མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་དམ་ཅན་མགར་བ་དམར་ནག་གི་མཆོད་ཕྲེང་།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ དམ་ཅན་མགར་བ་དམར་ནག་གི་མཆོད་ཕྲེང་བཞུགས་སོ།།
གཏོར་མ་བདུད་རྩིའི་རྒྱ་མཚོ་དཔག་ཏུ་མེད་པར་གྱུར། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། རང་གི་མདུན་དུ་མགར་ནག་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཐོ་བ་དང་སྐྱུད་པ་འཛིན་ཅིང་བེར་ནག་གྱོན་ནས་ར་སྐྱེས་ལ་ཞོན་པ༔ མགར་དམར་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་དགྲ་སྙིང་། །དར་དམར་གྱི་བེར་དང་ལ་ཐོད་ཅན་སེང་གེ་ལ་ཆིབས་པ༔ དེ་གཉིས་ཀྱི་ཐུགས་སྲོག་ལ་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་དཔག་མེད་འཕྲོས་ནས་རྡོ་རྗེ་ལེགས་པ་སྤྱན་དྲངས་པར་གྱུར། །རང་རང་གི་གནས་ནས་སྤྱན་དྲངས་སོ། །ཞེས་སོ།
ཧཱུྃ༔ འོག་མིན་རྣམ་སྣང་ཞིང་ཁམས་ནས༔ ཡེ་ཤེས་རྡོར་ལེགས་གཤེགས་སུ་གསོལ༔ མ་ལ་ཡ་ཡི་གནས་མཆོག་ནས༔ དམ་ཚིག་རྡོར་ལེགས་གཤེགས་སུ་གསོལ༔ ནུབ་ཕྱོགས་ཕ་ཝང་ལོང་བུ་ནས༔ སྐྱེས་བུ་རྡོར་ལེགས་གཤེགས་སུ་གསོལ་འོ་ཡུག་ཤང་གི་བྲེ་མོ་ནས༔ གཙང་བཙན་རྡོར་ལེགས་གཤེགས་སུ་གསོལ༔ རྒྱ་བོད་མདོ་གཙང་གནས་རྣམས་ནས༔ སྤྲུལ་པའི་རྡོར་ལེགས་གཤེགས་སུ་གསོལ༔ བདག་གིས་དགྱེས་པའི་གདན་བཏིང་ན༔ དམ་ཅན་མགར་བ་བཞུགས་སུ་གསོལ༔ ཧཱུྃ༔ སྐྱེས་བུ་ཆེན་པོ་འཁོར་བཅས་ལ༔ ཕུད་རྒོད་ར་ཡི་
ཤ་ཁྲག་གསུར༔ ར་སྐྱེས་མདའ་དར་རྔ་ཁྲབ་དང་༔ བཤོས་བུ་མཁར་ཐབ་མཆོད་པ་འབུལ༔ དངོས་འབྱོར་ཡིད་སྤྲུལ་མཐུན་རྫས་འབུལ༔ རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་༔ བདག་གིས་ཕྲིན་ལས་མ་ལུས་ཀུན༔ ཁྱོད་ཀྱིས་མྱུར་དུ་བསྒྲུབ་ཏུ་གསོལ༔ དབུ་རྒྱན་པདྨ་འབྱུང་གནས་དཀར༔ གཡས་པས་རྡོ་རྗེ་གཡོན་བྷནྡྷ༔ ཁ་ཊཾ་གྲུ་མོར་བརྟེན་པ་ནི༔ པད་ཞྭ་སྒོ་དར་མེ་ལོང་བརྒྱན༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ པདྨ་ཉི་སྟེང་གསལ་བར་བཞུགས༔ འོད་ཟེར་དཔག་མེད་འཕྲོ་བ་སྟེ༔ དམ་ཅན་སྐྱེས་བུའི་གཙུག་དུམ་ལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དེ་ཡི་བཀའ་ཉན་ཕོ་ཉ་བ༔ དམ་ཅན་གཡས་པས་རྡོ་རྗེ་ལེགས༔ གཡོན་པས་ནེའུ་ལེས་དངོས་གྲུབ་སྩོལ༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་གིས༔ སེང་གེ་དཀར་མོའི་སྟེང་ན་བཞུགས༔ དབུ་སྐྲ་ཁམ་པ་སྟོང་གསུམ་ཁྱབ༔ ལྕེ་ནི་གློག་དམར་འཁྱུགས་པ་སྟེ༔ རྣལ་འབྱོར་པ་ལ་སྡང་བྱེད་རྣམས༔ ལྕེ་ཡིས་ཉུལ་ནས་ཟ་བར་བྱེད༔ མིག་གཉིས་ཉི་ཟླ་ལྟ་བུ་དེས༔ ཁམས་གསུམ་སྲིད་གསུམ་རྩིས་ལ་འདེབས༔ སེན་མོ་ལྕགས་ཀྱུ་རྣོན་པོ་དེས༔ མི་རྣམས་
ཐམས་ཅད་དབང་དུ་བསྡུས༔ ཅི་བཅོལ་ལས་རྣམས་སྒྲུབ་པར་བྱེད༔ དམ་ཅན་ཆེན་པོར་ཕྱག་འཚལ་བསྟོད༔ གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག༔ རྡོ་རྗེ་ལེགས་པ་སྐུ་མདོག་ནག༔ ཞལ་གཅིག་ཕྱག་གཉིས་འོབ་ཞུ་གསོལ༔ གཡས་པས་ཐོ་བ་གཡོན་པ་ཡིས༔ ར་ཡི་སྦྱད་པ་ཐོགས་ནས་ཀྱང་༔ ཞལ་གདངས་ལྗགས་འདྲིལ་ཁྲོ་བོའི་ཆས༔ སྐུ་ལ་བེར་གསོལ་རྭ་སྐྱེས་ཆིབས༔ མགར་བ་ནག་པོར་ཕྱག་འཚལ་བསྟོད༔ གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག༔ སྐྱེས་བུ་དམ་པ་སྐུ་མདོག་ནག༔ དབུ་སྐྲ་ཐོར་ཅོག་མཛད་ནས་ནི༔ གཡས་པས་ར་ཡི་ཐོད་ནས་བཟུང་༔ གཡོན་པས་ནེའུ་ལེས་དངོས་གྲུབ་སྟེར༔ འདོར་ཐབས་རིན་ཆེན་རྒྱན་གྱིས་བརྒྱན༔ དཀོར་བདག་ཆེན་པོར་ཕྱག་འཚལ་བསྟོད༔ གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ ཕོ་ནད་མཁྲིས་ནད་ཞི་བ་དང་༔ མི་ནད་ཕྱུགས་ནད་ཞི་བ་དང་༔ རྟ་ལུག་ནོར་གྱི་གོད་ཁ་ཆོད༔ དཀོར་རྣམས་སྲུངས་ལ་ཇག་རྐུན་ཆིངས་ཕོ་ལྷོག་གླང་ཐབས་མཁྲིས་བཤལ་དང་༔ ཆོ་འཕྲུལ་སྣ་ཚོགས་དགྲ་ལ་ཐོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་
མཛོད༔ ཨོཾ་ཨཱཿཧཱུྃ་རཀྟ་ཨ་པ་སྐ་ར་སརྦ་སིདྡྷི་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧྲཱི༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལི་ཏ་ཁཱ་ཧྲཱི༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཛཿཛཿ ཨི་དཾ་བ་ལི་ཏ་ཁཱ་ཧྲཱི༔ ཨོཾ་པ་ཀ་ར་ཀ་ལ་ལོ་ཀ་པ་ལ་སིདྡྷི་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧྲཱི༔ བསྐུལ་བ་བསྲུང་འཛིན་མཇུག་ལྟར་རོ༔ ཞེས་གནམ་ཆོས་གཞུང་ནས་འདོན་འགྲིགས་སྒྱུར༔ རཱ་ག་ཨ་སྱས་བྲིས་པ་ལ་འགལ་བ་མཆིས་ན་སྐྱེས་བུ་འཁོར་དང་བཅས་ལ་བཤགས༔ དགེ་བས་ཟབ་གཏེར་བསྟན་པ་དར་ཞིང་སྤྲུལ་སྐུ་རིན་པོ་ཆེ་སྐུ་ཚེ་རིང་ཞིང་ཕྲིན་ལས་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་རྡོ་རྗེ་ལེགས་པའི་ཚོགས་ལས་རིན་ཆེན་ཕྲེང་བ།
དམ་ཅན་རྡོ་རྗེ་ལེགས་པའི་ཚོགས་ལས་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
དཔལ་དྲེགས་པ་རྟ་མགྲིན་ལ་ཕྱག་འཚལ་ལོ། །དམ་ཅན་རྡོ་རྗེ་ལེགས་པའི་མཆོད་རྫས་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱུན་གྱི་གཏོར་མ་འབུལ་བའི་རིམ་པའོ། །ཉེར་མཁོ་ལག་ལེན་མན་ངག་བཤད་པར་བྱ། འདི་ལ་གསུམ་སྟེ། བགེགས་བསྐྲད། ཚོགས་བྱིན་གྱིས་བརླབས་པ་དང་། ཚོགས་འབུལ་བཤགས་པ་བྱ་བ་དང་གསུམ། དེ་ལ་དང་པོ་ཚོགས་གཏོར་རིན་པོ་ཆེའི་སྣོད་དུ་ཚོགས་རྫས་སྨན་དང་རཀྟ་སོགས་ལེགས་པར་བཤམས་ལ་དང་པོ་བགེགས་བསྐྲད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། ན་མོ། བླ་མ་སངས་རྒྱས་ཆོས་དགེ་འདུན་དང་། ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ཚོགས་དང་བཅས་པའི་བདེན་པ་དང་། བྱིན་རླབས་ནུས་མཐུ། སྔགས་འཆང་རིག་
འཛིན་རྣལ་འབྱོར་སྒྲུབ་མཆོག་སྔགས་དང་སྒྲུབ་པ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་ནུས་མཐུ་ཡིས། སྒྲུབ་གནས་འདིར་བྱོན་ཚོགས་འཁོར་བསྐོར་བ་ལ་བར་དུ་གཅོད་པའི་དམ་སྲི་ལོག་འདྲེན་བགེགས་ཀྱི་ཚོགས་མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། ཕྱིའི་སྒྲུབ་གནས་ལ་བྱིན་འཇུག་མི་བཅུག་པར། ནང་གི་དངོས་གྲུབ་ཡལ་བར་བྱེད་པ། མར་མེའི་མདངས་འཕྲོག་པ། སྤོས་ཀྱི་དྲི་བརྐུ་བ། མཆོད་པའི་མདངས་འཕྲོག་པ། ལྷའི་བྱིན་རླབས་བཅོམ་པ་གཏོར་མའི་མདངས་བཅག་པ། ཡར་འགྲོ་ན་མར་འཐེན་པ། རྟ་རྒྱུག་ན་སྐེམས་བསྙུགས་པ། ཕྱུག་
མལ་གྱི་དབུལ་བཅད་པ། ཕུག་གི་མི་ལ་ན་ཚ་བཏང་བ། སྒོའི་ནོར་ལ་གོད་ཟག་བཏང་བ། ཕོའི་ཚེ་ལ་བརྐུ་བ། མོའི་མངལ་བརྐུ་བ། དཀར་ཐོག་བཅོམ་པ། མངར་ཐོག་རློམ་པ། ལྷ་ཡི་དངོས་གྲུབ་མྱུར་དུ་བསྒྱུར་བ། ཚེ་དང་བསོད་ནམས་ལ་བར་དུ་གཅོད་པ། བསམ་པ་བཟང་པོ་སྒྲུབ་པ་ལ་མི་འགྲུབ་པར་བྱེད་པ། བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ། ལྷའི་དངོས་གྲུབ་ལ་བར་དུ་གཅོད་པ། མཁའ་འགྲོའི་ཚོགས་འཁོར་ལ་བར་དུ་གཅོད་པར་བྱེད་པའི་དམ་སྲི་སྒབ་འདྲེ་གདོན་བགེགས་འབྱུང་པོ་ཡས་དང་གླུད་ལ་རེ་ཆེ་བ་ཐམས་ཅད་གླུད་ཀྱི་གཏོར་མ་ཡས་སྟགས་འདི་ལ་ཁུག་ཅིག །ཧཱུྃ་ཧཱུྃ་ཧཱུྃ། ཞེས་ལན་གསུམ་བརྗོད། ཨོཾ་ཡིག་ལས་བྱུང་སྣོད་ནང་དུ། །ཧཱུྃ་ཡིག་ལས་བྱུང་གླུད་གཏོར་འདི། །དྲི་རོ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨ་ཀཱ་རོ༔ ལན་གསུམ། ན་མ་སརྦ་ཏ་ཐཱ་ག་ཏ་སྦྱོ་བི་ཤྭ་སོགས་ལན་གསུམ། ཨོཾ་བིགྷན་གྷིནྡ་བྷ་ལི་ཏ་ཡེ་སྭཱ་ཧཱ། གླུད་གཏོར་འདོད་པའི་ཡོན་ལྔ་དང་ལྡན་པ་འདི། གང་དག་དཀར་ཕྱོགས་ལ་མི་དགའ་བ། ནག་ཕྱོགས་བདུད་རིགས་ལོག་ལྟ་ཅན་གདོན་བགེགས་འབྱུང་པོ་དམ་སྲི་ལོག་པར་འདྲེན་པ་རྣམས་ལ་བསྔོ་བར་བསྔོས་པ་བཞིན་
དུ་ཚིམས། རེ་བ་བཞིན་དུ་བསྐང་། ལ་ཏོར་གཟུགས་མར་མེ། ཆངས་བུ། ཡས་སྟགས་རྣམས་ཁྱེར་ལ། མཐའ་མེད་རྒྱ་མཚོའི་ཕ་རོལ་དུ་སོང་ཞིག གལ་ཏེ་མི་འགྲོ་བར་བཀའ་ལ་མི་བརྩི་བ་རྣམས། ང་ཉིད་ཁྲོ་རྒྱལ་པདྨ་རྟ་སྐད་འཚེར་བས་མགོ་བོ་ཚལ་པ་བརྒྱར་ཁོས། ལུས་དུམ་བུ་སྟོང་དུ་བྱས། སེམས་རྡོ་རྗེའི་དམྱལ་བར་འགྲོ་བར་གྱུར། ཨོཾ་སུམྦྷ་ནི་སོགས། ཕྱི་རོལ་ཚིག་ཕྱེ་སོགས་རྡོ་ནག་བྲབ། གུ་གུལ་བདུག ཧཱུྃ། རང་ཉིད་ཡི་དམ་ཐུགས་ཀ་ནས། །འོད་དང་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་མཚམས་རྡོ་རྗེའི་ར་བ་དང་། །རྡོ་རྗེའི་གུར་དང་ས་གཞིར་གྱུར། །ཕྱོགས་མཚམས་ཁྲོ་བོའི་བསྐལ་མེ་འབར། །ནང་དུ་རང་དང་བསྲུང་བྱ་ཚུད། །ཁྲོ་བོ་རྡོ་རྗེའི་རང་བསྲུངས་ནས། །བསྐལ་མེའི་གདོན་བགེགས་བསྲེག་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ། ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས། །ཚོགས་ཀྱི་རྣམ་རྟོག་སེར་སྣས་སྒྱུརློམ། །བསྲེགས་གཏོར་བཀྲུས་པས་གཙང་སྦྱར་གྱུར། །ཨོཾ་ལས་རིན་ཆེན་སྣོད་ཡངས་པའི། །པདྨའི་སྣོད་དུ་བྱིན་གྱིས་རླབས། །ཨཱལས་ཤ་ཆེན་ལས་བྱུང་ཚོགས། །བཅུད་
ཀྱི་ཚོགས་སུ་བྱིན་གྱིས་རླབས། །ཧཱུྃ་ལས་ཤ་ལྔ་བདུད་རྩི་ལྔ། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རླབས། །ཨོྃ་ལས་ཤ་ཧ་ཧོ་ཧིས་བྱིན་གྱིས་བརླབས། ཀྱེ། ཚོགས་ཁང་ཨོ་རྒྱན་གཞལ་ཡས་ནས། །བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས། །ཆོས་སྐྱོང་བསྟན་སྲུང་བཀའ་སྲུང་རྣམས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྒྲུབ་གནས་ཚོགས་ཁང་གཞལ་ཡས་ན། །ཞྭ་ཡི་མགོན་པོ་རྡོ་རྗེ་ལེགས། །སྐྱེས་བུའི་བཀའ་འཁོར་མ་ལུས་པ། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྤྱན་འདྲེན་བྱས་ནས་ཚོགས་ཕུད་བྱ་བ་ནི། ཨོཾ་ཨཱཿཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ལ་སོགས། །རྩ་བའི་བླ་མ་མ་ལུས་པ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྡོ་རྗེ་འཛིན་པའི་ལྷ་ཚོགས་སོགས། །ཡི་དམ་ལྷ་ཚོགས་མ་ལུས་པ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཨོ་རྒྱན་མཁའ་འགྲོས་དུར་ཁྲོད་ནས། །རྡོ་རྗེ་ཕག་མོ་ལ་སོགས་པ། དཔའ་བོ་མཁའ་འགྲོ་མ་ལུས་པ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བསིལ་བ་ཚལ་གྱི་དུར་ཁྲོད་
ནས། །མགོན་པོ་ནག་པོ་ལ་སོགས་པ། །བསྟན་སྲུང་དམ་ཅན་མ་ལུས་པ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕ་ཝང་ལོང་བུའི་ཕོ་བྲང་ནས། །དམ་ཅན་རྡོ་རྗེ་ལེགས་པ་ལ། །འཁོར་དུ་ཡེ་ཤེས་འཇིག་རྟེན་པ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་ནས། །ཁས་བླངས་སུམ་བརྒྱ་དྲུག་ཅུ་ལ། །རང་རང་དཔུང་དང་མངག་གཞུག་པ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །བོད་ཁམས་ཡུལ་དུ་སྐུར་སྟོན་པ། །བོད་སྐྱོང་བརྟན་མ་བཅུ་གཉིས་སོགས། །བོད་ཁམས་སྨན་བཙུན་དམ་ཅན་ལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གཞན་ཡང་སྐྱེས་བུའི་བཀའ་འཁོར་ན། །གནས་པའི་གིང་དང་ཕོ་ཉ་རྣམས། །ཚོགས་མཆོད་འོས་པ་ཐམས་ཅད་ལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །སྒྲུབ་གནས་འདི་ལ་བྱིན་ཕོབ་ཅིག །ཚོགས་གཏོར་འདི་ལ་བཅུད་ཕོབ་ཅིག་མར་མེ་འདི་ལ་མདངས་ཕྱུངས་ཤིག །མདའ་དར་འདི་ལ་རྟེན་ཆོས་ཤིག །ཨོཾ་ན་མོ་གུ་རུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཛྲ་ཙཎྜ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཛྲ་མ་ཧཱ་ཀཱ་ལ་ག་
ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཛྲ་བེ་རོ་ཙ་ནི་ཌཱཀྐི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཛྲ་སཱ་དྷུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཛྲ་ལི་ཏི་ཛ་སརྦ་དུ་ཏྲི་ཙ་ཏྲི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བླ་མ་ཡི་དམ་གཏོར་མ་གསོས་ལ། ཚོགས་ཕུད་ཆ་གཅིག་མཐེབ་སྐྱུ་གསུམ་སྨན་ཏིང་རཀྟ་སོགས་འབུལ། དེ་ནས་བསྐང་བཤགས་བྱ་བ་ནི། ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནས། །བཀའ་བརྒྱུད་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཉོན་མོངས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས། །ཡི་དམ་ལྷ་ཚོགས་མ་ལུས་ཐུགས་དམ་བསྐང་། །རྟེན་འབྲེལ་མཐའ་རུ་ཕྱིན་པའི་ཕོ་བྲང་ནས། །མཁའ་འགྲོ་ཀུན་འདུས་མ་ལུས་ཐུགས་དམ་བསྐང་། །བསྟན་དགྲ་ཐལ་བར་བརླག་པའི་དཀྱིལ་འཁོར་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །།རྣལ་འབྱོར་གདུང་བ་སེལ་བའི་ཕོ་བྲང་ནས། །དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་སྒྲུབ་པར་ཞལ་བཞེས་པའི། །སྐུ་མཆེད་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་། །དཔལ་གྱི་བཀའ་སྡོད་རང་རྟགས་སྲོག་སྙིང་ཕུལ། །བོད་སྐྱོང་བཅུ་གཉིས་འཁོར་བཅས་ཐུགས་དམ་བསྐང་། །སྒྲུབ་པོའི་བཀའ་བཞིན་སྐྱོང་བར་ཞལ་བཞེས་པའི། །
གིང་ཆེན་ཕོ་ཉའི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བས་བར་ཆད་མཚེར་རྩུབ་ཟློག །མཐོལ་ལོ་བཤགས་སོ་ཞྭ་ཡི་མགོན་པོའི་ཚོགས། །ཧཱུྃ། གཞན་ཡང་ཞྭ་ཡི་མགོན་པོ་འཁོར་བཅས་ཀྱི། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པས་འགལ་འཁྲུལ་གྱུར་པ་བཤགས། །ནོངས་པ་མཆིས་ལ་རང་གནོང་བཟོད་པར་གསོལ། །ལུས་ངག་ཡིད་ཀྱི་མ་རིག་དབང་གིས་ནི། །འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ། །དུག་གསུམ་དུག་ལྔ་ཤོར་བ་ཅི་མཆིས་པ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །བྱང་དག་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་ལྷག་ཆད་དང་ཡི་གེ་བརྒྱ་པ་བཟླས་སོ། །དེ་ནས་རྒྱུན་དུ་གཏོར་མའི་མཆོད་པ་ནི། ཡི་དམ་སྒྲུབ་པ་སྔོན་དུ་སོང་ནས་གསོ་བྲན་ལེགས་པར་བྱས་ནས། སྤོས་དང་རོལ་མོ་སོགས་འབུལ། བསངས་སྦྱངས་ལ། སྟོང་པའི་ངང་ལས་ཨཱལས་ཐོད་པའི་སྣོད་དུ་ཧཱུྃ་ལས་ཕུད་དང་གཏོར་མའི་ངོ་བོ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། གིས་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་དམ་ཅན་རྡོ་རྗེ་ལེགས་པའི་ལྷ་ཚོགས་སྤྱན་དྲངས། བཛྲ་ས་མཱ་ཡ་ཛཿཛཿ པདྨ་
ཀ་མ་ལཱ་ཡེ་ཧཱུྃ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ། བཛྲ་སྤ་ར་ཎ་རཏྟཱ་ཁཾ། ཨོཾ་ཨཱཿཧཱུྃ། གཏོར་མགྲོན་གྱི་ནི་ཡེ་ཤེས་པ། །དམ་ཚིག་པ་དང་དབྱེར་མེད་གྱུར། །ཕོ་ཕེ་ཕོ། དཔལ་ལྡན་དྲེགས་པ་འཁོར་བཅས་ལྗགས། །ཧཱུྃ་ལས་རྡོ་རྗེའི་སྦུ་གུ་ཡིས། །འོད་ཀྱི་གཏོར་མ་དྲངས་ནས་སུ། །གསོལ་བས་མཉེས་པ་བྱེད་པར་གྱུར། །ཨོཾ་ཨཱཿཧཱུྃ། ན་མོ༔ གུ་རུ་ཨ་མྲྀ་ཏ་ལ་ཁཱ་ཧི། ཆོས་སྐུ་རྡོ་རྗེ་འཆང་། བྲམ་ཟེ་ཆེན་པོ། བྲམ་ཟེ་བྲ་སེ། བྲམ་ཟེ་རྒྱལ་པོ། ས་ར་ཧ། ཤ་ཝ་རི། དབང་ཕྱུག །བླ་མ་རཱ་ཧུ་ལ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། ཀུ་ས་ལི་ཆེ་ཆུང་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་། ཏེ་ཁོ་ལོ་ནཱ་རོ། ཌོམ་བྷི་བ།། ཇོ་བོ་རྗེ། ཟླ་འོད་གཞོན་ནུ། རྗེ་དུས་གསུམ་མཁྱེན་པ། ཞང་ཚལ་པ་ལ་སོགས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གྲུབ་ཆེན་ཀརྨ་པ། སཾ་གྷ་ལཀྵ། རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། རིན་ཆེན་བཟང་པོ། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་རྗེ་
བདུན་པ། འདན་མ་རྣལ་འབྱོར། མི་བསྐྱོད་བཟང་པོ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སློབ་དཔོན་པདྨ་འབྱུང་གནས། རྒྱལ་བ་མཆོག་དབྱངས། ཡེ་ཤེས་མཚོ་རྒྱལ། མངའ་བདག་ཆེན་པོ། ཉང་གཏེར་སྟོན་ལ་སོགས་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་གྲུབ་ཐོབ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་ཆེན་པོ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོ་བླ་མེད་རྒྱུད་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁཱ་ཧི། སརྦ་པཉྩ་ཨ་མི་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་མགར་བ་ནག་པོ། སྐུའི་སྤྲུལ་པ་སེང་ཞོན། གསུང་གི་སྤྲུལ་པ་བྱ་ཞོན། ཐུགས་སྤྲུལ་འབྲུག་ཞོན། ཡོན་ཏན་གྱི་སྤྲུལ་པ་མགར་དམར། ཕྲིན་ལས་སྤྲུལ་པ་མོན་པ་རྟ་ནག །ཡང་སྤྲུལ་ཨ་ཙ་ར་དཀར་ནག །ནོར་བདག་ཡེ་ཤེས་གྲགས། གཉིས་སྤྲུལ་པ་མི་དཀར་འབུམ། དམར་པོ་
འབུམ། ནག་པོ་འབུམ། ཕོ་ཉ་སྟག་སྤྱང་སེང་གསུམ། ཡབ་མོན་པ་ནག་པོ། ཡུམ་མོན་པ་ནག་མོ། ཡབ་མྱེས་ཆོས་ཀྱི་རྒྱལ་པོ། སྐུ་མཆེད་སུམ་བརྒྱ་དྲུག་ཅུ། ཡུམ་བརྟན་མ་བཅུ་གཉིས། ཡ་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ནང་གི་གིང་ཆེན་སྡེ་བཞི། ཕྱིའི་འཛིན་གིང་བཞི་བཅུ། གསང་བ་རུ་ཏྲ་དྲུག་ཅུ། ཟ་བྱེད་གཅན་གཟན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་དབེན་གནས་སྒྲུབ་གནས་ཡུལ་རིས་རྒྱལ་ཁམས་འདིའི་ལྷ་སྲུང་ས་བདག་ཀླུ་གཉན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ནས། ཀུན་འགྲུབ་མཛོད། །ཅེས་ཕུལ་ནས་བཤགས་པ་བྱའོ། དེ་ནས་ལྷག་གཏོར་འབུལ་བ་ནི། །གཙང་ལྷག་གཅིག །སྦྲག་ལྷག་གཅིག་རྣམས་བཤམས་ལ། ཨོཾ་སཾ་ཨཱཡིག་ལས་བྱུང་བའི། །མདོས་གྱུར་པདྨ་བྷན་སོགས། །སོ་སོར་མཐུན་པའི་སྣོད་གྱུར་ནས། །གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །སོ་སོའི་ས་བོན་བཅས་གསལ་གྱུར། །འབག་རྩོག་དྲི་མ་མི་གཙང་རྣམས། །རང་ལྷའི་ཐུགས་ནས་རཾ་ཡཾ་ཁཾ། །འཕྲོས་པས་འབག་རྩོག་དག་ནས་སུ། །ཡིག་འབྲུ་གསུམ་
གྱིས་བྱིན་རླབས་གྱུར། །ཨོཾ་ཨཱཿཧཱུྃ། དེ་ནས་ལས་ཀྱི་སློབ་དཔོན་གྱིས་གཙང་ལྷག་ནམ་མཁར་གཏོར། ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །རྡོ་རྗེ་བྲག་དམར་བོད་སྐྱོང་མ། །ཤ་མེད་རྡོ་རྗེ་དཔལ་དང་ལྡན། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །མ་ཧཱ་དེ་ཝའི་བརྟན་མ་སྨན། །བོད་ཁམས་རྡོ་རྗེ་འཁོར་དང་བཅས། །འཁོར་དང་བཅས་པས་བཞེས་སུ་སྒྱུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་
བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །དབུ་རུ་སྙིང་ཚལ་སྲིང་གཅིག་མ། །བོད་ཁམས་རྡོ་རྗེ་གཡུ་སྒྲོན་མ། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། །གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །ལྷོ་རྒྱུད་དེ་སྙིང་སྐྱི་འཐིང་ན། །སྨན་ཅིག་རྡོ་རྗེ་ཡ་མ་སྐྱོངས། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་
ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །ཤིང་ཅིག་རྡེ་བ་སྐྱིལ་ཀྲུང་ན། །ཁུག་ཆོས་རྡོ་རྗེ་གཡར་མོ་གསིལ། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེས། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །གསེར་
ཕུག་ཨེ་ཀ་ཛཱ་ཊི་མ། །སྲིད་གསུམ་རྡོ་རྗེ་རལ་གཅིག་མ། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཆེ་པདྨ་བཛྲ་དང་། །རྗེ་འབངས་སྐྱ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །ཁམས་ཀྱི་ཁ་བྱི་བརྟན་མ་སྨན། །སྨན་གཅིག་རྡོ་རྗེ་བཙན་ལ་རོལ། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །།སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེས། །དྲན་
པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །ཀོང་ཡུལ་ཀོང་ཕུག་གངས་ཀྱི་ཡུམ། །གཡུ་བུན་རྡོ་རྗེ་ཀུན་ཏུ་བཟང་། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང། རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། ། ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །མོན་ཡུལ་རལ་ཕུ་འོད་འབར་མ། །གཙུག་འཆང་རྡོ་རྗེ་དྲིལ་བུས་སྒྲ། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག ། འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་
བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །དབུ་རུ་སྙིང་ཚལ་བྱང་གི་སྨན། །དེ་མོ་ཞེས་གྲགས་བགེགས་ཀྱི་གཙོ། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེས། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཧཱུྃ། གཙང་ཕུད་ཤ་ལྔ་བདུད་རྩི་ལྔ། །དཀར་གཏོར་འབྲུ་སྣ་བཅས་པ་འདི། །ནུབ་ཡུལ་ལ་བཙན་ཕོ་དེ་མོ། །མོ་བཙུན་རྡོ་རྗེ་ཀླུ་མོ་སྐྱོང་། །འཁོར་དང་བཅས་པས་བཞེས་སུ་གསོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་ཞི་བར་
མཛོད། །ཡམས་ནད་རིམས་ནད་སྣ་ཚོགས་སོགས། །མ་མོ་འཁྲུགས་པའི་ཁ་རླངས་བྱུང་། །འཁྲུགས་པའི་མ་མོ་ཕུད་ཀྱིས་བསྐང་། །སྣ་ཚོགས་ནད་རྣམས་ཞི་གྱུར་ཅིག །སྔོན་ཚེ་པདྨ་བཛྲ་དང་། །རྗེ་འབངས་སྐ་བ་དཔལ་བརྩེགས་ཀྱི། །ཁས་བླངས་ཐ་ཚིག་བོར་བ་དེ། །དྲན་པར་གྱིས་ལ་ཕྲིན་ལས་མཛོད། །ཨོཾ་རུ་ཏྲ་ཀྲ་ཏ་ཀ་ལི་མ་མོ་དེ་བཱ་རཏྣ་ཌཀི་ནི་ཀརྨ་ཌཱཀི་ནཱི། ལོ་ཀ་ཛཱ་ན་སརྦ་གྷ་ན་ཙཀྲ་ཁཱ་ཧི། ཞེས་ནམ་མཁར་མཆོད་ནས་ཕུད་ཀྱི་བཤལ་ཆུ་ནམ་མཁའ་ལ་གཏོར་ལ། ཨོྃ་ཨཱཿཧཱུྃ། ཕུད་གཙང་བཤལ་ཆུ་ལ་དབང་བ། བོད་ཁམས་པ་རྡ་མ། ག་ཡ་ན། གོ་སྨན། ལ་རོ་སྨན། ཚེ་རིང་ལ་རོ། པདྨ་མཆུ། སྤྱི་སྟོད་སྨན་བཙུན། སྨན་རིགས་གཙུག་འཚང་། ལག་རིང་རྡོ་རྗེ། ལྕམ་མོ་གངས་ཀྱི་རྡོ་རྗེ་སྲུངས། ལ་སྟོད་ཇོ་བོ། སྣ་ནམ་ཇོ་མོ་ལ་སོགས་པའི་མ་མ་བཅུ་གཉིས་ལ་འབུལ་ལོ། །ཐུགས་མཉེས་པར་བཞེས་ནས་བདག་སྒྲུབ་པ་པོའི་འགལ་རྐྱེན་མ་ལུས་པ་ཞི་བར་མཛོད། རུ་ང་དང་ཕྲག་དོག་དང་ཀོ་ལོང་མ་མཛད། དཀར་གཏོར་དང་བཤལ་ཆུ་བཞེས་ལ། སྔོན་གྱི་བཀའ་དང་དམ་ཚིག་བཞིན་མ་གཡེལ་བར། །
སངས་རྒྱས་ཀྱི་བསྟན་པ་སྲུངས། ཆོས་བཞིན་སྤྱོད་པའི་དཀོན་མཆོག་གསུམ་བླ་མ་དམ་ལྡན་སྔགས་པ་སོགས་ཀྱི་སྐུ་ཚེ་བརྟན་པ་དང་ཕྲིན་ལས་སྒྲུབ་པར་མཛོད། ནག་ཕྱོགས་བསྟན་དགྲ་དམ་ལོག་རྣམས། རམ་ནག་སེར་བས་བརྡུངས་བཞིན་དུ། ཐལ་བའི་རྡུལ་ལྟར་བརླག་པར་མཛོད། །ཅེས་ནམ་མཁར་མཆོད། དེ་ནས་ལས་ཀྱི་སློབ་དཔོན་གྱིས་སྦག་ལྷག་་བྲན་ལ། ཨོཾ་ཧཱུྃ་ལས་རིན་ཆེན་སྣོད་ཡངས་སུ། །ལྷག་གཏོར་རྒྱུ་ཆེན་འདོད་ཡོན་ལྡན། །སོ་སོའི་ཡིད་མཐུན་དམ་རྫས་གྱུར། །ཕུད་ལ་མི་དབང་ལྷག་མའི་བདག །མ་ཚོགས་མི་བསྲུན་བོད་ཁམས་སྐྱོངས། །གནོད་སྦྱིན་དཔལ་གནས་འཁོར་བཅས་ཡང་། །དགུང་སྔོན་སྟེང་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡང་དག་ཤེས་བཙུན་འཁོར་དང་བཅས། །གངས་དཀར་རྩེ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀོང་བཙུན་གཡུ་བུན་འཁོར་དང་བཅས། །གཡའ་རིའི་རྩེ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །
བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཁའ་རག་ཁྱུང་བཙུན་འཁོར་བཅས་ཡང་། །སྤངས་སེར་དཀྱིལ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མེ་ཏོག་ཟླ་བ་འཁོར་བཅས་ཡང་། །སྐྱེད་མོའི་ཚལ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྱང་བཙན་ཏིང་ལོ་འཁོར་བཅས་ཡང་། །ནགས་ཀྱི་འདབ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བོད་སྐྱོངས་གསེར་ཐང་འཁོར་བཅས་ཡང་། །ནམ་མཁའི་ལྷ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀུན་བཟང་མ་ཚོགས་འཁོར་བཅས་ཡང་། །གངས་སྙན་དཀྱིལ་ནས་གཤེགས་སུ་སྒྱུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤིན་ཏུ་དཔལ་མོ་འཁོར་བཅས་ཡང་། །གངས་རྒྱབ་ཚལ་ནས་གཤེགས་
སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀླུ་མོ་ཆེན་མོ་འཁོར་བཅས་ཡང་། །མ་སྤང་མཚོ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བོད་ཀྱི་གཡུ་བུན་འཁོར་བཅས་ཡང་། །སྤང་བྲག་དཀྱིལ་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀླུ་མོ་གཟི་འབར་འཁོར་བཅས་ཡང་། །ཆུ་བོ་དག་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བོད་ཁམས་སྐྱོང་མ་འཁོར་བཅས་ཡང་། །རང་རང་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ལྷག་མའི་གཏོར་མ་དང་། །དཀར་གཏོར་རྒྱན་ཅན་འབྲུ་སྣ་བཞེས། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཞིན། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །མ་བུ་གདུང་བཞིན་བརྩེ་བས་སྐྱོངས། །མི་ནོར་གདུང་བཞིན་བརྩེ་བས་སྐྱོངས། །མི་ནོར་ཁ་འཛིན་རྒྱབ་རྟེན་མཛོད། །ཕྱི་ནང་གསང་བའི་འགལ་རྐྱེན་ཟློག །
འཕྲལ་དང་ཡུན་གྱི་བར་ཆད་སྲུང་། །མི་དང་མི་མིན་འཚེ་བ་སྐྱོབས། །ཚེ་བསོད་འདོད་དགུ་ཕུན་ཚོགས་སྤེལ། །སྣང་སྲིད་རང་དབང་ཅན་དུ་བསྒྱུར། །ཉམས་པ་ཐམས་ཅད་དྲག་པོས་སྒྲོལ། །བསམ་དོན་ཕྲིན་ལས་ཀུན་འགྲུབ་མཛོད། །ཅེས་པ་ཕྱི་རོལ་ས་གཙང་དུ་བསྐྱལ། དེ་ནས་བཤལ་ཆུའི་བཤལ་ལ། ཨོཾ་ལས་རིན་ཆེན་སྣོད་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷག་མའི་བཤལ་ཆུ་རང་རང་ཡིད་དང་མཐུན་པའི་ལོངས་སྤྱོད་དུ་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ལས་ཀྱི་སློབ་དཔོན་གྱིས་ནམ་མཁར་གཏོར་ལ། ཕུད་དང་ལྷག་མ་མི་དབང་ཞིང་། ལྷག་མའི་བཤལ་ཆུ་ལ་དབང་ཞིང་དགའ་བ། ལས་ཀྱི་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། མཁའ་འགྲོ་ཕོ་ཉའི་བཀའ་སྡོད་རྣམས་ལ་འབུལ་ལོ། །གཞན་ཡང་སྒྲུབ་གནས་འདི་ན་གནས་པའི་མ་མོ། ཤ་ཟ། ཡི་དྭགས། འདྲེ་སྲིན་ཕྲ་མོ་ཡན་ཆད་དང་། གཞན་ཡང་རུ་ང་དང་གདུག་རྩུབ་ཀོ་ལོང་བསྡོམ་པ་རྣམས་ལ། ཕུད་ལྷག་མཚམས་པའི་སྐལ་བ་མེད་པ་རྣམས་ལ་བསྔོའོ། །བསྔོས་པ་བཞིན་དུ་ཚིམས། རེ་བ་བཞིན་དུ་བསྐངས་ནས། རུ་ང་ཕྲག་དོག་ཀོ་ལོང་གདུག་རྩུབ་ཞི་
ནས། ཞི་བའི་སེམས་དང་ལྡན་ནས་ལྷག་ཆད་ཀྱང་གནོད་པ་མེད་ཅིང་ཡུལ་ཁམས་ཐམས་ཅད་བདེ་བར་གྱུར་ཅིག །ཅེས་སྒྲུབ་ཁང་ཕྱི་རོལ་དུ་བསྐོར་ཞིང་ཡོངས། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། དོར་རོ། །དུས་ཀྱི་ཚོགས་དང་གཏོར་བསྔོས་ལྷག་གཏོར་འབུལ་བ་སོགས་ཉེར་མཁོ། ༧ ཨ་རཱ་གས་ཀརྨ་དགོན་དུ་བྲིས་པས་ཉེས་འགལ་བཤགས་ཤིང་། དགེ་བས་སངས་རྒྱས་བསྟན་པ་དར་གྱུར་ཅིག ༧ དཔལ་ཀརྨ་པའི་གདན་ས་ནས་སིདྡྷི་མ་ཧཱ། ཕྱག་དཔེར་ཞལ་བཤུས་ལས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།
ཚོགས་ཀྱི་འགྲེས་བྱང་།
ཚོགས་རྒྱས་པར་སྤྲོ་ན། ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །ཡེ་ཤེས་རྡོ་རྗེ་ལེགས་པ་ལ། །ཡེ་ཤེས་མཁའ་འགྲོ་རྒྱ་མཚོས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །མ་ལ་ཡ་ཡི་རྩེ་མོ་ནས། །དམ་ཚིག་རྡོ་རྗེ་ལེགས་པ་ལ། །དམ་ཚིག་མཁའ་འགྲོ་རྒྱ་མཚོས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཕ་ཝང་ལོང་བུའི་སྐུ་མཁར་ནས། །ལས་ཀྱི་རྡོ་རྗེ་ལེགས་པ་ལ། །ལས་ཀྱི་མཁའ་འགྲོ་རྒྱ་མཚོས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྒྲུབ་གནས་གཙུག་ལག་་སྒྱུ་ཆོས་འཁོར་ནས། །དམ་ཅན་རྡོ་རྗེ་ལེགས་པ་ལ། །འཇིག་རྟེན་མཁའ་འགྲོ་རྒྱ་མཚོས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྒྲུབ་གནས་སོགས། དེ་ནས་ཚོགས་འབུལ་རྒྱས་པར་སྤྲོ་ན། །ཧཱུྃ། འོག་མིན་གནས་མཆོག་དམ་པ་ནས། །ཡེ་ཤེས་རྡོ་རྗེ་ལེགས་པ་ལ། །ཡེ་ཤེས་མཁའ་འགྲོ་རྒྱ་མཚོས་བསྐོར། །འདིར་གཤེགས་ཚོགས་ཀྱི་མཆོད་པ་འབུལ། །ཅེས་བསྒྱུར་ལ། མ་ལ་ཡ་ཡི་རྩེ་མོ་ནས། །དམ་ཚིག་རྡོ་རྗེ་ལེགས་པ་ལ། །དམ་ཚིག་མཁའ་འགྲོ་རྒྱ་མཚོས་བསྐོར། །འདིར་གཤེགས་ཚོགས་ཀྱི་མཆོད་པ་འབུལ། །
ཕ་ཝང་ལོང་བུའི་སྐུ་མཁར་ནས། །ལས་ཀྱི་རྡོ་རྗེ་ལེགས་པ་ལ། །ལས་ཀྱི་མཁའ་འགྲོ་རྒྱ་མཚོས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྒྲུབ་གནས་གཙུག་ལག་ཆོས་འཁོར་ནས། །ཡེ་ཤེས་རྡོ་རྗེ་ལེགས་པ་ལ། །འཇིག་རྟེན་མཁའ་འགྲོ་རྒྱ་མཚོས་བསྐོར། །འདིར་གཤེགས་ཚོགས་ཀྱི་མཆོད་པ་འབུལ། །སྔོན་ཚེ་རྒྱལ༴ ཁས་བླངས༴ ཚོགས་ཀྱི་པྲ་ཁྲིད་ནི། ཐོག་མར་བགེགས་གཏོར་མི་གཟུགས། ཆངས་བུ་མར་མེ་ཏིང་ལོ། ཚོགས་ནི་བང་རིམ་གཉིས་བརྩེགས་སྟེང་མི་རོ། དེའི་སྟེང་བང་རིམ་གཅིག་གི་སྟེང་ཟན་རིལ་གསུམ། དེའི་སྟེང་ཚོགས་པ་གཞུང་ལས་བཤད་བཞིན་བཤམས་ལ། ཚོགས་ཤ །སྨན་དང་རཀྟ། དེ་ནས་ཚོགས་ཀྱི་གཙང་ཕུད་དཀར་གཏོར་འདབ་བཞི་བང་རིམ་བཅུ་གཉིས་བསྐོར། དེ་ནས་ལྷག་གཏོར་དཀར་གཏོར་པད་འདབ་བཅུ་གཉིས། བཤལ་ཆུ་ཏིང་ལོ་སྨན་ཏིང་བཅས། སྔོན་ལ་བརྟན་མའི་དཀར་གཏོར། བར་ལ་སྐྱོངས་མ་དཀར་གཏོར། རྗེས་མ་ཡ་མ་སྨན་ཏིང་སོགས་འབུལ་ལོ། །དགེའོ། །སརྦ་མངྒ་ལཾ།། །།
དམ་ཅན་ལ་ར་འབུལ་ཐབས།
དམ་ཅན་ལ་ར་འབུལ་ཐབས། ཧཱུྃ། བཅོམ་ལྡན་དཔལ་ཆེན་རྟ་མགྲིན་གྱི། །ཐུགས་ལས་སྤྲུལ་པའི་སྟོབས་པོ་ཆེ། །འཇིག་རྟེན་དྲེགས་པའི་སྣ་འདྲེན་ཅིང་། །འཇིག་རྟེན་སྟོང་གསུམ་དབང་བསྒྱུར་བ། །དམ་ཅན་མགར་བ་ནག་པོ་ལ། །མཐུན་པའི་དམ་རྫས་འབུལ་བ་ནི། །ཙ་ར་དཀར་པོ་གཉའ་ནག་འདི། །མིག་གཉིས་ཉི་ཟླ་ཤར་བ་འདྲ། །ཚེམས་ནི་སྐར་འཕྲེང་བསྒྲིགས་པ་འདྲ། །སྤུ་རྩིད་ལྷོ་སྤྲིན་འཁྲིགས་པ་འདྲ། །རུ་ཅོ་ཐབས་དང་ཤེས་རབ་འདྲ། །རྣ་བས་དགེ་སྡིག་གཏམ་ལ་ཉན། །རྨིག་བཞིས་བདུད་བཞི་ཟིལ་བ་གྱིས་ནོན། །དམ་ཅན་མགར་བ་ནག་པོ་ཡི། །ལས་ཀྱིས་བསྐོས་པའི་ནོར་སྐལ་ཡིན། །སྟོང་གསུམ་བསྐོར་བའི་ཆིབས་པ་ཡིན། །དར་ཚོན་རྔ་ཚོན་ཕོད་ཀྱིས་བརྒྱན། །མགར་བ་ནག་པོ་ཁྱེད་ལ་འབུལ། །ཙ་ར་འདི་ལ་བརྟེན་ཆོས་ལ། །བདག་ཅག་མི་ནོར་འཁོར་བཅས་ལ། །དུས་རྣམས་ཀུན་ཏུ་སྲུང་སྐྱོབ་མཛོད། །དམ་ཅན་མཆེད་ཟླ་བཅས་པ་ཀུན། །ར་སྐྱེས་འདི་ལ་བརྟན་པར་མཛོད། །བཀྲེས་ན་གསོལ་བའི་ཟས་སུ་འབུལ། །སྐོམ་ན་བཏུང་བའི་སྐྱེམས་སུ་འབུལ། །སྟོང་གསུམ་བསྐོར་བའི་ཚིབས་སུ་འབུལ། །ཅི་བཅོལ་
ཕྲིན་ལས་འགྲུབ་པར་མཛོད། །ཅེས་ར་རྩེན་རྒྱུ་བྱུང་དུས་རཱ་ག་ཨ་སྱས་སྨྲས་པའོ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པའི་དབང་སྒྲུབ་འགུགས་པ་ལས་ཀྱི་ལྕགས་ཀྱུའི་སྒྲུབ་པ།
དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པའི་དབང་སྒྲུབ་འགུགས་པ་ལས་ཀྱི་ལྕགས་ཀྱུའི་སྒྲུབ་པ་བཞུགས་སོ། །
དབང་གི་ལས་ཚོགས་སྒྲུབ་པ་ནི། །དབང་གི་ཕོ་ཉ་སྒྲུབ་པ་དང་། ཁམས་གསུམ་དབང་སྡུད་ལས་ཚོགས་དང་། །འབྲུ་ནོར་ལོངས་སྤྱོད་དབང་སྡུད་གསུམ། །དེ་ལ་དང་པོ་ཕོ་ཉ་སྒྲུབ་པ་ནི། །ཧཱུྃ། མདུན་བསྐྱེད་ལྷ་ཡི་ཐུགས་ཀ་ནས། །ཧཱུྃཡིག་དམར་པོ་གཅིག་འཕྲོས་པས། །ཁམས་གསུམ་སེམས་ཅན་རྣམས་ལ་ཕོག །སྙིང་རྗེ་ཆེན་པོས་དབང་བསྡུས་ནས། །འོད་ཟེར་ཚུར་འདུས་དམ་ཅན་སྐུ། །ཁམས་གསུམ་དབང་སྡུད་སྐུ་མདོག་དམར། །ཞི་མ་ཁྲོས་པ་གནོད་སྦྱིན་ཉམས། །ཕྱག་གཉིས་གཡས་ན་མདའ་དར་དང་། །ཁྲུས་བུམ་དབུ་དང་ཡིད་བཞིན་ནོར། །གཡོན་ན་ལྕགས་ཀྱུ་ཞགས་པ་
བསྣམས། །ཐོད་པ་སྐམ་རློན་རིན་ཆེན་བརྒྱན། །ཁམས་གསུམ་དབང་སྡུད་གཡུ་འབྲུག་ཞོན། །ཧྲཱི༔ དེ་ཡི་འཁོར་གྱི་དངོས་གྲུབ་ནོར་བདག་པ། །གཡས་སུ་རྣམ་ཐོས་སྲས་དང་རྒྱབ་ཏུ་ནི། །ཇི་ལྷ་མཆེད་ལྔ་ནོར་རྒྱུན་གཡོན་དུ་ནི། །འབྲོག་གནས་མཆེད་ལྔ་མདུན་དུ་ཡེ་ཤེས་གྲགས། །ཨ་པར་ཙིཏྟ་གནོད་སྦྱིན་ཟངས་མདོག་དང་། །ལྷ་མོ་བརྟན་མ་ལོངས་སྤྱོད་སྨན་རྩེ་དབང་། །ཞི་ཞལ་བཞད་ཉམས་འབུམ་ཕྲག་བཞི་ཡི་འཁོར། །ལྷ་ཚོགས་དེ་ལས་འོད་འཕྲོས་རང་གནས་ནས། །རང་འདྲ་སྤྱན་དྲངས་འདིར་གཤེགས་བཞུགས་སུ་གསོལ། །སྔོན་གྱི་
དམ་ཚིག་གཉན་པོ་མ་གཡེལ་བར། །ཀུན་དགའི་སྙན་ཕྲེང་བསྟོད་དབྱངས་སྤེལ་ཚིག་གིས། །བོས་ཚེ་མྱུར་བར་གནས་འདིར་གཤེགས་སུ་གསོལ། །ཕུན་ཚོགས་ཞིང་དེར་བྱིན་ཆེན་དབབ་ཏུ་གསོལ། །བདག་དང་ཁྱོད་གཉིས་ནམ་ཞིག་བྱང་ཆུབ་བར། །ལུས་དང་གྲིབ་བཞིན་འབྲལ་བ་མེད་བཞིན་དུ། །ཁྱོད་ཀྱིས་ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས། །བདག་གི་ལུས་སེམས་སྣང་བ་ཆོས་ལ་བསྒྱུར། །རྒྱལ་ཁམས་རྒྱལ་བློན་སེར་སྐྱ་བུད་མེད་དང་། །རིན་ཆེན་ནོར་དབྱིག་རྟ་ནོར་ལུག་བང་མཛོད། །རྐང་འགྲོས་སྣ་ཚོགས་དར་ཟབ་འབྲུ་སྣ་རས། །སྣམ་རས་ཏིལ་མར་དམིགས་འདུལ་མོས་པ་བཞིའི། །གང་ལ་ཅི་འདོད་སེམས་ཅན་དབང་དུ་བསྡུས། །ཧྲཱིཿ དམ་ཅན་དབང་གི་ཕོ་ཉ་དྲག་ཤུལ་ཅན། །འབྱུང་བ་རང་དབང་ལས་བསྒྱུར་ཡིད་འོང་ཚལ། །རྒྱ་མཚོ་བཅུད་ལྡན་འཛད་མེད་གང་གཱའི་རྒྱུན། །བདུག་པ་སྤྲིན་ཕྱོགས་ཕྱོགས་ཀུན་ཁྱབ་པའི་ངད། །ཚ་ཟེར་འབུམ་གྱིས་མདངས་དང་ལྡན་པའི་མེ། །རྒྱ་མཚོའི་མུ་མེད་སྣང་སྲིད་ཀུན་འགེངས་དྲི། །རི་རྒྱལ་ལྟར་འཛོམ་རོ་མཆོག་བཅུད་ལྡན་ཟས། །འབྲུག་སྟོང་ལྡིར་འདྲ་དུས་ཀུན་བཀྲོལ་
བའི་སྒྲ། །མཛེས་སྡུག་མིག་མཛེས་ཡིད་འཕྲོག་བསིལ་ཟེར་གཟུགས། སྤྲིན་ཕུང་ལྟར་འཁྲིགས་འཕན་གདུགས་ན་བཟའ་རེག །རྩིབས་སྟོང་མུ་ཁྱུད་དང་ལྡན་འོད་འབར་བ། །བསོད་འཕེལ་དོན་ལྡན་གཏི་མུག་མུན་སེལ་མེ། །ཁྱིམ་བདག་སྟོབས་ལྡན་ལྕང་ཤེས་མྱུར་བའི་ཤུག །མ་རུངས་རྒྱལ་བྱེད་མཐའ་ནོར་ནོར་ཆ་བདུན། །རང་ལུས་བསྲུང་དང་གཞན་སྲོག་གཅོད་པ་ཡི། །གོ་ཆའི་མཚོན་ཆ་དཀར་ནག་འབྲུ་སྣ་ལྔ། །ཁ་དཀར་མངར་སྐྱུར་ཞིམ་དགུ་འབྲས་བུ་དང་། །དཀར་གསུམ་མར་དང་མངར་གསུམ་རྐང་འགྲོ་སྟེ། །ཇ་ཆང་གསེར་སྐྱེམས་ཏིལ་མར་རྐང་ཚིལ་སྣུམ། །རས་ཕྲུག་བལ་ཚོན་དར་སྐུད་གོས་སྐུད་ཚེམ། །ཤེལ་སྒོང་ཙ་ར་དཀོར་ནོར་སྣ་ཚོགས་སོགས། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་དང་། །དབང་གི་ཕོ་ཉ་གནོད་སྦྱིན་ས་ཡ་བདུན། །མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དགའ་མགུ་དགྱེས་ཚིམས་མཉེས་པའི་རང་བཞིན་གྱུར། ། ཧཱུྃ། ཁམས་གསུམ་དབང་སྡུད་རྟ་བདུན་དབང་པོའི་ཟེར། །འབྱུང་བ་རང་དབང་ཅན་ཞོན་མཁའ་ལ་རྒྱུག །མྱུར་མགྱོགས་འདོད་རྒྱལ་ནོར་མཆོག་ཡ་གའི་
གསོས། །འགུགས་ཆིངས་ཤེས་རབ་ཀྱི་བསྣམས་ཁྱོད་ལ་བསྟོད། །རྐང་གཉིས་སྒོ་གསུམ་རློག་འདྲའི་ཕྱག་རྒྱས་བཀུག །མཁའ་ཁྱབ་འགྲོ་བའི་དཔལ་འབྱོར་ལོངས་སྤྱོད་བསྡུ། །དབང་ཕྱུག་ལས་ལྷག་དབང་བསྒྱུར་ཚངས་པ་འགུགས། །གང་ལ་གང་འདོད་ཉེ་བར་སྩོལ་ལ་འདུད། །འཁོར་གྱི་ངལ་གསོ་སྨུག་འཛིན་ཕོ་དང་མོ། །འབྲོག་གནས་ཡེ་གྲགས་གནོད་གནས་དངོས་གྲུབ་བདག །ཁྱད་པར་དབང་གི་ཕོ་ཉ་ཟངས་ཀྱི་མདོག །ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས་ལ་འདུད། །ཁྱེད་ལ་མཆོད་ཅིང་བསྟོད་པའི་བྱིན་ཅན་གྱིས། ཁམས་གསུམ་འདི་ཡི་སེམས་ཅན་དབང་དུ་སྡུས། །ཡུལ་ཕྱོགས་འདི་ཡི་རྒྱལ་པོ་དབང་དུ་སྒྱུར། །མངའ་རིས་འདི་ཡི་མི་སྡེ་དཔུང་དབང་སྡུས། །ཕྱག་འོས་བསྐུར་འོས་བླ་མ་རྒྱལ་བློན་སྡུས། །ཡོན་བདག་ཕོ་མོའི་ཡིད་དང་ལག་པ་བསྒུལ། །ཡུལ་འདིས་སྐྱ་སེར་ཀུན་གྱིས་སྙིང་རྩ་བསྒུལ། །ཁྱད་པར་ཡིད་ལ་དམིགས་པ་དབང་དུ་སྡུས། །མ་མཐོང་མཁན་གྱིས་ཁ་བསྒུལ་བྲ་ཁ་ཕྱེས། །མི་ཟད་རིན་ཆེན་གཏེར་གྱི་ནོར་རྣམས་ཕྱེས། །དགོས་འདོད་ཡིད་བཞིན་ནོར་བུ་ཆར་ལྟར་ཕོབ། །ཕྱུག་གཡང་ཟབ་གཡང་འཕེན་གཡང་
དབང་དུ་སྡུས། །སྐྱེ་ཡག་ལྟ་སྡུག་སྒོ་གསུམ་དབང་དུ་སྡུས། །འཇིག་རྟེན་ཁམས་ཀྱི་ཟས་ནོར་དབང་དུ་སྡུས། །ཡུལ་ཕྱོགས་འདིའི་སྦྱིན་བདག་དབང་དུ་སྡུས། །ལྷ་ཀླུ་གཞི་བདག་ཡུལ་ལྷ་དབང་དུ་སྡུས། །ནག་ཕྱོགས་དབང་བསྡུས་ཆོས་ལ་དཀར་བ་གྱིས། །ཨོ་བཛྲ་སཱ་དྷུ་ས་མ་ཡ། བཛྲ་སཱ་དྷ་གྷི་ཊི་སྭཱ་ཧཱ། ཞེས་གྲངས་བསྙེན་འབྲུ་འབུམ་མོ། །རང་ཡི་དམ་གསལ་བའི་ཐུགས་ཀ་ནས། འོད་ཟེར་དམར་པོ་ལྕགས་ཀྱུ་ལྟར་འཕྲོས་པས། དམ་ཅན་ཕོ་ཉེ་འཁོར་དང་བཅས་པའི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་ལ་ཕོག །སངས་རྒྱས་ཀྱི་མཐུ་བྱིན་དང་འགྲོ་བའི་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་དབང་ཐང་ཐམས་ཅད་དབང་དུ་བསྡུས། བདག་ལ་ལོངས་སྤྱོད་ཆར་ལྟར་བབས། ཚེ་བསོད་དཔལ་འབྱོར་ཟླ་བ་ཡར་གྱི་ངོ་ལྟར་བྱས། །འོད་ཟེར་ཚུར་འདུས་ཕོ་ཉ་ལ་ཐིམ། ཡང་ཕོ་ཉ་ལྕགས་ཀྱུའི་ཞགས་པའི་རྣམ་པར་འཕྲོས། ཡུལ་དེའི་སྐྱེས་པ་ཕོ་མོ་སྐྱ་སེར་རྒྱལ་བློན་རྣམས་ཀྱི་སྙིང་ནས་ལྕགས་ཀྱུས་བཟུང་། སྐེ་ནས་ཞགས་པས་སྡུད། རང་དབང་མེད་པར་དབང་དུ་བསྡུས་པར་བསམ། ཕོ་ཉ་བསྒྲུབས་པའོ།། ༧ གཉིས་པ་ཁམས་གསུམ་དབང་དུ་སྡུད་པའི་ལས་ཚོགས་ནི་དེ་ལ་སྤྱིར་ཁམས་གསུམ་དབང་སྡུད་དང་། དགོས་ཡུལ་ཕྱོགས་དབང་དུ་བསྡུས་པ། ལྷ་པ་སོ་སོ་དབང་དུ་བསྡུ་བའོ།། ༧ སྤྱིར་ཁམས་
གསུམ་དབང་སྡུད་རྫས་ལ། མི་ཁྲག །ར་ཁྲག །བོང་ཁྲག །མཚལ། དམ་རྫས་རིལ་བུ། བདུད་རྩི་ཨ་མྲྀ་ཏ། བྲག་ཞུན། སིན་དྷུ་ར། རིན་ཆེན་སྣ་ལྔ། ལྕགས་ཟངས་གསེར་དངུལ་དར་ཚོན་སྣ་ལྔ་ནི་བཞུ་བའི་ཁམས། །མུ་མེན། མུ་ཏིག །བྱུ་རུ། དུང་། གཡུ་ལྔ་མི་ཞུ་བའི་ཁམས། འབྲུ་སྣ་ལྔ། དར་སྣ་ལྔ། ད་ལི་མེ་ཏོག །ཨུཏྤལ་དམར་པོ། གླང་སྣ་དམར་པོ། ཙནྡན། རྒྱུ་སྐག །བཙོད། བྱང་སེམས་དཀར་དམར། མངལ་ཁྲག །མོ་རྒྱུད་མེད་ཁྲག །བུ་དགུའི་ཕའི་སེ་མོ་དང་གཉིས། བུ་མོ་དགུའི་མའི་སོ། པདྨ་རཀྟ། སྟག་ལོ་ཕོ་མོའི་ཁྲག །དམ་ལྡན་གྱི་སྔགས་པ་དང་། སྐྱེ་བོ་དགྲ་བླ་ཅན་གྱི་རུས་པ་རྣམས་ཕྱོགས་གཅིག་ཏུ་བཏུལ་ལ། རའམ། །ཟློསྤྲེའུ་མའི་གཟུགས་གཅིག་བཅོལ། སྲེ་མོང་གི་ཐོད་པའི་ནང་དུ་བཅུག །དར་སྣ་ཟ་འོག་གི་སྦས་ལ་དྲིལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ། ཝཀ་ཏྭཾ་ཀྲྀ་ཤི་ནི་ཀྲ་མ་ནི་སཱ་དྷ་ཧྲི་ཏྲི་སྭཱ་ཧཱ་པ་ཤཾ་ཀུ་རུ་སརྦ་ཨང་ཀུ་ཤ་ཛཿ ཞེས་བཟླ། འབུམ་གྲངས་ཐེབས་ནས། སྲེ་ཐོད་མཁར་རམ། རྒྱབ་རི་ལ་སྦས། མིའི་མི་རིག་པ་གསང་རྒྱ། མཚན། ཁམས་གསུམ་དབང་དུ་བསྡུས་ཤིང་། མཐར་མི་ནོར་འདུས་པ་ཐེ་ཚོམ་མེད་དོ། །གོང་གི་རྫས་རྣམས་དང་། ཡུངས་ཀར། བབ་བླ། རྡོ་དྲེག །མགར་བའི་ཁུལ་པ། ཐུན་དང་བསྲེས། རིལ་བུ་བྱས་ནས། ཐོད་པའམ། སྣོད་གས་ཆག་མེད་པའི་ནང་དུ་བླུགས། །དམར་པོའམ། དམ་རྫས་ལྟར། རིལ་ཆགས་བྱས། དར་དཀར་
དམར་གྱིས་ཁ་བཀབ། དབང་གི་སྐབས་སུ་ཤམ་བུའོ། །ཨོ་ཧྲི་བཛྲ་སཱ་དྷ་མི་སྙིང་བསྒུལ་བསྒུལ། ཡུལ་མི་སརྦ་ཎི༔ ཝ་ཤམ་ཀུ་རུ་ཧོ། ཞག་བདུན་ནམ་གསུམ་དུ་བསྒྲུབ་ལ། ཡུལ་མི་ལ་སྦྱིན། ཡང་ན་ནས་དང་བསྲེས་ལ་གཏོར། དེ་ནས་ཡུལ་ཁམས་དབང་དུ་འདུས་སོ། །རྣལ་འབྱོར་སྒྲུབ་པ་པོ་དེ་ཡི་དར་རམ། གསེར་དངུལ་ལ་སྔགས་ནས། བླ་མ་དབང་དུ་བསྡུ་ན། ཤམ་བུར། ཨོཾ་བཛྲ་སཱ་དྷ་ཧྲི་ཀུ་རུ་སརྦ་ཝ་ཤམ་ཀུ་རུ་ཧོ། ཁྲི་སྔགས་ནས་བླ་མ་ལ་འབུལ་ན་འདུའོ། །མཚལ་རིམ་ལ་སོགས་པ་བཏབ་ན་མི་དཔོན་དབང་དུ་བསྡུ་ན། ཤམ་བུར། ཨོཾ་བཛྲ་ཨངྐུ་ཤ་སརྦ་ཝ་ཤམ་ཀུ་རུ་ཧོ། སྟོང་རྩ་བཏབ་ནས། རང་གི་དཔྲལ་བ་ལ་ཐིག་ལེ། དེ་མཐོང་བར་དབང་དུ་འདུའོ།། ༧ གོང་གི་རྫས་རྣམས་སྨྱུག་ཚིགས་སུ་བླུགས་པས་རྒྱལ་པོ་དང་བློན་པོ་དབང་དུ་བསྡུ་བ་ནི། ཤམ་བུར། ཨོཾ་བཛྲ་སཱ་དྷ་ཧྲི་ཏྲི་རཱ་ཛ་ཧ་ཏ་སརྦ་ཝ་ཤཾ་ཀུ་རུ་ཧོ། ཨཱ་ཀརྵ་ཡ་ཛཿ དྲུག་ཁྲི་བཏབ་ནས་རྗེས་དེའི་བླ་རི་ཏུ་སྦས་པས་འདུའོ།། ༧ ཨ་རུ་ར། ཙནྡན། ད་ལི། བཟང་དྲུག །སྤོས་དཀར། ཨ་ག་རུ། ཛཱ་ཏི། གླང་ཆེན། སྤང་སྤོས། མཁན་དཀར། འཇའ་ཚོན་དར་ལྔ་རས་ལྔ། རིན་ཆེན་འབྲུ་སྣ་བསྲེས་ལ། ཕྱེ་མ་བྱས་ལ། ལྷ་ཀླུ་དབང་དུ་བསྡུ་བ་ནི། ཤམ་བུར། ༀ་བཛྲ་སཱ་དྷ་ཧྲི་ཏྲི་ཨཎཱ་ན་ག་ལོ་ཀ་པཱ་ལ་སརྦ་ཨཱ་ཀར་ཡ་ཝ་ཤཾ་ཀུ་རུ་ཧོ། སྟོང་ལྔ་བཏབ་ནས་རྒྱུན་བསངས་དང་
གསུར་ལ་བསྲེགས་པས་འདུའོ།། ༧ དྲི་བཟང་ལ་བཏབ་པས་སྐྱེ་བོ་དབང་དུ་བསྡུ་བ་ནི། ཤམ་བུར། བཛྲ་སཱ་དྷ་ཧྲི་ཊི་སརྦ་ཨངྐུ་ཤ་ཛཿ ཁྲི་ལྔ་བཏབ་སྟེ་ལུས་ལ་བྱུགས་ན་དྲི་ཚོར་བ་དེ་དབང་དུ་འདུའོ། །ཁ་ཟས་མངར་གསུམ་ལ་བཏབ་སྟེ་བུད་མེད་དབང་དུ་བསྡུ་བ་ནི་ཤམ་བུར། བཛྲ་སཱ་དྷ་ཧྲི་ཊི་མ་མ་ཧྥེ་མོ་ཎི་ཛཿ ཁྲི་གྲངས་བཏབ་ལ། གོང་གི་རྫས་སོ་གཉིས་དང་བསྲེས་ལ་བྱིན་པས་འདུའོ། །གསེར་གྱིས་བནྡྷེ་དབང་དུ་འདུའོ། །མཚལ་གྱིས་བོན་པོ་དབང་དུ་འདུའོ། །དུང་གིས་སྐྱེས་པ་དབང་དུ་འདུའོ། །གཡུས་བུད་མེད་དབང་དུ་འདུའོ། །སིནྡྷུ་རས་ན་ཆུང་དབང་དུ་འདུའོ། །ཅུ་གང་དཀར་པོས་སྟག་ཤར། ཛཱ་ཏིས་རྒྱལ་པོ། བཟང་དྲུག་སྨན་གྱིས་སྨན་པ། གེ་སར་གྱིས་བླ་མ། བབ་བླས་གཙོ་བོ་རྒན་གསུམ། སྤང་སྤོས་ཀྱིས་ཕུག་ལྷ། སྤོས་དཀར་གྱིསལྷ་ཀླུ་དབང་དུ་བསྡུ་བ་ནི། ཤམ་བུར། བཛྲ་སཱ་དྷ་ཧྲི་ཏྲི་སརྦ་པ་ཤཾ་ཀུ་རུ་ཧོ། ཁམས་གསུམ་སེམས་ཅན་བླ་མ་རྒྱལ་བློན་སྐུ་སེར་ཕོ་མོ་དབང་དུ་སྡུས་ཤིག །སྙིང་འགུལ་འགུལ་སེམས་བསླུས་བསླུས་ལག་ཁྱོག་ཛ། དྲུག་སྟོང་བཏབ་ལ་སྤྲེའུ་ཡི་ཐོད་པར་བཅུག །དར་རས་ཀྱིས་དྲིལ་ནས་ལུས་ལ་འཆང་ན་མིང་ཐོས་པ་དང་གཟུགས་མཐོང་བས་དབང་དུ་འདུའོ། །༧ དམིགས་པ་ཁོ་ནས་དབང་དུ་བསྡུ་ན། རང་ཡི་དམ་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཐུགས་ཀ་ནས་ཕོ་ཉའི་ཐུགས་ཀར། ཕོ་ཉ་ལྕགས་ཀྱུ་གྲངས་མེད་འཕྲོས། རྒྱལ་བློན་སྐྱ་སེར་དབང་དུ་
བསྡུས། མི་དེའི་སྙིང་ལ་ལྕགས་ཀྱུ་བཏབ། མདུན་དུ་བཀུག །རང་གི་སྨིན་མཚམས་ནས་འོད་ལྕགས་ཀྱུ་ཅན་ལྟར་གྲངས་མེད་འཕྲོས། བསྒྲུབ་བྱའི་སྙིང་ཁར་ཞུགས། ཚེ་བསོད་རྨི་ཡིག་རྣམ་པར་རང་ལ་ཐིམ་པར་བསམ། ཕོ་རྒྱུད་སྙིང་ཁར། མོ་རྒྱུད་བྷ་ག་ལ། བཏབ་བོ། དམ་ཅན་ལྕགས་ཀྱུ་ཅན་གྲངས་མེད་འཕྲོས། དམིགས་པའི་བྷ་ག་ནས་བཏབ། རང་མདུན་བཀུག །ཤམ་བུར། ཨོཾ་བཛྲ་ཧྲི་ཏྲི་ཌྷ་མོ་པ་ཤཾ་ཀུ་རུ་ཧོ། ཞག་བདུན་བསྒྲུབ། དེ་ནས་རྫསབ་སྒྲུབ། དམིགས་པས་དབང་དུ་བསྡུས་པ་སོགས་བྱས་ནས་ནི། ༧ ཁམས་གསུམ་དབང་དུ་བསྡུས་པའི་ལས་ཚོགས་འཁོར་ལོར་གྲགས་པ་ནི། ཁམས་གསུམ་དབང་སྡུད་འཁོར་ལོ་ཡུལ་ཚོགས་དབང་སྡུད་འཁོར་ལོ་ལྷ་འདྲེ་མི་གསུམ་དབང་དུ་སྡུད་པའི་འཁོར་ལོ། །སྲིད་གསུམ་ཟིལ་གནོན་འཁོར་ལོ། དེ་རྣམས་དཔེའུ་རིས་དང་ཟིན་བྲིས་ལོགས་ན་ཡོད། ༧ གསུམ་པ་འབྲུ་ནོར་ལོངས་སྤྱོད་དབང་དུ་བསྡུ་བ་ནི། ཟས་འགུགས། ནོར་འགུགས། འབྲུ་སྤེལ། ནོར་འགུགས་ལོངས་སྤྱོད་དབང་སྡུད་ཏེ་ལས་ཚོགས་ལྔའོ།། ༧་ཟས་འགུགས་བྱ་བ་ནི། གསེར་ཤོག་གམ། གསེར་གྱི་ཡི་གེ་འདི་བྲིས་ལ་སྔགས་འདི་བྱ། ཨོཾ་བཛྲ་སཱ་དྷ་ཧྲི་ཏྲི་ན་ན་ཁ་དྷེ་སརྦ་ཁ་ཟས་པཱ་ཤཾ་ཀུ་རུ་ཧོ། ཞེས་ཕྲིན་ལས་སྔགས་ནི། ཨོཾ་བཛྲ་སཱ་དྷ་ཧྲི་ཊི་ཝ་ཤཾ་ཀུ་རུ་ཟས་སྣ་བཏུང་སྣ་སྡུས་ཤིག །བརྒྱ་ཕྲག་བཏབ་ལ། རང་གི་སྲིན་ལག་ལ་བཅིངས་སྐུད་པ་དམར་པོས་ཕྱི་ནས་བཅིང་། ཐོད་པ་
མཚན་ལྡན་ནང་དུ་གཡང་རྩིས་བྱས་པ། ཟས་ཕུད། ནོར་ཕུད། དུང་ཤོག །ཕ་ཝང་ལོང་བུའི་ཏྲི་ལོག་ཅན་འཁོར་ལོ་འདི་དང་མཉམ་དུ་ཐོད་བསྒྲུབ་བྱ། དེ་ལྟར་བྱས་ནས་ནོར་འགུགས་སྔགས་ཤམ་བུའོ། །ཨོཾ་བཛྲ་སཱ་དྷ་ཧྲི་ཏྲི་གྲི་དུ་པ་ཡེ་ནོར་ཕྱུགས་སརྦ་སིདྡྷི་པ་ཤི་ཧོ། དུས་རྒྱུན་སྔགས་ཤམ་བཟླས། གྲངས་ནི་མ་གསུངས་སོ། །ཐོད་པ་དེ་བང་མཛོད་དམ་ནོར་ལྷས་སུ་སྦས་སོ། །ཐོད་པ་ནང་གི་འཁོར་ལོ་ནི་ལྟེ་བར་སྔགས་འདི་སྦྲུལ་ལྟར་འཁྱིལ་པ་ལྟར་བྲིས། ༀ་བཛྲ་སཱ་དྷུ་ས་མ་ཡ་ཝཀ་ཏྲ་ཏྲི་ཤི་ནི་ཀྲ་མ་ནི་པ་ཧྲི་ཏྲི། ནོར་བསྒུལ་བསྐུལ་འདུས་འདུས་མཐའི་ནོར་ཟས་དབང་དུ་སྡུས། ཕྱུགས་སྤེལ། ཁྱུ་བསྲུང་། ནོར་སྤེལ། རཏྣ་སིདྡྷི་གཏེར་གཏེར། མ་མ་ཆེ་གེ་མོའི་ནོར་སྤེལ། གསེར་དངུལ་བསྡུས། ཨརྱ་བཻ་ཤྲ་མ་ཎ་རཏྣ་སིདྡྷི་གཏེར་གཏེར་ཛམྦྷ་དན་ལོ་ཀ་ཌཱ་ཀི་ནཱི་ཨ་པར་ཙིཏྟ་སིདྡྷི་རཏྣ་སིདྡྷི་གཏེར་གཏེར། དེའི་ཕྱི་རིམ་མུ་ཁྱུད་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སྔགས་བྲིས། དེ་ཕྱིར་ནོར་བུ་ཤིང་ལོ་འབྲས་བུ་བྲི། དེ་ཡང་ཐོད་པའི་ནང་དུ་གཞུག །ནོར་འགུགས་སོ།། ༧ སྤྲེའུ་སྙིང་དང་། རིན་ཆེན་ལྔ་དང་། འབྲུ་སྣ་ལྔ། བླ་རྡོ་བཅས་དར་སྣ་ལྔས་དྲིལ་ནས། དབང་གི་བསྙེན་སྐབས། ཤམ་བུ་འདོགས། ཨོཾ་བཛྲ་སཱ་དྷ་ཧཱིཏྲི་ཡཀྵ་ཀུ་བེ་ར་ཡ་སརྦ་བཱ་སུ་ན་འབྲུ་ལྔ་སིདྡྷི་པ་ཤཾ་ཀུ་རུ་ཧོ། འབྲུ་སྤེལ་ཅིང་། རཏྣ་དེ་བ་བཱ་
སུ་སིདྡྷི་བདག་ལ་གཏེར་གཏེར། འབུམ་ཕྲག་ལྔ་བཟླ། བང་མཛོད་དམ་གནས་ཁང་དུ་སྦ། འབྲུ་སྤེལ་བའོ།། ༧ ལོངས་སྤྱོད་དབང་སྡུད་རྫ་འམ་ཟངས་བུམ་ཆག་གས་མེད་པའི་ནང་དུ་འབྲུ་སྣ་རིན། ཆེན་ས་སྣ་ཆུ་སྣ་གཞན་རྒྱལ་པོའི་ཁྲལ་བསྡུས་པའི་ཡོ་བྱད། བླ་མའི་དམ་བསྡུས་པའི་ཡོ་བྱད། སྐུ་གྲགས་ཅན་གྱི་གོས་དང་སྐྲ་སེན། ལོངས་སྤྱོད་གང་ཆེ་བའི་རྒྱུ་ཟས་རྣམས་བསྡུས་ནས་བུམ་པར་བླུག །གསེར་རམ་མཚལ་བསྲེས་ལ། །ལྷ་བསྙེན་དང་རྩ་སྔགས་བྲི། ཨོཾ་བཛྲ་བཱ་དྷ་ཧིཊི་པ་ཤཾ་ཀུ་རུ་ཧོ། བདག་ལ་ལོངས་སྤྱོད་ཆར་ལྟར་ཕོབ། སྟེང་ལྷ་ཡི་ལོངས་སྤྱོད་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། འོག་ཀླུའི་ལོངས་སྤྱོད་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། བར་མིའི་ལོངས་སྤྱོད་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། གནོད་སྦྱིན་བྱེ་བ་ས་ཡ་ཕྲག་བདུན་གྱི་ལོངས་སྤྱོད་སིདྡྷི་ཧོ། ཨ་པར་ཙིཏྟ་ལོངས་སྤྱོད་སརྦ་སིདྡྷི་ཧོ། ཞེས་བྲིས་གཞན་ཡང་འདོད་གསོལ་གང་འོས་འཇུག་རུང་བས་ལོངས་སྤྱོད་ཆེ་བའི་སྔགས་བྲིས། ནང་སྒྲུབ་དབང་གི་བསྙེན་སྐབས་ཞག་བདུན་སྒྲུབ་པར་བྱས། བུམ་པ་དར་རས་དཀར་པོས་དྲིལ། སྤྲ་ཚིལ་གྱིས་ལེགས་པར་གཏུམ། རྡོ་རྗེའི་ཕྱག་རྒྱས་བཏབ་ལ། རྒྱབ་རིའི་བང་མཛོད་དུ་རྒྱུད་ནས་བཤད་ལྟར་གཏེར་དུ་མི་རུལ་བར་སྦས་སོ། །མི་ཟད་པའི་གཏེར་དང་ལྡན་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །ཁ་ཕོར་ལ་སྔགས་འདི་ཁྲི་ཕྲག་བཏབ་ན་ཁ་ཟས་ལོངས་སྤྱོད་ཆེན་པོ་ཆེ་བར་འབྱུང་
ངོ་། །ཨོཾ་བཛྲ་སཱ་དྷ་ཧྲི་ཏྲི་བ་གོང་གི་བུམ་པ་བསྒྲུབ་དུས་སྔགས་འདི་ཁ་ཟས་མལ་དུ་ལོངས་སྤྱོད་སྦྱརབ་སྙན་བརྒྱུད། མན། སུ་ཁ་ཟས་པཱ་ཤཾ་ཀུ་རུ་ཧྲི། ཕོར་པའི་ནང་གཞན་གྱིས་བཏུང་མི་རུང་བ་མན་ངག་གོ། ༧ གོས་ལ་བཏབ་ན་གོས་ལོངས་སྤྱོད་ནོར་ལ་བཏབ་ན་ནོར་ལོངས་སྤྱོད། གསེར་སོགས་ཟངས་སམ་རིན་པོ་ཆེ་ལས་བྱས་པའམ། མིའི་ལག་པ་གཡོན་པ་དཔུང་པ་ཡན་མགར་བས་ལེགས་པར་བཅོམ། དེའི་ནང་སྨད་འཚོང་རཀྟ་འམ། མོ་གཙང་སྟག་ལོའི་རཀྟ། ཁྱིའི་མངལ་ཁྲག་རའི་མངལ་ཁྲག །སྤྲེའུ་སྙིང་། གངས་སྦལ་ཤ །དེ་རྣམས་གསེར་དང་མཚལ་བསྲེས་ལ་འདི་བྲིས། ཨོ་ཧྲི་ཊི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། གདུལ་བྱ་སརྦ་པཱ་ཤཾ་ཀུ་རུ་ཧོ། རྟ་དྲེལ་ཞོན་པའི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། དར་ཟབ་གོས་ཀྱི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། ཇ་ཆང་བཏུང་བའི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། གསེར་དངུལ་ནོར་གྱི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། བྲང་ཁང་གནས་ཀྱི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། བང་མཛོད་འབྲུའི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། རྐང་གཉིས་མིའི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ། རྐང་བཞི་ཕྱུགས་ཀྱི་ལོངས་སྤྱོད་སརྦ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། བཟའ་བའི་ལོངས་སྤྱོད་བཏུང་བའི་ལོངས་སྤྱོད་གྱོན་པའི་ལོངས་སྤྱོད་ཞོན་པའི་ལོངས་སྤྱོད་ཆར་ལྟར་ཕོབ། ཁམས་གསུམ་སྲིད་
