་འཕང་ཐོབ་པ་ནི་རྣམ་པ་
ལམ་བྱེད་པ་དང་། ཅི་རིགས་པར་སྦྱར་བའོ། །དེ་དག་ནི་སྤྱི་དགྲ་འདུལ་བའི་ཐབས་ངེས་པ་ཅན་དུ་བྱ་དགོས་པ་རྣམས་སོ། །སྒོས་དགྲ་ལ་ཡང་། སྤྱི་དགྲས་བླངས་བའི་སེམས་ཅན་རང་ཁ་བ། རུ་ཊ་ལ་གཟུགས་སུ་བྱས་པ་མ་ཡིན་པ། མི་དང་མི་མ་ཡིན་པ་དག་གི་གཟུགས་སུ་བྱས་པ། སྤྱིར་བསྟན་པ་དང་སེམས་ཅན་ལ་གནོད་པར་བྱེད་པ་དང་། སྒོས་སུ་རང་གཞན་ལ་སྲོག་དང་གཅོང་ཐང་དང་ཀ་ཅ་ཤོར་བ་སོགས་ཀྱི་གནོད་པ་བྱེད་པ་རྣམས་སོ། །དེ་འདུལ་བ་ལའང་རང་དོན་དུ་མི་རུང་ཞིང་གཞན་དོན་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་བྱ་བར་གསུངས་སོ། །དེའང་རང་ཁར་ཀ་ཆ་སྦྱིན་གནས་བཅོལ་བའམ། རང་གི་ཀ་ཅའི་ཕྱིར་མི་རུང་ངོ་། །ལྷག་བསམ་ཡོད་ན་ནི་རང་དོན་བྱས་ཀྱང་གཞན་དོན་ཉིད་དོ། །དེའི་ཚུལ་ནི་སྡུག་བསྔལ་ཡིན་ཀྱང་གང་ཕན་དང་། ཞེས་པས། ཁོས་གཞན་ལ་གནོད་པ་བྱས་པ་ཉིད། ཁོ་རང་གི་ལས་འཁོར་བ་མཐའ་མེད་ཀྱི་ལས་བྱས་པ་མ་ཤེས་པ་ལ་སྙིང་རྗེ་བསྐྱེད་དོ། །ཁོའི་གཏན་སྡུག་གི་རྒྱུ་དེ་དང་འཕྲལ་བདེ་རྗེས་ནས་སྡུག་བསྔལ་དེའང་ད་ལྟ་ཉིད་དུ་སྨིན་པར་བྱས་ཏེ་རྣམ་སྨིན་གྱི་ལུས་འདི་དང་ཕྲལ་ནས། དེ་མ་ཐག་ཏུ་སངས་རྒྱས་པར་བྱའོ། །སྙམ་པའི་
བཅོས་མིན་སྐྱེ་བའོ། །དེ་ནས་བྱམས་པ་སྒོམ་པ་སོགས་བྱ་བའི་ནུས་པས་བསྐལ་པ་མང་པོར་ངན་སོང་དུ་འགྲོ་བའི་ལས་བསགས་པ་གཅིག་ཡིན་ནའང་ཚེ་འདི་ལ་མགོ་ན་བ་ཙམ་ཞིག་འབྱུང་སྟེ་ལས་འདག་པར་གསུངས་པ་དང་འདྲའོ། །དེ་ཡང་ལུས་ངག་གི་སྒོ་ནས་ཁྲོ་ཚུལ་དུ་མ་ཞིག་དགོས་ཤིང་སེམས་ཀྱིས་ཀྱང་ལྷག་བསམ་བཅོས་མིན་དང་ལྡན་པའི་སྒོ་ནས་དམིགས་པ་དྲག་དྲག་དུ་མ་ཞིག་དགོས་སོ། །དེ་ལྟར་བྱས་པས་སྙིང་རྗེ་བྱས་ན་མི་དགེ་མེད། ཅེས་གསུངས་ཤིང་། དེར་མ་ཟད་རྫུ་འཕྲུལ་སྡིག་པ་སོགས་མི་བྱེད་ཅེས་དང་། རྩ་ལྟུང་བཅུ་བཞི་སོགས་ཁེག་པར་གསུངས་སོ། །གཞན་དུ་ན་ལྷག་བསམ་ཡོད་བཞིན་དུ་དེ་ལྟར་མ་བྱས་པའི། ལྷག་བསམ་མེད་བཞིན་དུ་རང་རྒྱུད་པར་བྱས་ན་ནི་རྩ་ལྟུང་བཅུ་བཞི་སོགས་ཀྱང་འབྱུང་བར་གསུངས་ཤིང་། སེམས་ཅན་དེའི་གཏན་བདེ་དང་འཕྲལ་སྡུག་ཅུང་ཟད་ཙམ་ཞིག་རང་ལ་བྱམས་མེད་པའི་རྒྱུན་གྱི་རྗེས་པ་ཡིན་པས་བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་སོགས་དང་འགལ་ལོ། །དེ་ཡང་ནུས་པ་ཡོད་ན་དེ་ལྟར་ཡིན་གྱིས་མེད་ན་མིན་ནོ་ཞེ་ན། དེ་ལྟར་མེད་ན་འདི་ནི་རྗེ་བཙུན་པདྨས་ལྷག་བསམ་དང་ལྡན་པས་དང་པོ་ནས་སྦྱང་པའི་ཕྱིར་བརྡ་
དོན་རྣམས་འཕྲོད་པར་གྱིས་ཤིག་དང་འབྲས་བུ་རྣམ་པ་ལམ་བྱེད་ཀྱིས་ཐབས་མཁས་ཁྱད་པར་ཅན་གྱི་སྒོ་ནས་འདོད་དོན་དཀར་དམར་སྣ་ཚོགས་ཀྱི་སྒོ་བྱས་ཏེ་ལྷ་ལ་འབུལ་ཞིང་། དེ་ཡང་བདེ་སྟོང་ཡེ་ཤེས་ཀྱི་ངང་ནས་བྱེད་པས་ཚོགས་གཉིས་ལེགས་པར་རྫོགས་ནས་བཙན་ཐབས་སུ་འཚང་རྒྱའོ། །ཞེས་རྒྱས་པར་བྱ་བ་ལ། དོན་བསྡུས་པ་ལ་འདི་ཁོ་ན་ལྟར་སྒྲུབ་ཐབས་མང་པོར་གསུངས། དེ་ལྟ་བུའི་དགོས་པ་དང་། ཡོན་ཏན་ཅན་གྱི་འདི་ཉམས་སུ་ལེན་པའི་དམིགས་པ་རྣམས་སྐྱོངས་ཚུལ་དངོས་བཤད་དེ། དེ་ཡང་བདག་ཕུར་འབེན་གསུམ་སྟེ་གསལ་བ་སྐུ་གསུམ་གྱི་བདག་ཉིད་ཅན། དེ་ཉིད་གཞི་ལམ་འབྲས་བུ་གསུམ་ཐམས་ཅད་དུ་སེམས་ཉིད་ཆོས་ཀྱི་སྐུ་གཅིག་པུ་ལས་ཐ་མི་དད་པར་ཤེས་པར་བྱ་ཞིང་། བདག་ཕུར་འབེན་གསུམ་གཞི་ལམ་འབྲས་གསུམ་དུ་གྲུབ་མཐའ་གཅིག་པའི་དོན་དེའི་རྫོང་སྟེ་ལྟ་བའོ། །གསལ་བ་གསུམ་དང་ལྡན་པ་འཕྲང་སྟེ་སྒོམ་པའོ། །ཚེ་ཁྲུས་ལུང་གི་དགོངས་པས་བསྒྲལ་བ་ནི་སྲོག་འཕྲོག་པ་སྟེ་སྤྱོད་པའོ། སླར་ཡང་ཁྲུས་ལུང་གི་དགོངས་པས་གནས་སྤར་ནས་རྒྱལ་བའི་སྲས་སུ་བསྐྱེད་པ་འབྲས་བུའོ། །དེ་ལྟར་རྫོང་འཕྲང་སྲོག་གསུམ་སྟེ། ལྟ་སྒོམ་སྤྱོད་གསུམ་འབྲས་བུ་གསུམ་
དང་བཞིའི་དོན་ཤེས་ཤིང་རིགས་པ་ནི། རིགས་པ་ཡེ་ཤེས་ཀྱི་ཕུར་པའོ། །དེའི་དོན་ཤེས་པ་རྣམས་ལ་སྙིང་རྗེ་བསྐྱེད་པ་ནི། ཚད་མེད་སྙིང་རྗེའི་ཕུར་པའོ། །ཕྱག་གཡས་ཀྱི་སོར་མོ་ལྔ་ཁྲག་འཐུང་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ཁྲག་འཐུང་ཡུམ་ལྔར་གསལ་བའི་བར་དུ་ཕུར་པ་བསྒྲིལ་བ་ནི། སྦྱོར་མཚམས་བྱང་ཆུབ་ཀྱི་ཕུར་པའོ། །དམིགས་རྟེན་གྱི་ཕུར་པ་དངོས་ནི་མཚན་མ་རྫས་ཀྱི་ཕུར་པ་སྟེ། དེ་ལྟ་བུའི་ཕུར་པ་བཞི་ལེགས་པར་ཤེས་པར་བྱས་ནས་རུ་ཊ་ལ་འདེབས་པ་ནི་གནད་དམ་པའོ། །དམིགས་པ་རྣམས་དངོས་ནི་བློ་ནུས་ཆེ་ན་གནས་ལུགས་བསྐྱེད་པ་མང་དུ་བྱ། ཆུང་ན་བླ་མའི་མན་ངག་ལྟར་ཆོས་ཐམས་ཅད་ཐག་ཆོད་ངེས་ཤེས་དྲག་པོས་སྐྱོངས། དེ་ནས་སྔགས་ཀྱི་ཁྱད་ཆོས་ཡིན་པས་དེ་ལྟ་བུའི་ཡུལ་སྟོང་ཉིད་དང་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་གཉིས་དབྱེར་མེད་པའི་ཡེ་ཤེས་ཆོས་སྐུ་ཁྱབ་གདལ་ཆེན་པོ་དེ་ངའོ་སྙམ་པའི་ང་རྒྱལ་དེ་བསྐྱང་། དེ་ནས་ཡེ་ཤེས་ཁྱབ་གདལ་ཆེན་པོ་དེ་ཉིད་ཀྱིས་གཟུགས་རྣམས་འཇམ་དཔལ་གཤིན་རྗེའི་སྐུར་བསྟན་པའི་ཟུང་འཇུག་སྒྱུ་མའི་སྐྱེས་བུ་དེ་ངའོ་སྙམ་པའི་ང་རྒྱལ་བསྐྱེད་དོ། །དེ་དང་ནམ་ཡང་མི་འབྲལ་བའི་སྤྱོད་ལམ་རྣམ་དག་བྱ་བ་ནི། རང་ཉིད་
ལྷར་གསལ་ཏེ་ཆོས་སྐུའོ། །རང་ལས་ཕོ་ཉ་རྣམ་པ་སྣ་ཚོགས་སྤྲོས་ནས་ལས་བྱེད་དང་ཕུར་པ་ལས་ཀྱི་གཤིན་རྗེ་བསྐྱེད་པ་ནི། ལས་མཁན་ཕོ་མོར་གསལ་བ་སྟེ་ལོངས་སྐུའོ། །དེ་ནས་བདག་གཞན་འདི་དང་འདི་ལ་དེ་ལྟར་མ་གཏོགས་པའི་གནོད་བྱེད་འདི་དང་འདིས་རང་ཉིད་འཁོར་བའི་རྒྱུར་གནོད་པ་འདི་དང་འདི་བྱས་པ་སྙིང་རེ་རྗེ། དེས་ན་འདིའི་ངན་སོང་རྒྱུན་གཅོད་པའི་ཕྱིར། མངོན་སྤྱོད་དྲག་པོའི་སྒོ་ནས་ལུས་སེམས་ཕྲལ་ཏེ་འཚང་རྒྱའོ་སྙམ་པ་བཅོས་མིན་མ་སྐྱེས་ཀྱི་བར་དུ་སྦྱང་ངོ་།། ༈ དེ་ནས་མདུན་དུ་རྣམ་ཐར་སྒོ་གསུམ་གྱི་དྲག་པོ་ཆོས་དབྱིངས་ཨེའི་བཙོན་ཁང་དུ། སྤྱི་དགོས་ཀྱི་རུ་ཊ་རྣམས་གཟུགས་བརྙན་གཅིག་ཏུ་བསྐྱེད་བསྟིམས་བྱས་པ་ནི་དམིགས་བྱ་རུ་ཊར་གསལ་བ་སྟེ་སྤྲུལ་སྐུའོ། །དེ་ནས་ཚེ་ཁྲུས་ལུང་གི་དགོངས་པ་བྱ་སྟེ། དེའང་མཁྱེན་གསོལ་དང་གཟུ་དཔང་ཚར་ནས། ལས་མཁན་གྱི་རྩེ་གསུམ་ཧཱུྃ་གསུམ་ཕཊ༔ གསུམ་གྱིས་མཚན་པ་དེ། གཟས་པ་པོའི་སྙིང་དུ་ཚེའི་སྦྲ་རྒྱ་ཁྲག་གི་དྭངས་མ་བྱིའུའི་སྒོ་ང་ཙམ་གྱི་ནང་དུ་ཚེའི་ངོ་བོ་ཨ་དཀར་པོ། དེའི་ནང་དུ་སྲོག་གི་ངོ་བོ་ནི་དམར་པོ་གནས་པ་ལ་བཏབ་པས་ཚེའི་སྦ་རྒྱ་བཀྲལ། ཨ་ཧྲི་དང་བཅས་པ་དེ་དང་ཡེར་གྱིས་བླངས་ཏེ། །
རང་གི་སྙིང་ཁར་བཅུག་པས་ཚེའི་ངོ་བོར་བཀུག་ནས་རང་ལ་ཐིམ་པས་ཚེ་དཔལ་རྒྱས་པར་བྱས་པ་ནི་ཚེ་ལུང་ངོ་། །དེས་ཁོ་ཉོན་མོངས་བྲལ་ཏེ་སེམས་དག་པའི་ངོ་བོ་ཡིན་ཀྱང་གླ་རྩིའི་ཐུམ་ཤུན་ལྟར་བག་ཆགས་ཀྱི་དྲི་མ་དང་། རང་གི་རྩོལ་སྒྲིབ་ཀྱི་དྲི་མ་སྤང་སྲིད་པས། དེ་སྤང་བའི་ཕྱིར་སླར་ཡང་ཧཱུྃ་གསུམ་གྱིས་ཚིགས་ཕྱིར་བླངས་ནས་ཕཊ་གསུམ་གྱིས་འོག་མིན་དུ་དཔལ་ཆེན་པོའི་ཐུགས་ཀར་འཕངས་ཏེ་ཞུ་བས་ཡུམ་གྱི་མཁར་བབས་ནས་སྲས་སུ་བསྐྱེད་དེ། དེ་མདུན་དུ་ཐོན་ནས་འཁོར་བ་ཁྲུས་ལུང་ངོ་། །དེ་ནས་དུག་ཅན་གྱི་དུག་བྱིན་ནས་སླར་ལོག་ཏུ་མེད་པ་ལྟར། ཁོའི་རུ་ཊ་རྒྱུན་གཅོད་པ་ལ་ཉོན་མོངས་ཡེ་ཤེས་སུ་བསྒྱུར་དགོས་སོ། །འདི་ལ་ཁྲུས་ལུང་གི་དགོངས་པ་སངས་རྒྱས་ཚར་ནས། ད་དུང་ཉོན་མོངས་ཞེན་ན། སྐྱོན་མེད་རྣམ་པ་ལམ་བྱེད་ཀྱི་ཐབས་མཁས་སོ། །དེ་ལྟར་མིན་ན་འབྲས་བུ་ལམ་བྱེད་ཐམས་ཅད་དེ་ལྟར་འགྱུར་བའི་སྐྱོན་བཅས་སོ། །དེས་སེམས་ཉིད་སྤར་བའི་ལམ་དེར་ཁོའི་དུག་གསུམ་དང་སྤྱིའི་རུ་ཊ་ཐམས་ཅད་ཀྱི་ངོ་བོ་ནི་དུད་ཁ་གཅིག་ལུས་པ་དེ་དང་ཁོས་བླངས་པའི་རྣམ་སྨིན་གྱི་ཕུང་པོ་དེའང་དོན་ཅན་དུ་འགྱུར་བའི་ཕྱིར་དུས་གཅིག་ཏུ་གཟིར་བས་འདོད་ཆགས་རྣམས་ཤ་
ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད། གཏི་མུག་རྣམས་ཤ་ཡི་རི་བོ་སྟོང་གསུམ་ཁེངས་པ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་ཤ་ཁྲག་རུས་གསུམ་ནུས་པ་ཉོན་མོངས་རྣམས་སྐད་ཅིག་ལ་འཇོམས་ནུས་པ། ཡོན་ཏན་ཟག་མེད་ཀྱི་བདེ་བ་སྟེར་བ། འབྲས་བུ་སྐུ་གསུམ་གྱི་གོ་འཕང་དེ་མ་ཐག་ཏུ་ཐོབ་པར་བྱེད་པའི་ནུས་མཐུ་དང་ལྡན་པར་བསམས་ནས། འབུལ་བའི་ཡུལ་སྐབས་སུ་གང་བབས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཉམས་བྱུང་རྒྱལ་གྱིས་བཞེས་སྒྲའི་གད་མོ་དང་བཅས་ཏེ་ཕུལ་བས། ལྷ་ཐམས་ཅད་ཟག་མེད་ཀྱི་བདེ་བས་མཉེས་ཤིང་ཁོས་གཙོར་བྱས་བདག་གཞན་གྱི་ཉོན་མོངས་དྲུང་ནས་འབྱིན་ཏེ་སྐུ་གསུམ་གྱི་གོ་འཕང་ཐོབ་ནས་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པར་བསམ་ཞིང་རླུང་རོ་སངས་ཀྱིས་འབུད། ལྟ་སྟངས་ནམ་མཁར་ཅེ་རེ་བྱ། རང་རིག་པའི་ངོ་བོ་ལམ་གྱིས་བཟུང་། ཤེས་པ་ཧུར་ལིང་ངེ་བ་བྱས་ལ་སྟབས་གང་ཡིན་གྱི་བཟླས་སྒོམ་སོགས་གང་དགོས་རྣམས་བྱ། དེ་ནས་གོང་དུ་བཤད་པའི་ཟུང་འཇུག་སྒྱུ་མའི་རྣལ་འབྱོར་ཡུན་རིང་དུ་སྐྱོང་། དེ་ལྟར་སྤེལ་མར་ཉམས་སུ་བླངས་བར་བྱའོ། །དེ་ལྟར་ཤེས་བཞིན་དུ་ཉམས་སུ་བླངས་ན་འདོད་དོན་ཐམས་ཅད་བཤད་པ་བཞིན་དུ་འགྲུབ་ཅིང་། །
ཁྱད་པར་དུ་སྤྱིའི་རུ་ཏྲ་བདག་འཛིན་དང་། སྒོས་ཀྱི་རུ་ཏྲ་འདྲེ་གདོན་བྱ་བའི་མིང་ཡང་མི་ལུས་ཤིང་། སྒྲིབ་པ་ནི་ལྟ་ཡང་མི་སྨོས་ཤིང་ལམ་གྱི་བོགས་འདོན་དང་རིག་པའི་རྩལ་སྦྱང་དུ་འགྱུར་བར་བྱ། ཚུལ་དེ་ལྟར་མི་ཤེས་པར་ལྷ་སྔགས་རྣམས་ཚིག་ཙམ་ལ་བརྟེན་ཏེ་ཧོམ་ཁུང་སོགས་བྱེད་ཅིང་དང་པོ་ནས་བསྡིག་བསྡིག་འདྲ་བ་རེ་བྱས་ཀྱང་འདྲེ་གདོན་ཤི་བའི་རོ་ནི་སུས་ཀྱང་མ་མཐོང་ངོ་། འོན་ཀྱང་བྱིན་རླབས་ནུས་པ་ཡོད་པ་ལྟར་སྣང་བ་ནི་སྔོན་གྱི་ལས་སམ་འཕྲུལ་གྱི་ལྷ་སྔགས་ཀྱི་ནུས་པ་ཙམ་རེ་ཡིན་ཞིང་། ལས་ཀྱང་ཆ་རེ་འགྲུབ་མོད་ཀྱང་དམྱལ་བར་འགྲོའོ། །ཞེས་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་པ་དང་དོན་འདྲའོ། །འདིར་ལས་ཀྱི་ཕོ་བྲང་གྲུ་གསུམ་བྱེད་དགོས་པའི་རྒྱུ་མཚན་ནི། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྣང་སྲིད་འཁོར་འདས་ཐམས་ཅད་རོ་མཉམ་དུ་གྱུར་པ་སྤྱི་སྒོས་རུ་ཏྲའི་མིང་ཙམ་ཡང་མེད་པ་ཆོས་སྐུ་ཁྱབ་གདལ་ཆེན་པོ་དེ་ཉིད་མངོན་དུ་མ་གྱུར་པའི་རྣལ་འབྱོར་པས། དེ་ལྟར་མྱུར་དུ་རྟོགས་པར་བྱེད་པའི་ཐབས་མཁས་སྔགས་ཀྱི་ཁྱད་ཆོས་རྣམ་པ་ལམ་བྱེད་ཡིན་ནོ། །དེ་ཡང་གྲུ་གསུམ་གྱི་ཆོས་ཐམས་ཅད། རང་བཞིན་གྱི་རྣམ་པར་དག་པ་སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པ་དང༔ རྣམ་པར་ཐར་པ་སྒོ་གསུམ་མཚོན། ཕྱི་མཐིང་ནག་གི་ཆོས་སྐུ་འགྱུར་བ་མེད་པ་དང་། ནང་དམར་ནག་ནི་སྔགས་ཀྱི་ཁྱད་ཆོས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་། འགྱུར་མེད་ཀྱི་ཆོས་སྐུ་གཉིས་མེད་རོ་གཅིག་ཏུ་བདེ་སྟོང་གཉིས་མེད་དུ་གྱུར་པ་མཚོན། དེའི་ནང་ན་སྤྱི་དགོས་ཀྱི་རུ་ཏྲ་ཐམས་ཅད་གཞུག་པ་ནི་འཁོར་འདས་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པ་དང་། སྤྲུལ་པའི་ཕོ་ཉ་དང་མཚོན་ཆ་སྣ་ཚོགས་པས་སྐད་ཅིག་གིས་བསྒྲལ་ཞིང་གཏན་མེད་དུ་བརླགས་པ་ཡིན་ནོ། །ཆོས་ཉིད་མངོན་དུ་གྱུར་པའི་ངོ་བོར་འཁོར་འདས་ཀྱི་མིང་ཡང་མེད་པའི་དོན་མཚོན་པའོ། །གཞན་ཡང་མཐུ་ལ་དོར་བའི་མན་ངག་ཁྱད་པར་བ་རྣམས་རྫོང་འཕྲང་ཆེན་མོར་ཤེས་པར་བྱའོ། །དེ་ལྟར་ཧོམ་ཁུང་གྲུ་གསུམ་བྱེད་པའི་མཚོན་དོན་ཙམ་རེ་ཚིག་ཏུ་ཡང་མི་ཤེས་པར་རུ་ཏྲ་བསྒྲལ་སྐད་བྱས་ཀྱང་རུ་ཏྲ་དེ་ཉིད་ཁོ་ནར་མངོན་ནོ། །འདིའི་སྐབས་སུ་འཁྲུལ་པ་ཆེ་བར་སྣང་ཞིང་ཡིག་ཆ་ཡང་ཐར་ཆགས་སུ་མི་སྣང་བས་རྫོང་འཕྲང་ཆེ་ཆུང་། སྒྲུབ་ཆེན། གཤིན་རྗེ་ཚེ་བདག །ཨུར་མོ་ཁ་ཐུན། ཁྲོ་འདུལ། འཆར་ཀ །དམ་ཅན་ཆོས་རྒྱལ། མགོན་པོ་འབྲོང་ཞོལ། གཞན་ཡང་མ་མགོན་གྱི་
སྐོར་མང་པོ་དང་། བསད་པ་ལས་བཞི་མ་བསླད་པ་དང་། ལྷ་རྒྱུད་སྡེ་གསུམ་སོགས་གསར་རྙིང་གི་ལས་མཐའ་ཅན་ཐན་ཐུན་རྣམས་དང་། རྒྱུད་མཆོག་མ་ཧཱ་ཡོ་གའི་སྒོམ་ཁོག་སོགས། རྙིང་མའི་སྒྲུབ་ཐབས་འགའ་ཞིག་གི་དགོངས་པ་རྣམས་རང་བཟོ་མེད་པར་ཕྱོགས་གཅིག་ཏུ་བླང་བདེ་བར་བྱས་པ་ཡིན་པས། རིག་སྔགས་འཆང་བའི་རྣལ་འབྱོར་པ་རྣམས་ཐུགས་རྣལ་དུ་ཕོབ་ལ་ཉམས་སུ་ལོངས་ཤིག༔ ཤེས་བྱེད་བཞེད་ནའང་དེ་རྣམས་སུ་གཟིགས་དང་ཁྱེད་རང་རྣམས་ཐུགས་རང་སར་འགྱུར་བ་ཡོད་དོ། །ལག་ཏུ་ལེན་པ་ཆོ་གའི་རིམ་པ་ནི༔ ཏིང་ངེ་འཛིན་གྱི་བཟློག་པའི་སྐབས་སུ་མདོར་བསྡུས་བཤད་པ་ལྟར་ཡིན་ལ། ཆོ་ག་དངོས་དང་གདབ་ལས་སོགས་ཇི་ལྟར་བྱ་བ་ནི་གཞན་དུ་ཤེས་ཤིང་། གསང་སྔགས་ལག་ལེན་གྱི་མཐའ་ཅན་ཡིན་པས་མཐོང་བ་དང་པོ་ཡིག་ཁྲིད་ལས་ཤེས་པར་བྱའོ།། འདི་ལ་ཁ་ཅིག་དེ་ལྟར་ན་ལེགས་འདུག་ཀྱང་། དེ་ལྟར་དེ་འདྲ་ཤེས་པ་རྣམས་ནི་ནུས་པ་འོང་ཅང་ཅིང་འདུག༔ སྔར་གྱི་དེ་འདྲ་མི་ཤིས་པ་རྣམས་ལ་ནི་བྱིན་རླབས་དང་ཐུགས་རྗེ་ནུས་པ་ཐམས་ཅད་འགྲན་ཟླ་མེད་པར་བྱུང་ཞེས་ཟེར་འདུག་སྟེ། དེ་ལྟར་ཤེས་ཀྱང་བྱིན་རླབས་མེད་པ་ནི་བསྙེན་སྒྲུབ་ལ་
