← Search

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

ཀརྨ་ཆགས་མེད།

དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ཞལ་ཤེས་རྣོ་མདེལ་མ།

p. 1

དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ཞལ་ཤེས་རྣོ་མདེལ་མ་བཞུགས་སོ། །

p. 2

ན་མོ་མ་ཧཱ་ཀཱ་ལ་ཡེ། རྣོ་མདེལ་གནམ་ཆོས་ལུགས་ཀྱི་ཆོ་འཕྲུལ་འདི། །གཞན་གྱིས་མ་མཐོང་སྙན་བརྒྱུད་ཁོ་ན་ཡིན། །འདི་ལ་རང་མདུན་ས་ནག་ལ་སོགས་ལ། །སྟེགས་བུའམ་མ་འཛོམ་ན་རེ་ནག་ཕྱར་སྟེང་དུ། འབྲུ་ནག་གིས་གྲུ་གསུམ་སུམ་རིམ། དེ་སྟེང་ཚོམ་བུ་འདབ་བརྒྱུད་བཀོད། མཉྫིའི་སྟེང་དུ་མགོན་པོའི་གཏོར་མ་འཁོར་བཅུའི་བསྐོར་བ། དམར་ནག་ཅུང་ལིང་ཤ་དང་ཉུང་རྒྱན་ལྡན་བཤམས། མདའ་དར་སོགས་གཞུང་གི་རྟེན་རྫས་ཡོད་ཀྱང་བཤམས། གཞི་སྟེང་བཀྲ་མི་ཤིས་པའི་ས་སྣ་ཚོགས་ལ་ཐན་གཟུགས་བྱ་བའམ་གང་འོང་གནོད་པའི་གཟུགས་ཀྱིས་

p. 3

བསྐོར། སྔོན་འགྲོ་རྒྱུན་གཏོར་ལ་སོགས་མཆོད་རྫས་བཤམས། མུན་ནག་དུས་མུན་མཚམས་ངག་བཅད་ལྡན་པས་རང་གི་ཡི་དམ་གང་འདོད་རྒྱས་པར་བཏང་། དེ་ནས་བདག་མདུན་གཉིས་ཀ་མགོན་པོར་བསྒོམ། མཚལ་མའི་གཞུང་རྫོགས་པར་བཏང་། དམ་ཅན་བར་གཏོར་བསྔོས་བསྟོད་པ་བྱ། དེ་ནས་སྤྱན་འདྲེན་སྔགས་དམིགས་ཉིན་ཕྱེད་བར་བཟླ། དེ་ནས་དགོང་མོ་གཞུང་གི་སྐུ་གསུང་ཐུགས་ཀྱི་ཤཱ་ས་ན་བཅས་ཐུན་གཅིག་བཟླས། ཕྱི་དྲོ་ནས་ཐན་འགྱེད་གནམ་ཆོས་ལུགས་ཀྱི་སྔགས་བཟླས། དམིགས་པ་གཞུང་གི་ཟིན་བྲིས་ལྟར་བསྒོམ། སྔགས་སྟོང་ཚོ་གསུམ་

p. 4

མམ་གཅིག་བཟླས། དེ་ནས་དམར་གཏོར་གཅིག་ལ་བསྐུལ་བཅས་དགྲ་ཕྱོགས་སུ་འཕང་ངམ་ཕུལ་བའི་དམིགས་པ་ཞལ་ཤེས་ལྟར་བྱེད། དེ་འདྲ་ཉིན་རྫོགས་སམ་མི་གྲོལ་ན་ཞག་གསུམ་ལྔ་བདུན་ལྟར་བྱེད། དེ་ནས་གྲོལ་ན་ཐན་གཟུགས་རྟེན་གཏོར་བཅས་དགྲ་ཕྱོགས་སུ་འཕང་། དམོད་བཅོལ་བཅས་བྱེད། ༈ དམ་ཅན་དང་འབྲེལ་ན་སྔོན་ན་རྟེན་གཏོར་སྔོན་དམ་ཅན་གཏོར་མ་གཅིག་བཞག །བསྐྱེད་བསྟིམ་མཆོད་བསྟོད་བཅས་བྱ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ དགྲ་བོ་སྒྲེ་མོ་ལ་སོགས་བརྒྱ་རྩ་རེ་བཟླས། དམ་ཅན་སྐུ་ལ་ཨ་ཙ་ར་མི་ནག་མང་པོ་དམ་ཉམས་གར་ཡོད་སར་སྡིགས་མཛུབ་སྙིང་གར་གཏད་དེ་རྣམ་ཤེས་བསྒྱུར། མིག་གི་འབྲུ་ཚུགས་བལྟས་ནས་ཐན་དང་ལྟས་ངན་སྣ་ཚོགས་ཕབ་པར་བསམ། གཏོར་མ་ཡང་ཕ་ཝཾ་ལོང་བུ་དང་དྲེགས་པ་ལྔ་འདུར་གྱི་བསྐུལ་ཞིང་འཕང་། འདི་ཞག་གཉིས་ཉིན་སྒྲུབ་ཞག་མང་ཉུང་ལ་འབྲེལ་ན་ཡང་ཆོག །མགོན་པོ་རང་གར་ཡང་རུང་། གཞན་ལ་མ་སྤེལ་མགོན་པོའི་བཀའ་ཆད་འོང་༔ ཞེས་རཱ་ག་ཨ་སྱས་ཞལ་ཤེས་བྲིས་པ་མངྒ་ལཾ།། བཀྲ་ཤིས། ༈ དམ་ཅན་ཆིག་རྒྱུག་གི་སྒྲུབས་ཐབས་བཞུགས་སོ། །དམ་ཅན་རྡོ་རྗེ་ལེགས་པའི་ཆོ་

p. 5

འཕྲུལ་བཏང་ཐབས་འདི་ལ་ཐལ་བས་རི་མོ་གྲུ་གསུམ་པ་གཅིག་བྱེད། དེའི་ཐོག་ཏུ་ལིངྒ་བཏིང་། འགུགས་གཞུག་བྱ། དེའི་ཐོག་ཏུ་རྡོ་རྗེ་ལེགས་པའི་གཟུགས་ཁམས་ས་ལ་བྱས་པ་བགོ་ཞུ་ཅན་བཞག །གཡོག་པོ་ཞྭ་ཆུ་ཅན་སྒོ་ན་བཞག །དེ་སྟེང་ཤིང་འཚམས་ཐོག་ཏུ་གཏོར་མ་ཟུར་གསུམ་བཅས་ལ་ཤས་བརྒྱན། བསྙེན་པའི་ཚད་ལ་ས་རུབ་ནས་སྲོད་ཚུན་ལ་བཟླའོ། །ཟན་ཟ་ཡུན་ལའང་། སྐྱེ་བོ་དང་ནག་ཆང་གིས་བསྒྲུབ་ཀྱང་འགྲུབ། བསྒྲུབ་པའི་རྫས་ལ་རའི་དབང་པོ་རྣམ་ལྔས་གཏོར་མ་བརྒྱན། དུག་ཕྱུང་བྱ་འབོད་པའི་དུས་སུ་ར་ཚིལ་དུད་པ་བཏང་། འབོད་དུས་སྒོར་བསྡད། ཆད་དུས་རྒྱབ་ནས་དེད། ར་གསུར་དང་ཤུག་ཕྱེ་གཉིས་ཀྱི་དུད་པ་རྒྱུན་མ་ཆད་པ་བཏང་། ཟད་དུས་དུད་པ་བཅད་ནས་ཡུངས་ཀར་དང་ཐལ་ཆེན་གྱིས་བྲབ་པར་བྱའོ། །དེ་ནས། ཧཱུྃ། ཐལ་ཆེན་དཀར་པོ་ལ་གནས་པའི་དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། ལྷ་ཀླུ་གནོད་སྦྱིན་མང་པོས་ཁྱོད་བརྟེན་ཏེ། །མཐུ་ཆེན་སྤྱན་རྩ་དམར་པོ་ནམ་མཁའི་དབྱིངས་སུ་བལྟ། །དབུ་སྐྲ་རལ་པའི་ཅོད་པན་གསིག་པ་ནི། །ཀླུ་ཆེན་བརྒྱད་ཀྱང་རང་བཞིན་གནས་ནས་བསྐུལ། །ཆིབས་སུ་ཞུར་པོ་རྐང་དཀར་

p. 6

བཅིབས་པའི་ཚེ། །འཇིག་རྟེན་གསུམ་ཡང་སྐད་ཅིག་ཡུད་ཀྱིས་འཁོར། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས། །དམ་ཉམས་དགྲ་བོའི་སྙིང་གི་དཀྱིལ་དུ་རྒྱོབས། །གཡོན་པས་སྡིགས་མཛུབ་སྦྲུལ་ཞགས་གདེངས་པ་ཡིས། །དམ་ཉམས་དགྲ་བོའི་མགོ་ལུས་ཡན་ལག་ཆིངས། །དགེ་བསྙེན་བཛྲ་སཱ་དྷུའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །སྡང་བའི་དགྲ་ལ་ཆོ་འཕྲུལ་སྟོན། །ཏྲི་མ་ལི་ཀྲིང་ཀྲིང་ཀ་ར་རཀ་ར། །སྡང་བའི་དགྲ་ལ་རྒྱུག །མྱུར་དུ་སྟོན། མྱུར་དུ་སྟོན། མ་ཐོགས་མྱུར་དུ་སྟོན། དྲག་ཏུ་སྟོན་། དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པའི་ཞལ་དུ་བ་ལི་ཏ་ཁ་རཾ་ཁཱ་ཧི། ཞེས་རཀྟ་དང་། རཀྟ་དམར་གྱི་མཆོད་པ་བཞེས་སུ་གསོལ། ཕྲིན་ལས་བཅོལ་བའི་དམོད་ནི། དགྲ་བོ་དེ་ལ་སྒོ་ཆོད། མཚན་མ་སྟོན། ཆོ་འཕྲུལ་ཐོངས། སྒྲ་ལ་འཐེན། འགྲམ་ལྕགས་རྒྱོབ། རྩ་བའི་སྔགས་ཀྱི་མཐར། དམ་ཅན་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དགྲ་བོའི་ཐོག་ཏུ་རྒྱུག་རྒྱུག །རྒྱ་སྟག་ཁྲ་བོ་རྒྱུག །ལྕགས་སྤྱང་སྔོན་པོ་རྒྱུག །བྱ་ཐན་རྒྱུག །སྦར་ཐན་རྒྱུག །ཐན་སྣ་སུམ་བརྒྱ་དྲུག་ཅུ་དགྲ་བོ་ལ་རྒྱུག །ནམ་ཕྱེད་

p. 7

རྒྱུག །ཉིན་ཕྱེད་རྒྱུག །སྒོ་ནོར་ལ་རྒྱུག །མཆན་གྱི་བུ་ལ་རྒྱུག །འོད་ཀྱིས་ཁང་ཁྱིམ་ཁང་། སྦྲུལ་ནག་གི་ཡན་ལག་ཆིངས། དགྲ་བོ་ཟག་རྫས་ཁྱེར་མི་དེའི་ཐོག་ཏུ་རྒྱུག་ལ་སྙིང་དཀྲུགས་ལ་ད་ལྟ་ཉིད་དུ་ཀ་ཆ་ཁྱེར་ལ་ཤོག །ར་སྤུ་དུམ་གཅིག་བཅུ་གཅིག །ཆེད་དུས་མི་གཡུགས། ནམ་མཁའི་བར་ནས་དམ་ཅན་མང་པོ་དམིགས་ལ་བསྟིམ་མོ་། །དམ་ཅན་གྱི་ཐུགས་ཀར་གྲུ་གསུམ་བྲུས་ཏྲི་མི་ལི་སྔགས་ཀྱི་མཐར་ནོར་རྫས་གང་ཤོར་གྱི་མིང་བྲིས་ལ་སྦ། ར་གཞུར་པོ་རྐང་དཀར་པོ། མན་པ་དེ་ཨྠྀི། ༈ བེར་ནག་ཅན་གྱི་མཚལ་མའི་ལས་ཚོགས། གིང་ནག་པོ་དང་། །དམ་ཅན་ཆིག་རྒྱུག་གི་ཟིན་བྲིས་གསལ་བའོ། །བླ་མ་རིན་པོ་ཆེའི་དྲུང་དུ་ཞུ་བ། ལར་མན་ངག་ཕལ་ཆེར་ལྷ་ཞིག་གི་ལས་ཚོགས་མིན་པ་ཆེར་མེད་པ། ལས་ཚོགས་མིན་པའི་ཡན་གར་བ་འགའ་རེ་འབྱུང་ཡང་ཏྲིའུ་ཕོ་མོའི་རྫས་བསྟན་བཀྲ་མི་ཤིས་པར་གསུངས་པས། རྟགས་ཅུང་ཟད་འབྱུང་ཡང་རྗེས་སུ་མི་ལེགས། དེ་ནས་རང་གི་རྟག་ཏུ་མཆོད་ཅིང་བསྟེན་པའི་ཆོས་སྐྱོང་གི་ལས་ཚོགས་བདེ་མོ་ཞིག་ཡོད་ན་རྟགས་ཀྱང་མྱུར་དུ་དེར་མ་བྱུང་ཡང་མྱུར་དུ་འོང་། དེ་འབྱུང་ཡང་བཀྲ་ཤིས་པ་ལས་རྗེས་སུ་ངན་པ་

p. 8

མི་འོང་ལ། ཆོས་སྐྱོང་བརྟེན་པའི་དགོས་ཆེད་ཀྱང་ཡིན། དེ་ལ་མནན་པ་རླུང་འཁོར་སོགས་དང་མི་འདྲ་རང་ལ་ལྡོག་དོག་མེད་པ་རྫས་མི་རྙེད་པ་མི་ཡིན་པ་ཡུན་རིང་བསྒྲུབ་དགོས་པའི་དཀའ་ཚེགས་མེད་པ་རྣོ་ཞིང་བྱ་སླ་བའི་མན་ངག་འདི་གཉིས་ལ། གནས་ནི་ཆོས་ཆེ་གསུངས་རབ་སོགས་ཀླག་མར་མིན་པ། གལ་ཏེ་ཁང་པ་གཅིག་ཡིན་ཀྱང་། དེའི་རྒས་སྒོ་སྔར་དེར་དགེ་བའི་བྱ་བ་བྱས་ས་མིན་པ་ཞིག་ཏུ་བཅའ་འོ། རི་ཁང་གཉན་ཞིང་གཞི་བདག་རྒོད་སར་སྦྲ་གུར་ཕུབ་ནས་བྱས་ན་ཤིན་ཏུ་བཟང་། ༈ བེར་ནག་གི་གིང་ནག་པོའི་རྟེན་དར་ལ། སྙིང་གཉིས་རས་ཐུམ་བྱས་ལ་བཏགས་པ་གཞི་འགྲམ་དུ་བཙུགས། དེ་རྒྱུན་དུ་རྟེན་རྫས་བཅངས་ནས་གྲུ་གསུམ་སྟེང་དུ་ལིངྒ་བཏིང་བའི་སྟེང་དུ་ཨོ་ཁར་དམར་གཏོར་བཤམས། མཚལ་མ་གཞུང་ལྟར་བཏོང་ལ་སྤྱན་འདྲེན་དུས། དེ་ཝ་རཀྟ་ཉེར་གཅིག་ཙམ་བཟླས་ལ་མགོན་པོ་གིང་ནག་པོའི་ཚོགས་ཐམས་ཅད་བྱོན་པར་བསམ། བསྙེན་པའི་སྐབས་སུ་ཤཱ་ས་ན་ཉེར་གཅིག་ཙམ་དང་སྙིང་པོ་སྔགས་ཐུང་བརྒྱ་བཟླས་སོ། །དེ་ནས་ཐུན་གཏོར་བཀུག་གཞུག་གི་ས་དེར་ཕྱིན་པ་དང་། ལིངྒ་དམར་གཏོར་ཐུན་གཏོར་གསུམ་ཀ་ལ་མཉམ་དུ་བཀུག་གཞུག་རྒྱས་པ་ལས་

p. 9

འགྲིགས་ལྟར་བདུན་ཙམ་མིང་ནས་བཟུང་ལ་བྱ། བླ་འགུགས་སྔགས་བརྒྱའམ་ཉེར་གཅིག་བཟླ། དེ་ནས་ཤྲཱི་མ་ཧཱ་ཀཱ་ལ་སོགས་གིང་ནག་པོའི་སྔགས་དེ་འདོན་ཚེ་ཡི་དམ་བསྐྱེད་རིམ་བསྡུས་ལ། གཞུང་ལྟར་གིང་ཤན་པ་ནག་པོར་བསྒོམ། མདུན་མདའ་དར་ཡང་རང་འདྲ་བ་བསྒོམ། འཁོར་རང་འདྲ་མང་པོ་བཀུག་ནས་ལིངྒ་ལ་བསྟིམ་པ་དང་། ཆོ་འཕྲུལ་སྣ་ཚོགས་བཏང་བར་བསྒོམ་ལ་སྔགས་བརྒྱ་ཚོ་ཡན་སྟོང་མན་ཅི་ལྕོགས་བཟླ། གཏོར་མ་དེ་ཤན་པའི་ཚོགས་ལ་ཡིད་ཀྱིས་བསྔོ། ངག་ཏུ་མི་བརྗོད། དེ་ནས་ས་རྗེན་ནམ་ཕྱར་ནག་སྟེང་དུ་ལིངྒ་བཞག་ལ་མདའ་དར་ནག་པོ་དེའི་མདེལ་གྱི་གིང་སྔགས་བཟླ་ཞིང་བརྒྱན། དམར་གཏོར་དེ་ལིངྒའི་སྟེང་དུ་བརྒྱབ། འོ། གིང་ཤན་པ་ནག་པོ་ཞེས་འབོད་པ་གཅིག་བྱས་ནས། དེ་ནས་ཆོ་འཕྲུལ་སོགས་གང་འདོད་དམོད་མོ་ངག་གིས་མི་བརྗོད་པར་ཡིད་ཀྱིས་བརྗོད། ལིངྒ་ཐུན་གཏོར་སྟེང་དུ་མེ་སྦར་ལ་ཐལ་བ་ཐུན་གཏོར་སྟེང་དུ་བླུགས་ནས་བྲན་ལ་མགོན་པོའི་བསྐུལ་ཅི་མང་བཏོན་ལ། དཀར་གཏོར་གསེར་སྐྱེམས་ཕུལ། ནམ་སྲོད་ལ་དགྲ་ཕྱོགས་སུ་གཟའ་དང་མཁའ་འགྲོའི་གདོང་མ་ཐུག་པར་གཏོར་མ་འཕེན་ནས་གིང་སྔགས་

p. 10

བཞེས་འབོད་ཤུབ་བུར་བརྗོད། དར་ནག་བརྡབ་བོ། །རང་འགྲོ་མ་བདེ་ན་གྲྭ་པ་བསྐྱེད་རིམ་ཤེས་པ་གཅིག་ལ་འཕེན་བཅུག་ལ་རང་གིས་ཁྱིམ་ནས་རྔ་བརྡུང་ཞིང་གིང་ནག་གི་སྔགས་དང་། དམོད་བཅོལ་བྱའོ། །མགོན་པོ་འཁོར་ཚོགས་གིང་ཀ་རིའི་ཚོགས་ཐམས་ཅད་སོང་ནས་ཆོ་འཕྲུལ་སྣ་ཚོགས་བཏང་བར་བསམ་པའོ། །དམ་ཅན་གཅིག་རྒྱུག་ཡང་དགུ་གཏོར་ཞོར་ལྟ་བུ་མ་གཏོགས་མཁར་ཐབས་དང་། ས་སྤྲིན་ལ་དམ་ཅན་དཔོན་གཡོག་གི་གཟུགས་བརྡ་ཙམ་བྱས་པའི་མཐར་གྲུ་གསུམ་བྲུས་ལ། སྔགས་མཐར་ནོར་མིང་དང་འདི་ཁྱེར་ཤོག་བྱ་བ་བྲིས་ནས་བཅུག་ལ། སྐྱེས་དར་མ་གྲིར་ཤི་བའི་ཐལ་ཆེན་རྙེད་ན་རབ། མེད་ན་ཐལ་དཀར་ས་རྗེན་ལ་དཀྱིལ་འཁོར་སྒོ་གཅིག་བརྡ་ཙམ་བྲིས་པའི་སྟེང་ལིངྒ་བཏིང་བཀུག་གཞུག་གཅིག་བྱ། དེ་སྟེང་སྐུ་བཞག །དེ་སྟེང་ཨོ་ཁར་གཏོར་མ་བཞག །མཚལ་མ་གཞུང་ལྟར་ལས་དམ་ཅན་བསྙེན་པའི་སྐབས་སུ། ཏྲི་མ་ལའི་རྩ་སྔགས་དེ་བསྙེན་པ་སྟོང་ཙམ་བྱས་ཏེ་དཀྱིལ་འཁོར་དེའི་སྒོ་ངོས་ནས་གཟུགས་ལ་ཁ་གྱུས་ལ། ར་རྒྱ་བོ་གཞུར་ཅན་གྱི་སྤུ་ཚུན་གཅིག་ལ་རྔ་ཐོག་བྱས་པ་གཡུག་ཅིང་བསྙེན། རི་གསུར་བཏང་། དམ་ཅན་མང་པོ་འོ་ཡུག་གཙང་ནས་བྱོན་ཏེ་

p. 11

གཟུགས་དེར་ཐིམ་པར་བསམ། གསོལ་ཁ་གཞུང་ལྟར་བྱ། ཐུན་གཏོར་སྐབས་སུ་ལིངྒ་ཐུན་གཏོར་དམ་ཅན་གཏོར་མ་གསུམ་བཀུག་གཞུག་མིང་ནས་བཟུང་ལ་བྱ། བླ་འགུགས་མགོའི་དེ་བརྒྱའམ་ཉེར་གཅིག་བྱ། གཏོར་མ་གསེར་སྐྱེམས་བྱས། དེ་ནས་ཧཱུྃ་ཐལ་ཆེན་སོགས་ཆིག་རྒྱུག་གི་བསྟོད་བསྐུལ་དེ་དང་། རྩ་སྔགས་གཏོར་མ་ཁཱ་ཧི་བཏགས་པ་བདུན་གྱིས་མཁར་ཐབས་དེ་བསྔོ། འགྲམ་ལྕག་རྒྱོབ་ཀྱི་བར་ཕྲིན་ལས་བཅོལ་བ་དེ་ལན་གསུམ་བྱ། དེ་ནས་ཏྲི་མི་ལའི་སྔགས་མཐར། རྡོ་རྗེ་ལེགས་པ་ཞེས་པ་ནས་ཀ་ཆ་ཁྱེར་ཤོག་གི་བར་དམོད་བཅོལ་འདྲ་བ་དེ་རྦད་སྔགས་ཡིན་པས་ཚར་བརྒྱ་ལས་མི་ཉུང་བ་དྲག་ཏུ་བརྗོད། ར་གསུར་བཅད། རྦད་སྔགས་འདོན་ཚེ་ཐུན་ཐལ་ཆེན་སོགས་བྲབ་ཅིང་འདོན་ཏེ། དང་པོ་ནས། དཀྱིལ་འཁོར་སྒོ་དགྲ་ཕྱོགས་སུ་ལྟ་བར་བྲིའོ། །དེ་ནས་ལིངྒ་མཁར་ཐབས་སྟེང་དུ་བསྲེགས་ལ་བྲན། ཕ་ཝཾ་ལོང་བུ་འདོན། དང་པོ་ཉི་མ་ནུབ་ཕྱོགས་སོགས་དང་། དེ་ནས་མགོན་པོའི་བསྐུལ་རྣམས་ཅི་ལྕོགས་བྱས་ལ། གཟའ་མཁའ་འགྲོ་དང་གདོང་མ་ཐུག་པར་དགྲ་ཕྱོགས་སམ། ནོར་ཁྱེར་ངོས་སུ་ལྟོས་ཙམ་ལ། དང་པོ་དམ་ཅན་གཏོར་མ་འཕེན་རྦད་

p. 12

སྔགས་འདོན། དེ་ནས་གཡོག་པོ། དེ་ནས་དམ་ཅན་སྐུ་དེ་འཕེན། དེ་ནས་མགོན་པོའི་ཐུན་གཏོར་བསྐུལ་ཐུང་གཅིག་བཏོན་ལ་འཕེན། དར་ནག་བརྡབ་བོ། །དེ་ནས་རྒྱུན་དུ་བསྐང་གསོ་ནམ་བྱེད་དུས། ཕྱི་རྟགས་མ་བྱུང་བར་དུ་དམ་ཅན་ཆད་སྔགས་དང་། གིང་ནག་སྔགས་རྣམས་ཐུན་གཏོར་དུས་ཅི་ལྕོགས་བཟླས་ལ་འཕེན་པའི་ཕྱོགས་སུ་བསྐྱལ་ལོ། །རྟགས་ཐོན་ནས་གཏང་རག་གི་གསོལ་ཁ་གཟབ་པས་ཇེ་རྣོ་ལ་འགྲོ་བའོ། །རང་ལ་ནུས་པ་ཅུང་ཟད་ཅིག་ཡོད་ཚུན་ཆོད་འདི་གཉིས་སླ་བ་དང་རྣོ་བ་མེད་དོ། །ཐུགས་དགྱེས་པ་མཛད་པ་དང་གཞན་སུ་ཡང་མི་སྤེལ་བ་མཁྱེན་མཁྱེན་མཁྱེན། ཞེས་ཨ་རཱ་གས་སོ། །སྦས་རྒྱུ། ༈ གིང་སྔགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨ་ཀརྨ་ཡ་ཨ་ཀརྨ་ཡ། གནོད་པར་བྱེད་པའི་དགྲ་བོ་འདིའི། འདིར་ཤོག་འདིར་ཤོག །གནོད་བྱེད་ཀྱི་སྙིང་ལ་ཨ་ཀར་ཡ། གནོད་པར་བྱེད་པའི་དགྲ་བོ་འདིའི། ཚད་དང་མཚན་མ་ནོར། ཚེ་དང་ཉི་ཟེར་བཙུགས། དུས་དང་དུས་ཚོད་བཙུགས། ལས་དང་རྟགས་དུས་ལ་བབ། ཨོ་གིང་ཀ་ར་གིང་ཀ་ར་དགྲ་བོའི་སྙིང་ལ་གིང་ཀ་ར་གིང་ཀ་ར། སྲོག་ལ་གིང་ཀ་ར་གིང་ཀ་ར། ཨོ་ཏིག་ཏིག་སྲོག་རྩ་ཆོད་

p. 13

ཆོད་རྦད་རྦད། གཏུབ་གཏུབ་རྦད་རྦད། ཆོད་ཆོད་ལྡིབ་ལྡིབ་ནོན་ནོན། ༈ ཨོ་རྒྱན་ཆེན་པོས་མ་འོངས་ལུང་བསྟན་ལས། །འོ་བྲན་དཔལ་གྱི་དབང་ཕྱུག་དུས་ཀྱི་མཐར། །སྔགས་ཀྱི་རྣལ་འབྱོར་རླུང་གི་གྲུབ་པ་ཐོབ། །ཁམས་ཀྱི་ཉང་རེ་སེ་བོ་གྲོང་ཁྱེར་ནས། །རིགས་བཙུན་ཡོན་ཏན་ལྡན་པ་དཔལ་གྱི་སྦྱིན། །དཔའ་བོ་སྟོབས་ལྡན་རིག་པའི་ངར་དང་ལྡན། །སྨྱོན་པའི་བརྟུལ་ཞུགས་ལྷ་སྲིན་གདུག་པ་འདུལ། །མཁའ་ལ་སྐྱོད་ཅིང་ཆུ་ལ་ཉ་ལྟར་འཕྱོ། །བསྟན་པའི་རྒྱལ་མཚན་འགྲོ་བའི་དཔལ་དུ་འབྱུང་། །དེ་བཞིན་ཞིང་ཁམས་ལས་རབ་བརྩེགས་པ་རུ། །དབུགས་འབྱིན་སྐྱེ་ཐོག་དགའ་ནས་བོད་ཡུལ་དེར། །འགྲོ་བའི་དོན་ཕྱིར་སྤྲུལ་པ་དང་བཅས་སྟོན། ཞེས་གསུངས་ལུང་བསྟན་བཞིན་དུ་སྒྲུབ་ཆེན་མཆོག །ཉག་རེ་སེ་བོ་མངོན་པར་སངས་རྒྱས་ནས། །སླར་སྤྲུལ་སྐུ་མི་ཡི་ཚུལ་བཟུང་བ། །སྟོང་ནག་ཆུ་འཕུར་བ་ཞེས་རབ་གྲགས་ཤིང་། །བདུད་ཀྱི་བསླུ་བས་དྭགས་བརྒྱུད་ཆེར་ཉེས་ཚེ། །སྒྲུབ་ཚུགས་མངོན་ཤེས་གྲུབ་རྟགས་སྣ་ཚོགས་ཀྱིས། །སྒྲུབ་བརྒྱུད་བསྟན་པ་ཉམས་མེད་རྒྱས་མཛད་ཕྱིར། །སྒྲུབ་བརྒྱུད་འདི་ལ་བཀའ་དྲིན་མཚུངས་མེད་པ། །སྟོང་

p. 14

ནག་རས་ཆེན་མཆོག་དེའི་རིགས་འཁྲུངས་ཤིང་། །ཀརྨ་སི་ཏུ་ལ་སོགས་རྒྱལ་བ་ཡིས། །མ་གཅིག་བུ་ལ་བརྩེ་ལྟར་རྗེས་བཟུང་བ། །དབང་དང་གདམས་ངག་རྒྱ་མཚོའི་གཏེར་ཆེན་འཆང་་།བསྡུ་དངོས་བཞི་དང་འཕགས་པའི་ནོར་བདུན་གྱིས། །ཕྱུག་པའི་རྡོ་རྗེ་སློབ་དཔོན་ཞབས་དྲུང་དུ། ཞུ་འབྲས། བདག་ལ་ཡབ་སྲས་ཀྱིས་མཛད་པའི་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གང་ཡང་དཔེ་མེད་ལགས་ཤིང་། ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་གཉིས་གཅིག་ཏུ་བསྲེས་ནས་བྲིས་པའི་ཧ་ཅང་མང་ཆེ་བ་ཞིག་ཡོད་པའི་དབང་ལུང་གི་རྒྱུན་ཡང་ཡོད་ཕྱིར། ངེད་ཚང་མངོན་རྟོགས་ཕལ་ཆེར་དེ་ནས་བྱེད་པ་ཡིན་པས། འདི་ཁོང་ཚོ་ལ་ཉེ་བར་མཁོ་དུ་བ་དང་། ཡབ་སྲས་ཀྱི་མིན་པས་ཁྱེད་ལ་མི་མཁོ་སྙམ་དབང་ད་ལམ་མ་བསྐུར། དོ་གལ་ཆེ་ན་སང་ཕྱིན་གཡར་པོ་འབུལ། དྲེགས་པའི་དཔེ་ཆ་གཉིས་གསུམ་དེ་སྔར་ནས་གཞན་ལ་མི་བསྟན་པའི་དམ་བཅའ་འདུག་པ་དང་། འདིར་ཡང་གློ་བུར་བ་འདྲ་འོང་དོགས་ནས་རི་བྲག་བཞིན་དུ་གྲོ་གའི་ཤུབས་སོགས་བྱས་ནས་སྦས་ཡོད་པའི་ཕྱིར་གཡར་ཐབས་མི་བདེ་ལགས། གདམས་སང་ཕྲན་བུ་བཞེད་པ་ལྟར། དྲེགས་པ་ཅི་ལྟ་བ་བྱེད་

p. 15

ན། བཀའ་བརྒྱད། ཉང་ལུགས་སམ། རཏཱ་ལུགས་ཀྱི་གུར་དྲག་སོགས་ལས་འབྱུང་བ་ལྟར། དྲེགས་པའི་སྲོག་དབང་ཞུ་བ་དང་། དྲེགས་པ་ཉི་ཤུའི་སྔགས་བྱང་དེའི་ལུང་ཞུ་བ་དང་། རྒྱུན་དུ་དྲེགས་པ་ལ་གཏོར་བསྔོས་ཁཱ་ཧི་ཙམ་མ་ཆག་པར་བྱེད་ནས་གཞུང་ལྟར་བྱེད་ན་རྟགས་འབྱུང་ཡང་། འདི་ཕུག་མུ་སྟེགས་ཀྱི་རྒྱུད་ནས་ཨོ་རྒྱན་གྱི་ཕྱུང་བར་འདུག་པས་མུ་སྟེགས་ཀྱི་དྲག་སྔགས་རིགས་རྣམས་འཕྲལ་རྣོ་ལ་ཕུག་བཀྲ་མི་ཤིས་གསུངས་པ་ལྟར་དགྲ་རྐུན་གཉིས་ལ་མི་ལེགས་པ་ལག་བླངས་ཡིན་པ་དང་། རླུང་དམར་ནི་སྔགས་རྒོད་ཁོ་ན་ཡིན་པས་སྔགས་མ་དག་པ་དང་། དག་པ་ཤེས་དཀའ་བའི་གནད་ཡིན་ཟེར་མཁན་ལ། མི་ཤེས་ལག་བླངས་ཡིན་པ་དང་། རང་རེ་བྱ་བྲལ་ཉམས་ལེན་མཁན་ལ་དེ་ལྟར་དྲག་སྔགས་ཆེན་པོ་ལ་བརྩོན་པ་བསྐྱེད་མི་རིགས་པ་དང་། གལ་ཏེ་ནུས་རྟགས་ཐོན་ན་དུས་དབང་གིས་དེ་ལས་ཀྱང་སྐྱོན་ཆེ་བ་འོང་སྲིད་ཕྱིར། དྲག་སྔགས་ཆེན་པོ་རྣམས་བློས་བཏང་ལ་གཏེར་དུ་སྦ་བར་ཞུ། བདག་ཀྱང་སྔ་སོར་དེ་འདྲ་ལ་དགའ་ནས་མང་དུ་བསླབ་ཀྱང་། ད་ནས་བློས་བཏང་བ་ཡིན། བསྟན་པའི་དོན་ནི་རང་རེ་སོ་སོའི་སྐྱེ་བོས་བྱ་མ་བབ། རང་རང་ངན་སོང་དུ་མ་

p. 16

སོང་བ་གལ་ཆེ་ཆེ། ད་ལྟ་སྤྲུལ་བའི་སྐྱེས་ཆེན་དུ་མ་བཞུགས་པས་ཐབས་གང་རུང་གི་སྒོ་ནས་བསྟན་པ་ཡལ་བར་མི་འདོར་བ་ཐག་ཆོད། ཁྱད་པར་བསྟན་པ་སྲུང་མཁན་དེང་སང་ཡང་ཨོ་རྒྱན་གྱི་སྤྲུལ་པ་འགའ་རེ་ཡོད་པར་འདུག །རང་དོན་ངན་རྐུན་སོགས་ཀྱིས་རྟག་ཏུ་བརྙས་ཆོས་ལྟ་བུའི་ཐུགས་རྒྱལ་མི་ཟ་སྟེ། ཅི་དྲག་འབྱུང་ནའང་ཁྱེད་ཕྲིན་ལས་ཅན་ཡིན་ཅིང་སེམས་ཅན་གཅིག་གི་རྗེས་ལ་བསྒྲུབ་པ་རེ་མི་འགྱང་། ལར་ཡི་དམ་བསྙེན་སྒྲུབ་དང་རྟོགས་པ་མཐོ་བ་གཞུ་ལྟ་བུ། ཆོས་སྐྱོང་བསྙེན་པ་དང་དུས་གཏོར་གསོལ་མཆོད་མདའ་ལྟ་བུ། རང་གི་ཆོས་སྐྱོང་དེ་ཡི་ལས་སྦྱོར་སྟབས་བདེ་ཞིང་རྣོ་མདེལ་ལྟ་བུ། དེ་རྣམས་འཛོམ་ན་ཧ་ཀྱང་དམ་དམ་མ་བྱས་ཀྱང་རུང་ངོ། །དེས་ན་ཁྱེད་ཀྱི་ཐུགས་དམ་མཚལ་མ་ཡིན་པར་འདུག་པས། བེར་ནག་གི་ལས་ཚོགས་གིང་ནག་པོ་དང་། དམ་ཅན་ཚིག་རྒྱུག་གཉིས་པོ་འདི་ཞག་རེ་ཙམ་དགུ་གཏོར་ཞོར་ལ་བྱས་ན་སྟབས་བདེ་བ་ལགས། དེའི་ཞིབ་ཆ་ཡིག་ཆུང་དུ་གསལ། ཁྲོ་ཆུའི་བཟློག་འཁོར། གཟའ་སྲུང་གཉིས་བཟློག་ལ་གཟའ་སྲུང་དཀྱིལ་ཕྱག་རྡོར་ཐུགས་ཀ་དང་། གཅིག་དེའི་རྡོ་རྗེའི་ལྟེ་བར་བྱིན་རླབས་རྟེན་རྙེད་ཚད། རྫས་ཙམ་ཤོག་ཐུམ་གྱིས་ལ་ཞོག །

p. 17

ཁྱེད་རང་ཡང་རབ་ཞལ་ཕུད་འཛོམས་ན་སྔར་ལྟར་ལྟེབ་ལ་ཐོག །ནང་དུ་ཟམ་སུའམ་དར་རས་ནག་པོ། དེ་ནས་ཟངས་གའམ། བསེ། སག་རི་སོགས། མགོ་རྡུལ་དཀའ་བས་གཡོགས། སྒལ་རིལ་མ་གསུངས་པས་མི་དགོས་སོ། །ཇོ་འཁོར་པར་བཏབ་ཚར་ན་སྐྱུར། འདིར་འདེབས་རྒྱུ་ཡོད། མ་ཚར་ན་རྗེས་སོར་བསྐུར་ཞུ། དཔེ་ཆུད་མ་ཟོས་པར་ཡོད། གསོལ་ཇ་དམིགས་པའི་བར་ཁག་གཅིག་བཅས་རི་ཁྲོད་ནས། ༧ རཱ་ག་ཨ་སྱས་ཕུལ་བའི་ཞུ་ཡིག། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མ་མགོན་སྒབ་འདྲེ་མནན་ཐབས་རྡོ་རྗེའི་གོ་མཚོན་གྱི་གེགས་སེལ།

p. 18
p. 19

མ་མགོན་སྒབ་འདྲེ་མནན་ཐབས་རྡོ་རྗེའི་གོ་མཚོན་གྱི་གེགས་སེལ་བཞུགས་སོ།།

p. 20

ན་མོ་གུ་རུ་ནཱ་ཐ་མ་ཧཱ་བ་ལ་ཡེ། སྟོབས་བཅུའི་མངའ་བདག་གྲུབ་ཆེན་ཀརྨ་པ། །སྣང་སྲིད་ཟིལ་གྱིས་གནོན་ལ་ཕྱག་འཚལ་ནས། །མ་མགོན་འཁོར་ལྔ་འདོན་མཁན་ཐམས་ཅད་ལ། །ཕན་པའི་སྒབ་འདྲེ་མནན་ཐབས་མདོར་བསྡུས་བྲི། །དཔེར་ན་ཐུབ་པ་ལ་ཡང་ལྷ་སྦྱིན་ལྟར། །ལྷ་རྣམས་ཕལ་ཆེར་ལ་ནི་སྒབ་འདྲེ་ཡོད། །སྒབ་འདྲེ་ཕལ་ཆེར་ངན་པ་ཡིན་ངེས་མེད། །སྒབ་འདྲེ་དེ་ཡང་ལྷ་རེ་ཡིན་པ་སྟེ། །སྔོན་གྱི་སྨོན་ལམ་སྟོབས་ཀྱིས་གནོད་པ་ཡོད། །དཔེར་ན་ནོར་རྒྱུན་མ་དང་དབྱངས་ཅན་མ། །གཅིག་བསྒྲུབས་པ་ལ་གཅིག་གིས་གནོད་པ་ལྟར། །དེ་འདྲའི་མིང་ལ་ལྷ་རུ་

p. 21

ཞེས་སུ་གྲགས། །།ཕྱག་རྡོར་སྒྲུབ་དུས་ཕྱག་རྡོར་ཉིད་ཀྱི་སྲས། །ཨཱརྱ་མུ་ད་ཀ་ཡིས་གནོད་པར་བཤད། །སངས་རྒྱས་རེ་ལ་སྒབ་འདྲེ་རེ་ཡོད་དེ། །འབྲལ་མེད་བཟོད་པ་བསྒོམ་རྟེན་སེམས་པར་གསུངས། །སྔོན་གྱི་བུ་མོ་སྤུན་གསུམ་སྨོན་ལམ་གྱིས། །དམ་སྲི་ལྕགས་ཕག་ནག་པོ་ཞེས་བྱ་བ། །རྒྱལ་བའི་དབང་པོ་ན་རིམ་ཀུན་ལ་གནོད། །དེ་འདྲའི་ངན་པའི་རིགས་ཀྱི་དམ་སྲི་ཡང་། །དམྱལ་བར་སྐྱེས་རྗེས་ཉིད་ཀྱི་འདྲེན་དགོས་སྐད། །དེ་བཞིན་ལྷ་རྣམས་ཀུན་གྱི་སྒབ་འདྲེ་ཡང་། །སྲས་དང་སྲས་མོ་མཆེད་དང་འཁོར་གཡོག་ཡིན། །དེ་དག་མེད་པར་བྱ་རྒྱུ་མ་མཆིས་ཀྱང་།

p. 22

མནན་དང་བསྲེགས་པ་ལ་སོགས་རྟེན་འབྲེལ་གྱིས། །དེ་ཕྱིར་སྒྲུབ་པ་པོ་ལ་མི་གནོད་གསུངས། །སློབ་དཔོན་ནུས་པ་ཆེན་པོས་མནན་ན་ནི། །མི་བརྒྱུད་སློབ་བརྒྱུད་རབ་ལ་བཅུ་གསུམ་ཙམ་། །འབྲིང་ལ་བདུན་དང་ཐ་མ་གསུམ་རེ་བརྟེན། །ཁོ་བོས་རྒྱས་པར་སོ་སོར་རྟགས་ཐོན་དང་། །བསྡུས་པ་ལན་གཉིས་དང་ནི་གསུམ་མནན་པས། །སློབ་བརྒྱུད་གསུམ་ཚུན་ཕན་ཐོགས་ཨེ་མ་ཧོ། །ལེགས་ལྡན་དང་ནི་སྲས་མཆོག་ནག་པོ་ལ། །སྒབ་འདྲེ་ཡོད་པའི་ལོ་རྒྱུས་མ་མཆིས་ཀྱང་། །འཇིག་རྟེན་མགོན་པོ་དྲེགས་བྱེད་བེར་ནག་ཅན། །བདུད་ཀྱི་མགོན་པོ་ཏྲཀཱད་ཡིན་གསུངས་པས། །དེ་ཡི་འཁོར་ལ་དམ་སྲི་བསེ་རིག་ཡོད། །རང་དང་འཁོར་ལ་གནོད་ཅིང་བརླག་པ་དང་། །སྲིད་སྒབ་མི་འཕེལ་འཕྲལ་ཕུག་བཀྲ་མི་ཤིས། །དཔལ་ལྡན་ལྷ་མོ་རི་རབ་ཁར་བྱོན་དུས། །སྲིན་པོ་དྷ་ཤ་དྷེ་བས་ཆགས་པ་སྤྱད། །ལྷ་མོའི་ལྟོ་བར་མི་བཟོད་གཟེར་ཅིག་བྱུང་། །བུ་མོ་ནག་མོ་ཁོག་སྨད་ཕུར་པ་ཅན། །ཕུར་པ་ལྷ་མོའི་ལྟེ་བར་ཟུག་པ་སྐྱེས། །དེ་ནི་དམ་སྲི་ལྟེ་ཕུར་ནག་མོ་སྟེ། །གཞན་ཡང་བྱ་མཆུ་མ་དང་ཕག་སྣ་མ། །འབྲོག་སྲིན་མགོ་དགུ་དང་ནི་དམ་སྲི་བཞིས། །ལྷ་མོ་སྒྲུབ་ལ་བར་ཆད་སྣ་ཚོགས་བྱེད། །

p. 23

སྔོན་ཚེ་འཁོར་ལོ་སྒྱུར་བའི་རྒྱལ་པོའི་སྲས། །བསྐལ་མང་ཚོགས་བསགས་ནོར་བུ་སྦྱིན་པ་བཏང་། །ཤཱཀ་ཐུབ་བསྟན་པར་རྣམ་མང་ཐོས་ཀྱི་སྲས། །འགྲོ་བའི་དབུལ་ཕོངས་སེལ་བར་སྨོན་ལམ་བཏབ། །ནུ་བོ་མི་སྡུག་སྦྱིན་གྱི་ཕྲག་དོག་སྐྱེས། །དེ་ཚེ་གནོད་སྦྱིན་སྲོག་གི་བདག་པོར་གྱུར། །རྣམ་སྲས་སྒྲུབ་མཁན་ཡིད་དཀྲུག་བསམ་པ་བསྒྱུར། །སྲོག་འཕྲོག་མི་ནོར་ཀུན་ལ་གནོད་པར་སྨོན། །།དེ་ནི་གནོད་སྦྱིན་ཤེས་པ་དཀར་པོ་ཟེར། །ད་ལྟ་རྒྱལ་པོ་བེ་ཀར་ཡིན་པར་བཤད། །རྣམ་ཐོས་སྲས་འདི་དངོས་གྲུབ་ཆེ་ན་ཡང་། །སྒབ་འདྲེ་རྒོད་དྲག་བར་ཆད་དེ་བས་ཆེ། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་། །དྲུག་ཅུ་རེ་གསུམ་ཡོད་པ་སྐུ་མཆེད་དེ། །སུམ་བརྒྱ་དྲུག་ཅུ་ཕྱག་རྡོར་ཞལ་མཐོང་བས། །གནོད་པ་མི་བྱེད་བསྟན་པ་སྲུང་བ་ཡིན། །གསུམ་གྱིས་ཕྱག་རྡོར་མ་མཇལ་གནོད་པ་བྱེད། །སྐུ་མཆེད་ཡིན་ཕྱིར་འབྲལ་མེད་མཉམ་དུ་འགྲོགས། །དམ་ཅན་གསོལ་ཁོར་ཡམ་ཤུད་མཉམ་མཆོད་དགོས། །ཡམ་ཤུད་བཙན་གྱི་མགོན་པོ་བེག་རྩེ་ཡིན། །སྙབ་པ་ལག་རིང་རྣལ་འབྱོར་སྲོག་ལ་རྒོལ། །ཡམ་ཤུད་དམར་པོས་གོད་ཁ་མང་བར་བྱེད། །ཐེའུ་རང་སྟོང་འཁྲུག་ནང་འཁྲུག་

p. 24

མི་ཁ་ལྡང་། །ཞིང་སྐྱོང་སྒབ་འདྲེ་ཡང་ནི་འདི་གསུམ་ཡིན། །འདི་དག་མནན་བསྲེགས་ལ་སོགས་མ་ཤེས་ན། །ལོ་བརྒྱར་བསྒྲུབ་ཀྱང་མི་འགྲུབ་དམ་སྲིའི་དཀྲུག །ཚེ་ཐུང་འཁོར་ལ་གཟན་ཅིང་གོད་ཁ་མང་། །དགྲ་ལ་རྦད་ན་མི་རྒྱུག་ཟུན་ལ་རྒྱུག །དགྲ་དང་ཁ་མཆུ་མི་ཁ་གཏམ་ངན་མང་། །སྲིན་མགོན་དང་ནི་སྔགས་བདག་གཉིས་པོ་ལ། །མིང་དུ་ཐོགས་པའི་སྒབ་འདྲེ་མ་མཆིས་ཀྱང་། །ཆོས་པ་ལས་ལོག་སྔགས་པ་དམ་ལོག་དང་། །བཙུན་པ་སྡོམ་ཁྲིམས་ཉམས་པའི་དཀོར་སྲེད་ཅན། །དེ་དག་དམ་སྲི་རྣམས་ཀྱི་འཁོར་དུ་སྐྱེས། །དེ་དག་སྒྲུབ་པ་བྱེད་མཁན་ཀུན་ལ་གནོད། །གཞན་ཡང་རིག་སྔགས་སྒྲུབ་པ་བྱེད་ཚད་ལ། །ཉིན་དྲུག་མཚན་དྲུག་ལན་གྲངས་བཅུ་གཉིས་སུ། །ཉུལ་ནས་སྒྲུབ་ལ་བར་ཆད་བྱེད་པའི་བགེགས། །དཔག་མེད་ཡོད་པའི་མིང་དང་གྲངས་ཀ་སོགས། །གསར་མའི་ཕྱག་རྡོར་རིག་པ་མཆོག་གི་རྒྱུད། །རྙིང་མའི་སྒྲུབ་ཆེན་རྣམས་ལས་རྒྱ་ཆེར་གསུངས། །སྟན་ལ་འདུག་མི་འདོད་པར་ལངས་འདུག་མང་། །རང་གི་སྒྲུབ་རྒྱུའི་ཆོས་ལ་ཐེ་ཚོམ་མང་། །ལྷ་དང་བླ་མ་རྣམས་ལ་ལོག་ལྟ་སྐྱེ། །དམིགས་པ་མི་གསལ་སྔགས་ལ་ལྷག་ཆད་མང་། །སྒྲུབ་པ་སྐྱུར་ནས་

p. 25

བྱ་བ་གཞན་སྒྲུབ་འདོད། །དུས་མིན་ལྷ་ཡི་ཞལ་མཐོང་ལུང་སྟོན་ཏེ། །ཁྱོད་ཀྱི་ཆོས་དང་སྒྲུབ་པ་འདི་བྱས་ན། །ལམ་ལོག་ནོར་འཁྲུལ་ཡིན་པས་བཀྲ་མི་ཤིས། །ངན་འགྲོར་སྐྱེ་སོགས་ལུང་ཡང་ལོག་པར་སྟོན། །མཚམས་སྒྲུབ་བསྐང་གསོ་ལ་སོགས་གཟབ་པའི་དུས། །མི་འཕྲག་ན་ཚ་གོད་ཁ་ལ་སོགས་ལྡང་། །ཆོས་ཕྱོགས་གཡེལ་ཞིང་འཇིག་རྟེན་སྒྲུབ་པའི་ཚེ། །བར་ཆད་མེད་ཅིང་བསམ་པ་འགྲུབ་འགྲུབ་འདྲ། །མཚམས་དང་སྒྲུབ་པ་ཅི་བཞིན་བྱས་པའི་ཚེ། །དམ་སྲི་རྣམས་ནི་བུ་ཤའི་མ་ལྟར་སྡུག །དེ་ཕྱིར་དམ་སྲི་རྣམས་ཀྱི་ཆོ་འཕྲུལ་སྟོན། །དེ་དག་སོ་སོར་མནན་ཐབས་མང་ན་ཡང་། །རྫས་ཀྱང་འཛོམས་དཀའི་སྒྲུབ་པ་རྟགས་ཐོན་དགོས། །དེང་སང་ལྷ་གཅིག་སྒྲུབ་པའི་རྟགས་ཐོན་དཀའ། །དེ་དག་སོ་སོར་རྟགས་ཐོན་སྒྲུབ་མི་ནུས། །དམ་སྲི་འདྲེ་ཡི་རིགས་གྱུར་ཐམས་ཅད་ཀུན། །སྒྲུབ་མི་དགོས་པར་བཙན་ཐབས་གནོན་པའི་ཐབས། །བྲམ་གཟུགས་མགོན་པོའི་ཆོས་སྐོར་གཉན་ལོའི་ལུགས། །ཤོག་གུ་གཅིག་ལ་མ་ཧཱ་བ་ལའི་གཟུགས། །གླང་མགོ་དམར་པོ་རྭ་ནི་གདེངས་བའི་བར། །ཁྲོ་ཞལ་དམར་པོ་ཞལ་དུ་སྦྲུལ་ཟ་བ། །དེ་སྟེང་མི་མགོ་སྔོན་པོ་མིག་གཅིག་

p. 26

པ། །དབུ་སྐྲ་དར་སྔོན་གྱིས་བཅིངས་དར་དཔྱངས་འཕུར། །འོག་མའི་མགོ་ལ་སྦྲུལ་གྱི་གདེངས་ཀ་བདུན། །ལྟེ་བ་ཟུར་གསུམ་ཧོ་ཁུང་ཐུར་བསྟན་ནང་། །དགྲ་བགེགས་ས་བོན་ནི་ཏྲི་མགོ་ཐུར་བསྟན། །སྐུ་མདོག་དུད་ཁ་ཕྱག་གཉིས་ཐུགས་ཀར་སྦྱར། །ཕྱག་བར་ཕུར་པ་ནི་ཏྲི་མ་ཚད་བྲི། །སྐུ་སྨད་སྦྲུལ་མཇུག་ལྗང་གུ་གཡས་འཁྱིལ་ལོ། །དེ་ཡི་རྒྱབ་ཏུ་སྔགས་འདི་ཐུར་དུ་བརྩེགས། །སྔགས་ཕྲེང་གཅིག་ལ་བྲི་བར་ཤོང་བར་བྱ། །ཨོ་ཤ་མ་ར་ན་པྲ་མ་ཤག་དུན་ཧཱུྃ༔ ཧཱུྃ་ནན་དུལ་དུལ་ནན་ཆད་སོད༔ སྙིང་ལ་མཱ་ར་ཡ་ཕཊ། ཅེས་བྲི་གཏོར་མི་གཅིག་ཀྱང་བཤམས་བྱས་ལ། །བ་གླང་སྤྱོད་ནས་བསྒོམ་འདྲ་སྤྱན་དྲངས་བསྟིམ། །ཨོཾ་མ་ཧཱ་བ་ལ་ཧཱུཾ། ཞེས་པ་བརྒྱ་རྩ་རྟེན་འབྲེལ་རབ་གནས་བྱ། །རྩ་སྔགས་ཁཱ་ཧི་བཏགས་པས་གཏོར་མ་བྱིན། །ཨརྒྷཾ་ལ་སོགས་སྔགས་ཀྱིས་མཆོད་བྱས་ནས། །ཧཱུྃ། འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ། །ལས་ཀྱི་མཐུ་ལས་སྒྲུབ་པ་བདུད་ཀྱི་བུ། །བ་ལང་སྤྱོད་ཀྱི་གླིང་ལ་དབང་བསྒྱུར་བ། །སྟོབས་ཆེན་མ་ཧཱ་བ་ལ་ཁྱོད་ལ་བསྟོད། །སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ། །ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན། །སྟོབས་ཆེན་ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་བརྗོད་སྐུ་གཟུགས་དེ་

p. 27

དང་དབྱེར་མེད་བསྟིམ། །ཤོག་གུ་གཙང་མར་ལིངྒ་སྤྱི་འཚམས་བྲི། །ཡན་ལག་འབྲུ་བཞི་ཕྱི་རོལ་ཛ་ཁྲམ་བསྐོར། །སྙིང་ཀར་ཛ་ཡིག་ཁ་སྤྲོད་གཉིས་ཀྱི་བར། །ནཱི་ཏྲི་ཁུག་གསུམ་བརྩེགས་མར་བྲི་བར་བྱ། །ལྟོ་བའི་ནང་དུ་སྒྲུབ་ལ་བར་གཅོད་པའི། །དམ་ཉམས་ལྕགས་ཕག་དམ་སྲི་ངུར་འཛིན་དང་། །བདུད་ཀྱི་འཁོར་ན་དམ་སྲི་བསེ་རག་དང་། །ལྟེ་ཕུར་ནག་མོ་དང་ནི་བྱ་མཆུ་མ། །འབྲོག་སྲིན་མགོ་དགུ་དང་ནི་ཕག་སྣ་མ། །སྲོག་བདག་ཤེས་པ་དཀར་པོ་བསེ་གདོང་ཅན། །འབི་ཙི་ཏྲིའུ་གནོད་སྦྱིན་བྲེལ་ཕོངས་ཅན། །སྙབ་པ་ལག་རིང་ཡམ་ཤུད་དམར་པོ་དང་། །ཐེའུ་རང་སྟོང་འཁྲུགས་ལ་སོགས་དམ་སྲིའི་རིགས། །སྒབ་འདྲེ་ཐམས་ཅད་ལིངྒ་འདི་ལ་ཁུག །བཛྲ་ཨཾ་ཀུ་ཤ་ཛཞེས་པ་བྲི། །རང་མིང་ལྷ་མིང་དེ་རུ་བྲི་མི་རུང་། །དྲི་མ་སོང་དོག་མེ་དང་རླུང་ལ་གཡུགས། །ལྕགས་སྡེར་ནང་བཞག་མགོན་པོའི་ཐུན་གཏོར་གྱི། །ན་མོ་རྗེ་བཙུན་རྩ་བ་ཞེས་པ་ནས། །བདེན་པའི་མཐུས་ཞེས་བྱ་བའི་ཚིག་མཇུག་ཏུ། བླ་མེད་སྒྲུབ་པ་ལ་བར་དུ་གཅོད་པའི། དམ་ཉམས་ལྕགས་ཕག་ནག་པོ་སྤྱན་གསུམ། དམ་སྲི་ངུར་འཛིན། འཇིག་རྟེན་མགོན་པོ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་དམ་སྲི་བསེ་རག །དཔལ་ལྡན་ལྷ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་ལྟེ་ཕུར་ནག་མོ་ཏྲ་

p. 28

ལི་ཏའི་ཆུང་མ། བྱ་མཆུ་ནག་མོ་ཏཱ་ལི་ཏའི་བུ་མོ། ཁ་ནག་མོ་ཏྲ་ལི་ཏའི་ཁོལ་མོ། འབྲོག་སྲིན་མགོ་དགུ། རྒྱལ་པོ་རྣམ་ཐོས་སྲས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སྲོག་བདག་ཤེས་པ་དཀར་པོ། གནོད་སྦྱིན་བསེ་གདོང་ཅན་བི་ཏྲི་ཏྲིའུ། འཛམ་སེར་ནག་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་སྦྱིན་བྲེལ་ཕོངས་ཅན། མི་ནག་བྱ་མགོ་ཅན། ཞིང་སྐྱོང་དང་དམ་ཅན་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བདུད་སྙབ་པ་ལག་རིང་། བཙན་ཡམ་ཤུད་དམར་པོ། ཐེའུ་རང་སྟོང་འཁྲུག་ལ་སོགས་པ་བདག་ཅག་དཔོན་སློབ་མི་ནོར་བརྒྱུད་པ་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དམ་སྲི་སྒབ་འདྲེ་གང་ཡིན་པ་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཛནས་བཟུང་གནེ་ཧོ། ཞེས་བར་བཀུག་གཞུག་བརྒྱའམ་ཉེར་གཅིག་བྱ། རང་ཉིད་ཡི་དམ་ལེགས་ལྡན་ཐུགས་ཀ་ཡི། །འོད་ཟེར་ལྕགས་ཀྱུས་ཡང་ཡང་བཀུག་ལ་བསྟིམ། །ཕྱི་སྒོའི་ཐེམ་འོག་གྲུ་གསུམ་དོང་བྲུས་ལ། །དེ་ནང་ལིངྒ་གན་རྐྱལ་མགོ་ཕྱིར་བསྟན། །དེ་སྟེང་མ་ཧཱ་བ་ལའི་སྐུ་དེ་སྒྲུབ། །དབུ་ནི་ཕྱིར་བསྟན་ཁ་སྦྱོར་བྱས་ལ་མནན། །ཤུགས་ཆེན་མི་ཡིས་བྱིས་པ་མནན་པ་ལྟར། །མ་ཧཱ་བ་ལས་ནམ་ཡང་མི་བཏང་བསམ། །

p. 29

ས་ཁོད་རིམ་གཅིག་མནན་པའི་སྟེང་དུ་ནི། །རོ་གཡམ་གཅིག་གི་ངོས་ནི་གཉིས་པོ་ལ། །རྡོ་རྗེ་རྒྱ་གྲམ་རི་རབ་གླིང་བཞི་བྲི། །དམྱལ་ཡུལ་ཙམ་དུ་ཐུག་པར་ཐུར་མནན་སྟེང་། །རླུང་གི་རྡོ་རྗེ་རྒྱ་གྲམ་འབྱུང་རིམ་བརྩེགས། །དེ་སྟེང་རི་རབ་གླིང་བཞིས་མནན་པར་དམིགས། །བྱམས་པ་མ་བྱོན་བར་དུ་མ་ལྡང་ཞིག །དེ་ནས་ལོངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་བར་མ་ཧཱ་བ་ལས་མ་བཏང་ཞིག །ཅེས་བརྗོད་ས་རིམ་དགུ་ལ་རྒྱ་གྲམ་རེ། །དེ་སྟེང་མེ་ཁྲོལ་དེ་སྟེང་ཆུ་ཡང་བླུག །ས་ཡིས་བཀབ་ལ་བཅག་རྡུང་མི་མངོན་བྱ། །ཧཱུཾ། རྡོ་རྗེ་འབར་བའི་དཀྱིལ་འཁོར་ཞེས་སོགས་ནས། །མཱ་ར་ཡ་ཕཊ་བར་གྱི་རྟ་བྲོ་བརྡུང་། །འདི་ནི་ཡེ་ཤེས་པ་དང་འཇིག་རྟེན་པ། །ཀུན་གྱི་སྒབ་འདྲེ་མནན་ཐབས་ཐུན་མོང་སྟེ། །ཤི་སྲི་ཆུང་སྲི་གོད་འདྲེ་མནན་པ་དང་། །རྒྱལ་འགོང་འདྲེ་མོ་མནན་ཀྱང་མིང་ཁ་བསྒྱུར། །འདྲེ་མནན་གཅིག་ཆོག་ཟབ་མོ་སྤྱི་རྒྱ། །སྒར་པ་འམ་ནི་འབྲོག་པ་ཡིན་ན་ནི། །ལམ་ཆེན་རྒྱ་གྲམ་འོག་གམ་རི་ཆེན་སྣ། །ལྷ་ཁང་མཆོད་རྟེན་མ་ཎི་བརྒྱ་མཁར་འོག །མི་གཞན་སུས་ཀྱང་མ་མཐོང་གསང་སྟེ་མནན། །ཡང་ན་ཚ་ཚ་དཀར་ནག་བརྒྱ་རེ་བྱེད། །རི་ཆེན་འོག་གམ་ས་ནོན་ཆེ་ས་རུ། །

p. 30

དོང་བྲུས་ནང་དུ་ལིངྒ་དཔེའུ་རིས་མནན། །དེ་སྟེང་སཙྪ་ནག་པོ་མགོ་ཐུར་བསྟན། །དེ་སྟེང་དཀར་པོ་བརྒྱ་ནི་མགོ་གྱེན་བསྟན། །དེ་ནས་གོང་ལྟར་བཅག་བརྡུང་རྟ་བྲོ་བརྡུང་། །དེ་ནི་གོད་གཅོད་སོག་ཁ་ག་བཏགས་བྱ། །དེ་མིན་དམ་སྲིའི་རིགས་འདི་ཐབས་མཁས་ཁ་དུག་ཆེ། །རང་ལ་ཉེས་པ་ཏིལ་ཙམ་མེད་ན་ཡང་། །ཕ་རོལ་དོན་མེད་མི་ཡིས་སེམས་བསྒྲལ་ནས། །ཁོ་ལ་ངན་བྱས་བསམས་ནས་ཡར་ཀློག་དང་། །གཏད་མནན་ཟེར་བའི་མི་ཁ་གླེང་བརྗོད་བྱུང་། །དེ་འདྲ་བྱུང་བའི་ལོ་རྒྱུས་མང་དུ་ཐོས། །།ཡར་ལ་བཏོན་ན་མི་འཕྲོག་གནོད་པ་ཆེ། །དེ་ཕྱིར་མནན་པའི་སྟབས་དེ་མ་བདེ་ན། །གོང་ལྟར་བཀུག་གཞུག་བྱས་པའི་ལིངྒ་དེ། །མགོན་པོའི་གཞུང་གིས་ཕུར་འདེབས་བྱས་པའི་རྗེས། །ཐོ་བས་བརྡུང་ཅིང་མི་བསད་མཚོན་གྱིས་གཏུབ། །ཤོག་དུམ་ཟན་ལིང་ཤ་དུམ་བརྒྱ་རྩ་སྦག །མ་མགོན་ལ་སོགས་ཁྲོ་བོ་གང་རུང་གི །དྲག་པོའི་སྦྱིན་སྲེག་སྤྱི་དང་མཐུན་པར་བྱས། །ཐལ་བ་ལམ་ཆེན་རྒྱ་གྲམ་དཀྱིལ་དུ་བླུག །དེ་ཡིས་མནན་པའི་དོན་ཡང་ཚང་བ་ཡིན། །སྦྱིན་སྲེག་འདི་ནི་ལོ་གྲངས་འགའ་ཟུར་སོར། །ལན་རེ་གྲུབ་ན་སྐུ་རིམ་མཆོག་ཏུ་འགྱུར། །དེ་ལྟར་དམ་སྲི་བསྲེགས་

p. 31

མནན་ལེགས་ཚར་ནས། །ལྷ་རྣམས་གང་སྒྲུབ་ལམ་དུ་འགྲོ་བ་སྟེ། །བདག་ཀྱང་ཚེ་རིང་ནད་ཉུང་བསམ་པ་འགྲུབ། །འཁོར་དང་རྟ་ཕྱུགས་རྣམས་ལ་གོད་ཀ་མེད། །དགྲ་ལ་རྦད་ན་སྐྱེན་པོའི་མདའ་བཞིན་འགྲོ། །བསོད་ནམས་ནོར་རྫས་ཆུ་བོའི་རྒྱུན་བཞིན་འབབས། །བར་ཆད་མེད་ཅིང་བཀྲ་ཤིས་ཅི་བསམ་འགྲུབ། །ནོར་བུ་རིན་ཆེན་བྱི་དོར་བྱས་དང་མཚུངས། །དེ་ཕྱིར་ཆོས་ལུགས་འདི་ལ་གདམས་ངག་འདི། །མེད་ཐབས་མེད་ཕྱིར་གབ་སྦས་མེད་པར་བཀོད། །ལྕགས་ཕག་ཆོ་འཕྲུལ་ཆེན་པོའི་ཚེས་གཉིས་ཀྱི། །འཕྲལ་དུ་བདུད་མོ་བླ་མས་ཞུས་པའི་ངོར། །ཕྱི་དྲོ་རཱ་ག་ཨ་སྱས་སྨྲས་པ་ལྟར། །དགེ་སློང་ཆོས་དགེ་ཞེས་བྱས་ཡི་གེར་བྲིས། །ཉེས་འགལ་མེད་ཕྱིར་བཤགས་བྱ་མ་མཆིས་ཤིང་། །དགེ་བས་སྒྲུབ་བརྒྱུད་བསྟན་པ་དར་བར་ཤོག ། ཨོཾ༔ ན་ཡ་ཨེ་ཨེ་ར་ལི་རི་ཨུ་ཧཾ༔ ལིངྒ་ནང་དུ་བཏུམ་ནས་མནན་ན་བསྟན་པ་ལ་ཕན་པར་གཏེར་སྟོན་ནམ་མཁའ་འཇིགས་མེད་ལུང་བསྟན་ལ་ཡོད། ཡང་རི་དྲུང་པའི་སྲོག་སྔགས་རེད། འདི་ཡིན། །མངྒ་ལཾ།། །།དའ་ཨ་ལེ་ཨེ་ར་ལི་རི་ཨུ་ཧཾ༔

དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་ལས་བཞིའི་སྦྱིན་སྲེག་ཡེ་ཤེས་རབ་འབར།

p. 32
p. 33

དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་ལས་བཞིའི་སྦྱིན་སྲེག་ཡེ་ཤེས་རབ་འབར་ཞེས་བྱ་བ་བཞུགས་སོ།།

p. 34

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། བླ་མ་མགོན་པོ་དབྱེར་མེད་ཀརྨ་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་ཕྱག་འཚལ་ནས། །གསར་བུ་རྣམས་ལ་ཕན་པར་བྱ་བའི་ཕྱིར། །མ་མགོན་འཁོར་བཅས་བཀའ་གནང་བྱིན་གྱིས་རློབས། །ས་རྒོད་ས་ཆོག་རྒྱས་པར་མ་གྲུབ་ཅིང་། །ལྟོ་འཕྱེ་ལ་སོགས་བརྩི་ཚུལ་ཤེས་དཀའ་བས། །སྦྱིན་སྲེག་བླུགས་ས་དེ་རུ་ས་མི་བརྐོ། །རྡོ་ལེབ་བསྒྲིགས་སམ་ཤི་ང་ལོ་བཀོད་པའི་སྟེང་། །གཞན་ནས་ས་ཉོབ་བླང་བླུགས་ལེགས་པར་བཅགས། །སྤྲོ་ན་ས་ཆོག་རྒྱས་པ་གཞན་ལྟར་བྱ། བསྡུ་ན་དེ་སྟེང་དཀར་གཏོར་གཉིས་བཤམས་ཏེ། །རང་ཉིད་དྲན་རྫོགས་མགོན་པོ་གསལ་བསྒོམས་ནས། །འདི་ཉིད་འདོན་བསྒོམ་བྱས་པས་འཐུས་པ་ཡིན། ཧཱུྃ།

p. 35

རང་ཉིད་ཡེ་ཤེས་མགོན་པོ་ཡི། །ཕྱག་གཡས་ས་ལ་བརྡབ་པ་ཡིས། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །ས་ཡི་ལྷ་མོ་གསེར་གྱི་མདོག །ཐལ་སྦྱར་བར་ན་བུམ་པ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །སྐུ་ཕྱེད་ས་ཡི་ནང་ནས་ཐོན། །ས་བདག་ཚོགས་ཀྱིས་བསྐོར་བར་གསལ། །ཨོཾ། ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །འདིར་གནས་ས་བདག་ཚོགས་དང་བཅས། །དཀྱིལ་འཁོར་བསྒྲུབ་ཕྱིར་འདིར་གཤེགས་ལ། །ས་གླུད་མཆོད་གཏོར་འདི་བཞེས་ཤིག །ཨོཾ་པྲི་ཐི་དེ་ཝི་བྷུ་མི་པཱ་ཏི་ས་པ་རི་ཝཱ་ར་

p. 36

ཨརྒྷཾ་སོགས། ཨ་ཀཱ་རོ་སོགས། ཨོ་པྲི་ཐི་དེ་ཝི་བྷུ་མི་པཱ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །གནས་འདི་དོར་ནས་ཕྱིར་བཟུར་ཞུ། །ས་བདག་ས་ཡི་ལྷ་མོ་རྣམས། །དགའ་བའི་ཡིད་ཀྱིས་ཐལ་སྦྱར་ཏེ། །ས་འདི་གནང་གིས་ཅི་བདེར་སྤྱོད། །ཞེས་གསུངས་ས་བདག་རྣམས་ནི་བྱེར། །ལྷ་མོ་ས་དེར་ཐིམ་གྱུར་པས། །ས་ཡང་གསེར་གྱི་ཕུང་པོར་གྱུར། །རིན་ཆེན་སྣོད་དུ་ཐིག་ཚོན་རྣམས། །ཨོཾ་ཧཱུཾ་ཏྲ་ཧཱུྃཨཱརྣམས་ལས། །མ་མགོན་རིགས་ལྔའི་སྐུར་གྱུར་པས། འོད་ཞུ་ཐིག་ཚོན་སོ་སོར་གྱུར། །ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཨོཾ་བཛྲ་ཙི་ཀྲ་ས་མ་ཡ་ཧཱུཾ། དེ་ནས་ལས་བཞི་ཁྱད་མེད་པར། །ཐིག་ཆེན་བརྒྱད་པོ་བཏབ་བྱས་ནས། །ཐབ་ཀྱི་རྒྱུར་ནི་ཁྲུ་གང་ཚད། །དེ་རྒྱབ་སོར་བཞི་ཐབ་ཀྱི་མཆུ། །ཁ་ཁྱེར་ཁ་བད་ཁ་འཕྱང་ནི། །བསྡུས་པ་འདི་ལ་མི་དགོས་གསུངས། །ཀུན་ཀྱང་དབུས་སུ་པད་འདབ་བརྒྱད། །ཞི་བའི་དབུས་སུ་ཁ་ཁྱེར་ལས། །རྡོ་རྗེ་དཀར་པོ་བྲི་བར་བྱ། །ཕྱི་རོལ་མཚམས་བཞིའི་ཐད་དུ་ནི། །ཟླ་ཕྱེད་རྡོ་རྗེ་རྩེ་ཕྱིར་བསྟན། །རྒྱས་པའི་དབུས་སུ་ཁ་ཁྱེར་དང་། །ཕྱི་ཡི་མཚམས་བཞིར་ནོར་བུ་བྲི། །དབང་གི་དབུས་སུ་ཁ་ཁྱེར་དང་། །མཚམས་བཞིར་པདྨའི་ལྕགས་ཀྱུ་

p. 37

བྲི། །དྲག་པོའི་དབུས་སུ་རྡོ་རྗེ་ནི། །ནག་པོ་ཁ་གདེངས་བྲི་བར་བྱ། །ཁ་ཁྱེར་ལ་ནི་རལ་གྲི་སྟེ། །ཕྱི་རོལ་མེ་རི་འབར་བའོ། །ཐབ་ཀྱི་རྒྱ་དང་ཁ་ཁྱེར་མདོག །ལས་བཞི་སོ་སོའི་མདོག་ཡིན་ཏེ། །།བར་མཚམས་མཛེས་པའི་ཚོན་གྱིས་བཅད། །འདབ་བརྒྱད་སྣ་ཚོགས་པདྨ་ཡིན། །ཐབ་ཀྱི་དབྱིབས་སུ་ཤིང་ཡང་བརྩེགས། །དབུས་སུ་ལས་མཐུན་མདའ་དར་བཙུགས། །ལྔ་སེར་མཁའ་འགྲོ་རྒྱུ་ལྡོག་ལ། །གདོང་མི་གཏུག་པར་སློབ་དཔོན་འདུག ། ཞི་བ་རྒྱས་པ་གཉིས་པོ་ལ། །བསྲེག་རྫས་གཡས་ལ་མཆོད་རྫས་གཡོན། །དབང་དང་དྲག་པོར་གོ་ལྡོག་བཤམས། །གཞི་དང་རྒྱན་དང་རྒྱན་གོས་སོགས། །བརྡ་ཙམ་ལས་དང་མཐུན་པར་བསྒྲུབ། །ཞི་བ་སུར་དཀར་གླང་མ་སྟེ། །རྒྱས་པར་འོམ་བུ་སུར་ཤིང་རུང་། །དབང་ལའང་སེ་རུ་བ་ཤིང་མཆོག །དྲག་པོར་ཚེར་མ་ཅན་གང་རུང་། །རིང་ཐུང་ཐབ་ཀྱི་ཕྱེད་ཚད་དེ། །ཞི་བ་འདབ་བརྒྱད་འོ་མས་སྦག །རྒྱས་པ་འདབ་བཞི་མར་ཁུས་སྦག །དབང་ལ་འདབ་ལྔ་ཇ་་རྒོད་སོགས། །དྲག་པོ་འདབ་གསུམ་ཁྲག་གིས་སྦག །དེ་དག་རྩ་རྩེ་གཉིས་ཀ་བསྒྲེ། །བཤམས་དུས་འབུལ་དུས་ཁྱད་པར་མེད། །དང་པོ་ཡམ་ཤིང་མར་ཁུ་སྟེ། །དེ་ནས་གཙོ་བོ་གང་ཡིན་རྣམས། །དེ་ནས་གོ་རིམ་ངེས་པ་མེད། །མཇུག་ནི་ཀུ་ཤ་ཡིན་པས་རྫོགས། །མཆོད་རྫས་མཆོད་པ་སྣ་བདུན་དང་། །མེ་ལྷའི་གཏོར་མ་ཆེ་ཆུང་གཉིས། །ཞི་བའི་གཏོར་མ་ཟླུམ་པོ་པད་འདབ་བསྐོར། །རྒྱས་པ་ཟུར་བཞི་དབང་ནི་ཟུར་གཉིས་ཏེ། །དྲག་པོ་ཟུར་གསུམ་རྣམས་ལ་

p. 38

མར་རྒྱན་གཟབ། །དཀར་དམར་རྒྱན་ལྡན་འབུལ་གཏོར་གཅིག་ཀྱང་བཤམས། །ཞི་བར་ཏིལ་ནག་ཡུངས་ཀར་གྲོ་གཙོ་ཆེ། །རྒྱས་པར་འབྲས་དང་སོ་བ་དུར་བ་གཙོ། །དབང་ལ་ཟས་མཆོག་མེ་ཏོག་ཤིང་ཐོག་དེར། །དྲག་པོར་ལིངྒ་ཤ་དུམ་སྦྲག་པ་དང་། །ཡུངས་ཀར་གཙོ་ཆེན་གཞན་རྣམས་གང་འཛོམ་ཆོག །ཁྱད་པར་དྲག་པོར་ཤོག་ལིང་སྤྱི་མཚམས་བྲི། །ཟན་ལིང་པར་མ་ཤ་དུམ་ཁྲག་ཐིགས་ཕྲག །བརྒྱ་རྩ་ལྷག་ཙམ་ངེས་པར་དགོས་པ་སྟེ། །གལ་ཏེ་ཟན་ལིང་པར་མ་མ་གྲུབ་ན། །ཟན་ལིང་ཆེ་བ་གཅིག་བྱས་བསྒྲལ་ལས་རྗེས། །དུམ་བུ་བརྒྱ་ལྷག་གཏུབས་ནས་ཤ་དུམ་སྦག །བདག་བསྐྱེད་མགོན་པོའི་སྲུང་འཁོར་བསྒོམ་པའི་རྗེས། །མགོན་པོའི་གཞུང་ལྟར་གསེར་སྐྱེམས་གཏོར་བྱས་ནས། །བཀུག་གཞུག་ཕུར་འདེབས་བསྒྲལ་ལས་ལས་འགྲིགས་ལྟར། །ཤོག་ལིང་གཏུབ་ལ་ཟན་ལིང་རེ་དང་སྦྲག །ཞི་རྒྱས་དབང་གསུམ་ལ་ནི་དེ་མི་དགོས། །ཐབ་དང་མཆོད་རྫས་བསྲེག་རྫས་ཀུ་ཤ་བྲན། །སྟོང་པའི་ངང་ལས་ཧཱུཾ་དང་ཨ་ཡིག་ལས། །བྱུང་བའི་རྡོར་སེམས་ཡབ་ཡུམ་འོད་ཞུ་བའི། །རྡོར་དྲིལ་ལག་མཐིལ་ཟླ་ཉིའི་གདན་ལ་འཁོད། །པད་ཀོར་དང་བཅས་བླངས་ཏེ་གསོལ་ཞིང་འཁྲོལ། །ཨོཾ་བཛྲ་སཏྭ་ཧཱུྃ་མྲྀ་དྷ་ཆུ་ཤྭ་རི་ཧཱུཾ། དེ་ནས་བཟུང་སྟེ་རྡོར་དྲི་ལ་འབྲལ་མི་རུང་། །སུམྦྷ་ནི་བརྗོད་བགེགས་བསྐྲད་སྲུང་འཁོར་བསྒོམ། །དིཏྟོན་ཊ་བྷེ༔ སྭ་བྷ་ཝའི་རྗེས། མགོན་པོའི་གཞུང་གི་བསྐང་བའི་བྱིན་རླབས་དེས། །མཆོད་རྫས་

p. 39

བསྲེག་རྫས་གཉིས་ཀ་བྱིན་རླབས་ཏེ། །རྡོར་དྲིལ་དང་བཅས་དགང་བླུགས་སྦྱར་བྱས་ནས། །བསྲེག་རྫས་རྣམས་ལ་རེག་ཅིང་སྔགས་རྣམས་བརྗོད། །ཨོཾ་ཨཱཧཱུཾ། ཨོ་ཋ་ཌཱ་ཋ་ཌ་ཎ་ཥ་ཥཱ། ཨོ་ཨཱ་ཧཱ། །རྫས་རྣམས་བཀྲུས་པར་བསམ། ཡམ་ཤིང་ལ་རེག །ཨོ་བི་སྭ་ཧཱ། མར་ཁུ་ལ་རེག་།ཨོ་ཨ་སྭཱ་ཧཱ། འབྲུ་ཀུན་ལ་རེག །ཨོ་ཛཾ་སྭཱ་ཧཱ། རྫས་ཀུན་ལ་རེག །ཨོ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཀུ་ཤ་ཆེན་པོ་པད་ཀོར་དང་བཅས་བླངས། ཨོ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཅིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལ་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །ཨོཾ་བཛྲ་སཏཱ་ཨཱཿ ཐབ་ཀྱི་དབུས་སུ་ཀུ་ཤ་རྒྱ་གྲམ་ནི། །རྩེ་མོ་ལས་ཀྱི་ཕྱོགས་སུ་བསྟན་ཏེ་བཞག །ཆུན་པོ་བརྒྱད་ནི་ཐབ་ཀྱི་ཁ་ཁྱེར་ཐད། །གཡས་བསྐོར་རྩ་བ་རྩེ་མོས་ནོན་པར་བཀོད། །དེ་ནས་བསང་སྦྱངས་མགོན་པོའི་གཞུང་ལྟར་བྱས། །སྟོང་པའི་ངང་ལས་ཧཱུྃ་ལས་ཐབ་ཁུང་ནི། །བྲིས་པ་ལྟ་བུའི་མཚན་ཉིད་ཡོངས་རྫོགས་དབུས། །པདྨ་ར་སྐྱེས་གདན་ལ་རཾ་ཡིག་ལས། །མེ་ལྷ་ལས་ཀྱི་མདོག་ཅན་ཞལ་གཅིག་པ། །ཕྱག་བཞི་སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། །གཡས་གཉིས་དབྱུག་

p. 40

པ་མི་འཇིགས་ཕྱག་རྒྱ་དང་། །གཡོན་གཉིས་ཕྲེང་བ་དང་ནི་རིལ་བ་འཛིན། །མེ་ལྕེ་སྟོང་གི་དཀྲིས་ཤིང་འོད་འབར་བའི། །གནས་གསུམ་འབྲུ་གསུམ་ཐུགས་ཀར་རཾ་ཡིག་གསལ། །ཞི་བར་དགེ་སྦྱོང་ཁྱེའུ་གཙང་མའམ། །རྒྱས་པར་ཕྱུག་པོ་དབང་ལ་གཞོན་ནུ་མ། །དྲག་པོར་ལག་དམེ་ཅན་གྱི་མེ་རུ་སྦྱར། །དེ་ཉིད་སློབ་དཔོན་ཉིད་ཀྱི་ཕྱག་ཏུ་ཕུལ། ཧཱུྃ། དང་པོ་མེ་བྱུང་གང་ནས་བྱུང་། །སྔོན་ཚེ་བསྐལ་པའི་དང་པོ་ལ། །བཅོམ་ལྡན་མ་མགོན་རིགས་ལྔ་ཡི། །ཐུགས་ཀའི་འོད་ཀྱི་གོང་བུ་ནས། །ཡི་གེ་རཾ་གྱི་འཕྲོ་འདུ་ལས། །ཡེ་ཤེས་ལྔ་ཡི་མེ་བྱུང་ནས། །དུག་ལྔའི་ཕུང་པོ་གཏན་ནས་བརླག །ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ། །དོ་ནུབ་གཞལ་ཡས་ཕོ་བྲང་འདིར། །ཉོན་མོངས་དུག་ལྔའི་ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་བས། །ཕྲིན་ལས་གང་བརྩམ་འགྲུབ་གྱུར་ཅིག །ཨོ་ཛཱ་ལ་ཛཱ་ལ་ཧཱུཾ། ཐབ་ཀྱི་ཤར་ལྷོ་མཚམས་ནས་སྦྱར། །དེ་ནས་བུད་ཤིང་ཅུང་ཟད་ཐོགས། །ཧཱུྃ། མ་བདུན་སྲིང་བཞི་འབར་མ་དགུ། །དུར་ཁྲོད་ཆེན་པོའི་གནས་བརྒྱུད་ནས། །ལས་དང་མཐུན་པའི་ཤིང་ཐུས་ལ། །ཕོ་བྲང་དཀྱིལ་འཁོར་དམ་པ་འདིར། །འདོད་པའི་དངོས་གྲུབ་ཐོབ་པའི་ཕྱིར། །ལས་ཀྱི་མེ་ནི་སྦར་

p. 41

བར་མཛོད། །རླུང་གཡབ་མ་ཡིས་རླུང་གཡོབ་ཅིག །ཨོཾ་ཨཱཧཱུཾ། དེ་ནས་མདའ་དར་ལག་ཏུ་ཐོགས་ཏེ་གཡབ། ཧཱུྃ། ཡེ་ཤེས་ལྔ་ཡི་མེ་ཕུང་འབར་བ་ནི། །དུར་ཁྲོད་མེ་ཡི་མཆོད་པ་མ་རྫོགས་བར། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ། །མེ་ལྕེ་མ་མཆེད་མ་འཕྲོ་ཅིག །གལ་ཏེ་མཆེད་ཅིང་འཕྲོས་གྱུར་ན། །།ལྷ་འདྲེ་གཞི་བདག་ཚིག་དོག་ཡོད། །དེ་ཕྱིར་མེ་མགོ་དར་གྱིས་མནན། །མེ་ལྕེ་མ་འཕྲོ་མ་མཆེད་ཅིག །ཨོ་རཾ་ནན་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཐབ་དབུས་མེ་ལྷ་དམ་ཚིག་པའི། །ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཤར་ལྷོ་ཕྱོགས་ནས་མེ་ཡི་ལྷ། །དྲང་སྲོང་ཚོགས་བཅས་སྤྱན་དྲངས་གྱུར། །ལག་པ་མི་འཇིགས་ཕྱག་རྒྱ་ཡི། །མཐེ་བོང་སྲིན་ལག་བཅས་གཡོབ་ཅིང་། །རྣ་བ་གཡོན་ནས་གཡས་ངོས་ཁྱེར། །གཡོན་པས་དྲིལ་བུ་བསིལ་བཞིན་དུ། །ཨོ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་གཉིས་སྐྱེས་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བརྙེས་པར་མཛོད། །ཨོ་ཊ་ཀི་ཧཱུྃ་ཛཿ ཧཱུཾ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབ་པ། །ཐུགས་རྗེས་སེམས་ཅན་དོན་གྱི་ཕྱིར། །

p. 42

འབར་བའི་གནས་འདིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཐབ་ཀྱི་ཁ་ཁྱེར་ཀུ་ཤའི་གདན། །ཡེ་ཤེས་མེ་ལྷ་འཁོད་པ་ལ། །བྱོན་སྐྱེམས་མཆོད་ཡོན་འབུལ་བར་བགྱི་། །ཨོཾ་ཨཀྵེ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་་པྲིཀྵ་ནི། པཱདྷཾ་པྲ་ཏིཙྪ་སྭཱ་ཧཱ། རྡོ་རྗེ་དང་བཅས་ལག་གཡས་ཀྱི་མཐེབ་མོས་འཛུབ་ཆུང་མནན་ལ་ཕྱར། ཧཱུཾ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ཧ་ན་ས་མ་ཡ་ཧཱུྃ་ཕཊ། མེ་ལྷ་ཡེ་ཤེས་པ་དང་ནི། །དམ་ཚིག་མེ་ལྷ་དབྱེར་མེད་གྱུར། །ཛཿཧཱུྃ་བཾ་ཧོ༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །དབང་ལྷ་རིགས་ལྔ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷ་ཡར་ལུད་ལས་མཐུན་པའི། །རིགས་ཀྱི་བདག་པོས་དབུ་བརྒྱན་གྱུར། །ཨོཾ་ཨཀྵེ་ས་པཱ་རི་ཝཱ་ར་ཨརྒུ་ནས་ཤཔྟ་པྲ་ཏིཙྪསྭཱ་ཧཱ། ཨོཾ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན། །རྔམ་པའི་བྱིན་ཅན་ལས་ལ་བརྩོན། །བསྲེག་བླུགས་འབུལ་ལོ་ལས་ཀུན་སྒྲུབས། །ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞི་ལ་སོགས་པའི་ལྷ་དཔལ་ཏེ། །

p. 43

ཇི་ལྟར་འདོད་པའི་ལྷ་དཔལ་ཏེ། །ཇི་ལྟར་འདོད་པའི་དོན་འགྲུབ་པའི། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །དགང་བླུགས་ཁ་ལ་རཾ་ཡིག་དང་། །མེ་ལྷ་ཅུང་ཞིག་ཞལ་གདངས་བའི། །ལྗགས་ལ་རཾ་ཡིག་གིས་མཚན་པའི། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །ལག་གཉིས་རྡོར་དྲིལ་དང་བཅས་ཁུ་ཚུར་གྱིས། །མཛུབ་མོ་གཉིས་བརྐྱང་དགང་གཟར་བླུགས་གཟར་བཟུང་། །བླུགས་གཟར་གྱིས་ནི་མར་ཁུ་གསུམ་མམ་བདུན། །དགང་གཟར་ནང་དུ་བླུགས་ཤིང་སྔགས་འདི་བརྗོད། །ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། ཞི་སོགས་གསུམ་ལ་གྲུ་མོ་པུས་མོ་ལས། །ཕྱིར་མི་འདའ་ཞིང་དྲག་པོར་འདའ་བྱས་ལ། །ཞི་སོགས་གསུམ་ལ་ཐབ་སྟེང་གཡས་བསྐོར་གསུམ། །དྲག་པོ་ལ་ནི་གཡོན་བསྐོར་གསུམ་བྱ་ཞིང་། ན་མཿས་མནྟ་བུདྡྷཱ་ནཾ། ཨོ། ཨཀྵེ་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་ཨ་དུ་བྱ་སྭཱ་ཧཱ། མར་ཁུ་ཐབ་ཏུ་གསུམ་མམ་བདུན་འབུལ་ཏེ། །མེ་ལྕེ་འཇམ་ཞིང་དཀར་སེར་སྔོ་དང་དམར། །དྲི་ཞིམ་མེ་སྒྲ་སྙན་པ་བཟང་བ་སྟེ། །སྒྲ་མི་སྙན་དང་མི་སྡུག་ཚག་པ་དང་། །མེ་ལྕེ་དུད་པས་རང་ཕྱོགས་བདུག་ན་ངན། །དྲག་པོ་ལ་ནི་ངན་པ་རྣམས་ཀྱང་ལེགས། །དེ་ནས་བསྲེག་རྫས་ཐམས་ཅད་རིམ་པ་ལྟར། །མཐེབ་སྲིན་ནམ་ནི་གུང་མཐེབ་སྦྱར་ནས་འབུལ། །ཡམ་ཤིང་ཀུ་ཤ་འོད་ཀྱི་དཀྱིལ་འཁོར་ལ། །རམ་རྩི་ལ་སོགས་རྫས་རྣམས་ཕྱག་ཏུ་སྟེ། །བཟའ་བཏུང་རྫས་རྣམས་

p. 44

ཞལ་དུ་ཕུལ་བར་བསྒོམ། །ཨོཾ། ཨགེ་དེ་ཝ་ས་པཱ་རི་ཝཱ་ར༔ མེ་ལྷའི་སྔགས་དེ་རྫ་ས་སྔགས་མགོ་ལ་སྦྱར། །ཡམ་ཤིང་བྱང་ཆུབ་ཤིང་བསམ་རྩེ་གྱེན་བསྟན། །ཨོ་བྷྱོ་དྷི་བྲྀཀཱ་ཡེ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ༔ ཞི་བ་ལ། བར་དུ་གཅོད་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། པུཎྚི་ཀུ་རུ་ཨོ། དབང་ལ། པ་ཤཾ་ཀུ་རུ་ཧོ༔ དྲག་པོ་ལ། བར་དུ་གཅོད་པའི་དགྲ་བགེགས་མཱ་ར་ཡ་ཕཊ༔ དེ་ལྟར་ཚིག་གིས་བསྒྱུར་སོ་རིག་པས་དཔག །མར་ཁུ་ལ། ཨོཾ་ཨཀྵེ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ༔ ཏིལ་ནག་ལ། ཨོ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞི་བ་ལ། སྡིག་པ་དང་སྒྲིབ་པ༴ རྒྱས་པ་དང་དབང་ལ། དགེ་བ་ཕུན་སུམ་ཚོགས་པ༴ ཡུངས་ཀར་ལ། ཨོཾ་སརྦ་ཨརྦ་སིདྡྷི་ཡེ་སྭཱ་ཧཱ། བགེགས་ཐམས་ཅད༴ རྒྱས་པ་དང་དབང་ལ། བགེགས་མེད་པ་ཕུན་སུམ་ཚོགས་པ་ལ༴ གྲོ་ལ། ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། ཞི་བ་ལ། ནད་ཐམས་ཅད༴ རྒྱས་དབང་དྲག་པོ་གསུམ་ལ། ནད་མེད་པ་ཕུན་སུམ་ཚོགས་པ༔ སྲན་མ་ལ། ཨོཾ་བཛྲ་མ་ཧཱ་བ་ལ་ཡེ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ༔ ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ དུར་བའི་མྱུ་གུའི་རྩ་བ་ལ། ཨོ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཚེ་ཕུན་སུམ་ཚོགས་པ་ལ༔ ཞི་དྲག་

p. 45

གཉིས་ལ། བར་དུ་གཅོད་པ༴ འབྲས་ལ། ཨོཾ་བཛྲ་པུཥྛ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༔ བིལ་བ་སྟར་རྒ་ཛ་ཏི་ཕ་ལ་རྣམས། །མ་རྙེད་ཤུག་ཐོག་གམ་ནི་སིལ་འབྲུ་སེ་ཐོག་ལ། །ཨོཾ་བཛྲ་ཤྲཱི་ཝ་ཡེ་སྭཱ་ཧཱ། ཡང་ན་རྒུན་འབྲུམ་ལ་སོགས་ཤིང་ཐོག་ལ། ཨོཾ་ཨ་པ་མ་དྷི་ཕ་ལ་ཡ་སྭཱ་ཧཱ། ཡང་ན་སེ་འབྲུའམ་ནི་སྐྱེར་འབྲུ་ལ། ཨོ་ཏི་པ་ལ་ཡ་སྭཱ་ཧཱ། དེ་གསུམ་གང་རུང་གིས་ཀྱང་ཆོག་པ་སྟེ། །རིགས་རྒྱུད་ཕུན་སུམ་ཚོགས་པ་ལ༔ ཞི་དྲག་གཉིས་ལ། བར་དུ་གཅོད་པ༔ ཞོ་འོ་ཐུད་སོགས་དཀར་གསུམ་གང་འབྱོར་ལ། །ཨོཾ་བཛྲ་མ་ལེ་པུཥཱ་ཡ་སྭཱ་ཧཱ། ཤེས་རབ་ཕུན་སུམ་ཚོགས་པ་ལ༔ ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ སོ་བ་ལ། ཨོ། བཛྲ་བི་ཛ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ ཞི་དྲག་གཉིས་ལ། བར་དུ་གཅོད་པ༔ ཞོ་ཡིས་སྦྲུས་པའི་སྐྱ་ཚུ་ཟས་སྣ་བཏབ། །རིལ་བུའམ་ཕྱེ་མ་ལ་ནི་ཟས་མཆོག་ཟེར། །ཨོཾ་སརྦ་སཾ་བྷ་དེ་སྭ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ༴ ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ མེ་ཏོག་ལས་བཞི་གང་ཡིན་ཁ་དོག་ཅན། །མེད་ན་ནས་ལ་ཚོན་གྱིས་ཁ་དོག་བསྒྱུར། །ཨོཾ་བཛྲ་པུཥཱ་སྭཱ་ཧཱ། ཁ་དོག་དང་གཟི་བརྗིད་ཕུན་སུམ་ཚོགས་པ་ལ༔ ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ དྲི་དང་སོ་རྩི་དང་ཞེས་

p. 46

བུར་ཆུ་སྟེ། །མ་རྙེད་ཇ་དང་སྤོས་ཆུའི་རུང་བ་ཡིན། ཨོ་ཏཾ་བུ་ལ་ཡ་སྭཱ་ཧཱ། བཀྲ་ཤིས་ཕུན་སུམ་ཚོགས་པ་ལ༴ ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ ནས་ལ་ཆུས་སྦག་སྨན་སྣ་བཏབ་བྱས་ནས། ཨོ་ཨོ་ཥ་དྷི་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ༔ ཞི་དྲག་གཉིས་ལ། བར་དུ་གཅོད་པ༔ དར་རས་ཕྲུག་རས་ཤིང་བུའི་རྩེར་སྦྱར་ནས། ཨོཾ་བཛྲ་ཝསྡུ་ཡེ་སྭཱ་ཧཱ། རྒྱན་དང་གོས་ཕུན་སུམ་ཚོགས་པ་ལ་ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ ནས་ལ། ཨོ་བཛྲ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ༔ ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ དེ་དག་མིན་པའི་འབྲུ་དང་བཟའ་བཏུང་རིགས། ཨོཾ་ཨཱཧཱུཾ། གིས་ཕུལ་ནས་ལས་བཞི་སོ་སོའི་འདོད་གསོལ་སྔགས་བཅས་སྤྱི་མཚམས་སྦྱར། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། བསྲུང་བ་ཕུན་སུམ་ཚོགས་པ་ལ༴ ཞི་དྲག་གཉིས་ལ། བར་དུ་གཅོད་པ༴ དེ་ལྟར་ཡམ་ཤིང་མར་ཁུ་ཀུན་ལ་དགོས། །ཞི་བར་ཏིལ་དང་ཡུངས་ཀར་གཙོ་བོ་སྟེ། །གཞན་རྣམས་གང་འབྱོར་ཆོག་ཅིང་མེད་ཀྱང་རུང་། །ཚེ་རིང་དུར་བ་བསོད་ནམས་འདོད་ན་འབྲས། །དེ་སོགས་བསྲེག་རྫས་རེ་རེའི་ལས་ཚོགས་ཏེ། །ཡིན་ཕྱིར་གང་འདོད་དེ་ནི་མང་བར་བྱ། །དྲག་པོ་ཡིན་ན་མར་ཁུའི་རྗེས་ཉིད་དུ། །བསྲེག་རྫས་གཙོ་བོ་ལིངྒ་ཤ་ཁྲག་བསྲེ། །ཤོག་ལིང་དུམ་བུ་ཟན་ལིང་ཤ་དུམ་གསུམ། །ཁྲག་ཆུ་བསྲེས་

p. 47

པ་ཅུང་ཟད་བྲན་ལ་ཕུལ། །དགང་གཟར་རམ་ནི་ཧོམ་གཟར་ནང་བཞག་ཕུལ། །ཡང་ན་ལག་པ་དག་པར་བཀྲུས་བྱས་ནས། །དགང་གཟར་མི་འགྲིགས་སློབ་དཔོན་ལག་པས་འཕངས། །རང་ཉིད་ཡི་དམ་ཕྱག་གིས་དགྲ་བགེགས་དངོས། །མེ་ལྷའི་ཞལ་དུ་རྐང་མཐིལ་སྐྱ་ལྷག་ལྷག །འཕངས་བར་བསྒོམ་པ་དྲག་ལས་ཆེན་པོར་བཤད། །རྩ་སྔགས་ཤམ་བུར་སྔགས་འདི་བཏགས་པས་འབུལ། །གནོད་བྱེད་ཆ་་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི། །དེ་ལྟར་མེ་ལྷར་ཡམ་ཤིང་མར་ཁུ་དང་། །བསྲེག་རྫས་གཙོ་བོ་ཉེར་གཅིག་ཙམ་རེ་འབུལ། །བསྲེག་རྫས་གཞན་རྣམས་གསུམ་རེ་ཙམ་གྱིས་ཆོག །དེ་ནས་མཆོད་པ་སྣ་བདུན་རེ་རེ་བཞིན། །ལག་ཏུ་བཟུང་ཞིང་སྔགས་ཀྱིས་ཐབ་ཏུ་མཆོད། །འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞེས་སོགས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། སོགས་ནས། བདག་གིས་གུས་པས་བཤམས་པ་འདི། །མེ་ལྷ་དྲང་སྲོང་ཚོགས་ལ་འབུལ། །བཞེས་ནས་ལས་འདི་འགྲུབ་པར་མཛོད། །ཨོཾ་ཨཀྵེ་དེ་ཝ་ས་པཱ་རི་ཝཱ་ར་ཨབྷཾ་སོགས་ནས། ཤཔྟའི་བར་དུ་འགྲེས། ཟན་ཀོང་ལྷ་བཤོས་སོགས་འབུལ་ཞིང་། ཤལྟའི་མཚམས་འཛིན་མེ་ཏོག་འབུལ། །སྐབས་སུ་རོལ་མོ་འུར་བརྡུང་བྱ། །མེད་ན་ཌ་དྲིལ་དྲག་ཏུ་འཁྲོལ། །སྐབས་འདིར་མདའ་དར་གཡུག་བྱ་ཞིང་། །འདོད་གསོལ་འོག་ནས་འབྱུང་ལྟར་རོ། །ཧཱུྃ། ཚངས་པ་འཇིག་རྟེན་མགོན་

p. 48

གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་བ་ལ་ཡང་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པའི། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཕྲིན་ལས་བསྒྲུབ་པའི་མངའ་བདག་ཆེ། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབ་ཀྱི་ཐེག་མཆོག་ར་སྐྱེས་ཆིབས། །བསྒང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩི་བཅུད་དང་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་བྲལ། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །འདོད་པའི་ཕྲིན་ལས་སྒྲུབ་པ་དང་། །དངོས་གྲུབ་མ་ལུས་སྩོལ་བར་མཛོད། །དྲང་སྲོང་ཆེན་པོ་མེ་ལྷ་ཡི། །སྔོན་གྱི་དམ་བཅའ་མནའ་བོར་བ། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །མེ་ལྷ་ཁྱེད་ཉིད་མེ་དཔུང་དང་། །གཉིས་སུ་མེད་པར་བཞུགས་མཛོད་ལ། །བསྲེག་རྫས་མཆོད་པ་འདི་རྣམས་ཀུན། །མ་མགོན་ལྕམ་དྲལ་འཁོར་བཅས་ཀྱི། །ཞལ་དུ་བསྟབས་པའི་ལས་མཛོད་ཅིག །ཞི་བའི་སྦྱིན་སྲེག་ཡིན་ན་ནི། །མེ་

p. 49

ལྷའི་ཐུགས་ཀར་འོད་ཀྱི་གུར་ཆེན་ནང་། །ཁཾ་ལས་བྲག་སྟེང་སོགས། རྒྱས་པའི་སྦྱིན་སྲེག་ཡིན་ན་ནི། །མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ། ཁཾ་ལས་བྲག་སྟེང་སོགས། །དེ་ལྟར་ཞི་རྒྱས་གཉིས་ཀ་ཁྱད་མེད་པར། །མེ་ལྷའི་ཐུགས་ལས་སྤྲུལ་པའི་མེ་ཡི་ལྷ། །ཡིད་ལས་སྐྱེས་པ་རང་འདྲ་ཅིག་བྱོན་ནས། །ལྷ་རྣམས་མཆོད་པའི་ཕྱག་ཚང་མཛད་པར་གྱུར། །དབང་དྲག་གཉིས་ལ་མར་ཁུའི་སྔགས་ཉིད་ཀྱིས། །མར་ཁུ་དགོང་བླུགས་གསུམ་ནི་ཐབ་ཏུ་འབུལ། །མེ་ལྷ་འཁོར་བཅས་འོད་དུ་ཞུ་གྱུར་པས། །འབར་བའི་རྣམ་པར་གྱུར་ནས་མེ་དཔུང་དབུས། ཁཾ་ལས་བྲག་སྟེང་ཞེས་པ་ནས་བཟུང་སྟེ། །སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་ཕྱག་འཚལ་ནས། །མཚལ་མ་གཞུང་ལྟར་འདོན་པར་བྱས་པའི་རྗེས། །མཆོད་པ་བྱིན་རླབས་བྱས་རུང་མ་བྱས་ཆོག །སྐབས་གསུམ་མ་ཡི་མཇུག་ཏུ་སྔགས་ཀྱིས་ཕྱེ། །མཎྜལ་སྟེང་གི་ནས་འབྲུ་མཆོད་པའམ། །མེད་ན་འབྲུ་འམ་མེ་ཏོག་ཆུང་ཞིག་མཆོད། ཁྲག་གི་རྒྱ་མཚོ་ཞེས་པའི་ཚིག་མཇུག་ཏུ། །ཤི་མན་སོགས་སྔགས་ནི་གྱེར་བའི་ཚེ། །མཆོད་པ་སྣ་བདུན་ལག་གིས་བླང་ཞིང་འབུལ། །དྲག་པོ་ཡིན་ན་ཁྲག་གི་ཡོན་ཆབ་ཐོགས། །ཞི་དྲག་ལས་དང་མཐུན་པའི་མཆོད་པ་སྟེ། །ཁྲག་ནི་མེ་རུ་མི་བླུག་ཐབ་མདུན་འབུལ། །སྦྱིན་སྲེག་སྐབས་འདིར་ཚོགས་ནི་མི་དགོས་སོ། །གཏོར་མ་བྱིན་རླབས་འདི་རུ་མི་བྱ་ཞིང་། །ཧཱུྃ།

p. 50

ལྷ་ཆེན་དཔལ་འབར་ཞེས་པ་ནས་བཟུང་སྟེ། །བཞེས་སུ་གསོལ་ཞེས་བྱ་བའི་ཚིག་མཚམས་དེར། བསྲེག་རྫས་ཐམས་ཅད་འབུལ་བར་བྱ་བ་སྟེ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ དེ་ནས་གོང་ལྟར་རྫས་སྔགས་འདོད་གསོལ་བྱ། །གཙོ་བོ་ཡབ་ཡུམ་ལ་ནི་བརྒྱ་འབུལ་ཏེ། རྩ་སྔགས་དེ་ལ། ས་པཱ་རི་ཝཱ་ར་སྦྱར་བས་འཁོར་དང་བཅས་པ་ལ་བརྒྱད་རེ་སྟེ། ཡམ་ཤིང་མར་ཁུ་བསྲེག་རྫས་གཙོ་བོ་རྣམས་སོ། །གཞན་རྣམས་གཙོ་བོ་ཡབ་ཡུམ་བདུན་ཉེར་གཅིག །འཁོར་རྣམས་གསུམ་རེ་ཙམ་གྱིས་ཆོག་པ་ཡིན། །དེ་ལྟར་བསྲེག་རྫས་རེ་རེའི་མཚམས་མཚམས་སུ། །མེ་དར་དེ་ཉིད་གཡུག་ཅིང་དབྱངས་དང་བཅས། །ལས་བཞི་སོ་སོའི་འདོད་གསོལ་འདི་ཉིད་གྱེར། །ཞི་བ་ལ། ནད་གདོན་སྡིག་སྒྲིབ་བག་ཆགས་ངན། །སྡང་དགྲ་གནོད་བྱེད་གདུག་པའི་དབལ། །རྣོ་བའི་མཚོན་དང་སྦྱོར་བའི་དུག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང་། །བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །རྨིས་ལྟས་མཚན་ངན་ཐམས་ཅད་ཀུན། །མྱུར་བ་ཉིད་དུ་ཞི་གྱུར་ཅིག །ཨོ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། ཚེ་དང་བསོད་ནམས་སྙན་གྲགས་སྟོབས། །འཁོར་དང་བུ་སློབ་ཕྲིན་ལས་བཅས། །མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན། །མྱུར་བ་ཉིད་དུ་རྒྱས་གྱུར་ཅིག །བྷྱོ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། རྒྱལ་

p. 51

བའི་ཐུགས་རྗེ་བྱིན་རླབས་དང་། །འགྲོ་བའི་སྟོབས་དང་དཔལ་འབྱོར་བཅས། །སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས། །ཁམས་གསུམ་དབང་དུ་འདུས་གྱུར་ཅིག །ཧིཔ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ། བདག་ཅག་རྣམས་ལ་གནོད་པའི་བགེགས། །དམ་སྲི་འབྱུང་པོ་མ་རུངས་པ། །བསྟན་དགྲ་སྒོས་དགྲ་ལ་སོགས་པ། །ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག །ཧཱུཾ་མཱ་ར་ཡ་ཕཊ། དྲག་པོའི་སྐབས་སུ་ཕཊ་སྒྲ་དྲག་པོར་བཅས། །མདའ་དར་ནག་པོ་ས་ལ་གདབ་པར་བྱ། །དེ་ནས་རིན་ཆེན་ཨིནྡྲ་ནཱི་ལའི་མདོག །ཛ་གད་ཁཱ་ཧིའི་སྔགས་དེ་དགང་བླུགས་ཀྱིས། །བདུད་རྩི་བདུན་ནམ་ཉེར་གཅིག་ཐབ་ཏུ་འབུལ། །དེ་བཞིན་རཀྟ་ཁྲག་གི་རྒྱ་མཚོར་འཇུག །རལྟ་སི་པ་ཏོ་ཡི་སྔགས་དེ་ཡིན། །རཀྟ་བདུན་ནམ་ཉེར་གཅིག་འབུལ་བ་ནི། །ཐབ་ཏུ་མི་བླུགས་ཐབ་ཀྱི་འགྲམ་དུ་བླུགས། །དེ་ནས་དམར་གཏོར་ཆེ་བ་མར་ཁུས་བྲན། །ཡཾ་ལས་རླུང་སོགས་གཏོར་མ་བྱིན་རླབས་བྱ། །གཞོང་པ་རྣམ་དག་ཟླ་གམ་སོགས་ཀྱི་མཇུག །གཏོར་སྔགས་མཐའ་དག་བཏོན་པར་བྱས་པའི་རྗེས། །མ་མགོན་ལྕམ་དྲལ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཚིག་མཇུག་དེར། ཡོན་བདག་ཐམས་ཅད་ཀྱིས། རྗེས་ཟློས་ལན་

p. 52

གསུམ་བྱེད་དུ་བཅུག །གཏོར་མའི་རྩེ་མོ་ཐབ་ཏུ་འབུལ་བར་བྱ། །དེ་ནས་གང་དྲིན་མ་དང་སྤྲིན་གཟུགས་མ། །དྲེགས་བྱེད་ཀུན་ལ་བདག་བསྟོད་དོ། །སླར་ཡང་དམར་གཏོར་བཤམས་ནས་བྲན་བྱས་ལ། །ཞི་རྒྱས་དབང་གསུམ་སྦྱིན་སྲེག་ཡིན་ན་ནི། །བྱང་ཕྱོགས་དུར་ཁྲོད་ཡེ་ཤེས་དབྱིངས་མ་འདོན། །དེ་ཉིད་མེ་ཡི་ནང་དུ་ཕུལ་བྱས་ཏེ། །དྲག་པོ་ཡིན་ན་འདས་དང་མ་བྱོན་འདོན། །དེ་ནས་གཏོར་མ་ལག་ཏུ་བཟུང་བྱས་ཏེ། །བཞེས་འབོད་གི་མ་ཧཱ་ཀཱ་ལ་ཞེས་པ་ནས། །དམ་ཉམས་ཡིད་ལ་མནག་པ་ཞེས་པའི་རྗེས། །བདག་དང་རྒྱུ་སྦྱོར་ཡོན་བདག་བསྲུང་བྱ་ལ། །གནོད་ཅིང་འཚེ་བའི་ནད་གདོན་བྱེད་ཁ་བགེགས། །ཁྲ་འདྲེ་ཤི་གཤེད་གོད་འདྲེ་ཆུང་སྲི་སོགས། །གང་དགོས་མིང་རྣམས་དེ་རུ་བརྗོད་བྱས་ལ། །བཞེས་བཅག་གཏོར་མ་མེར་འཕང་དར་ནག་གཡབ། །དེ་མིན་དམོད་པ་མང་མ་བརྗོད་མི་དགོས། །མ་མགོན་སྦྱིན་སྲེག་དངོས་གཞི་དེས་རྫོགས་ཏེ། །ཞོར་ལ་འཁོར་ལྔ་གཞན་རྣམས་མཆོད་འདོད་ན། །ཞི་བར་སྔགས་བདག་རྒྱས་པར་རྣམ་སྲས་དང་། །དབང་ལ་དམ་ཅན་དྲག་པོར་བདུད་སྲིན་སྦྱར། །ཡང་ན་ལས་བཞིའི་སྦྱིན་སྲེག་བཞི་ཀ་ལ། །ལྔ་ཀ་སྦྱར་ཡང་མི་འགལ་རུང་བ་སྟེ། །སྔགས་བདག་མཆོད་རྟེན་སྔོན་པོའི་རྒྱུད་ཆེན་ལས། །ལས་བཞིའི་སྦྱིན་སྲེག་ལ་བརྟེན་ཆར་འབེབས་དང་། །དྲག་པོའི་སྦྱིན་སྲེག་དགྲ་བསྒྲལ་སེར་འབེབས་དང་། །རྣམ་སྲས་ནོར་བུ་འབྱུང་བའི་རྒྱུད་ཆེན་ལས། །རྣམ་སྲས་བདག་པོ་ཀླུ་

p. 53

བརྒྱད་བསྐོར་བ་ཡི། །སྦྱིན་སྲེག་ལ་བརྟེན་དགྲ་བོ་བསྒྲལ་ཐབས་གསུངས། །དེ་ཕྱིར་རུང་ངམ་མི་རུང་ཐེ་ཚོམ་སྤོངས། །མེ་ལྷ་མ་མགོན་ནས་བཟུང་གཙོ་བོ་ཀུན། །ཚིག་བསྒྱུར་མི་དགོས་གཞུང་ལྟར་མངོན་རྟོགས་བསྒོམ། །།བསྲེག་རྫས་འབུལ་བའི་དུས་ལ་བབ་ཙ་ན། །ཞི་བའི་དུས་སུ་ཐམས་ཅད་སྐུ་མདོག་དཀར། །རྒྱས་པ་སེར་པོ་དབང་ལ་དམར་པོ་དང་། །དྲག་པོ་ནག་པོར་བསྒོམ་པ་ཀུན་གྱི་སྲོལ། །ཡང་ན་སྐུ་མདོག་མི་བསྒྱུར་འོད་ཟེར་སྤྲོ། །འོད་ཟེར་དཀར་པོས་ནད་གདོན་སྡིག་སྒྲིབ་བསལ། །གསེར་མདོག་འོད་ཀྱི་ཚེ་དང་བསོད་ནམས་རྒྱས། །གློག་ཞགས་ལྟ་བུས་འདོད་རྒུ་དབང་དུ་བསྡུ། །འོད་ཟེར་མཐིང་ནག་ཚ་ཞིང་རྩུབ་པ་ཡིས། །དགྲ་བགེགས་བྱ་སྒྲོ་མེར་བསྲེགས་ལྟ་བུ་བསྒོམ། །འཁོར་ལྔ་སྦྱར་ན་མངོན་རྟོགས་མི་འདོན་པར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ལྷ་དེ་སྤྱན་འདྲེན་མ་མགོན་དཀྱིལ་འཁོར་ཕྱི། །རྡོ་ར་དུར་ཁྲོད་ནང་གི་ཁྱམས་དེ་རུ། །བཞུགས་པར་དམིགས་ལ་སྤྱན་འདྲེན་བཞུགས་གསོལ་དང་། །ཕྱག་འཚལ་མཆོད་པ་རང་རང་གཏོར་ཆོག་ལྟར། །ཨརྒྷཾ་་ལ་སོགས་སྔགས་དང་ཕྱག་རྒྱས་ཆོག །གཏོར་མ་བྱིན་རླབས་སོ་སོའི་གཏོར་མ་འབུལ། །རང་རང་གཞུང་ནས་འབྱུང་ལྟར་བསྟོད་པ་བྱ། །རྗེས་ཆོག་སོ་སོར་མི་དགོས་སྤྱི་དེས་ཆོག །དྲག་པོའི་སྦྱིན་སྲེག་ཡིན་ན་སྐབས་འདི་རུ། །སྦྲང་མ་སྐམ་པོ་ཅུང་ཟད་སླར་ངར་བརྔོས། །ཞིབ་པར་བཏགས་པའི་ཕྱེ་མ་མང་ཞིག་འཚག །གྲོ་ནས་ཤིན་ཏུ་ཁྱོག་པའི་ཕྱེ་ཞིབ་རུང་། །རང་གི་མདུན་ངོས་ཕྱོགས་

p. 54

ཀྱི་གཙང་ས་དེར། །ནད་པའམ་ནི་གདོན་ཆེན་མི་དེ་ཡིས། །སྤུ་མེད་གོས་གྱོན་ཐབ་ཀྱི་ཉེ་བར་བཞག །ཐབ་ལ་ཤིང་ཞིབ་བསྣན་ལ་མེ་ཆེན་སྦར། །མ་མགོན་སྐུ་ལས་མེ་ཆེན་མཆེད་པ་ཡིས། །དེ་ཡི་ནད་གདོན་གཞོབ་ཐུལ་བསྲེགས་པར་བསྒོམ། །རང་ཉིད་ལག་ཏུ་སྤང་ཕྱེ་སྤར་གང་བཟུང་། །ཤཱ་ས་ན་ནི་སྐད་ཆེར་བརྗོད་པ་དང་། །ཕཊཤར་དང་བཅས་མེ་ལྕེའི་རྐེད་པ་ནས། །སྦྱང་ཕྱེ་ཁོ་ལ་བརྒྱབས་པས་མེ་ཞགས་འགྲོ། །རྒྱོབ་ས་མང་པོ་ཡོད་ན་རིམ་བཞིན་བྱ། །ཁྱིམ་དང་རྟ་ནོར་སོགས་ཀྱི་བགེགས་བསྐྲད་ན། །མ་མགོན་སྐུ་ལས་སྤྲུལ་པའི་མ་མགོན་ཚོགས། །མེ་དཔུང་རྟ་ལ་ཆིབས་པ་གྲངས་མེད་འཕྲོས། །གདོན་ཀུན་ཚིག་ཅིང་རྒྱ་མཚོའི་མཐར་བྲོས་བསྒོམ། །སླ་ང་སྦུབས་ཅན་ཡུ་བ་རིང་པོ་ནང་། །སྦྱིན་སྲེག་མེ་བཅས་ཤིང་གི་མེ་སྤར་ཁྱེར། །རྣམ་རྟོག་གང་ཡོད་དེར་སོང་མེ་ཞགས་བརྒྱབ། །མེ་དེ་མི་གཏོར་སྦྱིན་སྲེག་ཐབ་ཏུ་བླུགས། །གདོན་ཆེན་ལ་སོགས་གལ་ཆེན་མེད་ན་ནི། །དྲག་པོའི་སྦྱིན་སྲེག་སྤྱི་ལ་འདི་མི་དགོས། །ཞི་རྒྱས་དབང་གསུམ་སྦྱིན་སྲེག་ཡིན་ན་ནི། །དེ་ནས་དངོས་གྲུབ་ལེན་ཆོག་གཞུང་ལྟར་འདོན། །གང་ཡིན་དེ་ཡི་དངོས་གྲུབ་ཐོབ་པར་བསྒོམ། །དྲག་པོར་དངོས་གྲུབ་ལེན་ཆོག་མི་བྱའོ། །དེ་ནས་རྒྱས་པར་མཆོད་པ་བྱིན་རླབས་དང་། །ཁྲག་གི་རྒྱ་མཚོ་སོགས་ཀྱིས་མཆོད་བྱས་ཏེ། །བསྡུ་ན་སྔགས་མཆོད་ཙམ་ཞིག་བྱས་པའི་རྗེས། །མ་མགོན་གཉིས་ཀྱི་རྩ་སྔགས་བཅུ་གསུམ་མར། །ས་པཱ་རི་ཝཱ་ར་ཞེས་སྦྱར་བའི་མཇུག །བསྲེག་རྫས་སོ་སོའི་སྔགས་ནི་སྦྱར་བཞིན་དུ། །

p. 55

གྲངས་ནི་མི་བཟུང་ཅུང་ཟད་མ་གཏོགས་འབུལ། །ཊཀྐི་བྱེ་བ་སོགས་ཀྱིས་བསྟོད་པ་དང་། །མ་འབྱོར་པ་དང་ཉམས་སོགས་བཤགས་པ་དང་། །རང་གི་སྙིང་ཁར་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ། །མར་ཁུ་ཅུང་ཟད་ཐབ་ཏུ་འབུལ་བྱས་ལ། །མེ་ལྷ་འབར་བའི་ཀློང་ནས་བཞེངས་པར་གྱུར། །ཨོཾ་ཨགེ་དེ་ཝ་ས་པཱ་རི་ཝཱ་ར། དེ་ལ་ཨནྡྷཾ་སོགས་བཏགས་མཆོད་ལྷག་འབུལ། །འབྲུ་སྔགས་སོ་སོར་བཏགས་ལ་ལྷག་མེད་འབུལ། །མེ་ལྷའི་གཏོར་མ་མར་ཁུས་བྲན་བྱས་ལ། །ཐབ་ཀྱི་གཡོན་ན་ཡོན་བདག་དེས་བཀྱག་ནས། །ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས་བྱས་ཏེ། །ཨངྒེ་དེ་ཝ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མེ་སྟེ་བསྲེགས་བྱ་ཟ་བའི་ལྷ། ནས། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འདོད་གསོལ་ཀུན་གྱིས་རྗེས་ཟློས་བཅུག །གཏོར་མའི་ཕུད་ནི་མེ་ནང་མཆོད། །དྲག་པོ་ཡིན་ན་ལྷག་མེད་འབུལ། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིའི་དབང་བསྐུར་བས། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཨོཾ། མ་འབྱོར་པ་དང་ཉམས་པ་སོགས་ནས། དེ་ཀུན་དྲང་

p. 56

སྲོང་བཟོད་པར་མཛོད། །འདི་རུ་ཡིག་བརྒྱ་ཚར་གཅིག་བཟླས། །བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་སྒྲུབ་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོ་ཨཧྥེ་དེ་ཝ་ས་པཱ་རི་ཝ་ར་བཛྲ་མུཿ ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། །དམ་ཚིག་མེ་ལྷ་འབར་བ་ཡི། །རྣམ་པར་མི་དམིགས་པར་གྱུར་ཏེ། །སྤྱན་དྲངས་ཕྱག་རྒྱ་ཕྱིར་བསྐྱེད་བྱ། །འདི་སྐབས་ཐོག་མར་མེ་ལ་ཕུ་སུས་བྱས་པས་སོ་ནད་ཕན་ཞེས་ཟེར། མཆོད་སྦྱིན་གནས་འདིར་གང་ལྷགས་ནས། །བྷ་ཏ་གཙཱའི་བར་དུ་བརྗོད། །ཞི་རྒྱས་དབང་གསུམ་བློ།བཀྲ་ཤིས་བརྗོད། །དྲག་པོ་ལ་ནི་མི་བརྗོད་དོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་སོགས་བྱ། །དེ་ནས་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད། །དེ་བར་དགང་གཟར་ཁ་ནི་སྦྱར་བཞག་ཅིང་། །རྡོར་དྲིལ་མི་འབྲལ་ངག་བཅད་དམ་པར་བྱ། །ཞི་བའི་སྦྱིན་སྲེག་ཡིན་ན་བསྲུང་སྐུད་མདུད། །སྔགས་ནི་མ་མགོན་རྩ་སྔགས་མཇུག་ཏུ་ནི། །འཆང་བ་པོ་ལ་རཀྵ་བཏགས་པས་སྔགས། །ལྷ་ནི་མ་གཤེགས་གོང་དུ་སྦྱིན་སྲེག་སྟེ། །མེ་ཁར་ལན་གསུམ་གཡུགས་ནས་ཚགས་བྱས་ཏེ། །གཏོར་མ་བཀྱགས་ནས་འདོད་གསོལ་བྱེད་པའི་སྐབས། །རང་རང་བསྲུང་བྱ་རྣམས་ལ་བཏགས་པ་ན། །སྦྱིན་སྲེག་ལ་བརྟེན་བསྲུང་བའི་ལས་ཚོགས་ཟབ། །ཞི་བས་སྒྲིབ་སྦྱང་ཐལ་བ་ཆུ་རུ་དོར། །ཆུ་

p. 57

འཐུང་སེམས་ཅན་སྡིག་སྒྲིབ་དག་པར་བཤད། །རིམ་གྲོལ་ཞི་བའི་ཐལ་བ་ཞིང་བཙའ་སེར། །ར་ལུག་གོད་ཁ་མང་བའི་སླས་དང་ནི། །ནད་པའི་མལ་སའི་འོག་ཏུ་སྦ་བར་བཤད། །རྒྱས་པའི་ཐལ་བ་མཛོད་ཕུག་ནོར་སླས་བཏབ། །དབང་གི་ཐལ་བ་ཆ་གཅིག་ཁྱིམ་དེར་བཞག །ཆ་གཅིག་ཀུན་གྱིས་འཐུང་བའི་ཆུ་ལ་བླུགས། །དྲག་པོའི་སྦྱིན་སྲེག་རིམ་གྲོ་ཡིན་ན་ནི། །མ་ཎིའི་འོག་གམ་རྒྱ་གྲམ་ལམ་དུ་བླུགས། །འབྱུང་པོ་ཕྲན་བུ་ཐལ་བས་འཆིང་གསུངས་པས། །ཞོ་ཆང་ལད་པའི་འོག་ཏུ་བླུགས་ན་ཐུབ། །མངོན་རྟོགས་ཆེན་པོ་ལ་སོགས་རྒྱས་པ་ནི། །འདི་ལ་བསྲེས་ན་མི་རུང་མེད་ན་ཡང་། །ཤིང་གིས་མི་འཁྱོལ་རྫོགས་དུས་མེད་པ་འབྱུང་། །མཚལ་མ་བསྲེས་འདི་ཁོ་བོས་ཡང་ཡང་བླུགས། །མང་ཉུང་རན་ཅིང་བདེ་བ་མྱོང་བས་གྲུབ། །ཐབ་ནི་སོར་བརྒྱད་ནས་བཟུང་ཁྲུ་སྟོང་བར། །རུང་བ་སྡོམ་པ་འབྱུང་བའི་རྒྱུད་ནས་གསུངས། །དེ་ཕྱིར་ལས་ནི་བཞི་ཀ་ཁྲུ་རེ་སྟེ། །སྟབས་བདེ་སློབ་དཔོན་ཕྱག་ལེན་ལ་ཡང་ཡོད་། །ཐབ་དབུས་དཀྱིལ་འཁོར་བྲི་དང་ལྷ་ཚོམ་སོགས། །མི་དགོས་པར་ནི་མཁས་པ་མང་པོས་གསུངས། །ཐབ་ནི་མི་བརྩེགས་མི་བྲི་སྟེགས་བུས་སྟེང་། །ཐབ་དབྱིབས་ཤིང་བརྩེགས་ཆོག་པའི་ལུགས་ཀྱང་ཡོད། །དེ་ཕྱིར་ཐབ་དང་ཐབ་ཐིག་ལ་སོགས་པ། །ཧ་ཐང་དཀའ་གནད་མི་དགོས་ཅི་བྱུང་ཆོག །དོ་གལ་ཆེ་བ་རྫས་དང་ཏིང་འཛིན་ཡིན། །དང་པོ་ལྷ་ཡི་སྔགས་ནི་གཅིག་བརྗོད་རྗེས། །བསྲེག་རྫས་སྔགས་ནི་ཁོ་ན་བརྒྱ་བརྗོད་ན། །མཇུག་ཏུ་འདོད་གསོལ་ཤམ་

p. 58

བུ་གཅིག་བརྗོད་པས། །གྲངས་ཀུན་ཞེས་བྱ་རྣམ་པར་མ་དག་སྟེ། །དེ་ཡང་རོ་སྲེག་མཁན་པོ་ཕལ་གྱིས་བྱེད། །ལྷ་སྔགས་འབྲུ་སྔགས་ཤམ་བུ་གསུམ་སྦྲེལ་ན། །གཅིག་ཏུ་བརྩི་བ་གྲངས་ནི་རྣམ་པར་དག །རྡོ་རྗེ་གུར་ལས་སྦྱིན་སྲེག་མ་བྱས་སྐྱོན། །གང་གིས་སྦྱིན་སྲེག་མ་བྱས་ན། །འཇིག་རྟེན་འདི་འམ་གཞན་དག་ཏུ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུངས་པཎ་ཆེན་ཨ་བྷ་ཡས། །སྦྱིན་སྲེག་དང་བྲལ་ལས་རྣམས་ལ། །ཡང་དག་དངོས་གྲུབ་མི་འབྱུང་སྟེ། །ཞེས་གསུངས་སྦྱིན་སྲེག་ཕན་ཡོན་ནི། །ཡང་དག་སྦྱོང་བའི་རྒྱུད་ཆེན་ལས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །སྦྱིན་སྲེག་གིས་ཞི་དོན་ཀུན་འགྲུབ། །ཅེས་གསུངས་བརྟགས་པ་བཅུ་པ་ལས། །མེ་ནི་ལྷ་ཡི་ཞལ་དུ་བརྗོད། །སྦྱིན་སྲེག་ལྷ་རྣམ་ཚིམ་བྱེད་དེ། །ཚིམས་པ་ལས་ནི་དངོས་གྲུབ་སྩོལ། །སྔགས་ནི་ལྷག་གང་མ་ཚང་གང་། །ཐམས་ཅད་སྦྱིན་སྲེག་དག་གིས་བསྐང་། །དེ་ལ་སྐུ་གསུམ་མཆོག་སྐྱེས་པས། །སྦྱིན་སྲེག་གིས་ནི་བསྔགས་པ་བརྗོད། །རྩ་རྒྱུད་པདྨའི་དྲྭ་བ་ལས། །སྦྱིན་སྲེག་གིས་ནི་ལྷ་མཉེས་ཤིང་། །སྔགས་སྒྲུབ་སྔགས་ཀྱི་ལས་རྣམས་འགྲུབ། །དྲང་སྲོང་ཚོགས་རྣམས་ཐམས་ཅད་དང་། །དྲི་ཟའི་ཚོགས་རྣམས་ཐམས་ཅད་དང་། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་པ། །སྦྱིན་སྲེག་གིས་ནི་རབ་དགའ་བས། །རྣལ་འབྱོར་གྲོགས་མཛད་བསྲུང་བ་དང་། །སྐྱོབ་ཕྱིར་ཚེ་རིང་དཔལ་འཕེལ་ཞིང་། །ནད་མེད་

p. 59

ལོངས་སྤྱོད་འགྲུབ་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་འགྱུར། །ཅེས་གསུངས་བཟང་པོ་ཡོངས་བཟུང་ལས། །མ་དྲན་པ་དང་མ་ནུས་པ། །ཆོ་ག་མ་ཚང་གྱུར་པ་རྣམས། །སྦྱིན་སྲེག་གིས་ནི་རྫོགས་པར་བྱེད། །ཅེས་གསུངས་ཆོས་སྐྱོང་གཏེར་རྒྱུད་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་དག་གནོད་པ་ཞི་བ་དང་། །སྡིག་དང་སྒྲིབ་པ་དག་འདོད་ན། །ཞི་བའི་སྦྱིན་སྲེག་བྱ་བའོ། །ཚེ་དང་བསོད་ནམས་རྒྱས་པ་དང་། དཔལ་འབྱོར་ཐམས་ཅད་རྒྱས་འདོད་པས། །རྒྱས་པའི་སྦྱིན་སྲེག་རྒྱས་པར་བྱ། །འཇིག་རྟེན་འདས་དང་འཇིག་རྟེན་པ། །རྒྱལ་པོ་བུ་ལ་སོགས་པ་དང་། །དབང་དུ་འདུ་བར་འདོད་པ་ཡིས། །དབང་གི་སྦྱིན་སྲེག་རྫོགས་པར་བྱ། །དགྲ་བགེགས་གདུག་པ་མ་ལུས་པ། །དྲག་པོའི་ལས་ཀྱིས་བསྒྲལ་བའི་ཕྱིར། །དྲག་པོའི་སྦྱིན་སྲེག་རྫོགས་པར་བྱ། །ཞེས་གསུངས་བསྲེག་རྫས་སོ་སོའི་དོན། །བདེ་མཆོག་སྡོམ་པ་འབྱུང་བ་ལས། །དེ་ནས་གཞན་ཡང་སྦྱིན་སྲེག་གི །ཡན་ལག་ཀུན་འབྱུང་འབྲས་རབ་བཤད། །ས་དང་ས་གཞི་ཞིང་རྒྱས་པའི། །ཐབ་ཀྱིས་ཡན་ལག་ཡོན་བདག་རྒྱས། །མར་གྱིས་འབྱོར་པ་ཐམས་ཅད་བྱེད། །ཡམ་ཤིང་གཟི་བརྗིད་རྣམ་པར་འཕེལ་བའོ། །བུད་ཤིང་ལྷག་པར་དཔའ་བར་བྱེད། །ཀུ་ཤས་ཐམས་ཅད་སྲུང་བར་བྱེད། །ཡུངས་ཀར་པོས་ནི་ཞི་བ་བྱེད། །འབྲས་ཀྱིས་རྒྱས་པར་བྱེད་པར་བཤད། །ཏིལ་གྱིས་སྡིག་པ་འཇོམས་པར་རེག་པར་བྱེད། །སོ་བས་ནོར་དང་འབྲུ་རྣམས་འགུགས། །མ་ཤས་སྟོབས་ནི་

p. 60

ཆེན་པོ་བྱེད། །ནས་ཀྱིས་རླུང་གི་ཤུགས་རབ་སྟེར། །དུར་བས་ཚེ་ནི་འཕེལ་བར་བྱེད། །གྲོ་ཡིས་ནད་ནི་འཇོམས་པར་བྱེད། །འོ་མས་སྦྲང་རྩི་ཤེས་རབ་འཕེལ། །ལག་ལེན་གྱིས་ནི་བདེ་ཀུན་སྟེར། །རང་འདོད་ལྷས་ནི་གྲོལ་བ་རྩོལ། །ལྷག་མ་ལས་ཀྱི་རྗེས་མཐུན་པར། །ཞི་སོགས་ལས་བྱ་ཤེས་པར་བྱ། །ཞེས་གསུངས་རྒྱ་གཞུང་འགའ་ཞིག་ལས། །ཤིང་ཏོག་ཕུན་ཚོགས་བུ་རྒྱུད་འཕེལ། །མེ་ཏོག་ཁ་དོག་གཟི་བརྗིད་འཕེལ། །དྲི་དང་སོ་རྩིས་བཀྲ་ཤིས་བྱེད། །ཅེས་གསུངས་དོན་ལ་ཡིད་ཆེས་བྱ། །ཨེ་མ། ལས་བཞིའི་ཆོ་ག་རྒྱས་པར་མཁྱེན་འདོད་ན། །མི་བསྐྱོད་ཞབས་དང་དབང་ཕྱུག་རྡོ་རྗེ་ཡི། །མཛད་པའི་རྒྱས་པ་རྣམས་ལྟར་ཉམས་སུ་ལོངས། །གསར་རྙིང་སྤྱི་ཡི་ལས་བཞིའི་སྦྱིན་སྲེག་ནི། །དཔེའུ་རིས་བཅས་བདག་གིས་ལོགས་སུ་བཀོད། །འདི་ནི་གསར་བུའི་ལག་ཏུ་བླངས་བདེར་བྱས། །བྲམ་ཟེ་མཆོད་སྦྱིན་རིག་པ་འདི་ཉིད་ལས། །ཁོ་བོ་མི་འཚེར་གོམས་འདྲིས་ཆེ་དྲག་པས། །འདི་ལ་འགའ་འཁྲུལ་ཉེས་པ་མེད་སྙམ་ཡང་། །མཆི་ས་ན་བླ་མ་ལྷ་དང་ཌཀྐིར་བཤགས། །དགེ་བས་འབྲེལ་ཐོགས་ཀུན་གྱི་འགལ་རྐྱེན་སྲེག །མཐུན་རྐྱེན་བཀྲ་ཤིས་དཔལ་དུ་འབར་གྱུར་ནས། །སྒྲུབ་བརྒྱུད་བསྟན་པ་མེ་ལྟར་འབར་བར་ཤོག །ཅེས་པ་བདུད་མོ་ཀརྨ་དར་རྒྱས་པས། །བསྐུལ་ཕྱིར་སྔགས་རྒན་རཱ་ག་ཨ་སྱ་ཡིས། །ལྕགས་ཕག་རྒྱལ་ཟླའི་ཉི་ཤུ་བདུན་བརྒྱད་ཉིན། །ངག་ནས་སྨྲས་བཞིན་འབྲི་བའི་ཡི་གེ་པ། །དགེ་སློང་ཀ་ལའི་མིང་ཅན་དེ་ཡིས་བྲིས། །མངྒ་ལཾ། །