གསུམ་ལྷ་ཀླུ་མི་གསུམ་བླ་མ་རྒྱལ་བློན་སྐྱ་སེར་བུད་མེད་ཐམས་ཅད་ཀྱི་ལོངས་སྤྱོད་མངའ་ཐང་དབང་དུ་སྡུས་ཤིག །ལུས་དབང་དུ་སྡུས་ཤིག །ངག་དབང་དུ་སྡུས་ཤིག །ཡིད་དབང་དུ་སྡུས་ཤིག །སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། ཨོཾ་ཧྲི་སྭཱ་ཧཱ། ཞེས་པ་བྲིས་ནས་འབྲུ་སྣ་རིགས་བྱེད་རིན་པོ་ཆེའི་རིགས་བྱེད་ཀྱིས་ནང་ཁེངས་པར་བྱས་ནས། བསྙེན་སྐབས་སུ་ཤམ་བུའོ། །ཨོ་བཛྲ་སཱ་དྷ་གྷི་ཊི་སྦ་རཏྣ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ། ལོངས་སྤྱོད་དང་གདུལ་བྱ་དབང་དུ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། ཞེས་ཞག་གྲངས་མང་བ་དགོས་གསུངས་པ་ཞག་ཉེར་གཅིག་བསྒྲུབ། ལོངས་སྤྱོད་དབང་དུ་སྡུད་པའི་ལས་ཚོགས་ལས། ནོར་འགུགས་འཁོར་ལོ། འབྲུ་སྤེལ་འཁོར་ལོ། ལོངས་སྤྱོད་འཁོར་ལོ། ནོར་དབང་དུ་སྡུད་པའི་འཁོར་ལོ། སྦྱིན་པ་སྤེལ་བའི་འཁོར་ལོ་དང་ལྔའོ། །དེ་དག་གི་དབང་གི་འཁོར་ལོ་དགུ་ཡི་ཟིན་བྲིས་ལོགས་ན་ཡོད། ༧ ཅེས་རིག་འཛིན་སྔགས་འཆང་ཐུགས་གཏེར་དང་། ཚལ་པའི་ནོར་བུ་སྐོར་གསུམ་སོགས། བཀའ་གཏེར་འགའི་དོན་ལས་ཚོགས་གཅིག་ཏུ་དྲིལ་བསྒྲིགས་ནས། བིརྱ་ས་ག་རས་བསྐུལ་བའི་ངོར། རཱ་ག་ཨ་སྱས་སྙིང་ལ་འཕངས་པའི་ལས་ཚོགས་སོ། །ཉེས་འགལ་མཆིས་ན་ཕོ་ཉ་འཁོར་གནོད་སྦྱིན་ས་ཡ་ཕྲག་བདུན་སོགས་ཀྱི་ཕྱོགས་ལ་བཤགས་ཤིང་། དགེ་དེས་འགྲོ་ཀུན་སེམས་ཅན་དབང་དུ་བསྡུས་ནས། རིགས་དྲུག་སེམས་ཅན་བདེ་ཆེན་ཞིང་གི་དཔལ་
ལ་སྤྱོད་པར་ཤོག །དབང་གི་ལས་ཚོགས་འདི་དང་གསང་སྒྲུབ་ནོར་སྒྲུབ་གསུམ་ལ་དབང་སྒྲུབ་ནོར་བུ་སྐོར་གསུམ་ཟེར། མངྒ་ལཾ།། ༈ དབང་གི་ཕོ་ཉ་གནོད་སྦྱིན་ཟངས་མདོག་སྒྲུབ་པ་ནི། དཀར་ཡོལ་ལམ་སྣོད་གཙང་ནང་དུ་གཏོར་མ་ནོར་བུ་འོད་འབར་པདྨས་བརྒྱན་པ། མར་རིལ། ཟན་རིལ། འབྲུ་དང་། རྩི་བཅུད། དཀར་གསུམ། མངར་གསུམ་ཚོགས་ཕུད་སྤུངས། གཞུང་ལྟར་གོང་བསྙེན་སོང་ལ། རང་ལྷར་གསལ་བའི་མདུན་དུ་ཏྲི་ལས་ཕོ་ཉ་ཟངས་ཀྱི་མདོག་ཅན་ཕྱག་ན་ནོར་བུ་ལྕགས་ཀྱུ་ནེའུ་ལེ་བསྣམས་པ། འཇིགས་གཟུགས་གནོད་སྦྱིན་རིན་པོ་ཆེའི་རྒྱན་ཅན་དུ་གསལ་བར་བསམ། དེའི་ཐུགས་ཀར་ཏྲིལས་འོད་འཕྲོས་གནོད་སྦྱིན་གནོད་གནས་དབང་པོའི་ཕོ་བྲང་ནས་སྤྱན་དྲངས། །གཉིས་སུ་མེད་པར་བདག་གི་བཀའ་ཉན་ཅིང་དངོས་གྲུབ་སྩོལ་བར་བསམ། ཨོ་ཧཱུྃཨ་པར་ཙིཏྟ་ཛཿཛཿ ས་མ་ཡ་ཧཱུྃ་ཛཿ ཅེས་བཏབ་ལ། མཚན་བར་བསྒྲུབ། སྐབས་སུ་ཐུན་འབུལ། དེའི་ལས་སྦྱོར་བྱ་བ་ནི། དར་རས་དྲི་མ་མེད་པར་གསེར་གྱི་གནོད་སྦྱིན་སྐུ་བྲིས་ལ་འབྱོར་ན་གསེར་བྱུག །ཡིད་ཀྱིས་སྤྱན་དྲངས་དར་སྐུ་ལ་ཐིམ་པར་བསྒོམ། ཨོཾ་ཨ་པ་ར་ཙིཏྟ་རཏྣ་མ་ཎི་ཁཉྩཨ་བྷི་སིདྡྷི་ཕ་ལ་ཧཱུྃ། སྐུ་འབག་དང་ནོར་སྣ་བཅས་རིན་པོ་ཆེའི་རྫའི་གའུར་བཅུག ། ཐབ་ཁ་ལ་སྦ། ཟས་སྣ་བཏུང་སྣ་འདུས་སོ། །བོང་བུ་དང་མཛོད་དུ་སྦས་ན་རྣམ་ཐོས་བུ་དང་ལོངས་སྤྱོད་མཉམ་པ་འགྱུར་རོ། །སྲེད་བུ་དཀར་པོ་ལ་རྡོ་རྗེའི་མདུད་པ་བརྒྱབ་ནས་སྔགས་འདི་བཏབ། ཨོ་ཧྲཱིཿཨ་
པར་ཙིཏྟ་མི་ལ་ཧུར་ཧུར་ཁ་ཐམ་སྣོད་དང་བང་བ་ལ་བཏགས། བསེ་རག་གི་གནོད་པ་བསྲུང་ངོ་།། ༧ དུག་ཤིང་ལ་བྱང་བུ་བྱས་ནས་མཚལ་གྱིས་བྲིས། ཨོ་ཨ་པ་ར་ཙིཏྟ་ཛཿ སྲིས་རྐུན་ཁ་ཆིངས་མ་མ་སྡང་རཀྵ་རཀྵ༔ སྒོའི་ནང་གི་ཡ་ཐེམ་ལ་བཏགས་པས་སྲིས་རྐུན་བསྲུང་བའོ།། ༧ མཐིང་ཤོག་ལ་གསེར་གྱིས་བྲིས་ནེའུ་ལེའི་ཁྲག་གིས་བྱུགས་ནས་ཕུར་བུ་དང་ལྷན་ཅིག །ཨོཾ་ཨ་པ་ར་ཙིཏྟ་བཛྲ་ཛ་གོད་འདྲེ་གོད་སྲི་ཁ་ཆིངས། གོད་བདག་སྙིང་ལ་ནུར་ནུར་བྷན་ཧ་ན་ཀྲོ་དྷ་རཱ་ཛ་ཀུ་བུ་ར་རཀྵ༔ ཕྱུགས་ལ་བཏབ། བྲན་མ་ལ་སྤྲེའུ་མི་གཟུགས་བཅོལ། སྙིང་གར་མཚལ་གྱི་སྙིང་པོ་བྲིས་ལ་བཅུག །མཚལ་དང་པདྨ་རཀྟས་བྱུག །ཨོཾ་སཱ་དྷུ་ཨ་པ་ར་ཙིཏྟ་ཛསརྦ་ཝ་ཤཾ་ཀུ་རུ་ཧོ༔ རྨེ་པ་ཤཾ་ཀུ་རུ་ཧོ། མི་ཀུན་གྱིས་མཐོང་བར་བྱས་པས་ཁམས་གསུམ་དབང་དུ་འདུས་སོ། །དེ་ནས་དཀར་གཏོར་དང་དར་དཀར་ཕུད་འབུལ། རང་མདུན་པད་ཟླ་ནོར་བདག་སྟེང་། །ཨ་པར་ཙིཏྟ་སྐུ་མདོག་དམར། །འཇིགས་གཟུགས་རིན་ཆེན་མཛེས་པའི་བརྒྱན། །ཕྱག་གཡས་ལྕགས་ཀྱུ་ནོར་བུ་བསྣམས། །གཡོན་པས་ནེའུ་ལེ་རྐྱལ་པ་འཛིན། །ནོར་བུ་ཡིད་བཞིན་ཆར་ལྟར་འབེབས། །འཁོར་དུ་གནོད་སྦྱིན་ས་ཡས་བསྐོར། །ཀུན་ཀྱང་ནོར་བུ་ནེའུ་ལེ་བསྣམས། །རང་བཞིན་གནས་
ནས་སྤྱན་དྲངས་གྱུར། །ཧཱུྃ། ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་མཛེས་པའི་གཞལ་ཡས་ནས། །ན་པའི་སྟོབས་ལས་གྲུབ་པའི་འཁོར། །ཨ་པར་ཙིཏྟ་ཤུགཤེགས་སུ་གསོལ། །རིན་ཆེན་མཛེས་པའི་གདན་ལ་བཞུགས། །དཀར་གསུམ་ཕུད་དང་མངར་གསུམ་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་བཅུད་ལྡན་ཟས། །རོལ་མོ་བཏགས་དཀྲོལ་གཏོར་མ་སོགས། །རང་མཐུན་དགྱེས་པའི་མཆོད་པ་འབུལ། །གནོད་སྦྱིན་འཁོར་བཅས་ཐུགས་དམ་བསྐང་། །སེར་སྣ་ལ་སོགས་ཉེས་ཀུན་བཤགས། །མི་ཟད་ནོར་གྱིས་དངོས་གྲུབ་སྩོལ། །ཨོ་ཧྲིཨ་པར་ཙིཏྟ་ཛཿཛཿ ཨི་དམ་བ་ལིཾ་ཏ་ལ་ཁཱ་ཧི། ལན་བདུན་ནམ་ཉེར་གཅིག་གིས་འབུལ། གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། ཧཱུྃ། ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གནོད་གནས་དབང་པོ་གཉེར་ཁ་ན། །ནོར་བདག་ཆེན་པོ་ཟངས་ཀྱི་མདོག །ཨ་པར་ཙིཏྟ་དངོས་གྲུབ་བདག །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །ལོངས་སྤྱོད་ཆར་ལྟར་འབེབས་ལ་འདུད། །ལྷུ་ཐུང་གསུས་འཕྱང་གནོད་སྦྱིན་ཞི་མ་ཁྲོ། །ཕྱག་གཡས་ལྕགས་ཀྱུས་སྐྱེ་འགྲོ་དབང་དུ་བསྡུས། །ནོར་
བུ་འོད་འོབར་རཏྣ་ཆར་ལྟར་འབེབས། །གཡོན་གྱི་ནེའུ་ལེས་དབུལ་བའི་སྡུག་བསྔལ་སེལ། །རིན་ཆེན་སྤྲུལ་བརྒྱན་ལོངས་སྤྱོད་འཛད་མེད་སྟེར། །དབུལ་ཕོངས་འཇིགས་ལས་སྐྱོབས་ལ་ཕྱག་འཚལ་བསྟོད། །དཀར་གཏོར་དཀར་ཕུད་མངར་གསུམ་ཨ་མྲྀ་ཏ། །རིན་ཆེན་འབྲས་ཆན་འབྲས་ཆང་དམ་ཚིག་རྫས། །ལ་སོགས་མཐུན་པའི་དམ་རྫས་སྣ་ཚོགས་འབུལ། །ལོངས་སྤྱོད་འདོད་ཡོན་དངོས་གྲུབ་ཆར་ལྟར་ཕོབ། །གོད་འདྲེ་གོད་སྲི་ལྟོག་འགོང་དབུལ་སྲི་ཟློག །འགོང་པོ་བསེ་རག་སྲིས་རྐུན་ཁ་ཆིངས་ཤིག །སྙིང་འགོང་གོད་ཁ་ལོ་ཉེས་ཚོང་ཉེས་དང་། །མེད་སྲི་བོར་འདྲེ་མུ་གེ་ཐན་ལྟས་ཟློག །འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །དབང་ཐང་བུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །འདོ་བ་རྟ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཟ་ལེ་འབྲི་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཚེ་རེ་ར་ཡི་དངོས་གྲུབ་བསྩལ་དུ་གསོལ། །གཡང་དཀར་ལུག་གི་དངོས་གྲུབ་བསྩལ་དུ་གསོལ། །རབ་འཕེལ་ཚེ་ཡི་དངོས་གྲུབ་བསྩལ་དུ་
གསོལ། །ར་བ་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཇ་དར་ཕྲུག་གི་དངོས་གྲུབ་བསྩལ་དུ་གསོལ། །གསེར་དངུལ་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །གནས་ཁང་སྒོ་བང་དངོས་གྲུབ་བསྩལ་དུ་གསོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །རྩི་མར་སྣུམ་བཅུད་དངོས་གྲུབ་བསྩལ་དུ་གསོལ། །བདེ་སྐྱིད་དཔལ་གྱི་དངོས་གྲུབ་བསྩལ་དུ་གསོལ། །སྙན་གྲགས་བསོད་ནམས་དངོས་གྲུབ་བསྩལ་དུ་གསོལ། །ཁམས་གསུམ་དབང་སྡུད་དངོས་གྲུབ་བསྩལ་དུ་གསོལ། །རྣལ་འབྱོར་བཅོལ་བའི་ལས་ཀུན་བསྒྲུབ་ཏུ་གསོལ། །ཅེས་གཙང་སར་བསྐྱལ། ཨ་རཱ་གས་བྲིས་པ་ཉེས་དང་འགལ་བ་བཤགས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་སངས་རྒྱས་བསྟན་པའི་སྦྱིན་བདག་ཆེན་པོར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་ཕྱིང་ཁུག་མའམ་དམ་ཅན་མགར་ནག་གཅིག་རྒྱུག
དམ་ཅན་ཕྱིང་ཁུག་མ་བཞུགས་སོ། འདི་ལ་དམ་ཅན་མགར་ནག་གཅིག་རྒྱུག་ཟེར་མཆན།
དམ་ཅན་རྡོ་རྗེ་ལེགས་པའི་ཆོ་འཕྲུལ་བསྟན་པ་འདི་ལ་འཇུག་པའི་ཚེ་ས་རབ་རུབ་ནས་སྲོད་ཚུན་ལ་བཟླའོ། །ཟན་ཟ་ཡུན་ལའང་སྐྱེས་པ་ནག་ཆག་གིས་བསྒྲུབས་ཀྱང་འགྲུབ། །སྒྲུབ་པའི་རྫས་ལ་ར་ཡི་དབང་པོ་རྣམ་ལྔས་གཏོར་མ་བརྒྱན། དུག་ཕྱུང་བྱ། འབོད་པའི་དུས་ཚིལ་གྱི་དུད་པ་བཏང་། རྡོ་རྗེ་ལེགས་པའི་སྐུ་གཟུགས་ཁམ་ས་ལ་བྱེད། བཛྲ་སཱ་དྷུ་སྟོང་བར་བསྙེན། ར་ཞུར་རྐང་དཀར་སྤུ་དོམ་གཡབ། །བནྡེ་ས་ཞུ་ཅན་གྱིས་མཚོན། །ནམ་མཁའ་བར་སྣང་གང་བའི་གཟུགས་དེར་བསྟིམ། ཐལ་བའི་རི་མོ་གྲུ་གསུམ་གཅིག་བྱེད། དེ་ཡི་ཐོག་ཏུ་ལིངྒ་བཏིང་ལ་འགུགས་གཞུག་བྱ། དེ་ཡི་ཐོག་ཏུ་ལྡེར་སོ་དཔོན་གཡོག་བཞི་་བསྟུན་གཉིས་མཆན། བཞག །གཡོག་པོ་ཞྭ་འཕྲུ་ཅན་སྒོ་ནང་བཞག །དེའི་ཐོག་ཏུ་ཤིང་ཨོམ་གྱི་ཐོག་ཏུ་དཔེའུ་རིས་ལ་མི་འདུག་
ཀྱང་མཁར་ཐབས་བཅའ་དགོས་མཆན། གཏོར་མ་ཟུར་གསུམ་བཅའ་ལ་ར་ཤས་བརྒྱན། འབོད་དུས་སྒོར་བསྡད། ཆད་དུས་རྒྱབ་ནས་དེད། ར་ཚིལ་གསུར་དང་ཤུག་པ་ཕྱེ་གཙང་གསུམ་དུད་པ་མི་ཆད་པར་བཏང་། བོད་དུས་གསུར་དུད་བཅད་ནས་ཡུངས་ཀར་དང་། ཐལ་ཆེན་གཉིས་བྲབ་པར་བྱའོ། །སྤྱན་འདྲེན་པ་ནི། ཧཱུྃ། ཐལ་ཆེན་དཀར་པོ་ལ་གནས་པའི། །དམ་ཅན་རྡོ་རྗེ་ལེགས་པ་ཁྱོད། །ལྷ་ཀླུ་གནོད་སྦྱིན་མང་པོ་ཁྱོད་བསྟེན་ཏེ། །མཐུ་ཆེན་སྤྱན་རྩ་དམར་པོ་ནམ་མཁའི་དབྱིངས་སུ་བལྟ། །དབུ་སྐྲ་རལ་པའི་ཅོད་པན་བསིག་པ་ཡིས། །ཀླུ་ཆེན་བརྒྱད་ཀྱང་རང་བཞིན་གནས་ནས་བསྐུལ། །ཆིབས་སུ་ཞུར་པོ་རྐང་དཀར་
ཆིབས་པའི་ཚེ། །འཇིག་རྟེན་གསུམ་པོ་སྐད་ཅིག་ཡུད་ཀྱིས་བསྐོར། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས། །དམ་ཉམས་དགྲ་བོའི་སྙིང་གི་དཀྱིལ་དུ་རྒྱོབས། །གཡོན་པས་སྦྲུལ་ཞགས་སྡིགས་མཛུབ་གདེངས་བ་ཡིས། །དམ་ཉམས་དགྲ་བོའི་མགོ་ལུས་ཡན་ལག་བཅིངས། །དགེ་བསྙེན་བཛྲ་སཱ་དྷུའི་དུས་ལ་བབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ལྟས་ངན་སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོང་། །ཀྲི་མི་ལི། ཀྲང་ཀྲིང་ཀ་ར་རཀྵ་རཱ་རི་སྡང་བའི་དགྲ་ལ་རྒྱུག་རྒྱུག །རྟགས་མྱུར་དུ་སྟོན། མྱུར་དུ་སྟོན། མ་ཐོགས་མྱུར་དུ་སྟོན། དྲག་ཏུ་སྟོན། དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པའི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁ་ཧི། ཞེས་རཀྟ་དང་། རཀྟ་དམར་གྱི་མཆོད་པ་བཞེས་སུ་གསོལ་ལོ། །ཕྲིན་ལས་སུ་བཅོལ་བའི་མོད་ནི། དགྲ་བོ་དེ་ལ་སྒོ་ཆོག །རྟགས་དང་མཚན་མ་སྟོན། ཆོ་འཕྲུལ་ཐོང་། སྐྲ་ལ་འཐེན་འགྲམ་ལྕགས་རྒྱོབ་ཅིག །བཛྲ་སཱ་དྷུ་སོགས། །རྩ་སྔགས་ཀྱི་མཐར། ཀྲི་མི་ལི་ཀྲུང་ཀྲིང་ཀ་ར་རཀ་ར་རི་སྡང་བའི་དགྲ་ལ་རྒྱུག་རྒྱུག །རྟགས་དུ་མྱུར་སྟོན། མྱུར་དུ་སྟོན། མ་ཐོགས་མྱུར་དུ་སྟོན། དྲག་ཏུ་སྟོན། དམ་ཅན་རྡོ་རྗེ་
ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དགྲ་བོ་ཆེ་གེ་མོའི་ཐོག་ཏུ་རྒྱུག་ཅིག །རྒྱ་སྟག་ཁྲ་བོ་རྒྱུག་རྒྱུག །ལྕགས་སྤྱང་སྔོན་པོ་རྒྱུག་རྒྱུག །བྱ་ཐན་རྒྱུག་རྒྱུག །སྦྲུལ་ཐན་རྒྱུག་རྒྱུག །ཐན་སྣ་སུམ་བརྒྱ་དྲུག་ཅུ་དགྲ་ལ་རྒྱུག་རྒྱུག །ནམ་ཕྱེད་རྒྱུག་རྒྱུག །ཉིན་ཕྱེད་རྒྱུག་རྒྱུག །སྒོ་ཡི་ནོར་ལ་རྒྱུག་རྒྱུག །མཆན་གྱི་བུ་ལ་རྒྱུག་རྒྱུག །འོད་ཀྱིས་ཁང་ཁྱིམ་ཁོང་ཞིག །སྦྲུལ་ནག་གིས་ཡན་ལག་ཆིངས་ཤིག །དགྲ་བོ་དེ་ཟོག་རྫས་ཁྱེར་མི་དེ་ཡི་ཐོག་ཏུ་རྒྱུག །སྙིང་དཀྲུག་ལ་ད་ལྟ་ཉིད་དུ་ཀ་ཆ་ཁྱེར་ལ་ཤོག །ཅེས་གྲངས་བསགས། ཐུན་གཏོར་འགུགས་གཞུག་དང་གཏོར་མ་ལས་འདི་ལ་ནུབ་ཕྱོགས་རྦད་བསྐུལ། གྲོལ་དུས་ཁམས་གཟུགས་སོགས་དགྲ་ཕྱོགས་འཕང་། ར་སྤུ་ར་ཞུར་པོ་རྐང་དཀར་གྱི་སྤུ་ལ་རྣ་ཐོག་བྱས་པ་གཡུག་གོ །དམ་དམ་ཅིག་གིས་གཡབ། རྩོད་དུས་མི་གཡུག །ནམ་མཁའ་བར་སྣང་ནས་དམ་ཅན་མང་པོ་དམིགས་པ་ལ་བསྟིམ། དམ་ཅན་གྱི་ལྡེར་སོའི་ཐུགས་ཀར་གྲུ་གསུམ་བྲུས་ལ། སྐུ་རྒྱབ་ཏུ་བྲི། ཀྲི་ལི་ལི་ཡི་སྔགས་མཐར་ནོར་རྫས་གང་ཤོར་གྱི་མིང་བྲིས་ལ་རྦ་ར་ཞུར་པོ་རྐང་དཀར་གྱི་དམ་དམོ་གཡོབ་དགེའོ། ༈ བླ་མ་གནུབསཀྱི་ཇག་ཆིངས་འདི་ལ་དམ་ཅན་སྐུ་གཅིག་བྲིས་པའི་ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར་ནས། གཡོན་དགྲ་སྙིང་དམར་པོ་ཞལ་དུ་གསོལ་བ། ཡན་ལག་བཞི་ཁོག་པ་དང་ལྔ་
ལ། སྔགས་བཀོད་ལ། དར་སྣ་ལྔསདྲིལ། རང་གི་སྐེ་རགས་ལ་རྒྱུན་དུ་ཡོད་པར་བྱས་ལ། དགྲ་དོགས་ཆེ་ན་མགོ་ནས་མར་དྲིལ། དེ་མིན་ན་ཡར་དྲིལ། ཅི་ཟ་ཅི་འཐུང་གིས་དམ་ཅན་མཆོད། དེ་མན་ཁོ་མི་ཆུན་དོགས། ཨོཾ་ཀ་མན་དུ་ཤོག་དྲིལ་བཞག་གོ །ཏྲི་སཱ་དྷུའི་འོག་ཏུ་མཆན། ཤོག་དྲིལ་དམ་ཅན་རྡོ་རྗེ་ལེགས་པ་ལྕགས་ཀྱི་སྡོང་པོ་ཚྭ་ཚྭ་འཕྲོ་བ་ཅིག་བསྒོམ། སྔགས་ནི། ཨོཾ་ཨེ་དཾ་རཀྟ་ཙ་མུད་མཱ་ར་ཡ་དོ་ནུབ་ཀྱི་ཙ་ཏི་སྙིང་ཁྲག་དུར་ཝ་དགྲ་རྐུན་ཇག་གསུམ་ཆིངས། ཞེས་ནངས་སྔ་བརྒྱ་སྟོང་ཅི་འགྲུབ་བཟླའོ། །གནུབསཀྱི་དམ་ཅན་འཆང་དྲིལ་མ་ཞེས་བྱའོ། །གནུབསཀྱི་དམ་ཅན་འཆང་དྲིལ་མ་འདི་ལ་དཔེ་ཆུང་འདུག་པ་མཐོང་ལགས། འདི་བྱང་གཏེར་ལ་ཡོད། མཆན། ར་ཁྲག་གྲི་ཁྲག་གིས་དྲི་བྲིས། སྐར་མ་རྒྱལ་ལ་ར་ཡི་ཚིལ་བུ་བདུག །ར་རོག་པོའི་ཚིལ་གྱིས་བྱུག །དྲི་མ་ཐོན་བར་ལང་མི་ཉན་ནོ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝཀ་ཏྭཾ་ཏུཾ་ཤི་ཀྲ་མ་ནི་ས་མ་ཡ་སཱ་དྷ་ཏྲི་ཛ་ཛཿཧཱུྃ་བཾ་ཧོ་ཀྲི་མི་ལི་ཀྲི་ཀྲི་ཀ་ལ་རཀ་ར་རི་ཡུལ་ཕྱོགས་དང་ས་ཆ་ཡི་མིང་ནས་ནོར་རྫས་གང་ཡིན་རྐུན་མའི་ལག་ནས་ཁུག་ཤོག་ཅིག་ས་མ་ཡ། དམ་ཅན་ཐུགས་ཀརརྦ་རྒྱུ་ཡིན། དམ་ཅན་ཅིག་རྒྱུག་འདི་ཡང་དགུ་གཏོར་ཞོར་ལྟ་བུ་ལ། གཏོར་མ་མཁར་ཐབས། ས་སྤྱིན་ལ་དམ་ཅན་དཔོན་གཡོག་གི་གཞུང་བསྙེན་ཙམ་བྱས་པའི་གཙོ་བོ་ཐུགས་ཀར་གྲུ་གསུམ་བྲུས་ལ། སྔགས་མཐར་ནོར་མིང་འདིར་ཁྱེར་ཤོག་ཟེར་བ་བྲིས་པ་བཅུག་ལ། སྐྱེས་དར་མ་
གྲིར་ཤི་བའི་ཐལ་ཆེན་རྙེད་ན་རབས། མེད་ན་ཐལ་དཀར་གྱི་རྗེས་ལ་དཀྱིལ་འཁོར་སྒོ་གཅིག་བརྡའ་ཙམ་བྲིས་པའི་སྟེང་། ལིངྒ་བཀུག་གཞུག་གཅིག་བྱ། དེ་སྟེང་སྐུ་བཞག །དེ་སྟེང་ཨོ་མཐར་གཏོར་མ་བཞག །མཚལ་མ་གཞུང་ལྟར་ལས་དམ་ཅན་བསྙེན་པའི་སྐབས་སུ། ཀྲི་མའི་བསྙེན་པ་དེ་སྟོང་ཙམ་བྱ་སྟེ། དཀྱིལ་འཁོར་དེ་ཡི་སྒོ་ངོས་ལ་གཟུགས་ལ་ཁ་གྲུ་ལ་ར་རྒྱ་བོ་ཞུ་མར་རྐང་དཀར་གྱི་སྤུ་ཆུན་གཅིག་ལ་རྣ་ཐོག་བྱས་པ་གཡུགས་ལ་བསྙེན། ར་གསུར་བཏང་། དམ་ཅན་མང་པོ་འོ་ཡུག་གཙང་ནས་བྱོན་ཏེ་གཟུགས་ལ་ཐིམ་པར་བསམ། གསོལ་ཁ་གཞུང་ལྟར་བྱ། ཐུན་གཏོར་བཀུག་གཞུག་གི་སྐབས་སུ།། ལིངྒ་གཅིག །ཐུན་གཏོར། དམ་ཅན་གཏོར་མ་དང་མཉམ་དུ་བཀུག་གཞུག་མིང་ནས་གཟུགས་ལ་བྱ། བླ་འགུགས་སྔགས། མགོན་པོ་ཡི་དམ་བརྒྱའམ་ཉེར་གཅིག་བྱ། དཀར་གཏོར་གསེར་སྐྱེམས་བྱ། དེ་ནས་ཧཱུྃ་ཐལ་ཆེན་སོགས་ཆིག་རྒྱུག་གི་བསྟོད་བསྐུལ། དེ་དང་རྩ་སྔགས་ཁཱ་ཧི་བཏགས་པ་བདུན་གྱི་མཐར་མཁར་ཐབས་དེ་བསྔོས། འགྲམ་ལྕགས་རྒྱོབ་ཀྱི་བར་ཕྲིན་བཅོལ་བ་དེ་ལན་གསུམ་བྱ། དེ་ནས་ཀྲི་མི་ལི་ཡི་སྔགས་མཐར། དམ་ཅན་རྡོ་རྗེ་ལེགས་པ་ཞེས་ཀ་ཆ་ཁྱེར་ཤོག་ཟེར་བའི་དམོད་བཅོལ་འདྲ་བ་དེ་རྦད་སྔགས་ཡིན་པས་ཚར་བརྒྱ་ལས་མི་ཉུང་བར་བརྗོད། རི་གསུར་བཅད། རྦད་སྔགས་འདོན་ཚེ་རྒྱབ་ངོས། ཐུན་ཐལ་ཆེན་སོགས་ཀྱིས་བྲབ་ཅིང་འདོན་ཏེ། དང་པོ་ནས་དཀྱིལ་འཁོར་གྱི་སྒོ་དགྲ་ཕྱོགས་སུ་ལྟ་བ་བྲིའོ། །དེ་ནས་ལིངྒ་མཁར་ཐབས་སྟེང་དུ་བཏེག་
ལ། དང་པོ་ཉི་མ་ནུབ་ཕྱོགས་སོགས་དང་། མགོན་པོའི་བསྐུལ་པ་རྣམས་ཅི་ལྕོགས་བྱས་ལ། གཟའ་དང་མཁའ་འགྲོ་དང་། གདོང་མ་ཐུག་བར་དགྲ་ཕྱོགས་སམ། ནོར་ཁྱེར་མཁན་གྱི་རྐུན་མ་ངོ་ཤེས་ན་དེ་ཕྱོགས་སུ་སྲོད་ཙམ་ལ། དང་པོ་དམ་ཅན་གཏོར་མ་འཕེན། ཆོད་སྔགས་འདོན། དེ་ནས་གཡོག་པོ། དེ་ནས་དམ་ཅན་སྐུ་དེ་འཕེན། དེ་ནས་མགོན་པོའི་ཐུན་གཏོར་བསྐུལ་པ་གཅིག་འདོན་ལ་འཕེན། དར་ནག་བརྡབ་བོ། །དེ་ནས་རྒྱུན་དུ་བསྐང་གསོ་ནམ་བྱེད་དུས་ཡང་། ཕྱི་རྟགས་མ་བྱུང་བར་དུ་དམ་ཅན་ཆད་སྔགས་གིང་ནག་སྔགས་རྣམས་ཐུན་གཏོར་དུས་ཅི་ལྕོགས་བཟླ། གཏོར་མ་འཕེན་པའམ་ཕྱོགས་སུ་བསྐྱལ་ལོ། །རྟགས་ཐོན་ནས། བསང་བཏང་རག་གི་གསོལ་ཁ་འདོན་ལ་འགྲོའོ། །རང་ལ་ནུས་པ་ཅུང་ཟད་ཡོད་ཕྱིན་ཆད་འདི་ལས་བྱ་སླ་དང་རྣ་བ་མེད། ཐུགས་དམ་མཚལ་མ་ལ་བྱེད་པ་རྣམས་ཀྱིས་བེར་ནག་གི་ལས་ཚོགས་དམ་ཅན་གཅིག་རྒྱུག་འདི་ཞག་རེ་ཙམ་དགུ་གཏོར་ཞོར་ལ་བྱས་ན་སྟབས་བདེ་བ་ལགས། ཨ་རཱ་གས་བྲིས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་རྡོ་རྗེ་ལེགས་པའི་ལས་བཞི་དྲག་པོར་བསྒྲུབ་པ་བཀའ་རྒྱ་མ་ཆེན་མོ་རྡོ་རྗེ་ཐེག་པའི་སྙིང་ཐིག་ཟབ་མོ།
དམ་ཅན་རྡོ་རྗེ་ལེགས་པའི་ལས་བཞི་དྲག་པོར་བསྒྲུབ་པ་བཀའ་རྒྱ་མ་ཆེན་མོ་རྡོ་རྗེ་ཐེག་པའི་སྙིང་ཐིག་ཟབ་མོ་བཞུགས་སོ།།
དེ་ལ་འབོད་སྒྲུབ་དང་ཆད་པའི་སྐོར། ལྟས་ངན་གཏོང་བའི་སྐོར་དང་། བསད་པའི་སྐོར་དང་བཞིའོ། །དང་པོ་འབོད་པ་ནི། གཞན་ནས་རྦད་བསད་ལས་བཤད་པ་ལྟར་བྱའོ། །ཧྲཱིཿ མདུན་བསྐྱེད་ལྷ་ཡི་ཐུགས་ཀར་ཧཱུྃ་མཐིང་ནག །དྲག་ཏུ་ཁྲོས་པས་ཕྱོགས་བཅུའི་དགྲ་བགེགས་རྣམས། །ཚར་བཅད་ཚུར་འདུས་རང་ཉིད་ལྷར་གསལ་མདུན། །པདྨ་ཉི་མའི་སྟེང་དུ་དགྲ་བོ་ཕོ་དང་མོ། །བསྣོལ་སྟེང་ར་སྐྱེས་ཁམ་སེར་སྟེང་དུ་གསལ། དམ་ཅན་དྲག་ཏུ་ཁྲོས་པའི་སྐུར་གྱུར་ཏེ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོས་པའི་སྐུ། །ཕྱག་གཡས་རལ་གྲི་གཡོན་པས་ལྕགས་ཀྱུ་བསྣམས། །ཁམ་སེར་རལ་
པ་ཕྱེད་ཡར་ཕྱེད་མར་བཤལ། །སྤྱན་གསུམ་གདངས་མིག་མེ་ཡི་ཚྭ་ཚྭ་འཕྲོ། །ཞལ་གདངས་ལྕགས་འཁྱུགས་ཕཊ་དང་སྲོག་གཅོད་སྒྲ། །ཟེར་ཞིང་ལེགས་དང་ཉེས་པའི་སྟངས་འཛིན་པ། །སྐུ་ལ་དར་དམར་ལྗང་ནག་གསོལ། །ཅི་བཅོལ་ལས་སྒྲུབ་དེ་ཡི་མདུན་དུ་ནི། །སྒྲོལ་གིང་ནག་པོ་རལ་གྲི་ཞིགས་པ་བསྣམས། །རྟ་ནག་ཆིབས་ཤིང་བདུད་པོ་བརྒྱད་འབུམ་བསྐོར། །གཡས་སུ་བྷ་ཧོ་ར་ལི་དུད་པའི་མདོག །ལྕགས་ཀྱུ་ཞགས་པ་ཐན་གྱི་རྐྱལ་པ་བསྣམས། །དགྲ་འགུགས་མོན་པ་ནག་པོ་དགུ་ཁྲིས་བསྐོར། །རྒྱབ་ཏུ་ཕོ་ཉ་སྤྱང་ཀིའི་གདོང་པ་
ཅན། །ཐོ་བ་དགྲ་སྟ་དགྲ་བོའི་མགོ་ལ་གཟིར། །ལྕགས་ཀྱུ་ཞགས་པས་བཀུག་དང་འཆིང་བར་བྱེད། །ཟ་བྱེད་མགོ་ཅན་སུམ་བརྒྱ་དྲུག་ཅུས་བསྐོར། །གཡོན་དུ་སྦྱོར་ཡུམ་ཆེན་མོ་མཐིང་ནག་སྐུ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་ཁྲག་ལ་རོལ། །སྔོན་པོ་མགོ་བོ་དགུ་པའི་སྤྱང་ཀི་ཞོན། །འཁོར་དུ་དབང་ཕྱུག་མ་མོ་འབུམ་གྱིས་བསྐོར། །ལྷ་ཚོགས་དེ་དག་ཐུགས་ལས་འོད་འཕྲོས་དག །ཡེ་ཤེས་ལས་དང་འཇིག་རྟེན་ཞིང་ན་གནས། །དམ་ཅན་རྡོ་རྗེ་ལེགས་པ་འཁོར་བཅས་རྣམས། །སྤྲིན་ཆེན་རླུང་གིས་བསྐྱོད་ལྟར་བྱོན་ནས་སུ། །མཚོ་ལ་ཁ་བ་བབ་པ་ཅི་བཞིན་དུ། །མདུན་གྱི་ལྷ་དང་གཉིས་སུ་མེད་པར་གྱུར། །ཧཱུྃ། འདིར་གཤེགས་འཁོར་དང་བཅས་པ་རྣམས། །འདིར་བཞུགས་གདན་ལ་བཞུགས་སུ་གསོལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། ། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །ཁྲག་གི་ཨགྷི་ཚིལ་ཆེན་མེ། །དབང་པོ་ལྔ་དང་ཨུཏྤལ་ཀྵ། །དྲི་ཆབ་སྤོས་དང་ཞལ་ཟས་སྒྲ། །སྨན་གཏོར་རཀྟའི་མཆོད་པ་འབུལ། །ཧཱུྃ། སྣང་སྲིད་རྣོ་དབལ་ཚ་ཟེར་ལྕེ་འགེང་དབུས། །ཡིད་ལྟར་སྐོར་བྱེད་ཙ་ར་ཁམ་སེར་གདན། །ལོག་འདྲེན་གཟུགས་
ལ་ཐུན་མཚམས་ཆར་སྤྲིན་མདོག །ཐབས་ཤེས་གཉིས་ཀྱིས་རལ་གྲི་ལྕགས་ཀྱུ་འཛིན། །ཟེར་སྐུད་ལྕང་ལོ་དབྱིངས་བཤལ་དཔའ་རྩལ་ལྡན། །ཞིང་བཅུའི་ལས་བརྩོན་རྣམས་ཀྱི་སྲོག་བདག་བསྟོད། །གཞོམ་མེད་དཔའ་བ་གང་གཱའི་བྱེ་སྙེད་ལ། །དབང་པོའི་ལྷ་མིན་གཡུལ་ངོ་བཟློག་པའི་དཔུང་། །ཉེར་འཚེ་རླག་བྱེད་དམ་ལྡན་བུ་ལྟར་སྐྱོངས། །འཁོར་དང་བཅས་པ་ཀུན་བྱེད་རྒྱལ་པོ་བསྟོད། །བསྟན་ལ་ཉེར་འཚེ་བསྟན་བསྣུབ་བསྟན་བཤིགས་དང་། །ཞིང་ལ་མནག་བྱེད་ཞིང་བཅུའི་ཞིང་ལ་བསྒྲུབ། །དམ་ལོག་དམ་མེད་དམ་ལས་འདའ་བྱེད་པ། །སྤྱིར་དུ་རྒྱལ་བའི་བསྟན་ལ་གནོད་པ་དང་། །སྒོས་སུ་རང་གི་བསྟན་གནོད་བླ་མར་འཚེ། །ཡིད་ལ་མནག་པའི་དགྲ་བགེགས་གང་ཡིན་ཀྱང་། །སྐད་ཅིག་ཉིད་ལ་རྩད་ནས་གཅོད་པར་མཛོད། །དགྲ་ཁམས་ཡུལ་གཞིས་ཐལ་བ་རྡུལ་དུ་རློགས། །ཕོ་རྒྱུད་མོ་རྒྱུད་གང་ལ་བབ་ཀྱང་རུང་། །ཆོས་བོན་སྲུང་མ་གང་གི་བསྐབ་འོག་ཀྱང་། །ད་ལྟ་ཉིད་དུ་དགྲ་སྙིང་ཁྱེར་ལ་ཤོག །འོག་རྟ་སྒོ་ཁྱི་བྲན་འཁོར་ལ་སོགས་པ། །ཕུ་ནུ་ཕ་སྤུན་ཞང་ཟླ་དམག་རྐུད་དང་། །གྲོགས་པོ་བྲན་མོ་ཤག་ལ་མཐུན་
རྩེ་བཅས། །མ་ལུས་ད་ལྟ་ཉིད་དུ་བཞེས་སུ་གསོལ། །རུས་དང་མིང་དང་ཡུལ་གྲོང་འདྲ་གྱུར་ཀྱང་། །གནོད་པའི་དགྲ་བོ་མ་ཤོར་སོད་ལ་ཤོག །མགོ་བོ་ཁོས་ལ་ཀླད་པ་ས་ལ་བྱོས། །མགོ་འཇུག་ལྡོག་ལ་ཁོང་ཁྲག་ཐང་ལ་ཕོས། །ས་མཁར་རྨིང་ནས་ཤིག་ལ་འབྲུ་ཡུག་གྱུར། །གཅིག་ནས་གཉིས་སུ་ཕྲེང་བ་བགྲང་བ་བཞིན། །རྗེས་ལུས་ཤུལ་ཐབས་ཙམ་ཡང་མ་བཞག་ཅིག །དགྲ་བོ་འདི་ནི་རྣལ་འབྱོར་ང་ཡི་དགྲ། །ཆོས་སྐྱོང་ཁྱོད་ནི་རྣལ་འབྱོར་ང་ཡི་ལྷ། །ལྷ་མཆོག་ཁྱོད་ཀྱིས་དགྲ་བོ་སོད་ལ་ཤོག །དམ་བཅའ་མ་གཡེལ་དམ་ཅན་འཁོར་དང་བཅས། །དགྲ་བོའི་དབང་ཐང་ཉི་མ་ནུབ་པ་བཞིན། །བསོད་ནམས་ཁ་རྗེ་མར་མེ་སྣུམ་ཟད་བཞིན། །དགྲ་བོའི་རྣམ་ཤེས་བྱེ་འུ་ཁྲས་ཁྱེར་བཞིན། །ཡང་ནས་ཡང་དུ་བརླག་པའི་ཕྲིན་ལས་མཛོད། །ཅེས་རྩ་སྔགས་ཤམ་དུ། བཛྲ་སཱ་དྷ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་གྲངས་བསྙེན་འབྲུ་གསུམ་བཏགས། མཚན་བར་དུ་བརྩོན། གཞུང་གི་དམོད་པ་རྡེབ། དེ་ནི་འབོད་པའི་ལས་ཚོགས་སོ།། ༈ གཉིས་པ་རྦད་པ་ལ་ཡང་། རྫས་ལ་བརྟེན་པ་དང་། སྔགས་ལ་བརྟེན་ནས་ངན་སྔགས་ལྟར་རྦད་པ། གཏོར་མ་ལ་བརྟེན་ནས་པར་བུ་ལྟར་ཆད་པ། འཁོར་ལོ་ལྟར་བརྟེན་ནས་དྲེགས་པ་ལྟར་ཆད་པའོ། །
དབང་པོ་རྫས་དང་སྔགས་ལ་བརྟེན་པ་ནི། སྲེ་མོང་ཐོད་པ་མ་ཉམས་པའི་ནང་དུ། བུ་ཚ་སྟག་ལོ་པ་གྲིར་ཤི་བའི་སྙིང་ཁྲག་མེད་ཀྱང་ཁྲག་གིས་བྲི། འདི་བྲི། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཤོག་འདིར་ཤོག །བྱ་བ་བྲིས། དེ་ནས་དྲག་པོའི་གནས་ནས་ས་དང་། བྲག་དྲེག་སོགས་བག་ཟན་དང་བསྲེས་ལ། མི་ནག་དུག་ཤིང་གི་མདུང་བཟུང་བ་གཅིག་བཅས་ལ་སྲེ་ཐོད་ནང་དུ་བཞག །དེ་ནས་འབོད་སྔགས་ཞག་གསུམ་བསྒྲུབ། ཆད་སྔགས་ཞག་བཞིའི་རྟགས་ཐོན་བྱས་ལ། དམོད་བཅོལ་དང་ང་ཡི་ཀ་ཆ་འདི་ཞེས་དགྲ་བོ་ལ་སོགས་དམོད་ནས་ནམ་སྟོད་ལ་དགྲ་ཕྱོགས་སུ་འཕེན། དེ་ནི་ངན་སྔགས་ལྟར་རྦད་པའོ། །གཉིས་པ་གཏོར་མ་ནི། དྲག་པོའི་གནས་དུར་ཁྲོད་བཙན་གནས་ནས་བྲག་གི་ས་རྡོ་ལ་གཞུང་ནས་བཤད་ལྟར་མཁར་ཐབས་ཀྱི་སྟེང་དམར་གཏོར་མེ་རིས་བརྒྱན་པ་ར་ཁྲག་བྱུགས། ཡང་ན་ཆད་པའི་རྫས་ཆ་ཐབས་དང་བསྟུན་ལ། ནོར་སྒྲུབ་འབོད་པ་རྣམ་བཞི་གཞུང་བྱུང་ལྟར་དུ་སྒྲུབ་པ་རྟགས་ཐོན་བྱས། །འབོད་རྦད་སྦྲེལ་བ་ནི། ཨོཾ་བཛྲ་སཱ་དྷུ་ས་མཱ་ཡ་ཝཀ་ཀྲྀ་ཀྲྀ་ཤི་ནི་ཀྲ་མ་ནི་ས་མ་ཡཱ་སཱ་དྷུ་ཏྲི་ཛཧཱུྃ་བཾ་ཧོ། ཨོཾ་བཛྲ་ཙཀྲ་མ་བྷྱོ་བྷྱོ༔ བཛྲ་གིང་ཀ་ར་བློ་བྷོ། བཛྲ་རཀྵ་རཀྵ་བྷྱོ་བྷོ། བཛྲ་སཱ་དྷ་ས་མ་ཡ། ཆེ་གེ་མོའི་སྲོག་ལ་བྷྱོ་བྷོ། ཀྲྀ་རྦད་རྦད། ཡང་ན། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་དགྲ་བོའི་སྲོག་ལ་རྦད། དབུགས་ལ་རྦད། ཤ་རུས་ཁྲག་ལ་རྦད། ཞག་བདུན་བསྒྲུབས་ནས་