གོམས་མ་སོང་བ་ཡིན་མོད་ཀྱང་། མི་ཤེས་པའི་བྱིན་རླབས་ཅན་དང་ཕྲལ་ཏིང་ཀུན་ནས་མི་འདྲ་བ་དམ་པ་ཀུན་གྱིས་གསུངས་པ་སྟེ། མི་ཤེས་ཀྱང་ནག་འདུག་མཁན་གྱི་སྔགས་ནག་དེ་ལ་བཤད་པ་ལྟར་ལྷ་སྔགས་སོགས་ཀྱི་འཕྲལ་དུ་ནུས་པ་འབྱུང་ཡང་ལེགས་ན་གཏིང་དུ་ཐར་པའི་ལམ་དུ་འགྲོ་སྲིད་ཀྱང་། ཉེས་ན་ལས་འབྲས་སོགས་ལ་རྨོངས་པའི་དོན་གྱིས། བོན་དང་མུ་སྟེགས་པ་སྒྲུབ་པའི་ཕོ་རུས་ཅན་རྫུ་འཕྲུལ་དང་ནུས་པ་ཐོན་པ་རྣམས་ཀྱང་གཏིང་རུ་དུ་ཁའི་རྒྱུན་འབའ་ཞིག་ཏུ་གྱུར་བར་གསུངས་པ་དང་འདྲ་བར་བཤད་པ་ཡིན། ཡང་སྔར་ཐུགས་རྗེ་དང་ནུས་པ་བྱུང་བྱུང་ཐམས་ཅད་ཀྱིས་མི་ཤེས་ཀྱང་། དེ་ཁོ་ན་ལྟ་བུ་མིན་ཞིང་སྒྲུབ་པ་ལ་གཙོར་འཛིན་པའི་གང་ཟག་མཆོག་རེ་བྱུང་བ་ཡིན་ལ། ད་ལྟ་ནི་ལ་ལ་ཤེས་པ་ཙམ་རེ་བྱས་པའི་ལྕེ་འདྲེན་རེ་ལ་བརྟེན་ནས་སྒྲུབ་པའི་ཕོ་རུས་མེད་པར་མ་བསྒྲུབས་པར་གྲུབ་རྟགས་འབྱུང་དུ་རེ་བའི་ངང་ནས་མི་ཚེ་ཐ་མལ་དུ་ལུས་པའི་སྐྱོན་ཡིན་པས། ཐུགས་རྣལ་དུ་ཕོབ་ལ་སྨྱོས་ཤིག །དེ་ལྟར་བཤད་པ་ལྟར་བླ་མའི་མན་ངག་དམ་པ་རྣམས་མཆན་གཅིག་ཏུ་བསྒྲིགས་པའི་ཐོ་ཡིག་གི་ས་བཅད་དུ་གསལ་བ་ལྟར་ཕྱོགས་བསྡུས་བྱས་པ་འདི་ནི་གཅིག་ལ་གཅིག་ལྟོས་དགོས་པ་རྣམས་ཁ་
འཕེན་གྱི་དགོངས་པར་གསལ་ཞིང་རང་གར་འཇུག་པ་དགག་པའི་ཕྱིར་དུ་ཚིག་ཅུང་ཟད་སྦས་ཤིང་དོན་ལ་ཅུང་ཟད་ཀྱང་མ་སྦས་པར་གསལ་བར་ཡོད་པས། འདི་ལས་གསལ་དང་འགྲིག་འགྲིག་ཏུ་འདོད་ནས་དཀྲུག་པར་མ་བྱེད་ཅིག །ཆོས་བྱེད་བསྟན་ལ་སེམས་པའི་སློབ་མ་དང་། །དམ་ཚིག་སྲོག་གི་ཕྱིར་ཡང་མི་གཏོང་བའི་རྣལ་འབྱོར་པ་ཡིན་ན་ནི། གཅིག་ལ་གཅིག་ལ་སོགས་པ་ལ་བཀའ་གདམས་ཏེ་གཏོད་ཅིག །གཞན་དུ་ན་བླ་མ་ཐན་ལྟར་གསང་ཞིང་མན་ངག་རྐུ་ཐབས་སུ་ཁྱེར་བ། བསྟན་པ་དང་སེམས་ཅན་ལ་ཕན་འདོད་ཀྱི་བློ་དང་མི་ལྡན་པའི་དམ་ཉམས་ལ་མ་གཏད་ཅིག །ལུང་དང་གདམས་པ་མ་ཐོབ་པར་རང་དགར་མ་འཇུག་ཅིག༔ གལ་ཏེ་དེ་ལྟར་བྱེད་པ་བྱུང་ན་གཤེད་ཆེན་སྡེ་བཞིས་སྲོག་འཁོར་རྣམ་བཞི་མྱུར་དུ་ཆོད་ཅིག །དྭངས་མ་བསྡུས་ལ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྦ་བར་མཛོད་ཅིག །ཀྱི་ཧོ་བླ་མ་རིན་ཆེན་མདུན་ལས་བྱུང་བ་ཡི། །དགོས་འདོད་གཤིན་རྗེའི་གཤེད་ཀྱི་གདམས་པ་རྣམས། །ལོ་རྒྱུས་ཡོན་ཏན་དབང་དམ་རྫས་རྣམས་གཟུགས། །དེ་ནས་རྟེན་རྫས་ནས་བཟུང་གདམས་གཏད་བར། །རིམ་བཞིན་ཆུ་རི་བུ་ག་མེ། །དྲག་པོ་འདོད་པ་མིག་མེ་མེ་ཆུ་
གཟུགས། །གཟུགས་ཏེ་ཕྱོགས་བདུན་མདའ་ཡི་ཁང་པར་གནས། །ཤོག་དྲིལ་ཐོར་སྡེབས་ལས་རབ་རྒྱ་མཚོ་འདི། །བུང་བས་ཆུ་སྐྱེས་སྦྲང་རྩི་ལེགས་བསགས་ནས། །དམ་པ་ཀུན་གྱི་དགའ་སྟོན་བྱེད་ལྟར་ཤོག །ཡེ་ཤེས་ཐོབ་འདོད་དྲན་ཤེས་རིན་ཆེན་གྱི། །རིན་ཆེ་བསྟན་སྲུང་དད་པ་རྡོ་རྗེ་ཡིས། །བསྐུལ་ཕྱིར་བླ་མའི་ཞལ་གྱི་བདུད་རྩི་མཆོག །ལེགས་བསགས་བསྟན་པ་བསྲུང་བའི་དགའ་སྟོན་བྱས། །ལེགས་སོ་ལེགས་པར་ཉམས་སུ་ལོངས་དང་སྨྲ། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །འདི་ཡི་དགེ་བས་སྤྱི་དགོས་རྒྱུ་འདྲ་དང་། །བསྟན་དང་ཆོས་བྱེད་སེམས་ཅན་རྣལ་འབྱོར་ལ། །བཙན་ཐང་ཐོག་བབ་བྱེད་པ་དགོས་དགྲའི་སྙིང་། །གཤིན་རྗེ་ཐམས་ཅད་འདུས་པའི་ངོ་བོ་ཉིད། །གནམ་ལྕགས་རྒྱ་གྲམ་འབར་བས་དུམ་བུར་གཏུབ། །རུས་སྦལ་ནག་པོས་སྲོག་གཅོད་སྙིང་ཁྲག་འཇིབ། །སྤྱི་དགྲ་དང་ནི་སློབ་མ་དམ་ཉམས་རྣམས། །གནམ་ལྕགས་སྡིག་པས་སྲོག་རྩ་དམར་པོ་ཆོད། །དམ་ཚིག་གཅིག་ཀྱང་མཆེད་ལ་འཁུ་བ་རྣམས། །བསེ་ཡི་སྦལ་པ་ནག་པོས་ཤ་ཁྲག་ཟོ། །གནོད་བྱེད་སྔགས་པ་ནག་པོ་ཐམས་ཅད་ནི། །སྦལ་པ་དམར་པོས་སྲོག་སྙིང་བསྐོར་ཞིང་
སོང་། །བསྟན་དགྲ་མུ་སྟེགས་བོན་པོ་ནག་པོ་རྣམས། །དུག་གི་ཕག་རྒོད་ནག་པོས་བསྒྲལ་བར་གྱིས། །གཤེད་ཆེན་སྡེ་བཞིས་སྲོག་འཁོར་རྣམས་བཞི་ཆོད། །གཤིན་རྗེ་གནོད་སྦྱིན་ཁྲག་གཏོར་དལ་ཡམ་ཕོབ། །བདུད་མོ་ཁྲོ་གཉེར་ལྕགས་ཀྱུས་དགྲ་སྙིང་ཟུངས། །མོན་པ་གསོད་བྱེད་གནམ་ལྕགས་ཐོགས་མདའ་ཕོབ། །སྤྲུལ་པའི་ཁྱི་མོ་དགྲ་བོའི་བླ་ཕྱིར་རྒྱུག །གནམ་ལྕགས་བྱ་ཡི་ཁོང་ནས་ཙིཏྟ་ཕྱུང་། །དུག་སྦྲུལ་ནག་པོས་སྙིང་ལ་དུག་མདའ་རྒྱོབ། །གདུག་པའི་རུས་སྦལ་ནག་པོས་བླ་ཚེ་ཁུག །དམ་ཉམས་དགྲ་བོའི་རང་གཤེད་རང་ལ་ཕོབ། །ཁ་ཁ་ཁཱ་ཧི་ཁཱ་ཧི་དགྲ་བོ་མཱ་ར་ཡ། །གཤིན་རྗེའི་དམག་ཚོགས་རབ་ཏུ་དགྱེས་པར་བགྱི། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྦ་བར་མཛོད། །སྤྱི་དགོས་རུ་ཏྲའི་མིང་ཡང་མེད་པར་གྱིས། །ཕན་བདེ་འབྱུང་གནས་བསྟན་པ་འཕེལ་གྱུར་ནས། །འགྲོ་ཀུན་རྟག་ཏུ་བདེ་བའི་གནས་ཐོབ་ཤོག །ཚུལ་འདི་ལེགས་པར་གཤིན་རྗེའི་མན་ངག་མཆོག །བཀའ་རྒྱ་པ་ཡི་ལུགས་ཞེས་རྣལ་འབྱོར་པ། །ཛྷཱ་ན་རིན་ཆེན་སྨྲ་མོད་སྐྱེས་བུ་རྣམས། །ཚིག་དོན་ལེགས་པར་ཚོལ་དང་མངོན་སུམ་གསལ། །ཨྠྀི༔ སངས་རྒྱས་བསྟན་དགྲ་མ་ལུས་འདུལ་བ་
དང་། །བསྟན་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟློག་པ་སྤུ་གྲི་རེག་གཅོད་ཀྱི་འདོན་འགྲིགས་ཟིན་བྲིས།
བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཟློག་པ་སྤུ་གྲི་རེག་གཅོད་ཀྱི་འདོན་འགྲིགས་ཟིན་བྲིས་བཞུགས་སོ།།
བླ་མ་དང་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། ཁྲོ་ཆུའི་གཏོར་ཟློག་སྤུ་གྲི་རེག་གཅོད་ཞེས་ཀྱང་བྱ། ཟོར་ཟློག་ཅེས་ཀྱང་བྱ། ཟློག་པ་ཡོད་ཆོག་རྒྱལ་པོ་ཞེས་ཀྱང་བྱ་བ་འདི་ཡི་ཕྱག་ལེན་ཞལ་ཤེས་ནི། ལྕགས་འགུ་འབྲས་ཕུབ་བམ་ཐང་ལུད་ལྟ་བུས་བཀང་ལ་འཇིམ་ཞལ་བྱ། དེའི་སྟེང་དུ་རབ་བརྩེགས་པའམ་བྲིས་ཀྱང་རུང་སྟེ། ཆོས་འབྱུང་ནག་པོ་ཟུར་དྲུག་བསྣོལ་བའི་དབུས་དང་། ཟུར་དྲུག་ཏུ་བྲུབ་ཁུང་བདུན་བྲུས་པ་དམར་པོ་བྱ་བའི་ནང་དུ་གལ་ཆེ་ན། ཤོག་ལིང་མིང་དང་བཅས་པའམ་བསྡུ་ན་ཟན་ལིང་རེ་བཞག །དབུས་མའི་སྟེང་དུ་གཙོ་བོའི་གཏོར་མ་སྟོད་སྨད་ཁྲམ་རིས་གསུམ་ནག་པོ། ཟུར་དྲུག་ལ་ལས་གཤིན་དྲུག་གི་གཏོར་མ་མདོག་ལྷ་སོ་སོའི་ཁ་དོག་ལ་ཁྲམ་རིས་གཉིས་བརྩེགས་ཅན་བཞག གཙོ་བོ་ལ་
རྩང་ཉེར་གཅིག་འཁོར་དྲུག་ལ་བདུན་རེ། གཙོ་བོ་ལ་ལིངྒ་དང་སྙིང་གཟུགས་གསུམ་གསུམ་བཙུགས། འཁོར་ལ་རེ་རེ་བྱས་པས་དགུ། གཙོ་བོ་ལ་ཤ་རྒྱན་དང་རྩེར་མར་རྒྱན་མེ་རི་ལེགས་པོ་བྱས་ཏེ་ཟུར་ཞལ་ལོ། །གཞན་གོང་གཏོར་རང་གི་ལྷ་གཞུང་ལྟར་དང་། ཚོགས་གཏོར་ཟློག་པའི་བཅས་གཏོར་ཆུང་ཟུར་གསུམ་ཁྲག་གིས་སྦྲག་པ་དགུའམ་བརྒྱད། ལིང་ཆུང་ཁྲག་གིས་སྦྲག་པ་བདུན། ཕུར་པ། ཡུངས་དཀར། ཁྲག །རྡོ་ཐུན། དུག་ཐུན་ཐང་ཕྲོམ་ར་དུག་རེ་ལྕག །མཚེ་མདའ། རལ་གྲི། ཐོ་བ། གཏོར་སྐྱོགས་སོགས་བསགས། རང་གི་ལྷ་གཞུང་བསྲང་། ༈ དེ་ནས་གཏོར་ཟློག་འདོན་ལུགས་རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་རྒྱས་པ་ནི། ལས་བྱང་རྒྱས་པ་སི་ཏུའི་བསྒྲིགས་ལྟར་ལས། གུར་ཁང་དང་སྲུང་འཁོར་གྱི་བུ་
ཡིག་གཉིས་སབ་བདག་མདུན་དུས་གཅིག་ལ་བྷེ་སྟེ། མདུན་བསྐྱེད་ལ་སྲུང་འཁོར་བྷེ་མི་དགོས། ཡང་བདག་བསྐྱེད་གུ་དྲག་ལྟ་བུ་ལྷ་གཞན་ལ་བྱེད་ན། མདུན་བསྐྱེད་ཁྲོ་ཆུ་ཆོས་སྐྱོང་ལྟར་བྷེ་ཀྱང་རུང་སྟེ། སྲུང་འཁོར་ཁ་སབ་མི་དགོས་པར་ཐུགས་ཀར་གནམ་ལྕགས་ཀྱི་སྡིག་པ་དང་དགྲ་བགེགས་བསྐྱེད་ལུགས་གཞུང་གི་དེ་བྱེད་ཀྱང་ཆོག ༈ ཡང་ཁྲོ་ཆུ་གནམ་ལྕགས་གོ་མཚོན་ལྟར་བདག་བསྐྱེད་བྱས་ནས། མདུན་བསྐྱེད་ལས་བྱང་རྒྱས་པ་ལྟར་བྱེད་དེ། མཆོད་པ་བྱིན་རླབས་མན་ཆད་འདོན་ནོ། །ཤིན་ཏུ་བསྡུ་ན་ལས་བྱང་ཉུང་བ་ཁོ་ནས་བདག་མདུན་གཉིས་དུས་གཅིག་ལ་བསྐྱེད་ཀྱང་འཐུས་སོ། །རྒྱས་པར་བྱེད་ན་སྤྱན་འདྲེན་མཆོད་བསྟོད་གཞུང་ལྟར་ལས། བསྟོད་པ་རྒྱས་པ་གཉིས་ཁ་སབ། དེ་ནས་དམར་ཆེན་ཁྲག་གི་ཡོན་ཆབ་དམ་པ་འདི། །ཞེས་སོགས་མཆོད་པ་རྒྱས་པ་དེ་གསོལ་ཁའི་རྣམ་པར་བྱེད། དེ་ནས་མངའ་གསོལ་བྱེད། དེ་ནས་ཚོགས་དང་བསྐང་བ་གཉིས་གཞུང་ལྟར་བྱ། བསྒྲལ་ཆོག་ཚོགས་དུམ་རེ་དང་ལིངྒ་རེ་སྦྲགས་ལ་བཞག །མདུན་དུ་བྲུབ་ཁུང་ས་ལ་བཅས་པའམ། “མེད་ན་ལྕགས་སྡེར་རམ་ཐོད་པའམ་ཟངས་སྣོད་དུ་ལིང་ཆུང་བཞག་ལ། བྲུབ་ཁུང་བསྐྱེད་ཆོག་དང་འགུགས་གཞུག་བྱེད། འགུགས་ལས་རྒྱས་པར་ནི། བྷྱོ་ཁྲོ་ཆུ་དུག་གདོང་དུས་ལ་བབ། །གཤེད་ཆེན་སྡེ་བཞི་སོགས་ནས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། སོགས་དང་། ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས། །ཞེས་སོགས་བྱ་སྟེ་
འཁོར་མང་གཙོ་བོ་ལ་སྦྱར། བྷྱོ། འཆི་བདག་ནག་པོ་སོགས། ལས་གཤིན་དྲུག་སོ་སོར་ཁ་ཕྲལ་ནས་འགུགས་ལས་བྱ། བླ་འགུགས་སྔགས་སྦྱར། རྒྱས་པར་ན་འདི་ལ་གཏོར་ཆུང་གཅིག་བྲན་ནས་ཕུལ་ན་ལེགས། མེད་ཀྱང་ཆོག་གོ །འགུགས་ལས་བསྡུ་ན་ཧཱུཾ་ཆོས་སྐུ་ཞི་བ་སོགས་ཉུང་བ་དེ་ཁོ་ནས་ཆོག །ཐབས་ཀྱི་ཆོ་འཕྲུལ་འཇམ་དཔལ་གཤིན་རྗེའི་གཤེད། །ཟེར་བ་དེ་ལ་གཙོ་འཁོར་སོ་སོའི་མིང་བསྒྱུར། དེ་ནས་ཕུར་པ་སོགས་ཐུན་སོ་སོའི་ཚིགས་བཅད་སྔགས་དང་བཅས་པས་བརྒྱབ། རལ་གྲིས་གཏུབ། ཡོད་ན་ཐོ་བས་བརྡུང་། མེད་ན་རྡོ་རྗེས་བརྡུང་། ་་་ཡོད་ན་རབ་མེད་ན་ཐོད་ཏིང་ཟང་ཏིང་ནང་དུ་བཏེགས་ལ། གཞུང་གི་བསྟབས་པ་བྱས་ཏེ། འཆི་བདག་ནག་པོའི་ཞལ་དུ་བསྟབ། །ཟེར་བ་དེ་ལ་ལྷ་སོ་སོའི་མཚན་བསྒྱུར། རྩ་སྔགས་མཾ་ས་ཁཱ་ཧི། སོགས་སྦྱར་ནས་བཟློག་པའི་ནང་དུ་འབུལ། །བདུད་རྩིས་བྲན་ལ་གཏོར་ཆུང་བཤམས། གཙོ་བོའི་ཟློག་པ་མགོ་ནས་འདོན། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཟོར་ཁ་རླུང་ཁ་བསང་བའི་ལས་མཛོད་ཅིག །ཅེས་མདོས་ནང་དུ་གཏོར་ཆུང་ཕུལ། བདུད་རྩིས་བྲན། །གཙོ་བོའི་སྐུ་མདོག་ཕྱག་མཚན་གྱི་ཟློག་པ་དེ་འདོན། སྔོན་ཚེ་ཟློག་པ་གང་ནས་བྱུང་། །ཞེས་སོགས་ཟློག་བྱུང་དང་། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཅེས་སོགས་ཆེ་བ་བསྐྱེད་པའི་ཚིགས་
བཅད་དང་། ཡས་ཀྱི་བདུད་དུ་གཡོས་པ་སོགས། །བཟློག་རབ་ཚང་བར་འདོན་ཚར་ནས། །རོལ་ཆེན་དང་བཅས་པས་ཟློག་སྔགས་ཚར་གསུམ་ཙམ་འདོན། དེས་གཙོ་བོའི་ཟློག་པ་ཚར་རོ།། ༈ དེ་ནས་ཡང་ཟན་ལིང་བཤམས་ལ་བདུད་རྩི་བྱིན་བརླབས་མ་བྱས་པའི་ཕུད་རྒོད་དམ་རཀྟས་བྲན་ལ། འགུགས་གཞུག་བྱ། བྷྱོ༔ འཆི་བདག་ནག་པོའི་དུས་ལ་བབ། །དམ་རྫས་གཏོར་མ་ལྕགས་ཀྱུ་ཅན་སོགས། བླ་འགུགས་སྔགས་ཕུར་ཐུན་སོགས། འཆི་བདག་ནག་པོའི་ཞལ་དུ་སོགས་བསྟབ་པ། རྩ་སྔགས་ཁཱ་ཧི་ལིངྒ་འབུལ། བདུད་རྩིས་བྲན་གཏོར་ཆུང་བཤམས། ཧཱུྃ། སྐུ་ཡི་སྤྲུལ་པ་སོགས་ཟློག་པའི་སྤྱན་འདྲེན། གཏོར་ཆུང་འབུལ། བདུད་རྩིས་བྲན། སྔོན་ཚེ་ཟློག་པ་གང་ནས་བྱུང་། ཞེས་སོགས། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཟློག་སྔགས་དང་རོལ་མོ་བྱ། དེ་དང་ཁྱད་པར་མེད་པར། གསུང་གི་སྤྲུལ་པ་ལ་ཚར་གཅིག །ཐུགས་ཀྱི་སྤྲུལ་པ། ཡོན་ཏན་སྤྲུལ་པ། ཕྲིན་ལས་སྤྲུལ་པ་ཡ་མ་རཱི་ཙ་རྣམས་ལ་ཡང་། དེ་བཞིན་དུ་གོ་རིམ་མ་ནོར་བར་བྱ། དེ་ནས་རྩང་གྱེར། བསྐུལ་པ་གཅིག་གིས་གཏོར་ཆུང་གཅིག་འབུལ། ཆད་མདོ་ལྷག་མ་རྣམས་བྱ། ཞག་དུ་བཅའ་ཡང་ཉིན་རེ་དེ་ལྟ་བུ་རེ་ཚང་བར་བྱ། ཐུན་བཞིའམ་གསུམ་ལ་བསྐུལ་ཐུང་གང་རུང་རེས་གཏོར་ཆུང་རེ་མདོས་ནང་དུ་འབུལ། དེ་ནི་རྒྱས་པའོ།། ༈ འབྲིང་ནི་གཞན་གོང་དང་འདྲ་བ་ལ། གཙོ་བོའི་བསྒྲལ་ལས་
སོགས་ཚར་གཅིག་གོང་ལྟར་བྱེད། སྐུ་གསུང་ཐུགས་ཕྱོགས་གཅིག་ཏུ་བསྡུ། ཡོན་ཏན་ཕྲིན་ལས་ཡ་མ་རཱ་ཙ་གསུམ་ཕྱོགས་གཅིག་ཏུ་བྱས་པས། བསྒྲལ་ལས་སོགས་གསུམ་གྱིས་ཆོག །༈ བསྡུས་པ་བྱེད་ན། བསྒྲལ་ལས་ལིངྒ་ཆེ་བ་གཅིག་ལ་བྱས་ལ་གཏུབ་ལ་བསྟབ་པ་བྱ། ཟློག་པ་གཞུང་ན་བྲིས་ནི་སྣང་ལྟར་ཚར་གཅིག་འདོན་ཏེ། ལྷ་སོ་སོའི་མཚམས་སུ་གཏོར་ཆུང་རེ་འབུལ། ཟློག་པ་ཚར་ནས་རྩང་གྱེར་འདོན། བསྐུལ་པ་གང་རུང་གཅིག་གིས་གཏོར་ཆུང་འབུལ། ཆད་མདོ་སོགས་རང་གི་ལྷ་གཞུང་ལྟར་བྱས་པས་ཆོག །༈ ཚོགས་དང་བསྐང་བ་ཟློག་པ་རྣམས་གབ་སྤྲད་པ་འདི། རྙིང་མ་ལུགས་ཀྱི་ཕྱག་ལེན་རྣམ་པར་དག་པ་ཡིན་པས་ཚོགས་ཡོད་ན་རབ། ཚོགས་དང་གསོལ་ཁ་མངའ་གསོལ་རྣམས་མ་འཕྲོད་ཀྱང་། མེད་ཐབས་མེད་པ་མ་ཡིན་པས། ཟློག་པ་གཞུང་ལྟར་བསྒྲལ་ལས་སོགས་རུང་ངོ་། །དེ་ནས་ཞག་གྲངས་ཐེམས་ནས་ཟློག་པ་གདན་ནག་པོར་དཔག་ལ། གཏོར་ཆུང་བཅུ་བཞི་བཤམས་ནས་ཐ་མ་བསྐོར། ཨེ། གྲུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །སོགས་འགྲེས་བཤང་ལ་གཏོར་རྫོངས་འབུལ། མཁའ་འགྲོ་རྒྱུ་ཟློག་གཟའ་ཕིཊི་སྒྲ་གཅན་སོགས་ཞིབ་པར་རྩིས་ལ་གདོང་མ་ཐུག་ཅིང་། རང་དང་ཡོན་བདག་གི་ལོ་ལྷའི་ཕྱོགས་མ་ཡིན་པར་གདོང་ཕྱོགས་ལ། ཁྱིམ་གྱི་མཐོང་ཁའམ་སྦྲའི་བསག་འདབ་བཀྱགས་ནས། ཁྱིམ་ཕུག་ཕྱོགས་སུ་གཏོར་ཟློག་བཞག །ཐུར་དུ་ཡོན་བདག་རྣམས་གྲལ་བྱས། རང་གི་མདུན་མེ་ཧོམ་གཅིག་
བརྩེགས་ལ་སླ་ང་ལ་ཁྲག་གིས་གྲུ་གསུམ་བྲིས་པའམ། བྲུབ་ཁུང་ནང་གི་ལིངྒ་ཤོག་ལིང་ངམ། ཟན་ལིང་བཞག །དེ་ནས་ཡར་གཏོར་གདན་ནག་པོ་ཕྲའུ་བཏིང་། མར་སྣེར་གསེར་སྐྱེམས་དཀར་གཏོར་བཞག །ཆད་མདོ་ནས་ཡར་གྱེན་དུ་རང་གི་ཆོས་སྐྱོང་དུ་ཡོད་དམར་གཏོར་རྣམས་བཤམས་རང་གི་མདུན་དུ་ཟོར་བཤམས། རང་སྔགས་ཆས་གྱོན། དར་ནག་བསྒྲེངས་ལ། རྔ་བརྡུང་ཞིང་གསེར་སྐྱེམས་འབུལ། དཀར་གཏོར་འབུལ། དེ་ནས་ཆེད་མདོ་སོགས་གཏོར་འབུལ་ཐམས་ཅད་བྱ་སྟེ། ཆོས་སྐྱོང་ཆུང་བ་ཐམས་ཅད་སྔོན་ལ་འབུལ་ཞིང་། ཆོས་སྐྱོང་ཆེ་བ་ཐམས་ཅད་རྒྱབ་ནས་འདོན་ནོ། །དེ་ནས་ཟོར་རྣམས་འཕང་། དེ་ནས་ཟློག་པའི་ཡ་མ་རཱ་ཙའི་གཏོར་མ་མཆོད་གཡོག་པས་བླངས་ནས། གཏོར་ཐེབས་སུ་བདུད་རྩིས་བྲན་ལ། ཡོན་བདག་ཐམས་ཅད་ཀྱིས་ལག་འགྲིམ་བྱས་ནས་རང་ལ་གཏད། ཧཱུྃ། གཉིས་མེད་སྤྲུལ་པ་ཡ་མ་རཱ་ཙ།། །ཞེས་སོགས་འདོན་ནས་བཟློག་སྔགས་བཟླས་ལ་འཕང་། དེ་བཞིན་དུ་ཟ་བ་ལྗང་ནག །བི་བྷ་སྭ་ཏ། ཐུགས་སྲོག་བདག །གསུང་ཚེ་བདག །སྐུ་འཆི་བདག་རྣམས་རྒྱོབ། དེ་ནས་ཁྲོ་ཆུའི་གཏོར་མ་སྣོད་དུ་བཤམས་ལ་མེ་རུ་བཙུགས་ནས། ལག་ཏུ་བཟུང་ལ་ཕྱག་རྟགས་རྡོ་རྗེ་འདོན། སྔགས་བཟླ་ཞིང་ཡོན་བདག་ཐམས་ཅད་ཀྱི་མགོ་ཐོག་ཏུ་འགྲིམ། རང་ལ་དབང་མི་ཞུ་བའི་ང་རྒྱལ་ཅན་ཡོད་ན་ཕྲག་གོང་དུ་བཞག་པས་ཆོག །དེ་ནས་གཏོར་མ་མདུན་དུ་བཞག་ལ་བྲན། གཙོ་བོའི་བསྐུལ་པ་གཅིག་འདོན་ལ་མེ་ཧོམ་དུ་འབུལ། ལིངྒ་ཟོར་དང་ཟློག་གཏོར་ཐམས་