མགོན་པོའི་སྦྱིན་སྲེག་གི་འདོན་ཟིན།

p. 61

མགོན་པོའི་སྦྱིན་སྲེག་ནི། ས་སྟེགས་གྲུ་གསུམ་ཟུར་རྩེ་ལྷོར་བསྟན་ནས་རོ་སོལ་ནག་པོ་བྱུགས། དྲག་པོའི་ཤིང་སོགས་ཀྱི་མེ་ཁང་དེ་གོང་ལྟར་བརྩེགས་ནས་མེ་སྦར། བདུད་རྩི་འཐོར་ནས། བསང་སྦྱངས་མངོན་རྟོགས་སྤྱན་འདྲེན་སོགས་མཚལ་མ་གཞུང་ལྟར་རོ། །ཁྲག་གི་རྒྱ་མཚོ་སོགས། སྨན་རཀ་གཏོར་གསུམ་སྔགས་རིང་བཅས། སྔར་གྱི་ཤོག་ལིང་དུམ་བུ་དང་། གསར་དུ་ལིང་་་་བསྲེག་རྫས་ལིངྒ་འདི་ལ་ཁུག་ཅིག་བརྗོད། ཆུང་བརྒྱ་དང་ཉེར་ལྔ་བཟོ་ནས་བཀུག་གཞུག་ཚར་གསུམ་དང་ལྷ་དབྱེའི་་་་ཁཾ་ཁཾ་བུ་བུ་སྔགས་སོ།། སྔགས་བརྗོད། །བསད་སྔགས། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཞེས་པ་ནས་ༀ་ཨཱཧུཾ་ཞེས་པའི་བར་བརྗོད། ཤ་ས་ན་བརྗོད་ནས་ཤོག་ལིང་དུམ་བུ་རེ་རེ་དང་། ལིང་ཆུང་རེ་སྦྲགས་ནས་སྔགས་ཚར་རེའི་མཇུག་ཏུ་ཐབ་ནང་དུ་འབུལ། ཚར་ཉེར་ལྔ་ཚར་ནས་དམར་གཏོར་རེ་དགང་བླུགས་སུ་བཟུང་ནས། ཤར་ཕྱོགས་བསྲེགས་ཁང་ཚར་གཅིག་བརྗོད། ལྷོ་ཕྱོགས། ནུབ་ཕྱོགས་༔ བྱང་ཕྱོགས། དབུས་ཕྱོགས་བཅས་ཚར་ཉེར་ལྔ་རེ་གོང་ལྟར་རམ། དེ་ནས་མཆོད་བསྟོད་བསྡུས་པ་མཇུག་ཏུ་ཐབ་ནང་དུ་འབུལ། གཤེགས་གསོལ་མི་བྱ། རྗེས་ཆོག་

p. 62

སོགས་གཞུང་ལྟར་རོ། །དེ་རྗེས་བཀུག་གཞུག་ཚར་གསུམ་ལིང་རོ་འདི་ལ་ཁུག་ཅིག་བརྗོད། དེ་ནས་ཕྲིན་ལས་བཅོལ་་་་བསྟན་ལ་སྡང་བ་ཞེ་ལ་བརྣག་པའི་དགྲ་ཞེས་སོགས། བ་བརྗོད་ནས་མཇུག་ཏུ་བསྟན་ལ་གནོད་པའི་དགྲ་བོ་འདི་རྣམས་སེམས་མར་མེ་ཆུ་རེག་བཞིན་དུ་ཐོངས་ཤིག་གཅོད་ནས་ཁྲག་ཆུས་མེ་བསད་ནས་རོལ་མོ་འུར་བརྡུང་། །ཧ

རྒྱུད་གུར་གྱི་སྒྲུབ་ཐབས་བསྡུས་པ།

p. 63

རྒྱུད་གུར་གྱི་སྒྲུབ་ཐབས་བསྡུས་པ་བཞུགས་སོ། །

p. 64

ན་མོ་གུ་རུ་ཧེ་བཛྲ་ཡེ། བླ་མ་དང་དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱིན་གྱིས་རླབས་པའི་བཀའ་གནང་དུ་གསོལ། འདིར་རྒྱུད་རྣམས་ནས་གསུངས་པའི་གུར་མགོན་གྱི་སྒྲུབ་ཐབས་ལ་གསུམ་སྟེ། བསྙེན་པ་སྒྲུབ་པ་ལས་སྦྱོར་རོ། །དང་པོ་ནི་དུར་ཁྲོད་ལ་སོགས་དབེན་པའི་གནས་སུ་ཡི་དམ་གྱི་མངོན་རྟོགས་བསྒོམ་ཞིང་ཐུན་བསྡུས་ནས། བླ་མ་དང་དཔལ་ཀྱེའི་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ནག་པོ་ཆེན་པོ་བསྒྲུབ་པར་བྱའོ། །ཨོཾ་མ་ཧཱ་

p. 65

ཀཱ་ལ་ཡ། བཛྲ་ཀ་ཝ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྲུང་བ་བྱས་ནས། རང་ཉིད་སྐད་ཅིག་གིས་དཔལ་ནག་པོ་ཆེན་པོར་གསལ་བའི་ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ནག་པོ། དེ་ལས་འོད་ཟེར་འཕྲོས་པས་སྲིད་པ་གསུམ་གྱིས་གདུག་པ་བསལ་ནས། འོད་ཟེར་དེས་བླ་མ་དང་སངས་རྒྱས་བྱང་སེམས་ཐམས་ཅད་ནག་པོ་ཆེན་པོའི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ རང་གི་ཐུགས་ཀ་ནས་མཆོད་པའི་སྤྲིན་དཔག་ཏུ་མེད་པས་མངོན་པར་མཆོད། ཨོཾ་མ་ཧཱ་ཀཱ་ལ་ཨརྒྷཾ་་སོགས༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། སེམས་

p. 66

ཅན་ཐམས་ཅད་བདེ་བ་དང་ཚད་མེད་པ་བཞི་བསྒོམ། བཛྲ་མུཿ ཚོགས་ཞིང་གཤེགས་པའམ་མི་དམིགས་པར་བྱས་ལ། སྭ་བྷ་ཝས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་སྟོང་པ་ཉིད་དུ་གྱུར། ཨོཾ་མ་ཧཱ་ཤུ་རྒྱ་སོགས། གཉིས་སྣང་གི་ཆོས་ཐམས་ཅད་གཉིས་མེད་ཡེ་ཤེས་ཆེན་པོའོ། །སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ཞུ་བས་གྲི་གུག་གི་ཡུ་བར་ཉི་མའི་སྟེང་དུ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་དང་གྲི་གུག་གི་ཚོགས་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གྲི་གུག་སོ་ཕྱིར་བསྟན་པའི་གུར་བླ་བྲེ་དྲྭ་བ་ར་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གྱུར། དེའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་མཐིང་ནག་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། ཁ་གདེངས་ཆེ་བ་གྱེན་དུ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྣ་ཚོགས་པདྨ་ཉི་མ་རོའི་སྙིང་ཁར་ཉི་ཟླའི་གའུ་ཨཱ་ལི་ཀཱ་ལིའི་མཚན་པའི་དབུས་སུ་ཧཱུྃ་ནག་པོ་འོད་དུ་ཞུ་བ་ལས་གྲི་གུག་གི་ཡུ་བ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་

p. 67

སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱི་གཡས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང་གཡོན་ཐོད་པ་ཐུགས་ཀར་འཛིན་པ། སྐུ་ཐུང་ཞིང་སྦོམ་པ་ཡན་ལག་རགས་པ། གསུས་འཁྱིམ་ཆེ་བ། མི་མགོའི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། ཞལ་ནས་ཁྲག་འཛག་པ། གཡོན་བརྐྱང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལས་བྱུང་བའི་གྲི་གུག་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ནག་པོ་ཆེན་པོའི་རྣམ་པར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོ༔ ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པར་གྱུར། སླར་ཡང་ཐུགས་ཀ་ནས་འོད་འཕྲོས་དབང་ལྷ་སྤྱན་དྲངས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པས་སྤྱི་བོར་རིགས་ཀྱི་བདག་པོ་བླ་མ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀར་གྲི་གུག་གིས་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་པའི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པ་

p. 68

དཔག་ཏུ་མེད་པ་ཕུལ་བས་ཐུགས་མཉེས་ནས། ཐམས་ཅད་ཀྱང་ནག་པོ་ཆེན་པོའི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་རང་ལ་ཐིམ། འོད་ཟེར་གྲི་གུག་གིས་ཚོགས་འཕྲོས་པས་བདུད་དང་ལོག་འདྲེན་གནོད་བྱེད་ཐམས་ཅད་ཚར་བཅད་ནས་མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་བསྡུས་ནས་རང་ཉིད་ལ་ཐིམ་པས་མཐུ་སྟོབས་རྒྱས། འོད་ཟེར་གྱིས་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ནས་ཐམས་ཅད་དཔལ་ནག་པོ་ཆེན་པོའི་སྐུ་ཤ་སྟག་ཏུ་གྱུར་ཏེ། རིམ་བུའི་ཚུལ་སྔགས་དི་རི་རི་སྔགས་བཟླ་རོག་བྱེད་པར་བསམས་ལ་བཟླས། ཐུན་མཚམས་སུ་ཤ་ཁྲག་ཆན་དང་ལ་ཕུད་ཉ་ཤ་འབྲུ་སྣ་ཚོགས་དུག་གིས་ལ་དུ་སོགས་དང་བཅས་པའི་གཏོར་མ་ཆང་གིས་བྲན་ལ། རླུང་མེ་ཐོད་སྐྱེད་གྱི་སྟེང་དུ་ཐོད་པར་ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པའི་སྟེང་དུ་གྲི་གུག་ཧཱུྃ་གིས་མཚན་པ་ལས། འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་མེ་སྦར། རྫས་ཞུ་བ་གྲི་གུག་གིས་དཀྲུགས་པས་དམ་ཚིག་བདུད་རྩི་དང་། ཧཱུྃ་གིས་འོད་ཟེར་སྟེང་དུ་འཕྲོས་པས་ཡེ་ཤེས་ཀྱི་བདུད་རྩིར་བཀུག་སྟེ་གཉིས་མེད་དུ་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཡ། ཛྷཱ་ན་ཨ་མྲྀ་ཏ་ཨོཾ་ཨཱཧུཾ་ཞེས་བྱིན་རླབས། རང་གི་ཐུགས་ཀའི་འོད་ཟེར་གྱིས་མགྲོན་

p. 69

རིགས་བཞི་པོ་ཐམས་ཅད་དཔལ་ནག་པོ་ཆེན་པོའི་རྣམ་པར་སྤྱན་དྲངས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཡ་བཛྲ་ས་མཱ་ཛ་ལྷ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་བདུད་རྩི་དྲངས་ཤིང་གསོལ་བར་གྱུར། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་དང་། ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན། །ཨོཾ་མ་ཧཱ་ཀཱ་ལ་ཨདྷཾ་སོགས་དང་། ཧཱུྃ། སྲིན་པོའི་གཟུགས་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཕྲིན་ལས་བཅོལ། བཛྲ་མུཿ ཞེས་མགྲོན་རྣམས་གཤེགས་རང་ཉིད་སྲུང་འཁོར་ནས་རིམ་པར་མེ་ལོང་ལ་ཧས་བཏབ་པ་ལྟར་མཐའ་ནས་དབུས་སུ་འདུས། ཐིག་ལེ་ནཱ་ད་ལས་འདས་ནས། དོན་དམ་པའི་སྟོང་པ་ཉིད་ལ་མཉམ་པར་བཞག །དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་བ་བྱས་ནས། རང་ཉིད་ནག་པོ་ཕྱག་གཉིས་རྒྱུན་སྤྱང་བའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །དེ་ལྟ་བུར་ཐུན་དུ་བཅད་ནས་ཉམས་སུ་བླངས་ཏེ། ཞག་ཉེར་གཅིག་གམ། སྔགས་བཞི་འབུམ་མམ་རྨིས་ལྟས་སུ་ཞལ་མཐོང་བའམ། མགོན་པོའི་སྐུ་གཟུགས་མཇལ་བ་དང་། མི་ནག་བྱ་ནག་ཁྱི་ནག་གཡག་ནག་

p. 70

དང་། ཕྲེང་བ་དང་རྒྱུད་ཀྱི་པུ་ཏི་རྙེད་པ། ཀཱ་པ་ལ་དང་གྲི་གུག་རྡོར་དྲིལ་རྙེད་པ། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་མ་བྱུང་བར་དུ་བསྙེན་ལ། ཁ་བཀང་སྦྱིན་སྲེག་ཡང་གྲུབ་ན་བྱ་སྟེ་༔ དེ་ནས་ལས་སྦྱོར་བྱ་རུང་ངོ། །དེ་ནས་བསྙེན་པའི་རིམ་པ་ཡང་ཡིན་ལ། ཡི་དམ་ལྟར་བསྒྲུབ་པ་ཡིན་ནོ། ཨྠྀི། དེ་ནི་སྒྲུབ་པ་ནི་མཎྜལ་མེ་རི་རྡོ་རྗེ་གྲི་གུག་གིས་རྭ་བའི་དབུས་སུ། གྲུ་གསུམ་མཐིང་ནག་སྣ་ཚོགས་པད་ཉིའི་ལྟེ་བར་གྲི་གུག་ཧཱུྃ་མཚན་བྲི། བསྡུ་ན་དུར་ཁྲོད་ཀྱི་ས་གསུམ་བྱ། དེའི་སྟེང་དུ་རོ་བསྲེགས་པའི་འགལ་དུམ་མམ་གཡུལ་དུ་ཤི་བའི་རུས་པས་སྲོག་ཤིང་བྱས་མཆོད་པའི་ས་བསྲེས་ལ་འདག་སྐུ་ཁྲུ་གང་ངམ་མཐོ་གང་པའམ། རོ་རས་ལ་བྲིས་པའི་སྐུ་རབ་གནས་ཅན་བཤམས། མཐར་སྨན་རཀ་མཆོད་པ་རྣམ་ལྔ་དུག་གི་མེ་ཏོག་དང་དུར་ཁྲོད་དུ་སྦྱར་བའི་སྤོས་ཚིལ་ཆེན་གྱི་མར་མེ། ཤ་ཆེན་གྱི་ལྷ་བཤོས། ཁྲག་གིས་ཨརྒྷཾ་བཤམས། རྟེན་གཏོར་རྒྱུན་གཏོར། རྐང་གླིང་ཐོད་རྔ་དྲིལ་བུ་རྣམས་ཡང་འཛོམས་པར་བྱས་ལ། བསང་སྦྱངས་ནས་རང་ཡི་དམ་མམ་མགོན་པོར་གསལ་བའི་མདུན་དུ་མེ་རི་དང་གྲི་གུག་གིས་རྭ་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ། རྡོ་རྗེའི་བྲག་སྟེང་གྲུ་གསུམ་

p. 71

མཐིང་ནག་འབར་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུཾ་ལ་སོགས་གཙོ་བོ་སྔར་ལྟར་བསྐྱེད་པའི་གཡས་སུ་བྱ་ནག །གཡོན་ནས་ཁྱི་ནག་རྒྱབ་ནས་ལྕགས་སྤྱང་མདུན་ནས་མི་ནག །སྟེང་ནས་ནམ་མཁའ་ལྡིང་གི་ཕོ་ཉ་བྱེད་པ་དེའི་གནས་གསུམ་ཡི་གེ་གསུམ་བསྐྱེད་ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་བསམས་ལ། ཧཱུྃ། མགོན་པོ་ཀུན་གཤེགས་སོགས་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། ཨེ་ཧེ་ཧི་ཛཿཧཱུྃ་བཾ་ཧོ༔ ཧཱུཾ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །སོགས། པདྨ་ཀ་མ་ལཱ་ཡེ་ཧཱུཾ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བྱས་ལ། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་སོགས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང་དཔལ་ཀྱེའི་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་བདག་གི་བསམ་དོན་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་བཅོལ་ལོ། དུས་རྒྱུན་དུ་ནི་དམིགས་བྱ་དེ་ཉིད་གང་དུ་གནས་པའི་སྤྱི་གཙུག་ཏུ་ནག་པོ་ཆེན་པོ་བཞུགས་ནས་ཕྱག་གཡས་གྲི་གུག་ལས་གྲི་གུག་གི་ཆར་བབས་པས་ཁོའི་ལུས་གཏུབ། གྲི་གུག་ལས་ལ་དབང་པོའི་སྒོ་ནས་ཞུགས་ཏེ་རྩ་གནས་

p. 72

རྣམས་དྲག་ཏུ་འཁོར་བས་དབང་པོ་དོན་སྙིང་གཏུབ་པའི་ཁྲག་གི་རྒྱུན། རང་དབང་མེད་པར་ནག་པོ་ཆེན་པོའི་ཐོད་པར་སོང་བ་ཞལ་དུ་གསོལ་བར་དམིགས་སོ། གཏོར་སྒྲུབ་རྟགས་ཐོན་པ་ཟོར་དུ་འཕང་ལིང་ག་སྦྱིན་སྲེག་བྱ་ཐལ་བ་གཉན་སར་རླུང་ལ་ཕྱར་བ་དང་། དྲག་པོའི་སར་ལིང་ག་དང་བཅས་པ་མནན་ནོ། །ལས་སྦྱོར། ཨྠྀི། ཡང་དགྲའམ་བགེགས་སྟོབས་ཆེན་ཚར་གཅོད་པ་ནི་དུར་ཁྲོད་ཀྱི་གནས་སམ་དབེན་པར་རང་ཉིད་ནག་པོ་ཆེན་པོར་བསྒོམས་ལ། ལྷོ་ནུབ་ཏུ་ཁ་བལྟས་ཏེ། དུར་ཁྲོད་ཀྱི་རས་སམ་དུག་ཤོག་ལ་དུར་ཁྲོད་ཀྱི་སོལ་བ་བྱ་རོག་གིས་ཁྲག་ཚ་བ་གསུམ་བསྲེས་པའི་སྣག་ཚས་བྱ་རོག་འུག་པའི་སྒྲོས་འཁོར་ལོ་གཉིས་བྲི་སྟེ། འོག་འཁོར་གཡས་སྐོར་ཡིག་མགོ་ཕྱིར་བསྟན། སྟེང་འཁོར་གཡོན་སྐོར་ཡིག་མགོ་ནང་བསྟན་བྱ༔ དབུས་སུ་ཧཱུཾ་གཉིས་ཀྱི་བར་དུ་རྨི་འམ་ཏྲི་ལིང་གིས་བསྐོར་བ། དེ་རྒྱབ་རྩིབས་བརྒྱད་ལ་སྙིང་པོ། དེ་རྒྱབ་རྩིབས་བརྒྱད་ལ་རྩ་སྔགས། དེ་རྒྱབ་མུ་ཁྱུད་ལ་ལས་སྔགས། བར་དུ་བསྒྲུབ་བྱའི་མིང་གཞུག །དེ་རྒྱབ་ཏུ་ནག་པོ་ཆེན་པོ་ཕྱག་གཉིས་ཀྱི་ཐོད་པ་འཛིན་པའི་ཞལ་དུ་བསྒྲུབ་བྱའི་མིང་ཡིག་བྲིའོ། །དེ་ནས་ཁུག་མ་བཅང་ན་ཤོག་ལིང་བྱ། མནན་པ་བྱེད་ན་

p. 73

ཚ་བ་གསུམ་དང་རྐང་རྗེས་གཡོན་པའི་ས་དང་བག་ཟན་རྣམས་བསྲེས་ལ། ལིང་ག་སོར་གསུམ་པའི་སྙིང་གར། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་པ་ར་བྷེ་ཤ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་གྲོ་ག་ལ་བྲིས་པ་དང་མིང་རུས་བཅུག །དེ་ནས་ལིང་ག་དེ་ཐོད་པའམ་ལྕགས་སྣོད་དུ་བཞག་ལ། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་ཐུགས་ཀའི་འོད་ཟེར་གྱིས་དམིགས་བྱ་བཀུག་ནས་བསྟིམ་ཞིང་། བདེན་སྟོབས་བཀུག་གཞུག་དང་། ཨོཾ་མ་ཧཱ་ཀ་ལ། ཨ་མུ་ཀ་ཨ་ཀར་ཤ་ན་ཛྫ་ཛྫ༔ ཧཱུྃ་ཧཱུྃ་ཕཊ༔ ཅེས་མང་དུ་བཟླས། དེ་ནག་པོ་ཆེན་པོའི་གྲི་གུག་དམིགས་བྱ་ལྷ་དང་སོ་སོར་ཕྱེ་བར་དམིགས་ལ། ཨོཾ་མ་ཧཱ་ཀཱ་ལ་སརྦ་དུཉྩན་ཙ། ད་ཧ་ད་ཧ་ཧཱུཾ། ཨ་མུ་ཀ་བི་དེ་ཤ་ཡ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་བརྗོད་མཆོད་རྟེན་དང་སྐུ་གཟུགས་བྱིན་རླབས་ཅན་དང་གདུང་རིང་བསྲེལ་ཐོག་ནས་ལིང་ག་ལ་བསྐོར་བ་བྱ་ཞིང་། དགྲ་བོ་སྲུང་བྱེད་ཀྱི་ལྷ་ཁྱེད་རྣམས་དཀོན་མཆོག་གསུམ་གྱི་ཕྱག་དང་བསྐོར་བ་ཐེག་གམ་བརྗོད་པས། ལྷ་རྣམས་དཔག་ཚད་དུ་བྲོས་པར་བསམ། དེ་ནས་མཎྜལ་དབུས་སུ་འཁོར་ལོ་གཉིས་བཤམས། དེའི་ཕྱོགས་མཚམས་བརྒྱད་དུ་རང་སོའི་ཕུར་པ་སོར་བཞི་ༀ་མ་ཧཱ་ཀཱ་ལ་ཡ།

p. 74

བཛྲ་ཀཱི་ལ་ཡ། ཨ་མུ་ཀ་ཧ་ན་ཧ་ན་ཧཱུཾ་ཧཱུཾ་ཕཊ། བྲིས་པ་བརྒྱད་བཤམས། མཆོད་གཏོར་བཤམས་ནས་ཙཀྲ་གཉིས་ནག་པོ་ཆེན་པོ་གཉིས་སུ་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་ཡུངས་ཀར་དང་ཕུར་བུ་ནག་པོ་སྐུ་སྨད་ཕུར་པ་ཅན་དུ་བྱིན་བརླབས་ནས། ལིང་གའི་ཐིག་ལེའི་གནས་སུམ་ཅུ་རྩ་གཉིས་སུ་ཕུར་བུ་དང་ཡུངས་ཀར་བཏབ་ཅིང་བསད་སྔགས་འདིར་བརྗོད་དོ། །ༀ་མ་ཧཱ་ཀཱ་ལ་ཡ། འཛ་ཡེ་འཛ་ལེན་ཏ་ཧ་ཨཥཱ་ག་ཏྲ། འདྷ་ཧན་ཏ་ཧོ། ཕོ་རོན་མ་ཧཱ་ཀཱ་ལ་ཡ་ཡ། ག་ར་མི་ག་ར། སུ་ཏ་ན་པ། ཨ་མུ་ཀ་ས་ཧ་ར་ན་ས་ཧ་རི་སཾ། ག་ར་བ་ཕཊ། ཧཱུཾ་ཕུ་རཱ། ཨ་ན་ལ་ཨ་ན་ལ། འབ་ཡི་རི་ཡཱ། འབ་ཡི་རི་ཡཱ། འབྲ་སྨྲ་མ་རཾ་འབི་བྷུ་ནི་ཝ་རཾ། ཨ་མུ་ཀ་ནི་ཡང་འཛའུ་མ་ཧཱ་པི་རཾ། འདྷ་ལའུ་འདྷུ་ལའུ་འདྷུ་ལ། ཨ་མུ་ཀ་ཚ་ཏ་ཀ་ནི་ཡ་ར་ཡ། ཧཱུཾ་ཧཱུཾ་ཕཊ། ཅེས་བཟླས། དེ་ནས་མདུན་གྱི་ནག་པོ་ཆེན་པོ་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། བསྒྲུབ་བྱ་བཀུག་ནས་འོད་ཀྱི་ཞགས་པས་ཡན་ལག་བཅིངས་ཏེ། གཅེར་བུ་མགོ་མཇུག་བཟློག་སྟེ་མ་ཧཱ་ཀཱ་ལ་གཉིས་ཁ་སྦྱོར་གྱིས་བར་དུ་བཅུག་པར་བསྒོམས་ལ། ལིང་ག་འཁོར་ལོའི་

p. 75

བར་དུ་བལྟམས་ནས་གྲིར་ཤི་བའི་སྒྲས་རྒྱ་གྲམ་དུ་བཅིང་ཞིང་། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ །བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཅེས་བཟླས་འཁོར་ལོ་དེ་ཐོད་པའམ་ལྕགས་སྣོད་ནང་དུ་བཞག་ནས་རྟེན་གྱི་མདུན་དུའམ་གཏོར་མའི་དྲུང་དུ་བཞག་པའམ། བྱད་ཆོས་བྱེད་ན་ཁུག་མ་ནག་པོ་ཟུར་གསུམ་དུ་བཅུག་ལ་རང་གི་ལུས་ལ་འཆང་ཞིང་། མ་ཧཱ་ཀཱ་ལ་ཁ་སྦྱོར་གྱི་བར་དུ་བསྒྲུབ་བྱ་འགུགས་དབང་མེད་པའི་སྙིང་གི་དཀྱིལ་དུ་གྲི་གུག་གི་འཁོར་ལོ་འཁོར་བས་སྲོག་རྩ་བཅད་ཅིང་། ནང་ཁྲོལ་ཐམས་ཅད་གཉོག་ནས་ཁྲག་གི་རྐྱལ་པ་ལྟར་གྱུར་པ་ལས། བཤང་གཅིའི་ལམ་གཉིས་ནས་སྙིང་ཁྲག་ཐམས་ཅད་ནག་པོ་ཆེན་པོ་གཉིས་ཀྱིས་དྲངས་ནས་འཐུང་བར་བསམ་ཞིང་། རྒྱུན་དུ་དམིགས་པ་དེ་དང་བཀུག་གཞུག་དང་སྔགས་བཟླས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། རག་ཏུ་ལྷུག་ལྷུག་ཤམ་རིག་ཏུ། མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་མཱ་ར་ཡ། ཨ་པ་ར་བྷི་ཤ་ཧཱུཾ། ཞེས་དང་སྔགས་ཐུང་མཱ་རི་ཡའི་མཐའ་དང་ཤཱ་ས་ན་བཟླས་སོ། །ལིང་ག་ལ་བྲིས་པ་དེ་བཟླས་ཀྱང་རུང་བའོ། །དེ་ལྟར་ཞག་བདུན་བསྒྲུབས་ན་ངེས་པར་དགྲ་བོ་སྒྲོལ་བར་བཤད་ལ། རྒྱུན་བསྙེན་བྱེད་ན་ཕྱི་རྟགས་མ་བྱུང་བར་དུ་ཁུག་མ་བཅང་ཞིང་སྔགས་དང་

p. 76

དམིགས་པ་བྱ། བསྐུལ་ཡང་བྱའོ། །ཡང་མནན་པ་བྱ་བ་ནི། བག་ཟན་ལིང་ག་འཁོར་ལོའི་བར་དུ་བཅུག་ལ་དྲིལ། རོ་སྐས་བཅིངས་ལ་དོམ་མམ་ཁྱི་ནག་ཐོད་པར་བཅུག་སྐུད་པ་དམར་ནག་གིས་བཅིངས། ཐོད་པ་ཁོག་ནག་པོའམ་སྨེ་བ་ཡོད་པའམ་ཐོད་ངན་གཉིས་ལ། དུར་ཁྲོད་ཀྱི་སོལ་བ་ཁྱི་ནག་སྙིང་ཁྲག་དུར་ཁྲོད་ཀྱི་སྣག་ཚ་བསྲེས་ལ་འཁོར་ལོ་སྐུ་སྤང་བ་གཉིས་བྲིས། དེ་གཉིས་ཁ་སྦྱར་ནང་དུ་ཁྱི་ཐོད་དོམ་ཐོད་བཅུག །ཕྱི་རོལ་དུ་ཚ་བ་གསུམ་བྱུག །གྲི་སྒྲས་རྒྱ་གྲམ་དུ་བཅིང་ཞིང་གོང་གི་བཅིངས་སྔགས་བཟླས་སོ། །དེ་ནས་དེ་མཆོད་རྟེན་ནག་པོའི་ནང་དུ་བཙུག་ནས་དུར་ཁྲོད་ཀྱི་མེ་ཐབ་ཏུ་མནན་ན་ཚ་བའི་ནད་ཀྱིས་འཆིའོ། །ཆུ་དོང་རྙིང་མའི་ནང་དུ་མནན་ན་རྒྱུན་འགགས་ནས་འཆི། དུར་ཁྲོད་ཁང་སྟོང་དུ་སྦས་ན་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་འཁོར་བསྐོར་ནས། ཁྲག་སྐྱུགས་ཏེ་འཆི། མཆོད་རྟེན་ནམ་ལྷ་ཁང་གི་ཐེམ་འོག་ཏུ་མནན་ན་ཁ་ལྷུག་མིག་ལོང་གཞོགས་ཕྱེད་སྐམ་ནས་འཆིའོ། །ཡང་འཁོར་ལོ་གཉིས་ཀྱི་དབུས་སུ་བུག་པ་ཅུང་ཟད་བྱས་ནས་རླུང་ལ་བསྐོར་ན་ཡང་ལེགས་པར་མངོན་ཏེ། དེའི་མན་ངག་ཤེས་པར་བྱའོ། །འཁོར་ལོ་ལ་བརྟེན་པ་འདི་ལས་སྦྱོར་ཨྠྀི།

p. 77

དྲག་པོའི་སྦྱིན་སྲེག་ནི་སྤྱི་ལྟར་ལས་སྙིང་པོ་ལ། དགྲ་བགེགས་མཱ་ར་ཡ་བཏགས་ཨྠྀི། གསང་བའི་སྦྱིན་སྲེག་གི་མན་ངག་རྫ་ས་ལ་ཐབ་མཐོ་གང་བྱ་སྟེ། ཏིལ་མར་བྱུག་ལ་བསྲེགས། ཚེར་མ་ཅན་ནམ་གསལ་ཤིང་གི་ཡམ་ཤིང་སོར་བཅུ་གཉིས་སམ་དྲུག་པ་བརྒྱ་རྩ་དང་། ཐོད་པ་དུམ་བུ་དྲུག་པར་དྲུག་གི་ནང་དུ་གཏོར་མ་བཤམས། དམིགས་བྱའི་ལིང་ག་བཀུག་གཞུག་ལྷ་དབྱེ་བྱས་ལ་ཚེར་མའི་མེ་ལ་དྲོས་པར་བསྲོ་ཞིང་ཐུགས་ཀའི་འོད་ཟེར་གྱིས་བཀུག་ལ་བསྟིམ། གྲི་གུག་རབ་བྱ་གཅན་གྱི་མགོ་ནས་རྐང་པའི་བར་དུ་ཏིལ་ཙམ་དུ་གཏུབ་ཅིང་སྔགས་འདི་དྲག་ཏུ་བརྗོད། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ཏ་པ་ཏ་པ་ཧཱུཾ། དེ་ནས་རཾ་ལས་མེ་ཐབ་དབུས་སུ་ནག་པོ་ཆེན་པོ་ཞལ་གནམ་ས་ཙམ་གོདངས་བ་ནས། མེ་ལྕེ་སྣ་ཚོགས་པ་རེག་བྱ་རབ་ཏུ་ཚ་བ་དབྱིབས་གྲུ་གསུམ་དུ་འབར་བར་བསམ། བདག་གི་ཧཱུྃ་ལས་མགོན་པོའི་ཚོགས་གྲངས་མེད་པ་འཕྲོས་ནས་དམིགས་བྱ་རང་དབང་མེད་པར་བཀུག་ནས། རྐང་པ་གཉིས་ནས་བཟུང་སྟེ་དུག་གཏོར་ནང་སྤྲུགས་པས་ཉ་རོ་ཚོས་པ་ལྟར་ཤ་ཁྲག་ཉིལ་ལེ་སོང་། མགོན་པོའི་ཞལ་དུ་ཡང་དེ་ལྟར་སྤྲུགས་པར་བསམ། རང་ཉིད་རོའི་གདན་ལ་ནག་པོ་

p. 78

ཆེན་པོ་དངོས་སུ་བསམ། མིག་ཟུར་གསུམ་དུ་བལྟ་ཞིང་སོ་བསྒྲིག་ཅིང་། རང་གི་ཐུགས་ཀའི་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུ་དང་མགོན་པོའི་ཚོགས་ཀྱིས་བསྒྲུབ་བྱ་བཀུག་པར་དམིགས་ལ། མེ་ཐབ་ཀྱི་ནག་པོ་ཆེན་པོའི་ཞལ་དུ་དགྲ་བོ་དེ་དངོས་སུ་འཕང་བས། གཞོབ་བུན་བུན་སོང་བར་བསམ་ཞིང་། ༀ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། དགྲ་བགེགས་མཱ་ར་ཡ་ཕཊ་སྭཱ་ཧཱ། ཞེས་ལིང་ཆུང་དང་། ལིང་དུམ་བརྒྱ་རྩ་བརྒྱད་འབུལ་བདུན་བྱས་ན་དེ་མ་ཐག་ཏུ་སྒྲོལ་བར་ཐེ་ཚོམ་མེད་གསུངས་སོ། །སྤྱི་འདིའི་སྙིང་པོ་ནི་ཡི་གེ་བཅུ་གཉིས་པ་དང་། རྩ་སྔགས་ནི་ཤཱ་ས་ན་ཡིན་ནོ། སྤྱི༔ ཡང་ཕ་རོལ་པོ་འཇིག་རྟེན་པའི་ལྷ་དག་གིས་ནུས་པའི་སྟོབས་དང་ལྡན་ན། དེ་ལྷ་དང་ཕྲལ་ཏེ་སྟོབས་མེད་པར་བྱ་བ་ནི་བསྒྲུབ་བྱའི་རྐང་པ་གཡོན་པའི་ས་དང་། སྐེ་ཚེ་ཡུངས་ཀར་བཙན་དུག །ཡུགས་ས་མོའི་སྐྲ་ཤད་བག་ཟན་སྦྱར་ཏེ་ལིང་ག་སོར་བརྒྱད་བྱས་ལ་སྐེ་ལ་མིའི་སྟག་ཙ་དཀར་པོ་བཀོན། ཡང་རྡོ་དཀར་དང་མཆོད་པའི་ས་དང་སྤྲ་ཚིལ་ལ་ཁོའི་ལྷ་དེའི་གཟུགས་སོར་བརྒྱད་པའི་སྙིང་ཁར་ལྷ་དེ་རྣམས་ཀྱི་སྙིང་པོའམ་མིང་བཅུག །ལིང་ག་གཉིས་རྒྱབ་སྤྲད་བར་དུ་བར་སྣང་གི་ཤིང་ལོ་ལ། ༀ་མ་ཧཱ་ཀཱ་ལ། ཨཥྚ་དེ་བ་

p. 79

ཏ། བཱི་དེ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྲིས་ལ་གཞུག །དེ་ནི་མིའི་རྒྱུ་མས་དཀྲིས་ཏེ་རྐང་ལག་ལ་བཏགས་ནས། མཆོག་ཕུར་བཞི་ལ་བཏགས་ཏེ་བར་སྣང་ལ་བཞག་པར་བྱའོ། །བསྒྲུབ་བྱ་སྟེང་དང་ལྷ་འོག་ཏུ་ཡོད་པར་བྱས་ནས། དུག་དང་སྐེ་ཚེ་ལྡོང་རོས་གུ་གུལ་ནག་པོས་འོག་ནས་བདུག །སྐེ་ཚེ་ཡུངས་ཀར་བཙན་དུག་རྡོ་ནག་ཕྱེ་ཟངས་ལྕགས་རིན་པོ་ཆེའི་ཕྱེ་མས་སྙིང་ནས་བརྡོག་ཅིང་། བདག་ནག་པོ་ཆེན་པོའི་ང་རྒྱལ་གྱིས་སྔགས་དྲག་ཏུ་བཟླས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་དུན་ཙ་ད་ཧ་ད་ཧ་ཧཱུཾ། ཨ་མུ་ཀ་འབི་དེ་ཤ་ཡ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ལྟར་ཞག་གསུམ་བྱས་ལ། དེ་ནས་ནག་པོ་ཆེན་པོའི་གྲི་གུག་སོ་སོར་ཕྱེ་ལ། ལྷའི་ལིང་ག་མནན་པ་བྱ། དགྲའི་ལིང་ག་སྦྱིན་སྲེག་བྱའོ། །དེས་ནི་ངེས་པར་ལྷ་དང་དབྱེ་ཞིང་ཁོའི་སྟོབས་ཉམས་པར་འགྱུར་རོ། ཨྠྀི། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་གྱིས་རིམ་པ་འདི་ནི་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་དང་། སྒྲུབ་ཐབས་རྒྱ་མཚོའི་རྒྱ་གཞུང་སོགས་དང་། མན་ངག་གི་ཡི་གེ་མང་ཞིག་དང་། རྒྱུ་སྟོན་རིན་པོ་ཆེ་དང་སངས་རྒྱས་དབོན་གྱིས་མཛད་པ་སོགས་ཀྱིས་རྗེས་སུ་འབྲངས་ནས་ཀརྨ་༧ ཨ་རཱ་གས་མགོན་ཆེན་འདི་ལ་འབྲེལ་པ་བཞག་ཕྱིར་བྲིས་པའོ། །འདི་ལ་འགལ་འཁྲུལ་

p. 80

ཉེས་པ་གང་མཆིས་རྗེ་བཙུན་ནག་པོ་ཆེན་པོ་ཉིད་ལ་བཤགས་ཤིང་། དགེ་བས་བདག་དང་བདག་ལ་འབྲེལ་ཐོགས་ཐམས་ཅད། ཚེ་འདིར་བདུད་དགྲའི་བར་ཆད་ཞི་ནས། བར་དོར་བདེ་ཆེན་དག་པའི་ཞིང་དུ་མགོན་པོས་སྐྱེལ་མའི་ཕྱིར་ཡོངས་སུ་བསྔོའོ།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུར་ལྷ་བརྒྱད་ཀྱི་གཏོར་ཆོག

p. 81

གུར་ལྷ་བརྒྱད་ཀྱི་གཏོར་ཆོག་བཞུགས་སོ།

p. 82

ན་མོ་ཛྙཱ་ན་ནཱ་ཐ་ཡེ། སྤྱན་རས་གཟིགས་དབང་ལོངས་སྤྱོད་རྫོགས་པའི་སྐུ། །རྣམ་པར་སྣང་མཛད་ཆེན་པོར་ཕྱག་བྱས་ནས། །དེ་ཡི་ཐུགས་སྤྲུལ་ནག་པོའི་ཆོ་ག་བརྗོད། །བཀའ་ཡི་གནང་ཞིང་བྱིན་བརླབས་མཛད་དུ་གསོལ། །དེ་ལ་ཚེས་བརྒྱད་དང་དགུའམ་བཅོ་ལྔ་ཉེར་དགུ་ལྟ་བུ་ལ་རྟེན་གྱི་མདུན་དུ་བསེ་མིན་པའི་སྣོད་དུ་ཟླུམ་གཏོར་པདྨས་བསྐོར་ཞིང་མཐེབ་སྐྱུས་བསྐོར་བ་གཉིས་མགོན་པོ་ལྷ་མོ། པུ་ཊ་ལ་ཟུར་བརྒྱད་པ་ཤ་དང་ཟས་སྣས་བརྒྱན་སྣ་ཚོགས་བག་ཟན་དང་ལྷན་ཅིག་གབོས་པ་ཛམ་བུ་ཊ་ཀའི་མཆོད་པ། ལ་དུ་ལ་ཕུད་སྒོག་གཙང་ཆང་སྣ་ཚོགས་ཀྱིས་བྲན། མཆོད་པས་བསྐོར་རོ། །བདག་བསྐྱེད་སྔོན་དུ་སོང་ནས་བསང་སྦྱངས་བྱས་ལ། མདུན་གྱི་ནམ་

p. 83

མཁར་པོ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་གི་འོད་ཀྱིས་དགྲ་བགེགས་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཐུགས་ཀྱི་མགོན་པོ་རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་ཅིང་། དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ་ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་ཤམ་ཐབས་ཅན་མིའུ་ཐུང་གེལ་པའི་སྟེང་

p. 84

སྟབས་ཀྱིས་རོའི་གདན་ལ་བཞུགས་པ། གཡས་སུ་བྱ་ནག །གཡོན་དུ་ཁྱི་ནག །རྒྱབ་ན་ལྕེ་སྤྱང་། མདུན་ན་མི་ནག་སྟེང་ན་ནམ་མཁའ་ལྡིང་ནི་ཕོ་ཉ་འགྱེད་པའོ། །མི་བསྐྱོད་པའི་དབུ་བརྒྱན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། གཙོ་རྐྱང་ལ་འདི་ལན། དེའི་གཡོན་དུ་ཊ་ལས་ཨེ་ཀ་ཙ་ཏི་སྔོན་པོ་རལ་ག་གཡོན་དུ་འཁྱིལ་བ། སྟག་ཤམ་དང་དར་དཀར་གྱི་སྟོད་གཡོགས་ཅན། ཕྱག་གཉིས་བུམ་པ་བསྣམས་པའི་ལྟོ་བ་ཏྲག་ལས་ཁྲག་མཚོའི་དབུས་སུ་བྱོལས་འདོད་ཁམས་དབང་ཕྱུག་ནག་པོ་ཕྱག་བཞི་དང་པོས་རལ་གྲི་དང་མདུང་། འོག་མས་ཐོད་ཁྲག་ཁ་ཊཾ་བསྣམས་པ་བོང་བུ་ག་པ་ལ་ཞོན་པ། མ་མོའི་ཆས་ཐམས་ཅད་དང་ལྡན་པ། ལྕམ་དྲལ་སྦྲག་སྒྲུབ་འདི་ཡིན། ལྕམ་དྲལ་གྱི་ཐུགས་ལས་ཧཱུཾ་དང་བྷྱོའཕྲོས་པས་ནག་པོ་གནོད་སྦྱིན་མི་ལྤགས་གསོལ་ཞིང་གསེར་གྱི་གྲི་གུག་དང་ཉི་མས་མཚན་པའི་སྤར་བ་གདེངས་བ་གསེར་གྱི་རྣ་ཆ་ཅན། དེའི་གཡོན་དུ་ནག་མོ་གནོད་སྦྱིན་དར་ནག་གསོལ་ཞིང་གསེར་གྱི་སྤུ་གྲི་དང་ཟླ་བའི་སྤར་མོ་གདེངས་བ་བྱི་རུའི་ལན་ཚར་ཅན། དེ་གཉིས་ཐུགས་ལས་ཏྲི་ཧཱུྃ་བྷྱོ༔འཕྲོས་པས། པུ་ཏྲ་ནག་པོ་རལ་གྲི་དང་སྦྱད་པ་ཅན་དར་གྱི་

p. 85

ཨང་ཀ་རག་དང་དར་ནག་གི་གོས་ཅན། བྷ་ཏྲ་ནག་པོ་སྟག་སླག་ཅན་དོམ་ཤིང་དང་མི་སྙིང་བཟུང་བ། སྲིན་མོ་ནག་མོ་རལ་གཅིག་མ་ཟ་འོག་གྱོན་ཅིང་གསེར་གྱི་སྤུ་གྲི་དང་རྒྱུ་མ་འཛིན་པ། གསུམ་ཀའང་རུས་པའི་རྒྱན་དང་མི་མགོའི་དོ་ཤལ་ཅན། ལྔ་ཁ་པད་ཉི་རོའི་གདན་ལ་འགྱིང་བ། གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་ཀྱིས་བརྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་བརྒྱ། སླད་ཀྱིས་རྗེས་འབྲང་སྔགས་པ་ནག་པོ་བརྒྱ། མདུན་གྱི་ཤུལ་འདྲེན་པ་བུད་མེད་ནག་མོ་བརྒྱ། ཤ་ཟ་གནོད་སྦྱིན་མ་མོ་མཁའ་འགྲོ་འབུམ་སྟེ། བྱ་ནག་ཁྱི་ནག་ལྕེ་སྤྱང་མི་ནག་ལ་སོགས་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། མགོན་པོ་ཀུན་གཤེགས་སོགས་དང་། ལྷ་མོ་ཀུན་གཤེགས་ལྕམ་སྲིང་འདིར་གཤེགས༔ ཨོཾ་ཨེ་ཧྱ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཡེ་མ་ཧཱ་ཀཱ་ལི་དྷེ་ཝི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པར་གྱུར། པདྨ་ཀཱ་མ་ལ་ཡེ་སྟེ། ཨརྒྷཾ་སོགས། ཧཱུྃ་ལས་སྐྱེས་པ་སོགས། ཤོ་ལོ་ཀ་

p. 86

གཅིག །བྱང་ཆུབ་སེམས་ལྡན་ནག་པོ་ཆེ་སོགས། ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་མ་ཧཱ་ཀཱ་ལི་དེ་བཱི་ཡེ་ཧཱུཾ་བྷྱོས་པཱ་རི་ཝཱ་ར་ས་མ་ཡེ་སྤ་ར་ཡེ་མ་ཏི་ཀྲ་མ་ཡེ་ས་མ་ཡེ་རཀྟན། ཞེས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྤྱི་བོར་བཞག་གོ །སླར་ཡང་ཧཱུྃ་གི་འོད་ཟེར་སོགས། ཡར་ལུད་པས་མི་བསྐྱོད་པའི་དབུ་བརྒྱན་པར་གྱུར། བསྙེན་པ་ནི། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཡི་གེ་བདུན་པའོ། །ༀ་མ་ཧཱ་ཀཱ་ལི་དེ་ཝི་ཧཱུྃ་ཕཊ། ཅེས་དང་། ཨོཾ་རུ་རུ་རོ་རུ་བྷི་ཏིཥྛ་བ་ཏོ་སི་ཀ་མ་ལ་རཀྟ་སི་ཧཱུྃ་བྷྱོ་ཧཱུཾ། ཞེས་གསུམ་དང་། ཨོ་ཨེ་ཀ་ཛ་ཊི་མཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་ཨེ་ཀ་ཙ་ཏི་དང་། ༀ་རོ་རུ་རོ་རུ་ཙ་པ་ལ། ཨ་ཤུག་མེ་མ་ཧཱུྃ་མ་བྷྱོཛཛཿ སྲིང་མོ་དང་། ཨ་ལི་ཨ་ལི་མ་ཛཛཿ ཤཾ་ཤཾ་ལི་ཤིང་དེ། མོ་རྨུག་སྤུ་གྲི་ཨ་ལཾ་མ་ཛཛཿ ནག་མོ་ཤ་ལ་གཏུབ་ཛ་ཛཿ ཞེས་ཕོ་ཆ་གཅིག་མོ་ཆ་གཉིས་སུ་བཟླས་སོ། །བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། ཅེས་སོགས། ཨོཾ་ཨཱཿཧཱུྃ་ཧོ༔ ལན་གསུམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་ཧཱ་ཀཱ་ལི་དེ་ཝི་མེ་ས་པཱ་རི་ཝཱ་ར། ན་མཿསརྦ་སོགས། བྷ་ལྕེ་དེ་ཧཱུྃ། ཞེས་གསུམ་དང་། ཨོཾ་ཤྲཱི་མ་ཧཱ། ནས་ཤཱ་ས་ནས་ཧཱུྃ་ཕཊ་གསུམ་དང་། སྤྲོ་ན་ཨེ་ཀ་ཙ་ཏྲི་དང་པུ་ཏྲ་མིང་སྲིང་སོ་སོའི་སྔགས་ལ། ཨི་དཾ་བྷ་ལི་བྷ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྔ་སོགས་བདུན་

p. 87

སོགས་འབུལ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཁྲག་ཆེན༴ སོགས། ཤཔྟའི་བར། ཤེས་རབ་མ་ད་ནའི་ཆགས་སོགས་གསུམ། རླུང་ལྟར་མགྱོགས་པའི་རྟ་ནག་སོགས། ཧཱུྃ། བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །དཀོན་མཆོག་གསུམ་ལ་གནོད་བྱེད་ཚར་གཅོད་ཅིང་། །རྣམ་འཕྲུལ་གཎྜི་ཕྱག་གི་དབུས་ན་བསྣམས། །ནག་པོ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །རྒྱུ་མ་མི་མགོའི་ཕྲེང་བས་དོ་ཤལ་བྱས། །གཡས་པའི་ཕྱག་ན་ཟངས་གྲི་རྣོན་པོ་བསྣམས། །གཡོན་པའི་ཕྱག་ན་ཐོད་པ་ཁྲག་བཀང་འཛིན། །དྲག་པོ་ཆེན་པོ་ཙ་མུཎི་བཅས་པ། །སྔོན་ཚེ་བདེ་གཤེགས་སྤྱན་སྔར་བཀའ་བསྒོས་ཏེ། །བསྟན་པ་སྲུང་དང་འགྲོ་ལ་ཕན་གདགས་ཕྱིར། །དམ་ལས་མ་འདའ་དམ་ཚིག་རྗེས་དགོངས་ལ། །གསོལ་གདབ་ལས་མཛོད་བདག་དོན་འགྲུབ་པར་མཛོད། བྷྱོ༔ རྒྱ་མཚོ་ཀློང་ནས་མེ་འབར་མ། ཞེས་སོགས་དང་། ནག་པོ་གནོད་སྦྱིན་ཡབ་ཡུམ་དང་། །སྤུ་ཏྲ་བྷ་ཏྲ་ཁྲག་མིག་མ། །རུ་འདྲེན་སྡེ་བཞི་ལ་སོགས་པའི། །བསྟན་སྲུང་འཁོར་དང་བཅས་ལ་བསྟོད། །ཐུན་གཏོར་ལ་བཀུག་གཞུག་བྱས་ནས། །ཧཱུྃ་འདས་དང་མ་བྱོན་ད་

p. 88

ལྟར་གྱི། །སོགས་ཡབ་ཡུམ་བསྐུལ་ནས། ཧཱུཾ། བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །ཞེས་སོགས་ནས། ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་བསྒྱུར། །ཅེས་ཕྱི་རོལ་དུ་ཕུལ་ལོ། །རྡོ་རྗེ་གུར་ནས་གསུངས་པའི་མགོན་པོ་དང་གཞུང་ནས་བཤད་པའི་ལྷ་མོ་གཉིས་ཡབ་ཡུམ་དང་མིང་སྲིང་ནི་མིན་ཀྱང་། ཆོ་ག་སྐབས་མཛད་ཕྱིར་དང་། ལྷ་མོ་རྩུབ་ན་གཏོར་མ་ཕྱོགས་གཅིག་བྱ་བ་མན་ངག་ཡིན་པར་གསུངས་སོ། །ངེས་ན་ཕོ་རྐྱང་དང་མོ་རྐྱང་དང་ཡབ་ཡུམ་སྤྲུག་བསྒྲུབ་དང་གསུམ། བླ་མའི་ཕྱག་ལེན་ལྟར་ལྷ་བརྒྱད་ཕྱོགས་གཅིག་དང་ལུགས་བཞི་ཀ་འདིར་འཐུས་པས་གང་མོས་བྱའོ། །པུ་ཏྲ་མིང་སྲིང་ཡང་གདམཾས་ངག་ལོགས་སུ་བྱུང་བ་འདིར་མན་ངག་གི་སྦྲག་པ་ལྟ་བུ་ཡིན་པར་སྣང་ལ། དང་པོ་ནས་གཞུང་ལྟར་ལྷ་བརྒྱད་ཡོད་སྐད་མི་འདུག་པས་གོ་བར་བྱའོ། །དཔལ་ལྡན་གུར་གྱི་མགོན་པོ་ཡི། །གཏོར་ཆོག་མདོར་བསྡུས་བྱས་པ་ལ། །ཉེས་འགལ་གང་མཆིས་ལྷ་ལ་བཤགས། །དགེ་བས་རྣམ་པར་སྣང་མཛད་ཀྱི། །བསྟན་པ་ཐར་བའི་སྒོ་ཆེན་རྒྱས། །འགྲོ་ཀུན་བྱང་ཆུབ་མངོན་བྱེད་ཤོག །དེ་སྐད་རཱ་གའི་མིང་ཅན་གྱིས། །ཀར་འབྲུག་ས་ལུགས་གསུམ་ཁའི་བཅུད། །གཅིག་ཏུ་དྲིལ་ཏེ་ཁྱེར་བདེར་བཀོད། མང་ལཾ།། །།

གནམ་ཆོས་ཀྱི་ལྷན་ཐབས་ཡེ་ཤེས་ཀྱི་མགོན་པོ་བྱ་ཞོན་དཔོན་གཡོག་གསུམ་གྱི་བསྐང་གསོ་སྦྲག་མ།

p. 89

གནམ་ཆོས་ཀྱི་ལྷན་ཐབས་ཡེ་ཤེས་ཀྱི་མགོན་པོ་བྱ་ཞོན་དཔོན་གཡོག་གསུམ་གྱི་བསྐང་གསོ་སྦྲག་མ་བཞུགས་སོ༔

p. 90

གུ་རུ་མ་ཧཱ་ཀཱ་ལ་ཡེ་ན་མཿ ཨོ་རྒྱན་ཆེན་པོས༔ རྒྱུད་ལྟར་སྤྱི་ཡི་སྒྲུབ་པ་དང་༔ ལུང་ལྟར་རྗེ་དཔོན་གསུམ་སྒྲུབ་དང་༔ མན་ངག་ལྟར་གྱི་རྐྱང་སྒྲུབ་རྣམས༔ ཞེས་གཏེར་མགོན་འདི་ཉང་ལུགས་ལ་སྤྱི་སྒྲུབ་གཙོ་ཆེ༔ གནམ་ཆོས་འདི་རྐྱང་སྒྲུབ་གཙོ་ཆེ་ནའང་༔ འདིར་རྗེ་དཔོན་གསུམ་དུ་དྲིལ་ཏེ་སྒྲུབ་པ་ཡིན་ལགས་སོ༔ དེ་ལ་སྤྱིར་གཏེར་འོག་མ་ཐམས་ཅད་ལ་གོང་མ་ནས་ཁ་འགེབས་འོས་འགེབས་པ་ནི་གཏེར་སྟོན་ཐམས་ཅད་ཀྱིས་མཛད་པར་སྣང་ལ༔ ཁྱད་པར་ཉང་ཆོས་ཀྱི་བདག་པོར་ཡང་ལུང་གིས་ཟིན་ཕྱིར་ཉང་ལུགས་ནས་ཁ་བཀབ་སྟེ༔ བྱ་ཞོན་དཔོན་གཡོག་གསུམ་གྱི་གསོལ་ཁ་བསྐང་གསོ་སྦྲག་པ་ནི༔ རིན་པོ་ཆེའི་སྡེར་རམ་རྡོ་ལེབ་གཙང་མར་ཆང་དང་ཁྲག་གིས་སྦྲུས་པའི་ཟན་ལ་གཡག་ནག་པོ་བྱས་ཤིང་ཁལ་བཀལ། རྭ་ལ་མར་

p. 91

དང་དར་ཚོན་བརྒྱན༔ ཕྲག་པར་ལིངྒ་མགོ་ཐུར་དུ་བཙུགས་སོ༔ དེའི་གཡས་སུ་ཟུར་གསུམ་ནག་པོ་ལ་བྱ་ནག་འཛུགས༔ གཡོན་དུ་ཟུར་གསུམ་དམར་པོ་ཅུང་ཟད་གཙུས་པར་གཡག་ནག༔ མདུན་དུ་ལྷ་བཤོས་སྟོད་ཟུར་གསུམ་ལ་ལུག་ནག་དང་ཟན་ཀོང་དུ་ཆང་བླུགས༔ ཡང་ཀོང་བུ་ལ་ཁྲག་བླུགས་པ་སྟེ་ཟན་ཀོང་གཉིས་ནང་མར་གྱིས་བྱུག་གོ༔ རྒྱབ་ཏུ་ལྷ་བཤོས་འདྲ་བ་ལ་ཆངས་རྗེས་བཏོད་པའི་རྩེར་ཁྱི་ནག་པོ༔ དེའི་གཡས་སུ་བྱ་རོག་གདོང་ལ་ཟུར་ནག་པོ་གསུམ་བྱ་ནག་བརྒྱན་པ༔ གཡོན་དུ་རྩ་འཇིབས་ལ་དམར་གཏོར་ནལ་བུའི་རྒྱལ་མཚན་བཙུགས༔ དེ་དག་བསྐང་འབྲས་སམ་ཙཀླུ་འཛུགས་པའམ་བཟོ་བ་གང་ལྕོགས་སོ༔ ཕྱོགས་བཞིར་ཀོང་ཟོར་བཞི༔ ཟན་གྱི་ཀོང་བུ་ཟུར་གསུམ་ཁྲག་གིས་བཀང་བ་བཞི༔ དེ་རྒྱབ་མཐེབ་སྒྱུ་ཤ་དུམ་སྦྲགས་

p. 92

པས་བསྐོར་རོ༔ དེ་ལྟ་བུ་ཆེ་བ་ཞིག་བཅས་ནས་རྟེན་དུ་བཞག་པ་གསོ་ཞིང་གནམ་ཆོས་འདོན་པའམ༔ དུས་སུ་བྱེད་ན་གཟུགས་རྣམས་ཀྱི་ཙཀ་ལི་འཆང་ནས་འཕྲལ་དུ་བཅའོ༔ བསྡུ་ན་གཏོར་མ་གསོ་ལ་གཟུགས་ཙཀ་ལི་བཤམས་སམ་མདའ་དར་ལ་བཏགས་ནས་འདོན་རུང་ངོ༔ དེ་ནས་བདག་བསྐྱེད་བསྙེན་པ་དང་མདུན་གྱི་ལས་བྱང་བསྙེན་པ་སོང་བ་དང་༔ བྲན་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར་པའི་ངང་ལས༔ ཁྲི་ལས་གཡག་ནག་རུ་སྔོན་ཆེ་ཚོ་སྟོབས་དང་ལྡན་པ༔ རྨིག་བཞི་རིན་ཆེན་སྣ་བཞི་ལས་གྲུབ་པ༔ ཁ་རླངས་དྲི་བཟང་གི་ན་བུན་དང་འདོད་ཡོན་གྱི་སྤྲིན་ཕུང་འཁྲིགས་པ༔ མིག་གཉིས་ལས་ཉི་ཟླའི་འོད་ཟེར་འཕྲོ་ཞིང་སྤུ་ཞོལ་དང་རྔ་མ་ལས་བདུད་རྩིའི་ཆར་འབེབས་པ༔ ངག་ནས་སྙན་པའི་འབྲུག་སྒྲ་སྒྲོག་པ༔ གཞན་ཡང་ལུག་ནག་སྤྱི་དཀར༔ ཁྱི་ནག་སྙིང་དཀར༔ བྱ་ནག་གསེར་མིག་རྣམས་རེ་རེ་ལས་སྤྲུལ་པ་བྱེ་བ་ས་ཡ་འཕྲོ་བ༔ གཞན་ཡང་ཕྱི་ནང་གསང་བའི་མཆོད་སྒྲུབ་རྟེན་པའི་རྫས༔ སྨན་རཀ་གཏོར་ཚོགས་ཟད་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པ༔ གཞན་འཕྲུལ་དབང་བྱེད་ལྷའི་ལོངས་སྤྱོད་ལྟ་བུར་གྱུར་ཅིག༔ ཨོཾ་སརྦ་དྷརྨཱ་པུཙཱ་པཉྩ་རཏྣ་ཀཱ་ཡ༔ ཀོ་ཏི་བྷི་བྷ་ཝཱཀ༔ སྭ་བྷཱ་ཝ་ཤུདྡྷོཉཧཾ༔ དེ་རྣམས་

p. 93

ཀྱང་ཐུགས་དམ་བསྐང་ཞིང་དགྱེས་པ་བསྐྱེད་ཅིང་ཕ་རོལ་འཇོམས་ཤིང་བཟློག་ཏུ་མེད་པའི་སྟོབས་དང་ལྡན་པར་གྱུར་ཅིག༔ ཨོཾ་སརྦ་དྷརྨཱ་ཨ་བཱི་ག་ཏ༔ ཧི་ཀོ་ཧ་ཡ་ན༔ གྷ་མི་སྭ་བྷཱ་ཝ་ཤུདྡྷོཉཧཾ༔ དེ་དག་ནུས་པ་མི་འཁྱམས་པར་གང་བསམ་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག༔ ཨོཾ་སརྦ་དུཥྛན༔ གྲི་ཎྱ་གྲོ་དྷྱ༔ གརྫ་ཧཱུྃ་ཕཊ༔ ཧཱུྃ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བདག་ནི་བསྟན་པའི་མངའ་བདག་ཡིན༔ ཁྱོད་ནི་སྲུང་མ་ཐུགས་དམ་ཅན༔ ཁྱོད་ནི་ལྷ་ཆེན་དཔལ་འབར་ཏེ༔ ལྷ་མིན་གཡུལ་ངོ་བཟློག་པར་མཛད༔ ཁྱེད་ནི་ས་བཅུའི་མངའ་བདག་སྟེ༔ སངས་རྒྱས་བསྟན་པ་རྒྱས་པར་མཛད༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པ༔ ཁྱོད་ཀྱི་དམ་བཅའ་གཉན་པོ་དེ༔ དེ་རིང་རྣལ་འབྱོར་བདག་བསྒྲུབས་ན། བསྒྲུབ་ཕྱིར་བསྐུལ་ཕྱིར་གཤེགས་སུ་གསོལ༔ ནག་པོ་ཆེན་པོ་གནས་འདིར་བྱོན༔ ས་བཅུའི་མངའ་བདག་གནས་འདིར་བྱོན༔ ལྷ་དམག་དབུགས་འབྱིན་གནས་འདིར་བྱོན༔ ལྷ་མིན་གཡུལ་བཟློག་གནས་འདིར་བྱོན༔ མཐུ་ཆེན་བདུད་འདུལ་གནས་འདིར་བྱོན༔ རྣལ་འབྱོར་དགྲ་ལྷ་གནས་

p. 94

འདིར་བྱོན༔ རིག་འཛིན་སྲུང་མ་གནས་འདིར་བྱོན༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ མགོན་པོ་ཡབ་ཡུམ་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ བྱ་རོག་གདོང་ཅན་གཤེགས་སུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་མཛད་པའི༔ རྩ་འཇིབས་དམར་མོ་གཤེགས་སུ་གསོལ༔ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར༔ མྱུར་དུ་བྱོན་ཅིག་སྲུང་མའི་ཚོགས༔ བོས་སོ་ཆོས་སྐྱོང་སྙན་མ་སྲ༔ གཡབ་བོ་ལེགས་ལྡན་སྤྱན་མ་བརྟུལ༔ བརྟེན་ནོ་མགོན་པོ་རྒྱང་མ་རིང་༔ སྒྲུབ་པོ་མགོན་པོ་གོང་མ་གཡེལ༔ བསྐུལ་ལོ་མགོན་པོ་ཕྲག་མ་དོག༔ རྦད་དོ་མགོན་པོ་མཐུ་མ་ཆུང་༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དོ་ནུབ་མནའ་དང་ཁྲིམས་ལ་བྱོན༔ གནས་མཆོག་འདི་རུ་བཞུགས་སུ་གསོལ༔ རྗེ་བོར་བསྟེན་ནོ་དབང་མ་ཆེ༔ གྲོགས་པོར་བསྟེན་ནོ་གཞུང་མ་ངན༔ མ་ལྟར་བསྟེན་ནོ་སྙིང་མ་སྲ༔ སྲིང་ལྟར་བསྟེན་ནོ་ཚུལ་མ་ཞན༔ བྲན་ལྟར་བསྟེན་ནོ་རྒྱུ་མ་ངན༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ བསྟན་པ་སྲུང་བར་མ་བྱམས་སམ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ནོར་ཕྱུགས་ལོ་ཏོག་ཕུན་སུམ་ཚོགས༔

p. 95

ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ བཅོལ་བའི་ལས་འདི་མ་བྱས་ན༔ བདེ་གཤེགས་རྒྱལ་བའི་བཀའ་ཡང་བསླུས༔ ཕྱི་རབས་རྣལ་འབྱོར་སུན་ཡང་ཕྱུང་༔ རིག་འཛིན་བདག་གི་དམ་ཡང་བཀྲལ༔ སྔོན་གྱི་དམ་ཚིག་གཉན་པོ་འགལ༔ དེ་བས་དམ་ལས་མི་འདའ་འཚལ༔ བདག་ཀྱང་དམ་ལས་མི་འདའ་ཡི༔ ཁྱོད་ཀྱང་དམ་ལས་མ་འདའ་ཞིག༔ ཧཱུྃ༔ དཔལ་ལྡན་མགོན་པོ་མཐུ་བོ་ཆེ༔ ནག་པོ་ཆེན་པོ་གཏུམ་པའི་སྐུ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ གཤེགས་ཤིག་བུ་ཡི་གནས་འདིར་བྱོན༔ བུ་ཡི་གནས་མཆོག་དམ་པ་ན༔ ཁྱོད་དང་མཐུན་པའི་དམ་རྫས་ནི༔ གཡག་ནག་མར་གྱིས་བརྒྱན་པ་ལ༔ དར་ནག་རུ་མཚོན་རྭ་ལ་བརྒྱན༔ འཕྲག་པར་དགྲ་བགེགས་ལིངྒ་བཀལ༔ མགོན་པོ་ཡབ་ཡུམ་ཁྱེད་ལ་འབུལ༔ དཔལ་བཤོས་བྱ་ནག་བརྒྱན་པ་ཡང་༔ མགོན་པོ་ཡབ་ཡུམ་ཁྱེད་ལ་འབུལ༔ དྲི་བཤོས་གཡག་གིས་བརྒྱན་པ་ཡང་༔ མགོན་པོ་ཡབ་ཡུམ་ཁྱེད་ལ་འབུལ༔ ཞལ་ཟས་ལུག་ནག་བརྒྱན་པ་ཡོང་༔ མགོན་པོ་ཡབ་ཡུམ་ཁྱེད་ལ་འབུལ༔ ཆང་བཤོས་ཁྱི་ནག་

p. 96

བརྒྱན་པ་ཡང་༔ མགོན་པོ་ཡབ་ཡུམ་ཁྱེད་ལ་འབུལ༔ ཏིང་ལོ་ཆང་གིས་བཀང་བ་ཡང་༔ མགོན་པོ་ཡབ་ཡུམ་ཁྱེད་ལ་འབུལ༔ བྱ་ནག་རྒྱན་གྱིས་བརྒྱན་པ་ཡང་༔ བྱ་རོག་གདོང་ཅན་ཁྱེད་ལ་འབུལ༔ ནལ་བུའི་རྒྱལ་མཚན་ཕྱར་བ་ཡང་༔ དམར་མོ་རྩ་འཇིབས་ཁྱེད་ལ་འབུལ༔ ཤ་ཁྲག་དམར་གྱི་གཏོར་མ་ཡང་༔ མགོན་པོ་འཁོར་བཅས་ཁྱེད་ལ་འབུལ༔ ཡབ་ཡུམ་འཁོར་བཅས་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་ཁྱེད་བསྒྲུབས་པས༔ དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ དེ་ཡན་གསོལ་ཁའོ༔ དེ་ནས་བསྐང་བ་ནི༔ ཆང་ཕུད་ལ་གསེར་སྐྱེམས་བརྡར་བུ་རམ་སྦྲང་རྩི་བཏབ་པ་མེད་ན་ཆང་རྒོད་དམ་ཇ་ཕུད་དུ་འབྲུ་བླུགས་ལ་བྲན་ནས༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་ཀཱ་ལ་ཙ་ཏུར་ཧམ༔ ཁ་ཁ་མུ་ཁ༔ དྷེ་ཝི་རུ་པི་ནི༔ ཨ་མྲྀ་ཏ་ཁཱ་ཧི་ཁཱ་༈ ཧི༔ ཧཱུྃ༔ གསེར་སྐྱེམས་བུ་རམ་སྦྲང་རྩིས་བརྒྱན༔ མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་༔ འདོད་ཡོན་ལྔ་ཡི་ལོངས་སྤྱོད་ཚོགས༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ དབང་པོ་ལྔ་ཡི་སྤྱོད་ཡུལ་དུ༔ མཁོ་དགུའི་ལོངས་སྤྱོད་འདི་ཕུལ་བས༔ མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང༔ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར༔ བྱ་རོག་གདོང་ཅན་ཐུགས་

p. 97

དམ་བསྐང༔ རྩ་འཇིབས་དམར་མོའི་ཐུགས་དམ་བསྐང་༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ ཁྲབ་ཆེན་བྱེ་བ་འབུམ་འགྱུར་སོགས༔ འཁོར་དང་སྤྲུལ་པའི་ཐུགས་དམ་བསྐང༔ དཔལ་ལྡན་མགོན་པོ་འཁོར་བཅས་ལ༔ ཀོང་ཟོར་ཁྲག་གིས་བཀང་བ་འབུལ༔ གསལ་བ་འོད་ཀྱི་ཞུན་མར་འབུལ༔ ཤ་ཆེན་སྤོས་ཀྱི་དུད་སྤྲིན་འབུལ༔ དཔལ་བཤོས་དམར་གྱི་གཏོར་མ་འབུལ༔ འབྲས་ཆེན་བརྒྱན་པའི་གཏོར་མ་འབུལ༔ དཀར་གསུམ་བརྒྱན་པའི་གཏོར་མ་འབུལ༔ མངར་གསུམ་བརྒྱན་པའི་གཏོར་མ་འབུལ༔ གསེར་སྐྱེམས་རིན་ཆེན་བརྒྱན་པ་འབུལ༔ བདུད་རྩི་སྨན་གྱི་གཏོར་མ་འབུལ༔ རཀྟ་དམར་གྱི་གཏོར་མ་འབུལ༔ ཞལ་ཟས་རྣམ་པ་སྣ་ཚོགས་ཀྱི་དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་༔ སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་ངོ་ཐུགས་དམ་གཉན་པོ་བསྐང་༔ མཆོད་དོ་དམ་རྫས་བདུད་རྩིས་མཆོད༔ དཔལ་མགོན་འཁོར་དང་བཅས་པ་ཡི༔ ཐུགས་དམ་གཉན་པོ་འདིས་བསྐང་ལ༔ རྣལ་འབྱོར་བདག་གི་གཡར་དམ་བསྐང་༔ ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས༔

p. 98

བདག་གི་ཉམས་ཆག་སོར་ཆུད་ནས༔ ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད༔ ཨོ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཧཱུྃ་ཧཱུྃ་ཛ་ཛ་ཛ་ཕཊ་ཕཊ་ཕཊ༔ ཏྲི་ཁ་ཁ་མུ་ཁ་དུ་བྷྱོཿ ཨོཾ་མ་ཧཱ་ཀཱ་ལི་དྷེ་ཝི་རུ་པི་ནི་ཧཱུྃ་བྷྱོ་ཕཊ༔ ཨོཾ་བཛྲ་སཏཱ་ས་མ་སོགས་ཡིག་བརྒྱ༔ སཏཱ་ཨཱ༔ ཞེས་ཉམས་ཆག་ཅི་བྱུང་ཡང་བསྐངས་ནས་ཕྲིན་ལས་ཐོགས་པ་མེད་དོ༔ གཡག་བསྐང་མེད་ཀྱང་བསྐང་བའི་གཏོར་མ་ཡོད་དམ་མེད་ན་ཕུགས་གཏོར་གསོས་ལ་ཇ་ཕུད་བཤམས་ནས་བསྐང་བ་འདི་འདོན་རུང་ངོ་༔ ལས་བྱང་ལ་བཏགས་ནས་རྒྱུན་དུ་ཡང་ལེགས་སོ༔ དེ་ནས་གཡག་བསྐང་ད་དུང་བཞག་རྒྱུ་ཡིན་ན་བཅོལ་གདམས་འདི་རང་གར་འདོན༔ འབུལ་ཁ་ཡིན་ན་གཡག་བསྐང་ལ་དཔལ་འབར་བཙུགས་ནས་བཀྱགས་བཅོལ་ལ་འདི་འདོན་ཏེ༔ རོལ་མོ་དང་བཅས་རྔ་ཐུག་རྩ་ཡི་སྟེང་གཙང་སའམ་མགོན་ཁང་རྟེན་རྫས་དྲུང་ངམ༔ ཀ་རྣ་ཐོག་ལྟ་བུ་ཞིག་ཏུ་དེ་གར་བཞག་གོ༔ ཧོ༔ དཔལ་ལྡན་ནག་པོ་ཆེན་པོ་ཡབ་ཡུམ་ཁྲག་འཐུང་གི་རྒྱལ་པོ༔ ཆོས་སྐྱོང་ཆེན་པོ་ཡེ་ཤེས་ཀྱི་མགོན་པོ༔ ཕྱག་བཞི་པ་ཡབ་ཡུམ་བྱ་རོག་གི་མཚན་ཅན་ལ་འབུལ་ལོ༔ ལས་ཀྱི་མགོན་པོ་བྱ་རོག་གི་གདོང་ཅན་ལ་འབུལ་ལོ༔ ཟ་བྱེད་རྩ་འཇིབས་དམར་མོ་ལ་འབུལ་ལོ༔ ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་བ་ལ་འབུལ་ལོ༔

p. 99

ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ་ལ་འབུལ་ལོ༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ་ལ་འབུལ་ལོ༔ གནོད་སྦྱིན་ཁྲིའི་ཚོགས་ཀྱིས་བསྐོར་བ་ལ་འབུལ་ལོ༔ ཁྲབ་ཆེན་བྱེ་བ་འབུམ་འགྱུར་གྱི་ཚོགས་ཀྱིས་བསྐོར་བ་ལ་འབུལ་ལོ༔ ལྷ་སྲིན་སྡེ་བརྒྱད་སྒྲོལ་བྱེད་འཁོར་གྱིས་བསྐོར་བ་ལ་འབུལ་ལོ༔ ཞིང་སྐྱོང་ཉི་ཤུ་རྩ་བཞིས་གཙོར་བྱས་རྣམས་ལ་འབུལ་ལོ༔ ལྷའི་དེད་དཔོན་དཔལ་མགོན་བདུན་ཅུ་རྣམས་ལ་འབུལ་ལོ༔ ཚོགས་ཀྱི་བདག་པོ་ནོར་ལྷ་གཏེར་བདག་རྣམས་ལ་འབུལ་ལོ༔ འདོད་པ་ཁམས་ཀྱི་དབང་ཕྱུག་ལྷ་མོ་དཔོན་གཡོག་རྣམས་ལ་འབུལ་ལོ༔ ཡེ་ཤེས་ཀྱི་སྤྱན་ཅན་ཌཀྐི་འབུམ་ཕྲག་བཅུ་རྣམས་ལ་འབུལ་ལོ༔ དཀར་པོའི་ཆོས་སྐྱོང་ལྷ་དམག་བྱེ་བ་དུང་ཕྱུར་ལ་འབུལ་ལོ༔ ནག་པོའི་དགྲ་འདུལ་བདུད་དམག་ཉི་ཁྲི་ཆིག་སྟོང་ལ་འབུལ་ལོ༔ རིག་འཛིན་གྱི་སྲོག་ཤིང་མགོན་པོ་བཞི་བཅུ་རྩ་ལྔ་ལ་འབུལ་ལོ༔ རྣལ་འབྱོར་གྱི་དགྲ་ལྷ་ལྷ་མོ་སྟོང་དང་རྩ་བརྒྱད་ལ་འབུལ་ལོ༔ བདུད་འདུལ་གྱི་དབང་ཕྱུག་བྱ་རོག་གདོང་ཅན་བཅུ་གསུམ་ལ་འབུལ་ལོ༔ གཙུག་ལག་ཁང་དང་གནས་ཆེན་གནས་ཕྲན་གྱི་སྲུང་མ་རྣམས་ལ་འབུལ་ལོ༔ དཀྱིལ་འཁོར་གྱི་

p. 100

མངའ་བདག་དཔའ་བོ་ཌཱཀྐི་རྣམས་ལ་འབུལ་ལོ༔ ཁྱེད་རྣམས་འཁོར་དང་བཅས་པ་རྣམས་ཀྱིས་བརྒྱན་པའི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་སྤེལ་ཅིག༔ ཕ་རོལ་གྱི་སྣང་བ་སྒྱུར་ཅིག༔ གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་སྒྲོལ་ཅིག༔ དཔལ་དང་གྲགས་པ་སྒྲུབས་ཤིག༔ བཀའ་དང་བསྟན་པ་སྲུངས་ཤིག༔ འཁོར་དང་གང་ཟག་སྐྱོངས་ཤིག༔ སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛོད་ཅིག༔ ཉིན་གྱི་དུས་སུ་བྱ་ར་གྱིས་ཤིག །མཚན་གྱི་དུས་སུ་མེལ་ཚེ་གྱིས་ཤིག༔ བྱིང་ན་སློངས་ཤིག༔ བརྗོད་ན་བསྐུལ་ཅིག༔ འབྲོས་པའི་རི་བོ་གྱིས་ཤིག༔ བརྟན་པའི་མཁར་གྱིས་ཤིག༔ གབ་པའི་ཡུལ་གྱིས་ཤིག༔ ཆུ་རབ་མེད་ལ་ཟམ་པ་ཚུགས་ཤིག༔ བྲག་ལམ་མེད་པ་ལམ་ཐོན་ཅིག༔ བཅོལ་བའི་ཕྲིན་ལས་རྣམས་མྱུར་དུ་སྒྲུབས་ཤིག༔ གཞན་ཡང་ནད་དང་གནོད་པ༔ གདོན་དང་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དང་བསོད་ནམས་སྟོབས་དང་འབྱོར་པ་རྒྱས་པར་མཛད་དུ་གསོལ༔ ལྷ་འདྲེ་མི་གསུམ་ལ་སོགས་གདུལ་བྱ་མ་ལུས་དབང་དུ་

p. 101

སྡུས་ཤིག༔ དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ལ་སོགས་པའི་ཕྲིན་ལས་འདི་དག་མྱུར་དུ་སྒྲུབས་ཤིག༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཧཱུྃ་ཧཱུྃ་ཛ་ཛ་ཛ་ཕཊ་ཕཊ་ཕཊ༔ ཏྲི་ཁ་ཁ་མུ་ཁ་དུ་བྷྱོཿ ཨོཾ་མ་ཧཱ་ཀཱ་ལི་དྷེ་ཝི་རུ་པི་ནི་ཧཱུཾ་བྷྱོ་ཕཊ༔ མུ་ཀ་ཡེ༔ ཨེ་ས་ཡེ༔ ཀ་པ་ཡེ༔ བཛྲ་སི་ཏི་ཧཱུྃ༔ རཏྣ་སརྦ་སིདྡྷི་ཧཱུྃ་ཛཿ དངོས་གྲུབ་ཅི་འདོད་པ་འབྱུང་ཞིང་༔ ཉམས་ཆག་བསྐང་བ་དང་༔ རྐྱེན་ཁ་བཟློག་པ་དང་༔ ཐག་རིང་དུ་འགྲོ་ན་དོན་འགྲུབ་བར་ཆད་ཞི་བ་དང་༔ བྱ་བ་གལ་ཆེན་དུས་གང་བརྩམ་འགྲུབ་པ་དང་༔ དེ་ལ་སོགས་པའི་དུས་འདི་ལྟར་བྱས་ནས་ཆོས་སྐྱོང་དཔུང་དུ་བསྐུལ་བ་འདི་ཤིན་ཏུ་ཁག་ཆེའོ༔ ཡང་རྨི་ལྟས་སུ་གཡག་ནག་བྱ་ནག་འཐབ་པ༔ མི་ནག་བུད་མེད་འཐབ་འཛིངས་དུ་བ་སོགས་ལྷ་འཁུ་རྟོགས་དང་༔ སྤྲང་པོ་མཛེ་པོ་སློང་མོ་བ་སྣོད་སྟོང་ཐོགས་པ་རྨིས་ཤིང་༔ དངོས་སུ་སྙིང་མི་དགའ་ཚིག་པ་ཟ་ལྟོག་སྐམ་གྱི་སྣང་བ་འཆར་བ་སོགས་མཆོད་གཏོར་རྩོད་པའི་རྟགས་བྱུང་ན་ཡང་འདི་བྱས་པས་སེལ་ལོ༔ ལར་དུས་སམ་རྣམ་དགར་འདི་ལ་བརྩོན་ན་བཀྲ་ཤིས་བསམ་པ་འགྲུབ་བོ༔ ལོགས་སུ་ཡང་ལེགས་པར་བཅས་མཆོད་པ་གཟབས་ནས༔ གསོ་བྲན་སྤར་ཞིང་བརྒྱ་རྩ་སོགས་ཚར་གྲངས་བསོགས་ནི༔ མདོས་སོགས་མ་འགྲུབ་ཀྱང་ཆོག་པར་གསུངས་སོ༔ ཡང་ལས་བྱང་སྔོན་དུ་མ་སོང་ཡང་ཆང་ཕུད་གཙང་མ་སོགས་ལ་གསེར་སྐྱེམས་སམ་ཚུལ་དུ་འདོན་ན་བསྐང་བ་མན་ཆོད་དང་

p. 102

འདོད་གསོལ་ཡན་བྱས་ནས་ནམ་མཁའ་ལ་གནམ་ཕུད་ཚུལ་དུ་མཆོད་པར་བྱའོ༔ དེ་བཞིན་དུ་བྱེས་ལམ་སོགས་གཏོར་མ་མ་ཐོན་ན༔ ཤ་ཐུད་མར་ཆུར་སོགས་གང་མང་བྲན་ལ་འདོན་རུང་ངོ་༔ དེ་ལ་ནི་བདག་བསྐྱེད་དྲན་རྫོགས་ཆོག་ཅིང་༔ འདི་སྤྱན་འདྲེན་བཞུགས་གསོལ་གོང་དུ་ཡོད་ལྟར་ནས༔ གཡག་གི་སྐབས་སོགས་སྒྱུར༔ གསེར་སྐྱེམས་མན་འདོད་གསོལ་དང་བཅས་པ་འདོན་ན་རབས༔ ཐ་མ་བདག་མདུན་དྲན་རྫོགས་སུ་བྱས་ནས༔ ཧོ༔ དཔལ་ལྡན་ནག་པོ་ཆེན་པོ་ཞེས་པ་མན་གྱིས་ཡང་ཆོག་གོ༔ ཞེས་པ་འདི་ནི་སྔགས་འཆང་རཱ་ག་ཨ་སྱས་ལེགས་པ་བསྒྲིགས་པ་ལ། གནད་དང་མན་ངག་ཟབ་ཁྱད་མང་དུ་ཡོད་དོ། །དེ་ལ་འགལ་བ་མཆིས་ན་མགོན་པོ་ཉིད་ལ་བཤགས་ཤིང་། དགེ་བས་སྤྲུལ་སྐུའི་སྐུ་ཚེ་བརྟན་པ་དང་ཕྲིན་ལས་རྒྱས་པར་གྱུར་ཅིག༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མགོན་པོ་སྟག་ཞོན་གྱི་སྒྲུབ་སྐོར།

p. 103

མགོན་པོ་སྟག་ཞོན་གྱི་སྒྲུབ་སྐོར་བཞུགས་སོ། ༈ མ་ཧཱ་ཀཱ་ལ་ཡ། ཡེ་ཤེས་མགོན་པོ་སྟག་ཞོན་སྒྲུབ་ཐབས། དཔལ་གཏོར་ཟུར་གསུམ་བརྒྱན་ལྡན་བཤམས། །རང་ཉིད་ཡི་དམ་གསལ་བར་བསྒོམ། ༈ མདུན་དུ་གྲུ་གསུམ་པད་ཉིའི་སྟེང་། །ཧཱུྃ་ལས་མགོན་པོ་སྐུ་མདོག་ནག །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན་། །དུར་ཁྲོད་ཆས་བརྒྱད་བེར་ནག་གསོལ། །ཆིབས་སུ་དཔའ་གཏུམ་སྟག་ལ་ཆིབས། །བྱ་ཁྲ་བརྒྱད་ནི་ཀླད་ན་ལྡིང་། །སྟག་གཟིག་དོམ་དྲེད་ཕྱི་ན་འབྲང་། །གསེར་གྱི་སེང་བརྒྱད་ཟུར་ན་འགྱིང་། །རེ་མ་ཏི་དང་སྡེ་བརྒྱད་ཚོགས། །སྣང་སྲིད་དྲེགས་པའི་འཁོར་དང་བཅས། །ས་བོན་འོད་ཀྱིས་སྤྱན་འདྲེན་ནོ། །སྤྱན་འདྲེན་མཆོད་བསྟོད་བྱས་ནས་ཀྱང་། །མགོན་པོའི་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་མཐིང་སྔགས་ཀྱིས་གཡས་སུ་བསྐོར། །རང་ཉིད་ཡི་དམ་འོད་ཟེར་གྱིས། །བསྐུལ་བས་སྔགས་ཕྲེང་གཡས་སུ་འཁོར། །གང་བཅོལ་ལས་རྣམས་སྒྲུབ་པར་བསྒོམ། །ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿ དཔལ་འབྱོར་མངའ་ཐང་རྒྱས་འདོད་ན། །བེར་གྱི་སུལ་ནས་རིན་པོ་ཆེ། །སྣ་ཚོགས་ཆར་དུ་འབེབས་པར་བསམ། །དྲག་

p. 104

པོར་བྱེད་ན་བར་གྱི་སུལ། །སྣ་ཚོགས་མཚོན་ཆའི་ཆར་བབས་ནས། །དགྲ་བགེགས་མྱལ་མྱལ་གཏུབས་པར་སྒོམས། །རྒྱུན་དུ་མགོན་པོ་དེ་ཡི་འོད་ཟེར་གྱིས། །སྣང་སྲིད་འཁོར་འདས་མཐུ་དང་སྟོབས། །བསྡུས་ནས་བདག་ལ་ཐིམ་པར་སྒོམས། །བར་ཆད་གནོད་པ་ཞི་འདོད་ན། །འོད་ཟེར་དཀར་པོ་འཕྲོས་པ་ཡིས། །གནོད་པ་གང་ཡིན་ཞི་བར་སྒོམས། །གང་འདོད་སྔགས་ཀྱི་ཤམ་བུ་ནི། །པུཎྜིང་ཤཱནྟི་པ་ཤང་དགྲ་བོ་མཱ་ར་ཡ་ཕཊ། །འདོད་དགུ་སྣང་སྲིད་ཚེ་བསོད་རབ་འབྱམས་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ནད་གདོན་བར་ཆད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། འདོད་དགུ་སྣང་སྲིད་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ནི་ཡེ་ཤེས་ལྔ་ཡིན་ཏེ། །མ་ཧཱ་ཀཱ་ལ་མགོན་པོའི་སྲོག །ཏྲི་ནི་དྲེགས་པ་ཀུན་གྱི་སྲོག་།ཡམ་ནི་མྱུར་བྱེད་རླུང་གི་ཤུགས། །ཛནི་མྱུར་དུ་འགུགས་པའོ། །སྔགས་བཟླས་མཆོད་པའི་ཕན་ཡོན་ནི། །མེ་དང་རྒྱལ་པོ་ཆུ་དང་དུག །མ་རུངས་ལྕེ་སྤྱང་ལ་སོགས་པའི། །འཇིགས་པ་ཀུན་ལས་ཐར་བ་དང་། །ཚེ་དང་བསོད་ནམས་ཤིན་ཏུ་རྒྱས། །འཁོར་དང་ལོངས་སྤྱོད་དབང་དུ་འདུ། །དགྲ་དང་བགེགས་སོགས་གནོད་བྱེད་ཀུན། །མེ་ལྕེ་ཁ་ཡི་སྦྲང་མ་བཞིན། །རིགས་རྒྱུད་བཙན་དར་རྐང་འགྲོ་འཕེལ། །མི་ནུབ་རྒྱལ་མཚན་འཇིག་རྟེན་དུ། །གྲགས་པ་ཆེན་པོ་བླ་མེད་འགྱུར། །བར་མ་དོ་ཡི་ཆེ་ན་ཡང་། །དག་པའི་ཞིང་དུ་ཁྲིད་པར་བྱེད། །འཕགས་པ་སྤྱན་རས་གཟིགས་དབང་

p. 105

གི །སྤྲུལ་པ་མགོན་པོ་ནག་པོ་འདི། །བཀྲ་ཤིས་རྒྱུད་འཇམ་མི་ནོར་འཕེལ། །འགུ་ཞིང་ལྡོག་པའི་དོགས་པ་མེད། །རྟ་དང་ནོར་གྱི་ལྷ་ཡང་ཡིན། །འདི་ཡི་དབང་ནི་རྒྱུན་ཐོབ་ཅིང་། །རྒྱུད་དང་མན་ངག་འགའ་མཐོང་ཕྱིར། །རྣལ་འབྱོར་རཱ་ག་ཨ་སྱས་ཡིས། །འཕྲལ་དུ་མར་མེའི་ངོགས་ལ་བྲིས། །ཉེས་པ་མཆིས་ན་ལྷ་ལ་བཤགས། །དགེ་བས་ཐུབ་བསྟན་དར་བ་དང་། །ཡོན་བདག་བཀྲ་ཤིས་བདེ་ལེགས་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྟག་ཞོན་གྱི་ཀ་བསྟོད།

p. 106
p. 107

སྟག་ཞོན་གྱི་ཀ་བསྟོད་བཞུགས་སོ། །ཀཱ་ལ་མ་ཧཱ་དཔལ་ལྡན་ནག་པོ་ཆེ། །ཁ་གདངས་མཆེ་གཙིགས་ལྗགས་འདྲིལ་སྤྱན་གསུམ་བསྒྲད། །ག་ཤལ་མི་མགོའི་ཕྲེང་བས་རྣམ་པར་བརྒྱན། །ང་རོ་ཧཱུཾ་ཧཱུཾ་ཕཊ་སྒྲས་འཇིག་རྟེན་གཡོ། །ཅ་ཅོ་རྒྱོབ་སོད་བསྲོ་སྒྲས་དགྲ་བགེགས་བསྒྲལ། །ཆ་ལུགས་བེར་གསོལ་སྟག་ལ་ཆིབས་པ་ལ། །ཇ་ཕུད་ཤ་ཕུད་དཀར་གསུམ་མཆོད་པ་འབུལ། །ཉ་རྒྱས་ཟླ་བ་ལྟ་བུའི་སྤྱན་མིག་གིས། །ཏ་ཐཱ་ག་ཏའི་བསྟན་དང་བདག་ཅག་དང་། །ཐ་ན་ནོར་ལུག་བྲན་གཡོག་ཡན་ཆད་ལ། །ད་ནི་ཁྱེད་ཀྱིས་རྟག་ཏུ་བསྲུང་མཛོད་ལ། །ན་ཚ་ཤི་ཆད་གོད་ཁ་མེད་པར་མཛོད། །པ་དེ་པུ་དེའི་འཁུ་ལྡོག་མ་མཛད་པར། །ཕོ་རོལ་གནོད་པར་བྱེད་པའི་དགྲ་བགེགས་རྣམས། །བ་མོ་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་དང་ཕ་ཁུ་རྒན་རབས་ཚེ་བསྲིངས་ལ། །ཙ་རླུང་དར་བའི་གཞོན་ནུ་ཐམས་ཅད་ལ། །ཚ་གྲང་འདུ་བའི་ནད་ཀུན་ཞི་བར་མཛོད། །ཛ་ཡེ་རྡོ་རྗེ་འཆང་གིས་བཀའ་བསྒོས་ལྟར། །ཝ་ལེར་དུས་གསུམ་གཟིགས་པའི་མགོན་པོ་ཁྱོད། །ཞྭ་ལྟར་བླ་མགོན་དབྱེར་མེད་སྤྱི་བོར་བཀུར། །ཟ་འཐུང་ཕུད་ཀྱིས་ཁྱེད་ལ་མཆོད་

p. 108

ལགས་པས། །འ་རེ་འུ་རེའི་དམག་ཇག་གནོད་པ་དང་། །ཡ་ང་འཇིགས་པ་བར་དོའི་འཕྲང་ལས་སྐྱོབས། །ར་ཆེན་གནོད་སྦྱིན་ཁྲི་དང་ནག་པོ་སྟོང་། །ལ་ཆེན་ཡེ་ཤེས་མགོན་པོ་འཁོར་དང་བཅས། །ཤཱ་ས་ན་སོགས་སྙིང་པོ་སྔགས་ཀྱིས་མཆོད། །ས་དང་ལམ་གྱི་བར་ཆད་ཞི་བ་དང་། །ཧ་ཡ་གྷི་ཝའི་གོ་འཕང་ཚེ་འདི་ལ། །ཨ་ལ་ལ་ཧོ་ཐོབ་པར་མཛད་དུ་གསོལ། ཅེས་ཇ་ཕུད་དམ། ཆང་ཕུད་དམ། འོ་ཕུད་དམ། ཤ་ཕུད་ཐུད་དང་ཁུ་བ་སོགས་བྲན་ལ་འདོན་ཆོག །ཇ་ཕུད་ལ་བཏོན་ཡང་རུང་། འབྲོང་པ་ཨོ་རྒྱན་གྱིས་བསྐུལ་ནས། ༧ ཨ་རཱ་གས་འཕྲལ་དུ་བྲིས་པའོ། བཀྲ་ཤིས་པར་ཤོག །

དཔལ་ལྡན་ལྷ་མོ་དུད་སོལ་མའི་ལས་བྱང་ཕྲིན་ལས་ཀུན་འགྲུབ།

p. 109

དཔལ་ལྡན་ལྷ་མོ་དུད་སོལ་མའི་ལས་བྱང་ཕྲིན་ལས་ཀུན་འགྲུབ་བཞུགས་སོ། །

p. 110

ན་མོ་ཧེ་བཛྲ་ཡེ། དགྱེས་མཛད་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དཔལ་ལྡན་ལྷ་མོའི་གཏོར་ཆོག་བསྡུས་པ་བྲི། །མ་གཅིག་ལྷ་མོའི་བཀའ་གནོང་བྱིན་གྱིས་རློབས། །མཆོད་གཏོར་འདུ་བྱས་རང་ཉིད་ཡི་དམ་བསྒོམ།། །མདུན་དུ་དམིགས་རྟེན་ཡོད་དམ་མེད་ཀྱང་རུང་། །མི་དམིགས་ངང་ལས་སྐད་ཅིག་བསྐྱེད་པ་ནི། །མདུན་དུ་དུར་ཁྲོད་ཆེན་པོའི་ནང་། །མེ་འབར་ཁྲག་ཞག་རྒྱ་མཚོའི་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨོཾ་ལས་དུད་སོལ་ལྷ་མོ་ནག །ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །ཐོད་ཁྲག་ཤག་ཏི་རྩེ་གསུམ་འཛིན། །དུར་ཁྲོད་ཆས་རྒྱན་མི་རོ་གསོལ། །བ་

p. 111

གླང་གླང་ལྤགས་རེ་ལྡེ་བགོས། །སྦྲུལ་རྒྱན་ཞབས་གཉིས་ལྕགས་སྒྲོག་གསོལ། །བོང་བུ་དམར་ག་ཆིབས་པའོ། །འདི་ཡན་ཤོ་ལོ་ཀ་གཉིས་ཞྭ་དམར་པས་མཛད། །སྙིང་འཕྲོག་མ་གསུམ་རིགས་བཞི་དང་། །མ་མོ་བརྒྱད་དང་ཕྲ་མེན་བརྒྱད། །སྒོ་མ་བཞི་སོགས་འཁོར་བཅས་གསལ། །གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་ལས། །འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར། བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའི་མཐིང་དཀྱིལ་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནས། །གྲུ་གསུམ་འབར་

p. 112

བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་བཅིབས། །འཁོར་ཡང་ནག་པོ་འབུམ་སྡེའི་ཚོགས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིགས་མ་ལྔ་ཡི་དུས། །དམ་ཅན་གཤེགས་པར་མི་འོས་ཀྱང་། །སྔོན་ཚེ་བྱང་ཆུབ་ཤིང་གི་དྲུང་། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་སྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་དགྱེས་ཤིང་བཞུགས་སུ་གསོལ། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨོཾ་དྲི་ཤ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ནྟཾ། ས་མ་ཡ་ཧོ༔ དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཁྱོད་ཀྱིས་བདག་ལ་སྐུ་མངོན་སུམ་དུ་སྟོན་ཅིག །སྐུ་མངོན་སུམ་དུ་མི་སྟོན་ན་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པའི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། བདག་ཅག་དཔོན་སློབ་མི་ནོར་འཁོར་

p. 113

དང་བཅས་པ་རྣམས་ལ་ཡམས་ནད་རིམས་ནད་ཀྱི་གནོད་པ་ཞི་བ་དང་། ཡིད་ལ་འདོད་པ་ཐམས་ཅད་འགྲུབ་པར་གྱིས་ཤིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨེ་ཨ་ར་ལི་ཧྲིང་ཧྲིང་ཛཿ མ་མོའི་ལྕེ་ལ་དམ་ཚིག་གི་བདུད་རྩི་བྱིན་པར་བསམས་ལ། ཨོཾ་ཧ་ན་ཧ་ན་མ་ཏི་པྲ་མ་ནི་ཧཱུྃ་ཕཊ༔ བྷྱོ་ཡང་ཐོག་དྲུག་བརྩེགས་འཕྲུལ་གྱི་ལྡིང་ཁང་ནས། །མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་ནི་མི་འགྱུར་རི་རབ་ལྷུན་པོ་འདྲ། །ཚངས་པའི་འབྲུག་སྒྲ་ནམ་མཁའི་དབྱིངས་སུ་སྒྲོག །ཐུགས་ཀྱི་དཔལ་བེའུ་ཡེ་ཤེས་ལྔ་དང་ལྡན། །།མགུལ་གྱི་བུམ་པ་རྨ་བྱའི་མགྲིན་པ་འདྲ། །ལྗགས་ནི་པདྨ་ལེ་བརྒན་གྲི་སོ་འདྲ། །ཕན་འདོགས་མྱུར་དུ་བསྒྲུབ་པའི་མཁའ་འགྲོ་མ། །དཔལ་ལྡན་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །ཧཱུཾ། ཨུ་དུམ་ཨུཏྤལ་ལ་དང་པདྨ་དང་། །དབང་པོ་རྣམ་ལྔ་མཛེས་པའི་མེ་ཏོག་འདི། །དཔལ་ལྡན་ལྷ་མོའི་དབུ་ལ་འབུལ་ལགས་ན། །བདག་གི་བསམ་པའི་དོན་ཀུན་འགྲུབ་གྱུར་ཅིག །ཚིལ་ཆེན་སྤོས་ཀྱི་དུད་པ་མང་པོའི་དྲི། །གུ་གུལ་སྦྱར་བའི་སྤྲོས་དང་ཨ་ག་རུ། །བདག་གིས་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །དཔལ་

p. 114

ལྡན་ལྷ་མོའི་ཤངས་མཆོག་ཚིམ་གྱུར་ཅིག །ཉི་ཟླ་ལྟར་གསལ་རིན་ཆེན་འོད་འབར་དང་། །ཞུན་མར་སྟོང་གསུམ་ཀུན་ནས་གསལ་བྱེད་འདི། །དཔལ་ལྡན་ལྷ་མོའི་སྤྱན་ལ་འབུལ་ལགས་ན། །བདག་གི་སྒྲིབ་གཉིས་མུན་པ་སེལ་གྱུར་ཅིག །ལེགས་པར་སྦྱར་བའི་དྲི་དང་བདུད་རྩི་ལྔ། །དུ་རུ་ཀ་དང་མཆོད་པར་འོས་པ་བཞིན། །དཔལ་ལྡན་ལྷ་མོའི་ཐུགས་ལ་མཆོད་པ་འབུལ། །བདག་གི་བསམ་པའི་དོན་ཀུན་འགྲུབ་གྱུར་ཅིག །དགྲ་བགེགས་བསྒྲལ་བའི་ཤ་དང་རྟ་ཡི་ཤ །བྱ་དང་ཁྱི་ཡི་ཤ་དང་བ་ལང་ཤ །འབྲུ་སྣ་ཚོགས་པའི་འབྲས་ཆེན་བཤོས་འདི་དག །དཔལ་ལྡན་ལྷ་མོའི་ཞལ་དུ་འབུལ་ལགས་ན། །བདག་གི་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །རྔ་ཆེན་འབྲུག་གི་སྒྲ་ལྟར་ཆེར་སྒྲོག་ཅིང་། །མི་རྐང་གླིང་བུ་ཀུན་ནས་སྙན་པ་ཡི། །ཅང་ཏེའུ་ཆོས་ཀུན་སེམས་སུ་སྟོན་པའི་སྒྲ། །དཔལ་ལྡན་ལྷ་མོའི་སྙན་ལ་མཆོད་པ་འབུལ། །བདག་གི་བསམ་པའི་དོན་ཀུན་འགྲུབ་གྱུར་ཅིག་་ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ས་པཱ་རི་ཝཱ་ར་བཛྲ་པུབྦེ་དྷ་པེ་སོགས། ཤབྷ་པུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། གཏོར་མ་འབུལ་བ་ནི། ཨོཾ་སཾ་ཤོ་དྷ་ནི་

p. 115

ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གཏོར་མའི་ནང་དུ་ཧ་སེར་པོ་གསེར་གྱི་མདོག་ལྟ་བུ་དེ་ཞུ་བ་ལས་གཏོར་མའི་ཁ་དོག་ངན་པ་ཐམས་ཅད་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པོ། དེའི་སྟེང་དུ་ཧོ་དཀར་པོ་དུང་གི་མདོག་ལྟ་བུ་དེ་ཞུ་བ་ལས་དྲི་ངན་པ་ཐམས་ཅད་བཅོམ་ནས་དྲི་ཕུན་སུམ་ཚོགས་པ། དེའི་སྟེང་དུ་ཧཱུྃསྔོན་པོ་བེ་ཌཱུརྱའི་མདོག་ལྟ་བུ་དེ་ཞུ་བ་ལས་རོ་ངན་པ་ཐམས་ཅད་བཅོམ་ནས་རོ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ༔ ལན་གསུམ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ༀ་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ༀ་ཨི་དཾ་བ་ལིང་གྷི་ཧྥ་གྷི་ཧྥ་པ་ཡ་ཧཱུྃ་ཕཊ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། འཁོར་ཤན་པ་མ་གསུམ། རིགས་བཞིའི་མཁའ་འགྲོ། དུར་ཁྲོད་ཀྱི་མ་མོ། ཕྲ་མེན་མ་བརྒྱད། སྒོ་མ་བཞི། འཁོར་ནག་མོ་འབུམ་སྡེ་ལ་སོགས་པ་སྲིད་པའི་མ་མོ་བྱེ་བ་འབུམ་སྡེ་དང་བཅས་པ་ཐམས་ཅད་ལ་དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་ཆེ་བ་ཕྱུངས། དཔལ་

p. 116

ལྡན་བླ་མའི་ཕྲིན་ལས་སྒྲུབས། །སེམས་ཅན་གྱི་བདེ་སྐྱིད་སྤེལ། ཁྱད་པར་དུ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་བདུད་དང་བར་ཆད་ཐམས་ཅད་ཞི་བ་དང་ཚེ་དང་བསོད་ནམས་རྒྱས་པ་དང་། རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་ཀྱི་རིགས་ཐམས་ཅད་ཞི་བ་དང་། ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །བྷྱོ༔ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་ལ་བཞུགས། །རྫོང་དང་སྐག་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། ༈ །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་སྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །ཅེས་སམ། རྒྱས་པར་བསྟོད་རིང་མས་བསྟོད། བསྙེན་པ་བྱ་བ་ནི། ལྷ་མོའི་ཐུགས་ཀའི་ཧཱུཾ་ཡིག་གི་ཟླ་ཚེས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་འོད་ཟེར་ཤངས་བུག་ནས་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་

p. 117

དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་བདུད་རྩིའི་བཅུད་དང་སྨན་ཐམས་ཅད་ཀྱི་ནུས་པ་བསྡུས་ནས། ལྷ་མོའི་སྤྱི་བོའི་གཙུག་ཏུ་ཁཾ་ལས་བྱུང་བའི་བུམ་པ་དཀར་པོའི་ནང་དུ་ཞུགས་བུམ་པའི་ཁ་ནས་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུ་ལྷུད་ལྷུད་བབས་པས། ལྷ་མོའི་སྤྱི་བོ་དང་ཞལ་ནས་ཞུགས་པས། སྐུ་ལུས་ཐམས་ཅད་གང་ལྷ་མོ་བཀྲག་མདངས་ཕུན་སུམ་ཚོགས་པར་གྱུར། བདུད་རྩིའི་བཅུད་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་འདུས་པས། ལྷ་མོའི་སྐུ་མདོག་དུང་ངམ་ཀུན་དྷའི་མདོག་ལྟར་དཀར་པོར་གྱུར། ལྷ་མོའི་སྐུ་ལུས་ཐམས་ཅད་ངང་ལྟེམ་མེ་གང་བ་མ་ཤོང་ལྷུད་པའི་ཚུལ་དུ་ཞལ་ནས་བདུད་རྩིས་ཆུ་རྒྱུན་འོ་མ་ལྟ་བུར་བབས། རང་དང་བསྲུང་བྱ་ནད་པའི་སྤྱི་བོའི་ཚངས་བུག་དང་ཁ་ནས་ཞུགས་ལུས་ཐམས་ཅད་ངང་ལྟེམ་གྱིས་གང་། ནད་རླུང་མཁྲིས་བད་ཀན་རིམས་ནད་ཡམས་ནད་ཐམས་ཅད་དང་དམ་ཚིག་ཉམས་ཆག་ཐམས་ཅད་དང་མ་མོ་འཁྲུག་པའི་ཁ་རླངས་། གདུག་རྩུབ་ཐམས་ཅད་བ་སྤུའི་ཁུང་བུ་ནས་རླངས་པ་སྔོ་དམར་གྱི་ཚུལ་དུ་བུད་ནས། ནམ་མཁའ་ལ་འཇའ་ཡལ་བ་ལྟར་རིམ། མེ་ལོང་ལ་ཧས་བཏབ་པ་ལྟར་བསམས་ལ་སྔགས་བཟླས། །

p. 118

ༀ་ཧཱུྃ་ཤྲཱི་ཡ་དེ་ཝ་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ནད་སརྦ་ཤཱིནཾ་ཀུ་རུ་སྭཱ་ཧཱ། ཐུན་མཚམས་ཐུན་གཏོར་འབུལ་འདོད་ན། གཏོར་མར་དགྲ་བགེགས་བཀུག་གཞུག་སོགས་ལེགས་པར་བྱས་ལ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་འཇིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་ལ་ཁྲག་དགའ་མོ། །ཀི་ལི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱེད་ཀྱིས་འགྲུབ་པར་གྱིས། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ གྱི་སྣ་གྱི་རྩྭ་སརྦ་དུཏྟཾ་བྷཀྵ་བྷཀྵ། ཕྲོ་ཕུ་ཕྲོ་ཕོ་སྭཱ་ཧཱ། སེ་གོལ་གསུམ་གདབ། ཅེས་ཐུན་གཏོར་གཏོར་ཆེན་དྲུང་དུའམ་ཕྱི་རོལ་དུ་ཕུལ། རྟེན་གཏོར་དང་བྲིས་སྐུ་ཡོད་ན་དེ་ལ་ཐིམ་པར་བསམ། མེད་ན་ལྷ་མོའི་ཞལ་ནས་རྣལ་འབྱོར་པ་ཐམས་ཅད་ཀྱི་དོན་ཐམས་ཅད་བདེ་བར་བསྒྲུབ་བོ། །ཞེས་གསུངས་ནས་བདག་གི་གནས་སུ་གཤེགས་པར་བསམ། རྒྱུ་དུས་ནི་ཚེས་གཅིག་གི་ཐོ་རངས་དང་། རྒྱུན་དུ་ཉིན་གུང་མཚན་གུང་རྒྱུའོ། །ཉི་ཤུ་བཞི་དང་ཉི་ཤུ་དྲུག་

p. 119

ལ་མཆོད་པ་བྱ། ཞེས་གསེར་འོད་ནས་གསུངས་སོ། །འདིར་བྲིས་ཉེས་པ་གང་མཆིས་ལྷ་མོ་འཁོར་དང་བཅས་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །ཅེས་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་བ་ལྟར། །ཨ་རཱ་གས་ཁྲུམས་ཟླ་བའི་ཡར་ཚེས་གསུམ་ལ་རེག་ཟིན་དུ་བྱས་པའོ།། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ལྷ་མོ་སྤྱིའི་དབང་བཤད།

p. 120
p. 121

གནམ་ཆོས་ལྷ་མོ་སྤྱིའི་དབང་བཤད་ཡོད་དོ༔

p. 122

འོ་ན་ཁྱེད་རྣམས་ལ་དབང་བསྐུར་བ་ལ་ལོ་རྒྱུས་ཅུང་ཟད་མ་བཤད་ན་ཆ་ལག་མ་ཚང་བར་འགྱུར་བས༔ ལྷ་མོའི་ངོ་བོ་ནི་རྒྱུད་མེ་ལྕེ་འབར་བ་ལས༔ གཉིས་མེད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི༔ སྟོང་ཉིད་ཆོས་སྐུ་རྣམས་དང་ཡེ་ཤེས་ལྔ༔ སྤྲུལ་པའི་མཚན་མ་ལྷ་མོའི་མཚན་མོར་སྣང་༔ ཞེས་དང་༔ བསྐལ་པ་དུ་མའི་སྔོན་རོལ་ནས༔ དུས་གསུམ་སངས་རྒྱས་ཞལ་མཐོང་ཞིང་༔ བླ་མེད་བྱང་ཆུབ་གོ་འཕང་ཐོབ༔ སྨད་པའི་ཞིང་འདིར་སྤྲུལ་སྐུ་ཡི༔ འགྲོ་བའི་དོན་ལ་རབ་ཏུ་བརྩོན༔ ཞེས་གསུངས་པས༔ ཆོས་སྐུ་ཡུམ་ཆེན་མོ་ནམ་མཁའ་ལྟར་ཀུན་

p. 123

རྩལ་ཁྱབ་པའི་ངང་ལས༔ ལོངས་སྐུ་འཇའ་ཚོན་ལྟར་རྡོ་རྗེ་ཕག་མོ་དང་ཁྲོས་མ་སེང་གདོང་མ་དང་༔ ཀྲོ་ཏི་ཤྭ་རི་དང་རྡོ་རྗེ་རོ་ལངས་མ་དང་༔ བདག་མེད་མ་སོགས་དཀྱིལ་འཁོར་རྣམས་ཀྱི་གཙོ་མོའི་ཡུམ་དུ་གྱུར༔ དེའི་སྤྲུལ་སྐུ་ཉི་ཟེར་ལྟར་སོ་སོར་སྐྱེ་རྒྱུད་དང་ལོ་རྒྱུས་རྒྱུད་གྲུབ་ཐབས་མི་གཅིག་པའི་ལྷ་མོ་སྟོང་རྩ་བརྒྱད་བྱུང་སྟེ༔ རྙིང་མའི་ལྷ་མོའི་རྒྱུད་ལས༔ མི་མངོན་ནམ་མཁའི་དབྱིངས་ཤེད་ན༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་༔ སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ༔ སྐུ་ཡང་མི་གཅིག་སོ་སོར་བསྒོམ༔ སྔགས་ཀྱང་མི་

p. 124

གཅིག་སོ་སོར་བཟླ༔ མཚན་ཡང་མི་གཅིག་སོ་སོར་འབོད༔ ཅི་ལྟར་བྱས་ཀྱང་ངོ་བོ་གཅིག༔ ཅི་ལྟར་སྒྲུབ་ཀྱང་དངོས་གྲུབ་འབྱུང་༔ ཞེས་གསུངས༔ དེ་ལྟར་ལྷ་མོ་ཡེ་ཤེས་པ་སྟོང་དང་རྩ་བརྒྱད་ངོ་བོ་གཅིག་ཀྱང་གཙོ་བོ་གསུམ་དུ་སྣང་སྟེ༔ དབྱིངས་ཡུམ་ཨེ་ཀ་ཙ་ཏི་དང་༔ སྦྱོར་ཡུམ་འདོད་ཁམས་དབང་ཕྱུག་དུད་སོལ་མ་དང་༔ སྒྲོལ་ཡུམ་རེ་མ་ཏི་གསུམ་ཡིན༔ ལེགས་སྦྱར་ལ་རེ་ཝ་ཏི་དང་༔ དེ་ལ་ཟུར་ཆགས་པས་རེ་མ་ཏི༔ བོད་སྐད་ནམ་གྲུ་མ་སྟེ༔ ནམ་གྲུའི་རིགས་ཐོབ་པ་བྱེ་བ་དུང་ཕྱུར་ཡོད་པ་ཐམས་ཅད་ངོ་བོ་གཅིག་པར་འདོད་པ་ནི་འཐད་དོ༔ དེ་ལ་གཙོ་མོ་དཔོན་གཡོག་གཉིས་སུ་བྱུང་ཚུལ་ནི༔ ལྷ་མོ་དེ་སྔོན་བསྐལ་པ་གོང་མ་ཞིག་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་ཏིང་ངེ་འཛིན་མི་གཡོ་བ་བྱེ་བ་བརྒྱད་ཀྱི་སེམས་དཔར་སྤྲུལ་ནས་བཞུགས་ཙམ་ན༔ སངས་རྒྱས་ཐམས་ཅད་ཀྱིས་སྤྱན་ཆེར་གཟིགས་དབང་བསྐུར་ནས་སེམས་ཅན་གྱི་དོན་ལ་བསྐུལ་བས༔ དེ་ཉིད་ཁྲོ་བོ་རྣམ་པར་སྣང་མཛད་ཅེས་བྱ་བ་ལྗང་གུ་ཞལ་བཅུ་གཅིག་པ༔ ཕྱག་སྟོང་ཞབས་སོ་གཉིས་པར་སྤྲུལ་ནས་སྟོང་གསུམ་གྱི་འཇིག་རྟེན་ཞབས་ཀྱིས་མནན་ནས༔ སྤྲུལ་པ་བསྡུས་ཏེ་རི་རབ་ཀྱི་

p. 125

རྩེར་བཞུགས་པ་ན༔ རྒྱལ་བ་རིགས་ལྔ་སེམས་དཔའ་སྤྱན་རས་གཟིགས་དང་༔ སྡེ་བརྒྱད་ཐམས་ཅད་ཀྱང་དེར་འདུས་པ་དང་༔ བྱང་ཆུབ་སེམས་དཔའ་དེས་དུག་པ་ཅན་གྱི་ལུས་སུ་གྱུར་ནས་བསྟན་པ་བསྲུང་ཞིང་གདུལ་དཀའ་བ་རྣམས་འདུལ་བར་ཤོག་ཅེས་སྨོན་ལམ་བཏབ་མ་ཐག༔ ལྷ་མོ་དཔོན་གཡོག་གཉིས་སུ་གྱུར་ཏེ་བོང་བུ་དང་དྲེལ་ལ་ཆིབས་ནས་འཇིག་རྟེན་དུ་རྒྱུ་བས༔ དེས་ལྷ་རྣམས་ལ་ལ་སྐག་ཅིང་སྔངས༔ ལ་ལས་འཕྱ་བར་བྱེད་པ་ན༔ སྤྱན་རས་གཟིགས་ཀྱི་ཞལ་ནས་འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ཡིན་པས༔ མ་སྐྲག་པར་སྐྱབས་སུ་ཤེས་པར་གྱིས༔ མ་གཤེ་མཆོད་པ་གྱིས་གསུངས་པས༔ ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་ཅིང་བསྟོད་དོ༔ དེ་ནས་ལྷ་མོ་དཔོན་གཡོག་དམྱལ་བ་དང་༔ ཡི་དྭགས་དང་༔ དུད་འགྲོ་དང་༔ ལྷ་མ་ཡིན་གྱི་ཡུལ་དུ་བྱོན་ནས་ཆོས་བསྟན་པས་ཐམས་ཅད་ཐར་ལམ་ལ་བཀོད་ནས༔ དམྱལ་བ་སྟོང་བྱེད་ཡི་དྭགས་ཚེམ་བྱེད་མ༔ དུད་འགྲོའི་ལྷ་མོ་གཡང་ཤམ་མ་ཞེས་གྲགས༔ དེ་ནས་རི་རབ་ཀྱི་རྩེར་བྱོན་པས་ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་ཅིང་བསྟོད་པས༔ ཕྱག་ན་རྡོ་རྗེས་ལེགས་སོ་

p. 126

གསུངས༔ དེ་དག་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བཀོད་པ་ལགས་སོ༔ དེ་ནས་སྐྱེ་བ་བརྒྱུད་ཚུལ་ནི༔ ལྷ་མོ་འདི་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་ལྷ་མོ་འོད་ཟེར་ཅན་དུ་གྱུར༔ འོད་སྲུང་གི་བསྟན་པ་ལ་ལྷ་མོ་དཔལ་ཞེས་བྱ་བ་གྱུར༔ དེ་དག་གི་ཚེ་ཡང་ལམ་ལ་སློབ་པ་དང་ཆོས་བསྲུང་བར་མཛད༔ མར་མེ་མཛད་ཀྱི་བསྟན་པ་ལ་ལྷ་མོ་འཛུ་ཞེས་བྱ་བ་གྱུར་པ་དང་༔ དེ་དུས་ཤཱཀྱ་ཐུབ་པ་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྱུར་ནས་བླ་མར་བསྟེན༔ དེ་ནས་འདས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་རྫོགས༔ ཤཱཀྱ་ཐུབ་པ་མ་བྱོན་བར་ཡུན་རིང་བས༔ ལྷ་མ་ཡིན་རྒྱལ་ནས་ལྷ་ཕམ་མོ༔ དེའི་ཚེ་ལྷ་དབང་ཕྱུག་དང་ལྷ་མོ་ཨུ་མའི་སྲས་མོར་འཁྲུངས་ནས༔ ལྷ་མ་ཡིན་གྱི་གཡུལ་བཟློག་པས་ལྷ་མོ་རྩ་མུན་ཏྲིར་གྲགས་སོ༔ དེ་ནས་རི་ཁྲོད་མེད་ངས་དགའ་བར་ཤིང་ལོ་མནབས་ནས་འཕགས་པ་མི་ཕམ་པའི་གཟུངས་བསྒྲུབས་པས་རི་ཁྲོད་ལོ་མ་ཅན་མཚན་དུ་གྲགས་སོ༔ ཀླུ་དུང་གི་འཛེར་པ་ཅན་སྐྱབས་ཤིང་ཁྱུང་བཏུལ་བས་ལྷ་མོ་དུང་སྐྱོང་མར་གྲགས་སོ༔ དེ་ནས་རི་རབ་ཀྱི་རྩེ་བྱང་ཤར་ཡོངས་འདུའི་དྲུང་རིན་པོ་ཆེའི་གཞལ་ཡས་ཁང་ན་ལྷ་

p. 127

རྣམས་ཀྱིས་མཆོད་ཅིང་བཞུགས་སོ༔ དེའི་ཚེ་ལྷ་རྣམས་ཀྱི་སྲིན་པོའི་ཡུལ་དུ་སྐྱོན་ཕབ་ནས་སྲིན་པོ་དྷ་ཤ་གྲི་ཝ་དང་སྲིན་པོ་རྣམ་ཙེ་གཉིས་མ་གཏོགས་ཤི་ནས༔ སྲིང་མོ་མ་ཧཱ་དེ་བ་ལ་ཕུལ་བས་རེ་མ་ཏི་འཁྲུངས་པ་ལ་ཕྱག་རྡོར་སོགས་ལྷ་སྲིན་རྣམས་ཀྱི་སྐྱེ་བ་ཀུན་ཏུ་རེ་མ་ཏིའི་མིང་དང་ལྡན་ནས་བསྟན་པ་བསྲུང་བར་སྨོན་ལམ་བཏབ༔ ཡབ་ཀྱི་སྦས་པའི་བུ་མོ་ཐལ་མདོག་མ་དང་༔ ཡུམ་གྱི་མི་ཕམ་ཁྲོ་གཉེར་ཅན༔ དུང་སྐྱོང་མས་སྲིན་མོ་དམར་འདབས་ཕུར་བའི་ཞེས་མིང་བཏགས༔ དེ་དུང་སྐྱོང་མའི་གཡོག་མོར་གྱུར་ནས་བསླུས་ནས་དུང་སྐྱོང་མ་སྲིན་པོ་དྷ་ཤའི་ཁབས་སུ་བྱོན་པ་ལས༔ ཡུམ་ཨུ་མས་དམོད་བོར་བས་སྲིན་མོའི་གཟུགས་སུ་གྱུར༔ སྲིན་ཕྲུག་ལྔ་བརྒྱ་འཕེལ་ཙམ་ན་སྲིན་པོ་ཤི་བས་རལ་གྲི་དང་ནོར་བུ་ནེའུ་ལེ་ཁྱེར་སྲིན་གྱི་བོང་བུ་ཞོན་ནས་དུར་ཁྲོད་དུ་འོང་སྟེ་ཤ་ཁྲག་སྤྱོད༔ གཤིན་རྗེས་རླུང་གི་འཁོར་ལོ་བསྒྲུབ་པས་རླུང་ནག་འཚུབ་མ་འགྲུབ་སྟེ༔ རྒྱ་མཚོའི་འགྲམ་དུ་དཔོན་གཡོག་གཉིས་བསྟན་པ་བསྲུང་བར་སྨོན་ལམ་བཏབ་ནས་རླུང་འཚུབ་ཀྱི་རྒྱ་མཚོར་བསྒྱུར་བས༔ དཔོན་མོ་གཤིན་རྗེ་ལྷག་པའི་མཐུ་ཆེན་གྱི་བུ་མོ་དང་༔ གཡོག་མོ་ཀླུ་མོ་རེ་མ་

p. 128

ཏི་ཆུ་སྲིན་གདོང་དུ་སྐྱེས་ནའང་ཚེ་འཕོས༔ བདུད་རེ་སྡེ་མགོ་ཉག་དང་དྲན་པ་དབང་མེད་མའི་བུ་མོ་བདུད་མོ་རེ་མ་ཏིར་སྐྱེས་པས༔ ཕས་སྲིད་གསུམ་བློ་ཕྲོག་མ༔ མས་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་མིང་བཏགས༔ རིན་པོ་ཆེའི་རྒྱན་གྱིས་བརྒྱན་ནས་བདུད་མཁར་རྩེ་ན་འདུག་ཙམ་ན༔ དཔོན་མོས་སྔགས་ཀྱི་བསྐྱུགས་པས་སྐྱེ་བ་དྲན་ནས་བདུད་ཀྱི་ཁྲམ་ཤིང་དང་མཚོན་དྲུ་ཐོགས་ནས་འོང་༔ ལམ་དུ་སྲིན་པོ་བུམ་སྣ་ཤི་བའི་ནང་ཁྲག་གི་རྫིང་བུ་འཐུངས་པས་ཁ་རླངས་ནད་སྤྲིན་བྱུང་༔ བཙན་སྐྱ་རྡོ་རྗེ་ཟླ་བ་དང་འདྲོག་པས་ཤྭ་རྡེལ་བྱིན༔ སྲིན་གྱི་བོང་བུ་དང་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ལ་དྲེལ་སྔོན་རླུང་གི་གཤོག་པ་ཅན་བྱུང་བ་ཆིབས༔ ཁྲམ་ཤིང་དང་ཤཱ་དྷེལ་ཐོགས༔ དཔོན་མོས་བོང་བུ་ཞོན་རལ་གྲི་ཐོད་པ་ཐོགས༔ མཐུ་རྩལ་ཆེ་བས་སྐྱེ་བ་རྣམ་བཞིའི་སེམས་ཅན་རྣམས་ཟོས་ནས་སྟོང་ལ་ཁད་དུ་བྱས༔ འཇིག་རྟེན་གྱི་མ་མོ་དང་མཁའ་འགྲོ་ཐམས་ཅད་བྲན་དུ་གྱུར་ཏོ༔ དེའི་ཚེ་བྱང་ཆུབ་ཤིང་དྲུང་དུ་ཤཱཀྱ་ཐུབ་པ་དང་མཇལ་ནས༔ སེམས་བསྐྱེད་སྲོག་སྙིང་ཕུལ༔ ཨ་སུ་རའི་བྲག་ཕུག་ཏུ་བྲམ་ཟེ་མཆོག་སྲེད་དང་གསུམ་གྱི་ཨེ་ཀ་ཙ་ཏི་བསྒྲུབ་པས་ཞལ་