རྦོད་བསྐུལ་བྱ་བ་ནི། ཧཱུྃ་རྩ་བ་གསུམ་བསྟན་པ་སོགས། ཕྲིན་ལས་བསྒྲུབ་པར་མཛོད། བར་རོ། ཟད་པའི་གཏོར་མ་སྒྲུབ་ཁང་ཕྱི་རོལ་དུ་བརྡབ། མཐར་དམོད་བཅོལ་དྲག་ཏུ་བྱ། དེ་ནི་པར་བུ་ལྟར་རྦད་པའོ།། །། གསུམ་པ་འཁོར་ལོ་ལ་བརྟེན་ནས་ཆད་པ་ནི། ཁྲག་སྣ་ལྔ་ཡི་སྣག་ཚས་བྲིས། །དུར་ཁྲོད་རས་སམ་ཤིང་ཤུན་ལ། །འཁོར་ལོ་སྦྲུལ་འཁྱིལ་ལྟ་བུ་ཡི། །ཕྱི་རོལ་རྩིབས་བཞི་སོར་རྩེ་ཞེས། །ལིངྒ་བསྐྱོན་ནམ་ལྟེ་བ་ལ། །ཏྲི་རྦད་ཅེས་བྲིས་མཐའ་མ་ལ། །འགུགས་ཟད་སྔགས་ནི་སྦྲུལ་ལྟར་འཁྱིལ། །ལྟེབས་ནི་བྱས་ལ་ཉེར་དགུ་ལ། །ཆུ་རླུང་གང་གིས་བསྐོར་ཀྱང་རུང་། །མི་ཡིས་སྒྲུབ་ཁང་མི་རིག་པ། །དྲག་ཏུ་རྣོ་བ་ཤིན་ཏུ་བཟང་། །དྲེགས་པ་ལྟར་རྗོད་པ་ཡིན། ༧ གསུམ་པ་ལྟས་ངན་གཏོང་བ་ནི། ཝ་ལ་སྤྲེལ་ཞོན་བཏང་བ་དང་། བྱ་ཐན། མོན་པ། སེར་འབེབས། མེ་ཐན། འག་ཐན། ཐན་འགྱེད་སྣ་ཚོགས་སོ།། ༧ ཡང་ན་ཝ་ལ་སྤྲེའུ་ཞོན་པ་གཏོང་བར་འདོད་ན། བྲ་བོའི་ཕྱེ་མ་ལ། ཝ་གཅིག །སྤྲེལ་གཅིག །ཁྱི་གཅིག་བཟོས།། སྤྲེའུ་དེས་ཝ་དེ་ཞོན་ནས་ཁྱི་དེ་ཁྲིད། བག་ཕྱེ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག །མདའ་དར་ནག་པོ་མེ་ལོང་ཅན་གསུམ་བཙུགས། ཕུང་རེ་ནག་པོ་གདན་དུ་བཏིང་། །རང་ཉིད་ཕོ་ཉའི་ང་རྒྱལ་གྱིས་རྦད་སྔགས་ཤམ་བུའོ། །ཨོྃ་བཛྲ་གིང་ཀ་ར་དཀར་ནག་ཕྱོ་ཕྱོ། ཨོ་བཛྲ་གིང་ཀ་ར་དཀར་ནག་རྒྱུག་རྒྱུག །ཨོཾ་བཛྲ་གིང་ཀ་ར་དཀར་ནག་མདུར་མདུར། ཅེས་ཞག་
གསུམ་བསྒྲུབས་ནས་དམོད་བཅོལ་བྱས་ལ་ཐོ་རངས་དགྲ་ཕྱོགས་སུ་འཕང་ན། ཝ་ལ་སྤྲེའུ་ཞོན་ནས་གྲོང་མཐའ་བསྐོར་ནས། མིང་ནས་འབོད། ངུ་བྲོ་བརྡུང་བ་འབྱུང་། ཁྱིའི་གཙོར་བྱས་གཅན་གཟན་སྣ་ཚོགས་འདུས་ནས་སྦྲ་ཁྱིམ་རྩེ་མོ་འུར་གླུ་ངུ་བྲོ་བརྡུངས། སྐད་ངན་སྣ་ཚོགས་བསྒྲགས། ང་ཡི་ཡོ་བྱད་ཀ་ཆ་ད་ལྟ་ཁྱེར་ཤོག །ཟེར་ནས་འདྲེ་འབོད་མང་པོ་ཤིན་ཏུ་གཉན་ནོ། །དེ་ལ་དང་པོ། ཁྱི་སྐྱ་སྣ་དམར་གྱི་ཐོད་པ། ཡང་ན་རི་སྤྱང་ཐོད་པའི་ནང་། ཏྲི་དུ་རིའི་ལིངྒ་བཅུག་པ་ལ་མི་ནག་ཨ་ཙ་རའི་ཆ་བྱད་ཅན་ཅིག་བསྐྱོན། ལས་འགྲིགས་གཏོར་མ་ཟུར་དུ་བཞག །འབོད་རྦད་སྔགས་ལ་འདི་ལྟར་འདོན། ཛཿཛཿ མུན་པ་མུན་པ་ཛ་ར་ཙ་མུན་པ་རྒྱུག་རྒྱུག །མུན་པ་ཛཿཛཿ ཞེས་འོད་ཐུག་ཆོམ་གུ་ཆོ་སོགས་རྟགས་མ་བྱུང་བར་བསྒྲུབས་ནས་ལས་གཏོར་དགྲ་ཕྱོགས་འཕངས་ནས་གོས་ཕུད་ནས། བྷྱོ་བྷྱོ༔ མུན་པ་མུན་པ་བློ་ར་ཙ་མུན་པ་རྒྱུག་རྒྱུག །རྐེའི་མིང་ནས་ཟུངས། ངའི་ཀ་ཆའི་མིང་ནས་ཟུངས། སྒོ་ལ་གཏུག་གཏུག་གྱིས། མུན་པ་བློ་བྷོ། ཞེས་གོས་མགོ་མཇུག་ལྡོག་ལ་རྡེབ་བོ། །མོན་པ་སྒོ་བརྡུངས་ཟེར་བའི་ལྟས་ངན་ཡིན་ནོ། །༢ ཡང་ན་ཁྱི་ཐོད་ལིངྒ་སྔ་མ་ལྟ་བུ་ལ། བྲ་ཟན་གྱིས། བྱ་ཐན་གསུམ་གྱི་གཟུགས་བཅོལ་ལ། ཐན་དང་ལྟས་ངན་སྔགས་ཤམ་དུ། བཛྲ་སཱ་དྷ་ཡ་མོན་པ་བྱ་ཞོན་ཡ་རྦད་རྦད། སྲིན་བྱ་ཡ་རྦད་རྦད། ངན་བྱ་ཡ།
ཕོ་ལུག་ཛཿ ཞེས་མགུལ་བ་རང་འོད་རང་བརྡུང་སྒྲ་སྒྲོགས། རྟོགས་མ་བྱུང་བར་དུ་བསྒྲུབ། ཐན་བསྐུལ་བྱས་ལ་དགྲ་ཕྱོགས་འཕང་། མིང་ནས་འབོད་ཅིང་གོས་རྡེབ། ཡང་ན་བྱ་གང་འོས་བྲུན་སྔགས་ནི་ཕྱོགས་སུ་གཏོར། བྱ་ཏ་བྱ་ཏ་ཏྲི་ཏྲི་ཁྲོད་རྒྱུད། ཅེས་བསྐུལ་པ་སྔར་ལྟར་རོ།། ༧ མཐུ་སེར་ལྷ་ནི་གཟའ་ཡིན་ཏེ། དེད་དཔོན་གཟའ་རྒོད་རྡོ་རྗེ་ལེགས་པ། དེ་ལ་ཡང་དམ་ཅན་སེར་འབེབས་བྱ་བ་ལས་སླའི། དམ་གཙང་ཤིན་ཏུ་ཉེ། ཀོ་ལོང་དམ་པ་ཡིན་པས། གར་ཐོད་ཐོད་མི་བྱ། དེར་རྣལ་འབྱོར་པས་སེར་བ་འབེབས་འདོད་ན། སྒྲོགས་ལ་བརྟེན་ནས་འཕེན་པ་དང་། ཆུ་ལ་བརྟེན་ནས་འབེབས་པ་དང་། དེ་ལ་བརྟེན་ནས་སྨུག་པ་རླུང་གི་ཁྲིད་དང་གསུམ་ཡོད་དེ། ༢། སྦྱོགས་ལ་བརྟེན་པ་ནི། སྐྱོགས་མདར་མཚལ་གྱིས་ཁྲི་ལོགས་བཞིར་བྲིས། སྒྲུབ་བསྙེན་ཁྲི་བཞིའི་སྔགས། སྒྲོགས་རྫས་ལ་རྦད་སྔགས། ཁྲི་ཕྲག་ལ། ལ་རྩེ་མཐོན་པོ་གཅིག་གི་རྩ་བ་དེར་ལས་བྱང་ལས་འགྲིགས་ཆ་ཚང་གཏོར་འབུལ། ༧ ཡུལ་ལྷ་ལ་དཀར་གཏོར་འབུལ། དེའི་ནུབ་མོ་སྐར་མ་མ་ཤར་ནས། ནང་ཕར་སྐར་མ་མ་རྫོགས་བར་སྔགས་བསྒྲུབ། སྲོད་ལ་ཐུན་གཏོར་འབུལ། སྔགས་ཤམ་དུ། ཧཱུྃ་ཡ་བྷྱོ་བྷོ། རཱ་ཧུ་ལ་རྦད་རྦད། གིང་ནཱ་ག་ར་ཙ་ཤུ་ལ་ཐུལ་ཐུལ། དེ་ནས་ལ་རྩེ་སྒྲོགས་ཀྱིས་གཏོར་ལ། དམོད་བཅོལ་དྲག་པོར་བྱས། ཡུལ་ལྷ་གཉན་པོ་ལ་དཔང་བཙུགས་གོས་ཕུད་གཅེར་བུར་བུད་ནས་ར་ཁྲག་མཆོད་དོ། །དེའི་སེར་བ་དྲག་པོ་འབེབས་
སོ། །དེ་དག་སྒྲོགས་རྫས་སེར་བ་འབེབས་ཐབས་སོ།། ༧ ཆུ་ལ་བརྟེན་པ་ནི། གངས་ཆགས་ལོ་མང་པོའི་ཆུ། ཆུ་བོ་གྲངས་འདུས་པའི་ཆུ་སྣ། རྒྱ་ཚྭ། མཚོ་ཚྭ། ཐང་ཚྭ། ཤིང་ཚྭ། ཐལ་ཚྭ། ར་ཚྭ། །བྱང་ཚྭ། ན་སྤངས་ཚྭ། རྒྱམ་ཚྭ། བྲག་སྣ། ཁ་རུ་ཚྭ། དེ་རྣམས་ཕྱོགས་གཅིག་ཏུ་ཟངས་གཞོང་ངམ་ལྕགས་སྣོད་དུ་བླུགས་ལ། མི་སྐད་ཁྱི་སྐད་མི་ཐོས་པའི་རྫ་བྲག །རི་ཕུག །ལུང་སྟོང་། གནས་དབེན་པར་རང་སྤོས་ཆུས་བྱུག་ལ་གོས་དཀར་པོ་གྱོན། མི་ལ་གསང་ནས་སྒྲུབ་གཏོར་ལེགས་པར་བཅས་ལ། ལྷ་བསྙེན་ཁྲི་ཕྲག་བཟླ། དེ་ནས་ནང་སྒྲུབ་དྲག་སྒྲུབ་ལྟར་བྱས། གོང་གི་རྫས་རྣམས་རོ་རས་ནག་པོས་ཁ་བཀབ་ལ། རྩ་སྔགས་ཤམ་བུར། ཨོཾ་བཛྲ་སཱ་དྷུ་སེར་སེར། ཤོག་ཤོག །སིལ་ཆག་ས་མ་ཡ་ཧཱུྃ། ཞེས་རྟགས་ཐོན་བྱས། རྟགས་ནི། རྫས་ལ་འབྲུག་གི་སྒྲ་སྒྲོག་པ། རྫས་ཉིད་སེར་འཁྱུག་འཕྱུར་བ་སོགས། དབྱར་སོགས་དུས་བཞི་ལ་ཁྱད་མེད་དུ་མ་བྱུང་བར་རོ། །རྟགས་ཐོན་ནས་དགྲ་ཞིང་མུར་ཁྲིད་ན། བསྲུང་བའི་ཞིང་ས་ལ་བྱེ་མ་ལ་སྲུང་སྔགས་སྟོང་ཕྲག་དྲུག་བཏབ་ནས་གཏོར་བས་བསྲུང། གོང་གི་རྫས་བུམ་པ་ཆག་གས་མེད་པར་བླུགས་ལ། ལྷ་བསྙེན་ཤམ་བུ་ལ། ༀ་བཛྲ་སཱ་དྷ་ཀཱ་ལ་ར་ཙ་ཕྱུར་ཕྱུར། དུང་དུང་། རྒྱུག་རྒྱུག །དགྲ་ལ་རྒྱུག །ཅེས་བུམ་པ་ལ་སྤྲིན་བྱུང་ནས་ནམ་མཁའ་གང་བར་འགྱུར་རོ། །དུས་དེར་དགྲ་བོའི་ཞིང་ཕྱོགས་སུ་གཏོར་ལ་དམོད་བཅོལ་བྱ། ངའི་དགྲ་ཞེས་
རྗེ་འདི་ལ་འབྲུག་སྒྲོགས་ཤིག །ཐོག་རྒྱོབས་ཤིག །དགྲ་ཞིང་སེར་བས་གཏོར་ཅིག །རླུང་གིས་ཁྱེར་ཅིག །ཅེས་བསྐུལ་དང་བཅོལ། དེ་དག་མཐུ་རྩལ་སེར་བ་མུ་ཁྲིད་དོ།། ༧ དེ་ལ་བརྟེན་ནས་སྨུག་པ་རླུང་ཁྲིད་ནི། གོང་གི་རྫས་རྣམས་བསགས། སྔགས་སྒྲུབ་གོང་བཞིན་གཞི་བྱས་ལ། བུམ་པར་བླུགས་ལ། ལྷ་སྔགས་ཤམ་བུ་ལའོ། །ༀ་བཛྲ་སཱ་དྷ་ཀཱ་ལ་ར་ཙ་མུན་པ་ཐིབས། ན་ལ་ཐིབས། གྲིབ་མ་ཐིབ་ཐིབ། ཅེས་སྟོང་རྩ་བཟླས་ནས་བུམ་པ་ལ་རླུང་སོ་བྱུང་ནས་ལུང་པ་སྨུག་པས་གང་ངོ་།། ༧ རླུང་ཁྲིད་གོང་བཞིན་ལ། ལྷ་སྔགས་ཤམ་བུར། ༀ་བཛྲ་སཱ་དྷ་ཀ་ལ་ར་ཙ་བར་ཡ་བེ་བྱུར་རྒྱུག །བར་ཡ་བེར་ཚུབ་ཚུབ་རྒྱུག །ཅེས་ལྔ་སྟོང་བཟླས་ནས་བུམ་པ་ལ་རླུང་བྱུང་ནས་ལུང་པ་རླུང་གིས་གང་ངོ་། །དེ་ནི་སྨུག་པ་རླུང་ཁྲིད་དོ། ༧ །དེ་ཡང་མེ་ཐན་བཏང་བ་ནི། དུར་ཁྲོད་ས་ལ་ཀོང་བུ་ཟུར་གསུམ་ལྔ་བཅོལ་ལ་རོ་རས་ཀྱི་སྡོང་བུ་བྱ། མི་ཚིལ་ར་ཚིལ་གྱི་མར་མེ་སྦྱར། མར་མེའི་སྔགས་ལ་རྩ་སྔགས་ཤམ་བུར། ཨོཾ་བཛྲ་སཱ་དྷུ་ཨཀྟི་རཱ་ཛ་རྦད་རྦད། ཅེསསོ། ། རྟགས་ནི་རང་གི་སྒྲུབ་ཁང་མེ་འབར་བ་དང་། དུད་པ་འཐུལ་བ་དང་། མཆིལ་མ་མེ་དང་། ཁ་རླངས་མེ་ཞེས་པའི་ལས་སྦྱོར་དུས་སྔགས་ཁ་གསོས་ལ། ཟོར་མདོས་ཆེན་མོའི་སྐབས་སུ་མེ་ཟོར་དུ་མར་མེ་སྦར་ལ། ཨོཾ་བཛྲ་སཱ་དྷུ་ཨཀྟི་རཱ་ཛ་བྷྱོ་བྷོ། ཤ་མེད་ཏུཀྐ་རེ་མ་ཛ་བྷྱོ་བྷོ། དགྲ་བོ་རྗེ་ལ་རྒྱུག །སྦྲ་ཁྱིམ་མེས་ཁྱེར་
ཅིག །ཅེས་དམོད་བཅོལ་དྲག་པོ་བྱའོ། །དེ་དག་ནི་མེ་ཐན་ནོ། །དེ་ཡང་འུག་ཐན་ནི། འུག་པའི་ཁྱིམ་གྱི་ས་ལ། འུག་པ་གཅིག་བཅས་ལ་འུག་པའི་སྤུ་སྒྲོས་བརྒྱན། ནམ་མཁའ་མི་མཐོང་བར་བྱས་༧ ནས། ས་སྲོད་ནས། རྩ་སྔགས་ཤམ་བུར། ཨོཾ་བཛྲ་མ་ཏྲི་ལི་ལ་བི་ཤུ་ལ་ཛཿ རྟགས་ཐོན་ནས་གཞུང་དང་མཐུན་པར་བྱས་ལ། ཐན་བསྐུལ་བྱས་ལ། གོང་གི་སྔགས། བྷྱོ་བྷོ། ཞེས་འུར་རྡོའི་ལྟེབ་ཏུ་བཞག་ལ་དགྲ་ཕྱོགས་སུ་འཕང་། ཐལ་མོ་བརྡབ། དམོད་བཅོལ་བྱས། རྟགས་ནི། རབ་འཕུར། འབྲིང་རྒྱུག །ཐ་མ་བསྒུལ་བའོ། །དེ་ནི་འུག་ཐན་ནོ། ༧ ཡང་ཐན་སྣ་ཚོགས་བྱེད་འདོད་ན། གང་མོས་ཀྱི་གཟུགས་བྱས་ལ། གཞུང་གི་གཏོར་མཆོད་བསྟོད་བསྐུལ་ནང་སྒྲུབ་བྱས་པའི་རྣལ་འབྱོར་པ་དེ་ཡིས། འདི་ཉིད་ངེས་པར་བརྩོན་པར་བྱས་ཏེ། དེ་ཡང་ཐན་གཟུགས་བག་ཟན་བཅོས་ལ་ནང་སྒྲུབ་དྲག་པོའི་སྐབས་ཀྱི་སྙིང་པོ་སྔགས་ཀྱི་ཤམ་བུ་ལ། སྲེ་དུ་ར་ཐེབས། མེལ་མེལ་ཐེབས། མྱལ་མྱལ་ཐེབས། གྲི་སུ་ཨེ་ན་དུ་ལ་རྨ་མ་ལེ་མ་ལེ་འགྲི་མུན་འགྲི་མུན་སྭ་ཧཱ། ཞེས་རྦད་བསད་སྔགས་ལའང་འདོག །རྟགས་མཚན་མ་བྱུང་བར་རོ། ༧ །དེ་ནས་དམར་གཏོར་མཐོ་གང་པ་གཅིག་བཅས་ལ་ཐན་གཟུགས་དང་བཅས་སྣོད་དུ་བཤམས་ལ་ཐན་བསྐུལ་བ་ནི། དོ་ནུབ་ཐན་གྱི་རྒྱལ་པོ་ཞེས་པ། བློའི་ཚིག་བསྒྱུར། དཔེར་ན། འུག་ཐན་ཡིན་ན། དོ་ནུབ་འུག་ཐན་གསེར་མིག་ལྟར་རོ། །
གཞན་ཡང་སྐབས་དང་བསྟུན་ནས་བསྐུལ་པ་བྱ། ༧ ཡང་ན་བསད་པའི་སྐབས་སུ་ཟོར་ལས་བསྒྱུར་ནས་གཏོང་། ཁ་ཅིག་ཐན་སྒྲུབ་ཁོ་ནས་ཆོག་པར་འབོད་རྦད་གང་ཡང་མི་དགོས་པར་བཤད་ཀྱང་། དེ་དག་ནི་མི་ཆ་མེད་མཚོན་ཆ་དགྲ་ཡུལ་བསྐུར་ནས་མི་དེ་མེད་ན་མཚོན་ཆ་ལ་སྐྲག་པར་མི་འགྱུར་བ་ལྟར་རོ། །རྒྱུད་ནས་མ་བཤད་བླ་མས་མ་གསུངས་འགྲུབ་པར་མི་འགྱུར་རོ། །དེ་དག་དགོངས་དོན་དང་བསྟུན་ནས་ས་སྲོད་དམ། ཉི་ནུབ་དུས་དགྲ་ཕྱོགས་སུ་འཕང་ངོ་། །དང་པོ་རྟགས་མཚན་རང་ལའང་མི་འཇིགས་པའི་གདེང་དང་ལྡན་པ་གལ་ཆེའོ། །དེ་ཐན་འགྱེད་སྣ་ཚོགས་སོ། །ཐན་འགྱེད་འཁོར་ལོ་ཟིན་བྲིས་སོ། །འཁོར་ལོ་ཐན་འགྱེད་སྣ་ཚོགས་དེ་དག་ནི་ལྟས་ངན་གཏོང་བའི་སྐོར་རོ། །བཅའ་ཐབས་འདོད་དགུ་ཀུན་ལ་གསལ། ༧ བཞི་པ་བསད་པ་བྱེད་པ་ནི། ཞིང་བཅུ་ཚང་བའི་བསྟན་དགྲ་ལ་བྱ་བ་ནི། དེ་ལ་ཐོར་བུ་བཅའ་ཐབས། བཅའ་གནས། བཅའ་ཚུལ་དང་གསུམ། །ཆད་པའི་དམ་རྫས་བཅའ་ཐབས་ལས་བྱུང་བ་ལྟར། བྱས་ལ། ཤོ་རྒྱུད་པ་དང་། ཐོག་རྒྱབ་པ་དང་། ལོ་ཏོག་སེར་བས་བཅོམ་པའི་ས་ལ་སྟེགས་བུ་གྲུ་གསུམ་པ་རྒྱ་དང་དཔངས་སུ་གྲུ་གསུམ་རྩེ་མོ་བསྣོལ་མར་བྱས། རྟེན་རྫས་གྲུ་གསུམ་རྩེ་ལ་གཟུགས་ཏེ། དཔངས་གྲུ་གང་གྲུ་གསུམ། མེ་ཐབ་གྲུ་གསུམ་བསྣོལ་རིས་བྲུ། ཐུར་དུ་གཏིང་ཟབ་བུ་ག་གཏོད་པ་ལ་ཁྲག་དང་དུག་ཆུས་ཞལ་ཟས་ལ་ཕྱི་ནང་དུར་ཁྲོད་ཐལ་བས་བྱུག། གྲུ་གསུམ་ནང་མ་ལ་དགྲ་ལིང་བཞག །དགྲ་ལིང་བྲི་ཐབས་ལ། དུར་ཁྲོད་རེས་སམ་ཤིང་ཤུན་ལ་
ཁྲག་དང་། དུག་ཆུས་དགྲ་གཟུགས་ལེགས་པར་བུ་ག་ཚང་བར་བྱས་ལ། མགོ་ལ། སྲི་དུར་ཐེབས། ཡན་ལག་བཞི་ལ། མེལ་མེལ་ཐེབས། སྙིང་ཁ་ལ་མིང་རུས་བྲི་དང་བླ་དག་བྲི། ཤྲཱི་བུ་ཨེ་ན་དུལ། རྐང་པ་ལ། རྨ་རྨ་བ་མ་ལེ་འདྲི་མུ་འདྲི་སྭཱ་ཧཱ། རྐང་ཞབས་སུ། ཡཾ། སྤྱིར་བོར། ནན། གསང་གནས་སུ། ཆོད་མི་རབ་ཆོད། དཔུང་པ་བརླ་ལ། ཛཧཱུྃ་བཾ་ཧོ། མིག་ལ། ལོང། རྣ་བར། འོན། སྣ་ལ། འཚུབས། མགུལ་ལ། འགག །ཞེས་བྲི། ཛ་ཁཾ། ལིང་ག་སྤྱི་དང་མཐུན། དེ་དག་ཞལ་ཤེས་སོ། །ཚོན་སྐུད་སྣ་ལྔས་བཅིངས། བྲུབ་ཁུང་དུ་བཅུག །དེ་ནས་ལས་འགྲིགས་ལས་བྱང་གཞུང་ལྟར་བྲུབ་ཁུང་བསྐྱེད། དེ་ནི་བཅའ་ཐབས་སོ། །གནས་ནི་མི་མེད་ལུང་པ་དབེན་གནས་གཉན་པོ། བཙན་གནས་སར་གངས་ཁྲོད་ནགས་ཁྲོད་ངམ་གྲོག་ཆེན་པོ། ཤིང་གཅིག་དྲུང་། ཁང་སྟོང་། བྲག་སྣ། ཆུ་སྣ། དུར་ཁྲོད། ཁྱད་པར་དབེན་པའི་ས་གཙང་ལ་སྒྲུབ་ལ་བཅའ་གནས་སོ། །ད་བཅའ་ཚུལ་ནི། སྔར་གྱི་དགྲ་བགེགས་གཟུགས་ལེགས་པར་བཅོས་པའི་སྙིང་པོ་དྲིལ་ལ་་་་ཆ་ག་བྱ། མགོ་མཇུག་མེད་པར་འཕྲས་གཏུམ། གྲུ་གསུམ་དབུས་མ་དེའི་ནང་དུ་གཞུག་ལ། དྭང་ཁ་ལ། ས་བཟང་རིན་པོ་ཆེ་བཟང་དང་འབྲུ་དང་བསྲེས་ལ། ཕོ་མོའི་བྱང་སེམས། རཀྟས་ལེགས་པས་སྦྲུས་ལ་རྒྱ་གར་གཟུགས་གསུམ་བྱ། གཟིའི་མིག །རུས་
པའི་སོ། ཞོ་ཤའི་སྙིང་། ཟེར་མོ་སྐུ་བྱས། དར་ནག་བརྒྱན། མེ་བསར་མཚོན་ཆ་ཁ་དམར་ལྕགས་རྣམས་ལ་རོ་སོལ་མེ་ལ་མདུང་ལྕགས་བརྡུངས། ཁྲག་སྣ་ཞེས་པ་ནི་འདོད་དགུ་ཀུན་འབྱུང་ལས་བཤད་པའི་ཁྲག་སྣ་དང་ཆུའི་ངར་བླུད། དུག་ཤིང་ཚེར་མའི་མདུང་ཤིང་བྱས་ལ་ལག་ཏུ་བཟུང་ལ། དམིགས་པའི་ལིངྒའི་སྙིང་ཁར་གཏད་ལ་གྲུ་གསུམ་སྟེགས་བུ་གསུམ་གྱི་སྟེང་དུ་བཞག །ཟུར་གསུམ་ཁྱེར་བའི་ཕྱིར་མཐའ་ལསེང་གེ་སྟག་སྤྱང་ཟངས་འཕར་དྲེད་མོང་དང་། ལ་བྱི་ལ། གཟིག་སྟག་སོགས་གདུག་པ་ཅན་གྱིས་བསྐོར་བ་བཅའ་ཚུལ། དེ་ནས་དྲག་པོའི་འབག་ཚོམ་སོགས་བཅའ་གཞི་ལེགས་པར་བྱས་ལ། ལས་འགྲིགས་གནམ་ལྕགས་ཐོག་མདའ་ནས་བྱུང་བ་ལྟར་གྲུབ་ཁུང་བསྐྱེད་ལ། དེ་ནས་རྒྱས་པ་བྷོལྟར་ན། ༈ དགྲ་བོའི་རྣམ་པར་ཤེས་པའི་ངོ་བོ་ནི་སྔོ་ལྗང་དེ་ཡོངས་སུ་གྱུར་པ་ལས། དམ་ཉམས་པར་བྱེད་པའི་དགྲ་བོ། ཕྱི་ཤ་གཟུགས་དྲུག །ནང་ཆ་བུ་དགུ། བུ་ག་སྒོ་དགུ། ལུས་ངག་ཡིད་གསུམ། རྣམ་ཤེས་ཚོགས་བརྒྱུད། སྐྱེ་མཆེད་ཕུང་ཁམས་ཡན་ལག་མགོ་དང་ཚང་མ། མི་གདུག་པའི་གཟུགས་ཅན། ཁ་དོག་སྔོ་ལ་ཧཾ་པ། སྐྱ་ལ་རིད་པ་༔ ཞེ་སྡང་གི་མེ་འབར་བ། གཏི་མུག་གི་མུན་པ་འཐིབས་པ། ང་རྒྱལ་གྱི་རི་ཀླུང་གཡོ་བ། ཕྲག་དོག་གི་རླུང་དམར་འཚུབས་པ། འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། བུ་
ག་དགུ་ནས་ཁྲག་འཛག་པ། ལུས་སྟོབས་ཆུང་བ། ཉམ་ཆུང་བ། སྐྱོབས་པའི་ལྷ་མེད་པ། སྲུང་བའི་མགོན་མེད་པ། གཅེར་བུ་ཉམ་ཐག་ཅིང་། ཁ་ནས་ང་སྡུག །ང་བསྔལ། ངུ་འབོད་དང་། ཆོ་ངེ་འབེབས་པ། ཉེ་དུ་ཉེ་འབྲེལ་གྱི་མིང་ནས་འབོད་ཅིང་མྱ་ངན་གྱི་སྐད་ཀྱིས་སྨེ་ངག་ཙེར་ཙེར་འདོན་པ་བསྔངས་ཡེད་ཡེད། དབུག་འཐུམ་འི་ཐུམ། སྐྱི་ཟིང་ཟིང་། སྐྲག་ངམ་ངམ། མཆི་མ་ཁྲུམ་ཁྲུམ། གན་རྐྱལ་དུ་ཡོད་པ། ལག་རྒྱབ་ལག །རྐང་པ་ལྕགས་སྒྲོག །མིག་ཤི་མིག །སྐུ་དང་བ་སྤྱི་གཟེངས་ཤིང་། ལུས་ལ་དྲི་ངན་བྲོ་བ། ཉེས་ཆེན་བཙོན་ལ་བཟུང་བ་བཞིན་འགུལ་ཡང་མི་ནུས་པ་ཞིག་ཏུ་གྱུར། ཅེས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་དུག་ལྔ་དུག་གསུམ་ཐམས་ཅད་བསྡུས་ནས་ཆེ་གེ་མོའི་རྒྱུད་ལ་ཐིམ་པས། ཁོ་དུག་ལྔ་རྒྱས་ནས་སངས་རྒྱས་ཀྱི་བསྟན་པ་བཤིགས། རང་བསྟན་རིན་པོ་ཆེ་ལ་གནོད་པ་བསྐྱལ། མི་དགེ་བའི་ལས་དང་དུ་བླངས། དགེ་བའི་ལས་རྒྱབ་ཏུ་སྐྱུར། མཚམས་མེད་པ་ལྔ་ལ་སྤྱོད།། བདག་ཅག་གིས་ཕར་གནོད་པ་ནི་ངས་མེད། ཉེས་པ་ནི་མེད། ངས་མ་ཉེས་ཡང་ཚུར་གནོད་ཅིང་
འཚེ་བ་འདི་ནི་བསྒྲལ་བའི་ཞིང་བཅུ་ཚང་སྙམ་དུ་བསྒོམ། ཧཱུྃ། ཀོན་མཆོག་གསུམ་གྱིས་བསྟན་པ་ལ་སོགས། འདུལ་དུ་གསོལ། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ནས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་ཁྱད་པར་སྐྱེས་བུ་ཆེན་པོ་འཁོར་བརྟན་མ་དཔུང་དང་བཅས་པ་མདུན་དུ་བྱོན་པས། དམ་ཉམས་དགྲ་བོས་འདི་ལྟ་བུའི་ཉེས་པ་བྱས་སོ། །ཞེས་ཞུས་སོ། །ཉེས་པ་སྒོ་སྦྲགས་པས་དེ་ཐམས་ཅད་ཁྲོས་ནས་སྡིག་ཅན་འདི་སྒྲོལ་བའི་དུས་ལ་བབ་བོ། །ཞེས་ལུང་བསྟན་དུ་གྱུར་སྙམ་དུ་བསྒོམ། མདུན་བསྐྱེད་ཀྱི་ལྷ་ཚོགས་སོགས། སྒྲོལ་བར་གྱུར་ཅིག །བར་རོ། །ལྷ་ཚོགས་དེ་རྣམས་ལ་གཟུ་དང་དཔང་དུ་གསོལ། ཧོཿ དགོངས་སུ་གསོལ་སོགས། མྱོས་པར་གྱིས་ཤིག །བར་རོ། །དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ན་མོ། དཀོན་མཆོག་གསུམ་དང་ཡི་དམ་ཆོས་སྐྱོང་དང་། །དཔལ་ཆེན་རྟ་མགྲིན་དཔལ་ལྡན་ནག་པོ་ཆེ། །མཆེད་འཁོར་གིང་དང་ཕོ་ཉའི་བདེན་པ་དང་། །ཁྱད་པར་སྔགས་འཆང་བདག་གི་ལྷ་སྔགས་དང་། །ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུ་རྩལ་དང་། །བདེན་སྟོབས་ཆེན་པོའི་
བྱིན་རླབས་ཀྱིས། །སངས་རྒྱས་བསྟན་དགྲ་བླ་མའི་སྐུ་དགྲ་དང་། །ཀཾ་ཚང་བསྟན་དགྲ་དགེ་འདུན་སྡེ་རྣམས་བཤིགས། །དབེན་རི་ཉེས་མེད་སེམས་ཅན་རྣམས་ལ་འཚེ། །དགེ་སྤངས་སྡིག་སྒྲུབ་དམ་ལོག་ཤན་པའི་ཚོགས། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་པ། །དུས་གསུམ་འཚེ་བར་བྱེད་པ་དམིགས་པའི་དགྲ། །ཁམས་གསུམ་རིགས་དྲུག་སྐྱེ་གནས་བཞི་པོ་སོགས། །རང་གི་ནང་ཆོས་བོན་དང་སྲུང་མ་ཡིས། །སྐྱབས་འོག་གནམ་ས་ཉི་ཟླའི་གོ་བར་དང་། །གང་ན་ཡོད་དང་གང་ན་གནས་གྱུར་ཀྱང་། སྐད་ཅིག་ཉིད་ལ་མིང་དང་ལིངྒ་ལ། །ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ །རྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྒྲོག་ཅིག་བཛྲ་སྤོ་ཊ་པཾ། །རྣམ་ཤེས་མྱོས་ཤིག་བཛྲ་གྷནྡྷེ་ཧོཿ །ཞེས་བཀུག་གཞུག་རྒྱུས་བསྡུས་གང་ལྕོགས་བྱེད། །སྐབས་འདིར་བླ་འགུགས་སྔགས་བཟླའོ། །ༀ་བཛྲ་སཱ་དྷ་ཡ་སོགས། ཤམ་བུ་ལ། ཨོཾ་བཛྲ་ཙཀྲ་ལས་ཁུག །བཛྲ་གིང་ཀ་རས་ཁུག །བཛྲ་རཀྵ་རཀྟས་ཁུག །བཛྲ་སཱ་དྷུ་ས་མཱ་ཡ་རྨི་མོའི་རྨི་ཛ་ཛ་ཁུག །རྟགས་མ་བྱུང་བར་དུ་བཟླའོ། །ཁུག་རྟོགས་བྱུང་ནས་དགྲ་བོ་དངོས་སུ་བསམ་ལ། །ལྷ་དབྱེ་བྱེད་ན་ལས་འགྲིགས་ལས་བཤད་ལྟར། དཀར་
གཏོར་འབུལ། ཀྱི། བོད་ཀྱི་མགུལ་ལྷ་སོགས། སྡོང་གྲོགས་མཛོད། །དམར་གཏོར་ལ། ཀྱེ། དམ་སྲི་མེ་སྟག་སོགས། གཤེད་དུ་ཕོབ་ཅིག །བར་རོ། དེ་ནས་ཕོ་རོག་འུག་སྒྲོ་གཉིས་ལས་ཁུང་གཡས་གཡོན་དུ་བཞག་ལ་ལྷ་དབྱེའི་རྫས་རྣམས་ཀྱི་དུད་པས་བདུག །རང་དང་སྒྲུབ་ཁང་དུ་མ་ཕོག་པ་གལ་ཆེའོ། །ཧཱུྃ་ཕཊ། ཤ་ཧཱུྃ་ཨིག་རྟག་ཕྱེ། ཙིཏྟ་ཁ་ཕྱེ། འབྱེད་པ་ཕྱེ། དྷེ་བ་ཕྱེ། ཕུ་ཕྱི། ཨ་ཕྱེ། ཤ་ཏུཾ་དེ་བ་དེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་སྒྲོ་གཉིས་ལག་ཏུ་ཐོགས་ནས་ལྷ་དབྱེའི་ཕྱག་རྒྱ་དང་བཅས་པས། ཧོ། ཁ་ཁ་མ་དང་ཧུ་ལུ་མ། །གདོང་མ་ཆེན་མོ་ལས་བྱེད་མ། །མཐིང་སེར་བྱ་རོག་འུག་པའི་མགོ །མི་མཐུན་བསྲུང་བྱའི་ལྷ་དང་ཕྲོལ། །མཐུ་ཆེན་མུ་ཁའི་ཐུགས་དམ་བསྐང་། །ཕྲ་མེན་ཆེན་མོ་དུས་ལ་བབ། །དམ་ཉམས་སྡང་བའི་དགྲ་བོ་འདི། །མགོན་སྐྱོབ་ལྷ་དང་ད་ཕྱེས་ཤིག །སྲོག་གཅོད་བདུད་དང་ད་སྤྱོད་ཅིག །ཕ་ལྷ་དཀར་པོ་ད་ཕྱེས་ལ། །ཕོ་སྲི་ཁ་ནག་ད་སྤྱོད་ཅིག །དགྲ་ལྷ་རྒྱལ་པོ་ད་ཕྱེས་ཤིག །དགྲ་སྲི་དར་དམར་ད་སྤྲོད་ཅིག །དུང་འཕྲུ་ཅན་དང་ད་ཕྱེས་ཤིག །སྦྲུལ་མགོ་ཅན་དང་ད་སྤྱོད་ཅིག །མ་ལྷ་འཛངས་མར་ད་ཕྱེས་ཤིག །མ་བདུད་བྱ་མགོར་ད་སྤྲོད་ཅིག །
ཞང་ལྷ་འཕན་དང་ད་ཕྱེས་ཤིག །ཞགས་འདྲེ་ཡས་བདག་ད་སྤྲོད་ཅིག །སྲོག་ལྷ་སྲོག་རྟེན་ད་ཕྱེས་ཤིག །སྲོག་བདུད་ཕག་མགོ་ཅན་དང་སྤྱོད། །སྲོག་སྐྱོབ་འོད་དམར་ད་ཕྱེས་ཤིག །སྲོག་བདག་གླང་མགོ་ཅན་དང་སྤྱོད། །མཐུན་བྱེད་ལྷ་དང་ད་ཕྱེས་ཤིག །ཕྱེ་བྱེད་ཕྲ་མེན་གཉིས་དང་སྤྱོད། །མགོན་བྱེད་ལྷ་དང་ད་ཕྱེས་ཤིག །ཤ་ཟན་ཁྲག་འཐུང་སྡོང་དང་སྤྱོད། །འཚོ་བྱེད་ཚོགས་དང་ད་ཕྱེས་ཤིག །དབུགས་ལེན་སྲོག་བདག་ད་སྤྱོད་ཅིག །སྲུང་བར་བྱེད་པའི་ལྷ་དང་ཕྱེས། །ཆད་པའི་ཕོ་ཉ་རྣམས་དང་སྤྱོད། །ཡུལ་ལ་འགོ་བའི་ལྷ་དང་ཕྱེས། །ཡུལ་འདྲེ་འཁྱམས་པོ་གཤེད་དང་སྤྲོད། །གྲོགས་ན་འགོ་བའི་ལྷ་དང་ཕྱེས། །གྲོགས་འདྲེ་ཁ་དམར་ད་སྤྱོད་ཅིག །ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས། །མཉམ་པོར་འོང་བའི་བདུད་དང་ད་སྤྲོད་ཅིག །དམ་ཉམས་དགྲ་བོའི་མགོན་སྐྱོབ་ཀྱི་ལྷ་ཡོད་ན་སྲོག་གཅོད་ཀྱི་བདུད་དུ་གྱུར་ཅིག །སྲུང་བྱེད་སྔགས་ཡོད་ན་རང་ཕུང་བའི་མཐུར་གྱུར་ཅིག །མཐུན་པའི་གྲོགས་ཡོད་ན་སྡང་བའི་དགྲར་གྱུར་ཅིག །ཕན་པའི་གཉེན་ཡོད་ན་ཕུང་བའི་དགྲར་གྱུར་ཅིག །སྐྱོབ་པའི་ལྷ་ཡོད་ན་ཕུང་བའི་འདྲེར་
གྱུར་ཅིག །གསོ་བའི་སྨན་ཡོད་ན་ཤི་བའི་དུག་ཏུ་གྱུར་ཅིག །དཔུང་གི་དམག་ཡོད་ན་ཧུར་ཐུ་ནད་ཀྱིས་སོད་ཅིག །ཨོཾ་བཛྲ་སཱ་དྷ་དགྲ་བོ་ལྷ་དང་ཕྱེས་སོགས། ཀུ་རུ་ཡེ་སྭ་ཧཱ། །བར་རོ། ཁོའི་སྲུང་མ་ཡེ་ཤེས་འཇིག་རྟེན་རྣམས་ལངྐ་བཞིན་སོགས་ནས་ཁོ་གཅིག་པུ་ཅི་བྱ་ཏོལ་མེད་དུ་བསམ། དེ་ནས་ལས་ཁུང་ཁ་ཕྱེས་ལ་ཐུན་རྫས་ཡུངས་ཀར་ཡུངས་ནག་དང་། ལྕགས་ཕྱེ་དང་ས་ཕྱེ་རྡོ་ཕྱེ་དྲུག །ཀེ་ཆེ། ཤང་ཚེ་ལང་ཐང་ཚེ་ཐུན་རྫས་སོགས་ཀྱིས་ཐུན་འབེབས། ཧཱུྃ། དྲག་པོ་གནམ་ལྕགས་ཐུན་སོགས། མཱ་ར་ཡ། བར་རོ། །ཐུན་རྫས་རྣམས་བཏབ། ༧ དེ་ནས་ཕུར་པ་བསྐྱེད། ཕུར་པ་གདབ། དེ་ནས་རྒྱུན་པས་ཕུར་པ་ལག་པས་བསྟུན་ནས་ལིངྒ་ཐོ་བས་བརྡུང་བར་བྱ། ཐུན་རྫས་བསད་སྔགས་བཟླས་པ་དང་། བརྡུངས་བའི་སྔགས་ཀྱིས་བརྡུང་བར་གསུངས། ཞེས་པ་ཐུན་མཚམས་བསད་སྔགས་བཟླས་བྱ་ནི། ལྷ་བསྙེན་ཤམ་བུར། བཛྲ་རཀྟ་ཛཿ བཛྲ་ཡཀྵ་ཛཿ བཛྲ་ཆེད་བུད་རྦད་ཆུ་ཛཿ བཛྲ་སཱ་དྷུ་ས་མ་ཡ། རྒེ་མོ། མཱ་ར་ཡ་ཛཿ སྲོག་ལ་ཧུར་ཐུ་ཟད། ཐུན་སྔགས་ནི། བཛྲ་སཱ་དྷུ་ས་མ་ཡ། ཏྲི་ཐུན་རྦད། འོལ་ཐུན། མགར་བ་ནག་པོ་ཐུན། མོན་པ་ནག་པོ་ཐུན། འུར་བ་འུར་བ་ཐུན། ལྕགས་སྤྱང་མགོ་ནག་ཐུན། རྒྱ་སྟག་ཁྲ་བོ་ཐུན། སྟག་སྤྱང་རོལ་པ་ཐུན། འུར་བ་འུར་ཐུན་
སོད། དྲག་སོད། དགྲ་བོ་ནི་ཐུན། ཁ་རིག་སོད། བྲི་མ་དུ་ཤ་སོད། ལི་ཆོ་ཆོ་སོད། ཅེས་ཐུན་བརྡེག་གོ། ༢ ལིངྒ་ཐོ་བས་བརྡུང་བ་ནི། ཁྲོ་ཆུའི་ཐོ་བས་ནི། །ཧཱུྃ༔ རང་ཉིད་སྐད་ཅིག་ཡོངས་སུ་གྱུར་པ་ལས། །དམ་ཅན་སྐྱེས་བུ་ཆེན་པོ་དུད་པའི་མདོག །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་ཁྲོ་ཆུ་ཡི། །ཐོ་བ་རྡོ་རྗེ་མཚན་པ་སྲིད་རྩེར་བསྒྲེངས། །གཡོན་པས་ར་ཡི་རྒྱལ་མཚན་ལྕགས་ཀྱུ་བསྣམས། །དར་ཆེན་ནག་པོ་སྐུར་གསོལ་གསེར་སྐད་བཅིངས། །སག་ཏིའི་ལྷམ་གསོལ་འགྱིང་པའི་ཚུལ་གྱིས་བཞུགས། །ཐུགས་ཀར་ཆོས་འབྱུང་གསང་བདག་སྐུ་མདོག་དང་། །ཆ་ལུགས་གསལ་བར་གྱུར་པའི་ཐུགས་སྲོག་ཧཱུྃ། །འོད་ཀྱིས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་པས། །དབང་བསྐུར་ཆུ་ཡི་ལྷག་མ་ཡར་ལུད་པ། །རིག་འཛིན་པདྨ་བཛྲ་དབུ་བརྒྱན་གྱུར། །གསང་བའི་བདག་པོའི་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བསྐོར་བར་གྱུར། །ཨོཾ་བཛྲ་ཙཎྜ་སཱ་དྷུ་ས་མ་ཡེ་ཧཱུྃ། ཞེས་ཅི་རིགས་བཟླ། ཨོཾ་བཛྲ་ཙཎྜ་བཛྲ་སཱ་དྷ་ཧཱུྃ་བཛྲ་ཨགྷཾ་སོགས་ཀྱིས་མཆོད། རབ་ཏུ་འཇིགས་པའི་སྐུ་འཆང་
ཞིང་། །ཡེ་ཤེས་རྡོ་རྗེ་ཐོ་བ་ཡིས། །བདུད་དང་ལོག་འདྲེན་འཇོམས་བྱེད་པ། །དྲག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། སློབ་དཔོན་གྱིས་ཐོ་བ་བཟུང་། ཧཱུྃ།ལས་ཀྱི་མགོན་པོ་སྐུ་བཞེངས་འཚལ། །དམ་ཅན་ཆེན་པོ་སྐུ་བཞེངས་འཚལ། །སྐྱེས་བུ་ཆེན་པོ་སྐུ་བཞེངས་འཚལ། །ནག་པོ་ཆེན་པོ་སྐུ་བཞེངས་འཚལ། །སོལ་དུད་མདོག་ཅན་འཇིགས་པའི་སྐུ། །རིབ་ཏུ་གཏུམ་ཞིང་རྔམས་པའི་ཞལ། །ལྷ་ཐུང་སྦོམ་ལ་གསུས་པ་འཕྱང་། །རྡོ་རྗེ་ལེགས་པ་དཔའ་རྩལ་ཅན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཉམས་པ་བསྟན་བསྣུབས་རྡུལ་དུ་རློགས། །གཡས་ན་ཁྲོ་ཆུའི་ཐོ་བ་ནི། །རྩེ་མོ་རྡོ་རྗེ་རྩེ་ལྔའི་ཏོག །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །ཉམས་པའི་དུག་ལྔ་ཐལ་བར་བརླག །ཕུང་པོ་ལྔ་ལ་མཱ་ར་ཡ། །ཁྲོ་ཆུ་ལས་གྲུབ་གྲུ་བཞི་པ། །ལས་བཞི་ཕྲིན་ལས་བཞི་དང་ལྡན། །ཉམས་པའི་འབྱུང་བཞི་ཐལ་བར་བརླག །ཡན་ལག་བཞི་ལ་མཱ་ར་ཡ། །གསེར་གྱི་པདྨ་འདབ་བརྒྱད་བརྒྱན། །ཚོགས་བརྒྱུད་རྣམ་པར་དག་པའི་བརྡའ། །།ཉམས་པ་ཁམས་བརྒྱད་ཐལ་བར་རློགས། །རྣམ་ཤེས་བརྒྱུད་ལ་མཱ་ར་ཡ། །ཡུ་བ་སྔོ་ལ་འགྱུར་བ་མེད། །ཁས་
བླངས་དམ་ལས་མི་འདའ་རྟགས། །ཉམས་པའི་རྣམ་ཤེས་ཐར་བར་རློགས། །སྲོག་དང་སྙིང་ལ་མཱ་ར་ཡ། །དེ་ལ་རིན་ཆེན་ཕྲ་གུས་བརྒྱན། །དྲེགས་པ་སྡེ་དགུའི་དེད་དཔོན་བརྡའ། །དམ་ཉམས་ཉོན་མོངས་ཐལ་བར་རློགས། །བུ་ག་དགུ་ལ་མཱ་ར་ཡ། །སྲ་མཁྲེགས་མི་ཤིགས་རྡོ་རྗེ་ལ། །ལོག་ལྟ་ཐལ་བར་བརླག་པའི་བརྡའ། །ཉོན་མོངས་སྒོ་ལྔ་ཐལ་བར་རློགས། །མགོ་དང་ཀླད་པར་མཱ་ར་ཡ། །ཡར་གྱི་རྩེ་ལ་རྡོ་རྗེས་མཚན། །རྩེགསུམ་སྐུ་གསུམ་སྤྲུལ་བསྒྱུར་བརྡལ། །ཉམས་པའི་དུག་གསུམ་ཐལ་བར་རློགས། །ལུས་ངག་ཡིད་གསུམ་མཱ་ར་ཡ། །ཡར་གྱི་རྩེ་མོ་ཕུར་པ་རིས། །རིག་སྔགས་དྲག་པོའི་མི་བཟློག་བརྡའ། །ཉམས་པའི་ལྷ་སྔགས་ཐལ་བར་རློགས། །སྲུང་སྐྱོབ་མགོན་བྱེད་མཱ་ར་ཡ། །སྐེད་པ་རིན་ཆེན་བེང་ཆེན་བསྒྱུར། །ལྷ་མིན་གཡུལ་ལས་རྒྱལ་བའི་བརྡའ། །ཉམས་པ་འཁོར་བཅས་ཐལ་བར་རློགས། །ཕ་ཚན་རུས་ལ་མཱ་ར་ཡ། །ཧཱུྃ། ཁྲོ་ཆུའི་ཐོ་བ་འབར་བ་ཡི། །སྤྱི་བོའི་གཙུག་ནས་ངེས་བཅོམ་སྟེ། །ཀླད་ཁྲག་དྲོན་མོ་ས་ལ་རྒྱོབ། །དཔྲལ་བའི་དཀྱིལ་ནས་ངེས་བཅོམ་སྟེ། །མིག་འབྲས་