ཅད་བསྲེགས། ཆོས་སྐྱོང་དང་གཏོར་མ་དཀར་གཏོར་རྣམས་བཟའ་རུང་།། མདོས་གདན་སྒོ་ཐེམ་འོག་ཏུ་སྦུབ་ལ་རྟ་བྲོ་བརྡུང་། ནང་དུ་ལྷར་གཏང་རག་གི་ཚོགས་བཟང་དུ་འབུལ། ཤ་ཁྲག་མ་འདྲེས་པའི་མཆོད་པ་གཅིག་བཤམས་ལ། ཚེ་འགུགས་དང་གནམ་ལྕགས་གོ་ཆའི་མཇུག་གི་ནོར་ལྷ་མཆོད་བསྟོད་དང་། བསྙེན་པ་ཅུང་ཟད་བྱས། རྗེས་ཆོག་མཆོད་བསྟོད་བསྡུས་པ་ཨབྷཾ་སོགས་དང་། བཀྲ་ཤིས་གང་ཤེས་རྒྱས་པར་བརྗོད། བཀྲ་ཤིས་ཚོགས་ལ་སྦྱར་ལ་ཚོགས་གྲལ་དུ་ཚེ་འགུགས་བཀྲ་ཤིས་བྱས་ན་ཡང་ལེགས། དེ་དག་ནི་གཏོར་ཟློག་གི་ཕྱག་ལེན་ཡིན་པས། ༈ ཡང་ཟློག་བཅའ་ཚོགས་མ་གཏོགས་འདོན་ལུགས་དང་འདོན་ཆ་གཅིག་ཡིན་ནོ། །ངེས་པར་བསྲུང་བ་རྟགས་ཐོན་ངེས་པར་བྱེད་དགོས་ན་སྔ་དྲོ་ནས་གཞུང་ལྟར་བསྲུང་བའི་དམིགས་པ་བཟུང་ནས། བསྲུང་སྔགས་གང་མང་བཟླ། ༈ དགོང་མོ་ནས་བཟློག་པའི་དམིགས་པ་བཟུང་ནས་ཟློག་སྔགས་གང་མང་བརྒྱ་ལས་མི་ཉུང་བ་བཟླ། དེ་ནས་ཞག་མང་དུ་བྱས་པས་རྨིས་རྟགས་ཐོན་པར་བྱའོ། །རྨིས་རྟགས་གཞུང་ན་གསལ་ལོ།། ༈ ཡང་རང་དོན་ལྟ་བུ་ལ་བཅའ་ཚོགས་རྣམ་གཡེང་མི་སྤྲོ་ན། གནམ་ལྕགས་གོ་ཆ་ཁོ་ན་ལ་གཞུང་བཟུང་ལ་སྔ་དྲོ་སྲུང་སྔགས། ཕྱི་དྲོ་ཟློག་སྔགས་དང་ཐུན་གཏོར་འབུལ་བ་སོགས་བྱས། གཙོ་བོར་སྔགས་དང་དམིགས་པ་ལ་འབད་པར་ཟབ་པའི་མཐར་ཐུག་གོ །བསྙེན་པ་བྱེད་ན་ཡང་གནམ་ལྕགས་གོ་ཆ་ལྟར་ཉམས་སུ་བླང་པས་འཐུས་སོ། །བདག་གིས་བྲིས་དང་སྡེབ་སྦྱོར་ལ་མ་སྦྱངས་པས། །
བྲིས་ངན་སྡེབ་སྦྱོར་མ་དག་འཁྲུལ་པའི་ཚོགས། །མཁས་པས་བཞད་བགད་གནས་སུ་གང་གྱུར་པ། །མཁས་པའི་རང་བཞིན་ཅན་ལ་བཟོད་པར་གསོལ། །ཅེས་པ་འདི་ནི་བློ་གྲོས་རྣམ་དཔྱོད་ཅན། །ཀུན་དགའི་ཉི་མས་གསུང་གིས་བསྐུལ་བ་ལས། །ཐུན་མཚམས་གཅིག་ཏུ་མགྱོགས་པར་བྲིས་པའོ། །རཱགའི་མིང་ཅན་བསམ་གཏན་པ་དེས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ལས་ཀྱི་གཤིན་རྗེའི་ལས་ཚོགས་ཟློག་པའི་དམིགས་རིམ་མཚོན་ཆའི་སྐྱོགས་ཆེན།
ལས་ཀྱི་གཤིན་རྗེའི་ལས་ཚོགས་ཟློག་པའི་དམིགས་རིམ་མཚོན་ཆའི་སྐྱོགས་ཆེན་བཞུགས་སོ།།
ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་ལ་ཕྱག་འཚལ་ལོ༔ འདིའི་སྒོ་ནས་ཟློག་པ༔ བྱད་མ་འབུམ་རྡུགས་སྤུ་གྲི་རེག་གཅོད་བྱ་ནི་སྔགས་ཀྱི་འཁྲུལ་འཁོར་གྱི་སྦྱོར་བས་ཟློག་པ་གང་འདོད་སྒྲུབ་པ་སྟེ༔ གཞུང་གི་ཟློག་ཆོགས་ཀྱི་ཟློག་པ་དང་༔ ཡང་ཟློག་སྐབས་དེ༔ ཐུན་གཏོར་འབུལ་བའི་མཇུག་སོགས་སུ༔ རང་ཉིད་ལས་ཀྱི་ཁྲོ་ཆུར་གསལ་བཞིན་དུ༔ རྩེ་ཕྱག་གཡས་གཡོན་སྲ་མཁྲེགས་ཅན༔ རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་པ༔ འཛམ་བུ་གླིང་གི་རྒྱ་ཁྱོན་ཙམ་དུ་དམིགས༔ ཕྱག་གཡོན་གྱི་མཐིལ་དུ༔ ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་མངོན་སུམ་ལྟ་བུ༔ མདའ་མདུང་༔ རལ་གྲི༔ སྤུ་གྲི༔ ཆུ་གྲི་སོགས་མཚོན་ཆའི་རིགས་ནགས་ཆེན་གྱི་ཤིང་ལྟར་སྐྱེས་པ༔ འཇིགས་ཤིང་སྐྱི་གཡའ་བའི་དབུས་སུ༔ ཧཱུྃ་ལས་སྐྱེས་པའི་དགྲ་
བགེགས་གང་ཡིན་མངོན་སུམ་དུ་གསལ་བར་བསྒོམ༔ རང་གི་སྐུ་དང་ཁོའི་རླུང་ནི་རྣམ་པ་ནག་པོས༔ སྤྲུལ་རླུང་ནག་འཚུབ་མ་སྤྲོས༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ༔ གང་དུ་གནས་པ་ནས༔ རྩྭ་སྦུར་རླུང་ནག་གིས་གདིང་ནས་བསྡུས་པ་ལྟར༔ ཕྱག་གཡོན་གྱི་གཟུགས་ལ་སིབ་སིབ་ལུབ་འུབ་ཀྱིས་བསྡུས་ནས་ཐིམ༔ དེ་ཡང་རང་ལ་གནོད་བྱེད་ཀྱི་དངོས་པོ༔ སྔགས་པ༔ བནྡེ༔ བོན་པོ༔ སྐྱེས་པ༔ བུད་མེད་སོགས་དམིགས་བསལ་ཡོད་ན༔ དང་པོ་སོ་སོར་དམིགས་ལ༔ སོ་སོར་འགུགས་བསྟིམ་བྱ༔ དེ་ནས་རང་གི་ཕྱག་གཡས་ཀྱི་མཐིལ༔ གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བརྒྱད་པ༔ གདན་ཐབས་སུ་ཡོད་པ༔ རྩིབས་རྣམས་ཀྱི་རྩེ་མོར༔ ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་མྱོས་བྱེད་རལ་གཅིག༔ ཨརྱ་
འོད་ཟེར༔ རལ་པ་ཚལ་དགུ༔ རྗེ་དམར་རལ་ནག༔ གྲི་ཐོད་གིང་བཞི༔ ཤཱ་ཐོགས་རྩིས་བཞི༔ སྲོག་གཅོད་ཤན་པ་བཞི་སོགས༔ གཤིན་རྗེ་མཚོན་ཐོགས་མང་པོ་སྤྲིན་ལྟར་འཁྲུག་ཅིང་༔ རླུང་ནག་ལྟར་འཚུབས་པ༔ ཐོག་སེར་ལྟར་འཕྲོ་བ༔ འཁོར་ལོ་རེའི་ལྟེ་བར། སྔགས་པ་དང་༔ བོན་པོ་ལ་དམིགས་ན། ཆུ་གྲི་རབ་ཏུ་རྣོ་བ། རྩ་བ་སྲ་མཁྲེགས་ལ༔ རྩེ་མོ་རབ་ཏུ་རྣོ་བར་བསྒོམ༔ ཡང་དམིགས་བྱ་བནྡེ་ཡིན་ན༔ གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ༔ ར་དགུ་གདེངས་ཤིང་རྣོ་བའི་ངར་དང་ལྡན་པའོ༔ བཙན་པོ་ལ་དམིགས་ན༔ གནམ་ལྕགས་ལས་གྲུབ་པའི་རལ་གྲི་རྣོ་ངར་དང་ལྡན་པོར་དམིགས༔ བུད་མེད་ཡིན་ན་སྤུ་གྲི་རབ་ཏུ་རྣོ་བ། སྐྱེས་པ་ལ་རལ་གྲི་རྣོ་བའི་ངར་ཅན༔ རྩོ་བ་རབ་ཏུ་འདྲེན་པ༔ རྩེ་མོ་བསམ་གཅོད་འབར་བར་བསྒོམ༔ གཞན་ཡང་གང་དང་གང་ལ་དམིགས་པ་དེ་དང་དེའི་གཉེན་པོར་དམིགས་པ་ནི་རིགས་པས་འཕྲུལ་ཤེས་ཤིང་སོ་སོར་སྔགས་ཀྱང་འོག་ནས་འབྱུང་བ་བཞིན་བཟླ་ཤེས་པར་བྱའོ༔ དེ་ཡང་སྤྱི་ལ་འཁོར་ལོའི་ལྟེ་བར་ཆུ་གྲི་རབ་ཏུ་རྣོ་བར་བསྒོམ༔ ཕྱག་གཡས་དེ་གཡོན་གྱི་སྟེང་དུ་བསྟབས་པས༔ ཆུ་གྲི་དེ་ཁོ་ཡི་དྲི་ལ་བརྒྱབས་པས༔ ཤ་མོང་ལ་ཐོག་བརྒྱབ་པ་ལྟར་ཐལ་བར་བརླག༔་འཁོར་ལོའི་རྩིབས་དང་བཅས་པས༔ ཁོའི་གཟུགས་ཕུང་རྣམས་བསྒྲལ་ནས༔ ཤ་ཁྲག་ཉིལ་གྱིས་ཁྲག་སྐྱོ་ལྟར་གྱུར་པ༔་ཁོ་ལ་མགོན་པའི་ལྷ་སྲུང་༔ མགོན་པའི་ལྷ་ལྔ༔ སྐྱོབ་པའི་ལྷ་དགུ་ཐམས་ཅད༔ རང་གཤེད་རང་ལ་བབ་ནས༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་བྱེ་
བ་འབུམ་དུ་གྱུར་ནས༔ དམིགས་བྱ་བསྒྲལ་བའི་ཤ་ཁྲག་དབང་པོ་དོན་སྙིང་ནང་རོལ་ཧབ་ཐོབ་ཟོས༔ དེ་ལྟར་ཟོས་པའི་ལྷག་མ་ཅུང་ཟད་ལ་ཡང་༔ ཁོའི་རྣམ་སྨིན་ལས་གྲུབ་པའི་འབྱུང་བཞི་རྣམས༔ རང་གཤེད་རང་ལ་བབ་པའི་ཚུལ་གྱིས་བསྐལ་པའི་མེ་འབར་བས་བསྲེགས༔ དེའི་ཐལ་བའི་དངོས་པོ་འོག་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་སྲིད་རྩེར་ལྷུད་ནས་བཀྲུས༔ འོག་གཞིའི་རླུང་དཀྱིལ་རབ་ཏུ་འཚུབ་ནས་ཁོའི་རྗེས་ཤུལ་ཙམ་ཡང་གཏན་ནས་མེད་པར་རབ་ཏུ་གཏོར༔ རྣམ་པར་ཤེས་པའི་ངོ་བོ་ལ༔ རྣམ་པ་ཡི་གེའི་གཟུགས་ཚུ་ཡིག་ཏུ་གྱུར་ནས་མདའ་འཕང་བ་ལྟར༔ འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་ཞེས་བྱ་བའི་ཚུལ་བྱང་ཆུབ་སེམས་དཔའ་དེའི་ཐུགས་ཀར་ཐིམ༔ དམིགས་པ་དེ་རྣམས་ཚར་རེ་ལ་ཐལ་རྡེབ་རེ་དང་། སྤྱི་ལ་ཟློག་བསད་གལ་ཆེ་རིགས་སྤྲོད་ལ༔ ལན་དགུ་བརྡབ་པའོ༔ སྔགས་པ་ནང་འགྲས་སོགས་དང་༔ ཕ་རོལ་ཧ་ཀྱང་སྟོབས་ཆེ་རིགས་ལ་ནི༔ བརྒྱའམ་སྟོང་སོགས་གལ་ཆེ་ཆུང་དང་སྤྱད་ཤེས་དགོས་སོ༔ དེ་ལྟ་བུའི་གལ་ཆེ་རིགས་ལ་མང་དུ་མ་བྱས་ན༔ ཕ་རོལ་ལ་ནུས་པ་ཐེང་ཀ༔ གལ་ཆུང་ན་ནན་ཏན་ཆེ་དྲགས་ལ་མང་ཐལ་ན་རང་ལ་ལྡོག་ཉན་ཆེ་བས་མང་ཉུང་ཚོད་དང་སྦྱར་བ་གལ་ཆེའོ༔ དེ་དག་གི་བསད་ཟློག་སྤྱི་ལ་ཟློག་སྔགས་སོགས་གཞུང་དེ་བཟླས་པས་འཐུས་ལ༔ སོ་སོར་ལྷ་དམིགས་བསལ་ཡོད་པའི་སྔགས་པ་ཡིན་ན༔ བསད་ཟློག་སྤྱི་གཞུང་དེས་ཆོག་ལ༔ ཡང་མགོ་དཔོན་ནམ་བཙན་པོ་དང་འགྲས་ན་བསད་སྔགས་
གཞུང་ལ་འདི་བཏགས༔ རཱ་ཛ་རྨི་ཛ་ཐུ་རིལ་མཱ་ར་ཡ་རྦད་རྦད༔ བནྡེ་ལ་དམིགས་ན༔ བསྙེན་སྔགས་དང་བསད་སྔགས་ལ་འདི་བཏགས༔ སྲོག་ལ་ཧུར་ཐུ་རླུག་མཱ་ར་ཡ་རྦད༔ ཡང་སྐྱེས་པ་དང་༔ བུད་མེད་ལ་དམིགས་ན༔ གོང་ལྟར་སྔགས་ཤམ་དུ༔ སྲོག་ལ་ཧུར་ཐུ་རྨུག་མཱ་ར་ཡ་ཆེར༔ ཡང་སྔགས་པ་དང་འགྲས་ན་རྩ་སྔགས་ལ་འདི་བཏགསཾ༔ ཙིཏྟ་ཁཾ་ཤཾ་ཛ༔ སྲོག་ལ་མཱ་ར་ཡ་ཧུཾ་རྦད༔ བོན་པོ་དང་འགྲས་ན་སྲོག་ལ་ནི་ཛཤཾ་རྦད༔ རྨུག་མཱ་ར་ཡ༔ ཐུ་ཆད༔ ཅེས་གལ་ཆེ་ན་དེ་བས་སོ་སོའི་དམིགས་པ་ཟབ་མོ་ཡང་ཞལ་ལས་ཤེས་པར་བྱའོ༔ ཨ་རཱ་གས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།
གཏོར་ཟློག་གི་ལས་མཐའ་ཡང་ཟློག་གི་ཟིན་བྲིས་བསྡུས་ཏེ་བརྗེད་ཐོ་ཙམ་དུ་བཀོད་པ།
གཏོར་ཟློག་གི་ལས་མཐའ་ཡང་ཟློག་གི་ཟིན་བྲིས་བསྡུས་ཏེ་བརྗེད་ཐོ་ཙམ་དུ་བཀོད་པ་བཞུགས་སོ།།
ཤམཡ༔ འཇམ་དཔལ་གཞན་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཁྲོ་ཆུ་དུག་གདོང་གི་གཏོར་མ་ལ་བརྟེན་ཏེ༔ ཟློག་པ་ལ་ལྔ་སྟེ། རྩང་མདོས། གཏོར་ཟློག །ཟློག་ཟོར། ཁྲག་བསད། ཡང་ཟློག་གོ །དང་པོ་གསུམ་ནི་མཐོང་བ་བརྒྱུད་པ་ལྟར་རོ། །བཞི་པ་ནི། བོང་ང་ནག་པོ། ཐར་ནུ། རེ་ལྕག །ཐང་ཕྲོམ། སྟག་གཟིག་དོམ་དྲེད་འཕར་སྤྱང་ལ་སོགས་གཅན་གཟན་སྣ་ཚོགས་ཀྱི་ཤ་ཁྲག །བ་གླང་ར་ལུག་གི་ཁྲག་རྣམས་ཞིབ་པར་བརྡུང་ལ། འབྲུ་ནག་སོགས་བསྲེས་ལ། གཏོར་མ་ཟུར་གསུམ་ཐོག་མདེལ་ལྟ་བུ་ལ་ལྷ་གྲངས་
ཀྱིས་བསྐོར། ཉ་བོ་སྙིང་གཟུགས་དགུ་རེས་བརྒྱན། དྲག་པོའི་སྣོད་དུ་བཤམས་ལ། ཤ་ཁྲག་གཙང་མས་བརྒྱན། དེ་ནས་བཀྲ་མི་ཤིས་པའི་ས་སྣ་བསྡུས་ལ་ཀོང་བུ་སོར་བཞི་བྱའོ། །ཀོང་བུ་དེ་དགྲ་བོ་བྱད་མ་གནོད་བྱེད་གང་ཡིན་གྱི་ས་ཡུལ་ཞིང་བང་ཁང་དང་བཅས་པར་བསྐྱེད། སྡོང་ཤིང་ལ་ལིང་ག་དཀྲིས་ཏེ། དེ་རྒྱབ་སྡོང་རས་དཀྲི། གཏོར་ཟློག་བསྐུལ་སོགས་གཞུང་ལྟར་བྱ། མར་མེ་ལ་འགུགས་གཞུག་དྲག་ཏུ་བྱ། མར་ཁུ་ཕག་ཚིལ་དང་ར་ཚིལ་ལ་བྱ། དགུ་གསུམ་ལ་བསྒྲུབ། འདི་རང་ཁྱིམ་དུ་མི་རུང་། གལ་ཏེ་དགོས་པ་བྱུང་ན་མར་མེ་བསད། བསད་དུས་སྒོར་
བསད་དེ་ནས་གོང་གི་ཁྲག་སྣ་འདྲེས་པའི་ཁྲག་སྔགས་ལ་བསད་པར་བྱའོ། །སྔགས་ནི་གཞུང་གི་བསད་སྔགས་ཉིད་དམ། ཕྱི་པ་མུ་སྟེགས་པ་དང་བོན་པོ་བསྒྲལ་བའི་མཚོན་ཆ་སྤུ་གྲི་ལྷ་བུའོ། །ཨྠྀི༔ ས་མ་ཡ་ཁ་ཐཾ༔ ཨོྃ༔ རང་གི་ལས་སྦྱོར་བྱས་པ་ལ། ཕ་རོལ་པོས་བཟློག་པ་བྱས་ནས་ཟློག་རྟགས་བྱུང་ན། ཕ་རོལ་པོ་སྟོབས་ཆེན་གྱི་བྱད་ཁ་དང་ལྷ་འདྲེའི་གཡོས་ཆེན་སོགས་ལ་ཡང་ཟློག་བཅའ་སྟེ། གཡུལ་ཆེན་འགྱེད་པའི་ས། གཤའ་རྒྱུད་དྲག་པོའི་ས་དང་གྲོག་མཁར་ས། ཆུ་ཚེ་ཟད། རྡོ་ཚེ་ཟད། ཤིང་ཚེ་ཟད། ཚྭ་ཆུ་ས་སྐྱིན་དང་སྦྱར་ཏེ། སྟེགས་བུ་གནས་དང་བསྟུན་ལ་འདོམ་གང་ངམ། ཇི་ལྟར་མཚམས་པ་གྲུ་བཞི་རྩང་རས་བསྐོར། དེའི་སྟེང་དུ་དཀྱུས་མཐོ་གང་དཔངས་སོར་ལྔ་པ་གྲུ་བཞི་པ་བསྐོར་མར་བརྩེགས། དེ་ལས་ཆེ་ཡང་མི་འགལ། དེའི་སྟེང་དེ་ལས་ཆུང་བའི་གྲུ་གསུམ་གཉིས་བསྣོལ་མར་བརྩེགས། དེའི་སྟེང་དུ་གྲུ་གསུམ་ཆེ་བ་ལ་རིམ་པར་བརྩེགས། དབུས་ལ་གཏོར་མ་ཨེ་ཆུང་བཅོ་ལྔའི་ནང་དུ་ལིངྒ་བཞག །ཁ་གྲུ་གསུམ་གྱིས་བཅད། གྲི་ཕུར་གྱིས་ཐུན་ལ་བཅད། ཐུན་ཐག་ཐམས་ཅད་དབུས་སུ་བྱུང་། རྩང་ར་ནང་དུ་བཏགས། གྲུ་གསུམ་ཐམས་
ཅད་རྩང་རྩེ་ཟུར་གསུམ། སྐེད་པ་གྲུ་བཞི། རྩ་བ་ཟླུམ་པོ་ཉེར་གཅིག་རེ་སྲིན་མོ་འགྲོས་སུ་བསྐོར། གྲུ་གསུམ་རེ་རེའི་ཁར་གཏོར་ཆུང་རེ་རེ་བཤམ། དབུས་སུ་རབས་ཆད་མ་ལ་སོགས་པའི་ཐོད་པ་མཚན་ངན་དུ་ལིང་ཆུང་བརྒྱ་རྩ་བརྒྱད། ལིང་ག་དངོས་གཞུང་བཞིན་གཞུག །ཁ་བཀབ་ཐུན་ནམ་ཕུར་པས་བཅད་ཐུན་ཐག་བཞི་ཕྱོགས་བཞིར་འཐེན། ཕྱི་ཡི་རྩང་ར་ནང་དུ་ཕུར་པ་རལ་གྲི་བཞི་ལ་རྟོད། དབུས་ཀྱི་སྟེང་དུ་རྩང་གི་ལྡེང་ཁྲིའི་ཁར། དུག་ཁྲག་གི་གཏོར་མ་གྲུ་གང་བ་གཅིག་ཤ་ཁྲག་གིས་བརྒྱན་གྱི་ཕུར་དགྲ་སྟ་དར་ནག་ཞིང་ལྤགས་ཀྱི་སྐུ་རྣམས་གཟུགས། དེ་ཡི་གཡས་སུ་ཕུན་སུམ་ཚོགས་པའི་ཚེ་ཟས། གཡོན་དུ་རྟེན་གཏོར། མདུན་དུ་རྒྱུན་གཏོར་དང་ཐུན་གཏོར་རྣམས་བཤམས། བསྡུ་ན་བསད་ཁང་དབུས་མས་ཆོག་གསུངས་པས། བཅུ་བཞི་པའི་ནང་དུ་ཟན་ལིང་རེ་དང་སྟེང་དུ་གཏོར་ཆུང་རེ་བཞག །དབུས་ཀྱི་རྩང་རའི་སྟེང་དུ་དམར་གཏོར་གྲུ་གང་། འོག་ཏུ་ཐུན་ཁང་དུ་ལིངྒ་ལ་ཕུར་པ་གཟིར་བར་བྱའོ། །བསྐྱེད་ཆོག་འདོན་ཆ་སོགས་ཟློག་པ་དང་འདྲའོ། །འདི་དབུ་གཙུག་གམ་འདོན་དུས་མགོ་ཕུར་བདུད་ཉི་སོགས་ལ་བྱ་ཞིང་། གནས་ཀྱང་རི་རྩེ་གསུམ་
ལུང་གསུམ་མདོ་སོགས་བཟང་བར་བཤད་དོ། །དེས་ནི་སྲིད་མེད་བུ་ཡི་སྟོབས་ཡིན་ཀྱང་ཟློག་གོ། ཡང་ཟློག་བསད་ཁང་བཅའ་གཞིའི་འཁྲུལ་འཁོར་གནམ་ལྕགས་སྐྱོགས་ཆེན་དགྲ་བགེགས་ཀུན་འཇོམས་ཞེས་བྱའོ། །ཟིན་བྲིས་རཱ་གས་ཅུང་ཟད་གསལ་བར་བཀོད་པའོ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་མཚོན་ཆར་ཤོག །འདི་གཞན་དང་མི་འདྲ་ཀུན་ལ་མེད་པས་སྦས། དེ་ཕྱིར་གཞན་ལ་གབ་སྐུང་ཤེས་པར་གྱིས། ས་མ་ཡ་རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ སྤྱི། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ཧོམ་ཟློག་ཆུའི་ཞགས་པ། ཡང་ཟློག་ལྷན་ཐབས་དམིགས་པའི་སྐོར།