p. 129

མཐོང་༔ འདོད་ཁམས་མཐུ་མོ་ཆེར་དབང་བསྐུར༔ དགེ་སློང་ཕོ་མོ་གཉིས་རྒྱལ་པོའི་ཆད་པས་བསད་བདུད་དུ་སྐྱེས་ནས་མི་རྣམས་རེས་མོས་ཟ་བ་དེ་གཉིས་བསྒྲལ༔ སའི་ལྷ་མོས་ནམ་གྲུ་མཆེད་བརྒྱད་བྲན་དུ་ཕུལ༔ ཡུམ་ཨུ་མ་དང་རྟ་མགྲིན་དང་ཕྱག་ན་རྡོ་རྗེས་དབང་རྣམས་བསྐུར་བས་ས་རྣམ་པ་དྲུག་ཏུ་གཡོས་མཐུ་རྩལ་བསམ་གྱིས་མི་ཁྱབ་པར་གྱུར་པས༔ འཁོར་ལོས་བསྒྱུར་རྒྱལ་དང་སྡེ་བརྒྱད་ཐམས་ཅད་ཀྱི་རང་རང་གི་རྟགས་རེ་རེ་ཕུལ་ཞིང་བསྟོད་དོ༔ སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བར་གྱུར་ཏོ༔ བསྐལ་པ་འདི་ལ་སངས་རྒྱས་སྟོང་གི་བསྟན་པ་བསྲུང་ཞིང་། མཐར་བྱང་ཤར་གྱི་འཇིག་རྟེན་དུ་དཔོན་མོ་ནི་སངས་རྒྱས་པདྨོ་དམ་པ་དང་༔ གཡོག་མོ་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་བཤེས་གཉེན་ཞེས་བྱ་བར་འགྱུར་བ་ཕྱག་ན་རྡོ་རྗེས་ལུང་བསྟན་ཏོ༔ དེ་ཡང་དངོས་གྲུབ་འབྱུང་རྒྱུད་ནི་གསར་མ་ཉིད་དུ་སྣང་ལ༔ དེ་མིན་ལྷ་མོའི་རྒྱུད་ཕལ་ཆེ་བ་ནི་མ་མོ་དྲོད་གཏོང་གི་རྒྱུད་ཀྱི་ཆ་ལག་ཏུ་གཏོགས་པ་སྟེ༔ རྒྱ་གར་གྱི་རིག་འཛིན་དྷ་ན་སཾ་ཀྲི་ཏ་དུར་ཁྲོད་ཆེན་པོ་ཞིག་ན་བཞུགས་པ་ན་བུད་མེད་ནག་མོ་རལ་པས་ས་གཞི་ཁྱབ་པ་ཞིག་འབྱུང་ནས་

p. 130

ལུང་བསྟན་པས༔ ལྷ་མོའི་རྒྱུད་གཏེར་ནས་བཏོན༔ ཨོ་རྒྱན་རིན་པོ་ཆེས་ཡང་ལེ་ཤོད་དུ་ཕུར་པ་བསྒྲུབ་པའི་ཚེ་རེ་མ་ཏི་ཕུར་སྲུང་དུ་བསྐོས་པ་དང་༔ བོད་དུ་བྱོན་པས་མ་ཕམ་གྱི་མཚོ་བདག་ལྷ་མོ་དེ་གནམ་ལྕགས་ཀྱི་སེང་གེ་རི་རབ་ཙམ་བཞིར་སྤྲུལ་ནས་སློབ་དཔོན་ལ་ཉམས་ཚད་པ་དམ་ལ་བཏགས༔ ལྷ་མོའི་སྒྲུབ་སྐོར་མང་དུ་མཛད་ནས་གཏེར་དུ་སྦས་པ་གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་གྱིས་བཏོན་པའི་དབང་ལུང་གི་རྒྱུན་ཡང་ཐོབ་ལ༔ ཡང་ཨོ་རྒྱན་རིན་པོ་ཆེས་ལོ་ཙཱ་ཅོག་རོ་ཀླུའི་རྒྱལ་མཚན་ལ་གནང་བ་དང་༔ འོ་བྲན་དཔལ་གྱི་དབང་ཕྱུག་ལ་གནང་བའི་རྙིང་མ་བཀའ་མའི་རྗེས་གནང་རྒྱུན་ཡང་ཡོད་མོད་ཀྱི༔ འདི་ནི་གནམ་ཆོས་ཡིན་ཏེ༔ དེ་ཡང་རིག་འཛིན་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་དུས་སུ་སྐུ་མཚམས་ལ་བཞུགས་སྐབས་ལ༔ ཡུལ་ཕྱོགས་ཀུན་ཏུ་རིམས་ནད་ཀྱི་མི་མང་དུ་ཤི་བའི་དགུན་དཔྱིད་རྣམས་སུ༔ དཔལ་ལྡན་ལྷ་མོ་ཞི་བ་བསྟན་ནས་ལོ་མ་ཅན་དང་འོད་ཟེར་ཅན་ལ་སོགས་དང་ཤིང་ལོ་དང་དབྱངས་ཅན་མའི་སྒྲུབ་ཐབས་དང་༔ རིམས་ནད་བསྲུང་ཐབས་མང་པོ་དང་༔ ལྷ་མོ་གཟིག་ཤམ་ཅན་དུ་བྱས་ནས་ལུང་བསྟན་འགའ་རེ་དང་༔ ཁྲོ་

p. 131

མོར་སྤྲུལ་ནས་དུད་སོལ་བྱ་མགོ་ཅན་དང་རེ་མ་ཏི་ཕྱག་དྲུག་མ་དང་༔ གཙོ་འཁོར་ཡོངས་རྫོགས་བསྟན་ནས་ལྷ་མོའི་སྤྱི་མདོས་ནད་རིམས་རྒྱུན་གཅོད་གནང་དེས་བཅོས་པས་ནད་རིམས་ཡང་བདེ༔ དེ་ནས་རིམ་པར་ལྷ་མོ་ཡེ་ཤེས་པ་དུད་སོལ་མ་དང་རང་བྱུང་ཨེ་ཀ་ཙ་ཏི༔ ལས་ཀྱི་རེ་མ་ཏི་དམག་ཟོར་མ་སྤྱང་ཞོན་མ༔ དུར་ཁྲོད་བདག་མོ༔ ངེ་ནེ་མ་ལ་སོགས་དུར་ཁྲོད་ཀྱི་ལྷ་མོ༔ སྲིན་མོ་གཡག་མགོ༔ གཡུ་སྒྲོན་བརྟན་མ་སྤྱི་སྒྲུབ༔ ཨ་ཕྱི༔ ཚེ་རིང་མ༔ རྐང་བཙུན་སོགས་སོ་སོའི་སྒྲུབ་ཐབས་བསྟེན་ནོ༔ དེ་དག་སོ་སོའི་ལས་ཚོགས་དངོས་གྲུབ་ཅི་འདོད་པ་ནི་སོ་སོར་གསལ་ལ༔ ཡེ་ཤེས་ཀྱི་ལྷ་མོ་དཔོན་གཡོག་བསྒྲུབ་པ་དང་༔ མཆོད་པ་དང་༔ དབང་ཐོབ་ཅིང་དམ་ཚིག་བསྲུང་བའི་དགོས་ཆེད་ཕན་ཡོན་ནི༔ མེ་ལྕེ་འབར་བའི་རྒྱུད་ལས༔ འདིའི་དོན་བསྒོམ་རྩེ་གཅིག་ཡིད་ཀྱིས་བཟླས་སོ༔ འདིས་ནི་མི་ནུབ་རྒྱལ་མཚན་དམ་པ་འཐོབ༔ འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་འཐོབ༔ འདིས་ནི་ཡིད་བཞིན་རིན་ཆེན་འབར་བ་འཐོབ༔ འདིས་ནི་ཅི་འདོད་ཐོགས་མེད་དངོས་གྲུབ་ཐོབ༔ ཅེས་དང་༔ ལྷ་མོའི་བསྟོད་པའི་རྒྱུད་ལས༔

p. 132

བཅོམ་ལྡན་ཕྱག་ན་རྡོ་རྗེས་བཀའ་སྩལ་པ༔ ལྷ་མོའི་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ༔ སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ༔ ལྷ་མོས་ཀྱང་མི་དེ་སྲུང་བར་བྱེད་དོ༔ སྐྱོབ་པར་བྱེད་དོ༔ ཅི་འདོད་པའི་དངོས་གྲུབ་སྟེར་རོ༔ ཞེས་དང་༔ གསེར་འོད་དམ་པ་ནས༔ གལ་ཏེ་གཡུལ་འགྱེད་འཇིགས་པའི་གནས་དག་གམ༔ མེ་ནང་ལྟུང་བ་དག་ནི་མཐོང་གྱུར་ཏམ༔ ཆུ་བོ་ཉམ་ང་ཆོམ་རྐུན་འཇིགས་པ་འཚེ༔ འཇིགས་པ་དེ་དག་ཐམས་ཅད་སེལ་བར་ནུས༔ གལ་ཏེ་རྒྱལ་པོའི་ཁྲིམས་ཀྱིས་བཅིང་བསྒྲོག་གམ༔ གལ་ཏེ་ཤ་ཆང་གསོད་པར་བྱིན་པའི་ཚེ༔ སེམས་ནི་རྩེ་གཅིག་མི་གཡོ་གནས་གྱུར་ན༔ ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར༔ ཞེས་དང་༔ ལྷ་མོའི་གཟུངས་མི་འདྲ་བ་མང་པོ་ཞིག་དོན་མཐུན་པར༔ སྙིང་པོ་བཟླ་བས་ནད་རིམས་དང་ཡམས་དང་གདོན་དང་འབྱུང་པོའི་གནོད་པ་སྐྱོབ་ཅིང་དཔག་ཚད་ཚུན་ཆད་བསྲུང་གསུངས་པ་དང་༔ བསྟོད་རྒྱུད་ལས༔ མི་ནད་གང་ཡིན་ཁྱོད་མིང་ཤེས༔ དེ་ལ་འཇིགས་པ་མེད་པར་འགྱུར༔ ཞེས་དང་༔ དངོས་གྲུབ་འབྱུང་རྒྱུད་ལས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཚར་ཆོད་མ༔ བདུད་རྩི་སྨན་

p. 133

གྱི་རྒྱལ་མོ༔ ཞེས་གསུངས་ལ༔ ད་ལྟར་གསར་མ་ལུགས་ཀྱི་ལྷ་མོ་དུད་སོལ་མའི་གསང་སྒྲུབ་རྒྱ་གཞུང་འདི་ནི་གནམ་ཆོས་ཡིན་ཏེ༔ ལྷ་མོས་བིར་ཝ་པ་ལ་གསུངས་པ་ཕྱིས་ཡི་གེར་བཀོད་པའོ༔ དེ་ལྟར་སྲུང་བའི་མཆོག་དམ་པ་དངོས་གྲུབ་ཐམས་ཅད་འབྱུང་གནས་ཡིན་ཅིང་༔ ངོ་བོ་ཡེ་ཤེས་པ་ཡིན་ཀྱང་རྣོ་མྱུར་འཇིག་རྟེན་ལས་ཀྱང་ཆེ་ཞིང་ཤིན་ཏུ་གཉན་པས་དབང་ཐོབ་ནས་དམ་ཚིག་ལ་གནས་པ་གལ་ཆེ་སྟེ༔ འཕགས་པ་དུར་ཁྲོད་བདག་མོ་ལྷ་མོ་ནག་མོའི་རང་རྒྱུད་ལས༔ སྔགས་པས་བོས་ན་འོང་བས་ཀུན་གསོན་ལ༔ འགྲོ་བ་དབུགས་དང་བྲལ་ཁ་མི་སླེབ་མི་སྲིད་པས་དབུགས་བདག་ཆེན་མོ༔ ཕྲག་དོག་ཆེ་བས་བསྟེན་ཚུལ་དཀའ་མ༔ བཅོས་ན་ཐུབ་པས་བཟློག་སླ་མོ༔ ཕུད་ལ་དགའ་བར་ཕུད་བདག་ཆེན་མོ༔ ཐ་མ་ལྷག་མར་སྡུད་པས་ལྷག་ལ་དགྱེས༔ ཞེས་གསུངས་སོ༔ དེ་ཡང་གནམ་ཆོས་སྐབས་སུ་ལྷ་མོའི་རིགས་སྒྲུབ་ཐབས་རྣམ་གྲངས་མང་ཆེས་པ་གཅིག་བྱུང་བ་སོ་སོའི་ངོ་བོ་གཅིག་སྣང་ཞེས་དོག་པ་གླེང་བ་ན༔ སྤྲུལ་སྐུ་དགུང་ལོ་བཅུ་གསུམ་པ་བྱའི་ལོ་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་ཞལ་གཟིགས་

p. 134

ཏེ་གསུངས་པ༔ དུད་སོལ་ལོ་ཅན་གཅིག་ཡིན་ནོ༔ རང་བྱུང་རེ་ཏི་ཨེ་ཀ་ཙ༔ དམག་ཟོར་སྲོག་སྒྲུབ་གཅིག་ཡིན་ནོ༔ ཁྲི་སྨན་སི་ལེ་ཨ་ཕྱི་གཅིག༔ དུར་བདག་དེ་ནི་རྩ་འཇིབ་གཅིག༔ སྟག་སྨན་སོར་ལྡེམ་ཚེ་རིང་གཅིག༔ དངོས་གྲུབ་ཞལ་དང་དམ་སྲུང་གཅིག༔ བ་ལམ་དྲིལ་སྣ་ཁྲག་དགའ་གཅིག༔ གཏུམ་འཇིགས་ཀི་ལི་སྒྲ་སྒྲོག་དང་༔ སྤྱང་ཞོན་སྦྱོར་ཟིན་དཔལ་ལྷ་གཅིག༔ ཡི་དྭགས་ཁ་དང་ཁོ་ལེ་དང་༔ རབ་བརྟན་མ་ནི་གཅིག་ཡིན་ནོ༔ གཡུ་སྒྲོན་ཁ་ཆེ་གཡག་མགོ་གཅིག༔ ཞེས་གསུངས་སོ༔ དེས་ན་རེ་མ་ཏི་ནི་རིགས་གཅིག་གིས་མིང་མིའི་རུས་ལྟ་བུར་སྣང་བས༔ ལྷ་མོའི་རིགས་ཕལ་ཆེར་རེ་མ་ཏི་ཡིན་ཟེར་ནས༔ བསྟོད་འབུམ་ནས་ཡེ་ཤེས་ཀྱི་ལྷ་མོ་དཔོན་གཡོག་གི་བསྟོད་པ་སྦྱར་མཁན་མང་ན་ཡང་༔ རྒྱལ་པོའི་བསྟོད་པ་དེ་མངའ་ཞབས་ཀྱི་མི་སུ་མཐོང་ལ་སྦྱར་བ་ལྟར་འགྱུར་རམ་བསྟན་པར་བྱའོ༔ སྤྲུལ་སྐུ་དགུང་ལོ་བཅུ་བདུན་པ་ལ་སྐུ་མཚམས་ཁོངས་སུ་དགོངས་གཏེར་མང་ཞིག་ཕབ་པ་ལ་ཡང་༔ རེ་མ་ཏི་མཆེད་གསུམ་གྱི་སྒྲུབ་ཐབས༔ ལྷ་མོ་རི་དྭགས་རྐྱང་ལ་ཆིབས༔ ལྷ་མོ་རྐང་ཐང་རི་རབ་སྟེང་ན་བཞེངས་པ༔ དུར་ཁྲོད་ཀྱི་མ་མོ་བརྣོ་

p. 135

གཉེན་ཅན༔ ཀོ་རི་མ་བརྒྱད་སོགས་ཀྱི་སྒྲུབ་ཐབས་མང་ཞིག་བྱུང་བ་ལས༔ ད་ལམ་ཡེ་ཤེས་ཀྱི་ལྷ་མོ་ཧྥེའམ༔ འཇིག་རྟེན་གྱིའམ༔ ལས་ཀྱི་ལྷ་མོ་སྒྲེའམ༔ གཟུངས་དབང་ངམ༔ བཀའ་གཏད་བྱེད་པ་ཡིན་པས༔ སྤྱིར་གསང་སྔགས་གྱི་དམ་ཚིག་བསྲུང་དགོས་པ་གཞིར་བཅས༔ ཁྱད་པར་ཡེ་ཤེས་ཀྱི་ལྷ་མོ་དཔོན་གཡོག་གི་དམ་ཚིག་ཀྱང་དེར་འདུས་མོད་ཀྱིས༔ བྱེ་བྲག་ནི་མེ་དང་རླུང་དང་བུད་མེད་སྦྲུམ་མ་ལ་མི་སྨད་པ༔ ནལ་ཕྲུག་དང་བོང་བུ་ལ་བྱམས་པར་བྱ་བ༔ ཕྲེང་བ་མི་ལག་མི་འགྲིམ༔ རླུང་ནག་འཚུབ་མ་ལ་རྒྱབ་མི་སྟོན་པ༔ རྡོ་སོལ་མཐོང་ན་ཚུ་ལ་མི་བསྐུར་བ༔ དེ་རྣམས་ཡང་སྲུང་གལ་ཆེ་ནས་ཡིད་ལ་བཞག་ནས༔ དཔལ་ལྡན་ལྷ་མོ་དཔོན་གཡོག་སྤྱིའམ༔ བྱེ་བྲག་ཚེ་ཆོས་སྐྱོང་དུ་བསྟེན་ཕྱིར་དབང་ཞུ་སྙམ་པས་རྗེས་ཟློས་མཛོད༔ ཅེས་པ་ཡང་གནམ་ཆོས་ཀྱི་རྩ་བའི་གཏེར་སློབ་ཏུ་གྱུར་པ་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ལྡན་ལྷ་མོ་དུད་སོལ་མའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས།

p. 136
p. 137

དཔལ་ལྡན་ལྷ་མོ་དུད་སོལ་མའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

p. 138

ན་མོ་ཧེ་བཛྲ་ཡེ། འདིར་ལྷ་མོའི་གཏོར་དབང་སངས་རྒྱས་ཡེལ་པའི་ལུགས་གབ་སྦས་འཁྲུགས་བསལ་ཏེ། བཀོད་པ་ལ་མ་གཅིག་གི་ཐུགས་ཀྱི་བརྩེ་བས་གནང་ཞིང་རྗེས་བྱིན་གྱིས་བརླབ་ཏུ་གསོལ། སྟེགས་གཞིའི་སྟེང་དུ་དར་རས་ནག་པོ་ཁྲུ་གསུམ་དུ་བཏིང་བར་འབྲུ་ཡི་ཚོམ་བུ་ལྷ་གྲངས་དགུ་བཀོད་པའི་སྟེང་དུ་མཉྫི་བཞག་པར་ལྷ་མོའི་གཏོར་མ་ཟུར་གསུམ་ཧ་ཅང་མི་རིང་བར་རལ་གྲི་ཁཊུ་ཧཱུྃ་ཡིག་གིས་མཚན་པའི་མར་རྒྱན། གཏོར་མར་ནག་རྩི་བྱུག་པར་བྱས། རྩེ་ལ་ཡོད་ན་ཙཀ་ལི་དར་ནག་གདུགས་བཙུགས་པའི་མཐར་སྨན་རཀ་རྣམ་ལྔ་སོགས་སྤྱི་ལྟར་གང་འཛོམ་དང་། དམར་གཏོར་བཟང་བ་གཅིག་ཀྱང་བཤམས་ཏེ། འབྱོར་ན་ཚོགས་རྫས་གང་འཛོམས་བཤམས། ཕུགས་གཏོར་ཡོད་ན་གསོ་བྲན་བྱེད། མེད་ན་ལྷ་མོའི་སྨད་མཆོད་

p. 139

པར་དམིགས་ལ། ཡི་དམ་གདན་བཞི། ཀྱི་རྡོར། ཕྱག་རྡོར། རྟ་མགྲིན་རྣམས་གང་རུང་བསྒོམ་པ་ཡིན་ན་འབྲེལ་ཆེ་བས་ལེགས་ལ། ཡང་ན་ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་སོང་ན་དེས་ཆོག །ལྷ་མོའི་མངོན་རྟོགས་ནས་བསྟོད་པ་ཡན་གཏོར་ཆོག་ལྟར་རྒྱས་བསྡུས་སྐབས་དང་བསྟུན། བསྙེན་པ་བརྒྱ་རྩ་ལས་མི་ཉུང་བར་བྱ། གྲྭ་པ་མང་ན་སྔགས་འུར་འདོན་སྟོང་ཕྲག་ཙམ་བྱས་ལ། དེ་ནས་སློབ་མ་རྣམས་འདུས་ལ། ཁྲུས་ཆབ་དང་མེ་ཏོག་བཀྱེ། སྔོན་དུ་མ་སོང་ན་བགེགས་གཏོར་བཏང་། མཚམས་བཅད་སྲུང་འཁོར་བསྒོམ་པ་དང་རྒྱས་བསྡུས་སྐབས་དང་བསྟུན་ཏེ་བྱས་ལ། འོ་ན་ད་ལམ་ཁྱེད་རྣམས་ལ་མ་གཅིག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་དབང་གཏོར་མ་ལ་བརྟེན་ཏེ་རྫོགས་

p. 140

པར་བསྐུར་བ་ཡིན་པས། དེ་ལ་ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན། ལྷ་མོ་འདིའི་ངོ་བོ་ནི་མེ་ལྕེ་འབར་བའི་རྒྱུད་ལས། དབྱིངས་ཀྱི་དབྱིངས་སུ་དབྱེར་མེད་པའི་སྟོང་ཉིད་ཆོས་སྐུ་རྣམ་དག་ཡེ་ཤེས་ལྔ། སྤྲུལ་པའི་མཚན་མ་སྟོང་། ཞེས་དང་། རྒྱུད་ལས་བསྐལ་པ་དུ་མའི་སྔོན་རོལ་ནས། དུས་གསུམ་སངས་རྒྱས་ཞལ་མཐོང་ཞིང་། །བླ་མེད་བྱང་ཆུབ་གོ་འཕང་ཐོབ། །པདྨའི་ཞིང་འདིར་སྤྲུལ་པའི་སྐུ། །ལྷ་མོའི་ཚུལ་དུ་རབ་བརྟེན་ནས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཞེས་གསུངས་པས། ལྷ་མོ་འདི་བསྐལ་པ་གྲངས་མེད་པ་ནས་སངས་རྒྱས་ཚར་ནའང་སྤྲུལ་པའི་བཀོད་པ་གྲངས་མེད་པས་འགྲོ་བའི་དོན་མཛད་དེ། སྤྲུལ་པ་རེ་རེ་ལའང་སྐྱེ་རྒྱུད་དང་ལོ་རྒྱུས་མི་འདྲ་བའི་རྒྱུད་གཞུང་རེ་རེ་ཡོད་པས། དེ་དག་ཐམས་ཅད་རྫུ་འཕྲུལ་གྱི་བཀོད་པ་ཡིན་པས། རྒྱུད་གཞུང་གི་ལོ་རྒྱུས་དེ་དག་ཐམས་ཅད་བདེན་གྱིས་འགལ་བ་དང་མ་དག་གི་ཁྱད་ནི་མ་ཡིན་ནོ། །དེའི་ཕྱིར་གྲུབ་ཆེན་ནཱ་རོ་པའི་གསུངས་རྒྱུད། བུ་ཆུང་དུ་གྲགས་པའི་ལོ་རྒྱུས་ལས་དཔལ་ལྡན་ལྷ་མོ་འདི་ནི། ཕྱག་རྡོར་གྱི་སྤྱན་དབུས་མ་ལས་བྱུང་བའི་ལྷ་མོ་ཨུ་མ་དང་། ཚངས་པའི་ཡུམ་དཔལ་འབར་མ་

p. 141

དང་། དབང་ཕྱུག་གི་ཡུམ་འདོད་ཁམས་དབང་ཕྱུག་མ་དང་། བརྒྱ་བྱིན་གྱི་ཡུམ་ལྷ་མོ་དབང་ཕྱུག་མ་དང་། ལྷ་མིན་གྱི་ཡུམ་ལྷ་མོ་མེ་འབར་མཚོ་སྐེམ་མ་དང་།། གཤིན་རྗེའི་གོ་རི་ལ་སོགས་པ་དགྱེས་རྡོར་གྱི་ཕྱོགས་བཞིའི་ལྷ་མོ་བཞི་རྣམས་ངོ་བོ་གཅིག་ཡིན་ཀྱང་། སྤྲུལ་པ་དང་སྐུའི་བཀོད་པ་སོ་སོ་ཡིན་པར་བཤད། སློབ་དཔོན་པདྨས། ཕྱི་ལྟར་ཨེ་ཀ་ཙ་ཏི། ནང་ལྟར་རེ་མ་ཏི། གསང་བ་སྲོག་སྒྲུབ་ནག་མོ། ཡང་གསང་ཀུན་ཏུ་བཟང་མོ་རྣམས་ངོ་བོ་གཅིག་པར་གསུངས། ས་གུར་དང་རྒྱུད་གུར་ལས་སྦྱར་བའི་འདོད་ཁམས་མ་འདི་ཡིན་ཏེ། བསྟོད་པ་ལ་ངོ་བོ་གཅིག །རྐང་བརྒྱད་འདི་རང་བྱེད། རང་བྱུང་རྒྱལ་མོ་དང་ངོ་བོ་གཅིག་སྟེ། དྲེལ་ཞོན་མ་དང་བོང་ཞོན་མ་གཉིས་རྣམ་པ་ན༔ དཔོན་གཡོག་ཏུ་སྣང་ཡང་ངོ་བོ་གཅིག་ཚུལ་རྒྱུད་རྣམས་སུ་གསལ། སངས་རྒྱས་ཡེལ་པའི་ལུགས་ལ་ནི། གྲུབ་ཆེན་བིར་ཝ་པས་བདག་མེད་མ་མཇལ་ནས་དབང་བསྐུར་བས་ས་དྲུག་པ་ཐོབ་པ་བདག་མེད་མ་དེ་ནི། ལྷ་མོ་འདི་ཉིད་ཡིན་པར་གསུངས་པར་གདའ། དེ་བཞིན་དུ་རྒྱ་གར་གྱི་གྲུབ་ཆེན་མཚོ་སྐྱེས་པས་མཛད་པའི་གཞུང་ལས། ཕྱི་སྒྲུབ་དབྱངས་ཅན་

p. 142

མ། ནང་སྒྲུབ་རྡོ་རྗེ་ཕག་མོ། གསང་སྒྲུབ་ལྷ་མོ་འདི་ཉིད་ཡིན་པར་གསུངས། རྒྱ་བོད་མཁས་གྲུབ་ཕལ་ཆེར་ནས་གསེར་འོད་དམ་པ་ནས་གསུངས་པའི་དབྱངས་ཅན་མ་དང་། །ལྷ་མོ་དཔལ་དང་དོན་གཅིག་ཏུ་བཞེད་དེ། དེ་ཐམས་ཅད་ཅི་ལྟར་ཞིག་སྙམ་ན། གསང་སྔགས་སྔ་འགྱུར་ལྷ་མོའི་རྒྱུད་ལས། མི་མངོན་ནམ་མཁའི་དབྱིངས་ཤེད་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམས། །སྔགས་ཀྱང་མི་གཅིག་སོ་སོར་བཟླས། །མཚན་ཀྱང་མི་གཅིག་སོ་སོར་འབོད། །ཇི་ལྟར་བྱས་ཀྱང་ངོ་བོ་གཅིག །ཇི་ལྟར་སྒྲུབ་ཀྱང་དངོས་གྲུབ་འབྱུང་། །ཞེས་གསུངས་སོ། །དེ་ལྟར་ངོ་བོ་གཅིག་ལ་སྤྲུལ་པའི་ལྷ་མོ་སྟོང་རྩ་བརྒྱད། དེ་རེ་རེ་ལའང་ལོ་རྒྱུས་དང་སྐྱེ་རྒྱུད་སྒྲུབ་ཐབས་མི་འདྲ་བ་རེ་རེ་ཡོད་ནའང་། འདིར་མེ་ལྕེ་འབར་མ་དང་། ཤན་པ་ནག་མོའི་རྒྱུད་དང་། དངོས་གྲུབ་བསྟན་གཟིགས་གསུམ་གཙོ་བོར་བྱས་ཏེ་ལོ་རྒྱུས་བཤད་ནའང་། ལྷ་མོ་འདི་ཉིད་ཆོས་སྐུ་ཡུམ་ཆེན་མོ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་ངང་

p. 143

ལས། ལོངས་སྐུ་འཇའ་ཚོན་ལྟ་བུར་རྡོ་རྗེ་རོ་ལངས་མ་དང་། བདག་མེད་མ་དང་། རྡོ་རྗེ་ཕག་མོ་དང་། པདྨ་གཟི་ལྡན་མ་དང་། ཀྲོ་ཏི་ཤྭ་རི་མ་ལ་སོགས་སུ་སྣང་བས། ཡི་དམ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་ལས། བསྐལ་པ་སྔོན་གྱི་དུས་ཞིག་ལ། །སྤྲུལ་པས་འགྲོ་བ་འདུལ་ཕྱིར། བྱང་ཆུབ་སེམས་དཔའ་ས་བརྒྱད་ལ་གནས་པ་སྨོན་ལམ་ཏིང་ངེ་འཛིན་མི་གཡོ་བ་བྱ་བ་གཅིག་ཏུ་སྤྲུལ་ནས་བཞུགས་པ་ལ། སངས་རྒྱས་རྣམས་ཀྱི་སྤྱན་གྱི་དབང་བསྐུར་བས། དེ་ཉིད་ཁྲོ་བོ་རྣམ་པར་སྣང་མཛད་ཅེས་བྱ་བ་ལྗང་ཁུ་དབུ་བཅུ་ཕྱག་སྟོང་ཞབས་སོ་གཉིས་དང་ལྡན་པ། སྐུ་ཚད་ནམ་མཁའ་དང་མཉམ་པར་སྤྲུལ་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཞབས་ཀྱིས་མནན་པའི་ཆོ་འཕྲུལ་རྒྱུ༔ བསྟན་ནས་སླར་སྤྲུལ་པ་བསྡུས་ཏེ་རི་རབ་ཀྱི་རྩེར་བཞུགས་པ་དང་། རྒྱལ་བ་རིགས་ལྔ་དང་། སྤྱན་རས་གཟིགས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འདུས་སོ། །དེར་བྱང་ཆུབ་སེམས་དཔའ་དེས་བདག་ནི་གདུག་པ་ཅན་གྱི་ལུས་སུ་གྱུར་ནས་འདུལ་དཀའ་བ་འདུལ་ཞིང་བསྟན་པ་སྐྱོང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་མ་ཐག །བྱང་ཆུབ་སེམས་དཔའ་དེ་ཉིད་

p. 144

ལྷ་མོ་དཔོན་གཡོག་གཉིས་སུ་བསྒྱུར་ཏེ། དྲེལ་དང་བོང་བུ་ཆིབས་ནས་འཇིག་རྟེན་ཁམས་སུ་རྒྱུག་གོ །དེར་ལྷ་ལ་སོགས་པའི་འཁོར་ལ་ལ་སྐྲག་ཤིང་དངང་ལ་ལས་འཕྱ་ཞིང་བགད། པ་ན། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ནས། འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ཡིན། མ་གཤེ་སྐྱབས་དང་གླིང་དུ་ཤེས་པར་གྱིས་ལ་མ་སྐྲག་པར་མཆོད་ཅིག་གསུངས་པས་ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་ཅིང་བསྟོད་དོ། །དེ་ནས་དམྱལ་བ་ཡི་དྭགས་དང་དུད་འགྲོ་དང་ལྷ་མ་ཡིན་གྱི་ཡུལ་དུ་བྱོན་ནས་ཆོས་བསྟན་ནས་བར་ཆད་ཐམས་ཅད་གྲོལ་བའི་ལམ་ལ་བཀོད་པས་དམྱལ་བ་སྟོང་བྱེད་མ། ཡི་དྭགས་ཚིམ་བྱེད་མ། བྱོལ་སོང་གི་ལྷ་མོ་གཡང་ཤམ་མ་ཞེས་གྲགས། དེ་ནས་རི་རབ་ཀྱི་རྩེར་བྱོན་ནས་ལྷ་རྣམས་ལ་ཆོས་བསྟན་ནས་ཕྱག་ན་རྡོ་རྗེས་ལྷ་རྣམས་ལ་མཆོད་པ་གྱིས་ཤིག་གསུངས་ནས། ལྷ་སྲིན་སྡེ་བརྒྱད་ཀྱིས་མཆོད་དོ་ཕྱག་ན་རྡོ་རྗེའི་ལེགས་སོ་གསུངས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་བཀོད་པ་སྐད་ཅིག་ལ་བསྟན་པར་སྣང་ལ། དེ་ནས་ལྷ་མོ་དཔོན་གཡོག་དེ་འཇིག་རྟེན་ལྷ་དང་མི་ལ་ཕན་ཕྱིར་སྐྱེ་བ་བརྒྱུད་ཚུལ་ནི། དེ་ཡང་ལྷ་མོ་འདི་སྔོན་སངས་

p. 145

རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། ལྷ་མོ་འོད་ཟེར་ཅན་དུ་གྱུར་ནས་བཅོམ་ལྡན་འདས་དེའི་དྲུང་དུ་ལམ་ལ་བསླབ་བོ། །དེ་བཞིན་དུ་འོད་སྲུང་གི་བསྟན་པ་ལ། ནམ་མཁའི་དཔལ་མོ་བྱ་བར་གྱུར། མར་མེ་མཛད་ཀྱི་བསྟན་པ་ལ་ལྷ་མོ་མཉྫ་ཞེས་བྱ་བར་གྱུར་ནས། དེའི་དུས་ཤཱཀྱ་ཐུབ་པ་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྱུར་པ་བླ་མར་བསྟེན་ཏེ་ས་བརྒྱད་ཐོབ་ཚུལ་བསྟན། དེ་ནས་འདས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་ནི་རྫོགས་སོ། །ཐུབ་པ་དེའི་བསྟན་པ་མ་བྱུང་སྐབས་ཡུན་རིང་བའི་ཚེ། ལྷ་མ་ཡིན་རྒྱལ། ལྷ་ཕམ་པའི་ཚེ། ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་གཉིས་ཀྱི་སྲས་མོར་ལྷ་མོ་འདི་འཁྲུངས། ལྷ་མ་ཡིན་གྱི་གཡུལ་ཟློག །ལྷ་རྒྱལ་བར་བྱས་ཏེ་མཚན་ཙ་མུན་ཏྲར་ཞེས་གྲགས་སོ། །དེ་ནས་རི་ཁྲོད་མདངས་དགའ་ན་རི་ཁྲོད་ཅན་གྱི་ལོ་མ་མནབས་ནས་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་པཎ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་གྲགས་སོ། །དེ་ནས་ཀླུ་དུང་གི་མཛེར་པ་ཅན་ལ་ཁྱུང་གི་འཚེ་བ་ལས། ཁྱུང་བཏུལ་ནས་ཀླུའི་སྐྱབས་མཛད་པས་དཀར་མོ་དུང་སྐྱོང་ཞེས་གྲགས་སོ། །དེ་ནས་རི་རབ་ཀྱི་རྩེར་བྱང་

p. 146

ཤར་ཤིང་དྲུང་ནས་རིན་པོ་ཆེ་གཞལ་ཡས་ཁང་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་བཞུགས་ཤིང་ལྷ་རྣམས་ཀྱིས་མཆོད་དོ། །དེའི་ཚེ་སྲིན་པོའི་ཡུལ་དུ་ལྷས་སྐྱོན་ཕབ་ནས། སྲིན་པོ་དྷ་ཤ་གྷི་ཝ་དང་རྣ་ལ་རྩེ་གཉིས་མ་གཏོགས་ཕལ་ཆེར་ཤི་ནས། དེར་ཟླ་ཤེས་ལྷ་དང་མི་འདུལ་བའི་ཕྱིར་སྲིང་མོ་མ་ཧཱ་དྷེ་ཝར་ཕུལ་བས། རེ་མ་ཏི་འཁྲུངས་པ་དང་། ཕྱག་ན་རྡོ་རྗེ་དང་ལྷ་སྲིན་ཐམས་ཅད་ཀྱིས་བསྟན་པ་སྲུང་བའི་དམོད་བོར་ནས་རེ་མ་ཏི་མིང་བཏགས། ཡབ་ཀྱིས་སྦས་པའི་བུ་མོ་ཐལ་མདོག་མ། ཡུམ་གྱིས་མི་ཕམ་ཁྲོ་གཉེར་རོ་ལངས་མ། དུང་སྐྱོང་མས་སྲིན་མོ་དམར་འདབ་ཕུར་བའི་ལྷ་ཞེས་མིང་བཏགས། དེར་དུང་སྐྱོང་མའི་གཡོག་མོར་ཕུལ་བས་བསླུས་ཏེ་དུང་སྐྱོང་མ་དྷ་ཤ་གྷི་ཝའི་ཁབས་སུ་བྱོན་པ་ལ། ཡུམ་གྱིས་དམོད་བོར་བས་སྲིན་མོའི་གཟུགས་སུ་སོང་། སྲིན་ཕྲུག་ལྔ་བརྒྱ་སྐྱེས་ནས་སྲིན་པོ་ཤི་སྟེ། རལ་གྲི་ནེའུ་ལ་དང་ནོར་བུ་རྣམས་ཁྱེར། སྲིན་གྱི་བོང་བུ་ལ་ཆིབས་ནས་དུར་ཁྲོད་དུ་བྲོས་ཏེ་ཤ་ཁྲག་ལ་ལོངས་སྤྱོད། གཤིན་རྗེའི་རླུང་གི་འཁོར་ལོ་སྒོམ་པས་རླུང་ནག་འཚུབ་མ་གྲུབ་སྟེ། བསྟན་པ་སྲུང་བའི་འདོད་ཁམས་ལ་དབང་བསྒྱུར་བའི་སྨོན་ལམ་བཏབ་

p. 147

ནས། རླུང་ལྷར་བོས་རླུང་ནག་གི་དཔོན་གཡོག་གཉིས་རྒྱ་མཚོར་བསྐུར་བས་ལྷ་མོ་ནི་རྒྱ་མཚོའི་འགྲམ་གྱི་དུར་ཁྲོད་དུ་གཤིན་རྗེ་ལྷག་པའི་མཐུ་ཆེན་གྱི་བུ་མོར་སྐྱེས། གཡོག་མོ་ཀླུ་མོ་ཆུ་སྲིན་གདོང་དུ་སྐྱེས་པ་ནི་ཀླུ་མོ་རེ་མ་ཏི་གྲགས། དེ་ཡང་མྱུར་བར་ཚེ་འཕོས་ནས་བདུད་རེ་ཏི་མགོ་ཉག་དང་བདུད་མོ་དྲན་པ་དབང་མེད་མ་གཉིས་ཀྱི་བུ་མོར་སྐྱེས་པ་ལ། ཕས་སྲིད་གསུམ་བློ་འཕྲོག་མ་དང་། མས་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་བདུད་མཁར་རྩེར་འདུག་པ་ལས། རྗེ་མོས་སྔགས་ཀྱི་བཀུག་པས། ཁོལ་མོའི་སྐྱེ་བ་དྲན་ཏེ། བདུད་ཀྱི་ཁྲམ་ཤིང་མཚོན་གྱི་དྲུ་གུ་དྲུག་ཁྱེར་ནས་འོང་། སྲིན་པོ་བུམ་སྣ་ཤི་བའི་ནད་ཁྲག་གི་རྫིང་བུ་འཐུངས་བས་ཁ་རླངས་ནད་སྤྲིན་བྱུང་། བཙན་སྐྱ་རྡོ་རྗེ་ཟླ་བ་དང་འགྲོགས་པས་བཙན་གྱི་ཤྭ་རྡེལ་བྱིན། སྲིན་གྱི་བོང་བུ་དང་། རྒོད་མ་ཟངས་ཀྱི་སོ་ཅན་མ་གཉིས་ལ་དྲེལ་སྔོན་རླུང་གི་གཤོག་པ་ཅན་བྱུང་བ་གཡོག་མོས་ཆིབས། སྲིན་གྱི་བོང་བུ་གྲྭ་དམར་དཔོན་མོས་ཆིབས། རྗེ་མོས་མི་ལྤགས་གྱོན་རལ་གྲི་ཐོད་པ། གཡོག་མོས་ཁྲམ་ཤིང་ཤྭ་རྡེལ་ཐོགས་ཏེ་ཤིན་ཏུ་མཐུ་རྩལ་ཆེ་བས་སྐྱེ་

p. 148

བ་རྣམ་བཞིའི་སེམས་ཅན་རྣམས་ཟད་ལ་ཁད་དུ་ཟོས་སོ། །འཇིག་རྟེན་གྱི་མ་མོ་མཁའ་འགྲོ་ཐམས་ཅད་བྲན་དུ་གྱུར་ཏོ། །རཱ་ཧུ་ལ་དང་སྲིན་པོ་སྒྲ་ལྡན་དང་། གཤིན་རྗེ་མེ་རུ་རྩེ་དང་བདུད་འཆར་ཁ་ནག་པོ་དང་། ཀླུ་ཀུན་ལི་དང་ལྔ་དཔོན་མོ་ཡིས་དང་། འབྱུང་པོ་དགེ་བ། བགེགས་བི་ན་ཡ་ཀ །གནོད་སྦྱིན་ཡག་ཤ་ཀ་ལ། རླུང་ལྷ་བ་ཡ་བེའི་གདོང་ནི་གཡོག་མོའི་མཛའ་གྲོགས་སུ་གྱུར་ནས་དུར་ཁྲོད་ལ་སོགས་པ་ཐམས་ཅད་དུ་རྒྱུ་བའི་ཚེ། བྱང་ཆུབ་ཤིང་མཆོག་དྲུང་དུ་སྟོན་པ་ཤཱཀྱ་ཐུབ་པ་དང་མཇལ་ནས། དཔོན་གཡོག་གཉིས་ཀ་བྱང་ཆུབ་ཏུ་སེམས་བསྐྱེད། སྲོག་སྙིང་ཕུལ། དེ་ནས་ཨ་སུ་རིའི་བྲག་ཕུག་ཏུ་བྲམ་ཟེ་མཆོག་སྲེད་དང་གསུམ་གྱི་ཡུམ་ཆེན་ཨེ་ཀ་ཙ་ཏི་བསྒྲུབ་པས་ཞལ་མཐོང་བས། རྗེ་མོ་ལ་མ་ཧཱ་ཀཱ་ལིར་ཁོལ་མོར་རཀཱ་རེ་མ་ཏི་བཏགས། འདོད་ཁམས་མཐུ་མོ་ཆེར་དབང་བསྐུར། དགེ་སློང་གཅིག་དང་དགེ་སློང་མ་གཉིས་བལ་པོས་རྒྱལ་པོས་ཁྲིམས་བཅད་ནས་བསད་པ་བདུད་དུ་སྐྱེས་ནས་མི་ཐམས་ཅད་རེས་མོས་ཟ་བའི་བདུད་དེ་ཉིད་བསྒྲལ་ལོ། །ས་ཡི་ལྷ་མོས་ནམ་གྲུ་མཆེད་བརྒྱད་འབངས་སུ་ཕུལ། དཔལ་རྟ་མགྲིན་དང་ཡུམ་ཨུ་མས་དབང་

p. 149

བསྐུར། ཕྱག་ན་རྡོ་རྗེའི་གསང་བའི་དབང་ཆེན་དཔག་ཏུ་མེད་པ་བསྐུར་བས་ས་རྣམ་པ་དྲུག་ཏུ་གཡོས་སོ། །མཐུ་རྩལ་བསམ་མི་ཁྱབ་པར་གྱུར་པས། འཁོར་ལོས་སྒྱུར་རྒྱལ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་རང་རང་གི་བསྟན་པ་ཕྱག་རྒྱ་རེ་ཕུལ་ཞིང་བསྟོད་དོ། །སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བར་གྱུར་ཅིག །དེ་ལྟར་མ་རུངས་པའི་ཚུལ་སྟོན་པ་ཡང་འདུལ་དཀའ་བའི་རིགས་རྣམས་འདུལ་བ་སྟེ། མེ་ལྕེ་འབར་མའི་རྒྱུད་ལས། སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པས་ན། །མདོར་ན་སངས་རྒྱས་སྤྲུལ་པ་ཡིན་པ་སྟེ། །ཁོ་མོ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལོ། །མཚན་མོ་བདུད་མོ་སྲིན་མོར་ལྟ་མི་བྱ། །ཞེས་གསུངས་སོ། །བསྐལ་པ་འདི་ལ་སངས་རྒྱས་སྟོང་གི་བསྟན་པ་བསྲུངས་ནས་མཐར་སངས་རྒྱས་ཚུལ་མེ་ལྕེ་འབར་མ་ལས། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེར་བཀའ་སྩལ་པ། མཁའ་འགྲོ་ལྷ་མོ་ནག་མོ་འདིས། །བསྐལ་པ་མང་པོས་སྔོན་རོལ་ནས། །དུས་གསུམ་རྒྱལ་བའི་ཞལ་མཐོང་ནས། །དམན་པའི་ཞིང་འདིར་སྤྲུལ་པའི་སྐུ། །ལྷ་མོས་ཚུལ་དུ་བསྟན་ནས་ཀྱང་། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཉོན་མོངས་

p. 150

སྒྲིབ་པ་རབ་ཏུ་སྤང་། །དེ་ལྟར་ཤེས་བྱའི་སྒྲིབ་པ་སྦྱངས། །དེ་ཡི་ཁོལ་མོ་རེ་མ་ཏི། །སྨོན་ལམ་དག་པའི་འགྲོ་དོན་བྱེད། །བསྒོམ་པའི་དོན་ལ་རབ་གནས་ནས། །དེ་ལྟར་ཉོན་མོངས་སྒྲིབ་པ་སྦྱངས། །འདི་ལ་དུས་ནི་ཕྱི་མི་དུས་ཀྱི་ཚེ། །མཁའ་འགྲོ་ལྷ་མོ་ནག་མོ་འདི། །བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས། །པདྨ་རྣམ་པར་རོལ་པ་འདིར། །དག་རྫོགས་པའི་སངས་རྒྱས་ནི། །པདྨོ་དམ་པའི་དཔལ་ཞེས་བྱ། །ངས་ནི་ལྷ་མོ་ལུང་བསྟན་ཏོ། །དེ་ཡི་གཡོག་མོ་རེ་མ་ཏི། །པདྨ་ཅན་གྱི་ཞིང་ཁམས་དེར། །བདེ་བའི་བྱང་ཆུབ་སེམས་དཔའ་ནི། །བློ་གྲོས་བཤེས་གཉེན་ཞེས་བྱ་བར། །དེང་འདིར་ངས་ནི་ལུང་བསྟན་ཏོ། །ཞེས་གསུངས། དེ་ལྟ་བུའི་ལྷ་མོ་འདི་ལ་བཀའ་གསར་རྙིང་གི་རྒྱུད་སྡེ་མཐའ་ཡས་པ་གཅིག་ཡོད་པའི་ནང་ནས། དངོས་གྲུབ་འབྱུང་རྒྱུད་ཀྱི་རྗེས་སུ་འབྲང་དུད་སོལ་མ་འདི་གང་ལས་བརྒྱུད་པ་ནི། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་དེས་ས་ག་ཟླ་བའི་བཅོ་ལྔར་ལྷ་མོ་འདི་འཁོར་ནག་མོ་འབུམ་དང་བཅས་པ་ཞལ་མཐོང་ནས་དབང་བསྐུར་བྱིན་གྱིས་བརླབས་པས་ས་དྲུག་པ་ཐོབ་པའི་གཡས་སྤྲུལ་མའི་བསྟོད་པ་

p. 151

མཛད། ལྷ་མོ་ཉིད་ཀྱིས་གསང་སྒྲུབ་འདི་ཡང་དངོས་སུ་གནང་། ཁོང་གྲུབ་པ་ཐོབ་ཅིང་ཉི་མ་སྟོད་ལ་མནན། ཆུ་བོ་གངྒ་གྱེན་ལ་ཟློག་པ་སོགས་མཛད་པས། །གྲུབ་ཆེན་བིར་ཝ་པར་མཚན་ཐོགས། མུ་སྟེགས་པ་མང་པོ་ནང་པ་ལ་བསྒྱུར་ནས་གཅིག་གྲུབ་པ་ཐོབ་པ་ནག་པོ་པ་ཞེས་གྲགས་པ་དེ་ལ་གནང་། དེ་ལྟར་དཔོན་སློབ་གཉིས་ཀར་ཏེ་ལོ་པས་ཞུས་སོ། །ཡང་ལྷ་མོ་འདི་ཉིད་ཀྱི་མཁའ་འགྲོ་མ་བསྐལ་པ་བཟང་མོ་ལ་དབང་ལུང་མན་ངག་གནང་ངོ། །ཡང་རྡོ་རྗེ་འཆང་དང་བསྐལ་པ་བཟང་མོ་གཉིས་ཀ་ལ་ཏེ་ལོ་པས་ཞུས་སོ། །དེ་ནས་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་པའི་རྗེས་ལ་གསེར་ཕྱེ་བྲེ་གང་ཕུལ་ནས་ཏེ་ལོ་ལ་ཞུས་སོ། །དེ་ནས་ནཱ་རོའི་དྲུང་དུ་མར་པ་ལོ་ཙཱས་གསེར་གྱི་མཎྜལ་ལ། གཡུ་ཡི་ཚོམ་བུ་བཀོད་དེ་ཕུལ། དུས་ངན་བསྟན་པ་རྒུད་པའི་དུས་སུ། ལྷ་མོ་ཐམས་ཅད་ཀྱི་ཡང་སྙིང་སྒྲུབ་སླ་ལ། བྱིན་རླབས་ཆེ་བ་རྦད་ན་ལས་ལ་མྱུར་བ་གཅིག་ཞུས་པས་ནཱ་རོ་པའི་ཞལ་ནས་སུས་ཀྱང་བཟློག་ཏུ་མེད་པ་ཡེ་ཤེས་ཀྱི་ལྷ་མོ་དུད་སོལ་མ་འདི་དེ་སྔ་ཆུ་བོ་གངྒཱ་ཕན་ཆོད་ལ་མེད་པའི་ཆོས་སྐྱོང་ཡིན། ཁྲག་འཐུང་ནག་མོ་འབུམ་སྡེའི་ཡང་སྙིང་། ལྷ་མོའི་

p. 152

སྲོག་གི་སྒྲུབ་པ་སྤུ་གྲི་ཀ་མ་ལྟ་བུ། མེ་བས་ཚ་བ། གློག་བས་མྱུར་བ། རླུང་བས་མགྱོགས་པ་འདི་ཁྱོད་ཀྱི་ལྔ་བརྒྱའི་དུས་སུ་སྒྲུབ་པ་བྱེད་པའི་གང་ཟག་གིས་ཆོས་སྐྱོང་བའི་སྲུང་མ་དམ་པ་མཛོད་ཅིག་གསུངས་ནས་གནང་ངོ། །བལ་པོ་སྤྱི་ཐིལ་བ་ལ་ཡང་མར་པས་དབང་ལུང་མན་ངག་དང་བཅས་པ་ཞུས་སོ། །རྒྱ་གར་ནས་ཆོས་སྐྱོང་བརྒྱ་རྩ་བརྒྱད་གདན་དྲངས་ན་ཡང་འདི་ནཱ་རོ་པའི་ཆོས་སྐྱོང་གཙོ་བོ་སྟེ། གཏོར་མ་རེ་ཆག་མེད་རེ་འབུལ་བར་འདུག་པས། ཆོས་སྐྱོང་བརྒྱ་རྩ་བརྒྱད་ནང་ནས་ཀྱང་མར་པས་འདི་མཆོག་དམ་པར་མཛད་དོ། །དེ་ནས་རྔོག་སྟོན་ཆོས་རྡོར་གྱིས་འབྲི་ལྔ་བརྒྱ་དང་སྤོང་དག་ལན་གསུམ་གྱི་འབུལ་བ་བྱས་རྗེས། ཆོས་སྐྱོང་གསུམ་གྱི་ནང་ནས་འདོམ་གསུངས་ནས། ལྷ་མོ་འདི་འདོམ་པས་རྟེན་འབྲེལ་ལེགས་གསུངས། ནཱ་རོ་པས་ལུང་བསྟན་ཡོད་གསུངས་ནས་བླ་མ་རྔོག་པ་དང་། སྲས་དར་མ་མདོ་སྡེ་དང་། མཚུར་སྟོན་དབང་ངེ་གསུམ་ལ་ལྷ་མོའི་ཞལ་དངོས་སུ་བསྟན་ནས་རྗེས་གནང་མཛད། རྒྱུད་སྒྲུབ་ཐབས་དང་བཅས་པ་གནང་ངོ། །རྔོག་ཆོས་སྐུ་རྡོ་རྗེ་ལ་ཞེ་སྡང་རྡོ་རྗེས་ཞུས། རྔོག་ཞེ་སྡང་རྡོ་རྗེས་དྲུང་ནས་འགྲོ་མགོན་ཡེལ་པས་གནང་བར་

p. 153

ལན་གསུམ་ཞུས་པས་ཅི་ཡང་མ་གསུངས། འབྱོན་རིན་པ་དང་ཐང་ཀོང་ནས་ཐང་ཀ་དང་། དཔེ་བརྩེགས་ནས་དཔེ་ཆ་གང་ཟིན་ཁྱེར་ཤོག་དང་གསུངས་ཕྱག་ཏུ་བཏང་བས་ཐང་ཀ་དང་དཔེ་ཆ་གཉིས་ཀ་ལྷ་མོ་འདི་ལ་བབས་པས། ཁྱོད་ཀྱི་སྐྱེ་བ་སྔོན་གྱི་ལས་ལྷར་འདུག་གསུངས་ནས། དུས་གསུམ་དུ་གཏོར་མ་མ་ཆག་པར་བྱིན་དང་མིས་མ་ནུས་ཀྱང་ཡེ་ཤེས་པ་འདི་རང་རྒྱུག་འགྲོ་བར་འདུག་གསུངས། མི་རབས་བདུན་དུ་མ་སྒྲུབ་པར་རང་རྒྱུག་བྱེད་པར་འདུག་གསུངས་སངས་རྒྱས་ཡེལ་པས་ནི་རྟག་ཏུ་ལྷ་མོ་ཞལ་གཟིགས་ཤིང་། གསེར་མིན་རྒྱལ་པོའི་དམག་བྱུང་དུས། ལྷ་མོའི་རྒྱལ་པོ་དེས་སྙིང་དངོས་སུ་བཏོན་ནས་ཕུལ་བ་ད་ལྟ་ཡང་རྟ་རྣའི་གཙུག་ལག་ཁང་དུ་ཡོད་པ་སོགས་ལོ་རྒྱུས་མང་བར་སྣང་ཡང་ལྷ་མོ་འདི་རྫོག་པའི་གདན་རབས་བདུན་པ་ནས་འབྲུག་ལུགས་སུ་བརྒྱུད་པ་དང་། དེནས་ཡན་ཙམ་ནས་འབའ་སྒྲོམ་བཀའ་བརྒྱུད་ལ་བརྒྱུད་པའི་དབང་ལུང་ཅི་རིགས་པ་ཐོབ་པ་དང་། དེང་སང་གནམ་ཆོས་ནས་བྱུང་བ་སོགས་བརྒྱུད་པ་འགའ་རེ་ཡོད་ཀྱང་། འདི་སངས་རྒྱས་ཡེལ་པ་ནས་བརྒྱུད་པའི་ལུགས་སོར་བཞག་གོ །དེ་ནས་ལྷ་མོ་འདིའི་ཕན་ཡོན་

p. 154

ནི། མེ་ལྕེ་འབར་མའི་རྒྱུད་ལས། འདིའི་འདོན་སྒོམ་རྩེ་གཅིག་ཡིད་ཀྱིས་བཟླས་ན། །འདིས་ནི་མི་ནུབ་པའི་རྒྱལ་མཚན་དམ་པ་ཐོབ། །འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་ཐོབ་། །འདིས་ནི་ཡིད་བཞིན་རིན་ཆེན་འབར་བ་ཐོབ། །འདིས་ནི་ཅི་འདོད་ཐོགས་མེད་དངོས་གྲུབ་ཐོབ། །ཅེས་དང་། ལྷ་མོའི་བསྟོད་པའི་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཀའ་སྩལ་པ། ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ། །ལྷ་མོས་ཀྱང་མི་དེ་སྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་རོ། །ཞེས་དང་། གསེར་འོད་དམ་པ་ལས། གལ་ཏེ་གཡུལ་འགྱེད་འཇིགས་པའི་གནས་དག་ན། །མེ་དོང་ལྟུང་བ་དག་ནི་མཐོང་གྱུར་ན། །ཆུ་བོ་ཉམ་ང་ཆོམ་རྐུན་འཇིགས་པའི་ཚེ། །འཇིགས་པ་དེ་དག་ཐམས་ཅད་སེལ་བར་ནུས། །གལ་ཏེ་རྒྱལ་པོའི་ཁྲིམས་ཀྱི་བཅིངས་སྒྲོས་གམ། །གལ་ཏེ་ཤ་ཆང་གསོད་པར་བྱེད་པའི་ཚེ། །སེམས་ནི་རྩེ་གཅིག་མི་གཡོ་གནས་གྱུར་ན། །ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར། །ཞེས་དང་། དངོས་གྲུབ་འབྱུང་རྒྱུད་དང་། ལྷ་མོའི་

p. 155

གཟུངས་མི་འདྲ་བ་གསུམ་ཙམ་ཞིག་དོན་མཐུན་པར་ལྷ་མོའི་སྙིང་པོ་བཟླས་པས་ནད་རིམས་དང་ཡམས་དང་གདོན་དང་འབྱུང་པོའི་གནོད་པ་ཐམས་ཅད་ལས་སྐྱོབ་ཅིང་། དཔག་ཚད་གཅིག་ཚུན་ཆད་དུ་བསྲུང་བར་གསུངས་ཤིང་། མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་ཞེས་གསུངས་པས། །ནད་པ་སྲིའུ་གསོ་བ་དང་། །མི་ནད་ཕྱུགས་ནད་ཡམས་ནད་རྣམས་བསྲུང་བ་དང་གཅོད་པའི་མཆོག་དམ་པ་ཡིན་ནོ། །ཡེ་ཤེས་པ་ཡིན་ངེས་ཀྱང་འདི་རྣོ་མྱུར་དང་ཀོ་ལོང་ནི་འཇིག་རྟེན་གྱི་ལྷ་འདྲེ་བས་ཀྱང་ཆེ་བས་བཀའ་ཤིན་ཏུ་གཉན་པས། འཕགས་པ་དུར་ཁྲོད་ནག་མོའི་རང་རྒྱུད་ལས་། སྔགས་པས་བོས་ན་འོང་བའི་ཀུན་གསན་མ། །འགྲོ་བ་དབུགས་དང་བྲལ་ཁ་མི་སླེབ་མི་སྲིད་པས་དབུགས་བདག་ཆེན་མོ། ཕྲག་དོག་ཆེ་བས་བསྟེན་ཚུལ་དཀའ་མ། བཅོས་ན་ཐུབ་པས་ཟློག་སླ་མ། ཐ་མ་ལྷག་མར་བསྡུས་པས་ལྷག་དགྱེས་མ། ཕུད་ལ་དགའ་བས་ཕུད་བདག་ཆེན་མོ་ཞེས་སོ། །དེ་ལྟར་བྱིན་རླབས་ཆེ་བས། བཀའ་ཧ་ཀྱང་

p. 156

གཉེན་གྲགས་པའི་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ཞེས་སོ། །ད་ནི་བླ་མ་ཀྱེའི་རྡོ་རྗེ་དང་རྣལ་འབྱོར་ནམ་མཁའི་ངོ་བོ་ལ། རྣམ་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསལ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྲིད་པའི་འཆིང་བ་ཀུན་གཅོད་ནས། །བླ་མེད་གོ་འཕང་མཆོག་ཐོབ་པའི། །བླ་མ་ཧེ་རུ་ཀ་དཔལ་ཆེ། །ཆེ་བའི་ཆེ་མཆོག་དགོངས་སུ་གསོལ། །ཐོག་མར་དཔལ་ལྡན་ཧེ་རུ་ཀས། །སྲིད་པའི་རྒྱལ་མོར་དབང་བསྐུར་བས། །ཡང་དག་རྫོགས་པའི་དཀྱིལ་འཁོར་དུ། །འདོད་པ་ཁམས་ཀྱི་དབང་མོར་གྱུར་། །དེ་བཞིན་གཙོ་བོ་བདག་ཉིད་ལ། །བདག་ལ་ཡང་དག་མངོན་གྱུར་མཛོད། །ལན་གསུམ་མམ་གཅིག །ད་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོགས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་དང་གསུམ་མམ་ཚིག་རྗེས་མ་ལ་གསུམ་བྱའོ། །དེ་ཡང་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛོད་ཅིག །མདུན་གྱི་གཏོར་མ་འདི་ཉིད་ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་པའི་གཞལ་ཡས་ཀྱི་

p. 157

ཁང་པ་ཡངས་ཤིང་རྒྱ་ཆེ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། དཔལ་ལྡན་ལྷ་མོ་སྐུ་མདོག་ཆར་སྤྲིན་དང་བོང་བ་ལྟར་ནག་པ། ཞལ་གཅིག་སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྗེ་ས་པ། མཆེ་བ་བཞི་གཙིགས་ཤིང་མི་རོ་རིངས་པར་ཁར་བཅུག་པ། སྙན་གཡས་སྦྲུལ་དང་གཡོན་སེང་གེའི་བརྒྱན་པ། ཕྱག་གཡས་གཉིས་ན་རལ་གྲི་དང་བྷནྡྷ། གཡོན་གཉིས་ཤཀི་དང་རྩེ་གསུམ་ཐོགས་པ་དུར་ཁྲོད་ཆས་བརྒྱད་དང་། ཀླུའི་དབང་པོའི་སྐུ་རེགས་ཅན། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་དམར་གཱའི་སྟེང་ན་བཙན་དཀྱིལ་གྱིས་བཞུགས་པ། ཟུར་གསུམ་སྟེང་དུ་སྙིང་འཕྲོག་མ་གསུམ། ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་མ་བཞི་ཕྱོགས་མཚམས་བརྒྱད་དུ་དུར་ཁྲོད་ཀྱི་མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་བཞིར་སྒོ་མ་བཞི་དང་། དེ་རྒྱབ་སྐུ་སྤྲུལ་དཀར་མོ་འབུམ་སྡེ། གསུང་སྤྲུལ་དམར་མོ་འབུམ་སྡེ། ཐུགས་སྤྲུལ་ནག་མོ་འབུམ་སྡེ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་འབུམ་སྡེ། ཕྲིན་ལས་ཀྱི་སྤྲུལ་པ་ལྗང་མོ་འབུམ་སྡེ། སྤྲུལ་པ་ཡང་སྤྲུལ་ཉིད་ཀྱིས་ཚོགས་དཔག་ཏུ་མེད་པས་བསྐོར་བར་བསྒོམ། སྟེང་གི་ཆ་

p. 158

ལ་རྡོ་རྗེ་འཆང་ལ་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་། བར་གྱི་ཆ་ལ་དགྱེས་པ་རྡོ་རྗེ་རྡོ་རྗེ་གདན་བཞི་ལ་སོགས་པ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལྷ་ཚོགས་འཁོར་བཅས་ཀྱི་མཐའ་བསྐོར་དུ་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་ལྟར་འཁྲིགས་པ་རྩེ་གཅིག་ཏུ་དམིགས་ཤིག །ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས་ནས་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམས། རྔ་རོལ་མོ་སྤོས་དུད་དང་བཅས་དབྱངས་དང་ཌཱ་དྲིལ་ཙམ་གྱིས་ཀྱང་ཆོག་སྟེ། བྷྱོཿ རི་རབ་ཆེན་པོས་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་མཐིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནས། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །འཁོར་ཡང་ནག་མོ་འབུམ་དང་བཅས་། །གནས་འདིར་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོརཿ ཨེ་ཨ་ར་ལི་ཧྲི་ཧཱུྃ་ཛཛཛཿཧཱུྃ་བཾ་ཧོ་རོལ་མོ་དྲག་ཏུ་བྱ། །པདྨ་ཀ་མ་མྱུ་ཧཱུཾ། ཨནྡྷཾ་སོགས་རོལ་མོ། མ་ཧཱ་ཀཱ་ལི་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བྷྱོཿ དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱིས། །བསྟན་པ་སྲུང་བར་

p. 159

མངའ་གསོལ་བའི། །དུད་སོལ་ལྷ་མོར་འཁོར་བཅས་བསྟོད། །དེ་ལྟར་བླ་མ་ཕྱག་ན་རྡོ་རྗེ་དང་། །གཏོར་མ་ལྷ་མོའི་ལྷ་ཚོགས་སུ་གསལ་བའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །བླ་མ་ཡི་དམ་མཁའ་འགྲོ་དང་། །དཔལ་ལྡན་ལྷ་མོའི་ཚོགས་རྣམས་ཀྱིས། །བདག་གི་ལུས་ངག་ཡིད་གསུམ་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་བྱའོ། དེ་ལྟར་གསོལ་བ་བཏབ་པས་དང་པོ་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས། སྡིག་སྒྲིབ་ཐ་མལ་གྱི་ལུས་གདོས་བཅས་དག་ནས་ཡེ་ཤེས་ཀྱི་ལུས་གསང་བདག་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་སྡིགས་མཛུབ་མཛད་པ་དུར་ཁྲོད་ཀྱི་ཚེས་བརྒྱད་གོས་སྔོན་པོའི་སྟོད་གཡོགས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ནས་པད་ཉིའི་སྟེང་ན་འདོར་སྟབས་སུ་འགྱིངས་བ། ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པའི་ཐུགས་ཀར་ཧཱུྃ་མཐིང་གིས་མཚན་པ་གསལ་ཐོབ། འོ་ད་སྐུ་གསུང་ཐུགས་ཡོན་ཏན་གྱི་དབང་བཞི། ཕྲིན་ལས་ཀྱི་སྒོ་ནས་བཀའ་བསྒོ་བ་དང་ལྔ་ལས། དེ་ལ་ཐོག་མར་སྐུའི་དབང་ཞུ་བའི་དོན་དུ་དམིགས་པ་

p. 160

འདི་བཞིན་དུ་མཛོད་ཅིག །མདུན་གྱི་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ཡིག་དཀར་པོ་ལས་འོད་ཟེར་དཀར་པོ་ཨོ་ཡིག་གིས་མཚན་པ་ཅན། དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཞུགས་པས་ལུས་ཀྱི་སྡིག་སྒྲིབ་དག་ནས་ལུས་སྤྲུལ་སྐུ་འགྲུབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། ཨོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལས་གཞོལ་ཀྱང་། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གི་འགྲོ་དོན་མཛད། །ལྷ་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མདོག །མཚན་མོ་ནག་མོ་ཤིན་ཏུ་འཇིགས་པའི་སྐུ། །ཤིན་ཏུ་སྒེག་ཅིང་ཀེང་རུས་ལུས་ཅན་མ། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་བརྗིད་པའི་སྐུ། །རལ་པ་གྱེན་བརྫེས་ལེན་བུ་གཡོན་དུ་འཁྱིལ། །སྒྲ་སྐད་སྦྲུལ་དང་ཐོད་པའི་ཕྲེང་ཐོད་ཅན། །རྣ་ལྟག་དར་ནག་མེ་ཏོག་ཅོད་པན་འཕུར། །ཁྲག་དང་ཆང་གི་ར་རོ་སྤྱན་རྩ་དམར། །མི་

p. 161

རོ་རེང་པ་ཁར་བཅུག་མཆེ་བ་བཞི། །རྣམ་པར་གཙིགས་ནས་ཁྲག་ལ་ཤིན་ཏུ་དགྱེས། །དཔལ་ལྡན་ལྷ་མོའི་སྐུ་ཡི་དབང་བསྐུར་རོ། །སྤྱི་བོར་བཞག་ལ། ཨོ་དེ་ཝི་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཟབ་མོ་རྒྱུད་ཀྱི་སྲུང་མ་མོ་ནི། །ཞལ་གཅིག་ཕྱག་བཞིས་ཕྲིན་ལས་རྣམ་བཞི་སྒྲུབས། །རྫུ་འཕྲུལ་མྱུར་མགྱོགས་དགྲ་བགེགས་ཚར་གཅོད་མཆོག །དུད་སོལ་ལྷ་མོའི་སྐུ་ཡི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར་རོ། །འོ་དེས་སྐུ་ཡི་དབང་ཐོབ། ཡང་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་འཁོར་ཐམས་ཅད་ཀྱི་མགྲིན་པའི་ཨཱཿཡིག་དམར་པོ་ལས་འོད་ཟེར་ཨཱཡིག་གིས་མཚན་པ་ཅན་དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས་པས་ངག་གི་སྡིག་སྒྲིབ་དག་ནས་ངག་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། ཨཱཿ སྙན་གཡས་

p. 162

སྦྲུལ་གྱི་མགུལ་ནས་དྲིལ་བསིལ་ཞིང་། །གདུག་པ་གཏོར་ནས་ཚངས་པའི་སྒྲ་སྒྲོག་མ། །སྙན་ཆ་གཡོན་ན་སེང་གེའི་རལ་པ་དམར། །དཔའ་མོ་ཁམས་གསུམ་སེང་གེའི་སྒྲ་སྒྲོག་མ། །ཕྱག་བཞི་གཡས་ཀྱི་དང་པོས་རལ་གྲི་འཛིན། །འོག་མས་བྷན་རཀྟ་དམར་དཀྱིལ་འཛིན། །གཡོན་གྱི་དང་པོས་ཤཀྟའི་མཚོན་ཆ་འཛིན། །འོག་མས་ཏྲི་ཤུལ་མགུལ་ནས་དར་དཔྱངས་འཕྱང་། །ཤཀྟའི་རལ་གྲི་མཚོན་གྱི་བཅད་པ་ཡིས། །ལྷ་མ་ཡིན་གྱི་ཐོད་སོགས་དོ་ཤལ་བྱས། །གླང་པོ་ཆེ་ཡི་ཀོ་བས་སྟོད་གཡོགས་ལ། །སྨད་ན་བ་གླང་ཀོ་རློན་བྱས་པ་ལ། །ཕྱེད་ནི་རེ་ལྡེ་སེར་པོའི་ཤམ་བུ་དཀྲིས། །ཀླུ་ཡི་དབང་པོ་གཤིབ་པའི་སྐུ་རེགས་བྱས། ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཁྲག་ཞག་མང་པོའི་ཐིག་ལེའི་ཚོམ་བུ་བྲིས། །བོང་བུ་གྲྭ་ཞོན་མཚན་མོ་དུར་ཁྲོད་ཉུལ། །བོང་བུའི་རྨིག་པས་གློག་གི་ཤུགས་ཅན་མ། །སྟོང་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟ་བུས། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །དཔལ་ལྡན་ལྷ་མོའི་གསུང་གི་དབང་བསྐུར་རོ། །མགྲིན་པར་བཞག་ལ། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུཾ།

p. 163

ཧཱུྃ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞིས་ཕྲིན་ལས་རྣམ་བཞི་སྒྲུབས། །རྫུ་འཕྲུལ་མྱུར་མགྱོགས་དགྲ་བགེགས་ཚར་གཅོད་མཆོག །དུད་སོལ་ལྷ་མོའི་གསུང་གི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། འོ་དེས་གསུང་གི་དབང་ཐོབ་པ་ཡིན། ཡང་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་འཁོར་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུཾ་ཡིག་སྔོན་པོ་ལས་འོད་ཟེར་ཧཱུཾ་ཡིག་གིས་མཚན་པ་ཅན་དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཞུགས་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས་སེམས་ཆོས་སྐུ་འགྲུབ་ལྷཔའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། བྷྱོཿ ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །དམ་པའི་སར་གནས་གཟུགས་སྐུ་གཉིས་གཟིགས་མ། །ཏིང་འཛིན་དབང་ཐོབ་གཟུགས་ཁམས་གནས་སུ་བྱོན། །ཚངས་པའི་རྒྱལ་པོ་ལ་སོགས་ཕྱག་བྱས་ལ། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡངས་མཐར་ཕྱིན། །དབང་ཕྱུག་

p. 164

ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །སུམ་ཅུ་རྩ་གསུམ་ཚལ་བཞི་བྱོན་པའི་ཚེ། །ལྷ་རྣམས་དབུགས་དབྱུང་བརྒྱ་བྱིན་ཕྱག་བྱས་མ། །ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར། །ལྷ་མིན་དབང་པོ་ཀུན་གྱིས་ཕྱག་བྱས་མ། །སྐུ་མཆོག་རི་རབ་ཆེ་དང་འདྲེན་པའི་ཚེ། །ལྟེ་བའི་ཐད་ཀྱི་ཕྱོགས་ནས་ཉི་ཟླ་འཆར། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །རྒྱ་མཚོའི་ཀློང་ནས་མེ་འབར་མཚོ་སྐེམ་ནུས། །ས་འོག་ཀླུ་ཡི་དབང་པོའི་ཕྱག་བྱས་མ། །ལྷ་མོ་ཁྱོད་ཀྱི་ཆོ་འཕྲུལ་འདི་བསྟན་པས། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མ་མོ་སྲིན་མོའི་ཚོགས་རྣམས་རྔམ་ཞིང་རྒོད། །དཔལ་ལྡན་ལྷ་མོའི་ཐུགས་ཀྱི་དབང་བསྐུར་རོ། །ཞེས་སྙིང་གར་བཞག་ལ། ཙིཏྟ་ཨ་བྷི་ཥིཉྩཧཱུྃ། ཧཱུྃ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞིས་ཕྲིན་ལས་རྣམ་བཞི་སྒྲུབས། །རྫུ་འཕྲུལ་མྱུར་མགྱོགས་དགྲ་བགེགས་ཚར་གཅོད་མཆོག །དུད་སོལ་ལྷ་མོའི་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། འོ་དེས་ཐུགས་ཀྱི་དབང་ཐོབ་པ་ཡིན། ཡང་གཏོར་མ་འདིའི་དབུས་ན་བཞུགས་པའི་བཀའ་

p. 165

བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཁྱད་པར་དུ་དུད་སོལ་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དང་ལྟེ་བའི་ཧོ༔ཡིག་སེར་པོ་ལས་འོད་ཟེར་སེར་པོ་ཧོཡིས་མཚན་པ་ཅན་དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་ལྟེ་བར་ཞུགས་པས་ལུས་ངག་ཡིད་གསུམ་ཆ་སྙོམས་སྡིག་སྒྲིབ་ཐམས་ཅད་དག་ནས། སྐུ་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་མོས་པ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ་དྲིལ་བུ་བསིལ་ཞིང་། ཧཱུྃ། ཙིཏྟ་རིན་ཆེན་གུར་ཕུབ་གཞལ་ཡས་ན། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པའི་འོད་ཟེར་འབར། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད། །དུག་གི་རླངས་པ་ནག་པོའི་ཕྱོགས་རྣམས་ཀྱི། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་བྱེད་མ། །བདུད་རྩི་སྨན་གྱི་རྒྱལ་མོས་དམ་ལ་འདུད། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད། །བདུད་རྩིའི་རླངས་པ་དཀར་པོའི་ཕྱོགས་

p. 166

རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཚར་གཅོད་མ། །དེ་ཕྱིར་སྨན་གྱི་རྒྱལ་མོས་དམ་ལ་འདུད། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །དཔལ་ལྡན་ལྷ་མོའི་ཡོན་ཏན་གྱི་དབང་བསྐུར་རོ། །ལྟེ་བ་དང་ལག་ཏུ་བཞག །ༀ་དེ་ཝི་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུཾ་བྷྱོཿ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། འོ་དེས་ཡོན་ཏན་གྱི་དབང་ཐོབ་པ་ཡིན། ལྔ་པ་ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་ཁྲག་འཐུང་དུད་སོལ་ལྷ་མོ་གཙོ་འཁོར་གྱི་སྐུ་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན་དུ་གསལ་ཐོབ་ལ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །གཏོར་མ་ལག་ཏུ་ཐོགས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་

p. 167

འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོ༔ གཏོར་མ་མགོར་བཞག་ལ། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ། མཁའ་འགྲོ་མ་སྐལ་པ་བཟང་པོ། བྲམ་ཟེ་མཆོག་སྲེད། རྗེ་བཙུན་ཏེ་ལོ། མཁས་མཆོག་ནཱ་རོ་པ། སྒྲ་བསྒྱུར་མར་པ་ལོ་ཙཱ། རྔོག་སྟོན་ཆོས་ཀྱི་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། ཆོས་རྗེ་སངས་རྒྱས་ཡེལ་པ། ནང་པ་ཡང་དགོན་པ། རྒྱལ་དབང་པ། རྒྱལ་ཚུལ་པ། གྲགས་འོད་པ། བསོད་རིན་པ། རྡོ་རྗེ་རྒྱལ་མཚན། ཤཱཀྱའི་རྒྱལ་མཚན། རཏྣའི་རྒྱལ་མཚན། མངྒ་ལཀྵ། འགྲོ་མགོན་ཀརྨ་ཆགས་མེད་ནས་བདག་ཅག་གི་རྩ་བའི་བླ་མ་དམ་པའི་བར་དུ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་བདེ་དགྱེས་གསང་གསུམ་རྒྱུ་ཐོད་གདན་བཞི་དགྲ་གདོང་འཇིགས་གསུམ་ལ་སོགས་པ་རྒྱུད་སྡེ་བཞི་དྲུག་གི་ཡི་དམ་ལྷ་ཚོགས་རྣམས་དང་། ཤྲཱི་མ་ཧཱ་ཀཱ་ལི་ཁྲག་འཐུང་གི་རྒྱལ་མོ་དུད་པའི་སོལ་བ་མ། འཁོར་ནག་མོ་འབུམ་སྡེ་དང་བཅས་པའི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱིས་སྒོ་ནས་བྱིན་གྱིས་བརླབས་པ་དང་།

p. 168

དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གདོན་རིགས་སུམ་བརྒྱ་དྲུག་ཅུ། །སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་གཉན་ས་བདག །བར་གདོན་བཙན་བདུད་ཐེའུ་རང་གི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷར་མཛོད་ཅིག །ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། ཨོཾ་དེ་ཝི་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཅེས་བརྗོད། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ལྷག་པའི་ལྷ་མཆོག་རྣམས་ཀྱི་བདེན་ཚིག་གི །འགྲོ་བ་འདི་དག་བདག་གི་བསྲུངས་ཟིན་གྱིས། །འདི་ལ་

p. 169

སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་མེ་ཏོག་འཐོར། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། ལྷག་པའི་ལྷ་མཆོག་གི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་བསྒོམས། མེ་ཏོག་འཐོར་ཞིང་། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་རིན་པོ་ཆེ། །ཕག་མོ་གྲུ་པ་སངས་རྒྱས་ཡེལ་པ་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །འཁོར་ལོ་བདེ་མཆོག །སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་དྲུང་དུ། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་དམ་བཅས་པ། །ཁྲག་འཐུང་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག། རྗེས་རིམ་ནི། དེ་ལྟར་བསྟན་སྲུང་ལྷ་མོ་དུད་སོལ་མའི་བྱིན་རླབས་གཏོར་མའི་དབང་བསྐུར་རྗེས་གནང་གི་རིམ་པ་ཟབ་མོ་སྒྲུབ་བརྒྱུད་རིན་པོ་ཆེའི་བཀའ་སྲོལ་དཔལ་ལྡན་ཡེལ་པ་ལུགས་

p. 170

ཀྱི་ཕྱག་ལེན་རིམ་བཞིན་བརྒྱུད་དེ་འགྲོ་མགོན་ཀརྨ་ཆགས་མེད་ནས་མཛད་པའི་གཏོར་དབང་བདུད་རྩི་སྨན་གྱི་ཆར་འབེབས་ལྟར་ལེགས་པར་ཕུལ་གྲུབ་པ་ལགས་པས་འདི་དག་གི་སྒོ་ནས་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་གསུམ། དེ་ནས་གཏང་རག་གི་མཎྜལ་དང་ལུས་འབུལ་དགེ་བསྔོ་སོགས་ཅི་ལྟར་ཞེས་སློབ་མ་རྣམས་གྲོལ་ལོ། །སློབ་དཔོན་གྱིས་ལྷ་མོའི་སོགས་བསྐང་བ་མངའ་གསོལ་རྗེས་ཆོག་སོགས་ལས་གཞུང་ལྟར་དགྱེས་པས་འགྲུབ་བོ། །ཞེས་པ་འདི་ནི་འགྲོ་མགོན་ཀརྨ་ཆགས་མེད་ཀྱིས་མཛད་པའི་དབང་ཆོག་གཞུང་གསལ་དུས་དབང་གིས་སྨད་ཆ་ཅུང་ཟད་མ་ཚང་བ་ཁ་སྐོང་གི་ཚུལ་དུ་མ་ཏི་རཏྟས་པུཎྱ་ཀིརྟིས་འདོད་ངུར་བཞིན་སྦྱར་བ་དགེ་ལེགས་འཕེལ།། དེས་སྐུ་ཡི་དབང་ཐོབ་ཡིན་ཆགས་མེད་རིན་པོ་ཆེས་མཛད། དེས་ཕྱིན་མ་ཚང་བ་ཁ་སྐོང་གི་ཚུལ་དུ་བློ་གྲོས་རིན་ཆེན་གྱིས་མཛད་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བདུད་རྩི་སྨན་གྱི་རྒྱལ་མོའི་གསོལ་མཆོད།

p. 171

བདུད་རྩི་སྨན་གྱི་རྒྱལ་མོའི་གསོལ་མཆོད་བཞུགས་པའི་དབུ་ཕྱོགས་ལགས་སོ།།

p. 172

མདུན་དུ་དུར་ཁྲོད་ཆེན་པོའི་ནང་། །མེ་འབར་ཁྲག་ཞག་རྒྱ་མཚོའི་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨོ་ལས་དུད་སོལ་ལྷ་མོ་ནག །ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །ཐོད་ཁྲག་ཤཀྟི་རྩེ་གསུམ་འཛིན། །དུད་ཁྲོད་ཆས་བརྒྱན་མི་རོ་གསོལ། །བ་གླང་ལྤགས་པ་རེ་ལྡེ་བསྒོས། །སྦྲུལ་རྒྱན་ཞབས་གཉིས་ལྕགས་སྒྲོག་གསོལ། །བོང་བུ་གྲྭ་དམར་ཆིབས་པའོ། །ཐུགས་ཀར་འོད་འཕྲོས་སྔགས་ཕྲེང་ལས། །ཧཱུྃ་ལས་ཧཱུྃ་བྱུང་བྷ་གར་ཐིམ། །ཧཱུྃ་ལཱ་སྱ་རཱ་ག་ཡ་མི་སིཾ། ཧཱུཾ། རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའུ་

p. 173

མཐིང་དཀྱིལ་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནི། །གྲུ་གསུམ་འབར་བའི་གཞལ་ཡས་ཁང་། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་ནག་མོ་འབུམ་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨེ་ཨ་ར་ལི་ཧཱུྃ་ཧཱུྃ་ཛཿ བྷྱོ༔ རླུང་དམར་དྲག་པོའི་ཤུགས་ལྡན་བོང་བུ་སྟེང་། །དུར་ཁྲོད་ཆས་ལྡན་ཞབས་ལ་ལྕགས་སྒྲོག་གསོལ། །ཞལ་གདངས་མཆེ་

p. 174

གཙིགས་ཀཱི་ལི་ཀཱི་ལ་སྒྲོགས། །དཔལ་ལྡན་འདོད་ཁམས་དབང་ཕྱུག་བརྟན་པར་བཞུགས། །ས་མ་ཡ་ཙཱ། དཔལ་ལྡན་ལྷ་མོ་ཁྱོད་ཀྱི་སྐུ་མྱུར་དུ་བདག་ལ་སྟོན་ཅིག །གལ་ཏེ་སྐུ་མི་སྟོན་ན་བདག་གི་ཡིད་ལ་ཅི་བསམ་པ་དེ་འགྲུབ་པར་གྱིས་ཤིག །ས་མ་ཡ་ཧཱ་ན་ཧཱན་མ་ཏི་ཀྲ་མ་ན་ཧཱུཾ་ཕཊ། དཔལ་ལྡན་ལྷ་མོ་འཁོར་བཅས་ལ། །ཁྲག་ཆེན་འབར་བའི་ཨརྒྷཾ་་དང་། །ཞག་ཆེན་མཁྲིས་པའི་ཞབས་བསིལ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་གསུར་དང་ཞུན་ཆེན་མེ། །སྣ་ཚོགས་དྲི་ཡི་བྱུག་པ་དང་། །ཤ་ཆེན་ལྔ་ཡི་ཞལ་ཟས་དང་། །ཐོད་ཆེན་རྔ་དང་རྐང་ཆེན་དུང་། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །དེ་བི་ཀཱ་ལི་ས་པཱ་རི་ཝཱ་ར་ཨབྷཾ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷནྡྷའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨི་དཾ་བྷ་ལི་ཏ་ཁཱ་ཧི། མ་ཧཱ་མཱི་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི། དཔལ་ལྡན་ལྷ་མོ་དུད་

p. 175

པའི་སོལ་བ་མ། སྙིང་འཕྲོག་མ་གསུམ། རིགས་བཞིའི་ལྷ་མོ་དུར་ཁྲོད་ཀྱི་བདག་མོ་བརྒྱད། །ཕྲ་མེན་མ་བརྒྱད། །སྒོ་མ་བཞི། འཁོར་ནག་མོ་འབུམ་སྡེ་ལ་སོགས་པ་སྲིད་པའི་མ་མོ་ཐམས་ཅད་ཀྱི་ཞལ་དུ་དམ་རྫ་ས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་།། ཁྱད་པར་དུ་བདག་ཅག་འཁོར་དང་བཅས་པ་ལ། རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་ཐམས་ཅད་ཞི་བ་དང་ཡམས་ནད་རིམས་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པའི་ཕྲིན་ལས་དུས་རྟག་ཏུ་མཛོད་ཅིག །ལྷ་མོའི་དེ་ལྟར་བགྱིའོ་གསུངས་པར་བསམ། བྷྱོ། དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱིས། །བསྟན་པ་སྲུང་བར་ཁས་བླངས་པའི། །དུད་སོལ་ལྷ་མོ་ཁྱོད་ལ་བསྟོད། །བྷྱོ། ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་མཛད། །ལྷ་མོ་དཔལ་འབར་མ་ལ་བདག་བསྟོད་དོ། །ཧཱུཾ། ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། །རོལ་པའི་མཚོ་

p. 176

བདུན་གནས་ཀྱི་གཙོ་མོ་མཛད། །ཀླུ་མོ་དཔལ་འབར་མ་ལ་བདག་བསྟོད་དོ། ། བྷྱོ། གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་པོའི་བུ་མོ་ཤིང་། གྲིབ་ཅན། །ནགས་ཚལ་དྲྭ་བ་ཅན་གྱི་གཙོ་མོ་མཛད། །གནོད་སྦྱིན་དཔལ་འབར་མ་བདག་བསྟོད་དོ། །ཧཱུྃ། བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། །རེ་ལྡེ་མགོ་ཉག་བུ་མོ་རེ་མ་ཏི། །བདུད་མཁར་རྩེ་དགུ་གནས་ཀྱི་གཙོ་མོ་མཛད། །བདུད་མོ་དཔལ་འབར་མ་ལ་བདག་བསྟོད་དོ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ལ། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད། །བདུད་རྩི་རླངས་པ་དཀར་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོས་དམ་ལ་འདུས། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད།། །དུག་གི་རླངས་པ་ནག་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་མཛད་མ། །དེ་ཕྱིར་ནད་

p. 177

ཀྱི་བདག་མོས་དམ་ལ་འདུས། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད་། །སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་གི་དེང་ནས་ཇི་སྲིད་འཁོར་བའི་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་ཀུན། །།ཞི་བར་བྱ་ཕྱིར་ཚེ་དང་ལོངས་སྤྱོད་འཕེལ། །ནག་པོའི་ཕྱོགས་རྣམས་འགུགས་ཤིང་དབང་དུ་སྡུད། །སྨྱོ་འབོག་བསད་པ་ལ་སོགས་ལས་འདི་དག་།བསྟན་པ་སྲུང་ཞིང་བདག་གིས་བསྒྲུབ་པར་བགྱི། །དེ་ལས་འགལ་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེའི་མགོ་འགེམ་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་དམ་བཅས་པའི། །དམ་བཅས་བཞིན་དུ་ལས་རྣམས་འགྲུབ་པར་མཛོད། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །ཞལ་ནས་བདུད་རྩི་ཆར་གྱི་རྒྱུན་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་ནི་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཟང་ཟིང་ལོ་ཏོག་འབུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ཨོཾ་ཧཱུྃ་ཤྲཱི་ཡ་

p. 178

དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ནད་སརྔ་ཤཱནྟཾ་ཀུ་རུ་ཡེ་སྭ་ཧཱ། སྔགས་དེ་ཅི་ནུས་བཟླས་པ་བྱ་བའི་ཚེ། །ལྷ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །ཧཱུྃ་མཐིང་དེ་ལ་སྔགས་ཕྲེང་གཡོན་དུ་འཁོར། །ཧཱུྃ་གི་ཐིག་ལེའི་ཉི་མའི་དཀྱིལ་འཁོར་གྱུར། །དེ་ལས་འོད་འཕྲོས་བདག་དང་བསྲུང་བྱ་ཡི། །ནད་ཀུན་སིབ་སིབ་བསྡུས་ནས་ཉི་མར་བསྟིམ། །ཧཱུྃ་གི་ཟླ་ཚེས་ཟླ་བའི་དཀྱིལ་འཁོར་གྱུར། །དེ་ལས་འོད་འཕྲོས་འཇིག་རྟེན་ཁམས་རྣམས་ཀྱི། །བདུད་རྩི་བཅུད་བསྡུས་ལྷ་མོའི་སྤྱི་བོ་རུ། །བུམ་པ་དཀར་པོའི་ནང་ཞུགས་བདུད་རྩི་གྱུར། །ལྷ་མོའི་ཞལ་ཞུགས་སྐུ་ལུས་ངང་ལྟེམས་གང་། །ལྷ་མོའི་སྐུ་མདོག་སྟོན་ཀའི་ཟླ་ལྟར་གྱུར། །བདུད་རྩིའི་ཟེག་མ་འཁོར་ཀུན་ཞལ་དུ་ཞུགས། །ལུས་གང་ཐམས་ཅད་དཀར་པོ་ཤ་སྟག་གྱུར། །གཙོ་མོའི་བདུད་རྩི་མ་ཤོང་སྐྱུག་པའི་ཚུལ། །འོ་མའི་མདོག་འདྲ་བདེ་བའི་རེག་བྱ་ཅན། །ཆར་བབ་བཞིན་ནམ་ཆུ་བོའི་གཞུང་བཞིན་བབས། །རང་དང་བསྲུང་བྱ་ཀུན་གྱི་ཚངས་དབུག་གང་། །ཁ་ནས་ཞུགས་ཏེ་ལུས་ཀུན་ངང་ལྟེམ་གང་། །མ་མོའི་གདུག་རྩུབ་མཁའ་འགྲོའི་ཁ་རླངས་དང་། །ནད་རིམས་ཐམས་ཅད་རླངས་པ་སྔོ་དམར་གྱི། །ཚུལ་དུ་དབང་པོའི་སྒོ་དང་བ་སྤུ་ཡི། །བུ་ག་ནས་ཐོན་ནམ་མཁའི་འཇའ་ལྟར་ཡལ། །ལྷ་མོ་གཙོ་འཁོར་སེམས་ཀྱི་སྣང་བ་རྣམས། །རང་ལས་གཞན་དུ་མ་གྲུབ་སེམས་ཉིད་འདི། །ཡེ་ནས་འཕགས་བཞི་བསྐྱེད་མཛད་ཡུམ་ཆེན་མོ། །དོན་དམ་ལྟ་བའི་ངང་ལ་མཉམ་པར་བཞག །བུད་མེད་རྒྱན་ལྡན་དཀར་གསུམ་

p. 179

སྟེར་བ་དང་། །ཁྲུས་བྱེད་ཉི་མ་ཤར་ཕྱོགས་ལྟས་བཟང་འབྱུང་། །གལ་ཏེ་ཐུན་མཚམས་གཏོར་མ་འབུལ་འདོད་ན། །བཀུག་པ། ཞུག་བྱའམ་མ་བྱས་ནའང་རུང་། །ངོ་བོ་གནོད་བྱེད་དགྲ་བགེགས་ཤ་ཁྲག་ལ། །རྣམ་པ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་དམིགས། ཧཱུྃ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཅིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚར་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཅིགས་བྱེད་ལྷ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་ཡིད་ལ་ཅི་འདོད་པ། །དེ་ནི་ཁྱེད་ཀྱིས་འགྲུབ་པར་མཛོད། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ཨོཾ་གྷྲི་ཧྞ་གྷྲི་ཧྞ་སརྦ་ཥྚཾ་བྷཀྵ་ཕ་ཕྲུཾ་ཕྲེཾ་སམ་ཧཱུཾ་ཕཊ། གཏོར་མ་བྱང་ཤར་ལྷ་མོ་གནས་ཕྱོགས་ཡུལ། །ལྷ་མོ་འཁོར་བཅས་དེ་ཕྱོགས་གཤེགས་པར་བསམ། །སྐུ་གཟུགས་དར་ནག་ཡོད་ན་དེ་ལ་བསྟིམ་པར་དམིགས། །ཞེས་པ་འདི་ནི་རྒྱལ་ཟླའི་དམར་ཕྱོགས་ཀྱི། ཚེས་དབུ་ལྷ་མོ་རྒྱུ་བའི་དུས་ཆེན་གྱི། སྲོད་ཐུན་ལྷ་མོ་བྱོན་པའི་དུས་ཆེན་ལ། མི་དབང་ཆེན་པོའི་ཐུགས་བཞེད་བཀའང་བའི་སླད། རྭ་ག་ཨ་སྱས་ངག་ནས་སྨོད་པ་ལྟར། བེ་ཁྲོས་དགེ་བཤེས་

p. 180

པདྨ་སྦྱིན་པས་བྲིས། །ཉེས་འགལ་མཆིས་ན་ལྷ་མོའི་ཚོགས་ལ་བཤགས། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ལྡན་ལྷ་མོ་བདུད་རྩི་སྨན་གྱི་རྒྱལ་མོའི་གཏོར་ཆོག་བསྡུས་པ།

p. 181

དཔལ་ལྡན་ལྷ་མོ་བདུད་རྩི་སྨན་གྱི་རྒྱལ་མོའི་གཏོར་ཆོག་བསྡུས་པ་བཞུགས་སོ། །

p. 182

མདུན་དུ་དུར་ཁྲོད་ཆེན་པོའི་ནང་། །མེ་འབར་ཁྲག་ཞག་རྒྱ་མཚོའི་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨོཾ་ལས་དུད་སོལ་ལྷ་མོ་ནག་།ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །ཐོད་ཁྲག་ཤཀྟི་རྩེ་གསུམ་འཛིན། །དུར་ཁྲོད་ཚེས་བརྒྱན་མི་རོ་གསོལ། །བ་གླང་ལྤགས་པ་རེ་ལྡེ་བགོས། །སྦྲུལ་རྒྱན་ཞབས་གཉིས་ལྕགས་སྒྲོག་གསོལ། །བོང་བུ་གྲྭ་དམར་ཆིབས་པའོ། །ཐུགས་ཀར་འོད་དབུས་སྔགས་ཕྲེང་གསལ། །ཧཱུྃ་ལས་ཧཱུྃ་བྱུང་བྷ་གར་ཐིམ། །ཧཱུཾ་ལཱ་སྱ་རཱ་ག་ས་མཱ་ཡ་ཧཱུཾ། བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་

p. 183

མཐིང་དཀྱིལ་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནང་། །།གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །འཁོར་ཡང་ནག་མོ་འབུམ་དང་བཅས། །གནས་འདིར་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨེ་ཨ་ར་ལི་ཧྲི་ཧཱུྃ་ཛཿ པདྨ་མ་ཀ་ལཱ་ཡེ་ཧཱུཾ། དཔལ་ལྡན་ལྷ་མོ་ཁྱོད་ཀྱིས་བདག་ལ་སྐུ་མྱུར་དུ་སྟོན་ཅིག །གལ་ཏེ་སྐུ་མི་སྟོན་ན་བདག་གི་ཡིད་ལ་ཅི་འདོད་པ་

p. 184

དེ་འགྲུབ་པར་གྱིས་ཤིག །ཨོཾ་ས་མ་ཡ་ཧ་ན་ཧ་ན་མ་ཏི་ཀྲ་མ་ནི་ཧཱུཾ་ཕཊ། ཨོཾ་དེ་བི་ཀཱ་ལི་ས་པཱ་རི་ཝཱ་ར་ཨབྷཾ་སོགས་ནས། ཤཔྟ་པྲ་ཏཱིཙྪ་ཨཱཧཱུཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ གསུམ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུཾ། ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཧཱུཾ། །དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། སྙིང་འཕྲོག་མ་གསུམ། རིགས་བཞིའི་ལྷ་མོ་བཞི། དུར་ཁྲོད་ཀྱི་མ་མོ་བརྒྱད། །ཕྲ་མེན་མ་བརྒྱད། །སྒོ་མ་བཞི། སྲིད་པའི་མ་མོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །མཉེས་རབ་ཀྱི་ཕུད། དགྱེས་རབ་ཀྱི་མཆོད་པ་དམ་པ་མཛོད་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ། མི་ནད་ཕྱུགས་ནད་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་ཞིང་མི་འབྱུང་བ་དང་། ཚེ་དང་བསོད་ནམས་བསྟན་པ་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅིག །བྷྱོ༔ ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ལ། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །བདུད་རྩི་རླངས་པ་

p. 185

དཀར་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཚར་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་ཁྱོད་ལ་བསྟོད། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །ཞལ་ནས་བདུད་རྩི་ཆར་གྱི་རྒྱུན་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་ནི་ཞི་བར་མཛོད། །དེ་ཡིས་རྒྱུན་ཁྱེར་ལྷ་མོའི་གཏོར་ཆོག་ཚང་། །ཐུན་མཇུག་རྒྱུན་ཁྱེར་བསྙེན་པ་བྱེད་འདོད་ན། །རང་ཉིད་ཡི་དམ་གང་ཡིན་གསལ་བའི་མདུན། །ལྷ་མོའི་ཐུགས་ཀར་ཧཱུཾ་མཐར་སྔགས་གཡོན་འཁོར། །ཧཱུྃ་གི་ཟླ་ཚེས་ཟླ་བར་གྱུར་པ་ལས། །བུམ་པའི་བདུད་རྩི་འོ་མའི་མདོག་འདྲ་བས། །ལྷ་མོའི་ཞལ་དུ་ཞུགས་ནས་སྐུ་ལུས་གང་། །ལྷ་མོའི་སྐུ་མདོག་དུང་གི་མདོག་ལྟར་གྱུར། བདུད་རྩིའི་མ་ཤོང་ཞལ་ནས་སྐྱུགས་པའི་ཚུལ། །ཆར་དྲག་གམ་ནི་ཆུ་བོའི་རྒྱུན་བཞིན་བབས། །བདག་དང་བསྲུང་བྱ་ཀུན་གྱི་ཚངས་བུག་ཞུགས། །ལུས་གང་ཡམས་ནད་རིམས་ནད་ཐམས་ཅད་དང་། །མཁའ་འགྲོའི་རླངས་པ་མ་མོའི་རྫུ་འཕྲུལ་རྣམས། །རླངས་པ་སྔོ་དམར་ཚུལ་དུ་ཕྱིར་ཐོན་ཡལ། །དེ་ལྟར་བསྒོམ་ཞིང་བསྙེན་པ་ཅི་ནུས་དང་། །ནད་གདོན་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་པས་ཤམ་བུ་བཏགས་པ་བཟླས་པར་བྱ། །ཕྱར་དར་ལ་སོགས་རྟེན་རྫས་ཡོད་ན་ནི། །ལྷ་མོ་འཁོར་བཅས་དེ་ལ་ཐིམ་པར་བསམ། །རྟོགས་པ་མཐོ་ཞིང་རྩ་རླུང་བསྒོམ་པ་ཡི། །ལྷ་མོ་རང་གི་ལྟེ་བར་ཐིམ་པར་བསམ། །དེ་ལྟར་མིན་ན་བྱང་ཤར་ཕྱོགས་

p. 186

གཤེགས་བསམ། །ཞེས་ཨ་རཱ་གས་མཛད་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ལྡན་ལྷ་མོའི་མངོན་རྟོགས།

p. 187

དཔལ་ལྡན་ལྷ་མོའི་མངོན་རྟོགས་ནི། བྷྱོ །མདུན་དུ་དུར་ཁྲོད་ཆེན་པོའི་ནང་། །མེ་འབར་ཁྲག་ཞག་རྒྱ་མཚོའི་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨོ་ལས་དུད་སོལ་ལྷ་མོ་ནག །ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །ཐོད་ཁྲག་ཤཀྟི་རྩེ་གསུམ་འཛིན། །དུད་ཁྲོད་ཆས་ལྡན་མི་རོ་གསོལ། །བ་གླང་ལ་སོགས་རེ་ལྡེ་གསོལ། །སྦྲུལ་རྒྱན་ཞབས་གཉིས་ལྕགས་སྒྲོག་གསོལ། །བོང་བུ་གྲྭ་དམར་ཆིབས་པའོ། །སྙིང་འཕྲོག་མ་གསུམ་རིགས་བཞི་དང་། །མ་མོ་བརྒྱད་དང་ཕྲ་མེན་བརྒྱད། །སྒོ་ཟམ་བཞི་སོགས་འཁོར་བཅས་གསལ། །གནས་གསུམ་ཡི་གེ་ཧཱུྃ་ཡིག་ལས། །འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར། ། བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའུ་མཐིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནང་། །གྲུ་གསུམ་འབར་བའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་ནག་མོ་འབུམ་སྡེའི་ཚོགས། །གནས་འདིར་ཉིད་དུ་

p. 188

གཤེགས་སུ་གསོལ། །ༀ་ཧཱུྃ་ཤྲི་ཡ་དེ་ཝི་ཀཱ་ལ་ཨེ་ཨ་ར་ལི་ཧྲི་ཧྲི་ཛཿ པདྨ་ཀ་མ་ལཱ་ཡེ་སྟེ། དཔལ་ལྡན་ལྷ་མོ་ཁྱོད་ཀྱིས་བདག་ལ་སྐུ་མྱུར་དུ་སྟོན་ཅིག །གལ་ཏེ་མི་སྟོན་ན་བདག་གི་ཡིད་ལ་ཅི་འདོད་པ་དེ་མྱུར་དུ་འགྲུབ་པར་གྱུར་ཅིག །ཨོཾ་ས་མ་ཡ་ཧ་ན་ཧ་ན་མ་ཏི་ཀྲ་མ་ནི་ཧཱུྃ་ཧཱུྃ་ཕཊ། དེ་བི་ཀཱ་ལི་ས་པཱ་རི་ཝཱ་ར་ཨརྒྷཾ་་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཧཱུཾ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། །སྙིང་འཕྲོག་མ་གསུམ། རིགས་བཞིའི་ལྷ་མོ། དུར་ཁྲོད་ཀྱི་མ་མོ་བརྒྱད། །ཕྲ་མེན་མ་བརྒྱད། །སྒོ་མ་བཞི་འཁོར་མ་མོ་བྱེ་བ་འབུམ་སྡེའི་ཞལ་དུ་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། འདོད་གསོལ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ། མི་ནད་ཕྱུགས་ནད་ཡམས་ནད་རིམས་ནད་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། ཆག་ཆེན་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །དེ་ནས་བསྟོད་པ་ནི། བྷྱོཿ རྒྱ་

p. 189

མཚོའི་ཀློང་ན་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་པ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་སྟེ། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་སྐག་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་མཛོད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པའི་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་སྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །ཅེས་པ་འདི་ཡང་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་མོའི་ཟིན་བྲིས་གསང་སྒྲུབ་བསྙེན་པ་བྱ་ཚུལ།

p. 190
p. 191

ན་མོ་ཤྲཱི་དེ་ཝི་ཡེ། །ཕྱི་ལྟར་དབྱངས་ཅན་ནང་ལྟར་ཕག་མོ་སྟེ། །གསང་བ་དུད་སོལ་ལྷ་མོར་ཕྱག་འཚལ་ནས། །དེ་ཡི་གསང་སྒྲུབ་བསྙེན་པ་བྱ་ཚུལ་བཀོད། །རྒྱ་གཞུང་ཉིད་ནས་དྲག་མོ་སྒྲུབ་ཐབས་གསུངས། །འོན་ཀྱང་རང་གཞན་བར་ཆད་ཞི་བའི་ཕྱིར། །བདུད་རྩི་སྨན་གྱི་རྒྱལ་མོ་ཞེས་བྱ་བ། །ལྷ་མོ་ཞི་བར་སྒྲུབ་ཐབས་འདིར་བཀོད་བྱ། །ཞལ་ཐང་ལ་སོགས་རྟེན་རྫས་ཡོད་ན་བཤམས། །མེད་ཀྱང་གཏོར་སྒྲུབ་ཡིན་ཕྱིར་གཏོར་མས་ཆོག །མཎྜལ་གྲུ་བཞི་མདའ་གང་དུག་ཁྲག་དང་། །དུར་སོལ་བྱུགས་སྟེང་རྡུལ་ཚོན་བཀོད་གསུངས་ཀྱང་། །རྡུལ་ཚོན་ཕྲ་སྦོམ་ཀྱག་ཀྱོག་བྱུང་ཤོར་ན། །ཉེས་སྐྱོན་ཆེན་པོ་འབྱུང་བར་གསུངས་པའི་ཕྱིར། །གཞི་སྟེང་འབྲུ་ནག་ཚོམ་བུ་ལྷ་གྲངས་བཀོད། །དེ་ནི་སྟབས་བདེ་ཉེས་སྐྱོན་མེད་པ་ཡིན། །ཀ་ཊོ་རའམ་ཟངས་ལྕགས་སྣོད་གཙང་དུ། །བཤོས་བུ་མར་རྒྱན་དང་བཅས་ཁྲུ་གང་པ། །ལོགས་གསུམ་དེ་ཡི་ཕྱེད་ཙམ་སླེབ་པ་གསུམ། །དེ་རྒྱབ་དེ་བས་ཆུང་བ་བཤོས་བུ་བཞི། །དེ་རྒྱབ་བརྒྱད་དང་དེ་རྒྱབ་བཞི་ཡིས་བསྐོར། །དེ་རྒྱབ་མཐེབ་སྐྱ་མང་པོས་བསྐོར་བར་བྱ། །རྩེ་ཡི་མར་རྒྱན་ནང་དུ་ཧཱུཾ་བྷྱོ་བཀོད། །རྩེ་ལ་གཙོ་མོའི་ཙཀ་ལི་དར་

p. 192

གདུགས་བཙུགས། །བོང་བུ་བྱ་ནག་ལུག་ནག་ལ་སོགས་པ། །ལྷ་མོའི་མཐུན་རྫ་ས་བསྐང་འབྲས་རྣམས་ཀྱང་བཙུགས། །གཏོར་མ་ཐམས་ཅད་དམར་གཏོར་ཤ་དམར་རྒྱུན། །རྩེ་མོར་ལྷ་བསྐྱེད་སྨད་ནི་མཆོད་པར་བསྐྱེད། །ཞལ་ཐང་ཡོད་ན་དེ་ཉིད་ལྷར་བསྐྱེད་ཆོག །དེ་ཡི་གཡས་གཡོན་བདུད་རྩི་རཀྟ་དང་། །མཐའ་བསྐོར་མཆོད་པ་སྣ་བདུན་བསྐོར་བཤམས་སམ་ཡང་ན་མདུན་དུ་འཕྲེང་དུ་བཤམས་ཀྱང་རུང་། །དེ་ནས་ཡི་དམ་གང་ཡིན་བདག་བསྐྱེད་ནི། །ད་ནངས་སྔོན་དུ་ལན་གཅིག་འདོན་པས་ཆོག །དེ་ནས་རྒྱས་པར་བརྒྱ་རྩའི་གཞུང་ལྟར་དུ། །བསྟོད་པ་ཡན་ཆད་ལས་བྱང་འདོན་པར་བྱ། །ལས་བྱང་མང་ན་བསྙེན་པ་མི་འགྲོ་བས། །ལས་བྱང་བསྡུས་པ་ཙམ་ཞིག་འདོན་པས་ཆོག །སྐུ་མདོག་ཕྱག་མཚན་བསྒོམ་ཚུལ་མི་ཤེས་ན། །བརྒྱ་རྩའི་ནང་གི་མངོན་རྟོགས་རྒྱས་པའམ། །གཅིག་ཤེས་ཀུན་གྲོལ་ནང་ནས་འབྱུང་བ་ལྟར། །མངོན་རྟོགས་དཔེ་ལྟས་བྱས་ལ་གསལ་ཡང་བཏབ། །ལས་བྱང་འདོན་ཚེ་ཧ་ལམ་གསལ་བཏབ་ནས། །བསྙེན་པ་བྱེད་ཚེ་དམིགས་པ་གསལ་བར་བསྒོམ། །དང་པོ་ལྷ་མོའི་ཐུགས་ལས་འོད་འཕྲོས་པས། །རི་རབ་བྱང་ཤར་ཡོངས་འདུས་ཤིང་དྲུང་

p. 193

དང་། །རྒྱ་གར་དགའ་བ་ཚལ་གྱི་དུར་ཁྲོད་ནས། །ལྷ་མོ་དཔག་མེད་སྤྱན་དྲངས་མདུན་བསྐྱེད་བསྟིམ། །དེ་ནས་རང་ཉིད་ཡི་དམ་ཐུགས་ཀ་རུ། །ཡི་དམ་ས་བོན་ཡི་དམ་སྔགས་ཀྱིས་བསྐོར། །དེ་མཐར་ལྷ་མོའི་སྔགས་ཀྱིས་བསྐོར་བར་བསྒོམ། །རང་གི་ཐུགས་ཀའི་སྔགས་དེ་མི་འཁོར་རོ། །ལྷ་མོའི་ཐུགས་ཀར་སྟེང་དུ་ཟླ་བ་དང་། །འོག་ཏུ་ཉི་མ་གའུ་ཁ་སྦྱོར་དབུས། །ཧཱུྃ་བྷྱོ་མཐིང་ནག་མཐའ་མར་སྔགས་གཡོན་འཁོར། །བདག་གི་ཐུགས་ལས་འོད་ཟེར་ཁ་དོག་ལྔ། །སྟོང་སྐུད་ལྟ་བུར་འཕྲོས་པས་ཞལ་ནས་ཐོན། །ལྷ་མོའི་ཞལ་ཞུགས་ཐུགས་ཀའི་སྔགས་ཕྲེང་ཐིམ། ©།སྔོགས་ཕྲེང་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ། །དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟར། །དཔག་མེད་འཕྲོས་པས་རང་བཞིན་གནས་རྣམས་ནས། །ལྷ་མོ་མར་མེ་འདྲ་བའི་འོད་ཀྱི་གཟུགས། །སྤྱན་དྲངས་ལྷ་མོའི་སྤྱི་བོ་ནས་མར་ཐིམ། །ལྷ་མོའི་ཐུགས་ཀའི་སྔགས་ལས་འོད་ཟེར་ནི། །རང་ཉིད་སྔགས་པ་ཁྱིམ་པ་ཡིན་ན་ནི། །ལྷ་མོའི་ལྟེ་བ་ནས་ཐོན་རང་ཉིད་ཀྱིས། །ལྟེ་བ་ནས་ཞུགས་ཐུགས་ཀར་ཐིམ་པར་བསྒོམ། །རང་ཉིད་རབ་ཏུ་བྱུང་བ་ཡིན་ན་ནི། །ལྷ་མོའི་བྷ་ག་ནས་ཐོན་རང་ཉིད་

p. 194

ཀྱི། །རྡོ་རྗེའི་སྦུབ་ནས་ཞུགས་ཏེ་ཐུགས་ཀར་ཐིམ། །དེ་ནི་མཛའ་ལྟར་བརྟེན་པ་ཞེས་བྱ་སྟེ། །འགྲུབ་སླ་སྙིང་ཉེ་ལུས་དང་གྲིབ་བཞིན་འགྲོགས། །སྡོམ་པ་དམ་ཚིག་གཙང་བའི་གནད་ཆེ་སྟེ། །ལྷ་མོའི་ཚུལ་ཁྲིམས་སྙིང་ཉེ་མ་ཞེས་བྱ། །ལྟེ་བ་ནས་ནི་འོད་ཟེར་འཁོར་བསྒོམ་པ། །སྲིང་ལྟར་བརྟེན་པ་ཡིན་པས་བརྩེ་གདུང་ཆེ། །གསང་གནས་སྦ་སོགས་ངོ་ཚ་སྲུང་ཚུལ་བྱ། །རང་ཉིད་ཡི་དམ་བསྙེན་སྒྲུབ་ཉུང་བ་དང་། །བསྐྱེད་རིམ་མི་གསལ་ཉམས་རྟོགས་དམའི་ན་ནི། །ཐུགས་ཀ་ནས་ནི་ཐུགས་ཀར་འཁོར་བར་བསྒོམ། །ལྷ་མོ་ཉིད་ལ་མ་ཡི་འདུ་ཤེས་བཞག །སྐབས་སུ་ལྷ་མོའི་ནུ་མ་བདག་གིས་ནུས། །དངོས་གྲུབ་འོ་མས་བདག་ལུས་གང་བར་བསྒོམ། །འདི་ནི་འཇམ་ཞིང་མི་ནོན་དོགས་པ་མེད། །འོད་ཟེར་ཕར་དུས་མཆོད་པའི་ཚུལ། །ཚུལ་ལ་བྱུང་དུས་དངོས་གྲུབ་སྩོལ་བའི་ཚུལ། །རྒྱུན་ཆད་མེད་པར་ཀྱི་ལི་ལི་འཁོར་བསྒོམ། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །སྔགས་ཕྲེང་སྔོན་ལྟར་འཁོར་བར་བསྒོམ་བྱ་ཞིང་། །དེ་ནས་བསྙེན་པའི་སྔགས་འདི་བཟླ་བ་བྱ། །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨེ་ཨ་རལླི་ཧཱུྃ་ཛ་ཛཿ བསྙེན་པ་དེ་ནི་སྟོང་ལས་མི་

p. 195

ཉུང་བཟླས། །།དེ་ཡོན་ལྷ་མོ་སྐུ་མདོག་ནག་མོ་སྟེ། །དེ་ནས་ཞི་བར་བསྒྱུར་ཏེ་སྒྲུབ་པ་ནི། །ལྷ་མོའི་སྤྱི་བོར་པཾ་ཡིག་ལས་བྱུང་བའི། །བུམ་པ་དཀར་པོའི་ནང་དུ་རྡོར་སེམས་ནི། །སྐུ་མདོག་དཀར་པོ་ཆུང་ངུ་གཅིག་བསྒོམ་སྟེ། །ལྷ་མོའི་ཐུགས་ཀའི་ས་བོན་ཧཱུྃ་ཡིག་དེས། །ཟླ་ཚེས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་གྱུར། །དེ་ལས་འོད་ཟེར་ཤངས་བུག་ནས་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བདུད་རྩིའི་བཅུད། །འཇིག་རྟེན་སྨན་གྱི་ནུས་པ་ཐམས་ཅད་བསྡུས་།་།སྤྱི་བོའི་རྡོར་སེམས་ལ་ཐིམ་རྡོར་སེམས་ལས། །བདུད་རྩིའི་རྒྱུན་བབ་བུམ་པ་ལྟེམས་སེ་གང་། །བུམ་པའི་ཁ་ནས་བདུད་རྩི་འོ་མའི་རྒྱུན། །ལྷ་མོའི་ཞལ་དུ་ཞུགས་པས་སྐུ་ལུས་གང་། །ལྷ་མོའི་བཀྲག་མདངས་ཕུན་སུམ་ཚོགས་པར་གྱུར། །བདུད་རྩིའི་བཅུད་རྣམས་ཐུགས་ཀར་ཟླ་བར་ཐིམ། །ལྷ་མོ་སྐུ་མདོག་དུང་ལྟར་དཀར་བར་གྱུར། །སླར་ཡང་ལྷ་མོའི་ཞལ་ནས་བདུད་རྩི་བབ། །འཁོར་རྣམས་ཀུན་གྱི་ཞལ་ཞུགས་སྐུ་ལུས་གང་། །མ་མོ་འཁྲུག་པའི་ཕྲག་དོག་གདུག་རྩུབ་ཀུན། །ཞི་ནས་འཁོར་ཀུན་སྐུ་མདོག་དཀར་མོར་གྱུར།

p. 196

སླར་ཡང་ལྷ་མོའི་ཞལ་ནས་བདུད་རྩིའི་རྒྱུན། །ཆུ་བོ་ལྟ་བུ་དཔག་མེད་བབ་པ་ཡིས། །རང་དང་བསྲུང་བྱ་ཀུན་གྱི་ཚངས་བུག་དང་། །ཁ་ནས་ཞུགས་པས་ལུས་ཀུན་ངང་ལྟེམ་གང་། །རླུང་མཁྲིས་བད་ཀན་རིམས་ནད་ཡམས་ནད་དང་། །དམ་ཚིག་ཆག་ཉམས་མ་མོ་འཁྲུག་པ་ཡི། །ཁ་རླངས་གདུག་རྩུབ་ཐམས་ཅད་བ་སྤུ་ཡི། །ཁུང་ནས་རླངས་པ་སྔོ་དམར་ཚུལ་དུ་བུད། །ནམ་མཁར་སོང་ནས་འཇའ་ལྟར་ཡོར་བར་བསྒོམ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། སརྦ་ཛཱ་ར་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་དེ་ལ་ལྔ་བརྒྱ་ཙམ་ཞིག་བཟླས། །དེ་ནི་ཐུན་གཏོར་གཅིག་ནི་བཤམས་བྱས་ཏེ། །ཧ་ཧོ་ཧཱིཙཡི་སྔགས་ཀྱིས་བྱིན་གྱིས་བབས། ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །ཞེས་སོགས་བརྗོད་ནས་གཏོར་ཆེན་དྲུང་དུ་ཕུལ། །དེ་ནས་མདུན་གྱི་ལྷ་མོ་དཔོན་གཡོག་རྣམས། །འཁོར་རྣམས་འོད་ཞུ་གཙོ་མོ་ཉིད་ལ་ཐིམ། །གཙོ་མོ་འོད་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་དེ་རང་གི་སྣ་བུག་གཡོན་པ་ནས། །དབུ་མ་ནས་བརྒྱུད་རྩ་གསུམ་འདུས་མདོར་སོང་། །དེ་རུ་ཆོས་འབྱུང་གྲུ་གསུམ་རྩེ་ཐུར་བསྟན། །ཕྱི་ནག་ནང་དམར་མེ་རླུང་འཚུབ་མའི་ནང་། །པདྨ་ཉི་མའི་སྟེང་དུ་

p. 197

ཧཱུྃ་དེ་ལས། །ལྷ་མོའི་སྐུར་གྱུར་དེ་ལ་འཁོར་རྣམས་ཀྱི། །གཙོ་མོ་ལ་ནི་གཡས་བསྐོར་ཀྱི་ལི་ལི། །གཙོ་མོའི་སྤྱི་བོར་གསང་བདག་ལ་སོགས་པ། །ཡི་དམ་ཧེ་རུ་ཀ་ཡི་སྐུ་གཅིག་གསལ། །དེ་ལས་འོད་ཟེར་འཕྲོས་པས་དཔོན་མོ་བསྐུལ། །དཔོན་མོས་གཡོག་བསྐུལ་གཡོག་རྣམས་འོད་ཟེར་ནི། །ཕྱིར་འཕྲོས་མ་མོ་རྣམས་ཀྱི་མཐུ་སྟོབས་བསྡུས། །རང་གི་རླུང་བཟུང་དང་འགྲོགས་ཤངས་བུག་ཞུགས། །ཧེ་རུ་ཀ་དང་མ་མོ་རྣམས་ལ་ཐིམ། །བཀྲག་དང་གཟི་མདངས་ཇེ་ཆེར་བསྒོམ་ཞིང་བསྙེན། །དེ་ནས་འཁོར་རྣམས་གཙོ་མོ་ཉིད་ལ་ཐིམ་། །གཙོ་མོ་ཧཱུྃ་ཐིམ་དེ་ཡང་སྤྱི་བོ་ཡི། །ཧེ་རུ་ཀ་ཐིམ་དེ་ཡང་འོད་དུ་ཞུ། །དབུ་མ་ནས་སོང་རང་ཉིད་ཡི་དམ་གྱི། །ཐུགས་ཀའི་ཧཱུྃ་ཐིམ་བདག་ཀྱང་འོད་དུ་ཞུ། །ཧཱུཾ་ཐིམ་དེ་ཡང་སྟོང་པར་ཡལ་བའི་ངང་། །ཉམས་ལེན་ངང་དུ་བཞག་པ་གསང་སྒྲུབ་ཡིན། །དེ་ཡིས་ཐུན་གཅིག་རྫོགས་པར་འགྱུར་བཡིན། །དེ་ལྟར་སྔ་དྲོ་ཉིན་གུང་དགོང་མོ་དང་། །སྲོད་དང་ཐུན་བཞིར་དེ་ལྟར་ཉམས་སུ་ལེན། །དེ་ལྟར་ཞག་བདུན་བཅུ་གཅིག་ཉེར་གཅིག་སོགས། །ཞག་བདུན་ཕན་ཆད་ཡུན་ནི་གང་འདོད་རུང་། །གྲངས་ནི་རབ་ཀྱི་བྱེ་བ་འབྲིང་གི་བདུན་འབུམ་

p. 198

དང་། །ཐ་མ་འབུམ་ཚོ་གཅིག་ཡིན་ཅི་འགྲུབ་ཆོག །རྟགས་ནི་བུད་མེད་མཚེ་རིས་བཀྲ་བ་དང་། །ངུ་དང་བྲང་རྡུང་སྐུ་འབལ་རྒྱན་ཆ་བཏོག །བྷ་ག་སྟོན་སོགས་ངན་པའི་རྟགས་བྱུང་ན། །དགའ་ཚལ་མའམ་པཀཱིས་མཛད་པ་ཡི། །བསྐང་བའམ་ནི་མ་མོ་འཁྲུག་བསྐང་འདོན། །སྐབས་སུ་ཡིག་བརྒྱ་ཅུང་ཟད་བཟླས་པར་བྱ། །ཕྱི་རྟགས་སྒྲ་འོད་ཟེར་གསུམ་འུར་སྒྲ་དང་། །མེ་འབར་རླུང་ནག་འཚུབ་མ་དངོས་སུ་འོང་། །བོང་ཞོན་ལ་སོགས་འཇིགས་པའི་གཟུགས་རྣམས་མཐོང་། །ནང་རྟགས་བུད་མེད་གཟུགས་མཛེས་རྒྱན་ཆ་ཅན། །རྗེ་མོ་བློན་མོ་མ་སྲིང་ཆུང་མའི་ཚུལ། །དེ་རྣམས་བརྩེ་གདུང་གླུ་གར་རྒྱན་ཆ་ཐོགས། །ཟས་ནོར་རིན་ཆེན་འབྲུ་དང་ནོར་ཕྱུགས་འབུལ། །གསང་རྟགས་ཉམས་རྟོགས་སྐྱེ་དང་མཁའ་ལ་འཕུར། །ནམ་ལངས་ཉི་ཟླ་ཤར་དང་མེ་ཏོག་ཐུ། །དར་ཕྱར་དུང་འབུད་རྔ་རྡུང་ཁྲོམ་ཆོས་བཤད། །གོས་དཀར་དྲི་མེད་གྱོན་རྨིས་འགྲུབ་པ་ཡིན། །དུས་ནི་ཞག་གྲངས་བཞི་བཅུ་ཞེ་དགུ་སྟེ། །སྲོག་ཡིག་འབྲུ་བདུན་མཇུག་ཏུ་སྦྱར་བ་འདིས། །ཞག་པོ་བདུན་གྱིས་འགྲུབ་པར་ཐེ་ཚོམ་མེད། །སྒྲུབ་པ་ཚར་ནས་དངོས་གྲུབ་ལེན་ཆོག་ནི། །གཏོར་མའི་རྩེ་མོར་ལྷོ་མོར་གསལ་བ་

p. 199

ཡི། །དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གནས་བཞི་ནས། །ཨོ་དཀར་ཨཱདམར་ཧཱུྃ་མཐིང་ཧྲིལྗང་གུ། །འོད་ཀྱི་ཐིག་ལེ་རང་གི་གནས་བཞིར་ཐིམ། །དབང་དང་དངོས་གྲུབ་མ་ལུས་ཐོབ་བསྒོམ་ཞིང་། །རྩ་སྔགས་མཇུག་ཏུ་འདི་བཏགསགནས་བཞིར་གཏུག །ཀཱ་ཡ་སིདྡྷི་ཨོ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧཱུྃ༔ དེ་ནས་སླར་ཡང་གསོ་བྲན་བྱས། །མདུན་དུ་དམར་གཏོར་ཆེ་ལེགས་བཤམས། །དེ་ལ་དགུགས་གཞུག་གང་དགོས་བྱས། །གོང་གི་རྒྱ་གཞུང་ནས་གསུངས་པའི། །བསྙེན་སྔགས་བསད་སྔགས་སྦྲེལ་མ་དེ་།ཉེར་གཅིག་ཡན་ཆད་ཅི་འགྲུབ་བརྗོད། །ལྷ་མོ་འཁོར་དང་བཅས་པ་ཡི། །དགྲ་བགེགས་ཐམས་ཅད་བཀུག་ཅིང་བསྒྲལ། །ཤ་ཁྲག་ཧབ་ཐོབ་གསོལ་བར་བསྒོམ། །རྩ་སྔགས་བ་ལི་ཁཱ་ཧི་བཏགས། །རྒྱས་པར་བསྐུལ་པ་གང་རུང་འདོན། །བསྡུ་ན་དངོས་གྲུབ་བདག་མོས་ཆོག །གནོད་པའི་ཕྱོགས་སམ་བྱང་ཤར་ཕྱོགས། །འབུལ་རྒྱུ་བསྐུལ་བས་ཆོག་པ་ཡིན། །རྗེས་ཆོག་ཚུལ་དུ་ལས་བྱང་འདོན། །མ་འབྱོར་པ་སོགས་བཤགས་པ་དང་། །ཡིག་བརྒྱ་ཚར་གསུམ་བརྗོད་པར་བྱ། །ལྷ་མོ་ཡེ་ཤེས་པ་རྣམས་ནི། །སྐུ་གཟུགས་ལ་

p. 200

སོགས་རྟེན་ལ་བསྟིམ། །སྐུ་གཟུགས་ལ་སོགས་མེད་ན་ནི། །རྣལ་འབྱོར་ཁྱོད་ཀྱིས་ཅི་འདོད་པའི། །དོན་ཀུན་བསྒྲུབ་ཅེས་གསུང་བྱོན་ནས། །ལྷ་མོ་དཔོན་གཡོག་འཁོར་དང་བཅས་།བྱང་ཤར་ཕྱོགས་སུ་གཤེགས་བསྒོམ་ཞིང་། །དེ་ཝི་ས་པཱ་རི་ཝཱ་ར་བཛྲ་མུཿ ཞེས་བརྗོད་བསྔོ་སྨོན་བཀྲ་ཤིས་བྱ། །རྨི་ལམ་ཆགས་པ་སྤྱོད་རྨིས་ཤིང་། །བྱང་སེམས་ཉམས་པར་མ་གྱུར་ན། །ལྷ་མོའི་འགྲུབ་རྟགས་ཡིན་པས་བཟང་བ་སྟེ། །ཆགས་པ་སྤྱོད་རྨིས་བྱང་སེམས་ཤོར་བ་དང་། །རྐུབ་དང་མོ་མཚན་སྟོན་རྨིངསགོད་ཁ་སོགས། །ངན་རྟགས་མང་ན་དམ་སྲིའི་གནོད་པ་ཡིན། །ཚིག་མ་རམ་ཕྱེ་གྲོ་ཕྱེ་བོང་བུའི་ཆུ། །བསྲེས་པའི་ལིང་ག་ཆེ་བ་གཅིག་བྱ་སྟེ། །ཤོག་བུར་བུད་མེད་བྱ་མཆུ་ཅན་གཅིག་བྲིས། །སྙིང་གར་དྲི་ཛའི་མཐའ་རུ་འདི་ཉིད་བཀོད། །དམ་སྲི་ལྟེ་ཕུར་ནག་མོ་བྱ་མཆུ་མ་ལ་སོགས་པ་ལྷ་མོ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཛ་ཧཱུཾ་བཾ་ཧོ༔ ཞེས་བྲི་ཐ་ལ་ཛ་ཁྲམ་བསྐོར། །དྲག་པོའི་སྦྱིན་སྲེག་སྤྱི་ལྟར་ལས། །རང་ཉིད་ཡི་དམ་གསལ་བར་བསྒོམ། །ལྷ་མོའི་ལས་བྱང་བཏོན་ནས་ཀྱང་། །མདུན་དུ་ལྷ་མོ་གསལ་བ་ཡི། །ལྟེ་བར་དམ་སྲི་

p. 201

ལྟེ་ཕུར་བྱ་མཆུ་ཅན། །ཁོག་སྟོད་བུད་མེད་བྱ་མཆུ་མ། །སྐུ་སྨད་ཕུར་པ་ལྟེ་བར་ཟུག །དེ་ཉིད་བཀུག་སྟེ་ལིང་གར་བསྟིམ། །ཕུར་པ་བཏབ་ཅིང་བསྒྲལ་ལས་བྱ། །ལིངྒ་དུམ་བུ་བརྒྱ་རྩར་གཏུབ། །མེ་ཐབ་ནང་དུ་གཤིན་རྗེ་གཤེད། །འཇིགས་བྱེད་ཚེ་བདག་ཀིང་ཀང་དང་། །ཁྲོ་ཆུ་ལ་སོགས་གང་འདོད་བསྐྱེད། །དེ་ཡི་ཞལ་གདང་མེ་འབར་བས། །དམ་སྲི་རྐང་མཐིལ་སྐྱ་ལྷག་ལྷག །ཞལ་དུ་འཕང་བས་བསྲེག་པར་བསྒོམ། །ཡ་སོགས་སྔགས་ཀྱི་མཇུག་ཏུ་ནི། །གནོད་བྱེད་དམ་སྲི་ལྟེ་ཕུར་ནག་མོ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་དེ་ལ་བརྒྱ་རྩ་བསྲེགས། །རྗེས་རྣམས་སྦྱིན་སྲེག་སྤྱི་ལྟར་མཚུངས། །དེ་ཡིས་སྲི་མནན་པ་ཡི། །གོ་ཆོད་ངས་བར་གཞུང་ནས་གསལ། །དེ་ཡིས་སྒྲུབ་པའི་གེགས་སེལ་ཚང་། །གེགས་སེལ་མེད་ཅིང་ཞི་སྒྲུབ་འདི། །བར་ཆད་འབྱུང་དོགས་མི་དགོས་སོ། །དེ་ལྟར་སྒྲུབ་པ་ཚར་ནས་ནི། །རྒྱུན་དུ་སྔགས་སྔོས་ཁཱ་ཧིས་ཆོག །དུས་མཆོད་དགུ་གཏོར་ལ་སོགས་དུས་། །མགོན་པོ་ཞི་སྒྲུབ་ལས་བྱང་ལ། །མ་མགོན་གཉིས་ཀའི་ལས་བྱང་ཚང་། །འོན་ཀྱང་སྒྲུབ་པ་བྱས་པའི་དུས། །བརྒྱ་རྩའི་ལས་བྱང་མང་དྲགས་པས། །ལས་བྱང་ཉུང་དུ་