དཀར་ནག་ཐང་ལ་རྒྱོབ། །མགྲིན་པའི་དཀྱིལ་དུ་བསྒྲུབ་པར་གྱིས། །སྲོག་གི་སྣེ་ཁྲག་ཐང་ལ་ཕོས། །སྙིང་གི་དཀྱིལ་ནས་དཀྲུག་པ་ཡིས། །སྙིང་ཁྲག་དམར་པོ་ཐང་ལ་རྒྱོབ་ལྟེ་བའི་གནས་སུ་རྒྱབ་བྱས་པས། །ནང་ཁྲོལ་མེ་གནས་ཕྱེ་ལ་རྒྱོབ། །གསང་བའི་གནས་སུ་བརྡུང་པ་ཡིས། །རྗེས་ཤུལ་ཙམ་ཡང་མེད་པར་གྱིས། །ཧཱུྃ། དམ་ཅན་རྒྱ་མཚོ་དམ་ཚིག་ཅན། །ཁྲོ་བཅུའི་ཐོ་བ་འབར་བ་ཡིས། །དགྲ་བོ་ལུས་ཀྱི་གནས་ལ་ནི། །བཙུན་ནོ་བརྡུང་ངོ་མཱ་ར་ཡ། །དགྲ་བོའི་མགོ་ཡི་གནས་ལྔ་ལ། །བརྡུང་ངོ་བསྣུན་ནོ་མཱ་ར་ཡ། །དགྲ་བོའི་དབང་པོ་རྣམ་ལྔ་ལ། །ཚལ་པར་བརྡུང་ངོ་མཱ་ར་ཡ། །དགྲ་བོའི་རྣམ་པར་ཤེས་པ་འདི། །ཡི་དམ་ལྷ་ཡི་ཐུགས་ཀ་ལ། །འཕོ་འོ་བསྟིམ་མོ་མཱ་ར་ཡ་ཕཊ༔ །ཧཱུྃ། དམ་ཅན་རྡོ་རྗེ་ལེགས་པའི་མཚན་ཅན་ཁྱོད། །སྔོན་གྱི་དམ་བཅས་ཇི་བཞིན་དུ། །དྲག་པོ་ཐོ་བས་བརྡུངས་བ་ཡི། །དམ་ཚིག་ཆེན་པོ་མ་འདའ་ཞིག །དམ་བཅས་ཇི་བཞིན་མ་བྱས་ན། །ཁྱོད་ནི་དམ་ལས་འདའ་བ་ཡིན། །བདག་གི་བསྒོ་བ་མ་ཉན་ན། །ཁྱོད་ནི་དམ་ལས་འདའ་བ་ཡིན། །གལ་ཏེ་དམ་ལས་འདས་གྱུར་ན། །ཁྱོད་
ལ་གཏོར་མ་ཅི་བྱིན་ཡང་། །ཁྱོད་ཀྱི་ལུས་ཀྱི་གནད་དུ་འགྲོ། །སྙིང་པོ་བཟླས་བརྗོད་ཅི་བྱས་པ། ཁྱོད་ཀྱི་ངག་གི་གནད་དུ་འགྲོ། །བསྐྱེད་རྫོགས་ཏིང་འཛིན་ཅི་བྱས་པ། །ཁྱོད་ཀྱི་སེམས་ཀྱི་གནད་དུ་འགྱུར། །ལུས་ངག་སྙིང་རྣམས་ཚལ་པར་གས། །།དེ་མ་ཐག་ཏུ་དམྱལ་བར་འགྲོ། །དེ་བས་དམ་ལས་མ་འདའ་ཞིག །རྡོ་རྗེ་ཆེན་པོའི་དམ་ཚིག་ནི། །གཙང་མ་ཡང་དག་མ་བསྲུང་ན། །རྡོ་རྗེའི་བྲག་ཡང་འགས་པར་འགྱུར། །རྒྱ་མཚོ་ཆེན་པོ་སྐེམ་པར་འགྱུར། །མེ་ནི་ཤི་དང་རླུང་ཡང་འཆད། །གཞན་དག་རྣམས་ལ་སྨོས་ཅི་དགོས། །དེ་ལྟར་རྡོ་རྗེའི་དམ་ཚིག་ནི། །ནམ་ཡང་འདའ་བར་མི་བྱའོ། །དེ་བས་ལས་རྣམས་བསྒྲུབ་པར་མཛོད། །ཁྲོ་ཆུའི་ཐོ་བས་བརྡུང་བར་གྱིས། །ཞེས་བརྡུང་བའི་ཏིང་ངེ་འཛིན་ནི་དམིགས་པ་ཏིང་ངེ་འཛིན་ཟིན་བྲིས་ལས་གསལ། བརྡུང་སྔགས་ཚེ། ཨོ་བཛྲ་སཱ་དྷུ་ས་མ་ཡ། ར་ར། རུ་རུ། ཤ་ར་ར། ཏུང་ཏུང་། ཐོག་ཐོག །ཡེར་ཡེར། ཆོམ་ཆོམ། མགར་བ་ནག་པོ་གཏོར་ལ། །བལ་བོ་ཀུ་རུ་སྒེའི་སྲོག་འཕྲོག །ཁ་རག་དཔལ་མོ་བཙུན་བསྐུལ་བསྐུལ། ཤ་མེད་གངས་དཀར་མས་གཏོར་གཏོར། །
ཅེས་བཟླས་ལ་གནས་ལྔར་བརྡུང་། འདིའི་སྐབས་སུ་དགྲ་བོ་སྨྱོ་བར་འདོད་ན་གོང་གི་ཤམ་བུར། བཛྲ་སཱ་དྷུ་ས་མ་ཡ་དགྲ་བོ་མཱ་ར་ཡ་བྷྱོ་བྷོ། ཞེས་བཟླ། དེ་ནས་མཚོན་གཞན་རྣམས་བསྟན་ལ། བསད་པའི་ཏིང་འཛིན་གསལ་བར་བྱས་ལ། ཞལ་བསྟབ་གཞུང་ལས་འགྲིགས་ལ་འཇུག་གོ། ༢ ཡང་བསད་པ་བྱ་བ་ནི། དུག་ཤིང་ཚེར་མའི་བྱང་བུ་ལ་ཁྲག་གིས་དུག་ཆུའི་ལིངྒ་མིང་རུས་བྲིས་ལ། བསད་པའི་སྟེགས་བུ་སྔ་མ་ལྟར་ལས་མཁན་གསུམ་དང་བཅས་ལེགས་པར་བསྒྲུབ། སྟེང་དུ་དུག་ཤིང་བསྣོལ་མ་ལ་མེ་ཧོ་གྲུ་གསུམ་བརྩེགས། བྱང་བུ་བྲུབ་ཁུང་ནང་དུ་བཅོལ་ལ། ལས་འགྲིགས་མན་ངག་ལྟར་བྱས། ཧོ་ཁུང་གཟུ་དཔང་བདེན་སྟོབས་བརྗོད། ལྷ་དབྱེ་ཐུན་བརྡེག་ལ་སོགས་བྱས་ནས། །བྱང་བུ་ཐོ་བས་བརྡུང་། དེ་མེ་ཐབས་སུ་རོ་སྲེག་སོལ་བ་ནག་པོའི་སྟེགས་བུ་དབུས་སུ་བུ་ག་ཆུད་པའི་དཔེའུ་ཁ་བཅུག །མགར་བའི་ཁྱིམ་ནས་བླངས་ལ་སྦྱར། མེ་ཉིད་ལྷ་བསྐྱེད་ནི། ཨེ་མེ་ཧོ་ཟུར་གསུམ་པ་སོགས་ནས། བཏབ་བོ། །ཛ་ལ་རཾ་ཞེས་པའི་བར་རོ། །ལིང་རོ་མེ་ཐབས་སུ་རོ་བསྲེགས་ལ་བསྲེག་རྫས་རའི་དབང་པོ་རྣམ་ལྔ་འབུལ། ར་ཚིལ་གསུར་དུད་བཏང་བར་བྱས། ཐལ་བ་ཝ་ཐོད་བླུགས་ལ་གདུག་པའི་གནས་སུ་མནན། ༢ མནན་པ་བྱ་བ་ནི། མེ་ལ་བསྲེགས་དང་མ་བསྲེགས་གང་ཡང་སྟེ། དྲག་པོའི་གནས་སམ་ལམ་འོག་གང་དུ་ཁྱེར་ལ། རྡོ་རྗེའི་ཐོ་བས་གཏུག་གཏུག་བྱས་ལ། འདོན་བསྒོམ་སྦྲག་སྟེ། ཧཱུྃ། རང་ཉིད་ཕྱག་ན་རྡོ་རྗེ་ཡི། །
ཕྱག་གཡས་རྡོ་རྗེ་ཐོ་བ་ཐོགས་ནས། ས་ལ་རྒྱབ་པས་བུ་ག་ཟང་ཐལ་དུ་སོང་། མཐའ་ཡི་རྒྱ་མཚོ་ཧར་གྱིས་ཐོབས། དེའི་ནང་དུ་གཤིན་རྗེ་སྔོ་ནག་ཞལ་གདངས་ལ་བའི་སྐུར་གྱུར། ཅེས་དེ་ནས་དོང་གྲུ་གང་ཨེ་དབྱིབས་སུ་བྲུས་ལ། ཧཱུྃ། རིམ་པ་བདུན་གྱི་ས་འོག་ནས། །ལས་ཀྱི་གཤིན་རྗེ་འཁོར་བཅས་གཤེགས་སུ་གསོལ། །ཁྱོད་ལ་མཆོད་པ་འབུལ་བ་ནི། །དམ་རྫས་བདུད་རྩི་གསེར་སྐྱེམས་དང་། །བསྟན་དགྲ་གཉིས་མེད་ལིངྒ་འདི། །འབུལ་ལོ་དགྱེས་པའི་ཕྲིན་ལས་མཛོད། །ཅེས་ལིངྒ་དྲུང་དུ་བཞག །དུག་ཁྲག་གི་ཆབ་བསིལ་བྱས། ལས་གཤིན་ཞལ་ཧོམ་ཁུང་ལྟར་ཁ་ཆེ་ཞིང་གཏིང་ཟབ་པ་མཚན་ཉིད་དང་ལྡན་པའི་ནང་དུ་དགྲ་བགེགས་ཚུད་པར་གྱུར། བདེན་སྟོབས་བརྗོད། ན་མོ། རྗེ་བཙུན་རྩ་བ་དང་སོགས། ལས་གཤིན་ཞལ་ཧོམ་ཁུང་ལྟར་གདངས་བའི་ནང་དུ་ཁུག་ཅིག །ཅེས་འགུགས་གཞུག་རྟགས་མ་བྱུང་བར་དུ་ཡང་ཡང་བཀུག །ལྷ་དང་ཕྲལ། དེ་ནས། ས་གཤིན་ཞལ་ཧོམ་འོག་ཕྱོགས་གཤིན་རྗེ་ཡི་ཡུལ་སོང་ནས། དེ་ནས་དེ་སྟེང་ས་ཆུ་མེ་རླུང་སོགས་འབྱུང་བ་རིམ་པར་ཆགས། བསྐལ་པའི་བར་དུ་ཤོལ་མེད་ཚུད་པར་གྱུར། ཅེས་བྲོ་བརྡུང་བ་ནི། ཧཱུྃ། ལས་ཁུང་གཏིང་ཟབ་ལས་གཤིན་ཞལ་ཧོམ་
ནང་། དམིགས་པའི་དགྲ་བོ་ཉམས་པ་ཚུད་པར་གྱུར། དེ་སྟེང་མེ་ཆུ་ས་རླུང་འབྱུང་བཞི་ཆགས། སྐབས་དང་སྦྱར་བསྟུན། དྭང་ཁ་དུར་རྡོ་ངོས་ལོགས་གཅིག་རྡོ་རྗེ་རྒྱ་གྲམ་བྲིས། ལོགས་གཅིག་ལ་རི་རབ་བྲིས་པས་ཁ་བཅད། མི་མཐོང་བར་བྱ། ཡང་ན་བསད་པའི་འཁོར་ལོ་རྣམ་གཉིས་ཡོད། ཐོག་མར་བསད་བྱེད་འཁོར་ལོ་ནི། དགྲ་བོའི་ཁ་ལ་ཤུག་ཕུང་། གྲོ་ག་ནམ་ཤིང་ཤུན་ལ། སྐུ་གཟུགས་ཁྱི་ཁྲིད་ལེགས་པར་བྲིས། །ཐ་མ་བསད་སྔགས་སོ་ཅན་བྲི། །མི་བཟད་མཚོན་གྱིས་མཐའ་ནས་བསྐོར། །ཕོ་མོ་སྟག་ལོའི་གྲི་ཁྲག་གིས་བྲི། གང་ལྕོགས་གནམ་སྡེབས་ལེགས་པར་བྲི། །ས་སྡེབས་རས་སམ་དུག་ཤོག་ལ་ཁྱི་ཁྲག་ལིངྒ་ཕོ་མོ་བྲི། ཏྲི་དུ་ར་ཡི་སྙིང་ག་ལ། སྦྲུལ་ལྟར་གཡོན་དུ་འཁྱིལ་བར་བྲི། །གཡོན་བསྐོར་གྱི་ལྕགས་སྟེང་ཁང་གཟུགས། །དགྲ་གཤེགས་ལོ་ལ་རྒྱུ་ལམ་བཅད། ༢ ཡང་ན་བསད་བྱེད་འཁོར་ལོ་ནི། །དགྲ་ཕུང་ཁ་སྒྲོམ་ནག་པོ་ཞེས། །གྲོ་གའམ་ཤིང་ཤུན་དུར་ཟཁྲོད་རས། །ཕོ་འཁོར་མོ་འཁོར་རྣམ་གཉིས་བྱས། །ཕོ་འཁོར་གཡས་བསྐོར་སྐྱེས་བུ་སྐུ། །ར་ཞོན་སྤྱང་ཁྲིད་ལེགས་པར་བྲིས། །སྙིང་ཁར་ལྷ་བསྙེན་འབོད་སྔགས་བྲི། །རྦད་སྔགས་བསད་སྔགས་སྐུ་ཕྱིར་བསྐོར། །སྟེང་གབ་འོག་ཏུ་ཕོ་ལིང་ནི། །ཏྲི་དུ་ར་བཅས་གླང་རར་གཞུག །མོ་འཁོར་གཡོན་བསྐོར་ཁ་རག་སྐུ། །སྙིང་གར་ཕྱི་ཡི་མཐའ་ལ་སྔགས། རྦད་བསད་བསྐོར་བའི་བྲི་གབ་འོག །མེ་ལོང་ཁྱི་ཡི་ཐོད་པར་བཙུག །རྡོ་རྗེ་རྣམ་འཇོམས་གོང་དུ་བསྐོར། །
དབེན་གནས་དྲག་པོའི་གསང་ངམ་བྲག །རླུང་ལ་ལས་བཅོལ་ལོ་ཟླ་བ། །ཟད་པའི་དུས་སུ་ཤེས་པར་བྱ། །ཀོ་ལོང་བསྡོམས་པས་གསོལ་མཆོད་འབུངས། །ཞེས་པ་བསད་པ་སྐོར་གསུམ་མོ། །ཞེས་དྲག་བསྒྲུབ་བཀའ་རྒྱ་ཆེན་པོ་འདི་ནི། རྒྱུད་དང་རྗེ་ཀརྨ་པ་ཆེན་པོ་ལ། རང་གི་ལས་ཚན་བསྟན་པ་སྲུང་བའི་མཚོན་ཆ་རུ་ཕུལ་ནས་མི་རབས་བརྒྱུད་འཛིན་སྐྱོང་བར་དམ་བཅས་པའི་རྒྱུད་སོགས་ནས་བསྙེན་པ། གཞན་བཀའ་མ་ལས་བྱུང་བའི་མགར་ནག །གཏེར་མ་ལས་བྱུང་བའི་མགར་ནག་སོགས་དུ་མ་གོ་བསྟུན་ནས་ཨ་རཱ་གས་ཀརྨ་རུ་བྲིས་པ་ཉེས་དང་འགལ་བ་མཆིས་ན་དམ་ཅན་ཕོ་ཉའི་ཚོགས་ལ་བཤགས་ཤིང་། དགེ་དེས་བསྟན་ལ་ཉེ་བར་འཚེ་བ་ཐམས་ཅད་ཕམ་པར་གྱུར་ཅིག །ཨེ་ཀ་པཱིཙྪ། ༈ དེ་ནས་དྲག་པོའི་ཕོ་ཉ་ཟ་བྱེད་སྤྱང་གདོང་སྒྲུབ་པ་ནི། གཞུང་དང་གོང་བསྙེན་སོང་ལ། མདུན་དུ་དམར་གཏོར་གཅིག་ལ་གཡས་གཡོན་དུ་དམར་གཏོར་གཉིས་ཤ་དུམ་གཉིས་ཁྲག་ཆུས་བྲན་ལ་འདི་སྐད་དོ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་མཱ་ར་ཡ་ཤ་ཟ་སྤྱང་ཀི་འུར་འུར་འདིར་ཤོག་ཨཾ་ཀུ་ཤ་ཡ་ཛཿཛཿ ཨ་གྷཙྪ། ཞེས་སྐབས་སུ་ཤ་དུམ། དུག་ཁྲག་མཆོད། སྙིང་པོ་ལ་ཁཱ་ཧི་གདགས། དེ་ནས་རྟགས་མཚན་བྱུང་ནས། །རང་མདུན་ཤོག་ལིང་ཟན་ལིང་གང་ཡིན་བཤམས། །བཀུག་གཞུག་བསྒྲལ་བསྟབ་གཞུང་ལྟར་བྱེད། །ལིང་རོ་དམར་གཏོར་ནང་དུ་ཕུལ། །བྱིན་བརླབས་བྱས་ལ་བསྐུལ་པ་བྱ། །ཧཱུྃ། ཉི་མ་ནུབ་ཕྱོགས་ཕ་ཀི་ན།། །རོ་
མྱག་གནམ་སའི་དཀྱིལ་རུམ་ན། །གཤིན་རྗེའི་གྲོང་ཁྱེར་ཆེན་པོའི་རྫོང་། །ཤིན་ཏུ་སྐྱི་གཡའ་རབ་འཇིགས་དབུས། །རྡོ་རྗེའི་ཕ་ཝང་ལོང་བུའི་མཁར། །འཇའ་ཚོན་སྣ་ལྔ་ལམས་སེ་ལམ། །སྟེང་ན་སྤྲིན་ནག་ཀོ་རོ་རོ། །མུན་པ་ནག་པོ་ཐིབས་སེ་ཐིབ། །སྤྲིན་ལ་གློག་དམར་འཁྱུགས་སེ་འཁྱུག །ཐོག་སེར་བུ་ཡུག་ཐ་ར་ར། །སྲོག་གཅོད་སྒྲ་སྒྲོགས་སིངས་སེ་སིང་། །རྔམས་པའི་འབྲུག་སྒྲ་ལྟོངས་སེ་སྟོང་། །ཉིན་བཞིན་རླུང་ནག་འཚུབས་སེ་འཚུབ། །མཚན་མོ་མེ་དཔུང་ཐ་ར་ར། །འབྱུང་བའི་འཁོར་ལོ་སྒ་ར་ར། །ཚ་གྲང་འཐབ་སྒྲ་ས་ར་ར། །དེ་ལྟ་བུ་ཡི་དུར་ཁྲོད་ན། །དམ་ཅན་སྐྱེས་བུ་བཞུགས་པའི་གནས། །ཕ་ནི་སྲིན་པོ་བྱི་ལའི་གདོང་། །མ་ནི་བདུད་མོ་སྤྲེའུའི་གདོང་། །དེ་གཉིས་ཉོན་མོངས་སྤྱོད་པ་ལ། །བུ་ནི་ཟ་བྱེད་སྤྱང་ཀིའི་གདོང་། །ཟ་བྱེད་གདུག་པ་མཆེ་བ་ཅན། །མཚོན་ཆ་སྣ་ཚོགས་ལག་ན་ཐོགས། །ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ། །སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང་། །ལས་སུ་སྲོག་གཅོད་དབུགས་ལེན་བྱེད། །འཁོར་དུ་བདུད་པོ་སྤྱན་གསུམ་དང་། །ཟ་བྱེད་གཅན་གཟན་དུ་མས་བསྐོར། །དེ་ལ་ཕྱག་ན་རྡོ་རྗེ་ཡིས། །
བཀའ་བསྒོས་གསང་བའི་མིང་ཡང་བཏགས། །སངས་རྒྱས་བསྟན་སྲུང་མངའ་གསོལ་ལོ། །ཟ་བྱེད་ཆེན་པོ་སྤྱང་གདོང་ཅན། །སྔོན་ཚེ་རང་གིས་དམ་བཅས་བཞིན། །མ་གཡེལ་མ་འདའ་ད་ཚུར་བྱོན། །གནས་འདི་ཉིད་ལ་བཞུགས་སུ་གསོལ། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དགྲ་བོའི་ཤ་ཁྲག་མཆོད་པ་འབུལ། །འབོད་པའི་དུས་སུ་ཆས་ཙམ་ན། །འཇའ་དང་འོད་སྐོར་ཀྱི་ལི་ལི། །འོད་ཟེར་ཐག་པ་ཡ་ལ་ལ། །མུན་པ་འུར་དང་ཤ་ར་ར། །ལྕེ་སྤྱང་རྒྱུག་དང་སྤེངས་སེ་སྤྲེང་། །ལས་མཁན་ཕོ་ཉ་ཉི་ལི་ལི། །བཞུགས་གནས་མཆོད་རྫས་འབུལ་རྩ་ན། །དགྱེས་པའི་འཛུམ་མདངས་ཡ་ལ་ལ། །དཀར་གསུམ་བཏུང་བ་ཀྱུ་རུ་རུ། །རྔམས་པའི་ང་རོ་ལྷངས་སེ་ལྷང་། །འབྲུ་མཚོན་བཟའ་བ་ཁྲུམས་སེ་ཁྲུམ། །གཏུམ་པའི་ཁྲོ་གཉེར་ཚུབས་སེ་ཚུབ། །ཤ་ཁྲག་དམར་གཏོར་ཧུབས་སེ་ཧུབ། །ཅད་པའི་ལས་ལ་རྒྱུག་ཙམ་ན། །སེང་གེ་སྟག་ལ་སོགས་པ་ཡིས། །གཅན་གཟན་ངར་སྐད་ལྷངས་སེ་ལྷང་། །ཁྲ་དང་བྱ་རྒོད་ཤ་ཟན་སོགས། །བྱ་གཅན་ཟན་འཚོལ་འཇུམས་སེ་འཇུམ། །སྡིག་རྒོད་གཏུམ་པོ་ལ་སོགས་པའི། །རྡུང་
བྱེད་རྭ་ཙན་ཟངས་སེ་ཟང་། །མོན་པ་དཀར་ནག་ལ་སོགས་པའི། །ཕོ་ཉ་ཕོ་མོ་ཤ་ར་ར། །སྲོག་གཅོད་སྒྲ་སྒྲོགས་སིངས་སེ་སིང། །ཧཱུྃ་ཕཊ་འབྲུག་སྟོང་དི་རི་རི། །ཐུན་གྱི་སེར་བ་ཤ་ར་ར། །མཚོན་ཆ་དགྲ་ལ་རུབས་སེ་རུབ། །བསྒྲལ་བའི་དོན་སྙིང་རི་ལི་ལི། །ཤ་ཟ་ལྕབ་སྒྲ་དི་རི་རི། །ཁྲག་འཐུང་ཧུབ་སྒྲ་ཀྱུ་རུ་རུ། །སྟོང་གི་སྟོང་ཆེན་ཡམས་སེ་ཡམ། །སྟོང་གཉིས་བར་མ་སི་ལི་ལི། །སྟོང་གསུམ་སྟོང་ཆེན་སྒ་ར་ར། །ལྷ་འདྲིའི་དམག་ཚོགས་སྤུངས་སེ་སྤུང་། །དོ་ནུབ་ཉིད་དུ་དགྲ་ལ་ཡ། །སྡིག་ཆེན་སྡང་བའི་དགྲ་བོ་འདི། །ཞག་དང་ཟ་མར་མ་ཤོར་བར། །ཐུལ་ཅིག་སྒྲོལ་ཅིག་མ་གཡེལ་ཞིག །ཧཱུྃ། དམ་ཅན་ཁྲོས་པའི་ཕོ་ཉ་བ། །ཟ་བྱེད་སྤྱང་ཀིའི་མགོ་བོ་ཅན། །གདུག་པའི་གཅན་༈ གཟན་འཁོར་གྱིས་བསྐོར། །དོ་ནུབ་གནས་འདིར་གཤེགས་སུ་གསོལ། །སྲོག་སྙིང་གནད་ནས་དྲངས་པ་དང་། །འབོད་རྫས་བདག་དང་གསུར་སྟོང་བའི། །རང་བཞིན་གནས་ནས་ད་ཚུར་སྤྱོན། །ཁྱོད་ལ་མཆོད་པ་འབུལ་བ་ནི། །དམར་ཆེན་ཁྲག་གི་ཨརྒྷཾ་དང་། །དབང་པོའི་པུཊྚེ་ཚིལ་ཆེན་གྱི། །དྷ་པེ་ཞུན་ཆེན་དྷི་པཾ་འབུལ། །དྲི་ཚབ་ཞལ་ཟས་
བསྒྲལ་བའི་ཚོགས། །སྨན་དང་རཀྟ་གཏོར་མ་དང་། །སྐུ་གཟུགས་རྟེན་དང་སྦ་སྨྱུག་ཁྲབ། །དར་ནག་ཆུ་རྒྱུན་མཐུན་རྫས་འབུལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཞིང་བཅུ་བསྟན་དགྲ་སྒོས་དགྲ་འདི། །ཕ་དང་ཕུ་ནུ་ཕོ་རྒྱུད་བཅས། །མ་དང་སྲིང་མོ་མོ་རྒྱུད་བཅས། །ཞང་ཉེ་ཉེ་དུ་ཉེ་འབྲེལ་ཡང་། །མིང་ཡང་མེད་པར་རྡུལ་དུ་རློགས། །མི་མཁར་དམར་པོ་རྩད་ནས་ཆོད། །ས་མཁར་སྐྱ་བོ་རྨིང་ནས་བསྐྱེལ། །རྗེས་ཤུལ་ཙམ་ཡང་མེད་པར་གྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་༢ གཏོར་མ་གཙང་སར་བསྐྱལ། །དེ་དག་ནི་ཕོ་ཉ་བསྒྲུབ་པའོ། ༧ ཨེ་མ་སྲུང་མ་ལྷག་པའི་ལྷ། །སྒྲུབ་ཐབས་ཕྱི་ནང་གསང་གསུམ་ལ། །ཁྱད་པར་ལས་བཞིའི་གསང་སྒྲུབ་དོན། །དགེ་སློང་རཱ་ག་ཨ་སྱས་ཡིས། །བསྟན་པ་བསྲུང་བའི་མཚོན་ཆ་རུ། །ཕྱི་རབས་རྗེས་འཇུག་ཕན་ཕྱིར་བྲིས། །ཉེས་དང་འགལ་བ་ནོངས་པ་རྣམས། །དམ་ཅན་ཕོ་ཉའི་ཚོགས་ལ་བཤགས། །དགེ་དེས་བསྟན་འཛིན་སྐྱེས་བུ་རྣམས། །དབྱར་གྱི་ཚོ་ལྟར་རྒྱས་གྱུར་ཅིག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་འཕྲིན་བཅོལ།
ཧོ༔ འཛམ་བུ་གླིང་གི་སྐྱེས་མཆོག༔ རིག་པ་ཅན་གྱི་རྒྱལ་པོ༔ ཉི་མ་ནུབ་ཕྱོགས་ཀྱི་སྲོག་བདག༔ རྣལ་འབྱོར་ཡོངས་ཀྱི་སྲུང་མ༔ རིན་ཆེན་གཏེར་གྱི་བདག་པོ༔ རྡོ་རྗེ་ལེགས་པ༔ རྡོ་རྗེ་བདེ་ལྡནུ༔ རྡོ་རྗེ་འབར་བ༔ རྡོ་རྗེ་ཁྱུང་གཤོག་རྩལ༔ རྡོ་རྗེ་ཐིག་ལེ་རྩལ༔ སྐུ་མདོག་དམར་ནག་འཇིགས་སུ་རུང་བ༔ རལ་པའི་རྩེ་གནས་དུད་པ་འཐུལ་བ༔ སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས་པ༔ སྨ་ར་ཨག་ཚོམ་མེ་ལྟར་འབར་བ༔ མཆེ་བ་ཟངས་ཡག་ཧ་ཧ་རྒོད་པ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར་བ༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ་བ༔ སྐུ་སྟོད་ལ་ཞིང་གི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ སྦྲུལ་དང་ཐོད་པའི་སེ་རལ་ཁ་འཕྱང་བ༔ ཆིབས་སུ་སེང་གེ་དཀར་མོ་ལ་ཆིབ་པ༔ ཐུགས་ཀྱི་དགྱེས་སྡེ་བཙུན་མོས་བསྐོར་བ༔ བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཆས་པ༔ སྒྲོལ་གིང་བྱེ་བ་འབུམ་གྱིས་བསྐོར་བ༔ ཕོ་ཉ་གཅན་སྤྱང་དོམ་དྲེད་འགྱེད་པ༔ རྒྱ་ཡི་ཨ་བསྲེ་ཆེན་པོ༔ ཁམས་ཀྱི་གནོད་སྦྱིན་བོད་ཀྱི་ཨ་ཇོ་ཆེན་པོ༔ མགར་བ་ནག་པོ༔ མོན་པ་ནག་པོ༔ གའུ་ནག་
པོ༔ སེར་སྐྱ་ནག་པོ༔ དུག་མདའ་ནག་པོ༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུའི་གཙོ་བོ༔ སྐྱེ་བོ་ཡོངས་ཀྱི་དགྲ་བླ༔ བན་བོན་ཡོངས་ཀྱི་སྲུང་མ༔ དམག་དཔོན་ཆེན་པོ༔ ཇག་དཔོན་ཆེན་པོ༔ ཚོང་དཔོན་ཆེན་པོ༔ སྟོང་དཔོན་ཆེན་པོ༔ ལས་མཁན་ཆེན་པོ༔ སྒྲོལ་གིང་ཆེན་པོ༔ ཕོ་ཉ་ཡང་སྤྲུལ་ལས་མཁན་དང་བཅས་པ་ཁྱེད་རྣམས་ལ༔ གཙང་མ་ཕུད་ཀྱི་གསེར་སྐྱེམས༔ སྨན་རཀ་གཏོར་མའི་མཆོད་པ༔ དམ་རྫ་ས་འབར་བའི་མཉེས་མཆོད་དམ་པ་འདིས་གསོལ་ལོ༔ མཆོད་དོ༔ བསྟོད་དོ༔ བདག་ཅག་འཁོར་དང་བཅས་པའི་གེགས་སོལ་ཅིག༔ བསམ་པ་སྒྲུབས་ཤིག༔ རེ་བ་སྐོངས་ཤིག༔ བཅོལ་བའི་ལས་གྱིས་ཤིག༔ སྒྲུབ་པའི་རྟག་ཕྱུངས་ཤིག༔ དགྱེས་པའི་ཞལ་སྟོན་ཅིག༔ མཐུ་དང་རྫུ་འཕྲུལ་སྤེལ་ཅིག༔ མངའ་ཐང་དང་འབྱོར་བ་སྤེལ་ཅིག༔ སྙན་པ་དང་གྲགས་པ་སྒྲོགས་ཤིག༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ༔ དམ་ཅན་རྒྱུ་བའི་དུས་ནི༔ མཁར་ཐབས་བཤོས་དང་ཕུད་རྒོད་དང༔ གསུར་མཆོད་ལེགས་པར་བྱས་ནས་ནི༔ བདག་ཉིད་དབང་ཆེན་གསལ་བར་བྷེ༔ ཞེས་ཨ་རཱ་གས་མཛད་པའོ།། །།
ཡང་གསང་ལས་འགྲིགས་གནམ་ལྕགས་ཐོག་མདའ།
ཡང་གསང་ལས་འགྲིགས་གནམ་ལྕགས་ཐོག་མདའ་བཞུགས་སོ། །
ན་མོ་བཛྲ་སཱ་དྷུ་ཡེ། དམ་ཅན་མགར་བ་ནག་པོའི་ལས་འགྲིགས་ལ། ཐོག་མར་ལས་བྱང་དང་སྒྲུབ་པ་སྔོན་དུ་སོང་ནས། སྣོད་དུ་ས་སྟེགས་དང་པོའི་ནང་དུ། གྲུ་གང་བ་གཅིག་ལ་དམར་གཏོར་མཐོ་གང་བ་བཞིས་བསྐོར། ཤ་དར་གཏོར་གདུགས་བྱས། མེ་རིས་རྒྱན་བྱ། རྩང་དང་ལིངྒ་བརྒྱན། ཡང་གཏོར་སྣོད་གཅིག་གི་ནང་དུ་དཀར་གཏོར་གཅིག་ལ་དཀར་གཏོར་བཅུ་གཅིག་གིས་བསྐོར་བ་བཤམས། ཁྲག་གི་མཆོད་ཡོན་དང་། དབང་པོ་རྣམ་ལྔ་སོགས་དྲག་པོའི་མཆོད་པ་བཤམས། ལིངྒ་བསྐྱེད་ཆོག་ལིངྒ་གཞུང་བཞིན་བྲིས་ལ་ཚོན་རྐུད་སྣ་ལྔས་བཅིངས་ལ། བྲུབ་ཁུང་དུ་གཞུག །ཕུར་པ་སོགས་སྒྲལ་ཆས་ཡུངས་དཀར་སོགས་ཉེར་མཁོ་རྣམས་ལ། ཟན་ལིང་དང་ཤོག་ལིང་ལྕགས་སྣོད་ནང་དུ་བཤམས་ནས་བྲན་ལ་འདི་སྐད་དོ། །
རང་མདུན་ལྕགས་ཁང་གྲུ་གསུམ་ནང་ཤོག་བུ་ལིངྒ་བསངས་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཁཾ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱི་ཁང་སྒྲོམ་འབར་བ། གྲུ་གསུམ་སྡེབས་གསུམ་བང་རིམ་གསུམ་པ། ཁ་དོག་པ། གཏིང་ཟབ་པ། མཚོན་ཆའི་ཆར་འབེབས་པ། ཕྱི་ནང་སྟེང་འོག་ཐམས་ཅད་ནི། དུག་ལྔའི་རང་བཞིན། སྒོ་མེད་པ། དགྲ་བོའི་བཙོན་ཁང་འཇིགས་སུ་རུང་བ། སྒྲ་སྣ་ཚོགས་སྒྲོག་པ་ཞིག་ཏུ་གྱུར། དེ་ནས་ལིངྒ་གྲུབ་ཁུང་དུ་བཅུག་ལ། ཉ་བོ་གསལ་གདབ་པ་ནི། དམ་ཉམས་དགྲ་བོའི་རྣམ་པར་ཤེས་པའི་ངོ་བོ་རྨི་ལྗང་ཁུ་གསལ་བ་ཡོངས་སུ་གྱུར་པ་ལས། དགྲ་བོ་སྔོ་ནག་
དུག་ལྔ་རྒྱུས་པ། ཕྱི་ཤ་གཟུགས་བཞི་གླིང་བཞི་ལ་གཏད་པ་དབང་པོ་སྒོ་ལྔ་ནས་ཁྲག་འཛག་པ། ཁ་ནས་སྡུག་བསྔལ་ཟེར་ཞིང་སྨྲེ་ངག་འདོན་པ། གན་རྐྱལ་དུ་ཡོད་པ་མགུལ་མི་ནུས་པ་ཞིག་ཏུ་གྱུར། དམ་ཉམས་དགྲ་བོ་འདི་བསྒྲལ་བའི་ཞིང་བཅུ་ཚང་སྙམ་ལ། ཧཱུྃ། དཀོན་མཆོག་གསུམ་གྱི་བསྟན་པ་ལ། །ལོག་པར་ཞུགས་པའི་དགྲ་བོ་འདི། །དུག་ལྔ་རྒྱས་པའི་ནུས་པ་ཡིས། སངས་རྒྱས་བསྟན་པ་འདི་ཡིས་བཤིགས། །དཔལ་ལྡན་བླ་མའི་སྐུ་ལ་བསྡོས། །དཔལ་ལྡན་མགོན་པོའི་ཟངས་གྲི་གྲུམ། །དཔལ་ལྡན་ལྷ་མོས་དྲེལ་རྟ་བཅག །དམག་ཟོར་མ་ཡི་བོང་བུ་བརྐུས། །སྤུ་དྲི་ནག་པོའི་ཞོན་པ་བརྐུས། །བསྟན་སྲུང་རྣམས་ལ་དོ་བསྡོས་ཤིང་། །རྣལ་འབྱོར་ང་ཡི་ཀ་ཆ་ཁྱེར། །བསྒྲལ་བར་བྱ་བའི་ཞིང་བཅུ་ྋཚང་། །ཞི་བས་འདི་ནི་མི་ཐུལ་བས། །དྲག་པོའི་ལས་ཀྱིས་འདུལ་དུ་གསོལ། །ཅེས་ལྷ་རྣམས་ང་རྒྱལ་བསྐྱེད། ཞེ་སྡང་ཆེ་བར་བསམ། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་རང་གི་འཁོར་ཚོགས་དུ་མ་དང་ལྡན་པར་གྱུར། དེ་རྣམས་ཀྱིས་དམ་ཉམས་དགྲ་བོའི་གཟུགས་ཕུང་ཆིངས་ཤིག །སྡོམས་ཤིག །ཟློག་ཅིག །ཁུག་ཅིག །སོད་ཅིག །སྒྲོལ་
ཅིག །ཅེས་ང་རྒྱལ་དང་བཅས་པས་སྒྲ་སྒྲོག་པར་གྱུར། ཅེས་དེ་རྣམས་ལ་དམ་ཉམས་བསྒྲལ་བར། འོས་སོ། །ཞུས་སོ། ཧོ། དགོངས་སུ་གསོལ་ལོ། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་དགོངས་སུ་གསོལ་ལོ། །ཡབ་ཆེན་པོ་ནག་པོ་དགོངས་སུ་གསོལ་ལོ། །ཡུམ་མོན་པ་ནག་མོ་དགོངས་སུ་གསོལ་ལོ། །ལས་མཁན་གིང་ཆེན་སྡེ་བཞི་དགོངས་སུ་གསོལ་ལོ། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་དགོངས་སུ་གསོལ་ལོ། །གསང་ཡུམ་བརྟན་མ་བཅུ་གཉིས་དགོངས་སུ་གསོལ་ལོ། །འཛིན་གིང་བཞི་བཅུ་རྩ་གཉིས་དགོངས་སུ་གསོལ་ལོ། །འཽ། དམ་ཉམས་པའི་དགྲ་བོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིགས། །བླ་མའི་སྐུ་ལ་བསྡོས། རིག་འཛིན་འདུས་སྡེ་བཅོམ། ཉེས་མེད་མི་ལ་འཚེར། །དགེ་བ་བཅུ་པོ་རྒྱབ་ཏུ་སྐྱར། མི་དགེ་བཅུ་པོ་དང་དུ་བླངས། འདི་བསྒྲལ་བར་བྱ་བའི་འོས་སོ། །བསད་པར་བྱ་བའི་འོས་སོ། །དམ་ཉམས་པ་འདི་ངན་སོང་གསུམ་དུ་ལྷུང་དོགས་ཀྱིས། ད་ནི་བསྒྲལ་བ་ཡིན་པས། ལས་བྱེད་ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། ཞགས་པ་ཅན་གྱིས་སྐེ་ནས་ཆིངས། ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །
དྲིལ་བུ་ཅན་གྱིས་མྱོས་པར་གྱིས་ཤིག །ཅེས་དགྲ་བོའི་རྣམ་ཤེས་གར་གནས་གར་འདུག་ཀྱང་རང་དབང་མེད་པར། ལས་བྱེད་ཕོ་ཉས་སྟོང་གསུམ་གང་ནས་བྱིའུ་ཕྲུག་ཁྲས་དེད་པ་བཞིན་དུ་གར་ཡང་འབྲོས་དབང་མེད་པར་བྲུབ་ཁུང་ནང་དུ་ཚུད་པར་དམིགས་ལ། བཀུག་གཞུག་ཆེན་མོ་འདི་ལྟར་བྱའོ། །ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་རྡོ་རྗེ་འཆང་། རིག་འཛིན་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་བཛྲ། གྲུབ་ཆེན་ཀརྨ་པཀི། རིག་འཛིན་ཉང་རལ་པ། སྔགས་བདག་ཆོས་རྒྱལ་པོ། དྲུང་པ་ཀུན་དགའ་རྣམ་རྒྱལ། རཱ་ག་ཨ་སྱ་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཔལ་འཁོར་ལོ་སྡོམ་པ། ཡུམ་རྡོ་རྗེ་ཕག་མོ། མ་གནས་གསུམ་གྱི་མཁའ་འགྲོ། ཁྲོ་རྒྱལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན། དབང་དྲག་པདྨ་ཡབ་ཡུམ། གུ་རུ་རྡོ་རྗེ་གྲོ་ལོད་ལ་སོགས་པའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ལྡན་མགོན་པོ་བེར་ནག །ཟངས་གྲི། མ་ནིང་། བེང་། ཕྱག་བཞི། ཕྱག་དྲུག །གུར་ཞལ་གྱི་མགོན་པོ་ལྕམ་དྲལ་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ལྡན་ལྷ་མོ་རང་བྱུང་མ་དམག་བདུན་བཙན་གསུམ། རེ་མ་
ཏི་མཆེད་བཞི། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་བཀའ་བདེན་པ་དང་། སྔགས་བདག་དྲེགས་ཆེན་བཅོ་བརྒྱད། སྡེ་དཔོན་སུམ་ཅུ་རྩ་གཉིས། ཁྱད་པར་དམ་ཅན་མགར་བ་ནག་པོ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། ལྷ་ཚངས་པ། བཙན་ཡམ་ཤུད། གཤིན་རྗེ་མེ་རུ་རྩེ། བདུད་ཡབ་རྗེ། བོད་སྐྱོང་བརྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག །གིང་ཆེན་བཞི་བཅུ་ཞེ་གཉིས། བཙན་འཁོར་སྟོང་དང་རྩ་གཉིས། ཡོབ་མོན་པ། ཡུམ་མོན་མོ། བནྡེ་ནག་པོ། ཨ་ཙ་ར་དཀར་ནག །སྟག་སྤྱང་སེང་གསུམ། འཕར་དྲེད་དོམ་གསུམ། གཞན་ཡང་སྐུའི་སྤྲུལ་པ་མི་དཀར་འབུམ་སྡེ། གསུང་གི་སྤྲུལ་པ་མི་དམར་འབུམ་སྡེ། ཐུགས་ཀྱི་སྤྲུལ་པ་མི་ནག་འབུམ་སྡེ། གཞན་ཡང་ལྷ་དམག་ཀླུ་དམག་བསམ་གྱིས་མི་ཁྱབ་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲ། སྒེར་ཀརྨ་ཀཾ་ཚང་གི་བསྟན་དགྲ། །དཔལ་ལྡན་བླ་མའི་སྐུ་དགྲ། རྣལ་འབྱོར་པ་བདག་གི་སྒེར་དགྲ། དོ་བསྡོ་བ། ཚད་བཙུགས་པ། ཡ་བོ་བཟུང་མི། སྔ་དགྲ་ལག་གིས་བདར་བ། ཕུག་གི་ནོར་ལ་བསྡོ་བ།
སྒོའི་ཐོག་ལ་འཚེ་བ། གྱོད་ཡ་བྱེད་མི། འཛིང་ཡ་བྱེད་མི་འཁོན་ཡ་བྱེད་མི། མི་ང་ལ་ལྷ་མེད་ཟེར་མི། ལྷ་ཁྱེད་ལ་མཐུ་མེད་ཟེར་མི། མཐུ་བུ་ལོན་བཞིན་དུ་བསྙག་མི། རྐུན་ཇག་གི་སྣ་བཙུགས་པ། ང་འདྲ་ཁྱོད་འདྲ་ཟེར་ཞིང་ང་ལོང་ཁྱོད་ལོང་ཟེར་བ། སྔོན་ནས་བཅད་དགོས་ཟེར་བ། ཟུར་ནས་སྒུག་དགོས་ཟེར་བ། རྗེས་ནས་འདེད་དགོས་ཟེར་བ། ཕྱི་དགྲ་ཡིད་ལ་བསམ་པ། ཁ་འོ་མ་བོས་འཇམ་ཤིང་། སྙིང་ཚེར་མ་ལས་རྩུབ་པ། ཁ་དཀར་ཞེ་ནག །ཡག་ན་སྡུག་པ། ཉེས་ན་དགའ་བ་བཟང་ལེན་ངན་གྱིས་འཇལ་བ། ཟ་ལམ་དུ་དུག་འདེབས་པ། འགྲོ་ལམ་དུ་ཙང་གཙུག་པ། ཟ་ཁ་ཡར་བསྟན། མིག་ཁ་ཕྱིར་བརྟན། ངོ་ལ་སྤྲེལ་ལྟར་འཛེག་པ། ལྐོག་ནས་འབུད་པ། བསླབ་པའི་སློབ་བུ་དམ་ལོག །ཤག་རལ་བྱས་པའི་མནའ་ཟན། ལ་ཁ་ནས་ཇག་པ་རྟ་སྒ་བསྟོད་མི་ལུང་ཁུང་ནས་རྐུན་མ་ཤན་སྤྱི་ཁུར་མི། རྐུན་ཁ་ཤོམ་བྱེད་མི། འཇབ་ལག་ཤོམ་བྱེད་མི། གོང་གི་ཕུ་བོ་ནུ་བོ་གསོད་མི། འོག་གི་ཆུང་མ་དང་འོག་རྟ་འཕྲོག་མི། ཆུང་མ་སྙིང་རིང་བྱེད་མི། མཆེད་གྲོགས་ལ་སྤུ་ཁ་བྱེད་མི། རྡོ་རྗེ་སློབ་དཔོན་ལ་སྐུར་པ་