ཧོམ་ཟློག་ཆུའི་ཞགས་པ། ཡང་ཟློག་ལྷན་ཐབས་དམིགས་པའི་སྐོར། ཨྠྀི། ན་མོ་མཉྫ་ཤྲཱི་ཀྲོ་དྷ་ཡ། ཡང་ཟློག་བཅའ་ཐབས་གཞུང་ལྟར་ཏེ། །ཁྱད་པར་དམིགས་རིམ་གབ་པ་ནི། །ཕ་རོལ་བྱད་མ་ལྷ་སྲུང་རྦད་འདྲེ་རྣམས། །མེ་ལས་གྲུབ་པའི་ཁྲོ་བོ་ཁྲོ་མོའི་ཚོགས། །ལག་པ་མེ་ཡི་མཚོན་ཆ་སྣ་ཚོགས་ཐོགས། །།བདག་ཅག་འཁོར་བཅས་སྟེང་དུ་དམག་ལྟར་ཆས། །བདག་ཉིད་སྐད་ཅིག་ཆུ་ལས་གྲུབ་པ་ཡི། །ཁྲོ་ཆུ་ལུས་དཀྱིལ་བཅས་པ་དྲན་རྫོགས་གསལ། །རང་ལས་སྤྲུལ་པ་ཆུ་ལས་གྲུབ་པ་ཡི། །ཁྲོ་ཆུང་དཔག་མེད་ནམ་མཁའ་ཁྱབ་པར་སྤྲོས། །ཕྱག་ན་ཆུ་ལས་གྲུབ་པའི་མཚོན་ཆ་ཐོགས། །ཕར་ལ་བརྒྱབས་པས་དགྲ་བོ་བྱེད་མ་བཅས། །མེ་ཡི་སྟེང་དུ་ཆུ་ཆེན་རྒྱབ་པ་ལྟར། །ནག་ཐུམ་གྱིས་བསད་རྗེས་མེད་བརླག་པར་བསམ། །ཁྲོ་ཆུའི་བསྙེན་སྔགས་ཟློག་སྔགས་བཅས་པའི་མཐར། །ཡ་མ་ས་མ་ཏི།། དགྲ་བོ་བྱེད་མའི་སྲོག་ལ་བྷྱོ་བྷྱོ་ཟློག །དེ་ལ་ཞག་རེ་བརྒྱ་ལས་མང་མི་བྱ། །ཡང་ན་བསྙེན་སྔགས་ཟློག་སྔགས་སྦྲེལ་བའི་མཐར། །བྱད་མ་ལྷ་དང་བཅས་པའི་ཤ་ལ་རྒྱུག །སྙིང་ལ་མཱ་ར་ཡ་སོད༔ དབུགས་ལ་རྒྱུག །སྲོག་ལ་མཱ་ར་ཡ་སོད༔
ཁྲག་ལ་རྒྱུག༔ རུས་ལ་མཱ་ར་ཡ་རྦད་ཡ་སོད་ཡ་སོད་ཅིག༔ དེ་ཡང་ཞག་རེ་བརྒྱ་བས་མང་མི་ཉན། །ཡང་ཟློག་བཅའ་ཚེའམ་ནི་དུས་རྒྱུན་དུས། །འཇམ་དཔལ་ཁྲོ་ཆུའི་བསྙེན་སྔགས་མཇུག་ཉིད་དུ། །ཡེ་ཤེས་འཇིག་རྟེན་གང་ཡིན་གཅུན་པའི་སྔགས། །སྔགས་སྒྲོམ་ནང་ནས་ཇི་ལྟར་འབྱུང་བ་ལྟར། །ཕ་རོལ་ལྷ་སྲུང་གང་ཡིན་ངོས་བཟུང་ལ། །དེ་ཉིད་གཅུན་པའི་སྔགས་ལ་ནན་ཏན་བྱ། །ཐུབ་རྟགས་བྱུང་ན་ཚོད་བཟུང་བཟླ་མི་རུང་། །དམིགས་པ་ཁྲོ་བོ་སྡིག་རྡེབ་དམིགས་པ་སྦྱར། །ཕ་རོལ་ལྷ་དེ་ཕྱག་བར་རབ་ཏུ་བཙིར། །དེ་མིན་བྱ་ཚུལ་ཐམས་ཅད་གོང་ལྟར་རོ། །སྤྱིར་ནི་ཟློག་པ་ཐམས་ཅད་རྩྭ་དང་འདྲ། །ཡང་ཟློག་རྣམས་ནི་རྩྭ་སྟེང་མེ་བཞག་འདྲ། །ཡང་ཟློག་མེ་ཡི་སྤུ་གྲི་ཡོད་འགྱུར་ཀྱང་། །ཧོ་ཟློག་འདི་ནི་མེ་སྟེང་ཆུ་དང་འདྲ། །འདི་ནི་ཡང་ཟློག་ཧོ་ཟློག་གཉིས་ཀ་ཡིན། །འདིས་ནི་རྡོ་རྗེ་འཛིན་པའི་ནུས་པའང་ཟློག །འདི་ནི་གནུབས་སྟོན་སངས་རྒྱས་ཡེ་ཤེས་ཀྱིས། །སུ་ལའང་མ་བསྟན་སྙན་བརྒྱུད་ཡིན་པར་བཤད། །དམ་དུམ་ཡིག་ཆ་ཡོད་ཀྱང་བཅའ་ཚོགས་དང་། །དམིགས་པ་སྔགས་བཅས་ཐམས་ཅད་གསལ་བ་ནི། །སྔོན་ཆད་ཡི་གེར་བྲིས་པ་ཡོད་རེ་ཀན། །དེ་ཕྱིར་
ཟིན་བྲིས་གཞུང་ལའང་འདི་མ་བྲིས། །བདུད་རྩི་དིལ་གྱི་སྔགས་འཆང་མཆེད་གསུམ་གྱིས། །རིག་སྔགས་སློབ་ལ་ཡུན་རིང་ནན་ཏན་བྱས། །དེ་ཕྱིར་ཟློག་པ་ཀུན་གྱི་མཐར་ཐུག་འདི། །སྔགས་ནག་རཱ་ག་ཨ་སྱས་ཁོ་ནས་ཤོར། །གཞན་ཡང་ཁྱད་འདོན་བསྟན་པའི་བཙས་སུ་ཤོག །བརྩེ་བྲལ་བསྟན་བཅོས་བརྩམས་པའི་ཉེས་མཆིས་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དྲུང་དུ་བཤགས། །དགེ་བས་སྙིང་པོ་དོན་གྱི་བསྟན་པ་འདི། །ཕྱོགས་ལས་རྣམ་རྒྱལ་འགྲན་ཟླ་བྲལ་བར་ཤོག།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འདིར་གཤིན་རྗེ་ཁྲོ་ཆུའི་འོད་ཟེར་སྤྲོ་བསྡུའི་མན་ངག་དང་ཡང་ཟློག་ནག་པོ།
འདིར་གཤིན་རྗེ་ཁྲོ་ཆུའི་འོད་ཟེར་སྤྲོ་བསྡུའི་མན་ངག་དང་ཡང་ཟློག་ནག་པོ་གཅིག་བཞུགས་སོ༔
གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ བདག་ཡི་དམ་དུ་བསྒོམ་པའི་ང་རྒྱལ་གྱིས་ཧཱུྃ་འཕྲོས་པས༔ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་ནང་དུ་ཁྲོ་བོ་བཅུ་བསྒོམ༔ ཡང་ཧཱུཾ་ཞེས་བརྗོད་པས་འཁོར་ལོ་རྩིབས་བཅོ་བརྒྱད་ཀྱི་ནང་དུ་དྲེགས་པ་བཅོ་བརྒྱད་གཅེར་བུ་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ༔ བསྲུང་དུས་ཞལ་ནང་༔ བཟློག་ན་ཕྱིར་གྱུར་བར་བསམ༔ དེའི་ཕྱི་རིམ་མཚོན་ཆ་སྣ་ཚོགས་ཀྱི་གུར་ཁང་༔ མེ་རླུང་འཚུབས་མའི་གུང་ཁང་གིས་གནོད་བྱེད་བརླག་པར་བསམ༔ བསྲུང་བ་གཡས་ལ་ཟློག་པ་གཡོན༔ ཨོཾ་བཛྲ་སརྦ་དུཥཱན་ཏྲིག་ནན༔ ཞེས་པ་ནི༔ སྤྱི་དང་སྒེས་ལ་སོགས་དྲེགས་པ་བཅོ་བརྒྱུད་གཟིར༔ གཤིན་རྗེ་ཡབ་ཡུམ༔ ཕྱག་གཡོན་ཐོ་བས་བརྡེགས་པར་བསམ༔ ཨེ་ཧུར་ཤྲཱི་ཛཿ ཞེས་པས་
ལྕགས་ཀྱུས་སྙིང་ལ་འཐེན་རེས་བྱེད་པར་བསྒོམ༔ མཱ་ར་ཡ་རྦད༔ ཅེས་པས་སྤུ་གྲིས་ལུས་སྲོག་བརྒྱལ་བར་བསམ༔ ལྷ་འདྲེའི་སྲོག་སྙིང་དེ་ལས་མཚོན་ཆ་སྣ་ཚོགས་ལས་གྲུབ་པའི༔ འཁོར་ལོ་དེ་གཡས་གཡོན་དུ་འཁོར་བས་སྲོག་དང་རྣམ་ཤེས་གཏུབས་པས་མ་བཟོད་ནས་ལེ་ལེན་གྱིས་ཤ་ཟོས་ཁྲག་འཐུང་ནས་བདག་གི་སྔགས་དང་ཕྱག་རྒྱ་འོད་ཟེར་གྱི་ཚུལ་དུ་མཚོན་ཆ་སྣ་ཚོགས་ཀྱི་ཆར་བབས་པས་ལས་མི་བྱེད་པའི་དབང་མེད་པར་བསམ༔ རང་གཤེད་གདུག་པའི་ཡི་གེ་རང་རྒྱུད་ལ་བརླང་བ་སོགས་རང་གཤེད་བཅུ་གཉིས་དང་གཞུང་ཞིབ་པར་དགོས་སོ༔ ཨྠྀི༔ ༈ འདིར་ཡང་ཡང་བཟློག་ནག་པོ་བཞུགས་སོ༔ ན་མོ་མཉྫ་ཤྲཱི་ཡེ། སྤྱིར་ནི་སྲུང་ཟློག་གང་དང་གོང་ནས། ཁྱད་པར་འདི་ལ་ལོ་རྒྱུས་ཕན་ཡོན་མང་དུ་ཡོད། འདི་ན་གསལ་དུ་
བཀོད། དུག་ཤིང་ལ་གྲི་ཁྲག་གིས་ངར་བླུད་ལ། ཡུགས་ས་མའི་སྐྲ་ཤད་ཀྱིས་ལུང་བྱས་པའི་འཕྲེང་བ། ཉི་ཤུ་ཙམ་ཡང་ན་ལྔ་བཅུ་རྩ་གཅིག་ལ། དགོང་མོའི་ཉི་མ་ཟེར་ཐོག་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། ཁྱེད་པར་དུ་རང་ཉིད་གཤིན་རྗེའི་རྒྱལ་པོ། ཁྲོ་ཆུ་དུག་གདོང་སྐུ་མདོག་མུན་པ་ལྟ་བུ། དབུ་སྐྲ་དམར་སེར་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཁ་ནས་དུག་རླངས་ནག་པོ་མུན་ལྟར་འཁྲིགས་པ། དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་རྣམས། གཡས་ལྕགས་ཀྱུས་བྱེད་མ་ལྷ་སྲུང་དང་བཅས་པའི་སྙིང་ནས་བཟུང་ནས་འགུལ་མི་ནུས་པ། གཡོན་པའི་མཐེབ་ཆེན་གནམ་ལྕགས་ཀྱི་སྟ་རེ། སྲིན་ལག་གནམ་ལྕགས་ཀྱི་ཏི་ཚ། ཕྲེང་རྡོག་བྱེད་མའི་མགོ་བཅད་ནས། གཤིན་རྗེ་བི་བྷཱ་སྭ་ཏའི་ཁར་སོང་བར་བསམ། སྔགས་ནི། ཡ་མ་རིག་ཤ་དྷེ་བ་རཀྵ་ཀྲོ་ཏ་པ་ཙ་ལ་དགྲ་བོ་བྱད་མ་ཆེའི་སྲོག་དྲིལ་མཱ་ར་ཡ་ཛ་ཛ༔ དུག་ཁྲི་ཁྲུམ་ཁྲུམ༔ ཅེས་ཕྲེང་རྡོག་ཕྱི་ལོག་ཏུ་བཅད། དེ་ལྟར་བྱས་པས་དྲག་སྔགས་འདི་ཉིད་ལ། །ཡི་གེ་ཉི་ཤུ་རྩ་གསུམ་ཡོད། །དཔེར་ན་སྤུ་གྲི་ངར་ལྡན་འདྲ། །གཅིག་རྒྱུད་བྱས་པ་མ་གཏོགས་པའི། །མང་ན་བསྟན་པའི་དགྲར་འགྱུར་བས། །ཀུན་ལ་སྤེལ་བར་མི་རུང་ངོ་། །འགྲེང་བུ་གཅིག །གུ་གུ་གཉིས། ན་རོ་གཉིས། ཞབས་ཀྱུ་གསུམ། ར་སྟ་དྲུག །དགྲ་བོ་བྱད་མ་འདི་ཞེས་བྱ་བ། ཡ་རཀཱ་དྷེ་བ་ཀྲོ་ཏ་པ་ལ་སྲོག་སྒྲིལ་མཱ་ར་ཡ་ཛ་ཛ༔ དུག་ཁྲི་ཧཱུྃ་ཧཱུྃ༔ རྒྱ་རྒྱ་རྒྱ༔ སྤྱི། ཤིན་ཏུ་ཡང་ཟབ་མན་
ངག་འདི། །ཀུན་གྱི་ཤེས་ན་མན་ངག་མིན། །ངོ་མཚར་ཅན་གྱི་ཁྱད་ཆོས་ཡིན། །དཔེར་ན་ཨུ་དུམ་ཝ་ར་འདྲ། །ཁྱེད་མིན་གཞན་ལ་སྟོན་རེ་ཤི། །ཟབ་ཆོས་འདི་ཉིད་ཐུགས་ལ་སྦོས། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཏོར་ཟློག་མན་ངག
གཏོར་ཟློག་མན་ངག་བཞུགས་སོ༔ གཏོར་མ་འཕེན་དུས་རང་ཁྲོ་ཆུ་བཟློག་པའི་སྐབས་ལྟར་བསྒོམ༔ གཏོར་མ་ལྷ་སོ་སོའི་ཕྱག་མཚན་དགྲ་སྟ་མེ་འབར་བ༔ དེ་བྲུབ་ཁུང་དུ་དགྲ་བགེགས་ལ་བརྒྱབས་པས་ཐོག་ཕོག་པ་ལྟར་བསམ༔ གཏོར་མ་རྒྱབ་ཁེ་སླ་ང་ནང་གི་ལིང་ག་བྲན་ལ་འགུགས་གཞུག་བྱའོ༔ གཙོ་བོའི་གཏོར་མ་གཙོ་བོའི་སྐུ་ལས་མེ་འབར་བས༔ ཡོན་བདག་སོ་སོའི་ནད་གདོན་ཐམས་ཅད་མེ་དེས་བསྲེགས་པར་བསམས་ལ་མགོ་ཐོག་ཏུ་འགྲིམས་ནས༔ དེ་ནས་གཙོ་བོ་མེ་ཧོམ་ནང་དུ་བཞུགས་པར་བསམ་ལ་ལིང་རོ་དང་གཏོར་མ་ཞལ་དུ་ཕུལ་བར་བསམས་ལ་བསྲེགས༔ དེ་ནས་རང་བཞིན་གནས་སུ་གཤེགས་པར་བསམ༔ ནད་པ་གདོན་ཆེན་ལ་ཡང་ནད་པའི་རྣམ་ཤེས་ནམ་མཁར་ཡི་དམ་གྱི་ཐུགས་ཀར་སྤར༔ ཕུང་པོ་བྲུབ་ཁྲུང་དུ་བསྐྱེད་ལ༔ གནོད་བྱེད་བཀའ་དང་དམ་ལ་མི་གནས་པ་རྣམས་འགུགས་གཞུག་བྱེད་ལ༔ གོང་ལྟར་གཏོར་ཟློག་རྒྱས༔ ནད་གདོན་ནད་དང་མྱོས་པ་ཐམས་ཅད་ཐུལ་བ་ཐེ་ཚོམ་མེད་དོ༔ འདི་མན་ངག་ཤིན་ཏུ་ཟབ་པོ་ཡིན་པས་གཅིག་བརྒྱུད་མཛད་པ་གལ་ཆེ༔ གཞན་ལ་མ་སྤེལ་ཅིག །འདི་དག་མན་ངག་སྙན་ནས་སྙན་དུ་བརྒྱུད༔ སྔོན་
ཆད་ཡི་གེར་བྲིས་པ་མ་མཐོང་བས༔ ཐུགས་ཀྱི་དཀྱིལ་དུ་རྒྱ་ཡིས་བཏབ་པར་ཞུ༔ ཞེས་པ་འདི་ཡང་ཀརྨ་ཨ་རཱ་གས་བརྗེད་ཐོ་ཙམ་དུ་ཅུང་ཟད་བཀོད་པར་བྱས༔ ཀུན་དགའ་ཉི་མའི་མཚོན་ཆ་དམ་པར་ཤོག༔ ཨྠྀི༔ རྒྱ་རྒྱ༔རྒྱ༔ ཆགས་མེད་རིན་པོ་ཆེའི་ཕྱག་བྲིས་བུ་ལས་བཤུས་པས་དག་ངེས་བྱས། བཀྲ་ཤིས་པར་ཤོག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ལས་ཀྱི་གཤིན་རྗེ་སྤྱི་འཇོམས་ནག་པོའི་གདམས་པ་ལས་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་གཅུན་པའི་སྔགས་ཀྱི་སྒྲོམ་བུ་སྤུ་གྲི་འབར་བའི་འཁོར་ལོ།
ལས་ཀྱི་གཤིན་རྗེ་སྤྱི་འཇོམས་ནག་པོའི་གདམས་པ་ལས་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་གཅུན་པའི་སྔགས་ཀྱི་སྒྲོམ་བུ་སྤུ་གྲི་འབར་བའི་འཁོར་ལོ་བཞུགས་སོ༔
ཤམཐགཾ༔ འཇམ་དཔལ་སྤྱི་འཇོམས་ནག་པོ་ལ་ཕྱག་འཚལ་ལོ༔ རང་གིས་རྦད་པའི་ཆོས་སྐྱོང་ཚུར་ལ་ལྡོག་པའམ༔ བྱད་མས་རྦད་ནས་རང་ལ་གནོད་པའམ༔ ཆོས་སྐྱོང་གིས་རང་ལ་འཁུ་ལྡོག་བྱེད་དམ་རང་ལ་ལྷ་འདྲེས་གནོད་ན་གཅུན་པའི་ཐབས༔ རང་ཉིད་ཁྲོ་ཆུ་ལུས་དཀྱིལ་བསྒོམ༔ བསྙེན་སྔགས་ལ་བསད་སྔགས་བཏགས༔ དེའི་མཇུག་ཏུ་སྲོག་ཡིག་བཏགས་ལ་བཟློས༔ ཨོཾ་ཤྲཱི་བཛྲ་ཀྲོ་ཏ༔ ཡ་ཡ་མ་་་གཤིན་རྗེ། མ་མ་རུ་ལུ་་་་མ་མོ། དུ་དུན་ཏིང་ཀཱི་ལ་ཡ་་་་ཕུར་པ། ར་རཀྵ་་་་སྲིན་པོ། ར་རགོ་་་སྲིན་མོ། ཀྟ་ཡཀྵ་་་་གནོད་སྦྱིན། ཐ་ཏིཏྠ་ཀ་་་་མུ་སྟེགས། ཨ་དྷེ་ཝ། ་་ལྷ། དྷ་རུ་ཊ་་་སྲོག་བདུད། ཛ་ཤུ་ལ་
བཙན། ཛ་གྱི་ཝ་་་སྲོག་བདག །ཙ་རྭ་ཙ་རྒྱལ་པོ། ཏྲེ་བཛྲ་སཱ་དྷ་རྡོ་རྗེ་ལེགས་པ། རུ་རུ་ཏྲི་ཏྲི་རིན་པོ་ཆེ། ཏྲི་ཧང་ཤང་་་་འགོང་པོ། ས་མུན་མུན་དམུ། ར་བྷི་བྷ་་་གཟའ། ཕུ་ས་ག་ནཱ་ག་ཀླུ་དང་ས་བདག །ཡིག་འབྲུ་དང་པོ་སྲོག །གཉིས་པ་མིང་ངོ་༔ ཨ་་་ལྷ། ཡ་་་གཤིན་རྗེ། མ་་མ་མོ། དུ་་་བདུད། རུ་་་་བཙན། ཙ་་་་རྒྱལ་པོ། ཤ་་་གནོད་སྦྱིན། ན་་་ཀླུ། ས་་་་ས། ས་བདག་གི་སྲོག་གོ། མཱ་ར་ཡ་ཆད༔ ཅེས་བསྟིམ་མོ། །ཡང་ན་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་འདྲ་སྟེ་རང་གི་མིང་ནི་ཏྲག་སྲོག་ཡིན། ན་ས་བོན་ནི་གནས་སྲོག་བསྙེན་སྔགས་ནི་འདྲེན་སྲོག་མི་འགྱུར་བ་དགྲ་བགེགས་སྲོག་ནི་ཏྲིའོ།། ཨོཾ་བྷྱོ་དྷི་ཙིཏྟ་་་ཞི་
བའོ། ཤྲཱི་ཧེ་རུ་ཀ་ཁྲོ་བོ། ཡ་མཱནྟ་ཀ་་འཇམ་དཔལ། ཀྲོ་ཏཱི་ཤྭ་རི་་ཁྲོ་མོ། ཀཱི་ལི་ཀཱི་ལ་ཡ་་་ཕུར་པ། རུ་ལུ་རུ་ལུ་་ཡང་དག །རྒྱ་གྷི་ཝ་རྟ་མགྲིན། བཛྲ་པ་ཎི་་་ཕྱག་རྡོར། མ་ཧཱ་རོ་ཥ་མི་གཡོ་བ། །ཡ་མ་བ་དྷེ་ལས་གཤིན། མ་ཧཱ་ཀཱ་ལ་་མགོན་པོ། མ་ཧཱ་ཀཱ་ལི་་ལྷ་མོ། དྲི་ཙ་ལ་པ་ལ་་་རྒྱལ་པོ་གིང་། ཨ་བྷི་ཤུ་ལ་་་བྲག་བཙན། དུ་ཏྲི་བྷི་ཏ་་་བདུད། ཡཀཱ་རུ་ཏྲི་་གནོད་སྦྱིན། ག་ཕུ་རུ་ཀཱ། རཱ་ཧུ་ལ་ཀྵ་་གཟའ། བཛྲ་སཱ་དྷུ་་རྡོ་རྗེ་ལེགས་པ་ཀུན་ལ་དེ་བཞིན་འགྲེས་སོ།། རྗེའི་སྲོག་ཏྲིག་ནན༔ ཨེ་ཧུར་ཐུམ་ཛ་མཱ་ར་ཡ་ཆད༔ ཅེས་གཟིར་བྱེད་འབྲུ་གཉིས་འཕྲོག་བྱེད་འབྲུ་བཞི་གཅོད་བྱེད་འབྲུ་བཞིའོ།། ཧྲིབཛྲ་ཀྲོ་ཏ་ཨཱཿ་ཧཱུཾ་ཏཱི༔ ཞི་ཁྲོ་ཕུར་པ་བཛྲ་དུན་ཏྲི་ཀཱི་ལ་ཡཧཱུྃཏཱི༔ ཕྱག་རྡོར་བཛྲ་པཱ་ཎི་ཧཱུྃ་ཏྲི༔ གཤིན་རྗེ་ཡ་མ་ཡ་ཏྲི༔ མ་མོ་རུ་ལུ་མ་ཏྲི༔ མི་རུ་རུ་ནི་ཏྲི༔ ལྷ་དྷེ་ཝ་ཨ་ཏྲི༔ བདུད་རུ་ཏྲ་རུ་ཏཱི༔ བདུད་མོ་དུན་ཏི་མ་ཏྲི༔ སྲིན་པོ་རཀཱ་ར་ཏྲི་སྲིན་མོ་རག་མོ་རཀྟི༔ གནོད་སྦྱིན་ཕོ་ཡཀཱ་ཀཱ་ཏཱི༔ པེ་དཀར་ར་ཙ་དུན་ཙ་ཀ་རཀཱ་ཀ་ཏཱི༔ རྒྱལ་པོ་རཱ་ཙ་ཧཾ་ཤཾ་ཏྲི་ཏཱི༔ རྒྱལ་པོ་སྤྱི་ལ་རཱ་ཙ་གིང་ཀ་རཱ་ཙ་ཏྲི༔ དམུ་མུན་གཏཱི༔ རྡོ་རྗེ་ལེགས་པ་བཛྲ་སཱ་དྷ་ཏྲི་ཏྲི༔ བཙན་ཤུ་ལ་ཙ་ཙ་ཏྲི༔ ཀླུ་བཙན་
ཏྲི་ཤི་ནཱ་ག་ཙ་ཏྲི༔ ལྷ་བཙན་དྷེ་བ་རཱ་ཙ་ཙ་ཏི༔ ཀླུ་ནཱ་ག་ཕུ་ན་ཏྲི༔ ཀླུ་ནཱ་ག་རཱ་ཙ་ཛ་ན་ཏྲི༔ རྒྱལ་རིགས་ནཱ་ག་རཱ་ཙ་ན་ཏྲི༔ རྗེ་རིགས་ནཱ་ག་པྲ་མ་ན་ཏྲི༔ བྲམ་ཀླུ་སྲིན་པོ་ནཱ་ག་རཀཱ་པྲ་ཏཱི༔ ཀླུ་སྲིན་མོ་ནཱ་ག་རག་མོ་པྲ་ཏཱི༔ མུ་སྟེགས་ཏིཏྟི་ཀ་ཐ་ཐ་ཏཱི༔ ས་བདག་ས་ག་དུ་ཏྲི་ཏྲི༔ མུ་སྟེགས་མ་ཧཱ་དེ་ཝ་མོ་ཀ་མ་ར་ཏྲི༔ མགོན་པོ་མ་ཧཱ་ཀཱ་ལ་ཧཱུྃ་ཏྲི༔ དབང་ཕྱུག་ཆེན་པོ་མ་ཧཱ་ཀཱ་ཧ་ན་ཧ་ན་ཏྲི༔ མུ་སྟེགས་མ་ཧཱ་དེ་ཝ་ན་ར་ཏྲི་པ་ཤ་ར་ཧ་ཏཱི༔ རྡོ་རྗེ་ལྷ་མོ་ཅན་ཏི་ཀ་ཧ་ཊཱི༔ དྷེ་བ་ཨ་ཏྲི་ལྷ༔ ལྷ་མ་ཡིན་ཐ་པ་རི་ཏྲི་ཏཱི༔ མི་ཨ་མུ་ཀ་ཏཱི༔ དུད་འགྲོ་ཀུ་རུ་པིད་པཱི༔ ཡི་དྭགས་སྲེ་ཏ་ཀ་ཏཱི༔ དམྱལ་བ་ན་རག་དུན་ཏཱི༔ དེ་ཐམས་ཅད་གཉིས་གསུམ་གོང་དུ་དགོས་དང་། ཏྲིག་ནན་སོགས་སྤུ་གྲི་གསུམ་ངག་གོང་ལྟར་བསྟིམ་མོ། །བསད་དམ་གཟིར་བ་མན་ངག་ཤེས༔ དགྲ་ལ་བྱེད་ན། ཏྲིག་ནན་ཨེ་ཧུར་ཐུམ་ཛ་ལ་ར་ཡ༔ དགྲ་བགེགས་གཤེད་དུ་མཱ་ར་ཡ་རྦད༔ ཅེས་སོ།། ཡང་ལྷ་འདྲེ་མང་ཡང་ཕོ་མོ་མ་ནིང་གསུམ་དུ་འདུས་པས། ཕོ་
བྱུང་ན་མདུན་དུ་ཡ་མ་རཱ་ཙ་བསྐྱེད་ལ། ཨེ་ཨ་ཀྲོ་ཏེ་ཀ༔ ཡ་མཱན་ཀ༔ ས་མ་ཡ༔ ཀཱ་ལ་རཱུ་པ༔ ཨ་པ་ཡེ༔ ཧྲི་ཏྲེ་ཨ་པ་ཡེ༔ ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཡ་མ་ར་ཨ༔ ཡ་མ་རཀྟ་ཡ་ཧུར་ཤྲཱི་ཛཿ ཡ་ཡ་མ་ཏྲིག་ནན༔ ཨེ་ཧུར་ཐུ་ཛ༔ མཱ་ར་ཡ་དགྲ་བགེགས་གཤེད་དུ་མཱ་ཡ་རྦད༔ མོ་རིགས་བྱུང་ན་དེ་ལྟར་བསྟིམ། མོ་རིགས་བྱུང་ན་མདུན་དུ་ཨེ་ཀ་ཛ་དྲི་བསྒོམས་ལ། ཨེ་བྷེ་ཏ་ལི་ཀྲོ་ཏི་ཤྭ་རི་མ་མ་ཨེ་ཀ་ཙ་ཏི༔ དྷེ་མ་ཀ་ལ་ཐཾ༔ རུ་ལུ་རུ་ལུ་མ་ཧུར་ཐུ་ཛཿ མ་མ་བྷྱོ་ཏྲིག་ནན༔ ཨེ་ཧུར་ཐུ་ཛ༔ མཱ་ར་ཡ་དགྲ་བགེགས་གཤེད་དུ་མཱ་ར་ཡ་རྦད༔ མི་རིགས་ལའོ༔ ཀླུ་རིགས་བྱུང་ན་མདུན་དུ་ཁྱུང་བསྒོམས་ལ། ཤྲཱི་བཛྲ་ཀྲོ་ཏ་ཁྲོ་ག་རུ་ཎ་ཙ་ལེ་ཙ་ལེ་ཕུ་ཧུར་ཐུ་ཛ༔ ཡོ་ཀར་མ་ར་ཤེ་ན༔ ཀྲོ་དྷ་ཙན་དྷ་རཀྵ་ས་ག་ནཱ་ག་ཕུ་ཏྲིག་ནན་ཨེ་ཧུར་ཤྲཱི་ཛ༔ མཱ་ར་ཡ་དགྲ་བགེགས་གཤེད་དུ་མཱ་ར་ཡ་རྦད༔ ཀླུ་དང་མ་ནིང་བྱུང་ན་དེ་ལྟར་བསྟིམ་མོ། དེས་ཀྱང་མ་ཐུབ་ན་བསྟིམ་སྤྲུག་བྱ་སྟེ། ཀ་རག་མཱ་ར་ཡ༔ ཨ་རག་མཱ་ར་ཡ༔ ཤ་རག་མཱ་ར་ཡ༔ ཡ་ས་ཏི་ཊཱི༔ ཨེ་པ་ཀ་པ་རཱུ་ལ་ཀཱ༔ ཡེ་མ་ཀ་མན་ཡ༔ ཀ་ཏེ་ཀྲོ་ཨ༔ ཡ་ཧུར་ཤྲཱི་ཛ༔ ཡ་ཡ་མ་ཏྲིག་ནན༔ ཡ་མ་མ་ར་ཡ་དགྲ་བགེགས་གཤེད་དུ་མཱ་ར་ཡ་རྦད༔ ཕོ་རིགས་སྡེ་བརྒྱད་དེ་ལྟར་བསྟིམ།