p. 202

འདོན་པ་ན། །མངོན་རྟོགས་གོང་གི་རྒྱ་གཞུང་གི །མངོན་རྟོགས་མཚལ་མ་བཏོན་པའི་རྗེས། །ལས་བྱང་ཉུང་ངུ་འདི་བཏོན་ཆོག །གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་ལས། །འོད་ལྷའཕྲོས་འཁོར་བཅས་སྤྱན་དྲངས་གྱུར། བྷྱོཿ རི་རབ་ཆེན་པོའི་ནུབ་བྱང་མཚམས། །གཡུ་མཚོ་མུ་ལེའི༴ སོགས་ནས། གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ༀ་ཏྲི་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧཱུཾ། ས་མ་ཡ་ཧོ༔ དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཁྱོད་ཀྱིས་བདག་ལ་སྐུ་མངོན་སུམ་དུ་སྟོན་ཅིག །སྐུ་མངོན་སུམ་དུ་མི་སྟོན་ན་ཡང་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པའི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་ཡམས་ནད་རིམས་ནད་ཀྱི་གནོད་པ་ཐམས་ཅད་ཞི་བ་དང་། ཡིད་ལ་གང་འདོད་པ་ཐམས་ཅད་འགྲུབ་པར་གྱིས་ཤིག །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཨེ་ཨ་རལླི་ཧཱུྃ་ཛཿ ལྷ་མོའི་ལྕེ་ལ་དམ་ཚིག་བྱིན་པར་བསམས་ལ། ཨོཾ་ཧ་ན་ཧ་ན་

p. 203

མ་ཏི་ཀྲ་མ་ནི་ཧཱུཾ་ཕཊ༔ བྷྱོཿ ཡང་ཐོག་དྲུག་བརྩེགས་འཕྲུལ་གྱི་ལྡིང་ཁང་ནས། །མ་གཅིག་དཔལ་ལྡན་སོགས་ནས། བདག་གི་བསམ་པའི་དོན་ཀུན་འགྲུབ་གྱུར། ཅིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པཱ་རི་ཝཱ་ར་བཛྲ་པུལླེ་དྷ་པེ་ཨ་ལོ་ཀེ གནྡྷེ་ནེ་ཝི་དྱ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ༔ ཨོཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་གཏོར་མའི་ནང་དུ་ཧ་སེར་པོ་གསེར་གྱི་མདོག་ལྟ་བུ་དེ་ཞུ་བ་ལས་གཏོར་མའི་ཁ་དོག་ངན་པ་ཐམས་ཅད་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པ། དེའི་སྟེང་དུ་ཧོ་དཀར་པོ་དུང་གི་མདོག་ལྟ་བུ་དེ་ཞུ་བས་དྲི་ངན་པ་ཐམས་ཅད་བཅོམ་ནས་དྲི་ཕུན་སུམ་ཚོགས་པ། དེའི་སྟེང་དུ་ཧཱུྃབཻཌཱུརྱའི་མདོག་ལྟ་བུ་དེ་ཞུ་བས་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ནཱཾ་ས་ཁཱ་ཧི། ཨོཾ་མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ༀ་མ་ཧཱ་བཱ་སུ་ཏ་ཁཱ་ཧི། ཨོཾ་ཨི་དཾ་བ་ལི་གྷིནྡྷ་གྷིཧཱ་པ་ཡ་ཧཱུྃ་ཕཊ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། འཁོར་ཤན་པ་མ་གསུམ། རིགས་

p. 204

བཞིའི་མཁའ་འགྲོ། དུར་ཁྲོད་ཀྱི་མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་མ་བཞི། སྲིད་པའི་མ་མོ་བྱེ་བ་འབུམ་སྡེ་དང་བཅས་པ་ཐམས་ཅད་ལ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་ཆེ་བ་ཕྱུངས། དཔལ་ལྡན་བླ་མའི་ཕྲིན་ལས་སྒྲུབས། སེམས་ཅན་གྱི་བདེ་སྐྱིད་སྤེལ།། ཁྱད་པར་དུ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི། བདུད་དང་བར་ཆད་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་རིགས་ཐམས་ཅད་ཞི་བ་དང་། ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག ། བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་ནི་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་སོགས་ནས། དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། ཐུན་གཏོར་ལ་དགྲ་བགེགས་བཀུག་གཞུག་སོགས་བྱས་ལ། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་འཇིགས་བྱེད་སོགས་ནས། དེ་ལ་ཀུན་གྱི་གྲོགས་གྱིས་ཤིག །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་གྷིནྡྷ་བྷིནྡྷ་སརྦ་དུཥྛན་པཀྵ་པཀྟ་པྲ་པུཾ་སཾ་ཕཊ་

p. 205

སྭཱ་ཧཱ། ཞེས་ཐུན་གཏོར་གཏོར་ཆེན་དྲུང་དུའམ་ཕྱི་རོལ་དུ་ཕུལ། ཞེས་པ་འདི་ནི་ལས་བྱང་བསྡུས་པ་སྟེ། རྗེས་འཇུག་སོགས་ཀྱི་བསྙེན་སྒྲུབ་བྱ་བའི་ཕྱིར། སྒྲུབ་ཐབས་གོ་བདེར་ལས་བྱང་བསྡུས་པར་བཅས། །རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། །དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་ལྷ་མོ་ཉིད་ལ་བཤགས། །དགེ་བས་སངས་རྒྱས་བསྟན་པ་རྒྱས་པ་དང་། །རྗེས་འཇུག་ཐམས་ཅད་ལྷ་མོའི་སྲུང་ཞིང་སྐྱོབས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ལྡན་ལྷ་མོ་དུད་སོལ་མའི་གསོལ་མཆོད་ལྷ་མོ་དགྱེས་པའི་དགའ་སྟོན།

p. 206
p. 207

དཔལ་ལྡན་ལྷ་མོ་དུད་སོལ་མའི་གསོལ་མཆོད་ལྷ་མོ་དགྱེས་པའི་དགའ་སྟོན་བཞུགས་སོ། །

p. 208

བྷྱོ༔ རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་དུད་སོལ་མ། །སྐུ་གསུང་ཐུགས་ཀྱིས་འཁོར་འདས་ཡོངས་ལ་ཁྱབ། །ཆོས་ཀྱི་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་། །བདག་སོགས་འགྲོ་བའི་བསོད་ནམས་བསགས་པའི་ཕྱིར། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །སྲིད་གསུམ་ཞབས་ཀྱི་མཐེབ་མོས་གནོན་བྱེད་ཕྱིར། །བཞུགས་པའི་གནས་ལ་ངེས་པ་མ་མཆིས་ཀྱང་། །མྱུར་མགྱོགས་ཕྲིན་ལས་བསྒྲུབ་ཕྱིར་རླུང་འཚུབ་དང་། །རྫུ་འཕྲུལ་ཤུགས་ལྡན་བོང་བུའི་གདན་ལ་བཞུགས། །རང་སེམས་མ་གཅིག་གདོད་ནས་དབྱེར་མེད་ཕྱིར། །ཕྱག་དང་ཕྱག་ཡུལ་

p. 209

སོ་སོར་མ་མཆིས་ཀྱང་། །མ་བཅོས་སོ་མ་རང་བབ་ལྷག་པ་ཡི། །དོན་དམ་སྐྱེ་བ་མེད་པར་མཇལ་ཕྱག་འཚལ། །སྟོང་གསུམ་འདི་དང་འཇིག་རྟེན་གཞན་དག་ན། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ལྷ་མོ་དགྱེས་པའི་མཆོད་པ་ཅི་མཆིས་པ། །བློ་ཡིས་བླངས་ཏེ་ལྷ་མོ་འཁོར་བཅས་མཆོད། །ཁྱད་པར་འབོད་མཆོད་རྟེན་དང་བསྐང་བའི་རྫས། །མ་ཚང་མེད་པ་ཀུན་བཟང་མཆོད་སྤྲིན་བཞིན། །ཏིང་འཛིན་གསལ་བའི་ཡིད་ཀྱིས་མངོན་སྤྲུལ་ཏེ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་ལ་འབུལ། །ཁྱད་པར་དམ་རྫས་བརྒྱན་པའི་གཏོར་མ་

p. 210

དང་། །བདུད་རྩི་རཀྟ་ཇ་ཆང་ཕུད་རྒོད་སོགས། །སྔགས་དང་ཕྱག་རྒྱས་ཟད་མེད་བྱིན་བརླབས་ནས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་ལ་འབུལ། །མ་གཅིག་ལྷ་མོ་རྒྱལ་བ་ཀུན་གྱི་ཡུམ། །ཕྱི་ལྟར་གང་གའི་ལྷ་མོ་དབྱངས་ཅན་མ། །ནང་ལྟར་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ། །གསང་བ་དཔལ་ལྡན་ལྷ་མོ་དུད་སོལ་མ། །བསླུ་མེད་གཏན་གྱི་བསྐྱབ་ཏུ་མངའ་གསོལ་ལོ། །གསང་བདག་སྤྲུལ་པ་ས་བརྒྱད་སེམས་མའི་ཚུལ། །སྲིད་པའི་ལྷ་མོ་ཡུམ་ཆེན་ཨུ་མ་དེ། །རྣལ་འབྱོར་བདག་གིས་མ་རུ་མངའ་གསོལ་ལོ། །རྟག་ཏུ་བུ་གཅིག་ལྟ་བུར་ཐུགས་རྗེས་སྐྱོབས། །དབང་ཕྱུག་སྲས་མོ་འདོད་ཁམས་དབང་ཕྱུག་མ། །རྣལ་འབྱོར་བདག་གིས་མགོན་དུ་མངའ་གསོལ་ལོ། །མགོན་སྐྱབས་མ་གཡེལ་འཇིག་རྟེན་དབང་བསྡུས་ལ། །བདག་ལ་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ། །ཀླུ་དབང་སྐྱབས་མཛད་དཀར་མོ་དུང་སྐྱོང་མ། །རྣལ་འབྱོར་བདག་གིས་བསྐྱབ་ཏུ་མངའ་གསོལ་ལོ། །ནད་གདོན་འཇིགས་པ་བརྒྱད་དང་བཅུ་དྲུག་ལས། །སྐྱོབས་པར་མཛོད་ཅིག་དབང་བཅུའི་མངའ་བདག་མ། །དྷ་ཤ་གྷི་ཝའི་ཆུང་མ་ཁ་འབར་མ། །རྣལ་འབྱོར་བདག་

p. 211

གིས་བྲན་མོར་མངའ་གསོལ་ལོ། །བགེགས་རིགས་ཤ་ཟའི་གནོད་པ་བཟློག་པ་དང་། །དགོས་པའི་ལས་རྣམས་ཐོགས་མེད་བསྒྲུབ་པར་མཛོད། །ལྷག་པའི་མཐུ་ཆེན་གཤིན་རྗེའི་སྲས་མོ་ཆེ། །རྣལ་འབྱོར་བདག་གིས་དཔུང་དུ་མངའ་གསོལ་ལོ། །བྱད་ཁ་དྲོད་གཏོང་དུས་མིན་འཆི་བ་སོགས། །སྐག་བཟློག་ཆེན་མོ་ཁྱོད་ཀྱིས་བཟློག་ཏུ་གསོལ། །བཙན་སྐྱ་རྡོ་རྗེ་ཟླ་བའི་མཛའ་སྡེ་མོ། །རྣལ་འབྱོར་བདག་གིས་མཛའ་མོར་མངའ་གསོལ་ལོ། །གདུང་སེམས་མ་ཆུང་རྟག་ཏུ་བརྩེ་བས་སྐྱོང་། །གློ་བུར་ཡེ་འདྲོགས་བར་ཆད་མེད་པར་མཛོད། །ཐུབ་པས་བཀའ་བསྒོས་བསྟན་པ་སྤྱི་སྲུང་མ། །རྣལ་འབྱོར་བདག་གིས་སྲུང་མར་མངའ་གསོལ་ལོ། །བདག་དང་སློབ་མ་བརྒྱུད་པར་བཅས་པ་ཡི། །བསྟན་པ་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །མེ་ལྷ་རླུང་ལྷ་འགྲུབ་པའི་གྲུབ་ཆེན་མ། །བདག་གིས་སྒྲུབ་སྡེ་མ་རུ་མངའ་གསོལ་ལོ། །རྫུ་འཕྲུལ་སྣ་ཚོགས་ཐོགས་པ་མེད་པ་ཡི། །ངོ་མཚར་དངོས་གྲུབ་དམ་པ་བསྩལ་དུ་གསོལ། །དབྱིངས་ཡུམ་རལ་གཅིག་གྲུབ་པའི་རིག་འཛིན་མ། །རྣལ་འབྱོར་བདག་གིས་བླ་མར་མངའ་གསོལ་ལོ། །མི་མངོན་

p. 212

དབྱིངས་ནས་དབང་བསྐུར་བྱིན་གྱིས་རློབས། །འཇའ་ལུས་མཁའ་སྤྱོད་འགྲུབ་པའི་དངོས་གྲུབ་སྩོལ། །རྟ་མགྲིན་ཡུམ་ཆེན་པདྨ་གཟི་ལྡན་མ། །རྣལ་འབྱོར་བདག་གིས་བཟུང་མར་མངའ་གསོལ་ལོ། །ཟག་བཅས་ལུས་ཀྱི་དགའ་བདེ་སྦར་ནས་ཀྱང་། །ཟུང་འཇུག་རྡོ་རྗེ་འཆང་ཆེན་འགྲུབ་པར་མཛོད། །རིམས་ནད་འཇོམས་མཛད་བཀྲ་ཤིས་ཤ་བ་རི། །བདག་གིས་ཡི་དམ་མཆོག་ཏུ་མངའ་གསོལ་ལོ། །མི་ནད་ཕྱུགས་ནད་གནོད་པ་ཞི་བ་དང་། །བཀྲ་ཤིས་དགེ་ལེགས་རྒྱས་པར་མཛད་དུ་གསོལ། །ཤིང་གི་ལྷ་མོ་གཟི་བརྗིད་འོད་ཟེར་ཅན། །རྣལ་འབྱོར་བདག་གིས་བརྟེན་པར་མངའ་གསོལ་ལོ། །དུས་ངན་སྙིགས་མའི་ཚ་གདུང་ཅི་བྱུང་ཡང་། །ཁྱེད་ཀྱི་ཐུགས་རྗེའི་བསིལ་གྲིབ་མ་གཡེལ་ཅིག །སྨན་གྱི་རྒྱལ་མོ་བདུད་རྩི་འཆི་མེད་མ། །རྣལ་འབྱོར་བདག་གིས་སྨན་པར་མངའ་གསོལ་ལོ། །ནད་རིམས་བཞི་བརྒྱ་རྩ་བཞིའི་གནོད་པ་རྣམས། །ཞི་བར་མཛོད་ཅིག་སྨན་གྱི་རྒྱལ་མོ་ཆེ་། །དུད་འགྲོ་ཕྱུགས་ཀྱི་བདག་མོ་གཡང་ཤམ་ཅན། །རྣལ་འབྱོར་བདག་གིས་ནོར་ལྷར་མངའ་གསོལ་ལོ། །ཕྱུགས་ལ་གོད་ཁ་ནད་ཡམས་མེད་པ་དང་། །རྐང་བཞི་ཕྱུགས་

p. 213

ཀྱི་དངོས་གྲུབ་བསྩལ་དུ་གསོལ། །འཕགས་བཞི་བསྐྱེད་མཛད་ས་བརྒྱད་སེམས་མའི་ཚུལ། །བདག་གིས་ལམ་སྟོན་འདྲེན་པར་མངའ་གསོལ་ལོ། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་རྣམས། །བླ་མེད་བྱང་ཆུབ་མཆོག་ཏུ་ལམ་སྣ་དྲོངས། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ་གཅིག་མ། །བདག་གིས་ལས་མཁན་ཆེན་མོར་མངའ་གསོལ་ལོ། །བསྟན་དང་བདག་ལ་སྡང་བའི་དགྲ་བོ་རྣམས། །ལོ་ཟླར་མ་འགྱང་ཆེམས་ཆེམ་ཞལ་དུ་གསོལ། །སྟོང་གསུམ་དབང་བསྒྱུར་སྲིད་པའི་རྒྱལ་མོ་ཆེ། །བདག་གིས་མགོན་དང་དཔུང་དུ་མངའ་གསོལ་ལོ། །སྟོང་གསུམ་ལྷ་མིའི་གཡོས་དང་ཁེངས་ལོག་དང་། །ཆག་ཆེན་ཉམ་ང་བསྒྱུར་བའི་ཕྲིན་ལས་མཛོད། །དགྱེས་པ་རྡོ་རྗེའི་སྒོ་བཞི་སྲུང་མ་མཛད། །བདག་གིས་སྒོ་སྲུང་མཆོག་ཏུ་མངའ་གསོལ་ལོ། །ཕྱི་ཡི་བར་ཆད་ནང་དུ་མ་བཏང་ལ། །ནང་གི་དངོས་གྲུབ་ཕྱི་རུ་མ་ཤོར་ཅིག །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་བར། །བདག་གིས་ཆོས་སྐྱོང་མཆོག་ཏུ་མངའ་གསོལ་ལོ། །ནམ་ཡང་བདུད་ཀྱི་བར་ཆད་མི་འབྱུང་ཞིང་། །མྱུར་དུ་རྣམ་མཁྱེན་བྱང་ཆུབ་ཐོབ་པར་ཤོག །ཅེས་པ་རྫོང་མགོ་བླ་མ་ཀུན་

p. 214

དགའ་ཉི་མས་བསྐུལ་ནས་འཕྲལ་དུ་དགེ་སློང་ཨ་རཱ་གས་སྦྱར་བ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་མོའི་ཀ་བསྟོད།

p. 215

ཀ་ཡེ་གསོན་དང་དཔལ་ལྡན་དུད་སོལ་མ། །ཁ་གདངས་ང་རོ་འབྲུག་དང་དུང་གི་སྒྲ། །ག་ཤལ་མི་མགོའི་ཕྲེང་བའི་རྒྱན་ཆ་ཅན། །ང་ཡི་སྲུང་མར་མཆོག་ཏུ་ཁྱོད་བསྟེན་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོས་སྤྱན་འདྲེན་ནོ། །ཆ་ལུགས་བོང་བུ་ཆིབས་པའི་ལྷ་མོ་ལ། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་དགེ་ལེགས་རྒྱས་པར་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱོད་ཉིད་ཀྱིས། །ཐ་ན་བདག་གིས་བྲན་གཡོག་རྟ་ཕྱུགས་ཡན། །ད་ནི་བསྲུང་ཞིང་སྐྱབས་པའི་ཕྲིན་ལས་མཛོད། །ན་ཚ་ཤི་ཆད་གོད་ཁ་མ་བཏང་ཞིག །པ་དེ་པུ་དེའི་ཁ་སྨྲས་གླེང་གཞི་དང་། །ཕ་རོལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་ལྟར་བྱམས་པའི་ཐུགས་རྗེས་རྟག་ཏུ་སྐྱོངས། །རྩ་རླུང་བསྒོམ་པའི་གེགས་རྐྱེན་ཐམས་ཅད་སོལ། །ཚ་གྲང་འདུས་པའི་ནད་ཀུན་ཞི་བར་མཛོད། །ཛ་ཡེ་སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །ཝ་ལེར་སྲིད་གསུམ་གཟིགས་པའི་ལྷ་མོ་ཁྱོད། །ཞྭ་ལྟར་བསྟན་དང་བསྟན་འཛིན་སྤྱི་བོར་བཀུར། །ཟ་བྱེད་སྲིན་མོའི་འཁོར་ཚོགས་དང་བཅས་པས། །འ་རེ་འུ་

p. 216

རེའི་ཆོ་འཕྲུལ་དགྲ་ལ་ཐོངས། །ཡ་མཚན་ཆེ་བའི་དངོས་གྲུབ་བདག་ལ་བྱིན། །ར་ཆེན་ཁྲི་ཕྲག་མང་པོའི་འཁོར་ཚོགས་བཅས། །ལ་ཆེན་མ་མོ་བྱེ་བ་འབུམ་སྡེ་ཡི། །ཤ་ཚ་སྙིང་ཉེ་མ་དང་སྲིང་མོ་ལྟར། །ས་ཆ་གང་དུ་འདུག་ཀྱང་སྲུང་སྐྱོབ་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་པས། །ཨ་ལ་ལ་ཧོ་ངོ་མཚར་དངོས་གྲུབ་སྩོལ། །ཞེས་པ་སྒེས་སྣ་བླ་མས་བསྐུལ་བ་ལ་བརྟེན་ནས་རཱ་ག་ཨ་སྱས་བྱུང་རྒྱལ་དུ་སྨྲས་སོ།། །།

ལྷ་མོའི་གསོལ་མཆོད།

p. 217

གལ་ཏེ་ཐུན་མཚམས་གཏོར་མ་འབུལ་འདོད་ན། །བཀུག་གཞུག་བྱའམ་མ་བྱས་ནའང་རུང་། །ངོ་བོ་གནོད་བྱེད་དགྲ་བགེགས་ཤ་ཁྲག་ལ། །རྣམ་པ་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་དམིགས། །ཨོ་བེ་ཏ་ལི་བེ་ཏ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་གྲྭ་མ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ༀ་ཧཱུྃ་ཤྲི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཅིག་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལའི་སྒྲ་སྒྲོགས་སྦྱོར་ཟིན་མོ། །དུར་ཁྲོད་རོ་ཡི་ཚར་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱེད་ཀྱིས་འགྲུབ་པར་མཛོད། །བདག་གི་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱེད་ལ་ཕྱག་འཚལ་བསྟོད། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །

p. 218

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོ་ཧི་ཧྥ་གྷི་རྩྭ་སརྦ་དུཏྟཾ་བྷཀྵ་བྷཀྵ་ཡ་ཕྱི་ཛཾ་སམ་ཧཱུྃ་ཕཊ་སྭཱ་ཧཱ། གཏོར་མ་བྱང་ཤར་ལྷ་མོ་གནས་ཕྱོགས་ཕུལ། །ལྷ་མོ་འཁོར་བཅས་དེ་ཕྱོགས་གཤེགས་པར་བསམ། །སྐུ་གཟུགས་ཡོད་ན་དེ་ལ་ཐིམ་པར་དམིགས། །ཞེས་པ་འདི་ནི་རྒྱལ་ཟླའི་དམར་ཕྱོགས་ཀྱི། །ཚེས་དགུ་ལྷ་མོ་རྒྱུ་བའི་དུས་ཆེན་གྱི། །སྲོད་ཐུན་ལྷ་མོ་འབྱོན་པའི་དུས་ཆེན་ལ། །མི་དབང་ཆེན་པོའི་ཐུགས་བཞེད་བསྐང་བའི་སླད། །༧ རཱ་ག་ཨ་སྱས་ངག་ནས་སྨོད་པ་ལྟར། །བེ་ཁྲོ་དགེ་བཤེས་པདྨ་སྦྱིན་པས་བྲིས། །ཉེས་འགལ་མཆིས་ན་ལྷ་མོའི་ཚོགས་ལ་བཤགས། །དགེ་བས་འགྲོ་བའི་ནད་རིགས་རྒྱུན་ཆད་ཤོག །དགེའོ།། །།

ལྷ་མོའི་སྤྱི་བསྐང་བསྡུས་པ།

p. 219

ལྷ་མོའི་སྤྱི་བསྐང་བསྡུས་པ་བཞུགས་སོ། བྷྱོཿ བྱང་ཤར་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་དུད་སོལ་མ། །ཡམས་ནད་ཞི་མཛད་བཀྲ་ཤིས་ཤཱ་ཝ་རི། །བདུད་རྩི་སྨན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །མགོན་པོའི་ལྕམ་གཅིག་དཔལ་ལྡན་རང་བྱུང་མ། །སྲིད་པའི་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ས་བརྒྱད་སེམས་མ་ཆེན་མོའི་ཐུགས་དམ་བསྐང་། །གསང་སྔགས་སྲུང་མ་སྔགས་སྲུང་རལ་གཅིག་མ། །དཔག་བསམ་ཤིང་གི་བདག་མོ་འོད་ཟེར་ཅན། །ཨོ་རྒྱན་གནས་ཀྱི་གཙོ་མོ་ཕག་ཞལ་ཅན། །དཀྱིལ་འཁོར་ཀུན་གྱི་གཙོ་མོའི་ཐུགས་དམ་བསྐང་། །མི་མངོན་དབྱིངས་ནས་ངོ་བོ་གཅིག་ཡིན་ཏེ། །ངོ་བོ་གཅིག་ལ་སྤྲུལ་པ་སྟོང་ཕྲག་འགྱེད། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ་ཕྲག་རེ། །ཁམས་གསུམ་ཀུན་ཁྱབ་ལྷ་མོའི་ཐུགས་དམ་བསྐང་། །ངོ་བོ་གཅིག་ལ་རྣམ་པ་དཔོན་གཡོག་ཚུལ། །བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི། །སྤྲུལ་པ་རེ་ཏི་མཆེད་བཞི་འཁོར་ཚོགས་འབུམ། །མ་གཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ནམ་མཁའ་ལྡིང་། །

p. 220

མི་འམ་ཅི་དང་དྲི་བུམ་བྲམ་ཟེ་མི། །ཀུན་གྱིས་བསྟོད་ཅིང་ཕྱག་བྱས་མངའ་གསོལ་བ། །སྲིད་གསུམ་འདྲེན་བྲལ་ལྷ་མོའི་ཐུགས་དམ་བསྐང་། །དབྱིངས་ཀྱི་ཁྲོ་རྒྱལ་རྣམ་པར་སྣང་མཛད་དེ། །འགྲོ་བའི་དོན་དུ་ས་བརྒྱད་སེམས་མར་སྤྲུལ། །འཇིགས་པའི་སྐུར་སྟོན་གདུག་པ་ཀུན་འདུལ་མ། །རབ་འཇིགས་ཁྲག་འཐུང་རྒྱལ་མོའི་ཐུགས་དམ་བསྐང་། །མིང་བརྒྱ་མཚན་སྟོང་རྣམ་འཕྲུལ་བསམ་མི་ཁྱབ། །རྫུ་འཕྲུལ་དཔག་མེད་མཐུ་རྩལ་ཐོགས་པ་མེད། །དམ་ཚིག་རྗེས་གཅོད་རྣལ་འབྱོར་དྲོད་ཚད་ཉུལ། །དམ་ཅན་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །དཀར་སེར་དམར་ལྗང་ཞི་དང་ཞི་མ་ཁྲོ། །སྣ་ཚོགས་སྐུ་དང་དེ་བཞིན་སྣ་ཚོགས་བདག །སྣ་ཚོགས་ཕྲིན་ལས་དངོས་གྲུབ་ཀུན་འབྱུང་བའི། །།ཡིད་བཞིན་ནོར་མཆོག་ལྷ་མོའི་ཐུལ།གས་དམ་བསྐང་། །ཕྱི་ཡི་གནས་ཡུལ་ནང་གི་རྩ་རླུང་ཁམས། །གསང་བ་རང་གི་སེམས་དང་དབྱེར་མེད་ཅིང་། །འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་བསྒྱུར་བའི། །ཀུན་ཁྱབ་ཀུན་བཟང་ལྷ་མོའི་ཐུགས་དམ་བསྐང་། །འདོད་པའི་ཁམས་ནས་འདོད་ཆགས་ལས་གྱུར་པའི། །སྣང་སྲིད་ལྷ་མོ་མཁའ་འགྲོ་ཅི་མཆིས་པ། །ཐམས་

p. 221

ཅད་ཁྱེད་ཀྱི་འཁོར་གཡོག་ཕོ་ཉ་སྟེ། །མོ་རྒྱུད་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཉམས་ཆག་འགལ་འཁྲུལ་རྟོག་སྒྲིབ་ཅི་མཆིས་པ། །ལྷ་མོ་དཔོན་གཡོག་འཁོར་དང་བཅས་ལ་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་ནས་ཀྱང་། །ཡམས་ནད་རིམས་ནད་ཞི་བའི་ཕྲིན་ལས་མཛོད། །ཅེས་གྲྭ་སློབ་རྣམས་ལ་རིམས་རྐྱེན་བྱུང་ནས། བླ་མ་ཕྲིན་ལས་ཀྱི་བརྒྱ་རྩ་དུས། དགེ་སློང་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འཁྲུགས་སྐོང་རྒྱུན་ཁྱེར།

p. 222
p. 223

འཁྲུགས་སྐོང་རྒྱུན་ཁྱེར་བཞུགས་སོ། བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་དུ་གྱེར་པའི་ཚེ། །ཕ་ཟེར་བུ་ཡི་མི་ཉན་དུས། །དུས་ངན་ཉེ་བ་འཐབས་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུག་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་སྣ་ཚོགས་སྟོང་ཁམས་གང་། །མི་ནད་ཕྱུགས་ནད་སྣ་ཚོགས་གཏོང་། །མཁའ་ལ་ནད་སྤྲིན་སྣ་ཚོགས་འཁྲིགས། །དུས་ཀྱི་འཁྲུག་པ་སློང་བྱེད་མ། །མཚོན་གྱི་བསྐལ་པ་འཇིག་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབས། །ཐོག་སེར་འབེབས་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱེད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩིའི་གཏོར་མ་དང་། །བསྟེན་རྗེ་ས་སྐོང་རྫས་སྒྲུབ་རྫས་ཀྱིས། །འཁྲུག་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །

p. 224

ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱིས་ལ་ཤོ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མོ་ངན་མཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབས། །དུས་ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཐོགས་མེད་དུས་ནས་མ་རིག་དབང་གྱུར་པས། །མི་ཤེས་སྒྲིབ་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལས་འགལ་བ་རྣམས། །སྤྲུལ་པ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཅེས་མན་ངག་གི་ཡི་གེ་བརྒྱ་པ་དང་། །ལག་གཡས་མཛུབ་མོ་སྲིན་ལག་གཉིས་མཐིལ་དུ་བཀུག །མཐེ་བོང་གུང་མོ་མཐེའུ་ཆུང་གསུམ་བསྒྲེང་ལ་ཕྱར་བ་ཏྲི་ཤུལ་ཕྱག་རྒྱར། ཧཱུྃ་ཕཊ་མ་ཧཱ་དེ་ཝི་ཀཱ་ལཱི། དུཋན་ཀ་ཧཱ་ནཾ་ད་ཧ་རུ་ལུ་བྷན་པ་ཙ་པ་ར་ན་ཧཱུྃ་ཕཊ། ཅེས་པས་མཚན་ངན་བཟློག་གོ །ལག་གཉིས་སོར་མོ་བཅུ་བསྡུས་ནས་ཁོག་པ་ཟླུམ་པོ་བདུད་རྩི་བུམ་པའི་ཕྱག་རྒྱས། ཨོཾ་བཛྲ་དྷ་ཀི་ནི། དེ་ཝི་མ་ཧཱ་ཀཱ་ལཱི་རེ་མ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མ་ཡ་ཕ་ལ་ཨཱ་ཝེ་

p. 225

ཤ་ཡ་ཨཱ༔ ཞེས་པ་འདི་བསྡུས་པ་ལ་དགའ་བའི་ངོར། ཨ་རཱ་གས་བསྒྲིགས་པའོ། །སརྦ་མངྒ་ལཾ། དགེའོ།། །།

མ་མོའི་འཁྲུགས་བསྐང་བསྡུས་པ།

p. 226
p. 227

མ་མོའི་འཁྲུགས་བསྐང་བསྡུས་པ་བཞུགས་སོ། བྷྱོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཕས་ཟེར་བུ་ཡི་མི་ཉན་དུས། །གསང་སྔགས་བོན་དུ་གྱེར་བའི་དུས། །རྣལ་འབྱོར་གྲོང་ཉུལ་བྱེད་པའི་དུས། །དུས་ངན་ཉེ་བ་འཐབས་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུགས་ནང་དམེ་བྱེད་པའི་དུས། །དཔལ་ལྡན་ལྷ་མོ་ཐུགས་ཁྲོས་ནས། །ནད་ཀྱི་ཁ་རླང་སྣ་ཚོགས་གཏོང་། །ནད་ཀྱི་ན་བུན་སྤྲིན་ལྟར་གཏིབས། །བུད་མེད་ནག་མོའི་སྟོང་ཁམས་གང་། །མཁའ་ལ་ནད་སྤྲིན་སྣ་ཚོགས་འཁྲིགས། །རླུང་ནག་འཚུབ་མ་མུ་དགེ་དང་། །ཐོག་དང་སེར་བ་བཤའ་རྒུད་དང་། །དུས་མ་ཡིན་པར་འཆི་བ་དང་། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་བསྐལ་པ་འཇིག་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབས། །ཐོག་སེར་འབེབས་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱེད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །བསྐང་

p. 228

ངོ་བསྐལ་པའི་ཐུགས་དམ་བསྐང་། ཐུགས་དམ་བསྐང་བའི་དུས་ལ་བབ། །མ་མོ་འཁོར་བཅས་ཐུགས་དམ་བསྐང་། །ནད་ཀྱི་བདག་མོའི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩིའི་གཏོར་མ་དང་། །རྟེན་རྫ་ས་སྒྲུབ་རྫ་ས་སྐང་རྫ་ས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱིས་ལ་ཤོ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མོ་ངན་མཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དོལ་ཁ་མཁའ་ལ་སྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབ། །དུས་ལ་བབ་པོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། ཨོ་ཀཱ་པ་ཡ་ཀཱ་པ་ཡ་མི་ཀཱ་སྭཱ་ཧཱ། ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཕཊ་ཕཊ་ཧཱུྃ་ཧ་སྭཱ་ཧཱ། རིམས་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཨོ་ཀྲྀ་ཀཱ་སྭཱ་ཧཱ། འགོ་བའི་ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཅེས་པ་ཉེ་གནས་རིམས་ནད་དྲག་པོའི་ཐེབས་དུས་༧སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་མངྒ་ལཾ།། །།

དཔལ་ལྡན་ལྷ་མོ་དུད་སོལ་མའི་དྲག་པོ་གཏོར་ཆེན་གྱི་ཆོ་ག་མཁའ་འགྲོ་དགྱེས་པའི་དབྱར་རྔ།

p. 229

དཔལ་ལྡན་ལྷ་མོ་དུད་སོལ་མའི་དྲག་པོ་གཏོར་ཆེན་གྱི་ཆོ་ག་མཁའ་འགྲོ་དགྱེས་པའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ།།

p. 230

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །སྐྱབས་འགྲོ་དང་། སེམས་བསྐྱེད་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་

p. 231

དང་བྲལ་ནས། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་བའི་ཆེད་དུ། བདག་གི་དཔལ་ལྡན་དུད་སོལ་ལྷ་མོའི་དྲག་པོ་གཏོར་ཆེན་གྱི་ཆོ་ག་ལ་འཇུག་པར་བགྱིའོ། །བདག་བསྐྱེད་ནི། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པདྨ་ཉི་མ་བདུད་བཞིའི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད། ཞབས་བཞི། ཕྱག་བཅུ་དྲུག་པ། ཡུམ་བདག་མེད་མ་དང་ཞལ་སྦྱོར་བའི་སྐུར་གྱུར། ཨོ་དེ་ཝ་པི་ཙུ་བཛྲ་

p. 232

ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀརྩྭ་རི་ཧེ་བཛཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཀྵ་ནཱ་ནཱ་ཡ། སཾ་གོནྡྷ་ཀེ་ཤ་བརྟ་མ་ནེ། ཙ་ཏུར་བི་ཤ་ཏི་ནི་ཏྲཱ་ཡ་ཁོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥཱ་ཛི་མཱུ་ཏ་བ་པུ་ཊེ༔ ཀ་པཱ་ལ་མཱ་ལ་ཨ་ནེ་ཀཾ་དྷ་རི་ཎེ། ཨཱརྨ་ར་ཀྲུ་ར་ཙིཏྟ་ཡ། ཨརྙནྟ་དོཊྛི་ནི། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སབྷ་སཱ་ག་རཱནཱ། བནྡྷ་བན། ནཱ་ག་ཨ་ཀནཱ། གྲིབྷ་གིསྣ། ཤ་ཧཱུྃ་ཧ་ཧྭ་ཧི་ཧཱི་ཧུ་ཧུ་ཧེ་ཧེ་ཧོ་ཧོ་ཧཾ་ཕཊ་སྭཱ་ཧཱ། ཨོཾ་སུམྦྷ་ནི་སོགས། འབྱུང་པོ་མི་མིན་སོགས་ཀྱིས་མཚམས་བཅད། །དེ་ནས་ཐོད་པ་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་༴ ཨོཾ་སྭ་བྷཱ་ཝ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཐོད་པའི་འོག་ཏུ་ཨོ་ལས་རླུང་གི་དཀྱིལ་འཁོར་དུད་ཀ་གཞུ་ཡི་དབྱིབས་ཅན། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ནང་དམར་བ། ནང་གི་དབུས་སུ་མི་ཡི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟ་ཡི་ཤ་

p. 233

དང་དྲི་ཆུ། ནུབ་ཏུ་བ་གླང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་རྒྱུངས་པ། དེ་རྣམས་ཀྱི་ཕྱི་ཡི་རྣམ་པ་ལ་ཨོཾ། སྲོག་ལ་ཨཱཿ དེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ་མགོ་བོ་ཐུར་དུ་བལྟ་བ། རླུང་གཡོས་མེ་སྦར་ཐོད་པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ། ཨོ་དང་ཨཱལས་འོད་ཟེར་འཕྲོས། ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བ་ལས་བདུད་རྩིའི་རང་བཞིན་ཏུ་ཞུ་ཞིང་འདྲེས་སོ། ཧ་ཧོ་ཧཱུྃསྭཱ་ཧཱ། ཕོ་ཕེ་ཕོ། ཞེས་པས་བདུད་རྩི་དང་གཏོར་མ་བྱིན་གྱིས་བརླབས་སོ། །དེ་ནས་མཆོད་པ་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ༔ ཨོཾ་སྭ་བྷཱ་ཝ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ཡིག་གི་ཚོགས་དཔག་ཏུ་མེད་པ་སོགས་མཆོད་པ་གཞུང་ལྟར་བྱིན་གྱིས་བརླབས། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྟེང་གི་ཆ་ལ་རྡོ་རྗེ་འཆང་སོགས་བཀའ་བརྒྱུད་ཕྱི་ཡི་བླ་མ། སྒྲུབ་བརྒྱུད་ནང་གི་

p. 234

བླ་མ། ཡང་དག་དོན་གྱི་བླ་མ། ཚེ་རབས་ལས་ཀྱི་བླ་མ། རྒྱ་གར་དང་བོད་ཀྱི་སྐྱེས་མཆོག །མཁས་བཙུན་དགེ་བའི་བཤེས་གཉེན། འཛམ་བུ་གླིང་གི་རྒྱན་དྲུག་མཆོག་གཉིས། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས། དགྲ་བཅོམ་པ་ལྔ་བརྒྱ་དང་ལྔ་སྟོང་། འདས་མ་བྱོན་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿ བར་གྱི་ཆ་ལ་ཡི་དམ་འཁོར་ལོ་བདེ་མཆོག །ཀྱེ་རྡོ་རྗེ། རྣལ་འབྱོར་ནམ་མཁའ། །ཕྱག་ན་རྡོ་རྗེ་ལ་སོགས་བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་བཞིའི་ལྷ་ཚོགས། བདེ་གཤེགས་ཞི་བ་སོགས་དང་། སྨད་ཀྱི་ཆ་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། ཆོས་སྐྱོང་གུར་གྱི་མགོན་པོ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལ་སོགས་དམ་ཅན་ཆོས་སྐྱོང་སྲུང་མ་ཐམས་ཅད་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་ས་གཞི་བར་སྣང་ཐམས་ཅད་དུ་སྤྲིན་ལྟར་གཏིབས་པར་བསམ་མོ། །དེ་ནས་མདུན་གྱི་གཏོར་ཆེན་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་མདུན་དུ་རྡོ་རྗེའི་མཁར་སྟོང་གསུམ་ལས་རྒྱ་ཆེ་བ། ཕྱི་མེ་དཔུང་རབ་ཏུ་

p. 235

འབར་བ། ནང་རླུང་ནག་འཚུབ་མའི་དཀྱིལ་འཁོར། དེའི་ནང་དུ་ཐོད་པའི་སྐུ་མཁར་ཙམ་ལ། ཕྱི་ཐོད་པ་སྐམ་པོ། བར་ར་རི་ནང་ཐོད་པ་རློན་པ། དེའི་ནང་དུ་རཀྟའི་རྒྱ་མཚོ་ལ་ཞིང་ཆེན་གྱི་སྣས་འཕྱོ་བ། དེའི་ནང་དུ་མི་རོ་ཆེ་བ་རྣམས་ཀྱིས་ཀ་བ་བྱས་པ། ཆུང་བ་རྣམས་ཀྱིས་དྲལ་དྲབ་བྱས་པ། ཞིང་ཆེན་གཡང་གཞིའི་ཐོག་བཀབ་པ། འོག་རཀྟའི་རྒྱ་མཚོ་ལ་སྟེང་ཞིང་ཆེན་གྱི་དྲལ་དྲབ་ཡོད་པ། ཁྲག་གི་དཀྱིལ་འཁོར་དེའི་སྟེང་དུ་གྲུ་གསུམ་མཐིང་ནག་འབར་བ་རྩེ་མོ་ལྷོར་བསྟན་པ། ཟུར་གསུམ་ལ་བྷྱོ་མཐིང་ནག་གསུམ་གྱིས་མཚན་པ། གཞལ་ཡས་ཁང་དེ་ལྟ་བུའི་དབུས་སུ་ཧཱུྃ་ལས་དཔལ་ལྡན་ལྷ་མོ་གསལ་བའི་ཐུགས་ཀར་ཨོ་གི་རཾ་ལས་མེ་འབར་བ། ཞེས་པ་ནས་ལས་བྱང་ལྟར། །བརྗིད་པའི་ཚུལ་དུ་བཞུགས་པ། དེའི་ཤར་དུ་དུར་ཁྲོད་བདག་མོ་དཀར་མོ། བྱང་དུ་དངོས་གྲུབ་ཞལ་སེར་མོ། ནུབ་ཏུ་གཏུམ་མོ་གཅིགས་བྱེད་དམར་མོ། ལྷོར་ཡི་དྭགས་ཁ་ནག་མོ། བྱང་ཤར་དུ་དམ་ཚིག་མཚམས་སུ་སྲུང་མ་གཡས་ཀྱི་ལུས་ཕྱེད་སེར་བ། གཡོན་གྱི་ལུས་ཕྱེད་དཀར་བ། ཤར་ལྷོར་ཁྲག་དགའ་མོ་གཡས་དཀར་གཡོན་ནག་པ། ལྷོ་

p. 236

ནུབ་མཚམས་སུ་ཀཱི་ལི་སྒྲ་སྒྲོག་མ་གཡས་ནག་གཡོན་དམར་བ། ནུབ་བྱང་མཚམས་སུ་སྦྱོར་འཛིན་མ་གཡས་དམར་གཡོན་སེར་བ། དེ་རྣམས་རོའི་གདན་གྱི་སྟེང་དུ། ཞབས་གཡས་བརྐྱང་གཡོན་ཅུང་ཟད་བསྐུམ་པ། ཞལ་གཅིག་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་སྤྱན་རྩ་དམར་བ། ཕྱོགས་བཞིའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མཚམས་བཞི་དབུ་སྐྲ་སིལ་བུ་ཐུར་དུ་འདུག་པ། ཕྱོགས་བཞིའི་གཡས་གྲི་གུག་གཡོན་བྷནྡྷ་ཁྲག་གིས་བཀང་བ་བསྣམས་པ། མཚམས་བཞིའི་གཡས་གྲི་གུག་གཡོན་དགྲ་སྙིང་འཛིན་པ། དེ་རྣམས་ཀྱི་ལུས་ལ་ཐལ་ཆེན་གྱིས་བྱུག་པ། ཁྲག་ཞག་གི་ཟོ་རིས་བྱས་པ། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། དེ་རྣམས་རུས་པའི་རྒྱུན་དྲུག་གིས་བརྒྱན་པའོ། །ཟུར་གྱི་བློ་མཐིང་ནག་གསུམ་ལ་མཁའ་འགྲོ་མ་ནག་མོ་གསུམ་གཡས་གྲི་གུག་གཡོན་མི་སྙིང་ཟ་བ། གཞན་ཡང་ལས་མཁན་སྐུ་ཡི་སྤྲུལ་པ་དཀར་མོ་འབུམ་སྡེ་དང་། གསུང་གི་སྤྲུལ་པ་དམར་མོ་འབུམ་སྡེ། ཐུགས་ཀྱི་སྤྲུལ་པ་ནག་མོ་འབུམ་སྡེ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་འབུམ་སྡེ། ཕྲིན་ལས་ཀྱི་སྤྲུལ་པ་ལྗང་ནག་འབུམ་སྡེ། སྤྲུལ་

p. 237

པ་ཡང་སྤྲུལ་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །གཙོ་མོའི་ཐུགས་ཀར་འོད་ཀྱི་གའུ་སོར་བཞི་པ་དབྱིབས་སྒོ་ང་ལྟ་བུའི་དབུས་སུ། ཉི་ཟླའི་བར་དུ་ཧཱུྃ་དང་བྷྱོ་ཡི་མཐའ་མར། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཧཱུྃ་དེ་ལས་ཧཱུྃ་གཅིག་ཆད། ལྷ་མོའི་བྷ་གར་ཐིམ། བཛྲ་ལ་སྱ་རཱ་ག་ཡ་མི་ཧཱུྃ། བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རི་རབ་ཆེན་པོའི་བྱང་ཤར་མཚམས་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ བྷྱོཿ སྣང་བ་ཆོས་སྐུའི་གཞལ་ཡས་ནས་སོགས། བྷྱོཿ དཔལ་ལྡན་ལྷ་མོ་དབྱིངས་ན་རྟག་བཞུགས་ཀྱང་། །སོགས་ཞེ་པ་ནས་སྤྱན་འདྲེན་བཞུགས་གསོལ་དམ་བཞག་མཆོད་པ་རྣམས་གཞུང་ལྟར་བྱས་ལོ། ལྷ་མོའི་གནད་བསྐང་ཚར་གསུམ་གྱི་རྗེས་སུ་འགུགས་གཞུག་ལན་གསུམ་བྱ་ཞིང་བཞི་སྙིང་དང་བྱིན་རླབས་སོགས་བྱས་ལ། བླ་མ་ཡི་དམ་མཁའ་འགྲོ་ནས་རེ་མ་ཏི་ཡན་ཆད་ཀྱི་ཁཱ་ཧི་དང་། བསྟོད་པ་དཀྱུས་ལྟར་བྱས་ལ། དེ་ནས་ལས་ཀྱི་རྡོ་རྗེས་ཞལ་ཟས་ཀྱི་དཔལ་སྡོང་ཕྱག་ལེན་ལྟར་བསྒྲོན་ལ་སྨན་རཀྟ་གིས་བྲན། བདེན་སྟོབས་བརྗོད་ལ་ཡི་དམ་ཆོས་སྐྱོང་ལ་ཞལ་རྒྱུན་ལྟར་འབུལ་བར་བྱའོ། །དེ་ཡང་སྤྲོ་ན་ལྷ་མོ་ཉིད་ཀྱི་ལས་བཞི་གཞན་དུ་ཡོད་པའམ། བྷྱོཿ ཤར་གྱི་ཕྱོགས་ནས་དགྲ་དང་

p. 238

བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་སེངྒེའི་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་གྱི་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །ལྷོ་ཡི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་སྟག་གི་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ཡི་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །ནུབ་ཀྱི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་གཅན་སྤྱང་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་ཀྱི་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །བྱང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་ཕག་གི་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་གི་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །བྱང་ཤར་མཚམས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་བྱ་རྒོད་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཤར་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །ཤར་ལྷོ་མཚམས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་

p. 239

ལྟུང་ཀའི་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ལྷོ་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །ལྷོ་ནུབ་མཚམས་ནས་དགྲ་དང་། བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་དུར་བྱའི་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ནུབ་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །ནུབ་བྱང་མཚམས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་བྱ་རོག་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་བྱང་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །སྟེང་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་འབྲུག་གི་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ་། །སྟེང་གི་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །འོག་གི་ཕྱོགས་ནས་དགྲ་དང་བགེགས་འགུགས་མ། །མཁའ་འགྲོ་ཆེན་མོ་ཆུ་སྲིན་གདོང་པ་ཅན། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །འོག་གི་ཕྱོགས་ནས་དགྲ་བགེགས་ཁུག་ལ་ཤོག །བྷྱོཿ ལས་མཁན་ནག་མོ་ཁྱེད་རྣམས་ཀྱི། །ལ་ལའི་ལག་ན་ལྕགས་ཀྱུ་ཐོགས། །ལ་ལའི་

p. 240

ལག་ན་ཞགས་པ་ཐོགས། །ལ་ལའི་ལག་ན་ལྕགས་སྒྲོག་ཐོགས། །ལ་ལའི་ལག་ན་དྲིལ་བུ་ཐོགས། །ལ་ལའི་ལག་ན་ཐོ་བ་ཐོགས། །ལ་ལའི་ལག་ན་འཁོར་ལོ་ཐོགས། །ལ་ལའི་ལག་ན་མེ་དཔུང་ཐོགས། །དོ་ནུབ་དྲག་པོའི་ལས་ལ་རྦད་པའི་ཚེ། །བཀའ་ལས་འདས་པའི་དམ་ཉམས་སྡིག་ཅན་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་སྐེ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་གཟུགས་ལ་ཕོབ། །ཐོ་བ་ཅན་གྱིས་ཀླད་ནས་ཆོམ། །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོའི་མདུན་ནས་བསུས། །ཁུག་ཅིག་ཁུག་ཅིག་ཛ་ཛ་ཛ། །ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ་ཧཱུྃ། །སོད་ཅིག་རྒྱོབ་ཅིག་མཱ་ར་ཡ། །ཕྲིན་ལས་མཛོད་ཅིག་མཁའ་འགྲོའི་ཚོགས། །ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སོགས་འགུགས་གཞུག་གཞུང་ལྟར་བྱ། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ༀ་རོ་རུ་རོ་རུ་བེ་ཏི་བ་ཏོ་སི་ཀ་མ་ལ་རཀཱ་སི་ཧཱུཾ་ཕཊ། མ་མ་ཏྲག་རཀཱ་ཊ་ཀི་ཊ་ཀི་ཏྲིག་

p. 241

ཏྲིག །དུཉྫ་དུཉྫ། རུ་ཏྲ་རུ་ཏྲ། བི་བྷྱོ་བཻ་བྷྱོ། མྱི་ནི་མུ་ནི། ཚལ་པ་ཚལ་པ། ཏྲག་རཀྵ་དགྲ་བོ་ནི་ཏྲི་མཱ་ར་ཡ་ཚལ་པ་སི་ན་རྦད། མ་མ་ཏྲག་རཀཱ་ཊ་ཀི་ཊ་ཀི། ཏྲིག་ཀྲིག་དགྲ་བོའི་ཙིཏྟ་ལ་ཐུན། རཀྟ་ལ་ཐུན། ཙིཏྟ་ཛྭ་ལ་རཾ་ལ་མ་མ་ཐུན། རཀཱ་མ་མ་ཐུན། སྲོག་ཙིཏྟ་སོད། མཱ་ར་ཡ། མཱ་ར་ཡ། སྲོག་ཙིཏྟ་སོད་སོད། མ་མ་ཤ་ཏུཾ་ཨ་མུ་ཀཾ་མཱ་ར་ཡ་ཧཱུྃ་ཕཊ། དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་རྣམ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ རཾ་ཡཾ་ཁཾ། ཧ་ཧོ་བྷིསྭཱ་ཧཱ། ཕོ་པེ། དེ་ནས་ཀྱི་རྡོ་རྗེ་དང་། ཕྱག་རྡོར་དང་། ཡི་དམ་སྤྱི་ལ་སོགས་འབུལ། དེ་ནས་ལྷ་མོ་གཙོ་འཁོར་ལ་གོང་ལྟར་འགུགས་གཞུག་དང་བྱིན་བརླབས་བྱས་ནས། ཨོ་བྷ་བ་བྷ་བ་བྷ་ཏ་ལི་བྷ་ཏ་ལཱི་ཚེ་བྷྱོཿ ཞེས་དང་། མཇུག་ཏུ། གྲིདྨ་གྲིདྡྷཱ་སརྦ་དུཥྚ་བྷཀྵ་བྷཀ། ཕྲེ་ཕྲུ་ཕྲ་ཕཊ་སྭཱ་ཧཱ། བྷྱོ། རཀྟ་དམར་གྱི་ཨརྒྱོ་སྦེང་ཙ་ན། །མ་ལ་བུ་བཞིན་བརྩེ་གདུང་མ་ཆུང་ལ། །སྨུག་ནག་འཇིགས་པའི་རྒྱལ་མོ་སྐུ་བཞེངས་ལ། །ལྕགས་ཀྱུ་འདྲ་བའི་སྡེར་མོས་གཏོར་མ་ལོངས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་གདོང་ལ། །ཟ་

p. 242

བྱེད་རྣོ་བརྟུལ་འབར་བའི་མཆེ་གཙིགས་ལ། །ལོ་རྒན་གཏང་གཅོད་འབར་བའི་ལྗགས་འདོར་ལ། །ཆོས་ཀྱི་དབྱིངས་དང་འདྲ་བའི་མགྲིན་པ་རུ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་ཧཱ་ནཱཾ་ས་ཁཱ་ཧི། །མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི༔ ཞེས་ཕུལ། གཞན་ཡང་། རྣལ་འབྱོར་བདག་དང་སོགས། གཞན་ཡང་ཁྱོད་ལ་སོགས། བྷྱོཿ དུར་ཁྲོད་བདག་མོ་སོགས་ཀྱིས་རིམ་པར་འབུལ་ཞིང་། འགུགས་གཞུག་བྱིན་རླབས་གོང་ལྟར་བྱའོ། །མཇུག་ཏུ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། མཁའ་འགྲོ་མ་དུད་པའི་སོལ་བ་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པ། རིམས་ལས་གྱུར་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་ཞིང་བཟློག་པར་མཛོད་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷ་ཡི་གདོན་དང་། ཀླུ་ཡི་གདོན་གྱི། གནོད་

p. 243

སྦྱིན་གྱི་གདོན་ལ་སོགས་པ་གདོན་ཐམས་ཅད་ཞི་ཞིང་བཟློག་པར་མཛོད་ཅིག །ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། ལྟས་ངན་པ། །མཚན་མ་ངན་པ། བཀྲ་མི་ཤིས་པ་ཐམས་ཅད་སྡང་བ་དགྲ་བོའི་སྟེང་དུ་བྷྱོ་བྷྱོ། བཟློག་ཟློག །གཞན་ཡང་རྣལ་འབྱོར་པ་བདག་གི་ལུས་དང་གྲིབ་མ་ལྟར་འགྲོགས་ནས། སྔོན་ནས་སུས། །ཟླརྒྱབ་ནས་སྐྱོལ། བསམ་པ་སྒྲུབས། བསམ་པའི་དོན་ཐམས་ཅད་མཐར་ཕྱིན་དུ་ཆུག་ཅིག །ཅེས་བརྗོད། གཞན་ཡང་ཕྲིན་ལས་བཅོལ་ཞིང་དགའ་ཚལ་མ་སོགས་ཀྱིས་བསྐང་བར་བྱའོ། །ཞེས་པ་འདི་སྤྱི་རྔོག་དཀྱིལ་ནས་བསྡུས་ཏེ་ཨ་རཱ་གས་བྲིས་པའོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ལྡན་ལྷ་མོ་དུད་སོལ་མའི་དམག་བསྐུལ།

p. 244
p. 245

དཔལ་ལྡན་ལྷ་མོ་དུད་སོལ་མའི་དམག་བསྐུལ་ནི། བྷྱོ༔ ད་ནི་གཏོར་མདོས་བསྐྱོད་རེ་རན། །ད་ནི་སྐུ་བསྐྱོད་བསྐྱོད་རེ་རན། །ལྷ་མོ་ནག་མོ་སྐུ་བསྐྱོད་འཚལ། །དགྲ་བོའི་ཡུལ་དུ་སྐུ་སྐྱོད་ཅིག །ཆིབས་ཁ་དགྲ་བོའི་ཡུལ་དུ་སྒྱུར། །ཕོ་བྲང་དགྲ་བོའི་ཡུལ་དུ་ཐོབ། །སྡང་བའི་དགྲ་ལ་ཞལ་ཁ་སྟོན། །བཀའ་ཆད་སྡོང་བའི་དགྲ་ལ་ཆོད། །ཐུན་ཟོར་སྡང་བའི་དགྲ་ལ་རྒྱོབ། །ཐུགས་ཀྱི་མནག་པ་དགྲ་ལ་གྱིས། །མ་མོ་འཁོར་བཅས་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །དམག་ཚོགས་སྡང་བའི་དགྲ་ལ་ཡ། །སྡང་བའི་དགྲ་ལ་མདོས་ཟོར་ཡ། །གནོད་པའི་བགེགས་ལ་མདོས་ཟོར་ཡ། །བར་ཆད་རྐྱེན་ལ་མདོས་ཟོར་ཡ། །ཆག་ཆེན་ཉམ་ང་བཟློག་ཕྱིར་ཆོས། །བན་བྱད་བོན་བྱད་བཟློག་ཕྱིར་ཆོས། །རྒྱ་འདྲེ་སྟོང་འདྲེ་བཟློག་ཕྱིར་ཆོས། །མ་མོའི་ནད་ཡམས་བཟློག་ཕྱིར་ཆོས། །སྡེ་བརྒྱད་ཆད་པ་བཟློག་ཕྱིར་ཆོས། །འབྱུང་པོའི་བར་ཆད་བཟློག་ཕྱིར་ཆོས། །ལྟས་ངན་མཚན་ངན་བཟློག་ཕྱིར་ཆོས། །དུས་མིན་འཆི་བ་བཟློག་ཕྱིར་ཆོས། །དུས་ཀྱི་འཆི་བ་བཟློག་ཕྱིར་ཆོས། །དགྲ་བོའི་མི་ནོར་ཆམ་

p. 246

ལ་ཕོབ། །དགྲ་བོའི་ཡུལ་ཁམས་བརླག་པར་གྱིས། །དགྲ་བོ་རྡུལ་དུ་བརླག་པར་ཐེ་ཚོམ་མེད། །བསྐུལ་ནི། བྷྱོཿ མ་གཡེལ་མ་གཡེལ་དམ་ཅན་ཚོགས། །བོས་པའི་ཚེ་ན་སྙན་མ་སྲ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །བསྒྲུབ་པའི་ཚེ་ན་གོང་མ་གཡེལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །ཤ་ཁྲག་ཟན་དུ་བོར་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །ལུས་སྲོག་འབེན་དུ་བཙུགས་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །དམ་རྫས་རྟེན་དུ་བཙུགས་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །ཕུག་པ་ཞ་ལྟར་གྱོན་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །རྣལ་འབྱོར་པ་ནི་རྩང་ཤོད་ཉ་བཞིན་རུལ། །དམ་ཉམས་དགྲ་ནི་གངས་ཀྱི་སེང་བཞིན་རྒྱུག །ས་སྟེང་འདི་ན་བདག་ལ་མགོན་མེད་པས། །མ་ཅིག་དམ་ཅན་ཐུགས་རྗེས་མི་དགོངས་སམ། །འཁོར་གྱི་ཚོགས་ལ་བཀའ་ཉན་མི་མཛད་དམ། །དམ་ཉམས་དགྲ་ལ་ཕྲིན་ལས་མི་མཛད་དམ། །ལྷ་མོ་མི་ཕམ་ཡི་དམ་སྲོག་གི་ལྷ། །རྣལ་འབྱོར་ཀུན་གྱི་དགྲ་བླ་མོ། །ནག་མོ་ཆེན་མོ་ཆར་སྤྲིན་མདོག །དཔལ་ལྡན་ལྷ་མོ་ཐུགས་དམ་ཅན། །རྡོ་རྗེ་ལྕམ་གཅིག་ལས་མཁན་མ། །སྲོག་གཅོད་ནད་གཏོང་བོང་བུ་ཞོན། །རྣལ་འབྱོར་བདག་གིས་སྡོང་གྲོགས་

p. 247

མཛོད། །དམ་ཉམས་ཀུན་གྱི་རྒྱུན་གཅོད་མ། །དམ་ཚིག་ཅན་གྱི་ཚེ་འཛིན་མ། །ལེགས་ཉེས་ཀུན་གྱི་སྟང་གཅོད་མ། །འཁོར་རྣམས་ཕོ་ཉར་ད་ཐོངས་ལ། །བསྟན་པ་འཇིགས་པའི་དམ་ཉམས་འདི། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀརྨ་ཨ་རཱ་གས་མཛད་པའོ།། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་མཆོད་ཚོགས་བརྒྱ་རྩ་རྩང་རྫོགས་ཀྱི་འདོན་འགྲིག་བལྟས་ཆོག་ཏུ་བཀོད་པ།

p. 248
p. 249

དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་མཆོད་ཚོགས་བརྒྱ་རྩ་རྩང་རྫོགས་ཀྱི་འདོན་འགྲིག་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།

p. 250

ན་མོ་གུ་རུ་ཧེ་བཛྲ་ཡེ། བླ་མ་དགྱེས་མཛད་ཧེ་རུ་ཀ །ལྷ་མོར་བཅས་ལ་གུས་བཏུད་ནས། །རྒྱལ་བའི་བསྟན་པ་རྒྱས་པ་དང་། །འགྲོ་བའི་རིམས་ནད་རྒྱུན་ཆད་ཕྱིར། །ལྷ་མོ་བརྒྱ་རྩའི་རིམ་པ་བྲི། །ལྷ་ཡི་ཚོགས་ཀྱིས་བཀའ་གནང་ཞིང་། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །དེ་ལ་ཡམས་ནད་རིམས་ནད་ལ་སོགས་པའི་བར་ཆད་ཞི་བའི་ཆེད་དུའམ། དགྲ་བགེགས་བསྒྲལ་བའི་དོན་དུ་འདི་བྱ་སྟེ། རབ་ལྷ་མོའི་དཀྱིལ་འཁོར་རྒྱས་པར་བྲིས་པའི་སྟེང་དུ་གཏོར་སྣོད་དུ་གཏོར་མ་བཤམས། འབྲིང་དཔེའུ་རིས་ལྟར་དཀྱིལ་འཁོར་འབྲིང་པོ་བརྩེགས་པའི་ནང་དུ་ལིང་ག་བཞག །དེའི་སྟེང་དུ་གཏོར་སྣོད་དུ་གཏོར་མ་བཤམས། བསྡུས་པ་ནི་གཏོར་སྣོད་དུ་འདག་ས་ལ། དཔེའུ་རིས་ལྟར་བྲིས་པའི་དབུས་སུ་བྲུབ་ཁུང་དུ་ལིང་ག་བཅུག་

p. 251

པའམ། ཡང་ན་ཐོད་མཁར་གྲུ་གསུམ་པ་འདག་ས་ལ་བྱས་ནང་དུ་ལིངྒ་གཞུག་ཀྱང་ཆོག །གཏོར་མ་དབུས་སུ་ཆེ་བ་གཅིག་ལོགས་གསུམ་དུ་གསུམ་རེ། དེ་རྒྱབ་བཞི། དེ་རྒྱབ་བརྒྱད། ཡང་དེ་རྒྱབ་བརྒྱད། དེ་རྒྱབ་བཞི། དེ་རྒྱབ་མཐེབ་སྒྱུ་མང་དུ་བཞག་པས་རྒྱས་པ། འབྲིང་པོ་གཏོར་མ་ཆེ་བ་གཅིག་ལ་ཆུང་བ་གསུམ། དེ་རྒྱབ་བརྒྱད། དེ་རྒྱབ་མཐེབ་སྐྱུ། །བསྡུ་ན་གཙོ་འཁོར་དགུ་པ་རང་བྱེད། དེ་རྣམས་གང་ཡང་གཙོ་མོ་ལ། དྲེལ། ཆུ་སྲིན། བྱ་ནག །ར་ལུག །སྤྱང་ཀུ། ཤར་དུ་སྤྲེལ། བྱ་ཁྱི། རྟ་བོང་བུ། ལུག །གྲི་གུག །བྱང་དུ་སྟག །ཝ། སྤྱང་ཁུ། འཕར་བ། དྲེལ། ཆུ་སྲིན། གྲི་གུག །ནུབ་ཏུ་གཡག །ལུག །ར། ·སྤེལ། བྱ་ནག །ཁྲ། གྲི་གུག །ལྷོར་ཐོད་ཁྲག །ཁྱི། ཕོ་

p. 252

རོག །མགོ་སྙིང་། དྲེད། བོང་བུ་ནག་པོ། བྱང་ཤར་སྙིང་། བོང་བུ། ར། སྤྲེལ། སྤྱང་ཁུ། ཤར་ལྷོར་ལིང་ག །སྙིང་། ཁྱི་ནག་ཁྲག་གི་ཞལ་བུ། རྒྱུ་སྐར་གྱི་བཤོས་བུའོ། །ལྷོ་ནུབ་ཏུ་ཏིང་ལོ། སྙིང་། ལུག་པ། ཞོལ་གཡག །སེང་གེ་སྔོན་པོ། ནུབ་བྱང་དུ་སྙིང་། ཁྲ། བོང་བུ། བྱ་ནག་རྐང་གསུམ། རལ་གྲི། ཁྱི་ནག །ལག་པ། རྩེ་ལ་ལྷ་མོའི་སྐུ་དང་དར་གདུགས་བཙུགས། དབུ་རྩང་ཕྱག་ཆུང་བཙུགས། གཏོར་ཆེན་གྱི་ཕྱི་རོལ་དུ་རྩང་བརྒྱ་རྩ་བརྒྱད་ཅི་འབྱོར་བཙུགས་སོ། །བརྒྱ་རྩ་གཞུང་མ་ཐམས་ཅད་ལ། ནག་མོ་དགུ་སྒྲུབ་རྐྱང་པ་ལ་མེད་པས། དེ་ལྟར་བྱས་ཀྱང་ཁུངས་བཙུན། བླ་མ་འགའ་ཞིག་གི་ཕྱག་ལེན་ལ་སྙིང་འཕྲོག་མ་གསུམ་བཞག་ནས་གཙོ་འཁོར་བཅུ་གཅིག་བྱས་ཀྱང་ཆོག །གཡས་སྤྲུལ་མའི་མངོན་རྟོགས། རྗེ་དབང་ཕྱུག་རྡོ་རྗེས་མཛད་པ་སྣང་ཡང་འདིར་བརྒྱ་རྩ་ལ་སྦྱར་བ་མ་མཐོང་ཞིང་། དེ་སོགས་ལས་ལ་ཆས་དུས་ཁོ་ནའི་སྤྲུལ་པར་སྣང་བས་མངོན་རྟོགས་མི་དགོས་པར་གོའོ། །དེ་ཡང་བདག་གིས་རྨི་ལམ་དུ་དག་པའི་སྣང་བར་རྗེ་བཙུན་མར་པ་ལོ་ཙཱ་དང་མཇལ་བས། ལྷ་མོ་དུད་སོལ་མའི་གཏོར་དབང་ཤིན་ཏུ་གསལ་བ་གནང་དུས་གཏོར་མ་ལྷར་བསྐྱེད་དུས་སུ། ནག་མོ་དགུ་སྒྲུབ་དང་གསང་སྒྲུབ་གཉིས་ཀྱི་མངོན་རྟོགས་གབ་སྤྱད་པ་འདི་འདྲ་ཞིག་གསུངས་བྱུང་བས། དེ་ཕྱིན་ཆད་བརྒྱ་རྩ་གར་བཅས་པར་མངོན་རྟོགས་དེ་ལྟར་བསྒོམས་པས། ནད་པ་སོས་པ་དང་། ནད་རིམས་ཆད་པ་སོགས་ཕན་ཐོགས་ཆེ་ཞིང་བཀྲ་ཤིས་པར་བྱུང་བ་

p. 253

འདི་ནི་མངོན་རྟོགས་རྒྱས་པ་འདི་དེའི་ལུགས་སུ་བྱས་པའོ། །རང་ཉིད་ཀྱི་རྡོ་རྗེ་རྡོ་རྗེ་གདན་བཞི་ཕྱག་རྡོར་རྟ་མགྲིན་གང་རུང་གི་བདག་བསྐྱེད་སྔོན་དུ་སོང་ནས། བསང་སྦྱངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་མཁར་སྟོང་གསུམ་པ་རྒྱ་ཆེ་བ། ཕྱི་མེ་དཔུང་འབར་བ། ནང་ན་རླུང་ནག་འཚུབ་མའི་དལ། དེའི་དབུས་སུ་ཧཱུཾ་དཀར་པོ་འོད་ཟེར་ལྔ་འཕྲོ་བ་དེ་འོད་དུ་ཞུ་བ་ལས་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་པ་རྟ་བབས་བཞི་དང་ལྡན་པ། ཀ་བ་བརྒྱད་པ། ཕྱི་བསེའི་ཁང་པ་ལྟར་དམར་ལྷག་གེ་འདུག་པ། ནང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་སྟེང་མཐིང་ཀ་ཡོད་པ། དེའི་ནང་དུ་ཐོད་པའི་སྐུ་མཁར་སྟོང་གསུམ་དང་མཉམ་པ། ནང་ཐོད་པ་རློན་པ། བར་ར་རིལ་ཕྱི་སྐམ་པོའི་ནང་དུ་རཀྟའི་རྒྱ་མཚོ་ཤར་ནས་ནུབ་ཏུ་འཕྱོ་བ་ནུབ་ནས་ཤར་དུ་འཕྱོ་བ། ལྷོ་ནས་བྱང་དུ་འཕྱོ་བ་བྱང་ནས་ལྷོ་རུ་འཕྱོ་བ། ཞིང་ཆེན་གྱི་གདན་འཕྱོ་བ། དེ་ཡི་སྟེང་དུ་མི་རོ་ཆེ་བ་རྣམས་ཀྱིས་ཀ་བ་བྱས་པ། ཆུང་བ་རྣམས་ཀྱིས་དྲལ་དྲབ་བྱས་པ། ཞིང་ཆེན་གྱི་གཡང་གཞིའི་ཐོག་བཀབ་པ། འོག་ཁྲག་གི་རྒྱ་མཚོ་སྟེང་འོག་ཞིང་ཆེན་གྱི་དྲལ་དྲབ་བྱས་པ།

p. 254

ཁྲག་གི་རྒྱ་མཚོ་དེའི་སྟེང་དུ་རིན་པོ་ཆེའི་ས་གཞི་གྲུ་གསུམ་མཐིང་ནག་འབར་བ་རྩེ་མོ་ལྷོར་བསྟན་པའི་ཟུར་གསུམ་དུ། བློ་མཐིང་ནག་རེ་རེ། དེའི་དབུས་སུ་ཧཱུྃ་ལས་སྐད་ཅིག་གིས་དཔལ་ལྡན་ལྷ་མོར་གསལ་བའི་ཐུགས་ཀའི་ཨོཾ་ཡིག་གི་སྟེང་དུ་རཾ་དམར་པོ་ལས་མེ་འབར་ནས་དུད་པའི་སོལ་བ་མ་སྐུ་མེ་ལྟར་འབར་བར་གྱུར་ཏེ། ཐལ་བ་ལྟར་འདུག་པའི་སྟེང་དུ། ཨོ་ཡིག་གི་སྟེང་དུ་པཾ་ལས་བུམ་པ་དཀར་པོའི་ཁ་ནས་བདུད་རྩིའི་ཆུ་རྒྱུན་ལྷུད་ལྷུད་བབ་པ། ཨོ་ལ་ཕོག་པས་ཟླ་བ་ཀུན་དྷ་ལྟར་དཀར་ཞིང་འོད་དང་ལྡན་པར་གྱུར་ཏེ། ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ཀཱ་ལི་བྷི་ཀྲིན་ཏ། ཀཱ་ལ་ར་ཀྲི་ནི་ཙཎྜ་རུ་པི་ནི་ཧཱུྃ་ཕཊ༔ ཅེས་ལན་གསུམ་བརྗོད་ལ། དཔལ་ལྡན་ལྷ་མོ་སྐུ་མདོག་ཆར་སྤྲིན་དང་། དུད་སྤྲིན་ལྟར་མནག་པ། ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་མཆེ་བ་བཞི་གཙིགས་པ། མི་རོརེངས་བ་ཁར་བཅུག་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། ཕྱག་གཡས་དང་པོས་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ། གཡོན་དང་པོའི་ཤཏྟིའི་མཚོན་ཆ། གཉིས་པ་ན་ཏྲི་ཤུ་ལའི་མགུལ་ན་དར་དཔྱངས་ཕྱིར་བ། སྦྲུལ་ཆེན་བརྒྱད་ཀྱི་སྐ་རགས་བྱས་པ། མི་མགོ་

p. 255

སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། སྙན་གཡས་ན་དུག་སྦྲུལ། གཡོན་ན་སེང་གེས་བརྒྱན་པ། དར་གྱི་ཅོད་པན་འཕུར་བ། ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་བྱས་པ། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་སྒེག་པ། རླུང་གི་བོང་བུ་དམར་གྲྭའི་སྟེང་དུ་ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་ཅིང་བཙན་སྐྱིལ་དུ་བཞུགས་པ། བརྒྱ་རྩའི་ལུགས་གཞན་སོགས་འདིར་མ་མོ་རྐང་ཐང་བརྒྱད་བསྐྱེད་ནས་ཟུར་གསུམ་དུ་བློ་ལ་སྙིང་འཕྲོག་མ་གསུམ་བསྐྱེད་པར་སྣང་ངོ། །ཟུར་གསུམ་དུ་བློ་ལས་མཁའ་འགྲོ་ནག་མོ་གཡས་མི་སྙིང་གཙོ་མོའི་ཞལ་དུ་སྟོབ་ཅིང་། གཡོན་ཐོད་ཁྲག་འཛིན་པ། རླུང་གི་བོང་བུ་གྲྭ་དམར་ལ་ཞོན་པ་གསུམ་ཐོད་མཁར་ཕྱིའི་བློ་བཞི་ལས་རིགས་བཞི་ལྷ་མོ་དཀར་མོ་དང་སེར་མོ་དང་དམར་མོ་དང་ལྗང་མོ་བཞི། ཕྱག་གཡས་་་་་ཕྱག་གཡས་ན་རིམ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་དང་པདྨ་དང་རལ་གྲིས་ཡུ་བ་བྱས། མཆན། ན་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་བོང་བུ་ཆིབས་པ་བཞི། དེའི་ཤར་དུ་དུར་ཁྲོད་བདག་མོ་དཀར་མོ། བྱང་དུ་དངོས་གྲུབ་ཞལ་མ་སེར་མོ། །

p. 256

ནུབ་ཏུ་གཏུམ་མོ་གཟི་བརྗིད་དམར་མོ། ལྷོར་ཡི་དྭགས་ཁ་ནག་མོ། བྱང་ཤར་དུ་དམ་ཚིག་སྲུང་མ་གཡས་ཀྱི་ལུས་ཕྱེད་སེར་བ། གཡོན་གྱི་ལུས་ཕྱེད་དཀར་བ། ཤར་ལྷོར་ཁྲག་དགའ་མོ་གཡས་དཀར་གཡོན་ནག །ལྷོ་ནུབ་ཏུ་ཀཱི་ལི་སྒྲ་སྒྲོག་མ་གཡས་ནག་གཡོན་དམར་བ། ནུབ་བྱང་མཚམས་སུ་སྦྱོར་འཛིན་མ་གཡས་དམར་གཡོན་སེར་བ། དེ་རྣམས་རོའི་གདན་གྱི་སྟེང་ན། ཞབས་གཡོན་བརྐྱང་གཡས་ཅུང་ཟད་བསྐུམ་པ། ཞལ་མཆེ་བ་གཙིགས་པ་སྤྱན་རྩ་དམར་བ། ཕྱོགས་བཞིའི་དབུ་སྐྲ་དམར་སེར་གྱེན་དུ་འབར་བ། མཚམས་བཞི་དབུ་སྐྲ་སིལ་བུ་ཐུར་དུ་གྲོལ་བ། ཕྱོགས་བཞིའི་གཡས་གྲི་གུག་གཡོན་བྷནྡྷ་ཁྲག་གིས་བཀང་བ་བསྣམས་པ། མཚམས་བཞིའི་གཡས་གྲི་གུག་གཡོན་མི་སྙིང་འཛིན་པ། དེ་རྣམས་ཀྱི་ལུས་ཐལ་ཆེན་གྱིས་བྱུག་པ། ཁྲག་ཞག་གི་ཟོ་རིས་བྱས་པ། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། དེ་རྣམས་རུས་པའི་རྒྱན་དྲུག་དང་ལྡན་པའོ། །དེ་རྒྱབ་ཤར་དུ་སེང་གདོང་མ།་དཀར་མོ། ལྷོར་སྟག་གདོང་མ་དམར་མོ། ནུབ་ཏུ་སྤྱང་གདོང་མ།་་སྔོན་མོ། བྱང་དུ་ཕག་གདོང་མ།་་མཐིང་ག

p. 257

ཤར་ལྷོར་ལྟུང་ཁའི་གདོང་ཅན། མུན་མདོག ལྷོ་ནུབ་དུ་དུར་བྱའི་གདོང་ཅན།་་ཁྲག་མདོག ནུབ་བྱང་དུ་བྱ་རོག་གི་གདོང་ཅན་དུད་ཁ། བྱང་ཤར་དུ་བྱ་རྒོད་ཀྱི་གདོང་ཅན།་་མུན་ནག ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དྲེལ་ནག་རྐང་གསུམ་ལ་ཆིབས་པའོ། །ཤར་སྒོར་དུར་བྱ་ཀཾ་ཀའི་གདོང་ཅན་དྲེལ་ལ་ཞོན་པ། ལྷོ་སྒོར་དུར་བྱ་ཀཾ་ཀའི་མགོ་ཅན་སྟག་ལ་ཞོན་པ། ནུབ་སྒོར་དུར་བྱ་ཀཾ་ཀའི་གདོང་ཅན་སྤྱང་ཀི་ལ་ཞོན་པ། བྱང་སྒོར་དུར་བྱ་ཀཾ་ཀའི་གདོང་ཅན་སྤྲེལ་བུ་ལ་ཞོན་པ། ཕྱག་ན་མདའ་གཞུ་དང་སྤུ་གྲི་དང་བྷནྡྷ་ནད་རྐྱལ་དགྲ་སྟ་བསྣམས་པ། ཞིང་ཆེན་གྱི་སྐེད་མི་དཀྲིས་པ་ཐོད་ཕྲེང་གི་རེ་ལྡེ་སེར་པོའི་བརྒྱན་པའོ། གཞན་ཡང་སྤྲུལ་པའི་ལས་མཁན་ནག་མོ་འབུམ་སྡེ་དང་། དཀར་མོ་དང་སེར་མོ་དང་དམར་མོ་དང་ལྗང་མོ་བྱེ་བ་འབུམ་སྡེའི་ཚོགས་དང་། ཤ་ཟ་དང་ནམ་གྲུ་དང་སྲིན་མོ་དང་གནོད་སྦྱིན་མོ་དང་། རི་རབ་དང་རྒྱ་མཚོའི་སྟེང་དང་བར་སྣང་ལ་གནས་པའམ། དམོད་པའི་མཚོན་ཆ་ཅན་རྣམས་དང་། ཡེ་

p. 258

ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་རྣམས་དང་ལས་ཀྱི་རེ་མ་ཏི་དྲེའུ་རྐང་གསུམ་ཅན་མ་དང་། ཆུ་སྲིན་གྱི་གདོང་ཅན་མ། བ་ལམ་དྲིལ་སྣ་མ་དང་། ཁྲི་སྨན་ས་ལེ་མ་དང་། མ་ཧེའུ་མགོ་ཅན་མ་དང་། བརྟན་མ་དང་ཡ་མ་སྐྱོང་མའི་ཚོགས་རྣམས་དང་། སྲིད་པའི་མ་མོ་སྟོང་དང་། ལས་ཀྱི་སྲིན་མོ་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བའི་འཁོར་དེ་ཐམས་ཅད་ཀྱང་། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་མཆེ་བ་ཅུང་ཟད་གཙིགས་པ། ཞིང་ཆེན་དང་རེ་ལྡེ་རྒྱན་དྲུག་གིས་སྤྲས་པ་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། གཅེར་བུ་ཤན་པའི་ཚུལ་ཅན་བསྟན་པའི་དགྲ་བོ་གྲིར་གསོད་པ་དང་། ཡམས་ནད་དང་། སྨྱོ་འབོག་དང་འདུ་བ་རྣམ་བཞིའི་ནད་ཁོང་ནས་སློང་བར་བྱེད་པའི་རང་བཞིན་ཅན་ནོ། །གཙོ་བོའི་ཐུགས་ཀར་ཧཱུཾ་མཐིང་ནག །འཁོར་རྣམས་ཀྱི་ཐུགས་ཀར་བྷྱོནག་པོ་རེ་རེ་གྱུར། གཙོ་བོའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ་ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་རབ་ལྷུན་པོའི་བྱང་ཤར་མཚམས་ནས། བསྐྱེད་པ་དང་འདྲ་བའི་ཡེ་ཤེས་ཀྱི་ལྷ་མོ་

p. 259

སྤྱན་དྲངས། དཔལ་ལྡན་ལྷ་མོ་དབྱིངས་ནས་རྟག་བཞུགས་ཀྱང་། །སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་བསམ་མི་ཁྱབ། །སྣ་ཚོགས་འཇིགས་པའི་གཟུགས་སྐུར་སྤྲུལ་མཛད་མ། །མ་གཅིག་སྲིད་གསུམ་དབང་བསྒྱུར་གཤེགས་སུ་གསོལ། །ཉི་མའི་དཀྱིལ་འཁོར་བརྩེགས་པའི་གཞལ་ཡས་ནས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཚར་གཅོད་མ། །བདུད་རྩི་སྨན་གྱི་རྗེས་སུ་འཛིན་མཛད་མ། །ཕྲིན་ལས་རྣམ་བཞི་མཛད་ཕྱིར་གཤེགས་སུ་གསོལ། །ཐོད་པའི་སྐུ་མཁར་རླུང་ནག་འཁྱིལ་པ་ནས། །དགྲ་སྡང་སྟེང་ནས་ཕྱེད་སྐྱིལ་རོལ་པར་བཞུགས། །རྔམ་བྱེད་ཞལ་དུ་དགྲ་བགེགས་དངོས་སུ་གསོལ། །དྲག་པོའི་ལས་ལ་མྱུར་དུ་གནས་འདིར་གཤེགས། །སྐྱེ་འགག་གནས་གསུམ་བྲལ་བར་མཁྱེན་ན་ཡང་། །སྐུ་མཆོག་རི་རབ་ཆེ་བར་འཁྲིལ་མཛད་མ། །ཉི་ཟླ་ལྟེ་བའི་ཐད་ནས་སྤྲུལ་མཛད་མ། །སྲིད་གསུམ་བྷ་གར་འདུད་མཛད་གཤེགས་སུ་གསོལ། །ཤིན་ཏུ་རྒྱས་པར་སྤྲོ་ན་དྷ་ཤ་གྲི་བའི་གདུང་གླུ་འདིར་བཙུད་དོ། །ཞེས་པ་ཙམ་མམ་རྒྱས་པར་སྤྲོ་ན། བྷྱོཿ སྣང་བ་ཆོས་སྐུའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །ཆོས་ཀྱི་

p. 260

དབྱིངས་ཀྱི་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །ཐོད་མཁར་འཕྲུལ་གྱི་གཞལ་ཡས་ནས། །མ་མོ་མཁའ་འགྲོ་གཤེགས་སུ་གསོལ། །བཀའ་དང་དམ་ཚིག་གཞལ་ཡས་ནས། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། ། བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའི་གཏིང་དཀྱིལ་དབུས། །རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ན། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡོང་ནག་མོ་འབུམ་སྡེའི་ཚོགས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིགས་མ་ལྔ་ཡི་དུས། །དམ་བཅས་བཞུགས་པར་མི་འོས་ཀྱང་། །སྔོན་ཚེ་བྱང་ཆུབ་ཤིང་གི་དྲུང་། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་སྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་

p. 261

གསོལ། །གཞན་ཡང་གཤིན་རྗེའི་ཕོ་བྲང་དང་། །ལྷ་ཁང་དུར་ཁྲོད་རི་སུལ་ནས། །ཆོས་སྐྱོང་སྲུང་མ་འཁོར་བཅས་ལ། །མཆོད་པ་འབུལ་བ་བཞེས་སླད་དུ། །ད་ལྟ་ཉིད་དུ་བྱོན་ནས་ཀྱང་། །གཉིས་མེད་བརྟན་པར་བཞུགས་སུ་གསོལ། །ཞེས་བརྗོད་པས་ཡེ་ཤེས་པ་འཁོར་དང་བཅས་པ་སྤྲིན་གྱི་ཕུང་པོ་འདུ་བའམ་བུང་བ་ཚང་ན་འདུ་བ་ལྟར་ཐིབ་ཐིབ་བྱོན་པར་བསམ་ལ་ངག་ཏུ། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོ་ཏྲི་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧཱུཾ། ས་མ་ཡ་ཧོ༔ ཞེས་ཕྱག་རྒྱ་བཞི་དང་ལྡན་པས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་འགུགས་ཤིང་གཉིས་སུ་མེད་པར་བསྟིམ་ལ་གསལ་གདབ་བོ་མཆན། བྷྱོཿ རླུང་དམར་དྲག་པོའི་ཤུགས་ལྡན་བོང་བུའི་སྟེང་། །དུར་ཁྲོད་ཆས་ལྡན་ཞབས་གཉིས་ལྕགས་སྒྲོག་མཛེས། །ཞལ་གདངས་མཆེ་གཙིགས་ཀཱི་ལི་ཀཱི་ལ་སྒྲོག །དཔལ་ལྡན་འདོད་ཁམས་དབང་ཕྱུག་གདན་ལ་བཞུགས། །བྷྱོ༔ ཐོད་པའི་སྐུ་མཁར་པདྨའི་གཞལ་ཡས་ནས། །རིམས་ནད་ཀུན་ལ་དབང་བསྒྱུར་ལས་མཁན་མ། །དུར་ཁྲོད་བདག་མོ་དབང་ཕྱུག་དྲེལ་ཞོན་མ། །རྣལ་འབྱོར་ཆེན་མོ་གནས་འདིར་བརྟན་པར་བཞུགས་སུ་གསོལ། །པདྨ་ཀ་མ་ལྕེ་ཧཱུཾ། བྷྱོ༔

p. 262

ཡང་ཐོག་དྲུག་བརྩེགས་འཕྲུལ་གྱི་ལྡིང་ཁང་ནས། །མ་གཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་ནི་མི་འགྱུར་རི་རབ་ལྷུན་པོ་འདྲ། །ཚངས་པའི་འབྲུག་སྒྲ་ནམ་མཁའི་དབྱིངས་སུ་སྒྲོག །ཐུགས་ཀྱི་དཔལ་བེའུ་ཡེ་ཤེས་ལྔ་དང་ལྡན། །མགུལ་གྱི་བུམ་པ་རྨ་བྱའི་མགྲིན་པ་འདྲ། །ལྗགས་ནི་པདྨ་ལེ་བརྒན་གྲི་སོ་འདྲ། །ཕན་འདོད་མྱུར་དུ་སྒྲུབ་པའི་མཁའ་འགྲོ་མ། །དཔལ་ལྡན་དབང་ཕྱུག་མ་ལ་ཕྱག་འཚལ་བསྟོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ན་མ། བཀའ་བསྒོ་བ་ནི། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། ཁྱོད་ཀྱི་བདག་ལ་སྐུ་མངོན་སུམ་དུ་སྟོན་ཅིག །སྐུ་དངོས་སུ་མི་སྟོན་ན་ཡང་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པའི་སྤྱན་སྔར། ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ། སངས་རྒྱས་ཀྱི་བསྟན་པ་གཉན་པོ་བསྲུང་བ་དང་།། བླ་མ་དམ་པ་རྣམས་ཀྱི་ཕྲིན་ལས་སྒྲུབས་ཤིག །སྔགས་འཆང་སྒྲུབ་པ་པོ་བདག་གི་དགྲ་བགེགས་ཐམས་ཅད་མྱུར་དུ་སྒྲོལ་ཅིག །ཚེ་དང་དཔལ་བསྐྱེད་ཅིག །བདག་ཅག་ཡོན་མཆོད་ལ་གནོད་པར་བྱེད་པའི་ནད་གདོན་ཡམས་ནད་རིམས་ནད་ཐམས་ཅད་ཞི་བར་མཛོད་ཅིག །གཞན་ཡང་བདག་གིས་

p. 263

ཡིད་ལ་གང་འདོད་པ་ཐམས་ཅད་ཁྱོད་ཀྱིས་འགྲུབ་པར་གྱིས་ཤིག །དེ་ལྟར་བསྒོ་བ་བཞིན་དུ་མི་བྱེད་ན་ཁྱོད་དམ་ཚིག་ཆེན་པོས་རབ་ཏུ་གཟིར་བར་བྱའོ། །ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨེ་ཨ་ར་ལི་ཧཱུྃ་ཛཿ ཞེས་གཟིར་བའི་སྔགས་བརྗོད་ཅིང་བསྡིག་པའོ། །གུར་གུམ་གྱི་ཆུ་སྦྲེང་ཞིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ལ་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནི་ཧཱུྃ་ཕཊ༔ ལྷ་མོ་ཁྱོད་དམ་ལས་འདས་ནས་བསྒོ་བ་བཞིན་དུ་མ་བྱས་ན། གཟིར་བ་ཆེན་པོ་བྱེད་པ་དང་། དམ་ཚིག་ཆུ་འདི་ཡང་དུག་ཧ་ལ་ཆེན་པོར་གྱུར་ཏེ། མཐོང་བས་ཁྲག་ཏུ་སྐྱག་པ་དང་། རྡོ་རྗེ་ཟ་བྱེད་ཆེན་པོའི་སྙིང་རལ་ཏེ། དུས་མ་ཡིན་པར་འཆི་བ་དང་། གནོད་སྦྱིན་གྱིས་གསོད་པར་འགྱུར་བ་དང་། ཁྲོ་བོ་ཟ་བྱེད་ཆེན་པོ་དང་། འཇིགས་བྱེད་ཆེན་པོ་གྱུར་ཏེ། མེ་དབལ་རྡོ་རྗེ་འབར་བས་ལུས་ཚིག་ནས་ཐལ་བར་བྱས་ཏེ། སོ་སོ་རང་རང་གི་མནའ་བོར་བ་བཞིན་དུ། དམྱལ་བར་འབོད་འགྲོགས་སུ་སྐྱེ་བར་འགྱུར་རོ། །དེ་བས་རྡོ་རྗེ་འཆང་གི་དམ་ཚིག་ལ་

p. 264

མ་འདའ་ཞིག །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཧ་ན་ཧ་ན་བཛྲ་ཀྲོ་ཏ་ས་མ་ཡ་མ་ཏི་ཀྲ་མ་ནན་ཧཱུྃ་ཕཊ༔ ཨོཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ༔ སྭ་བྷཱ་ཝ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཧཱུྃ། ཨུ་དུམ་ཨུཏྤལ་ལ་སོགས་པདྨ་དང་། །དབང་པོ་རྣམས་ལ་མཛེས་པའི་མེ་ཏོག་འདི། །དཔལ་ལྡན་ལྷ་མོའི་དབུ་ལ་འབུལ་ལགས་ན། །བདག་གིས་བསམ་པའི་དོན་ཀུན་འགྲུབ་གྱུར་ཅིག །ཨོ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨོཾ་བཛྲ་པུངྒེ་པཱུ་ཙ་མེ་གྷ་སྤ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ༔ ཚིལ་གྱིས་དུད་པ་མང་པོ་སྦྱར་བའི་དྲི། །གུ་གུལ་སྦྱར་བའི་སྤོས་དང་ཨ་ག་རུ། །བདག་གིས་གུས་པའི་ཡིད་ཀྱི་འབུལ་ལགས་ན། །དཔལ་ལྡན་ལྷ་མོའི་ཤངས་མཆོག་ཚིམ་གྱུར་ཅིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨོ་བཛྲ་དྷ་པེ་པཱུ་ཙ་མེ་གྷ་སྤ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ་ཉི་ཟླ་ལྟར་གསལ་རིན་ཆེན་འོད་འབར་དང་། །ཞུན་མར་སྟོང་གསུམ་ཀུན་ནས་གསལ་བྱེད་འདི། །དཔལ་ལྡན་ལྷ་མོའི་སྤྱན་ལ་འབུལ་ལོགས་ན། །བདག་གིས་སྒྲིབ་གཉིས་མུན་པ་སེལ་གྱུར་ཅིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཙ་མེ་གྷ་སྨྲ་ར་ཎ་ས་མ་ཡེ་ཧཱུྃ་

p. 265

ཕཊ༔ ལེགས་པར་སྦྱར་བའི་དྲི་དང་བདུད་རྩི་ལྔ། །དུ་རུ་ཀ་དང་མཆོད་པར་འོས་པ་གཞན། །དཔལ་ལྡན་ལྷ་མོའི་ཐུགས་ལ་མཆོད་པ་འབུལ། །བདག་གིས་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་བཛྲ་གནྡྷེ་པཱུ་ཙ་མེ་གྷ་སྨྲ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ༔ དགྲ་བགེགས་བསྒྲལ་བའི་ཤ་དང་རྟ་ཡི་ཤ། །བྱ་དང་ཁྱི་ཡི་ཤ་དང་བ་ལང་ཤ། །འབྲུ་སྣ་ཚོགས་པའི་འབྲས་ཆན་བཤོས་འདི་དག །དཔལ་ལྡན་ལྷ་མོའི་ཞལ་དུ་འབུལ་ལགས་ན། །བདག་གིས་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨོཾ་བཛྲ་ནེ་ཝི་ཏྱཱ་པཱུ་ཙ་མེ་གྷ་སྤ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ༔ རྔ་ཆེན་འབྲུག་གི་སྒྲ་ལྟར་ཆེར་སྒྲོག་ཅིང་། །མི་རྐང་གླིང་བུ་ཀུན་ནས་སྙན་པ་ཡི། །ཅང་ཏེའུ་ཆོས་ཀུན་སེམས་སུ་སྟོན་པའི་སྒྲ། །དཔལ་ལྡན་ལྷ་མོའི་སྙན་ལ་མཆོད་པར་འབུལ། །བདག་གིས་འདོད་པའི་དོན་ཀུན་འགྲུབ་གྱུར་ཅིག་་ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་བཛྲ་ཤཔྟ་པཱུ་ཙ་མེ་གྷ་སྤ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ༔ ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ་ལ། །གཟུགས་ཀྱི་མཆོད་པ་

p. 266

འབུལ་བ་ནི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། །བཟང་ཤིང་འབྲས་བུ་ཕུན་སུམ་ཚོགས། །བལྟ་བར་བྱེད་པའི་མཆོད་པ་རྣམས། །མ་གཅིག་སྤྱན་ལ་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ་ལ། །སྒྲ་ཡི་མཆོད་པ་འབུལ་བ་ནི། །པི་ཝང་གླིང་བུ་མཁར་རྔ་དང་། །ཆ་ལང་ཅང་ཏེའུ་མི་རྐང་དུང་། །དྲིལ་བུ་སྒྲ་དབྱངས་ཕུན་སུམ་ཚོགས། །མ་གཅིག་སྙན་ལ་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ་ལ། །དྲི་ཡི་མཆོད་པ་འབུལ་བ་ནི། །ཨ་ག་རུ་དང་དུ་རུ་ཀ །ཙནྡན་དཀར་དམར་དྲི་ཞིམ་སྤོས། །གུ་གུལ་ཚིལ་ཆེན་ལ་སོགས་པའི། །མ་གཅིག་ཤངས་ལ་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ་ལ། །རོ་ཡི་མཆོད་པ་འབུལ་བ་ནི། །བསད་པའི་ཤ་དང་མྱོས་པའི་ཆང་། །བཙོས་པའི་ཞག་དང་ཁུ་བ་ཁྲག །བསྲེགས་པའི་གསུར་དང་རློན་པའི་ཤ །གློ་སྙིང་ནང་ཁྲོལ་མཁར་མར་བཅས། །མ་གཅིག་ལྗགས་ལ་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །

p. 267

ཀྱེ། མ་གཅིག་དཔལ་ལྡན་ལྷ་མོ་ལ། །རེག་བྱའི་མཆོད་པ་འབུལ་བ་ནི། །དགྱེས་པའི་ན་བཟའ་སྣ་ཚོགས་དང་། །སྡིག་ཅན་དགྲ་ཡི་གཡང་གཞི་དང་། །དཔལ་ལྡན་སྐུ་ཡི་རེག་བྱ་འདི། །མ་གཅིག་སྐུ་ལ་མཆོད་པ་འབུལ། །ཐུགས་མཆོག་དམ་པ་མཉེས་གྱུར་ཅིག །དམ་རྫས་རཀྟ་ཆང་སྦྱར་ལ་མཆོག་ཐུན་མོང་གི་རྫས་བསྲེས་ལ་བྱིན་གྱིས་རླབས་ལ་སྦྲེང་ཞིང་།་ཧཱུཾ། རང་བྱུང་དམ་རྫས་བདུད་རྩི་ལྔ། །གདོད་ནས་དག་པའི་བདུད་རྩི་མཆོག །རྩ་བ་བརྒྱད་ལ་ལོ་མ་སྟོང་། །དམར་ཆེན་མཚོ་དང་མཱི་སའི་དྲི། །ག་པུར་ཤེལ་གྱི་མཆོག་སྤོས་འདི། །སངས་རྒྱས་སྟོང་གི་ཐུགས་དམ་སྟེ། །རྣལ་འབྱོར་ཡོངས་ཀྱི་དམ་ཚིག་གོ །དམ་ཚིག་སྦྱིན་པ་ཆེན་པོ་སྟེ། །སྦྱིན་ནོ་བསྟབ་བོ་གསོལ་ལོ་བསྐུལ། །དམ་རྫས་བདུད་རྩི་མཆོད་པ་ཡིས། །དུད་སོལ་ལྷ་མོ་མཐུ་མོ་ཆེ། །དུས་ལ་རུབ་ཅིང་དམ་ལ་འཕྲེང་། །དབང་ཕྱུག་ཆེན་པོ་ཀུན་གྱིས་སྲིང་། །རྣལ་འབྱོར་སྤྱི་ཡི་སྲུང་མ་སྟེ། །མཚན་བཟང་ནག་མོ་རེ་མ་ཏི། །མ་ཚོགས་སྟོང་གི་ཚོགས་བཅས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་

p. 268

སྩོལ། །པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཨོཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ༔ སྭ་བྷཱ་ཝ་སོགས། གཏོར་མའི་ནང་དུ་ཧ་སེར་པོ་གསེར་གྱི་མདོག་ལྟ་བུ་དེ་ཞུ་བ་ལས་གཏོར་མའི་ཁ་དོག་ངན་པ་ཐམས་ཅད་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པ། དེའི་སྟེང་དུ་ཧོ་དཀར་པོ་དུང་གི་མདོག་ལྟ་བུ་དེ་ཞུ་བས་དྲི་ངན་པ་ཐམས་ཅད་བཅོམ་ནས་དྲི་ཕུན་སུམ་ཚོགས་པ། དེའི་སྟེང་དུ་སྔོན་པོ་བཻཌཱུརྱའི་མདོག་ལྟ་བུ་དེ་ཞུ་ནས་རོ་ངན་པ་ཐམས་ཅད་བཅོམ་ནས་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲི༔ ལན་གསུམ་བརྗོད། ཁ་དོག་དྲི་རོ་ངན་པ་ཐམས་ཅད་བཅོམ་ནས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་། མཾ་ས་རཀྟ་ཙིཏྟ་ལ་སོགས་པས་བརྒྱན་པའི་བྷ་ལིང་བསམ་གྱིས་མི་ཁྱབ་པར་གྱུར། དེ་ནས་གཏོར་མ་དེ་སྣོད་གཅིག་ཏུ་བཏེག་པའམ། ཡང་ན་ཐལ་མོ་སྦྱར་ལ་ཡིད་ཀྱིས་བཏེག་ལ་ཞལ་དུ་སྟོབ་པའི་ཚུལ་གྱིས། མ་ཁྱེད་ལ་མཆོད་པ་འབུལ་བ་ནི། །ཕྱི་ནང་གསང་བའི་མཆོད་པ་དང་། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་དང་། །དམ་ཉམས་བསྒྲལ་བའི་དོན་སྙིང་མཁལ་མར་བཅས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་

p. 269

བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་མཾ་ས་ལ་ཁཱ་ཧི། །ཨོཾ་མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། ཨོཾ་མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ༀ་ཨི་དཾ་བྷ་ལི་ཏ་གྷི་ཧ་ན་ཤྲཱི་ཧ་ན་པ་ཡ་ཧཱུྃ་ཕཊ༔ ཅེས་ཅི་རིགས་པ་བརྗོད་ལ་ཡིད་ཀྱིས་ལྷ་མོ་དུད་སོལ་མ་འཁོར་དང་བཅས་པས་གཏོར་མ་དེ་ཧབ་དི་རི་རི་གསོལ་བར་བསམས་ལ། བྷྱོཿ ཏིལ་དམར་གྱིས་བསྐུས་ལེན་བུ་གཅིག་འཕྱང་རོ་མྱོའི་རྣ་ཆ་ཆ་ལུགས་མ་ལུས་འཆང་། །རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་གཅིག་གིས་རང་གིས་རྐང་པ་མཛེས་པར་བྱས་པ་སྟེ། །གཅེར་བུ་བོང་བུ་ཞོན་ནས་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཡིན་ཏེ། །བདག་ཉིད་མཛེས་པར་ཤེས་ཀྱིས་གཞན་ལྟ་ཁྱོད་ཀྱིས་སྤྱོད་པའི་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིགས་པའི་ཚེ་ན་མི་ལུས་དག་ལ་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མི་བཟད་མཆེ་གཙིགས་ཁྱོད་ཀྱིས་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་ལ་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་སྒྲུབ་པོའི་སྤྱོད་ཡུལ་ཅན་དེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོ་ཅན་མནན་ཅིང་ནད་དང་འཆི་

p. 270

བའི་འཇིགས་པ་སེལ་ལ་མི་བཟད་སྒྲ་ཡང་སྒྲོག །ཁྱོད་ནི་དཔའ་བོ་དག་གིས་མགོ་བོའི་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བཅད་པ་ཡིས། །ཕྲེང་བ་ཐོག་ཅིང་གར་བྱེད་ལག་པ་མཉེན་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ་དབང་གཤིབས་པ་ཡི། །སྐེ་རགས་བཅིང་ཞིང་ལག་ན་མདུང་དང་རལ་གྲི་ཐོད་པ་ཁྲག་གི་ཆང་གིས་མྱོས་གྱུར་པས། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་འགྲོ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང་། །ཀོ་རློན་ཆེན་པོ་དྲལ་ཏེ་བརྒྱང་བའི་གོས་ཀྱིས་ཕྱེད་གཡོགས་སྨད་ནི་རེ་ལྡེ་སེར་པོའི་ཤམ་བུ་ཅན། །མི་ཡི་རྒྱུ་མ་གསར་བའི་སྦྱབ་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་བུ་བྱུག་ཅིང་ཁྲག་དང་ཞག་མང་འཛག་པའི་ཐིག་ལེ་ཚོམ་བུར་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆེམ་ཆེམ་གཅོད་ཅིང་ཐོད་པ་ཅན་གྱིས་བདག་ལ་སྐྱོང་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐག་ཅིང་འདར་ལ་རྔམ་པ་འདོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་ནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །ཉིན་

p. 271

གཅིག་བཞིན་དུ་ཞབས་ལ་བསྟོད་པར་བྱེད་ཅིང་གཤིན་རྗེ་ཉིད་ཀྱང་འདར་ཞིང་རྟག་ཏུ་འདུད་པར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་པ་རྣམས་གཞུ་བཏུལ་བས་ནི་རྣ་བ་ཡ་གཅིག་ལ། །བྲང་གི་འགྲོ་བའི་གདེངས་ཀ་སྟོང་དང་ལྡན་པ་གཅིག་གིས་ཁྱབ་ནས་ཁྱོད་ལ་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་འཚང་ཞིང་རྒྱ་མཚོས་བསྐོར་བའི་ས་གཞི་གནོན། །སྟེང་ན་རྒྱུ་བའི་ཉི་མའི་འོད་ཟེར་སྟོང་ལྡན་དེ་ནི་ལྟེ་བའི་ཕྱོགས་སུ་བཞག ། བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་བཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་ཀྱི་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་བསྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །ནད་དོ་ཅོག་གི་བདག་མོ་ལྷ་མོ་ཆེན་མོ་ལ་བསྟོད་པ་རྐང་པ་བརྒྱད་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའོ། །རྒྱས་པར་སྤྲོ་ན་མེ་ལྕེ་འབར་བའི་ནང་ནས་

p. 272

བསྡུས་པའི་བསྟོད་པ་ཐམས་ཅད་འདིར་བྱའོ། ། བྷྱོཿ ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་ན་མཐུ་རྩལ་ཆེ། །བདག་གིས་ཁྱོད་ལ་བསྟོད་ལག་ན། །བཀྲ་ཤིས་མཆོག་སྒྲུབ་སེམས་བདེར་གནས། །ཡིད་མྱུར་རྫུ་འཕྲུལ་མཐུ་སྟོབས་ལྡན། །མ་མོར་བྱེད་ཅིང་འཇིག་རྟེན་སྐྱོང་། །དཔལ་བརྟན་རྟགས་སྤྱོད་རྫུ་འཕྲུལ་ཆེ། །འཐབས་མོ་གཡུལ་ལས་ཤིན་ཏུ་རྒྱལ། །གཤིན་རྗེའི་སྲིང་མོ་ཡིན་པར་སྟོན། །གོས་སུ་ཞིང་ཆེན་རེ་ལྡེ་གསོལ། །སྤྱན་རྩ་དམར་ལ་སྡང་མིག་ཅན། །སྤྱན་རྩ་མཐོང་ན་ཀུན་ཡང་བསྔང་། །དད་པས་འཇིག་པ་རྣམས་སྡུད་ཅིང་། །དྲང་སྲོང་བདེན་པའི་ཚིག་གིས་ནི། །ལྷ་མོ་ཁྱོད་ལ་བདག་གིས་བསྟོད། །རྨ་བྱའི་སྒྲོས་ནི་རྒྱལ་མཚན་བྱས། །རྟག་ཏུ་འཇིག་རྟེན་སྡུད་པར་བྱེད། །སེངྒེ་སྟག་དང་སྤྱང་ཀི་དང་། །ཕག་གདོང་འུག་པ་བྱ་རོག་དང་། །རྟག་ཏུ་ཀུན་ནས་སྐོར་བར་བྱེད། །རྡོ་རྗེ་དྲིལ་ཆེན་ཁྲོལ་བར་བྱེད། །ཁྱེད་ལ་བསྟོད་དེ་ཕྱག་འཚལ་བསྟོད། །ཅེས་འཁོར་དང་བཅས་པའི་བསྟོད་པའོ། །བསྙེན་པ་བྱ་བ་ནི། ལྷ་མོའི་ཐུགས་ཀའི་ཧཱུྃ་ཡིག་གིས་ཟླ་ཚེས། དེ་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་འོད་ཟེར་ཤངས་བུག་གཡས་ནས་འཕྲོས་པས།

p. 273

ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་བདུད་རྩིའི་བཅུད་བསྡུས་ནས། ལྷ་མོའི་སྤྱི་བོའི་གཙུག་ཏུ་བོ་ལས་བྱུང་བའི་བུམ་པ་དཀར་པོའི་ནང་དུ་ཞུགས། བུམ་པའི་ཁ་ནས་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུ་ངང་ལྷུད་ལྷུད་བབས་པས། ལྷ་མོའི་སྐུ་ལུས་བདུད་རྩིས་ངང་ལྟེམ་གྱིས་གང་བ་མ་ཤོང་ལྷུད་པའི་ཚུལ་དུ་ཞབས་ནས་བདུད་རྩིའི་རྒྱུན་ཆུ་བོ་ལྟར་བབ། རང་དང་ཡོན་བདག་དང་ནོད་པའི་སྤྱི་བོ་ཚངས་བུག་དང་ཁ་ནས་ཞུགས་ལུས་ཐམས་ཅད་ངང་ལྟེམ་གྱིས་གང་། ནད་རླུང་མཁྲིས་བད་ཀན་རིམས་ནད་ཡམས་ནད་ཐམས་ཅད་དང་། དམ་ཚིག་གི་ཆག་ཉམས་ཀྱིས་མ་མོ་མཁའ་འགྲོ་འཁྲུག་པའི་ཁ་རླངས་གདུག་རྩུབ་ཐམས་ཅད་བ་སྤུའི་ཁུང་བུ་ནས་རླངས་པ་སྔོ་དམར་གྱི་ཚུལ་དུ་བུད་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རམ་མེ་ལོང་ཧས་བཏབ་པ་ཡལ་བ་ལྟར་སོང་བར་བསམས་ལ། ཉི་ཟླའི་མན་ངག་དམ་པ་ནས་ཞི་དམིགས་སོ། །དྲག་དམིགས་གཞན་དུ་ཤེས་སོ། །ཨོཾ་ས་མ་ཡ། ས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་ཧཱུཾ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་བཛྲ་སཏཱ་ས་མ་ཡ། སོགས་ཡིག་བརྒྱ་བཟླས། དེ་ལྟ་བུ་ཚར་གང་འོས་དང་། ལྷ་མོའི་སྙིང་པོ་བརྒྱ་རྩ་ཡན་ཆད་བཟླས་སོ། །དེ་ནས་གསོལ་ཀ་བཅོལ་གཏམ་བྱ་བ་ནི། གཏོར་མ་དེ་གསོ་བྲན་གཅིག་བྱས་ལ། ཨོཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ༔ སྭ་བྷ་ཝ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཁ་དོག་དྲི་རོ་ངན་པ་ཐམས་ཅད་བསལ་ཏེ་བདུད་

p. 274

རྩིར་གྱུར། བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབ་ཆེན་རབ་ཏུ་འབར་བའི་དབུས། །འཕྲུལ་གྱི་གཞལ་ཡས་ཐོད་པའི་སྐུ་མཁར་ནས། །འདོད་ཁམས་དབང་ཕྱུག་ལྷ་མོ་དུད་སོལ་མ། །ནག་མོ་ཆེན་མོ་རྔམ་པའི་མཆེ་བ་ཅན། །གཅེར་བུ་རལ་པའི་གསེབ་ནས་མེ་སྟག་འཕྲོ། །ལྷ་མོ་སྐུ་མདོག་ནག་མོར་བཞུགས་པ་ནི། །དོན་དམ་དབྱིངས་ལས་བསྐྱོད་པ་མེད་པའི་རྟགས། །དབུ་སྐྲ་ཁམ་སེར་སྦྲུལ་གྱིས་བཅིང་པ་ནི། །ཞེ་སྡང་གདུག་པའི་བདུད་དཔུང་འཇོམས་པའི་རྟགས། །རིལ་པ་གཡས་ནས་གཡོན་དུ་འཁྱིལ་བ་ནི། །ཡུམ་གྱིས་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས། །རལ་པ་སྤྱི་གཙུག་གཅིག་ཏུ་འཁྱིལ་བ་ནི། །སྐྱེ་མེད་དོན་དམ་གཅིག་ཏུ་དགོངས་པའི་རྟགས། །རྨ་བྱའི་རྒྱལ་མཚན་གཙུག་ཏུ་ཕྱར་བ་ནི། །ཉོན་མོངས་དུག་གསུམ་རྩད་ནས་གཅོད་པའི་རྟགས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། །ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས། །སྙན་གཡས་སྦྲུལ་ནག་གདེངས་ཀ་འཕྱོ་བ་ནི། །ཞེ་སྡང་མ་སྤང་གནས་སུ་དག་པའི་རྟགས། །སྙན་གཡོན་སེངྒེ་རལ་དམར་འཕྱོ་བ་ནི། །གསུང་གི་ང་རོས་ཁམས་

p. 275

གསུམ་གཡོ་བའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་གྱིས་གཏད་གཉེར་མཛད་པའི་རྟགས། །རྣ་ལྟག་མེ་ཏོག་དར་ནག་འཕྱར་བ་ནི། །ལྷ་རྣམས་གཡུལ་ལས་རྒྱལ་བར་མཛད་པའི་རྟགས། །སྤྱན་རྩ་དམར་ལ་སྤྱན་གསུམ་བགྲད་པ་ནི། །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་པའི་རྟགས། །ཤངས་ནས་ཞག་མ་པ། །གནོད་བྱེད་གདུག་པ་ཅན་རྣམས་ཉུལ་བའི་རྟགས། །ཞལ་དུ་མི་རོ་ཧྲིང་པ་བཅུག་པ་ནི། །དམ་ཉམས་དགྲ་བོ་ཞལ་དུ་གསོལ་བའི་རྟགས། །རྣོ་གདུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །དགྲ་བགེགས་ཤ་ལ་ཆེམ་ཆེམ་གསོལ་བའི་རྟགས། །ཕྱག་གཡས་གཅོད་པའི་རལ་གྲི་ཕྱར་བ་ནི། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་རྟགས། །འོག་མས་ཐོད་ཁྲག་དམར་བསྐྱིལ་གསོལ་བ་ནི། །སྲིད་གསུམ་ཤ་ཁྲག་ཞལ་དུ་སྟོབ་པའི་རྟགས། །ཕྱག་གཡོན་ཤཀྟིའི་མཚོན་ཆ་འཛིན་པ་ནི། །ལྷ་མ་ཡིན་གྱིས་དམག་དཔུང་སྒྲོལ་བའི་རྟགས། །འོག་མས་ཏྲི་ཤུལ་དར་དཔྱང་ཕྱུར་བ་ནི། །བདུད་དཔུང་རྣམས་ཀྱིས་རྒྱལ་མཚན་བསྙེལ་བའི་རྟགས། །རུས་པའི་རྒྱན་ཆ་ལྔ་ཡིས་མཛེས་པ་

p. 276

ནི། །བདེ་གཤེགས་རིགས་ལྔ་རྣམ་པར་དག་པའི་རྟགས། །ཐལ་ཆེན་ཚོམ་བུས་སྐུ་ལ་བྱུག་པ་ནི། །སྟོང་ཉིད་ཆོས་སྐུའི་དོན་དང་ལྡན་པའི་རྟགས། །ཁྲག་གི་ཐིག་ལེས་སྐུ་ལ་བརྒྱན་པ་ནི། །ཐུགས་རྗེའི་དོན་དམ་བཅུད་ལ་རྔམས་པའི་རྟགས། །གླང་ཆེན་ཀོ་རློན་སྟོད་དུ་གསོལ་བ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས། །སྨད་ནི་བ་གླང་ཀོ་རློན་གསོལ་བ་ནི། །གཏི་མུག་མུན་པའི་ཚོགས་རྣམས་འཇོམས་པའི་རྟགས། །རེ་ལྡེ་སེར་པོའི་དབུ་ལ་ཤམ་བུ་བཏགས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི་རྟགས། །ཀླུ་ཆེན་བརྒྱད་ཀྱིས་སྐ་རགས་བྱས་པ་ནི། །ཀླུ་རིགས་ཐམས་ཅད་དབང་དུ་སྡུས་པའི་རྟགས། །ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ནི། །ལྷ་མིན་ཚོགས་རྣམས་སྐྲག་པར་བྱེད་པའི་ཕོརྟགས་། །ལྟེ་བའི་ཐད་ནས་ཉི་མ་འཆར་བ་ནི། །ཉོན་མོངས་མ་རིག་མུན་པ་སེལ་བའི་རྟགས། །ལྕགས་སྒྲོག་འབར་བས་ཞབས་ལ་འཁྲིལ་བ་ནི། །འདོད་ཁམས་འདུལ་བའི་དབང་དང་ལྡན་པའི་རྟགས། །བོང་བུ་གྲྭ་པ་ཆིབས་སུ་བཅིབས་པ་ནི། །གཏི་མུག་དོན་དམ་ཆོས་ཉིད་བསྲེ་བའི་རྟགས། །ཕྱི་སྟེང་མིག་གིས་ཕྱོགས་བཅུར་གཟིགས་པ་ནི།

p. 277

གནོད་བྱེད་གང་ན་འདུག་ཀྱང་འགུགས་པའི་རྟགས། །ཞིང་ཆེན་ལྤགས་པས་སྒ་སྟན་བྱས་པ་ནི། །ཆོས་ཉིད་ཡང་དག་དོན་དང་ལྡན་པའི་རྟགས། །ཞིང་ཆུང་ལྤགས་པས་སྒ་ཤལ་བྱས་པ་ནི། །སངས་རྒྱས་བསྟན་པའི་གནོད་པ་བཟློག་པའི་རྟགས། །སྲིན་པོའི་ཐོད་པས་སྒྲ་རུ་བྱས་པ་ནི། །བདུད་དང་སྲིན་པོ་ཟིལ་གྱིས་གནོན་པའི་རྟགས། །སྦྲུལ་ནག་སྟོང་གིས་གོང་སྨད་བྱས་པ་ནི། །ཉམས་པ་ཅན་གྱི་མཛེ་ནད་གཏོང་བའི་རྟགས། །སྲིན་མོའི་ཐོད་པ་གོང་ལ་བཏགས་པ་ནི། །མ་མོ་སྲིན་མོ་ལས་ལ་འགྱེད་པའི་རྟགས། །ནད་ཀྱི་རྐྱལ་པ་སྨད་ལ་བཅིངས་པ་ནི། །དགྲ་བོའི་ཡུལ་དུ་ནད་རིམས་གཏོང་བའི་རྟགས། །མེ་དཔུང་འབར་བའི་དབུས་ན་བཞུགས་པ་ནི། །ཡེ་ཤེས་ཆེན་པོས་རྣམ་རྟོག་བསྲེག་པའི་རྟགས། །རླུང་ནག་འཚུབ་མ་ཕྱོགས་བཅུར་འཁྱིལ་བ་ནི། །ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས་པའི་རྟགས། །ནག་མོ་འབུམ་ཕྲག་བྲན་དུ་གཞོལ་བ་ནི། །དགྲ་བགེགས་གང་ཡིན་ཆམ་ལ་འབེབ་པའི་རྟགས། ། བྷྱོཿ འཇིགས་གཟུགས་ཁྲག་འཐུང་ལྷ་མོ་དུད་སོལ་མ། །ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་ལ། །ཏཱཾ་ས་རཀྟ་

p. 278

ཙིཏྟས་བརྒྱན་པ་ཡི། །དམར་གྱི་གཏོར་མས་ཁྱེད་ཀྱི་ཐུགས་དམ་བསྐང་། །བྷ་ལི་མཆོད་པར་བཞེས་ཤིག་དམ་ཚིག་ཅན། །།གསོལ་ཅིག་བཞེས་ཤིག་ཆོས་སྐྱོང་སྲུང་མའི་ཚོགས། །འཁོར་གྱི་ཚོགས་རྣམས་ཕོ་ཉར་ད་ཐོངས་ཤིག །བསྟན་པ་བཤིགས་པའི་དགྲ་བགེགས་རྡུལ་དུ་རློགས། །མ་གཅིག་སྐུ་ལས་མེ་འབར་རྒྱ་མཚོ་སྐེམ། །ཕྱག་ནི་འཇིགས་པའི་མཚོན་ཆས་རི་རབ་བསྙིལ། །དབུ་སྐྲ་རལ་པ་འཐིབས་པས་སྟོང་གསུམ་འགེང་། །ཞལ་དུ་མི་ཤ་རློན་པ་རྟག་ཏུ་གསོལ། །ལྗགས་ལ་ཁྲག་གི་རྒྱ་མཚོ་རྟག་ཏུ་འཁྱིལ། །གསུང་ནི་འབྲུག་ལྕོགི་སྒྲ་ལྟར་ཕྱོགས་བཅུར་སྒྲོག །བདག་གིས་ཁྱེད་ལ་བསྟོད་པ་འབུལ་ལགས་ན། །བསྟན་པ་སྲུང་བའི་ལས་འདི་མྱུར་དུ་སྒྲུབས། །ལྷ་མོའི་རྟགས་བསྟོད་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའོ། །བྷྱོ༔ དུར་ཁྲོད་རབ་འཇིགས་འབར་བའི་དཀྱིལ་འཁོར་ནས། །ཀེང་རུས་གསར་རྙིང་ཚོགས་ནི་རི་ལྟར་སྤུང་། །བྷནྡྷ་མང་པོའི་ཚོགས་ནི་རྫ་ལྟར་ལྷགས། །ཙིཏྟ་མང་པོའི་ཚོགས་ནི་འབྲུ་ལྟར་བསྐྱིལ། །རཀྟ་མང་པོའི་ཚོགས་ནི་མཚོ་ལྟར་འཁྱིལ། །ཞིང་ཆེན་གསར་རྙིང་ཚོགས་ནི་སྤྲིན་ལྟར་གཏིབས། །མཁའ་འགྲོ་མང་པོའི་ཚོགས་ནི་སྐར་

p. 279

ལྟར་འཁྲུགས། །བདུད་དང་གཤིན་རྗེའི་ཚོགས་ནི་བྲན་དུ་ཁོལ། །མ་སྲིང་བྱམས་པའི་ཚོགས་ནི་གཤེགས་སུ་གསོལ། །དམར་ཆེན་ཁྲག་ལ་རོལ་ཏེ་མཆོད་པར་བཞེས། །རུས་ཆེན་རྐང་ལ་རོལ་ཏེ་མཆོད་པར་བཞེས། །སྣུམ་ཆེན་ཚིལ་ལ་རོལ་ཏེ་མཆོད་པར་བཞེས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨོཾ་རུ་རུ་རོ་རུ་བྷི་ཏི་ཏ་བྷ་ཏོ་སི་ཀ་མ་ལ་རཀ་སིདྡྷི་ཧཱུྃ་བྷྱོ་ཨོ་ཨེ་ཨ་ར་ལི་ཧཱུྃ་ཛཿཛཿ ཧོ༔ གསན་ཅིང་དགོངས་སུ་གསོལ་ལོ། །ལྷོ་ཕྱོགས་གཤིན་རྗེ་གནས་པའི་དུར་ཁྲོད་ནས། །ཙིཏྟ་རིན་ཆེན་བ། གུར་ཕུབ་གཞལ་ཡས་ཁང་། །སྣང་གསལ་ཉི་ཟླ་འབར་བའི་གདན་སྟེང་ན། །ཐོད་མཁར་མེ་རླུང་འཚུབ་པའི་གཞལ་ཡས་ཁང་། །གྲུ་གསུམ་མཐིང་ནག་འབར་བའི་གདན་སྟེང་ན། །ཤྲཱི་མ་ཧཱ་ཀཱ་ལི། ཁྲག་འཐུང་གི་རྒྱལ་མོ་དུད་པའི་སོལ་བ་མ། འཁོར་ཤན་པ་མ་གསུམ། རིགས་བཞིའི་མཁའ་འགྲོ། མ་མོ་བརྒྱད། ཕྲ་མེན་མ་བརྒྱད། ཉམས་པའི་ཤ་ཁྲག་ལ་ཟ་བར་བྱེད་པའི་སྒོ་མ་བཞི། ལས་བྱེད་ཀྱི་མཁའ་འགྲོ་མ་ནག་མོ་བྱེ་བ་འབུམ་སྡེ། དཀར་མོ་འབུམ་སྡེ། །སེར་མོ་འབུམ་སྡེ། དམར་མོ་འབུམ་སྡེ། ལྗང་མོ་

p. 280

འབུམ་སྡེ། ཤ་ཟ་དང་། ནམ་གྲུའི་རིགས་དང་། སྲིན་མོ་དང་གནོད་སྦྱིན་དཔག་ཏུ་མེད་པ་དང་། རི་རབ་ཀྱི་ངོས་དང་རྒྱ་མཚོའི་གཏིང་དང་བར་སྣང་གི་ཁམས་ལ་གནས་པའི་དམོད་པའི་མཚོན་ཆ་ཅན་རྣམས་དང་། མ་བདུན་དཔོན་གཡོག་མ་བདུན་སྲིང་བཞི། དུས་བཞིའི་ཞགས་ཐོགས། གཤིན་རྗེའི་ཞགས་ཐོགས། དཔལ་ལྡན་དམར་སེར། དཔལ་ལྡན་དུང་མགྲིན། སྤྲུལ་པ་དམར་སྐྱ་རྣམ་པར་འཕྱང་མ། ཚོགས་ཀྱི་ཕྱག་ཚང་། ཚོགས་ཀྱི་ཉུ་ལེ། ལྷག་ཕུད་ཉུལ་བྱེད་གཏུམ་མོ་ཛ་ཏི་ལ་སོགས་པ་དམོད་པའི་མཚོན་ཆ་ཅན་རྣམས་དང་། ཡེ་ཤེས་དང་འཇིག་རྟེན་ལས་ཀྱི་མཁའ་འགྲོའི་ཚོགས་དང་། ལས་ཀྱི་རེ་མ་ཏི་དྲེའུ་རྐང་གསུམ་ཅན་དང་། ཆུ་སྲིན་གྱི་གདོང་ཅན་མ་དང་། བ་ལམ་དྲིལ་སྣ་མ་དང་ཁྲི་སྨན་སི་ལེ་མ་དང་། མ་ཧེའུ་མགོ་ཅན་མ་དང་། བརྟན་མ་བཅུ་གཉིས། ཡ་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས་དང་། སྲིད་པའི་མ་མོ་སྟོང་དང་། ལས་ཀྱི་སྲིན་མོ་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ། དཔལ་ལྡན་ལྷ་མོ་དཔོན་གཡོག་འཁོར་དང་བཅས་པ། བསྟན་པ་སྤྱིའི་བཀའ་སྲུང་། ཆོས་འཁོར་ཡོངས་ཀྱི་སྲུང་མ། དམ་ཉམས་གྱི་སྲོག་

p. 281

གཅོད། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། སངས་རྒྱས་ཀྱི་བསྟན་འཛིན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ། ཡང་སྤྲུལ་འཁོར་དང་བཅས་པ་ཁྱེད་རྣམས་ལ། བདག་ཅག་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་འབུལ་བ་ནི། མ་ཧཱ་མཱ་ས། མ་ཧཱ་རཀྟ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་བ་སུ་ཏ། མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་སོགས་པ་མཆོད་པའི་ཚོགས་ཡོ་བྱད་བསམ་གྱིས་མི་ཁྱབ་པ་འདི། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས་ལ། གསོལ་ལོ། །མཆོད་དོ། །འབུལ་ལོ། །མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི། །ཨི་དཾ་བྷ་ལིཾ་ཏ་ཧཱུྃ་ཧ་ན། ཤྲཱི་ཧ་ན་ས་མ་ཡ་ཧཱུྃ་ཕཊ༔ མཉེས་རབ་ཀྱི་ཕུད། དགྱེས་རབ་ཀྱི་མཆོད་པ་དམ་པ་མཛོད། རྣལ་འབྱོར་པ་བདག་གིས་དཔུང་འཁོར་དང་བཅས་པ་འདི་བསྟན་གྱི་གཉེར་གཏད་གྱིས། མཉེས་པའི་བསྟེན་རྫས་འདི་རྣམས་ལ་བཞུགས་ལ། ཇི་སྲིད་བསྟན་པ་འདི་གནས་ཀྱི་བར་དུ། སངས་རྒྱས་ཀྱི་བསྟན་པ་གཉན་པོ་འདི་སྲུངས་ཤིག །དཀོན་

p. 282

མཆོག་གི་ཆེ་བ་ཕྱུངས་ཤིག །དཔལ་ལྡན་བླ་མ་དམ་པའི་ཕྲིན་ལས་སྒྲུབས་ཤིག །སེམས་ཅན་གྱི་བདེ་སྐྱིད་སྤེལ་ཅིག །ཁྱད་པར་དུ་སྔགས་འཆང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱིས་བདུད་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛོད་ཅིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པར་མཛད་དུ་གསོལ། ལྷ་དང་མི་ལ་སོགས་པ་ཐམས་ཅད་དབང་དུ་བསྡུ་བར་མཛད་དུ་གསོལ། བདག་ཅག་རྣམས་ཀྱིས་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པ་ནད་ཀྱི་རིགས་བཞི་བརྒྱ་རྩ་བཞི་ཞི་བར་མཛད་དུ་གསོལ། གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གདོན་དང་། རྒྱལ་པོའི་གདོན་ལ་སོགས་པ། གདོན་རིགས་བརྒྱད་ཁྲི་བཞི་སྟོང་གི་གནོད་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། ལྟས་ངན་པ་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་བཟློག་པའི་ཕྲིན་ལས་མཛོད་ཅིག །གྲོགས་གྱིས། མཐུན་རྐྱེན་

p. 283

སྒྲུབས། སྔོན་ནས་སུས། ཕྱི་ནས་སྐྱོལ། བསམ་པ་ཐམས་ཅད་སྒྲུབས་ཤིག །གཞན་ཡང་དངོས་གྲུབ་ཏུ་གསོལ་བ་ནི། སྐུའི་ཞལ་མངོན་སུམ་དུ་མཐོང་བར་བསྟན་དུ་གསོལ། གསུང་གི་སྒྲ་ཐོས་པར་མཛད་དུ་གསོལ། ཐུགས་མཉམ་པ་ཉིད་མི་རྟོག་པའི་ཡེ་ཤེས་འཆར་ཞིང་། ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་པར་མཛད་དུ་གསོལ། ཕྲིན་ལས་ཀྱི་སྒོ་ནས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། བདག་གིས་བྱིན་པའི་ཟས་ཟོ། ཕུལ་བའི་ཕུད་འཐུང་། མངག་པའི་ལས་གྱིས། རྦད་པའི་འདྲེ་སོད། བསྒྲུབ་པའི་རྟགས་ཐོན། བཅོལ་བའི་ཕྲིན་ལས་མཛོད། སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུངས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་ཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་སྔོན་དཔལ་ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཅིང་། ཟབ་མོའི་ཆོས་ལ་འཚེ་བ། དགེ་འདུན་གྱི་དཀོར་ལ་རློམ་ཞིང་། བདག་ཅག་སྒྲུབ་པ་པོ་ལ་བར་

p. 284

དུ་གཅོད་པར་བྱེད་པའི་དགྲ་བོ་འདི་བཞེས་ལ་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕོབ་ཅིག །བཞི་བརྒྱ་རྩ་བཞིའི་ནད་ཁོང་ནས་སློངས་ཤིག །སྔོན་རྒྱུག་བདུད་དང་སྤྱོད་ཅིག །དཔྲལ་བའི་མིག་ཕུད་ཅིག །ཁོག་པའི་སྙིང་ཕྱུང་ཞིག །ལོ་ཟླ་དུས་ལས་མ་འདའ་བར་མྱུར་དུ་སྒྲོལ་ཅིག །གནོད་པར་བྱེད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་དྲག་པོའི་ལས་ཀྱིས་ཐལ་བ་རྡུལ་དུ་རློགས་ཤིག །ཁྱད་པར་བདག་ལ་སྡང་བའི་དགྲ་བོ་འཁོར་དང་བཅས་པ་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད་ཅིག །དེ་ལྟར་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཆོད་པ་དང་བསྟོད་པ་བྱས་པའི་སྒོ་ནས་དེ་ཁོ་ན་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་གསོལ་བ་བཏབ་པས་དེ་ལྟར་བགྱིའོ། །ཞེས་འཁོར་དང་བཅས་པས་ཁས་བླངས་པར་བསམ། དེ་ནས་བསྐང་བ་ནི་ལོགས་སུ་མི་དགོས་གཏོར་མདོས་ཉིད་ལ་བསྐང་འབྲས་བཙུགས་ཡོད་པས་དེ་གསོ་བྲན་བྱས་ལ། ཨོཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བསྐང་རྗེས་ཀྱི་ཁ་དོག་དྲི་རོ་ངན་པ་ཐམས་ཅད་བསལ་ཏེ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། མཁའ་ལྡིང་ཤེལ་སྒོང་རྩ་ར་ཤ་ཁྲག་དང་། །ཚིལ་ཆེན་གསུར་དང་སྣང་