འདེབས་མི། དོན་མེད་པ་ལ་བསྙད་ཚོལ་བྱེད་མི། དམ་ཉམས་པའི་ཡིད་ལ་བརྣག་པའི་དགྲ་བོ་འདི། མཐོ་བ་རི་བོའི་རྩེ། དམའ་རྒྱ་མཚོའི་འགྲམ། སྲ་བ་རྡོ་རྗེའི་བྲག །མི་ཤིགས་པའི་འཁོར་ལོའི་རྩིབས། སྲུང་བ་རྡོ་རྗེའི་གུར་ཁང་། ཁྲོ་རྒྱལ་འབར་བའི་བཀའ་འོག །སྔགས་པ་ནུས་པ་ཅན་གྱི་གུར་ཁང་། གར་ཡོད་གང་དུ་གནས་ཀྱང་རང་དབང་མེད་པར་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྤོ་ཊ་ཐཾ༔ ཨོཾ་བཛྲ་གཎྜེ་ཧོ༔ རྡོ་རྗེ་སློབ་དཔོན་སོགས་ལས་ཀྱི་སློབ་དཔོན་གང་རུང་གཅིག་གིས་ལྕགས་ཀྱུ་བཟུང་ལ་འདི་སྐད་དོ། ཧཱུྃ་ཛཿ ཤར་ནས་འགུགས་པའི་ཕོ་ཉ་ནི། །ཡུམ་ཆེན་རྡོ་རྗེ་དཔལ་དང་ལྡན། །སྤྲུལ་པ་སེང་གེའི་མགོ་བོ་ཅན། །ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས། །དགྲ་བོའི་སྙིང་ནས་ད་ཟུངས་ཤིག །འགུགས་བྱེད་ལྕགས་ཀྱུའི་དུས་ལ་བབ། །དམ་ཉམས་བླ་སྲོག་གར་གནས་ཀྱང་། །ལྕགས་ཀྱུ་དཀར་པོས་ཁུག་ལ་ཤོག་་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཡང་ཞགས་པ་བཟུང་ལཾ། ཧཱུྃ། ལྷོ་ནས་འགུགས་པའི་ཕོ་ཉ་ནི། །ཡུམ་ཆེན་རྡོ་རྗེ་དཔལ་གྱི་ཡུམ། །སྤྲུལ་པ་དྲེད་ཀྱི་མགོ་བོ་ཅན། །ཕྱག་ན་རྡོ་རྗེ་
ཞགས་པ་བསྣམས། །དགྲ་བོའི་སྐེ་ནས་ཆིངས་ལ་ཤོག །འཆིང་བྱེད་ཞགས་པའི་དུས་ལ་བབ། །ཉམས་པའི་ཕུང་ཁམས་སྐྱེ་མཆེད་ཀྱང་། །ཞགས་པ་སེར་པོས་ཆིངས་ལ་ཤོག །ཨོཾ་བཛྲ་པཱ་ཤ་ཧཱུྃ་ཁཾ། ཡང་ལྕགས་སྒྲོག་ཐོགས་ལ། བོ། ནུབ་ནས་འགུགས་པའི་ཕོ་ཉ་ནི། །ཡུམ་ཆེན་རྡོ་རྗེ་བོད་ཁམས་སྐྱོང་། །སྤྲུལ་པ་བྱ་རོག་མགོ་བོ་ཅན། །ཕྱག་ན་རྡོ་རྗེ་ལྕགས་སྒྲོག་བསྣམས། །དགྲ་བོའི་ཡན་ལག་ད་ཆིངས་ཤིག །སྡོམ་བྱེད་ལྕགས་སྒྲོག་དུས་ལ་བབ། །དམ་ཉམས་དགྲ་བོའི་ཡན་ལག་འདི། །ལྕགས་སྒྲོག་དམར་པོས་སྡོམས་ལ་ཤོག །ཨོཾ་བཛྲ་སྤོ་ཊ་ཧཾ། ཡང་དྲིལ་བུ་བཟུང་ལ། ཧོ༔ བྱང་ནས་འགུགས་པའི་ཕོ་ཉ་ནི། །ཡུམ་ཆེན་རྡོ་རྗེ་ཀུན་བཟང་མ། །སྤྲུལ་པ་ལྕགས་སྤྱང་མགོ་བོ་ཅན། །ཕྱག་མཚན་རྡོ་རྗེ་དྲིལ་བུ་འཛིན། །དགྲ་བོའི་རྣམ་ཤེས་ད་མྱོས་ཤིག །མྱོས་བྱེད་དྲིལ་བུའི་དུས་ལ་བབ། །དམ་ཉམས་དགྲ་བོའི་རྣམ་ཤེས་འདི། དྲིལ་བུ་ལྗང་གུས་མྱོས་ལ་ཤོག །ཨོ་བཛྲ་གྷནྡྷེ་ཧོ། ཡང་ལྷ་དབྱེའི་རྫ་ས་གཏོར་མ་དཀར་དམར་གཉིས་ཕོ་རོག་འུག་པ་ལྷ་དབྱེའི་རྫས་བཤམས། བསངས་སྦྱངས་སོགས། སྟོང་པའི་ངང་ལས་མཆོད་པའི་བྱེ་བྲག་མ་ཚང་བ་མེད་པ། མདོར་ན་
དྲག་པོའི་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ཡང་ལྷ་དབྱེ་ཡང་དཀར་གཏོར་གཅིག །འབྲུ་སྣ་གསེར་སྐྱེས་བཅས་ལས་ཀྱི་སློབ་དཔོན་གྱིས་བཟུང་ལ། ཀྱེ། བོད་ཀྱི་མགུལ་ལྷ་བཅུ་གསུམ་དང་། །བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །ཡུལ་ཕྱོགས་འདི་ཡི་གཞི་བདག་དང་། །དགྲ་བླ་ཕྱག་ལྷ་ཕུག་ལྷ་དང་། །ཞང་ལྷ་མ་ལྷ་བུ་རྫི་དང་། །དམ་ཉམས་སྡང་བའི་དགྲ་བོ་ལ། །མགོན་སྐྱོབ་ལྷ་སྲུང་གང་ཡོད་ཀྱང་། །བཀའ་ཡི་གཏོར་མ་རྒྱུན་ཅན་དང་། །འབྲུ་སྣ་གསེར་སྐྱེམས་འདི་འབུལ་བས། །དགྲ་བོ་འདི་ལ་མ་མགོན་ཅིག །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། ས་ག་ཙང་སར་བསྐྱལ་ལོ། །ཡང་དམར་གཏོར་གཅིག་འབྲུ་སྣ་དུག་ཁྲག་བཅས་བཟུང་ལ། ཀྱི། དམ་སྲི་མེ་སྟག་དམར་པོ་དང་། །དགྲ་སྲི་གཡག་གི་མགོ་ཅན་དང་། །སྲོག་བདག་གཤིན་རྗེ་གླང་མགོ་དང་། །དམ་ཉམས་སྣང་བའི་དགྲ་བོ་ཡི། །མཉམ་པོར་འོང་བའི་བདུད་རྣམས་ལ། །ཤ་ཁྲག་དམར་གྱི་གཏོར་མ་དང་། །འབྲུ་སྣ་དུག་ཁྲག་འདི་སྦྱིན་པས། །དམ་ཉམས་དགྲ་བོ་མ་སྐྱོབ་ཅིག །ཁོ་ཡི་གཤེད་དུ་ད་
ཕོབ་ཅིག །ཉ་བོའི་སྟེང་དུ་ཕུལ། ལག་གཡས་ཕོ་རོག །གཡོན་ཟུག་སྒྲོ་བཟུང་། མི་མཐུན་བྱ་ནག་འུག་པ་གཉིས། །སྐྱོབ་པའི་ལྷ་དང་ཡུལ་གྱི་ལྷ། །སྒྲོ་ཡིས་འཐབ་ལེན་བྱེད་ཙམ་ན། །སྡང་བའི་དགྲ་བོ་འདི་ཡི་ནི། །འགོ་ལྷ་ཕོ་ལྷ་དགྲ་ལྷ་དང་། །མ་ལྷ་སྲོག་ལྷ་ཞིང་ལྷ་དང་། །སྐྱོབ་པའི་ལྷ་དང་ཡུལ་གྱི་ལྷ། །གྲོང་གི་ལྷ་དང་སྲུང་བའི་ལྷ། །ལྷ་སྲུང་རྣམས་དང་ད་ཕྱེས་ཤིག །སྲོག་གཅོད་བདུད་པོ་ཕོ་ཡི་སྲི། །སྦྲུལ་མགོ་ཅན་དང་ཡ་བདུད་ནི། །དར་མ་བྱ་རོག་གདོང་པ་ཅན། །ཞང་འདྲེ་ཡུལ་འདྲེ་འཐབ་འདྲེ་དང་། །ལྷ་ཆེན་ཚངས་པ་མེ་རུ་རྩེ། །ཡམ་ཤུད་དམར་པོ་ཡབ་རྗེ་ནག །སྲོག་གཅོད་དེ་རྣམས་ད་སྤྱོད་ཅིག །ཨོཾ་བཛྲ་སཱ་དྷ་དགྲ་བོ་ལྷ་དང་ཕྱེས་ལ་བདུད་དང་སྤྱོད། ཁ་ཁ་ཕྱེ། རྗེའི་ཙིཏྟ་ཁ་ཕྱེས། དེ་བ་ཕྱེ་ཕུ་ཕྱེ། ཨ་ཕྱེ་ཁ་ཁ་ཕྱེ། དམ་དམ་བུ་བུ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལྷ་དབྱེ་རྒྱས་པར་དྲག་པོའི་ལས་མཐར་གསལ། དེ་ནས་ཐུན་རྫས་ཡུངས་དཀར་སོགས་བཤམས་ལ། ཧཱུྃ། དྲག་པོ་གནམ་ལྕགས་ཐུན་གྱི་མཚོན། །ཆོས་སྐྱོང་རྣམས་ཀྱི་སྐུ་ལས་འཕྲོས། །གནོད་བྱེད་བསྒྲལ་བའི་མཚོན་དུ་གྱུར། །ཆོས་སྐྱོང་སྐུ་ལ་མེ་དཔུང་འབར། །སྲེག་པ་མེ་ཡི་ཆར་ཕོབ་ཅིག །ཞལ་ནས་
བསྐལ་པའི་ཆུ་རྒྱུན་འབབ། །བཤལ་བ་ཆུ་ཡི་ཆར་ཕོབ་ཅིག །ལ་ལའི་ཕྱག་ན་ཐོག་མདའ་བསྣམས། །འཇིགས་པ་ཐོག་གི་ཆར་ཕོབ་ཅིག །ལ་ལས་ཐུན་རྫས་སྣ་ཚོགས་བསྣམས། །སྣ་ཚོགས་ཐུན་གྱི་ཆར་ཕོབ་ཅིག །ལ་ལས་དྲག་པོས་རྡོ་ནག་བཟུང་། །རྡོ་ནག་ཆར་པ་ད་ཕོབ་ཅིག །ལ་ལས་མཚོན་ཆ་སྣ་ཚོགས་འཛིན། དགྲ་བོའི་ལུས་སྲོག་རྡུལ་དུ་རློགས། །ལ་ལས་སོ་ཡི་བྱ་ར་བྱེད། །བསྟན་དགྲ་དམ་ཉམས་མཱ་ར་ཡ། །ཞེས་རྔ་བརྡུངས། ཕཊ༔ བསངས་སྦྱངས། སྟོང་པའི་ངང་ལས་ཏྲི་ཡིག་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྐུ་སྨད་ཕུར་བུའི་དབལ་དང་ལྡན་པ། ཕྱག་གཉིས་རི་རབ་ཕུར་པ་འདྲིལ་བ། ཁྲོ་ཆས་ཡོངས་སུ་རྫོགས་པར་བཛྲ་ས་མཱ་ཡ་ཛཿ པདྨ་ཀ་མ་ལཱ་ཡེ་ཧཱུྃ། ཨོཾ་བཛྲ་ཨརྒྷཾ། པུཎྜེ་སོགས་ཀྱིས་མཆོད། ཞེས་དབང་གི་ལྷ་རྣམས་བཛྲ་ས་མ་ཡ་ཛཿཛཿ པདྨ་ཀ་མ་ལཱ་ཡ་སྟེ། །ཨོཾ་བཛྲ་ཨབྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་སོགས་ཤོ་ལོ་ཀ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི༔ ཞེས་གསོལ་བ་
བཏབ་པས་དབང་གི་ལྷ་རྣམས་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། དེ་ནས་ཕུར་པ་ལག་ཏུ་ཐོགས་ལ། ཧཱུྃ། ཁྲོ་རྒྱལ་རྟ་མགྲིན་ཐུགས་ཁྲོས་རྡོ་རྗེ་དམ་ཚིག་ཅན། །སྐུ་མདོག་སྔོ་ནག་ཆོས་ཉིད་འགྱུར་བ་མེད་པའི་སྐུ། །སྐུ་སྟོད་ཞལ་གཅིག་ཕྱག་གཉིས་རི་རབ་ཕུར་པ་འདྲིལ། །སྐུ་སྨད་རྣོ་དབལ་ཕུན་ཚོགས་ཕུར་པའི་དབལ་དང་ལྡན། །ཞལ་ནས་ཀཱི་ལཱ་ཡ་ཡི་སྒྲ་སྒྲོག་སྟོང་གསུམ་གཡོ། །སྐུ་ནས་མེ་ཡི་ཚྭ་ཚྭས་དགྲ་བོ་རྡུལ་དུ་རློགས། །ཐུགས་ནས་རང་འདྲའི་སྤྲུལ་པས་དགྲ་བོ་འགུགས་པར་བྱེད། །བཀྲག་མདངས་གཟི་བརྗིད་ཚེ་དང་བསོད་ནམས་རང་ལ་བསྟིམ། །ཨོཾ་བཛྲ་སཱ་དྷ་ཀཱི་ལ་ཡ་ཧཱུྃ། ཞེས་ཕུར་སྐོར་བྱེད་ཅིང་ཕུར་གདབ་ནི། ཧཱུྃ་ཧེ་རུ་ཀ་པ་བཛྲ་ཀཱི་ལ་ཡ། །དགྲ་གཤེད་ཆེན་པོ་བཛྲ་ཀཱི་ལཱ་ཡ། །དྲེགས་བྱེད་ཆེན་པོ་ཁྱོད་ཀྱི་དུས་ལ་བབ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །སངས་རྒྱས་བསྟན་དགྲ་བསྒྲལ་བའི་དུས་ལ་བབ། །བླ་མའི་སྐུ་དགྲ་བསྒྲལ་བའི་དུས་ལ་བབ། །རྣལ་འབྱོར་སྒེར་དགྲ་བསྒྲལ་བའི་དུས་ལ་བབ། །བསྟན་པའི་རུ་ཏྲ་བསྒྲལ་བའི་དུས་ལ་བབས། །དུས་ལ་བབ་བོ་ས་མཱ་ཡ། །ཧཱུྃ་བཛྲ་སཱ་དྷུ་
ཀཱི་ལ་ཡ། །སྡང་བའི་དགྲ་བོའི་ཉམས་པ་འདི། །ཕུང་ཁམས་གཟུགས་ལ་བཛྲ་ཀི་ལཱ་ཡ། །དྲན་བྱེད་སྙིང་ལ་བཛྲ་ཀཱི་ལ་ཡ། །ཟ་བྱེད་ཁ་ལ་བཛྲ་ཀཱི་ལ་ཡ། །སྣམ་བྱེད་སྣ་ལ་བཛྲ་ཀཱི་ལ་ཡ། །ལྟ་བྱེད་མིག་ལ་བཛྲ་ཀཱི་ལ་ཡ། །ཉན་བྱེད་རྣ་བར་བཛྲ་ཀཱི་ལ་ཡ། །བསྙབ་བྱེད་ལག་ལ་བཛྲ་ཀཱི་ལ་ཡ། །སྨྲ་བྱེད་ལྕེ་ལ་བཛྲ་ཀཱི་ལ་ཡ། །འགྲོ་བྱེད་རྐང་ལ་བཛྲ་ཀཱི་ལ་ཡ། །དབང་པོ་སྒོ་ལྔར་བཛྲ་ཀཱི་ལ་ཡ། །རྣམ་ཤེས་ཚོགས་བརྒྱད་ལ་བཛྲ་ཀཱི་ལ་ཡ། །སྲོག་དང་དབུགས་ལ་བཛྲ་ཀཱི་ལ་ཡ། །དོན་སྙིང་རྣམ་ལྔར་བཛྲ་ཀཱི་ལ་ཡ། །དགྲ་བོ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །མིང་ཡང་གྲགས་པར་མ་གྱུར་ཅིག །ཨོཾ་བཛྲ་སཱ་དྷ་ཀཱི་ལི་ཀཱི་ལ་ཡ། དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་དབང་པོ་སྒོ་ལྔར་གཟུང་། དམ་ཅན་ཐུགས་ཀ་དང་། ཕྱག་མཚན་ཤངས་ནས་ཡི་གེ་ཧཱུྃ་ཏཱིའི་རྣམ་པར་བྱོན། འཇོམས་བྱེད་ཐོ་བ་དང་། འབིག་བྱེད་མདུང་སོ་རྣོ། མཚོན་ཆ་རྣམས་ལ་ཕོག་པས། རྣོ་ངར་གཅོད་གསུམ་དང་ལྡན་པ་འཁོར་རྣམས་ཀྱིས་ཐོགས་པར་བསམ་ལ། དང་པོ་རྡོ་རྗེ་ཐོགས་ལ། ཧཱུྃ། དམ་ཉམས་དགྲ་བོ་འདུལ་བྱེད་པ། །དམ་ཅན་སྐུ་ཡི་སྤྲུལ་པ་ནི། །མི་དཀར་རྡོ་རྗེ་རྩེ་ལྔ་བསྣམས། །དགྲ་བོའི་གཟུགས་ལ་མཱ་ར་
ཡ། །བསམ་བྱེད་སྙིང་ལ་མཱ་ར་ཡ། །ཟ་བྱེད་ཁ་ལ་མཱ་ར་ཡ། །སྣོམ་བྱེད་སྣ་ལ་མཱ་ར་ཡ། །ལྟ་བྱེད་མིག་ལ་མཱ་ར་ཡ། །ཉན་བྱེད་རྣ་བར་མཱ་ར་ཡ། །བསྙབ་བྱེད་ལག་ལ་མཱ་རྒྱུར་ཡ། །སྨྲ་བྱེད་ལྕེ་ལ་མཱ་ར་ཡ། །འགྲོ་བྱེད་རྐང་ལ་མཱ་ར་ཡ། །དབང་པོ་སྒོ་ལྔར་མཱ་ར་ཡ། །རྣམ་ཤེས་ཚོགས་བརྒྱད་མཱ་ར་ཡ། །སྲོག་དང་དབུགས་ལ་མཱ་ར་ཡ། །དོན་སྙིང་རྣམ་ལྔར་མཱ་ར་ཡ། །དགྲ་བོ་ཕུང་ཁམས་རྡུལ་དུ་རློག །མིང་ཡང་གྲགས་པར་མ་གྱུར་ཅིག །ཅེས་རྦད་བསད་སྔགས་བཟླ། དེ་ནས་རྩེ་གསུམ་ཐོགས་ལ། ཧཱུྃ། དམ་ཉམས་དགྲ་བགེགས་འདུལ་བྱེད་པ། །དམ་ཅན་ཡོན་ཏན་སྤྲུལ་པ་ནི།། །མི་སེར་རྩེ་གསུམ་ཤིང་ལོ་འཛིན། །དགྲ་སྲོག་དམར་པོར་མཱ་ར་ཡ། །བསམ་བྱེད་སྙིང་ལ་མཱ་ར་ཡ། །ཟ་བྱེད་ཁ་ལ་མཱ་ར་ཡ། །སྣོམ་བྱེད་སྣ་ལ་མཱ་ར་ཡ། །ལྟ་བྱེད་མིག་ལ་མཱ་ར་ཡ། །ཉན་བྱེད་རྣ་བར་མཱ་ར་ཡ། །བསྙབ་བྱེད་ལག་ལ་མཱ་ར་ཡ། །སྨྲ་བྱེད་ལྕེ་ལ་མཱ་ར་ཡ། །འགྲོ་བྱེད་རྐང་ལ་མཱ་ར་ཡ། །དབང་པོ་སྒོ་ལྔར་ལ་མཱ་ར་ཡ། །རྣམ་ཤེས་ཚོགས་བརྒྱད་མཱ་ར་ཡ། །སྲོག་དང་དབུགས་ལ་མཱ་ར་ཡ། །དོན་སྙིང་རྣམ་ལྔར་མཱ་ར་ཡ། །སྲོག་རྩ་དམར་པོ་རྦད་ཀྱིས་
ཆོད། །མིང་ཡང་གྲགས་པར་མ་གྱུར་ཅིག །ཆད་སྔགས། ༈ དེ་ནས་མདའ་དར་ཐོགས་ལ། ཧཱུྃ། དམ་ཉམས་དགྲ་བགེགས་འདུལ་བྱེད་པ། །དམ་ཅན་གསུང་གི་པ་སྤྲུལ་པ་ནི། །མི་དམར་མདའ་གཞུ་ཐུགས་ཀར་བཀང་། །དགྲ་གཟུགས་འདི་ལ་མཱ་ར་ཡ། བསམ་བྱེད་སྙིང་ལ་མཱ་ར་ཡ། །ཟ་བྱེད་ཁ་ལ་མཱ་ར་ཡ། །སྣོམ་བྱེད་སྣ་ལ་མཱ་ར་ཡ། །ལྟ་བྱེད་མིག་ལ་མཱ་ར་ཡ། །ཉན་བྱེད་རྣ་བར་མཱ་ར་ཡ། །བསྙབ་བྱེད་ལག་ལ་མཱ་ར་ཡ། །སྨྲ་བྱེད་ལྕེ་ལ་མཱ་ར་ཡ། །འགྲོ་བྱེད་རྐང་ལ་མཱ་ར་ཡ། །དབང་པོ་སྒོ་ལྔར་མཱ་ར་ཡ། །རྣམ་ཤེས་ཚོགས་བརྒྱད་ལ་མཱ་ར་ཡ། །སྲོག་དང་དབུགས་ལ་མཱ་ར་ཡ། །དོན་སྙིང་རྣམ་ལྔར་མཱ་ར་ཡ། །གློ་སྙིང་མདའ་ཡི་རྩེ་ལ་བསྐྱོན། །མིང་ཡང་གྲགས་པར་མ་གྱུར་ཅིག །རྦད་སྔགས་བཟླ། ༧ ཐོ་བ་ཐོགས་ལ། ཧཱུྃ། དམ་ཉམས་དགྲ་བགེགས་འདུལ་བྱེད་པ། །དམ་ཅན་ཕྲིན་ལས་སྤྲུལ་པ་ནི། །མི་ལྗང་འཇོམས་བྱེད་ཐོ་བ་ཐོགས། །དགྲ་བོའི་མགོ་བོ་དུམ་བུར་གཏུབ། བསམ་བྱེད་སྙིང་ལ་མཱ་ར་ཡ། །ཟ་བྱེད་ཁ་ལ་མཱ་ར་ཡ། །སྣོམ་བྱེད་སྣ་ལ་མཱ་ར་ཡ། །ལྟ་བྱེད་མིག་ལ་མཱ་ར་ཡ། །ཉན་བྱེད་རྣ་བར་མཱ་ར་ཡ། །
བསྙབ་བྱེད་ལག་ལ་མཱ་ར་ཡ། །སྨྲ་བྱེད་ལྕེ་ལ་མཱ་ར་ཡ། །འགྲོ་བྱེད་རྐང་ལ་མཱ་ར་ཡ། །དབང་པོ་སྒོ་ལྔར་མཱ་ར་ཡ། །རྣམ་ཤེས་ཚོགས་བརྒྱད་ལ་མཱ་ར་ཡ། །སྲོག་དང་དབུགས་ཤུལ་མཱ་ར་ཡ། །དོན་སྙིང་རྣམ་ལྔར་མཱ་ར་ཡ། །དགྲ་བོའི་ཀླད་པ་ས་ལ་རྒྱོབ། །མིང་ཡང་གྲགས་པར་མ་གྱུར་ཅིག །ཟད་སྔགས་བཟླ། ༧ གྲི་གུག་བཟུང་ལ། ཧཱུྃ། དམ་ཉམས་དགྲ་བགེགས་འདུལ་བྱེད་པ། །དམ་ཅན་ཐུགས་ཀྱི་སྤྲུལ་པ་ནི། །མི་ནག་ཟངས་ཀྱི་གྲི་གུག་བསྣམས། །དགྲ་བོའི་ལུས་སྲོག་དུམ་བུར་གཏུབ།། །བསམ་བྱེད་སྙིང་ལ་མཱ་ར་ཡ། །ཟ་བྱེད་ཁ་ལ་མཱ་ར་ཡ། །སྣོམ་བྱེད་སྣ་ལ་མཱ་ར་ཡ། །ལྟ་བྱེད་མིག་ལ་མཱ་ར་ཡ། །ཉན་བྱེད་རྣ་བར་མཱ་ར་ཡ། །བསྙབ་བྱེད་ལག་ལ་མཱ་ར་ཡ། །སྨྲ་བྱེད་ལྕེ་ལ་མཱ་ར་ཡ། །འགྲོ་བྱེད་རྐང་ལ་མཱ་ར་ཡ། །དབང་པོ་སྒོ་ལྔར་མཱ་ར་ཡ། །རྣམ་ཤེས་ཚོགས་བརྒྱད་ལ་མཱ་ར་ཡ། །སྲོག་དང་དབུགས་ལ་མཱ་ར་ཡ། །དོན་སྙིང་རྣམ་ལྔར་མཱ་ར་ཡ། །ལུས་སྲོག་ཤ་རུས་དུམ་བུར་གཏུབ། །མིང་ཡང་གྲགས་པར་མ་གྱུར་ཅིག །ཅེས་རྗོད་སྔགས་བསད་སྔགས་བཟླ། ༧ དེ་ནས་སྤུ་གྲི་མ་གཏོགས་མཚོན་ཆ་གཞན་རྣམས་འདོན་ཆ་བཞིན་བཟུང་ལ། ཧཱུྃ། དམ་
ཉམས་དགྲ་བགེགས་འདུལ་བྱེད་པ། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྤྲུལ་པའི་ཕོ་ཉ་རྣམ་པ་ལྔ། །ལ་ལས་རལ་གྲི་འབར་བ་བསྣམས། །གཟུགས་བཞི་ཡན་ལག་སོ་སོར་ཕྲོལ། །ལ་ལས་འཁོར་ལོ་འབར་བ་འཛིན། །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །ལ་ལས་ཐོད་ཁྲག་དམར་པོ་བཟུང་། །ཁྲག་གི་ཆར་པ་འབབ་པར་བྱེད། །ལ་ལོས་ལག་གཉིས་རི་རབ་འཕེན། །རི་རབ་ཆེན་པོའི་འོག་ཏུ་ནོན། །ལ་ལས་ཐོག་གི་ཆར་པ་ཕབས། །ཕུང་ཁམས་ཐལ་བའི་རྡུལ་དུ་རློགས། །དམ་ཅན་སྐྱེས་བུ་ཆེན་པོ་ལ། །འཁོར་དུ་གིང་ཆེན་རྣམ་པ་བཞི། །རང་རང་འཁོར་དུ་རང་འདྲ་བཅུ། །བཙན་གིང་ཡམ་ཤུད་མདུང་དར་འཛིན། །དམ་ཉམས་དགྲ་བོ་མཱ་ར་ཡ། །གཤིན་གིང་མེ་རུ་ཁྲམ་ཤིང་འཛིན། །དམ་ཉམས་དགྲ་བོ་མཱ་ར་ཡ། །བདུད་གིང་ཡབ་རྗེ་ཞགས་པ་འཛིན། །དམ་ཉམས་དགྲ་བོ་མཱ་ར་ཡ། །འཁོར་གྱི་གིང་དང་བརྟན་སྐྱོང་རྣམས། །རྣོ་མཚོན་དགྲ་ལ་མཱ་ར་ཡ། །ཞེས་མཚོན་ཆ་སོགས་ནས། ༧ ལྷའི་གིང་ཆེན་ཚངས་པ་དཀར་པོས་སྤུ་གྲི་རྣོ་བའི་ངར་གཅོད་པའི་དབལ་དང་ལྡན་པ་ཞིག་བཟུངས་ནས་དགྲ་བོའི་ཤ་རུས་
སིལ་བུར་གཏུབས་པར་བསམ། སྤུ་གྲི་ཐོགས་ནས་ཉ་བོ་ནས་འབྲུ་ཙམ་བྱའོ། །ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་ཡི། །ཕོ་ཉ་བཀའ་ཡི་ལས་མཁན་ནི། །ཤར་གིང་ལྷ་ཆེན་ཚངས་པ་ནི། །སྐུ་མདོག་དཀར་ལ་ཁྲོ་གཏུམ་འབར། །དགྲ་བོའི་ཤ་ཁྲག་དུམ་བུར་གཏུབས། །ལུས་སྲོག་རྡུལ་ཕྲན་བཞིན་དུ་རློགས། །ཞེས་སྔགས་སྔ་མ་ལྟར་རོ།། ༧ དམ་ཅན་ཤངས་དང་ཕྱག་མཚན་རང་འདྲ་གྲངས་མེད་སྤྲོས། ཉམས་པ་རྡུལ་དུ་བརླག །ཤ་ཁྲག་བདུད་རྩི་རྒྱ་མཚོར་གྱུར་ནས། ཧབ་ཐོབ་ཏུ་གསོལ་བར་བསམ། ༧ དེ་ནས་ཞལ་དུ་བསྟབ་པ་ནི། དང་པོ་ཤ་ཁྲག་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུྃ། དམ་ཉམས་དགྲ་བོའི་ཤ་ཁྲག་འདི། །རྣམ་པ་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་ཕུད་ཆ་དྲུག །ལྷོག་མ་ཅིག་དང་བདུན་བཤམས། ཧཱུྃ། འཇིག་རྟེན་མགོན་པོ་ཐུགས་ཁྲོས་ཤིང་། །ཁྲོ་རྒྱལ་རྟ་མགྲིན་ནག་པོ་ལ། །དགྲ་བོའི་ཤ་ཁྲག་ཞལ་དུ་བསྟབ། །བསྟན་བཤིགས་རུ་ཊ་ཞལ་དུ་བསྟབ། །བླ་མའི་སྐུ་དགྲ་ཞལ་དུ་བསྟབ། །སངས་རྒྱས་བསྟན་དགྲ་ཞལ་དུ་བསྟབ། རྣལ་འབྱོར་སྒོས་དགྲ་ཞོལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །།ཞེས་རྩ་སྔགས་ལ་ཁཱ་ཧི་བཏགས་ལ་འབུལ། ཧཱུྃ། ཁྲོ་རྒྱལ་རྟ་མགྲིན་ཐུགས་ལས་སྤྲུལ། །དམ་ཅན་རྡོ་རྗེ་ལེགས་
པ་ལ། །དགྲ་བོའི་ཤ་ཁྲག་ཞལ་དུ་བསྟབ། །བསྟན་བཤིགས་རུ་ཊ་ཞལ་དུ་བསྟབ། །བླ་མའི་སྐུ་དགྲ་ཞལ་དུ་བསྟབ། །སངས་རྒྱས་བསྟན་དགྲ་ཞལ་དུ་ལ་བསྟབ། །རྣལ་འབྱོར་སྒོས་དགྲ་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། མདོས་ལ་འབུལ། ཧཱུྃ། སྐྱེས་བུའི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་སྤྲུལ་པའི་ཕོ་ཉ་ནི། །དཀར་སེར་དམར་ལྗང་ནག་པོའི་མདོག །ཕོ་ཉ་ལས་བྱེད་རྣམ་ལྔ་ལ། །དགྲ་བོའི་ཤ་ཁྲག་ཞལ་དུ་བསྟབ། །བསྟན་བཤིགས་རུ་ཊ་ཞལ་དུ་བསྟབ། །བླ་མའི་སྐུ་དགྲ་ཞལ་དུ་བསྟབ། །སངས་རྒྱས་བསྟན་དགྲ་ཞལ་དུ་བསྟབ། །རྣལ་འབྱོར་སྒོས་དགྲ་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཧཱུྃ། སྐྱེས་བུའི་ཐུགས་ཀྱི་དགྱེས་སྡེ་མོ། །བོད་སྐྱོང་བརྟན་མ་བཅུ་གཉིས་ལ། དགྲ་བོའི་ཤ་ཁྲག་ཞལ་དུ་བསྟོབ། །བསྟན་བཤིགས་རུ་ཊ་ཞལ་དུ་བསྟབ། །བླ་མའི་སྐུ་དགྲ་ཞལ་དུ་བསྟབ། །སངས་རྒྱས་བསྟན་དགྲ་ཞལ་དུ་བསྟབ། །རྣལ་འབྱོར་སྒོས་དགྲ་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཧཱུྃ། དམ་ཅན་སྐྱེས་བུའི་ཕོ་ཉ་ནི། །ལས་བྱེད་གིང་ཆེན་སྡེ་བཞི་དང་། །
འཛིན་གིང་བཞི་བཅུ་རྩ་གཉིས་ལ། །དགྲ་བོའི་ཤ་ཁྲག་ཞལ་དུ་བསྟབ། །བསྟན་བཤིགས་རུ་ཊ་ཞལ་དུ་བསྟབ། །བླ་མའི་སྐུ་དགྲ་ཞལ་དུ་བསྟབ། །སངས་རྒྱས་བསྟན་དགྲ་ཞལ་དུ་བསྟབ། །རྣལ་འབྱོར་སྒོས་དགྲ་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་ཡི། །ཕྱི་འཁོར་བཙན་རྒོད་སྟོང་དང་ནི། །གཅན་གཟན་གདུག་པའི་ཚོགས་རྣམས་ལ། །དགྲ་བོའི་ཤ་ཁྲག་ཞལ་དུ་བསྟབ། །བསྟན་བཤིགས་རུ་ཊ་ཞལ་དུ་བསྟབ། །བླ་མའི་སྐུ་དགྲ་ཞལ་དུ་བསྟབ། །སངས་རྒྱས་བསྟན་དགྲ་ཞལ་དུ་བསྟབ། །རྣལ་འབྱོར་སྒོས་དགྲ་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཞེས་མདོས་ལ་འབུལ་ལོ། །ཧཱུྃ། དམ་ཅན་སྐྱེས་བུ་འཁོར་བཅས་རྣམས། །རྔམས་པའི་ང་རོ་ཕྱོགས་བཅུར་སྒྲོག །བརྗིད་པའི་ན་བཟའ་སྐུ་ལ་གསོལ། །རྣོ་བའི་མཚོན་ཆ་ཕྱག་ན་འཛིན། །མགྱོགས་པའི་ཞོན་པ་སྣ་ཚོགས་ཆིབས། །གདུག་པའི་འཁོར་ཚོགས་མང་པོས་བསྐོར། །དམ་ཉམས་སྣང་བའི་དགྲ་བོ་འདི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཧཱུྃ། དམ་ཅན་སྐྱེས་བུ་འཁོར་བཅས་ཀྱི། །དམ་ཉམས་དགྲ་བོ་འདི་ཉིད་ཀྱི། །ཤ་ནི་མ་
ཧཱ་བ་ལི་ཏ། །ཁྲག་ནི་མ་ཧཱ་རཀྟ་རཾ། །ཀླད་པ་མ་ཧཱ་ཨ་མྲྀ་ཏ། །དེ་ལྟར་ཤ་ཁྲག་ནང་ཁྲོལ་དང་། །ཕྱི་ནང་ཅི་རིགས་བདུད་རྩིར་གྱུར། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །རྣམ་ཤེས་པོ་ཊ་ལ་རུ་འཕོང་། །ཞེས་རྩ་སྔགས་མཐར། ཕཊ༔ དེ་ནས་ལྷག་མ་མདོས་ལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། ལན་གསུམ། དམ་ཉམས་དགྲ་བགེགས་བསྒྲལ་བ་ཡི། བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །སྐྱོང་མ་བཅུ་གཉིས་བྲན་གཡོག་ཕོ་ཉ་འཁོར་དང་བཅས་པ་ལ། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལྷག་མ་འདི་འབུལ་ལོ། །བཞེས་སུ་གསོལ་ལོ། །ཁྱད་པར་དུ་ཤ་ལ་དགའ་བ་ལས་ཀྱི་མཁའ་འགྲོ། ཤ་ཟ་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ལ་ཤ་ཁྲག་ལྷག་མ་འདི་འབུལ་ལོ། །བཞེས་སུ་གསོལ་ལོ། །ཨུཙྪིཥྛ་བ་ལིཾ་ཏ་ཁཱ་ཧི། ཞེས་སོ། །བཀྲ་ཤིས་སོ། །དགེ་ཚོགས་འཕེལ་བར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་མགར་བ་ནག་པོའི་གཏོར་ཟློག་གནམ་ལྕགས་རལ་གྲིའི་འཁོར་ལོ།
དམ་ཅན་མགར་བ་ནག་པོའི་གཏོར་ཟློག་གནམ་ལྕགས་རལ་གྲིའི་འཁོར་ལོ་བཞུགས་སོ།
དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དམ་ཅན་མགར་བ་ནག་པོའི་གཏོར་ཟློག་བྱ་བ་ནི། ཐོག་མར་ལས་འགྲིགས་ལས་བྱང་ལྟར་བཅའ་གཞི་ལེགས་པར་བཀོད་ལ། སྟོང་པའི་ངང་ལས་རང་གི་མདུན་དུ་ལྕགས་ལས་གྲུབ་པའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨེ་བསྣོལ་མར་དུད་ཁའི་སྟེང་དུ་རི་རབ་བང་རིམ་སུམ་བརྩེགས་ལ་གནས་པའི་མདོས་གཏོར་གྲུ་བཞི་ཕ་ཝང་ལོང་རྡོ་ལྟ་བུ་རྒྱུ་དང་དཔངས་སུ་བསམ་ལས་འདས་པ། རྩེ་མོ་ཟུར་གསུམ་ཆོས་ཀྱི་དབྱིངས་སུ་མཉམ་པ། འདབ་མོ་གྲུ་བཞི་སྟོང་གསུམ་མཉམ་པ། རྩེར་དར་གདུགས་དང་ཡུངས་དཀར་སྒང་བུ་ཟུག་པ། ཤ་བའི་རུ་
དར། སྙིང་གི་ལྡ་ལྡི། ཞིང་ཆེན་གྱི་རྒྱལ་མཚན། རྒྱུ་རློན་གྱི་བླ་བྲེ། ཤ་ཁྲག་གི་དྲྭ་བས་འབྲེལ་བ། ཆེ་ཞིང་འཇིགས་པ། །དུར་ཁྲོད་ཀྱི་རྫས་དང་ལྡན་པ། རྣོ་ངར་གཅོད་གསུམ་ལྡན་པ། ཕྱི་རོལ་ན་གདུག་པ་དྲག་པོའི་རྩང་གིས་བསྐོར་བ། ནང་དུ་ཕུང་བྱེད་ཀྱི་བདུད་ཕོ་གསུམ་ཨ་ཙ་རའི་གཟུགས་སུ་སྟོན་ནས་འོ་དོད་འབོད་པ། ཕྱི་ནས་སྤྲུལ་པའི་ལས་མཁན་རྣམས་ཀྱིས་གདུག་པ་ཅན་གྱི་དགྲ་བགེགས་འདོད་ཅིང་འགུགས་པ། ཐོག་དང་སེར་བའི་བུ་ཡུག་འཚུབ་པ། དེའི་ཕྱི་རོལ་མཆོད་རྫས་རྟེན་རྫས་བསྐང་རྫས་སྒྲུབ་རྫས། བཀྲ་ཤིས་པའི་རྫས་དང་
རྟགས་བརྒྱད། རིན་པོ་ཆེའི་གདུགས་དང་རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ་དང་སྤྱན་གཟིགས་སྣ་ཚོགས། བྱ་དང་རི་དྭགས་གཅན་གཟན་སྣ་ཚོགས། ཁྲག་གི་མཆོད་ཡོན་དང་། དབང་པོ་ལྔའི་མེ་ཏོག །ཚིལ་ཆེན་གྱི་གསུར། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། འབྲུ་ནག་གི་ཞལ་ཟས། ཐོད་རྔ་རྐང་གླིང་རོལ་མོ་དང་། གཞན་ཡང་དགྲ་བོ་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་བཟའ་བ་ཤ་ཡི་རི་བོ། བཏུང་བ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ལ་སོགས་པ་མདོར་ན་དྲག་པོའི་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་བཟའ་བ་ཤ་ཡི་རི་བོ། བཏུང་བ་ཁྲག་གི་རྒྱ་མཚོ། ཅེས་བྱིན་གྱིས་བརླབས་ནས་འགུག་གཞུག་ལན་གསུམ་བྱ། ༧ དེ་ནས་མདོས་འབུལ་བ་ནི། རིན་ཆེན་ལས་གྲུབ་མདོས་གཞི་ཡངས་པ་ལ། །འདོད་ཡོན་སྤྱན་གཟིགས་སྣ་ཚོགས་གཅལ་དུ་བཀྲམ། །ཤ་ཁྲག་དམར་གྱི་དྲག་པོའི་མདོས་ཆེན་བཤམས། །ཞབས་འོག་གྲུ་གསུམ་དགྲ་བོའི་ལིང་ག་བཅུག །ཐ་མ་ལྕགས་རི་གདུག་པའི་རྩང་རྣམས་བཙུགས། །ནམ་མཁའ་དར་ནག་གུར་ཕུག་ཡུངས་ཐུན་བཙུགས། །ཕོ་བྲང་གཞལ་ཡས་ཕ་ཝང་ལོང་ལྟར་མཛེས། །དུར་ཁྲོད་ཆེན་པོའི་གནས་མཆོག་དམ་
པ་འདིར། །དམ་ཅན་སྐྱེས་བུ་བཛྲ་སཱ་དྷ་རྩལ། །འཁོར་དང་བཅས་པ་ཀུན་གྱི་ཐུགས་དམ་བསྐངས། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་མི་མཐུན་འཆེར་རྩུབ་ཟློག །དེ་ལྟར་དུར་ཁྲོད་ཆེན་པོ་ལ་གནས་པའི། །དམར་ཆེན་ཁྲག་གི་རྒྱ་མཚོ་མེ་རེ་རེ། །རུས་པའི་ཕུང་པོ་རྫ་ལྟར་ལྷགས་སེ་ལྷག །ཤ་ཆེན་ཚོགས་ནི་རི་ལྟར་སྤུངས་སེ་སྤུང་། །མི་རོ་རྟ་རོའི་གྲམ་ཁྲོད་ཉི་ལི་ལི། །དུར་བྱ་ཀང་ཀའི་བཞད་གད་ལྷངས་སེ་ལྷང་། །ཁྭ་ཏ་བྱ་རོག་ཨག་སྒོ་ཏངས་སེ་ཏང་། །འུག་པ་སེར་པོའི་ཧཱུྃ་སྒྲ་དི་རི་རི། །རྒོད་གླག་བྱ་ཡི་འཕུར་དངས་ཀྱི་ལི་ལི། །སེང་གེ་སྟག་གཟིག་ངར་སྒྲ་ལྷངས་སེ་ལྷང་། །ཝ་དང་བྱི་བའི་རྒྱལ་སྐད་ཙེ་རེ་རེ། །སྟག་སྤྱང་འཕར་བའི་རྒྱུག་འདུར་ཤ་ར་ར། །ཁྱི་དང་གཅན་གཟན་ཁང་ཟུག་ཟེ་རེ་རེ། །ཤ་ཟ་རོ་ལངས་སྲིན་པོ་ཤ་ར་ར། །ཤ་གཟན་རུས་འཐུང་ཚོགས་བཅས་རུབོས་སེ་རུབ། །སྡང་བྱེད་དགྲ་བོའི་བླ་སྲོག་ཧྲི་ལི་ལི། །ལས་བྱེད་ཕོ་མོས་བྲོ་བརྡུང་ཆེམས་སེ་ཆེམ། །མུན་པ་ནག་པོའི་དགྲ་འགུགས་འོ་དོད་འབོད། །མཚར་སྡུག་ཡིད་འོང་དུར་ཁྲོད་བཀོད་ལེགས་འདི། །དམ་ཅན་
སྐྱེས་བུ་བཛྲ་སཱ་དྷུ་རྩལ། །འཁོར་དང་བཅས་པ་ཀུན་གྱི་ཐུགས་དམ་བསྐང་། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་མི་མཐུན་འཚེར་རྩུབ་ཟློག །ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང་། །ཚིལ་ཆེན་བདུག་སྤོས་ཞུན་ཆེན་མར་མེ་དང་། །མཁྲིས་པའི་དྲི་ཆབ་འབྲུ་ནག་ལྷ་བཤོས་དང་། །མཁར་རྔ་རྫ་རྔ་བྷནྡ་ཆ་ལང་རིགས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ཚོགས། །ཤ་སྣ་ཁྲག་སྣ་ཝ་སྤྲེལ་བྱི་ལིའི་སྙིང་། །ཙ་ར་སྨྱུག་རྒོད་སྟག་གཟིག་དར་ཟབ་སོགས། །ཤིང་དང་མེ་ཏོག་རཀྟ་ཨ་མི་ཏ། །ཤ་ཆེན་གཏོར་མ་ཟས་མཆོག་སྣ་ཚོགས་དང་། །ཕྱི་ནང་གསང་གསུམ་མཆོད་རྫས་སྣ་ཚོགས་འདིས། །དམ་ཅན་སྐྱེས་བུ་བཛྲ་སཱ་དྷུ་རྩལ། །འཁོར་དང་བཅས་པ་ཀུན་གྱི་ཐུགས་དམ་བསྐང་། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་མི་མཐུན་འཚེར་རྩུབ་ཟློག །དར་ཚོན་སྣ་ཚོགས་མདའ་དང་ཁྲམ་ལ་སོགས། །མཚོན་ཆ་སྣ་ཚོགས་ཙ་ར་དཀར་ནག་དང་། །ཚེ་དང་ཡུངས་དཀར་ཡུངས་ནག་རྡོ་ནག་དང་། །ཤ་ཁྲག་བརྒྱན་པའི་བཤོས་བུ་ཟུར་གསུམ་དང་། །དགྲ་བོའི་གློ་སྙིང་རྒྱུ་མས་བརྒྱན་