ཏི་ཛ་ཀ་ཨེ་མོ་མ༔ ཤོ་རི་ནི་ཀྲོ་ལི་ཏ་པེ༔ མ་ཧུར་ཐུ་ཛ༔ མ་མ་རུ་ལུ་ཏྲིག་ནན༔ མ་བྷྱོ་མཱ་ར་ཡ་དགྲ་བགེགས་ཀྱི་གཤེད་དུ་མཱ་ར་ཡ་རྦད༔ མོ་རིགས་སྡེ་བརྒྱད་བྱུང་ན་དེ་ལྟར་བསྟིམ། ཤ་རཀཱ་དྷ་ཙན་ན་ཤ་རོ་ལ་ཀླུ་ཡ༔ འདི་གེར་སྟིམ། ཕུ་ཧུར་ཐུ་ར་ཛ༔ ལོ་ཛ་ལོ་ཛ༔ ནཱ་ག་རུ་གྷ་དྷ་ཀྲོ་བཛྲ་ཤྲཱི༔་རུ་ལུ་རུ་ལུ་ཕུ་ཏྲིག་ནན༔ ནཱ་ག་རཱ་ཛ་མཱ་ར་ཡ༔ དགྲ་བགེགས་ཀྱི་གཤེད་དུ་མཱ་ར་ཡ་རྦད༔ ཀླུ་རིགས་སྡེ་བརྒྱད་མ་ནིང་བྱུང་ན་དེ་ལྟར་བསྟིམ། འུས་ཐུག་ཐ་མའི་ལས་ནི་དེ་ལྟར། ཡཀཱ་མཱ་ར་ག་ཡ༔ ཨ་མ་ཏྲག༔ ཡ་ཤ་མ་ཏྲག༔ ཡ་ཙ་མ་ཏྲག༔ ཧྲི་ཡེ་ཏི་པ་ཨ༔ ཨ་ཡེ་ལ༔ པ་རུ་ཀ་པ༔ ཨ་ཡེ་ཀྲོ་ཡ༔ ཏ་མ་ཀ་ག་ཡ་ཏ་ལན༔ ཞེས་སྲོག་གོང་ལྟར་ཕོ་རྒྱུད་བྱུང་ན་དེ་ལྟར་བསྟིམ། དེ་རིམ་མ་ཁ་ལ་ལ་ཏི་ལ་ཙ་ཨེ་ཀ་རོ་ཏི་རི་ཤུ༔ པོ་ལི་ཏ༔ ཞེས་སྲོག་གོང་ལྟར་མོ་རིགས་བྱུང་ན་དེ་ལྟར་བསྟིམ། ཡ་མ་ཤ་མ་ཏྲག །ཀར་དྷ་ཙན༔ ར་ནོ་ཤ་ཀ་ལོ༔ རུ་ཙ་ན་ལོ༔ ཙ་ཤི་ཏ་བཛྲ་ཀྲོ་ཏ་རུ་རུ་པུ་རུ་ལུ༔ ཞེས་སྲོག་གོང་ལྟར་ཀླུ་དང་གཉན་རིགས་མ་ནིང་བྱུང་ན་ཁྱུང་ལ་དེ་ལྟར་བསྟིམ། ས་མ་ཡ་ཁ་ཐཾ་རྒྱ་རྒྱ་རྒྱ༔ ཨྠྀི༔ ཨེ་མ་སྤྱི་འཇོམས་ཁྲོ་ཆུ་དུག་གདོང་གི༔ ལས་མཐའ་སྣང་སྲིད་གཟིར་བའི་ཐབས༔ ཡེ་ཤེས་ཁྲོ་བོ་ཐམས་ཅད་ཀྱང་༔ ཁྲག་ཏུ་སྐྱུག་
སྟེ་འཆི་གྱུར་ན༔ སྡེ་བརྒྱད་གཞན་ལ་སྨོས་ཅི་དགོས༔ སྔགས་པ་ནང་འགྲས་བྱུང་བའམ༔ སྣང་སྲིད་ལྷ་འདྲེ་འཁུ་བའི་དུས༔ མན་ངག་འདི་འདྲ་གསེར་ལས་དཀོན༔ འོན་ཀྱང་གོང་བསྙེན་རྟགས་ཐོན་གཅེས༔ ནུས་པ་མི་ལྡན་ལྷ་འདྲེ་གཙུན༔ དཔོན་ངན་གཡོག་པོ་གཅུན་པ་འདྲ༔ ཕར་ལ་གཅུན་པ་ཚུར་ལ་རྒོལ༔ ལྡོག་དང་གཙུན་དང་ཐུལ་བ་དང་༔ དམ་ལ་ཐོག་དང་སོད་པ་དང་༔ རྟགས་མཚན་རྨི་ལམ་ཤེས་པར་བྱ༔ དམ་ལྡན་རེ་རེ་མ་རྟོགས་པར༔ མང་དུ་སྤེལ་བར་མི་རུང་ངོ་༔ སློབ་དཔོན་གསང་ཞིང་རང་ཆེ་བརྗོད༔ ཁ་འཇམ་གཡོ་སྒྱུ་གདམས་པ་རྐུ༔ སྣོད་མིན་དེ་འདྲའི་དམ་ཉམས་ལ༔ འཇམ་དཔལ་དུག་གདོང་རབ་ཁྲོས་ནས༔ གཤེད་ཆེན་ཤན་པ་སྡེ་བཞི་ཡིས༔ སྲོག་འཁོར་རྣམ་བཞི་ཆོད་ཅིག་ཅེས༔ བཀའ་རྒྱ་དམ་པ་འདི་ལ་ཡོད༔ དེ་ཕྱིར་རབ་ཏུ་གསང་བ་གཅེས༔ ས་མ་ཡ་ཁ་ཐོ་རྒྱ་རྒྱ་རྒྱ༔ ཡེ་ཤེས་འཇིག་རྟེན་གང་གིས་མི་ཐུབ་པའི་སྔགས་སྒྲོམ་སྤུ་གྲིའི་འཁོར་ལོ་འདི༔ སྔགས་ནག་ཀརྨ་ཨ་རཱ་གས་གཞུང་ཆེན་པོ་ལས་བསྒྲིགས་པ་གྱ་ཧྱ༔ འདི་བྲིས་ཕན་ཡོན་ནུས་པ་ཆེན་པོ་དེས༔ སངས་རྒྱས་བསྟན་པ་བསྲུང་བའི་མཆོན་ཆར་ཤོག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་གཤིན་རྗེའི་སྲོག་སྒྲུབ་ཆེན་མོ་དགྲ་བོ་གནད་ལ་དབབ་པ།
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་གཤིན་རྗེའི་སྲོག་སྒྲུབ་ཆེན་མོ་དགྲ་བོ་གནད་ལ་དབབ་པ་བཞུགས་སོ།།
ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་ལ་ཕྱག་འཚལ་ལོ། །འདི་ནི་སྲོག་སྒྲུབ་ཆེན་མོ་ལ་དོན་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ། །དང་པོ་དམིགས་ཡུལ་ནི་ཚེ་སྟོད་བསྟན་པ་ལ་གནོད་ཅིང་ཚེ་སྨད་དུ་བསྟན་པ་ལ་ཕན་ཡང་སྲིད་པས། མངོན་ཤེས་མི་ལྡན་པས་སྲོག་ལ་གཅོད་མི་རུང་ཞེས་དུས་འཁོར་ནས་གསུངས་ཤིང་དགེ་བའི་བཤེས་གཉེན་འགའ་ཡིས་བཞེད་དོ། །འོན་ཀྱང་གནང་བ་བརྟག་སྟེ། བླ་མ་ཡི་དམ་ཆོས་སྐྱོང་ལ་མཆོད་པ་ཆེན་པོ་ཕུལ། བསྟན་དགྲ་རྗེ་འདི་ལ་སྲོག་སྒྲུབ་ཙམ་རུང་ངམ་མི་རུང་བཟང་ངན་བལྟ་བར་བསྟན་དུ་གསོལ། ཞེས་དམོད་བོར།
གཙང་སྦྲ་དང་ལྡན་པར་བྱས། ཤ་ཆང་སྒོག་ཙོང་སྤངས་ལ་ཁྲུས་བྱས་སྤོས་བདུག །སྔས་མགོར་མཆོད་པ་རྣམ་ལྔ་དང་དཀར་གསུམ་གྱི་གཏོར་མ་བཟང་པོ་བཤམས། འཇམ་དབྱངས་སྤྱན་རས་གཟིགས་ཕྱག་རྡོར་གསུམ་བསྒོམ། སྤྱན་དྲངས་མཆོད་གཏོར་འབུལ་བསྟོད་པ་བྱས་ནས། །འདི་ཡི་ལས་ཙམ་རུང་ངམ་མི་རུང་བསྟན་དུ་གསོལ། ཞེས་གསོལ་བ་གདབ། ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀྱི་སྭཱ་ཧཱ། ཞེས་རིན་པོ་ཆེའི་སྣོད་དུ་ཆུ་གཙང་ཁྱོར་བ་གང་ལ་སྔགས་སྟོང་བཟླས་ལ་བཏུང་ངོ་། །སེངྒེ་ཉལ་སྟབས་ཀྱིས་ལྷ་གསུམ་ལ་སེམས་གཏད་ལ་ལུང་སྟོན་པར་བསམས་ལ་གཞན་དུ་མ་ཡེངས་པར་
ཉལ་ལོ། །མི་གསལ་ནི་མཆོད་པ་བཟང་དུ་བྱེད་ནས་བསྐྱལ་ལོ། །ལུང་སྟོན་པའམ་བརྡའ་སྟོན་པར་འགྱུར་རོ། །འདིས་ནི་དོན་གཞན་གང་བརྟག་ཀྱང་གསལ་ལོ། །དེ་ཡང་བསྒྲལ་ཞིང་བསྟན་པ་སྤྱི་དང་བྱེ་བྲག་ལ་ངེས་པར་གནོད་ཅིང་བཤིག་པ། བླ་མའི་སྐུ་དགྲ་དགེ་འདུན་གྱི་སྡེ་བཤིག་པའམ་དཀྲུག་པ་གསང་སྔགས་ལ་སྨོད་ཅིང་སྡང་བ། དམ་ཚིག་ཉམ་ཞིང་བསྟན་པ་ལ་རྐང་འདྲེན་བྱེད་པ། ཉེས་མེད་རྣལ་འབྱོར་རང་གི་སྲོག་ལ་བསྡོ་བ། དགེ་བ་ཆེན་པོ་སྡིག་རྩར་བསྒྱུར་བ། བཤད་སྒྲུབ་ཀྱི་སྡེ་ཆེན་པོར་འཚེ་བ་འཕྲོག་པའམ་བཀག་པ། མི་དགེ་བཅུ་ལ་བར་མེད་སྤྱོད་ཅིང་། མཚམས་མེད་ལྔ་ཡང་བསམ་འཛིན་བྱེད་པ། དཀོན་མཆོག་གསུམ་དང་ལས་རྒྱུ་འབྲས་མི་བདེན་བསམས་ནས་ཆོས་བྱེད་རྣམས་ལ་བརྙས་པ། བླ་མ་དམ་པ་དང་སངས་རྒྱས་བསྟན་པའི་མགོ་དམའ་ཅི་ཐུབ་དང་། བཅོལ་ཅི་ཐུབ་བྱེད་པ་དེ་དག་ཐམས་ཅད་འཛོམས་ན་སྨོས་མ་དགོས། རེ་རེ་འཛོམས་ནའང་བསྒྲལ་བའི་ཞིང་ཡིན་པས། རྨི་ལམ་བརྟག་ཀྱང་མ་བརྟག་ན་ལས་བྱ་རུང་། དེ་ལ་གཙོ་ཆེར་རང་དོན་ཡིན་ཀྱང་སེམས་བསྐྱེད་བསྟན་པ་དང་སེམས་ཅན་བསམ་དགོས་ཏེ། འདི་བསྒྲལ་ན་སེར་མོ་བའི་མགོ་འདོན་དུ་
འགྱུར་ཞིང་། ཕྱིན་ཆད་བསྟན་པ་གཉན་པར་མཐོང་ནས་གཞན་གྱིས་མི་འཚེ་བར་འགྱུར་བ་དང་། བླ་མ་དམ་པ་རྣམས་དང་དགེ་འདུན་རྣམས་ལ་བརྙས་མི་ཕོད་པར་འགྱུར་བ་དང་། རྟེན་གསུམ་དང་དཀར་པོ་རྣམས་གཉན་པར་མཐོང་ནས་མི་བཤིག་མི་འཕྲོག་པར་འགྱུར་བ་དང་། དགྲ་བོ་ཁོ་རང་ཚེ་འདིར་སྡིག་འཕྲོ་གཅོད་པ་དང་། ལུས་ལྷ་བསྲུང་མཆོད་ན་ཁོ་རང་ཚོགས་རྫོགས་པ་དང་། བདག་དང་ལྷ་ལ་འབྲེལ་པ་ཐོགས་པས་མ་འོངས་པ་ན་བྱང་ཆུབ་ཀྱི་ས་ལ་བཀོད་ཅི་ནུས་ཀྱང་བྱ་ཞིང་སྨོན་ལམ་འདིས། དེའི་ཆེད་དུ་ལས་བསྒྲུབ་སྙམ་པ་ཁ་ཞེ་མེད་པར་བྱ། དེ་ནས་རབ་རི་གཉན་རྩེའམ། མཚོ་གཉན་འགྲམ་ལྟ་བུ་གཉན་ས་ཡང་ན་གང་རུང་སར་བརྔན་བསང་བྱ་ལ། གསེར་སྐྱེམས་གཏོར་ལ། ཧོ་སྣང་སྲིད་ཀྱི་ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན་ཐམས་ཅད་དགོངས་སུ་གསོལ། དགྲ་བོ་ཆེ་འདིས་སྡིག་པ་མི་དགེ་བ་འདི་དང་འདི་བྱས། བསྟན་པ་འདི་དང་འདི་བཤིག །འཇིག་རྟེན་མི་ཡི་ཁྲིམས་མནའ་ཆད་འདི་དང་འདིར་འགལ། དམ་པ་ལྷའི་ཆོས་སྡོམ་པ་དམ་ཚིག་འདི་དང་འདིར་འགལ། སེམས་ཅན་ཉེས་མེད་འདི་ལ་གནོད་པ་འདི་དང་འདི་བྱས། རྣལ་འབྱོར་པ་
བདག་ཉེས་མེད་པར་བདག་ལ་ཉེས་མེད་པར་འདི་དང་འདི་བྱས། ཞེས་ཡུས་སམ་མཆི་མ་ཕྱུང་། བྲང་བརྡུངས་ནས། འོ་སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལེགས་ཉེས་ཀྱི་ཤན་འབྱེད། །དམ་ཚིག་གི་རྗེས་གཅོད། འཇིག་རྟེན་སྲིད་པའི་བྱ་ར་བ་ཡེ་ཤེས་པས་བདེན་རྫུན་གཉིས་མགོ་མ་སྙོམས་ལ་བདག་གི་སྡོང་གྲོགས་མཛོད། དགྲ་འདི་ལ་མགོན་སྐྱབས་མ་མཛད། དགྲ་འདི་ལ་བཀའ་ཡི་ཆད་པ་དྲག་པོ་ད་ལྟ་ཉིད་དུ་ཆོད་ཅིག །ཅེས་ཐལ་མོ་དང་གོས་བརྡབ། ཡོད་ན་དྲང་མཁན་དཀར་པོ་ཡང་འདོན་ནོ། །དེ་ནས་སྒྲུབ་པའི་གནས་ནི། རི་གཉན་པོ་རྩེ་གསུམ་པའི་རྩེའམ་མགུལ། ལུང་གསུམ་འདུས་པའི་མདོའམ། དུར་ཁྲོད་ཆེན་པོ་མི་མང་པོ་ཤི་བའི་སའམ། གཡུལ་ཆེན་པོ་འགྱེད་པའི་ཤུལ་ལམ། མི་ཁ་ཕུང་དུ་སོང་བའི་ཤུལ་ལམ། བཙོན་ཁང་ནང་། མཁར་ཆེན་པོའི་ནང་ངམ། ཤིང་གཅིག་གཉན་པོའི་དྲུང་ངམ། བཙན་བདུད་ལྷ་འདྲེ་དྲག་པོ་གནས་པའམ། གནས་དེ་དག་མ་འཛོམས་ན་དེ་དག་གི་ས་བླང་ནས་བྲུབ་ཁུང་དུ་མཎྜལ་བྱའོ། །ཕུང་སྒྲའི་ནང་ངམ། དེ་དག་མ་འཛོམས་ན་དབེན་པའི་གནས་སུ་བྱའོ། །རང་གི་ཁྱིམ་དུ་མི་རུང་བར་གསུངས་པས་ལོགས་སུ་བྱའོ། །དེ་ཡང་བྱང་
ཆུབ་སྒྲུབ་པ་དང་། སྒྲུབ་ཆེན་ཚེ་སྒྲུབ་སྟོང་ཉིད་བསྒོམས་པ། སེམས་བསྐྱེད་བསྒོམས་པ། གསུང་རབ་བཀླག་པ། མདོར་ན་དགེ་བ་རྒྱ་ཆེན་པོ་བསྒྲུབས་ཤིང་བྱིན་གྱིས་བརླབས་པའི་ཤུལ་དུ་མི་རུང་ངོ་། །དུས་ནི་གཟའ་ཕུར་བུ་དང་། སྐར་མ་མགོ་འཛོམ་པའོ། །ཉི་མ་སྨིན་དྲུག་རྣམས་གང་འཛོམས་པ། ཟླ་བ་དང་། མིག་དམར་དང་། །མཆུ་། ལག་པ་དང་ཆུ་སྟོད། པ་སངས་དང་། རྒྱལ་དང་། སྤེན་པ་དང་སྒྲོག །དེ་རྣམས་འཛོམ་ན་རབ་མ་འཛོམས་ན་གཟའ་ཀླུ་དབང་ཕྱུག་སོགས་མི་ལྡོག་ཅིང་ཐེབས་པ། ཉི་ཤུ་དགུའམ། བཅུ་དགུའམ། ཉི་མ་ནག་ཆེ་ཆུང་ངམ་མེ་དུད་སོགས་འཛོམ་པ། གང་ལྟར་ཡང་གཟའ་སྐར་ངན་ཅིང་རྩུབ་པའི་མར་ངོ་ལ་བྱའོ། །གནས་དེར་ས་ཆོག་གམ་དཀར་གཏོར་ཕུལ་ལ། སྟེགས་བུ་རྒྱ་མདའ་གང་པ། དཔངས་སུ་གྲུ་གང་པ་བརྩེག །དེའི་སྟེང་དུ་གཡུལ་ཆེན་པོ་འགྱེད་པའི་ས། དུར་ཁྲོད་ཕུང་ཤུལ་རོ་བསྲེགས། གྲོག་མཁར་ས། གྲོག་མ་དམར་ནག་འཐབ་པའི་ས་ལེགས། ཡུལ་འདྲེ་གནས་པའི་ས། མི་གྲིར་ཤི་བའི་ཤུལ་གྱི་ས། ཁང་པ་གཏིབས་ཏེ་མི་མང་པོ་ཤི་བའི་ས། ཤཱ་སྦྱར་གྱི་ཆུ་ཤག་རྒྱབ་མལ། ཐོག་བརྒྱབ་
པ་དང་སེར་བས་བརྡུངས་བའི་ས། རབས་ཆེད་ཀྱི་ཁང་ས། ལྷ་འདྲེ་བཙན་བདུད་དྲག་པོ་གནས་པའི་ས། རི་གཉན་དྲག་པོ་གསུམ་གྱི་ས། ལུང་གསུམ་མདོ་ཡི་ས། མདོར་ན་བཀྲ་མི་ཤེས་པའི་ས་སྣ་ཚོགས་ཚད། རེ་ལྕག་ཤོག་འདམ། མཚོ་གཉན་ཆུ་དང་སྦྱར་ཏེ། བྲུབ་ཁུང་ཡང་ལོགས་ཚད་ཁྲུ་རེ་དཔངས་སུ་ཡང་ཁྲུ་གང་། བང་རིམ་བཞི་ཐེམ་སྐས་ཐུར་དུ་ལྟ་བ། ཁ་ཅུང་ཟད་དོག་ཅིང་ཁའི་ཞིང་མཐུག་པ་ལ་རིམ་པ་ཕྱི་ནང་གཉིས་ཡོད་པ། མཐིལ་ཡང་ཞིང་ཕྱིར་སྟེགས་བུ་ལ་ཡང་བྲུས་པས། ཤིན་ཏུ་ཡང་རྩིང་གཙེགས། གྲིས་བསད་པའི་ཁྲག །ཡུགས་སའི་ཁྲག །ཁྱི་ཁྲག་རྣམས་དང་བཙན་དུག་གུ་གུལ་ནག་པོ། བོང་ང་རེ་ལྕག་སོགས་དུག་སྣ་བསྲེས་པའི་དུག་ཁྲག་སྟེ། བཙག་དང་བསྲེས་ལ་བྲུབ་ཁུང་ནང་དང་རྩང་ཐམས་ཅད་དམར་པོར་བྱ། དུག་ཁྲག་དང་རོ་སོལ་བསྲེས་པས། བྲུབ་ཁུང་ཕྱི་དང་སྟེགས་བུ་ཐམས་ཅད་ནག་པོར་བྱ། ལྕགས་ཀྱི་ཁ་ཆོད་དམ་དུ་འགྲིག་ཅིང་བ་སྤུ་མི་ཐར་ཞིང་རླུང་ཡང་མི་ཐར་བར་ཚག་འགྲིགས་པར་གཟབ། དེའི་འོག་ནག་པོ་སྟེང་ནག་པོ་ཐུན་ལམ་ནང་ཕུར་པའི་དབལ་སོ་ཐར་ནས་དམ་དུ་འགྲིགས་པ་གྲུ་གསུམ་བང་རིམ་གསུམ་པ། རི་རབ་ཀྱི་བང་རིམ་
ལྟ་བུ་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པར་བྱ། བྲུབ་ཁུང་ཁ་ལ་རྩང་ཉེར་གཅིག །སྟེགས་བུ་མཐའ་རྩང་རབ་བརྒྱ་རྩ་བརྒྱད། འབྲིང་བརྒྱད་ཅུ། ཐ་མ་ཉི་ཤུ་རྩ་བརྒྱད་རྩང་དམར་པོ་རེ་དང་ནག་པོ་གཉིས་རེ་རྒྱ་གྲམ་དུ་བཙུགས། གཉིས་རེ་ཟུང་དུ་རྩང་སླས་བྱས་ནའང་ལེགས། ཤ་དང་ལིངྒས་བརྒྱན། དེ་ནས་བྲུབ་ཁུང་དུ་རབས་ཆད་ནག་པོའི་ཐོད་པ་མ་མགལ་དང་བཅས་པ། འབྲིང་གྲིར་ཤི་བའི་ཐོད་པ། ཐ་མ་ནི་མེ་ཐང་སོ་ཏི་ཤན་པ་སྡིག་ཅན་གྱི་ཐོད་པའམ། མི་སྡིག་ཅན་ནད་ངན་པའམ་ལྕེབས་པའམ། གཡང་གྲི་ལྟ་བུ་མ་རུངས་ཤིང་ཤི་ལུགས་ངན་པའི་ཐོད་པ། དེ་ཚང་མར་རྙེད་ན་ཁོའི་ནང་དུ་ཐོད་པ་བཅུག །མ་རྙེད་ན་ཐོད་པ་དྲས་ནས། བྷན་ཕོ་མོ་གཉིས་ཁ་སྦྱར་བའམ། ཡང་མ་རྙེད་ན། ཀ་པཱ་ལ་ཡ་གབ་དང་མགོ་རུས་མ་གབ་གཉིས་ཁ་སྦྱར་ནང་དུ་ལིངྒ་བཞག །དུག་ཁྲག་རོ་ཐལ་ཁྲག་བཙག་གིས་མ་གབ་དང་ཁ་མིག་དམར་པོ་བྱ། དུག་ཁྲག་རོ་སོལ་རོ་ཐལ་གྱིས་ཡ་གབ་ནག་པོ་བྱ་༔ དེ་ནས་གྲོ་ཤོག་གཙང་མ་ལ་དུག་ཁྲག་བསྲེས་པའི་སྣག་ཚས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་པ་གཉིས་བྲིས། རྩིབས་བརྒྱད་ལ་རལ་གྲི་བདུན་ལྷོ་ནུབ་ཏུ་ཕུར་པ་གཅིག་དང་
བརྒྱ་རྩ་བརྒྱད་རྩེ་ཕྱིར་བསྟན། རྩིབས་རེའི་ཕྱིའི་རྩེར་ནི་རེ་དང་། ལྟེ་བ་གྲུ་གསུམ་འོག་མ་ལ་ཡ་སྟེང་མར་ཁུང་གྲུ་གསུམ་གཅིག་བཅུག་གོ །རྩིབས་ཀྱི་ཕྱི་མུ་ཁྱུད་བཞིའི་ནང་མ་ལ། ཐུན་སྔགས་། དེའི་ཕྱི་བསད་སྔགས་དང་དམོད་མོ། དེའི་ཕྱི་མ་ལ་བཟློག་སྔགས། དེའི་ཕྱི་མ་ལ་འབོད་སྔགས་བྲིས། ཡ་གབ་ཐམས་ཅད་ལ་སྔགས་མགོ་ནང་དུ་བསྟན། མ་གབ་སྔགས་མགོ་ཕྱིར་བསྟན། ཕྱི་ནས་དབུ་བཙུགས་སྔགས་མཇུག་ནང་དུ་ཡོད་པར་བྱ། ཡ་གབ་ཐོད་པའི་ཡ་ཁའམ་ཕོ་ཐོད་དམ་སྤྱི་བོར་སྦྱར། མ་གབ་མ་ནེའམ་མོ་ཐོད་དམ་མ་མཆུ་ལ་སྦྱར་རོ། །ཐོད་པ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་། དེ་གཉིས་ཀྱི་བར་དུ་ཤོག་ལིང་སྙིང་གར་བཅུག་པའི་ལིངྒ་བཞག །དེ་ལ་ཁོའི་དྲི་ཆེན་ནམ། དྲི་ཆུའམ། མཆིལ་མའམ་ལུད་པའམ། སྐུའམ་སེན་མོ། སྔགས་དྲེག་ཅེས་པ་ཕྲེང་བའི་དྲེག་པའམ། གོས་ཀྱི་དྲི་མ། འབྲིང་གོས་དུམ། ཆུ་ཤུལ་གྱི་ས། རྗེས་ས་ལག་རྗེན་མ་རེག་པ། ཐ་མ་ཁོའི་ལུད་པ་ཡུལ་ཕྱོགས་དེའི་ས་གཙང་མའམ། དེ་མ་རྙེད་ན། དགྲའི་ཕྱོགས་ནས་ས་ཆུ་གཙང་མ་བླངས་ནས་ཁོའི་དྲི་མ་དྲུག་ཏུ་བསམ། ཁ་ནུབ་ཏུ་བསྟན་ལ་གྲི་ཁྲག་གིས་སྦྲུས། བག་ཟན་དང་