p. 285

གསལ་རྐང་དུང་དང་། །བོང་བུ་རེ་ལྡེ་གླང་ཆེན་བྱ་ནག་སྙིང་། །ཚོགས་དང་གཏོར་མས་མཁའ་འགྲོའི་ཐུགས་དམ་བསྐང་། །ལྷ་མོ་དུད་སོལ་སྐུ་མདོག་ཆར་སྤྲིན་མདོག །ཐོད་ཁྲག་རལ་གྲི་མདུང་དང་ཏྲི་ཤུ་ལ། །བསྟན་པའི་བར་ཆད་བསྒྲལ་ཕྱིར་ཕྱག་ན་བསྣམས། །བསྟན་སྲུང་ཞལ་བཞེས་ལྷ་མོའི་ཐུགས་དམ་བསྐང་། །ལན་བུ་གཡོན་འཁྱིལ་ཐོད་སྤྲུལ་དར་ནག་བརྒྱན། །ཐོད་ཕྲེང་ཀོ་རློན་རེ་ལྡེ་སྦྲུལ་གྱིས་བརྒྱན། །ཀེང་རུས་ལུས་ཅན་ཁྲག་དང་ཞག་གིས་བརྒྱན། །དུར་ཁྲོད་བརྒྱན་ལྡན་ལྷ་མོའི་ཐུགས་དམ་བསྐང་། །མི་རོ་ཁར་བཅུག་མཆེ་གཙིགས་སྤྱན་རྩ་དམར། །ཞབས་ནི་ལྕགས་སྒྲོག་གིས་བརྒྱན་བོང་བུ་བཅིབས། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟར་སྒྲོག་།དམ་ཅན་སྐྱོང་མཛད་ལྷ་མོའི་ཐུགས་དམ་བསྐང་། །རྟག་གཏོར་རྒྱུན་གཏོར་བདུད་རྩི་མདའ་དར་དང་། །བྱ་ནག་སྙིང་དང་གསུར་ཆེན་རཀྟ་དང་། །ཞུ་ཆེན་མར་མེ་བོང་བུ་གཟུངས་སྔགས་དང་། །མི་རྐང་གླིང་བུ་ཤ་ཁྲག་གཏོར་མ་ཡི། །ལྷ་མོ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བདུད་མོ་བཞི་དང་ཕྲ་མེན་སྒོ་མ་བཞི། །དུར་ཁྲོད་བདག་མོ་མ་མོ་མཁའ་

p. 286

འགྲོ་བརྒྱད། །མཐུན་རྫས་ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་མ་གཡེལ་བུ་བཞིན་བརྩེར་དགོངས་ལ། །བསྟན་པ་སྲུངས་ལ་བར་ཆད་རྐྱེན་ངན་ཟློག ། དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །མཐོལ་བཤགས་བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ། །དུད་སོལ་ལྷ་མོའི་བསྐང་བ་ཀརྨ་པཀཱིས་མཛད་པའོ། །སྐབས་འདིར་རྒྱས་པར་སྤྲོ་ན་མ་མོའི་འཁྲུགས་བསྐང་ལྷ་མོའི་མདངས་བསྐོང་སོགས་བྱའོ། །ལྷ་མོའི་ཁྲག་བཟློག་འདི་ནི་ངེས་པར་སྦྱར་རོ། བྷྱོཿ དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱིས། །བསྟན་པ་སྲུང་བར་མངའ་གསོལ་བའི། །ཆོས་སྐྱོང་སྲུང་མ་དུད་སོལ་མ། །ཁྱོད་ཀྱི་ཐུགས་དམ་གཉན་པོ་ནི། །རིག་འཛིན་རྣལ་འབྱོར་བདག་གིས་བསྐང་། །དམ་ཅན་སྲུང་མ་འདིར་བྱོན་ཟཅིག །རྣལ་འབྱོར་དགྲ་བླ་འདིར་བྱོན་ཅིག །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོ་ཐུགས་དམ་བསྐང་། །བསྒྲུབ་པའི་དམ་རྫས་ཡིན་པའི་ཕྱིར། །རྟག་གཏོར་ཆེན་པོའི་ཐུགས་དམ་བསྐང་། །མ་དང་མི་འབྲལ་འགྲོག་པའི་ཕྱིར། །རྒྱུན་གཏོར་ནར་མས་ཐུགས་དམ་བསྐང་། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་

p. 287

གྱི་ཐུགས་དམ་བསྐང་། །རྟེན་པའི་དམ་རྫས་ཡིན་པའི་ཕྱིར། །དགྲ་བགེགས་ཤ་དང་ནལ་བུའི་ཤ། །ཚྭ་སའི་བྱེ་བྲག་དཔག་མེད་ཀྱིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ར་ནག་ཁྲག་དང་བྱ་ནག་ཁྲག །དགྲ་བགེགས་ཤ་ཁྲག་ལ་སོགས་པའི། །རཀྟའི་རྒྱ་མཚོའི་ཐུགས་དམ་བསྐང་། །དགྲ་བགེགས་གསུར་ལ་སྣོམ་པའི་ཕྱིར། །ཚིལ་ཆེན་དུད་པས་ཐུགས་དམ་བསྐང་། །ཆུ་དང་ཐང་སྐྱེས་མེ་ཏོག་དང་། །ཙནྡན་ཨ་ག་རུ་ཡི་སྤོས། །དྲི་བཟང་སྦྱར་བའི་ཡོན་ཆབ་ཀྱིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གྲོ་ནས་འབྲས་ཀྱི་བཤོས་གཙང་དང་། །འབྲུ་རྩི་ཞུན་ཆེན་སྣང་གསལ་གྱི། །ཕྱི་ཡི་མཆོད་པ་རྣམ་ལྔ་ཡིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་པ། །རོ་མངར་རེག་བྱ་འཇམ་པ་ཡིས། །འདོད་པའི་ཡོན་ཏན་རྣམ་ལྔ་ཡིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །མི་རྟ་གླང་སོགས་ཤ་ལྔ་དང་། །བྱང་སེམས་རཀྟ་གཞུངས་པ་དང་། །བདུད་རྩི་ལྔ་ལ་སོགས་པ་ཡི། །གསང་བའི་མཆོད་པས་ཐུགས་དམ་བསྐང་། བཟའ་

p. 288

བའི་དམ་ཚིག་གསོ་བའི་ཕྱིར། །བཤོས་གཙང་དམར་གྱིས་བརྒྱན་པ་དང་། །ཤ་ཆང་ཁུར་བ་སྒོག་ཙོང་སོགས། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་། །ཕྱི་ཡི་རྟེན་རྫས་ཡིན་པའི་ཕྱིར། །བོང་བུ་གྲྭ་དམར་ལུག་ནག་དང་། །དར་ནག་བ་དན་མདའ་དར་གྱིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །ནང་གི་རྟེན་རྫས་ཡིན་པའི་ཕྱིར། །རྨ་བྱ་ནོར་བུ་རྒྱལ་མཚན་དང་། །ནལ་བུའི་རྒྱལ་མཚན་བྷནྡྷ་ཡིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གསང་བའི་རྟེན་རྫས་ཡིན་པའི་ཕྱིར། །ཨ་མྲྀ་ཏ་དང་མྱོས་བྱེད་བཅུད། །གྲི་སྙིང་དགྲ་བགེགས་ནལ་བུའི་སྙིང་། །ཙིཏྟ་སྙིང་གི་ཐུགས་དམ་བསྐང་། །སྐུ་ཡི་རྟེན་རྫས་ཡིན་པའི་ཕྱིར། །བླུག་སྐུ་བཏག་སྐུ་བྲིས་སྐུ་དང་། །དར་སྐུ་སྐུ་འབག་ལ་སོགས་ཀྱི། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གསུང་གི་རྟེན་རྫས་ཡིན་པའི་ཕྱིར། །རྔ་དང་ཟོམ་རྔ་རྔ་ཆེན་དང་། །མཁར་རྔ་དུང་དང་ཆ་ལང་དང་། །གདུང་བའི་དབྱངས་ཀྱིས་ཐུགས་དམ་བསྐང་། །དམ་ཚིག་གཉན་པོ་བསྐང་བའི་ཕྱིར། །དམ་ཚིག་དྲིལ་བུས་ཐུགས་དམ་བསྐང་། །ཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །ཅང་ཏེའུ་སྒྲ་ཡིས་

p. 289

ཐུགས་དམ་བསྐང་། །འཇིག་རྟེན་དབང་དུ་སྡུད་པའི་ཕྱིར། །གསང་བ་རྗེལ་ཆུང་ཐུགས་དམ་བསྐང་། །ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །ཕྱག་རྒྱ་ལྔ་དང་ཏིང་འཛིན་དང་། །སྙིང་པོ་འཛབ་ཀྱིས་བཟླས་པ་ཡིས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བྷྱོ༔ གཞན་ཡང་ཐུགས་དམ་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་ཡིས། །འགུགས་བྱེད་མ་དང་གསོད་བྱེད་མ། །ལས་མཁན་རྣམས་ཀྱི་ཐུགས་དམ་བསྐང་། །ཕྲིན་ལས་རྣམ་བཞི་འགྲུབ་བྱེད་པའི། །མཁའ་འགྲོ་བཞི་ཡི་ཐུགས་དམ་བསྐང་། །དགྲ་བགེགས་མ་ལུས་སྒྲོལ་བྱེད་པའི། །གདོང་ཅན་རྣམས་ཀྱི་ཐུགས་དམ་བསྐང་། །ཉམས་པའི་ཤ་ཁྲག་ཟ་བྱེད་པའི། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །དྲག་པོའི་ལས་ལ་དགྱེས་པའི་ཕྱིར། །ནག་མོ་འབུམ་གྱི་ཐུགས་དམ་བསྐང་། །གཞན་ཡང་སྤྲུལ་པའི་ཕོ་ཉ་ནི། །དཀར་མོ་སེར་མོ་དམར་མོ་དང་། །ལྗང་ནག་ལ་སོགས་འབུམ་སྡེའི་ཚོགས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བདུད་ཀྱི་དམག་དཔུང་བཟློག་པའི་ཕྱིར། །ཡང་སྤྲུལ་བྱེ་བའི་ཐུགས་དམ་བསྐང་། །མཉེས་པའི་རྟེན་དང་མ་ཉམས་

p. 290

ཕུད། །ཚོགས་དང་གཏོར་མ་རྒྱ་ཆེན་འདིས། །འདོད་ཁམས་མ་མོ་ཀུན་གྱི་གཙོ། །འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །དེ་ལྟར་ལྷ་མོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །མཁའ་འགྲོའི་ཉམས་ཆག་བྱུང་བ་བསྐང་། །འཇིག་རྟེན་མཁའ་འགྲོའི་གནོད་པ་ཟློག །མ་མོའི་དལ་ཡམས་བྱུང་བ་ཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་ཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །བནྡྷེའི་བྱད་ཁ་སླར་ལ་སྒྱུར། །སྡེ་བརྒྱད་གནོད་པ་ཐམས་ཅད་ཟློག །གཞན་གྱི་རྦད་འདྲེ་ཕུར་ཁ་སྒྱུར། །རྨིས་ལྟས་མཚན་མ་ངན་པ་སྒྱུར། །ལོ་སྐག་ཟླ་སྐག་ཐམས་ཅད་སྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བ་རྡུལ་དུ་རློགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་ཚིག་ཉམས་པ་བསྐང་གྱུར་ཅིག །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཚེ་དང་དབང་ཕྱུག་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལེགས་དང་

p. 291

སྤྱོད་ལ་ཉེས་དང་བསྣོལ། །མཐུ་སྟོབས་བསྐྱེད་ལ་དཔུང་གཉེན་མཛོད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཉིན་དང་མཚན་དུ་བྱ་ར་མཛོད། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་ནི་ཁྱེད་ཀྱིས་འགྲུབ་པར་མཛོད། །དེ་ནས་བཤགས་པ་བྱ་བ་ནི། ཧཱུཾ་བྷྱོ༔ འགྲོ་བའི་དོན་དུ་སྐུ་མཆོག་འཇིགས་པ་ཆ་ལ། །མ་ལུས་ཁྱབ་དང་རྒྱུ་ནི་གསལ་མཛད་པའི། །ང་རྒྱལ་དྲེགས་པ་ཅན་རྣམས་འཇོམས་མཛད་མ། །ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །འདའ་ཀ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །སྲུང་མར་དམ་བཅས་སྐུ་ཡི་དམ་ཚིག་ལ། །སྐུ་ཡི་སྤྱོད་པ་ཚུལ་བཞིན་མ་རྟོགས་ཏེ། །ཁམས་གསུམ་ཁྱབ་པའི་སྐུ་ལ་བཟོད་པར་གསོལ། །རྣལ་འབྱོར་གདུང་འཚོབ་བདག་ཅག་འདིར་འདུས་རྣམས། །སྤྱི་དང་ཁྱད་པར་དམ་ཚིག་མི་གཏོང་ཡང་། །ཀློང་དུ་མ་གྱུར་གོམས་ཤེས་རྩལ་ཆུང་བས། །མ་གཅིག་ལྷ་མོའི་སྐུ་ལ་བཟོད་པར་གསོལ་།ཐུགས་རྗེས་ངེས་པར་གཟིགས་པའི་ལྷ་མོ་ལ། །དམ་རྫས་གཙང་མའི་མཆོད་པ་བཤམ་པ་སྟེ། །འཕངས་སེམས་དབང་གིས་མཆོད་པ་རྒྱུན་ཆུང་བ། །རྫོང་མོ་བཀའ་

p. 292

བཟློག་སྐུ་ལ་བཟོད་པར་གསོལ། །མ་གཅིག་སྐུ་མདོག་ཕྱག་མཚན་ཕྱག་རྒྱ་ལ། །དོན་དང་མཐུན་པར་ཚུལ་བཞིན་མ་བྲིས་ཏེ། །འཕགས་པའི་ཐུགས་རྗེ་གཡེལ་བར་གྱུར་པ་རྣམས་། །བདུད་ལས་རྒྱལ་བའི་སྐུ་ལ་བཟོད་པར་གསོལ། །བུ་ཡི་ཚུལ་གྱིས་བསྲུང་རྒྱུའི་དམ་ཚིག་ལ། །ལེ་ལོ་གཉིད་དབང་གཡེང་བའི་གཏམ་ལ་སོགས། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །ཐུགས་རྗེ་ཆེན་པོའི་ཚངས་པར་བསྩལ་དུ་གསོལ། བྷྱོཿ ཐོད་པ་དགུ་བརྩེགས་སྲིད་པའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་གསན་ཅིང་དགོངས་སུ་གསོལ། །རང་ལ་རིག་པ་ཡེ་ཤེས་རྒྱུ་ལྡན་ཡང་། །།འཕྲལ་བྱུང་གཡུལ་བཟློག་ཤིན་ཏུ་དབང་ཆེ་ཡང་། །ལོག་རྟོག་མཚན་མ་གཉིས་ཀྱི་དབང་གྱུར་ནས། །ཏིང་འཛིན་ཡི་དམ་རྩེ་གཅིག་མ་གསལ་ཞིང་། །དཔལ་ལྡན་ལྷ་མོའི་སྐུ་ལ་འདས་གྱུར་པ། །བཟོད་པར་གསོལ་ལོ་ཚངས་པའི་དངོས་གྲུབ་སྩོལ། །འབད་པ་རྩལ་ཆུང་བཟླས་བརྗོད་བསྙེན་པ་ཆག །མན་ངག་གཞུང་དང་འགལ་བ་བཟོད་པར་གསོལ། །འཆད་པ་མང་བས་གསང་བའི་ཚིག་མ་ཐུབ། །ཟབ་མོའི་དོན་ལ་འགལ་བ་བཟོད་པར་གསོལ། །ཐལ་མོ་

p. 293

རྔ་གླིང་དུས་སུ་མ་ཚོགས་ཏེ། །བརྡ་ཡི་མཆོད་པ་ཆག་པ་བཟོད་པར་གསོལ། །བདུད་ཡུམ་ཡེ་ནས་མནག་པའི་ཚུལ་སྟོན་ཡང་། །བློ་གསལ་དོན་མ་རྟོགས་པ་བཟོད་པར་གསོལ། །འབྱོར་པ་ཡེ་ནས་ལྷ་མོའི་ཆོས་སྤྱད་ཡང་། །འབྱོར་པའི་མཆོད་པ་ཆག་པ་བཟོད་པར་གསོལ། །བོང་བུ་ཡེ་ནས་ལྷ་མོའི་ཆིབས་ཡིན་པས། །མ་བསྟེན་བརྡེག་པར་གྱུར་པ་བཟོད་པར་གསོལ། །གཤིན་རྗེ་ཡེ་ནས་ལྷ་མོའི་ཁྱོ་ཡིན་པས། །ངན་སེམས་གཤེ་སེམས་སྐྱེས་པ་བཟོད་པར་གསོལ། །རླུང་ནག་ཡེ་ནས་ལྷ་མོའི་སྤྲུལ་ཡིན་ཡང་། །ངན་པའི་སེམས་ཀྱིས་སྨད་པ་བཟོད་པར་གསོལ། །ལེ་ལོའི་སྙོམས་ལས་གྱུར་པ་བཟོད་པར་གསོལ། །མཆོད་པ་ལོ་ཟླར་འདས་པ་བཟོད་པར་གསོལ། །ཞག་དང་ཞག་དུས་ཆག་པ་བཟོད་པར་གསོལ། །ཉ་སྟོང་དུས་དྲུག་ཆག་པ་བཟོད་པར་གསོལ། །སྔོན་ནས་རང་གི་བག་ཆགས་མ་བཟང་པོས། །དམ་རྫ་ས་བརྟུལ་ཞུགས་ཆུང་བ་བཟོད་པར་གསོལ། །སྔོན་ལས་སེར་སྣའི་དབང་དུ་གྱུར་ལགས་ན། །ཚོགས་ལ་གཡོ་སྒྱུ་ཞུགས་པ་བཟོད་པར་གསོལ། །སྔོན་ནས་ཤིན་ཏུ་གསང་དབང་མ་ཐོབ་པས། །འདོད་

p. 294

ཆགས་ཆོས་ལ་སྤྱོད་པ་བཟོད་པར་གསོལ། །བརྟུལ་ཞུགས་ལྟ་བ་ཟབ་མོ་མ་རྟོགས་པས། །རྣམ་སྨིན་མཐོང་ནས་མ་བསྒྲལ་བཟོད་པར་གསོལ། །ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་ནས། །ཕུད་དང་ལྷག་མ་མ་ཕྱིར་བཟོད་པར་གསོལ། །ཞེ་སྡང་དབང་ལས་ང་རྒྱལ་འདྲེས་གྱུར་པས། །རྡོ་རྗེ་ནང་དམེ་བྱས་པ་བཟོད་པར་གསོལ། །ང་རྒྱལ་དབང་ལས་ཕྲག་དོག་འདྲེས་གྱུར་པས། །སློབ་དཔོན་སྐུ་ལ་བསྡོས་པ་བཟོད་པར་གསོལ། །སྔོན་ནས་རང་སེམས་ལྟ་བ་སྤང་སྔས་པས། །རྣལ་འབྱོར་ཉེ་ཕྱོགས་བྱས་པ་བཟོད་པར་གསོལ། །ལྟ་སྤྱོད་ཟབ་མོའི་མན་ངག་མ་རྟོགས་པས། །བློ་ཡི་ཁུ་འཁྲིག་བྱས་པ་བཟོད་པར་གསོལ། །ལྟ་བ་དྲོད་ཀྱི་མན་ངག་མ་རྟོགས་པས། །ཉམས་ཀྱི་དྲོད་མ་སྐྱེས་པ་བཟོད་པར་གསོལ། །ཨོཾ་ཡེ་ཤེས་ལྷ་དང་ལྷ་མོ་མི་ཕམ་བདག །དང་པོ་སྒྲུབ་དང་བསྒྲུབ་ཏུ་བྱས་ནས་ནི། །མཐུན་པའི་དམ་རྫས་གཞུང་བཞིན་མ་འཚོགས་པས། །དཔལ་ལྡན་ལྷ་མོའི་ཐུགས་དང་འགལ་གྱུར་ཏེ། །བཀའ་ཡི་ཆད་པའི་གནས་སུ་གྱུར་ནས་སུ། །དམ་ཉམས་ཁྲིམས་རལ་ཞིག་ཏུ་གྱུར་ལགས་ན། །ཡེ་ཤེས་ཐུགས་རྗེ་ཅན་ལ་བཟོད་པར་

p. 295

གསོལ། །ཐུགས་དང་འགལ་བར་གྱུར་པ་བཟོད་པར་གསོལ། །དམ་ཚིག་ཉམས་པར་གྱུར་པ་བསྐང་གྱུར་ཅིག །ཅེས་ཡིག་བརྒྱ་བཟླས་སོ། །དེ་ནས་མདུན་དུ་བྲུབ་ཁུང་ངམ་ལྕགས་སྡེར་རམ་ཐོད་པའི་ནང་དུ་ལིངྒ་ཆེ་བ་གཅིག་གམ། ཡང་ན་བརྒྱ་རྩ་བརྒྱད་བཤམས་ལ། རང་ཡང་ལྷ་མོར་བསྒོམ། བདག་མདུན་གཉིས་ཀའི་ཆིབས་པ་བོང་བུ་ཡང་སྟག་ཞིག་ཏུ་གྱུར་ནས་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྔམ་པར་བསྒོམ། ཆང་ཕུད་གཏོར་ཞིང་འདི་སྐད་དོ། ། བྷྱོཿ བླ་མ་དཀོན་མཆོག་གཟུ་དང་དཔང་། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །དཔའ་བོ་མཁའ་འགྲོ་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །དཔལ་ལྡན་ལྷ་མོ་གཟུ་དང་དཔང་། །ཕྱོགས་སྐྱོང་དཔལ་མགོན་གཟུ་དང་དཔང་། །སྟོང་གསུམ་གཞི་བདག་གཟུ་དང་དཔང་། །གནས་པོ་དགེ་བསྙེན་གཟུ་དང་དཔང་། །ཁྱེད་རྣམས་གཟུ་དང་དཔང་མཛོད་ཅིག །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཉེས་པ་བསྒྲག་པ་ནི། བསྟན་དགྲ་དམ་ཉམས་སྡིག་ཅན་འདིས། །དུས་གསུམ་སངས་རྒྱས་བསྟན་པ་བཤིག་།དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །མི་དགེ་བཅུ་པོ་དང་དུ་བླངས། །དགེ་བ་བཅུ་པོ་ཁྱད་དུ་

p. 296

བསད། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར། །ཆོས་སྐྱོང་ཁྱོད་ལ་མཐུ་མེད་ཟེར། །མཐུ་ནི་བུ་ལོན་བཞིན་དུ་བསྙག །སྲོག་ནི་འབེན་ངོ་བཞིན་དུ་བཙུགས། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །མྱུར་དུ་བསྒྲོལ་བའི་ཕྲིན་ལས་མཛོད། །དུས་ལ་བབ་བོ་ས་མཱ་ཡ། །བྲུབ་ཁུང་བསྐྱེད་པ་ནི། སྐད་ཅིག་གིས་བྲུབ་ཁུང་ལྕགས་ཀྱི་ཁང་པ་གྲུ་གསུམ་པ། བདུད་ཀྱི་བཙོན་ར། གཤིན་རྗེའི་བཤས་ཁང་། ནད་དུག་མཚོན་གསུམ་གྱིས་ཆར་མུན་འཁྲིགས་པའི་ནང་དུ། ཧྲི་དང་ཁྲི་ལས་དགྲ་བགེགས་སྐེམ་པ་རིད་པ་སྔོ་བ་ཧཾ་པ་མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་ཁྲག་འཛག་པ་མགོན་སྐྱབས་ཀྱི་ལྷ་དང་བྲལ་བ་ཞིག་ཏུ་གྱུར། ན་མོ་རྒྱལ་བ་རྡོ་རྗེ་འཆང་། བིར་ཝ་པ། ནག་པོ་སྤྱོད་པ། ཏེ་ལོ་པ། ནཱ་རོ་མར་པ་ཇོག་པ་ལ་སོགས་པ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཀྱེ་རྡོ་རྗེ་རྡོ་རྗེ་གདན་བཞི་གསང་བའི་བདག་པོ། དཔལ་རྟ་མགྲིན་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། འོད་སྲུང་ཤཱཀྱ་ཐུབ་པ་བྱམས་པ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བདེན་པ་དང་། ལུང་དང་རྟོགས་པའི་དམ་

p. 297

པའི་ཆོས་རྣམས་ཀྱི་བདེན་པ་དང་། འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ཀྱི་བདེན་པ་དང་། ཁྲག་འཐུང་གི་རྒྱལ་མོ་དུད་པའི་སོལ་བ་མ་འཁོར་དང་བཅས་པའི་བདེན་པའི་མཐུས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བསམ་ངན་འཆང་བའི་བྱད་མ། །ཡིད་ལ་དམིགས་པའི་ཡུལ་འདི་ཉིད་ཀྱི་བླ་སྲོག་རྣམ་པར་ཤེས་པ་རང་དབང་མེད་པར་གཟུགས་ལིང་ག་མིང་བྱང་བུ་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག །ཛཧཱུཾ་བཾ་ཧོ་ཞེས་ལན་གསུམ་བྱ། བདག་མདུན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དཔག་ཏུ་མེད་པ་སྤྲུལ་ནས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་དགྲ་བགེགས་ཐམས་ཅད་བཀུག་ནས་ལིངྒ་ལ་ཐིམ་པར་བསམ་ཞིང་། ཧཱུྃ། མཁའ་ལ་དབང་བསྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །དེ་ཡི་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ནི། །ཤར་གྱི་ཕྱོགས་ནས་བསྐུལ་བ་ནི། །ཤེལ་གྱི་སེང་གེ་རལ་པ་ཅན། །ཤེལ་གྱི་ལུས་ལ་ཉི་མའི་མིག །སྤུ་ནི་ལྕགས་ཀྱུ་སྲབ་པ་འདྲ། །བང་ནི་

p. 298

པ་ནི་གློག་བས་མགྱོགས། །སྐད་ནི་འབྲུག་བས་ཤིན་ཏུ་ཆེ། །དབུགས་ནི་རླུང་གིས་བསྐྱོད་དུ་མེད། །མཆེ་བ་གངས་རི་བལྟམས་པ་འདྲ། །མིག་ནི་ཉི་མའི་ཟེར་བས་རྣོ།། རྔམས་པའི་ཚད་ནི་གཤིན་རྗེ་འདྲ། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །འདི་ཡང་དཔལ་ལྡན་ཕོ་ཉ་སྟེ། །གང་ལ་བྱ་བའི་དགྲ་བོ་རྣམས། །རང་དབང་མེད་པར་ཁྱེར་ལ་ཤོག །ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི། །གསེར་གྱི་སྟག་མོ་མགོ་ལྔ་མ། །གསེར་གྱི་ལུས་ལ་ཉི་མའི་མིག །སྤུ་ནི་ལྕགས་ཀྱུ་སྲབ་པ་འདྲ། །མཇུག་མ་ཚ་ཚ་བཏབ་པ་འདྲ། །མཆེ་བ་ལྕགས་ཀྱུ་བཀུག་པ་འདྲ།། །སྐད་ནི་བར་སྣང་འབྲུག་བས་ཆེ། །བང་ནི་ངེས་པའི་གློག་བས་མགྱོགས། །མིག་ནི་ཉི་མའི་ཟེར་བས་རྣོ། རྔམས་པའི་ཚད་ནི་གཤིན་རྗེ་འདྲ། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །འདི་ཡང་དཔལ་ལྡན་ཕོ་ཉ་སྟེ། །གང་ལ་བྱ་བའི་དགྲ་བོ་རྣམས། །རང་དབང་མེད་པར་ཁྱེར་ལ་ཤོག །ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི། །ཨུར་མོ་ལྕགས་འབྲུག་སྔོན་མོ་ནི། །ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན། །ཀླུ་ཆེན་བརྒྱད་ཀྱི་གདན་ལ་བཞུགས། །ཟེ་བ་དམར་ལྗང་མེ་ལྟར་འབར། །སྤྱན་ནི་སྐར་

p. 299

ཆེན་ཤར་བ་འདྲ། །མཆེ་བ་ཟླ་བ་ཤར་བ་འདྲ། །བཞད་པའི་ཞལ་ནས་ཐོག་སེར་གཏོང་། །རྔམས་པའི་ཚད་ནི་གཤིན་རྗེ་འདྲ། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །འདི་ཡང་དཔལ་ལྡན་ཕོ་ཉ་སྟེ། །གང་ལ་བྱ་བའི་དགྲ་བོ་རྣམས། །རང་དབང་མེད་པར་ཁྱེར་ལ་ཤོག །བྱང་གི་ཕྱོགས་ནས་བསྐུལ་བ་ནི། །ལྕགས་ཀྱི་ཁྱི་ནག་རྐང་གསུམ་སོགས། །སྐུ་ནི་ལྕགས་སྡོང་རིལ་བ་འདྲ། །སྤྱན་ནི་ཉི་མ་ཤར་བ་འདྲ། །སྤུ་ནི་ལྕགས་ཀྱུ་སྲབ་པ་འདྲ། །མཇུག་མ་ཚ་ཚ་བརྡབ་པ་འདྲ། །ཞལ་ནི་ཁྲོ་བོ་བཞད་པ་འདྲ་། །མཆེ་བ་གནམ་ལྕགས་གཙིགས་པ་འདྲ། །སྐད་ནི་བར་སྣང་འབྲུག་བས་ཆེ། །བང་ནི་གློག་བས་མྱུར་དུ་མགྱོགས། །རྔམས་པའི་ཚད་ནི་གཤིན་རྗེ་འདྲ། །གཅིག་ལས་བྱེ་བ་འབུམ་དུ་སྤྲུལ། །འདི་ཡང་དཔལ་ལྡན་ཕོ་ཉ་སྟེ། །གང་ལ་བྱ་བའི་དགྲ་བོ་རྣམས། །རང་དབང་མེད་པར་ཁྱེར་ལ་ཤོག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་མ་མ་དུན་ཤག་ཏྲི་ཛ་མཱ་ར་ཡ་ནི་དྷཀི་རཀྵ་དུན་ཐུན་དགྲ་བོ་སྲོག་སྙིང་ལ་ཁུག་དྲག་ཐུན་བྷྱོ་ཛཿ ལྷ་དང་དབྱེ་བའི་ཕྱག་རྒྱས་བྱ་རོག་འུག་པའི་སྒྲོས་གཡབ། གུ་གུལ་བདུག་ཅིང་། བྷྱོ། ལས་ཀྱི་མཁའ་འགྲོ་ཕྲ་

p. 300

མེན་མ། །རླུང་ལྷའི་བུ་ལ་སྲིན་པོའི་ཚ། །སྐུ་མདོག་དུད་ཀ་ཆེན་པོ་ལ། །འཇིགས་པའི་ཁྲོ་གཉེར་མང་པོའི་བརྒྱན། །ཕྱག་གཡས་བྱ་རོག་དང་རུ་བསྣམས། །དམ་ཉམས་སྤྱན་གྱིས་གཟིགས་པར་བྱེད། །གཡོན་པས་འུག་པའི་དང་རུ་བསྣམས། །ཉམས་པའི་མགོ་ལུས་ཕྲལ་བར་བྱེད། །ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཤེལ་གྱི་བྱ་ཁྱུང་གཡུ་མིག་ཅན། །དགྲ་བོའི་འགོ་བའི་ལྷ་ལྔ་ཕྲོལ། །ཁྱོད་ཀྱི་རྒྱབ་ཀྱི་སོག་པ་ནས། །སྟག་དང་སྤྱང་ཀུ་རྔམ་ཞིང་རྒྱུག །དགྲ་བོ་བླ་དང་ཕྲལ་བར་བྱེད། །ཁྱོད་ཀྱི་མདུན་གྱི་ལྷ་སྣ་ནས། །སེང་གེ་དཀར་མོ་འགྱིང་ཞིང་འཕྱོ། །དམ་ཉམས་སྲོག་གི་ལྷ་དང་ཕྲོལ། །ཁྱོད་ཀྱིས་མི་འབྱེད་གང་ཡང་མེད། །དམ་ཉམས་དགྲ་བགེགས་ལྷ་དང་ཕྱེས། །གནོད་པར་བྱེདཔའི་བདུད་དང་སྤྱོད། །ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། ཧ་ས་ར་ན། ཧ་ད་ན་ཧཱུྃ་ཕཊ༔ ཏྲི་ཛ་མ་ཧེ་ག་ཡ་ཛ་ཞེས་ལྷ་དང་དབྱེ། ཧཱུཾ་བྷྱོཿ རྡོ་རྗེ་ཕུར་པ་ཀཱི་ལ་ཡ། །སྟོད་ནི་ཁྲོ་ཆེན་གསང་བའི་བདག །རྐེད་པ་ཁྲག་འཐུང་དུད་སོལ་མ། །རྩེ་མོ་ལས་ཀྱི་རེ་མ་ཏི། །ཀུན་ཀྱང་སྐུ་སྟོད་ཁྲོ་མོའི་གཟུགས། །རྐེད་པ་ཆུ་སྲིན་སྦྲུལ་གྱིས་བརྒྱན། །སྐུ་

p. 301

སྨད་ཟུར་གསུམ་དབལ་དང་ལྡན། །དམ་ཉམས་གནོད་བྱེད་དགྲ་བགེགས་འདིས། །མིག་འབྲས་གཉིས་ལ་ཀཱི་ལ་ཡ། །མིག་གི་དབང་པོ་ཉམས་པར་གྱིས། སྨྲ་བྱེད་ལྕེ་ལ་ཀཱི་ལ་ཡ། །དིག་ཅིང་ལྷུག་པའི་ཕྲིན་ལས་མཛོད། །ཡན་ལག་བཞི་ལ་ཀཱི་ལ་ཡ། །ཞ་ཞིང་རེང་བའི་ལས་མཛོད་ཅིག །སྲོག་རྩ་སྙིང་ལ་ཀཱི་ལ་ཡ། །མྱུར་དུ་གླུ་བསད་པའི་དུས་ལ་བབ། །ཨོ་ཙནྡྲ་མ་ཧཱ་རོ་ཥ་ཤ་ཧཱུྃ་ཕཊ༔ རུ་རུ་བེ་ཏིཥྛ་བ་ཏོ་སི། རུ་རུ་རོ་རུ་བེ་ཏིཥྛ་བ་ཏོ་སི། ཙ་པ་ལ་ཨ་ཤུག་མེ། རེ་མ་ཏི་བཛྲ་ཀཱི་ལ་ཡ་ཧཱུྃ། མཱ་ར་ཡ་ཕཊ༔ དེ་ནས་ཐུན་གྱིས་ལས་མཁན་རྦད་པ་ནི། བྷྱོཿ དུར་ཁྲོད་བདག་མོ་རེ་མ་ཏི། །བཞུགས་ནི་དུར་ཁྲོད་གནས་ན་བཞུགས། །བསྐོར་ནི་འཛམ་གླིང་ཁྱབ་པར་སྐོར། །འཛམ་བུ་གླིང་གི་མ་གཅིག་མ། །དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ། །བདག་ལ་སྡང་བའི་དགྲ་བོ་ལ། །སྣ་ཚོགས་ནད་ཀྱི་རྐྱལ་པ་རྡོབས། །ཁྲམ་བམ་ནག་པོ་ཀླད་ལ་བསྐོར། །བདག་གིས་གདུང་བས་བོས་པའི་ཚེ། །དེ་ཚེ་ཐུན་གྱི་ཆར་ཕོབ་ལ། །ཐུན་ཁྲག་རིམ་དུ་བསྒྱུར་དུ་གསོལ། །རིམས་ནད་སྡང་བའི་དགྲ་ལ་དབབ་ཏུ་གསོལ། །དུས་ལ་བབ་ཀྱིས་

p. 302

དེ་ཚུར་སྤྱོན། །བྷྱོ༔ ནམ་གྱི་སྲོད་ལ་བབ་ཙམ་ན། །ཐུན་གྱི་མ་མོ་ཆེན་མོ་ནི། །ཆིབས་སུ་བོང་བུ་ཁ་ཀར་ཆིབས། །ཕྱག་ན་མདུང་དར་སྣ་ཚོགས་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྐྱོ་མ། །དེ་ལ་གསང་བའི་མཚན་གསོལ་བ། །ལྷ་མོ་བ་ལམ་ཀྲི་སྣ་མ། །བདག་གིས་གདུང་བས་བོས་པའི་ཚེ། །དེ་ཚེ་ཐུན་གྱི་ཆར་ཕོབ་ལ། །ཁྲག་ཐུན་རིམ་དུ་བསྒྱུར་དུ་གསོལ། །རིམས་ནད་དགྲ་ལ་དབབ་ཏུ་གསོལ། །དུས་ལ་བབ་ཀྱིས་ད་ཚུར་བྱོན། །བྷྱོཿ ནམ་གྱི་གུང་ལ་བབ་ཙམ་ན། །ཐུན་གྱི་མ་མོ་འབྲིང་བ་ནི། །ཆིབས་སུ་ཕུང་བྱ་རོག་མོ་ཆིབས། །སྐུ་ལ་མཛེས་བྱེད་རེ་ལྡེ་གསོལ། །ཁྲག་ཞག་འདྲེས་པའི་ཐིག་ལེའི་བརྒྱན། །ཕྱག་གཡས་གྲི་གུག་ནག་པོ་བསྣམས། །གཡོན་ན་ཐུན་གྱི་ཁྲག་སྐྱོ་མ། །དེ་ལ་གསང་བའི་མཚན་གསོལ་བ། །བདུད་མོ་ཁྲི་སྨན་སི་ལེ་མ། །བདག་གིས་གདུང་བས་བོས་པའི་ཚེ། །དེ་ཚེ་ཐུན་གྱི་ཆར་ཕོབ་ལ། །ཁྲག་ཐུན་རིམ་དུ་བསྒྱུར་དུ་གསོལ། །རིམས་ནད་སྡང་བའི་དགྲ་ལ་དབབ་ཏུ་གསོལ། །དུས་ལ་བབ་ཀྱིས་ད་ཚུར་བྱོན། ། བྷྱོཿ ནམ་གྱི་ཐོ་རངས་དུས་ཚོད་ནི། །ཐུན་གྱི་མ་མོ་ཐ་ཆུང་ནི། །ཆིབས་

p. 303

སུ་སྟག་མོ་གྲུས་མ་ཆིབས། །ཕྱག་གཡས་མདུང་དར་སེར་པོ་བསྣམས། །གཡོན་ན་ཐུན་།དེ་ལ་གསང་བའི་མཚན་གསོལ་བ། །བདུད་མོ་སྟག་སྨན་སོར་ལྡེམ་མ། །བདག་གིས་གདུང་བས་བོས་པའི་ཚེ། །དེ་ཚེ་ཐུན་གྱི་ཆར་ཕོབ་ལ། །ཐུན་ཁྲག་རིམ་དུ་བསྒྱུར་དུ་གསོལ། །རིམས་ནད་སྡང་བའི་དགྲ་ལ་དབབ་ཏུ་གསོལ། །དུས་ལ་བབ་ཀྱིས་ད་ཚུར་བྱོན། ཨོ་བཛྲ་ཛཱ་ཀི་ནི་དྷེ་བྷི། མ་ཧཱ་ཀཱ་ལི་ཀཱ་ལ་ཡ་ས་མ་ཡ། བཛྲ་ཀྲོ་ཏི་ཀརྨ་རཀྵ་ཧཱུྃ། ཞེས་བསྐུལ་ལ་ཐུན་བརྡེག་པ་ནི། བྷྱོཿ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས། །མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ། །ནད་རིམས་དལ་ཁ་ཆར་བཞིན་ཕོབ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ མ་ཧཱ་ཤ་ཏྭ་ཨ་མུ་ཀཾ་ཨུད་ཡོན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ སྔགས་དེ་ཐུན་ཐམས་ཅད་ལ་སྦྱར་རོ། །བྷྱོ༔ རྩང་མདའ་དྲག་པོ་སྐར་ལྟར་འཁྲུགས། །གདུག་པ་འདུལ་བྱེད་རྩལ་གྱི་སྐུ། །རྩང་གི་མདའ་འཕེན་སེར་ལྟར་འབེབས། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཏུཾ་ཨ་མུ་

p. 304

ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ བྷྱོ༔ ཡུངས་ནག་ཀེ་ཚེ་ཤང་ཚེ་དང་། །ཡུངས་ཀར་རྒྱལ་པོ་ཤ་རི་རཾ། །ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ། །དྲག་སྔགས་ཐོག་སེར་དྲག་པོ་ཡིས། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཧཱུྃ་ཨ་མུ་ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ བྷྱོཿ འབྱུང་བའི་དུག་ཐུན་རླུང་ལྟར་འཚུབ། །གདུག་པའི་དུག་སྣ་ཡོངས་རྫོགས་པ། །ལྔ་ཕུང་འཇིགས་བྱེད་དུག་རླང་གིས། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ མ་ཧཱ་ཤ་ཏུཾ་ཨ་མུ་ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ བྷྱོཿ སྟོབས་ཆེན་འདུལ་བ་མདའ་ཡི་རྒྱུན། །དྲེགས་པ་འཇོམས་བྱེད་རྩལ་གྱི་སྐུ། །མི་བཟད་ཐོག་ཆེན་ཆར་འབེབས་ཀྱིས། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཧཱུྃ་ཨ་མུ་ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ བྷྱོ༔ སྟོབས་ཆེན་བརྡུང་བ་རྡོ་རྗེའི་བརྡུང་། །དྲེགས་པ་འཇོམས་བྱེད་གཏུམ་པོའི་སྐུ། །དྲག་པོའི་གནམ་ལྕགས་ཐོག་སེར་གྱིས། །

p. 305

དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཏྭ་ཨ་མུ་ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཡོད་ན་ཟངས་ཁབ་མེད་ན་རྡོ་རྗེ་འབར་བས་བཤང་ལམ་ནས་སྤྱི་བོ་ཡི་མེ་འབར་བས་དགྲ་བགེགས་བསྲེག་པར་བསམས་ལ། བྷྱོཿ མཚོན་ཆེན་རྡོ་རྗེ་འབར་བའི་ཁབ། །ལུས་ནི་དུམ་བུར་གཏོར་བར་བྱ། །དབང་པོ་རྩད་ནས་བཤིག་པར་བྱ། །རྡུལ་ཕྲན་བཞིན་དུ་གཏོར་བར་བྱ། །སྐད་ཅིག་སྲོག་དང་བྲལ་བར་གྱིས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཏྭ་ཨ་མུ་ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ། ང་ནི་དཔལ་ཆེན་དབང་ཕྱུག་མ། །ང་ནི་དཀྱིལ་འཁོར་ཀུན་གྱི་གཙོ། །ང་ནི་ཆོས་སྐྱོང་ཀུན་གྱི་རྗེ། །ང་ནི་དགྲ་བགེགས་ཀུན་གྱི་གཤེད། །ཕྱག་ན་སྡིག་པའི་རལ་གྲི་བསྣམས། །བཏབ་ན་ལྷ་ཡང་རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་པ། བྷྱོཿ མ་ཧཱ་ཤ་ཏྭ་ཨ་མུ་ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ། ང་ནི་དཔལ་ཆེན་དབང་ཕྱུག་མ། །ང་ནི་དཀྱིལ་འཁོར་ཀུན་གྱི་གཙོ། །ང་ནི་ཆོས་སྐྱོང་ཀུན་གྱི་

p. 306

རྗེ། །ང་ནི་དགྲ་བགེགས་ཀུན་གྱི་གཤེད། །ཕྱག་ན་ཁཊཾ་རྩེ་གསུམ་བསྣམས། །ཕྱུར་བས་ཁམས་གསུམ་དབང་དུ་སྡུས། །རྩེ་ལ་ལྕགས་ཀྱི་སྤྱང་མོ་འཕྲོ། །བཏབ་ན་ལྷ་ཡང་། རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཧཱུྃ་ཨ་མུ་ཀཾཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ། ང་ནི་དཔལ་ཆེན་དབང་ཕྱུག་མ། །ང་ནི་དཀྱིལ་འཁོར་ཀུན་གྱི་གཙོ། །ང་ནི་ཆོས་སྐྱོང་ཀུན་གྱི་རྗེ། །ང་ནི་དགྲ་བགེགས་ཀུན་གྱི་གཤེད། །ཕྱག་ན་ཏྲེ་ཤུ་འབར་བ་བསྣམས། །དྲིལ་བས་སྲིད་གསུམ་ཟིལ་གྱིས་གནོན། །བཏབ་ན་ལྷ་ཡང་རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། ཨོ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཏྲུཾ་ཨ་མུ་ཀཾ་ཨུད་མན་ཏན།། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ། བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་ཏུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷའམ་འོན་ཏེ་བརླག་པར་འགྱུར། །རྡུལ་ཕྲན་བཞིན་

p. 307

དུ་གཏོར་བར་བྱ། །སྐད་ཅིག་སྲོག་དང་བྲལ་བར་གྱིས། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་ཤ་ཏྭ་ཨ་མུ་ཀཾ་ཨུད་མན་ཏན། མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ལིང་རོ་ཁྲག་དང་ཆང་གིས་བྲན་ལ། གཏོར་སྐྱོགས་སུ་བཏེག་ལ། ཧཱུྃ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི། །བསྟན་སྲུང་དུད་སོལ་ལྷ་མོའི་ཞལ་དུ་བསྟབ། །སྲོག་གཅོད་ཤན་པ་མ་གསུམ་ཞལ་དུ་བསྟབ། །རིགས་ཀྱི་ལྷ་མོ་བཞི་ཡི་ཞལ་དུ་བསྟབ། །དུར་ཁྲོད་མ་མོ་བརྒྱད་ཀྱི་ཞལ་དུ་བསྟབ། །ཕྱོགས་མཚམས་ཕྲ་མེན་བརྒྱད་ཀྱི་ཞལ་དུ་བསྟབ། །ཕྲིན་ལས་སྒོ་མ་བཞི་ཡི་ཞལ་དུ་བསྟབ། །སྐུ་སྤྲུལ་དཀར་མོ་འབུམ་སྡེའི་ཞལ་དུ་བསྟབ། །གསུང་སྤྲུལ་དམར་མོ་འབུམ་སྡེའི་ཞལ་དུ་བསྟབ། །ཐུགས་སྤྲུལ་ནག་མོ་འབུམ་སྡེའི་ཞལ་དུ་བསྟབ། །ཡོན་ཏན་སེར་མོ་འབུམ་སྡེའི་ཞལ་དུ་བསྟབ། །ཕྲིན་ལས་ལྗང་མོ་འབུམ་སྡེའི་ཞལ་དུ་བསྟབ། །ཡེ་ཤེས་མ་མོ་རྣམས་ཀྱི་ཞལ་དུ་བསྟབ། །ལས་ཀྱི་མ་མོ་རྣམས་ཀྱི་ཞལ་དུ་བསྟབ། །འཇིག་རྟེན་མ་མོ་རྣམས་ཀྱི་ཞལ་དུ་བསྟབ། །ལས་མཁན་རེ་མ་ཏི་ཡི་ཞལ་དུ་བསྟབ། །མ་མོ་བ་ལམ་དྲིལ་སྣའི་ཞལ་དུ་བསྟབ། །རྡོ་

p. 308

རྗེ་ཁྲི་སྨན་སི་ལེའི་ཞལ་དུ་བསྟབ། །བརྟན་སྐྱོང་ཡ་མ་བཅུ་གཉིས་ཞལ་དུ་བསྟབ། །སྲིད་པའི་མ་མོ་སྟོང་གི་ཞལ་དུ་བསྟབ། །སྲིན་མོ་སྟོང་ཕྲག་དྲུག་ཅུའི་ཞལ་དུ་བསྟབ། །མ་མོ་བྱེ་བ་འབུམ་སྡེའི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ཨི་དཾ་བྷ་ལཾ་ཁཱ་ཧི། གྲིནྣ་གྲིནྡཱ་པ་ཡ་ཧཱུྃ་ཕཊ༔ སངས་རྒྱས་ཀྱི་བསྟན་པ་བཤིག་ཅིང་། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མ་དམ་པའི་སྐུ་ལ་བསྡོ་བ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བདུད་དང་བར་དུ་གཅོད་པ་ཐམས་ཅད་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཱ་ར་ཡ་ཁ་ཁ་ཁཱ་ཧི། དམ་ཉམས་དགྲ་བགེགས་ཀྱི་མཾ་ས་ལ་ཁཱ་ཧི་། གོ་རོ་ཙ་ན་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། བ་སུ་ཏ་ལ་ཁཱ་ཧི། ཨོཾ་རུ་རུ་བྷེ་ཏི་ཏ་བྷ་ཏོ་སི་ཀ་མ་ལ་རཀཱ་སིང་ཧཱུྃ་བྷྱོ༔ དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་བྷྱོ་

p. 309

ཕཊ་སྭཱ་ཧཱ། ཞེས་ལིང་རོ་གཏོར་མར་འབུལ། གཏོར་ཆུང་ཟུར་གསུམ་པ་རེ། ཤ་དུམ་རེ་ལིངྒ་སྡོང་བུ་ཅན་རེ་རྒྱས་པར་གནོད་བྱེད་ཀྱི་མིང་བཅུག་རཀྟ་དང་ཆང་ཆུ་བསྲེས་པའི་གཏོར་ཆུ་བླུག །དེ་འདྲ་ཚན་པ་བདུན་ནམ་བཅུ་རེ་བཤམས་ལ་བྱིན་རླབས་དུས་གཅིག་ལ་བྱ། རྐྱེན་བཟློག་ལ་ལིངྒ་མེད་ཀྱང་ཆོག །གོང་དུ་ལིངྒ་ཆེ་བ་གཅིག་བསྒྲལ་ནས་དེའི་དུམ་བུ་རེ་བཞག་པར་བཤད་ཀྱང་ཆོག །གཏོར་མ་རེ་ལ་དཔལ་འབར་རེ་བཙུགས། འགྲུབ་ན་བཟོང་། གཏོར་མ་ཤ་ཆུ་བསོག་ས་གཏོར་ཆེན་མདུན་དུ་སྒྱེད་པུ་བཙུགས་ལ་དེའི་ཁར་ལྕགས་འགུ་གཙང་མ་བཞག་པར་བཤད་ཀྱང་། ཕྱག་ལེན་ལ་གཏོར་ཆེན་ནང་དུ་བླུག་སྲོལ་ཡོད་པར་སྣང་། མཆོད་གཡོག་པ་ཡང་ནག་མོ་གྲི་གུག་ཐོད་ཁྲག་ཅན་དུ་བསྐྱེད། ལིངྒ་མི་བྱེད་ན་གནོད་བྱེད་ཀྱི་མིང་གཏོར་ཆུང་ནང་དུ་བཅུག་ཀྱང་རུང་གསུངས། ཨོཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་གཏོར་མའི་ནང་དུ་ཧ་ཧོ་ཧྭགསུམ་གསལ་བར་གྱུར། ཧ་སེར་པོས་གཏོར་མའི་ཁ་དོག་ངན་པ་བཅོམ་པས་ཁ་དོག་ཕུན་སུམ་ཚོགས་པ་གསེར་གྱི་མདོག་ལྟ་བུ། ཧོ་དཀར་པོས་དྲི་ངན་པ་ཐམས་ཅད་བཅོམ་ནས་ཕུན་སུམ་ཚོགས་པ། ཧྲུསྔོན་པོས་རོ་ངན་པ་ཐམས་ཅད་བཅོམ་ནས་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་བྷིསྭཱ་ཧཱ། སྔགས་དེས་ལན་གསུམ་བྱིན་བརླབས། དེ་ནས་མཆོད་གཡོག་

p. 310

པས་ལག་པ་གཡས་པས་གཏོར་མ་གཡོན་པས་ལིངྒ་དང་གཏོར་ཆུང་བཟུང་ནས་ལག་པ་བསྣོལ་ཏེ་ནམ་མཁའ་ལ་བཏེག་ནས་ལྷ་མོའི་གསོལ་བར་བསམས་ཤིང་། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ། མ་གཅིག་དཔལ་ལྡན་ལྷ་མོ། གསོད་བྱེད་མ་མོ་གསུམ། རིགས་བཞི་ལྷ་མོ། དུར་ཁྲོད་བདག་མོ། དངོས་གྲུབ་ཞལ་མ། གཏུམ་མོ་གཟི་བརྗིད་མ། ཡི་དྭགས་ཁ་མ། དམ་ཚིག་སྲུང་མ། ཁྲག་དགའ་མ། ཀཱི་ལི་སྒྲ་སྒྲོག་མ། སྦྱོར་འཛིན་མ། ཕྲ་མེན་མ་བརྒྱད། སྒོ་མ་བཞི། མ་མོ་བྱེ་བ་འབུམ་སྡེ། ལས་ཀྱི་རེ་མ་ཏི། བ་ལམ་དྲིལ་སྣ། ཁྲི་སྨན་སི་ལེ། སྲིད་པའི་མ་མོ་སྟོང་། དམན་མོ་སྟོང་དྲུག་ཅུ་རྩ་བཞི། བརྟན་སྐྱོང་ཡ་མ་བཅུ་གཉིས་ལ་སོགས་པ། སྲིད་པའི་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་ཞལ་དུ་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། ཨི་དཾ་བྷ་ལི་ཏ་གྲི་ཧྭ་གྲི་ཧྥ་པ་ཡ་ཧཱུྃ་ཕཊ༔ དཔལ་ལྡན་ལྷ་མོ་དུད་སོལ་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དམ་པ། དྲི་དམ་པ་རོ་དམ་པ་དང་ལྡན་པ་འདི་

p. 311

གསོལ་ལ། བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པའི། ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། །བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་པོ་ཐམས་ཅད་ཞི་ཞིང་བཟློག་པར་མཛོད་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། །གནོད་སྦྱིན་གྱི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རྒྱལ་པོའི་གདོན་ལ་སོགས་གདོན་བརྒྱད་ཁྲི་བཞི་སྟོང་གི་གནོད་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། བཀྲ་མི་ཤིས་པའི་ཕྱོགས་ངན་པ་ཐམས་ཅད་བློ་སྦྱོ་ཟློག་ཟློག །གཞན་ཡང་རྣལ་འབྱོར་པ་བདག་གི་མཐུ་དཔུང་གྱིས། གྲོགས་ཀྱིས་སྔོན་ནས་སུས། ཕྱི་ནས་སྐྱོལ། བསམ་པ་སྒྲུབ་ཏུ་བཅུག །བསམ་པ་མཐར་ཕྱིན་དུ་ཆུག །བྱས་པས་དུད་སོལ་མ་འཁོར་དང་བཅས་པས་དེ་ག་ལྟར་བགྱིའོ་ཟེར་ནས་གསོལ་བར་བསམ། བྷྱོཿ དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་མངའ་གསོལ་བའི། །དུད་སོལ་ལྷ་མོ་འཁོར་

p. 312

བཅས་བསྟོད། །ཨོཾ་རུ་རུ་རོ་རུ་བ་ཏོ་སི་ཀ་མ་ལ་རཀཱ་སི་ཧཱུྃ་བྷྱོ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གཏོར་མར་བླུགས། དེ་ནས་རང་གིས་མཆོད་གཡོག་པའི་ལག་པ་གཉིས་ཁུ་ཚུར་བཅིངས་ཏེ། མཛུབ་མོ་གཉིས་སྦེང་སྟེ་ཁ་འགྲམ་གཡས་སུ་བཞག་ལ། ཨོཾ་བྷེ་བྷ་ཏ་ལི་བྷ་ཏ་ལི་ཚ། སྔགས་འདི་ལན་བདུན་བརྗོད་པས་ཡི་དམ་གྱི་ཞལ་ཆབ་ཏུ་བསམ་ལ་ཆང་ཕུད་བྲན། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ་། །གཏུམ་མོ་འཇིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀཱི་ལའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་པར་མཛད་དུ་གསོལ། །བདག་གིས་སེམས་ལ་ཅི་འདོད་པ། དེ་ནི་ཁྱོད་ཀྱིས་འགྲུབ་པར་མཛོད། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱི་གྲོགས་གྱིས་ཤིག །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ གྲི་ཧྥ་གྱི་རྩྭ་པ་ཡ་སརྦ་དུཊཾ་བག་བཀ་ཕྲ་ཕྲུམ་ཕྲ་སཾ་ཕཊ་སྭ་ཧཱ། ཞེས་བརྗོད་ལ་སེ་གོལ་གསུམ་གདབ། སླར་གཏོར་མ་བཤམ་ཚེ་དེ་ཝི་ཀཱ་ལི་བགྲང་། མི་མང་པོ་ཡོད་ན་ཚན་གཅིག་གིས་དེ་ཝི་ཀཱ་ལི་བགྲང་། ཚན་གཅིག་གིས་བསྟོད་

p. 313

རིང་གྱེར། ཚན་གཅིག་གིས་བརྒྱ་རྩ་བརྗོད། ཉུང་ན་བདུན་ནམ་བཅུའི་མཚམས་སུ་བསྟོད་རིང་རེ་བྱའོ། །ཨོཾ་དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ཅེས་པ་ནས། བསྟན་པ་སྲུང་བའི་ལས་འདི་མྱུར་དུ་མཛོད། །ཨོཾ་རུ་རུ་རོ་རུ་བྷེ་ཏི་ཏ་བ་ཏོ་སི་ཀ་མ་ལ་རཀཱ་སི་ཧཱུྃ་བྷྱོཿ དགྲ་བགེགས་མཱ་ར་ཡ་ཕཊ༔ འདིར་རྒྱས་པར་འདོད་ན་ལྷ་མོའི་མདོས་ནས་རྩང་གྱེར་སབ། ཁྲམ་ཤིང་གི་འཕྱོང་ནད་རྐྱལ་བྱང་བུ་རྣམས་ཀྱི་འཕྱོང་ཚོན་དྲུག་འཕྱོང་དེ་ཚོ་སབ་འདོད་ན་དེ་རྣམས་མདོས་ནང་དུ་བཙུགས། ནད་སྤྲིན་བསྡུ་བ་ཤོ་རྡེལ་གཏོར་བ་ཡང་སྦྱར། ནད་པ་ཡོད་ན་ནད་སྤྲིན་བསྡུ་བའི་འཕྱོང་ཡང་སྦྱར་རོ། །དེ་ལྟར་བརྒྱ་རྩ་བརྒྱད་མ་ཚང་བར་དུ་བྱའོ། །ཞག་མང་དུ་བྱེད་ན་ཚན་པ་ཚན་པ་བྱའོ། །ཐུན་མཚམས་སུ་གཏོར་ཆུང་ལ་བཀུག་གཞུག་བྱས་ལ་བསྟོད་བསྐུལ་ཐུང་བ་འདི་རྣམས་གང་རུང་རེས་འབུལ། བྷྱོཿ དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་དེ་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་གཏོར་མ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉེན་པོ་བཞེས། །ད་བཅོལ་ལས་ཀྱི་ཞུ་དོན་གཉེན་པོ་འབུལ། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་

p. 314

པ་དང་། །བདུད་དང་བར་དུ་གཅོད་པ་རྣམས་མང་པོ། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །བདག་གི་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་སམ། བྷྱོ། གཡུ་མཚོ་མེར་བའི་འགྲམས་ཤེད་ནས། །རླུང་འཚུབ་དམར་ནག་འཁྱིལ་བའི་དབུས། །སྲིན་པོའི་བོང་བུ་གྲྭ་དམར་ནི། །ཞིང་ཆེན་རུས་པའི་མཐུར་དུ་བྱས། །སྲིན་པོའི་ཡ་ཁལ་སྔ་རུ་བྱས། །མ་ཁལ་དག་གིས་ཕྱི་རུ་བྱས། །ཞིང་ཆེན་སྒ་སྟན་ཞིང་ཆུང་གིས། །སྒྲ་གཡོགས་སྦྲུལ་ནག་གོང་སྨོད་བྱས། །རུ་ཊ་ཕྲུ་གུའི་སྒྲ་ལོག་ཅན། །དེ་སྟེང་ལྷ་མོ་དུད་སོལ་མ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འཁྲོལ། །ཞབས་གཉིས་བཙན་འཁྱིལ་བརྐྱང་བསྐུམ་བཞུགས། །རལ་པའི་ཐོར་གཙུག་གཡོན་དུ་འཁྱིལ། །ལས་སུ་ཁམས་གསུམ་དབང་དུ་སྡུད། །སྙན་གཡས་སྦྲུལ་ནག་གདེངས་ཀ་འཕྱོ། །སྙན་གཡོན་སེང་གེ་རལ་དམར་འཕྱོ། །སྙན་གཉིས་གསེར་གྱི་དྲིལ་བུ་འཁྲོལ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །གཙུག་ན་རྨ་བྱའི་རྒྱལ་མཚན་བཙུགས། །ཐལ་ཆེན་ཚོམ་

p. 315

བུས་སྐུ་ལུས་བྱུགས། །ཁྲག་ཞག་ཐིག་ལེས་ཟོ་རིས་རྒྱན། །རྣ་ལྟག་མེ་ཏོག་ཆུན་པོའི་བརྒྱན། །སྐུ་སྟོད་གླང་ཆེན་ཞིང་ལྤགས་གསོལ། །སྐུ་སྨད་རེ་ལྡེ་སེར་པོ་དང་། །སྟག་གཟིག་ལྤགས་པའི་ཤམ་ཐབས་གསོལ། །རིན་ཆེན་རུས་རྒྱན་སྦྲུལ་གྱིས་བརྒྱན། །མཆེ་བ་ཟུར་གསུམ་ཅུང་ཟད་གཙིགས། །ཁྲོ་གཉེར་ཐོད་ཕྲེང་སེ་རལ་ཅན། །ཕྱག་གཡས་རལ་གྲི་མེ་འོད་འབར། །འོག་མ་ཐོད་རློན་དམར་བཀང་ཕྱིར། །ཕྱག་གཡོན་ཤཀྟི་རྨ་བྱ་ཅན། །འོག་མ་ཏྲི་ཤུལ་རྩེ་གསུམ་ཐོགས། །དཔྲལ་བའི་དཀྱིལ་ན་ཟླ་གསལ་ཞིང་། །ལྟེ་བའི་ཁུང་ནས་ཉི་འཆར་མ། །དབང་གི་ལྕགས་སྒྲོག་ཞབས་ལ་འཁྲིལ། །བོང་བུའི་སྟེང་ན་ཕྱོགས་བཅུར་གཟིགས། །མེ་དཔུང་ནང་ན་འགྱིང་བག་བཞུགས། །ཤིན་ཏུ་སྒེག་པའི་ཆ་ལུགས་ཅན། །སྲིད་པའི་མ་མོ་ཁྲི་ཕྲག་དང་། །ལས་ཀྱི་མ་མོ་ཁྲི་ཕྲག་ནི། །དྲུག་ཅུ་རྩ་བཞིས་རབ་ཏུ་བསྐོར། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །འཁོར་བཅས་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་ལྡན་ལྷ་མོ་དུད་སོལ་མ་ལ་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུའི་དོན་གྱི་སྒོ་ནས་བསྟོད་པ་མེ་ལྕེ་

p. 316

འབར་བའི་རྒྱུད་ནས་གསུངས་སོ། །སུམ་རྡུང་ཆེ་ཆུང་གཉིས་གསུམ། བྷྱོཿ བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས། །ལྷ་མོ་ནག་མོ་མཐུ་དང་རྫུ་འཕྲུལ་ཅན། །དབང་ཕྱུག་སྲིད་པོ་གསུམ་གྱི་བདག་མོ་སྟེ། །ཁྱོད་ནི་ཁམས་གསུམ་ཀུན་གྱིས་མཆོད་ཅིང་བཀུར། །ཚངས་པའི་རྒྱལ་པོའི་རྨ་བྱའི་རྒྱལ་མཚན་ཕུལ། །ཁྱབ་འཇུག་ཆེན་པོའི་ཉི་ཟླ་རྒྱུན་དུ་ཕུལ། །རྣམ་ཐོས་སྲས་ཀྱིས་སེང་གེའི་རྣ་རྒྱན་ཕུལ། །ནམ་མཁའི་ལྷ་བྲན་གསེར་གྱི་དྲིལ་བུ་ཕུལ། །ཀླུ་ཡི་རྒྱལ་པོས་སྦྲུལ་གྱི་གདེངས་ཀ་ཕུལ། །ལྷ་དབང་བརྒྱ་བྱིན་གླང་ཆེན་ཀོ་རློན་ཕུལ། །ལྷ་མ་ཡིན་གྱིས་དར་ནག་ཅོད་པན་ཕུལ། །མ་མོ་རྣམས་ཀྱིས་རེ་ལྡེའི་ཤམ་བུ་ཕུལ། །ཤ་ཟ་རྣམས་ཀྱིས་ཁྲག་གི་ཐིག་ལེ་ཕུལ། །མཁའ་འགྲོ་རྣམས་ཀྱིས་རུས་པའི་རྒྱན་ཆ་ཕུལ། །གཤིན་རྗེའི་རྒྱལ་པོས་ཐོད་པའི་རྒྱན་ཕྲེང་ཕུལ། །སྲིན་པོ་རྣམས་ཀྱིས་ལྕགས་སྒྲོག་སྔོན་པོ་ཕུལ། །འཁོར་ལོས་སྒྱུར་རྒྱལ་ལྷ་ཡི་རྒྱལ་སྲིད་ཕུལ། །རྣལ་འབྱོར་བདག་གིས་རྒྱན་གྱིས་གཏོར་མ་ཕུལ། །དེ་ལྟར་རྒྱུན་གྱི་རྣམ་པ་དུ་མ་ཡིས། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད་འབུལ་ན། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡིས། །ཚེ་དང་

p. 317

བསོད་ནམས་ལ་སོགས་རྒྱས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །བདག་ལ་རྟག་ཏུ་སྡང་བའི་སེམས་ལྡན་པ། །དམ་ཉམས་དགྲ་བོའི་སྲོག་རྩ་མྱུར་དུ་ཆོད། །ལྷ་མོའི་རྒྱན་བསྟོད། དེ་ལྟར་ཐུན་དྲུག་གམ་བཞིའམ་གསུམ་ལ་གཏོར་མ་འབུལ་ལོ། །རྨིས་ལྟས་སུ་མ་དང་སྲིང་མོ་དང་བུད་མེད་ཆས་བཟང་བ་སོགས་ཀྱིས་རིན་པོ་ཆེ་དང་དཀར་གསུམ་དང་སྨན་བྱིན་པ་དང་། ནམ་ལངས་ཉི་ཟླ་ཤར་བ་མེ་ཏོག་ཐུ་བ་དར་ཕྱར་དུང་འབུད་རྔ་བརྡུང་བ་སོགས་བྱུང་ན་བཟང་བས། དངོས་གྲུབ་བླངས་པ་ནི། ལག་པ་གཉིས་སོར་མོ་བཅུ་རྩེ་བསྡུས་ནས་ཁོག་པ་ཟླུམ་པོ་བདུད་རྩི་བུམ་པའི་ཕྱག་རྒྱ་བྱས་ལ། བྷྱོ། འགྱུར་མེད་མ་་སོགས། ཨོཾ་བཛྲ་དྷཀི་ནི་དེ་ཝི་མ་ཧཱ་ཀཱ་ལི་རེ་མ་ཏི། ཀཱ་ཡ་ཝཱཀ་ཙིཏྟ་སི་ཏི་ས་མ་ཡ། ཕ་ལ་ཨ་བེ་ཤ་ཡ་ཨཱ༔ ཞེས་ཅུང་ཟད་བཟླས་སོ། །ཡང་མ་སྲིང་ངོ་ཚ་བསྣོལ་བ་དང་། བུད་མེད་དུ་བ་ཁྲོ་བ་ཡུལ་གཞན་དུ་འགྲོ་ཟེར་བ་ངོ་ནག་མཆི་རིས་དོད་པ་སོགས་ངན་པའི་ལྟས་བྱུང་ན། གཏོར་མ་གཙང་སྦྲ་བྱས་ལ་ཕུལ། བསྐང་བཤགས་མང་དུ་བྱའོ། །རང་གི་ལག་པ་གཡས་མཛུབ་མོ་སྲིན་ལག་གཉིས་མཐིལ་དུ་བཀུག་ནས། མཐེ་བོང་གུང་མོ་ཐེའུ་ཆུང་གསུམ་བསྒྲེངས་ནས་ཕྱིར་ལ། ཧཱུྃ། དཔལ་ལྡན་ང་ལ་བར་ཆོད་པ། །གང་ཡིན་མགོ་ལུས་གཏུབ་པར་བྱའོ། །ཧཱུཾ་ཕཊ་མ་ཧཱ་དེ་ཝི་ཀཱ་ལི་སརྦ་དུ། ཏ་ཀ་

p. 318

ཧ་ན་ད་ཧ་རུ་ལུ་བྷནྡྲ་པ་ཙ་ས་ར་ན་ཧཱུྃ་ཕཊ༔ ཅེས་པ་ཅུང་ཟད་རེ་བཟླས་པས་མཚན་མ་ངན་པ་བཟློག་པར་བྱའོ། །དེ་ནས་གཏོར་མདོས་ཞལ་ཕྱིར་བསྒྱུར་ལ། བྷྱོཿ ད་ནི་གཏོར་མདོས་ཞལ་བསྒྱུར་རོ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ལྷ་དམག་བྱེ་བའི་ཚོགས་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །མ་མོ་བྱེ་བའི་ཚོགས་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །སྣང་སྲིད་ལྷ་འདྲེའི་དམག་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ཆིབས་ཁ་དགྲ་བོའི་ཡུལ་དུ་བསྒྱུར། །དམག་སྣ་དགྲ་བོའི་ཡུལ་དུ་དྲོངས། །དམག་དཔུང་དགྲ་བོའི་གོ་ཁར་ཆོས། །སྦྲ་ནག་དགྲ་བོའི་གོ་ཁར་ཕུབ། །རུ་དར་དགྲ་བོའི་ཁྱིམ་དུ་ཚུགས། །མདུང་དར་དགྲ་བོའི་སྙིང་ལ་རྒྱོབས། །མཚོན་ཆས་དགྲ་བོའི་ལུས་སྲོག་ཕྲོལ། །མཚོན་གྲུག་དགྲ་བོའི་མགུལ་དུ་ཐོགས། །ཁྲམ་བམ་སྡང་བའི་དགྲ་ལ་རྒྱོབས། །ནད་རྐྱལ་དགྲ་བོའི་སྟེང་དུ་བྱོས། །དུག་ཟོར་དགྲ་བོའི་སྟེང་དུ་འཕོངས། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་།

p. 319

སྔོན་གྱི་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད། དེ་ནས་གཏོར་མདོས་ཀྱི་ཕྱི་རིམ་དུ་གཏོར་རྫོང་རྒྱུའི་གཏོར་ཆུང་ཟུར་གསུམ་ཁྲག་གིས་བྱུག་པ་མང་པོ་བཤམ་ལ་བཀུག་གཞུག་བྱོས་ལ། བདུད་རྩིར་བྱིན་གྱིས་བརླབས་ནས། གཙོ་འཁོར་རིམ་པ་ལྟར་འབུལ་ལོ། བྷྱོཿ སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉེན་པོ་བསྲུང་བར་དམ་བཅས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱིས་ཡོན་ཏན་སྟོབས་དང་གཟི་བརྗིད་ལས། །མ་མོ་མཁའ་འགྲོ་བྱེ་བས་བསྐོར་བའི་དབུས། །གཏུམ་ཞིང་འགྱིང་བག་རྔམ་པའི་ཚུལ་གྱིས་བཞུགས། །སྲིད་གསུམ་ཟིལ་གྱིས་གནོན་ལ་ཕྱག་འཚལ་བསྟོད། །དོན་དམ་མི་གཡོ་སྐུ་མདོག་ཤིན་ཏུ་མནག །ཀླུ་རྣམས་འདུལ་ཕྱིར་དབུ་སྐྱ་སྦྲུལ་གྱིས་བཅིངས། །རིགས་ལྔ་རྣམ་དག་ཐོད་སྐམ་ལྔ་ཡིས་བརྒྱན། །ཐུགས་རྗེས་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད། །ཡང་དག་དོན་རྟོགས་ཐལ་ཆེན་ཚོམ་བུས་བརྒྱན། །དུག་གསུམ་སྤང་ཕྱིར་རྨ་བྱའི་རྒྱལ་མཚན་བཙུགས། །དགྲ་བགེགས་བསྒྲལ་ཕྱིར་ཁྲག་ཞག་ཐིག་ལེས་བྲིས། །མཐུ་སྟོབས་རྫུ་

p. 320

འཕྲུལ་ལྡན་ལ་ཕྱག་འཚལ་བསྟོད། །ཞེ་སྡང་དག་ཕྱིར་སྙན་གཡས་སྦྲུལ་ནག་འཕྱོ། །ཁམས་གསུམ་སྒྲ་སྒྲོགས་སྙན་གཡོན་སེང་གེས་བརྒྱན། །སྙན་པ་སྒྲོག་ཕྱིར་གསེར་གྱི་དྲིལ་བུ་འཆང་། །ཁམས་གསུམ་སྐད་ཅིག་ཁྱབ་ལ་ཕྱག་འཚལ་བསྟོད། །དགྲ་བགེགས་འདུལ་ཕྱིར་སྤྱན་གསུམ་ཕྱོགས་བཅུར་གཟིགས། །ཤ་ཆེན་གསོལ་ཕྱིར་མི་རོ་ཞལ་དུ་བཅུག་བདུད་བཞི་འཇོམས་ཕྱིར་རྣོ་གདུག་མཆེ་བ་གཙིགས། །མ་རུངས་རྡུལ་དུ་བརླག་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་དོན་ལྡན་ཞིང་ཆེན་ལྤགས་པ་གསོལ། །ཐེག་མཆོག་གསུམ་ལྡན་གླང་ཆེན་ཀོ་རློན་གསོལ། །སྟོང་གསུམ་དྲག་ལྡན་རེ་ལྡེའི་ཤམ་བུས་དཀྲིས། །སྨོན་ལམ་རྣམ་དག་ལྡན་ལ་ཕྱག་འཚལ་བསྟོད། །དགྲ་སྲོག་གཅོད་པའི་ཕྱག་གཡས་རལ་གྲི་ཕྱར། །བདུད་ཁྲག་གསོལ་ཕྱིར་འོག་མས་ཐོད་ཁྲག་འཛིན། །སྲིད་གསུམ་བསྒྲལ་ཕྱིར་གཡོན་པས་ཤཀྟི་བསྣམས། །གཡུལ་ངོ་བཟློག་ཕྱིར་འོག་མས་ཏྲི་ཤུ་འཛིན། །ཆོས་ཉིད། དོན་རྟོགས་རུས་པའི་རྒྱན་གྱིས་སྤྲས། །ལྷ་མིན་འདུལ་མཛད་ཐོད་རློན་དོ་ཤལ་བྱས། །རྫུ་འཕྲུལ་སྟོན་ཕྱིར་ལྕགས་སྒྲོག་སྔོན་པོས་བརྒྱན། །བདུད་དཔུང་བསྲེག་པར་མཛད་ལ་

p. 321

ཕྱག་འཚལ་བསྟོད། །སྲིན་པོ་འདུལ་ཕྱིར་སྤྲུལ་པའི་བོང་བུ་ཆིབས། །སྟོང་གསུམ་ཁྱབ་ཕྱིར་འཚུབ་མའི་ནང་ན་བཞུགས། །དུར་ཁྲོད་གནས་ཕྱིར་ཤ་ཟ་མང་པོས་བསྐོར་། །སྣང་སྲིད་དབང་སྡུད་གསུང་ནི་འབྲུག་ལྟར་སྒྲོག །རྣམ་རྟོག་བསྲེག་མཛད་མེ་དཔུང་ནང་ན་བཞུགས། །སྟོབས་ཆེན་དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། །བྷྱོ༔ ཁྱོད་ཀྱི་གཡས་ནས་སྤྲུལ་པའི་ཕོ་ཉ་ནི། །དམར་མོ་སྤྱན་གསུམ་ལྕགས་ཀྱི་རལ་པ་ཅན། །ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་སྙིང་ནས་འདྲེན། །དམ་ཉམས་འཆིངས་བྱེད་ཞགས་པ་གཡོན་ན་ཐོགས། །སྟོང་གསུམ་རྒྱུ་ཕྱིར་ཆིབས་སུ་བོང་བུ་ཆིབས། །དྲག་མོ་འགུག་བྱེད་གསུམ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་གཡོན་ནས་སྤྲུལ་པའི་ལས་མཁན་ནི། །ནག་མོ་སྤྱན་གསུམ་ཁྲག་གི་རལ་པ་ཅན། །མ་རུངས་གསོད་བྱེད་ཕྱག་གཡས་རལ་གྲི་ཕྱར། །གཙོ་ལ་སྟོབ་ཀྱིས་ཙིཏྟ་གཡོན་ན་ཐོགས། །སྟོང་གསུམ་རྒྱུ་ཕྱིར་བོང་བུ་ཆིབས་སུ་ཆིབས། །དགྲ་བགེགས་གསོད་བྱེད་གསུམ་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་མདུན་ནས་སྤྲུལ་པའི་ལས་མཁན་ནི། །གཅེར་བུ་སྤྱན་གསུམ་དུང་གི་མཆེ་བ་ཅན། །གནོད་བྱེད་སུན་འབྱིན་

p. 322

ཕྱག་གཡས་དགྲ་སྙིང་ཐོགས། །གདུག་པ་སྐྲག་མཛད་གཡོན་ན་ཐོད་ཁྲག་ཐོགས། །མཁའ་ལ་རྒྱུ་ཕྱིར་རླུང་གི་བོང་བུ་ཆིབས། །དམར་མོ་ཙ་མུན་ཏི་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་རྒྱབ་ནས་ལས་བྱེད་ཕོ་ཉ་ནི། །དམར་ནག་ཕུར་པའི་ལྷ་མོ་རེ་མ་ཏི། །སྤྱན་གསུམ་མཆེ་གཙིགས་གཏུམ་དྲག་དྲེའུ་ཞོན། །ཕྱག་གཡས་རལ་གྲིས་དམ་ཉམས་སྲོག་རྩ་གཅོད། །གཡོན་པས་ལྕགས་ཕུར་དགྲ་བོའི་སྙིང་ལ་འདེབས། །ནག་མོ་ཐུན་ཁྲག་འདེབས་ལ་ཕྱག་འཚལ་བསྟོད། །།བྷྱོཿ གྲུ་གསུམ་འབར་བའི་གཡས་ཟུར་ནས། །གསོད་བྱེད་སྐུ་ཡི་ཤན་པ་མོ། །ནག་མོ་གཅེར་བུ་རལ་པ་ཅན། །ཕྱག་ན་དགྲ་སྙིང་ཐོད་ཁྲག་བསྣམས། །ཆིབས་སུ་རླུང་གི་བོང་བུ་ཆིབས། །སྐུ་ཡི་ལས་མཁན་མ་ལ་ཕྱག་འཚལ་བསྟོད། །བྷྱོཿ གྲུ་གསུམ་འབར་བའི་གཡོན་ཟུར་ནས། །གསོད་བྱེད་གསུང་གི་ཤན་པ་མོ། །ནག་མོ་གཅེར་བུ་རལ་པ་ཅན། །ཕྱག་ན་དགྲ་སྙིང་ཐོད་ཁྲག་བསྣམས། །ཆིབས་སུ་རླུང་གི་བོང་བུ་ཆིབས་། །གསུང་གི་ལས་མཁན་མ་ལ་ཕྱག་འཚལ་བསྟོད། བྷྱོཿ གྲུ་གསུམ་འབར་བའི་མདུན་ཟུར་ནས། །གསོད་བྱེད་ཐུགས་ཀྱི་ཤན་པ་མོ། །ནག་མོ་གཅེར་བུ་རལ་པ་

p. 323

ཅན། །ཕྱག་ན་དགྲ་སྙིང་ཐོད་ཁྲག་བསྣམས། །ཆིབས་སུ་རླུང་གི་བོང་བུ་ཆིབས། །ཐུགས་ཀྱི་ལས་མཁན་མ་ལ་ཕྱག་འཚལ་བསྟོད། །སྐུ་ལས༴ ཡོན་ཏན༴ གསུང་ལས༴ ཕྲིན་ལས་སྤྲུལ་པའི་མཁའ་འགྲོའི་ཕོ་ཉ་ནི། །སྐུ་མདོག །དཀར་མོ། སེར་མོ། དམར་མོ། ལྗང་མོ། ཆིབས་སུ་བོང་བུ་ཆིབས། ཕྱག་གཡས་གྲི་གུག་གཡོན་པས་བྷན་བསྣམས། །ཕྲིན་ལས་འགྲུབ་མཛད་བཞི་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་མཁའ་འགྲོ་བཞི་འདི་འགྲེས་སོ། བྷྱོཿ མ་གཅིག་དཔལ་ལྡན་ལྷ་མོ་ནི། །ཤར་གྱི་ཕྱོགས་ཀྱི་ཕོ་ཉ་ནི། །སྐུ་མདོག་དཀར་མོ་དུང་གི་མདོག །གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཉིས་འབར་བའི་གྲི་ཐོད་བསྣམས། །ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས། །དུར་ཁྲོད་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོ༔ མ་གཅིག་དཔལ་ལྡན་ལྷ་མོ་ནི། །བྱུང་གི་ཕྱོགས་ཀྱི་ཕོ་ཉ་ནི། །སྐུ་མདོག་སེར་མོ་གསེར་གྱི་མདོག །གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཉིས་འབར་བའི་གྲི་ཐོད་བསྣམས། །ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན། །

p. 324

བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས། །དུར་ཁྲོད་ཞལ་མ་ཁྱོད་ཕྱག་འཚལ་བསྟོད། །བྷྱོ༔ མ་གཅིག་དཔལ་ལྡན་ལྷ་མོ་ནི། །ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི། །སྐུ་མདོག་དམར་མོ་བྱུ་རུའི་མདོག་།གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཉིས་འབར་བའི་གྲི་ཐོད་བསྣམས། །ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས། །གཏུམ་མོ་གཟི་བརྗིད་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོ་མ་གཅིག་དཔལ་ལྡན་ལྷ་མོ་ནི། །ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི། །སྐུ་མདོག་ནག་མོ་མུན་པའི་མདོག །གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཉིས་འབར་བའི་གྲི་ཐོད་བསྣམས། །ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས། །མ་མོ་ཡི་དྭགས་ཁ་ལ་ཕྱག་འཚལ་བསྟོད། །བྷྱོ༔ མ་གཅིག་དཔལ་ལྡན་ལྷ་མོ་ནི། །བྱང་ཤར་མཚམས་ཀྱི་ཕོ་ཉ་ནི། །གཡས་སེར་གཡོན་དཀར་ཕྱེད་གཟུགས་འཛིན། །གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཙིཏྟ་བསྣམས། །ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས། །དམ་

p. 325

ཚིག་སྲུང་མ་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོ་མ་བ་གཅིག་དཔལ་ལྡན་ལྷ་མོ་ནི། །ཤར་ལྷོ་མཚམས་ནས་བསྐུལ་བ་ནི། །གཡས་སེར་གཡོན་ནག་ཕྱེད་གཟུགས་འཛིན། །གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཙིཏྟ་བསྣམས། །ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས། །མ་མོ་ཁྲག་དགའ་མ་ལ་ཕྱག་འཚལ་བསྟོད། །བྷྱོ། མ་གཅིག་དཔལ་ལྡན་ལྷ་མོ་ནི། །ལྷོ་ནུབ་མཚམས་ཀྱི་ཕོ་ཉ་ནི། །གཡས་ནག་གཡོན་དམར་ཕྱེད་གཟུགས་འཛིན། །གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཙིཏྟ་བསྣམས། །ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས་། །ཀཱ་ལི་སྒྲ་སྒྲོག་མ་ལ་ཕྱག་འཚལ་བསྟོད། ། བྷྱོཿ མ་གཅིག་དཔལ་ལྡན་ལྷ་མོ་ནི། །ནུབ་བྱང་མཚམས་ཀྱི་ཕོ་ཉ་ནི། །གཡས་དམར་གཡོན་སེར་ཕྱེད་གཟུགས་འཛིན། །གཅེར་བུ་སྤྱན་གསུམ་མཆེ་བ་གཙིགས། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཙིཏྟ་བསྣམས། །ཁྲག་ཞག་དུར་ཁྲོད་ཆེས་ཀྱིས་བརྒྱན། །བརྐྱང་བསྐུམ་བམ་གྱི་གདན་ལ་བཞུགས། །

p. 326

མ་མོ་སྦྱོང་འཛིན་མ་ལ་ཕྱག་འཚལ་བསྟོད། །ཁྲག་འཐུང་ནག་མོའི་སྤྱན་སྔར་ཁས་བླངས་པའི། །ཤར་ནས་ལས་མཁན་སྤྲུལ་པའི་ཕོ་ཉ་ནི། །དཀར་མོ་ཞལ་གཅིག་ཕྱག་གཉིས་སེང་གེའི་གདོང་། །དུར་ཁྲོད་ཆས་བརྒྱད་གྲི་དང་ཐོད་པ་འཛིན། །དྲེལ་ནག་རྐང་གསུམ་ཆིབས་ནས་ཕྱོགས་བཅུར་རྒྱུག །འགྱིང་ཞིང་དགྲ་བགེགས་རོལ་ལ་ཕྱག་འཚལ་བསྟོད། །ལྷོ་ནས་དམར་ནག་ཞལ་གཅིག་སྟག་གི་གདོང་། །དུར་ཁྲོད་ཆས་རྒྱན་གྲི་དང་ཐོད་པ་འཛིན། །དྲེལ་ནག་རྐང་གསུམ་ཆིབས་ནས་གནོད་བྱེད་ཀྱི། །ཁྲོ་ཞིང་ཤ་ཁྲག་རོལ་ལ་ཕྱག་འཚལ་བསྟོད། །ནུབ་ནས་སྔོ་ནག་ཞལ་གཅིག་སྤྱང་ཀིའི་གདོང་། །དུར་ཁྲོད་ཆས་བརྒྱད་གྲི་དང་ཐོད་པ་འཛིན། །དྲེལ་ནག་རྐང་གསུམ་ཆིབས་ནས་བགེགས་རྣམས་འཇོམས། །རྒྱུག་ཅིང་དགྲ་བགེགས་རོལ་ལ་ཕྱག་འཚལ་བསྟོད། །བྱང་ནས་མཐིང་ནག་ཞལ་གཅིག་ཕག་གི་གདོང་། །དུར་ཁྲོད་ཆས་བརྒྱད་གྲི་དང་ཐོད་པ་འཛིན། །དྲེལ་ནག་རྐང་གསུམ་ཆིབས་ནས་འབྱུང་པོའི་ཤ། །འདུར་ཞིང་ཞལ་དུ་སྟོབ་ལ་ཕྱག་འཚལ་བསྟོད། །བྱང་ཤར་མཚམས་ནས་སྨུག་ནག་བྱ་རྒོད་མགོ །དུར་ཁྲོད་ཆས་བརྒྱད་གྲི་དང་ཐོད་པ་འཛིན། །

p. 327

དྲེལ་ནག་ཞོན་ནས་དགྲ་བགེགས་ཤ་ཁྲག་རྣམས། །རྔམ་ཞིང་རྔམ་ཞིང་རོལ་ལ་ཕྱག་འཚལ་བསྟོད། །ཤར་ལྷོ་མཚམས་ནས་མུན་མཐོང་ལྟུང་ཀའི་གདོང་། །དུར་ཁྲོད་ཆས་བརྒྱད་གྲི་དང་ཐོད་པ་འཛིན། །དྲེལ་ནག་ཞོན་ནས་བདུད་ཁྲག་མ་ལུས་པ། །མཆོང་ཞིང་མཆོང་ཞིང་གསོལ་ལ་ཕྱག་འཚལ་བསྟོད། །ལྷོ་ནུབ་མཚམས་ནས་ཁྲག་མདོག་དུར་བྱའི་མགོ །དུར་ཁྲོད་ཆས་བརྒྱད་གྲི་དང་ཐོད་པ་འཛིན། །དྲེལ་ནག་ཞོན་ཅིང་ཉམས་པའི་སྲོག་དང་ཕྲལ། །རྒོད་ཅིང་རྒོད་ཅིང་འཇོམས་ལ་ཕྱག་འཚལ་བསྟོད། །ནུབ་བྱང་མཚམས་ནས་དུད་མདོག་བྱ་རོག་གདོང་། །དུར་ཁྲོད་ཆས་བརྒྱད་གྲི་དང་ཐོད་པ་འཛིན། །དྲེལ་ནག་ཞོན་ནས་དགྲ་བགེགས་སྙིང་ནས་འདྲེན། །ལྡིང་ཞིང་ལྡིང་ཞིང་རོལ་ལ་ཕྱག་འཚལ་བསྟོད། །ལས་མཁན་ཕོ་ཉ་ནག་མོ་ཀང་ཀའི་གདོང་། །ཀུན་ཀྱང་མདའ་གཞུ་སྤུ་གྲི་བྷན་དང་། །སྦྲུལ་ནག་བྷནྡྲ་རྒྱུ་ཞགས་ནད་རྐྱལ་བསྣམས། །མ་རུངས་འཆིང་། བྱེད་རྣམས་ལ་ཕྱག་འཚལ་བསྟོད། །ཞིང་ཆེན་སྟོད་གཡོགས་རེ་ལྡེའི་ཤམ་བུ་དཀྲིས། །ཐོད་རློན་དོ་ཤལ་ཆིབས་སུ་སྟག་སྤྱང་དང་། །སྤྲེའུ་དྲེལ་ནག་ཞོན་ནས་ཕོ་ཉར་འགྱེད། །

p. 328

དགྲ་བས་ེགས་སྒྲོལ་མཛད་བཞི་ལ་ཕྱག་འཚལ་བསྟོད། །གཞན་ཡང་ལས་མཁན་ནག་མོ་འབུམ་སྡེ་དང་། །མ་མོ་མཁའ་འགྲོ་བྱེ་བས་བསྐོར་བའི་ཚོགས། །ནག་མོ་གཅེར་བུ་འཇིགས་ཤིང་སྐུ་བཤལ་བ། །ཞལ་གཅིག་ཕྱག་གཉིས་གྲི་དང་ཐོད་པ་འཛིན། །སྟོང་གསུམ་མ་ལུས་སྤྲིན་གྱི་ཚོགས་ལྟར་གཏིབས། །སྲིད་གསུམ་གཡོ་བར་མཛད་ལ་ཕྱག་འཚལ་བསྟོད། །དེ་ལྟར་ཁྱོད་ལ་བསྟོད་ཅིང་ཞུ་བ་ནི། །སྔོན་ཚེ་ཐུགས་དམ་གཉན་པོ་བརྩེར་དགོངས་ལ། །བདག་ཅག་རྣལ་འབྱོར་དམ་ཚིག་ལྡན་པ་དང་། །བསྟན་ལ་རབ་དད་དཀར་པོའི་ཕྱོགས་རྣམས་ལ། །བདུད་རྩི་རྒྱུན་ཕབ་ནད་རྣམས་ཞི་བ་དང་། །ལོངས་སྤྱོད་ཚེ་འབྲུ་ལ་སོགས་འཕེལ་བར་མཛོད། །མ་རུངས་སེམས་འཛིན་ནག་པོའི་ཕྱོགས་རྣམས་ལ། །དུག་གི་རླུང་བུས་ནད་ཀྱི་གཟིར་ཞིང་སློང་། །ཁོང་ཁྲག་སྐྱུག་ཅིང་ཆོ་ངེས་གནམ་དུ་འདེབས། །སྨྱོ་འབོག་ཐོངས་ལ་བདུན་རྒྱུད་རྩེད་ནས་ཆོད། །བདུད་དང་དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །བསྟན་པ་སྲུང་བའི་ལས་འདི་མྱུར་དུ་བསྒྲུབ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་སོགས་བིར་

p. 329

ཝ་པས་མཛད་པའི་འདོད་གསོལ་དེ་ཀུན་ལ་སྦྱོར། ཅེས་གསོད་བྱེད་མ་གསུམ་དང་མ་མོ་བརྒྱད་ཀྱི་བསྟོད་པ་འདི་སློབ་དཔོན་ཆེན་པོ་བིར་ཝ་པས་མཛད་པའི་ཁ་བསྐང་གི་ཚུལ་དུ་ཨ་རཱ་གས་ཐུན་མཚམས་གཅིག་ལ་བྲིས་པའོ། ། བྷྱོཿ མ་གཅིག་དཔལ་ལྡན་ལྷ་མོ་ནི། །སྐུ་སྤྲུལ་མ་མོ་དཀར་མོ་འབུམ། །གསུང་སྤྲུལ་མ་མོ་དམར་མོ་འབུམ། །ཐུགས་སྤྲུལ་མ་མོ་ནག་མོ་འབུམ། ཡོན་ཏན་སྤྲུལ་པ་སེར་མོ་འབུམ། །ཕྲིན་ལས་སྤྲུལ་པ་ལྗང་མོ་འབུམ། །ཕྲིན་ལས་རྣམ་བཞི་ཐོགས་མེད་བསྒྲུབ། །ཡེ་ཤེས་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། བྷྱོཿ གཞན་ཡང་དུར་ཁྲོད་གནས་བརྒྱད་ན། །མཁའ་འགྲོ་ཤ་ཟ་ནམ་གྲུའི་རིགས། །སྲིན་མོ་མ་མོ་གནོད་སྦྱིན་མོ། །མ་བདུན་སྲིང་བཞི་འབར་མ་དགུ། །དུས་བཞིའི་ཞགས་ཐོགས་མཚོན་ཆ་ཅན། །གཏུམ་མོ་ཛ་ཏི་ལ་སོགས་པ། །ཀུན་ཀྱང་རྒོད་ཅིང་རོ་ལ་ཟ། །ལས་ཀྱི་མ་མོའི་ཚོགས་ལ་བསྟོད། །བྷྱོ༔ རི་རབ་ཁོང་དང་རྒྱ་མཚོའི་སྟེང་། །བར་སྣང་གནས་པའི་མཚོན་ཆ་ཅན། །བདུད་དང་གཤིན་རྗེའི་ཞགས་ཐོགས་མ། །དམར་སེར་དུང་མགྲིན་དམར་སྐྱ་མ། །རྣམ་པར་འཕྱང་མ་ཕྱག་ཚང་མ། །ཚོགས་ཁང་ལྷག་ཕུད་ཉུལ་བྱེད་མ། །ལག་ན་མཚོན་ཐོགས་

p. 330

བཤུགས་གླུ་ལེན། །དུར་ཁྲོད་བརྒྱད་པོ་ཉུལ་ལ་བསྟོད། །བྷྱོ༔ མ་མོ་བ་ལམ་དྲིལ་སྣ་མ། །མ་མོ་ཁྲི་སྨན་སི་ལེ་མ། །མ་མོ་སྟག་སྨན་སོར་ལྡེམ་མ། །སྲིང་ལྕམ་བརྟན་མ་བཅུ་གཉིས་པོ། །སྲིད་པའི་མ་མོ་སྟོང་ཕྲག་གཅིག །སྲིན་མོ་སྟོང་ཕྲག་དྲུག་ཅུ་བཞི། །འཁོར་དང་ཡང་སྤྲུལ་བསམ་མི་ཁྱབ། །འཇིག་རྟེན་མ་མོའི་ཚོགས་ལ་བསྟོད། །རྒྱས་པར་སྤྲོ་ན་ལྷ་མོའི་བསྐུལ་ཤེས་ཚད་འདིར་སྦྱར། དེ་ལྟར་ཁྱོད་ལ་བསྟོད་ཅིང་ཞུ་བ་ནི་ཞེས་སོགས་བྱ། ཡང་འཁོར་གྱི་བསྟོད་པ་ནི། རྒྱུད་ཀྱི་རྗེས་སུ་འབྲང་ནས་ཨ་རཱ་གས་སྦྱར་བའོ། །དེ་ལྟར་གཏོར་རྫོང་ཐམས་ཅད་ཚར་ནས། འདི་ལྟར་བསྐུལ་བའི་ལྷ་མོ་འཁོར་བཅས་གོ་གྱོན་མཚོན་ཐོགས་པར་བསམས་ལ། ཧཱུྃ། དཔལ་ལྡན་ལྷ་མོ་དམག་ལ་ཆོས། །སྲིད་པའི་རྒྱལ་མོ་དམག་ལ་ཆོས། །སྐུ་མདོག་མཐིང་ནག་འབར་བ་ལ། །ན་བཟའ་རེ་ལྡེ་ནག་པོ་གསོལ། །མི་ལྤགས་གཡང་གཞི་རློན་པ་གྱོན། །གླང་ཆེན་ཀོ་བས་སྐུ་སྟོད་གཡོགས། །ཞེ་སྡང་སྦྲུལ་གྱི་སྐ་རགས་བཅིངས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུས་དོ་ཤལ་བྱས། །ཆིབས་སུ་བོང་བུ་དམར་གྲྭ་ཆིབས། །རྫུ་འཕྲུལ་བོང་བུ་རླུང་བས་མགྱོགས། །ཕྱག་ན་རལ་གྲི་ནད་རྐྱལ་ཐོགས། །མ་མོ་བྱེ་བའི་

p. 331

དམག་དང་བཅས། །དགྲ་བོའི་སྟེང་དུ་དམག་དཔུང་ཆོས། །དེ་ཡི་ཁ་ཁྲིད་གཡོག་མོ་ནི། །རེ་མ་ཏི་ནི་སྐུ་མདོག་མཐིང་ནག་ལ། །ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས། །གཡས་གཡོན་གཉིས་ཀྱི་དང་པོ་ན། །ཁ་ཊཾ་དང་ནི་མེ་ལོང་འཛིན། །གཡས་གཡོན་གཉིས་ཀྱི་འོག་མ་ན། །ལྕགས་ཀྱི་ཕུར་བུ་སྦྲུལ་ཞགས་འཛིན། །དྨོརེ་ལྡེའི་ཤམ་ཐབས་སྐུ་ལ་གསོལ། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །དྲེལ་ནག་རྐང་གསུམ་རླུང་བས་མགྱོགས། །དཔལ་ལྡན་ལྷ་མོ་ཐོག་དང་འདྲ། །ནག་མོ་འབུམ་སྡེ་དམག་ལ་ཆོས། །དགྲ་བོའི་སྟེང་དུ་དམག་ལ་ཆོས། བྷྱོཿ ཤར་གྱི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་རྡོ་རྗེ་མཁའ་འགྲོས་གྱིས། །དམག་སྣ་དཔལ་ལྡན་ལྷ་མོས་དྲོངས། །དམག་སྟེང་ཡུལ་འཁོར་སྲུང་གིས་སྐྱོངས། །དམག་འདི་དགྲ་བོའི་ཡུལ་དུ་བྷྱོ། །བྷྱོ༔ ལྷོ་ཡི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་རིན་ཆེན་མཁའ་འགྲོས་གྱིས། །དམག་སྣ་རེ་མ་ཏི་ཡིས་དྲོངས། །དམག་སྟེང་འཕགས་སྐྱེས་པོ་ཡིས་སྐྱོངས། །དམག་འདི་དགྲ་བོའི་ཡུལ་དུ་དྲོངས། བྷྱོཿ ནུབ་ཀྱི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་

p. 332

པདྨ་མཁའ་འགྲོས་གྱིས། །དམག་སྣ་སྲིད་པའི་རྒྱལ་མོས་དྲོངས། །དམག་སྟེང་སྤྱན་མི་བཟང་གིས་སྐྱོངས། །དམག་འདི་དགྲ་བོའི་ཡུལ་དུ་དྲོངས། ། བྷྱོཿ བྱང་གི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་ལས་ཀྱི་མཁའ་འགྲོས་གྱིས། །དམག་སྣ་མ་མོ་ཡོངས་ཀྱིས་དྲོངས། །དམག་སྟེང་རྣམ་ཐོས་སྲས་ཀྱིས་སྐྱོངས། །དམག་འདི་དགྲ་བོའི་ཡུལ་དུ་བྷྱོ། །རིགས་བཞི་མཁའ་འགྲོ་དམག་ལ་ཆོས། །རྒྱལ་ཆེན་བཞི་ཡང་དམག་ལ་ཆོས། །མ་མོ་ཐམས་ཅད་དམག་ལ་ཆོས། །དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད། །སངས་རྒྱས་བསྟན་པ་རིན་ཆེན་དང་། །དམ་ཚིག་ཅན་གྱི་བྱ་ར་གྱིས། །སྡིག་ཅན་འདུལ་བའི་ཕྲིན་ལས་མཛོད། །དམ་ཉམས་དགྲ་ལ་ཁྲམ་ཁ་ཐོབ། །དམ་ཉམས་ཡུལ་དུ་དམག་ལ་ཆོས། །ཐུལ་ཅིག་སྡང་དགྲ་གནོད་པའི་བགེགས། །བཟློག་ཅིག་ལྷ་འདྲེའི་དམག་སྣ་དགྲ་ལ་ཟློག །དེ་ནས་གསེར་སྐྱེམས་གང་ཡང་རུང་བ་ལྟར་བྱའོ། །དེ་ནས་ཕྱོགས་བཞི་ནས་རྩང་རེ་ཤབ་ཅིང་། ཀྱེ། རི་རབ་གླིང་བཞིའི་ཤར་ཕྱོགས་ནས། །དར་དཀར་གུར་ཕུབ་ཀྱི་ལི་ལི། །དུང་གི་ཚུགས་ཤིང་ཧྲབས་སེ་ཧྲབ། །དར་དཀར་ཆོན་ཐག་སེངས་སེ་སེང་། །དར་དཀར་

p. 333

ཡོལ་བ་ལྷུབས་སེ་ལྷུབ། །དེ་འདྲ་གུར་གྱི་ནང་ཤེད་ནས། །བུད་མེད་དཀར་མོ་ཤེལ་གྱི་ལེན་ཕྲན་ཅན། །ཕྱག་ན་དུང་གི་ལྡེའུ་མིག་བསྣམས། །གླིང་བཞི་ཤར་གྱི་སྒོ་དབྱེ་འཚལ། །མདོས་བདག་ཆེན་མོས་མདོས་བཞེས་ལ། །གླུད་བདག་ཆེན་མོས་གླུད་ལོངས་ཤིག །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཀྱེ། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །མུ་མེན་གུར་ཕུབ་ཀྱི་ལི་ལི། །གཡུ་ཡི་ཚུགས་ཤིང་ཧྲབས་སེ་ཧྲབ། །དར་སྔོན་ཆོན་ཐག་སེངས་སེ་སེང་། །དར་སྔོན་ཡོལ་བ་ལྷུབས་སེ་ལྷུབ། །དེ་འདྲ་གུར་གྱི་ནང་ཤེད་ནས། །བུད་མེད་སྔོན་མོ་གཡུ་ཡི་ལེན་ཕྲན་ཅན། །གླིང་བཞི་ལྷོ་ཡི་སྒོ་དབྱེ་འཚལ། །མདོས་བདག་ཆེན་མོས་མདོས་བཞེས་ལ། །གླུད་བདག་ཆེན་མོས་གླུད་ལོངས་ཤིག །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཀྱེ། རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །དར་དམར་གུར་ཕུབ་ཀྱི་ལི་ལི། །བྱུ་རུའི་ཚུགས་ཤིང་ཧྲབས་སེ་ཧྲབ། །དར་དམར་ཆོན་ཐག་སེངས་སེ་སེང་། །དར་དམར་ཡོལ་བ་ལྷུབས་སེ་ལྷུབ། །དེ་འདྲ་གུར་གྱི་ནང་ཤེད་ནས། །བུད་མེད་དམར་མོ་ཟངས་ཀྱི་ལེན་ཕྲན་ཅན། །ཕྱག་ན་

p. 334

ཟངས་ཀྱི་ལྡེ་མིག་བསྣམས། །གླིང་བཞི་ནུབ་ཀྱི་སྒོ་དབྱེ་འཚལ། །མདོས་བདག་ཆེན་མོས་མདོས་བཞེས་ལ། །གླུད་བདག་ཆེན་མོས་གླུད་ལོངས་ཤིག །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཀྱེ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །དར་ནག་གུར་ཕུབ་ཀྱི་ལི་ལི། །ལྕགས་ཀྱི་ཚུགས་ཤིང་ཧྲབས་སེ་ཧྲབ། །དར་ནག་ཆོན་ཐག་སེངས་སེ་སེང་། །དར་ནག་ཡོལ་བ་ལྷུབས་སེ་ལྷུབ། །དེ་འདྲ་གུར་གྱི་ནང་ཤེད་ནས། །བུད་མེད་ནག་མོ་ལྕགས་ཀྱི་ལེན་ཕྲན་ཅན། །ཕྱག་ན་ལྕགས་ཀྱི་ལྡེ་མིག་བསྣམས། །གླིང་བཞི་བྱང་གི་སྒོ་དབྱེ་འཚལ། །མདོས་བདག་ཆེན་མོས་མདོས་བཞེས་ལ། །གླུད་བདག་ཆེན་མོས་གླུད་ལོངས་ཤིག །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཀྱེ། རི་རབ་ཆེན་པོའི་རྩེ་མོ་ནས། །དར་ཆེན་གུར་ཕུབ་ཀྱི་ལི་ལི། །གསེར་གྱི་ཚུགས་ཤིང་ཧྲབས་སེ་ཧྲབ། །དར་སེར་ཆོན་ཐག་སེངས་སེ་སེང་། །དར་སེར་ཡོལ་བ་ལྷུབས་སེ་ལྷུབ། །དེ་འདྲ་གུར་གྱི་ནང་ཤེད་ནས། །བུད་མེད་སེར་མོ་ལྕགས་ཀྱི་ལེན་ཕྲན་ཅན། །ཕྱག་ན་གསེར་གྱི་ལྡེའུ་མིག་བསྣམས། །གླིང་བཞི་དབུས་ཀྱི་སྒོ་དབྱེ་འཚལ། །མདོས་བདག་ཆེན་

p. 335

མོས་མདོས་བཞེས་ལ། །།གླུད་བདག་ཆེན་མོས་གླད་ལོངས་ཤིག །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །དེ་ནས་ལྷ་མོ་འཁོར་བཅས་མདུན་གྱིས་ནམ་མཁའ་ལ་བཏེག་སྟེ། ཨོཾ་བཛྲ་ལ་སྱ་རཱ་ག་ཡ་མི། སླར་གཏོར་ཆེན་དེ་གསོ་བྲན་བྱས་ལ་སྔར་ལྟར་བསྔོ། ཨོ་དཔལ་ལྡན་ལྷ་མོ་སོགས། བསྟོད་རིང་ཚར་གཅིག་གིས་བསྟོད། བྷྱོ། ད་ནི་གཏོར་མདོས་བསྐྱོད་རེ་རན། །ད་ནི་སྐུ་བསྐྱོད་བསྐྱོད་རེ་རན། །ལྷ་མོ་ནག་མོ་སྐུ་བསྐྱོད་འཚལ། །དགྲ་བོའི་ཡུལ་དུ་སྐུ་སྐྱོད་ཅིག །ཆིབས་ཁ་དགྲ་བོའི་ཡུལ་དུ་སྒྱུར། །ཕོ་བྲང་དགྲ་བོའི་ཡུལ་དུ་ཐོབ། །སྡང་བའི་དགྲ་ལ་ཞལ་ཁ་སྟོན། །བཀའ་ཆད་སྡང་བའི་དགྲ་ལ་ཆོད། །ཐུན་ཟོར་སྡང་བའི་དགྲ་ལ་རྒྱོབས། །ཐུགས་ཀྱི་མནག་པ་དགྲ་ལ་གྱིས། །མ་མོ་འཁོར་བཅས་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱིར། །དམག་ཚོགས་སྡང་བའི་དགྲ་ལ་ཡ། །སྡང་བའི་དགྲ་ལ་མདོས་ཟོར་ཡ། །གནོད་པའི་བགེགས་ལ་མདོས་ཟོར་ཡ། །བར་ཆད་བགེགས་ལ་མདོས་ཟོར་ཡ། །ཆག་ཆེན་ཉམ་ང་བཟློག་ཕྱིར་ཆོས། །བན་བྱད་བོན་བྱད་བཟློག་ཕྱིར་ཆོས། །རྒྱ་འདྲེ་སྟོང་འདྲེ་བཟློག་ཕྱིར་ཆོས། །མ་

p. 336

མོའི་ནད་ཡམས་བཟློག་ཕྱིར་ཆོས། །སྡེ་བརྒྱུད་ཆད་པ་བཟློག་ཕྱིར་ཆོས། །འབྱུང་པོའི་བར་ཆད་བཟློག་ཕྱིར་ཆོས། །ལྟས་ངན་མཚན་ངན་བཟློག་ཕྱིར་ཆོས། །དུས་མིན་འཆི་བ་བཟློག་ཕྱིར་ཆོས། །དུས་ཀྱི་འཆི་བ་བཟློག་ཕྱིར་ཆོས། །དགྲ་བོའི་མི་ནོར་ཆམ་ལ་ཕོབ། །དགྲ་བོའི་ཡུལ་ཁམས་བརླག་པར་གྱིས། །ཞེས་ཟ་ལམ་དགྲ་ལ་བསྟན་ནས་སྤྲུལ་པའི་དམག་དཔུང་མ་མོའི་དལ་ཡམས་དང་བཅས་པ་དགྲ་བོའི་ཡུལ་དུ་སྤྲིན་ནག་རླུང་གིས་དེད་པ་ལྟར་སོང་བར་བསམ་ཞིང་། གཏོར་མའི་ལམ་བསྟན་ནི་རི་ན་གཏོར་མ་ཕྱོགས་བཞིར་བཏེག་པའམ་ཁྱིམ་ནས་རང་གིས་གྱེར་ན་ཡང་ཆོག་སྟེ། བྷྱོཿ གཏོར་མའི་ལམ་བསྟན་གང་ན་བསྟན། །གཏོར་མའི་ལམ་བསྟན་ཤར་ན་བསྟན། །ཤར་ན་རྒྱལ་པོ་ཡུལ་འཁོར་སྲུང་། །སྐུ་བཟུར་དེ་ནི་སྤྱན་གཡོལ་ལ། །གཏོར་མ་དུར་ཁྲོད་གནས་སུ་སྐྱོལ། །ཡང་ན་སྡང་བའི་དགྲ་ལ་སྐྱོལ། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །ཡང་ན་གནོད་པའི་བགེགས་ལ་སྐྱོལ། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །དམར་གྱི་གཏོར་མ་འདི་བཞེས་ལ། །བྷྱོ༔ གཏོར་མའི་ལམ་བསྟན་གང་ན་བསྟན། །གཏོར་མའི་ལམ་བསྟན་ལྷོ་ན་བསྟན། །ལྷོ་ན་རྒྱལ་པོ་འཕགས་སྐྱེས་པོ། །སྐུ་བཟུར་དེ་ནི་སྤྱན་གཡོལ་

p. 337

ལ། །གཏོར་མ་དུར་ཁྲོད་གནས་སུ་སྐྱོལ། །ཡང་ན་སྡང་བའི་དགྲ་ལ་སྐྱེལ། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །ཡང་ན་གནོད་པའི་བགེགས་ལ་སྐྱོལ། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །དམར་གྱི་གཏོར་མ་འདི་བཞེས་ལ། །བྷྱོ༔ གཏོར་མའི་ལམ་བསྟན་གང་ན་བསྟན། །གཏོར་མའི་ལམ་བསྟན་ནུབ་ན་བསྟན། །ནུབ་ན་རྒྱལ་པོ་སྤྱན་མི་བཟང་། །སྐུ་བཟུར་དེ་ནི་སྤྱན་གཡོལ་ལ། །གཏོར་མ་དུར་ཁྲོད་གནས་སུ་སྐྱོལ། །ཡང་ན་སྡང་བའི་དགྲ་ལ་སྐྱོལ། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །ཡང་ན་གནོད་པའི་བགེགས་ལ་སྐྱོལ། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །དམར་གྱི་གཏོར་མ་འདི་བཞེས་ལ། བྷྱོཿ གཏོར་མའི་ལམ་བསྟན་གང་ན་བསྟན། །གཏོར་མའི་ལམ་བསྟན་བྱང་ནི་བསྟན། །བྱང་ན་རྒྱལ་པོ་རྣམ་ཐོས་སྲས། །སྐུ་བཟུར་དེ་ནི་སྤྱན་གཡོལ་ལ། །གཏོར་མ་དུར་ཁྲོད་གནས་སུ་སྐྱོལ། །ཡང་ན་སྡང་བའི་དགྲ་ལ་སྐྱོལ། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །ཡང་ན་གནོད་པའི་བགེགས་ལ་སྐྱོལ། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །དམར་གྱི་གཏོར་མ་འདི་བཞེས་ལ། །ཞེས་བརྗོད་ལ་ཕྱི་རོལ་དུ་

p. 338

ཁྱེར་རོ། །དེ་ནས་གཏོར་མ་དེ་དུག་གི་སྡོང་པོ་དང་། མེ་ཡི་ཕུང་པོ། ཆེན་པོར་བསམ་ལ་དཔལ་འབར་བཙུགས་ལ། གཟའ་དང་གདོང་མ་ཐུག་པར་དམིགས་བྱའི་ཕྱོགས་སུ་སྐྱོལ་བས། དགྲ་བོའི་མི་ནོར་ཁང་ཁྱིམ་དང་བཅས་པ་ནག་ཚོམ་ཤིང་སོང་བར་བསམ་མོ། །ཟོར་འཕེན་ན་རང་གཞུང་ལྟར་རམ་གཞན་ཕྱག་བཞི་པའི་ཕྱོགས་བཅུ་ཟོར་ལས་སོགས་བྱས་ཀྱང་རུང་ངོ། །ཕྱི་རོལ་དུ་ཕྱིན་ནས་གསེར་སྐྱེམས་ཡང་བྱའོ། །བྷྱོ༔ མ་གཡེལ་མ་གཡེལ་དམ་ཅན་ཚོགས། །བོས་པའི་ཚེ་ན་སྙན་མ་སྲ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །བསྒྲུབ་པའི་ཚེ་ན་གོང་མ་གཡེལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །ཤ་ཁྲག་ཟན་དུ་བོར་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །ལུས་སྲོག་འབེན་དུ་བཙུགས་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །དམ་རྫས་རྟེན་དུ་བཙུགས་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །ཕུག་པ་ཞ་ལྟར་གྱོན་ནས་ལྷ་མོ་ཁྱོད་བསྒྲུབ་བོ། །རྣལ་འབྱོར་བདག་ནི་ཅུང་ཤོད་གསུམ་བཞིན་རུལ། །དམ་ཉམས་དགྲ་ནི་གང་གི་སེང་བཞིན་རྒྱུག །ས་སྟེང་འདི་ན་བདག་ལ་མགོན་མེད་པས། །མ་གཅིག་དམ་ཅན་ཐུགས་རྗེས་མི་དགོངས་སམ། །འཁོར་གྱི་ཚོགས་ལ་བཀའ་ཉན་མི་མཛད་དམ། །དམ་ཉམས་དགྲ་ལ་ཕྲིན་ལས་མི་མཛད་དམ། །ལྷ་མོ་མི་ཕམ་ཡི་དམ་སྲོག་གི་ལྷ། །རྣལ་འབྱོར་བདག་

p. 339

གིས་དགྲ་བླ་མོ། །ནག་མོ་ཆེན་མོ་ཆར་སྤྲིན་མདོག །དཔལ་ལྡན་ལྷ་མོ་ཐུགས་དམ་ཅན། །རྡོ་རྗེ་ལྕམ་གཅིག་ལས་མཁན་མ། །སྲོག་གཅོད་ནད་གཏོང་བོང་ཞོན་མ། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །དམ་ཉམས་ཀུན་གྱི་རྒྱུན་གཅོད་མ། །དམ་ཚིག་ཅན་གྱི་ཚེ་འཛིན་མ། །ལེགས་ཉེས་ཀུན་གྱི་སྟངས་གཅོད་མ། །འཁོར་རྣམས་ཕོ་ཉར་ད་ཐོངས་ལ། །བསྟན་པ་འཇིགས་པའི་དམ་ཉམས་འདི། །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མ་ཉིད་དུ་སྒྲོལ། །བརྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་ཙམ་མམ་སྤྲོ་ན། བྷྱོཿ སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་གི་དེང་ནས་ཇི་སྲིད་འཁོར་བའི་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་ཀུན། །ཞི་བར་བྱ་ཕྱིར་ཚེ་དང་ལོངས་སྤྱོད་འཕེལ། །ནག་པོའི་ཕྱོགས་རྣམས་འགུགས་ཤིང་དབང་དུ་སྡུད། །སྨྱོ་འབོག་བསད་པ་ལ་སོགས་ལས་འདི་དག །བསྟན་པ་སྲུང་བའི་ལས་འདི་བསྒྲུབ་པར་བགྱི། །འདི་ལ་འགལ་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་

p. 340

བའི་རྡོ་རྗེའི་མགོ་འགེམ་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་དམ་བཅས་པའི། །དམ་བཅས་བཞིན་དུ་ལས་རྣམས་འགྲུབ་པར་མཛོད། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །མ་ཁྱོད་ཀྱི་ཞལ་ནས་བདུད་རྩི་ཆར་ཕོབ་ལ། །ནད་སོགས་སྡུག་བསྔལ་ཚོགས་རྣམས་ཞི་བར་མཛོད། །ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛོད། །ཟང་ཟིང་ལོ་ཏོག་འབྲུ་ཡི་ཕུང་པོ་དང་། རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བླ་མ་སྨད་ཅིང་དཀོན་མཆོག་དབུ་འཕང་སྨད། །བདག་གི་དགེ་བའི་བར་ཆད་བྱེད་པའི་དགྲ། །གནོད་པར་བྱེད་པའི་ལས་ངན་འཁོར་བཅས་ལ། །མ་ཁྱོད་ཀྱི་ཁ་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞི་ནད་རྣམས་སོ་ཁོང་ནས་སློང་། །ལྤགས་གཞི་ས་ལ་ལྷུང་ནས་བརྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔ་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་རྡུང་དུ་ཆུག །སྨྲེ་ངག་ཆོ་ངེས་གཏམ་དུ་འབོད་དུ་ཆུག །འཆི་བའི་དུག་མདས་སྨྱོ་འབོག་བསད་པར་མཛོད། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕོབ། །བསྟན་པ་སྲུང་བའི་ལས་འདི་མྱུར་དུ་མཛོད། །མ་

p. 341

བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་དང་། བྷྱོཿ རྡོ་རྗེ་གར་གྱི་བཀའ་བཟློག་མ། །ཤར་ཕྱོགས་གདོན་གྱི་སྐག་བསྒྱུར་ལ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་བཀའ་བཟློག་མ། །ལྷོ་ཕྱོགས་གདོན་གྱི་སྐག་བསྒྱུར་ལ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་བཀའ་བཟློག་མ། །ནུབ་ཕྱོགས་གདོན་གྱི་སྐག་བསྒྱུར་ལ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་བཀའ་བཟློག་མ། །བྱང་ཕྱོགས་གདོན་གྱི་སྐག་བསྒྱུར་ལ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ས་ངན་དགྲ་ལ་སྒྱུར། །གཞན་གྱིས་ཕུར་ཁ་འདེབས་པ་ཟློག །ཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱི་ཁྲམ་ལ་བཏབ་པ་ཟློག །མ་མོས་ཐུན་ཟོར་འཕེན་པ་ཟློག །ཀླུ་ཡིས་བྱེད་དུ་བཅུག་པ་ཟློག །ཕོ་ཉས་བླ་སྲོག་ཕྲོག་པ་ཟློག །ཐེའུ་རང་ཚེ་ལ་བརྐུ་བ་ཟློག །མུ་སྟེགས་བར་ཆད་

p. 342

བྱེད་པ་ཟློག །ཞང་ཞུང་ཛོ་དམར་འཕེན་པ་ཟློག །བོན་པོས་སྔགས་ལོག་བསྒྲུབ་པ་ཟློག །སུམ་པས་གླང་ཟོར་འཕེན་པ་ཟློག །སྐྱེས་པས་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ཞེས་བརྗོད་ཅིང་གཏོར་ཆེན་འབུལ་ལོ། །ཡང་གཏོར་མ་མེ་དཔུང་ཆེན་པོར་དམིགས་ནས་ནད་པ་གདོན་ཆེན་གྱི་སྟེང་དུ་རྫོགས་པའི་ཕྱག་ལེན་ཡོད་ཀྱང་། ཤིན་ཏུ་གཉན་པས་རང་ལ་ཉམས་གྲིབ་ཆེན་པོ་འོང་བར་འདུག་ཅེས་བདག་གི་བླ་མ་ཝོལ་ཝ་པས་གསུངས་སོ། །དེ་ནས་རྟ་བྲོ་ཕྱག་བཞི་པ་ལྟར་རིམ་གང་རུང་བྱའོ། །ནང་དུ་བསླེབས་ནས་ལྷ་མོ་ལ་མཆོད་བསྟོད་བསྡུས་པ་དང་། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ནས། དེ་ཀུན་ལྷ་མོས་བཟོད་པར་གསོལ། །ཅེས་ཡི་གེ་བརྒྱ་པ་བཟླས། ཨོཾ་བཛྲ་ལ་སྱ་རཱ་ག་ཡ་མི་ཧཱུྃ། ཞེས་ལྷ་མོ་དམ་ཚིག་པ་ཡེ་ཤེས་དབྱེར་མེད་པར་རྟེན་རྫས་བྲིས་སྐུ་ལ་བསྟིམ་པའམ། ཨོ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཞེས་སོགས་ནས། བཛྲ་མུཿ ཞེས་སེ་གོལ་ལན་གསུམ་གཏོགས་ལ། སྒྲུབ་པ་པོ་ཁྱོད་

p. 343

ཀྱིས་ཇི་ལྟར་བསྒོ་བ་བཞིན་བྱའོ། །ཞེས་གསུངས་ནས་འཁོར་དང་བཅས་པ་ཤོག་དེར་གྱི་གཤེགས་པར་བསམ། བཀྲ་ཤིས་བསྔོ་བ་སྨོན་ལམ་བྱ། ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་། །ཞེས་སོགས་བརྗོད། དེ་ལྟར་བྱས་པའི་འབྲས་བུ་ནི། དངོས་གྲུབ་འབྱུང་རྒྱུད་ལས། དེ་ལྟར་བསྟོད་པ་བྱེད་པའི་རྣལ་འབྱོར་པས་ཆོས་ཀྱི་སྲོག་ཤིང་ཆོས་ཀྱི་རྒྱལ་མཚན་བསྒྲེང་། །ཆོས་ཀྱི་དུང་འབུད་ཆོས་ཀྱི་སྒྲོན་མེ་སྦར། །དགེ་ལ་མོས་ཤིང་དད་པས་ལྷ་མོ་ལ། །བོས་ཤིང་བསྟོད་པ་མཆོག་གི་དུས་དྲུག་ཏུ། །ཡང་ན་མཚན་མ་རེ་ལ་བརྟག་པར་ནི། །གང་གིས་བསྟོད་པ་རྔ་གླིང་དབྱངས་དང་བཅས། །བསྟོད་པ་ཙམ་གྱིས་ལྷ་མོས་རྟག་ཏུ་བསྲུང་། །མཉེས་ནས་བསྟོད་པ་པོ་ལ་གྲིབ་བཞིན་འབྲངས། །བསམ་པ་དགོས་པ་ཐམས་ཅད་ཡིད་བཞིན་འགྲུབ། །ཅེས་དང་། མེ་ལྕེ་འབར་བའི་རྒྱུད་ལས། །འདི་ཡི་དོན་བསྒོམས་རྩེ་གཅིག་ཡིད་ཀྱིས་བཟླས་སོ། །འདིས་ནི་མི་ནུབ་རྒྱལ་མཚན་དམ་པ་ཐོབ། །འདིས་ནི་ཆོས་ཀྱི་དབང་ཕྱུག་གོ་འཕང་ཐོབ། །འདིས་ནི་ཡིད་བཞིན་རིན་ཆེན་འབར་བ་ཐོབ། །འདིས་ནི་ཅི་འདོད་ཐོག་མེད་དངོས་གྲུབ་ཐོབ། །ཅེས་དང་། ལྷ་མོ་ནག་མོའི་གཟུངས་ལས། འདི་བཏོན་པས་གདོན་ཐམས་ཅད་དང་། ནད་ཐམས་ཅད་དང་། རིམས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། མི་མ་ཡིན་པ་ཐམས་ཅད་དང་། ཉེས་པར་བསྒོམ་པ་ཐམས་ཅད་དང་། ཉེས་པར་ལྟ་བ་དང་། ཉེས་པར་བོར་བ་རྣམས་ཀྱི་སྟེང་དུ་ནི། གཞན་འཕྲུལ་དབང་བྱེད་ལ་ཐུག་པ་

p. 344

མན་ཆད་བཅིང་ངོ། །ཐད་ཀར་ཁོ་ར་འཁོར་ཡུག་ལ་ཐུག་པ་ཚུན་ཆད་བཅིང་ངོ། །འོག་ཏུ་མནར་མེད་པ་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་ངོ། །ཞེས་གསུངས་སོ། །འདིར་ལྷ་མོའི་རྒྱུད་དངོས་གྲུབ་འབྱུང་བའི་རྒྱུད་རྗེས་སུ་འབྲངས་ནས་བརྒྱ་རྩ་ལ་བསྟེན་ནས་དགྲ་བགེགས་སྒྲོལ་བའི་ཐབས་དང་། མེ་ལྕེ་འབར་བའི་དགོངས་པ་བརྒྱ་རྩ་ལ་བརྟེན་ནས་དགྲ་བོ་ཁྲག་ནད་ཀྱིས་བསད་པ་སོགས་ནི་རྒྱུད་གཞུང་རྣམས་སུ་གབ་ནས་སྣང་བས་འདིར་ཡང་མ་སྤྲོས་སོ། །འདི་ནི་དངོས་གྲུབ་འབྱུང་རྒྱུད་ཀྱི་ལུགས་བརྒྱ་རྩ་ཞེས་ཀྱང་བྱ། ལྷ་མོའི་རྩང་རྫོགས་ཞེས་ཀྱང་བྱ། ཉམས་ཆག་བསྐང་བ་དང་། རིམས་ནད་ཡམས་ནད་གཅོད་པ་དང་། མ་མོའི་འཁྲུགས་པ་བསྐང་བའི་ཐབས། རྒྱས་པར་བསྒྲིགས་ཆགས་སུ་བཀོད་པ་ཡིན་ནོ། །འདི་བྲིས་ཉེས་པ་གང་མཆིས་ལྷ་མོ་འཁོར་དང་བཅས་ལ་བཤགས། །དགེ་བས་འགྲོ་བའི་ནད་ཡམས་རྒྱུན་ཆད་ནས། །དུས་གསུམ་རྒྱལ་བའི་ཡུམ་ཆེན་འགྲུབ་ཕྱིར་བསྔོ། །འདི་ཉིད་ཐོག་མར་དབུ་བཙུགས་བྲིས་པའི་ཚེ། །ཆས་བཟང་བུད་མེད་མང་པོ་འདུ་བ་དང་། །བུད་མེད་དཀར་མོ་བཞད་ཅིང་འོང་བ་སོགས། །ལྷ་མོ་དགྱེས་པའི་རྨིས་ལྟས་ཅུང་ཟད་མཐོང་། །དེ་ཕྱིར་བཀྲ་ཤིས་གཞན་དོན་འབྱུང་ངམ་སྙམ། །ཞེས་པ་འདི་ནི་ལྷ་མོ་བསྒྲུབ་པ་ལ་ཤིས་པ་དཔྱིད་ཟླ་ར་བ་ལ་བྲིས་པའོ། །དགེ་སློང་ཀརྨ་ཨ་རཱ་གས་གསུངས། །འདི་འགྲོ་བ་རིམས་ནད་ཀྱི་འཚེ་བ་ཞི་བའི་ཕྱིར། །ངས་སེམས་བསྐྱེད་བཟང་པོའི་ཀུན་ནས་བསླང་སྟེ་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།

དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་གསོལ་ཁ་བདུད་རྩི་སྨན་གྱི་ཆུ་རྒྱུན་ནད་རིམས་རྒྱུན་གཅོད།

p. 345

དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་གསོལ་ཁ་བདུད་རྩི་སྨན་གྱི་ཆུ་རྒྱུན་ནད་རིམས་རྒྱུན་གཅོད་ཅེས་བྱ་བ་བཞུགས་སོ།

p. 346

སྲིད་པའི་རྒྱལ་མོ་སྲིད་པ་གསུམ་གྱི་བདག །སྲིད་ཞི་འཁོར་འདས་ཀུན་གྱི་དབང་བསྒྱུར་ཞིང་། །སྲིད་གསུམ་ལྷ་ཀླུ་མི་ཡི་ཕྱག་བྱས་མ། །སྲིད་གསུམ་འདྲེན་བྲལ་ལྷ་མོའི་སྐུ་ལ་འདུད། །ལྷ་མོ་འཁོར་བཅས་གསོལ་མཆོད་བྲི་བ་ལ། །དགོངས་པ་ཁྲོལ་ཞིང་བཀའ་གནོང་བྱིན་གྱིས་རློབས། །དེ་ཡང་ལྷ་མོའི་རྒྱུད་སྙིང་ལས། མི་མངོན་ནམ་མཁའི་དབྱིངས་རུམ་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་སྟོན། །སྔགས་ཀྱང་མི་གཅིག་སོ་སོར་བཟླས། །ཇི་ལྟར་བྱས་ཀྱང་ངོ་བོ་གཅིག །ཇི་ལྟར་བྱས་ཀྱང་ཕྲིན་ལས་བསྒྲུབས། །ཞེས་གསུངས་པ་ལྟར་ལྷ་མོ་དཔོན་གཡོག་ཐམས་ཅད་ཀྱི་

p. 347

གསོལ་ཀ་ཕྱོགས་གཅིག་ཏུ་བྱ་བ་ནི། ཀ་ཊོ་ར་སོགས་སྣོད་གཙང་མའི་ནང་དུ། ལྷ་མོའི་གཏོར་མ་ཟུར་གསུམ་ནག་པོ་རྩེ་ལ་མེ་རི་དང་རལ་གྲི་ཐོད་ཁྲག་གིས་མར་བརྒྱན་བྱ། དེའི་ལོག་གསུམ་གཏོར་ཆུང་ཟུར་གསུམ་གསུམ་བཞག །དེ་མཐར་ཟུར་གསུམ་བརྒྱད་ཀྱིས་བསྐོར། དེ་མཐར་གཏོར་ཆུང་ཟུར་གསུམ་བཅུའི་བསྐོར། དེ་རྣམས་ཀྱི་རྩེ་ལ་དཀར་བརྒྱན་བྱ། ཤ་དུམ་མཐེབ་སྐྱུའི་བསྐོར། སྨན་རཀ་མཆོད་པ་རྣམ་ལྔ་བཤམས། ལྷ་མོས་གཞུང་ནས་བདག་བསྐྱེད་ཕྱག་རྡོར་བསྒོམ་པར་གསུངས། འོན་ཀྱང་རྟ་མགྲིན་གུ་དྲག་གང་རེད་བསྒོམ་ཆོག །དེ་ནས་གཏོར་མ་ལ་འགུག་གཞུག་བསྡུས་པ་དང་། མཆོད་རྫས་རྣམས་བྷྱོ་བྷི་ཤོ་སོགས་ཀྱིས་བྱིན་གྱིས་བརླབས་ལ། མདུན་དུ་དུར་ཁྲོད་ཆེན་པོའི་ནང་། །མེ་འབར་ཁྲག་ཞག་རྒྱ་

p. 348

མཚོའི་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨོ་ལས་དུད་སོལ་ལྷ་མོ་ནག །ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །ཐོད་ཁྲག་ཤརྟི་རྩེ་གསུམ་འཛིན། །དུད་ཁྲོད་ཆས་བརྒྱད་མི་རོ་གསོལ། །བ་གླང་པགས་པ་རེ་ལྡེ་བགོས། །སྦྲུལ་རྒྱན་ཞབས་གཉིས་ལྕགས་སྒྲོག་གསོལ། །བོང་བུ་གྲྭ་དམར་ཆིབས་པའོ། །ཐུགས་ཀར་འོད་དབུས་སྔགས་ཕྲེང་གསལ། །ཧཱུྃ་ལས་ཧཱུྃ་བྱུང་བྷ་གར་ཐིམ། །ཧཱུྃ་ལ་སྱ་རཱ་ག་ཡ་མི་སྟེ། །གཞན་ཡང་ལྷ་མོ་དཔོན་གཡོག་རྣམས། །ཆུ་ལ་ཆུ་ཟླ་ཤར་བ་བཞིན། །སྐད་ཅིག་དྲན་རྫོགས་ཉིད་དུ་གསལ། ། བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའི་མཐིང་དཀྱིལ་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནི། །གྲུ་གསུམ་འབར་བའི་གཞལ་ཡས་ནང་། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་ནག་མོ་འབུམ་དང་བཅས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། ། བྷྱོཿ མུ་ལེ་མཚོ་དང་ཡོངས་འདུའི་ཤིང་། །དུར་ཁྲོད་བརྒྱད་སོགས་བཞུགས་གནས་

p. 349

ནས། །ལྷ་མོ་འཁོར་བཅས་སྤྱན་འདྲེན་ནོ། །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨེ་ཨ་ར་ལི་ཧཱུྃ་ཧཱུྃ་ཛཿ བྷྱོ༔ རླུང་དམར་དྲག་པོའི་ཤུགས་ལྡན་བོང་བུའི་སྟེང་། །དུར་ཁྲོད་ཆས་ལྡན་ཞབས་གཉིས་ལྕགས་སྒྲོག་གསོལ། །ཞལ་གདངས་མཆེ་གཙིགས་ཀཱི་ལི་ཀཱི་ལ་སྒྲོག །དཔལ་ལྡན་འདོད་ཁམས་དབང་ཕྱུག་བརྟན་པར་བཞུགས། །ས་མ་ཡ་སྟི། དཔལ་ལྡན་ལྷ་མོ་ཁྱོད་ཀྱིས་བདག་ལ་སྐུ་མྱུར་དུ་སྟོན་ཅིག །གལ་ཏེ་སྐུ་མི་སྟོན་ནའང་བདག་གི་ཡིད་ལ་ཅི་བསམ་པ་དེ་འགྲུབ་པར་གྱིས་ཤིག །ས་མ་ཡ་ཧ་ན་ཧ་ན་མ་ཏི་ཀྲ་མ་ནི་ཧཱུཾ་ཕཊ། དཔལ་ལྡན་ལྷ་མོ་འཁོར་བཅས་ལ། །ཁྲག་ཆེན་འབར་བའི་ཨནྡྷཾ་དང་། །ཞག་ཆེན་མཁྲིས་པའི་ཞབས་བསིལ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་གསུར་དང་ཞུན་ཆེན་མེ། །སྣ་ཚོགས་དྲི་ཡི་བྱུག་པ་དང་། །ཤ་ཆེན་ལྔ་ཡི་ཞལ་ཟས་དང་། །ཐོད་ཆེན་རྔ་དང་རྐང་ཆེན་དུང་། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །དེ་བི་ཀཱ་ལི་ས་པཱ་རི་ཝཱ་ར་ཨབྷཾ་སོགས་ནས་ཤབྟ་པྲ་ཏིཙྪ་སྭཱ་ཧཱ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་བྷནྡྷའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུ་གཏོར་མ་

p. 350

ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃ༔ གསུམ། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁཱ་ཧི། །མ་ཧཱ་ཡཱཾ་ས་ཁཱ་ཧི། །མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀཾ་ནི་རི་ཏི་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ལ་ཁཱ་ཧི། བྷྱོ་ཏྲག་རཀཱ་དེ་ཝ་ཧཱུྃ། བློ་རེ་མ་ཏི་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོ་ཨེ་ཀ་ཙ་ཏི་བྷྱོ་ཧྲི༔ ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བློ་རག་མོ་བློ་སྦྱོ་རྦད་རྦད༔ ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོ་བྷྱོ་ཏྲི་ཤ་ཧཱུཾ་བྷྱོ་རགོ་བྷྱོས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷྱོ་ར་ལི་ཕྲ་མ་ཡེ་ཛས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་པྲ་ཏི་ཧ་ལི་བྷ་ཏི་ཡེ་སྭཱ་ཧཱ༔ ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷྱོ་སིདྷ་མུ་ཁ་བྷྱོས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷྱོ་ས་ལེ་ས་ནི་ཨ་ནོ་མ་རཀྟ་བྱོས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷྱོ་ཙཎྜ་བྷི་ར་བྷྱོ་ཛས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོ་བྷྱོ་རུ་ཏྲ་ཀ་ལི་ཛས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་པྲི་ཏ་མུ་ཁ་བྷྱོས་པཱ་རི་

p. 351

ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་མ་ཧཱུྃ་ཧཱུྃ༔ བློ་ས་ཡ་སི་བྷྱོས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། སྙིང་འཕྲོག་མ་གསུམ། རིགས་བཞིའི་ལྷ་མོ། དུར་ཁྲོད་ཀྱི་བདག་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་མ་བཞི། འཁོར་ནག་མོ་འབུམ་སྡེ་རྣམས་དང་། གཞན་ཡང་རང་བྱུང་མ། ཨེ་ཀ་ཙ་ཏི། དམག་ཟོར་མ། ཁྲི་སྨན་སི་ལེ། དུར་ཁྲོད་བདག་མོ། སྟག་སོར་ལྡེམ། དངོས་གྲུབ་ཞལ་མ། བ་ལམ་གཏུམ་མོ་འཇིགས་བྱེད། སྤྱང་ཞོན་མ། ཡི་དྭགས་ཁ། རྡོ་རྗེ་གཡུ་སྒྲོན་མ། དབང་ཕྱུག་ཉེར་བརྒྱད། ལྷ་མོ་ཁོ་ལེ་མ་ལ་སོགས་པ་སྲིད་པའི་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་ཞལ་དུ་དམ་རྫས་བདུད་རྩི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་ཆེ་བ་ཕྱུངས། དཔལ་ལྡན་བླ་མའི་ཕྲིན་ལས་སྒྲུབས། སེམས་ཅན་གྱི་བདེ་སྐྱིད་སྤེལ་ཁྱད་པར་དུ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བདུད་དང་བར་ཆད་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། རླུང་མཁྲིས་བད་ཀན་

p. 352

འདུས་པ་ལས་གྱུར་པའི་ནད་རིགས་ཐམས་ཅད་ཞི་བ་དང་། ཆག་ཆེན་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་བཟློག་པ་དང་། ཡམས་ནད་རིམས་ནད་མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པའི་ཕྲིན་ལས་དུས་རྟག་ཏུ་མཛོད་ཅིག །ལྷ་མོ་རྣམས་ཀྱིས་དེ་ལྟར་བགྱིའོ་གསུངས་པར་བསམ། བྷྱོ། དགའ་བ་ཚལ་གྱི་དུར་ཁྲོད་ནས། །འདས་དང་མ་བྱོན་ད་ལྟར་གྱིས། །བསྟན་པ་སྲུང་བར་ཁས་བླངས་པའི། །དུད་སོལ་ལྷ་མོ་ཁྱོད་ལ་བསྟོད། ། བྷྱོ། ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་མཛད། །ལྷ་མོ་དཔལ་འབར་མ་ལ་བདག་བསྟོད་དོ། ། བྷྱོ། ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། །རོལ་པའི་མཚོ་བདུན་གནས་ཀྱི་གཙོ་མོ་མཛད། །ཀླུ་མོ་དཔལ་འབར་མ་ལ་བདག་བསྟོད་དོ། ། བྷྱོ། གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་པོས་བུ་མོ་ཤིང་གྲིབ་ཅན། །ནགས་ཚལ་དྲྭ་བ་ཅན་གྱི་གཙོ་མོ་མཛད། །གནོད་སྦྱིན་དཔལ་འབར་མ་ལ་བདག་བསྟོད་དོ། ། བྷྱོ། བདུད་ལ་དབང་བསྒྱུར་བདུད་མོ་དཔལ་

p. 353

འབར་མ། །རེ་ལྡེ་མགོ་ཉག་བུ་མོ་རེ་མ་ཏི། །བདུད་མཁར་རྩེ་དགུ་གནས་ཀྱི་གཙོ་མོ་མཛད། །བདུད་མོ་དཔལ་འབར་མ་ལ་བདག་བསྟོད་དོ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ལ། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད། །བདུད་རྩི་རླངས་པ་དཀར་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུས། །ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། །ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛོད། །དུག་གི་རླངས་པ་ནག་པོའི་ཕྱོགས་རྣམས་ཀྱིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་བྱེད་མ། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུས། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །དེ་ཕྱིར་མ་གཅིག་ནད་བདག་སྨན་གྱི་གཙོ། །ལྷ་མོ་ཁྱོད་ལ། བདག་གིས་རྟག་ཏུ་བསྟོད། ། བྷྱོ། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་གི་དེང་ནས་ཇི་སྲིད་འཁོར་བའི་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་ཀུན། །

p. 354

ཞི་བར་བྱ་ཕྱིར་ཚེ་དང་ལོངས་སྤྱོད་འཕེལ། །ནག་པོའི་ཕྱོགས་རྣམས་འགུག་ཅིང་དབང་དུ་སྡུད། །སྨྱོ་འབོགས་བསད་པ་ལ་སོགས་ལས་འདི་དག །བསྟན་པ་སྲུང་ཞིང་བདག་གིས་བསྒྲུབ་པར་བགྱི། །དེ་ལ་འགལ་ན་རྒྱལ་བའི་བཀའ་བསླུས་པས། །དུས་གསུམ་རྒྱལ་བའི་རྡོ་རྗེའི་མགོ་འགེམ་ཤོག །དེ་སྐད་རྒྱལ་བའི་སྤྱན་སྔར་དམ་བཅས་པའི། །དམ་བཅས་བཞིན་དུ་ལས་རྣམས་འགྲུབ་པར་མཛོད། །རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ། །ཞལ་ནས་བདུད་རྩི་ཆར་གྱི་རྒྱུན་ཕོབ་ལ། །ནད་སོགས་སྡུག་བསྔལ་མི་མཐུན་ཞི་བར་མཛོད། །ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད། །ཟང་ཟིང་ལོ་ཏོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། ། བྷྱོཿ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །འགྲོ་བའི་དོན་དུ་སྐུ་སྤྲུལ་ནས། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །མ་དང་སྲིང་ལྟར་བསྒྲུབ་ལ་བརྩོན། །ལྷ་མོ་འཁོར་དང་བཅས་ལ་བསྟོད། །དམ་རྫས་མཆོད་གཏོར་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཡམས་ནད་

p. 355

རིམས་ནད་ཞི་བ་དང་། །འབྲུ་དང་རྐང་འགྲོ་འཕེལ་བར་མཛོད། །འདོད་དགུ་ཐམས་ཅད་དབང་དུ་བསྡུས། །གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ། །མ་གཡེལ་མྱུར་དུ་ལས་མཛོད་ཅིག །ༀ་ཧཱུྃ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ནད་སརྔ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། སྤྲོ་ན་གནམ་ཆོས་ལྷ་མོའི་སྔགས་བཟླས་རུང་། །སྔགས་དེ་ཅི་ནུས་བཟླ་བར་བྱེད་པའི་ཚེ། །ལྷ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །ཧཱུྃ་མཐིང་དེ་ལ་སྔགས་ཕྲེང་གཡོན་དུ་འཁོར། །ཧཱུྃ་གི་ཐིག་ལེ་ཉི་མའི་དཀྱིལ་འཁོར་གྱུར། །དེ་ལས་འོད་འཕྲོས་བདག་དང་བསྲུང་བྱ་ཡི། །ནད་ཀུན་སིབ་སིབ་བསྡུས་ནས་ཉི་མར་བསྟིམ། །ཧཱུྃ་གི་ཟླ་ཚེས་ཟླ་བའི་དཀྱིལ་འཁོར་གྱུར། །དེ་ལས་འོད་འཕྲོས་འཇིག་རྟེན་ཁམས་རྣམས་ཀྱི། །བདུད་རྩི་བཅུད་བསྡུས་ལྷ་མོའི་སྤྱི་བོ་རུ། །བུམ་པ་དཀར་པོའི་ནང་ཞུགས་བདུད་རྩི་གྱུར། །ལྷ་མོའི་ཞལ་ཞུགས་སྐུ་ལུས་ངང་ལྟེམས་གང་། །ལྷ་མོའི་སྐུ་མདོག་སྟོན་ཀའི་ཟླ་ལྟར་གྱུར། །བདུད་རྩིའི་ཟེག་མ་འཁོར་ཀུན་ཞལ་དུ་ཞུགས། །ལུས་གང་ཐམས་ཅད་དཀར་པོ་ཤ་སྟག་གྱུར། །གཙོ་མོའི་བདུད་རྩི་མ་ཤོང་སྐྱུག་པའི་ཚུལ། །འོ་མའི་མདོག་འདྲ་བདེ་བའི་རེག་བྱ་ཅན། །ཆར་བབ་བཞིན་ནམ་ཆུ་བོའི་གཞུང་བཞིན་བབས། །རང་དང་བསྲུང་བྱ་ཀུན་གྱི་ཚངས་བུག་གང་། །ཁ་ནས་ཞུགས་ཏེ་ལུས་ཀུན་ངང་ལྟེམ་གང་། །མ་མོའི་གདུག་རྩུབ་མཁའ་འགྲོའི་ཁ་རླངས་དང་། །ནད་རིམས་ཐམས་

p. 356

ཅད་རླངས་པ་སྔོ་དམར་གྱི། །ཚུལ་དུ་དབང་པོའི་སྒོ་དང་བ་སྤུ་ཡི། །བུ་ག་ནས་ཐོན་ནམ་མཁར་འཇའ་ལྟར་ཡལ། །ལྷ་མོ་གཙོ་འཁོར་སེམས་ཀྱི་སྣང་བ་རྣམས། །རང་ལས་གཞན་དུ་མ་གྲུབ་སེམས་ཉིད་འདི། །ཡེ་ནས་འཕགས་བཞི་བསྐྱེད་མཛད་ཡུམ་ཆེན་མོ། །དོན་དམ་ལྟ་བའི་ངང་ལ་མཉམ་པར་བཞག །བུད་མེད་རྒྱན་ལྡན་དཀར་གསུམ་སྟེར་བ་དང་། །ཁྲུས་བྱེད་ཉི་མ་ཤར་ཕྱོགས་ལྟས་བཟང་འབྱུང་། །དེ་ནས་མངའ་གསོལ་ནི། ཧཱུྃ་བྷྱོཿ དཔལ་ལྡན་དུད་སོལ་ལྷ་མོ་ལ། །འདས་པའི་སངས་རྒྱས་ཡིན་པའི་ཕྱིར། །མར་མེ་མཛད་ཀྱིས་མངའ་གསོལ་བས། །དམ་ཆོས་མི་ནུབ་སྒྲོན་མེ་སྦར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ད་ལྟའི་སངས་རྒྱས་ཡིན་པའི་ཕྱིར། །ཤཱཀྱ་ཐུབ་པས་མངའ་གསོལ་བ། །བསྟན་པ་སྲུང་བའི་ལས་རྣམས་བཅོལ། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མ་བྱོན་སངས་རྒྱས་ཡིན་པའི་ཕྱིར། །བྱམས་པ་མགོན་པོས་མངའ་གསོལ་བ། །ཐུགས་ཉིད་མི་གཡོ་བྱམས་པའི་ངང་། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དུས་གསུམ་སངས་རྒྱས་མངའ་གསོལ་བ། །མི་བསྐྱོད་པ་ཡི་དབུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རྒྱལ་བ་རིགས་ལྔས་མངའ་གསོལ་བ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །དཔལ་ལྡན་དུད་

p. 357

སོལ་ལྷ་མོ་ལ། །རིགས་གསུམ་མགོན་པོས་མངའ་གསོལ་བ། །སྤྱན་གསུམ་དམར་ལ་སྡང་མིག་བསྒྲད། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ལྷ་ཆེན་རྣམས་ཀྱིས་མངའ་གསོལ་བ། །དབུ་སྐྲ་དམར་སེར་གྱེན་ལ་འབར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ཀླུ་ཆེན་རྣམས་ཀྱིས་མངའ་གསོལ་བ། །སྦྲུལ་ཆེན་བརྒྱད་ཀྱི་སྐུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །གཟའ་ཆེན་བརྒྱད་ཀྱིས་མངའ་གསོལ་བ། །སྨིན་མ་ཁམ་སེར་གྱེན་ལ་འབར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དྲང་སྲོང་རྣམས་ཀྱིས་མངའ་གསོལ་བ། །སྐུ་མདོག་སྔོ་ལ་ཀེང་རུས་གཟུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དཔའ་བོ་རྣམས་ཀྱིས་མངའ་གསོལ་བ། །ཕྱག་གཡས་དང་པོས་རལ་གྲི་ཕྱུར་།དཔལ་ལྡན་དུད་སོལ་ལྷ་མོ་ལ། །དཔའ་མོ་རྣམས་ཀྱིས་མངའ་གསོལ་བ། །ཕྱག་གཡོན་འོག་མས་ཐོད་ཁྲག་བསྣམས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ལྷ་མིན་རྣམས་ཀྱིས་མངའ་གསོལ་བ། །ཕྱག་གཡོན་དང་པོས་མདུང་དར་ཕྱར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མི་རྣམས་ཀུན་གྱིས་མངའ་གསོལ་བ། །ཕྱག་གཡོན་འོག་མས་རྩེ་

p. 358

གསུམ་བསྣམས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མགོན་པོ་རྣམས་ཀྱིས་མངའ་གསོལ་བ། །གསུས་ཁྱིམ་ཆེ་ལ་ཐུར་དུ་འཕྱང་། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ནོར་ལྷ་རྣམས་ཀྱིས་མངའ་གསོལ་བ། །རིན་ཆེན་འབར་བས་དབུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དུར་ཁྲོད་ཤ་ཟ་རྣམས་ཀྱིས་མངའ་གསོལ་བ། །མི་མགོ་རློན་པས་དོ་ཤལ་བྱས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །གཤིན་རྗེ་རྣམས་ཀྱིས་མངའ་གསོལ་བ། །གླང་ཆེན་ཀོ་རློན་སྐུ་ལ་གསོལ། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །དམན་མོ་རྣམས་ཀྱིས་མངའ་གསོལ་བ། །ཐལ་ཆེན་ཚོམ་བུ་ལུས་ལ་བྱུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མ་མོ་རྣམས་ཀྱིས་མངའ་གསོལ་བ། །ཁྲག་ཞག་ཐིག་ལེའི་སྐུ་ལ་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །།མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་བ། །བམ་ཆེན་རོ་ཡི་གདན་ལ་བཞུགས། དཔལ་ལྡན་དུད་སོལ་ལྷ་མོ་ལ། །སྲིན་པོ་རྣམས་ཀྱིས་མངའ་གསོལ་བ། །ཞབས་གཉིས་ལྕགས་སྒྲོག་འབར་བས་བརྒྱན། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །སྲིན་མོ་རྣམས་ཀྱིས་མངའ་གསོལ་བ། །རྫུ་འཕྲུལ་བོང་

p. 359

བུ་དམར་གྲྭ་ཆིབས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་བ། །སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །མེ་ལྷ་རྣམས་ཀྱིས་མངའ་གསོལ་བ། །སྐུ་ལ་བསྐལ་པའི་མེ་ཆེན་འབར། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རླུང་ལྷ་རྣམས་ཀྱིས་མངའ་གསོལ་བ། །རླུང་ནག་འཚུབ་མའི་ནང་དུ་བཞུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །ས་བདག་རྣམས་ཀྱིས་མངའ་གསོལ་བ། །རིན་ཆེན་འབར་བའི་མཁར་ན་བཞུགས། །དཔལ་ལྡན་དུད་སོལ་ལྷ་མོ་ལ། །རྣལ་འབྱོར་བདག་གིས་མངའ་གསོལ་ལོ། །དགྲ་ལ་རྦད་ན་ལས་ལ་མྱུར། །བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །འཁོར་གྱི་ལྷ་མོ་རྣམས་ཀྱི་གསོལ་མཆོད་ནི། བྷྱོཿ རང་བྱུང་རྒྱལ་མོ་རེ་མ་ཏི། །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །ཁཊཾ་ཞགས་པ་འོག་མ་གཉིས། །མེ་ལོང་ཕུར་པ་འཛིན་པ་སྟེ། །མདོག་ནག་བོང་དང་གླང་ལྤགས་གསོལ། །ཆིབས་སུ་དྲེའུ་སྔོ་ནག་བཅིབ། །རང་བྱུང་རྒྱལ་མོ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་

p. 360

ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། ། བྷྱོཿ དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་མདོག་ནག་མོ་ཞལ་གཅིག་པ། །ཕྱག་གཉིས་ཁྲམ་ཤིང་ནད་རྐྱལ་འཛིན། །རེ་ལྡེས་བརྒྱན་ཅིང་བོང་དམར་ཞོན། །ཤན་པ་ནག་མོ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོཿ སྔགས་སྲུང་ཨེ་ཀ་ཙ་ཏི་སྔོ། །ཞལ་གཅིག་པ་ཕྱག་གཉིས་གཡས་ཞིང་དབྱུག །གཡོན་པས་ལྕགས་སྤྱང་མགོ་དགུ་འཛིན། །ཆིབས་སུ་བོང་བུ་སྨུག་ནག་ཆིབས། །གཟིག་གི་ཤམ་ཐབས་སྨད་ལ་དཀྲིས། །གཅེར་བུ་སྤྱན་ཚེམས་ནུ་མ་གཅིག །ཨེ་ཀ་ཙ་ཏི་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས།

p. 361

གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། ། བྷྱོ། དཔལ་ལྡན་ལྷ་མོ་དམག་ཟོར་མ། །སྐུ་མདོག་ནག་མོ་གཡས་བེ་ཅོན། །གཡོན་པས་ཕྱག་ན་བྷནྡྲ་འཛིན། །སྐུ་ལ་རེ་ལྡེའི་ཤམ་ཐབས་གསོལ། །དྲེའུ་རྐྱང་སེར་ཆིབས་སུ་ཆིབས་།དམག་ཟོར་རྒྱལ་མོ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔ ལྷ་མོ་ཁྲི་སྨན་སི་ལེ་མ། །ཞལ་ཅིག་ཕྱག་གཉིས་གཡས་བ་དན། །གཡོན་པས་ཕྱག་ན་བྷན་འཛིན། །དབུ་སྐྲ་ཐོར་ལྕོག་ཐུར་བཤལ་ལ། །གཅེར་བུ་གཡང་གཞི་སྐུ་ལ་གསོལ། །ཆིབས་སུ་ཆུ་བྱ་རོག་མོ་། །ཁྲི་སྨན་སི་ལེ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །

p. 362

ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔ མ་མོ་དུར་ཁྲོད་བདག་མོ་ནི། །སྐུ་མདོག་ནག་མོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པ་གྲི་གུག་སྟེ། །གཡོན་པ་ཐོད་ཁྲག་སྐུ་སྟོད་ནི། །རེ་ལྡེ་ཤམ་ཐབས་གཡུ་ཡི་ག །ཕྲག་ལྷ་བཀལ་བ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔ མ་མོ་སྟག་སྨན་སོར་ལྡེམ་སེར། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད། །གཡང་གཞི་ཞིང་ཤམ་སྟག་ལ་ཆིབས། །སྟག་སྨན་སོར་ལྡེམ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔

p. 363

དངོས་གྲུབ་ཞལ་མ་སྐུ་མདོག་སེར། །གཡས་པས་ལྕགས་ཀྱུ་གཡོན་ཞགས་པ། །གཅེར་བུ་མི་ལྤགས་གཡང་གཞི་གསོལ། །གསེར་གྱི་གའུ་ཕྲག་ལ་བཀལ། །དངོས་གྲུབ་ཞལ་མ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། ། བྷྱོཿ མ་མོ་བ་ལམ་དྲིལ་སྣ་ནག །ཞལ་ལོ་གཅིག་ཕྱག་གཉིས་ཞགས་པ་ཁྲག །ཆིབས་སུ་དྲེལ་ནག་རྐང་གསུམ་ཆིབས། །བ་ལམ་དྲིལ་སྣ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔ མ་མོ་གཏུམ་བྱེད་འཇིགས་བྱེད་སྨུག །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །ཁཊཾ་གཡོན་པས་དུང་དམར་འཛིན། །དངུལ་ག་ཕྲག་

p. 364

བཀལ་ཞིང་ཆེན་དང་། །ཐོད་སྐམ་དོ་ཤལ་དབུ་ལ་བརྒྱན། །གཏུམ་མོ་འཇིགས་བྱེད་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོཿ དཔལ་ལྡན་ལྷ་མོ་སྤྱང་ཞོན་མ། །སྐུ་མདོག་སྨུག་པོ་གཡས་ཁཊཾ། །གཡོན་པས་ཐོད་ཁྲག་སྤྱང་ཀི་ནི། །མགོ་བོ་དགུ་པ་ཆིབས་སུ་ཆིབས། །ལྷ་མོ་སྤྱང་ཞོན་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་མཆོད་གཏོར་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། ། བྷྱོཿ མ་གཅིག་ལྷ་མོ་ཡི་དྭགས་ཁ། །སྐུ་མདོག་ནག་མོ་གཡས་བྷནྡྷ། །གཡོན་པས་ནད་ཀྱི་རྐྱལ་པ་འཛིན། །རྡོ་ཡི་གའུ་ཕྲག་ལ་བཀལ། །འཁོར་དང་བཅས་པ་མ་ལུས་ཀུན། །འདིར་གཤེགས་བརྒྱན་པའི་མཆོད་གཏོར་

p. 365

བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔ དབང་ཕྱུག་སྲིན་མོ་གཡག་གདོང་མ། །སྐུ་མདོག་སྨུག་མོ་ཞལ་གཅིག་མ། །ཕྱག་གཉིས་གཡས་པས་རྡོ་རྗེ་སྟེ། །གཡོན་གྱི་ཕྱག་ན་བྷནྡྷ་འཛིན། །དེ་ལ་དབང་ཕྱུག་ཉེར་བརྒྱད་ཀྱི། །ཀུན་གྱིས་བསྐོར་བ་མ་ལུས་ཀུན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔ དཔལ་ལྡན་ལྷ་མོ་ཁོ་ལེ་མ། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །ཁཊཾ་གཡོན་པས་རླུང་ཞགས་འཛིན། །ཞབས་གཉིས་བསད་དེ་མེ་ཏོག་སྟེང་། །འཁོར་དུ་སྣང་སྲིད་མ་མོས་བསྐོར། །ལྷ་མོ་ཁོ་ལེ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་

p. 366

གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །བྷྱོ༔ ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །སྐུ་མདོག་དཀར་གསལ་ཞལ་གཅིག་པ། །ཕྱག་གཉིས་མེ་ལོང་མདའ་དར་འཛིན། །ཤ་བ་ཡུ་མོ་ཆིབས་སུ་ཆིབས། །འཁོར་དུ་བརྟན་མ་བཅུ་གཉིས་ནི། །བུད་མེད་མཛེས་མའི་གཟུགས་ཅན་ལ། །རིན་ཆེན་རྒྱལ་མཚན་ཕྱག་མཚན་ཐོགས། །མཐུན་པའི་ཆིབས་པ་སྣ་ཚོགས་ཆིབས། །གཡུ་སྒྲོན་བརྟན་མ་བཅུ་གཉིས་ནི། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ནད་རིམས་ཡམས་ནད་མི་མཐུན་སོགས། །ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ། །སྤྲོ་ན། རྡོ་རྗེ་བརྟན་མ་གཡུ་སྒྲོན་མ། །སྐུ་མདོག་ཀུནྡ་ལྟར་དཀར་ཞིང་། །བཅུ་དྲུག་ལོན་པའི་ལང་ཚོ་ཅན། །ཁྱད་པར་འཕགས་པའི་ལྷ་མོ་ནི། །ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། །སྤྱན་གཉིས་སྒྲུབ་པ་པོ་ལ་གཟིགས། །གཡུ་ཡི་སྨིན་མ་

p. 367

དུང་གི་ཚེམས། །ཕྱག་གཡས་མདའ་དར་ནམ་མཁར་ཕྱར། །གཡོན་པས་དངུལ་དཀར་མེ་ལོང་འཛིན། །སྨན་ཤ་ཡུ་མོ་ཆིབས་སུ་ཆིབས། །ལྷ་རྫ་ས་ན་བཟའ་དགུ་བརྩེགས་གསོལ། །རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན། །ཁྱོད་ཀྱི་ན་བཟའི་སུལ་རྣམས་ལས། །རིན་ཆེན་སྣ་ཚོགས་ཆར་དུ་འབེབས། །བསྒྲུབ་མཆོག་འདོད་པའི་རེ་བ་བཀང་། །མཁའ་འགྲོ་དཀར་མོས་ཚོགས་ཀྱིས་བསྐོར། །ལྷབ་ལྷུབ་ན་བཟའི་རྒྱན་རྣམས་ལྡན། །སིལ་སྙན་མང་པོས་སྒྲ་དང་བཅས། །བྲན་གཡོག་མང་པོས་འཁོར་གྱིས་བསྐོར། །འདིར་བྱོན་གཙང་མའི་ཕུད་ལ་རོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ། །སྔོན་ཚེ་པདྨའི་བཀའ་བཞིན་དུ། བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །རིགས་བཞི་སྨན་བཙུན་མཆེད་བཞི་ནི། །སྔོ་སེར་དམར་དང་ལྗང་བའི་མདོག །དྲེལ་རྟ་རྐྱང་དང་འབྲོང་ལ་ཆིབས། །རང་རང་རིགས་ཀྱི་ཕྱག་མཚན་འཛིན། །རིགས་བཞི་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ལྷབ་ལྷུབ་ན་བཟའི་རྒྱན་རྣམས་ལྡན། །སིལ་སྙན་མང་པོས་སྒྲ་དང་བཅས། །བྲན་གཡོག་མང་པོས་

p. 368

འཁོར་གྱིས་བསྐོར། །འདིར་བྱོན་གཙང་མའི་ཕུད་ལ་རོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །སྔོན་ཚེ་པདྨའི་བཀའ་བཞིན་དུ་། །བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །རྡོ་རྗེ་བརྟན་མ་བཅུ་གཉིས་ནི། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ལྡན། །སོ་སོར་ཞོན་པ་སྣ་ཚོགས་ཆིབས། །རིགས་དང་མཐུན་པའི་འཁོར་གྱིས་བསྐོར། །ཕྱི་འཁོར་སྨན་མོ་འབུམ་ཕྲག་དང་། །མ་ལུས་འཁོར་དང་ཡང་འཁོར་བཅས། །ལྷབ་ལྷུབ་ན་བཟའི་རྒྱན་རྣམས་ལྡན། །སིལ་སྙན་མང་པོས་སྒྲ་དང་བཅས། །བྲན་གཡོག་མང་པོས་འཁོར་གྱིས་བསྐོར། །འདིར་བྱོན་གཙང་མའི་ཕུད་ལ་རོལ། །དམ་རྫས་གཏོར་མ་འདི་བཞེས་ལ། །སོ་སོའི་དངོས་གྲུབ་ཐམས་ཅད་སྩོལ། །སྔོན་ཚེ་པདྨའི་བཀའ་བཞིན་དུ། །བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད། །རྡོ་རྗེ་གཡུ་སྒྲོན་མ་ལ་སོགས། །དཔལ་ལྡན་ལྷ་མོ་འཁོར་བཅས་ལ། །སྔ་མ་ལས་བཅོལ་ཞུ་སྐྱེམས་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་འདི། །དགྱེས་པ་ཆེན་པོས་བཞེས་སུ་གསོལ། །རྡོ་རྗེ་འཆང་དབང་ཧེ་རུ་ཀ །སྟོན་པ་གསང་བདག་རྟ་མགྲིན་དང་། །མཁའ་འགྲོ་

p. 369

སེང་གདོང་པདྨ་འབྱུང་། །བཞད་པ་རྡོ་རྗེ་ཀརྨ་པ། །སངས་རྒྱས་དབོན་པོ་གར་གྱི་བདག །སུམ་ལྡན་རྡོ་རྗེ་འཛིན་པ་ཡི། །བཀའ་དང་དམ་ལས་མ་འདའ་བར། །མ་ལྟར་བསྟེན་ན་དབང་མ་ཆེ། །སྲིང་ལྟར་བསྟེན་ན་སྙིང་མ་རིང་། །མཛའ་ལྟར་བསྟེན་ན་གཞུང་མ་ངན། །བྲན་ལྟར་བསྟེན་ན་ཞེ་མ་སྡང་། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བདག་གིས་བརྒྱུད་པའི་བསྟན་པ་བསྲུང་། །བླ་མ་རྣམས་ཀྱི་སྐུ་ཚེ་བསྲིང་། །ལུང་སྟོན་ཆོས་སྲིད་འཛིན་པ་ཡི། །དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །སྣང་སྲིད་ཐམས་ཅད་དབང་དུ་བསྡུས། །བསྟན་དང་བདག་ཅག་སློབ་དཔོན་ལ། །སྡང་བའི་དགྲ་བོ་ཐམས་ཅད་ཐུལ། །བྱིན་པའི་ཟས་འདི་ཁྱོད་ཀྱིས་གསོལ། །བཅོལ་བའི་ལས་རྣམས་ཐམས་ཅད་སྒྲུབས། །ཇི་ལྟར་གདམས་པའི་ངག་ལ་ཉོན། །བདག་གིས་དགོས་པའི་དོན་རྣམས་སྒྲུབས། །མ་རུངས་གདུག་པའི་དགྲ་འདི་སོད། །གནོད་པར་བྱེད་པའི་བགེགས་རྣམས་ཐུལ། །བར་ཆད་རྐྱེན་རྣམས་ཐམས་ཅད་ཟློག །གདོད་སའི་གནས་མལ་ཁྱེད་

p. 370

ཀྱིས་སྲུངས། །ཉེ་བར་མཁོ་བའི་ཡོ་བྱད་སྤེལ། །རྒྱུད་པ་འཛིན་པའི་ལས་རྣམས་བསྒྲུབས། །འདི་ནས་བྱང་ཆུབ་མ་ཐོབ་བར། །རྟག་ཏུ་མི་འབྲལ་འགྲོགས་ནས་ཀྱང་། །ཇི་ལྟར་འདོད་པའི་ལས་རྣམས་བསྒྲུབས། །འབད་པ་མེད་པར་འགྲུབ་པར་མཛོད། །དེ་ནས་འདོད་གསོལ་ཕྲིན་ལས་བཅོལ་བ་འདི་རྒྱས་པར་ན་ལྷ་མོ་ཐམས་ཅད་ལ་སྦྱར། བསྡུ་ན་གཅིག་གིས་ཆོག །འདན་པ་རྣ་འཇུ་སར་པ་ཏ། །ཧུར་ཐུམ་ནད་རྣམས་ཞི་བར་མཛོད། །རྒྱུ་ཟེར་འབྲས་ཟེར་གདུག་པ་ཅན། །མི་མཐུན་ནད་རྣམས་བཟློག་ཏུ་གསོལ། །མིག་སེར་གྲེ་འབྱར་གཟེར་ཐུམ་སོགས་། །མདའ་བརྒྱབས་ནད་ཀུན་ཞི་བར་མཛོད། །དཀར་ཁྲ་མ་མོས་བདུད་ཀྱི་གླང་། །མགོ་བསྐོར་བྱེད་པའི་ནད་ཀུན་ཟློག །གཟེར་ཐུམ་མིག་བརྒྱ་ཧུར་ཐུམ་སོགས། །སྡང་བའི་ནད་ཀུན་ཞི་བར་མཛོད། །གདུག་པ་དམར་བཤལ་གྲེ་ཐམ་སོགས། །།སྐད་ཅིག་ནད་ཀུན་ཞི་བར་མཛོད། །ལང་བ་ཐོར་པ་ཉ་གས་སོགས། །ཤིན་ཏུ་མི་ཀུན་གདུག་པའི་ནད་ཀུན་ཟློག །མདོར་ན་རིམས་ཀྱི་རིགས་གྱུར་པ། །འཐོར་ནད་འཁྱམ་ནད་ངན་པ་ཟློག །ཅེས་སྦྱར། དེ་ནས་བཤགས་པ་བྱ་བ་ནི། སླར་ཡང་གཏོར་མ་གསོ་བྲན་བྱས་ལ། ཀརྨ་པཀིས་སྦྱར་

p. 371

བའི་བསྐང་ཐུང་འདོན་པའོ།། ཨོཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ༔ སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བསྐང་རྫས་ཀྱི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། བྷྱོ༔ མཁའ་ལྡིང་ཤེལ་སྒོང་རྩ་ར་ཤ་ཁྲག་དང་། །ཚིལ་ཆེན་གསུར་དང་སྣང་གསལ་རྐང་དུང་དང་། །བོང་བུ་རེ་ལྡེ་གླང་ཆེན་བྱ་ནག་སྙིང་། །ཚོགས་དང་གཏོར་མས་མཁའ་འགྲོའི་ཐུགས་དམ་བསྐང་། །ལྷ་མོ་དུད་སོལ་སྐུ་མདོག་ཆར་སྤྲིན་མདོག །ཐོད་ཁྲག་རལ་གྲི་མདུང་དང་ཏྲི་ཤུ་ལ། །བསྟན་པའི་བར་ཆད་བསྒྲལ་ཕྱིར་ཕྱག་ན་བསྣམས། །བསྟན་སྲུང་ཚོ་ཞལ་བཞེས་ལྷ་མོའི་ཐུགས་དམ་བསྐང་། །ལན་བུ་གཡོན་འཁྱིལ་ཐོད་སྦྲུལ་དར་ནག་བརྒྱན། །ཐོད་ཕྲེང་ཀོ་རློན་རེ་ལྡེ་སྤྲུལ་གྱི་བརྒྱན། །ཀེང་རུས་ལུས་ཅན་ཁྲག་དང་ཞག་གི་བརྒྱན། །དུར་ཁྲོད་བརྒྱན་ལྡན་ལྷ་མོའི་ཐུགས་དམ་བསྐང་། །མི་རོ་ཁར་བཅུག་མཆེ་གཙིགས་སྤྱན་རྩ་དམར། །ཞབས་ནི་ལྕགས་སྒྲོག་གིས་བརྒྱན་བོང་བུ་བཅིབ། །སྐད་ནི་དུང་དང་འབྲུག་གི་སྒྲ་ལྟར་སྒྲོག །དམ་ཅན་སྐྱོང་མཛད་ལྷ་མོའི་ཐུགས་དམ་བསྐང་། །རྟག་གཏོར་རྒྱུན་གཏོར་བདུད་རྩི་མདའ་དར་དང་། །བྱ་ནག་སྙིང་དང་གསུར་ཆེན་རཀྟ་

p. 372

དང་། །ཞུ་ཆེན་མར་མེ་བོང་བུ་གཟུངས་སྔགས་དང་། །མི་རྐང་གླིང་བུ་ཤ་ཁྲག་གཏོར་མ་ཡི། །ལྷ་མོ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བདུད་མོ་བཞི་དང་ཕྲ་མེན་སྒོ་མ་བཞི། །དུར་ཁྲོད་བདག་མོ་མ་མོ་མཁའ་འགྲོ་བརྒྱད། །མཐུན་རྫས་ཚོགས་དང་གཏོར་མས་ཐུགས་དམ་བསྐང་། །ཐུགས་དམ་མ་གཡེལ་བུ་བཞིན་བརྩེར་དགོངས་ལ། །བསྟན་པ་སྲུང་ལ་བར་ཆད་རྐྱེན་ངན་ཟློག །དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །མཐོལ་བཤགས་བཟོད་གསོལ་ཚངས་པའི་དངོས་གྲུབ་སྩོལ། །ཀརྨ་པཀིས་མཛད་པའོ། །ཞེས་མ་མོས་རྒྱུན་གཏོར་བསྐང་བ་བྱས་ཤིང་། དེ་ནས་མ་མོའི་འཁྲུགས་བསྐོང་སོགས་འདོན། དེ་ནས་མ་མོའི་སྤྱི་བསྐང་ནི། བྷྱོཿ བྱང་ཤར་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་དུད་སོལ་མ། །ཡམས་ནད་ཞི་མཛད་བཀྲ་ཤིས་ཤཱ་ཝ་རི། །བདུད་རྩི་སྨན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །མགོན་པོའི་ལྕམ་གཅིག་དཔལ་ལྡན་རང་བྱུང་མ། །སྲིད་པའི་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ས་བརྒྱད་སེམས་མ་ཆེན་མོའི་ཐུགས་དམ་བསྐང་། །གསང་སྔགས་སྲུང་མ་སྔགས་སྲུང་

p. 373

རལ་གཅིག་མ། །དཔག་བསམ་ཤིང་གི་བདག་མོ་འོད་ཟེར་ཅན། །ཨོ་རྒྱན་གནས་ཀྱི་གཙོ་མོ་ཕག་ཞལ་ཅན། །དཀྱིལ་འཁོར་ཀུན་གྱི་གཙོ་མོའི་ཐུགས་དམ་བསྐང་། །མི་མངོན་དབྱིངས་ནས་ངོ་བོ་གཅིག་ཡིན་ཏེ། །ངོ་བོ་གཅིག་ལ་སྤྲུལ་པ་སྟོང་ཕྲག་འགྱེད། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ་ཕྲག་རེ། །ཁམས་གསུམ་ཀུན་ཁྱབ་ལྷ་མོའི་ཐུགས་དམ་བསྐང་། །ངོ་བོ་གཅིག་ལ་རྣམ་པ་དཔོན་གཡོག་ཚུལ། །བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི། །སྤྲུལ་པ་རེ་ཏི་མཆེད་བཞི་འཁོར་ཚོགས་འབུམ། །མ་གཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ནམ་མཁའ་ལྡིང་། །མིའམ་ཅི་དང་གྲུལ་བུམ་བྲམ་ཟེ་མི། ཀུན་གྱི་བསྟོད་ཅིང་ཕྱག་བྱས་མངའ་གསོལ་བ། །སྲིད་གསུམ་འདྲེན་བྲལ་ལྷ་མོས་ཐུགས་དམ་བསྐང་། །དབྱིངས་ཀྱི་ཁྲོ་རྒྱལ་རྣམ་པར་སྣང་མཛད་སྟེ། །འགྲོ་བའི་དོན་དུ་ས་བརྒྱད་སེམས་མར་སྤྲུལ། །འཇིགས་པའི་སྐུར་སྟོན་གདུག་པ་ཀུན་འདུལ་མ། །རབ་འཇིགས་ཁྲག་འཐུང་རྒྱལ་མོའི་ཐུགས་དམ་བསྐང་། །མིང་བརྒྱ་མཚན་སྟོང་རྣམ་འཕྲུལ་བསམ་མི་ཁྱབ། །རྫུ་འཕྲུལ་དཔག་མེད་མཐུ་རྩལ་ཐོག་པ་མེད། །

p. 374

དམ་ཚིག་རྗེས་གཅོད་རྣལ་འབྱོར་དྲོད་ཚད་ཉུལ། །དམ་ཅན་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །དཀར་སེར་དམར་ལྗང་ཞི་དང་ཞི་མ་ཁྲོ། །སྣ་ཚོགས་སྐུ་དང་དེ་བཞིན་སྣ་ཚོགས་བདག །སྣ་ཚོགས་ཕྲིན་ལས་དངོས་གྲུབ་ཀུན་འབྱུང་བའི། །ཡིད་བཞིན་ནོར་མཆོག་ལྷ་མོའི་ཐུགས་དམ་བསྐང་། །ཕྱི་ཡི་གནས་ཡུལ་ནང་གི་རྩ་རླུང་ཁམས། །གསང་བ་རང་གི་སེམས་དང་དབྱེར་མེད་ཅིང་། །འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་བསྒྱུར་བའི། །ཀུན་ཁྱབ་ཀུན་བཟང་ལྷ་མོའི་ཐུགས་དམ་བསྐང་། །འདོད་པའི་ཁམས་ནས་འདོད་ཆགས་ལས་གྱུར་པའི། །སྣང་སྲིད་ལྷ་མོ་མཁའ་འགྲོ་ཅི་མཆིས་པ། །ཐམས་ཅད་ཁྱེད་ཀྱི་འཁོར་གཡོག་ཕོ་ཉ་སྟེ། །མོ་རྒྱུད་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །བདག་ཅག་ས་དཔོན་སློབ་འཁོར་དང་བཅས་པ་ཡི། །ཉམས་ཆག་འགལ་འཁྲུལ་རྟོག་སྒྲིབ་ཅི་མཆིས་པ། །ལྷ་མོ་དཔོན་གཡོག་འཁོར་དང་བཅས་ལ་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཡམས་ནད་རིམས་ནད་ཞི་བའི་ཕྲིན་ལས་མཛོད། །ཅེས་ཨ་རཱ་གས་སོ།། ༈ གལ་ཏེ་ཐུན་མཚམས་གཏོར་མ་འབུལ་འདོད་ན། །འགུག་གཞུག་བྱའམ་མ་བྱས་ནའང་རུང་། །ངོ་བོ་གནོད་

p. 375

བྱེད་དགྲ་བགེགས་ཤ་ཁྲག་ལ། །རྣམ་པ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་དམིགས། ཨོ་ཨཱཿཧཱུྃ་ཧ་ཧོ་ཧི༔ མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཧཱུཾ། ཨོཾ་བཛྲ་སཏཱ་ས་མ་ཡ། སོགས་ཡིག་བརྒྱ་དང་། རྒྱས་པར་འདོད་ན་བསྟོད་རིང་འདོན། བྷྱོཿ དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཅིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གིས་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱི་བསྒྲུབ་པར་གྱིས། །ༀ་ཧཱུྃ་ཤྲི་ཡ་དེ་ཝི་ཀཱ་ལི་མཐར། །ཨོ་གི་ཧྥ་གྷི་གྷ་སརྦ་དུཏྟཾ་བྷཀྵ་བྷཀ་ཕྲེ་ཕྲ་ཕྱི་ཕྲ་ཕཊ་སྭཱ་ཧཱ། ཞེས་ཐུན་གཏོར་གཏོར་ཆེན་དྲུང་ངམ་ཕྱི་རོལ་འབུལ། གཏོར་མགྲོན་དུས་བྲིས་སྐུ་ཡོད་ན་དེ་ལ་ཐིམ་པར་བསམ། མེད་ན་ལྷ་མོས་ཞལ་ནས་རྣལ་འབྱོར་པ་ཁྱོད་ཀྱི་དོན་ཐམས་ཅད་བདེ་བར་འགྲུབ་བོ་ཞེས་གསུངས་ནས་རང་༔གནས་སུ་གཤེགས་པར་བསམ། ༈ རྒྱུ་དུས་ཚེས་གཅིག་གི་ཐོ་རངས་དང་། རྒྱུན་དུ་ཉིན་གུང་མཚན་གུང་གང་རུང་འོང་། ཉི་ཤུ་བཞི་དང་ཉི་ཤུ་དྲུག་ཏུ་མཆོད་པ་བྱ་བར་གསེར་འོད་ནས་གསུངས་སོ། །འདི་ཡན་གསོ་བྲན་བྱ་ཞིང་བརྒྱ་

p. 376

རྩ་འམ། ཡང་ན་ལོ་གྲངས་ལྔ་བདུན་གང་གྲུབ་འདོན། །དེ་ནས་ཕུལ་དུས་གཏོར་མ་བརྡེག་བཅུག་ལ། བཀའ་སྲུང་དཀོར་བདག་ལྷ་མོ་རྣམས། །རྟེན་མཆོད་བསྲུང་ཕྱིར་བརྟན་པར་བཞུགས། །དེ་མིན་ལྷ་མོ་དཔོན་དང་གཡོག །སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས། །རིམས་ནད་ཡམས་ནད་ཐམས་ཅད་ནི། །བྱུང་ཡང་མ་མོ་རྣམས་ལས་བྱུང་། །བསྟིམ་ཡང་མ་མོ་རྣམས་ལ་བསྟིམ། །ནད་རྐྱལ་ནད་ཀྱི་ཁ་དམ་ཆིངས། །མཚོན་གྱི་གྲུ་གུ་མྱུར་དུ་ཟློག །ནད་སྤྲིན་སྔོ་དམར་འཁྲིགས་པ་བསྡུས། །རང་ནད་རང་གིས་ཕྱུང་ལ་གཤེགས། །རང་དུག་རང་གིས་སོལ་ལ་གཤེགས། །རང་མཚོན་རང་གིས་ཁྱེར་ལ་གཤེགས། །བསམ་པ་ངན་པ་བྱས་པ་སོལ། །ལག་རྒྱང་ངན་པ་བཅིངས་པ་ཁྲོལ། །ཁྲམ་ལ་བཏབ་ན་ཁྲམ་ཁ་ཕྱེས། །རྩིས་ལ་བབ་ན་རྩིས་ལས་ཕྱུངས། །ཤོ་ལ་བབ་ན་གཞན་ལ་སྤོས། །མ་ལྟར་བྱམས་སེམས་ལྡན་པ་དང་། །སྲིང་ལྟར་གདུང་བའི་སེམས་དང་བཅས། །སོ་སོ་རང་རང་གནས་སུ་གཤེགས། །མུ་ལེ་མཐིང་མཚོའི་ནང་དུ་གཤེགས། །ཡོངས་འདུས་ཤིང་གི་རྩ་བར་གཤེགས། །ཨོ་རྒྱན་མཁའ་འགྲོའི་གནས་སུ་གཤེགས། །དུར་ཁྲོད་ཆེན་པོ་བརྒྱད་དུ་

p. 377

གཤེགས། །བྱང་ཤར་ཆོས་དབྱིངས་གནས་སུ་གཤེགས། །།ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀ་ས་པཱ་རི་ཝཱ་ར་གཙྪ་བཛྲ་མུཿ གཏོར་མ་བྱང་ཤར་ལྷ་མོ་གནས་ཕྱོགས་ཕུལ། །ལྷ་མོ་འཁོར་བཅས་དེ་ཕྱོགས་གཤེགས་པར་བསམ། །སྐུ་གཟུགས་རྟེན་རྫས་ཡོད་ན་དེ་ལ་བསྟིམ། །ཀྱེ་ཧོ། སློབ་དཔོན་པདྨའི་ལུང་བསྟན་ལ། །དུས་ངན་སྙིགས་མ་ལྔ་ལ་ཐུག་པའི་ཚེ། །མི་རྣམས་མི་དགེ་ལོག་སྤྱོད་སྣ་ཚོགས་བྱེད། །དེ་ཡི་རྐྱེན་གྱིས་མ་མོ་མཁའ་འགྲོ་འཁྲུགས། །ཁ་རླངས་ནད་སྤྲིན་སྔོ་དམར་བཏང་བ་ཡི། །མུ་གེས་དུས་འཁྲུགས་ཡམས་ནད་འབྱུང་བར་གསུངས། །དེ་ལ་ཕན་ཐབས་གནམ་ཆོས་ལྷ་མོའི་སྐོར། །མདོས་ཆོག་ལ་སོགས་གསུངས་པ་འཛོམ་པར་དཀའ། །དེ་ཕྱིར་གསོལ་མཆོད་འདི་ནི་ཕན་ཡོན་ཆེ། །དེ་དོན་དངོས་གྲུབ་འབྱུང་བའི་རྒྱུད་ནས་ཀྱང་། །ལྷ་མོས་སྙིང་པོ་བཟླས་པ་ན། །ཡམས་ནད་རིམས་ནད་གདོན་གྱི་རིགས། །འབྱུང་པོས་གནོད་པ་ཀུན་ལས་སྐྱོབས། །དཔག་ཚད་ཚུན་ཆད་བསྲུང་བར་འགྱུར། །ཅེས་དང་། མི་ནད་གང་ཡིན་ཁྱོད་ཀྱི་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །ཁྱོད་ནི་བདུད་རྩི་སྨན་གྱི་རྒྱལ་མོ་ཡིན། །ཞེས་དང་། མེ་ལྕེ་འབར་བའི་རྒྱུད་ལས། ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱེས་ལ་ཤོ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །ཞེས་གསུངས་སོ། །ནད་པ་སྲིའུ་གསོ་བ་དང་། །མི་ནད་དང་། ཕྱུགས་ནད་

p. 378

དང་། ཡམས་ནད་སྣ་ཚོགས་བསྲུང་བ་དང་། བཅད་པའི་ཆོ་ག་དམ་པ་ཡིན་ནོ།། ༈ ཀྱི་ཧོ། ཨེ་མ་ཧོ། དེ་ཡང་མོ་རྩིས་མཐོང་བ་མཁན་རྣམས་ཀྱིས། །ལྷ་མོས་གསོལ་ཀ་དགོས་ཞེས་ལུང་བསྟན་ཀྱང་། །ཅི་བཞིན་མི་ཤེས་གཟུ་ལུམ་འོ་ཆོད་བྱེད། །དེ་ཕྱིར་འདི་ཉིད་མེད་ཐབས་མེད་པའི་ཕྱིར། །གསར་རྙིང་ལྷ་མོས་གསོལ་མཆོད་གཞུང་རྣམས་ལས། །སྔགས་འཆང་རཱ་ག་ཨ་སྱས་བསྡུས་ཏེ་བསྒྲིགས། །ལྷ་མོའི་རིགས་ཀུན་གཙོ་མོ་མ་ཚང་མེད། །དེ་ཕྱིར་འདི་ཉིད་རིན་ཆེན་གསེར་བས་འཕང་། །འདི་བྲིས་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། །དཔལ་ལྡན་ལྷ་མོ་དཔོན་གཡོག་དྲུང་དུ་བཤགས། །འདི་ཕྱི་སྒྲིབ་པར་མ་གྱུར་དངོས་གྲུབ་སྩོལ། །འདི་བྲིས་དགེ་བས་འགྲོ་བའི་ནད་རྣམས་ཞི། །ནད་མེད་བདེ་བའི་ལང་ཚོ་ལོངས་སྤྱོད་ནས། །ལྷ་མོ་ལུས་དང་གྲིབ་མ་བཞིན་འགྲོགས་ནས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས་བསྒྲིགས་པའི་གཏོར་འབུལ་རིམས་ནད་ཟློག་བྱེད།

p. 379

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས་བསྒྲིགས་པའི་གཏོར་འབུལ་རིམས་ནད་ཟློག་བྱེད་ཅེས་བྱ་བ་བཞུགས་སོ།།

p. 380

ན་མོ་ཤྲཱི་དེ་ཝི་ཀཱ་ལི་ཡེ༔ ཨོ་རྒྱན་ཆེན་པོའི་མ་འོངས་ལུང་བསྟན་ལས༔ དུས་ངན་མི་རྣམས་མི་དགེ་སྣ་ཚོགས་སྤྱོད༔ དེ་ཡི་སྐྱོན་གྱིས་མ་མོ་མཁའ་འགྲོ་འཁྲུགས༔ ཁ་རླངས་མཁའ་ལ་ནད་སྤྲིན་སྔོ་དམར་འཁྲིགས༔ དལ་ཡམས་རིམས་ནད་སྣ་ཚོགས་ཆར་ལྟར་འབེབས༔ དེ་དུས་མ་འོངས་འགྲོ་ལ་ཕན་པའི་ཕྱིར༔ གནམ་ཆོས་ཐུགས་ཀྱི་གཏེར་ཁའི་གཞུང་ཉིད་ནས༔ ནད་རིམས་ཟློག་བྱེད་ལྷ་མོའི་མདོས་ཆོག་གསུངས༔ འོན་ཀྱང་མདོས་ཆས་ལ་སོགས་འཛོམ་དཀའ་ཞིང་༔ གློ་བུར་བཅའི་འདོན་ལ་སོགས་མི་སྐབས་དུས༔ རིམས་ནད་ཡོང་དོགས་བསྲུང་བར་བྱ་བའམ༔ གློ་བུར་བྱུང་ན་གསོ་དང་བཅོས་པའི་ཐབས༔ ཅི་འབྱོར་དམར་གཏོར་གཙང་མ་མདུན་དུ་བཤམས༔ གཙོ་བོ་ཆེ་བ་གཅིག་ལ་ཆུང་བ་བཅུ་བཞིས་བསྐོར༔ རྩ་བའི་ཡི་

p. 381

དམ་གནས་འགྱུར་བྱ་བའམ༔ དྲན་རྫོགས་རྟ་མགྲིན་གུར་དྲག་ཕྱག་རྡོར་སོགས༔ ཁྲོ་བོ་གང་རུང་དྲན་རྫོགས་བདག་སྐྱེད་བསྒོམ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ དཔལ་ལྡན་ལྷ་མོ་དཔོན་གཡོག་གི༔ མཐུ་དང་བདེན་པ་ཆེན་པོ་ཡིས༔ བདག་ཅག་དཔོན་སློབ་འཁོར་དང་བཅས༔ དམིགས་ཡུལ་བསྲུང་བྱ་ཐམས་ཅད་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ གདོན་བགེགས་ནད་འདྲེ་གཅོང་སྲི་ཀུན༔ དམར་གྱི་གཏོར་མ་འདི་ལ་ཁུག༔ ཛཿཧཱུྃ་བཾ་ཧོ༔དབྱེར་མེད་གྱུར༔ ཨོཾ་གྱིས་སྟོང་པ་ཉིད་དུ་སྦྱངས༔ ཨཱཡིས་ཐོད་སྣོད་རྒྱ་ཆེ་བར༔ ཧཱུྃ་གིས་གཏོར་མ་བདུད་རྩི་མཚོ༔

p. 382

ཧྲཱིཿཡིས་ཟག་མེད་བདེ་སྐྱིད་པ༔ ཁ་དོག་དྲི་རོ་ཕུན་ཚོགས་པ་ཧ་ཧོ་ཧིཡིས་བྱིན་གྱིས་བརླབས༔ མདུན་གྱི་བར་སྣང་འདི་ཉིད་ལ༔ དཔལ་ལྡན་ལྷ་མོ་དཔོན་གཡོག་རྣམས༔ ཆུ་ལ་ཆུ་བུར་ཤར་བ་བཞིན་སྐད་ཅིག་དྲན་རྫོགས་ཉིད་དུ་གསལ༔ བྷྱོཿ མུ་ལེ་མཚོ་དང་ཡོངས་འདུའི་ཤིང་༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ ལྷ་མོ་འཁོར་བཅས་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ ཨོཾ་ཤྲཱི་དེ་ཝི་ཀཱ་ལི་ས་པཱ་རི་ཝཱ་ར་ཤྲཱི་ཛཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། །མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་བུ་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་སྨན་གཏོར་རཀྟའི་ཚོགས། །ལྷ་མོ་འཁོར་དང་བཅས་ལ་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག༔ ༀ་ཤྲཱི་དེ་ཝི་ཀཱ་ལི་ས་པ་རི་ཝཱ་ར་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་་སོགས། བྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུ་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་བསྒྲུབ་ལ་བརྩེ༔ ལྷ་མོ་འཁོར་དང་བཅས་ལ་བསྟོད༔ དམ་རྫས་མཆོད་གཏོར་ཐུགས་དམ་བསྐང་༔ ཐུགས་དང་འགལ་བ་མཐོལ་ཞིང་

p. 383

བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང་༔ འབྲུ་དང་རྐང་འགྲོ་འཕེལ་རྒྱས་མཛོད། །འདོད་དགུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་ལྡན་ལྷ་མོ་དུད་སོལ་མ༔ ཞལ་གཅིག་ཕྱག་བཞི་རབ་ཏུ་འཇིགས༔ སྐུ་མདོག་ནག་མོ་མི་ལྤགས་གསོལ༔ རེ་ལྡེའི་ཤམ་ཐབས་སྨད་དུ་དཀྲིས༔ རལ་པ་ཕྱེད་ཡར་ཐོར་ཅོག་བྱས༔ ཕྱེ་མར་ཐུར་བཤལ་དང་པོ་གཉིས༔ ཁ་ཊཾ་སྦྲུལ་ཞགས་འོག་མ་གཉིས༔ རལ་གྲི་ཐོད་ཁྲག་འཛིན་པ་སྟེ༔ གསེར་མདོག་མཛེས་པའི་ཞབས་ལ་བརྒྱན༔ བོང་བུ་དམར་གྲྭ་འཕོངས་མིག་ཞོན༔ སྔ་རུ་ཕྱི་རུ་གཉིས་པོ་ནི༔ སྲིན་ཐོད་སྐམ་པོ་དགྲ་ཐོད་རློན༔ ཁྲག་མཚོ་འབོག་ཅིང་རླུང་ནག་འཚུབ༔ དུད་སོལ་ལྷ་མོ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧཱུྃ༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོཾ་ཤྲཱི་

p. 384

དེ་ཝི་ཀཱ་ལི་བྷྱོཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ རང་བྱུང་རྒྱལ་མོ་རེ་མ་ཏི༔ ཞལ་གཅིག་ཕྱག་བཞི་དང་པོ་གཉིས༔ ཁ་ཊཾ་ཞགས་པ་འོག་མ་གཉིས༔ མེ་ལོང་ཕུར་པ་འཛིན་པ་སྟེ༔ མདོག་ནག་བེར་དང་གླང་ལྤགས་གྱོན༔ ཆིབས་སུ་དྲེའུ་སྔོ་ནག་ཆིབས༔ རང་བྱུང་རྒྱལ་མོ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཕྱོཏྲག་རཀྟ་དེ་ཝི་ཧཱུྃ༔ ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ སྐུ་མདོག་ནག་མོ་ཞལ་གཅིག་པ༔ ཕྱག་གཉིས་ཁྲམ་ཤིང་ནད་རྐྱལ་འཛིན༔ རེ་ལྡེའི་བརྒྱན་ཅིང་བོང་དམར་ཆིབས༔ ཤན་པ་ནག་མོ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོ་བྷྱོ་རེ་མ་ཏི་ཧཱུྃ་ཕཊ༔ ས་པཱ་རི་ཝ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི༔

p. 385

སྔགས་སྲུང་ཨེ་ཀ་ཙ་ཏི་སྔོ༔ ཞལ་གཅིག་ཕྱག་གཉིས་གཡས་ཞིང་དབྱུག༔ གཡོན་པས་ལྕགས་སྤྱང་མགོ་དགུ་འཛིན༔ ཆིབས་སུ་བོང་བུ་སྨུག་གྲྭ་ཆིབས༔ གཟིག་གི་ཤམ་ཐབས་སྨད་ལ་དཀྲིས༔ གཅེར་བུ་སྤྱན་ཚེམས་ནུ་མ་གཅིག༔ ཨེ་ཀ་ཙ་ཏི་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག་ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོཾ་ཨེ་ཀ་ཙ་ཏི་བྷྱོ་ཧྲི༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དཔལ་ལྡན་ལྷ་མོ་དམག་ཟོར་མ༔ སྐུ་མདོག་ནག་མོ་གཡས་བེ་ཅོན༔ གཡོན་པས་ལག་ན་བྷན་འཛིན༔ སྐུ་སྨད་རེ་ལྡེའི་ཤམ་ཐབས་གསོལ༔ དྲེའུ་རྐྱང་སེར་ཆིབས་སུ་ཆིབས༔ དམར་ཟོར་རྒྱལ་མོ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨཱཿ བྷྱོ་རིག་མོ་བྷྱོ་བྷྱོ་རྦད༔ ས་པཱ་རི་ཝ་ར་ཨི་དཾ་

p. 386

བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ མ་མོ་ཁྲི་སྨན་སི་ལེ་མ༔ ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན༔ གཡོན་པས་ཕྱག་ན་བྷནྡ་འཛིན༔ དབུ་སྐྲ་ཐོར་ཅོག་ཐུར་བཤལ་བ༔ གཅེར་བུ་གཡང་གཞི་སྐུ་ལ་གསོལ༔ ཆིབས་སུ་ཆུ་བྱ་རོག་མོ་ཆིབས༔ ཁྲི་སྨན་སི་ལེ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོཾ་བློ་བྷྱོ་ཏྲི་ཤ་རགོ་བློ་བྷྱོཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ མ་མོ་དུར་ཁྲོད་བདག་མོ་ནི༔ སྐུ་མདོག་སེར་སྐྱ་ཞལ་གཅིག་པ༔ ཕྱག་གཉིས་གཡས་པས་གྲི་གུག་སྟེ༔ གཡོན་པས་ཐོད་ཁྲག་སྐུ་ལ་བརྟེན༔ རེ་ལྡེའི་ཤམ་ཐབས་གཡུ་ཡི་གྲྭ་ཕྲག་ལ་བཀལ་བ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོ་བྷྱོ་བྷྱོ་ར་ལི་པྲ་མ་ཡ་ཛཿ ས་པཱ་རི་ཝཱ་ར་ཨི་དཾ་

p. 387

བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ མ་མོ་སྟག་སྨན་སོར་ལྡེམ་སེར༔ ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད༔ གཡང་གཞི་གཟིག་ཤམ་སྟག་ལ་ཆིབས༔ སྟག་སྨན་སོར་ལྡེམ་་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོཾ་པྲ་ཏྲི་ཧ་ལི་བ་ཏ་ཡེ་སྭཱ་ཧཱ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དངོས་གྲུབ་ཞལ་མ་སྐུ་མདོག་སེར༔ གཡས་པས་ཁ་ཊཾ་གཡོན་ཞགས་པ༔ གཅེར་བུ་མི་ལྤགས་གཡང་གཞི་གསོལ༔ གསེར་གྱི་གྲྭའུ་ཕྲག་ལ་བཀལ༔ དངོས་གྲུབ་ཞལ་མ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས་ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོཾ་སིདྡྷི་མུ་ཁ་བྷྱོཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ མ་མོ་བ་ལམ་དྲིལ་སྣ་ནག༔ ཞལ་གཅིག་ཕྱག་གཉིས་ཞགས་པ་ཁྲག༔ ཆིབས་སུ་དྲེལ་

p. 388

ནག་རྐང་གསུམ་ཆིབས༔ བ་ལམ་དྲིལ་སྣ་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོ་བྷྱོ་ས་ལི་ནི་ཨ་ནེ་མ་རཀྵ་བྷྱོ་བྷྱོཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ མ་མོ་གཏུམ་མོ་འཇིགས་བྱེད་སྨུག༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡི༔ ཁ་ཊཾ་གཡོན་པས་མདུང་འཛིན་ཅིང་༔ དངུལ་གྲྭ་ཕྲག་བཀལ་ཞིང་ཆེན་དང་༔ ཐོད་སྐམ་དོ་ཤལ་སྐུ་ལ་བརྒྱན༔ གཏུམ་མོ་འཇིགས་བྱེད་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོཾ་བྷྱོ་ཙནི་བྷེ་ར་བྷུ་ཛཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དཔལ་ལྡན་ལྷ་མོ་སྤྱང་ཞོན་མ༔ སྐུ་མདོག་སྨུག་མོ་གཡས་ཁ་ཊཱི༔ གཡོན་པས་ཐོད་ཁྲག་སྤྱང་ཀི་ནི༔ མགོ་བོ་དགུ་པ་ཆིབས་སུ་ཆིབས༔ ལྷ་མོ་སྤྱང་ཞོན་འཁོར་དང་

p. 389

བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོ་བྷྱོ་རུ་ཊ་ཀཱ་ལི་ཛཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ མ་གཅིག་ལྷ་མོ་ཡི་དྭགས་ཁ༔ སྐུ་མདོག་ནག་མོ་གཡས་བྷ་ར༔ གཡོན་པས་ནད་ཀྱི་རྐྱལ་པ་འཛིན༔ རྡོ་རྗེའི་གྲྭའུ་ཕྲག་ལོ་བཀལ༔ འཁོར་དང་བཅས་པ་མ་ལུས་ཀུན༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས་ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོ་པྲ་ཏ་མུ་ཁ་བྷྱོཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ༔ སྐུ་མདོག་དཀར་གསལ་ཞལ་གཅིག་པ༔ ཕྱག་གཉིས་མདའ་དར་མེ་ལོང་འཛིན༔ ཤ་བ་ཡུ་མོ་ཆིབས་སུ་ཆིབས༔ འཁོར་དུ་བརྟན་མ་བཅུ་གཉིས་རྣམས༔ བུད་མེད་མཛེས་མའི་གཟུགས་ཅན་ལ༔ རིན་ཆེན་རྒྱན་སྤྲས་སྣ་ཚོགས་ཐོགས༔ མཐུན་པའི་

p. 390

ཆིབས་པ་སྣ་ཚོགས་ཆིབས༔ གཡུ་སྒྲོན་བརྟན་མ་བཅུ་གཉིས་ནི༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ ཨོཾ་མ་མ་ཧཱུྃ་ཧཱུྃ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དབང་ཕྱུག་སྲིན་མོ་གཡག་གདོང་ནི༔ སྐུ་མདོག་སྨུག་མོ་ཞལ་གཅིག་མ༔ ཕྱག་གཉིས་གཡས་པས་རྡོ་རྗེ་སྟེ༔ གཡོན་གྱི་ཕྱག་ན་བྷན་འཛིན༔ དེ་ལ་དབང་ཕྱུག་ཉེར་བརྒྱད་ཀྱི༔ ཀུན་༼གྱི་བསྐོར་བ་མ་ལུས་ཀུན༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཟཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ བྷྱོ་ས་ཡ་སི༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དཔལ་ལྡན་ལྷ་མོ་ཁོ་ལེ་དམར༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཁ་ཊཾ་གཡོན་པས་རླུང་ཞགས་འཛིན༔ ཞབས་གཉིས་བསྒྲད་དེ་མེ་ཏོག་སྟེང་༔ འཁོར་དུ་སྣང་སྲིད་མ་མོས་བསྐོར༔ ལྷ་མོ་ཁོ་ལེ་འཁོར་དང་

p. 391

བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས༔ ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ བྷྱོ་མ་མ་མ་བྷྱོཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དུད་སོལ་མ་དང་རང་བྱུང་མ༔ ཨེ་ཀ་ཙ་ཏི་བ་ལམ་མ༔ ལྷ་མོ་ཁོ་ལེ་ལ་སོགས་པ༔ ལྷ་མོའི་རིགས་གྱུར་མ་ལུས་རྣམས༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ འདོད་ཡོན་སྣ་ཚོགས་མཆོད་པ་འབུལ༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ ནད་རིམས་ཡམས་ནད་མི་མཐུན་སོགས་ཐམས་ཅད་ལྷ་མོས་བཟློག་ཏུ་གསོལ༔ འདན་པ་རྣ་འཇུ་སརྦ་ཏ༔ ཧུར་ཐུམ་ནད་རྣམས་ཞི་བར་མཛོད༔ རྒྱུ་གཟེར་འབྲས་གཟེར་གདུག་པ་ཅན༔ མི་མཐུན་ནད་རྣམས་བཟློག་ཏུ་གསོལ༔ མིག་སེར་གྲེ་འབྱར་གཟེར་ཐུམ་སོགས༔ མདའ་རྒྱབ་ནད་ཀུན་ཞི་བར་མཛོད༔ དཀར་ཁྲ་མ་རྨོང་བདུད་ཀྱི་གླང་༔ མགོ་བསྐོར་བྱེད་པའི་ནད་ཀུན་ཟློག༔ འབྲུམ་པ་བེ་གའི་ནད་རྣམས་

p. 392

ཟློག༔ གཟེར་ཐུམ་མིག་རྒྱུང་ཧུར་ཐུམ་སོགས༔ སྡང་བའི་ནད་ཀུན་ཞི་བར་མཛོད༔ གདུག་པ་དམར་བཤལ་གྲེ་ཐམ་སོགས༔ སྐད་ཅིག་ནད་ཀུན་ཞི་བར་མཛོད༔ ལོང་བ་ཐོར་པ་ཉ་གས་སོགས༔ ཤིན་ཏུ་མི་སྡུག་ནད་ཀུན་ཟློག༔ མདོར་ན་རིམས་ཀྱི་རིགས་གྱུར་དང་༔ འཐོར་ནད་འཁྱམས་ནད་ནད་ངན་ཟློག༔ བྷྱོ་དེ་ཝི་ཀཱ་ལི་ནི་མུ་ཁྲང་ནན་ནས་ནི༔ ཡི་ཀ་ཡི༔ ཕུ་ཏ་བྷ༔ རཀྵ་བྷྱོཿ མ་ཁྲོ་དྲང་༔ ཧཱུྃ་ཧཱུྃ་བློ་ཟློག༔ བདག་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ མདུན་བསྐྱེད་ལྷ་མོ་འཁོར་བཅས་སྐུལ༔ ལྷ་མོ་རྣམས་ཀྱི་ཐུགས་ཀ་ནས༔ འོད་ཟེར་དཀར་པོ་སྟོན་ཟླའི་མདོག༔ བསིལ་ལ་བདེ་བའི་རེག་བྱ་ཅན༔ འཕྲོས་ནས་བསྲུང་བྱ་ཀུན་ལ་ཕོག༔ ནད་རིམས་ཡམས་ནད་གནོད་པ་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ དལ་ཡམས་ནད་སྤྲིན་ཐམས་ཅད་ནི༔ མུན་པར་ཉི་མ་ཤར་བཞིན་གསལ༔ དུད་སོལ་མ་ཡི་རིམས་བཅོས་སྔགས༔ ༀ་ཤྲཱི་དེ་ཝི་ཀཱ་ལི་བློ༔ ཀཱ་ལི་ཀཱ་ལི་ནེ༔ ཛཱ་ར་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ༔ རང་བྱུང་མའི་འགོས་ནད་ཀུན་སྲུང་སྔགས༔ བྷྱོ་ཏྲག་རཀྟ་དྷེ་ཝི་ཛཱ་ར་ཨ་མར་ཏི་ཤཱནྟཾ་རཀྵ་ཨེ་ཀ་ཙ་ཏིས་རིམས་བཟློག་

p. 393

སྔགས༔ བྷྱོ་ཨེ་ཀ་ཙ་ཏི་བྷྱོཿ ཛཱ་ར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བ་ལམ་དྲིལ་སྣའི་རིམས་གཅོད་སྔགས༔ དེ་ཉིད་སྙིང་ནས་འོད་དཀར་འཕྲོས༔ རིམས་ནད་ཐམས་ཅད་བཅད་པར་བསམ༔ ཨོཾ་ས་ལི་ས་ནི་ཨ་ནེ་མ་རཀྵ་བྷྱོཿ ཛཱ་ར་ཤཱནཾ་ཀུ་རུ་སྭཱ་ཧཱ། སྤྱང་ཞོན་མའི་ནད་གཅོད་སྔགས༔ ཨོ་བྷྱོ་རུ་ཊ་ཀཱ་ལི༔ མ་ནུ་བ་སུ་ཛཱ་ར་རཀྟ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལྷ་མོ་ཁོ་ལེའི་རིམས་བཅོས་སྔགས་དམིགས་ནི༔ བློ་མ་མ་ཛ་ར་ཤཱནྟི་ཀུ་རུ་སྭཱ་ཧཱ༔ མདུན་གྱི་ལྷ་མོ་ཁོ་ལེ་ཡི༔ ཕྱག་ནི་གཡས་པའི་ཁ་ཊཾ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ གང་ཕོག་ནད་ཀྱིས་མི་ཚུགས་བསམ༔ དེ་ལྟར་སྲུང་དང་བཅད་པའི་སྔགས༔ འདོན་གལ་གང་ཆེ་རིགས་པས་བརྟག༔ མང་ཉུང་ཅི་འགྲུབ་སྐབས་དང་བསྟུན༔ དེ་ནས་གཏོར་མ་བཀྱག་བཅུག་ལ༔ བཀའ་སྲུང་དཀོར་བདག་ལྷ་མོ་རྣམས༔ རྟེན་མཆོད་སྲུང་ཕྱིར་བརྟན་པར་བཞུགས༔ དེ་མིན་ལྷ་མོ་དཔོན་དང་གཡོག༔ སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས༔ རིམས་ནད་དལ་ཡམས་ཐམས་ཅད་ནི༔ བྱུང་ཡང་མ་མོ་རྣམས་ལས་བྱུང་༔ བསྟིམ་ཡང་མ་མོ་རྣམས་ལ་བསྟིམ༔ ནད་རྐྱལ་རྣམས་ཀྱི་ཁ་ད་ཆིངས༔ མཚོན་གྱི་གྲུ་གུ་མྱུར་དུ་ཟློག༔ ནད་སྤྲིན་སྔོ་དམར་བཀྲལ་པ་བསྡུས༔ རང་ནད་རང་གིས་

p. 394

ཕྱུངས་ལ་གཤེགས༔ རང་དུག་རང་གིས་ཕྱུངས་ལ་གཤེགས༔ རང་མཚོན་རང་གིས་ཁྱེར་ལ་གཤེགས༔ བསམ་པ་ངན་པ་བྱས་པ་སོལ༔ ལག་རྒྱ་ངན་པས་བཅིངས་པ་ཁྲོལ་ཁྲམ་ལ་བཏབ་ན་ཁྲམ་ཤིང་ཕྱེས༔ རྩིས་ལ་བབ་ན་རྩིས་ལས་དབྱུང་༔ ཤྭ་ལ་བབ་ན་གཞན་ལ་སྤོས༔ མ་ལྟར་བྱམས་པའི་སེམས་ལྡན་ཞིང་༔ སྲིང་ལྟར་གདུང་བའི་བརྩེ་སེམས་བཅས༔ སོ་སོ་རང་རང་གནས་སུ་གཤེགས༔ མུ་ལེ་མཐིང་མཚོའི་གནས་སུ་གཤེགས༔ ཡོངས་འདུས་ཤིང་གི་རྩ་བར་གཤེགས༔ ཨོ་རྒྱན་མཁའ་འགྲོའི་ཡུལ་དུ་གཤེགས༔ དུར་ཁྲོད་ཆེན་པོ་བརྒྱད་དུ་གཤེགས༔ བྱང་ཤར་ཆོས་དབྱིངས་གནས་སུ་གཤེགས༔ ཨོཾ་ཤྲཱི་དེ་ཝི་ཀཱ་ལི་ས་པཱ་རི་ཝཱ་ར་གཙྪགཙྪ༔ བཛྲ་མུཿ ཞེས་བརྗོད་བྱང་ཤར་ཕྱོགས་སུ་འབུལ༔ འདི་ལྟར་སྒྲིག་ཏུ་རུང་ངམ་ཞེས༔ ཡི་དམ་ལྷ་ལ་གསོལ་བཏབ་པས༔ དཔལ་ལྡན་ལྷ་མོ་དཔོན་གཡོག་དང་མི་དང་མི་ལ་གཏམ་པ་ལྟར༔ བྱས་པའི་གནམ་ཆོས་ལྷ་མོའི་བསྐོར༔ བྱིན་རླབས་ཆེ་ཞིང་བཀའ་གཉན་པས༔ རི་དྭགས་ལ་སོགས་སྡིག་ཅན་དང་༔ དམ་མེད་རྣམས་ལ་སྤེལ་མི་བྱ༔ འདི་ཉིད་དེ་ལྟར་སྒྲིགས་རུང་སྟེ༔ ཅུང་ཙམ་ཕན་ཐོགས་འབྱུང་ངོ་གསུངས༔ དེ་ཕྱིར་རིམས་ནད་ལ་འཇིགས་པའི༔ རང་གཞན་ཡ་ང་སྐྱེ་དུས་བྲིས༔ འདི་ནི་ཚར་རེ་རྒྱུན་ཁྱེར་

p. 395

རམ༔ ནམ་དགོས་ཚར་རེ་བཏོན་ཀྱང་རུང་༔ ཡང་ན་གལ་ཆེན་དགོས་བྱུང་ན༔ དམར་གཏོར་གཙོ་བོ་ལྷ་གྲངས་སམ༔ ཡང་ན་ཆེ་བཟང་གཅིག་ལ་ནི༔ གསོ་བྲན་བྱ་ཞིང་བརྒྱ་ཚར་བསོག༔ དཔོན་སློབ་མང་ན་ཉིན་རྫོགས་སོ༔ གཅིག་གིས་འདོན་ན་ཞག་ལ་རུང་༔ དེ་ཚེ་གོང་གི་བསྙེན་པར་འབད༔ དེ་ནས་དུས་ལ་བབ་ཚེ་ཕུལ༔ ཞེས་པ་རཱ་ག་ཨ་སྱས་བསྒྲིགས༔ འདི་བྲིས་ཉེས་འགལ་གང་མཆིས་པ༔ ལྷ་མོ་འཁོར་དང་བཅས་ལ་བཤགས༔ དགེ་བས་འདི་ལ་འབྲེལ་ཐོགས་ཀུན༔ ཡམས་ནད་འཚེ་བ་ཀུན་ལས་ཐར༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མགོན་པོ་ཏཱཀྐད་ཀྱི་གཏོར་ཆོག

p. 396
p. 397

མགོན་པོ་ཏཱཀྐད་ཀྱི་གཏོར་ཆོག་བཞུགས་པའི་དབུ་ཕྱོགས་ལགས་སོ།

p. 398

ན་མོ་ལོ་ཀི་ཤྭ་ར་ཡེ། མགོན་པོ་སྤྱན་རས་གཟིགས་སྤྲུལ་པ། །འཇིག་རྟེན་དྲེགས་པའི་མགོན་པོ་ནི། །ཏྲཀ་ཤད་ནག་པོའི་གཏོར་ཆོག་བྲི། །བྱིན་རླབས་བཀའ་ཡི་གནང་བ་སྩོལ། །གཏོར་མཆོད་བཤམས་ལ་ཡི་དམ་བསྒོམ། །བསང་སྦྱངས་བྱས་ལ་འདི་སྐད་དོ། །སྟོང་པའི་ངང་ལས་མདུན་དུ་རྡོ་རྗེའི་བྲག་སྟེང་མཐིང་ནག་གྲུ་གསུམ་པའི་དབུས། ཏྲི་གཉིས་དང་མི་རོ་རྟ་རོ་བསྣོལ་བའི་སྟེང་དུ། རཾ་དམར་ནག་ལས་འོད་འཕྲོས་དགྲ་བགེགས་ཚར་བཅད། འཇིག་རྟེན་གྱི་དྲེགས་པ་ཅན་དང་བདུད་ཐམས་ཅད་ཀྱི་ནུས་པ་བསྡུས་རཾ་ལ་ཐིམ། ཡོངས་སུ་གྱུར་པ་ལས་འཇིག་རྟེན་དྲེགས་པའི་མགོན་པོ་ཏྲག་ཤད་ནག་པོ་ཆིབས་

p. 399

སུ་བྲ་ནག་རྟིང་དཀར་ལ་ཆིབས་པ། སྐུ་ལ་བདུད་ཀྱི་བེར་ནག་གསོལ་ཞིང་སྐེད་ལ་གསེར་ག་དང་རིན་པོ་ཆེ་བཅིང་བ། སྟག་རལ་གཡས་དང་གཟིག་ཤུབས་གཡོན་ལ་བཏགས་པ། ཕྱག་གཡས་མདུང་དར་ནག་པོ་ཕྱར་ཞིང་། གཡོན་དགྲའི་སྙིང་སྲོག་རྩ་གསུམ་དང་མ་བྲལ་བ་ཁྱེར་བ། བདུད་ཞགས་ནག་པོ་ཐེའུ་ཆུང་གི་བཟུང་ཞིང་གཞུ་གྲུ་མོ་ལ་བཀལ་བ། མདའ་བྱ་རྒོད་མ་དང་བདུད་ཀྱི་ཁྲམ་ཤིང་སྐེད་ལ་བཅུག་པ། རལ་པ་ཁམ་ནག་ཞུ་ལུབས་སུ་བྱས་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྲུགས་པ་ཞལ་ཨམ་གཙིགས་བསྡམ་པ། སྤུ་གྲི་གཅིག་ཐུལ་ལས་གཙོ་སྐྱོང་།

p. 400

དེའི་མདུན་དུ་སྲིན་མོ་དུང་སྐྱོང་སྣ་ཚོགས་གདོང་མ་མཐིང་ནག་ཁྲམ་ཤིང་ནད་རྐྱལ་ཐོགས་ནས་དྲེལ་ནག་རྐང་གསུམ་ཞོན་ནས་རྟ་ཁ་ཁྲིད་པ། དེའི་འཁོར་དུ་མོན་ཕོ་དྲུག་མོན་མོ་དྲུག་ཨ་ཙ་ར་ཉི་ཤུ་རྩ་གཅིག་བདུད་དམག་ཉི་ཁྲི་ཆིག་སྟོང་གིས་བསྐོར་བ། ལྷ་ཆེན་བརྒྱད་ཀྱིས་ཁྱེའུ་མཚོན་ཆ་སྣ་ཚོགས་ཐོགས་པ་བརྒྱད་དུ་སྤྲུལ་ནས་དབུ་སྐུའི་གསེབ་ནས་འཕྲོ་བ། གཟའ་ཆེན་པོ་བརྒྱད་གཡུ་འབྲུག་བརྒྱད་དུ་སྤྲུལ་ནས་སྟེང་ནས་རྔམས་པ། བྱང་ཕྱོགས་གནོད་སྦྱིན་བརྒྱད་ནི་ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་ཀླད་ལ་ལྡིང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་བརྒྱད་ནི་སྟག་གཟིག་དོམ་དྲེད་བརྒྱད་དུ་སྤྲུལ་ནས་ཕྱི་ན་འབྲང་བ་ཐམས་ཅད་ཀྱང་ཟ་ཟ་རྔམ་རྔམ། འཆའ་འཆའ་འདྲ་བ། ཀུན་གྱི་སྤྱི་བོར་ཨོཾ་ཡིག་དཀར་པོ། ཞེས་པ་ནས་སྤྱན་འདྲེན་ལ་དེ་ཝ་རཀྵ་སྒྱུར་ལ། ཨོཾ་མ་ཧཱ་ཀ་ཏྲཀཱད་ས་པཱ་རི་ཝཱ་ར་ཨེ་ཧེ་ཧི་བཛྲ་ས་མཱ་ཛཿ དེ་ནས་གཏོར་བསྔོས་བར་གཞུང་མཚལ་མ་ཇི་ལྟར་ལས་གསང་བདག་གིས་དབུ་བརྒྱན་པ་དང་། གཏོར་བསྔོས་དུས་སྔགས། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་ཤད། མ་ཧཱ་ཀ་ལ་སི་ཏི་ཡ་མ་དུ་ཛཿ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་

p. 401

པ་ནི། བདུད་ཀྱི་མགོན་པོ་ཏྲཀ་ཤད་ནག་པོ། སྲིན་མོ་དུང་སྐྱོང་སྣ་ཚོགས་གདོང་མ། མོན་ཕོ་དྲུག་མོ་དྲུག་ཨ་ཙར་ཉི་ཤུ་རྩ་གཅིག །བདུད་དམག་ཉི་ཁྲི་གཅིག་སྟོང་འཁོར་སྤྲུལ་དང་བཅས་པའི་ཞལ་དུ་འབུལ་ལོ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། སངས་རྒྱས་བསྟན་སྲུང་མ་བྱའོ། །ལྷ་ཆེན་བདུད་པོ་མ་རུངས་པ། །གཏུམ་པོ་མཐུ་ཆེན་དགྲ་བོའི་གཤེད། །མངོན་ཤེས་རྫུ་འཕྲུལ་བྱིན་རླབས་ཅན། །རྔམ་པའི་ཞལ་ལ་གཏུམ་པའི་སྐུ། །བརྗིད་པའི་ན་བཟའ་འོད་དུ་འབར། །གསེར་ག་རིན་ཆེན་མེད་ལ་བཅིང་། །གཡས་ན་དར་ནག་རུ་མཚོན་ཕྱར། །གཡོན་ན་སྙིང་དང་ཞགས་པ་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །མཆོག་དཀར་རྭ་རྒོད་གཞུ་མོ་ལ། །བདུད་མདའ་ལྟོང་དམར་དགྲ་ལ་འཕེན། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །སྤྲུལ་པ་རྒྱ་ནག་ཡུལ་དུ་འགྱེད། །སྲོག་བདག་བོད་ཡུལ་དབུས་སུ་བྱོན། །དམ་སྲི་འདུལ་བའི་མཐུ་བོ་ཆེ། །བདུད་རྒྱལ་མགོན་པོ་དགྲ་བོའི་གཤེད། །སྲིང་མོ་དུང་སྐྱོང་མར་བཅས་པ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་

p. 402

ཀྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད། བསྙེན་པ་བཀའ་བསྒོ་བའི་ཚུལ་དུ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་ཤད་ཧཱུྃ་ཕཊ༔ ཉེ་སྙིང་འབྲུ་དགུ་པ་དང་། ༀ་མ་ཧཱ་ཀཱ་ལ་ཏྲཀ་ཤད་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛཙཛཿ ཞེས་འབོད་སྔགས་བཟླས་སོ། །གསོལ་ཀ་གཞུང་ལྟར་ལས་ཕྱོགས་བཅུ་མགོན་པོ་བསྒྱུར་རོ། །ཐུན་གཏོར་ལ་བཀུག་གཞུག་བྱས་ལ། རྩེ་སྔགས་ལ། དགྲ་བགེགས་ཀྱི་མཱི་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི། ཀིང་ནི་རི་ཏི་ཁཱ་ཧི། ཙིཏྟ་ཁཱ་ཧི། བ་སུ་ཏ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བ་ལིཾ་ཏ་ཁཱ་ཧི། ཧཱུཾ། བདུད་དམག་བྱེ་བ་འབུམ་གྱི་དབུས། མན་ཆད་བྱའོ། །ཁྲག་འཐུང་མ་མོ་སོགས། སྤྲུལ་དང་ཡང་སྤྲུལ་སོགས། བདག་ཅག་འཁོར་དང་བཅས་ལ་གནོད་པའི་ཞེས་ནས། ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག །ཅེས་པའི་བར་བྱའོ། །གཏོར་མ་ཕྱིར་བསྐྱལ་ལོ། །རྗེས་ཆོག་གཞུང་ལྟར་རྒྱས་བསྡུས་སྐབས་དང་བསྟུན་ནོ། །འཇིག་རྟེན་མགོན་པོ་དྲེགས་བྱེད་པེར་ནག་དང་བདུད་ནག་པོ་ཐོད་ཕྲེང་ཅན་དང་གཟི་བརྗིད་ཅན་རྣམས་ཏྲཀ་ཤད་ཡིན་པར་གསུངས་པའི་ཕྱིར། ཆོ་གའི་ཆིང་ཅིག་གིས་བྱེད་པ་ཤིན་ཏུ་འཐད་དོ། །འདི་བྲིས་ཉེས་འགལ་ཏྲཀ་ཤད་ཉིད་ལ་བཤགས་ཤིང་དགེ་བས་བསྟན་པ་རྒྱས་ཤིང་བསྟན་པར་ཤོག །ཅེས་ཨ་རཱ་གས་སྦྱར་བའོ།། །།

སྤེལ་སྔགས། བསྐང་རྫས་བྱིན་རླབས།

p. 403

ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཡི་གེ་ཏི་ལས་གཡག་ནག་རྔམ་ཞིང་བརྗིད་པ་དང་། ལུག་ནག་དཔྱི་དཀར་རྣམས་དཔྲལ་བ་ལ་མར་གྱིས་བྱུགས་ཤིང་རྭ་ལ་དར་ནག་གིས་ཅོད་པན་འཕུར་བ། དར་ཚོན་ལྔ་མཚོན་སྔགས་བྱང་གིས་དཔུང་པ་མཛེས་པ། དགྲ་བགེགས་ཀྱི་བམ་རོ་བཀལ་པ་དང་། ཞུན་མར་ཉི་ཟླ་ལྟར་གསལ་བ། དར་ནག་གི་རུ་མཚོན་སྤྲིན་ལྟར་གཏིབས་ཤིང་ཤ་ཆེན་གྱི་དུད་པ་ན་བུན་ལྟར་འཕྱུར་བ། བདུད་རྩི་གསེར་སྐྱེམས་མཚོ་ལྟར་འཁྱིལ་ཞིང་། དམར་གྱི་གཏོར་མ་རི་ལྟར་སྤུང་པ། དེ་འདྲ་རེ་རེ་ལ་ཡང་གྲངས་མེད་འཕྲོ་བར་གྱུར། ཨོཾ་སརྦ་དྷརྨ་པུཙྪ་པཉྩརཏཱ་ཀཱ་ཡ་ཀོ་ཏི་བྷེ་བྷ་ཝཱཀྐ་པྲ་བྷཱ་ཝ་ཤུདྡྷོཉཧཾ། བསམ་གྱིས་མི་ཁྱབ་པར་སྤེལ་བའི་སྔགས་སོ། །ཁྲག་མཚོ་ཁོལ་མ་ནས་གསུངས་སོ།། །།

དམ་ཅན་སྐྱེས་བུ་ཆེན་པོའི་ལོ་རྒྱུས་སྙན་གྲགས་བསྐལ་པའི་འབྲུག་སྒྲ་དྲག་པོ།

p. 404
p. 405

དམ་ཅན་སྐྱེས་བུ་ཆེན་པོའི་ལོ་རྒྱུས་སྙན་གྲགས་བསྐལ་པའི་འབྲུག་སྒྲ་དྲག་པོ་ཞེས་བྱ་བ་བཞུགས་སོ། །

p. 406

ན་མོ་གྱ་གྱི་ཝ་ཡེ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །རྟ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ནས། །བསྟན་སྲུང་སྐྱེས་བུ་ཆེན་པོའི་ལོ་རྒྱུས་བྲི། །སྐྱེས་བུ་འཁོར་བཅས་བཀའ་ཡི་གནང་བ་སྩོལ། །དེ་ལ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། །དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། །འཇིག་རྟེན་གྱི་རྡོ་རྗེ་ལེགས་པ་དང་། །གསུམ་ཡོད་དེ། དེ་གསུམ་ཡང་སྐུ་ཡི་བཀོད་པ་ཐ་དད་ཅིང་མཛད་པ་ཕྲིན་ལས་སོ་སོར་ཡོད་ཀྱང་ཐུགས་རྒྱུད་ཀྱི་ངོ་བོ་ནི་གཅིག་ཡིན་ཏེ། དཔེར་ན་སངས་རྒྱས་ཐམས་ཅད་ལ་ཡང་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཡོད་པ་དང་། །མགོན་པོ་ཐམས་ཅད་ལ་ཡང་ཡེ་

p. 407

ཤེས་དང་ལས་དང་འཇིག་རྟེན་གྱི་མགོན་པོ་གསུམ་རེ་ཡོད་ཅིང་། དེ་དག་བཞུགས་གནས་དང་སྐུ་མདོག་ཆ་ལུགས་མི་འདྲ་ཡང་ངོ་བོ་གཅིག་ཡིན་པ་ལྟ་བུའོ། དེ་ལ་དང་པོ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་ནི། འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། བཅོམ་ལྡན་རྣམ་པར་སྣང་མཛད་ཆེན་པོའི་འཁོར་དུ་བཞུགས་པའི་ཕྱིར། རྒྱུད་ཀྱི་རྒྱལ་པོ་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་དང་། རྡོ་རྗེ་རྩེ་མོ་དང་། ངན་སོང་སྦྱོང་རྒྱུད་དང་། པདྨ་དྲྭ་བ་དང་། གཙུག་དགུ་ལ་སོགས་པ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་སྡེ་ཆེན་པོ་དུ་མ་ནས། བྱང་ཆུབ་སེམས་དཔའ་

p. 408

རྡོ་རྗེ་ལེགས་པ་འདི་གསུངས་སོ། །དེ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གཉིས་ཀ་ནས། །རྩ་བའི་ལྷ་སུམ་ཅུ་སོ་བདུན་གྱི་ནང་ནས་སེམས་དཔའ་བཅུ་དྲུག་གི་ནང་ཚན་རྡོ་རྗེ་ལེགས་པ་ལྗང་གུ་ཐུགས་ཀར་སེ་གོལ་གཏོགས་པ། ཞེས་མངོན་རྟོགས་སྔགས་དང་བཅས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་དེ་ཉིད་ཀྱང་རྣམ་པར་སྣང་མཛད་ཉིད་ཀྱི་སྤྲུལ་པ་ཡིན་ཚུལ་རྣལ་འབྱོར་རྒྱུད་ཀྱི་བཤད་པ་རྣམས་ནས་རྒྱ་ཆེར་འབྱུང་ངོ། །ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དེའི་མཛད་པ་ཕྲིན་ལས་ཡང་ཅི་ལྟ་བུ་ཞེ་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐུགས་རབ་ཏུ་མཉེས་པར་བྱེད་དོ། །སངས་རྒྱས་ཐམས་ཅད་མཉེས་པས་རྡོ་རྗེ་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཁྱེད་ནི་ལེགས་སོ་ལེགས་སོ། །ཞེས་བསྔགས་པ་དང་ལེགས་སོ་གནང་བ་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པའི་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་མགུ་ནས་བསྟོད་ཅིང་ལེགས་སོ་བརྗོད། རྒྱུ་མཚན་དེའི་ཕྱིར་རྡོ་རྗེ་ལེགས་པ་ཞེས་བྱ་བ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་ལེགས་པ་ཅི་

p. 409

ཡིན་བརྗོད། །སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་། །ལེགས་སོ་ཞེས་བྱ་རབ་སྟེར་བྱེད། །བྱང་ཆུབ་སེམས་དཔའ་ཀུན་མགུ་བྱེད། །དེ་ནི་རྡོ་རྗེ་ལེགས་པ་ཞེས་བརྗོད་།ཅེས་གསུངས་སོ། །དེ་ལྟར་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་ལེགས་པ་ལ་མཉེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་འདི་ཉིད་འོག་མིན་འཐུག་པོ་བཀོད་དུ་བཞུགས་བཞིན་དུ། སྤྲུལ་པ་ཡང་སྤྲུལ་དང་སུམ་སྤྲུལ་དཔག་ཏུ་མེད་པས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྐྱེས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱར་སྤྲུལ། །དེ་རེ་རེ་ལ་ཡང་འཁོར་དང་སྤྲུལ་པ་དཔག་ཏུ་མེད་པ་དང་བཅས་ཏེ། སེམས་ཅན་གང་དག་འདི་ཉིད་མཆོད་སྒྲུབ་བྱེད་པ་རྣམས་ལ། ཅི་བསམ་པ་ཐམས་ཅད་འགྲུབ་ཅིང་གང་འདོད་པའི་དངོས་གྲུབ་བྱིན་པས་སེམས་ཅན་དག་པ་སྟེ། དམ་ཚིག་དང་ལྡན་པ་ཐམས་ཅད་མགུ་བར་བྱེད་ཅིང་། །ས་དང་ལམ་གྱི་བར་ཆད་ཐམས་ཅད་བསལ་ནས་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པའི་སྡོང་གྲོགས་བྱེད། །དམ་ཚིག་ཅན་མ་ཡིན་པའི་སྐྱེ་བོ་ཕལ་པ་རྣམས་ལ་ཡང་། དགྲ་བླ་དང་དམག་དཔོན་དང་ཇག་དཔོན་དང་ཚོང་དཔོན་གྱི་ཚུལ་གྱིས། འདི་ཉིད་མཆོད་པ་རྣམས་ཅི་འདོད་པ་

p. 410

འགྲུབ་པས་དགའ་བར་བྱེད། ཁྱད་པར་གསང་སྔགས་འཛིན་པ་རྣམས་ལ་ལུས་གྲིབ་མ་ལྟར་བསྲུང་ཞིང་ཕྲིན་ལས་བསྒྲུབས་པས། གསང་སྔགས་འཆང་བའི་རྣལ་འབྱོར་པ་རྣམས་ཡི་རང་བར་བྱེད། དོན་དམ་པའི་ཐུགས་རྒྱུད་ཆོས་སྐུ་ནི་སངས་རྒྱས་རྣམ་པར་སྣང་མཛད་དང་དབྱེར་མེད་ཅིང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པ་སྐུ་མདོག་ལྗང་གུ། ཕྱག་གཉིས་ཐུགས་ཀར་སེ་གོལ་གཏོགས་པའི་སྐུར་བཞེངས་ནས་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སྒྲུབ་ཀྱང་། དོན་ལ་ནི་བཅོམ་ལྡན་རྣམ་སྣང་ཉིད་ཡིན་ཆོས་འདི་དྲུག་དང་ལྡན་པའི་ཕྱིར་དང་། མཛད་པ་དེ་རྣམས་སྒྲུབ་པའི་ཕྱིར། རྡོ་རྗེ་ལེགས་པ་ཞེས་བྱ་བ་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། སེམས་ཅན་དག་པ་མགུ་བྱེད་ཅིང་། །རྡོ་རྗེ་འཆང་རྣམས་སྒྲུབ་པར་བྱེད། །སེམས་ཅན་ཁམས་རྣམས་དག་བྱེད་ཅིང་། །གསང་བ་འཛིན་པ་རང་བར་བྱེད། །ཆོས་དང་ལོངས་སྤྱོད་རྫོགས་སྐུའི་ཕྱིར། །བཅོམ་ལྡན་འདས་འདིས་ཆོས་རྣམས་དྲུག །གང་གི་ཚེ་ན་མངོན་བསྒྲུབ་པ། །རྡོ་རྗེ་ལེགས་པ་ཡང་དག་འབྱུང་། །ཞེས་དང་། ཡོ་གའི་རྒྱུད་རྣམས་ནས་གསུངས་པ་རྡོ་རྗེ་བསྟོད་རིང་ལས།

p. 411

རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེས་དགྱེས་ཁྱོད་ལ། །ཞེས་དང་། སྦྱོང་རྒྱུད་ལས། རྡོ་རྗེ་ལེགས་པ་དགྱེས་མཛད་པ། །ཞེས་གསུངས་སོ། །འོ་ན་རྡོ་རྗེ་ལེགས་པ་དེའི་ཆོས་སྐུའི་ངོ་བོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་གཅིག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྣལ་འབྱོར་རྒྱུད་ཀྱི་འགྲེལ་ཆེན་དེ་ཉིད་སྣང་བ་ལས། རྣམ་པར་སྣང་མཛད་རྩ་བའི་ལྷ་སོ་བདུན་ཐམས་ཅད་རྣམ་སྣང་ཉིད་ཀྱི་སྤྲུལ་པར་གསུངས་ཤིང་། ལྷའི་དེ་ཁོ་ན་ཉིད་ཀྱི་སྐབས་སུ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་ནི་རྣམ་སྣང་ངོ། །ཞེས་སོགས་ནས། དེའི་ཕར་ཕྱིན་དྲུག་གི་སྤྱོད་པ་དང་། འབྲས་བུ་ཐུགས་ནི་རྡོ་རྗེ་ལེགས་པའོ། །ཞེས་གསུངས་སོ། །གཞན་ཡང་པདྨ་དྲྭ་བའི་རྒྱུད་ལས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དཀྱིལ་འཁོར་རྒྱས་པའི་ལྷ་གྲངས་སུ་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་འདི་ཉིད་པ་བཞུགས་སོ། །སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ནས། རྡོ་རྗེ་ལེགས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་སེམས་དཔའི་བཞིས་ཀྱང་ཚེ་ལས་འདས་པའི་ངན་སོང་ཐམས་ཅད་སྦྱོང་བའི་

p. 412

ཕྲིན་ལས་མཛད་དུ་གསོ་ལ། །ཞེས་འབྱུང་བས། སེམས་དཔའ་ཆེན་པོ་རྡོ་རྗེ་ལེགས་པ་འདི་མཆོད་ཅིང་བསྟེན་ན། འཁོར་བ་ངན་སོང་གི་སྡུག་བསྔལ་ཐམས་ཅད་སྐྱོབས་ནུས་པ་ཡིན་ནོ། །འདི་ནི་ས་བཅུའི་སེམས་དཔའ་ཡིན་པས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་ནུས་པའི་ཕྱིར། འཛམ་གླིང་བྱེ་བ་ཕྲག་བརྒྱར་ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱའི་བསྟན་པ་བསྲུང་བ་དང་། ཕ་ཝཾ་ལོང་བུའི་སྐུ་མཁར་བྱེ་བ་ཕྲག་བརྒྱར་གནས་བཅས་ཏེ། པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱའི་གཏེར་སྲུང་མཛད་པ་ཡིན་ནོ། །དེ་ལྟར་སྐྱེས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱ་ཡོད་པའི་རྒྱུ་མཚན་ཅི་ཞེ་ན། སངས་རྒྱས་ཀྱི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་པོ་དེ་དག་ཐམས་ཅད་འཁོར་དང་མཛད་པ་ཕྲིན་ལས་ཐམས་ཅད་གཅིག་དང་འདྲ་བར་ཁྱད་ཅུང་ཟད་མེད་པར་མདོ་སྡེའི་བཤད་པ་རྣམས་ནས་འབྱུང་བའི་ཕྱིར། །གསང་བདག་བྱེ་བ་ཕྲག་བརྒྱ་དང་ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་བཀའ་སྡོད་སྐྱེས་བུ་ཆེན་པོ་བྱེ་བ་ཕྲག་བརྒྱ་ཡང་ངེས་པར་ཡོད་ཅིང་། དེ་ཐམས་ཅད་ཀྱང་འོག་མིན་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པའི་སྤྲུལ་པར་ངེས་སོ། །འོ་ན་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པའམ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་ནི་ཡེ་ཤེས་པ་ཡིན་ཀྱང་། འཇིག་

p. 413

རྟེན་གྱི་མགར་བ་དམར་ནག་ཏུ་གྲགས་པའི་རྡོ་རྗེ་ལེགས་པ་འདི་ནི། དེའི་སྤྲུལ་པའི་ཆ་ཤས་ཙམ་ཡིན་སྲིད་ཀྱང་། འཇིག་རྟེན་གྱི་ལྷ་འདྲེ་དྲེག་པ་ཅན་ཡིན་གྱིས། ཡེ་ཤེས་ཀྱི་ཆོས་སྐྱོང་མིན་ནམ་སྙམ་ན། འཇིག་རྟེན་པའི་དྲེགས་པ་ཅན་རྣམས་ཀྱི་སྡེ་དཔོན་མཛད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་གདུག་པ་ཅན་ཐམས་ཅད་མྱུར་དུ་ཚར་གཅོད་པའི་ཕྱིར། །འཇིག་རྟེན་གྱི་བཙན་རྒོད་དྲག་པོ། ཐེའུ་རང་རྫུ་འཕྲུལ་ཅན་གྱི་ཚུལ་བཟུང་ནས་ཆ་ལུགས་འཛིན་ན་ཡང་། ངོ་བོ་ཡེ་ཤེས་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་གསུང་ལས། ཧཱུྃ། བཅོམ་ལྡན་རྡོ་རྗེའི་བཀའ་ཉན་ཐ་ཚིག་ཅན། །དབྱིངས་ཉིད་དོན་དམ་ངང་ལས་མ་གཡོས་ཀྱང་། །སྨོན་ལམ་ཐ་ཚིག་ཡལ་བར་མི་འདོར་ཕྱིར། །འཇིག་རྟེན་པ་ལ་བཞུགས་ནས་ཕྲིན་ལས་མཛད། །ཅེས་དམ་ཅན་མདོས་གཞུང་ལས་གསུངས་སོ། །ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆོས་ཚན་མགར་དམར་གྱི་རྗེས་གནང་དབང་གི་རིམ་པ་ཨོ་རྒྱན་རིན་པོ་ཆེའི་གསུང་སླད་མེད་པ་ལས། ཧཱུྃ། པདྨ་ཧེ་རུ་ཀ་ཡི་སྤྲུལ་པ་སྟེ། །བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན། །ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག །རྡོ་རྗེའི་ཕོ་རྒྱུད་ཕོ་ཉར་འགྱེད། །

p. 414

ཙིཏྟའི་མོ་རྒྱུད་ལས་ལ་འཛུད། །རྡོ་རྗེ་ལེགས་པའི་དབང་ཐོབ་ཤོག །ཅེས་གསུངས་སོ། །ལ་ལ་དག་ན་རེ། མགར་ནག་ནི་ཡེ་ཤེས་པ་རྟ་མགྲིན་གྱི་སྤྲུལ་པ་ཡིན། མགར་དམར་ནི། གཙང་བཙན་རྡོ་རྗེ་ལེགས་པ་ཞེས་འཇིག་རྟེན་པ་ཡིན་ཟེར་བ་ཡང་མི་བདེན་པ་དེས་གསལ་ལོ། །མགར་ནག་གི་གཞུང་ཉིད་ལས། དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །ཞེས་གསུངས་པ་དང་། མངའ་བདག་ཉང་གི་གཏེར་ཁ་སྡེ་དཔོན་སུམ་ཅུའི་གསོལ་ཁ་ཆེན་པོ་ཨོ་རྒྱན་ཉིད་ཀྱིས་མཛད་པ་ལས། །དུག་ལྔ་མ་སྤངས་སྐུ་ལྔ་ལྷུན་གྲུབ་པ། །འགྲོ་དྲུག་བསྒྲལ་ཕྱིར་ཡེ་ཤེས་ཁྲོ་བོའི་ཚུལ། །གདུག་པ་འདུལ་ཕྱིར་རྡོ་རྗེ་རྩེ་དགུ་བསྣམས། །དགྲ་བླ་རྡོ་རྗེ་ལེགས་པའི་སྐུ་ལ་བསྟོད། །ཅེས་གསུངས་སོ། །དེ་དག་གིས་ནི་འཇིག་རྟེན་པའི་རྡོ་རྗེ་ལེགས་པ་འདི་ཉིད་ཡེ་ཤེས་ཀྱི་ཆོས་སྐྱོང་ཡིན་པ་གསལ་ལོ། །འོ་ན་དམ་ཚིག་གི་རྡོ་རྗེ་ལེགས་པ་དེ་ཅི་ལྟར་ཞེ་ན། རྒྱ་གར་ཡུལ་གྱི་ཕ་མཐའ། ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཚུར་ཐ་དེའི་མཚམས་ན། རི་བོ་མ་ལ་ཡ་གནམ་ལྕགས་འབར་བ་ཞེས་བྱ་བ། ལྷོ་ནུབ་རྔ་ཡབ་གླིང་གི་སྔོན་རུ་ཏྲ་བཏུལ་བའི་རི་མ་ལ་ཡ་གནམ་ལྕགས་འབར་བ་ཞེས་བྱ་བ། དབྱིབས་ཟུར་གསུམ་ལ་

p. 415

རྡོ་དང་བྲག་ཕལ་ཆེར་གནམ་ལྕགས་ལས་གྲུབ་པ། རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པ་ཞེས་ཀྱང་བྱ་སྟེ། དེ་ན་ཤིང་ཙནྡན་དམར་པོའི་ནགས་ཚལ་ཆེན་པོ་མེ་ཏོག་གི་ཚལ་རྒྱས་པ། སྟག་དང་དུག་སྦྲུལ་དང་ཕག་རྒོད་དང་གླང་རྒོད་སྨྱོན་པ་མང་པོ་རྒྱུ་བས། དེ་རུ་མི་བསྐྱོད་པར་མི་ནུས་པ། དུས་བཟང་རྣམས་སུ་འཇའ་གུར་དང་མེ་ཏོག་གི་ཆར་འབེབས་པ། རྒྱུན་དུ་ན་བུན་གཏིབས་པས་མཐོང་དཀའ་བ་ཡོད་དེ། དེའི་རྩེ་ན་མིས་ནི་དངོས་སུ་མི་མཐོང་བར། མི་མགོ་སྐམ་རློན་བརྩེགས་པའི་ཐོད་མཁར་མེ་རླུང་འཚུབ་པས། ཞིང་ལྤགས་དང་མི་མགོ་སྐམ་རློན་གྱི་རྒྱན་ནི་མང་པོ་སྦྱར་བ། མི་རོ་དང་རྟ་རོ་བཅལ་དུ་བཀྲམ་ཞིང་མི་ཁྲག་དང་རྟ་ཁྲག་གི་ཆུ་བོ་འབབ་པ། ཕྱི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་ཡོད་དེ། དེ་ན་དཔལ་ཡེ་ཤེས་ཀྱི་མགོན་པོའི་ཚོགས་ཐམས་ཅད་དུས་རྟག་ཏུ་བཞུགས་ཤིང་། དུས་བཟང་པོ་རྣམས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེར་བྱོན་ནས། མཁའ་འགྲོ་མ་རྣམས་དང་ལྷ་སྲིན་སྡེ་བརྒྱད་རྣམས་ལ་ཆོས་སྟོན་ཅིང་ཚོགས་ཀྱི་འཁོར་ལོ་བསྐོར་བར་མཛད་དེ། རི་དེའི་ལྷོ་ནུབ་ངོས་ན་ཤེལ་གྱི་བྲག་ཕུག་དབྱིབས་སྲིན་པོའི་ཁ་

p. 416

གདངས་བ་འདྲ་བ་ཡོད་དེ། དེ་ཉིད་མིས་ནི་མི་མཐོང་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་ལོངས་སྤྱོད་བཀོད་པ་ཕུན་སུམ་ཚོགས་པ་ཡོད་དེ། དེ་ན་དམ་ཚིག་རྡོ་རྗེ་ལེགས་པ་བཞུགས་ནས། རི་མ་ལ་ཡ་དེའི་གནས་བདག་ཞིང་སྐྱོང་གི་ཚུལ་ཡིན་པས། རིའི་རྩེ་དེར་དུས་བཟང་ལ་ཕྱག་རྡོར་ཕེབས་པ་ན། རྡོ་རྗེ་ལེགས་པ་ཡང་ཕྱག་ན་རྡོ་རྗེའི་འཁོར་དུ་འདུས་ནས་དབང་ཆོས་ཉན་པར་བྱེད་པ་སྟེ། གཞུང་ལས། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་ཐོད་པའི་གཞལ་ཡས་ཁང་ན་དཔལ་ཕྱག་ན་རྡོ་རྗེའི་འཁོར་དུ་གནས་པའི་དམ་ཚིག་རྡོ་རྗེ་ལེགས་པ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་དམ་ཅན་གྱི་བསྐུལ་པ་ཆེན་པོ་རཏྣ་གླིང་པའི་གཏེར་མ་ལས། ཀྱི། ལྷོ་ནུབ་མཚམས་ཀྱི་འཇིག་རྟེན་ན། །རི་བོ་མ་ལ་ཡའི་ཤར་ཕྱོགས་ནས། །གསང་བའི་རྫོང་ཆེན་ཤེལ་གྱི་བྲག་ཕུག་ནས། །སྲིན་མོ་མ་གྷའི་བྲག་ཕུག་ནས། །རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །རྗེ་གཅིག་ཉག་གཅིག་སྐུར་བཞེངས་ཤིག །ཅེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པ་རྡོ་རྗེ་གླིང་པའི་གཏེར་མ་དང་། ཉང་ཏིང་འཛིན་བཟང་པོས་མཛད་པའི་བསྐུལ་པ། མཁས་པ་ཀློང་ཆེན་རབ་འབྱམས་པའི་ལུགས་

p. 417

གཉིས་ཀ་ནས། ལྷོ་ནུབ་སྲིན་པོའི་འཇིག་རྟེན་གྱི། །མ་ལ་ཡ་ཡི་ཤར་ཕྱོགས་ན། །སྲིན་པོ་ཁ་ཡི་བྲག་ཁུང་ན། །རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །དགྲ་ལྷ་ཉག་གཅིག་སྐུར་བཞེངས་པ། །ལྕགས་སྤྱང་ནག་པོའི་མགོ་དགུའི་སྟེང་། །སྐུ་སྟོད་དར་དཀར་རས་དཀར་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཕྱག་གཡས་ཞགས་པ་ནག་པོ་ཐོགས། །གཡོན་པས་དབྱུག་ཏོ་འབར་བ་བསྣམས། །ཞལ་ནས་གདུག་པའི་ངན་སྔགས་སྒྲོག །སྐུ་ལ་མེ་ཡི་ཚྭ་ཚྭ་འཕྲོ། །སྐྱེས་བུ་དེ་ཡི་བཀའ་ཉན་ནི། །སྡེ་བརྒྱད་བཙན་འཁོར་གོ་ཞུབས་ཅན། །སུམ་བརྒྱ་དྲུག་ཅུ་སི་ལི་ལི། །ཐོག་སེར་བུ་ཡུག་ཐུ་ལུ་ལུ། །མེ་འོད་མཚོན་ཆ་ཡ་ལ་ལ། །ཞེས་དང་། གཞན་ཡང་གཏེར་ཁ་མང་པོ་ནས་དེ་དང་མཚུངས་པར་གསུངས་སོ། །དམ་ཚིག་གི་རྡོ་རྗེ་ལེགས་པ་འདི་ནི། མགོན་པོ་ཕྱག་བཞི་པའི་ལས་མགོན་བྱ་རོག་གདོང་མཆེད་གསུམ་གྱི་ནང་ནས་གཅིག་ཡིན་ཏེ། ཐོད་ནག་སྲོག་གི་སྤུ་གྲིའི་རྒྱུད་ཀྱི་འགྲེལ་པ་བླ་མ་རྡོ་རྗེ་གདན་པའི་གསུངས་བཞིན་དཔལ་རྒ་ལོའི་ཡི་གེར་བཀོད་པ་ལས། དེ་ལ་ལས་ཀྱི་མགོན་པོ་གསུམ་བརྟེན་པ་ནི། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྲིན་པོ་དང་། །

p. 418

རྡོ་རྗེ་ཀླུ་བདུད་གསུམ་ཡིན་ཏེ། དེ་ལ་གནོད་སྦྱིན་ནི་གནོད་སྦྱིན་རྣམ་ཐོས་ཀྱི་སྤྲུལ་པའོ། །རྡོ་རྗེ་སྲིན་པོ་ནི་ལྷོ་ཕྱོགས་རི་མ་ལ་ཡའི་བྲག་སྲིན་པོ་ཡིན་ནོ། །རྡོ་རྗེ་ཀླུ་བདུད་ནི་ཤི་ལེ་རུ་རྩེ་ཚེའི་སྤྲུལ་པ་ཡིན་ནོ། །ཞེས་དང་། དེའི་ཡིག་ཆུང་ལས། རྡོ་རྗེ་སྲིན་པོ་རི་མ་ལ་ཡའི་བྲག་སྲིན་གཙང་བཙན་ནོ། །ཞེས་དང་། དེ་ཡང་བཞི་པའི་ལས་སྦྱོར་གྱི་སྔགས་ཐམས་ཅད་ཀྱི་རྩ་བ་ནི། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ར༔ ཞེས་པོ་འདི་ཡིན་ལ། སྔགས་འདི་ནི་དམ་ཚིག་གི་རྡོ་རྗེ་ལེགས་པ་དེའི་སྙིང་པོ་ཡིན་ཏེ། །ཐོད་ནག་སྲོག་གི་སྤུ་གྲིའི་རྒྱུད་ཀྱི་འགྲེལ་པ་དེ་ལ།་སི་ཏི་ཡ་མ་ནི་རྡོ་རྗེ་སྲིན་པོའི་སྙིང་པོའོ། །ཞེས་གསུངས་སོ། །དེ་བཞིན་དུ་བྱ་རོག་གདོང་ཅན་མཆེད་དགུའི་སྐབས་སུ་དགེ་བསྙེན་བྱ་རོག་གདོང་ཅན་ཞེས་བྱ་བ་དམ་ཚིག་གི་རྡོ་རྗེ་ལེགས་པ་འདི་ཉིད་ཡིན་པ་དང་། མདོས་ཉི་ཤུ་སོགས་དང་བརྒྱ་བཅུ་སོགས་མདོས་ཀྱི་སྐབས་སུ། ཤར་དུ་གཙང་བཙན་སེང་གེ་ལ་ཞོན་པ་རྡོ་རྗེ་ཐེག་པ་ཞེས་པ་ནི། འཇིག་རྟེན་གྱི་སྐྱེས་བུ་ཆེན་པོ་དངོས་ཡིན་པའི་ཕྱིར། མགོན་པོ་ལས་གསང་བའི་རྒྱུད་ལས། ཨོཾ་མ་ཧཱ་ཀཱ་ལ་རྒྱུག་རྒྱུག་བྲིང་བྲིང་། མ་ཧཱ་ཀཱ་ལ་ས་དུ་ས་མ་ཡ། འུར་བ་འུར་བ་རྒྱུག་ཏྲི་རྒྱུག་ཏྲེ། མ་ཧཱ་ཀཱ་

p. 419

ལ་གིང་ཀ་ར་ཏེ་ཤང་ཀུ་རུ་རྒྱུག་རྒྱུག་བྲིང་བྲིང་། མ་ཧཱ་ཀཱ་ལ་ཡ་བྷྱོ་བྷྱོ། ཞེས་སོགས་སྔགས་དང་བཅས་པ་གསུངས་པ་དང་། མགོན་པོ་ར་ཐོད་མ་རྒྱས་འབྲིང་བསྡུས་གསུམ་ཐམས་ཅད་ཀྱང་གཙོ་བོ་མགོན་པོའི་རྣོ་མདེལ་ལ་སྐྱེས་བུ་ཆེན་པོ་འདི་བཏགས་པའི་གདམས་པ་ཡིན་པར་གསལ་ལོ། །དེ་བཞིན་དུ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ཉང་གི་གཏེར་མ་ལས་ཀྱང་། བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ནུབ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ། །ཞེས་སོགས་དམ་ཅན་སེང་ཞོན་གྱི་བསྐུལ་བ་དང་། བཛྲ་སཱ་དྷུ་དགྲ་བོའི་བླ་ལ་རྒྱུག་རྦད་སོད། ཅེས་སོགས་གསུངས་པའི་ཕྱིར། མགོ་ན་པོ་ཕྱག་བཞི་པའི་ལས་མཁན་གྱི་གཙོ་བོ་ནི། དམ་ཚིག་གི་རྡོ་རྗེ་ལེགས་པ་དང་འཇིག་རྟེན་གྱི་སྐྱེས་བུ་ཆེན་པོ་ཡིན་པས། ལ་ལ་དག་ཕྱག་བཞི་པ་དང་ལྷ་རུ་ཡོད་ཟེར་བ་སོགས་སྙིང་པོ་མེད་པར་ཤེས་པར་བྱའོ། །དེ་བཞིན་དུ་མགོན་པོ་སྤྱི་ཡི་རྒྱུད་ཁྲག་མཚོ་ཁོལ་ཆེན་ལས། གྲི་གུག་དང་ཁྲོས་པའི་དཀྱིལ་འཁོར་གསུངས་པའི་སྐབས་སུ། ནུབ་བྱང་གི་གྲྭར་སྲོག་བདུད་ནག་པོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཅན། ར་སྐྱེས་ཁམས་པའི་སྟེང་དུ་མེའི་སྤུ་གྲི་ལ་དབང་བྱེད་པའོ། །ཞེས་དང་།

p. 420

ཧཱུྃ༔ སྲོག་བདུད་ནག་པོ་མ་རུངས་པ། །སྐུ་མདོག་དུད་ཁོའབར་བ་སྟེ། །ཞལ་གཅིག་སྤྱན་གསུམ་ཞལ་བསྒྲད་ནས། །མཆེ་གཙིགས་མི་བསྲུན་ང་རོ་ཅན། །ར་སྐྱེས་ཁམ་པའི་སྟེང་ན་བཞེངས། །ཕག་རྒོད་ལྤགས་པས་ཤམ་ཐབས་ཅན། །དྲེད་མོའི་གཡང་གཞི་སླག་པ་གྱོན། །རླུང་ལྷའི་ཕྱོགས་ཀྱི་ཕོ་ཉ་ཁྱོད། །གྲི་གུག་ཐོད་པ་དགྲ་སྙིང་ཕྱུངས། །ཐོད་པས་སྙིང་ཁྲག་ཆོས་ལ་འཐུང་། །མི་ཡི་ཁམས་ལ་དབང་བྱེད་པས། །དགྲ་བོའི་ལུས་ཀྱིས་དྲོད་སྡུས་ཤིག །འཁོར་དུ་སྲུལ་པོ་ལུས་སྲུལ་པོ། །ལྷ་མ་ཡིན་དང་མིའམ་ཅི། །ནག་པོ་ཀླུ་ཡི་འཁོར་གྱིས་བསྐོར། །ལས་ངན་སྡིག་ཅན་དགྲ་བོ་འདིའི། །སྙིང་རྩ་ཆོད་ལ་རེངས་པར་ཟོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཅེས་གསུངས་སོ། །གྲི་གུག་ཁྲོས་པའི་དཀྱིལ་འཁོར་གཙོ་བོ་མ་མགོན་གཉིས་ཀ་ཡིན་པ་དང་། །ལྷ་མོའི་རྒྱུད་གཞུང་མང་པོ་ནས། །སྲིན་མོ་ར་སྐྱེས་ལ་ཞོན་པ་སྐྱ་རེངས་ཀྱི་རྟ་ལ་ཞོན་ནས་དཔལ་ལྡན་ལྷ་མོའི་ཕྱི་བཞིན་དུ་འབྲང་བ། ཞེས་གསུངས་ཤིང་། གྲུབ་ཆེན་ཀརྨ་པའི་ལུགས་མ་མགོན་མགར་གསུམ་ཆོ་ག་གཅིག་ཏུ་བྱེད་པས། ལྷ་མོ་དང་ལྷ་རུ་ཡོད་ཟེར་བ་ཡང་བརྟག་པར་བྱའོ། །ལྷ་མོའི་བཤད་པ་ལས། མགར་

p. 421

བ་དག་ནི་ཁྱོད་ཀྱི་དགྲ་ཡིན་ཀྱང་། །མ་བསྐྱོད་བརྟེན་པར་གྱུར་པ་མཐོལ་ལོ་བཤགས། །ཞེས་འདི་ཡང་རྒྱུད་གཞུང་ཚད་ལྡན་ཡིན་ནམ། མེ་ལྕེ་འབར་བའི་རྒྱུད་ལ་ནི་མི་སྣང་ངོ། །དེ་ལྟར་ཁྲག་མཚོ་ཁོལ་ཆེན་དང་གཞན་ཡང་གསར་རྙིང་གི་རྒྱུད་སྡེ་དུ་མ་ནས་སྐྱེས་བུ་ཆེན་པོའི་སྒྲུབ་ཐབས་མཆོད་བསྟོད་སོགས་གསུངས་ཤིང་། རྒྱུད་དེ་དག་ཕལ་ཆེར་ནི་སྤྲུལ་སྐུ་ཤཱཀ་ཐུབ་འཇིག་རྟེན་དུ་མ་བྱོན་པའི་གོང་རོལ། སྐྱེས་བུ་ཆེན་པོ་འདི་ཉིད་ཀྱང་མ་འཁྲུངས་གོང་རོལ་ནས་གསུངས་པ་མང་སྟེ། དེ་དག་ནས་གསུངས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་༴ པ་དང་། དམ་ཚིག་གི་རྡོ་རྗེ་ལེགས་པ་དེ་ཉིད་ཡིན་པར་ངེས་སོ། །དེ་ནས་འཇིག་རྟེན་པའི་རྡོ་རྗེ་ལེགས་པ་ཅི་ལྟ་བུ་ཞེ་ན། ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་འོག་མིན་དུ་བཞུགས་པ་ལས་མ་གཡོས་པ་བཞིན་དུ་སྤྲུལ་པ་དམ་ཚིག་རྡོ་རྗེ་ལེགས་པ་བྱེ་བ་ཕྲག་བརྒྱར་སྤྲུལ་ཏེ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་བྱེ་བ་ཕྲག་བརྒྱའི། རི་བོ་མ་ལ་ཡའི་བྱེ་བ་ཕྲག་བརྒྱའི་ཞིང་སྐྱོང་མཛད། མཚན་ལ་རྡོ་རྗེ་སྲིན་པོ་དང་། རི་བོ་མ་ལ་ཡའི་བྲག་སྲིན་དང་། རྗེ་གཅིག་ཉག་གཅིག་དང་། དགེ་བསྙེན་བྱ་རོག་གདོང་དང་སྲོག་བདུད་མ་རུངས་པ་སོགས་སུ་མཚན་ཐོགས་ཏེ། ཕྱག་ན་རྡོ་

p. 422

རྗེ་བྱེ་བ་ཕྲག་བརྒྱའི་བཀའ་སྡོད་བྱེད་བཞིན་ལས་མ་གཡོས་པར། ཡང་སྤྲུལ་འཇིག་རྟེན་གྱི་སྐྱེས་བུ་རྡོ་རྗེ་ལེགས་པ་བྱེ་བ་ཕྲག་བརྒྱར་སྤྲུལ་ལོ། །དེ་རེ་རེ་ལ་ཡང་སུམ་སྤྲུལ་སྤྲུལ་པ་མཆེད་ཟླའི་ཚུལ་སུམ་བརྒྱ་དྲུག་ཅུ་རེ་རེར་སྤྲུལ་ལོ། །དེ་ལྟར་གཙོ་བོ་དང་འཁོར་སུམ་བརྒྱ་དྲུག་ཅུ་པོ་རྣམས་རེས་འགའ་ལྷ་འདྲེའི་ཚུལ་དང་། རེས་འགའ་མིའི་སྐྱེ་བ་མང་དུ་བརྒྱུད་དེ། དེ་ཐམས་ཅད་ཅིག་མིར་སྐྱེ་ཚེ་གཞན་ཐམས་ཅད་ཀྱི་དེའི་སྡོང་གྲོགས་བྱེད་པ་ཁོ་ན་འབྱུང་བས། མི་ཕལ་པ་དང་མི་འདྲ་བའི་རྫུ་འཕྲུལ་ཅན་དེ་འབྱུང་བ་སྟེ། དེ་ཡང་རྒྱ་གར་གྱི་ཡུལ་དུ་དམ་པའི་ཆོས་སྐྱོང་བའི་རྒྱལ་པོ་དུ་མ་དང་། རྒྱ་ནག་གི་ཡུལ་དུ་རྒྱལ་ས་བཟུང་ནས་ཁྲིམས་སྐྱོང་ཞིང་གཙུག་ལག་གི་རྩིས་དར་བར་བྱེད་པ་དང་། སྟག་གཟིག་ནོར་གྱི་རྒྱལ་པོ་དང་། དེ་བཞིན་རྫུ་འཕྲུལ་མཐུ་དང་ལྡན་པའི་སྔགས་པ་དང་། བནྡེ་ཆེན་པོ་དང་བོན་པོ་ཆེན་པོ་དང་། ཞང་བློན་ཆེན་པོ་དང་། དམག་དཔོན་ཆེན་པོ་དང་། ཇག་དཔོན་ཆེན་པོ་དང་། ཚོང་དཔོན་ཆེན་པོ་མཚོན་ཆ་བསམ་ཚོད་འབར་བ། གོ་ཁྲབ་མཚོན་ཆ་རྒྱུག་པ་དག་བཟོ་བའི་མགར་བའི་སྐྱེ་བ་མང་དུ་བརྒྱུད་དེ། ཨོ་རྒྱན་རིན་པོ་ཆེས་མཛད་པའི་བསྟོད་པ་བཀའ་མ་དང་གཏེར་མ་