བསྲེས་ཤིན་ཏུ་གཙང་ཞིང་རང་འཁོར་བཅས་ཀྱི་དྲི་མ་མ་སོང་བར་བྱ། ལག་པ་དག་པར་བཀྲུས་སླེས་གེ་གཙང་མའི་མཛུབ་ཤུབས་གྱོན་ནས། ལིངྒ་སོར་བཅུ་གཉིས་གཅིག་བྱ་སྟེ། ལྟོ་བ་ཆེ་ཞིང་། ཡན་ལག་ཕྲ་བ་བུ་ག་དང་དབང་པོ་ཡན་ལག་སྙིང་ལག་ཚང་བར་བྲིས། དེའི་སྙིང་ཁར་མི་བསད་པའི་གྲི་ལྕགས་ཀྱི་མཚོན་གྱིས་གྲུ་གསུམ་བྲུས་ལ་ཤོག་ལིང་བཅུག །ཡུགས་སའི་ཁབ་བམ་གྲི་ལྕགས་ཀྱིས་ཤོག་ཚིན་དེ་ཙག་ཕུག་ལ་ཚོན་སྐུད་བཏགས། ཟན་ཚིང་གི་སྙིང་ཁ་ནས་དྲངས་ལ། འཁོར་ལོ་ཡ་མགལ་གྱི་དཀྱིལ་ནས་དྲངས། ཡ་ཐོད་ཀྱི་སྣ་བུག་ནས་སམ་ཐོད་པ་ཡིན་ན་སྤྱི་བོ་ནས་ཐུན་ལམ་གྲུ་གསུམ་ཕུག་པ་ནས་དྲང་ངོ་། །ཁ་ཆོད་ཀྱི་ཐུན་ལམ་ནས་དྲང་། རང་གིས་བཟུང་བའི་རྟེན་འབྲེལ་ས་འདུ་རང་ངོས་ཀྱི་སྟེགས་བུ་ཁར་ཕུར་པ་ལ་བཏོད་ནས་བཞག་གོ་།གཞན་ཡང་བྲུབ་ཁུང་དུ་ཟན་ལིང་སྤར་མ་ཁྲག་བྱུག་པ་བརྒྱ་བཞག །གྲི་ལྕགས་ཀྱི་ཕུར་པ་མཐོ་གང་བ་གཅིག་གིས་ཐུན་ལམ་བཅད་དོ། །རྩེ་མོའི་ཐོད་པའི་ཐུན་ལམ་ནོན་ནན་པར་བྱ། རབ་ཐོད་ངན། འབྲིང་དམེ་ཐོད། ཆོས་བྱེད་མིན་པའི་ཐོད་པ། ཐ་མ་ཐོད་པ་ལ་དུག་ཁྲག་བྱུག་པ་གསུམ་གྱི། གཅིག་ཏུ་ཡུངས་ཀར།
ཡུངས་ནག །ཀེ་ཚེ། ཤང་ཚེ། ལྕགས་ཕྱེ། ཟངས་ཕྱེ། གྲི་རྡོའི་ཕྱེ། བཙན་དུག་དང་ར་དུག་སོགས་དུག་སྣ་ཚོགས་ཀྱི་ཕྱེ་མས་བཀང་སྟེ། སྟེགས་བུའི་གཡས་སུ་བཞག ། ཁྲག་སྣ་ཚོགས་ལ་དུག་སྣ་བཏབ་པ་གཡོན་དུ་བཞག །གཅིག་ཏུ་ཟན་ལིང་དང་ཤོག་ལིང་ཅི་ལྕོགས་བྲིས། ལིངྒ་དེ་ལ་དེ་འང་གཟུངས་ཐག་བཏགས་ནས་སྟེང་དུ་དྲང་པ་ལ་ས་གྲུ་གསུམ་ལ་ཕུར་པ་བཙུགས་པ་ལ་བརྟོད། རོ་གཡམ་མམ། ར་འཕར་བས་བསད་པའི་ཞབས་ཀྱི་རྡོ་ལ་རི་རབ་གླིང་བཞི་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ལ་བྲུབ་ཁུང་གི་གཡོན་དུ་བཞག །བྲུབ་ཁུང་སྟེང་གི་ནམ་མཁར་ལིངྒ་ཁྲི་མི་འགུལ་བར་བྱས་ལ་ཟངས་ལྕགས་སམ་བྷནྡྷར། མི་རྟ་ཁྱི་བྱ་སྟག་གཟིག་ལ་སོགས་པའི་ཤ་སྣ་ཅི་རྙེད་དང་། དེ་བཞིན་དུ་ཁྲག་སྣ་དང་བཙན་དུག་དང་ར་དུག་ཐང་ཕྲོམ་འབྲུ་སོགས་དུག་སྣ་དང་། བྲ་སྲན་རམ་འབྲུ་སོགས་འབྲུ་ནག་གི་ཕྱེ་མ་བསྲེས་ལ། གཏོར་མ་གྲུ་གང་པ་ཁྲམ་རིས་གསུམ་པ་ཟུར་གསུམ་རབ་ཏུ་རྣོ་ཞིང་དབྱིབས་ཐོག་མདིལ་འདྲ་བ་ལ་གྲི་ཁྲག་བྱུག་པའི་རྩང་ཉེར་གཅིག །ཤ་ཁྲག་གི་རྒྱན་བཟང་པོ་བྱ། གཏོར་མ་ནག་པོ་ཁྲམ་རིས་སེར་པོ་བྱ། དི་ལ་དར་ནག་གི་སྐུ་གཟུགས་དར་གདུགས་ནག་པོ་ཕུབ། སྤམ་
ནག་གི་བྱང་བུ་སོར་དྲུག་པ་ཞིག་ལ་དགྲའི་ལིངྒ་བྲིས་ལ་གཏོར་མའི་ནང་དུ་བཞག་།དེའི་གཡས་སུ་རྟག་གཏོར་ཤ་ཁྲག་གཙང་མས་བརྒྱན་པ་གཙོ་འཁོར་བདུན། །གཡོན་དུ་བསྐང་གཏོར་རི་རབ་སྟེང་དུ་བཤོས་བུ་ཟུར་གསུམ་ལ་བསྐང་འབྲས་སྣ་ཚོགས་བཙུགས་པ་བཤམས། ཡར་མཆོད་གཞི་གཞན་དུ་རྩ་བ་གསུམ་གྱི་གོང་གཏོར་དང་ཚོགས་གཏོར་འབུལ༔ དམར་གཏོར་ཆུང་ངུ་མང་པོ། རྒྱུན་གཏོར་མཐེབ་སྐྱུ་མང་པོ། ལིང་ཆུང་སྤར་བཏབ་ཤ་དུམ། སྨན་རཀ་གཏོར་གསུམ། མཆོད་པ་རྣམ་ལྔ་བྱ་རོག་འུག་པའི་སྒོ་སོགས་ཡོ་བྱད་ཚང་བར་བྱ། གནས་བདག་ལ་དཀར་གཏོར་བཏང་ལ་སྡོང་གྲོགས་མཛོད་བརྗོད། བགེགས་གཏོར་བཏང་ནས་བགེགས་བསྐྲད། དེ་ནས་མཚམས་སྡོམ། མཚམས་ཐོ་བརྩིག་གོ །དེ་ནས་རང་གི་མལ་ས་ལ་གདན་ཡིན་ན་དོང་ཁྲུ་གསུམ་པ་བྲུས། ཁྲི་ཡིན་ན་ཛ་ཁུང་གཅིག་མལ་འོག་ཏུ་བཞག །དེའི་ནང་དུ་གྲོ་ཤོག་གཙང་མ་ལ་ལིངྒ་ལྕེས་བྲང་ཁྱབ་པ་ལ་རྡོ་རྗེ་རྒྱ་གྲམ་དཀྱིལ་དུ་ཡང་། དེའི་ཕྱིའི་མུ་ཁྱུད་ལ་ཐུན་སྔགས། དེའི་ཕྱིར་འཁོར་ལོའི་རྩིབས་ལྟ་བུའི་རལ་གྲི་དྲུག །རལ་གྲི་རེའི་རྩེར་ཚྭ་རེ་བྲིས། ལྕེ་དང་ལྟེ་བའམ་བར་དུ་དམིགས་བྱ་དེ་ཁོ་
ངག་ནུས་ཅན་ཡིན་ན་དེའི་མིང་། དགྲ་ཡིན་ན་དེའི་མིང་དང་དགྲ་ལྷེའི་སྲུང་ཟློག་མཁན་གྱི་ལུས་ངག་ཡིད་གསུམ་ཁུག །ཅེས་བླ་འགུགས་སྔགས་བྲི། དེའི་ཕྱི་རོལ་སྤྱི་བོ་ནས་བརྩམས་ཏེ་ཡིག་མགོ་ནང་དུ་བསྟན་ལ་བསྙེན་སྔགས་བཟློག་སྔགས་བསད་སྔགས་དམོད་བཅོལ་དང་བཅས་པ་བྲི། སྤྱི་བོར་ནན་རྡོ་རྗེ་རྒྱ་གྲམ། རྐང་ཞབས་སུ་ཡཾ་ཡཾ། ཡན་ལག་བཞི་ལ་ཛཧཱུཾ་བཾ་ཧོ་དེའི་ཕྱི་རོལ་ཛ་ཁྲམ་གྱིས་བསྐོར་ཏེ་བྲུབ་ཁུང་གན་རྐྱལ་དུ་བཞག །ཡུགས་སྐུས་རྒྱ་གྲམ་དུ་བཅིངས། སེང་ལྡེང་ངམ་སྐྱེར་ཕུར་མགོ་བོ་རྒྱ་མདུད་ཅན་སོར་བཞི། གཅིག་གི་ནང་དུ་བཅུག་པའམ། ཕྱི་ནས་ཤོག་དྲིལ་ལ་དཀྲིས་ཀྱང་རུང་སྟེ། དུ་ཏྲི་ཡ་མ་ར་ཙ་བྱད་མའི་ཀཱ་ཡ་སྟམྦྷ་ཡ་ནན། ཡ་མ་ར་ཙ་ཀྲོ་དྷ་པ་ཙ་ལ་བྱད་མའི་ཝཱཀྐ་སྟམྦྷ་ཡ་ནན། སརྦ་དུཝཾ་བྱད་མི་ཙིཏྟ་སྣུམྦྷ་ཡ་ནན། གནོད་བྱེད་བྱད་མ་ཨ་ཛ་བྷྱོ་ཤ་ཁྲག་དུ་དུ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པའི་ཤོག་དྲིལ་བཅུག །ཕུར་པ་དེ་ཐུན་ལམ་ནས་ལིངྒའི་ལྕེའི་དཀྱིལ་དུ་བཙུགས་ལ་བཞག་གོ །ལིངྒ་དེ་ལ་བྱེད་མ་དང་དེའི་སྲུང་ཟློག་མཁན་བཀུག་གཞུག་བརྒྱ་རྩ་བྱས་ལ། དེ་ནས་བྱ་རོག་གམ་མ་རྙེད་ན་སྒྲོ་ལ། ཨོཾ་ཏྲག་ཏྲཀ་དེ་བ་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། དྷེ་ཝ་ཤག་ཕྱེ། དྷེ་ཝ་ཧཱུྃ་མཱ་
ར་ཡ་ཤག་ཕྱེས། དེ་བ་ཙིཏྟ་ཤག་ཕྱེས། ཙིཏྟ་མ་ལེ་ཤག་ཕྱེས། ས་མ་ཡ་གནེ་ཤག་ཕྱེས། མ་མ་ཀ་པུ་ན་ཡེ་ཤག་ཕྱེས། ར་བ་ཏི་ཏ་ཤག་ཕྱེས། ནཱ་ག་པུཥྛ་ཤག་ཕྱེས༔ སརྦ་ཅད་ཀ་ཤི་ཆད། དགྲ་བོ་སྐྱོབ་བྱེད་ཀྱི་ལྷ་བཅུ་ཐམས་ཅད་དང་ཕྱེས་ཤིག །ཅེས་པས་མཐའ་བསྐོར་བའི་ལྷའི་ལིངྒའི་སྙིང་གར་དགྲ་ལ་འཐབ་ཚུལ་བྱེད་པ་དགྲ་ལ་ཕུར་པ་ཆད་པའི་སྙིང་གར། དགྲ་བོ་འདི་ཡི་ཕ་ལྷ་མ་ལྷ་འཕྲོག་ལྷ་དགྲ་ལྷ་ཞང་ལྷ་ཡུལ་ལྷ། སྲོག་ལྷ་ཚེ་ལྷ་མཁར་ལྷ་ལྷན་ཅིག་སྐྱེས་པའི་ལྷ་ཐམས་ཅད་ལིངྒ་འདི་ལ་ཁུག་ཅིག །ཛཧཱུཾ་བཾ་ཧོབྲི། རྐང་ཞབས་སུ་ཡཾ་ཡཾ་བྲི། དེ་ཕོ་རོག་གི་སྒྲོ་ལ་ཁྱི་སྤུས་བཅིངས་ཏེ། རཾ་དང་གླ་རྩི་བྱུགས། སེ་བའི་སྙིང་གར་བཞག །དགྲའི་ལིངྒ་ལྷ་ལ་ཕུར་པ་ཚད་པ་ལ་སྐག་དང་སྒོག་པ་བྱུག །འུག་པའི་དང་རུའམ་སྒྲོ་ལ་ར་སྤུས་བཅིངས། སྤྲམ་ནག་གི་སྐམ་ཁར་བཞག །བྲུབ་ཁུང་གཅིག་གི་ནང་དུ་གཡས་གཡོན་དུ་དགྲ་མགོ་ཐུར་དང་། ལྷ་མགོ་གྱེན་དུ་བསྟན་པར་བཅུག་ཡུགས་སྐུས་བཅིངས། དེ་ནས་རང་ཁ་ལྷོའམ་མ་འགྲིགས་ན་ལྷོ་ནུབ་བམ་དགྲའི་ཕྱོགས་སུ་ཁ་གྱུས། དཀྱིལ་འཁོར་ལ་མདུན་ཕྱོགས་པས་འདུག་པའི་སྟབས་བྱ། མེ་ཉི་སྤང་ཞིང་
སྨྲ་བཅད་དམ་པ་དང་། བཅས་རྣམས་ཁྱི་བུད་མེད་ཀྱིས་མ་མཐོང་བར་གཅེས། སྟན་དྲོད་མ་ཡལ་ཞིང་ཁ་མི་བཤལ་བ་སོགས་དམ་དུ་བྱས། རང་གི་གདོང་དུ་དུག་ཁྲག་བྱུག །དར་ནག་གི་གོས་དང་དབུ་རྒྱན་ནམ་ཞྭ་ནག་སོགས་དང་པོ་སྔགས་ཆས་ལ་ཞུགས་ནས་བསྟན་དགྲ་ལ་སྙིང་རྗེ་དུང་ངེ་བ་ཞིག་བསྒོམ། དེ་ནས་ཉེས་པ་བྱས་པ་རྣམས་ངག་ནས་བརྗོད་ཅིང་ཞེ་སྡང་རང་རྒྱུད་དམར་ལམ་མེ་བ་བྱ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནས་ལས་བྱང་བསྟོད་པའི་བར་འདོན། ༈ བཞི་པ་འབོད་རྦད་བསད་གསུམ་ལ། དངོས་གཞི་གཞུང་ལྟར་བདག་བསྐྱེད་དང་མདུན་བསྐྱེད་གསལ་བར་བསྒོམས་ནས། རང་གི་ཐུགས་ཀའི་ཧཱུཾ་དང་ཡར་སྔགས་ཕྲེང་གཡས་སུ་བར་མེད་དུ་འཁོར་བ་དང་། མདུན་བསྐྱེད་ལ་དེ་ལྟར་བསྒོམས་ནས་ཐུགས་ཀའི་ཧཱུཾ་མཐར་སོགས་ཀྱི་བཟླས་དམིགས་དང་། ཁྱད་པར་འོད་ཟེར་འཕྲོས་པ་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས། ལས་ཀྱི་གཤིན་རྗེའི་ཞིང་ཁམས། འབྱུང་བ་ཚ་གྲང་འཁྲུགས་པའི་ཕོ་བྲང་ནས། ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་བཞུགས་པའི་ཐུགས་རྒྱུད་བསྐུལ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་འཁོར་ལས་གཤིན་བྱེ་བ་བཅོ་བརྒྱད་ཀྱི་དམག་དཔུང་དང་
བཅས་ཏེ་ས་དང་བར་སྣང་གཡོ་བའི་ཆོ་འཕྲུལ་དང་བཅས་ནས་སྐད་ཅིག་ཉིད་ལ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕག་ནས་བྱ་ཁྱུ་འགྲོགས་པ་ལྟར་འདི་ཉིད་དུ་བྱོན་ནས་ཆུ་ལ་ཆུ་ཐིམ་པ་ལྟར་བདག་མདུན་གཙོ་འཁོར་ལ་ཐིམ་པར་བྷྱོ། ཡང་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ལས། ལས་ཀྱི་གཤིན་རྗེའི་དམག་དཔུང་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་དམིགས་ཡུལ་བྱད་མ་ལྷ་སྲུང་དང་བཅས་པའི་གུར་ཁང་བཤིགས། བསད་པའི་མཚོན་ཆ་བཅག །ཁོའི་སྲུང་འཁོར་ཐམས་ཅད་བཅོམ་ནས་རྡུལ་དུ་བརླག །ཁོའི་སྲུང་བའི་གུར་སྲ་མཁྲེགས་ཀྱི་ནུས་པ་ཐམས་ཅད་བསྡུས་ནས་རང་གི་གུར་ལ་བསྟིམ། ཁོའི་སྲུང་བའི་གུར་ཁང་ཐམས་ཅད་བྱེ་མའི་ཁང་པ་ལ་ཆུ་ཕོག་པའམ། མར་སར་ཉི་མ་ལ་བཞུས་པ་ལྟར་འཇིག་་ཡང་རང་འདྲ་བའི་ཁྲོ་ཆུང་གྲངས་མེད་འཕྲོས་ནས་དམིགས་བྱ་དེ་མཐུ་ནུས་བསོད་ནམས་སྟོབས་ཁ་རྗེ་དབང་ཐང་ཐམས་ཅད་ནི་ལྗང་གུ་དང་། འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ། ཡང་རང་གི་ཐུགས་ཀའི་ཧཱུཾ་གི་རྩེ་ནས་སྔགས་ཕྲེང་འཕྲོས།། ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་ནས་ཞུགས། ཐུགས་ཀར་ཐིམ་པས་
སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཞབས་བཅུ་སྔོན་དུ་ཐོགས་ནས་ཞབས་བཅུ་ནས། མཐུ་སྟོབས་ནུས་པའི་དངོས་གྲུབ་ཀྱི་ངོ་བོར་ཐོན། ཐུགས་ཀར་བྱུང་། རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་མཐུ་རྩལ་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པར་བྷྱོ། དམིགས་པ་མ་ཡེངས་བར་འབོད་པའི་སྔགས་འདི་ཞག་བདུན་བཟླས། སྔོན་དུ་བསྙེན་པ་མང་དུ་སོང་བའམ། རྟགས་གསལ་པོ་བྱུང་ན་ཞག་གསུམ་མམ་ལྔས་ཀྱང་ཆོག ༼མ༽ བསྙེན་སྔགས་ཞེས་བཟླས་ཐུན་མཚམས་སུ་བསྐང་གཏོར་གསོ་ལ་བསྐང་བ་བྱ། གཏོར་ཆུང་ཉའུ་ཅན་ལ་བཀུག་གཞུག་བྱས། ཨེ། དྲག་པོ་ཆོས་དབྱིངས་སོགས་ནས། ཤན་པ་རུ་ཊ་སྡེ་བཞི་གཤེགས་སུ་གསོལ། དམ་རྫ་ས་ཕྱི་ནང་སོགས་འབོད་པའི་བསྐུལ་རིང་དེ་བྱ། གཏོར་ཆུང་རྟེན་གཏོར་རྩ་བར་ཕུལ། ཐུན་མཚམས་སུ་བསྐྱེད་རིམ་མི་བསྡུ་ཞིང་། སླར་ཡང་ལས་བྱང་འདྲ་བ་སོགས་ཐུན་ལ་འཇུག །གཞུང་བསྲང་དུས་གཡས་ཀྱི་རྟག་གཏོར་གསོ། དེ་ལྟར་རྟགས་གསལ་པོ་མ་བྱུང་བར་དུ་བྱའོ། །རྟགས་ནི་གོ་གྱོན་མཚོན་ཐོགས་པ་དམག་འདུ་བ་གཡུལ་འགྱེད་པ་དམག་དཔོན་ཇག་དཔོན་བྱེད་པ། བྲག་བཤིགས་པ། ཤིང་གཅོད་པ། །དགྲ་ལ་ཆས་པ། སྐྱོགས་དང་
ཁྲིབ་གཏོང་བ། མདའ་འཕང་བ། དམག་གཏོང་བ། ཇག་ལ་ཆས་པ། ཟོར་འཕང་བ། རི་དྭགས་བསད་པ། ལིང་བྱེད་པ། རྒྱ་བྲེ་བ་རྙི་བཙུགས་པ་སོགས་དང་། སློབ་དཔོན་བནྡེ་སྔགས་པ་མི་ནག་ཞང་བློན་སྐྱེས་ཕྲན་མི་ཆེན་བུད་མེད་དཔའ་ཆས་བཟང་བ། ཕ་ཁུ་མ་སྲིང་ཆུང་མ་གྲོགས་པོ་མཛའ་མོ། སྟག་གཟིག་གླང་གཡག་ཁྱི་སྤྱང་སོགས་དང་། གཟུགས་མང་པོ་མཐོང་བ་འཇིགས་ཞུམ་པ་དང་། མདོར་ན་ལྷ་འདྲེ་ལས་གཤིན་ཚོགས་པའི་རྟགས་དང་ཆོ་འཕྲུལ་འབྱུང་བས། དེ་ལ་འཇིགས་སྐྲག་མི་རུང་། འདོད་ཐོག་ཡིན་པས་སྡོད་དྲོད་བསྐྱེད་ཅིང་ཚོགས་གཏོར་བསྐྱེད་དོ། །དེ་ནས་ཐུན་མཚམས་སུ་ནོར་སྒྲུབ་ཀྱི་ཚུལ་དུ་རླུང་ཐུན་སྒྲུབ་པ་སྟེ། ཐུན་ཁང་སྟེང་ཐོད་པའི་ཕོར་བའི་ཐད་ཀྱི་ལིངྒ་དེ་ཕོར་བར་རྒྱག །དུག་ཁྲག་གི་རྒྱ་མཚོ་དམར་ནག་འཁྲུགས་ཤིང་། ཁོལ་ལྷོག་ལྷོག་བྱེད་ཅིང་དུག་གི་མེ་སྟག་འཕྲོ་བའི་ནང་དུ། ལས་གཤིན་མཐིང་ནག་རབ་ཏུ་རྔམས་ཤིང་ཁྲོས་པ་བ་སྤུ་ཐམས་ཅད་མཚོན་ཆར་སྐྱེས་ཤིང་གཏན་དུག་གི་རླངས་པ་འཕྲོ་བ་གཅིག་གན་རྐྱལ་དུ་གནས་པའི་ཞལ་དུ་དམིགས་བྱ་སྟེ། ཉམ་ཐག་ཅིང་སྐྱེམ་པ་ལིངྒ་དང་དབྱེར་མེད་པར་བསམ། སྐམ་ཐུན་དུག་
གི་མཚོན་ཆ་སྣ་ཚོགས་པ་དུག་གི་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བར་བསྒོམ། ལྷོ་ཕྱོགས་གཤིན་རྗེའི་ཡུལ་ནས་གཤིན་རྗེ་ཚེ་བདག་ནག་པོ་དབུ་དགུ་ཕྱག་བཅོ་བརྒྱད་མཚོན་ཆ་སྣ་ཚོགས་བསྣམས་པ། འཆི་བདག་ནག་པོ་སྤུ་གྲི་དང་ཕུར་པ་བསྣམས་པ། སྲོག་བདག་ནག་པོ་བསེའི་མདུང་དང་ཕུར་པ་བསྣམས་པ། བྷེ་བ་ས་ཏ་ཁམ་ནག་འཁོར་ལོ་བསྣམས་པ། ཡ་མ་རཱ་ཛ་སྡེ་བརྒྱད་དྲེགས་པ་བཅོ་བརྒྱད་ཆར་ལྟར་འབེབས་པ་རྣམས་སྐམ་ཐུན་རྣམས་ལ་ཐིམ་པའམ། དུག་གི་སྤུ་གྲི་ཆུ་གྲི་རལ་གྲི་བསམ་ཆོད་འབར་བ་ཤ་སྟག་ཏུ་གྱུར། རློན་ཐུན་དེ་ནང་ཁྲག་རྒྱུ་གཟེར་ཡམས་ནད་རིམས་ནད་གླང་ཐབས་ལ་སོགས་ནད་སྣ་ཚོགས་ཀྱི་ནད་རླངས་སྤྲིན་ལྟར་གཏིབ་པ། ཚེ་བདག་གི་ཡུམ་རཀྵ་སྲིན་མོ། འཆི་བདག་གི་ཡུམ་དུས་མཚན་མ། སྲོག་བདག་གི་ཡུམ་རེ་མ་ཏི་གསུམ་ལའང་དམར་པོ་སྤུ་གྲི་དང་ཐོད་ཁྲག་ཐོགས་པ་གཞན་ཡང་མ་མོ་རྣམས་སྲིན་མོ་བྱེ་བ་དུང་ཕྱུར་ཆར་བབ་པ་ལྟར་བྱོན་ནས། ཁྲིག་ཐུན་ལ་ཐིམ་པས་གསོར་མི་རུང་བའི་ནད་སྣ་ཚོགས་སུ་གྱུར་པར་བསམ། རྩ་སྔགས་ཤམ་དུ། ༼ཙ༽ ཞེས་ཁ་སྐོང་བསྙེན་པ་བརྒྱའམ་ཉེར་གཅིག་དྲག་ཏུ་བཟླས་ལ་མཆིལ་མ་དང་ཁ་རླངས་མ་ཤོར་བར་ཐུན་ལ་ཕུ་
ཅུང་ཟད་གདབ་ལ་བཏབ། དེ་ནས་ཐུན་གྱི་ཕུ་ཅུང་ཟད་ཕོར་པ་ནང་གི་ལིངྒ་ལ་བཏབ་པས་རྡུལ་དུ་བརླགས་པར་བསམ། ཐུན་སྣོད་གསུམ་ཀ་ཁ་ཆོད་ཀྱིས་བཀབ་གཞུང་གི་ཐུན་འདོན་རྒྱུ་དེ་འདོན། དེའི་དམིགས་པའམ་འགྲེས་མི་བཤང་འདོན་དུས་འགྲིགས་ཡོད། རྫ་རྫ་མགོ་སོགས་ཐུན་རྒྱབ་བྱེད་པ་ཡིན། དུག་འཁོར་ནང་གི་གཤིན་རྗེའི་ཞལ་བཙུམ་མཆེ་བ་བསྡམས་པས་དགྲ་འདུལ་དབང་མེད་པར་བསམ། ཐུན་སྣོད་ཀྱི་ཁ་ལེབ་གསུམ་གྱི་སྟེང་དུ་ཐུན་སྲུང་གི་གཤིན་རྗེ་དམར་ནག་གཡས་རལ་གྲི་གཡོན་ཁ་ལེབ་གཟུངས་ཐག་བཞག་པར་རྐོས་ཞབས་མཆོང་ཐབས་སུ་བཞུགས་ནས་སྲུང་བར་བསམ། འདི་ལྟར་ཐུན་མཚམས་སུ་ཐུན་སྒྲུབ་དུས་ལིངྒ་ཅན་གྱི་ཐུན་སྣོད་ནས་སྒྲ་སྒྲོགས་ནས་ཕྱི་རྟགས་ཟླ་བ་དགུ་ནས་འོང་། གླུ་རྩིའི་དྲི་བྲོ་བ་ཟླ་བ་བཅུ་གཉིས་ནས་འོང་། ལྕེ་སྤྱང་གི་སྐད་བྱུང་ན་ཟླ་བ་བདུན། ལིངྒ་འཕར་ན་ཟླ་བ་བཅུ་གསུམ། དགྲ་བོ་དངོས་སུ་མཐོང་ན་ཟླ་བ་གཅིག་ནས་འོང་། དེ་དག་དངོས་སམ་ཉམས་སྣང་གསུམ་གྱིས་འོང་ངོ་། །དེ་ལྟར་ཞག་བདུན་ནམ་རྟགས་དང་བསྟུན་ནས་འབོད་པ་དང་། ཐུན་འདི་སྒྲུབ་ཚར་ནས་གཉིས་པ་རྦད་པ་ནི། བདག་བསྐྱེད་ལུས་དཀྱིལ་དང་