p. 423

གཉིས་ཚིག་མཐུན་པར། སྔོན་ཚེ་ཐོག་མར་རང་གི་བག་ཆགས་སམ། །སྨོན་ལམ་དམ་བཅའ་ཉིད་ཀྱི་མོས་པ་ཡི། །རྒྱ་བོད་མདོ་གཙང་བགྲོད་པའི་སྣ་འདྲེན་པ། །ཚོང་དཔོན་ཆེན་པོའི་སྐུ་ལ་མཆོད་འབུལ་བསྟོད། །ཅེས་དང་། རྗེ་རང་བྱུང་པས་མཛད་པའི་གསོལ་ཁ་ནས། བརྒྱ་ནི་རྒྱ་གར་ཡུལ་དུ་བཞུགས། །རྒྱ་གར་ཆོས་ཀྱི་རྒྱལ་ས་མཛད། །བརྒྱ་ནི་རྒྱ་ནག་ཡུལ་དུ་བཞུགས། །རྒྱ་ནག་ཡུལ་གྱི་ཨ་ཇོ་མཛད། །རྒྱ་ནི་འབྲོ་མཆོག་ཡུལ་དུ་བཞུགས། །འབྲོ་མཆོག་ཡུལ་གྱི་མཁས་དཔོན་མཛད། །དྲུག་ཅུ་བོད་ཡུལ་དབུས་སུ་བཞུགས་།སྔགས་པ་མཐུ་བོ་ཆེ་ཡང་མཛད། །ཅེས་གསུངས་སོ། །དམ་ཅན་ཡང་འགྱེད་ལས། །ལྔ་བཅུ་གེ་སར་ཡུལ་དུ་བཞུགས། །གེ་སར་དམག་གི་རྒྱལ་པོ་མཛད། །ལྔ་གཟིག་ཡུལ་དུ་བཞུགས། །སྟག་གཟིག་ནོར་གྱི་རྒྱལ་པོ་མཛད། །དྲུག་ཅུ་བོད་ཡུལ་དབུས་སུ་བཞུགས། །བནྡེ་རྣམས་ཀྱི་ཆོས་སྐྱོང་མཛད། །གཙུག་ལག་ཁང་གི་སྲུང་མ་།དྲུག་ཅུའི་ནང་ནས་ཁྱད་པར་འཕགས། །མཚན་ནི་རྡོ་རྗེ་དྲག་པོ་སྟེ། །གསང་མཚན་མགར་བ་ནག་པོ་ལ། །ཞེས་གསུངས་སོ། །དེ་ལྟར་མཛད་པའི་ལོ་རྒྱུས་ཅི་ལྟ་བུ་ཞེ་

p. 424

ན། མཆེད་ཟླ་བཙན་གྱི་གིང་ཆེན་ཡམས་ཤུད་དམར་པོར་སྤྲུལ་པ། ཀླུ་སེ་ཧུའི་བུ། རྒྱ་ནག་གི་རྟ་རྫི་དེས་རྒྱལ་པོ་འཕྲོག་སྟེ། མེ་ཉག་འགའི་རྒྱལ་པོ་ཞེས་རྒྱ་མེ་ཉག་གཉིས་ཀ་ལ་དབང་བསྒྱུར་བ་དང་། མཆེད་ཟླ་ལྷའི་གིང་ཆེན་ཚངས་པ་དཀར་པོ་ཞེས་ཀྱང་བྱ། གནམ་ཐེལ་དཀར་པོ་ཞེས་ཀྱང་བྱ་བ་ཧོར་གྱི་བུར་སྤྲུལ་ནས། རྒྱ་ནག་གི་རྒྱལ་ས་འཕྲོག་སྟེ། རྒྱ་བོད་ཧོར་གསུམ་ལ་དབང་བསྒྱུར་བ་སེ་ཆེན་རྒྱལ་པོ་དང་། གཞན་ཡང་བར་ཧོར་གྱི་ཕ་མྱེས། ཧོར་སྟོད་ཐའི་ཕ་མྱེས་རྒྱལ་པོ་དཀར་པོ་དང་། ཧོར་བར་ཐའི་རྒྱལ་པོ་ཕ་མྱེས་རྒྱལ་པོ་དམར་པོ་དང་། ཧོར་སྨད་ཐའི་ཕ་མྱེས་རྒྱལ་པོ་ནག་པོ་དང་། དེ་རྣམས་ཀྱང་མཆེད་ཟླ་གནམ་ས་བར་གྱི་ཐེའུ་གསུམ་གྱི་སྤྲུལ་པར་སྣང་ལ། དུས་ཕྱིས་ཧོར་སྟོད་ཐའི་རྒྱལ་པོ་ཞིག་གིས་ཆོས་དྲན་ལ་འདྲེས་བརྩལ་བས། ཞིང་སྐྱོང་གི་མདོས་བཅས་ནས་དེ་བསྒྲལ་དགོངས་ཏེ་ཟླ་བ་གཅིག་ལ་མདོས་ཆ་བཟོས་ཙམ་ན། ནུབ་གཅིག་ཧོར་གྱི་རྒྱལ་པོ་དེས་བེར་ལྗང་ཁུ་གྱོན་ཏེ། །འབྲུག་ལ་ཞོན་ནས་ནམ་མཁར་བྱུང་ཛ། ཆོས་སྐྱོང་རྣམས་ཀྱང་བཞའ་ཡུད་ཡུད་བྱེད་པ་གཟིགས་ཏེ། དམ་ཅན་གྱི་མཆེད་ཟླ་གཅིག་གི་སྤྲུལ་པ་ཡིན་པར་དགོངས་ནས། མདོས་མ་བཅས་

p. 425

མདོས་ཆ་དེ་ད་ལྟ་བྱུང་ཡང་པ་ཅན་དུ་ཡོད་སྐད། མདོར་ན་གློ་བུར་གྱི་རྒྱལ་པོ་སྟོབས་དང་ལྡན་པ་ཕལ་ཆེར་སྐྱེས་བུ་ཆེན་པོའི་མཆེད་ཟླ་རེ་མིར་སྐྱེ་བ་བླངས་པ་ཡིན་ལ། །འཁོར་དང་ཡང་འཁོར་རྣམས་ཀྱང་མིར་སྐྱེས་སྐབས་བརྡུང་བའི་གྲི་དང་གོ་ཁྲབ་ཐེལ་རང་མགར་བས་བརྡུང་ཟེར་བ་ཡིན་ནོ། །དེ་ལ་གཙོ་བོ་སྐྱེས་བུ་ཆེན་པོ་འདི་ཉིད་རིགས་གསུམ་གྱི་སྐྱེ་རྒྱུད་ནི། རྣམ་སྣང་གི་སྤྲུལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པ་དེ་ནི། །བསྐལ་པ་དཔག་ཏུ་མེད་པར་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་རྣམས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་སྤྱོད་ནས། ས་བཅུ་ཆོས་ཀྱི་སྤྲིན་ཐོབ་པ་ན། འོག་མིན་འཐུ་ས་པོ་བཀོད་པའི་ཞིང་ཁམས་ན། མེ་ཏོག་པདྨའི་སྙིང་པོ་ལ། བརྫུས་ཏེ་འཁྲུངས་ནས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞབས་འབྲིང་མཛད་ཅིང་བཞུགས་ཏེ། དེ་བསྐལ་པ་མང་པོའི་གོང་ནས་དེ་ལྟར་བཞུགས་སོ། །དེའི་སྤྲུལ་པ་གཅིག་འདས་པའི་སངས་རྒྱས་ཞིག་གི་བསྟན་པ་ལ་དགེ་བའི་བཤེས་གཉེན་མཁས་པ་ཞིག་ཏུ་སྐྱེས་པ་ཙ་ན། ཚུལ་ཁྲིམས་འཆལ་བར་གྱུར་པས། དེའི་རྣམ་སྨིན་གྱིས་རི་མ་ལ་ཡའི་བྲག་སྲིན་བཙན་འགོང་དུ་སྐྱེས་སོ། །དེ་ཡང་མྱེས་པོ་རྣམས་ཀྱི་རུམ་རུམ་རྗེ་ཞེས་

p. 426

བྱ་བ་དང་། ཕྱི་མོ་པའི་མེར་མེར་བདག་ཅེས་བྱ་བའི་བུ། བདུད་གདུག་པ་ཅན་རི་མ་ལ་ཡ་ལ་གནས་བཅས་པ་ཞིག་དང་། མ་ལ་ཡའི་བྲག་སྲིན་མོ་གཉིས་ཀྱི་སྲས་ཡིན་པས། སེམས་ཅན་ལ་གནོད་འཚེ་བྱེད་ཅིང་གླིང་བཞི་ཁྱབ་པར་རྒྱུག་ཙམ་ན། བལ་ཡུལ་ཨ་སུ་རའི་བྲག་ཕུག་ཏུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་མཇལ་ཏེ་དམ་ལ་བཏགས་ནས་གསང་སྔགས་ཀྱི་སྲུང་མར་བསྐོས་ཏེ། འདི་ནི་སྤྲུལ་སྐུ་ཤཱཀ་ཐུབ་མ་བྱོན་པའི་སྔོན་ཙམ་ཡིན་པར་སྣང་ངོ། །དེའི་དོན་ཨོ་རྒྱན་རིན་པོ་ཆེས་མཛད་པའི་དམ་བརྡར་ལས། ཧོ། ལྷའི་དགེ་བསྙེན་ཆེན་པོ་ཁྱེད་ཉོན་ཅིག །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཙམ་ན། རྒྱུན་གྱིས་ཁྲིམས་བསྲུང་ཙ་ན་འཆལ་བར་གྱུར་ཏེ། དེའི་རྣམ་སྨིན་གྱིས་ཤིང་ཕྱོགས་བཙན་འགོང་དུ་སྐྱེས་སོ། །དེ་ཚེ་ཀུན་ལ་གནོད་ཅིང་འཚེ་བ་ལས། མཇུག་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་དད་པར་གྱུར་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ནས། ཨ་སུ་རའི་བྲག་ཕུག་ཏུ། རྡོ་རྗེ་འཛིན་པའི་ཞལ་མཐོང་ནས། ལག་ཏུ་རྡོ་རྗེ་གཏད་ཅིང་ལྕེ་ལ་བདུད་རྩི་ཨ་མྲྀ་ཏ་བཞག་ནས། སྙིང་ཁར་སྲོག་གི་སྙིང་པོ་ཏྲི་བརྗོད་ནས་རྡོ་རྗེ་བཞག་ནས། གསང་སྔགས་རྡོ་རྗེ་མཆོག་གི་གྲལ་དུ་

p. 427

བཞག་སྟེ་ཐར་པ་ཐོབ་པའི་ལུང་བསྟན་ཅིང་གསང་བའི་མིང་བཏགས་ནས་མ་འོངས་པའི་རྣལ་འབྱོར་པས་སྒྲུབ་པའི་གྲོགས་བྱ་བར་ཁས་བླངས་པ་ཡིན་པས། བདག་གི་ཕྲིན་ལས་མྱུར་དུ་སྒྲུབས་ཤིག །གལ་ཏེ་ཁྱེད་ཀྱིས་དམ་ཚིག་ལས་འདས་པར་གྱུར་ན། སྙིང་གི་དཀྱིལ་དུ་སྡིག་པ་ནས་ཙམ་ཞིག་ཞུགས་ནས། སྙིང་ཁྲག་འཇིབས་ཏེ། ཚེ་འདིར་བརླག་ཅིང་ཕྱི་མ་རྡོ་རྗེའི་དམྱལ་བར་འགྱུར་རོ། །དེ་བས་རྡོ་རྗེ་འཛིན་གྱི་བཀའ་ཉོན་ལ་དམ་ཚིག་ཚུལ་བཞིན་ཏུ་སྲུངས་ཤིག །ཅེས་འབྱུང་ངོ། ༈ །དེ་ནས་འཇིག་རྟེན་གྱི་རྡོ་རྗེ་ལེགས་པའི་ཡབ་མོན་པ་ནག་པོའི་སྐྱེ་རྒྱུད་ནི། རྒྱ་གར་ནུབ་ཕྱོགས་ཕ་ཝཾ་ལོང་བུའི་སྐུ་མཁར་ན། ཕ་སྲིན་པོ་སྤེལ་མགོ་གདོང་། མ་བདུད་མོ་ཁྲག་གདོང་མ་གཉིས་ཀྱི་ཟས་སུ་སྐྱེ་འགྲོ་ཤ་ཁྲག་ཟ་ཞིང་ལས་སུ་སྐྱེ་འགྲོའི་སྲོག་གཅོད་ཅིང་གནས་པ་ལ། དེ་གཉིས་ལ་བུ་སྲོག་གཅོད་མོན་པ་ནག་པོ་བྱ་བ་སེམས་ཅན་གྱིས་བདུད་ཅིག་བྱུང་སྟེ། དེའི་འཁོར་མོན་ཕོ་མོ་དང་བྱ་གཅན་གདུག་པ་ཅན་གྱིས་བསྐོར་ནས་གནས་པ་ལ། བདུད་ཁ་ལ་མེ་འབར་གྱིས་བསད་དོ། །དེའི་སྐྱེ་བ་ཕྱི་མ་ལ་རྒྱུ་བསྟན་གྱི་མགར་བ་ས་ཆོག་བྱ་བར་སྐྱེས་ནས། དེ་མཚོན་ཆའི་བཟོ་ལ་ཤིན་ཏུ་

p. 428

མཁས་པར་གནས་པ་ལས། རྒྱལ་པོའི་ཆད་པ་བྱུང་ནས་སྙིང་བཏོན་ནས་བསད་དོ། །དེའི་སྐྱེ་བ་ཕྱི་མ་ལ་ཨ་ཙ་ར་ནག་པོ་ཅིག་ཏུ་སྐྱེས་ཏེ། དེ་ཡང་སྔོན་སྐྱེས་པའི་ཕ་ཝཾ་ལོང་བུའི་གནས་ན། ཕ་སྲིན་པོ་སྤེལ་གདོང་དང་། མ་བདུད་མོ་ཁྲག་གདོང་མའི་བུ་ཡིན་པས། ཁོ་རང་བདུད་དང་སྲིན་པོ་གཉིས་ཀ་ཡིན་པས་ཏེ། དཔེར་ན། ལས་ཀྱི་མགོན་པོ་ཐམས་ཅད་བདུད་དང་སྲིན་པོ་གཉིས་ཀ་ཡིན་པ་ལྟ་བུའོ། །དམུ་རྗེ་བཙན་ཞེས་བྱ་བ་སྟེ། ངོ་བོ་དམུ་ཡིན་རྒྱལ་པོ་སྟག་ཞུ་ཅན་དང་། བདུད་རེ་ལྡེ་མགོ་ཉག་ཅེས་ཀྱང་བྱ། ཕྱག་རྡོར་ཞལ་མཐོང་ཞིང་དད་ཟློཔ་དང་ལྡན་ནོ། །འཁོར་ཨ་ཙ་ར་དང་། མོན་པ་སྟོང་ཕྲག་དུ་མ་ཡོད་དོ། །ལུས་ནི་སྲིན་པོའི་གཟུགས་ཅན་ལ་བྱི་བའི་གདོང་པ་ཅན་ནོ། །མིང་ནི་མོན་པ་ནག་པོ་ཞེས་ཀྱང་བྱ། སྤྲུལ་པ་ནི་ཨ་ཙ་ར་ནག་པོ་གཅིག་ཏུ་འོང་བས། མོན་པ་སྒོ་རྡུང་སོགས་ཆོ་འཕྲུལ་བཏང་བ་དེ་ནི། དམ་ཅན་གྱིས་ཡབ་ལས་ལ་ཆད་པ་ཡིན་ནོ། །འདི་ནི་དྲེགས་པ་ཉི་ཤུ་གི་གཅིག་ཡིན་ནོ། །དམུ་ལ་རིགས་མང་བའི་ནང་ནས་དམུ་བདུད་ཀྱི་རིགས་ཏེ། དམུ་དང་བདུད་བཤོས་པའི་སྲས་མོ། བདུད་མོ་སྤྲེའུ་གདོང་པ་ནི་དམ་ཅན་གྱི་ཡུམ་ཡིན་ཏེ། མིང་མོན་མོ་ནག་མོ་ཞེས་

p. 429

ཀྱང་བྱ། གངས་དཀར་ཉི་མ་འཕྲུལ་ཡང་ཟེར། བདུད་ཟ་སྨིན་དཀར་མ་ཞེས་ཀྱང་བྱ་སྟེ། འཁོར་བུད་མེད་ཁྲག་གི་རྒྱུ་མ་དང་ནད་ཀྱི་རྐྱལ་པ་རྡེག་པ་འབུམ་ཕྲག་དང་བཅས་པའོ། །དེ་ལ་སྐྱེས་བུ་ཆེན་པོ་འདི་དང་པོ་གཤིན་རྗེ་ཆོས་རྒྱལ་གྱི་སྲས་སུ་འཁྲུངས་པ་དེ་ཚེ་འཕོས་ནས་ཡབ་མོན་པ་ནག་པོ་དང་། ཡུམ་མོན་མོ་ནག་མོ་དེ་གཉིས་ཀྱི་སྲས་སུ་འཁྲུངས་སོ། །དེ་ཡང་རྒྱ་གར་ཡུལ་གྱི་ནུབ་ཕྱོགས་དུར་ཁྲོད་རུལ་དབང་རོ་མྱག་མིན་པའི་དཀྱིལ་ཞེས་ཀྱང་བྱ། གཤིན་རྗེའི་གྲོང་སྡོང་ཆེན་པོ་ཞེས་ཀྱང་བྱ། གཤིན་རྗེའི་གྲོང་ཁྱེར་ལྟར་ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། སྟེང་ནས་འབྱུང་བ་ཆུ་དང་རླུང་་འཁོར་ལོ་འཁོར་བ། འོག་ནས་འབྱུང་བ་རླུང་དང་སའི་འཁོར་ལོ་འཁོར་བ། དུས་མ་ཡིན་པའི་ཐོག་དང་སེར་བ་དང་བུ་ཡུག་དང་ཁུ་འཕང་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ། གསོད་གཅོད་རྔམས་པའི་འབྲུག་སྒྲ་སྒྲོག་པ། སྐབས་སུ་སྐར་མདའ་དྲག་པོ་གཏོང་ཞིང་གཟའ་དང་ལྷ་མ་ཡིན་སྡེ་བརྒྱད་འགྱུ་བ་འཁྲུག་པ་ཉིན་བཞིན་དུ་རླུང་ནག་འཚུབ་པ། མཚན་བཞིན་དུ་མེ་འབར་བ། སྟེང་ན་སྤྲིན་ནག་པོ་མུན་ལྟར་གཏིབས་པའི་ནང་ན་གློག་འགྱུ་བ། འབྱུང་བ་ཚ་གྲང་འཁྲུག་པའི་སྒྲ་

p. 430

པོ་སྒྲོག་པ། དེ་ལྟ་བུའི་དུར་ཁྲོད་ཆེན་པོའི་དབུས་ན།། སྣ་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་བླ་རྡོ། རྡོ་ཕ་བོང་ལོང་བུ་ལས་གྲུབ་པའི་སྐུ་མཁར་འོད་རྣམ་པ་ལྔའི་འཇའ་ཚོན་གྱིས་བསྐོར་བ་གཅིག་ཡོད། ནང་ནི་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་གཞལ་ཡས་ཁང་། ལོངས་སྤྱོད་དཔག་ཏུ་མེད་པ་དང་བཅས་པར་སྣང་ངོ། །དེ་ལྟ་བུའི་གནས་ནས་ཡབ་འོལ་རྒོད་སྟོང་རྗེ་མོན་པ་ནག་པོ་སྲིན་པོ་བྱི་ལའི་གདོང་ཞེ་སྡང་གི་མེ་འབར་བ་དང་། ཡུམ་དམར་བཤམས་གནོད་སྦྱིན་སྙིང་འཕྲོག་མ་ཞེས་བྱ་བ་ཉི་ཟ་ཁྲི་བཙུན་ཟེར་མོན་མོ་བདུད་མོ་སྤྲེའུ་གདོང་། །འདོད་ཆགས་ཀྱི་ཆུ་ཁོལ་པ། ཟས་སུ་སྐྱེ་འགྲོའི་ཤ་ཟ་བ་སྐོམ་དུ་སྐྱེ་འགྲོའི་ཁྲག་འཐུང་བ། ལས་སུ་སྐྱེ་འགྲོའི་སྲོག་གཅོད་པ་དེ་གཉིས་ཉོན་མོངས་རང་གར་སྤྱོད་པ་ལས་སྲས་འཇིག་རྟེན་གྱི་སྐྱེས་བུ་ཆེན་པོ་འདི་འཁྲུངས་ཏེ། དེ་ཡང་རིགས་ནི་གནོད་སྦྱིན་གྱི་རིགས་ཀྱི་བཙན་ཡིན་ཏེ། དམུའི་བཙན་རོལ་པོ་སྐྱེས་ཞེས་བྱ། ཤིན་ཏུ་འཇིགས་ཤིང་སྐད་འབྲུག་ལྟར་ལྡིར་བ། ལྕེ་གློག་ལྟར་འཁྱུག་པ། ལུས་ཀྱིས་སྤྲུལ་བསྒྱུར་སྣ་ཚོགས་སྟོན་ཅིང་། རབ་ཏུ་ཁྲོས་ཆེ་ཟ་བྱེད་སྤྱང་ཀའི་གདོང་། གཅན་གཟན་གདུག་པའི་མཆེ་བ་སྟོན་པ། སྐྱེས་འགྲོའི་ཤ་ཟ་ཞིང་ཁྲག་

p. 431

འཐུང་བ། དེ་ལ་འཁོར་དུར་ཁྲོད་ཀྱི་བདུད་ནག་པོ་སྤུན་གསུམ་ཞེས་བྱ་བས་བསྐོར་ནས། སྐྱེ་འགྲོ་ཀུན་གྱི་བདུད་དུ་བྱུང་ངོ། །གཞན་ཡང་འདབ་ཆགས། གཅན་གཟན་དཔག་ཏུ་མེད་པས་དུར་ཁྲོད་ཀྱི་རོ་གསར་རྙིང་ལ་ལོངས་སྤྱོད་ཅིང་། ཁྱད་པར་ཤ་ཟ་གདུག་པ་ཅན་སེང་གེ་དང་སྟག་དང་སྤྱང་ཀི་གསུམ་གྱིས་སྐྱེ་འགྲོའི་བླ་སྲོག་འཕྲོག་པར་བྱེད་ཅིང་གནས་པའོ། །དེའི་ཚེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་རང་གི་བུ་ཡིན་པར་ཤེས་ནས་ཁམས་གསུམ་གྱི་མཐུ་སྟོབས་བསྡུས་ཏེ་ཐོ་བ་གཅིག་ཏུ་བྱས་ནས་ལག་ཏུ་བྱིན་ནོ། །དེ་ནས་མགར་བ་ཞེས་གྲགས་སོ། །དེའི་དུས་སུ་རྒྱ་གར་གྱི་ཡུལ་འབྲོག་གནས་ཀྱི་དགོན་པ་ཞེས་བྱ་བ་བྲམ་ཟེ་པྲ་སེ་ན་ཞེས་བྱ་བའི་དྲང་སྲོང་མངོན་ཤེས་དང་ལྡན་པ་ཞིག་ར་རྫི་བྱེད་ཅིང་ཡོད་པ་ལ། དེའི་ཚེ་གནོད་སྦྱིན་ཟ་བྱེད་སྤྱང་ཀིའི་གདོང་དེས་ལྕགས་སྤྱང་འུར་བ་མང་པོར་སྤྲུལ་ནས་ར་ཐམས་ཅད་བསད་ནས་ཟོས་ཏེ་ར་རྗེས་མ་ཐུབ་བོ། དེའི་ཚེ་དྲང་སྲོང་དེ་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དག་ལ་དེར་སོང་ནས་ཕྱག་འཚལ་པུས་མོ་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་གསོལ་པ། འཁོར་བར་འཁོར་བའི་མཐུ་སྟོབས་ཅན། །ད་ལྟ་འཇིག་རྟེན་ཁམས་འདི་ན། །ཡི་

p. 432

དྭགས་རྫུ་འཕྲུལ་ནུས་མཐུ་ཅན། །ཁམས་གསུམ་སེམས་ཅན་བདུད་དུ་བྱུང་། །ཐམས་ཅད་མཁྱེན་པས་འདུལ་བར་ཞུ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཐུལ་ཅིག་བཀའ་བསྒོས་པ་དང་། ཕྱག་ན་རྡོ་རྗེ་ཐུགས་རབ་ཏུ་ཁྲོས་པའི་ཚུལ་གྱིས་ཚེ་སྲོག་འགུགས་པའི་སྔགས་ཀྱིས་ཁོ་རང་རྒྱུད་པ་བཀུག །ཕྱིར་མི་ལྡོག་པའི་སྔགས་ཀྱིས་འབྲོས་ལམ་བཅད་། གཟུགས་ལ་དབབ་པ་སྔགས་ཀྱིས་དབང་དུ་སྡུས་ཏེ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞེས་གཟིར་ཞིང་རྡོ་རྗེ་སྙིང་ཁར་གཏད་པས་ཁོ་བརྒྱལ་བར་གྱུར་ཏེ། བརྒྱལ་སངས་ནས་རང་དབང་མེད་པར་བསྔང་ཞིང་བྲད་ནས། རང་རྟགས་སྲོག་གི་སྙིང་པོ་ཧྲི་ཞེས་ཕུལ་ལོ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་གསང་མཚན་མིང་ཡང་རྡོ་རྗེ་ལེགས་པ་སྟེ། བཛྲ་སཱ་དྷུ་བཏགས་ཝཀ་ཏྲ་ཤེ་ནི་ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྲ་མ་ནི་ཞེས་དབང་བསྐུར། ས་མ་ཞེས་དམ་ཚིག་ཕོག །སཱ་དྷུ་ཞེས་དམ་ལས་འདས་ན་རྡོ་རྗེའི་དམྱལ་བར་སོང་ཞིག་དམོད་བོར། ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་གཞུག་དབང་དུ་བྱས་དགྱེས་པ་བསྐྱེད་ནས། ཞིང་བཅུ་བསྒྲལ་བའི་ཤན་པར་བསྐོས། དམ་པའི་ཆོས་ཀྱི་སྲུང་མར་དབང་བསྐུར་རོ། །དེའི་

p. 433

བྲམ་ཟེའི་དྲང་སྲོང་པྲ་སེ་ནས་ཞུས་པའི་ངོར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དམ་ཅན་མགར་ནག་གི་རྒྱུད་ལེའུ་བཅུ་པ་གསུངས་སོ། །དགྲ་བླ་སྟག་སྤྱང་རོལ་པ་ཞེས་ཀྱང་བྱ། དགྲ་བླ་སྟག་སྤྱང་ཁ་སྤྲོད་ལེའུ་དགུ་པ་ནི། གཞན་གྱིས་མ་ཞུས་པས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་གསུངས་ཏེ། ལྷ་དབང་ཕྱུག་ཆེན་པོ་དང་མ་མོ་ཨེ་ཀ་ཙ་ཏི་ལ་གཏད་དོ། །རྒྱུད་དེ་གཉིས་ནི་མགར་ནག་གི་རྒྱུད་ཡིན་ལ། ཡང་སུམ་ཅུ་རྩ་གསུམ་ལྷའི་གནས་རི་བོ་རྩུབ་འགྱུར་གྱི་ཚལ། སྟེང་ཕྱོགས་འཁོར་ལོ་དང་པདྨ། འོག་ཕྱོགས་ཁྲག་དང་ཞག་གི་རྦ་རླབས་འཕྱོ་བ། དུར་ཁྲོད་ཆེན་པོའི་གནས་ན་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ། འཁོར་ལྷ་དང་མི་དང་ལྷ་མོ་ཡིན་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པའི་ཚེ། །བྲམ་ཟེ་པྲ་སེ་ན་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས། ལྷ་རྫས་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་ནས་ཞུས་པའི་ངོར། རྡོ་རྗེ་ལེགས་པ་དུག་མདའ་གསང་བ་འཁོར་ལོའི་རྒྱུད་ལེའུ་བཅུ་བདུན་པ་གསུངས་ཏེ། འདི་ནི་མགར་དམར་ཡིན་ནོ། །གཞན་ཡང་བཀའ་བརྒྱུད་བྱེ་བྲག་གི་རྒྱུད་ལས། སྡེ་དཔོན་སུམ་ཅུའི་ནང་དུ་

p. 434

དམ་ཅན་གྱི་རྒྱུད་ཅིག་བཞུགས། དྲེགས་པ་བཅོ་བརྒྱད་ཀྱི་རྒྱུད་བཅོ་བརྒྱད་གྲར། དམ་ཅན་གྱི་རྒྱུད་གཅིག་བཞུགས། དེ་རྣམས་སྒེར་རྒྱུད་ཡིན་ལ། སྤྱི་རྒྱུད་ནི་འཇིག་རྟེན་མཆོད་བསྟོད་ཀྱི་རྒྱུད་དང་། དམོད་པ་དྲག་སྔགས་ཀྱི་རྒྱུད་དང་། མགོན་པོ་སྟག་ཞོན་གྱི་རྒྱུད་དང་། གཏེར་མགོན་ཕྱག་བཞི་པའི་རྒྱུད་ལ་སོགས་པ་རྒྱུད་མང་པོའི་ནང་ནས་སྐྱེས་བུའི་སྒྲུབ་ཐབས་གསུངས་སོ། །སློབ་དཔོན་པདྨས་མཛད་པའི་རྒྱུད་བུ་ཆུང་དུག་རི་ནག་པོའི་རྒྱུད་ཅེས་བྱ་བ་ལ་སོགས་པདྨ་སཾ་བྷ་ཝས་མཛད་པའི་རྒྱ་གཞུང་རྒྱ་སྐད་ཡོད་པ་དང་། མེད་པ་ཤིན་ཏུ་མང་ལ། རྒྱ་བོད་ཀྱི་སློབ་དཔོན་གཞན་མང་པོ་དང་མང་པོའི་རྒྱུད་ལ་བརྟེན་པ་དང་ཞལ་གཟིགས་ནས་སོ་སོ་ལ་ཁས་བླངས་ཕུལ་ནས་བརྩམས་པའི་སྒྲུབ་ཐབས་གསོལ་ཁ་སོགས་ནི་ཤིན་ཏུ་མང་ངོ། །དེ་ཡང་རྒྱ་གར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དང་ཨ་སུ་རའི་བྲག་ཕུག་ཏུ་དམ་ལ་བཏགས། ཧཱུཾ་ཆེན་ཀ་ར་དང་། པཎྜི་ཏ་སངས་རྒྱས་གསང་བ་དང་། ཕུང་བྱེད་ཤིནྟཾ་གནྡྷ་དང་། བལ་པོའི་སློབ་དཔོན་བཞེད་པ་རྡོ་རྗེ་ལ་སོགས་པས་དབང་བསྐུར་རྒྱུད་བཤད་ངག་ཏུ་དམ་ཚིག་གི་བདུད་རྩི་བྱིན་ནས་གསང་སྔགས་ཀྱི་བསྲུང་མར་བསྐོས་སོ། །དེ་ནས་ཨོ་རྒྱན་

p. 435

བོད་དུ་བྱོན་དུས་གཙང་འོ་ཡུག་བྲེ་མོའི་སྣར། དགེ་བསྙེན་རྡོ་རྗེ་ལེགས་པ་རང་ཕོ་བྲང་དུ་ཨོ་རྒྱན་ཆེན་པོ་སྤྱན་དྲངས་བསྙེན་བཀུར་ཞུས། དེར་ཨོ་རྒྱན་ཆེན་པོའི་ཤངས་ཟམ་བུ་ལུང་གི་གནས་བྱིན་གྱིས་བརླབས། གཏེར་ཁ་དཔག་ཏུ་མེད་པ་སྦས་ཏེ། གནས་དང་གཏེར་གྱི་སྲུང་མར་བསྐོས། འོག་ཡུག་བྲག་ཕུག་ཏུ་གཏེར་ཁ་བརྒྱད་སྦས། འོ་ཡུག་གང་སྔོན་དུ་གཙུག་ལག་ཁང་བཞེངས། དེ་ཡང་མདའ་དང་གྲི་ཁོ་ནར་གྲབ་བྱས་པའི་མགོན་ཁང་བྱས་ནས། དེར་སྐྱེས་བུ་ཆེན་པོའི་སྐུ་འདྲ། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཕྱག་བཟོ་ལ། ཨོ་རྒྱན་ཆེན་པོས་རབ་གནས་མཛད་པ། དེ་ཡང་ཤིན་ཏུ་གཉན་པར་ཡོད་དོ། །དེ་ནས་ཨོ་རྒྱན་ཆེན་པོས་དཔལ་གྱི་བསམ་ཡས་བཞེངས་དུས། ཙནྡན་གྱི་ཀ་བ་དགུ་བསྒྲིལ་དེ་ལེན་པའི་ཕྱིར་སྐྱེས་བུ་ཆེན་པོ་རྒྱ་ནག་གི་ཡུལ་དུ་བཏང་བས། ཚོང་དཔོན་ཆེན་པོ་གཅིག་ཏུ་སྤྲུལ་ནས་སོང་སྟེ། ཙནྡན་གྱི་ཀ་བ་དེ་ཕྲག་ཏུ་བཀལ་རྡོ་རིང་གནམ་གྱི་ཀ་བ་དེ་སྔོན་གྲི་བྱས། རྡོ་ཐུང་པའི་བརྟེན་ཕུར་ལ་རྒྱབ་གྲི་བྱས་ཏེ་དངོས་སུ་འོང་བ། ལྷོའི་སྒྲིས་རག་ཐག་བྱ་བ་རྒན་མོ་ཅིག་ལ་གནས་ཚང་གཡར་ན་བ་ཤིང་མེད་ནས། ཚོང་དཔོན་གྱིས་ངར་གདོང་གཞོག་ནས་

p. 436

འབུད་པར་མཐོང་། ཕྱིམ་ནངས་བལྟས་པས་དཀའ་བ་ཆད་ལ་ཁད་དུ་སྣང་། ཕྱིར་ནངས་གནས་ཚང་ལ་དངོས་གྲུབ་གང་འདོད་སྦྱིན་ཟེར་བས། རྒན་མོ་རྒྱུན་དུ་ཆང་མི་ཞིམ་པས་དམུས་ནས། ཆང་ཞིམ་པའི་དངོས་གྲུབ་དགོས་ཞུས་པས། རྒན་མོའི་མི་རྒྱུད་དེང་སང་བར་ཆང་མི་ཞིམ་པ་མི་སྲིད་པ་ཡིན་སྐད་དོ། །དེ་ནས་ཙནྡན་ཀ་བ་དེ་ཉང་པོའི་ཡུལ་བར་ཁྱེར་ནས་དེར་བཞག་སྟེ། དེ་ནས་སྤྲུལ་པ་བསྡུས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་གིས་དབུས་གཙང་ཐམས་ཅད་ཀྱི་འུ་ལག་བསྡུས་ནས། ཙནྡན་ཀ་བ་དྲུག་དོག་པའི་ཀ་བ་དྲུད་པའི་མདོས་བཞིའི་རྒྱ་ཙམ་རྡོ་གྱིས་བསྒྲིགས་པ་ད་ལྟ་ཡང་ཡོད་དོ། །ཉང་པོ་ནས་བསམ་ཡས་བར་མིས་ཁུར་བས་ཙནྡན་ཀ་བ་དང་རྡོ་རིང་རྡོ་ཐུང་བ་རྣམས་ཤིན་ཏུ་འདྲེན་དཀའ་བར་བྱུང་སྟེ། ཙནྡན་ཀ་བ་དགུ་བསྒྲིལ་ནི་ད་ལྟ་བསམ་ཡས་ཀྱི་དཀྱིལ་ཀ་འདི་ཡིན་ནོ། །རྡོ་རིང་ནི་བསམ་ཡས་ཀྱི་རྡོ་རིང་འདི་ཡིན། རྡོ་ཐུང་ནི་དབུ་རུ་ཞྭའི་ལྷ་ཁང་གི་རྡོ་རིང་དེ་ཡིན་སྐད་དོ། །དེ་ནས་བསམ་ཡས་དབུ་རྩེ་འོག་མའི་སྐོར་ཁང་གི་སྒོ་ཆེན་གྱི་གཡས་སུ་མ་མགོན་གཉིས། གཡོན་དུ་དམ་ཅན་མགར་དམར་དང་ཡུམ་ཤ་མེད་གངས་དཀར་མ་གཉིས་ཀྱི་ལྡེར་སོ་ཁང་རྩག་ཙམ་རེ་སྒོ་སྲུང་གི་ཚུལ་དུ་

p. 437

བཞེངས་པ་ལྟ་ཡང་ཡོད་དེ། དེ་ནས་ཨོ་རྒྱན་རིན་པོ་ཆེ་བསམ་ཡས་ཀྱི་སྒྲ་བསྒྱུར་རྒྱ་གར་གླིང་དུ་བཞུགས་དུས་ཉིན་གཅིག་སྤྱང་ཀི་སྔོན་པོ་འུར་བ་ཅིག་བྱུང་ནས། ལུས་སློབ་དཔོན་གྱི་ཁྲིའི་འོག་ཏུ་འདུག་ཅིང་གདོང་སློབ་དཔོན་ལ་ལྟའོ། །དེ་སློབ་དཔོན་གྱིས་སྡིགས་མཛུབ་ཀྱིས་གཟིར་བས་ཁྱེའུ་ལག་ན་ལྕགས་ཀྱི་རྡོ་རྗེ་ཐོགས་པ་གཅིག་ཏུ་གྱུར་ཏེ་ཐལ་མོ་སྦྱར་ནས་སློབ་དཔོན་གྱི་བཀའ་འབངས་སུ་མཆིའོ་ཟེར། སློབ་དཔོན་གྱི་ཁོའི་སྤྱི་བོར་རྡོ་རྗེ་བཞག །ངག་ཏུ་བདུད་རྩི་བྱིན་ནས། ཁྱོད་ཀྱི་ལས་སུ་ཅི་བྱེད། དམ་རྫས་གང་ལ་དགྱེས། ཁ་ཟས་གང་ལ་དགའ། སྲོག་གི་སྙིང་པོ་གང་ཡིན་ཕུལ་ཅིག །གསུངས་པས། བདག་ལས་སུ་རྣལ་འབྱོར་དགྲ་ལ་ཆོ་འཕྲུལ་བཏང་ཞིང་ཚེ་སྲོག་ལེན། དམ་རྫ་ས་ཁམ་ས་པོ་དོམ་སྟག་དང་སྤྱང་ཀི་སེང་གེའི་གཟུགས་ལ་དགའ། ཁ་ཟས་རའི་ཤ་ཁྲག་ཆང་ཕུད་རིན་ཆེན་བརྡར་བ་ལ་དགའ། ཞེས་ཞུས་ཤིང་སྲོག་གི་སྙིང་པོ་ཕུལ་ལོ། །སློབ་དཔོན་གྱིས་སྒྲུབ་ཐབས་མང་དུ་མཛད་དེ་གཏེར་ཁ་རེ་ལ་རེ་རེ་སྦས། གཙུག་ལག་བརྒྱ་རྩ་དང་སྒྲུབ་གནས་བརྒྱ་རྩ་བརྒྱད་དང་ས་འོག་གི་གཏེར་ཐམས་ཅད་ཀྱི་སྲུང་མར་བསྐོས། ཁྱད་པར་བལ་ཡུལ་འབྲས་མོ་ལྗོངས་

p. 438

སོགས་སྦས་ཡུལ་རྣམས་ཀྱི་ཡང་སྲུང་མར་བསྐོས། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། གཙུག་ལག་ཆོས་འཁོར་གཉན་པོ་བསྲུང་བ་དང་། སྔགས་པ་དམ་ཚིག་ཅན་མགོན་བྱེད་པ་ལྷདང་། རྣལ་འབྱོར་ཡོན་མཆོད་རྣམས་ཀྱི་མགོན་སྐྱབས་བྱེད་པ་དང་། སྔགས་པ་རྣམས་ཀྱི་གྲོགས་པོ་དང་བཤེས་གཉེན་དང་། དཔུང་དང་གྲོགས་དང་སྡོང་གྲོགས་བྱེད་པ་དང་། ཚོང་པ་ཐམས་ཅད་ཀྱི་ཚོང་དཔོན་བྱེད་པ་རྒྱ་བོད་མདོ་གཙང་བགྲོད་པའི་སྣ་འདྲེན་བྱེད་པ་དང་། སྐྱེ་བོ་ཡོངས་ཀྱི་དགྲ་བླ་བྱེད་ཅིང་དམག་དང་ཇག་གི་དཔུང་རོག་བྱེད་པར་ཁས་བླངས་དམ་བཅས་སོ། །དེར་ཁོས་ནུབ་གཅིག་ལ་ལྕགས་ཀྱི་རྡོ་རྗེ་བརྒྱ་རྩ་བརྒྱད་བརྡུངས་ནས་ཨོ་རྒྱན་ལ་ཕུལ་ནས། དམ་ཅན་རྡོ་རྗེ་ནི་ལེགས་སོ་གསུངས་པས་རྡོ་རྗེ་ལེགས་པ་ཡིན་ཀྱང་ཀུན་ལ་གྲགས་པར་གྱུར་ཅིག །རྡོ་རྗེ་ལ་དེ་རྣམས་བསམ་ཡས་ལྕགས་རིའི་སྟེང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་མཆོད་རྟེན་རེ་རེའི་ནང་དུ་རྡོ་རྗེ་རེ་རེ་ནང་གཞུག་ཏུ་བཞག་པས། དུས་ཕྱིས་མཆོད་རྟེན་རྣམས་ཞིག་ནས་ལྕགས་ཀྱི་རྡོ་རྗེ་བོད་ཡུལ་ཀུན་ཏུ་འཁྱར་རོ། །དེ་ནས་དམ་ཅན་འདིའི་བཀའ་ཉང་ཏིང་འཛིན་བཟང་པོ་ལ་གཏད་པས་ཀྱང་དམ་ལ་ཐོགས་ཏེ། མཚན་རྡོ་རྗེ་དྲག་པོ་

p. 439

རྩལ་དུ་བཏགས། དབུ་རུ་ཞྭའི་ལྷ་ཁང་ཉང་ཏིང་འཛིན་བཟང་པོས་བཞེངས་དུས་ཆོས་ཀས་མ་སྐྱོལ་བའི་དུས། རྡོ་རྗེ་ལེགས་པས་དབུས་རུ་ལྷོ་ངོས་སུ་སེར་བ་ཕབ་ནས་། ནས་རྔ་མོང་གི་རྒྱབ་ལྔ་བརྒྱ་དངོས་སུ་ཁྱེར་ཏིང་འཛིན་བཟང་པོ་ལ་ཕུལ་ཏེ། ཞྭའི་ལྷ་ཁང་ཡང་གྲུབ། ལྷ་ཁང་དེའི་བཀའ་སྲུང་དུ་བསྐོས་པས། ཞྭའི་མགོན་པོ་ར་རྟ་ཅན་གྲགས་སོ། །དེ་ནས་ཆོས་སྐྱོང་འདིའི་བསྐོར་བཀའ་གཏེར་གཉིས་སུ་བརྒྱུད་དེ། བཀའ་མ་ནི་ཉང་ཏིང་འཛིན་བཟང་པོ། ཡང་ན་གསང་བའི་བདག་པོ། པདྨ་འབྱུང་གནས། ཁྲི་སྲོང་ལྡེའུ་བཙན་། རྒྱལ་བ་མཆོག་དབྱངས། སངས་རྒྱས་ཡེ་ཤེས་མན་འདྲའོ། གནུབས་སངས་རྒྱས་ཡེ་ཤེས་ཕྱི་མ། དེའི་སྲས་ཆུང་ལུང་ཡོན་ཏན་རྒྱ་མཚོ། དེའི་སྲས་ཆེ་བ་ཡེ་ཤེས་རྒྱ་མཚོ་དང་། ཆུང་བ་ལྷ་རྗེ་ཧཱུྃ་ཆུང་གཉིས་ལ། དེའི་སློབ་མ་ཉང་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ཟུར་ཆེན་པ། དེའི་སློབ་མ་ཟུར་ཆུང་པ། དེའི་སྲས་ཤཱཀྱ་སེང་གེ་མདའ་ཚ་ཧོར་པོ། དེའི་སློབ་མ་འཛམ་སྟོན་འགྲོ་བའི་མགོན་པོ། དེའི་སློབ་མ་དམ་པ་བདེར་གཤེགས། དེའི་སློབ་མ་གཙང་སྟོན་རྡོ་རྗེ་རྒྱལ་མཚན། དེའི་སློབ་མ་ཀཿཐོགས་པ་བྱམས་པ་འབུམ་སྟེ།

p. 440

དེ་ཡན་གྲུབ་པ་ཐོབ་པ་ཁོ་ན་སྟེ། ཆོས་སྐྱོང་འདི་ཡང་མི་བཞིན་དངོས་སུ་འཁོར་བ་གཅིག་གིས་གཅིག་ལ་རིམ་པར་བཀའ་གཏད་ཏེ། ཤར་ཀཿཐོག་ཏུ་ཡབ་མོན་པ་ཡུམ་མོན་མོ་སོགས་ཀྱི་མགོན་ཁང་ཤིན་ཏུ་གཉན་པོ་ཡོད་སྐབས། གྲུབ་ཆེན་ཀརྨ་པཀཱི་དེར་བྱོན་ཏེ་བྱམས་པ་འབུམ་ལ་རབ་བྱུང་བསྙེན་རྫོགས་དང་རྫོགས་ཆེན་དབང་ལུང་དཔག་ཏུ་མེད་པ་ཞུས། དེ་དུས་མགར་ནག་གི་བཀའ་གཏད་དང་ལུང་སོགས་ཞུས་པས། སྐྱེས་བུ་ཡང་ཀརྨ་པའི་རྗེས་སུ་འབྲང་སྟེ་མགོན་ཁང་མི་གཉན་དུ་སོང་བས་ཕྱིས་ཕལ་ཆེར་ཞིག་སྐད་དོ། །གྲུབ་ཆེན་ཀརྨ་པཀྵི་ལ་ནི་མི་བཞིན་དངོས་སུ་འཁོར་ཞིང་མི་རབས་བརྒྱུད་པ་བཅུ་གསུམ་དུ་བརྟེན་ནས་བསྲུང་བར་ཁས་བླངས་དམ་བཅས་ཤིང་། སྒྲུབ་ཐབས་དང་མན་ངག་མང་པོ་དངོས་སུ་ཕུལ་བ་ཡིན་ཏེ། རང་བྱུང་རྡོ་རྗེའི་གསུངས་ལས། དཔལ་ལྡན་ཀརྨ་པ་ལ་ནི། །དམ་ཅན་ཉིད་ཀྱིས་སྲོག་སྙིང་ཕུལ། །མི་རབས་བརྒྱུད་པ་བཅུ་གསུམ་ལ། །བསྟན་པ་བསྲུང་བར་ཁས་བླངས་པའི། །ཞལ་གྱིས་གདམས་པ་ཡོད་པ་རྣམས། །གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་ནི། །སྔོན་ཆད་གཞན་གྱིས་མི་ཤེས་ཤིང་། །རང་གི་དྲན་པ་གསོ་བ་དང་། །སངས་རྒྱས་བསྟན་པ་བསྲུང་སླད་

p. 441

དུ། །རང་བྱུང་རྡོ་རྗེ་སྡེབ་པ་ཡིན། །ཅེས་གསུངས་སོ། །དེའི་ཕྱིར་ཀཾ་ཚང་པ་རྣམས་པཀྴི་ཡན་ལ་བརྒྱུད་པ་མི་འདེད་པར་སྣང་ངོ། །གཏེར་མ་ནི་ཉང་གི་མགར་ནག །གུ་རུ་ཆོས་དབང་གི་གཏེར་མ་མགར་ནག །རིག་འཛིན་རྒོད་ལྡེམ་གཏེར་མ་མགར་སྔོན་གོ་ཁྲབ་རྟ་སྔོན་ཅན། རཏྣ་གླིང་པའི་ཐུགས་རྗེ་ཆེན་པོའི་བཀའ་སྲུང་མགར་དམར་དང་མགར་ནག་རྐང་ཐང་། ཞིག་པོ་གླིང་པའི་མགར་དཀར་གོ་ཁྲབ་རྟ་དཀར་ཅན། སངས་རྒྱས་གླིང་པའི་བཀའ་སྲུང་དགྲ་བླ་ལྕགས་ཀྱུ་ཅན། རྡོ་རྗེ་གླིང་པའི་རྫོགས་ཆེན་བཀའ་སྲུང་དམ་ཅན་ཐིག་ལེ་རྩལ། ཕྱི་ནང་གསང་གསུམ། དེ་ལ་སོགས་པ་གཏེར་ཁ་རེ་རེ་ནས་ཀྱང་དམ་ཅན་རིགས་མི་གཅིག་པ་གཉིས་གསུམ་རེ་བྱུང་ཞིང་། དྲེགས་པ་ཉི་ཤུའི་རླུང་འཁོར་ཉི་ཤུའི་ནང་ནས་བརྒྱད་ཐམ་པ་དམ་ཅན་རིགས་མི་ཅིག་པ་བརྒྱད་ཡིན་པར་སྣང་བས། ཆོས་སྐྱོང་འདི་ཤིན་ཏུ་དྲག་རྩལ་ཆེ་བར་སྣང་ལ། དྲེགས་པ་ཉི་ཤུ་འདི་ཡང་མུ་སྟེགས་དབང་ཕྱུག་ཆེན་པོའི་རྒྱུད་ནས་བཏུས་པ་ཡིན་པར་གསུངས་པས། ཕྱི་རོལ་མུ་སྟེགས་ལ་ཡང་སྐྱེས་བུ་སྒྲུབ་ཐབས་ཡོད་ཅིང་བཀའ་སྲུང་དུ་བསྟེན་པ་ཡིན་པར་འདུག་སྟེ། ཤཱཀ་ཐུབ་མ་བྱོན་ཕྱག་རྡོར་གྱིས་དམ་ལ་མ་

p. 442

ཐོགས་སྔོན་དུ། སྐྱེས་བུ་འདི་མུ་སྟེགས་པས་ལྷར་བསྟེན་ནས་མཆོད་པར་སྣང་སྟེ། དེའི་ཕྱིར་ཕྱི་ནང་ཐུན་མོང་གི་ལྷ་ཡིན་པས། ཨོ་རྒྱན་གྱིས་གསུངས་པའི་བསྟོད་པ། འཇིག་རྟེན་འདི་ན་ལྟ་བ་ལོག་པ་ཡི། །ཐོག་མར་མུ་སྟེགས་མེད་སྨྲ་རབ་བརྟན་ཀྱང་། །དད་དང་མཐུན་པའི་འཇིག་རྟེན་སྐྱོང་མཛད་པའི། །ཐུན་མོང་ལྷ་མཆོག་ཁྱེད་ལ་མཆོད་འབུལ་བསྟོད། །ཅེས་གསུངས་སོ། །སྟོན་པ་གཤེན་རབ་ཀྱིས་རྐང་རྗེའི་བུ་མོ་ཆུང་མར་བླངས་བས་དགྲས་ཁ་དུམ་ལ་ཁྱེར། དེར་གཤེན་རབ་ཀྱིས་གཙང་བཙན་བསྒྲུབས་པས་མཐུ་ཆེན་པོ་བྱུང་སྟེ་དགྲ་བོ་དེ་བརླག །དགྲ་ཐུབ་པའི་གཏང་རག་ཏུ་རྟེན་མཁར་ཤམ་པོ་དགུ་བརྩེགས་ཅིག །དམ་ཅན་གྱིས་ཡང་བོན་གྱིས་བསྟན་པ་བསྲུང་བའི་ཐ་ཚིག་བྱིན་པས་མཚན་སྐྱེས་བུ་མི་ཐང་གྲྭ་པ་ཞེས་བཏགས་ཏེ། ཐ་ཚིག་བོན་ལ་མངའ་ཞིང་འབྲེལ་པ་ཆོས་ལ་མངའ་ཞེས་བྱ་བ་ཡང་དེའི་དོན་ཏེ། མདོར་ན་བན་བོན་ཕྱི་ནང་སྐྱ་སེར་ཐམས་ཅད་ཀྱི་ལྷ་དང་སྲུང་མ་ནི་སྐྱེས་བུ་ཆེན་པོ་ཡིན་ནོ། །གྲུབ་ཆེན་ཀརྨ་པ་ནས། གཉེན་རས་དགེ་འདུན་འབུམ། རང་བྱུང་བ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ་དེས་མཁའ་སྤྱོད་པ་ལ་མ་

p. 443

མགོན་མགར་གསུམ་ཀའི་དབང་ལུང་གནང་ནས། འདི་གསུམ་དང་ཕྱག་བཞི་པའི་སྔགས་རྒྱུད་དང་ཁྱོད་ཀྱིས་མི་རྒྱུད་རྣམས་བཀྲ་ཤིས་པར་འོང་གསུངས་སོ། །ཁྱད་པར་དྲུང་ཆེན་མཁའ་སྤྱོད་པའི་དྲུང་དུ་སྐྱེས་བུ་ཆེན་པོ་ཁྱེའུ་ཆུང་ལག་ན་ལྕགས་ཀྱི་རྡོ་རྗེ་ཐོགས་པ་གཅིག་བྱུང་ནས། གཏོར་མ་བྱིན་དང་མི་རབས་བཅུ་གསུམ་དུ་བསྟན་པ་སྲུང་ཞེས་ཁས་བླངས། དམ་ཅན་མགར་དམར་སྐུ་ཡིས་ངོམ་པའི་སྡེ་ཐམས་ཅད་ཁྱབ་པ་གཅིག་ཞལ་གཟིགས་ཏེ་བཀའ་གཏད་པས། ངོམ་ཡུལ་སྤྱི་ཡི་ཡང་སྲུང་མར་གྱུར་ཏེ། ངོམ་གྱི་མི་འཆར་ཡུལ་གཞན་དུ་སོང་ན་དམ་ཅན་འཁྲི་ཞེས་རྣམ་རྟོག་བྱེད་པ་བྱུང་སྐད། དྲུང་བྱ་བྲལ་བ་མི་རྩ་ཕྲ་བ་ལ་ཕ་ཝཾ་ལོང་བུ་འདྲ་བའི་མཁར་བརྩེགས་ཏེ་བསྒྲུབས་པས་དངོས་གྲུབ་གྲུབ་ཅིང་ཞལ་གཟིགས་རིགས་རྒྱུད་འཕེལ་བའི་དངོས་གྲུབ་བྱུང་སྟེ། མི་གཅིག་གིས་རྒྱུད་ལ་ཨ་ནུ་བྲེ་བརྒྱད་ཕུལ་དོ་ཟེར་བ་བྱུང་། ར་སྐྱེས་བརྩོན་པ་ལ་རྭ་ཅོ་སྐར་ཁུང་སུམ་བརྩེགས་ཡོད་པ་བྱུང་ཞིང་མི་རྒྱུད་རྣམས་ལ་ཡང་འཁོར་བར་གྲགས་སོ། །ཆོས་སྐྱོང་འདིའི་ཡོན་ཏན་ནི། སྟག་སྤྱང་རོལ་པའི་རྒྱུད་ལས། ལྷས་སྲུང་དགྲ་རྣམས་ངེས་པར་འཆི། །དེ་ལྟར་བྱུང་ན་དོན་རྣམས་འགྲུབ། །

p. 444

ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་འདིའི་ཡོན་ཏན་རྣམས་གསུངས་པ་ཕྱོགས་གཅིག་ཏུ་བརྗོད་ན། བདག་འདྲ་པདྨ་འབྱུང་གནས་ཀྱིས། །རིག་པའི་རང་རྩལ་དབང་ཡང་ཐོབ། །ལྷ་སྲིན་ཀུན་གྱི་སྟོང་སྲོག་ཐོབ། །དྲེགས་པའི་ཚོགས་ལ་དབང་ཡང་བསྒྱུར། །ཁྱད་པར་དམ་ཅན་ཐིག་ལེ་རྩལ། །པདྨ་ང་ཡི་བཀའ་ཉན་ཏེ། །སྙིང་ཉེ་དམ་གཙང་ལས་ལ་མྱུར། །བོད་ཡུལ་མཐའ་དབུས་ཐམས་ཅད་དུ། །རྒྱུད་དང་སྡོམ་པ་བདག་མེད་པ། །གཏེར་ཁ་དུ་མ་སྦས་ཏེ་བཞག །ཡང་ཟབ་སྲོག་གི་སྤུ་གྲི་འདི། །ཡང་ཐིག་སྙིང་པོ་བཀའ་བསྲུང་ཕྱིར། །མོན་ཁའི་བྲག་ལ་སྦས་ཏེ་བཞེངས། །ལན་གཅིག་དུས་ཀྱི་ཐ་མ་ལ། །གསང་སྔགས་བསྟན་ལ་དགྲ་དར་ཚེ། །ལས་ཅན་བུ་དང་འཕྲད་པར་ཤོག །སྐལ་ལྡན་དེ་དང་འཕྲད་ནས་ཀྱང་། །བསྟན་པའི་སྲོག་འཛིན་བུ་གསུམ་ལས། །མང་དུ་སྤེལ་བར་མི་རུང་ངོ། །ཞེས་དང་། དམ་གཙང་ལས་མྱུར་བཀྲ་ཤིས་སྙིང་ཉེ་བ། །དགྲ་བླའི་དེད་དཔོན་བཛྲ་སཱ་དྷུ་སྟེ། །རྒྱུད་དང་སྒྲུབ་ཐབས་གཏེར་ཁ་ཅི་སྙེད་སྦོས། །ཀུན་ཀྱང་ཡང་ཟབ་རྣོ་མྱུར་ཐོག་འདྲ་ཡང་། །ཁྱད་པར་ཡང་ཟབ་སྤུ་གྲི་དམར་ལེན་འདི། །ཞེས་དང་། ལར་ནི་སྐྱེས་བུ་འདི་སྙིང་ཉེ། དམ་

p. 445

གཙང་གདོང་བརྟར་སྣ་ཐུང་། ཟས་ནོར་ཚོལ་བ་ལ་སྣ་རྣོ། མི་སྙིང་འཕྲལ་བ་ལ་མགུལ་བར་ནུས་ཏེ། ཆོས་སྐྱོང་གི་མཆོག་ཡིན། ཟས་ནོར་ལོངས་སྤྱོད་ཆར་ལྟར་འབབས་ཏེ། རྒྱལ་པོ་ལྟ་བུར་འགྱུར་རོ། །མིའི་སྣང་བ་འཕྲལ་དུ་བསྒྱུར་ནུས། ཟས་ནོར་རྩ་བ་བུད་མེད་ལྷག་པར་འདུ། དྲག་པོར་བསྒྲུབས་ན་མཐུ་མྱུར། བུ་ཚ་དང་རིགས་རྒྱུད་འཕེལ། ཆོས་ལ་སྲུང་མ་བྱེད། བོན་ལ་གསས་བྱེད། ཚོང་པའི་ལམ་འདྲེན། དམག་ཇག་གི་དཔུང་བྱེད། ཕ་དམུ་ཡིན་པས་ལོངས་སྤྱོད་ཆེ། མ་བདུད་ཡིན་པས་དབང་ཆེ། ཁོ་རང་བཙན་ཡིན་པས་གྲགས་ཆེ། བཀའ་ཉན་མ་སངསཡིན་པས་ལས་མྱུར། གྲོགས་མོ་བརྟན་མ་ཡིན་པས་སྙིང་ཉེ། དམ་ཚིག་ལ་གནས་པས་ཆོས་བྱེད་ཙམ་ལ་སྐྱོབས། ཁྱད་པར་པདྨ་ང་ཡི་བརྒྱུད་འཛིན་དང་གཏེར་གྱི་བརྒྱུད་པ་རྣམས་ལ་ལུས་དང་གྲིབ་མ་ལྟར་འགོ་བའི་ཕྲིན་ལས་བྱེད། ཅེས་དང་། བདག་ཉིད་དབང་ཆེན་པདྨ་ཡིས། །ཡང་ཟབ་སྙིང་གི་མན་ངག་འདི། །མ་འོངས་སྐྱེས་བུའི་དོན་ཆེད་དུ། །མོན་ཁའི་བྲག་ལ་སྦས་ཏེ་བཞག །འགྲོ་བ་ཕོ་མོ་ཀུན་འདུ་ཞིང་། །ཁྱད་པར་བུད་མེད་ཀུན་ཡིད་འཕྲོག །བཀྲ་ཤིས་བྱིན་ཆེན་མི་ནོར་

p. 446

འཕེལ། །མཐར་ཡང་མི་ནུབ་རྒྱལ་མཚན་འདྲ། །དུས་ངན་འགྲོ་བ་འདུལ་དཀའ་བས། །དེ་དུས་ལས་ཅན་གཅིག་ལ་གཏད། །སྒོ་གསུམ་ཞབས་ཏོག་སྒྲུབ་ནུས་པའི། །སྙིང་འདྲ་མ་གཏོགས་ངོ་བསྟོད་ཅན། །ཁ་མཁས་པོ་ལ་ཤོར་སྲིད་པས། །ཙིཏྟི་གྲྭའུར་ས་མ་ཡ། །ནོར་ལྷ་ཆེ་བཙན་གྲངས་མང་ཡང་། །སྒྲུབ་ཐག་རིང་ལ་འཁུལ་བ་དཀའ། །འདི་ནི་དམ་ལྡན་སུས་བསྒྲུབསཀྱང་། །རྣོ་མྱུར་དངོས་གྲུབ་ཆར་ལྟར་འབེབས། །སྒྲུབ་ལ་ནན་ཏན་ཆེར་འབད་ན། །མི་བཞིན་དངོས་སུ་བསྐོལ་དུ་འབྱུང་། །གཞན་ལ་ཤིན་ཏུ་གསང་བ་དང་། །བླ་མ་ལ་གུས་མཆོད་གཏོར་བརྩོན། །དམ་ཚིག་ལྡན་པ་ཤིན་ཏུ་གཉེན། །ཐུགས་ཀྱི་སྲས་དང་འཕྲད་པར་ཤོག །ཅེས་གསུངས་སོ། །འདི་ནི་དམ་ཚིག་དུ་མི་ལ་གསང་ཞིང་སྦ། མན་ངག་འདི་མང་དུ་སྤེལ་ན་རང་ལ་དངོས་གྲུབ་མི་འབྱུང་བས། སྙིང་ལ་འདྲ་བར་གཅིག་བརྒྱུད་དུ་སྤེལ་བ་མ་གཏོགས་པ་གསང་ཞིང་མནའ་རྒྱ་བཏབ་བོ། །ཞེས་གསུངས་སོ། །དམ་ཅན་ཡིད་བཞིན་ནོར་བུ་ལས། །ས་ཕྱོགས་གང་དུ་བསྡད་པའི་སར། །བཙན་དྲགས་ལོངས་སྤྱོད་ལྡན་པ་དང་། །བསྟན་པ་དར་ཞིང་རྒྱས་པ་དང་། །ཁ་དྲོ་ཞིང་དང་དཀོར་ནོར་སྤེལ། །

p. 447

བུ་རྟ་ན་ཚ་མི་འོང་ཅིང་། །ཅི་བསམ་དོན་རྣམས་འགྲུབ་པ་ཡི། །ཞེས་གསུངས་པ་ལྟར་འབྱུང་བ་ཡིན་ནོ། །གཞན་ཡང་ཨོ་རྒྱན་གྱི་མཁན་པོ་པདྨ་སམྦྷ་ཝས་མཛད་པའི་སྐྱེས་བུ་ཆེན་པོའི་བསྟོད་པ། ཉང་ཏིང་འཛིན་བཟང་པོའི་བརྒྱུད་པའི་བཀའ་མ་དང་། རཏྣ་གླིང་པའི་གཏེར་མ་གཉིས་ཚིག་ཕལ་ཆེར་མཐུན་པར་བྱུང་སྟེ། འདི་ནི་ཆོས་ལོག་ཅན་དང་དམ་ཚིག་ཉམས་པ་དང་མནའ་ཟན་ཐམས་ཅད་ཀྱིས་གཤེད་མ་བྱེད་ཅིང་སྐྱེ་བོ་གཙང་མའི་དགྲ་བླ་བྱེད་པ། འཇིག་རྟེན་ཁམས་ཀྱི་ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པར་ཉིད་ཀྱིས་ཁས་བླངས་དམ་བཅས་ཏེ། ཆོས་ལོག་དམ་ཉམས་མནའ་ཟན་ཀུན་གྱིས་གཤེད། །སྐྱེ་བོའི་དགྲ་བླ་དགྲ་བོའི་གཤེད་མ་ཞེས། །རང་གིས་ཁས་བླངས་ཉིད་དུ་དམ་བཅས་པའི། །ལེགས་ཉེས་སྟངས་འཛིན་སྐུ་ལ་མཆོད་འབུལ་བསྟོད། །ཅེས་གསུངས་སོ། །རྫུ་འཕྲུལ་གྱིས་བོད་ཁམས་ཁྱབ་པར་རྒྱུག་གོ །རྒྱ་གར་ནུབ་ཕྱོགས་ཕ་ཝཾ་ལོང་བུ་དང་རྡོ་རྗེ་རྫོང་མཁར། བལ་པོའི་ཤེལ་མཁར་ཉི་མའི་སྒྲོན་མེ་རྒྱ་ནག་གི་གསེར་ཁང་སེར་པོའི་ཡང་རྩེ། གཞན་ཡང་ལུས་འཕགས་ལ་སོགས་གླིང་གསུམ། རྔ་ཡབ་གླིང་ནི་རི་མ་ལ་ཡའི་བྲག་ཕུག་སོགས་བཞུགས་

p. 448

གནས་མང་ཡང་ཁྱད་པར་དུ་བཞུགས་ས་ནི་བོད་ཡུལ་གཙང་འོ་ཡུག་གོང་སྔོན་ཡིན་ཏེ། ཤང་དང་འོ་ཡུག་གང་སྔོན་གསུམ། །རྡོ་རྗེ་ལེགས་པའི་ཕ་ཡུལ་ཡིན། །ལྷ་ཅིག་རྡོར་ལེགས་མིན་པ་ལྡེང་ས་མེད། །ཟེར་བའི་ངག་རྒྱུན་དབུས་གཙང་དུ་འཇགས་པ་ལྟར་ཡིན་ཅིང་། དེ་རང་ཁ་བ་ཅན་པའི་ཡུལ་ལྷ་ཡང་ཡིན་ཏེ། རང་གི་ལས་དང་བསོད་ནམས་རྫུ་འཕྲུལ་གྱིས། །ལྷོ་ཕྱོགས་འཛམ་གླིང་ཁྱབ་པར་རྒྱུག་པ་ནས། །ཁྱད་པར་བཞུགས་པ་བོད་ཡུལ་ཀུན་གྱི་དཔལ། །ཡུལ་བདག་གཉེན་པོ་ཞེས་གསུངས་སོ། །ཚེ་རབས་དུ་མའི་བག་ཆགས་དང་འབྲི་གུང་སྐྱུ་རའི་ལོ་རྒྱུས་ལས། འདན་སྐྱུ་རའི་བྲག་རྩར་གྲུབ་ཐོབ་གཅིག་སྒྲུབ་པ་བྱེད་སྐབས། འདྲེར་ཁེར་བགད་ཅེས་བྱ་བས་བར་ཆད་བརྩམས་ནས་ཁྱེའུ་གཅིག་ཏུ་སྤྲུལ་ནས་ལུག་གུའི་ཤ་དང་ལྤགས་པ་ལན་མང་དུ་ཕུལ་བས། ཡིད་མ་ཆེས་ཏེ་གྲུབ་ཐོབ་དེ་བྱིའུ་རླུ་ནོར་སྤྲུལ་ནས་ལྟ་བ་ལ་སོང་ལ། དབུས་པའི་སྒར་ཆེན་གཅིག་ཕྱིན་འདུག་པའི་ཚོང་དཔོན་སྒར་དཔོན་དེ་ལ་རྡོ་རྗེ་ལེགས་པ་ཚོང་དཔོན་དུ་སྤྲུལ་ནས་གདའ་བས། ཁྱེའུ་དེ་ལ་རྡོ་རྗེ་ལེགས་པས་འདྲེ་ཁེར་བགད་ཁྱེད་འདི་ན་ཡོད་ལེ་ཨེ་ཡིན་གསུངས་པས། ཁྱེའུ་དེས་ན་རེ་མ་གསུངས་མ་གསུངས་དང་ངས་

p. 449

ཤ་རྒན་ཅིག་བྲག་ར་ན་ཚུད་ལ་ཁེད་ཡོད་དོ་ཟེར་རོ། །དེ་བྱིའུས་ཐོས་ནས་ཁྱེའུ་དེ་འདྲེ་ཡིན་པར་ཤེས་ནས་ཡང་བྱུང་ཛ། གྲུབ་ཐོབ་དེས་དེད་པས་ཕ་ཝང་ལ་ཐིམ་པས་གྲུབ་ཐོབ་དེས་ཕ་ཝང་དེའི་ཕྱོགས་བཞི་དང་སྟེང་དུ་ཞབས་རྗེས་རེ་བཞག་ནས་དམ་ལ་བཏགས་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་ཟེར་བ་ལྟར། ཚོང་དཔོན་མང་དུ་བྱས་པས་བག་ཆགས་དང་སྨོན་ལམ་དབང་གིས་གཞུང་མགྲོན་པོ་ཐམས་ཅད་སྒར་དཔོན་ཚུར་དུ་འབྱོན་ཏེ། སྔོན་ཚེ་ཐོག་མར་རང་གི་བག་ཆགས་སམ། །སྨོན་ལམ་དམ་བཅས་ཉིད་ཀྱི་མོས་པ་ཡིས། །རྒྱ་བོད་མདོ་གཙང་བསྒྲོད་པའི་སྣ་འདྲེན་པ། །ཚོང་དཔོན་ཆེན་པོ་ཞེས་གསུངས་སོ། །གང་གིས་སྐྱེ་བོ་རྣམས་གཡུལ་ཆེན་འགྱེད་དམ། །འཐབ་རྩོད་བྱེད་ཚེ་འདི་ལ་གསོལ་མཆོད་བྱེད་ན། འདི་དགྲ་བླ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཅིང་། མཆེད་འཁོར་རྣམས་ཀྱང་དགྲ་བླ་སུམ་བརྒྱ་དྲུག་ཅུ་ཞེས་བྱ་བ་ཡིན་པས། རང་ཉིད་རྒྱལ་ཞིང་རླུང་ཁ་ཐོབ་པས་འདི་ནི་དམག་དཔོན་གྱི་མཆོག་ཡིན་པའི་ཕྱིར། སྐྱེ་བོ་འཐབ་རྩོད་གཡུལ་ཆེན་འགྱེད་པའི་ཚེ། །གང་ཞིག་ཁྱེད་ལ་གསོལ་མཆོད་བྱེད་པ་ཡི། །ཕ་རོལ་་དཔུང་འཇོམས་པ་དམག་གི་རུ་ཟློག་པ། །དམག་དཔོན་ཆེན་

p. 450

པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །ལྷ་ཡེ་བརྫུ་ཁ་ཆར་འདབ་མ་ཅན་དང་། ཡེ་བརྫུ་ར་ཞོན་རྒོད་ཐུལ་ཅན། སྟག་ཞོན་ཝ་ཞོན་སོགས་ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་ཟེར་བ་ཡང་འདི་ཉིད་མཆེད་འཁོར་རྣམས་ཡིན་ཏེ། ཡེ་བརྫུའི་སྒྲུབ་ཐབས་ལ་འོག་རྟས་རྒ་བྲོས་བྱས་དུས་ང་ལ་བོས། ཆུང་མས་གནས་བསྡམ་བྱེད་དུས་ང་ལ་བོས། །དགྲ་བོའི་ཐོག་རྒྱོབ་བྱས་དུ་ང་ལ་བོས་ཟེར་བ་ཡོད་སྐད་འདི་དགྲ་བླའི་མཆོག་ཡིན་ནོ། །འཇིག་རྟེན་འདི་ན་ལྟ་བ་ལོག་པའི་མུ་སྟེགས་པ་མཐུ་ཆེན་པོ་རྣམས་དང་། བན་བོན་སྔགས་པ་ནུས་ཆེན་ལྟ་བུ་ལ་ནང་རྒྱལ་ན་ཡང་འདིས་བསྒྲལ་ནུས་ཏེ། ར་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ཤིན་ཏུ་མཐུ་ནུས་ཆེ་ནས། ས་ཐོབ་པའི་གང་ཟག་སུམ་ཅུ་སོ་གཉིས་བསྒྲུངས། གཙང་ཚོང་འདུས་མགུར་མོ་ན་ཁྲོམ་ཆེན་པོ་འཚོགས་པའི་ནང་དུ། ང་དང་མཐུ་འདྲེན་བྱེད་མི་ཨེ་ཡོད་ཅེས། ཉི་མ་གསུམ་ཙམ་འབོད་པ་བྱེད་ཅིང་བྱོན་པས། ཚོང་དུས་མགུར་མོའི་གནས་བདག་དམ་ཅན་ཡིན་པ་ལ་ཕོག་སྟེ། །བྱིས་པ་ཅི་ཡང་མི་ཤེས་པའི་བུ་ཆུང་གཅིག་གིས་རྣ་གདོང་ནས་ང་ཡོད་སྨྱོས་ཟེར་བས། བུ་ཆུང་གིས་དེ་ལྟར་སྨྲས་སོ། །ར་ལོ་ཙཱ་ཡང་སྐྲག་ནས་ཕར་བྱོན་ནས་ཐུགས་དམ་མཛད་ཅིང་

p. 451

བཞུགས། བུ་ཆུང་གིས་ངས་དེ་རིང་ངས་དེ་སྨྲས་པས་མ་ལེགས་སྙམ་ནས་སྐྱག་ཙམ་ན། རྣ་གདོང་ནང་ནས་སྐྲག་མི་དགོས་ཅིང་ཅི་ཟོའི་ཕུད་ཀྱིས་རྡོ་རྗེ་ལེགས་པ་མཆོད་ཀྱིས་། ཁྱེད་ལ་སྐྱོན་མེད་ངས་བསྲུང་ཟེར་རོ། །དེ་ནས་རི་ལོ་ཙཱའི་དྲུང་དུ་སྤྲུལ་པ་ཆོ་འཕྲུལ་ཅི་ཡང་བྱུང་སྟེ། ཁོང་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་ལས་མ་གཡོས་སོ། །དེར་བུད་མེད་མཛེས་མ་ཡིད་དུ་འོང་བར་སྤྲུལ་ནས་འོང་བས་ཁོང་དེ་ལ་ཅུང་ཞིག་ཡེང་ངོ། །དེ་མ་ཐག་ཝ་དམར་པོ་གཅིག་སྤྲུལ་ནས་ཁོང་གིས་ཙིཏྟ་བཏོན་ནས་ཁྱེར་བའི་སྣང་བ་བྱུང་། དེ་ནས་ཡུན་མི་རིང་པར་གཉན་ལོ་དང་འཕྲད་དེ། མཐུ་རྒྱལ་བྱས་པས་གཉིས་ཀ་འདས་ཏེ། དེའི་རྐྱེན་ཡང་རྡོ་རྗེ་ལེགས་པས་བྱས་ཟེར་བ་ཐོས་སོ། །བྱིས་པ་དེ་ལ་སྐྱོན་ཅི་ཡང་མ་བྱུང་སྐད། དེ་ལྟར་ནུས་པ་ཅན་ཚེ་ཡང་འདིས་ཐུབ་པའི་ཕྱིར། དམ་ཅན་མདོས་ལ་བརྟེན་ནས་བྱད་ཁ་བཟློག་ཐབས་ཡང་བསྲུངས་ཞིང་། འཇིག་རྟེན་འདི་ན་ལྟ་བ་ལོག་པ་ཡི། །མུ་སྟེགས་མཁན་སྒྱུ་རྣམས་ཐོག་མར་རབས་འདུལ་ཞིང་། །དེང་འདིར་མཐུ་ཆེན་འཇིག་རྟེན་སྐྱོང་མཛད་པ། །མཐུ་ཆེན་ལྷ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །དེ་བཞིན་དུ་ལྷ་གཞན་

p. 452

དང་མི་འདྲ་འགྲུབ་སླ་བ་དང་། འཁུ་ལྡོག་མི་བྱེད་ཅིང་གཞུང་བཟང་བས་མི་རྒྱུད་ཚུན་ལ་མགོན་པ་དང་། གང་ནོན་སླ་བ་སྟེ། ཁྱོད་ནི་མི་ནག་སྐྱེ་བོས་རབ་བསྟེན་ཀྱང་། མཐུ་དབང་ཟས་ནོར་སྟེར་མཛད་ཁྱོད་ལ་བསྟོད། ཅེས་གསུངས་སོ། །དེ་ལྟར་སྐྱེས་བུའི་ཡོན་ཏན་ཅུང་བསྟན་ནས་ཕོ་བྲང་བཤད་པ་ནི། གོང་དུ་བཤད་པ་དེ་རྣམས་དང་། བྱང་ཡང་པ་ཅན་དུ་ལྷ་ཁང་གཅིག་གི་ནང་ནས་ཨོ་རྒྱན་པདྨས་མཐའ་དམག་གི་ཁ་གནོན་ལ་བཞེངས་ལེ་ཡིན་ཟེར་བའི་མགར་ནག་གི་སྐུ་རྩག་གཅིག་ཙམ་བཞུགས་ཏེ་བླ་མ་སོགས་ཡུལ་དུ་འབྱོན་མཁན་ཚོས་དེ་ལ་གསོལ་ཁ་བྱས་ན་ཕྲིན་ལས་དར་བ་ཡིན་ཟེར། ཞིང་སྐྱོང་གི་འཁོར་མགར་ནག་གི་ཕོ་བྲང་། ཙཱ་རིའི་ལུང་ལག་ཞིག་ཏུ་བྲག་ནག་པོ་ཕ་ཝང་ལོང་བུའི་མཁར་རྩེ་ལ་སྨུག་ཕུང་སྐྱེས་པ་ཅིག་ཡོད་སྐད། དྭགས་པོའི་ཡུལ་ཨོ་རྒྱན་གྱི་སྒྲུབ་གནས་འོལ་ཁ་མགར་ཕུག་བྱ་བ་རཏྣ་གླིང་པའི་གདན་སའི་དགོན་པ་གཅིག་གི་དཀྱིལ་ན་ཕ་ཝང་ལོང་བུ་བང་བ་ཆེ་ཤོས་ཙམ་ཡོད་དོ། །དེ་ནས་སྐྱེས་བུ་ཆེན་པོ་འདི་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ལྷ་དང་ལྷ་མིན་འཐབས་པའི་ཚེ་ལྷ་དམག་གི་རུ་འདྲེན་པར་བསྐོས་སོ། །ལྷ་ཆེན་པོ་བརྒྱད་ཀྱི་མདུན་བསྐུལ་བློན་པོར་གྱུར་པས་ལྷ་དམག་

p. 453

ལ་དབང་སྟེ། དམ་ཅན་དམག་འགྱེད་ལས། སྐྱེས་བུ་ཆེན་པོ་ཁྱོད་སོང་ལ། །ལྷ་ཡི་ཡུལ་དུ་དམག་སྡུས་ཤིག །བརྒྱ་བྱིན་འཁོར་དང་བཅས་པ་ཡང་། །ར་མདའ་བཟློག་ལ་དམག་ལ་ཆོས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་གསུང་ལས། ཆོས་བཟང་ལྷའི་མདུན་སར་ལྷ་ཆེན་བརྒྱད་ཀྱི་མདུན་བསྐུལ་མཛད་ཅིང་། ལྷ་དམག་གི་རུ་འདྲེན་པ་ཞེས་གསུངས་སོ། །དེ་བཞིན་ཁྱབ་འཇུག་རཱ་ཧུ་ལས་གཟའི་དམག་དཔོན་དུ་བསྐོས་པས་གཟའ་དམག་ལ་དབང་བསྒྱུར་ཞིང་གཟའ་བརྒྱད་ཀྱི་དམག་དཔོན་མཛད་དེ། སྐྱེས་བུ་ཆེན་པོ་ཁྱོད་སོང་ལ། གཟའི་ཡུལ་ནས་དམག་བསྡུས་ལ། །ཁྱབ་མཇུག་འཁོར་དང་བཅས་པ་ཡང་། །ར་མདའི་བཟློག་ལ་དམག་ལ་ཆོས། །ཞེས་དང་། གསོལ་ཀལས། གཟའ་ཡི་རྒྱལ་པོ་རཱ་ཧུ་ལས་དབང་བསྐུར་བས་གཟའ་ཆེན་བརྒྱད་ཀྱི་དམག་དཔོན་མཛད་པ་ཞེས་དང་། སྟོན་ཟླ་གསུམ་ལ་བར་སྣང་ལ་གནས་བཅས་ནས་ཐོག་དང་སེར་བ་འབེབས་པ་ཞེས་བྱ་སྟེ། གཟའ་དམ་ཅན་གཉིས་དང་མ་བསྡོང་བར་ཐོག་འཕེན་རྒྱུ་མེད་དེ། དམ་ཅན་མགར་བས་ཐོག་བརྡུངས་ཏེ་གཟའི་ལག་ཏུ་གཏད། དེ་རཱ་ཧུ་ལས་འཕེན་དགོས། དེ་སྡེ་བརྒྱད་སོ་སོའི་གཟའ་དང་དམ་

p. 454

ཅན་ལ་རོགས་བཅོལ་དགོས་པ་ཡིན། གཟའ་དམ་ཅན་བསྡོངས་བས་ཐོག་དེ་མཁར་སྐུ་ཡིན་ཀྱང་ཅེས་ཀྱང་མི་བརྟན་པ་ཁོང་གཉིས་ཀྱི་ནུས་པ་ཡིན། གཟའི་རྣོ་སོ་ལ་ཡང་དམ་ཅན་ཡོད་དེ་གཟའི་བསྐང་བ་དང་བསྐུལ་བ་རྣམས་སུ་ཡོད་དེ། དཔལ་ལྡན་ལྷ་མོ་དཔྱིད་ཀྱི་རྒྱལ་མོར་སྤྲུལ་ཏེ། རླུང་ནག་འཚུབ་མར་བརྫུས་ཏེ་ས་ཆུ་བསྲོ་དུས། དམ་ཅན་གྱིས་དེའི་སྣ་འདྲེན་ཏེ། །དཔྱིད་ཟླ་གསུམ་ལ་རླུང་ནག་འཚུབ་མའི་སྣ་འདྲེན་པ་ཞེས་སོ། །ཀླུ་ཡི་རྒྱལ་པོ་དགའ་བོས་ཀླུའི་དམག་དཔོན་དུ་བསྐོས་པས་ཀླུ་དམག་ལ་དབང་སྟེ། སྐྱེས་བུ་ཆེན་པོ་ཁྱོད་སོང་ལ། །ཀླུ་ཡི་ཡུལ་དུ་དམག་བསྡུས་ལ། །དགའ་བོ་འཇོག་པོ་འཁོར་བཅས་ཀྱང་། །ར་མདའ་བཟློག་ལ་དམག་ལ་ཆོས། །ཞེས་གསུངས་པ་དང་། དབྱར་ཟླ་གསུམ་ལ་སྤྲིན་ནག་དུད་ཁ་ལ་གནས་བཅས་ནས་ཆར་པ་འབེབས་པའི་མཐུ་བོ་ཆེ། ཞེས་གསུངས་སོ། །དེ་བཞིན་བཙན་རྒོད་འབར་བ་སྤུན་བདུན་གྱི་གཅིག་རྡོ་རྗེ་ལེགས་པ་ཡིན་པ་དང་། བདུད་རེ་ལྡེ་མགོ་ཉག་གི་བུ་ཡིན་པ་དང་། ཁོ་རང་དམུ་བཙན་རོལ་པོ་སྟེ་དམུ་ཡིན་པ་དང་། གཉན་ཆེན་ཐང་ལྷ་རྨ་གཉན་སྤོམ་ར་སོགས་གཉན་ཆེན་པོ་རྣམས་དང་སྤྱན་ཡིན་པ་དང་། གཤིན་རྗེ་ཆོས་རྒྱལ་སྐྱེ་བ་

p. 455

སྔ་མའི་ཕ་ཡིན་པ་དང་། བརྟན་མ་བཅུ་གཉིས་བཙུན་མོ་ཡིན་པ་དང་། དགེ་བསྙེན་མཁའ་རི་སོགས་དགེ་བསྙེན་ཉེར་གཅིག་དང་། དམ་ཅན་རྡོ་རྗེ་ཁྱུང་དྲག་ལ་སོགས་པ་འཛིན་གིང་བཞི་བཅུ་རྩ་གཉིས་འཁོར་ཡིན་པ་དང་། ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག་ལ་སོགས་གཞུང་ན་གསལ་ལྟར་ཏེ། འདི་ལས་ལ་ཆས་ན་ལྷ་འདྲེ་ཐམས་ཅད་ལང་མི་དགོས་པ་གཅིག་ཀྱང་མེད་དོ། །དམ་ཅན་དམག་འགྱེད་ལས། གངས་རི་རྩེ་མཐོན་མན་ཆད་དང་། །ངམ་གྲོག་སུལ་མང་ཡན་ཆོད་ཀྱི། །འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་རྣམས། །ལ་ལ་ཁྱེད་ཀྱི་ཕ་དང་མ། །ལ་ལ་ཁྱེད་ཀྱི་སྲིང་དང་མཛའ། །ལ་ལ་ཁྱེད་ཀྱི་སྟོང་གིང་པ། །ལ་ལ་ཁྱེད་ཀྱི་ཁབ་དང་དབྱལ། །ལ་ལ་ཁྱེད་ཀྱི་གཏན་དང་གྲོགས། །ལ་ལ་ཁྱེད་ཀྱི་བྲན་དང་ཁོལ། །གང་ཡང་འདུག་པའི་དབང་མེད་པས། །ར་མདའ་བཟློག་ལ་དམག་ལ་ཆོས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱིར། །ཞེས་གསུངས་སོ། །ཨོ་རྒྱན་གྱིས་གསུངས་པའི་མདོས་གཞུང་ལས། ཀྱེ། སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །སྐུ་མདོག་མ་ངེས་ཅིར་ཡང་གསལ། །ཐུགས་ནི་སྣང་སྲིད་ཀུན་ལ་རིག། །ཕྲིན་ལས་རྣལ་འབྱོར་དོན་ལ་དགོངས། །

p. 456

རྣལ་འབྱོར་ནད་གདོན་ཞི་མཛད་ཕྱིར། །སེང་ཆིབས་སྐུ་མདོག་དཀར་པོ་གསལ། །འཁོར་དང་ལོངས་སྤྱོད་རྒྱས་པའི་ཕྱིར། །རྟ་ཆིབས་སྐུ་མདོག་སེར་པོ་བསྟན། །ཁམས་གསུམ་དབང་དུ་སྡུད་པའི་ཕྱིར། །རྟ་ཆིབས་སྐུ་མདོག་དམར་པོ་གསལ། །དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར། །ར་ཆིབས་སྐུ་མདོག་ནག་པོར་བསྟན། །ཅིར་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན་། །མཛེས་པའི་ཁྱེའུ་ཆུང་གཞོན་ནུ་ལ། །གཞོན་མདངས་ལང་ཚོ་ཕུན་སུམ་ཚོགས། །ཞེས་སོགས་གསུངས་པས། སྐུ་མདོག་ཆ་ལུགས་མ་ངེས་ཤིང་། རྒྱ་གར་ནས་བྱོན་སྐྱེས་ཁམ་པ་ཆིབས། སུམ་པའི་ཡུལ་ནས་བྱོན་ཚེ་རྣམ་རུ་སྟེ་ཤ་བ་ཆིབས། རྒྱ་ནག་ནས་བྱོནཚེ་རྔ་མོང་གྲྭ་པ་ཆིབས། མོན་ཡུལ་ནས་བྱོན་ཚེ་མོན་ར་རྒྱ་སེར། མ་སངས་ཡུལ་ནས་བྱོན་ཚེ་གཡག་རྒོད་ཞོམ་པ། དགུངས་སྔོན་དབྱིངས་ནས་བྱོན་ཚེ་གཡུ་འབྲུག །བར་སྣང་ཁམས་ནས་བྱོན་ཚེ་ཁྱུང་ཆེན་དར་དམར། བོད་ཡུལ་དབུས་ནས་བྱོན་ཚེ་རག་པ་རྟིང་དཀར། །གཙང་འོ་ཡུག་ནས་བྱོན་ཚེ་སེང་གེ་གངས་སྔོན་ཆིབས་པ་ཡིན་ཏེ་དམ་ཅན་གྱི་སྤྱན་འདྲེན་རྒྱས་པ་ནས། རྒྱ་གར་ཡུལ་ནས་བྱོན་ཙམ་ན། །ཆིབས་སུ་ར་སྐྱེས་ཁམ་པ་ཆིབས། །ཞེས་པ་

p. 457

ནས། ཉི་མ་ཟླ་བའི་རྟ་ལ་ཆིབས། །འོད་ཟེར་འབར་ཞིང་མྱུར་དུ་བྱོན། །ཞེས་སོགས་རྒྱས་པར་གསུངས་སོ། །གཞན་ཡང་དགྲ་བོའི་བླ་འགུགས་པའི་ཚེ། བྱ་ནག་དང་སྟག་དང་སྤྱང་ཀི་ལ་ཆིབས་པར་དགྲ་ཆོས་ནས་གསུངས་སོ། །ཡང་སྔོན་ལོ་ཆེན་བཟང་པོའི་ཆོས་སྐྱོང་གུར་མགོན་ཡིན་པའི་ལས་མཁན་སྤུ་ཏྲ་ཡིན་ཏེ་གསང་བའི་ལས་མཁན་གནོད་སྦྱིན་གོས་ཅན་བྱ་བ་གཅིག་ཡོད་པ་ཁོང་གིས་མ་དགོངས་བར། བོན་པོ་དང་མཐུ་འགྲན་བྱས་པས། ཕར་མཐུ་མི་འགྲོ་བའི་སྟེང་དུ་ཚུར་ལྡོག་པ་ཅིག་བྱུང་། དེ་ནས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པ་ལ་ཏི་སེ་དང་མ་ཕམ་འཇལ་དུ་བྱོན་པ་ལ། གུར་གྱི་ལས་མཁན་གནོད་སྦྱིན་གོས་སྔོན་ཅན་ཞེས་ཀྱང་བྱ། གཙང་བཙན་ཞེས་ཀྱང་བྱ་བ། གུར་གྱི་རྣོ་སོར་དམ་ཅན་སྦྱར་བ་ཞུས་ནས། བོན་པོ་དང་ནུས་པ་འགྲན་པས་མཐུ་ཐོགས་པ་མེད་པར་སོང་སྐད་དོ། །དེ་ནས་གུར་གྱི་ཡང་གསང་བའི་ལས་མཁན་ཡིན་པས། ས་ལུགས་དམ་ཅན་ཡང་བྱུང་སྟེ་སྟག་ཆིབས་ར་སྐྱེས་ཁྲིད་པ་དང་ནམ་མཁར་བྱོན་ཚེ་སེང་གེ་ཆིབས་པ། བར་སྣང་དུ་བྱོན་ཚེ་གཡུ་འབྲུག །ས་གཞི་བྱོན་ཚེ་ར་སྐྱེས་ཆིབས་པར་བཤད། རྣམ་སྲས་དྲག་པོར་བསྒྲུབས་དུས་

p. 458

བཀའ་སྡོད་བཞིའི་གཅིག་ནི་དམ་ཅན་ཡིན་ཏེ་དེའི་བསྐུལ་བ་ལས། སྐྱེས་བུ་འོབ་ཀྱི་འགྱིང་ཞུ་ཅན། །སྐྱེས་བུ་མི་ཡི་སྙིང་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །དམ་ཉམས་དགྲ་བོའི་སྲོག་ལ་ཧུར། །ཞེས་གསུངས་སོ། །མདོར་ན་ཆོས་སྐྱོང་ཐམས་ཅད་ཀྱི་རྣོ་སོ་སྟེ། །ལེགས་ལྡན་དགྲ་ཆོས་རྒྱས་པ་དང་། ཕྱག་བཞི་པ་སོགས་དགྲ་ཆོས་རྣམས་སུ་ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་ཐམས་ཅད་ཟད་པའི་མཇུག་ཏུ། རྡོ་རྗེ་ལེགས་པས་སྣ་ཁྲིད་གྱིས། །ཞེས་གསུངས་སོ། །སྤྱག་བཙན་གྱི་འཁོར་དུ་ཡོད་པ་ནི། འཁོར་མ་ཡིན་རྒྱབ་རྟེན་ཡིན་ཏེ། །སྤྱག་བཙན་སྒྲུབ་ཐབས་རྣམས་སུ། རྒྱབ་རྟེན་རྡོ་རྗེ་ལེགས་པ་ཟེར་བ་ཡོད་ཅེས་བདག་གི་སློབ་དཔོན་བླ་མ་ཝོལ་བས་གསུངས་སོ། །འོ་ཡུག་གངས་སྔོན་གཙང་པོའི་དཀྱིལ་ནང་ཕ་ཝང་ལོང་བུ་ཁང་པ་ཙམ་ཡོད་དེ་ཕོ་བྲང་དངོས་ཡིན་ནོ། །དེ་མིས་མི་མཐོང་བར་ལྕགས་མཁར་གནམ་ས་འབྲེལ་བ་ཡོད་པར་སྣང་། །དམ་ཅན་འདི་བཙན་རོལ་པ་མཆེད་བདུན་གྱི་ནང་ནས་བརྟན་མ་རོང་བཙན་རྡོ་རྗེ་ལེགས་པ་རྩལ་ཞེས་བྱ་བ་ཡིན་པས་སྟག་མོ་རོང་ཞེས་འབྲས་མོ་གཤོང་གི་ལམ་དུ་ཕོ་བྲང་བྲག་དམར་ཆེན་པོ་ཡོད་སྐད་དོ། །ཚ་བ་སྒང་ན་ཡབ་མོན་པའི་ཕོ་བྲང་། །

p. 459

རྒྱལ་པོ་སྟག་ཞུ་ཅན་བྱ་བ་དང་། ཡུམ་མོན་མོའི་ཕོ་བྲང་གངས་སྨན་ཉི་མ་འཕྲུལ་བྱ་བ་དམ་ཅན་མིང་སྲིང་གི་ཕོ་བྲང་རྫོང་ནག་པོ་རྩེ་དགུ་ཞེས་པ་ཕྱི་བྲག་ནག་ལ། ནང་གནམ་ལྕགས་ཡ་ཚ་དཀར་པོའི་སྐུ་མཁར་ཡོད་དེ། དེ་ན་ཡང་སྲས་རྡོ་རྗེ་ལེགས་པ་དང་ལྕམ་སྲིང་རྡོ་རྗེ་གཡུ་སྒྲོན་མ་གནས་པས་མགར་ལྕམ་གཉིས་ཟེར། མཆེད་ཡ་དམ་ཅན་རྡོ་རྗེ་ཁྱུང་དྲག་བྱ་བ་ནི་རྒྱུན་དུ་བཞུགས་སོ། ལྕམ་མོ་ཟེར་བ་ཡང་དམ་ཅན་གྱི་ལྕམ་ཡིན་པས་སོ། །གཙང་ཇོ་མོ་གངས་དཀར་མའི་གཡས་སུ་དམ་ཅན་མགར་བ་ནག་པོ་ཡིན་ཟེར་བའི་བྲག་དཀར་ཤིན་ཏུ་ཆེ་བ་ཡོད་དེ། ཀོང་ཡུལ་ཀོང་བཙུན་དེ་མོ་དང་ཉེ་བའི་སར། གྲི་ལྷ་རྩེ་རྣོན་ཞེས་རྒྱུན་དུ་མགར་བྱེད་པའི་ཐོ་བའི་སྒྲ་འབྱུང་ཞིང་ཉེ་ལོགས་སུ་མགར་བ་གཞན་གྱིས་མགར་བྱེད་མི་ཕོད་དེ། དེ་ཡང་མགར་ནག་གི་ཕོ་བྲང་ཡིན་པར་ཀརྨ་ཆོས་འབྱུང་ནས་གསུངས་སོ། །གཞན་ཡང་ཡུམ་ཡིན་ཕྱིར་བརྟན་མ་བཅུ་གཉིས་ཀྱི་རི་རེ་རེའི་རྩར་དམ་ཅན་གྱི་ཕོ་བྲང་རེ་རེ་ཡོད་སྒྲེ་དོ། །གདན་ས་ཆེན་པོ་ཀརྨའི་མ་མཐའ་ན་དམ་ཅན་འགགས་ཞེས་བྲག་ལ་ཕོ་བྲང་ཡོད་ཟེར་བ་ལྟར། གནས་བཟང་པོ་ཕལ་ཆེར་དང་དགོན་པ་མང་པོ་སོ་སོར་མགོན་ཁང་དང་རྟེན་རྫས་

p. 460

དང་། དེ་རྟགས་ཆོ་འཕྲུལ་ཡོད་ལུགས། སོ་སོའི་བླ་མ་རྣམས་ཀྱི་ཞལ་གཟིགས་ལུགས་ནི་བྲི་བར་མི་ལོང་སྟེ་དཔག་ཏུ་མེད་དོ། །གིང་ཆེན་སྡེ་བཞིའི་ལྷའི་གིང་ཆེན་ཚངས་པ་དཀར་པོ་འདི་གྲུབ་ཆེན་ཀརྨ་པཀྴིས་ཧོར་ཡུལ་ནས་ཞལ་གཟིགས་ཏེ། ཉིད་ཀྱིས་མཛད་པའི་རྣམ་ཐར་ལས། ཡང་ལོའི་རྒྱལ་པོ་ཡོས་བུའི་ལོ། །བཅུ་གཉིས་ཟླ་བའི་ཚེས་གཅིག་ལ། །ཐོ་རངས་ནམ་གྱི་ཆ་སྨད་ལ། །ཉ་རྒྱལ་ཟླ་བའི་འོད་བཞིན་དུ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །མི་དཀར་འོད་དང་བཅས་པ་ཞིག །ང་ནི་བྱང་ཕྱོགས་ཡུལ་ནས་འོང་། །འདི་ན་མ་འདུག་དེང་ཞེས་གསུངས། །ཡང་དེ་ནས་གཙང་ཁའི་ཡུལ་དུ་ཕྱིན། །ཉི་ཤུ་རྩ་གཅིག་ཞག་གྲངས་ལ། །ནམ་མཁའ་འཇའ་འོད་འཁྱིལ་པ་ལས། །ཆར་རྒྱུན་མེ་ཏོག་ལྟ་བུར་བབས། །མི་དཀར་དར་གྱི་རས་དཀར་ཅན། །འཛམ་གླིང་ཀུན་ལ་ཁྱབ་པའི་སྐུ། །འོད་ཀྱི་ལུས་ཅན་ཞལ་སྔ་ནས། །ང་ནི་གནམ་ལྷ་དཀར་པོ་ཡིན། །བྱང་ཕྱོགས་ཡུལ་དུ་འགྲོ་དགོས་སྐད། །ཡང་ཕོ་ཉ་རིང་བའི་སུན་མ་བྱུང་། །འུ་ལག་མགྱོགས་པའི་རྟ་ལ་ཞོན། །ཞེས་གསུངས་ཏེ། ཧོར་སེ་ཆེན་རྒྱལ་པོའི་ཡབ་སྲས་ཀྱིས་གདན་འདྲེན་འོང་ཁ་དེའི་ལྷ་ཐེལ་དཀར་པོའི་གདན་

p. 461

འདྲེན་བྱུང་ཚུལ་གསུང་ཞིང་། དམ་ཅན་དཀྱིལ་འཁོར་ལྷའི་གིང་ཆེན་འདི་གནམ་ཐེལ་ཡིན་པས་བདུད་མོ་བཀྲ་ཤིས་འོད་ཟེར་བས་ཀྱང་གསུངས་སོ། །བཀའ་བརྒྱད་གཞུང་ལས། ཟས་ནོར་དངོས་གྲུབ་བསྡུ་བའི་ཕྱིར། །གནམ་ཐེལ་དཀར་པོའི་ཐུགས་དམ་བསྐང་། །ཞེས་དང་། དམ་ཅན་རྩིས་འདེབས་ལས། གནམ་ཐེལ་དཀར་པོ་བྱ་ཡི་མགོ །ཕོ་ཡི་སྐེད་ལ་སྦྲུལ་ལྟར་འཁྲི། །མོ་ཡི་མངལ་ལ་ཁྲག་ལྟར་འཛག །དམ་ཅན་བཀའ་སྡོད་རྩིས་འདེབས་སོ། །ཞེས་གསུངས་སོ། །གཤིན་རྗེའི་གིང་ཆེན་མེ་རུ་རྩེ་དམར་པོ་ནི། བོན་གྱི་ཨག་སེ་རྒྱལ་བ་འབྲུག་ལུགས་ཀྱིས་བཙན་ཇག་པ་མེ་ལེན་ཟེར་བ་འདི་ཡིན་ནོ། །བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ་ནི། བེག་རྩེ་ཞེས་ཀྱང་བྱ། འདི་ལ་ཕོ་བྲང་མང་ཡང་ཡུལ་འདིར་སྐུ་རྒྱལ་ཤེ་ནེ་ཞེས་པ་འདི་ཡིན་ནོ། །བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ་ནི། མགོན་པོ་ཏྲཀཱད་ཀྱི་ཡབ་ཏེ་ཤོད་ནག་པོ་ཞེས་བྱ་བ་ཡིན་ནོ། །མཆེད་ཟླ་སུམ་བརྒྱ་ནི་རྒྱ་དཀར་ནག་སོགས་ཀྱི་གཞི་བདག་དྲག་རྩལ་ཅན་རྣམས་ཡིན་ལ། དྲུག་ཅུ་ནི་བོད་ཀྱི་མགུལ་ལྷ་བཅུ་གསུམ་ལ་སོགས་བོད་ཀྱི་གཞི་བདག་དྲག་རྩལ་ཆེན་པོ་རྣམས་ཡིན། ཟམ་བུ་ལུང་དང་

p. 462

ཕུག་པ་གཅིག་གི་ནང་དུ་ར་གསུར་བཏང་ནས་ཉལ་ན་མི་སུ་ཉལ་དམ་ཅན་འབབ། དེའི་ཕྱིར་དབུས་གཙང་དུ་དམ་ཅན་འབབ་མི་ཤིན་ཏུ་མང་བ་ནི། དམ་ཅན་དངོས་མ་ཡིན་ཏེ། འཁོར་ཨ་ཙ་ར་དང་མོན་པ་སྟོང་ཕྲག་དུ་མ་ཡོད་པ་རྣམས་ཡིན་པར་འདུག་སྟེ། སྔར་རིན་སྤུང་དུ་དམ་ཅན་འབབ་མི་བཅུ་གསུམ་འཛོམས་པས། མགར་དམར་ཡིན་ཟེར་བ་ངོ་ཁྲག་གི་མདོག་ཅན་གཅིག་བབ་བྱུང་ཛ། གཞན་ཐམས་ཅད་སྐྲག་ཅིང་འདར་ནས་ཅི་བཤད་རྒྱུ་མེད་པར་ཡལ་ནས་སོང་སྐད་དོ། །དེ་བཞིན་དུ་དགོན་པ་དང་བླ་མ་དང་སྔགས་པ་དང་སྡེ་ཕ་དང་ཐ་ན་དུད་ནག་ཡན་ལ་ཡོད་ཟེར་བའི་རྟགས་ཆོ་འཕྲུལ་འབྱུང་བ། མི་མགོ་ནག་གི་རྗེ་བོ། དུད་སྔོན་ཆག་གི་རྐྱེན་ཞེས་པའི་དོན་ཏེ། སྐྱེས་བུ་ཉིད་ཀྱིས་བདག་ཏུ་བཟུང་བས། འཁོར་བྱེ་བ་དུང་ཕྱུར་ཡོད་པའི་རེ་རེ་ཁྱིམ་བསྲུང་གི་ཚུལ་དུ་བཞག་ནས་ཆོ་འཕྲུལ་དང་ཕན་གནོད་བྱེད་པར་གསལ་ལོ། །ཡུལ་འདིའི་ངོམ་རྒྱལ་དང་ཀླུ་རྒྱལ་སྤོ་ཏོ་སོགས་ཀྱང་མཆེད་དྲ་ཡིན་ཟེར་སྐད་ཏེ་བདེན་པ་འདྲའོ། །དེ་ལྟར་དམ་ཅན་སྐྱེས་བུའི་ལོ་རྒྱུས་རྒྱས་པ་འདི། ཨ་ནུ་ཚེ་དབང་རྡོ་རྗེས་བསྐུལ་བ་ལ་བརྟེན་ནས། སྔགས་འཆང་༧ ཨ་རཱ་གས་ཤིང་ལུག་གི་ལོ་ཐ་སྐར་ཟླ་བའི་ཉི་ཤུ་ལྔ་ནས་བརྩམས་ཏེ། བདུན་ལ་གྲུབ་པར་སྦྱར་བ་ལ།

p. 463

འགལ་འཁྲུལ་མཆིས་ན་སྐྱེས་བུ་འཁོར་དང་བཅས་པ་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་མཆོད་ཆེན་མོ།

p. 464
p. 465

དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་མཆོད་ཆེན་མོ་བཞུགས་སོ།

p. 466

ན་མོ་བཛྲ་པཱ་ཎི་ཡེ། དམ་ཅན་སྐྱེས་བུ་ཆེན་པོའི་གསོལ་མཆོད་བྱ་བ་ནི། བཅའ་གཞི་ལེགས་པར་བཀོད་ནས། རིན་ཆེན་མཛེས་པའི་སྣོད་དུ་གཏོར་མ་ནི་ཕྱེ་ཕུད་རིན་པོ་ཆེ་འབྲུའི་བཤོས་བུ་ཟུར་གསུམ་བརྩེགས་གདན་གྱི་སྟེང་དུ་མཁར་ཐབས་གྲུ་བཞི་ཕ་ཝང་ལོང་བུ་ལྟར་ཁྲག་བྱུག །རྩེ་ལ་ཡུངས་ཀར་གྱི་སྒང་བུ་གཟུགས། ཕྱི་ནང་དུ་མཐེབ་སྐྱུ། བསྐང་རྫས་ཀྱིས་བསྐོར། སྤོས་དང་སིལ་སྙན་བསྒྲགས་ལ། ཨོཾ་ཨཱཿཧཱུྃ། བིགྷན་ཀྲིཏྟ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་སོགས། སྟོང་པའི་ངང་ལས་ཨཱལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས།

p. 467

རོལ་མོ་ཕྱི་ནང་གསང་བའི་མཆོད་རྫས། རིན་ཆེན། འབྲུ་སྨན། རྩི་བཅུད། ནོར་དབྱིག །གོ་མཚོན། འཕན་གདུགས་། རྒྱལ་མཚན་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་དྭངས་ཤིང་ཐོགས་པ་མེད་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། རྒྱ་ཆེན་འཕྲོ་ཤིང་ཟད་མི་ཤེས་པ། སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་ཐུགས་མཉེས་པར་བྱེད་ཅིང་ཚིམ་པ་བསྐྱེད་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨཧཱུཾ་ཧཱུྃ། དེ་བཞིན་དུ། ཤབྡ་ཨཱཧཱུཾ། ཨོཾ་ཨཱཙྪཱཧཱུཾ། གསུམ། ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །ས་བཅུའི་སེམས་དཔའ་རྣམ་སྣང་

p. 468

འཁོར་། །ཡེ་ཤེས་རྡོ་རྗེ་ལེགས་པ་སྟེ། །ཐུགས་རྗེ་ཆེན་པོ་ཡང་ཁྲོས་སྐུ། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །འཇིག་རྟེན་པ་ཡི་ཚུལ་དུ་བཞུགས། །རྡོ་རྗེ་ལེགས་པ་ཞེས་བྱ་བ། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པར་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །རྩ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་

p. 469

འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྗེས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད་། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་

p. 470

གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫ་ས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །ཟློརྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །

p. 471

རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །།འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། ལྷོ་སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་

p. 472

མ་བཏང་ཞིག །ནུ་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། མ་ལ་ཡ་ཡི་ཐོད་པའི་མཁར། །ཕྱག་ན་རྡོ་རྗེའི་བཀའ་འཁོར་ན། །དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་། །དམ་ཚིག་སེམས་དཔའི་ཚོགས་ཀྱིས་བསྐོར། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་༈ ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་

p. 473

པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫ་ས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པར་འབུལ། །ཕྱི་ཡི་མཆོད་རྫ་ས་ཡིན་པའི་ཕྱིར། །བསྐང་རྫ་ས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་

p. 474

ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་ཟློབཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་

p. 475

བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་ཕྱོགས་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་

p. 476

ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །རྒྱ་གར་ཕ་ཝང་ལོང་བུ་ན། །གནོད་སྦྱིན་མགར་བ་ནག་པོ་ཞེས། །ལས་དང་འཇིག་རྟེན་འཁོར་གྱིས་བསྐོར། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱིས་མཆོད་པར་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་

p. 477

གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྱི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫ་ས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫ་ས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་

p. 478

བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫ་ས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས་། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་

p. 479

ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་

p. 480

ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། སློབ་དཔོན་པདྨའི་སྤྱན་སྔ་རུ། །ཟམ་བུ་ལུང་གི་སྒོ་སྲུང་བ། །བཙན་རྒོད་རྡོ་རྗེ་ལེགས་པ་རྩལ། །བསྟན་བསྲུང་གཉན་པོའི་འཁོར་གྱིས་བསྐོར། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི༔ །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱིས་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་

p. 481

ཨ་མྲྀ་ཏ། །ཡིད་འོང་རྒྱུན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པར་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད་། །ཡོན་ཏན་རྟེན་དུ་ཤ་སྣ་འབུལོ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་༈ གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤྲོས་དང་། །སྒྲུབ་རྫས་སྦྱོར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་

p. 482

འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་

p. 483

བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་

p. 484

སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས་། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། ཁྱད་པར་འོག་མིན་མཚུར་ཕུ་དང་། མཐའ་དབུས་གཙུག་ལག་བརྒྱ་དང་བརྒྱད། །བོད་ཡུལ་གཏེར་ཆེན་བརྒྱ་དང་བརྒྱད། །རྒྱ་ནག་ཡུལ་བཞུགས་རྒྱ་གར་གྱི། །དུར་ཁྲོད་ཀུན་གྱི་བདག་པོ་མཛད། །དམ་ཅན་བཛྲ་

p. 485

སཱ་དྷུ་རྩལ། །མི་བཟད་སྤྲུལ་པས་ཞིང་དེར་ཁྱབ། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱིས་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པར་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་

p. 486

སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར་།བསྐང་རྫ་ས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫ་ས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫ་ས་དང་རྟགས། །རིན་

p. 487

ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པོ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་

p. 488

གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་

p. 489

སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། ཡང་ཅིག་གསོལ་ཞིང་མཆོད་པ་ནི། །ལན་རེར་སྤྲུལ་པ་འགྱེད་ཙ་ན། །མི་བཟད་སེངྒེའི་དཀར་མོ་ཆིབས། །རང་རྟགས་རྡོ་རྗེ་དགྲ་སྙིང་གསོལ། །བཙན་མདུང་འཛིན་ནས་ནམ་མཁར་རྒྱུག །བདུད་དམག་འབུམ་གྱི་རུ་འདྲེན་པ། བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གས་སྒྲ་དྲི་རོ་རེག་བྱ་དང་། །རཀ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱུན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་

p. 490

དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫ་ས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་

p. 491

ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་

p. 492

ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་དྲོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་

p. 493

སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། ཡང་ཅིག་གསོལ་ཞིང་མཆོད་པ་ནི། །ཁྲོ་གཏུམ་གཡུ་འབྲུག་སྔོན་པོ་ཆིབས། །དཀར་གསལ་དབང་རྟགས་ཐོད་ཁྲག་རོལ། །དར་དཀར་གོས་གསོལ་བར་སྣང་རྒྱུགས། །གཟའ་ཆེན་བརྒྱད་ཀྱི་དེད་དཔོན་མཛད། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱིས་མཆོད་པར་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་

p. 494

རོག་པོ་དར་ནག་བརྒྱན། །ར་སྤེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤྭ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤྲོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫ་ས་ཡིན་པའི་ཕྱིར། །བསྐང་རྫ་ས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་

p. 495

ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫ་ས་དང་རྟོགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་

p. 496

སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲི་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །ཁྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །

p. 497

དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུཾ། ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ། །མྱུར་མགྱོགས་སྟོབས་ལྡན་ར་ལ་ཞོན། །ཐོ་བ་སྦྱད་པ་མི་བཟད་བསྣམས། །ས་གཞིར་རྒྱུགས་ནས་སྟོང་གསུམ་བསྐོར། །སྡེ་བརྒྱད་དྲེགས་པ་ལྷ་སྲིན་འཁོར། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀ་གཏོར་མ་ཨ་

p. 498

མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ། བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་

p. 499

མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫ་ས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་

p. 500

བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་

p. 501

དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས་། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། གཞན་ཡང་སྤྲུལ་པ་མི་བཟད་པ། །གནམ་ས་ཕྱེད་ཀྱི་བདག་པོ་སྟེ། །ཉི་མ་ནུབ་ལ་མངའ་བརྙེས་པ། །སྐྱེ་འགྲོའི་སྲོག་གི་བདག་པོ་མཛད། །རྡོ་རྗེ་ལེགས་པ་གནས་འདིར་བྱོན། །མགར་བ་ནག་པོ་གནས་འདིར།

p. 502

བྱོན། །སྐྱེས་བུ་ཆེན་པོ་གནས་འདིར་བྱོན། །ཨ་ཇོ་ཆེན་པོ་གནས་འདིར་བྱོན། །སྐྱེས་མཆོག་ཆེན་པོ་གནས་འདིར་བྱོན། །མཐུ་ཆེན་བདུད་འདུལ་གནས་འདིར་བྱོན། །བཙན་རྒོད་འབར་བ་གནས་འདིར་བྱོན། །ཝེར་མ་ཟོ་དོར་གནས་འདིར་བྱོན། །ཆོས་སྐྱོང་ཆེན་པོ་གནས་འདིར་བྱོན། །དགྲ་བོ་འདུལ་མཛད་གནས་འདིར་བྱོན། །དགེ་བསྙེན་ཆེན་པོ་གནས་འདིར་བྱོན། །ར་ལ་ཆིབས་པ་གནས་འདིར་བྱོན། །ཐོ་བ་འཛིན་པ་གནས་འདིར་བྱོན། །སྦྱད་པ་བསྣམས་པ་གནས་འདིར་བྱོན། །ར་སྐྱེས་རོལ་ཁྲིད་གནས་འདིར་བྱོན། །འཁོར་དང་བཅས་པ་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་

p. 503

གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ་། །འབོད་རྫ་ས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་

p. 504

བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་

p. 505

ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་

p. 506

ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ།། ཕ་ཝང་ལོང་བུའི་སྐུ་མཁར་ནས། །དཔལ་ཆེན་རྟ་མགྲིན་ནག་པོ་ཡི། །ཐུགས་སྤྲུལ་བསྟན་སྲུང་ནག་པོ་ཆེ། །འཇིགས་གཟུགས་དྲེགས་པ་ཀུན་གྱི་རྒྱལ། །སྲོག་བདུད་རྡོ་རྗེ་ལེགས་པར་གྲགས། །ཡུམ་ཆེན་བཀའ་ཉན་ལས་མཁན་བཅས། །བཀའ་སྡོད་ཕོ་ཉ་རྒྱ་མཚོའི་ཚོགས། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །

p. 507

མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤྲོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་

p. 508

པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད་། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫ་ས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྗེ་ས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་

p. 509

ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་

p. 510

བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། སྐྱེས་བུའི་ཐུགས་ཀྱི་དགྱེས་སྡེ་མོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ། །གཞན་ཡང་མཁའ་རག་

p. 511

ཁྱུང་བཙུན་མོ། །བོད་ཁམས་བརྟན་མ་བཅུ་གཉིས་དང་། །ཡ་མ་བཅུ་གཉིས་གནས་འདིར་བྱོན། །ཤ་མེད་གངས་དཀར་གནས་འདིར་བྱོན། །རྡོ་རྗེ་དཔལ་ལྡན་གནས་འདིར་བྱོན། །རྡོ་རྗེ་གཡུ་སྒྲོན་གནས་འདིར་བྱོན། །རྡོ་རྗེ་བདེ་སྐྱོང་གནས་འདིར་བྱོན། །བདུད་མོ་བཞི་པོ་གནས་འདིར་བྱོན། །གནོད་སྦྱིན་མོ་བཞི་གནས་འདིར་བྱོན། །སྨན་བཙུན་མ་བཞི་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱུན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་

p. 512

པ་ར་ཡི་རྐང་། །དར་སྣའི་རྒྱུན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་

p. 513

ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤྲོས་ཤ་སྣ་གསེར་སྐྱེམས། དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་

p. 514

སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་དྲོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །

p. 515

སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས་། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། འཁོར་གྱི་གིང་ཆེན་སྡེ་བཞི་ནི། །ཤར་ཕྱོགས་ལྷ་ཡི་གིང་ཆེན་ནི། །ཚངས་པ་དཀར་པོ་གནས་འདིར་བྱོན། །ལྷ་གིང་དཀར་པོ་གནས་འདིར་བྱོན། །དར་དཀར་ཐོད་བཅིངས་གནས་འདིར་བྱོན། །ཤེལ་གྲི་བསྣམས་པ་གནས་འདིར་བྱོན། །བ་དན་འཛིན་པ་གནས་འདིར་བྱོན། །མེ་འོད་ཆིབས་པ་གནས་འདིར་བྱོན། །ངང་དཀར་རོལ་ཁྲིད་གནས་འདིར་བྱོན། །སྲོག་བདག་འཁོར་ལོ་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་

p. 516

འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫ་ས་ཡིན་པའི་

p. 517

ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས། པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫ་ས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་

p. 518

པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་

p. 519

དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུཾ། ལྷོ་ཕྱོགས་གཤིན་རྗེའི་གིང་ཆེན་ནི། །མེ་རུ་རྩེ་ཡང་གནས་འདིར་བྱོན། །གཤིན་རྗེ་ལྗང་ནག་གནས་འདིར་བྱོན། །བེ་ཅོན་འཛིན་པ་གནས་འདིར་བྱོན། །རྒྱུ་

p. 520

ཞགས་ལྡོག་བྱེད་གནས་འདིར་བྱོན། །ཆུ་གླང་འཛིན་པ་གནས་འདིར་བྱོན། །གཤིན་རྗེའི་འཁོར་བསྐོར་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱུན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་

p. 521

སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྗེས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫ་ས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་

p. 522

པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། ། བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་

p. 523

ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་

p. 524

རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། ནུབ་ཕྱོགས་བཙན་གྱི་གིང་ཆེན་ནི། །ཡམས་ཤུད་མ་ཡང་གནས་འདིར་བྱོན། །བཙན་རྗེ་ཁྲག་མདོག་གནས་འདིར་བྱོན། །དར་དམར་གྱོན་པ་གནས་འདིར་བྱོན། །མདུང་དམར་བསྣམས་པ་གནས་འདིར་བྱོན། །བཙན་ཞགས་གྲུ་བསྐོན་གནས་འདིར་བྱོན། །རོལ་པ་སྐྱ་བདུན་གནསའདིར་བྱོན། །རྟ་དམར་ཞོན་པ་གནས་འདིར་བྱོན། །བཙན་དམག་འཁོར་བསྐོར་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས་།དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །

p. 525

ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫ་ས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་

p. 526

བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་

p. 527

བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་ཟོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ།

p. 528

བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། བྱང་ཕྱོགས་བདུད་ཀྱི་གིང་ཆེན་ནི། །ཡབ་རྗེ་ནག་པོ་གནས་འདིར་བྱོན། །སྒྲོལ་གིང་ནག་པོ་གནས་འདིར་བྱོན། །དུར་ཁྲོད་མགོན་པོ་གནས་འདིར་བྱོན། །རལ་གྲི་ཕྱར་བ་གནས་འདིར་བྱོན། །ཞགས་པ་ཐོགས་པ་གནས་འདིར་བྱོན། །བེར་ནག་གསོལ་བ་གནས་འདིར་བྱོན། །རྟ་ནག་ཆིབས་མཛད་གནས་འདིར་བྱོན། །བདུད་དམག་འབུམ་བསྐོར་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་

p. 529

བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤོས་དང་། །སྒྲུབ་རྫ་ས་ར་ཡི་རྣམ་ལྔ་འབུལ། །འབོད་

p. 530

རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫ་ས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫ་ས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་

p. 531

བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་

p. 532

དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ།།ཇག་རྐུན་རྣམས་ཀྱི་རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས་། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །བརྒྱ་དང་ཉི་ཤུ་གནས་འདིར་བྱོན། །ལྷ་ཡི་

p. 533

དེད་དཔོན་གནས་འདིར་བྱོན། །ལྷ་མིན་གཡུལ་བཟློག་གནས་འདིར་བྱོན། །དཀར་པོ་ལྷ་རིགས་གནས་འདིར་བྱོན། །ལྷ་ཚོགས་མཚོན་འཛིན་གནས་འདིར་བྱོན་། །བསྟན་པ་སོགས་ནས་བཀྲ་ཤིས་བདེ་ལེགས་འཕྲིན་ལས་མཛོད། །ཧཱུཾ། བཙན་གྱི་དགེ་བསྙེན་ཆེན་པོ་སྟེ། །བརྒྱ་དང་ཉི་ཤུ་གནས་འདིར་བྱོན། །དམར་པོ་ཁྲག་འཐུང་གནས་འདིར་བྱོན། །དགྲ་བོ་འདུལ་མཛད་གནས་འདིར་བྱོན། །རྟ་དམར་ཞོན་པ་གནས་འདིར་བྱོན། །སྲོག་བདག་རྒྱལ་པོ་གནས་འདིར་བྱོན། །བསྟན་པ་སོགས་ནས་བཀྲ་ཤིས་བདེ་ལེགས་འཕྲིན་ལས་མཛོད། །ཧཱུྃ། བདུད་ཀྱི་དགེ་བསྙེན་ཆེན་པོ་སྟེ། །བརྒྱ་དང་ཉི་ཤུ་གནས་འདིར་བྱོན། །མི་བཟད་གཟུགས་ཅན་གནས་འདིར་བྱོན། །དུད་པའི་མདོག་ཅན་གནས་འདིར་བྱོན། །མུན་པའི་གོས་གྱོན་གནས་འདིར་བྱོན། །བདུད་རྟ་ནག་ཅན་གནས་འདིར་བྱོན། །བསྟན་པ་སོགས་ནས་བཀྲ་ཤིས་བདེ་ལེགས་འཕྲིན་ལས་མཛོད། །ཧཱུྃ། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་སྤྲུལ་པའི་སྐུར་སྟོན་ཚོགས། །དམར་ལྗང་སེར་ནག་མཐིང་ཁར་མདོག །ནོར་བུ་ཤིང་ལོ་རལ་གྲི་ཟོར། །

p. 534

གྲི་གུག་ཐུན་རྫས་ཐོད་པ་བསྣམས། །སེང་གེ་ར་སྐྱེས་རྟ་མཆོག་ཞོན། །སོ་སོའི་ལས་བྱེད་ཕྲིན་ལས་བསྒྲུབ། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །འདིར་བཤམས་མཆོད་པའི་བྱེ་བྲག་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོའི་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །རཀྟ་གཏོར་མ་ཨ་མྲྀ་ཏ། །ཡིད་འོང་རྒྱན་ལྡན་མཁར་ཐབས་དང་། །ཞལ་ཟས་ཚོགས་དང་གསུར་ཆེན་སྤོས། །དཀར་གསུམ་མངར་གསུམ་བདུད་རྩི་སྨན། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་རྟེན་སྐུ་གཟུགས་གསོབ་ཅན་དང་། །ཙ་ར་རོག་པོ་དར་ནག་བརྒྱན། །ར་སྤྲེལ་བྱི་ལའི་ཤ་ལྔར་མགོ །ར་ཡི་རྒྱལ་མཚན་མཉེས་མཆོད་འབུལ། །གསུང་རྟེན་སྨྱུག་རྒོད་གླིང་བུ་དང་། །མལ་ཆ་བཤུད་པ་ར་ཡི་རྐང་། །དར་སྣའི་རྒྱན་དང་ལྡན་པ་འབུལ། །ཐུགས་རྟེན་ར་སྙིང་སྟག་གཟིག་དང་། །བྱི་ལ་སྤྲེའུའི་སྙིང་གིས་མཆོད། །ཡོན་ཏན་རྟེན་དུ་ཤ་སྣ་འབུལ། །ཕྲིན་ལས་རྟེན་དུ་ཁྲིག་སྣ་འབུལ། །ཕྱི་ཡི་རྟེན་དུ་རྩྭ་ར་དང་། །གཡག་ལུག་རྟ་དང་སྤྱན་གཟིགས་འབུལ། །ནང་རྟེན་སྨན་རག་

p. 535

གཏོར་མ་འབུལ། །གསང་རྟེན་སྲོག་གི་འཁོར་ལོ་འབུལ། །བླ་རྡོ་དུང་ཤཱ་ར་རྐང་དང་། །སྨྱུག་རྒོད་མེ་ལོང་ཁྲབ་བྱང་གྲི། །མདའ་དར་དར་ནག་སྒྲུབ་སྤྲོས་དང་། །སྒྲུབ་རྫས་ར་ཡི་རྣམ་ལྔ་འབུལ། །འབོད་རྫས་ཙ་ར་དཀར་པོའི་པགས། །དར་དང་རྔ་མས་བརྒྱན་པ་འབུལ། །ནང་གི་མཆོད་རྫས་ཡིན་པའི་ཕྱིར། །སྒྲུབ་རྟེན་གཏོར་མའི་མཆོད་པ་འབུལ། །ཕྱི་ཡི་མཆོད་རྫས་ཡིན་པའི་ཕྱིར། །བསྐང་རྫས་སྣ་ཚོགས་མཆོད་པ་འབུལ། །མི་འབྲལ་རྒྱུན་དུ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ནར་མའི་མཆོད་པ་འབུལ། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕྲིན་ལས་རྒྱུན་དུ་བཅོལ་བའི་ཕྱིར། །བཤོས་གཙང་ཟུར་གསུམ་མཆོད་པ་འབུལ། །གཞན་ཡང་མཆོད་པ་འབུལ་བ་ནི། །སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱོད། །མཉེས་པར་བྱེད་པའི་དམ་རྫས་ནི། །ཁྲག་སྣ་འཚོགས་པའི་རཀྟ་དང་། །འབྲུ་མཆོག་སྣ་ཚོགས་གཏོར་མ་དང་། །སྨན་སྤོས་ཤ་སྣ་གསེར་སྐྱེམས་དང་། །དཀར་གསུམ་མངར་གསུམ་ཚིལ་སྣའི་གསུར། །སྟག་གཟིག་སེངྒེའི་གཡང་གཞི་སོགས། །འདོད་ཡོན་མཆོད་

p. 536

པའི་བྱེ་བྲག་དང་། །རྒྱལ་སྲིད་བཀྲ་ཤིས་རྫ་ས་དང་རྟགས། །རིན་ཆེན་མཚོན་ཆ་གོ་རྨོག་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་སོགས། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །ཐུགས་དང་འགལ་བ་འགྱོད་པས་བཤགས། །ཕྲིན་ལས་དམ་པ་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཀཾ་ཚང་བསྟན། །བསྲུང་ཞིང་རྒྱས་པར་ཁྱེད་ཀྱིས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་འདོད་པའི་དོན་རྣམས་སྒྲུབས། །སྒྲུབ་པའི་གནས་འདིར་བཞུགས་སུ་གསོལ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །མི་ཡི་ན་ཚ་ཁྱོད་ཀྱིས་སོལ། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཕྱུགས་ཀྱི་གོད་ཁ་ཁྱེད་ཀྱིས་ཟློག །གློ་གོར་ཧོན་གསུམ་ཞི་བར་མཛོད། །ཞིང་ལ་བཙའ་སད་མ་བཏང་བར། །རྟ་ཡི་རྟ་ནད་ངོ་ལོང་ལ། །མི་ནོར་རྟ་ཕྱུགས་རྒྱུན་དུ་སྲུངས། །རྐྱེན་དང་བར་ཆད་ཞི་བར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རླུང་རྟ་དབང་ཐང་རྒྱས་པར་མཛོད། །དཔལ་འབྱོར་ལོངས་སྤྱོད་རྒྱས་པར་གྱིས། །འདོད་དགུ་

p. 537

ཐམས་ཅད་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་སེམས་ཅན་གྱི། །བདེ་སྐྱིད་ལོངས་སྤྱོད་དབང་དུ་སྡུས། །སྙན་དང་གྲགས་པ་རླུང་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ལོག་པར་འདྲེན་པའི་དགྲ་བགེགས་སྒྲོལ། །རྒྱལ་བསྟན་སྤྱི་དང་རིང་ལུགས་དང་། །བླ་མ་དམ་པའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་སོད། །བསྟན་དགྲ་སྤྱི་དང་སྒོས་དགྲ་སྒྲོལ། །གཙུག་ལག་ཆོས་འཁོར་བསྲུང་བ་དང་། །ཕ་རོལ་རྣམས་ཀྱིས་བཅིངས་པ་ཁྲོལ། །བྱད་མ་རྦོད་གཏོང་གཏད་ཁྲམ་ཟློག །མནན་པ་ཁྱོག་ལ་བཅིངས་པ་ཁྲོལ། །ཉིན་དང་མཚན་དུ་བསྲུང་བ་དང་། །དུས་རྣམས་ཀུན་ཏུ་སྐྱབས་པར་མཛོད། །གཞི་བྱེས་བྱ་བ་གང་བརྩམ་ཡང་། །ལེགས་ཁ་རྒྱལ་ཁ་སྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་བསྡད་ཀྱང་། །སྔོན་བསུ་རྒྱབ་རྟེན་སྡོང་གྲོགས་མཛོད། །བདག་གི་མགྲོན་པོའི་ཁ་འཛིན་མཛོད། །སྐྱེས་བུའི་དོན་སྒྲུབས་རྟ་ཕྱུགས་ཀྱང་། །ཁལ་ལ་ཡོ་ལོག་མ་བཏང་ལ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཤི་ཚ་བ་མེད་པར་མཛོད། །དགྲ་དང་བགེགས་ཀྱི་ཁ་ཁོག་ལ། །ཇག་རྐུན་རྣམས་ཀྱི་

p. 538

རྒྱུད་པ་ཆིངས། །བདག་གི་བསམ་པའི་སྨོན་པ་རྣམས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕྲིན་ལས་མཛོད། །ཧཱུྃ། སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ། །ཕོ་ཉའི་ཚོགས་རྣམས་གནས་འདིར་བྱོན། །མི་དཀར་འབུམ་སྡེ་གནས་འདིར་བྱོན། །མི་ནག་འབུམ་སྡེ་གནས་འདིར་བྱོན། །མི་སེར་འབུམ་སྡེ་གནས་འདིར་བྱོན་། །མི་ལྗང་འབུམ་སྡེ་གནས་འདིར་བྱོན། །ཞི་བའི་ཕོ་ཉ་འབུམ་སྡེ་བྱོན། །དཀར་པོ་ལྷ་རྒྱལ་འབུམ་སྡེ་བྱོན། །རྒྱས་པའི་ཕོ་ཉ་འབུམ་སྡེ་བྱོན། །ཨ་ཙ་ར་ཡང་གནས་འདིར་བྱོན། །དཀར་ནག་ཁྲ་བོ་གནས་འདིར་བྱོན། །དབང་གི་ཕོ་ཉ་གནས་འདིར་བྱོན། །གནོད་སྦྱིན་ཟངས་མདོག་གནས་འདིར་བྱོན། །དྲག་པོའི་ཕོ་ཉ་གནས་འདིར་བྱོན་། །མི་ལུས་སྤང་མགོ་གནས་འདིར་བྱོན། །ཀླད་ཀྱི་ཕོ་ཉ་གནས་འདིར་བྱོན། །ལྕགས་ཀྱི་བྱ་ཁྲ་གནས་འདིར་བྱོན། །མདུན་གྱི་ཕོ་ཉ་གནས་འདིར་བྱོན། །ལྕགས་སྤང་ཚོགས་རྣམས་གནས་འདིར་བྱོན། །གཡས་ཀྱི་ཕོ་ཉ་གནས་འདིར་བྱོན། །དྲེད་མོང་ལག་དཀར་གནས་འདིར་བྱོན། །རྒྱབ་ཀྱི་ཕོ་ཉ་གནས་འདིར་བྱོན། །རྟག་གཟིག་དོམ་

p. 539

སོགས་གནས་འདིར་བྱོན། །གཡོན་གྱི་ཕོ་ཉ་གནས་འདིར་བྱོན། །དོམ་བུ་ཐུག་ཀར་གནས་འདིར་བྱོན། །སྔོན་གྱི་ཕོ་ཉ་གནས་འདིར་བྱོན། །ཟངས་འཕར་སྡེ་གུ་གནས་འདིར་བྱོན། །སླད་ཀྱི་རྗེས་འབྲངས་གནས་འདིར་བྱོན། །ཟ་བྱེད་གཅན་གཟན་གནས་འདིར་བྱོན། །སྔོན་གྱི་རུ་འདྲེན་གནས་འདིར་བྱོན། །ཉན་ཐོས་བརྒྱ་ཕྲག་གནས་འདིར་བྱོན། །གཡས་ཀྱི་རུ་འདྲེན་གནས་འདིར་བྱོན། །སྔགས་ནག་བརྒྱ་ཕྲག་གནས་འདིར་བྱོན། །རྒྱབ་ཀྱི་རུ་འདྲེན་གནས་འདིར་བྱོན། །སྐྱེས་པ་བརྒྱ་ཡང་གནས་འདིར་བྱོན། །གཡོན་གྱི་རུ་འདྲེན་གནས་འདིར་བྱོན། །བུད་མེད་བརྒྱ་ཡང་གནས་འདིར་བྱོན། །འཁོར་དང་བཅས་པ་གནས་འདིར་བྱོན། །ཕོ་ཉའི་ཚོགས་རྣམས་ཞི་གནས་འདིར་བྱོན། །བཀའ་ཉན་ཚོགས་རྣམས་གནས་འདིར་བྱོན། །ཆོས་སྐྱོང་ཚོགས་རྣམས་གནས་འདིར་བྱོན། །མོན་པ་ནག་པོ་གནས་འདིར་བྱོན། །མོན་པ་ཕོ་དྲུག་གནས་འདིར་བྱོན། །མོན་པ་མོ་དྲུག་གནས་འདིར་བྱོན། །མུན་མཐར་ཁྱབ་མཛད་གནས་འདིར་བྱོན། །སྡོང་ཟླའི་དམག་ཚོགས་གནས་འདིར་བྱོན། །ལྷ་ཡི་འཁོར་ཚོགས་གནས་

p. 540

འདིར་བྱོན། །གནོད་སྦྱིན་འཁོར་ཚོགས་གནས་འདིར་བྱོན། །བཙན་གྱི་འཁོར་ཚོགས་གནས་འདིར་བྱོན། །གཤིན་རྗེའི་འཁོར་ཚོགས་གནས་འདིར་བྱོན། །མ་མོའི་འཁོར་ཚོགས་གནས་འདིར་བྱོན། །ཀླུ་ཡི་འཁོར་ཚོགས་གནས་འདིར་བྱོན། །གཟའ་ཡི་འཁོར་ཚོགས་གནས་འདིར་བྱོན། །ཐེའུ་རང་འཁོར་ཚོགས་གནས་འདིར་བྱོན། །འཁོར་དང་ཡང་འཁོར་གནས་འདིར་བྱོན། །སྤྲུལ་པ་ཡང་སྤྲུལ་གནས་འདིར་བྱོན། །དམ་ཅན་རྒྱ་མཚོ་གནས་འདིར་བྱོན། །བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན། །དགྱེས་པའི་གདན་ལ་བཞུགས་མཛོད་ཅིག །མཐུན་པའི་དམ་རྫས་སྣ་ཚོགས་འབུལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །རུ་ང་གདུག་རྩུབ་ཞི་བ་དང་། །ཀོ་ལོང་ཕྲག་དོག་མ་མཛད་ལ། །སངས་རྒྱས་བསྟན་པ་དུས་ཀུན་བསྲུངས། །བསྟན་འཛིན་ཕན་ཚུན་ཐུགས་མཐུན་ལ། །སྐུ་ཚེ་མཛད་ཕྲིན་སྟོབས་མངའ་སོགས། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། བསྟན་པའི་སྤྱི་དགྲ་སྒེར་དགྲ་སྒྲོལ། །ཀཾ་ཚང་བསྟན་པ་རྒྱས་པར་མཛོད། །དུས་ཀུན་བདག་ལ་སྡོང་གྲོགས་མཛོད། །ཅི་བཅོལ་ལས་བསྒྲུབ་ཕྲིན་ལས་སྒྲུབས། །ཞེས་སོ། དེ་ནས་བདུད་

p. 541

རྩི་འཐོར་ནས། རྔ་རོལ་རྒྱ་ཆེན་བྱས་ལ་འདི་སྐད་དོ། །ཧོ༔ དགོངས་སུ་གསོལ་ལོ། །དམ་ཅན་སྐྱེས་བུ་ཆེན་པོ་བཛྲ་སཱ་དྷུ་རྩལ། ལན་གསུམ། །གསན་དུ་གསོལ་ལོ། །དམ་ཅན་སྐྱེས་བུ་ཆེན་པོ་མགར་བ་ནག་པོ། སྐྱེས་བུ་ཆེན་པོ། བསྟན་སྐྱོང་ཆེན་པོ། བཀའ་སྲུང་ཆེན་པོ། ཆོས་ཀྱི་སྲུང་མ། སྐྱེ་བོ་དགྲ་བླ། དམག་གི་དམག་དཔོན་ཚོང་པའི་ཚོང་དཔོན། ཇག་པའི་ཇག་དཔོན། ཨ་ཇོ་ཆེན་པོ། དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་ཞེས་ཡོངས་སུ་གྲགས་པའི་མཐུ་བོ་ཆེ། མ་ངེས་སྤྲུལ་པས་འཇིག་རྟེན་ཁམས་སུ་རྒྱུ་བ། རྫུ་འཕྲུལ་ཅན་གྱི་ཤུལ་མ། དུས་ཆེན་པོ་བཞི་ལ་བཞུགས་ནས་གནས་མ་ངེས་ཤིང་། དཔྱིད་ལ་རླུང་འཚུབ་སྣ་འདྲེན་པ། དབྱར་ལ་སེམས་ཅན་གསོ་སྐྱེད་ཆར་འབེབས་པ། སྟོན་ལ་ཐོག་དང་སེར་བ་འབེབས་པ། དགུན་ལ་ལེགས་ཉེས་སྟངས་འཛིན་པ། གསོད་ཀྱི་ཤན་པ་བཙན་རྒོད་ཆེན་པོ། སྡོང་ཟླ་ལྷ་ལ་བྱས་ནས་ལྷ་དམག་གི་རུ་འདྲེན་པ། སྡོང་ཟླ་གཟའ་ལ་བྱས་ནས་གཟའ་ཆེན་བརྒྱད་ཀྱི་དེད་དཔོན་མཛད་པ། སྡོང་ཟླ་ཀླུ་ལ་བྱས་ནས་ས་བདག་ཀླུ་ལ་དབང་བསྐུར་བ། སྡོང་ཟླ་གཟའ་ལ་བྱས་ནས་

p. 542

གཉན་གྱི་དམག་སྡུད་པ། སྡོང་ཟླ་གནོད་སྦྱིན་ལ་བྱས་ནས་གནོད་སྦྱིན་ནོར་ལ་དབང་བསྒྱུར་བ། སྡོང་ཟླ་རྒྱལ་པོར་བྱས་ནས་རྒྱལ་པོའི་གཉེན་པོ་བྱས་པ། སྡོང་ཟླ་སྲིན་པོའི་དེད་དཔོན་མཛད་ནས་ཤ་དང་ཁྲག་ལ་རོལ་པ། སྡོང་ཟླ་མ་མོ་ལ་བྱས་ནས་མ་མོའི་བདག་པོ་མཛད་པ་ནད་ཀྱི་བདག་པོ། གཞན་ཡང་སྡོང་ཟླ་བདུད་དང་དམུ་ཐེའུ་རང་ལ་བྱས་ཤིང་སྲིད་པ་གསུམ་གྱི་ལྷ་འདྲེའི་དམག་བསྐུལ་བ། ཉིན་གསུམ་ཉི་མའི་ཟེར་ལ་རྒྱུག་པ། མཚན་གསུམ་ཟླ་བའི་འོད་ལ་རྒྱུག་པ། མུན་པའི་ཚུབ་བྱེད་ཅིང་མུན་པའི་སྨག་ལ་རྒྱུག་པ། གནམ་ཕྱེད་གོས་སུ་གྱོན་པ། ས་ཕྱེད་གཏན་དུ་བཏིང་བ། གཙང་ཆབ་ཕྱེད་ཀྱི་བདག་པོ། མགོ་ནག་མིའི་རྗེ་བོ། རྐང་བཞི་ཕྱུགས་ཀྱི་ལྷ། དམ་ཅན་ཆེན་པོ་དགོངས་སུ་གསོལ། ཧོ༔ སྐྱེས་བུ་ཆེན་པོ་ཁྱོད་ལ་མ་ངེས་པའི་སྤྲུལ་བ་སྣ་ཚོགས་མཛད་ཅིང་། གནས་གང་ན་གནས། ཡུལ་གང་ན་བཞུགས་སམ། ཁྱེད་རྣམས་རི་རབ་ཀྱི་རྩེ་ལ་བཞུགས་སམ། རྒྱ་མཚོའི་གཏིང་ན་བཞུགས་སམ། རྔ་ཡབ་གླིང་སོགས་གླིང་ཕྲན་གཞན་རྣམས་ལ་བཞུགས་སམ། ཁྱད་པར་འཛམ་བུའི་གླིང་པའི་ཆ་སྟོད་སྨད། རྒྱ་གར་ཡུལ་

p. 543

དང་རྒྱ་ནག་ཡུལ་དང་། ཤམ་བྷ་ལ་དང་། བྷངྒ་ལ་དང་། བལ་པོའི་ཡུལ་དང་། ལིའི་ཡུལ་དང་། སྟག་གཟིག་མོན་དང་། ཁ་ཆེའི་གླིང་དང་། མེ་ཉག་ཧོར་དང་། བོད་ཁམས་གཙང་གསུམ་གང་ན་བཞུགས་སམ། དགོས་སུ་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས། དབུ་རུ་ཞྭའི་ལྷ་ཁང་། འོག་ཡུག་བྲེ་མོ་ལུང་། རིན་ཆེན་གླིང་། ཟམ་བུ་གླིང་། ཤུན་གྱི་ཁྲག །ཤངས་ཀྱི་བྱེ་མ་རྫོང་། འོག་མིན་སྟོད་ལུང་མཚུར་ཕུ། གསེར་ཁང་སེར་པོ། ཤེལ་མཁར་རྩེ་དགུ། རོ་མྱག་ཚལ་གྱི་དུར་ཁྲོད། རྡོ་ཕ་ཝང་ལོང་བུའི་རྫོང་མཁར་ལ་སོགས་པ་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་ན་བཞུགས་སམ། གཞན་ཡང་དེ་ཝི་ཀོ་ཊི། རི་བོ་ཤནྟི། ཏི་སེ་གངས། རོང་༔ བཙན་ཁ་བ་དཀར་པོ་ལ་སོགས་པ་གནས་ཆེན་བརྒྱ་དང་རྩ་བརྒྱད་ལ་བཞུགས་སམ། གཞན་ཡང་ཁམས་ཀྱི་ཀརྨ་རི་གླིང་། མལ་ཡུལ་ཤེལ་མཁར་ཉི་སྒྲོན། གཙང་གི་འོ་ཡུག་བྲག་ར་ལ་སོགས་པ་རྒྱ་བོད་མདོ་གཙང་གང་ན་བཞུགས་ཀྱང་། དེང་གི་གནས་མཆོག་དམ་པ་འདིར་ཐུགས་དམ་དབང་གིས་གནས་འདི་རུ་བྱོན་པ་ལ། རྟེན་རྫས། སྒྲུབ་རྫས་

p. 544

དང་། མཆོད་སྦྱིན་གཏོར་མ་བདུད་རྩིའི་གསེར་སྐྱེམས་དང་བཅས་པས་གསོལ་ལོ། །མཆོད་དོ། །དམ་ཅན་སྐྱེས་བུ་ཆེན་པོ། མགར་བ་ནག་པོ། རིག་འཛིན་གྱི་སྲོག་ཤིང་། བསྟན་པའི་བཀའ་སྲུང་། རྣལ་འབྱོར་གྱི་ཆོས་སྐྱོང་། སྐྱེ་བོའི་དགྲ་བླ། ཞིང་བཅུའི་ཤན་པ། ཉི་མ་ནུབ་ཀྱི་སྲོག་བདག་ཁྱོད་ལ་གསོལ་ལོ་མཆོད་དོ། །སྐྱེས་བུ་ཆེན་པོ་ཁྱོད་ཀྱི་འཁོར་དུ་གནས་པའི་གིང་ཆེན་སྡེ་བཞི། ཕྱི་ནང་གི་བཀའི་ཕྱག་བརྙན། འོད་དཀར་སྐྱེས་བུ་མི་དྲུག །འཛིན་གིང་བཞི་བཅུ་རྩ་གཉིས་ཁྱོད་ལ་གསོལ་ལོ་མཆོད་དོ། །གཞན་ཡང་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། མི་དཀར་རྟ་དཀར་ཅན་བརྒྱ་དང་ཉི་ཤུ། མི་དམར་རྟ་དམར་ཅན་བརྒྱ་དང་ཉི་ཤུ། མི་ནག་རྟ་ནག་ཅན་བརྒྱ་དང་ཉི་ཤུ་ལ་གསོལ་ལོ་མཆོད་དོ། །དགྱེས་སྡེ་བརྟན་མ་བཅུ་གཉིས་ཁ་རག་དཔལ་མོ་བཙུན། རྡོ་རྗེ་དཔལ་གྱི་ཡུམ། ཀོང་བཙུན་དེ་མོ་སྐྱོང་སོགས་དུས་ཚོད་བཅུ་གཉིས་འཁོར་དང་བཅས་པ། དཔུང་དང་བཅས་པ། གཡོག་དང་བཅས་པ་གསོལ་ལོ་མཆོད་དོ། །གཞན་ཡང་ཟ་བྱེད་གཅན་གཟན་གྱི་ཚོགས་མོན་པ་ཕོ་དྲུག་མོ་དྲུག །ཨ་ཙ་ར་དཀར་པོ། ཨ་ཙ་ར་

p. 545

ནག་པོ། ཨ་ཙ་ར་ཁྲ་བོ། སྐུ་སྤྲུལ་མི་དཀར་འབུམ། གསུང་སྤྲུལ་མི་དམར་འབུམ། ཐུགས་སྤྲུལ་མི་ནག་འབུམ་ལ་གསོལ་ལོ། །མཆོད་དོ། །གཞན་ཡང་སྡེ་བརྒྱད་ཀྱི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ། །དགྱེས་རྒུའི་མཆོད་པ་རྒྱ་ཆེན་པོས་གསོལ་ལོ་མཆོད་དོ། །སྔོན་ཕྱག་ན་རྡོ་རྗེ་དང་། པདྨ་བཛྲ་ལ་སོགས་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་སྤྱན་སྔར་ཁས་བླངས་པ་བཞིན་སྒྲུབ་པ་པོ་བདག་ཅག་གིས་སྦྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། སྒྲུབ་པའི་རྟགས་ཕྱུང་། །དགྱེས་པའི་ཞལ་སྟོན། དགོས་པའི་དོན་སྒྲུབ། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་རྣམས་ཐམས་ཅད་བཟློག་ཏུ་གསོལ་ལོ། །རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་མི་ཕྱུགས་ནོར་དང་བཅས་པར། མཐོ་སར་ཉིན་གྱི་བྱ་ར་གྱིས་ཤིག །དམའ་སར་མཚན་གྱི་མེལ་ཚེ་གྱིས་ཤིག །འཇིགས་སར་ལམ་གྱི་སྐྱེལ་མ་གྱིས་ཤིག །རྣལ་འབྱོར་པ་འཁོར་ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག་།ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག །དམག་ལ་འགྲོ་ན་དམག་དཔོན་གྱིས་ཤིག །རྒྱབ་ཀྱི་གོ་ཆ་

p. 546

གྱིས་ཤིག །མདུན་གྱི་འཁར་བ་གྱིས་ཤིག །སྔོན་ནས་བསུ་མ་གྱིས་ཤིག །རྒྱབ་ནས་སྐྱེལ་མ་གྱིས་ཤིག །ལ་ནས་བསུས་ཤིག །སྐས་ནས་འཐོན་ཅིག །འཕྲངས་ནས་སྐྱོལ་ཅིག །ཆུ་ལ་ཟམ་ཚུགས་ཤིག །ཁྲག་ལ་སྐས་ཚུགས་ཤིག །གཞན་ཡང་རྣལ་འབྱོར་པ་བདག་ཅག་ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །གདོན་ཞི་བར་གྱིས་ཤིག །ནོར་ཕྱུགས་པར་གྱིས་ཤིག །ཚོང་དང་གཡུལ་ལས་རྒྱལ་བར་གྱུར་ཅིག །མཐུ་རྩལ་སྟོབས་དང་ལྡན་པར་གྱུར་ཅིག །ཧོ༔ སྐྱེས་བུ་ཁྱོད་ལ་ར་ཤ་ར་ཁྲག་གི་མཆོད་པ་འབུལ་ལོ། །ར་ཚིལ་དང་མི་ཚིལ་གྱི་གསུར་བཏང་། ཁྱེད་ལ་མཉེས་པའི་རྫས་ཕུལ་བས་ཁྱོད་ཀྱིས་རྣལ་འབྱོར་པ་བདག་ཅག་སྐུ་ཚེ་རིང་བར་གྱུར་ཅིག །མཆེད་དང་ལྕམ་དྲལ་ལ་ན་ཚ་མེད་པར་གྱུར་ཅིག །འཁོར་དང་བུ་སློབ་ཐམས་ཅད་རྒྱས་པར་གྱུར་ཅིག །རིགས་རྒྱུད་དང་ཆོས་བརྒྱུད་སྤེལ་བར་གྱིས་ཤིག །འོ་ན་སྐྱེས་བུ་རྡོ་རྗེ་ལེགས་པ་སྒྲུབ་པའི་གྲོགས་པོ། དམ་ཚིག་གི་ཤག་ཡ། རྡོ་རྗེ་མནའ་ཐོ་ཡོད་པའི་སྐྱེས་བུ་ཁྱོད་ཀྱིས་བསྟན་པ་སྐྱོངས། དགེ་འདུན་གྱི་སྡེ་ཚུགས། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ། ལྷག་པར་ཀརྨ་ཀཾ་ཚང་

p. 547

གི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པར་དུས་རྟག་ཏུ་གནས་པར་གྱུར་ཅིག །སྐྱེས་བུ་ཁྱོད་ལ་ཞུ་བ། རྣལ་འབྱོར་པ་བདག་ལ་ནོར་རྫས་མེད་ན་ཁྱེད་ལ་རེའོ། །ཚེ་དང་བསོད་ནམས་ཆུང་ན་ཁྱེད་ལ་རེའོ། །འཁོར་དང་རིགས་རྒྱུད་མེད་ན་ཁྱེད་ལ་རེའོ། །ནོར་ལ་རྫི་བུ་མེད་ན་ཁྱེད་ལ་རེའོ། རྟ་ལ་རྟ་ལྕགས་མེད་ན་ཁྱེད་ལ་རེའོ། །སྒོ་ལ་འདན་བུ་མེད་ན་ཁྱེད་ལ་རེའོ། །ཞིང་ལ་ལོ་བསྲུང་མེད་ན་ཁྱེད་ལ་རེའོ། །མགྲོན་ལ་སྐྱེལ་མ་མེད་ན་ཁྱེད་ལ་རེའོ། །མཉམ་གཉིས་ཤག་འདེབས་བྱེད་ན་ཁྱེད་ལ་རེའོ། །མཉམ་གཉིས་རྒྱན་འགྱེད་བྱེད་ན་ཁྱེད་ལ་རེའོ། །དམག་ལ་དཔའ་ཡ་མེད་ན་ཁྱེད་ལ་རེའོ། །ལག་ན་མཚོན་ཆ་མེད་ན་ཁྱེད་ལ་རེའོ། །སྐྱེས་བུ་ཁྱོད་ཀྱིས་བདག་གི་མཉམ་གཉིས་ཀྱི་དཔའ་འདྲེན་ན་དཔའ་ཡ་གྱིས་ཤིག །ཤུགས་འདྲེན་ན་དཔུང་པ་སྟོན་ཅིག །ཤག་འདྲེན་ན་ཤག་ལེན་ཐོབ་ཅིག །རྒྱན་རྩོད་ན་རྒྱན་ཁ་ཁྱོད་ཀྱིས་ཟུངས་ཤིག །འོ་སྒྲུབ་པ་པོ་ཡི་གྲོགས་པོ་ཁྱོད་ཀྱིས་ཕུག་གི་མི་ལ་ན་ཚ་ཤི་ཆད་མེད་པར་གྱིས་ཤིག །སྒོ་ཡི་ཕྱུགས་ལ་གོད་ཁ་མེད་པར་གྱིས་ཤིག །ཁ་སྨྲས་དང་གླེང་བརྗོད་མེད་པར་གྱིས་ཤིག །

p. 548

བདག་ཀུན་གྱིས་བཀུར་བར་གྱིས་ཤིག །སྲིད་གསུམ་ཟིལ་གྱིས་ནོན་པར་གྱིས་ཤིག །ཁམས་གསུམ་དབང་དུ་བསྡུས་པར་གྱིས་ཤིག །ཟ་ཁ་དང་གྲོགས་ཁ་ཕྱེས་ཤིག །གཡང་ཅན་གྱི་ནོར་སྐྱོལ་ཞིག །བརྗིད་ཆེན་གྱི་གོས་བཀོན་ཅིག །བཅུད་ཆེན་གྱི་ཟས་སྡུས་ཤིག །བདག་ལ་ཚེ་དང་བསོད་ནམས་ཀྱི་དངོས་གྲུབ་སྩོལ་ཅིག །ཟད་མེད་ནོར་གྱི་དངོས་གྲུབ་སྩོལ་ཞིག །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ་ཤིག །ཕོ་རྣམས་བཙན་རྒོད་ལྟར་གྲགས་པའི་དངོས་གྲུབ་སྩོལ་ཅིག །མོ་ཐམས་ཅད་སྨན་མོ་ལྟར་གྲགས་པའི་དངོས་གྲུབ་སྩོལ་ཅིག །ཟས་ནོར་གྱི་ཆར་ཆེན་པོ་ཕོབ་ཅིག །སྙན་པ་སྒྲོགས་ཤིག །གྲོགས་པོ་སྒྲོགས་ཤིག །བདག་ལ་འགྱེལ་ན་སློངས་ཤིག །བརྗེད་ན་བསྐུལ་ཅིག །ལེགས་པར་ཆོས་ཤིག །ཉེས་པ་ཟློག་ཅིག །རྟ་ལ་དར་ཐོགས་ཤོག །ཁྲོམ་ལ་དུང་བུས་ཤིག །ཇག་པ་རྟ་ཞོན་སྒྲོག་ཅིག །རྐུན་བུ་ཞགས་ཐོགས་འཆིངས་ཤིག །གཞན་ཡང་ཕྲིན་ལས་བཅོལ་བ་ནི། ཕྱི་རྐུན་ནང་དུ་མ་བཏང་ཞིག །ནང་རྐུན་ཕྱི་ལ་མ་བསྐུར་ཤིག །དེ་ལན་དང་དེ་ཉེས་མ་བཏང་ཞིག །གྲོགས་མི་ནང་འཐབ་མ་བཏང་ཞིག །དགྲ་ཡ་ཆམ་ལ་

p. 549

ཕོབ་ཅིག །གྱོད་ཡ་ཞབས་སུ་ཚུད་ཅིག །རྩོད་པའི་ལྕེ་ཆོད་ཅིག །ནད་བྱུང་ན་སྨན་སྦྱོར་ཞིག །དགྲ་བྱུང་ན་བྱ་ཐོང་ཞིག །དུག་བྱུང་ན་རྩི་ཐོགས་ཤིག །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ལན་མཛོད་ཅིག །བདག་ལ་སྡང་བར་བྱེད་པའི་དགྲ་ལ་མི་འདོད་པ་སྣ་ཚོགས་ཐོང་ཞིག །ལྟས་ངན་ཐན་གྱི་ཆར་པ་ཕོབ་ཅིག་།ཀྱེ་ཧོ། གསོན་དང་། དགོངས་དང་སྐྱེས་བུ་ཆེན་པོ་ཁྱོད། རྣལ་འབྱོར་པ་བདག་གིས་གསོལ་ཞིང་མཆོད་པའི་རྟེན་དམ་པ་འདི་ལ་བཞུགས་ནས། །སྔོན་གྱི་བཀའ་དང་དམ་ཚིག་བཞིན་དུ་མ་གཡེལ་བུ་བཞིན་དུ་སྐྱོང་བར་གྱིས་ཤིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །འདོད་པའི་ཕྲིན་ལས་སྒྲུབས་ཤིག །བདག་ཅག་གིས་དམ་རྫས་༔ གཏོར་མ་བདུད་རྩི་གསེར་སྐྱེམས་སོགས་མཐུན་པའི་དམ་རྫས་མ་ཚང་བ་མེད་པ་འདི་སྔ་མའི་གཏང་རག་དང་ཕྱི་མའི་ཞུ་སྐྱེམས་སུ་འབུལ་ལོ། །ཁྱེད་ལ་རེ་བའི་དོན་མ་བསྒྲུབ་ན། དམ་ཅན་བརྟེན་པ་དོན་རེ་ཆུང་བས། བཀའ་དང་དམ་ལས་མ་མདའ་བར། སུན་མ་ཕྱུང་། མནའ་མ་ཟ། དུག་མ་འཐུང་། རེ་བ་བཞིན་དུ་སྒྲུབ་པར་གྱིས་ལ། སྙིང་ནས་སྙིང་གི་

p. 550

གྲོགས་སུ་སོམས་ལ། བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་སྒྲུབ་པར་མཛོད་ཅིག །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི། ཞེས་བདུན་ནམ་ཉེར་གཅིག་བརྗོད༔ ཧཱུྃ། དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་བ། །མ་རིག་དབང་གིས་ཉེས་པ་བྱུང་བ་རྣམས། །རབ་ཏུ་འགྱོད་པས་སེམས་ཀྱིས་མཐོལ་ལོ་བཤགས། །སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང་། །ཁྱོད་ཀྱི་འཁོར་དུ་གཏོགས་པའི་འཇིག་རྟེན་པ། །གདུག་པའི་ཚོགས་ནི་དེ་དག་ཐམས་ཅད་ལ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གིས་རབ་ཏུ་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ། །བཤགས་པ་བྱའོ། །ཞེས་གསོལ་མཆོད་ཆེན་མོ་འདི་རབ་ཀྱིས་རྒྱུན་དུ་གསོལ་མཆོད་བྱ་བའམ། སྔ་མའི་གཏང་རག་དང་ཕྱི་མའི་ཞུ་དོན་དུ་འབུལ་ཕྱིར་རཱ་ག་ཨ་སྱས་སྦྱར་བའོ། །དགེའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད།

p. 551

དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་བཞུགས་སོ། །

p. 552

དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ། །ཨཱ༔ རྡོ་རྗེའི་ར་གུར་མེ་རིའི་དབུས། །པད་ཉི་འབྱུང་པོའི་སྟེང་དུ་ཧཱུྃ། །འཕྲོ་འདུ་ཞུ་ལས་རྡོ་རྗེ་འཛིན། །མཐིང་ནག་ཞལ་གཅིག་ཁྲོ་ཆས་རྫོགས། །རྩ་ཕྱག་འབྱུང་འདུལ་ཕྱག་རྒྱ་དང་། །འོག་གཉིས་རྡོ་རྗེ་སྡིགས་མཛུབ་ཞགས། །མེ་དཔུང་དབུས་ན་འདོར་ཐབས་བཞུགས། །གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་གིས། །ཡེ་ཤེས་པ་བསྟིམས་དབང་ལྷ་ཡིས། །དབང་བསྐུར་མི་བསྐྱོད་དབུ་རྒྱན་གྱུར། །ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར། །སྔགས་ཕྲེང་འོད་ཀྱིས་སྡིག་སྒྲིབ་

p. 553

བསལ། །བསོད་ནམས་ཡེ་ཤེས་འཕེལ་བར་གྱུར། །ཧཱུྃ་བཛྲ་ཕཊ༔ བསྙེན་པ་མང་ཉུང་ཅི་རིགས་བྱ། ཨོཾ་བཛྲ་པཱ་ཎི་ཨནྡྷཾ་སོགས་ཤབྟ་པྲ་ཏིཙྪ་ཧཱུྃ། གཏོར་མ་ཡོད་ན་བྲན། གཏོར་མ་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཨོཾ་བཛྲ་པཱ་ཎི་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་འབུལ། གསང་བའི་བདག་པོ་འཁོར་བཅས་ཀྱིས། །གཏོར་མ་འབུལ་བ་འདི་བཞེས་ལ། །ནད་གདོན་མ་ལུས་ཞི་བ་དང་། །དངོས་གྲུབ་རྣམ་གཉིས་ཐོབ་པར་མཛོད། །ཅེས་འདོད་དོན་གསོལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །

p. 554

གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཨོ་སྭ་བྷཱ་ཝ་སོགས། ཤུདྡྷོ྅ཧཾ། རང་མདུན་ཕ་ཝང་ལོང་བུའི་མཁར། །སྤྲིན་ནག་ཐོག་འབྲུག་འཇའ་ཚོན་འཁྱུག །རླུང་ཞགས་འཚུབ་ཅིང་ཁྲག་མཚོ་ཁོལ། །།དེ་དབུས་པད་ཉིར་ཏྲི་ཡིག་ལས། །སྐྱེས་བུ་མཐིང་ནག་རབ་ཁྲོས་པ། །ཐོ་ཆེན་ཕྱར་ཞིང་སྡུད་པ་བསྣམས། །དར་ནག་བེར་གསོལ་ར་སྐྱེས་ཆིབས། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །དགྱེས་སྡེ་བརྟན་མ་བཅུ་གཉིས་དང་། །ཕོ་ཉ་འཛིན་གིང་བཞི་བཅུ་དང་། །ལྷ་ཀླུ་བདུད་བཙན་གནོད་སྦྱིན་དང་། །གཤིན་རྗེའི་འཁོར་ཚོགས་གྲངས་མེད་བཅས། །ཐུགས་ཀའི་ཧྲི་ཡིག་འོད་ཟེར་གྱིས། །རྒྱ་བོད་མདོ་གཙང་གར་བཞུགས་ཀྱང་། །སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར། །སྤྱན་འདྲེན་པ་ནི། ཀྱི། འདོད་ཁམས་ཚངས་པ་མན་ཆད་ནས། །ན་རིག་དམྱལ་ཁམས་ཡན་ཆད་དུ། །སྐྱེས་བུ་རྡོ་རྗེ་ལེགས་པ་ལ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར། །གནས་མཆོག་འདི་རུ་སྤྱན་འདྲེན་ན། །གསུར་མཆོད་འདི་ལ་གཤེགས་

p. 555

སུ་གསོལ། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །བཛྲ་སཱ་དྷུ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས། །དེང་གི་གནས་མཆོག་དམ་པ་འདིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བཛྲ་སཱ་དྷུ་ཨ་ཏི་པཱུ་ཧོ༔ སརྦ་པཱུ་ཙྪ་ཧོ༔ ཧཱུཾ། རྒྱལ་བ་རྣམས་ཀྱིས་ཇི་ལྟར་བཀའ་སྩལ་པ། །ཁྲོ་རྒྱལ་རྣམས་ཀྱིས་དབང་བསྐུར་དམ་བཞག་པ། །པདྨ་བཛྲ་ཇི་ལྟར་བསྒོས་པ་བཞིན། །རང་གིས་ཁས་བླངས་དམ་ཚིག་དྲན་པར་གྱིས། །སྤྱི་བོའི་ཐད་དུ་ཨོ་རྒྱན་བསྒོམ་ལ། བཛྲ་སཱ་དྷུ་ས་མ་ཡ་ཛ་ཛཿ ཞེས་པའོ། །ཡང་ན་འོག་ནས་འབྱུང་བའི་སྔགས་རིང་བཟླའོ། ༈ །དེ་ནས་བསང་དུད་དང་གསུར་དུད་བཏང་། སྤོས་སྤྲིན་གསུར་གྱི་དུད་པ་ཡིད་འོང་བ། །དྲི་ཞིམ་ལུས་སེམས་བདེ་བ་སྐྱེད་བྱེད་ཅིང་། །ལྷ་སྲུང་རྨུགས་འཐིབས་སངས་བའི་ནུས་ལྡན་གྱུར། །ཨོཾ་ཨཱཧཱུཾ། གསུམ་གྱིས་བྱིན་གྱིས་རླབས། སྐྱེས་བུ་ཆེན་པོ་མཐུ་རྩལ་ཅན། བདག་གི་དགྲ་བླ་ཁྱེད་མཆོད་ན། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །བདག་གི་བསམ་པ་འགྲུབ་པར་མཛོད། །ཁྱོད་ལ་མཆོད་པ་འབུལ་བ་ནི། །བཤོས་བུ་མཁར་ཐབས་

p. 556

གསེར་སྐྱེམས་དང་། །མདའ་དར་ར་སྐྱེས་རིན་ཆེན་ཁྲི། །ཙནྡན་ལ་སོགས་དྲི་བཟང་དང་། །བཟང་དྲུག་ལ་སོགས་སྨན་སྣ་དང་། །ཤ་ཆང་ར་ཡི་ཚིལ་བུ་དང་། །།སྦ་སྨྱུག་ལ་སོགས་རྩི་ཤིང་དང་། །གསུར་གྱི་དུད་པ་སྤྲིན་ལྟར་གཏིབས། །མཆོད་དོ་དམ་ཅན་གསུར་གྱིས་མཆོད། །དགེ་བསྙེན་ཆེན་པོ་གསུར་གྱིས་མཆོད། །ཨ་ཇོ་ཆེན་པོ་གསུར་གྱིས་མཆོད། །དམ་ཅན་ཆེན་པོ་གསུར་གྱིས་མཆོད། །སྐྱེས་བུ་ཆེན་པོ་གསུར་གྱིས་མཆོད། །དགྲ་བླ་ཆེན་པོ་གསུར་གྱིས་མཆོད། །ནོར་ལྷ་ཆེན་པོ་གསུར་གྱིས་མཆོད། །དཀོར་སྲུང་ཆེན་པོ་གསུར་གྱིས་མཆོད། །ཚོང་དཔོན་ཆེན་པོ་གསུར་གྱིས་མཆོད། །མགྲོན་དཔོན་ཆེན་པོ་གསུར་གྱིས་མཆོད། །དམག་དཔོན་ཆེན་པོ་གསུར་གྱིས་མཆོད། །སྐྱེས་བུ་འཁོར་བཅས་གསུར་གྱིས་མཆོད། །བརྟན་མ་བཅུ་གཉིས་གསུར་གྱིས་མཆོད། །དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དང་། །ཡུལ་ལྷ་གཞི་བདག་གསུར་གྱིས་མཆོད། །དམ་ལ་གནས་པའི་དམ་ཅན་མཆོད། །སྡོང་གྲོགས་བྱེད་པའི་ལྷ་མགོན་མཆོད། །ཆོས་ལ་དབང་བའི་ཆོས་སྐྱོང་མཆོད། །གསུར་ལ་དབང་བ་ཐམས་ཅད་མཆོད། །ཁྱོད་ལ་ཕྲིན་ལས་བཅོལ་བ་

p. 557

དག་ཅག་ཡོན་མཆོད་ཐམས་ཅད་ཀྱང་། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །སྡུན་ནས་སུས་ལ་རྒྱབ་ནས་སྐྱོལ། །བྱེས་སུ་འགྲོ་ན་བྱེས་དཔོན་གྱིས། །མགྲོན་ལ་འགྲོ་ལ་མགྲོན་དཔོན་གྱིས། །ཚོང་ལ་འགྲོ་ན་ཚོང་དཔོན་གྱིས། །དམག་ལ་འགྲོ་ན་དམག་དཔོན་གྱིས། །ཇག་ལ་འགྲོ་ན་ཇག་དཔོན་གྱིས། །ཡུལ་དུ་འདུག་ན་ཡུལ་དཔོན་གྱིས། །བདག་གི་བསམ་པ་འགྲུབ་པར་མཛོད། །བདག་ཉིད་གནས་པའི་ས་ཕྱོགས་དེར། །ལོངས་སྤྱོད་འཕེལ་ཞིང་བདེ་བ་དང་། །རྟག་ཏུ་ལོ་ལེགས་བསོད་ནམས་སྤེལ། །རྐང་འགྲོ་ཕྱུགས་དང་ནོར་འཕེལ་དང་། །ཟ་ཁ་འཐུང་ཁ་ནོར་ཁ་ཕྱེས། །བདུད་རྩི་ཆང་དང་ཟས་ལ་སོགས། །རྒྱུན་མི་འཆད་པར་བདག་ལ་སྩོལ། །ནོར་དང་རིགས་རྒྱུད་འཕེལ་བ་དང་། །མི་དང་རྟ་རྣམས་དཔའ་ལ་མགྱོགས། །མཐུ་དང་རྫུ་འཕྲུལ་ཆེ་བར་མཛོད། །སྐྱེས་མཆོག་དགྲ་བླ་ཁྱེད་རྣམས་ཀྱིས། །བདག་གིས་བསམ་ཤིང་སྨོན་པ་རྣམས། །བསམ་པ་བཞིན་དུའགྲུབ་པར་མཛོད། །མི་དང་ཕྱུགས་ལ་ནད་མེད་མཛོད། །ཟ་འདྲེ་ཕུང་འདྲེ་མེད་པར་མཛོད། །དུས་མིན་འཆི་བ་ལ་སོགས་པ། །བཟློག་

p. 558

ཅིག་བསྒྱུར་ཅིག་ས་མཱ་ཡ། །མིང་ཡང་མེད་པར་རྡུལ་དུ་རློགས། །ཁྱེད་ཀྱི་དམ་ཚིག་གཉན་པོ་སྟེ། །དམ་ལ་མ་འདའ་དམ་ཚིག་ཅན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་། །དམ་རྫས་གཏོར་བསྔོས་ནི། ཡཾ་རཾ་ཁཾ་དང་ཨ་རྣམས་ལས། །རླུང་མེ་ཐོད་སྐྱེད་ཀ་པཱ་ལ། །ཤ་ལྔ་བདུད་རྩི་ལྔ་ཡིས་གང་། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃསྭཱ་ཧཱ། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་ཚིལ་གྱི་དུད་པ་འདི། །དམ་ཅན་སྐྱེས་བུ་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝཀ་ཏྭཾ་ཏྲཾ་ཤྲཱི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿ ཛཿཧཱུྃ་བཾ་ཧོ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ་ཡོངས་སུ་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་མཛོད། འདོད་པའི་དོན་གསོལ་གང་དགོས་བྱ། ཧཱུྃ། དམ་ཅན་མགར་བའི་མཚན་ཅན་ནག་པོ་ཁྱོད། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་

p. 559

འཁྱིལ། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་མགར་གྱི་སྤུད་པ་བསྣམས། །ར་ལ་ཆིབས་ཤིང་སྐུ་ལ་བེར་ནག་གསོལ། །སྤྱན་རྩ་དམར་ཞིང་ལྗགས་དམར་གློག་ལྟར་འཁྱུགས། །དམ་ཉམས་དགྲ་བོ་གྱུར་མིད་བགྱིད་མཛད་ཅིང་། །ཞལ་ནས་རྐན་སྒྲ་དྲག་པོ་བརྡབ་པ་ཡིས། །ལོག་པར་ལྟ་བའི་བགེགས་རྣམས་འདར་དུ་འཇུག །སྲིད་གསུམ་གདུག་པའི་ཚོགས་རྣམས་མ་ལུས་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བའི་ཚོགས་ལ་ཕྱག་འཚལ་བསྟོད། ༈ སླར་གཏོར་མ་གསོ་བའམ། མཆོད་པ་དང་གསུར་བྱ། ཨ་ལས་པད་སྣོད་ཡངས་པའི་ནང་། །མཆོད་སྒྲུབ་བསང་དང་རྟེན་པའི་རྫས། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར་། །བཛྲ་སྤ་ར་ཎ་ཁཾ། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི། དམ་ཅན་སྐྱེས་བུ་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །རྡོ་རྗེ་ལེགས་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །ཨ་ཇོ་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །དམག་དཔོན་ཆེན་པོ་ལ་གསོལ་ལོ། །

p. 560

མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །ཇག་དཔོན་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །ཚོང་དཔོན་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །དགྲ་བླ་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །སེར་སྐྱ་ནག་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །དུག་མདའ་ནག་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །སྒྲོལ་གིང་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །ཞང་བློན་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །བན་བོན་ཡོངས་ཀྱི་སྲུང་མ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །རིག་པ་ཅན་གྱི་རྒྱལ་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །གནམ་རལ་ཕྱེད་ཀྱི་བདག་པོ་ལ་༈ གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །གཙང་ཆུ་ཕྱེད་ཀྱི་བདག་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །མི་མགོ་ནག་གི་རྗེ་བོ་ལ་གསོལ་

p. 561

ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །དགྱེས་སྡེ་བརྟན་མ་བཅུ་གཉིས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །ཕོ་ཉ་ལས་མཁན་ཐམས་ཅད་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། །སངོས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་བདག་གི་མི་ནོར་འཁོར་དང་བཅས་པའི་ནད་གདོན་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པ་དང་། རྒྱལ་བློན་འབངས་འཁོར་དབང་དུ་འདུ་བ་དང་། གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཡང་གཏོར་མ་གསོས་ལ། ཨ་ལས་པད་སྣོད་ཡངས་པའི་ནང་། །མཆོད་སྒྲུབ་བསྐང་དང་རྟེན་པའི་རྫས། །ལྷོ་ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཧཱུྃ། ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །དགྱེས་སྡེ་བརྟན་མ་བཅུ་གཉིས་

p. 562

དང་། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་ཚོགས། །ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །དམ་རྫས་མཆོད་པའི་གཏོར་མ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །རིན་ཆེན་འབྲུ་སྣ་སྙིང་པོ་ལྔ། །དར་ཚོན་སྣ་ལྔའི་མཆོད་པ་དང་། །དམ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །དེ་ནས་ཐལ་མོ་སྦྱར་ལ། ཧཱུྃ། དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་བ། །མ་རིག་དབང་གིས་ཉེས་པོ་བྱུང་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང་། །ཁྱོད་ཀྱི་འཁོར་དུ་གཏོགས་པའི་འཇིག་རྟེན་པ། །གདུག་པའི་ཚོགས་རྣམས་དེ་དག་ཐམས་ཅད་ལ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གིས་རབ་ཏུ་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་

p. 563

བསྩལ་དུ་གསོལ། །ལན་གསུམ་བརྗོད། དེ་ནས་དགྲ་ལ་རྦད་ན་ནི། ཧཱུྃ། དྲེགས་པ་ལྔ་ཕུང་རྫུ་འཕྲུལ་ཅན། །མྱུར་དུ་རྒྱུག་པའི་མཐུ་བོ་ཆེ། །ལས་ལ་སྔགས་པ་དྲག་རྩལ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །མུན་པ་ལྷུན་ཆགས་སྐུ་ལ་བརྒྱན། །སྐུ་ལ་ར་བརྒྱའི་ཐུལ་པ་གསོལ། །སྲིད་གསུམ་འདུལ་བའི་མཐུ་བོ་ཆེ། །དགྲ་སྙིང་ཕྱུང་སྟེ་ཁྱེར་ལ་ཤོག །དགེ་བསྙེན་ཆེན་པོ་མཐུ་རྩལ་ཅན། །དོ་ནུབ་དམ་ཉམས་དགྲ་བོ་ཡི། །ཁ་ནས་ཁྲག་ཏུ་སྐྱུགས་སུ་ཆུག །འོ་དོད་གནམ་དུ་འབོད་དུ་ཆུག །ལག་གཉིས་བྲང་ལ་རྡུང་དུ་ཆུག །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ན་གེ་བུན་གྱི་བུན་ཧཱུཾ་ཤད་ཤད་ཀྱི་ཏ་རྦད། ཏྲི་ལིང་ས་མ་ཡ༔ གཏོར་མ་དམིགས་བྱའི་ཕྱོགས་སུ་ཕུ་ལ། རྟེན་གཏོར་ཡོད་ན་གཤེགས་གསོལ་མི་བྱེད། མེད་ན། བཛྲ་སཱ་དྷ་མུཿ ཞེས་བརྗོད་པར་བྱའོ། །དེ་ནས་རྫོགས་རིམ་བསྒོམ་ཞིང་། དགེ་རྩ་བསྔོ་བ་བཀྲ་ཤིས་བྱ། སྣོད་བཅུད་རང་ཐིམ་དེ་ཡང་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་མས་རིམ་ནས་བསྡུས་སྟོང་པའི་ངང་། །དྲན་རིག་སྣ་ཚོགས་འཕྲོ་ཞིང་ངོ་བོ་སྟོང་། །ཡེངས་སུ་མེད་ཅིང་བསྒོམ་དུ་མེད་པ་རུ། །འདུག་རུང་འཕྲོ་རུང་གསལ་རུང་མི་གསལ་རུང་། །ཅིར་སྣང་དེ་

p. 564

ཀའི་སྟེང་དུ་ཀློད་ལ་ཞོག །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །ནམ་མཁའ་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་སོགས། །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །གསང་བདག་བྱ་རོག་མཚན་དང་རྡོར་ལེགས་སོགས། །ཡི་དམ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །མངྒ་ལཾ། འབྱུང་པོ་འདུལ་བྱེད་ཀྱི་ཕན་ཡོན་ནི། །འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས། །ཡི་གེ་བཞི་པ་ཆེར་གསང་བ། །དངོས་གྲུབ་ཐམས་ཅད་སྦྱིན་བྱེད་པ། །བཀླག་པ་ཙམ་གྱིས་འགྲུབ་པའོ། །འདི་ལ་ཐེ་ཚོམ་མི་ཟའོ། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཁམས་གསུམ་རྒྱལ་སྲིད་འཐོབ་ཅིང་། འདིའི་སྙིང་པོ་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར། གལ་ཏེ་མ་འགྲུབ་ན་ཡང་གླིང་བཞི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དཔལ་ལྡན་རྡོ་རྗེ་འཆང་ཁྲོ་བོའི་བདག་པོ་བཟླས་པ་ཙམ་གྱིས་འབྱུང་པོ་ཐམས་ཅད་བྲན་དུ་འགྱུར་རོ། །གལ་ཏེ་སྔགས་ཁྲོས་ནས་འཁྲོས་པ་ཙམ་གྱིས་འཇིགས་པའི་ལྷ་ཐམས་ཅད་དུམ་བུར་བསྒྱུར་ཞིང་འཇིགས་པར་འགྱུར་རོ། །ཞེས་གསུངས། སྐྱེས་བུ་རྡོ་རྗེ་ལེགས་པ་མཆོད་པའི་ཕན་ཡོན་ནི། དགྲ་བླ་སྟག་སྤྱང་ཁ་སྤྲོད་ཀྱི་རྒྱུད་ལས། ལྷས་སྲུང་དགྲ་རྣམས་ངེས་པར་འཆི། །ཞེས་དང་། ༈ མགར་དམར་གཞུང་ལས། འདིའི་ཕ་དམུ་ཡིན་པས་ནོར་ཕྱུགས། མ་བདུད་ཡིན་པས་དབང་ཆེ། ཁོ་རང་བཙན་ཡིན་པས་དྲག་རྩལ་ཆེ། བཀའ་ཉན་མ་སངས་ཡིན་པས་ཕྲིན་ལས་མྱུར། གྲོགས་

p. 565

བརྟན་མ་ཡིན་པས་སྙིང་ཉེ། དམ་ཚིག་ལ་གནས་པས་ཆོས་བྱེད་སྐྱོང་། གསོལ་མཆོད་ལ་རེམ་ན་ཅི་བསམ་འགྲུབ། ཅེས་དང་། མགར་ནག་དྲག་པོ་སྲོག་གི་སྤུ་གྲིའི་གཞུང་ལས། བཀྲ་ཤིས་དམ་གཙང་ལས་མྱུར་སྙིང་ཉེ་བ་རྒྱལ་བའི་དེད་དཔོན་བཛྲ་སཱ་དྷུ་ཏྲི། ཞེས་གསུངས། ཡང་གཞན་ཡང་དམ་ཅན་སོགས་ཀྱི་སྦྱོང་རྒྱུད་ལས་གསུངས་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པའི་སྤྲུལ་པ་ཡིན་ཅིང་རྒྱུད་གཅིག་པས་ངན་སོང་ལས་སྐྱོབས་ནུས། ཁྲོ་རྒྱལ་རྟ་མགྲིན་སྤྲུལ་པ་ཡིན་པས་དཔུང་ཚན་ཆེ། ཞེས་བླ་མ་གོང་མ་རྣམས་ཀྱིས་གསུངས་སོ། ༈ རྫོགས་རིམ་བསྒོམ་པའི་ཕན་ཡོན་ནི། དར་བ་འཇུག་པའི་མདོ་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ཇི་སྲིད་འཚོའི་བར་དུ། འཚོ་བའི་ཡོ་བྱད་ཀྱིས་ཚོགས་བསགས་པས། རྣལ་འབྱོར་པ་སྟོང་ཉིད་ཐུན་གཅིག་བསྒོམ་པ་གལ་ཆེའོ། །ཞེས་དང་། གཙུག་ཏོར་ཆེན་མོའི་མདོ་ལས། བསྐལ་པ་མང་པོའི་བར་དུ་ཐོས་བསམ་བྱས་པ་བས། ཉིན་གཅིག་ཆོས་ཀྱི་དོན་བསྒོམས་པ་བསོད་ནམས་ཆེའོ། །ཨྠྀི། ཞེས་པ་ཨ་རཱ་གས་སྦྱར་བ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དམ་ཅན་དམར་པོའི་ནོར་སྒྲུབ་ཀྱི་ལས་བྱང་།

p. 566
p. 567

དམ་ཅན་དམར་པོའི་ནོར་སྒྲུབ་ཀྱི་ལས་བྱང་བཞུགས་སོ།

p. 568

བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་ཏྲི་ཡོངས་སུ་གྱུར་པ་ལས། དགེ་བསྙེན་ཆེན་པོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་ཕྱག་གཡས་ལྕགས་ཀྱུའི་མི་ནོར་འགུགས་པ། །གཡོན་པས་ནེའུ་ལེས་དགོས་འདོད་སྟེར་བ། །དབུ་ལ་ཕྱིང་ཞྭ་དཀར་པོའི་སྟེང་དར་དམར་ཐོད་དུ་བཅིངས་བ་དང་། །དར་དམར་པོའི་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། །ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། །དེའི་པང་དུ་ཡུམ་ཀོང་བཙུན་དེ་མོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་ཕྱག་གཡས་མེ་ལོང་དང་དར་དམར། གཡོན་པས་མདའ་དར་

p. 569

དཀར་པོ་བསྣམས་པ། །སྐུ་ལ་དར་དཀར་གསེར་གཡུའི་ཐིག་ཕྲན་ཅན། དབུ་ལ་གཡུ་ཐོད་དང་མུ་ཏིག་གིས་སྤྲས་པ། སྐྱེས་བུ་ཞལ་འཛུམ་པའི་མདངས་ཀྱིས་བལྟ་ཞིང་འཁྲིལ་བ་གཅིག་བསྐྱེད་དོ། །དེའི་འཁོར་དུ་བཙན་དང་ཐེའུ་རང་སྨན་མོ་དང་ས་བདག་དང་བདུད་མོ་གནོད་སྦྱིན་མོ་དང་། ཡུལ་ལྷ་ཕྱུགས་བདག་རྣམས་ཀྱིས་བསྐོར་བར་བསམ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་མགྲིན་པར་ཨཱཐུགས་ཀར་ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ཕ་ཝང་ལོང་བུའི་སྐུ་མཁར་འཇའ་ཚོན་སྣ་ལྔའི་ཕོ་བྲང་རྒྱ་བོད་མདོ་གཙང་ཀུན་ནས་དམ་ཅན་སྐྱེས་བུ་མཆེད་འཁོར་སུམ་བརྒྱ་དྲུག་

p. 570

ཅུ་དང་བཅས་པ་ཐམས་ཅད་སྤྱན་འདྲེན་མཆོད་པའི་གནས་སུ་བཛྲ་ཏྲི་ཤུ་ལ་ཛབཛྲ་སཱ་དྷུ་ས་མ་ཡ་ཛ་ཛཿ སྤྱན་འདྲེན་པ་ནི། ཧཱུྃ༔ རྒྱལ་བ་ཤཱཀ་ཐུབ་བསྟན་པ་ལ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ ཉི་མ་ནུབ་ལ་མངའ་མཛད་པའི༔ གནམ་ས་ཕྱེད་ཀྱི་བདག་པོ་སྟེ༔ འཛམ་བུ་གླིང་གི་སྐྱེས་གཅིག་པུ༔ དགྲ་ལྷ་ཆེན་པོ་གཤེགས་སུ་གསོལ༔ འོ་ཡུག་ཤང་གི་གནས་མཆོག་ནས༔ སྐྱེས་མཆོག་འཁོར་བཅས་དགྲ་རྒྱལ་པོ༔ རྒྱ་བོད་མདོ་གཙང་ཀུན་གྱི་བདག༔ བཙན་རྒོད་ཆེན་པོ་གཤེགས་སུ་གསོལ༔ གཙུག་ལག་ཆོས་འཁོར་དབེན་གནས་དང་༔ གནས་མཆོག་དམ་པ་གར་བཞུགས་ཀྱང་༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཨོཾ་བཛྲ་སཱ་དྷ་ཏྲི་ཤུ་ལ་བཛྲ་ལི་ལ་མ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ་ཛཿ བཞུགས་གསོལ་མཆོད་འབུལ་ནི། ཧཱུྃ༔ དམ་ཅན་སྐྱེས་བུ་འཁོར་བཅས་རྣམས༔ དེང་གི་གནས་མཆོག་དམ་པ་འདིར༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དམ་རྫས་སྨན་གཏོར་རཀྟ་དང་༔

p. 571

ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ དམ་ཅན་འཁོར་དང་བཅས་ལ་འབུལ༔ སྐྱེས་མཆོག་ཐུགས་དམ་བསྐང་གྱུར་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཤུ་ལ་བཛྲ་ལི་ལ་མ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་སརྦ་པུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་བསྐུལ་ནི། ཀྱེ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ཕ་ནི་བདུད་ལ་མ་ནི་དམུ༔ དམུ་བདུད་བཤོས་པའི་མཐུ་བོ་ཆེ༔ སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ༔ ཞྭ་ཡི་མགོན་པོ་ར་རྟ་ཅན༔ གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན༔ གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས༔ གཡོན་པས་ནེའུ་ལེས་དབུལ་འཕོང་སེལ༔ ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན༔ ཀོང་བཙུན་མ་དང་གཉིས་སུ་མེད༔ བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར༔ སྐུ་མཆེད་སུམ་བརྒྱ་དྲུག་ཅུ་བཅས༔ ཐེའུ་རང་དམག་ཚོགས་རྫུ་འཕྲུལ་ཅན༔ རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར༔ འཇིག་རྟེན་ཁམས་ཀྱི་ནོར་ལ་སྤྱོད༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔

p. 572

རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ༔ དེ་ནས་དམིགས་པ་འདི་ལྟར་བྱ། ཕྱག་གཡས་ལྕགས་ཀྱུས་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་དཀར་ནག་མཚམས་ནས་བཟུང་། ཚེ་བསོད་དཔལ་འབྱོར་བཀྲག་གཟི་མདངས་རྣམས་དྲངས་ནས་གཡོན་གྱི་ནེའུ་ལེར་བསྟིམ། གཞན་ཡང་འཇིག་རྟེན་ཁམས་ཀྱི་ནོར་ལ་སོགས་པ་གང་འདོད་པའི་དངོས་པོ་རྣམས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་པ་ལྟར་བསྡུས་ནས་ནེའུ་ལེར་བསྟིམ། ནེའུ་ལེའི་ཁ་ནས་རིན་པོ་ཆེའི་ཆར་ཆེན་པོ་ཁྲ་ཉི་ལི་ལི་བྱུང་ནས་བདག་གི་གནས་ཁང་ཐམས་ཅད་གང་། རང་གིས་འདོད་པའི་དངོས་པོ་རྣམས་བདག་ལ་ཆར་བབ་པ་ལྟར་བསྒོམ། བསྙེན་པ་ནི། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲི་དུ་ཛ་བཛྲ་ལི་ལ་མ་ཧཱུྃ་ཛཿ ཏྲིའུ་ཏྲིའུ་པྲ་མ་དུན་ནོར་རྫས་སྐྱེས་པ་བུད་མེད་འཇིག་རྟེན་ཁམས་གང་འདོད་པའི་དངོས་པོ་ཐམས་ཅད་ཏྲི་ཡ་རཏྣ་སིདྡྷི་ཕ་ལ་ཁུག་སྐྱོལ། ཞེས་ཞག་བདུན་ནམ། བདུན་གཉིས་བདུན་གསུམ་མཚམས་དམ་པོར་བསྡད། དེ་ནས་ནངས་མ་རེ་རེ་བཞིན་དུ་མ་ཆག་པར་བརྒྱ་རེ་བཟླས་ན་ལོངས་སྤྱོད་ཆེར་འཕེལ་ལོ། །སྒྲུབ་པ་ནན་ཁྱེར་བྱས་ན་མི་བཞིན་འཁོར་བ་ཨོ་རྒྱན་གྱིས་གསུངས། གཞན་ལ་མ་སྤེལ་དངོས་གྲུབ་འབྱུང་རེ་ཙམ། ཞེས༧རཱ་གའི་མིང་གིས་སྦྱར་བའོ། །དམ་ཅན་ནོར་སྒྲུབ་འདིས་འགྲོ་བ་ཕོ་མོ་དབང་དུ་བསྡུན་ཛབ་ཀྱི་སྣེ་ལ་རྒྱ་ཡི་མགྲོན་བུ་བག་མ་བཞག་པ་ལ་སྔགས་བཏབ་ན་གང་མཐོང་དབང་དུ་འདུའོ། །

དམ་ཅན་གྱི་ནོར་སྒྲུབ།

p. 573

དམ་ཅན་གྱི་ནོར་སྒྲུབ་བཞུགས་སོ། ཀྱི། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ནུ༔ ཕ་ནི་བདུད་ལ་མ་ནི་དམུ༔ དམུ་བདུད་བཤོས་པའི་མཐུ་རྩལ་ཅན༔ སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ༔ ཞྭ་ཡི་མགོན་པོ་ར་རྟ་ཅན༔ གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན༔ གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས༔ ཕྱག་གཡོན་ནེའུ་ལེས་དབུལ་འཕོང་སེལ༔ ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན༔ ཀོང་བཙུན་ཡུམ་དང་གཉིས་སུ་མེད༔ བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར༔ སྐུ་མཆེད་སུམ་བརྒྱ་དྲུག་ཅུ་བཅས༔ ཐེའུ་རང་དམག་དཔོན་རྫུ་འཕྲུལ་ཅན༔ རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར༔ འཇིག་རྟེན་ཁམས་ཀྱི་ནོར་ལ་སྤྱོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ་ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ རྡོ་རྗེ་འབར་བ་རཏྣ་སིདྡྷི་འདུས་འདུས༔ མ་ཧཱ་གྷ་ན་པ་ཏི་མ་ཧཱ་བྷ་སུ་རཏྣ་སརྦ་ཨ་ཀརཱ་ཡ་ཧུཾ་ཛ་ཛཿ ཨོ་བཛྲ་སཱ་དྷུ་ས་མཱ་ཡ་བཛྲ་ལི་ལ་མ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་

p. 574

ཁཱ་ཧི༔ སྔགས་རྣམས་ལན་གསུམ་བརྗོད། ཀྱེ། དམ་ཅན་སྐྱེས་བུ་ཆེན་པོ༔ མཐུ་དང་རྫུ་འཕྲུལ་གྱི་བདག་པོ༔ ཨ་ཇོ་ཆེན་པོ༔ དམུ་བཙན་རོལ་པ༔ བདུད་བཙན་མཐུ་ཆེན༔ གུ་ལ་དགའ་བ༔ བསྲོ་ལ་དགྱེས་པ༔ རལ་གྲིའི་ཁ་ལ་རྟ་རྒྱུག་པ༔ མདའ་རྩེ་ལ་གར་བྱེད་པ༔ མདུང་རྩེ་ལ་བྲོ་རྡུང་པ༔ ཆོས་སྐྱོང་ལས་ལ་གྲུབ་པ་ཁྱེད་རྣམས་ཀྱིས་རྣལ་འབྱོར་པ་བདག་ལ་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་དང་༔ ཁྱེད་བསྒྲུབ་ཅིང་མཆོད་པའི་ཡོ་བྱད་དང་མི་ལྡན་པས་མི་སེམས་གཡོས་ཤིག༔ མི་སྙིང་བསྒུལ་ཞིག༔ སྣང་བ་བསྒྱུར་ཅིག༔ བདག་ལ་གཡང་ཆེན་གྱི་ནོར་བསྐྱོལ་ཅིག༔ བརྗིད་ཅན་གྱི་གོས་བཀོན་ཅིག༔ བཅུད་ཆེན་གྱི་ཟས་སྐྱོལ་ཅིག༔ གདུལ་བྱ་སྙན་གྲགས་སྩོལ་ཅིག༔ འབྲུ་དང་ཟས་ནོར་ཆར་ལྟར་ཕོབ་ཅིག༔ བདག་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཞིག༔ སྐྱེས་བུ་ཆེན་པོ་རེམ་ཅིག༔ ཁྱེད་ལ་བརྔན་པ་དང་གཏང་རག་སྦྱིན་ནོ་བཏང་ངོ་༔ ཞེས་པ་གཏེར་གཞུང་ལས་༧ རཱ་ག་ཨ་སྱས་སྦྱར།། །།

དམ་ཅན་སྐྱེས་བུ་ཆེན་པོའི་ནང་སྒྲུབ་མྱུར་མགྱོགས་གསང་སྔགས་དཀྱིལ་འཁོར།

p. 575

དམ་ཅན་སྐྱེས་བུ་ཆེན་པོའི་ནང་སྒྲུབ་མྱུར་མགྱོགས་གསང་སྔགས་དཀྱིལ་འཁོར་བཞུགས་སོ།

p. 576

དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དམ་ཅན་སྐྱེས་བུ་ཆེན་པོ་ཡི། །ནང་གི་སྒྲུབ་པ་བྱ་བ་ནི། །སྒྲུབ་པ་ཁོ་ན་སྙིང་པོ་ལ། །སྙིང་ཐིག་དམ་པ་བཤད་པར་བྱ། །འདི་ལ་གསུམ་སྟེ། ལྷ་བསྙེན་བྱས་ནས་ཟིལ་ནོན་དང་། །སྒྲུབ་པ་བྱས་ནས་བསྙེན་པ་བྱ་བ་དང་། །འཁུ་ཞིང་ལྡོག་ན་བཙུན་པ་བརྟེན་པ་འོ། །དེ་ལ་དང་པོ་རྫས་རྣམས་བསགས་ལ། སྐྱབས་སེམས་ཚད་མེད་བསྒོམ། ལྷ་བསྙེན་བྱ་བ་ནི། བསང་སྦྱངས། སྟོང་པའི་ངང་ལས་རང་སེམས་ཧཱུཾ། །དོན་གཉིས་བྱས་ནས་རྡོ་རྗེར་གྱུར། །འཕྲོ་འདུ་རྡོ་རྗེ་རྩེ་ལྔ་པ། །ལྟེ་བར་མཐིང་ནག་ཧཱུྃ་གིས་མཚན། །ཡོངས་སུ་གྱུར་ནས་ཐ་མལ་ལུས། །རྡོ་རྗེ་འཛིན་པའི་སྐུར་གྱུར་ཏེ། །ཞལ་གཅིག་

p. 577

ཕྱག་གཉིས་སྐུ་མདོག་ནག །གཡས་གཡོན་རྡོ་རྗེ་སྡིགས་མཛུབ་མཛད། །ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད། །དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྲོ་ཞིང་གཏུམ་པའི་སྐུ་རུ་གྱུར། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །གསང་བ་སྲོག་གི་སྙིང་པོའི་བར། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། །ཡིག་འབྲུ་མཐིང་ཀ་འོད་ཟེར་ལས། །འོད་ཟེར་འཕྲོས་པས་སེམས་ཅན་ལ། །ཕོག་པས་ལས་སྒྲིབ་དག་པར་གྱུར། །ཚུར་འདུས་སྔགས་འབྲུ་ལ་ཐིམ་པས། །འོད་ཟེར་བར་མཚམས་མེད་པ་ནི། །མུ་ཏིག་བསྟར་ལ་བརྒྱུས་པ་བཞིན། །

p. 578

གཡས་སུ་རབ་ཏུ་འཁོར་བར་བསམ། །སྙིང་པོ་འབྲུ་ལྔ་གྲངས་བསྙེན་བྱ། །དེ་ནས་གཉིས་ཀས་སྒྲུབ་པ་བྱས་ནས་བསྙེན་པ་ནི། རྟེན་གཏོར་རྒྱུན་གཏོར་ལ་སོགས་དང་། །ཕྱི་ནང་གི་མཆོད་རྫས་རྟེན་རྫས་བསྐང་རྫ་ས་སྒྲུབ་རྫ་ས་སོགས། སྒྲུབ་པར་བྱེད་པའི་རྫས་རྣམས་དང་། སྨན་རཀ་གཏོར་མ་དང་། བླ་རྡོ་སྲོག་འཁོར་སོགས་བཤམས། བླ་རྡོ་བྱིན་འཇུག་སོགས་བྱས་ནས། རང་ཉིད་སྔགས་པའི་ཆས་སུ་ཞུགས་ནས། ར་ཚིལ་དང་གསུར་བཏང་ནས། འབོད་རྫས་རྣམས་གཡབ་ལ། བསངས་སྦྱངས། སྟོང་པའི་ངང་ལས་རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ཕ་ཝང་ལོང་བུའི་སྐུ་མཁར། འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་རྒྱུན་དུག་གི་སྤྲིན་འཁྲིགས་པ་ལས་འབྲུག་གི་སྒྲ་ཕྱོགས་བཅུར་སྒྲོགས་ཤིང་ཐོག་གི་བུ་ཡུག་དང་འཚུབ་མ་འཁྱིལ་བ་འོག་ལ་ཁྲག་གི་རྒྱ་མཚོ་ཁོལ་བ། ཕྱི་རོལ་ལྕགས་རི་ནག་པོས་བསྐོར་བའོ། །དེའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ར་ལས་ར་སྐྱེས་ཁམ་པ་རྭ་རྩེ་ལས་མེའི་ཚྭ་ཚྭ་འཕྲོ་བ་ལ་སྐར་ཁུང་སུམ་བརྩེགས་དང་ལྡན་པའི་སྟེང་དུ་ཡི་གེ་ཏྲི་ནག་པོ་གཅིག་ཁྲ་ཐབས་སུ་བབ་པ་ལས། འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དམ་ཅན་སྐྱེས་བུ་ཆེན་

p. 579

པོ་སྐུ་མདོག་མཐིང་ནག་དུད་པའི་མདོག་འདྲ་བ་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་དམར་ལ་ཟླུམ་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་གཙིགས་ཕྱག་གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས་པ་གཡོན་ན་སྦུད་པ་ཐོགས་པ། གནམ་ཕྱེད་གོས་སུ་གྱོན་པ། ས་ཕྱེད་གདན་དུ་བཏིང་བ། སྐུ་ལ་དར་ནག་གི་འཇོ་བེར་དགུ་བརྩེགས་གསོལ་བ། གསེར་རྐེད་རིན་ཆེན་སྐ་རགས་སུ་བཅིངས་པ་ཞབས་ལ་སག་ཏིས་ལྷམོ་ཆེན་ལ་ཁྱི་གདུག་ཁྲ་བོས་འཆིང་བ། དེའི་མདུན་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། ཕྱག་སྐུ་ལ་དར་དཀར་གསོལ་བ་གཅིག་རྟ་ངང་པ་ལ་གནས་པའོ། །གཡས་སུ་གཤིན་རྗེའི་གིང་ཆེན་མེ་རུ་རྩེ་དམར་པོ། ཕྱག་ན་རལ་གྲི་འཛིན་པ་ཆུ་གླང་ལ་གནས་།རྒྱབ་ཏུ་བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ། ཕྱག་ན་མདུང་དང་ཞགས་པ་འཛིན་པ་རྟ་དམར་ལ་གནས་པའོ། །གཡོན་དུ་བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ་ཕྱག་ན་ཞགས་པ་འཛིན་པ་རྟ་ནག་ལ་ཞོན་པའོ། །དེའི་མཚམས་བཞིར་རྡོ་རྗེ་དཔལ་དང་ལྡན་པ། རྡོ་རྗེ་དཔལ་གྱི་ཡུམ། རྡོ་རྗེ་བོད་ཁམས་སྐྱོང་། རྡོ་རྗེ་ཀུན་བཟང་སྟེ་བརྟེན་མ་བཅུ་

p. 580

གཉིས། ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། ལྕགས་ཁྲ་བྱེ་བ་དུང་ཕྱུར། ལྕགས་སྤྱང་བྱེ་བ་དུང་ཕྱུར། ཟངས་འཕར་བྱེ་བ་དུང་ཕྱུར། དྲེད་མོང་བྱེ་བ་དུང་ཕྱུར། དོམ་བུ་བྱེ་བ་དུང་ཕྱུར་ཏེ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། ཡང་ན། ལྷ་དང་། གནོད་སྦྱིན། གཤིན་རྗེ། བདུད་དང་བཙན་ཀླུ་དང་གནས་གཙང་གི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གཙོ་འཁོར་དེ་དག་ཉིད་ཀྱི་ཐུགས་ཀར་ཏཱིནག་པོ་བདག་ཉིད་ཡི་དམ་ལྷའི་ཐུགས་རྒྱུད་བསྐུལ། ཏྲི་ལས་འོད་ཟེར་འཕྲོས་པས། འོག་མིན་མ་ལ་ཡ་དང་། ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར། འོག་ཡུག་ཤང་། རྒྱ་བོད་མདོ་གཙང་ཀུན་ནས་དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་སྤྱན་དྲངས་པར་གྱུར། གསུར་ཆེན་ལ་སོགས་དྲི་སྤོས་དང་། སྦྱར་སྤོས་མོན་སྤྲོས་སི་ལ་ག་པུར་གུར་གུམ། ཨ་གར། ཙན་དན། ལི་ཤི། ཛཱ་ཏི་སོགས་སྨན་སྣ་་་། སྤོས་སྣ་ཚོགས་སྤོས་ཀྱི་རིགས་བྱེད་དུད་པར་བདུག་ལ། ཐོད་རྔ། རྐང་གླིང་། མར་ཆ། རྔ་གཤང་། རོལ་སྙན་རྔ་རྫ་རྔ། མཁར་རྔ་གར་རོལ་ཆས་ལྡིར་ལ། གདུང་བའི་

p. 581

དབྱངས་ཀྱིས་འདི་སྐད་དོ། ཧཱུྃ་ཛཧཱུྃ། བཅོམ་ལྡན་ཤཱཀྱ་སེང་གེའི་བསྟན་པ་ལ། །སྐྱོང་བར་ཞལ་གྱིས་བཞེས་བའི་དམ་ཚིག་ཅན། །གསང་བདག་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །དམ་བཅའ་ཐ་ཚིག་དྲན་གྱིས་ད་ཚུར་བྱོན། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །འོག་མིན་གནས་སུ་ཡེ་ཤེས་པ་ཡི་ཚུལ། །མ་ལ་ཡ་རུ་དམ་ཚིག་སེམས་དཔའ་ནི། །ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུ་ནས། །ལས་ཀྱི་སྐྱེས་བུའི་ཚུལ་དུ་བཞུགས་མཛད་པ། །སྒྲུབ་གནས་བྱིན་ཆེན་འདི་རུ་ད་ཚུར་བྱོན། །དཀར་ནག་རྒྱ་ཡུལ་ལི་ཡུལ་མདོ་ཁམས་མོན། །བོད་ཡུལ་སྒྲུབ་གནས་ཆོས་འཁོར་བརྒྱ་རྩ་བརྒྱད། །སྔོན་བྱོན་རིག་འཛིན་གང་ཟག་བཞུགས་པའི་གནས། །ཁྱད་འཕགས་ཟམ་བུ་ལུང་དང་འོ་ཡུག་ཤངས། །གཞན་ཡང་དངུལ་སུ་རོ་མྱག་དུར་ཁྲོད་སོགས། །གནས་མཆོག་དམ་པ་གང་ན་བཞུགས་གྱུར་ཀྱང་། །རྣལ་འབྱོར་གདུང་དབྱངས་འབོད་པའི་དམ་རྫས་དང་། །སྔོན་གྱི་ཐ་ཚིག་གནད་ནས་བསྐུལ་བའི་མཐུས། །སྒྲུབ་གནས་འདིར་བྱོན་མྱུར་བར་སྤྱན་འདྲེན་ནོ། །དེ་ནས་སྤྱན་དྲངས་པར་བསམ་ལ་རྩ་ར་དཀར་པོ་བརྡབ་ལ། འབོད་སྔགས་བཟླ། སྙིང་པོའི་མཐའ་ལ་བཏགས། ཚེ་

p. 582

ཁུག་ཡར་ལ་ཡར་ཏེ་ཁུག །བླ་འཆོར་ཁུག་སྦྲང་ཙམ་ཡར་ཏེ་ཁུག །ཁ་ར་ཏྲི་ཊི་ལྷན། བརྒྱའམ་སྟོང་སོགས་ཅི་འགྲུབ་བཟླ། བཛྲ་སཱ་དྷུ་སཱ་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ བརྒྱ་རྩ་བཟླས་ནས་བཞུགས་བྷ་གསོལ༔ སྤྲིན་ཆེན་རླུང་གིས་བསྐྱོད་པ་བཞིན་བྱོན་ནས་བཞུགས་པར་བསམ། དེ་ནས་རང་ཉིད་ཡི་དམ་ཐུགས་ཀར་ཧཱུཾ་སྔོན་པོ་ལས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་ཐུགས་ཀར་ཏྲི་ལ་ཕོག །ཏྲི་ལས་འོད་ཟེར་དུད་ཁ་དང་མཐིང་ནག་སོགས་གྲངས་མེད་འཕྲོས་པས་ཕྱོགས་བཅུ་ནས་དབང་ལྷ་རིགས་ལྔ་སྤྱན་དྲངས་ནས་སླར་རིགས་ལྔས་དབང་བསྐུར་ཚེ་ལྕེ་ལ་བདུད་རྩི་བྱུགས་ནས་གཙོ་བོ་ལ་ཕྱག་ན་རྡོ་རྗེ། འཁོར་རྣམས་ལ་པདྨ་བཛྲ་གྱིས་དབུ་བརྒྱན་པར་བསམ། དེ་ལྟར་རང་ནས་མཆོད་བསྟོད་བསྐང་གསོལ་གཞུང་བཞིན་འཇུག་པར་བྱའོ། །དེ་ཡང་ཐོག་མར་སྤྱན་འདྲེན་སྐབས་སུ། རང་ཉིད་ལྷར་གསལ་བའི་ཐུགས་ཀར་ཛལས་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་ནས་རང་བཞིན་གནས་ནས་འགུགས་པར་བསམ་ལ་ལྕགས་ཀྱུ་ཕྱག་རྒྱས་བཀུག་པའོ། །ༀ་བཛྲ་སཱ་དྷ་སཱ་མ་ཡ་ཝཀ་ཏྭཾ་ཏུཾ། ཤི་ནི་ཀྲ་མ་ནི། ས་མ་ཡ་སཱ་དྷ་ཏྲི་ཛཿདགུ་ཁྲི་བསྒྲུང་ངོ། །གཉིས་མེད་དུ་བསྟིམ་པར་བསམས་ལ། ཚེ་སྲོག་འགུགས་བསྔགས་བཟླའོ། །ཏྲིའུ་ཤམ་ལ་ཛ་ཚེ་ཁུག་ཡར་མ། ཡར་མ་མ་ཡར་ཡར་ཏེ་ཁུག་བླ་མ་འཁྱམ་ཏྲི་ཁུག །སྦྲང་ཁན་ཡར་ཏྲེ་ཏྲི་ཁུག་ནན། ཡང་གཅིག་ལ། ཁ་རག་རེ་ཏྲི་ཁུག་

p. 583

ནན། ཚེ་ཁུག་བདག་མ་ཡར་མ་ཡར་ཏེ་ཁུག །བླ་ཕྱེ་སྟེ་ཁུག །སྦྲང་རྩི་ཡར་ཏེ་ཁུག་ཁ་རག་ཏི་ཊི་ལྷན། ཁྲི་བཟླས་པ་བསྟིམ་མམ། སྲོག་བསྙེན་པའི་ཤམ་བུའམ། སཱ་དྷ་ཏྲེ་ཛཧཱུྃ། རང་ལྷའི་ཐུགས་ཀ་ནས་ཧཱུྃ་ལས་འོད་ཟེར་ཞགས་པ་ལྟར་འཕྲོས་ནས་བཅིང་པར་བསམ་ལ་སུམ་ཁྲི་བསྒྲུང་ངོ། །ༀ་བཛྲ་ཨཾ་ཀུ་ཤ་ཡ་ཛཿ བླ་མ་འཆུག་མ་བཟློག༔ ཏྲི་ཏྲི་ལྷན། ཕྱིར་མི་བཟློག་པའི་སྔགས་ཡིན་པས་ཁྲི་བཟླ། སྔགས་ཤམ་བུའོ། །སཱ་དྷ་ཏྲི་ཛཿཧཱུྃ་བཾ་ཧོ༔ རང་ལྷའི་ཐུགས་ཀ་ནས་པཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བསྡོམས་པར་བསམ་ལ་ཁྲི་བཟླ། ཐཾ་མ་ཐང་། དེབ་དེབ་མི་ཁུག་ཧེར་མཁན་མ་བླ་ལ་ཧོར་ཏྲི་ཏྲི་ལྷན། གཟུགས་ལ་བསྟིམ་པའི་སྔགས་ཡིན་པས་ཁྲི་བཟླའོ། །རྒྱུད་རྩ་སྔགས་ཤམ་བུའོ། །རང་ལྷའི་ཐུགས་ཀ་ནས་ཧོལས་འོད་ཟེར་དྲིལ་བུ་ལྟར་འཕྲོས་ནས་དབང་བསྐུར་ནས། འབྲལ་མེད་དུ་བཞུགས་པར་བསམ་ལ་བླ་རྡོ་བྲི་སྔགས་ཁྲི་ཕྲག་བཟླའོ། །ཧོ་ཧ་ཙ་ལ་ཁུག །ཙ་ལ་ནན། ཨོ་ཏི་ནན། ཁ་ངོ་དུ་ནན་མ་མོ་པ་ལྟེ་ནན། ཏྲི་ཏྲི་ལྷན། དཀྱུས་སུ་གོང་མ་བཟླ། དེ་ནས་བཞུགས་སུ་གསོལ་བ་དང་། དབང་བསྐུར་བ་དང་། དམ་ལ་བཞག་པ་དང་། ཕྱག་འཚལ་ནས་མཆོད་པ་སོགས་གཞུང་ལ་འཇུག་གོ །དེ་ནས་བསྟོད་པ་ནི། ཧཱུྃ། གཞན་གྱིས་མི་ཐུབ་ལྷ་སྲིན་དྲེགས་པའི་དཔོན། །མཐུ་

p. 584

རྩལ་སྟོབས་ལྡན་དྲག་ཤུལ་དམུ་ཡི་རིགས། །བདུད་ཀྱི་ཚ་བོ་ཐེའུ་རང་ཡོངས་ཀྱི་རྗེ། །ལྷག་པའི་ལྷ་མཆོག་རྡོ་རྗེ་ནག་པོར་བསྟོད། །ལྷ་དམག་རུ་འདྲེན་གཟའ་ཡི་དེད་དཔོན་ཆེ། །སྐྱེ་བོའི་དགྲ་བླ་མགྲོན་པོའི་ལམ་ལྷ་པོ། །བཀའ་ཡི་སྲུང་མ་ཡང་ཟབ་གཏེར་རྣམས་སྐྱོངས། །སྒྲུབ་པའི་གྲོགས་མཛད་ཏིང་འཛིན་དྲོད་ཉུལ་བསྟོད། །སྲིད་གསུམ་བྱ་ར་སྒྲུབ་གནས་ཀུན་གྱི་བདག །དཀར་པོའི་ཕྱོགས་འཛིན་ནག་པོའི་རྩ་ལག་བསྐུམ། །སྲིད་གསུམ་ཞིང་དུ་མ་ངེས་སྤྲུལ་པ་སྟོན། །སྣ་ཚོགས་སྐུར་སྟོན་ཁྱེད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ལེགས་པ་ཁྱེད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཀུན་འདུལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཨ་ཇོ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །མགར་བ་ནག་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །བཛྲ་འབར་བ་རྩལ་ལ་ཕྱག་འཚལ་བསྟོད། །བནྡེ་ནག་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ལས་མཁན་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཆོས་སྐྱོང་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཚོང་དཔོན་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །དམག་དཔོན་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །མགྲོན་དཔོན་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །

p. 585

ལམ་ལྷ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །དགྲ་བླ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །དགྲ་འདུལ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །བགེགས་འདུལ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །ཀཾ་ཚང་བསྟན་སྲུང་ཁྱེད་ལ་ཕྱག་འཚལ་བསྟོད། །ཟབ་དགུའི་གཏེར་སྐྱོང་ཁྱེད་ལ་ཕྱག་འཚལ་བསྟོད། །ནོར་ལྷ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད་།དངོས་གྲུབ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །དཀོར་བདག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་ལས་འདས་ཡིད་དང་ཡུལ་ནས་བསྟོད། འདའ་དཀའ་ཚུལ་ཁྲིམས་ལྷག་བསམ་གཙང་མས་བསྟོད། །རོལ་མོའི་སྒྲ་དང་དམ་རྫས་ཚོགས་ཀྱིས་བསྟོད། །ནོངས་པ་ཅི་མཆིས་མཐོལ་བཤགས་བཟོད་པར་གསོལ། །ཧཱུྃ། གཞན་ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །ཆ་ལུགས་མ་ངེས་སྣ་ཚོགས་སྐུར་སྟོན་པ། །སེང་གེ་ར་སྐྱེས་གཡུ་འབྲུག་ཞོན་པ་ཅན། །སྐུ་གསུང་ཐུགས་དང་སྤྲུལ་བཅས་ཕྱག་འཚལ་བསྟོད། །རྒྱ་གར་རྒྱ་ནག་བོད་ཡུལ་བཞུགས་ཚད་པ། །ལྷ་བཙན་བདུད་ཀྱིས་དགེ་བསྙེན་སུམ་བརྒྱ་དང་། །དྲུག་ཅུ་སྐུ་མདོག་ཆ་ལུགས་མ་ངེས་ཤིང་། །ཕྱག་མཚན་མ་ངེས་རང་

p. 586

རང་ཞོན་པ་ཅན། །རང་རང་དཔུང་དང་འཁོར་ཚོགས་བཅས་ལ་བསྟོད། །གསང་བའི་ཡུམ་ཆེན་ཀོང་བཙུན་དེ་མོ་སོགས། །བརྟན་མ་བཅུ་གཉིས་འཁོར་དང་བཅས་ལ་བསྟོད། །ཕྱོགས་བཞིའི་གིང་ཆེན་ཚངས་པ་མེ་རུ་རྩེ། །བཙན་གིང་བདུད་གིང་འཁོར་དང་བཅས་པ་དང་། །ལས་བྱེད་ཆེན་པོ་ཨ་ཙ་ར་ལ་བསྟོད། །རུ་འདྲེན་སྡེ་བཞི་ཟ་བྱེད་འཁོར་ལ་བསྟོད། །གཞན་ཡང་མཆོད་འོས་མཆོད་ལ་བསྟོད་འོས་བསྟོད། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟོད་ནས་སྐབས་འདིར་བཟླས་པ་བྱ། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་དམ་ཅན་གྱི་ཐུགས་ཀའི་ཁྲི་ལ་ཕོག །མདུན་བསྐྱེད་ཐུགས་ནས་འོད་ཟེར་མཐིང་ནག་སེམས་ཅན་ལ་ཕོག །དགྲ་བགེགས་སྡང་བ་གདུག་པ་ཅན་ཐམས་ཅད་ཚར་བཅད་ནས་བཀྲག་མདངས་གཟི་བརྗིད་ཚེ་བསོད་དཔལ་འབྱོར་ཚུར་འདུས་བདག་ལ་ཐིམ་པར་བསྐྱེད། ཐུགས་ཀའི་སྔགས་ཕྲེང་། འཁོར་བའི་འོད་ཟེར་ཞལ་གྱི་སྒོ་ནས་ཐོན། མདུན་གྱི་ལྷའི་ཞལ་དུ་ཞུགས། ཐུགས་ཀའི་ཁྲི་ལ་ཕོག །ཏྲི་ལས་འོད་ཟེར་འཕྲོས་པས། ཕྱིའི་སྔགས་འཁོར་ལ་ཕོག །སྔགས་

p. 587

འཁོར་ལས་འོད་ཟེར་བར་མེད་དུ་འཁོར་བས་སྒྲུབ་མཆོག་བདག་གིས་བཅོལ་བའི་ལས་ཐོགས་མེད་དུ་བསྒྲུབ་པའོ། །རྩ་སྔགས་ཅི་ནུས་བཟླའོ། །ༀ་བཛྲ་སཱ་དྷུ་ས་མ་ཡ་ཝཀ་ཏྲ་ཏྲི་ཤི་ནི། ཀྲ་མ་ནི་ས་མ་ཡ། སཱ་དྷ་ཏྲི་ཛ་ཛཿཧཱུྃ་བཾ་ཧོ༔ རྒྱུན་དུ་བསྒྲུང་ངོ། །ཚེ་སྲོག་འགུགས་པའི་སྔགས། ཕྱིར་མི་ལྡོག་པའི་སྔགས་སུམ་སྦྲེལ་དུ་བཟླའོ། །ཡང་ན་བསྙེན་པའི་ཤམ་བུ་ལ་ཚེ་སྲོག་འགུགས་པའི་སྔགས་བཅུག་པ་ཕྲེང་སྐོར་རེ་ཙམ་རེ་བཟླ། །དེ་ནས་གཟུགས་འགུགས་པའི་སྔགས་བཞག་ལ། སྐབས་དེར་གཟུགས་ལ་བསྟིམ་སྔགས་བཅུག་ལ་ཕྲེང་སྐོར་ཙམ་རེ་བཟླ། དེ་ནས་གཟུགས་ལ་དབབ་པའི་སྔགས་བཞག་ལ། སྐབས་དེར་བླ་རྡོ་དྲིལ་པའི་སྔགས་བཅུག་ལ་ཕྲེང་སྐོར་ཙམ་རེ་བཟླ། དེ་ནས་བསྙེན་པའི་སྔགས་ཀྱི་ཤམ་དེར་འདོག་མི་དགོས་པར། སྐབས་དེར་ཕྱིར་མི་ལྡོག་པའི་སྔགས་ཕྲེང་སྐོར་ཙམ་རེ་བཟླ། དེ་ལྟར་བསྙེན་པར་བྱས་ནས་སྒྲུབ་པའི་རྟགས་ནི། སྒྲ་དང་འོད་དང་ཨ་ཙ་ར། །གཅན་གཟན་གདུག་པ་མཆེ་བ་ཅན། །ཡང་ན་ལྕགས་བཟོ་མགར་རྣམས་འབྱུང་། །མཆོད་པ་ཁོལ་དང་ཟི་ར་འཚུབ། །རཀྟར་རླངས་པ་འབྱུང་བ་དང་། །མཚོན་ཆས་རང་སྒྲ་སྒྲོགས་པ་དང་། །གཏོར་མར་མེ་འབར་ར་སྤྲེལ་རྒྱུག །ཡང་ན་སྐྱེས་བུ་ཁྱེའུ་ལ། །སྟག་དང་སྤྱང་ཀི་འཁྲིད་པ་སོགས། །རབས་ནི་དངོས་སམ་འབྲིང་ནི་ཉམས། །ཐ་མ་རྨི་ལམ་དག་ལ་འབྱུང་། །སྲོད་ལ་བག་ཆགས་རྨིས་མཚན་ངན། །ནམ་ཕྱེད་ཆོ་འཕྲུལ་རྨི་ལམ་

p. 588

འབྱུང་། །ཐོ་རངས་མཚན་མའི་རྟགས་འོང་རྟགས། །ཤེས་སྒྲུབ་རྟགས་བྱུང་ན་དུས་དྲུག་ཐུན་གཏོར་འབུལ་བ་ནི། རུས་བུ་སྨན་ཕུད་བདུད་རྩི་དང་། བཤོས་བུ་ཟུར་གསུམ་དང་བཅས་པ་མཆོད་པས་སྒྲུབ་པའི་དུས་སུ་ཐུན་གཏོར་བདུད་རྩི་བསམ་ལ་འབུལ། ལས་བཞིའི་དུས་སུ་རང་རང་ལྟར་བྱའོ། །རྗོད་པའི་དུས་སུ་ཐུན་གཏོར་དགྲ་བོའི་ཤ་ཁྲག་བསམ། དུས་སུ་རྒྱུན་དུ་ཆང་ཕུད་གཙང་མ་མཆོད་ལ། དེ་ལྟར་ཐུན་མགོ་ལ་བསྙེན་པ་སྐབས་དང་བསྟུན། ཅི་རིགས་བཟླ། སྐབས་སུ་ཕྱིར་མི་ལྡོག་པའི་སྔགས་ཕྲེང་སྐོར་སོགས་ཅི་རིགས་བཟླ། དེ་ནས་ལས་སྦྱོར་དུས་སུ་འབོད་སྔགས་ཀྱིས། ཛཿཧཱུྃ་བཾ་ཧོ། ཡེ་ཤེས་གཞུག་དུ་ཆེད་སྔགས། ཨོཾ་བཛྲ་ཙཀྲ། ཞེས་པ་ཅི་རིགས་བཟླ། འབོད་རྦད་གཉིས་ཀྱི་སྔགས་ལ་བསད་སྔགས། ཨོཾ་བཛྲ་རཀྵ༔ ཞེས་འོག་མ་གསུམ་སྦྲེལ་བཟླས་ནས་ལྟས་ངན་སྔགས་བཟླ། ལྟས་ངན་མི་བྱེད་ན་མི་འདོགས། འབོད་རྦད་བསད་གསུམ་སྔགས་ལ་ལིངྒ་ཐོ་བས་བརྡུང་བའི་སྔགས། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཤ་ར་ར༔ ཞེས་བཏགས་ལ་འདི་ལ་བྱང་བུ་བྲིས་པ་རྣམས་ཐོ་བས་བརྡུང་ངོ། །སྐབས་སུ་ཐན་སྔགས་ཡང་བཟླའོ། །དེ་ལྟར་ན་བཀུག་གཞུག་ལན་གསུམ་བྱས་ལ་བྱིན་གྱིས་རླབས་པར་བྱའོ། །དེ་ལྟར་ལས་སྦྱོར་མ་བྱས་ན་བསྙེན་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་བཏགས། ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་གཏོར་མའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བི་མི་མ་ར་ཤུ་ལས་བདུད་རྩི་ལྔ། ན་གོ་ཀུ་

p. 589

དྷ་ཧ་ལས་ཤ་ལྔ། ས་བོན་དེ་དག་ལས་འོད་ཟེར་འཕྲོས་པས་དཔལ་ཧེ་རུ་ཀ་རྣམས་ཀྱི་ཐུགས་ཀར་ཕོག་ཡི་དམ་ཧེ་རུ་ཀའི་ངོ་བོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་། ས་བོན་ལ་ཐིམ་པས་ས་བོན་བཅུ་འོད་དུ་ཞུ་ནས་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། མཆོད་སྦྱིན་གྱི་གཏོར་མ་བདུད་རྩིའི་རྒྱ་མཚོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་འདི། བྱིན་རླབས་ཀྱི་རྩ་བར་གྱུར་པ་རིག་འཛིན་གྲུབ་ཐོབ་བླ་མ་རྒྱ་མཚོ་ལ་འབུལ་ལོ་མཆོད་དོ། །ཐུགས་མཉེས་པར་གྱུར་ཅིག །དངོས་གྲུབ་ཀྱི་རྩ་རྒྱུད་སྡེའི་དཀྱིལ་འཁོར་ཡི་དམ་རྒྱ་མཚོ་ལ་འབུལ་ལོ། །མཆོད་དོ། །ཐུགས་མཉེས་པར་གྱུར་ཅིག །ཕྲིན་ལས་ཀྱི་རྩ་བར་གྱུར་པ་མ་མགོན་བསྟན་སྲུང་རྒྱ་མཚོ་ལ་འབུལ་ལོ་མཆོད་དོ། །ཐུགས་མཉེས་པར་གྱུར་ཅིག །རྟེན་འབྲེལ་གྱི་རྩ་བར་གྱུར་པ་མ་གནས་གསུམ་སྐྱོང་བའི་མཁའ་འགྲོ་རྒྱ་མཚོ་ལ་འབུལ་ལོ་མཆོད་དོ། །ཐུགས་མཉེས་པར་གྱུར་ཅིག །མཐུ་སྟོབས་ཀྱི་རྩ་བ་བཞི་བཅུའི་ཤན་པ་རིག་འཛིན་གྱི་བཀའ་སྡོད་དམ་ཅན་རྒྱ་མཚོ་ལ་འབུལ་ལོ་མཆོད་དོ། །ཐུགས་མཉེས་པར་གྱུར་

p. 590

ཅིག །ཁྱད་པར་དུ་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ། མགར་བ་ནག་པོ། སྐུ་མཆེད་སུམ་བརྒྱ་དྲུག་ཅུ། གསང་ཡུམ་བརྟན་མ་བཅུ་གཉིས། ལས་བྱེད་གིང་ཆེན་སྡེ་བཞི། །ཕོ་ཉ་ཨ་ཙ་ར་དཀར་ནག་ཁྲ་གསུམ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡང་སྤྲུལ་ལྕགས་སྤྱང་སྔོན་པོ་སོགས། ཟ་བྱེད་གཅན་གཟན་གྱི་དམག་ཚོགས་དམ་ཅན་སྐྱེས་བུ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །ཐུགས་མཉེས་པར་གྱུར་ཅིག །བསམ་པ་སྒྲུབ་པར་གྱུར་ཅིག །དམ་ཚིག་གཉན་པོ་འདྲེས་པར་གྱུར་ཅིག །རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །དེ་ལྟར་མཆོད་པའི་མཐུས། སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་བཞུགས་སུ་གསོལ་ལོ། །ཀྱེ་ཧོ། གསོན་དང་སྐྱེས་བུ་ཆེན་པོ་ཁྱོད་ལ་ནི། ཤག་འདེབས་སམ་ཤག་ཟས་ལ་གཏོར་མ་སྦྱིན་ནོ། །མནའ་བོར་རོ། །མནའ་ཟས་ལ་བདུད་རྩི་འབུལ་ལོ། །སྒྲུབ་པའི་གྲོགས་བྱེད་དམ། མཉེས་པའི་མཆོད་པར་འབུལ་ལོ། །མི་འབྲལ་རྒྱུན་དུ་འགྲོགས་སམ། །ཐུན་དྲུག་གི་མཆོད་པར་འབུལ་ལོ། །སྐྱེས་བུ་ཆེན་པོ་ཁྱོད་མཉེས་པའི་ཟས་འབུལ་ལོ། །སྒྲུབ་པའི་རྟགས་ཐོན། དགོས་པའི་དོན་སྒྲུབས། །

p. 591

ཉིན་གྱི་བྱ་ར་གྱིས་མཚན་གྱི་མེལ་ཚེ་གྱིས། སྔོན་ནས་བསུ་མ་གྱིས། རྒྱབ་ནས་སྐྱེལ་མ་མཛོད། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། །བར་ཆད་ཀྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། ནོར་གྱི་ཆར་པ་ཕོབ། ནོར་གྱི་བདག་པོ་མཛོད། ཅི་མཛད་ཁྱེད་ཀྱིས་མཛོད། ཅི་སྒྲུབ་ཕྲིན་ལས་སྒྲུབས། མདོར་ན་བཅོལ་བའི་ལས་རྣམས་ཐོགས་པ་མེད་པར་བསྒྲུབ་པར་མཛོད་ཅིག །ཛ་ཡ་ཛ་ཡ། ཞེས་མན་བརྗོད་པས་རང་ཡི་དམ་དུ་གསལ་བའི་མདུན་དུ་ཁོ་རང་བྱུང་ནས་མཉེས་ཟས་རྣམས་ཟོས་ལ་རྡོ་རྗེ་འཛིན་པ་བདག་གི་ལས་ཅི་བགྱིས་ཞེས་ཟེར་ནས་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་བསམ། ཧཱུྃ། །དོ་ནུབ་ནམ་གྱི་ཐོ་རངས་ལ། །བསྙེན་པོ་སྔགས་ལ་རྟགས་ཐོན་ནས། །བཅོལ་བའི་ཕྲིན་ལས་བསྒྲུབ་སླད་དུ། །དམ་རྫས་བདུད་རྩིའི་གཏོར་མ་འདིས། །རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར། །སྐུ་གཟུགས་ཡིད་འོང་ཐུགས་དམ་བསྐང་། །སྙན་གྱི་དབང་པོ་ཚིམ་པའི་ཕྱིར། །རྔ་ཤངས་རོལ་མོས་ཐུགས་དམ་བསྐང་། །ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར། །ར་ཚིལ་གསུར་གྱིས་ཐུགས་དམ་བསྐང་། །སྐུ་ཡི་རྒྱན་དུ་འབུལ་བ་

p. 592

ནི། །དར་ནག་བར་གྱིས་ཐུགས་དམ་བསྐང་། །ར་ཤ་ར་ཚིལ་གསུར་དུད་དང་། །ར་ཡི་དབང་པོ་རྣམ་ལྔ་ཡི། །མ་ཉམ་ཆང་ཕུད་གཙང་མ་དང་། །ཕྱི་ནང་རྟེན་རྫས་སྒྲུབ་རྫས་རྣམས། །མགར་བ་ནག་པོ་ཁྱེད་ལ་འབུལ། །ཁྱེད་དང་སྒྲུབ་མཆོག་རྣལ་འབྱོར་གཉིས། །ནམ་ཞིག་བྱང་ཆུབ་མ་ཐོབ་བར། །སྲུང་དང་སྐྱོབ་དང་སྦ་བ་དང་། །དངོས་གྲུབ་རྣམ་གཉིས་བདག་ལ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །འཛད་མེད་ནོར་གྱི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །སྲིད་གསུམ་རིགས་རྒྱུད་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ། །མི་ནད་ཕྱུགས་ཀྱི་གོད་ཁ་ཞི། །ཚེ་བསོད་དཔལ་དང་འབྱོར་བ་རྒྱས། །ཅི་བསམ་འདོད་དགུ་དབང་དུ་བསྡུས། །བཀའ་བསྟན་གཉན་པོ་ཁྱོད་ཀྱིས་བསྲུང་། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་སྤེལ། །བསྟན་པ་རབ་རྒྱས་ཕྲིན་ལས་མཛོད། །ཀཾ་ཚང་བསྟན་པ་རིན་ཆེན་ལ། །གནོད་པར་ཤོམ་པའི་ནག་པོའི་ཚོགས། །ཐབས་མཁས་ཐུགས་རྗེས་བསྒྲལ་དུ་གསོལ། །རིག་འཛིན་རྣལ་འབྱོར་

p. 593

བདག་ཅག་གི །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མཛོད། །རྣལ་འབྱོར་གར་འགྲོ་གར་འདུག་ཡང་། །སྔོན་བསུ་རྒྱབ་རྟེན་སྐྱེལ་མ་གྱིས། །ལ་ཆུ་འཕྲང་གསུམ་གར་འགྲོ་ཡང་། །འཇིགས་པ་བརྒྱད་ལས་བསྐྱབ་ཏུ་གསོལ། །ཚོང་དམག་གཡུལ་འགྱེད་གང་བྱེད་ཀྱང་། །བདག་ནི་དུས་ཀུན་རྒྱལ་བར་གྱིས། །བདག་ནི་གདུལ་བྱའི་ཞིང་ཁམས་དེར། །གང་ན་ཡོད་ཀྱང་མྱུར་དུ་སྟོན། །ཟ་ཁ་འཐུང་ཁ་ནོར་ཁ་ཕྱེས། །ཕ་རོལ་རུ་ཊ་དམ་ཉམས་སྒྲོལ། །ཉམས་པ་རྣམས་ལ་ཆད་པ་ཆོད། བྱད་ཕུར་གཏད་མནན་དགྲ་ལ་བཟློག །རྐྱེན་དང་སྐག་ངན་བར་ཆད་སོལ། །བཀའ་དང་དམ་ཚིག་དྲན་གྱིས་ལ། །བཅོལ་བའི་ཕྲིན་ལས་མ་གཡེལ་ལ། །བསྒྲུབ་པར་མཛོད་ཅིག་ཐུགས་དམ་ཅན། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ། ཝཀ་ཏྭ་ཏྭཾ་ཤི་ནི་ཀྲ་མ་ནི་སྭཱ་མ་ཡ། སཱ་དྷ་ཏྲི་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་ཉེར་གཅིག་གིས་གཏོར། ཁཱ་ཧིའི་ཕུལ་ལ་དམ་ཅན་སྐྱེས་བུ་འཁོར་བཅས་ཐུགས་མཉེས་ནས་ཚིམ་པར་བསམ། མཆོད་གཏོར་བསྐང་བཤགས་གཞུང་ལ་འཇུག་གོ །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ཡི། །ནང་སྒྲུབ་གསང་སྔགས་དོན་བསྡུས་གོ་སླ་བ། །ཚིག་ཉུང་དོན་འདུས་དགེ་སློང་རཱ་ག་

p. 594

ཡིས། །ནོར་རྫ་ས་དགྲར་ཤོར་བདག་ཀྱང་འཆི་ཉེ་བྱས། །རྒྱལ་ཁམས་ཀུན་གྱི་ཆོས་སྐྱོང་མེད་དམ་ཟེར། །བུ་སློབ་གནད་ཕོག་ཡང་ཡང་ཞུས་པས་ངོར། །ཞག་བདུན་བསྒྲུབས་པས་དགྲ་བོ་རྗེས་ཤུལ་ཕུང་། །དེ་དུས་སྒྲུབ་ཐབས་ལས་སྦྱོར་ལྷཚང་མ་བྲིས། །ཉེས་འགལ་མཆིས་ན་སྐྱེས་བུ་རང་ལ་བཤགས། །གཞན་ལ་མ་སྤེལ་སྙིང་གི་དཀྱིལ་དུ་འཆང་། །སྤེལ་ན་དམ་ཅན་བཀའ་ཡིས་ཆད་པ་ཆོད། །སྙིང་ཁྲག་ལས་མཁན་ཚོགས་ཀྱི་དཔའ་ཟས་གྱིས། ཁ་ཐཾ། རྒྱ་རྒྱ་རྒྱ། ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་རི་ཆོས་ལས་གསལ་བ་འདྲའོ། ཨྠྀི། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལས་བཞིའི་ལས་སྦྱོར་སྒྲུབ་པ།

p. 595

ལས་བཞིའི་ལས་སྦྱོར་སྒྲུབ་པ་བཞུགས་སོ།

p. 596

དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །ནང་སྒྲུབ་སྔགས་སྒྲུབ་དཀྱིལ་འཁོར་ལས། །འཇུག་པར་ལས་བཞིའི་སྒྲུབ་པ་ལ། །ལག་ལེན་དམར་རིམ་བཤད་པར་བྱ། །དེ་ལ་ཐོག་མར་ནང་སྒྲུབ་རྟགས་ཐོན་ནས། འདི་ལ་བཞི་སྟེ། ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་ལས་དང་། དྲག་པོའི་ལས་སོ། །དེ་ལྟར། སླར་ཐོག་མར་ཞི་བའི་ལས་བྱ་བ་ནི། དམིགས་པ་ལ་བརྟེན་ནས་ཕོ་ཉ་སྒྲུབ་པ་དང་། ༧ སྨན་ལ་བརྟེན་ནས་ནད་ཞི་བ་དང་། མཚོན་ཆ་ལ་བརྟེན་ནས་གཡུལ་ཞི་བ་དང་། རྫས་ལ་བརྟེན་ནས་བགེགས་ཞི་བ་དང་། འབྲུ་སྣ་ལ་བརྟེན་ནས་དབུལ་འཕོང་ཞི་བར་བྱེད་པ་དང་ལྔའོ།། ༧ དེ་ལ་དང་པོ་དམིགས་པ་ལ་བརྟེན་ནས་ཕོ་ཉ་སྒྲུབ་པ་ནི། ནང་སྒྲུབ་ཅི་འབྱོར་དང་། སྲུང་

p. 597

འཁོར་རྟ་མགྲིན་འདོན་བསྙེན་པ་སོང་ནས། ཧཱུཾ། ཁྲོ་བོ་ཆེན་པོ་མི་བཟད་པ། ཆར་སྤྲིན་ལྟ་བུར་རབ་ཏུ་གནག །སྲེག་བྱེད་དབུས་ན་འཇིགས་གཟུགས་སྐུ། །རྟ་མགྲིན་རྒྱལ་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་ལས་བཞི་སྒྲུབ་པ་ལ། །སྒྲུབ་ཏུ་མི་སྟེར་བར་ཆད་བྱེད། །ཕུད་ལ་རློམས་ནས་དངོས་གྲུབ་བཅོམ། །འཚེ་བྱེད་ཕྱི་ནང་མ་གནས་ཤིག །ཨོཾ་ཧུ་ཤྲཱི་ཝ་བཛྲ་རཏྣ་པདྨ་ཀརྨ་རཀྵ་རཀྵ༔ ནང་སྒྲུབ་ཕྱག་རྡོར་བསྙེན་ལ། །ཧཱུྃ། སྣང་སྲིད་མ་ལུས་དབང་བསྡུས་ལ། །བཅོམ་ལྡན་སངས་རྒྱས་ཀུན་གྱི་ཐུགས། །མཐུ་སྟོབས་ནུས་པའི་བདག་པོ་ཆེ། །རྡོ་རྗེ་འཛིན་ལ་

p. 598

ཕྱག་འཚལ་བསྟོད། །སྐུ་མདོག་ཆ་ལུགས་ལས་བཞིའི་མདོག །མི་ལ་དངོས་གྲུབ་འབྱུང་དུ་མི་སྟེར་བ། །ནང་གི་ལྷ་ལྟར་རྒྱུ་བའི་བགེགས། །གནོད་འཚེར་ནང་དུ་མ་འདུག་ཅིག་་ཨོཾ་བཛྲ་ཙཎྜ་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ རྩ་སྔགས་སོང་ནས། མདུན་བསྐྱེད་ཐུགས་ཀར་ཧཱུཾ་ཡིག་དཀར་པོ་འཕྲོས། །སེམས་ཅན་ལ་ཕོག་ནད་གདོན་སྡིག་སྒྲིབ་དག །ཚུར་འདུས་ཞི་སྤྲུལ་དམ་ཅན་སྐུ་རུ་གྱུར། །སྐུ་མདོག་དཀར་པོ་ཞལ་གཅིག་ཞི་འཛུམ་གཟུགས། །ཕྱག་གཉིས་གཡས་ན་རིན་ཆེན་སྒྲོམ་བུ་ལ། །ནོར་བུ་ཆ་བདུན་རི་མོ་ཡོད་པ་ཚེའཛིན། །གཡོན་ན་བྷན་ནོར་བུས་གང་བ་བསྣམས། །དར་དང་རིན་ཆེན་མཛེས་པས་སྐུ་ལ་བརྒྱན། །སེང་གེ་མདོག་སྔོན་སྟེང་ན་རོལ་སྟབས་བཞུགས། །གཡས་སུ་རྣམ་ཐོས་སྲས་དང་རྒྱབ་ཏུ་ནི། །ཛམ་ལྷ་མཆེད་བརྒྱད་ནོར་རྒྱུན་གཡོན་དུ་ནི། །འབྲོག་གནས་མཆེད་ལྔ་མདུན་དུ་ཡེ་ཤེས་གྲགས། །ཨ་པར་ཙིཏྟ་གནོད་སྦྱིན་ཟངས་མདོག་དང་། །ལྷ་མོ་བརྟན་མ་ལོངས་སྤྱོད་སྨན་རྩི་དབང་། །ཞི་ཞལ་བགེགས་ཉམས་འབུམ་ཕྲག་བཞི་ཡི་འཁོར། །སྤྱི་བོའི་གཙུག་ཏུ་སངས་རྒྱས་སྨན་གྱི་བླ། །སྔོན་པོ་རྣམ་རྒྱལ་སྨན་འཛིན་སྤྲུལ་སྐུའི་

p. 599

ཚུལ། །མཚན་དཔེས་རབ་རྒྱན་རྒྱལ་བ་རབ་འབྱམས་བསྐོར། །དམ་ཅན་གཡས་སུ་དམ་ཅན་རེ་མ་ཏི། །ཡེ་ཤེས་འཇིག་རྟེན་མ་མོའི་འཁོར་གྱིས་བསྐོར། །རྒྱབ་ཏུ་ས་ཡི་ལྷ་མོ་བརྟན་མ་ལ། །ས་འཛིན་སྨན་རྩི་འབྲུ་བཅུད་བདག་པོས་བསྐོར། །གཡོན་དུ་བོད་ཁམས་རྡོ་རྗེ་རབ་འབྱམས་མ། །བརྟན་མ་བཅུ་གཉིས་བྲན་གཡོག་འཁོར་གྱིས་བསྐོར། །མདུན་དུ་སྲུང་མ་ཞང་བློན་སྡེ་བདུན་དང་། །ཕོ་ཉ་ཞི་བྱེད་ལྷ་སྲིན་བསམ་མི་ཁྱབ། །ཀུན་བཟང་ཞི་ཞལ་འཛུམ་མདངས་ངང་ལ་བཞུགས། །དེ་ལྟར་ལྷ་ཚོགས་རང་སྲོག་འོད་ཟེར་ལས། །རང་རང་གནས་ནས་གནས་འདིར་གཤེགས་སུ་གསོལ། །དམ་གཙང་ཡིད་འོང་ཕོ་བྲང་ཉམས་དགའ་བ། །སྒྲུབ་མཆོག་ཞིང་དེར་བྱིན་ཆེན་དབབ་ཏུ་གསོལ། །སྨན་རྫས་འབྲུ་མཆོག་ནུས་པ་སྦྱར་དུ་གསོལ། །ཕྱི་ཡི་བར་ཆད་གདོན་བགེགས་ཞི་བར་མཛོད། །ནང་གི་ན་ཚ་སྡུག་བསྔལ་ཞི་བར་མཛོད། །ཚེ་ཡི་སྐག་དང་བདུན་ཟུར་ཞི་བར་མཛོད། །བཙའ་ཚིག་སད་སེར་མུ་གེ་ཞི་བ་དང་། །གློ་གོར་ཧོན་གོད་ཡམས་ཁ་ཞི་བར་མཛོད། །ཞི་བའི་ཕོ་ཉ་བཛྲ་འབར་བ་རྩལ། །ནམ་ཞིག་ཕྱི་མ་མུ་མཐའ་ཐུག་

p. 600

གི་བར། །དཔའ་རྩལ་མི་འཇིགས་ཁྲི་ལ་བཞུགས་སུ་གསོལ། །ཡིད་འཕྲོག་མཆོད་རྫས་དྲི་ལྡན་སྨན་རྩི་དང་། །རང་ཡིད་དགའ་མཐུན་མཆོད་རྫས་དམ་རྫས་འབུལ། །འཇིགས་སླ་རྐང་གཉིས་ལྗོན་རྩེར་ལེགས་བསྲུབས་ནས། །ཐབས་ཤེས་གཉིས་བཀང་དྲི་ཟའི་ཀླུ་ཡིས་འབུལ། །སྲེག་བྱེད་དབུས་སུ་འཇིགས་མེད་བལྟམས་པའི་སྟེང་། །བསིལ་ཟེར་མདོག་ལྟར་ཚ་ཟེར་འབུམ་ལྟར་འཇིགས། །གཞོམ་མེད་དཔུང་དང་རིགས་བདག་བཅས་པ་དང་། །སྤྲུལ་གཞི་སྤྲུལ་བསྒྱུར་སྤྲུལ་པ་བཅས་ལ་བསྟོད། །འཇིགས་སླའི་འཇིགས་བརྒྱད་འཚེ་བྱེད་བཞི་བརྒྱ་དང་། །ཉེར་འཚེ་སུམ་སྟོང་དྲུག་བརྒྱ་སྟོང་ཕྲག་བརྒྱ། །ནམ་ཞིག་སྐར་ཚོགས་བྱང་ཆུབ་ཐོབ་བར་དང་། །རྐང་པ་བཞི་གཉིས་ལྗོན་པར་དུ་འཇིགས་པར། །མི་འབྲལ་མགོན་སྐྱབས་བར་ཆད་ཞི་བར་མཛོད། །རྣལ་འབྱོར་མ་ཐོགས་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རང་ཉིད་ཡི་དམ་ཐུགས་ཀ་ནས་འོད་ཟེར་མཐིང་ནག་འཕྲོས། མདུན་བསྐྱེད་དམ་ཅན་ཐུགས་ཀར་ཕོག །དམ་ཅན་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག །ནད་གདོན་བར་ཆད་ཐམས་ཅད་བསལ་ནས། རང་མདུན་འདོན་ཆ་ལྟར་བྱུང་ནས་ཞི་བའི་ཕྲིན་ལས་ཐམས་

p. 601

ཅད་བསྒྲུབ་པར་བསམ། རྩ་སྔགས་མཐར། བཛྲ་སཱ་དྷ་ཨོཾ་སྭཱ་ཧཱ། གྲངས་བསྙེན་འབུམ་ཐེར་ཡིན། དེ་ལྟར་དམིགས་པ་ལ་བརྟེན་ནས་ཕོ་ཉ་བསྒྲུབ་པའོ།། ༈ གཉིས་པ་སྨན་ལ་བརྟེན་ནས་ནད་ཞི་བར་བྱེད་པ་ནི། ཙནྡན། སླེ་ཏྲེ། གུ་གུལ་དཀར་ནག །ག་པུར། ལ་རྒོད། དུར་བྱེད། ཆུ་རྩ། བཟང་དྲུག །ལི་ཁྲི། རྡོག་གཅིག །ད་ལི། བབ་བླ། མུཟི། ནི་ར། སྤང་སྤོས། རྒྱ་སྤོས་དེ་རྣམས་ལ། ཕོ་ཉའི་སྔགས་ཀྱི་གྲངས་བསྙེན་ལ་བརྟེན་ནས། རིལ་བུ་བྱས་ཏེ་ནུབ་རེ་ཟ། ནད་ཐམས་ཅད་ཀྱི་འགོག་ཏུ་གྱུར། ནད་ལ་སྨན་མི་གཟུགས་ན་སྨན་གཟུངས་སོ། །གི་ཝཾ། མཚལ། རྡོ་དྲེགས། རེ་ཀོ །ཀོན་ནག །གཟའ་དུག །གླ་རྩི། ཤུ་དག །རུ་རྟ། སླེ་ཏྲེ། ཨ་རུ། མུཟི། གྲི་ཁྲག །ལོ་བརྒྱད་ཆུས་ས་རིལ་བུ་བྱས་ནས་ཞག་བདུན་ནང་སྒྲུབ་ལྟར་བྱས་ནས། ཟོས་ན་ཀུན་གྱི་སྨན་དུ་མཆོག །དེ་ལྟར་སྨན་ལ་བརྟེན་ནས་ནད་ཞི་བའོ། ༧ །གསུམ་པ་མཚོན་ལ་བརྟེན་ནས་གཡུལ་ཞི་བར་བྱེད་པ་ནི། སྐྱེར་པའི་མདའ་ལ་གྲི་ལྕགས་མདེའུ་བཙུགས། ཕོ་ཉའི་སྔགས་གྲངས་སོང་ནས་གཡུལ་དུ་འཕངས་ལ། བདུད་རྩི་ནམ་མཁའ་ལ་བཏོར་ནས། དམ་ཅན་ཆེན་པོ་དགྲ་ལྷ་ཆེན་པོ་གཡུལ་ཞི་བར་མཛོད་ཅིག །སོགས་འདོད་དོན་གསོལ་བ་གདབ། ཡང་ན་རལ་གྲི་ཡུ་བ་ལ་དར་ནག་བཏགས་ལ་རབ་གསེར། འབྲིང་དངུལ། ཐ་མ་མཚལ་གྱིས་བྲིས་ལ། ལྷ་བསྙེན་དང་། སྲོག་སྙིང་། ཕོ་ཉའི་སྔགས། དེ་མཐར་ཤམ་བུར། །

p. 602

བཛྲ་ཁ་ཁ་ཡར་སྣོ་དུལ་མཚོན་ལ་དུ་རིལ་མི་ལི་རཀ་སྭཱ་ཧཱ། བྲིས་ནས་བརྟག་པ་ཕྱོགས་སུ་གཡུགས་ནས་ཞིའོ། །ཁྲབ་དང་ཕུབ་རྨོག་སོགས་གོ་ལ་བཏབ་ན་མཚོན་གྱི་གནོད་པ་ཞིའོ། །དེ་ལྟར་མཚོན་ལ་བརྟེན་ནས་གཡུལ་ཞིའོ། ༈ །བཞི་པ་རྫས་ལ་བརྟེན་ནས་བགེགས་ཞི་བར་བྱེད་པ་ནི། གུ་གུལ་དཀར་ནག །ཕག་ཚིལ། ར་རྟ་ཁྱི་གསུམ་ཁྲག །མི་གསུམ་བསད་པའི་གྲི། རྡོ་གྲིར་ཤི་བའི་ཤ་ཁྲག །ཕ་ཝཾ་ལོང་བུ། སྤྱང་བྲུན། གངས་སྦལ་ཤ །བྱི་ལ་ནག་པོའི་ཁྲག །ཡུགས་ས་སྟག་ལོའི་སྲིན་མཛུབ་ཕུག་པའི་ཁྲག སྲམ་ཤ །གཙང་པའི་ཤ །དེ་རྣམས་སྒྲུབ་པའི་སྐབས་སུ་སྔགས་བཏབ། དུས་རྒྱུན་གྲིབ་ཅི་རིགས་ལ་བདུག་ན་ཕན། གླ་རྩི། ར་ཁྲག །ཕག་ཁྲག །སྦལ་སྦྲུལ། །སྤྱང་། སྡོམ། སྡིག་ཁ་བརྒྱ། སྲམ་ཤ ཆུ་གླང་རྭ། གསེར་དངུལ་བྱི་རུ་དུང་མུ་མན་མུ་ཏིག་ཟངས་ལྕགས་རྣམས། ལོ་ཐོག་བགེགས་ཀྱིས་བཅོམ་པའི་དུས་བཙའ་ཚིག་སད་སེར་འོང་། བཙའ་བའི་དུས་སུ་རིན་ཆེན་བུམ་པའི་ནང་། རྫས་རྣམས་བཏབ། ཆུ་ནང་བ་འོ་བླུགས་པའི་སྔགས་ཤམ་བུ་འབུམ་ཐེར་བཏོན་ཏེ་ཞིང་ལ་གཏོར། ཨོཾ་ཀུ་ལ་བཤའ་ཡ་དམར་པོ་ཛྭ་ལ་ཧ་རོ་ཤཱནཾ་ཀུ་རུ་ཧཱུྃ། རང་མདུན་ཕོ་ཉི་སྣ་ལ་ཆུ་ཁ་དོག་སྣ་ལྔ་བབ། ལོ་ཐོག་ལ་བཙའ་བབ་པ་དེ་མེ་ལོང་གཡའ་དག་པ་བཞིན་དག་པར་བསམ། ༢ ཡང་ན་བཤའི་བྷ་ཏོ་ཆེན་པོའི་ནང་དུ་ལིང་ག་མགོ་བྱ། ལུས་དྲོད་པ་འདྲ་བ། ལག་པ་མིའི་ལག་པ་འདྲ་བ་གཅིག་མཇུག་མ་སྦྲུལ་ལ་དཔེའུ་རིས་

p. 603

ལྟར་བྱས་ལ་བཀུག་གཞུག་སྤྱི་ལྟར་བྱས་ཏེ་ཡུལ་མི་ཕོ་མོ་རྣམས་ཀྱི་ཕོས་མཚོན་བཟུང་ལ་དེད། མོས་སླ་ང་བརྡུང་ལ་ཕོ་ལང་བཏབ། ལམ་གསུམ་འདུས་མདོར་མནན། ༧ ཚིག་ཤོར་ན་གོང་གི་རྫས་གླ་རྩི། བཙོད་ཁྲག ། གཉིས་བྱུང་ཀླུ་སྨན་བསྣན་ལ་ཟངས་བུམ་ཆུ་མིག་གཉེན་པོ་ལ་ཁྲུས་བྱས་ལ་རྩ་སྔགས་མཐར། ཀླུའི་དེད་དཔོན་ཆེན་པོ་ཆར་ཕོབ་ཅིག །ཅེས་རང་མདུན་ཕོ་ཉའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཟངས་ཀྱི་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། ཕྱོགས་བཞིའི་ཀླུ་རྒྱལ་སྙིང་ནས་གཟུངས་ནས་རང་མདུན་དུ་བཀུག་པར་བསམ། བདག་བསྐྱེད་ཐུགས་ཀ་ནས་ཧཱུྃ་ཡིག་གི་རྣམ་པར་འོད་ཟེར་འཕྲོས་པས་ཀླུ་ལ་ཕོག་པས་ཀླུའི་རྒྱལ་པོས་དད་པས་དབང་པའི་སྲོག་སྙིང་ཕུལ་ནས་ཆར་བབས་པས་ལོ་ཏོག་གི་འཇིགས་པ་ཐམས་ཅད་ཞི་བར་བསམ། ༢ སད་བྱུང་ན་གོང་གི་རྫས་ལ་ལུག་རུ་སེར་པོ། རྨ་བྱའི་ཤ །དེ་ཕོའི་སྒོ་ང་། རྟ་མཚལ་བུའི་ཁྲག །ཀྱང་ལུད། དེ་རྣམས་ལ་རྩ་སྔགས་མཐར། ཨོཾ་ཤྲཱི་ཨ་འཐིན་སྤྲིན་སྡུས་སྔས་ས་པ་ར་སྭཱ་ཧཱ། དེ་ནས་གྲངས་བསྙེན་སོགས་ཆུ་ཕོ་རུ་གང་གི་ནང་དུ་བཏབ་ལ་སྒང་ཐུར་གྱིས་དཀྲུག་ལ། ཞོར་ལ་ལས་སྦྱོར་དུས་སུ་ནམ་ཕྱེད་ནས་ཉི་མ་ཤར་བར་རོ། །རང་ཉིད་ཡི་དམ་དང་མདུན་བསྐྱེད་དམ་ཅན་མདུན་གྱི་ཕོ་ཉ་དེ་རྣམས་ཀྱི་ཞལ་ནས་བསྐལ་པའི་སྤྲིན་བྱུང་ནས་ནམ་མཁར་སྤྲིན་གྱིས་ཁེང་པར་བསམ། ༢ སེར་བ་བྱུང་ན་ལྷ་བསྙེན་བཟླས་ལ་གོང་གིས་རྫས་རྣམས་མེ་ལ་བསྲེགས། བསྙེན་མཐར། ཨོཾ་རཾ་རཾ་འབར་བ་རྩལ་སརྦ་ཟློག༔

p. 604

ཤར་དུ་ཟློག༔ ལྷོ་རུ་ཟློག༔ ནུབ་ཏུ་ཟློག༔ བྱང་དུ་ཟློག༔ རཾ་རཾ་ཧཱུྃ་ཧཱུྃ་ཕཊ༔ རང་ཉིད་ཕྱག་ན་རྡོ་རྗེའི་གདོང་སེར་བ་ལ་ཕྱོགས་ནས། སེར་བའི་སྣ་འདྲེན་ཁོ་རང་ཡིན་པས་སྔོན་དུ་ཁས་བླངས་ནས་ཡུལ་ཕྱོགས་གཞན་རྣམས་དགྲ་ཡུལ་དུ་ལོག་པར་བསམ། ༧ ཞོད་ཆེ་ན་གོང་གི་རྫས་མེ་ལ་བསྲེགས་ནས། ནཱ་ག་ར་ཙ་ཆར་ཆོད། བསྙེན་སྔགས་གྲངས་ཐེབས་ཤམ་བུ་འདོགས། ལོ་ལ་བགེགས་བསྲུང་བའོ།། ༧ ཕྱུགས་ལ་བགེགས་ཀྱི་གནོད་པ་བྱུང་ན། གོང་གི་རྫས་དང་། ཤ་ཚིལ་རོ་སོལ་བཟུང་ཐལ་བཟང་དྲུག་འབྲས་བུ་གསུམ་འབྲོང་སྙིང་སྟག་སེན། སྲེ་མོང་ཤ །བིས་ལོའི་ཤ །ཤུ་དག །གཙང་པ་རྒྱ་བོའི་ཤ །གྲི་ཤ་གྲི་ཁྲག་རྣམས་ལ་རྩ་སྔགས་འབུམ་བསྙེན་བཏབ། རྟ། ནོར། ལུག །ར། བ། བོང་བུ། ཁྱི་ལ་སོགས་པ་ལའང་བདུག་དང་བླུད་ནི་ཕན། དེ་ལྟར་རྫ་ས་ལ་བརྟེན་ནས་བགེགས་བསྲུངས་བའོ།། ༧ ལྔ་པ་འབྲུ་ལ་བརྟེན་ནས་དབུལ་འཕོང་ཞི་བ་ནི། ནས། །འབྲས། གྲོ། བྲ་བོ་ལ་ཕྱེ་བྱས་ནས་སྔགས་བཏབ། ཕྱེ་དེ་ཆུ་ཆེན་དུ་དོར་ན་ཆུ་དེ་ཁར་སོང་ཚད་གྱི་མི་དབུལ་འཕོང་སེལ། འབྲུ་སྣ་ལྔ་དཀར་ནག་གང་འཛོམས་ཕྱེ་ལ་བཤོས་བུ་ཟླུམ་པོ་རྩེ་རྒྱལ་ལ་རྩ་སྔགས་ཤམ་འབུར། ཨོཾ་ཨཱ་ཨཀོ་བྷེ་སིདྡྷི་ཕ་ལ་ཧཱུྃ། བང་མཛོད་དབུས་སུ་བཞག་ན་དབུལ་འཕོང་སེར་སྣ་ཞི་བར་འགྱུར་རོ། ༧ དྲུག་པ་འཁོར་ལོ་ལ་བརྟེན་ནས་ནད་ཞི་བ། བར་ཆད་ཞི་བ། ལྷ་སྲིན་གདུག་པ་ཞི་བ། སྐག་ཞི་བ། བདུན་ཟུར་ཞི་བ། གཤེད་

p. 605

ཞི་བ། ཚེ་རིང་བ། བགེགས་ཞི་བ། གདོན་ཞི་བ། ལོ་དགྲ་ཞི་བ། ཕྱུགས་ནད་ཞི་བ་དང་བཅུ། དམ་ཅན་རྡོ་རྗེ་ལེགས་པ་ཞི་བར་སྒྲུབ་པ་ལས་སྦྱོར་བཅས་རང་གི་གྲྭ་རིགས་ཐམས་ཅད་ཀྱིས་ཡང་ཡང་བསྐུལ་ངོར། མངའ་བདག་ཉང་གི་མགར་ནག་དང་བསྟུན། །རྒྱུད་དང་མཐུན་པར་ཨ་རཱ་གས་འབུམ་དཀར་དུ་བྲིས། ཉེས་འགལ་མཆིས་ན་འཁོར་དུ་བཟོད་ནས་བཤགས།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

Pecha page