བཅས་པ་བཟློག་པའི་སྐབས་ལྟར་བྱ། མདུན་བསྐྱེད་སྤྱན་འདྲེན་མཆོད་པ་བསྟོད་པ་བར་བྱས་ནས། དེ་ནས་བྲུབ་ཁུང་ཆེན་པོའི་ཁ་ཕྱེས་ལ། ལིངྒ་དུག་ཁྲག་གིས་བྲན་ལ་རང་ཉིད་སྔགས་ཆས་སུ་ཞུགས་ནས། བདག་མདུན་བར་དུ་བྲུབ་ཁུང་སོགས་ནས་ཀྲྀ་ལྗང་གུས་མཚན་པར་གྱུར། བདེན་བརྡར་བཀུག་གཞུག་ལན་གསུམ་བྱ། དམར་གཏོར་ཆུང་ངུ་ཞིག་ལ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་བཤམ་ནས། བློ་འཆི་བདག་ནག་པོའི་དུས་ལ་བབ། སོགས་ནས། བླ་འཁྱམས་དམ་ཉམས་ཁྱེར་ལ་ཤོག་།སོགས་ནས། ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས་སོགས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའི་བར་གྱི་བླ་སྲོག་འགུགས་པའི་རྦད་བསྐུལ་རོལ་མོ་དང་བཅས་པ་ང་རོ་དྲག་པོས་བྱའོ། །དམིགས་པ་ནི་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་རང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པས་བཀུག་ནས་ལིངྒ་ལ་བསྟིམ། ཡང་ཉི་མ་རྩེ་ཤར་དུ་རང་གཤིན་རྗེར་གསལ་བའི་ཕྱག་གཡས་སྡིགས་མཛུབ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གསལ། དེ་ལས་འོད་ཟེར་དཔག་མེད་འཕྲོས་པས་བྱད་མ་གནོད་བྱེད་ཐམས་ཅད་བཀུག་ནས་ལིངྒ་ལ་བསྟིམ་མོ། །ཉི་མ་ཐལ་དུས་གཡོན་པའི་སྡིགས་མཛུབ་དེ་ལྟར་བསྒོམ། །
ཡང་རང་ཉིད་གཤིན་རྗེའི་སྣ་བུག་གཡས་ནས་རླུང་དང་འགྲོགས་ནས་ཁྲོ་ཆུང་ཚོན་གང་པ་དང་། ཡུངས་ཀར་ཙམ་པ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་སྤུ་གྲི་དང་། གཡོན་ལྕགས་ཀྱུའི་རྩེར་ཛ་དམར་ཡོད་པ་རྣམ་པར་འཕྲོས་ནས་དམིགས་བྱའི་སྣ་བུག་གཡོན་དུ་ཞུགས་ནས་ཁོའི་སྙིང་དཀོར་ནག་མཚམས་སུ་སྤུ་གྲིས་བཅད་ནས་སྙིང་གི་ནང་དུ་ཀྲྀ་ལྗང་གུ་ཞིག་ཡོད་པ་དེ་ལྕགས་ཀྱུའི་རྩེར་ཛ་དམར་པོ་ཡོད་པ་དེས་བླངས་ནས་སྣ་བུག་གཡས་ནས་ཚུར་བྱུང་ནས་རྨི་ཡིག་ལིངྒ་ལ་བསྟིམ་མོ། །ཡང་ཁྲོ་ཆུང་དང་ཕོ་ཉ་ལས་མཁན་རྣམས་རླུང་ནག་འཚུབ་མའི་རྟ་ལ་ཞོན་ནས་དགྲ་བོ་དེ་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམ། འཁོར་ལོ་རླུང་གི་ཤུགས་ཅན་གྱིས་འོག་ནས་བཏེག །བེ་ཅོན་གྱིས་སྤྱི་བོ་ནས་བརྡུང་། མུན་པ་ནག་པོས་མདུན་ནས་བསུས། ལས་ཀྱི་རླུང་ནག་འབར་བས་རང་དབང་མེད་པར་ཁྱེར་ནས་བྲུབ་ཁུང་དུ་ལིང་ངེ་འཕང་བར་བསྒོམ། ཡང་ལས་གཤིན་འཆི་བདག་ཚེ་བདག་སྲོག་བདག་གསུམ་གྱི་ངོ་བོ་ལ། རྣམ་པ་ལྕགས་ཀྱུ་དམར་ནག་དཔག་ཏུ་མེད་པར་གྱུར་ནས་སྟོང་གསུམ་ཐམས་ཅད་གང་བར་ཕར་རྒྱུག་
ནས། དམིགས་བྱའི་བླ་སྲོག་རྣམ་ཤེས་དེ་ཁོའི་སྙིང་གར་ཧཱུྃ་གི་རྣམ་པར་གནས་པ་དེ་ལྕགས་ཀྱུས་དྲངས་ལ་ལིངྒ་ལ་བསྟིམ། ཡང་ལྕགས་ཀྱུ་འཕྲོས་ནས་ཁོའི་བླ་སྲོག་རྣམ་ཤེས་ཨ་ཡིག་གི་ངོ་བོར་གནས་པ་ཚུར་དྲངས་ནས་ལིངྒ་ལ་བསྟིམ། ཡང་ལྕགས་ཀྱུ་འཕྲོས་པས་ཁོའི་རྣམ་ཤེས་ན་ཡིག་ཏུ་གནས་པ་བཀུག་ནས་ལིང་ལ་བསྟིམ་མོ། །དེ་ནས་འབོད་སྔགས་ལ་ཟད་སྔགས། བླ་འགུགས་སྔགས་འདི་བཏགས་ལ་དམིགས་པ་རྣམས་མ་ཡེངས་པར་བཟླས། ༼ཚ༽ བླ་འགུགས་སྔགས། དུ་ཏྲི་ཡི་སྔགས་བླ་འགུགས་གཉིས་གཅིག་།ཞྭ་ཛ་ཏིལ་པཾ་ཞེས་ཡིན་ཅེས་བཟླས་པས་རབ་ཞག་གསུམ་ཐ་མས་བདུན་ནས་རྟ་གླང་ཤ་བ་ལུག་ཁྱི་ཕག་སྟེ་བླ་ཆེན་དྲུག །བོང་བུ་དྲེལ་གཡག་བྱ་རི་དྭགས་རྣ་བ་སྤྱང་ཀི་སྤྲུལ་པ་དྲུག་གང་རིགས་འབྱུང་ངོ་། །བ་གླང་བྱུང་ན་རབ་ཡིན། བྱ་དང་རི་དྭགས་བྱུང་ན་ཤིན་ཏུ་མྱུར། གཡག་ལུག་བྱུང་ན་འབྲིང་ཙམ། རྟ་རྐྱང་དང་བོང་བུ་བྱུང་ན་འགྱང་པས་ད་རུང་དམིགས་པ་དང་སྔགས་ལ་འབད། རབ་དགྲ་བོ་དངོས་སམ་བླ་རྟགས་ཀྱི་སེམས་ཅན་དེ་དག་ལྕགས་ཀྱུས་བཟུང་བ་ཞགས་པས་བཏབ་པ་བཀྱིག་པ་ཁྲིད་དེ་བཙོན་རར་བཟུང་བ་ལ་སོགས་ཉམས་སྣང་རྨི་ལམ་དུ་འབྱུང་། དེ་བྱུང་མ་ཐག་ནས་
ལིངྒ་ལ་ཐུན་བྲབ་ཁ་ཆོད་བཀབ་ལ་མི་ཕྱེ། ཐུན་ལམ་ཕུར་པས་བཅད། ཁུག་རྟགས་ལན་གསུམ་མམ་གསལ་པོ་མ་བྱུང་བར་དུ་རུང་། ཐུན་རྒྱབ་ཅིང་བཀུག་གཞུག་བསྐུལ་པ་བླ་འགུག་ལ་འབད་དོ། །དེ་ནས་ཟད་པ་བླ་སྲོག་འགུགས་པའི་ཐུན་མཚམས་ཐམས་ཅད་དུ་ལྷ་དང་དབྱེ་སྟེ། གཏོར་ཆུང་ཆུ་གཙང་གིས་བྲན་ལ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ། དགྲ་བོ་ལ་སྲུང་ཞིང་སྐྱོབ་པའི་ལྷ་སྲུང་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཁྱེད་རྣམས་ཀྱིས་གཏོར་མ་འདི་བཞེས་ལ་དགྲ་བོ་འདི་ཡི་མགོན་བསྐྱབ་མ་མཛད་པར། དགྲ་བོ་འདི་གསོད་པའི་ཤན་པ་གྱིས་ཤིག །དམ་ཉམས་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། སྡོམ་པ་གསུམ་གྱི་དམ་ཚིག་ཉམས་མི་དགེ་མཚམས་མེད་སྤྱད། རྒྱུ་འབྲས་ལ་ལོག་པར་ལྟ་བ་ཆེ་འདི་ལ་ཡེ་ཤེས་པ་དང་འཇིག་རྟེན་གྱི་ལྷ་ཡིན་ཡང་མགོན་སྐྱབས་མ་བྱེད་ཅིག །གལ་ཏེ་བྱེད་ན་རྡུལ་ཕྲན་བཞིན་དུ་བརླག་ཏ་རེ། ཞེས་བརྗོད་ལ་གཏོར་མ་ཕྱིར་དོར། བདག་གི་ཐུགས་ཀ་ནས་རང་འདྲ་བའི་ཁྲོ་ཆུང་གྲངས་མེད་པ་སྤྲོས་ནས། ཁོའི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་བཞིན་དུ་ཕྱི་ལྕགས་རི་དང་རྒྱ་མཚོའི་
ཕར་མཐར་བསྐྲད་པར་བསམ། ཡང་བདག་མདུན་གཉིས་ལས་དུག་གི་འོད་ཟེར་མི་བཟད་པ་ཚ་ཞིང་རྩུབ་པ་འཕྲོས་པས་ལྷ་སྲུང་ཐམས་ཅད་བརྒྱལ་བར་བསམ། ཡང་དུག་གི་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་གར་ཕོག །དུག་གི་འོད་ཟེར་གྱི་རང་བཞིན་གྱིས་ཁོའི་ལྷ་སྲུང་འཁོར་དང་བཅས་པ་མ་རྙེད་པས་ཁོའི་ལྷ་སྲུང་ཐམས་ཅད་བྲོས་པར་བསམ། ཁོའི་ལྷ་སྲུང་གི་མལ་དུ་གཤིན་རྗེ་ཐམས་ཅད་བསྡད་པས་དགྲ་བོའི་ཤ་ཁྲག་ཟ་བར་བྷེ། རང་ཉིད་གཤིན་རྗེའི་སྣ་བུག་གཡས་གཡོན་རླུང་སྦྱད་པ་དང་མཉམ་དུ་རང་འདྲའི་ཁྲོ་ཆུང་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པས་དགྲ་བོ་བྱེད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་གྲོག་ཚང་ལ་ཐོག་བརྒྱབ་པ་ལྟར་ནག་ཆོམས་སེ་བཏང་། ཁོང་རྣམས་ཀྱི་ཚེ་སྲོག་གི་དྭངས་མ་ཐམས་ཅད་འོད་ཟེར་གྱིས་རང་ལ་བསྟིམ། ཡང་རང་གི་རླུང་ལ་ཚེ་ཐོག་མ་མེད་པ་ནས་བསགས་པའི་དུག་ལྔ་པོ་དེ་གཟུངས་ཐག་གི་བརྒྱུད་ནས་ཕར་འོད་ཟེར་གྱི་རྣམ་པར་སོང་སྟེ་སྣལ་མ་དཀར་པོའི་བརྒྱུད་ནས་གཏི་མུག །ནག་པོ་ལ་ཞེ་སྡང་། སེར་པོ་ལ་ང་རྒྱལ། དམར་པོ་འདོད་ཆགས། ལྗང་གུའི་བརྒྱུད་ནས་ཕྲག་དོག་རྣམས་སོང་ནས་ཁོའི་དུག་ལྔ་དང་འདྲེས་པས་ཁོ་དུག་ལྔ་
རྒྱས་ནས་བསྒྲལ་བའི་ཞིང་དུ་གྱུར་ནས། ཡང་ཁོས་ཚེ་ཐོག་མ་མེད་པ་ནས་བསགས་པའི་བསོད་ནམས་དང་ཡེ་ཤེས་ལྔ་པོའི་འོད་ཟེར་གྱི་རྣམ་པར་གཟུངས་ཐག་གི་རྒྱུད་ནས་ཚུར་བྱུང་། རང་གི་ཐུགས་ཀར་ཐིམ་པས་བསོད་ནམས་ཡེ་ཤེས་རྒྱས་པར་བྱེད། ཡང་ཁོའི་གནས་སུ་ལུས་ངག་ཡིད་གསུམ་གྱི་བྱིན་བརླབས་ནུས་མཐུ་ཐམས་ཅད་ཨོཾ་ཨཱཿཧཱུྃ་གི་རྣམ་པར་འདུས་པ་འོད་ཟེར་གྱིས་ཐག་ཐག་བླངས་ནས་རང་གི་གནས་གསུམ་དུ་ཐིམ། ཁོའི་བསོད་ནམས་ཡེ་ཤེས་ལྷ་དང་སྲུང་མ་ཐམས་ཅད་བྲལ་ཏེ། མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བསམས་ལ། དམིགས་པ་དེ་རྣམས་བཅས། འབོད་སྔགས་འདི་བཏགས་ལྷ་དབྱེའི་སྔགས་སོ། །ཞེས་ཐུན་མཚམས་ཐམས་ཅད་དུ་རྒྱབ་སྟེ་རྫོགས་པ་དང་། བྱ་རོག་འུག་པའི་སྒྲོ་གཉིས་ལག་གཡས་གཡོན་དུ་ཐོགས་ལ་ཡུངས་ཀར་སྔགས་ནས་ལག་པ་གཡས་ཀྱིས་བརྡེག །ཕྱག་གཡས་སོར་མོ་གནམ་ལྕགས་ཀྱི་སོར་མོ་ལྔ། གཡོན་སོར་མོ་དུག་གི་མཆོད་རྟེན་ལྔ་བསམ། རྣམ་ས་གཉིས་ལག་པའི་བར་དུ་དྲིལ། ཞེས་ལྷ་ལ་ཕུར་པ་བཏབ་པས་ལྷ་ཁྲོས་ནས་བདུད་དུ་བབ་པར་ལྷ་དང་དབྱེ་བར་བསམ། དེ་ནས་ལག་གཡས་སུ་ཕོ་རོག་དང་། གཡོན་དུ་འུག་པའི་སྒོ་
གཉིས་ལིངྒ་དང་བཅས་པ་ཐོགས་ནས་སྔགས་དྲག་ཏུ་བཟླས་ནས་འཐབ་པའི་ཚུལ་དུ་ལན་གསུམ་རྡེབ་ལ། སྔར་ལྟར་བྲུབ་ཁུང་གི་གཡས་གཡོན་དུ་ཁ་ཕྱིར་བསྟན་ལ་བཙུགས་སོ། །རྟགས་ནི་ཤིང་གསེས་པ་དང་། བྲག་གསེས་པ་གས་པ། ཆུ་དུམ་བུར་བྱས་པ། ཆུ་དང་འོ་མ་ཕྱེས་པ། རྩྭ་དང་སྡུམ་བུ་ཕྱེས་པ་དང་། ནས་དང་འབྲུ་སོགས་འབྲུ་དང་སྙིགས་ཕྱེས་པ། བལ་དཀར་ནག་ཕྱེ་བ། ཤིང་གི་ཤུན་པ་བཤུས་པ། བཀབ་པའི་ཁེབ་མ་བཤུས་པ། གོ་ཆ་བཤུས་པ། རྒྱན་ཆ་བཏོག་པ་སོགས་འབྱུང་སྟེ། ལྷ་དབྱེ་དང་ལས་མྱུར་བར་གལ་ཆེ། དེ་ལྟར་རྗོད་པས་ཁུག་རྟགས་ལྷ་དང་ཕྱེས་རྟགས་གསལ་པོ་བྱུང་ནས། གསུམ་པ་བསད་པ་ནི། བདག་མདུན་དུ་བསྐྱེད་རིམ་ལུས་དཀྱིལ་དང་བཅས་པ་གསལ་བཏབ། བླ་འགུགས་དང་ལྷ་དབྱེ་ལན་བདུན་རེ་བཟླས། དེ་ནས་བྲུབ་ཁུང་ནང་ལྕགས་ཀྱི་སྡིག་པའི་ཁ་ནང་དུ་དགྲ་བོ་ཡོད་པ་ཕྱིར་སྡིག་པ་ཁ་བསྡམས་ནས་མགུལ་དབང་མེད་པ་ཁོའི་སྙིང་ནང་དུ་རལ་གྲིའི་འཁོར་ལོ་རྩིབས་དྲུག་པ་གཅིག་གཡོན་དུ་དྲག་ཏུ་འཁོར་བས་སྲོག་རྩ་དང་ནང་རོལ་གློ་སྙིང་ཐམས་ཅད་དམར་ཉིལ་ཉིལ་བཏང་བར་བྷེ། ཡང་རེས་འགའ་སྡིག་པའི་སྙིང་ནང་དུ་དམིགས་བྱ་བསམས་
ནས་གོང་ལྟར་བྷྱོ། ཡང་ཁོའི་སྙིང་གར་ལྕགས་ཀྱི་འཁོར་ལོ་མུ་ཁྱུད་མེད་པ་རྩིབས་བཅུ་དྲུག་པ་གཡོན་དུ་འཁོར་ནས་ཕྱི་ནས་རྩིབས་ནང་དུ་བསྟན་པ་སྡུག་བུ་ལྟ་བུ་ཞིག་གཡས་སུ་སྒ་ར་ར་འཁོར་བས་ཤ་ཁྲག་སྙིང་སྲོག་ཐམས་ཅད་དམར་ཐ་ར་ར་བཅད་ཅིང་འཐོར་བར་བྷེ། འབོད་སྔགས་ལ་བསད་སྔགས་བཏགས་པ་བཟླས། ༼ཛི༽ བསད་སྔགས། ཞེས་བཟླས་པའི་གཞུང་དང་། དམིགས་པའི་གཞུང་དེ་ལ་བྱ། དེ་ནས་ཕུར་པ་བཏབ་སྟེ། རང་ཁྲོ་ཆུང་གསལ་གྲི་ལྕགས་ཕུར་པ་དེ་ལ་རང་འདྲ་བའི་གཤིན་རྗེར་གསལ་བས་དགྲ་བོ་མགོ་མཇུག་ལྡོག་སྟེ་གནས་པ་ལ་རྩ་དབུ་རྐྱང་རོ་གསུམ་སྦུ་གུ་རུག་གེ་ཡོད་པ་ལ་ཟུར་གསུམ་གྱིས་རྩ་གསུམ་གཤགས་ཏེ། ཕུར་པས་འོག་སྒོ་ནས་སྤྱི་བོར་འཛེར་ཏེ་གནས་པ་ལ་ཕུར་པའི་དབལ་གྱིས་དགྲ་བོའི་ལུས་ཀྱི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དྲག་ཏུ་འཁོར་བས། ཁོའི་ལུས་ངག་ཡིད་གསུམ་ལ་དམྱལ་དམྱལ་གཏོང་། ཤ་ཁྲག་དམར་སྤུང་ངེ་སོང་བ་རང་གི་དུག་གསུམ་གྱི་ངོ་བོ། གཤིན་རྗེ་ཨ་བ་གླང་གི་མགོ་དང་སྟག་མགོ་དང་ལུག་མགོ་སོགས་དང་། ཁོ་རང་གི་ལྷ་རྣམས་ཀྱང་གཤིན་རྗེའི་དམག་ཚོགས་སུ་གྱུར་ནས། ཁོ་རང་གི་ཤ་
ཁྲག་གཏུབས་ནས་ཟོས་འཐུང་། ཀླད་ཁྲག་ལྡག་གཤིན་རྗེའི་ལས་མཁན་དེ་དག་ལ་སོགས་པ་མཚོན་ཆ་སྣ་ཚོགས་ཐོགས་པས་ལུས་ངག་ཡིད་གསུམ་གཤགས་གཏུབ་བརྡུང་། དལ་ཡམས་ནད་ཡམས་སྣ་ཚོགས་ཀྱི་ཆར་ཕབ། ཤ་ཟོས་ཁྲག་འཐུང་རུས་པ་མུར་ཀླད་པ་དང་རྐང་འཇིབ་ཅིང་རྡུལ་དུ་བརླག་པར་བསམ། ཁོའི་ཤ་ཁྲག་དང་བཅུད་ནུས་པས་གཟི་མདངས་ཐམས་ཅད་ཡར་དྲངས་ནས་ཕུར་པའི་སྐུ་ལ་ཐིམ་པས་སྐུ་ལུས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར། ༈ སྤྱི་བོར་མཚོན་ཆའི་འཁོར་ལོ་ཐམས་ཅད་ལ་མུ་ཁྱུད་མེད། །མུ་ཁྱུད་ནི་མི་མཁོ་དུས་རྩིས་ཀྱི་ཤུབ་རེ། དེ་བཞིན་དུ་སྤྱི་བོ་ནས་ཕུར་པ་བཏབ་སྟེ། སྙིང་ཁར་ཕུགས་ལ་སྔ་མ་བཞིན་དུ་དམིགས་སོ། །ཡང་སྐབས་སུ་རྣམ་ཤེས་ཀྲྀ་ལྗང་གུ་ལ་སོགས་ཞུ་ཨ་དཀར་པོར་གྱུར་ནས་ཕུར་པའི་ཁོང་སེང་ནས་ཡར་རིགས་གསུམ་མགོན་པོའི་ཐུགས་ཀར་ཐིམ་ནས་སངས་རྒྱས་པར་བསམ། དེ་ནས་སྐམ་ཐུན་རལ་གྲི་དང་སྤུ་གྲི་ཆུ་གྲི་མདའ་མདུང་དགྲ་སྟ་ཁཊཾ་སོགས་མཚོན་ཆ་སྣ་ཚོགས་དང་མེ་རླུང་འཚུབ་མ་རློན་ཐུན་ནད་དང་དུག་གི་ཆར་དུ་བསམ་ལ་བསྙེན་སྔགས་ལ་ཐུན་སྔགས་འདི་བཏགས་ལ་ཞེས་ཉེར་གཅིག་རེ་བཟླས་ཤིང་། རང་གཅེར་བུ་ཐལ་
ཆེན་བྱུག་དར་ནག་གི་ཐོད་བཅིངས། དཀྱིལ་འཁོར་ལ་གཡོན་བསྐོར་ལྔ་བཅུ་ང་གཅིག་གམ་ཡང་ན་ཉེར་གཅིག་བདུན་སོགས་ཐུན་སྔགས་དུ་བཟླས་ཀྱི་གྲངས་བྱས་ལ་ཁ་ཕྱིར་བལྟས་ལ་ཐུན་དུ་བརྡེག་ཅིང་སྲོག་ནིའམ་ཏྲི་མར་མེ་ལྟ་བུའི་དེ་ནག་ཐུ་ཐུ་སོང་བར་བསམ། སྲིད་པ་གསུམ་གྱི་གཤིན་རྗེའི་སོགས་ནས་མྱུར་དུ་ཁུག་ཅིག་བར་ཅེས་ཐུན་བརྡེག་དུས་དྲག་ཏུ་བརྗོད༔ དེ་ནས་ཐུན་ལམ་ཕུར་པས་བཅད་དོ། །དེ་ནས་གཏོར་ཆུང་བཤམས་ལ་སྤམ་ནག་གི་ལིང་ཡིག་གྲི་ལྕགས་ཀྱི་མཚོན་གྱིས་ཁར་བཞག་ལ། གཏོར་ཐུན་གཏོར་མར་བླུག ། ཡང་ལིངྒ་བྲིས་དེ་འདྲ་ལན་གསུམ་བྱ། དགྲ་བོའི་ཤ་ཁྲག་ཏུ་དམིགས་ནས། ཧཱུྃ་ཕྱོགས་ཕྱོགས་དག་ཀྱང་༴ ཞེས་སོགས་བསྐུལ་ཆེན་རྔ་བརྡུང་རོལ་མོ་དང་བཅས་དགྲ་བོའི་ཕྱོགས་སུ་འབུལ་ལམ་ཐུན་ཁུང་ཟུར་དུ་འབུལ་ལོ། །གཤིན་རྗེ་ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་ལྷ་སྲིན་སྡེ་བརྒྱད་སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་གཤིན་རྗེ་བྱེ་བ་དགུ་ཁྲི་དགུ་འབུམ་དང་བཅས་པ་རྣམས་ཀྱིས་གཏོར་མ་དང་དབྱེར་མེད་པའི་དགྲ་བོ་བྱད་མའི་ཤ་ཟོས། ཁྲག་འཐུང་། རྐང་ཀླད་འཇིབ་སླ་བ་མུར་ཏིལ་འབྲུ་ཙམ་ཡང་མ་ལུས་པར་བསམ། འདིར་རང་གི་རྡོ་རྗེ་སློབ་
དཔོན་བྲུབ་ན་མཚམས་མེད་ཀྱི་ལས་ཡིན་པས་གཏན་ནས་མི་རུང་གལ་ཏེ་ལས་དབང་གིས་དགྲ་རུ་ལང་ན་ལན་དགུས་བར་དུ་བཤགས་པ་བྱ་ཞིང་ཞབས་ལ་གཏུགས། ད་རུང་མ་གནང་ཞིང་ཚུར་བྲུབ་ན། རང་ཉིད་སྲུང་འཁོར་བརྩོན་པར་བྱ། བསད་ལས་ལྟ་ཅི་སྨོས་བཟློག་ཀྱང་མི་རུང་ངོ་། །རང་གི་རྡོ་རྗེ་སློབ་དཔོན་ལྟ་བ་ལ་སོགས་ཏེ་མུ་སྟེགས་ཆད་ལྟར་སོང་ཡང་བྲུབ་མི་རུང་། གལ་ཏེ་བྲུབ་ན་གསང་སྔགས་གི་དམ་ཚིག་ཐམས་ཅད་ཉམས་ནས་ལས་མི་འགྲུབ་པའི་སྟེང་དུ་རང་ཉིད་བསྒྲལ་བའི་ཞིང་དུ་གྱུར་ནས་གཤིན་རྗེ་རིང་ལ་བཟློག་གོ །རང་ཉིད་བླ་མ་ལ་བསམ་པ་མ་ལོག་པར་སངས་རྒྱས་ཀྱི་འདུ་ཤེས་བྱ་བ་གཞན་གྱིས་དཀྲུག་པ་སོགས་ཀྱིས་རྐྱེན་ངན་ལས་ཀྱི་དབང་གིས་བླ་མའི་འཕྲོད་པ་དང་བསྐྱོན་པར་བྱས་ཀྱང་སྐྱོན་མེད་དོ། །ཏི་ལོས་ནཱ་རོ་ལ་རྔན་ཆེན་བྱེད་པ་ལྟར་སྣང་བ་མར་པ་དང་མི་ལ་ཕག་གྲུའི་ཐུགས་ལ་སྐྱོ་བ་མི་འཕྲོད་པ་ལྟར་སྣང་ཡང་། བརྒྱུད་པ་དེ་དག་ཟིན་པ་དང་དབྱིབས་འདྲ། འདིར་རྡོ་རྗེ་སློབ་དཔོན་ཟེར་བ་ནི་རང་གི་རྡོ་རྗེ་སློབ་དཔོན་ཡིན། །རང་ལ་ཆོས་འབྲེལ་མེད་ཅིང་རྡོ་རྗེ་སློབ་དཔོན་གྱི་གོ་སར་གནས་པས་རང་ལ་ཉེས་མེད་པར་དགྲ་རུ་ལང་ན་ཁོའི་སྙིང་ནང་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ཁ་
གདེངས་བ་རྭ་རྣམས་རྣོ་ངར་དང་ལྡན་པ་གཡོན་དུ་འཁོར་བས་ལུས་སྲོག་རྡུལ་དུ་བརླགས་པར་བྷེ། བསད་སྔགས་བཟླས་ཤིང་ཐུན་གྱིས་བྲབ། ༈ བཙན་པོ་དང་འགྲས་ན་ཁོའི་སྙིང་ནང་རུས་སྦལ་ནག་པོ་ཞིག་གིས་ཟོས་ནས་སྲོག་ཐམས་ཅད་རལ་གྲིས་བཅད་པ་ལྟར་བསམ་ཞིང་། རཱ་ཛ་ནི་ཇ་ཐུ་རིལ་མཱ་ར་ཡ་རྦད། ༈ སློབ་མ་དམ་ཚིག་ཅན་གཞན་གྱི་ཕྲ་མའམ། རྣམ་འགྱུར་ཅུང་ཟད་རེ་ལ་ལས་བརྩམ་ན་རང་ཉིད་དམྱལ་བར་ལྟུང་བར་འགྱུར་ཏེ། བླ་སློབ་གཉིས་ཀས་དམ་ཚིག་སྲུང་དགོས་པའོ། །སློབ་མ་དམ་ཉམས་ངོ་ཤེས་པས་རང་ལ་ཤིན་ཏུ་དགྲར་ལང་ན་སྔར་སློབ་དཔོན་གྱིས་ཕོག་པའི་དམ་ཚིག་སེམས་དཔའ་དེ་ལྕག་སྡིག་མགོ་དགུ་པར་གྱུར་ནས་སྲོག་རྩ་རྣམས་བཅད་ནས་ཟོས་པར་བསམས་ལ། རྡོ་རྗེ་སློབ་དཔོན་དཔང་དུ་ཡང་བཙུགས་ནས་ཕུར་པ་ཡང་གདབ། སྲོག་ལ་ཧུར་ཐུ་མཱ་ར་ཡ་ཟད། ༈ དམ་ཚིག་གཅིག་པའི་གྲོགས་པོ་དང་འགྲས་ན་ལན་གསུམ་བཤགས་པ་བྱེད་དེ། མ་བྱས་ན་རང་དམ་ཚིག་ཉམས་ཆག་ཐམས་ཅད་དཀྲུག་ཅིང་ཕྲ་མ་བྱུང་ན་དག་འདོན་བྱ། དེས་མ་ཆོག་ན་རང་ལ་དགྲ་རུ་ལང་ཁོའི་སྙིང་དེ་བསེའི་སྦལ་པ་དམར་པོ་གཅིག་གིས་གཏུབ་ནས་ཟ་བར་
བསྒོམས་ལ། སྲོག་ལ་ཧུར་ཐུ་ཡཾ་ཐུན་རྨུག་མཱ་ར་ཡ་རྦད། ཅེས་དམེ་ཁྲག་དང་དུག་ཁྲག་གི་ཐུན་བྲབ། ༈ སྔགས་པ་ནག་པོ་དང་འགྲས་ན། ཁོའི་སྙིང་དེ་ཕག་རྒོད་ཀྱིས་ཟོས་པར་བསམས་ལ། སྲོག་ལ་རྦ་ཛ་ཐུན་སྨུག་མཱ་ར་ཡ་རྦད། དེ་ལྟར་སྔགས་དེ་དྲུག་པོ་བསད་སྔགས་ལ་བཏགས་ནས་བཟླས་ཐུན་གྱིས་བྲབ། དེ་ནས་གཏོར་ཆུང་བྲན་ལ་དགྲ་བོའི་ཤ་ཁྲག་ཏུ་བསམས་ལ། ༼ཞ༽ ཨེ་ཡ་བྷྱོ༔ དགྲ་བགེགས་བསྒྲལ་བའི་ལས་འདི་སོགས། ཞེས་སོགས་བསྐུལ་པ་དེ་འདོན། བསྐུལ་དང་དམིགས་པ་གོང་མ་དེས་འགྲེས་བཤང་། འདི་ཐུན་རེ་རེའམ། གསུམ་མམ་བྱེད་ཕ་རོལ་ནུས་པ་དང་བསྟུན་ནོ། །ཡང་ཐུན་ཆུང་ཞིག་ལ་འདི་བྱའོ། །བྲུབ་ཁུང་ནང་གི་དགྲ་བོའི་སྙིང་ཁའི་ཁྲག་གི་སྦལ་པ་བྱེའུ་ལེབ་མའི་མགོ་ཙམ་གྱི་དབུས་ཀྲྀ་ལྗང་གུ་དང་བཅས་པ་གསལ་བཏབ། ལས་ཀྱི་གཤིན་རྗེས་དེ་ལྟ་བུ་དངོས་སུ་ཁྲིད་བྱུང་ནས་ལིངྒ་ལ་བསྟིམ། དེ་ནས་སྔགས་བཟླས་པའི་འུར་སྒྲ་ཚག་སྒྲ་འབྲུག་ལྟར། བདག་མདུན་ཐམས་ཅད་ཀྱི་བཟླས་པའི་སྒྲ་དང་སྔགས་ཀྱི་འོད་ཟེར་ཚ་ལ་རྩུབ་པ་འཕྲོས་ནས་དགྲ་བོ་ལ་ཕོག་པས་སྤྱི་བོ་ནས་ལྷའི་བདུད། འབྱུང་བ་ས་ཡི་རང་བཞིན་ཁ་དོག་སེར་པོ་བུང་བས་མེ་ཏོག་
འཇིབ་པ་ལྟ་བུ་དེ་ལ་ཕོག་པས། བདུད་དེ་སྐག་ནས་ཞེ་སྡང་ལང་ནས་ཚངས་བུག་གི་རྩ་འཁོར་ཐམས་ཅད་ཧྲག་ཧྲག་བཅད་པའི་དྭངས་མ་བསྡུས། མགྲིན་པའི་ཆུ་ལ་བསྟིམ༔ ཡང་སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས། མགྲིན་པར་ཉོན་མོངས་པའི་ཆུའི་རང་བཞིན་ཁ་དོག་དམར་པོ་སྡིག་པ་བྲག་ལ་འགྲད་པ་འདྲ་བ་དེ་ལ་ཕོག །བདུད་དེ་སྐྲག་ནས་དྲན་པ་ལང་ནས་རྩེའུ་ཆུང་གིས་རྩ་རྣམས་རྦད་རྦད་བཅད་པས་ཁོ་ཁྲག་ཏུ་སྐྱུག་པར་བསམ། ཆུའི་དྭངས་མ་བསྡུས་ཏེ་ལྟེ་བའི་མེ་ལ་བསྟིམ་ཡང་སྔགས་སྒྲ་དང་འོད་ཟེར་འཕྲོས་པས་ཁོའི་ལྟེ་བར་ཕུང་པོའི་བདུད་མེའི་རང་བཞིན་ལ་ཁ་དོག་དུད་ཁ་སྡོམ་སྦ་ར་འདྲ་བ་དེ་ལ་ཕོག་པས་བདུད་དེ་སྐུག་ནས་ཚིག་པ་ཤིན་ཏུ་ཟ་ནས་ལྟེ་བའི་རྩ་མདུད་ཧྲག་ཧྲག་བཅད་པས་ལུས་ཀྱི་དྲན་པ་གཏོར། །མེའི་དྭངས་མ་བསྡུས་ཏེ་སྙིང་གའི་རླུང་ལ་བསྟིམ་ཡང་སྔགས་སྒྲ་དང་འོད་ཟེར་སྙིང་གར་ཕོག་པས། འཆི་བདག་གི་བདུད་འབྱུང་བ་རླུང་གི་རང་བཞིན་ཁ་དོག་ནག་པོ། གྱད་སྟོབས་ཆེན་འདོམས་བསྒྲད་པའི་ཚུལ་ཅན་ལ་ཕོག་པས། ཁོ་སྐུག་ནས་ཁྲོས་ཏེ་ལག་པས་རོ་རྐྱང་གཉིས་ནས་བཟུང་ནས་སྲོག་གི་རྩ་མདུད་ཐམས་ཅད་ཧྲག་ཧྲག་བཅད་པས། ཁྲག་གི་སྦལ་པ་ཞུ་བས་
རླུང་རྣམ་པར་ཤེས་པ་ལ་ཐིམ་སྟེ། ཐུན་རྒྱབ་པས་ནི་ལྗང་གུ་འོད་དང་བཅས་པ་དེ་མར་མེ་བསད་པ་ལྟར་ནག་ཤྲཱི་ཐུ་སོང་བར་བསམས་ལ་བསད་སྔགས་མཇུག་ཏུ། ཡ་མ་དགྲ་བོའི་སྲོག་ལ་རྦད་རྦད། ནག་པོ་ཙིཏྟ་རྦད། དུ་ཏྲི་རྭ་ཙ་རྦད། ཡ་མ་ཛ་ཛ། སྲོག་ལ་བྲེང་བྲེང་། རྩ་ཐིག་སྲོག་ཐིག་རྦད། སྙིང་ཐིག་ལཾ་ལཾ། ཁཾ་ཁཾ། རཾ་རཾ། ཡཾ་ཡཾ། དགྲ་བོ་བྱད་མའི་སྲོག་སྙིང་དུ་སོད། ཡང་ན། ཨེ་ཨེ། ཡཾ་ཡཾ། རཾ་རཾ། ཐཾ་ཐཾ། ལཾ་ལཾ། སུཾ་སུཾ། དགྲ་བགེགས་སརྦ་ཤ་ཏུན་མཱ་ར་ཡ་རྦད་རྦད། ཅེས་ཕྱི་འབྱུང་བ་རང་ལུགས་སུ་བཤིག་པ་དང་། སུཾ་སུཾ། ལཾ་ལཾ། ཐཾ་ཐཾ། རཾ་རཾ། ཡཾ་ཡཾ། ཨེ་ཨེ། དགྲ་བོ་སརྦ་ཤ་ཏན་ཏྲིག་ནན་མཱ་ར་ཡ་རྦད་རྦད་སྤྱད་སྤྱད། ཅེས་པ་ནང་འབྱུང་བ་གོ་ལོག་དང་། སུཾ་སུཾ། ཨེ་ཨེ། ལཾ་ལཾ། རཾ་རཾ། ཐཾ་ཐཾ། ཨེ་ཨེ། ཡཾ། ཡཾ། ཡ་ཡ། མ་མ། ར་ར་སྲོག་ནན་སརྦ་ཤ་ཏུན་མཱ་ར་ཡ་རྦད་རྦད་སྦུད་སྦྱད། ཅེས་གསང་བ་དཀྲུག་པ་རྣམས་གང་ཡང་རུང་། །འབོད་སྔགས་ལ་བཏགས་ཏེ། གོང་གི་དམིགས་པ་དང་བསྟུན་ནོ། །།དེ་ནས་ཐུན་མཚམས་སུ་གཏོར་མ་ཡོད་དམ་མེད་ཀྱང་རུང་སྟེ། ཨེ་ཡ་བྷྱོ༔ ཞེ་སྡང་མེ་ལྟར་འབར་བའི་སོགས་
བསྐུལ། དེ་དྲག་ཏུ་བྱའོ། །ཡང་ན། ཨེ་ཨེ་དགྲ་བགེགས་ཧུར་ཐུ་ཛ། ཨོཾ་ཏྲིག་ནན་སརྦ་ཤ་ཏུན་ཨ་མཱ་ར་ཡ་སྦྱད་སྦྱད་ཡ། དེ་བཞིན་དུ་ཡཾ་ཡཾ། རཾ་རཾ་དང་། བཻ་བོ་དང་། ལོ་ལཾ་དང་། སུཾ་སུ་དང་། དེ་རྣམས་ཨེའི་མལ་དུ་བཅུག་ལ་བསད་སྔགས་ཤཾ་བུར་བཏགས་ནས་གོང་གི་འབྱུང་བའི་དམིགས་པས་བསྟུན་ཤིང་རེས་མོས་སུ་བཟླས་པས་ནི་འབྱུང་བ་སྒོས་སུ་བཤིགས་པའོ། །དེ་ནས་དགོང་མོའི་ཐུན་ལ་མདུན་གྱི་ཧོམ་ཁུང་གྲུ་གསུམ་འོག་གཞི་ནི་དམྱལ་ཁམས་རྡོ་རྗེ་གདན་ལ་ཐུག་པའི་འོག་རྒྱ་མཚོ་ཆེན་པོའི་ནང་ནས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཛ། དུག་གསུམ་ཁྲོས་པའི་དབུ་གསུམ། གཡས་སེང་གེ །གཡོན་ཕག །དབུས་ཆུ་སྲིན། ཞལ་ཡ་ཁ་གནམ། མ་ཁ་ས། མཆེ་བ་སྤུ་གྲི་ལྟར་རྣོ་བ་ཡར་ཁ་གདངས་ནས་ཡོད་པར་བསྒོམ། དེའི་བྲུབ་ཁུང་གི་ནང་དུ་དགྲ་བོ་གན་རྐྱལ་མགོ་ཆུ་སྲིན་གྲེ་བར་ཚུད་པ། རྐང་མཐིལ་ཕྱིར་བསྟན་ཡོད་པའི་ཀླད་པའི་ནང་དུ་འཆི་བདག་གི་བདུད་ནག་པོས་འཁོར་ལོ་རྣོ་བའི་ངར་ལྡན་སྤུ་གྲི་གཡས་སུ་བསྐོར་བས་ཁོའི་ལུས་ཀྱི་ནུས་པ་དང་ཚེ་སྲོག་བཅད་པས་མགོ་བཅད་ནས་ཆུ་སྲིན་གྱིས་མིད་པར་བྱས། མགྲིན་པར་ཉོན་མོངས་པའི་བདུད་དམར་
པོས་མེ་ཡི་འཁོར་ལོ་བསྐོར་བས་ཁོའི་ངག་གི་ནུས་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་བཞིན་དུ་སོང་། མགྲིན་པ་ཆད་ནས་མིད་པར་བསམ། སྙིང་གར་ལྷའི་བུའི་བདུད་དཀར་པོས་གསེར་གྱི་འཁོར་ལོ་བསྐོར་བས་ཡིད་ཀྱི་ནུས་པ་ཐམས་ཅད་སྙིང་ག་ཡན་ཆད་ནས་མིད་པར་བསམ། ལྟེ་བར་ཕུང་བདུད་སེར་པོས་རླུང་གི་འཁོར་ལོ་བསྐོར་བས་ལུས་ངག་ཡིད་གསུམ་གྱི་ནུས་པ་ཐམས་ཅད་བཅོམ། །སྲོག་རྩ་ཁྲག་རྩ་སྙིང་རྩ་ཐམས་ཅད་དམར་ཉི་ལི་ལི་བཏང་། ལྟེ་བ་མན་ཆད་སྐྱིད་པར་བསམས་ནས་བསད་སྔགས་ཤམ་བུ། ༼འ༽ དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀྟ༔ དགྲ་བོ་བྱད་མའི་སྲོག་རྩ་ཁྲག་ཐིག་སྙིང་བྱུང་། ཡ་མ་དགྲ་བོའི་སྲོག་ལ་ཤག་རྦད། ཤི་ན་རཀཱ་ཁ་ཐཾ། དགྲ་བོའི་སྲོག་ལ་ཛ་ཛ༔ ཡ་མ་དགྲ་བོའི་རྩ་ཁྲག་ཙིཏྟ་ཕྱུང་། དགྲ་བོའི་སྲོག་ལ་ཐུ་རིལ་ཛ། དགྲ་བོའི་སྲོག་ལ་ཐུ་རིལ་རྦད། དགྲ་བོའི་སྲོག་ལ་ཏྲི་ཤག་ཛ༔ དགྲ་བོའི་སྲོག་ལ་བི་རིལ་རྦད་རྦད། ཡ་མ་དགྲ་བོའི་སྲོག་ལ་ཛ་ཛ་རྦད་རྦད། ཅེས་བཏགས་ལ་བཟླས། ཐུན་བྲབ། སྤྲོ་ན་གཏོར་ཆུང་བྲན་ལ་ཟོར་ལས་འགབ་ཀྱིས་བསྐུལ། ས་རིམ་པ་དགུ་ནས་སོང་ནས་ཞལ་དུ་བསྟབས་སོ་གྱུར་སྐྱིད་ཐོངས། རྗེས་སོགས་བསྐུལ་པ་
དེ་ཡང་བྱ་ཞིང་ཡང་སྔར་ལྟར་བསྒོམས་ནས། ཁོའི་སྤྱི་བོ་དང་མགྲིན་པའི་འཁོར་ལོ་གཡས་སུ་འཁོར། སྙིང་ག་དང་ལྟེ་བའི་འཁོར་ལོ་གཡོན་དུ་འཁོར་བས་ཤ་ཁྲག་ཐམས་ཅད་གཏུབས་ནས་ཆུ་སྲིན་གྱི་ཞལ་དུ་གྱུར་མིད་དུ་སོང་། ཆུ་སྲིན་གདོང་ཅན་དེ་ས་རིམ་པ་དགུའི་མར་ཞབས་སུ་མནར་མེད་གཤིན་རྗེའི་ཡུལ་དུ་སོང་བར་བསམ། ༈ ཡང་ཐུན་མཚམས་སུ་བྱད་མ་དང་། དགྲ་བོའི་སྲུང་ཟློག་མཁན་ཐམས་ཅད་རང་གི་མལ་འོག་གི་ལིང་ལ་བཀུག་གཞུག་བྱས། ཁོ་གན་རྐྱལ་ལྕེའི་བྲང་ཁྱབ་པའི་ལྕེ་རྩར་རྡོ་རྗེ་རྒྱ་གྲམ་གྱིས་མནན་ནས་ཀྱང་འགུལ་དབང་མེད་པར་བསམ། རང་གི་སྐུ་སྨད་གནམ་ལྕགས་འབར་བའི་ཕུར་པ་ལྕེའི་དཀྱིལ་ནས་སྙིང་གར་ཕུགས་ཏེ་དབང་ཆེན་གསེར་གྱི་ས་གཞི་ལ་འཛེར་ཞིང་། ཕུར་པའི་དབལ་གྱི་ཕྱི། ལྕེའི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྣོ་ངར་དང་ལྡན་པ་ཅིག་དྲག་ཏུ་འཁོར་ནས་ཁོའི་ངག་གི་ནུས་པ་དང་ལྕེ་དང་བཅས་པ་དམར་ཉི་ལི་ལི་གཏུབས་པར་བསམས་ལ། རྩ་སྔགས་ཤམ་དུ། དུ་ཏྲི་ཡ་མ་རཱ་ཛ༔ ཀཱ་ཡ་སྟམྦྷ་ཡ་ནན། ཡ་མ་རཀྲུ་ཀྲོ་དྷ་པ་ཙ་བྱད་མའི་ཝཱཀྐ་སྟམྦྷ་ཡ་ནན། སརྦ་དུཏྟཾ་བྱད་མའི་དྲག་པོ་སྟམྦྷ་ཡ་ནན། གནོད་བྱེད་བྱེད་མ་ཨེ་ཛ་བྷྱོ༔ ཤ་
དུ་དཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྒྱའམ་ཉེར་གཅིག་སོགས་བྱད་མའམ་ཁོའི་སྲུང་ཟློག་མཁན་གྱི་ནུས་པ་དང་བསྟུན་ནས་མང་ཉུང་བཟླ་ལུགས་བྱེད། དེ་ལྟར་ཐུན་དུ་གཅོད་ཅིང་དམིགས་པ་གསལ་བས། ཞེ་སྡང་དང་བཅས་ནས་སྔགས་དྲག་ཏུ་བཟླས་པས་རྟགས་ནི། མགོ་ཆད་པ་དང་། སྙིང་ཟོས་པ་དང་། རུས་པ་འཆའ་བ། ཤ་དྲོན་མོ་ཟོས་ནས། ཁྲག་དྲོན་མོ་བཏུང་། མགོ་དང་པགས་པ་རྣམས་སྐམ་པོར་ཁྱེར་བྱུང་ནས་སྟེར་བ། ཤ་ཁུར་པ་བཙོ་བསྲེགས་བྱས་པ། དགྲ་བོ་དངོས་སུ་བསད་པ། དགྲ་བོ་དངོས་ཀྱི་གློ་སྙིང་ཕྱུང་བ། རི་དྭགས་ལ་སོགས་བླ་རྟགས་ཐམས་ཅད་བསད་པ། ཤ་ཁྲག་ཟ་འཐུང་བྱས་པ་ཁྱད་པར་དགྲ་བོ་དངོས་ཀྱི་ཤན་པ་མི་དམར་གཤིན་རྗེ་རང་འདྲ་བ་མང་པོ་མང་པོ་ཟ་བ། ཤའི་རིགས་མང་པོ་ཁྱེར་ནས་བྱུང་བ། བྲུབ་ཁུང་དུ་སྐད་ངན་ཆེན་པོ་འདོན་པ་སོགས། སོད་རྟགས་ཞག་བདུན་ཚུན་ལ་ཡོང་ཞིང་། སོད་རྟགས་གསལ་ཞིང་བརྟན་པོ་མ་བྱུང་བར་དུ་སྒྲུབ་ཚད་ནི་དགྲ་མང་དུ་ཡོད་ན། དགྲ་དུ་ཡོད་ཀྱི་མགོ་ལྤགས་གློ་སྙིང་ཁྱེར་བྱུང་བ་དང་། ལྷ་སྲིན་སྡེ་བརྒྱད་མངོན་དུ་འོང་ནས་སེམས་ཅན་སྣ་ཚོགས་སོ་སོ་ནས་བསད་པ་དང་ཞག་བདུན་མི་དགྲ་བོ་གང་ཡིན་ལིངྒ་ལ་
གང་དྲན་བྲིས་པ་རྣམས། གཤིན་རྗེའི་ཚོགས་དང་སྤྱང་ཀི་འཕར་བ། སྟག་གཟིག་དོམ་དྲེད་ལྕེ་སྤྱང་རྣམས་ཀྱིས་དགྲའི་མིང་རུས་བརྗོད་ཅིང་ཟ་བ། རབ་དངོས། །འབྲིང་ཉམས། ཐ་མ་རྨི་ལམ་དུ་འབྱུང་ངོ་། །དངོས་གཞིའོ། །གསུམ་པ་རྗེས་ནི། ལིངྒ་ཆེ་བ་དེ་ཕུར་པས་དམ་དུ་བཏབ་ནས། གྲི་ལྕགས་ཀྱིས་མཚོན་གྱིས་བཏུབ། ཐུན་གྱིས་བྲབ་ཐོ་བས་བརྡུང་། ཞལ་བསྟབ་བྱ་བ་རྣམས་རང་གཞུང་ལྟར་རྒྱས་པར་བྱ། དམར་གཏོར་བཟང་པོ་ཟན་ལིང་ལིང་རོ་སྤྲུག་པ་སྨན་རཀ་བཅས་བཤམས་ལ་བསྐུལ་པ་ཤེས་ཚད་དྲག་ཏུ་བྱའོ། །བཞེས་འབོད་དང་དམོད་མོ་ཤེས་ཚད་བྱ། དེ་ནས་ལིང་རོ་སྦྱིན་བསྲེག་བྱ། ཐལ་བ་ཆ་གཅིག་སྒྲུབ་གཏོར་དུ་བླུགས། ཆ་གཅིག་ཟོར་དུ་འཕང་ངོ་། །ཐལ་བ་ཆ་གཅིག་དང་ལིང་རོ་འགའ་ཞིག་མནན་པ་བྱ་སྟེ། དེ་གསུམ་གུད་དུ་གསལ་ལོ། །ས་མཱ་ཡ། ཁ་ཐཾ། རྒྱ་རྒྱ་རྒྱ། གུ་བྱ། ཞེས་པ་འདི་བསྟན་པ་རིན་ཆེན་ཉམས་དམའ་བ་ལ། བསམས་ནས་སྔགས་ནག་ཀརྨ་ཨ་རཱ་གས་གསལ་བར་བཀོད་པ་ཡིན་ནོ། །ཧ་ཅང་གསལ་དྲགས་ནས་ལས་གཤིན་གྱི་སྒྲུབ་པ་ཐམས་ཅད་ཀྱི་སྙིང་པོ་ལྟ་བུར་གྱུར་ཞིང་སྡིག་པ་ཡང་མང་དུ་སོང་བར་འགྲོ་
བའི་རྨིས་ལྟས་བྱུང་བས། འཁྲུགས་ཅུང་ཟད་རེ་མ་བསྡབ་པ་དང་། མི་གསལ་བའི་ཞལ་ཤེས་འགའ་རེ་མ་བྲིས་སོ། །མ་ཡིག་བུ་ཡིག་འགའ་ཡི་གེ་གཏོར་ནས་ཡོད་པས་སློབ་དཔོན་བསྟེན་པ་གལ་ཆེའོ།། ༈ ཨེ་མ་གནམ་ལྕགས་དུག་སྡོང་འབར་བ་བསྟན་དགྲའི་གཤེད། །མཚན་དོན་མཐུན་པར་ཀུན་གྱིས་ཆ་མཆིས་ཀྱང་། །འགའ་ཞིག་ཡིག་ནག་བསོགས་ཀྱང་རྒྱུད་པས་དབེན། །དཔེར་ན་དབུལ་པོས་རྒྱལ་པོར་བསྒོ་བ་བཞིན། །འགའ་ཞིག་བཀའ་ལུང་ཐོབ་ཀྱང་ཕྱག་ཁྲིད་མེད། །དཔེར་ན་ཕྱུག་པོའི་ལྡེའུ་མིག་སྟོར་བ་བཞིན། །འགའ་ཞིག་གཉིས་ཀ་འགྲུབ་ཀྱང་བསྙེན་སྒྲུབ་མེད། །དཔེར་ན་བྱིསྦས་དཔའ་བོར་ཁས་ལེན་བཞིན། །འགའ་ཞིག་དེ་དག་འཛོམ་ཡང་དམ་ཚིག་མེད། །དཔེར་ན་ཁ་ཟས་དུག་དང་འདྲེས་པ་བཞིན། །དེ་ཕྱིར་བསྟན་པ་བསྲུང་ནུས་སྔགས་པ་དཀོན། །དེ་ཕྱིར་བསྟན་པ་མི་གཉེན་ཀུན་གྱིས་བརྙས། །དུས་སྤྱོད་འདི་ལ་བདག་གིས་མ་བཟོད་ནས། །སྲོག་སྒྲུབ་སྤུ་གྲི་གསལ་བར་བཀོད་པ་འདི། །ཉེས་འགལ་མཆིས་ན་འཇམ་དབྱངས་ཉིད་ལ་བཤགས། །དགེ་བས་བསྟན་དགྲ་མ་ལུས་དྲུང་ཕྱུངས་ནས། །ཐུབ་བསྟན་མི་ནུབ་འཛམ་གླིང་རྒྱན་དུ་ཤོག །སརྦ་
མངྒ་ལཾ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱབ་ས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།