པ་ཡི། །དྲག་པོ་དཔལ་གྱི་གཏོར་ཆེན་འབར་བ་འདི། །འདོད་ཡོན་ལྔ་ལྡན་ལྟ་ན་གཟི་བརྗིད་ལྡན། །སྙན་པའི་སྒྲ་དང་སྡོམ་པའི་དྲི་དང་ལྡན། །རོ་མཆོག་བརྒྱ་ལྡན་རེག་པ་ནད་སེལ་གོས། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་པ་བདུན། །སོ་སོའི་མཐུན་རྫས་དང་བཅས་གཏོར་མ་འདི། །དམ་ཅན་སྐྱེས་བུ་བཛྲ་སཱ་དྷ་རྩལ། །འཁོར་དང་བཅས་པ་ཀུན་གྱི་ཐུགས་དམ་བསྐང་། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །རྐྱེན་དང་བར་ཆད་མི་མཐུན་འཚེར་རྩུབ་ཟློག །ཧཱུྃ། དྲག་པོ་དཔལ་གྱི་གཏོར་ཆེན་འབར་བ་དང་། །མཐུན་པའི་ཡོ་བྱད་རྣམ་པ་མང་པོ་འདིས། །དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང། །།ཡུམ་ཆེན་རྡོ་རྗེ་དཔལ་གྱི་ཐུགས་དམ་བསྐང་། །ཁ་རག་དཔལ་མོ་བཙུན་གྱི་ཐུགས་དམ་བསྐང་། །ནང་གི་གིང་ཆེན་སྡེ་བཞིའི་ཐུགས་དམ་བསྐང་། །ཕྱི་ཡི་འཛིན་གིང་བཞི་བཅུའི་ཐུགས་དམ་བསྐང་། །གསང་བ་མོན་པ་ཕོ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བས་ཕྱི་ནང་བར་ཆད་ཟློག །བྱད་ཁ་ཕུར་ཁ་ཆོད་གཏོང་དྲག་པོ་ཟློག །བཟློག་ཅིག་བསྒྱུར་ཅིག་བྱེད་མའི་སྟེང་དུ་ཟློག །བྷྱོ་ཅིག་
བཟློག་ཅིག་བྱེད་མའི་སྟེང་དུ་ཟློག །ཅེས་མདོས་རྫོངས་ཕྱི་མ་བྱ་བ་ནི། གསེར་སྐྱེམས་འབུལ། དེ་ནས་གཏོར་ཆུང་དགུ་བཤམས་ལ། བཀུག་གཞུག་བྱིན་རླབས་གཞན་དང་། དྲག་པོ་ཐུན་གྱིས་བསྐུལ། གཙོ་བསྐུལ་གིང་བསྐུལ་ལ། བརྟན་མ་བསྐུལ་བ་སོགས་དང་། འཁོར་མང་བསྐུལ། ཧཱུྃ། རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་བརྩོན། །དགྲ་བགེགས་མ་ལུས་བསྒྲལ་བའི་མཐུ་རྩལ་ཅན། །དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ། །འཁོར་དང་བཙན་དང་བརྟན་མ་བཅས་པ་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་རྒྱན་ཅན་དང་། །བསྟན་པའི་སྤྱི་དགྲ་འདི་དང་མཉམ་པོར་བཞེས། །འཁོར་དུ་གིང་ཆེན་ཚངས་པ་དཀར་པོ་དང་། །ཡམ་ཤུད་དམར་པོ་གཤིན་རྗེ་མེ་རུ་རྩེ། །ཡབ་རྗེ་ནག་པོ་གིང་ཆེན་བརྒྱ་རྩ་བརྒྱད། །མྱུར་བ་རྟ་བརྟོད་རྣོ་བའི་མཚོན་ཆ་ཐོགས། །སྡང་དགྲ་ལས་ངན་བསྟན་དགྲ་སྡིག་ཅན་འདི། །དམར་ཆེན་གཏོར་མ་འདི་དང་ལྷན་ཅིག་བཞེས། །ཕྱི་ནང་གསང་གསུམ་ཡུམ་ཆེན་དཔལ་དང་ལྡན། །དཔལ་གྱི་ཡུམ་ཆེན་རྡོ་རྗེ་བོད་ཁམས་སྐྱོང་། །བདུད་མོ་གནོད་སྦྱིན་སྨན་མོ་བཅུ་གཉིས་མོ། །གཏོར་མ་འདི་དང་དགྲ་བོ་ལྷན་ཅིག་བཞེས། །མ་ཐོགས་བཅོལ་བའི་ཕྲིན་ལས་འགྲུབ་པར་
མཛོད། །ཧཱུྃ། མ་གཡེལ་མ་འདའ་ཆོས་སྐྱོང་སྲུང་མའི་ཚོགས། །མ་དལ་མ་དལ་དྲག་པོ་མྱུར་དུ་རྒྱུགས། །སངས་རྒྱས་བསྟན་པ་གཉན་ལ་དགྲ་བྱུང་ན། །དམ་ཅན་འདུས་པའི་དམག་ཚོགས་དགྲ་ལ་ཆོས། །དཀོན་མཆོག་བླ་མའི་སྐུ་དགྲ་བསྟན་དགྲ་ལ། །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་རྩལ། །སྐུ་ཤུགས་ཕྱུང་ལ་ཞེ་སྡང་མྱུར་བར་བསྐྱེད། །མགྱོགས་པ་ཞོན་ལ་རིངས་པར་རྒྱུག་མཛོད་ཅིག །སྲོག་རྩ་ཆོད་ལ་དགྲ་ཤ་རློན་པར་ཟོ། །གཏོར་མ་འདི་དང་ལྷན་ཅིག་བཞེས་པར་མཛོད། །ཧཱུྃ། མཐུ་ཆེན་སྲུང་མ་སྐྱེས་བུ་དགྲ་ལྷའི་ཚོགས། །འོག་རྟ་མགྱོགས་ལ་མཚོན་ཆ་ཤིན་ཏུ་ནོ། །སྡང་བའི་དགྲ་ལ་ལྷ་འདྲེས་དམག་ཚོགས་དྲོངས། །འཁོར་བཅས་སྡང་བྱེད་དགྲ་བོའི་སྟེང་དུ་བྷོ། །གཏོར་མ་འདི་དང་དགྲ་བོ་ལྷན་ཅིག་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདོས་ལ་འབུལ་བ་ཤེས་པར་བྱའོ། ༧ །དམ་ཅན་མགར་བ་ནག་པོའི་རྩང་བཟློག་རྩང་གྱེར་བྱད་མ་ཕུང་བྱེད་མཐོང་བ་རེག་གཅོད་བཞུགས་སོ། །ཧཱུྃ། དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ཡི། །དྲག་པོ་དཔལ་གྱི་གཏོར་ཆེན་ལྕགས་རི་ལ། །དམར་ནག་ཅུང་ཕུར་སྲིན་མོ་འགྲོས་སུ་
བཙུགས། །ཉོན་མོངས་བསྒྲལ་ཕྱིར་རྟོགས་ཀྱི་ཕྱག་རྒྱ་གསལ། །རྩང་ཕུར་ཟུར་གསུམ་རྩེ་མོ་གཉིས་དང་ལྡན། །ཡར་གྱི་རྩེ་མོ་ཆོས་ཉིད་དབྱིངས་སུ་སླེབས། །མར་གྱི་ཟུར་གསུམ་རྒྱུ་དྲུག་སྙིང་པོ་གཟེར། །སྐེད་པ་རྒྱ་མདུད་ཆོས་སྐྱོང་གཞལ་ཡས་ཁང་། །ཡར་གྱི་རྩེ་ལ་རཾ་གྱི་ཚྭ་ཚྭ་འཕྲོས། །མར་གྱི་རྩེ་ལ་ཡམ་གྱི་འཚུབ་མ་འཁྱིལ། །སྐྱེད་པའི་དཀྱིལ་དུ་ཁཾ་ལས་རྦ་ཀློང་འཁྲུགས། །འབྱུང་བའི་གནོད་པ་བཞི་བརྒྱ་རྩ་གཅིག་ཟློག །ཡར་གྱི་རྩེ་ལ་ཐོག་དང་སེར་བ་འབེབས། །མར་གྱི་རྩེ་ལ་མཚོན་ཆའི་བུ་ཡུག་འཚུབ། །སྐེད་པའི་དཀྱིལ་དུ་ཁྲག་གི་ཆར་པ་འབེབས། །སྡེ་བརྒྱད་བྱད་ཁ་ངན་པས་དགྲ་ལ་ཟློག །ཡར་གྱི་རྩེ་ལ་མ་མོས་དུག་ཁྲག་གཏོར། །མར་གྱི་རྩེ་ལ་སྲིན་མོས་རལ་པ་གསིགས། །སྐྱེད་པའི་དཀྱིལ་དུ་བདུད་མོའི་ཐུན་གྱིས་གཟེར། །མ་བདུད་སྲིན་གྱིས་ཕུང་ཤོལ་དགྲ་ལ་ཟློག །ཡར་གྱི་རྩེ་ལ་གིང་གི་བཤུད་གླུ་ལེན། །མར་གྱི་རྩེ་ལ་ཐན་གྱི་རྩེད་མོ་རྩེ། །སྐྱེད་པའི་དཀྱིལ་དུ་མོན་པ་ཕོ་མོ་རྒྱུག །གནོད་བྱེད་དགྲ་དང་བགེགས་ཀྱི་འཚེ་བ་ཟློག །ཡར་གྱི་རྩེ་ལ་དུང་སེང་རལ་བ་གསིགས། །མར་གྱི་རྩེ་ལ་ཆུ་སྲིན་མཆེ་བ་གཙིགས། །སྐད་
པའི་དཀྱིལ་དུ་མཚོན་ཆའི་འཁོར་ལོ་འཁོར། །སྡང་བ་གདུག་པའི་བྱད་ཁ་ཕུར་ཁ་ཟློག །ཡར་གྱི་རྩེ་ལ་རྒྱ་སྟག་འཛུམ་དྲུག་རྒྱས། །མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཙིགས། །སྐེད་པའི་དཀྱིལ་དུ་དྲེད་མོང་རལ་པ་གསིགས། །ཚེ་དང་སྲོག་ལ་བར་ཆད་བྱེད་པ་ཟློག །ཡར་གྱི་རྩེ་ལ་གཟིག་ཆེན་ཐིག་ལེ་ངར། །མར་གྱི་རྩེ་ལ་དོམ་ནག་མཆེ་བ་གཙིགས། །སྐྱེད་པའི་དཀྱིལ་དུ་ལྕགས་ཀྱི་སྤྱང་མོ་ངུ་། །བསྟན་ལ་གནོད་པའི་སྡང་དགྲ་རྨིང་ནས་ཟློག །ཡར་གྱི་རྩེ་ལ་བསེ་ཡི་བྱ་གླག་འཇུམ། །མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་གྲགས། །སྐེད་པའི་དཀྱིལ་དུ་གསེར་གྱི་འུག་པ་མཁུན། །རེ་འཇམ་སྟོང་གྲིབ་ཐན་ལྟས་དགྲ་ལ་ཟློག །ཧཱུྃ། རྔམས་བརྗིད་དྲག་པོའི་རྩང་ཕུར་ལྔ་བཅུ་གཅིག །སྤྲུལ་པའི་ཕོ་ཉ་བསྒྲལ་བའི་གིང་ཤར་བའི། །ཤར་རྩང་བཅུ་གཅིག་ཞི་བར་བྱེད་པའི་རྩང་། །ཡར་གྱི་རྩེ་ལ་སྨན་གྱི་ཆར་པ་བབས། །མར་གྱི་རྩེ་ལ་གསོ་བའི་བདུད་རྩི་འཁྱིལ། །སྐེད་པ་རྒྱ་མདུད་ཞི་བའི་གཞལ་ཡས་ཁང་། །ཞི་བའི་ལས་མཛད་ལྷ་ཆེན་བཅུ་གཅིག་པོ། །མ་མོ་འཁྲུགས་པའི་ཁ་རླངས་ཞི་བར་མཛོད། །མི་ནད་ཕྱུགས་ནད་མ་ལུས་ཞི་བར་
མཛོད། །ནད་ཡམས་མཚོན་འཁྲུག་མུ་གེ་ཞི་བར་མཛོད། །ཞི་བའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད། ། ཧཱུྃ། ལྷོ་རྩང་བཅུ་གཅིག་རྒྱས་པར་བྱེད་པའི་རྩང་། །ཡར་གྱི་རྩེ་ལ་མེ་ཁམས་ཉི་མ་ཤར། །མར་གྱི་རྩེ་ལ་ཆུ་ཤེལ་ཉ་ག་རྒྱས། །སྐེད་པ་རྒྱ་མདུད་རྒྱས་པའི་གཞལ་ཡས་ཁང་། །རྒྱས་པའི་ལས་མཛད་གཤིན་གིང་བཅུ་གཅིག་པོ། །རྣལ་འབྱོར་ཉམས་རྟོགས་ཏིང་འཛིན་རྒྱས་པ་དང་། །ཚེ་བསོད་དཔལ་འབྱོར་རླུང་རྟ་རྒྱས་པར་མཛོད། །བཙན་ཕྱུགས་དར་དྲག་མི་ནོར་རྒྱས་པར་མཛོད། །རྒྱས་པའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད། ། ཧཱུྃ། ནུབ་རྩང་བཅུ་གཅིག་དབང་གི་ལས་བྱེད་རྩང་། །ཡར་གྱི་རྩེ་ལ་འབྲས་ཀྱི་བུ་ཡུག་འཚུབ། །མར་གྱི་རྩེ་ལ་རིན་ཆེན་འོད་དུ་འབར། །སྐེད་པ་རྒྱ་མདུད་པའི་དབང་གི་གཞལ་ཡས་ཁང་། །དབང་གི་ལས་མཛད་བཙན་གིང་བཅུ་གཅིག་གིས། །སྐྱ་སེར་རྒྱལ་བློན་ནོར་བུ་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་དབང་དུ་འདུས་པར་མཛོད། །འབྲུ་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་སྡུས། །དབང་གི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད། །།ཧཱུྃ། བྱང་གི་རྩང་ཕུར་བཅུ་གཅིག་དྲག་པོའི་དབང་། །ཡར་
གྱི་རྩེ་ལ་མཚོན་ཆའི་ཆར་པ་འབེབས། །མར་གྱི་རྩེ་ལ་ཐུན་གྱི་བུ་ཡུག་འཚུབ། །སྐེད་པ་རྒྱ་མདུད་དྲག་པོའི་གཞལ་ཡས་ཁང་། །དྲག་པོའི་ལས་མཛད་བདུད་གིང་བཅུ་གཅིག་པོ། །སངས་རྒྱས་བསྟན་དགྲ་བླ་མའི་སྐུ་དགྲ་སྒྲོལ། །རྣལ་འབྱོར་སྒོས་དགྲ་བསྟན་བཤིགས་དམ་ལོག་སྒྲོལ། །བྱད་ཁ་སྟོན་པའི་བྱད་ཁ་བརླག་པར་མཛོད། །དྲག་པོའི་ལས་ཀུན་མྱུར་དུ་བསྒྲུབ་ཏུ་གསོལ། །ཧཱུྃ། གཞན་ཡང་སྒོ་མཚམས་སྐྱོང་བའི་རྩང་ཕུར་དྲུག །ཡར་གྱི་རྩེ་མོ་མཁའ་ལ་ཟངས་སེ་ཟང་། །སྟེང་གདོན་གཟའ་དང་རྒྱུ་སྐར་དལ་གཟེར་ཟློག །མར་གྱི་ཟུར་གསུམ་ངན་སོང་སྙིང་ལ་གཟེར། །འོག་གདོན་ཀླུ་དང་ས་བདག་གདུག་རྩུབ་ཟློག །སྐེད་པ་རྒྱ་མདུད་བར་ན་ཁྲིགས་སེ་ཁྲིག །བར་ཕྱོགས་ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག །ཡར་རྩེ་མེ་འབར་དམར་པོ་བཙན་རྟ་རྒྱུག །མར་རྩེ་མུན་འཐིབས་བདུད་དམག་བྲོ་བརྡུང་བས། །བཙན་གྱི་ཐབས་གཟེར་བདུད་ཀྱི་ཞགས་པ་ཟློག །རྩང་སྟོད་རྩང་སྨད་གཤིན་རྗེ་སྲིན་པོ་རྒྱུག །གཤིན་རྗེའི་ཁྲམ་ཁ་སྲིན་མོའི་ཁྲག་ནད་ཟློག །རྩང་སྐེད་གྲུ་མིག་དཔའ་བོ་མཁའ་འགྲོ་འཁྱུགས། །རྩང་རྩེ་ཤ་དང་གློ་སྙིང་
ལིངྒས་བརྒྱན། །མཁའ་འགྲོའི་སུན་དང་ཤ་ཟའི་དལ་ཁ་ཟློག །རྩང་སྐེད་བ་སུ་ཏ་དང་ཞགས་པས་དཀྲིས། །རྒྱུ་གཟེར་ནད་སྤྲིན་སྔོ་དམར་དགྲ་ལ་ཟློག །དབང་དྲག་རྩང་ཕུར་ལྔ་བཅུ་རྩ་གཅིག་པོ། །ཕོ་ཉ་ལས་མཁན་སྤྲུལ་པའི་མཁར་ཡིན་པས། །དམར་ནག་རྩང་གི་ཕུར་པས་ཐུགས་དམ་བསྐང་། །དྲག་པོའི་རྩང་དང་ཐུན་ཟོར་དགྲ་ལ་བྷོ། །བྷྱོ་ཅིག་བྷྱོ་ཅིག་བྱེད་མའི་སྟེང་དུ་བྷོ། །བཟློག་ཅིག་བཟློག་ཅིག་བྱེད་མའི་སྟེང་དུ་ཟློག །ས་མ་ཡ་བྷྱོ་ཟློག་ཟློག །ཅེས་རྩང་བཟློག་རྫོགས་སོ། ༈ འབུལ་བའི་འགྲིགས་རིམ། དེ་ནས་མདོས་ལམ་ཕྱེ་བ་ནི། དཀར་གཏོར་གསེར་སྐྱེམས་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། རིན་ཆེན་སྣོད་དུ་གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ། དམ་ཉམས་ཆད་པའི་མཐུ་མོ་ཆེ། །དམ་ཅན་ཕོ་ཉ་ལས་མཁན་ནི། །སྒོ་མ་རྡོ་རྗེ་ལྕགས་ཀྱུ་མ། །དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ། །མདོས་ཟོར་ཤར་གྱི་སྒོ་ཕྱེས་ཤིག །དགྲ་ལ་རྗོད་པའི་མཐུ་མོ་ཆེ། །དམ་ཅན་བཀའ་ཡི་སྲུང་མ་མོ། །སྒོ་མ་རྡོ་རྗེ་ཞགས་པ་མ། །དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ། །མདོས་ཟོར་ལྷོ་ཡི་སྒོ་ཕྱེ་འཚལ། །དགྲ་བགེགས་སྒྲོལ་
བའི་མཐུ་མོ་ཆེ། །སྒོ་མ་རྡོ་རྗེ་ལྕགས་སྒྲོག་མ། །དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ། །མདོས་ཐོར་ནུབ་ཀྱི་སྒོ་ཕྱེས་ཤིག །དགྲ་བགེགས་མྱོས་པའི་མཐུ་མོ་ཆེ། །དམ་ཅན་བཀའ་ཡི་བྱ་ར་མ། །སྒོ་མ་རྡོ་རྗེ་དྲིལ་བུ་མ། །དཀར་གཏོར་གསེར་སྐྱེམས་འདི་བཞེས་ལ། །མདོས་ཟོར་བྱང་གི་སྒོ་ཕྱེས་ཤིག །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཅེས་མདོས་ལམ་ལ་འབུལ། དེ་ནས་གཏོར་མ་འབུལ་བ་ནི། དམར་གཏོར་སུམ་ཅུ་ཤ་དུམ་བཅས་རེ་རེ་བཞིན་སྣོད་དུ་བཤམས་ལ། བཀུག་བཞུགས། བྱིན་རླབས། ན་མོ། རྩ་བ་གསུམ་དང་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དཔལ་ཆེན་རྟ་མགྲིན་ནག་པོ་ཡི། །འཁོར་དང་བཅས་པའི་བདེན་པ་དང་། །ཁྱད་པར་དམ་ཅན་མགར་བ་ནག །འཁོར་དང་བཅས་པའི་བདེན་པ་དང་། །བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས། །སྡིག་ཅན་སྡང་བའི་དགྲ་བོ་དང་། །དམ་ལོག་བསྟན་བཤིགས་རུ་ཏྲ་སོགས། །བསམ་ངན་སྦྱོར་རྩུབ་ཚོགས་བཅས་ཀུན། །དྲག་པོའི་ཐུན་གཏོར་འདི་ལ་ཁུག །ཛཧཱུྃ་བཾ་ཧོ། བྱིན་རླབས་བདུད་རྩིར་འཐོར། ཧཱུྃ། དྲག་པོ་ཐུན་གྱི་གཏོར་མ་འདི། །ངོ་བོ་དགྲ་བོའི་ཤ་ཁྲག་ལ། །
རྣམ་པ་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་གྱུར། །ཅེས་ལན་གསུམ་བརྗོད། ཧཱུྃ། རྒྱ་གྷི་ཝ་ཐུགས་ཁྲོས་ནས། །དམ་ཅན་མགར་བ་ནག་པོ་ནི། །སྐུ་མདོག་སྔོ་ནག་ཆར་སྤྲིན་མདོག །དུག་གསུམ་མུན་ཁམས་འཇོམས་པའི་རྟགས། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཆ་ལུགས་ཀུན་དང་མཐུན་པའི་རྟགས། །སྤྱན་གསུམ་དམར་ལ་སྡང་མིག་ལྟ། །རྩ་གསུམ་བསྟན་པ་སྲུང་བའི་རྟགས། །ཟ་བྱེད་ཀློང་དུ་མཆེ་བཞི་གཙིགས། །།ལས་བཞི་ཐོགས་མེད་འགྲུབ་པའི་རྟགས། །ཞལ་གདངས་དབུས་སུ་ལྗགས་དམར་འཁྱུགས། །འཁོར་བ་ལྗགས་ལ་བརྡར་བའི་རྟགས། །ཤངས་ནས་རླུང་ནག་འཚུབ་མ་འཁྱིལ། །འཁོར་བ་ཉོན་མོངས་གཏོར་བའི་རྟོགས། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས། །ཐམས་ཅད་ཆོས་དབྱིངས་སྒྲོལ་བའི་རྟགས། །དེ་ལ་སག་ཞུ་སྨུག་པོ་གསོལ། །ཉོན་མོངས་སྐྱོན་གྱིས་མ་གོས་རྟགས། །བེར་ནག་དགུ་བརྩེགས་སྐུ་ལ་གསོལ། །ཅི་བཅོལ་ཕྲིན་ལས་སྒྲུབ་པའི་རྟགས། །རིན་ཆེན་གསེར་གྱི་སྐེ་རགས་བཅིང་། །འགྲོ་ཀུན་དབུལ་ཕོངས་སེལ་བའི་རྟགས། །ཕྱག་གཡས་ཁྲོ་ཆུའི་ཐོ་བ་བསྣམས། །དགྲ་དང་
བགེགས་ལ་གཟིར་བའི་རྟགས། །གཡོན་པས་མགར་གྱི་སྦྱད་པ་བསྣམས། །ལོག་ལྟ་རྫུ་འཕྲུལ་ཕུང་བའི་རྟགས། །ཆིབས་སུ་རྭ་སྐྱེས་ཁམ་པ་ཆིབས། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་རྟགས། །རྭ་ལ་སྐར་ཁུང་གསུམ་དང་ལྡན། །སྐུ་གསུམ་དོན་དང་ལྡན་པའི་རྟགས། །རོལ་དུ་སེང་གེ་དཀར་མོ་ཁྲིད། །དཔའ་རྩལ་མྱུར་མགྱོགས་ཆེ་བའི་རྟགས། །སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །དམར་གྱིས་བརྒྱན་པའི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་འབུལ་ལོ། ཧཱུྃ། སྐྱེས་བུའི་སྐུ་ཡི་སྤྲུལ་པ་ནི། །སྐུ་མདོག་དཀར་ལ་དམར་བའི་མདངས། །ཞལ་གཅིག་ཕྱག་གཉིས་བེར་དཀར་གསོལ། །མདུང་དར་དཀར་པོ་ལག་ན་ཐོགས། །ཞལ་ནས་རྡོ་རྗེ་འཛིན་པ་ཁྱོད། །ཅི་བཅོལ་ང་ཡིས་སྒྲུབ་བོ་ཞེས། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །རང་འདྲ་བརྒྱ་དང་ཉི་ཤུས་བསྐོར། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདོས་
ལ་འབུལ་ལོ། ཧཱུྃ། སྐུ་ཡི་སྤྲུལ་པའི་ཕོ་ཉ་ནི། །མི་དཀར་འབུམ་སྡེའི་ཚོགས་བཅས་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདོས་ལ་འབུལ་ལོ། ། ཧཱུྃ། །སྐྱེས་བུའི་གསུང་གི་སྤྲུལ་པ་ནི། །སྐུ་མདོག་སེར་གསལ་ཞི་མ་ཁྲོ། །དར་དམར་གསོལ་ལ་མཁའ་ལྡིང་ཞོན། །ཕྱག་གཡས་རྩེ་གསུམ་གཡོན་པ་ན། །ཤིང་ལོ་འབྲས་ཅན་ཐུགས་ཀར་འཛིན། །སྟག་གདོང་མཛེས་པ་གཡས་ན་བཀྲ། །གཟིག་ཤུབས་མཛེས་པ་གཡོན་ན་འཛིན། །རང་འདྲ་བརྒྱ་དང་ཉི་ཤུས་བསྐོར། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདོས་ལ་འབུལ། ཧཱུྃ། གསུང་གི་སྤྲུལ་པའི་ཕོ་ཉ་ནི། །མི་སེར་འབུམ་སྡེའི་ཚོགས་བཅས་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མདོས་ལ་འབུལ། ཧཱུྃ། སྐྱེས་བུའི་ཐུགས་ཀྱི་སྤྲུལ་པ་ནི། །སྐུ་མདོག་དམར་ནག་
གཏུམ་རྔམས་ལྡན། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཕྱར། །གཡོན་པས་དགྲ་སྙིང་ཞལ་དུ་གསོལ། །ཁམ་སེར་རལ་པ་ཐུར་ལ་བཤལ། །ཞལ་ནས་ཧཱུྃ་དང་ཕཊ་སྒྲ་སྒྲོག །འཁོར་རྣམས་ཀུན་གྱིས་བསོ་སྒྲ་སྒྲོག །དར་དཀར་དར་དམར་ལྗང་བེར་ནག །སྐུ་མདོག་ཕྱག་མཚན་སྣ་ཚོགས་ཏེ། །ཆིབས་སུ་སེངྒེ་ར་སྐྱེས་རོལ། །རང་འདྲ་བརྒྱ་དང་ཉི་ཤུས་བསྐོར། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་འབུལ་ལོ། །ཐུགས་ཀྱི་སྤྲུལ་པའི་ཕོ་ཉ་ནི། །མི་ནག་འབུམ་སྡེའི་ཚོགས་བཅས་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཡོན་ཏན་སྤྲུལ་པ་ནི། །སེར་ནག་འབུམ་སྡེའི་ཚོགས་བཅས་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཕྲིན་ལས་སྤྲུལ་པ་ནི། །མི་ལྗང་འབུམ་སྡེའི་ཚོགས་བཅས་
ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །ཧཱུྃ། སྐྱེས་བུ་ཁྱོད་ཀྱི་གསང་བའི་ཡུམ། །བོད་ཁམས་རྡོ་རྗེ་སྨན་བཙུན་མ། །ལྷབ་ལྷུབ་རྒྱན་ལྡན་བུམ་པ་འཛིན། །བོང་བུ་ཆིབས་ཤིང་བོད་ཁམས་སྐྱོང་། །འཁོར་དང་བཅས་པ་ཐམས་ཅད་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །ཧཱུྃ། སྐྱེས་བུ་ཁྱོད་ཀྱི་གསང་བའི་ཡུམ། །བོད་སྐྱོང་རྡོ་རྗེ་དཔལ་དང་ལྡན། །ལྷབ་ལྷུབ་རྡོ་རྗེ་རྩེ་ལྔ་བསྣམས། །ཆུ་བྱ་རོག་ཆིབས་བོད་ཁམས་སྐྱོང་། །འཁོར་དང་བཅས་པ་ཐམས་ཅད་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །ཧཱུྃ། སྐྱེས་བུ་ཁྱོད་ཀྱི་ཕྱི་ཡི་ཡུམ། །བོད་ཁམས་རྡོ་རྗེ་བཙན་ལ་རོལ། །ལྷབ་ལྷུབ་རྒྱན་ལྡན་ཐོད་ཁྲག་བཟུང་། །དྲེལ་རྟ་ཆིབས་ཤིང་བོད་ཁམས་སྐྱོང་། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །
སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །ཧཱུྃ། སྐྱེས་བུ་ཁྱོད་ཀྱི་ནང་གི་ཡུམ། །བོད་སྐྱོང་རྡོ་རྗེ་སྒེག་མོའི་ཚོགས། །ལྷབ་ལྷུབ་རྒྱན་ལྡན་མེ་ལོང་བསྣམས། །སྤྱང་སྔོན་ཆིབས་ཤིང་བོད་ཁམས་སྐྱོངས། །འཁོར་དང་བཅས་པ་ཐམས་ཅད་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་༧ དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་གསང་བའི་ཡུམ། །བོད་ཁམས་རྡོ་རྗེ་དཔལ་གྱི་ཡུམ། །ལྷབ་ལྷུབ་རྒྱན་ལྡན་མདའ་དར་བསྣམས། །ཤ་བ་ཞོན་ནས་བོད་ཁམས་སྐྱོང་། །འཁོར་དང་བཅས་པ་ཐམས་ཅད་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་ཕྱི་ཡི་ཡུམ། །བོད་སྐྱོང་རྡོ་རྗེ་ཀླུ་མོ་སྐྱོང་། །ལྷབ་ལྷུབ་རྒྱན་ལྡན་སྦྲུལ་ཞགས་བསྣམས། །ལང་ཚོ་ལྡན་ཞིང་ཞིང་ཆེན་སྟེང་། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །
བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་ནང་གི་ཡུམ། །བོད་ཁམས་རྡོ་རྗེ་དྲིལ་བུ་མ། །ལྷབ་ལྷུབ་རྒྱུན་ལྡན་མེ་ཏོག་བསྣམས། །མེ་ཏོག་གདན་སྟེང་བོད་ཁམས་སྐྱོངས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་གསང་བའི་ཡུམ། །བོད་སྐྱོང་རྡོ་རྗེ་བོད་ཁམས་སྐྱོངས། །ལྷབ་ལྷུབ་རྒྱུན་ལྡན་དྲིལ་བུ་འཁྲོལ། །རྐྱང་བུ་ཆིབས་ཤིང་བཀའ་བསྟན་ཀློབསྲུང་། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་ཕྱི་ཡི་ཡུམ། །བོད་སྐྱོང་རྡོ་རྗེ་གཡར་མོ་སྐྱོངས། །ལྷབ་ལྷུབ་རྒྱན་ལྡན་སིལ་སྙན་སྒྲོགས། །དྲེད་མོང་སྟེང་དུ་བརྐྱང་བསྐུམ་བཞུགས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་
ཁྱོད་ཀྱི་ནང་གི་ཡུམ། །བོད་ཁམས་རྡོ་རྗེ་ཀུན་གྲགས་མོ། །ལྷབ་ལྷུབ་རྒྱན་ལྡན་སྒྲོམ་བུ་འཛིན། །འབྲོང་བུ་ཆིབས་ནས་མ་ཚོགས་སྡུས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་གསང་བའི་ཡུམ། །བོད་ཁམས་རྡོ་རྗེ་ཀུན་ཏུ་བཟང་། །ལྷབ་ལྷུབ་རྒྱན་ལྡན་ཞལ་ཟས་བསྣམས། །མགོ་བོ་དགུ་པའི་སྤྱང་ཀི་ཆིབས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་ཕྱི་ཡི་ཡུམ། །བོད་ཁམས་རྡོ་རྗེ་དབྱར་མོ་བསིལ། །ལྷབ་ལྷུབ་རྒྱུན་ལྡན་གློག་ཞགས་བསྣམས། །གཡུ་འབྲུག་ཆིབས་ཤིང་བོད་ཁམས་སྐྱོངས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །མདམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །སྐྱེས་བུ་ཁྱོད་ཀྱི་བཀའ་འཁོར་ན། །
གནས་པའི་གིང་ཆེན་སྡེ་བཞི་ནི། །ཤར་གྱི་གིང་ཆེན་ཚངས་པ་དཀར། །སྐུ་མདོག་དཀར་ལ་གངས་རི་འདྲ། །སྐུ་ལ་དར་དཀར་ན་བཟའ་གསོལ། །ཕྱག་ན་ཤེལ་གྲི་འབར་བ་བསྣམས། །འཁོར་དུ་སྲོག་བདག་འབུམ་གྱིས་བསྐོར། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །ལྷོ་ཡི་གིང་ཆེན་མེ་རུ་རྩེ། །སྐུ་མདོག་སེར་ལ་དམར་བའི་མདངས། །སྐུ་ལ་དར་ནག་འཇོལ་བེར་གསོལ། །ཕྱག་ན་ཁྲམ་ཤིང་དམར་པོ་བསྣམས། །འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །ནུབ་ཀྱི་གིང་ཆེན་ཡམ་ཤུད་དམར། །སྐུ་མདོག་དམར་པོ་མེ་ལྟར་འབར། །སྐུ་ལ་དར་ནག་འཇོལ་བེར་གསོལ། །ཕྱག་ན་བཙན་མདུང་དམར་པོ་འཛིན། །འཁོར་དུ་བཙན་དམག་འབུམ་གྱིས་བསྐོར། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམར་ཆེན་བརྒྱན་གྱི་གཏོར་མ་
དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འབུལ་ལོ། །བྱང་གི་གིང་ཆེན་ཡབ་རྗེ་ནག །སྐུ་མདོག་ནག་པོ་དུ་བའི་མདོག །སྐུ་ལ་རྒྱ་བེར་ལྗང་ནག་གསོལ། །ལག་ན་བདུད་ཀྱི་ཞགས་པ་བསྣམས། །འཁོར་དུ་བདུད་དམག་འབུམ་གྱིས་བསྐོར། །འཁོར་དང་བཅས་པ་ཐམས་ཅད་ཀྱིས་དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྱོད་ཀྱི་སྐྱེ་བ་སྔ་མའི་ཡབ། །དམ་ཅན་ཆོས་ཀྱི་རྒྱལ་པོ་ནི། །མདོག་སྔོ་མདང་ནག་བེར་ཅན་གསོལ། །རལ་གྲི་ཐོད་དབྱུག་ལག་ན་འཛིན། །ཆུ་གླང་སྟེང་དུ་འདོར་ཐབས་ཀྱིས། །རོ་ལངས་མ་དང་འཁྲིལ་སྦྱོར་རོལ། །གཤིན་རྗེའི་ལས་མཁན་བསམ་འདས་འཁོར། །ཡང་སྤྲུལ་ཕོ་ཉ་དང་བཅས་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཆེན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཐུ་རྩལ་རྫུ་འཕྲུལ་སྟོབས་ལྡན་པའི། །འཛིན་གིང་བཞི་བཅུ་ཞེ་གཉིས་པོ། །སྐུ་མདོག་ཕྱག་མཚན་མ་ངེས་ཤིང་། །སྲོག་གཅོད་སྒྲ་
སྒྲོག་མ་ངེས་ཤིང་། །མྱུར་མགྱོགས་སྟོབས་ཀྱི་རྟ་ལ་ཞོན། །མཚོན་ཆ་དགྲ་ལ་རུབས་སེ་རུབ། །རང་མཐུན་འཁོར་དང་བཅས་པ་ལ། །དམར་ཆེན་རྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཞན་ཡང་དམ་ཅན་རྒྱ་མཚོའི་ཚོགས། །བཙན་འཁོར་སྟོང་དང་རྩ་གཉིས་པོ། །ལྕགས་སྤྱང་།དགུ་དང་ཟངས་འཕར་ནི། །དགུ་དང་ཝ་དང་བྱི་ལ་སོགས། །ཕོ་ཉ་གཅན་གཟན་གདུག་པའི་ཚོགས། །ཟ་བྱེད་འཁོར་དང་བཅས་པ་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་མཛོད། །དམ་ཅན་འཁོར་དང་སྡེ་རོགས་ལ། །དགྲ་བླ་ཝེར་མ་སྲུང་མ་རྣམས། །སྐུ་མདོག་ཆ་ལུགས་མ་ངེས་པའི། །རང་རང་ཁས་བླངས་བསྟན་པ་སྲུང་། །ཕྱག་མཚན་ཞོན་པ་མ་ངེས་པའི། །གོ་མཚོན་རྣོ་ལ་འོག་རྟ་མགྱོགས། །འཁོར་དང་དཔུང་གཉེན་མགོན་སྐྱོབ་ཀི་དང་བསྲོ་ལ་དགྱེས་པའི་གཉེན། །མཐུ་ཆེན་དགྲ་བླ་ཝེར་མ་ལ། །དམར་ཆེན་རྒྱན་གྱི་གཏོར་མ་དང་། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་
འགྲུབ་པར་མཛོད། །གཞན་ཡང་ལྷ་དང་བདུད་བཙན་ཀླུ། །གནོད་སྦྱིན་ལ་སོགས་འབུམ་ཕྲག་བདུན། །འབུམ་ཕྲག་གཅིག་དང་དགུ་བརྒྱ་དྲུག །བཅུ་གཉིས་ས་ཡ་ཕྲག་བདུན་སོགས། །ནམ་མཁའ་གང་བའི་ལྷ་དམག་ཚོགས། །འཁོར་དང་སྤྲུལ་པ་བཅས་པ་ལ། །དམར་ཆེན་བརྒྱན་གྱི་གཏོར་མ་འདི། །སྡིག་ཅན་དགྲ་བོ་ལྷན་ཅིག་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ། དེ་ནས་འཁོར་བསྐུལ་ཞིང་། བཱ་ལིང་གནས་པའི་གཞི་ལ་བསྐྱེད། །གཏོར་མ་བསྒྲུབ་བྱའི་ཕྱོགས་སུ་བསྐུར་ལ། སྔོན་དུ་གསེར་སྐྱེམས་མཆོད་ལ་ལས་ཀྱི་སློབ་དཔོན་གྱིས་ཕྱི་རོལ་དུ་ཕྱིན་ལ་ཕུལ། ཧཱུྃ། ང་ནི་ཕྱག་ན་རྡོ་རྗེའི་སྐུ། །ང་ནི་པདྨ་བཛྲ་རྩལ། །ང་ནི་སྣང་སྲིད་ཟིལ་གནོན་སྐུ། །ང་ཡིས་མི་འདུལ་གང་ཡང་མེད། །ཕྲིན་ལས་སྒྲུབ་པའི་སྐབས་འདི་ལ། །རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །འབྲུ་བཅུད་སྟོང་སྦྱར་སྙིང་ཁུ་དང་། །རིན་ཆེན་སྣ་ཚོགས་སྨན་སྣ་ཚོགས། །ཛ་གད་ལ་སོགས་སྟོང་སྦྱར་བཅས། །གསེར་སྐྱེམས་བདུད་རྩི་དམ་པ་འདི། །རྡོ་རྗེ་འཛིན་དང་གསང་བའི་བདག །པད་མ་བཛྲ་ཀརྨ་ཀ །དྲང་སྲོང་པྲ་སེ་ལ་སོགས་པའི། །རྩ་བརྒྱུད་
བླ་མ་རྒྱ་མཚོའི་ཚོགས། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བཞེས་ནས་གཟུ་དང་དཔང་པོར་མཛོད། །བྱ་སྤྱོད་རྣལ་འབྱོར་བླ་མེད་སོགས། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བཞེས་ནས་དངོས་གྲུབ་རྣམ་གཉིས་སྩོལ། །དཔལ་ཆེན་རྟ་མགྲིན་དཔའ་བོ་ནི། །གསང་བ་མཁའ་འགྲོ་ཌཱ་ཀི་མ། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བཞེས་ནས་ཕྱི་ནང་བར་ཆད་སོལ། །མགོན་པོ་མ་ཧཱ་ཀཱ་ལ་དང་། །ཕོ་ཉ་བཀའ་སྡོད་སྤྲུལ་པར་བཅས། །ཚེམ་མགོན་བསྟན་སྲུང་རྒྱ་མཚོ་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བཞེས་ནས་ཕྲིན་ལས་རྣམ་བཞི་སྒྲུབས། །དམ་ཅན་རྡོ་རྗེ་ལེགས་པ་དང་། །མཆེད་འཁོར་སྤྲུལ་པའི་གིང་བདུད་བཙན། །བརྟན་མ་སྨན་དང་བཅས་པ་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བཞེས་ནས་བསྟན་དགྲ་རྗེས་ཤུལ་ཕུང་། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ན། །ཡུལ་འཁོར་སྲུང་སོགས་རྒྱལ་ཆེན་བཞི། །དྲི་ཟ་གྲུམ་བུམ་ཀླུ་གནོད་སྦྱིན། །རྒྱལ་ཆེན་འཁོར་དང་བཅས་པ་ཡི། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །
མདོས་ལམ་ཟོར་ལམ་གཉེན་པོ་ཕྱེས། །མཐོ་དམའ་བར་དུ་གནས་པ་རྣམས། །སྐུ་བཟུར་དབུ་ཁུག་ཞབས་ཡར་སྐུམས། །མདོས་ལམ་ཟོར་ལམ་དགྲ་ལ་བྱོ། །ཤར་ལ་སོགས་པའི་ཕྱོགས་བཅུ་ན། །དབང་ལྡན་ལ་སོགས་ཕྱོགས་སྐྱོང་བཅུ། །སྟེང་འོག་བར་སྣང་ལྷ་ཀླུ་གཉན། །བསྟན་པ་སྐྱོང་བའི་མཐུ་ཆེན་རྣམས། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དམར་ཆེན་དྲག་པོའི་གཏོར་ཟོར་གྱིས། །མདོས་ལམ་ཟོར་ལམ་དགྲ་ལ་བྷོ། །བོད་ཁམས་ཡུལ་ལ་བཞུགས་པ་ཡི། །ཐང་ལྷ་ལ་སོགས་མགུར་ལྷ་དང་། །ཀུན་གྲགས་ལ་སོགས་བརྟན་སྐྱོང་མ། །མཁའ་རི་ལ་སོགས་དགེ་བསྙེན་དང་། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་ཚོགས། །ངོམ་རྒྱལ་གཏམ་རྒྱལ་ཛོ་རྒྱལ་་སོགས། །ཡུལ་ཕྱོགས་འདི་རུ་གནས་པ་ཡི། །དཀར་ཕྱོགས་སྐྱོང་བ་འཁོར་བཅས་ཀྱིས། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །མིང་ཡང་མེད་པར་རྡུལ་དུ་རློགས། །ཞེས་ཕུལ་ནས། དཀར་གཏོར་ཕྱི་ནང་གང་སྤྲོའི་ཕྱི་རོལ་དུ་ཕུལ། དེ་ནས་རྒྱུད་ནས་བྱུང་བའི་ཕྲིན་ལས་བཅོལ་བ་ནི། སྔོན་ཚེ་རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། །ཇི་ལྟར་
ཁས་བླངས་དམ་བཅས་ལྟར། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བསྟན་པ་སྲུང་བར་ཁས་བླངས་པ། །གསང་བདག་རྡོ་རྗེ་འཛིན་པ་ཡི། །སེམས་བསྐྱེད་དབང་བསྐུར་དམ་ཚིག་ཕོག །གསང་མཚན་རྡོ་རྗེ་ལེགས་པ་སྟེ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྐུ་མདོག་ནག་པོ་དུ་བའི་མདོག །དབུ་ལ་འབོ་གཞུ་ཆེན་པོ་གསོལ། །སྡང་མིག་དམར་པོ་ཟུར་གསུམ་ལྟར། །འགལ་བྱེད་ལོག་ལྟ་ཞེ་ལ་གནོན། །སྙན་ནི་དགེ་སྡིག་གཏམ་ལ་ཉན། །སྡིག་པ་ཅན་ལ་ཆད་པ་གཅོད། །ཤངས་ནས་རླུང་ནག་འཚུབ་མ་འཁྱིལ། །ལས་ངན་དགྲ་བོ་མྱོས་སུ་ཆུག །ཞལ་ནི་དམར་ནག་ཟུར་གསུམ་བསྒྲད། །བསྒྲལ་བའི་ཞིང་བཅུ་བཞེས་སུ་གསོལ། །སྲོག་གཅོད་དགྲ་ནི་འབྲུག་ལྟར་སྒྲོག །ལས་ངན་རྨུགས་ཤིང་བརྒྱལ་དུ་ཆུག །ལྕེ་ནི་དམར་པོ་གློག་ལྟར་འགྱུ། །སྡང་བའི་དགྲ་བོ་གྱུར་མིད་བྱེད། །རྣོ་གདུག་མཆེ་བ་གཙིགས་པ་ཡིས། །དམ་ཉམས་དགྲ་བོ་རྩད་ནས་ཆོད། །དུག་གིས་ཁ་རླངས་ནག་པོ་འཕྱོ། །བསྟན་པ་བཤིགས་པའི་དགྲ་བོ་འདི། །སྨྱོ་འབོག་ཁྲག་ཏུ་སྐྱུགས་སུ་ཆུག །སྐུ་ལ་བེར་ཆེན་ནག་པོ་གསོལ། །དགྲ་ལ་བདུད་དམག་མུན་ལྟར་
གཏིབས། །གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས། །ལོག་ལྟ་བསྒྲལ་བའི་ཕུང་པོ་ཆོམ། །གཡོན་ན་སྤྱད་པ་ནག་པོ་འབུད། །སྡང་བའི་གནོད་བྱེད་ཐལ་བར་བརླག །ཞབས་གཉིས་གྱད་ཀྱིས་འདོར་ཐབས་བསྒྲད། །བསྟན་བཤིགས་དགྲ་བོ་རྡུལ་དུ་བརླག །ཡི་དྭགས་བཙན་གྱི་རྒྱལ་པོ་ནི། །མཐུ་སྟོབས་རྫུ་འཕྲུལ་ནུས་མཐུ་ཅན། །འགལ་བྱེད་ལོག་ལྟ་ཆམ་ལ་ཕོབ། །རྡོ་རྗེ་ལེགས་པའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །ཕོ་ཉ་གཅན་གཟན་གདུག་པ་ཅན། །ཟ་བྱེད་མཆེ་བ་ཅན་རྣམས་ཀྱིས། །དགྲ་བོའི་ཤ་རུས་ཁྲག་ལ་རོལ། །དེ་བཞིན་གཤེགས་པའི་བཀའ་མ་བཅག །རིགས་གསུམ་མགོན་པོའི་གསུང་སྡོད་ཉོན། །དམ་ཚིག་གཉེན་པོ་ཐུབ་པར་སྲུངས། །མཐུན་པའི་དམ་རྫ་ས་འདི་བཞེས་ལ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །མི་འདིས་ཁྱོད་ཀྱིས་དམ་བཀྲལ་ལོ། །སྐུ་ལ་བསྡོས་ཤིང་རིགས་ལ་བརྙས། །མི་འདིའི་ཁོག་པའི་སྙིང་ཕྱུངས་ཤིག །དཔྲལ་བའི་མིག་ཐོན་གདོང་འོད་འཕྲོག །གཟུགས་ཀྱི་ཕུང་པོ་རྨོངས་ནས་ཤིག །སྒོ་ཆོག་ཁྱིམ་
ཕྱུང་སྒྲ་འོད་ཕྱུང་། །མཚན་གྱི་བུ་འཕྲོག་ཟླ་གྲོགས་སོད། །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས། །ལུང་གསུམ་གཡབ་ཀྱིས་ཐོབ་ལ་ཤོག །ཅེས་བསྐུལ་ཞིང་ཟད་སྔགས་ཐོན། ཨོ་བཛྲ་ཙཀྲ་མས་ཁུག །ཨོ་བཛྲ་གིང་ཀ་རས་ཁུག །ཨོཾ་བཛྲ་རཀྵ་རཀྟས་ཁུག །ཏ་རེ་ན་ཁུག །ཧ་ར་ཧེ་རིས་ཁུག །ས་མཱ་ཡས་ཁུག །དགྲ་བོའི་བླ་ཁུག །མ་མ་རི་ནི་ཛ་ཛ། ཞེས་ཕྲིན་ལས་བཅོལ། དམོད་བཅོལ་ལ་སོགས་བྱ། དེ་ནས་ཤོག་ལིང་མེར་བསྲེག་པ་ནི། མེ་ཐབ་ཧོམ་ཁུང་ཟུར་གསུམ་ལ། དུག་ཤིང་བསྣོལ་མར་བརྩེག། རོ་བསྲེགས་སོལ་བ་ནག་པོ། མེ་མགར་བའི་ཁྱིམ་ནས་བླངས། མེ་སྦར། ཀྱི། སྤྱི། མེ་ཐབ་མེ་ཧོམ་ཟུར་གསུམ་པ། །གྲུ་གསུམ་དམར་ནག་འབར་བའི་ཀློང་། །ཏྲི་ཡིག་ནག་པོ་ལས་བྱུང་བ། །དམ་ཅན་མགར་བ་ནག་པོ་ནི། །དུད་མདོག་ཆ་ལུགས་སྤྱི་མཐུན་པའི། །ཞལ་ནི་ཧོམ་ཁུང་ཟུར་གསུམ་བསྒྲད། །ལྗགས་ནི་ཡེ་ཤེས་མེ་རུ་འབར། །དམ་ཉམས་དགྲ་བོ་བཞེས་སུ་གསོལ། །བསྟན་བཤིགས་རུ་ཏྲ་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་ཛྭ་ལ་རཾ། །དེ་ནས་ལིངྒ་མེར་སྦར། བཛྲ་སཱ་དྷུ་ས་མ་ཡ། ལིང་ཤ་དགྲ་བོ་མཱ་ར་ཡ་ཛྭ་ལ་རཾ་རཾ། ཞེས་ཐལ་བ་དགྲ་ཕྱོགས་སུ་རླུང་ལ་བསྐུར། ཡང་ན་ཝའི་ཐོད་པར་
བླུག །གདུག་པའི་གནས་སམ། བཙན་གྱི་བྲང་ཁང་ངམ། བྱི་ན་ཡ་ཀི་གནས་སུ། ཨེའི་དབྱིབས་ནང་དུ་མནན་པར་བྱ། ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད། བསྐལ་པའི་མཐའ་རུ་མནན་པར་བསམ། རྒྱས་པར་སྤྲོ་ན་ལོག་ནོན་གསལ། ཅེས་ཕྲིན་ལས་བཅོལ་བ་ནི། རྩ་གསུམ་བསྟན་པ་སྲུང་མཛད་མཐུ་བོ་ཆེ། །སྲིད་པ་གསུམ་གྱི་འདྲེ་ཡི་དམག་དཔོན་ནི། །སྐུ་མདོག་དུད་ཁ་ཞལ་ནས་རྒྱོབ་སོད་སྒྲོགས། །འཇིག་རྟེན་གསུམ་གྱི་དམག་དཔོན་མཐུ་བོ་ཆེ། །མཐུ་ཆེན་སྲུང་མ་དཔལ་ཆེན་ར་ལ་ཞོན། །གསང་བའི་མཚན་ནི་རྡོ་རྗེ་ལེགས་པ་སྟེ། །མཆེད་འཁོར་བརྟན་མ་གིང་དང་གཅན་གཟན་ཚོགས། །དམར་ཆེན་བརྒྱུན་གྱི་གཏོར་མ་འདི་བཞེས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །སངས་རྒྱས་བསྟན་དགྲ་ལས་ངན་སྡིག་ཅན་འདིར། །སྲིད་པ་གསུམ་གྱི་ལྷ་འདྲེའི་དམག་ཚོགས་ཆོས། །བླ་མའི་སྐུ་དགྲ་རུ་ཏྲ་དམ་ལོག་ལ། །ཆོས་སྐྱོང་ཕོ་མོ་རྣམས་ཀྱི་བླ་ཚེ་ཟོ། །རྣལ་འབྱོར་བདག་ལ་སྡང་བའི་དགྲ་བོ་འདིའི། །སྲོག་རྩ་ཆོད་ལ་སྙིང་ཁྲག་དྲོན་མོ་གསོལ། །ཕོ་རྒྱུད་རྩད་ཆོད་མོ་རྒྱུད་མངལ་ནས་སྐེམས། །མགོ་བོ་ཁོས་ལ་སྙིང་ཁྲག་དྲོན་མོ་གསོལ། །མིང་མེད་རྗེས་མེད་ཐལ་བའི་
རྡུལ་དུ་རློགས། །མ་གཡེལ་སྐྱེས་བུ་འཁོར་དང་བཅས། །སྡིག་ཅན་སྡང་བའི་དགྲ་བོ་ལ། །ཐན་དང་ལྟས་ངན་སྣ་ཚོགས་ཐོངས། །ཕ་ཚན་སྐྱ་ལིང་གྱིས་ལ་ཤིག །མ་ཚན་ཞང་བསྐོས་གྱིས་ལ་ཤོག །ཉེ་དུ་ཉེ་འབྲེལ་སོད་ལ་ཤོག །ནམ་གྱི་ཕར་མ་ཚུར་ཕྱེད་ལ། །ཕོ་དགྲ་མ་དགྲ་གང་ཡིན་ཡང་། །མྱུར་དུ་ཁུག་ལ་མྱུར་དུ་སོད། །རྐུ་ཤོམ་འཕྲོག་ཤོམ་དགྲ་བོ་ཡང་། །སྐྱེས་པ་ཕོ་ལ་བབ་ན་ཡང་། །བྲག་རི་ཐོག་གིས་བཤིག་བཞིན་གྱིས། །ཟ་མ་མོ་ལ་བབ་ན་ཡང་། །ནགས་ལ་མེ་ལྕེ་ཤོར་བཞིན་གྱིས། །ཆེ་རྒྱུད་རམ་པ་སེར་བརྡུང་བཞིན། །ཆུང་རྒྱུད་སྤང་ལ་མེ་ཤོར་བཞིན། །ཐལ་བ་རྡུལ་དུ་བརླག་པར་མཛོད། །།མཐུ་ཆེན་སྲུང་མ་མགར་བ་ནག །མྱུར་བར་མྱུར་བར་རིང་པོ་རིང་། །འོག་རྟ་བསྟོད་ལ་གོ་མཚོན་ཐོགས། །མགྱོགས་པ་ཞོན་ལ་རིངས་པར་རྒྱུག །དགྲ་བོའི་ཡུལ་དུ་ཆས་རེ་རན། །མྱུར་དུ་རྒྱུག་ལ་རིངས་པར་གྱིས། །དཔའ་བོ་སོད་ལ་མགྱོགས་པ་སྐྱེལ། །རྒྱུད་པ་ཆིངས་ལ་དཔུང་པ་ཆོག །མགོ་བོ་ཆོད་ལ་སྲོག་དབུགས་ལོངས། །དགྲ་འདི་ཁྱོད་ཀྱི་ཟས་སྐལ་གཏད། །བཏུང་སྐལ་ལས་སྐལ་དགྲ་སྐལ་གཏད། །མ་ཤོར་
མྱུར་དུ་ཐུབ་པར་གྱིས། །དཔའ་རྩལ་མཐུ་ནུས་ཅི་འདུག་ལྟ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམ་ཅན་སྐྱེས་བུ་འཁོར་བཅས་ལ། །དམར་ནག་དྲག་པོའི་གཏོར་ཆེན་དང་། །བསྟན་ལ་གནོད་པའི་དགྲ་བོ་འདིས། །མཚམས་མེད་སྤྱོད་ཅིང་མི་དགེ་བསྒྲུབ། །ཀཾ་ཚང་བསྟན་པའི་སྒོས་དགྲ་དང་། །བདག་ལ་སྡང་བར་བྱེད་པའི་དགྲ། །ཡིད་ལ་མནག་པའི་དགྲ་བོ་འདི། །ཕ་དང་ཇོ་ཇོ་བུ་དང་བཅས། །བུ་དང་སྲིང་མོ་མ་དང་བཅས། །ཁྲང་འོག་ཆུང་མ་བུ་ཆུང་བཅས། །མཉམ་པོར་བཞེས་ལ་མེད་པར་མཛོད། །དགྲ་བོ་འཁོར་དང་བཅས་པ་འདི། །ཆོས་རྒྱལ་གླང་མགོའི་དགྲ་སྐལ་གཏད། །ཆོས་སྐྱོང་ཚོགས་ཀྱིས་གསོལ་དུ་འབུལ། །དགྲ་བོའི་ཞིང་དང་ལོ་ཐོག་འདི། རཱ་ཧུ་ལ་ཡི་དགྲ་སྐལ་གཏད། །སྡེ་བརྒྱད་ཚོགས་ཀྱིས་ཟ་ཁ་ཐོབ། །སྡིག་ཅན་དགྲ་བོའི་འོག་རྟ་འདི། །བཙན་རྗེ་ཤུ་བའི་དགྲ་སྐལ་གཏད། །རྟ་འདྲེ་རྟེའུ་སྲི་ལོངས་སྤྱོད་ཅིག །དགྲ་བོའི་ནོར་དང་ལུག་བེར་ཕྱུགས། །གོད་འདྲེ་སྤྱན་གསུམ་དགྲ་སྐལ་གཏད། །གོད་བདག་གོད་འདྲེ་ཟ་ཁ་གཏད། །དགྲ་བོའི་རྣམ་པར་ཤེས་པ་འདི། །ཡི་དམ་ལྷ་ཡི་ཐུགས་
ཀར་སྤོར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གར་དང་བཅས་པས་བསྒྲུབ་བྱའི་ཕྱོགས་བརྡེབ། གོང་དུ་སྨོས་པའི་དྲག་སྔགས་རྣམས་དང་། བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཐུན་རྦད། ཐུན་འོལ་ཐུན། མགར་བ་ནག་པོ་རྒྱུག་ཐུན། མོན་པ་ནག་པོ་ཐུན། འུར་བ་འུར་བ་ཐུན། ལྕགས་སྤྱང་མགོ་ནག་ཐུན། རྒྱ་སྟག་ཁྲ་བོ་ཐུན། སྟག་སྤྱང་རོལ་པ་ཐུན། འུར་བ་འུར་བ་དགྲ་བོ་ཐུན་སོད། དྲག་སོད། དགྲ་བོ་རྣོ་ཐུན་ཁ་རིག་སོད། ཏྲི་ལ་དུ་ཤ་སོད། ཨེ་ཆེ་ཆེ་སོད། བཛྲ་སཱ་དྷུ་ས་མ་ཡ། ར་ར་རུ་རུ། ཤ་ར་ར། ཏུང་ཏུང་། ཐོམ་ཐོམ། ཡེར་ཡེར། ཆོམ་ཆོམ། མགར་བ་ནག་པོ་གཏོར་ཡ། བལ་མོ་ཀུ་རུ་རུ། རྗེའི་སྲོག་འཕྲོག །ཁ་རག་དཔལ་མོ་བཙུན་བསྐུལ་བསྐུལ། ཤ་མེད་གངས་དཀར་མས་༈ གཏོར་གཏོར། བཛྲ་སཱ་དྷུ་ས་མ་ཡ། དགྲ་བོ་མཱ་ར་ཡ་བྷྱོ་ཟློག །ཅེས་བཟླའོ། །དཔལ་ཆེན་ཐུགས་ཁྲོས་བཛྲ་སཱ་དྷུ་ཆེ། །རྒྱལ་བའི་བསྟན་སྲུང་འཁོར་དང་བཅས་པ་ཡི། །བཀའ་དང་བདེན་པ་ཆེན་པོའི་མཐུ་ནུས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་ནས། །ལྷ་སྲིན་རྣམས་ཀྱི་ཟ་
ཁ་ཟུག་པ་ཟློག །ཕུར་པའི་དབལ་དང་ཁྲོ་བོའི་དྲག་ཤུལ་ཟློག །ལྷ་ཡི་རྩུབ་གཟེར་ལྷ་མིན་དུག་གཟེར་ཟློག །གཟའ་ཡི་གཟེར་འདེབས་གཤིན་རྗེའི་འཁྲུལ་འཁོར་ཟློག །བདུད་ཀྱི་ཁྲམ་ཁ་མ་མོའི་ཐུན་ཟོར་ཟློག །ཀླུ་ཡི་འཆིང་བ་གནོད་སྦྱིན་གཟེར་ནད་ཟློག །བཙན་གྱི་རྒྱུ་གསང་རྒྱལ་པོའི་སྨྱོ་འབོག་ཟློག །མཁའ་འགྲོ་འབྱུང་པོའི་ནད་རིམས་བཟློག་ཏུ་གསོལ། །ཐེའུ་རང་ཚེ་རྐུ་གླང་འཐབ་དམ་སྲི་ཟློག །འབྱུང་པོ་ཡི་དྭགས་རིམས་ནད་ཐམས་ཅད་ཟློག །ལྷ་སྲིན་སྡེ་བརྒྱད་བྱད་ཁ་ཕུར་ཁ་ཟློག །ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལང་ཟློག །ཕུགས་ཀྱི་སྲི་རྐུན་ཐད་ཀྱི་བཙན་ཁྲོས་ཟློག །ལོ་སྐག་ཟླ་སྐག་ཞག་སྐག་དུས་སྐག་ཟློག །མོ་ངན་ལྟས་ངན་རྨི་ངན་འཚེར་རྩུབ་ཟློག །ཕ་ཚན་རྒྱབ་འདྲེ་ཕུ་ནུའི་རུས་འདྲེ་ཟློག །བནྡེའི་ཆོས་ཟོར་བོན་གྱི་བོན་ཟོར་ཟློག །སྔགས་པའི་མཐུ་ཟོར་རྒྱ་གར་ངན་སྔགས་ཟློག །མུ་སྟེགས་ངན་སྔགས་སྐྱེས་པའི་མདའ་ཟོར་ཟློག །མར་གྱི་ཕྲ་མེན་བུད་མེད་དམོད་ཟོར་ཟློག །སུམ་པའི་གླང་ཟོར་ཞང་ཞུང་ཇོ་ཟོར་ཟློག །གིང་གི་མདའ་ཟོར་གཤིན་རྗེའི་ཁྲམ་ཁ་ཟློག །བདུད་ཀྱི་བྱོལ་ཁ་གཤིན་རྗེའི་བཀའ་
ཆད་ཟློག །དམག་ཟོར་གཏོར་ཟོར་དམོད་ཟོར་ཐོག་ཟོར་ཟློག །མདའ་ཟོར་རྡོ་ཟོར་དུག་ཟོར་ཁྲག་ཟོར་ཟློག །འཚེ་ཟོར་ཡུངས་ཟོར་འཕེན་པ་དགྲ་ལ་ཟློག །མ་ཉེས་ཁ་ཡོག་མི་ཁ་ངན་པ་ཟློག །བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཟློག །དགེ་འདུན་ཚོགས་གྲལ་སྔགས་པའི་ཕུར་གྲལ་དང་། །མགར་གྱི་སོལ་གྲལ་བུད་མེད་འཁིལ་གྲལ་དང་། །སྐྱེས་པའི་མདའ་གྲལ་གླེང་གཞིའི་མི་ཁ་ཟློག །རྒྱལ་ཁམས་མི་ཁ་ཆེ་ཆུང་འབྲིང་གསུམ་ཟློག །བདག་ལ་བསམ་ངན་སྦྱོར་རྩུབ་བྱེད་པ་ཟློག །ཁ་དཀར་ཞེ་ནག་ཁ་ཡོག་ངན་པ་ཟློག །མཐོ་སྡུག་དམའ་དགའ་ཞེ་ལ་དཀར་ནག་ཟློག །སྔ་དགྲ་ལག་བརྡར་ད་དགྲ་ཐད་དུ་ལོངས། །ཕྱི་དགྲ་ཡིད་ལ་སེམས་པར་བྱེད་པ་ཡི། །དགྲ་བོའི་སྟེང་དུ་བྱད་ཁ་ཕུར་ཁ་ཟློག །ནད་དང་བགེགས་སོགས་བར་ཆད་རྐྱེན་རྣམས་ཟློག །བདག་ལ་སྡང་བར་བྱེད་པའི་དགྲ་དང་བགེགས། །ཁོ་ཡི་ལྷ་སྲུང་ཁོ་ཡི་གཤེད་དུ་ཕོབ། །རང་མཚོན་རང་རྒྱོབ་རང་ཤ་རང་གིས་ཟོ། །རང་ཁྲག་རང་འཐུང་རང་སྲོག་རང་གིས་ཆོད། །བྱད་མ་རང་གི་བྱད་ཁ་རང་ལ་ཟློག །བཟློག་ཅིག་བསྒྱུར་ཅིག་གཏན་ནས་བརླག་པར་མཛོད། །བྷྱོ་བྷྱོ་ཧཱུྃ་ཧཱུྃ་བྷནྡྷོ་ཤ་
ཡ་ལོ་ཀ་རྡ་ཤ་ཡ། ཧཱུྃ་ཧཱུྃ་སརྦ་ཟློག །ཨེ་ཀ་དུ་ན་བྷྱོ་ཟློག །མ་ཧཱ་དུ་ན་བྷྱོ་ཟློག །ས་ག་དུ་ན་བྷྱོ་ཟློག །རྩ་དུར་སྙིང་ལ་བྷྱོ་ཟློག །ནཱ་ག་དུ་ན་བྷྱོ་ཟློག །ཅེས་ཐལ་མོ་བརྡབ། ༧ དེ་ནས་ས་གཞི་ལ་ཨེ་རཾ་བྲིས་པའི་ཐོག་ཏུ་གཏོར་སྣོད་ཁ་སྦུབ། བཀུག་གཞུག་ལན་གསུམ་བྱ། ན་མོ་རྗེ་བཙུན་སོགས། གཏོར་གཞོང་གནམ་ལྕགས་ལས་གྲུབ་པ་གྲུ་གསུམ་མེ་འབར་བའི་འོག་ཏུ། །འདིར་ཁུག་ཅིག །ཅེས་རྡོ་རྗེ་དྲིལ་བུ་བཟུང་ལ་ལག་པ་ལུ་གུ་རྒྱུད་དུ་སྦྲེལ། རྐང་པ་བྱ་རོག་འགྲོས་སྟབས་ཀྱིས་འདི་སྐད་དོ། །སྲིད་གསུམ་རི་རབ་གཏོར་གཞོང་བསྒོམས་པའི་འོག །གནོད་བྱེད་དགྲ་བགེགས་བྱད་མ་ཚུད་པར་གྱུར། །དེ་སྟེང་མེ་ཆུ་ས་རླུང་འབྱུང་བཞི་ཆགས། །དེ་སྟེང་རི་རབ་རི་ཡིས་མནན་པར་གྱུར། །དེ་སྟེང་ཡི་དམ་ལྷ་ཡིས་བྲོས་བརྡུངས་པས། །ཆོས་སྐྱོང་ཕོ་རྒྱུད་བྲོ་བརྡུང་ཤ་ར་ར། །ཆོས་སྐྱོང་མོ་རྒྱུད་བྲོ་རྡུང་ཁྲིགས་སེ་ཁྲིག །དམ་ཅན་སྲུང་མའི་བྲོ་བརྡུང་ཉི་ལི་ལི། །དུག་ལྔ་ཡེ་ཤེས་ལྔ་ཡི་བྲོ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་བྲོ། ཞེ་སྡང་མེ་ལོང་ཡེ་ཤེས་བྲོ། །ང་རྒྱལ་མཉམ་ཉིད་ཡེ་ཤེས་བྲོ། །འདོད་ཆགས་སོར་རྟོག་ཡེ་ཤེས་བྲོ། །ཕྲག་དོག་བྱ་གྲུབ་ཡེ་ཤེས་བྲོ། །ཡེ་ཤེས་ལྔ་ཡི་བྲོ་བརྡུངས་
པས་དུག་ལྔའི་གྲ་དཔུང་རྡུལ་དུ་རློགས། །དམ་ཅན་རྒྱ་མཚོས་བྲོ་བརྡུངས་བས། །བསྟན་དགྲ་ས་ཡི་འོག་ཏུ་ནོན། །ཇི་སྲིད་བསྐལ་པ་མ་སྟོང་བར། །དགྲ་འདི་མནན་པས་མ་ཤོར་ཅིག །ཧཱུྃ་ལཾ་སྟམྦྷ་ཡ་རཀྟ་དགྲ་བོ་མཱ་ར་ཡ་ཆད་ནན། ཞེས་ཕྱོགས་བཞི་མཚམས་བརྒྱད་དབུས་དང་བཅས་ནས་བྲོ་བརྡུང་ངོ་། །གཏོར་སྣོད་ཁ་གྱེན་དུ་བསྟན་ལ། རྣལ་འབྱོར་བདག་ཅག་བླ་མེད་བྱང་ཆུབ་སྒྲུབ། །སྐབས་འདིར་ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །ཕུན་ཚོགས་ལྔ་ལྡན་འཇིག་རྟེན་བདེ་ཞིང་ལེགས། །བཀྲ་ཤིས་གཡང་ཆགས་སྣོད་བཟང་གང་གྱུར་ཅིག །དེ་ནས་ནང་དུ་ལོག །ལག་ཏུ་བླང་ངམ། འདུག་གམ་དགའ་སྟོབས་དང་བཅས་པས། ཀྱེ། མངོན་སྤྱོད་ལམ་དུ་བྱེད་པ་ཡིས། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཞེ་སྡང་དགྲ་ཡི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །དཀྱིལ་འཁོར་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཕུང་པོའི་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །དུག་ལྔ་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཉོན་མོངས་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །
རོ་སྙོམ་ལམ་དུ་བྱེད་པ་ཡིས། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ལྷ་ཡི་བུ་ཡི་བདུད་དཔུང་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །བདུད་ཀྱི་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །འཆི་བདག་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཅེས་བརྗོད་ཅིང་གྲལ་དུ་འཁོད་པས། དངོས་གྲུབ་ལེན་པ་སོགས་གཞུང་ལྟར་རོ། །ཞེས་པའང་ཨ་རཱ་གས་སྦྱར་བ་ཉེས་འགལ་མཆིས་ན་བཀའ་སྲུང་འཁོར་དང་བཅས་པ་ལ་བཤགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་མགར་བ་ནག་པོའི་དམོད་བཅོལ་དགྲ་བགེགས་དཔུང་འཇོམས།
དམ་ཅན་མགར་བ་ནག་པོའི་དམོད་བཅོལ་དགྲ་བགེགས་དཔུང་འཇོམས་བཞུགས་སོ། །
དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དམ་ཅན་མགར་བ་ནག་པོའི་དམོད་བཅོལ་བྱ་བ་ནི། སྒྲུབ་པ་བྱེད་པའི་གང་ཟག་གིས། སྔགས་ཆས་སུ་ཞུགས་ནས་ཇ་ཕུད་ཆང་ཕུད་གསེར་སྐྱེམས་མཆོད་ལ་འདི་སྐད་དོ། །ཧོ། དགོངས་སུ་གསོལ་ལོ། །ལན་གསུམ། གསན་དུ་གསོལ་ལོ། །ཁྱབ་བདག་རྡོ་རྗེ་འཆང་། བྲམ་ཟེ་ཆེན་པོ། བྲམ་ཟེ་བྲ་སེ། བྲམ་ཟེ་རྒྱལ་པོ། ས་ར་ཧ། ཤ་ཝ་རི་དབང་ཕྱུག །བླ་མ་ར་ཧུ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། ཀུ་ས་ལི་ཆེ་ཆུང་ལ་སོགས་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དགོངས་སུ་གསོལ། རྡོ་རྗེ་
འཆང་། ཏེ་ལོ། ནཱ་རོ། ཌོ་བྷི་པ། ཇོ་བོ་རྗེ། ཟླ་འོད་གཞོན་ནུ། རྗེ་དུས་གསུམ་མཁྱེན་པ། ཞང་ཚལ་པ་ལ་སོགས་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས་དགོངས་སུ་གསོལ་ལོ། །གྲུབ་ཆེན་ཀརྨ་པ། སཾ་གྷ་ལཀྵ། རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། །རྟོགས་ལྡན་མཁའ་སྤྱོད་དབང་པོ། རིན་ཆེན་བཟང་པོ། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་རྗེ་བདུན་པ། འདན་མ་རྣལ་འབྱོར། མི་བསྐྱོད་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས། རྒྱལ་བ་མཆོག་དབྱངས། ཡེ་ཤེས་མཚོ་རྒྱལ། མངའ་བདག་ཆེན་པོ།
ཉང་གཏེར་སྟོན། ཡི་དམ་ཆེན་པོ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དགོངས་སུ་གསོལ། གསང་སྔགས་མ་མོ་མཁའ་འགྲོ་དགོངས་སུ་གསོལ་ལོ། །དཔལ་མགོན་དམ་པ་ཆོས་སྐྱོང་སྲུང་མ་དགོངས་སུ་གསོལ་ལོ། ༈ །དམ་ཅན་སྐྱེས་བུ་མགར་བ་ནག་པོ་དགོངས་སུ་གསོལ་ལོ། །ཨ་ཇོ་ཆེན་པོ། ཆོས་སྐྱོང་ཆེན་པོ། ཞིང་བཅུའི་ཤན་པ། བནྡེ་ནག་པོ། ཡབ་མོན་པ་ནག་པོ། ཡུམ་མོན་པ་ནག་མོ། བུ་དམ་ཅན་མགར་བ་སྐུ་མཆེད་སུམ་བརྒྱ་དྲུག་ཅུ། དཀར་པོ་བརྒྱ་དང་ཉི་ཤུ། ནག་པོ་བརྒྱ་དང་ཉི་ཤུ། ཁྲ་བོ་བརྒྱ་དང་ཉི་ཤུ། གསང་ཡུམ་བརྟན་མ་བཅུ་གཉིས། སྐྱོང་མ་ཡ་མ་དཔུང་དང་བཅས་པ། གིང་ཆེན་ཕོ་ཉ་བཞི་བཅུ་རྩ་གཉིས། ལྷ་ཚངས་པ། བཙན་ཡམ་ཤུད་དམར་པོ། གཤིན་རྗེ་མེ་རུ་རྩེ། བདུད་ཡབ་རྗེ། ས་བྱེད་ཨ་ཙ་ར་དཀར་པོ། ཕུང་བྱེད་ཀྱི་ཨ་ཙ་ར་དམར་པོ། འགུགས་བྱེད་ཨ་ཙ་ར་ནག་པོ། སྒྲོལ་བྱེད་ནག་པོ། མོན་པ་རྟ་ནག་ཅན་ཕོ་དྲུག་མོ་དྲུག །ཕུང་བྱེད་ཀྱི་བདུད་ཕོ་གསུམ། ཟ་བྱེད་ཀྱི་སྟག་སྤྱང་སེང་གསུམ། དམ་ཅན་མགར་བ་ནག་པོ་ར་
ཞོན། སེང་ཞོན་འཁོར་དང་བཅས་པ་དགོངས་སུ་གསོལ། ཧོ། དམ་ཉམས་པའི་ཡིད་ལ་མནག་པའི་དགྲ་བོ། སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། ཞིང་བཅུ་ཚང་བའི་བསྟན་དགྲ་འདི་བཞེས་སུ་གསོལ་ལོ། །ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད། ལྷག་པར་དུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་འཛིན་བརྒྱུད་པར་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་བསྟན་དགྲ། སྒོས་དགྲ་སྒེ་མོའི་འདོད་དོན་སྦྱར་ལ། ལ་ཕོད་བཙུགས་པ། དོ་བསྡོ་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་ལང་བའི་དགྲ་བོ། མི་ང་ལ་ལྷ་མེད་ཟེར་བ། ལྷ་ཁྱེད་ལ་མཐུ་མེད་ཟེར་བ། མཐུ་བུ་ལོན་བཞིན་དུ་བསྙག་པ། མིག་ངན་དུ་ལྟ་བ། ཁ་ངན་དུ་སྨྲ་བ། ཕྱི་དགྲ་ནང་རྐུན། ཆེ་ནོན་མཐོ་ནོན་བྱེད་པའི་དགྲ་བོ་ཀུན་ཁས་ཤོམ་པ། ཇག་ལག་གིས་བཤམས་པ། ཕུ་ལ་ཁ་ནས་ཇག་པ་རྟ་ཞོན། །མདའ་ལུང་ཁུང་ནས་རྐུན་མ་ཞགས་ཐོགས། ཕུ་གསུམ་རི་དྭགས་རྔོན་རྒྱ་བཤིགས་མི། མདའ་གསུམ་ཆུ་མའི་མུ་ཁ་བཤིག་མི། དོན་མེད་པ་ལ་སྙད་ཚོལ་བ། མ་ཟོས་པའི་བུ་ལོན་
བསྙགས་པ། མ་ཉེས་པའི་ཁ་ཡོག་འཕེན་པ། །ལེན་པ་མེད་པའི་སྲོག་ལ་རྒོལ་བ། བསྡོས་པ་མེད་པའི་ནོར་འཕྲོག་པ། ཟ་ལམ་དུ་དུག་འདེབས་པ་ལྟ་བུ། འགྲོ་ལམ་ལ་རྩང་བཙུགསཔ་ལྟ་བུ། ཕན་བཏགསན་གནོད་སྐྱེལ། བཟང་བྱས་ན་ངོན་འཇལ། ཁ་དཀར་ཞེ་ནག །ཁ་འཇམ་སྙིང་རྩུབ། མདུན་ནས་ཁྱི་བཞིན་བསྒྲིག་པ། ཟུར་ནས་བཅད་དགོས་ཟེར་བ་སྡང་བའི་དགྲ་བོ། དགྲ་ཡ། གྱོད་ཡ། འཛིང་ཡ། བསླབ་པའི་སློབ་བུ་དམ་ལོག །བརྟེན་པའི་ལེའུ་ལྷ་ལོག །གཏམ་པའི་ཤག་རོག་མནའ་ཟན། འཁོར་གྱི་བྲན་གཡོག་ངོ་ལོག །ཉོས་པའི་ཆུང་མ་སྙིང་ངན། ཐད་དུ་ལང་བའི་དགྲ་བོ་མིང་བྱང་བུ་ལ་བྲིས་པ། གཟུགས་ལིང་ག་ལ་བཏབ་པ་འདི་བཞེས་སུ་གསོལ། འོ། དམ་ཉམས་པ་ཡིད་ལ་མནག་པའི་དགྲ་བོ་བུ་སྤུན་ཕ་དང་བཅས་པ། བུ་མོ་སྲིང་མོ་མ་དང་བཅས་པ། ཤ་སྤུན་ཉེ་བ་དང་བཅས་པ། གྲོང་མི་ཁྱིམ་མཚེས་དང་བཅས། མི་ནོར་ཟས་གསུམ། འོག་རྟ་ཆུང་མ་སྒོ་ཁྱི་དང་བཅས་པ་འདི་བཞེས་སུ་གསོལ་ལོ། །ལན་གསུམ་བརྗོད། ད་ལྟ་ཉིད་དུ་བཞེས་སུ་གསོལ། ཧོ། ཆོས་སྐྱོང་བའི་སྲུང་མ་ཁྱོད་ནི་སྔོན་ཚེ་ཕྱག་ན་
རྡོ་རྗེ། པདྨ་བཛྲ་གྱིས་བཀའ་བསྒོ་དམ་བཞག་ཆོས་ཀྱི་སྲུང་མར་བསྐོས་པ་ཡིན་ནམ། རིག་འཛིན་རྣལ་འབྱོར་སྐྱོངས་བར་ཁས་བླང་ངམ། ཞིང་བཅུའི་ཤན་པ་སྒྲོལ་ལམ། དམ་ལས་འདའ་འམ་བཀའ་ལ་མི་བརྩིའམ། བདག་རིག་འཛིན་དེ་ཡི་བརྒྱུད་འཛིན་ཤེས་སམ། དམ་ཉམས་པའི་དགྲ་བོ་འཁོར་དང་བཅས་པ་འདི་བཞེས་སུ་གསོལ་ལོ། །དགྲ་བོའི་ཤ་ཟོ་ཁྲག་འཐུང་། མིང་རྗེས་མེད་ལྷག་མ་མེད་པར་མཛོད། དེ་ནས་གཡབ་དར་རྡེབས་ལ། འོ། དམ་ཉམས་པའི་དགྲ་བོ་འདི་མིང་དང་མིང་འདྲ་འདྲའི་ནང་ནས་མ་ནོར། རུས་དང་རུས་འདྲ་འདྲའི་ནང་ནས་མ་ནོར། ཡུལ་ལུང་དང་ཡུལ་ལུང་ནང་ནས་མ་ནོར། ཕ་ཚོ་དང་ཕ་ཚོའི་ནང་ནས་མ་ནོར། ཕུ་ནུ་དང་ཕུ་ནུའི་ནང་ནས་མ་ནོར། སྤྱང་དར་མའི་ལུ་གུབཙལ་བ་ལྟར་ཐོངས་ཤིག །ཤིང་སྡོང་པོ་ཁོག་རུལ་བ་ལྟར་འཕར་སྦས་མེད་པར་གྱིས་ཤིག །བུ་ཕོ་རྒྱུད་ལ་བབ་ནི་བྲག་རི་ཐོག་གིས་སྟོར་བ་ལྟར་ཐོངས་ཤིག །བུ་མོ་མོ་རྒྱུད་ལ་བབས་ན་ནག་ལ་མེ་མཆེད་པ་ལྟར་ཐོངས་ཤིག །བྱིས་པ་ལ་བབ་ན་མཆིལ་པས་རྒུམ་བུ་ཐུ་བ་ལྟར་ཐོངས་ཤིག །ཆེ་རྒྱུད་ལ་བབ་ན་རམ་ནག་སེར་བས་བརྡུང་བ་ལྟར་
ཐོངས་ཤིག །ནོར་ལུག་ལ་བབ་ན་རྩྭ་སྐྱ་ལ་མེ་ཤོར་བ་ལྟར་ཐོངས་ཤིག །འོག་རྟ་ལ་བབ་ན་རི་གཟར་གྱི་རྦབ་འདྲིལ་བ་ལྟར་ཐོངས་ཤིག །ཁ་རྗེ་དབང་ཐང་ཉི་མ་ནུབ་པ་ལྟར་ཐོངས་ཤིག །མིང་མེད་རྗེས་མེད་ཤུག་ཐལ་རླུང་གིས་ཁྱེར་བ་ལྟར་ཐོངས་ཤིག །བྱ་སྤུ་རླུང་གིས་ཁྱེར་བ་ལྟར་ཐོངས་ཤིག །སྤང་ཐོག་རི་བོང་རྗེས་ལྟར་ཐོངས་ཤིག །བྱ་སྒོ་མེ་ལ་བསྲེགས་པ་ལྟར་ཐོངས་ཤིག །མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་ཐོངས་ཤིག །འོ། དགྲ་བོ་འདི་ལ་སྲུང་བའི་སྔགས་ཡོད་ན་རང་གསོད་པའི་མཐུར་གྱུར་ཅིག །ཆད་པའི་ཕོ་ཉ་ཡོད་ན་ཕུང་འདྲེར་གྱུར་ཅིག །གསོ་བའི་སྨན་ཡོད་ན་རང་ལུས་འཇིགས་པའི་དུག་ཏུ་གྱུར་ཅིག །རྣོ་བའི་མཚོན་ཡོད་ན་རང་སྲོག་གཅོད་པའི་སྤུ་གྲིར་གྱུར་ཅིག །འོ། དམ་ཉམས་པའི་དགྲ་བོ་ལ་རང་མཐུ་རང་ལ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་མཚོན་རང་ལ་རྒྱོབས་ཤིག །རང་ཤ་རང་གིས་ཟོ་ཤིག །རང་ཁྲག་རང་གིས་འཐུངས་ཤིག་ཕ་སྤུན་ནང་དམེ་ཐོངས་ཤིག །བཟའ་རོག་བྱེ་ཐན་ཐོངས་ཤིག །དགྲ་བོ་འདི་ལ་ཅི་མི་འདོད་པ་སྣ་ཚོགས་ཐོངས་ཤིག །དམ་ཉམས་པ་ཡིད་ལ་མནག་པའི་དགྲ་བོ་འདི་ལ་གནམ་
ལྕགས་ཐོག་གི་ཆར་པ་ཕོབ་ཅིག །ལྟས་ངན་ཐན་གྱི་ཆར་པ་ཕོབ་ཅིག །སྣ་ཚོགས་ཐན་གྱི་རྩེད་མོ་རྩེས་ཤིག །སྤྲེལ་ཅ་ཝ་ཞོན་གྱིས་སྒོ་རྡུངས་ཤིག །ཨ་ཙ་རའི་མིང་ནས་བོས་ཤིག །མོན་པ་ཕོ་མོས་ནམ་མཁའ་སྟོན་ཅིག །སྤྲེལ་དང་གླ་བ་གྲོང་ལ་འགྲིམ་ཞིག །མོན་པ་ནག་པོས་རྩེ་སྐད་ཐོངས་ཤིག །གཅན་གཟན་སྣ་ཚོགས་ཁྱིམ་དུ་ཐོངས་ཤིག །བྱ་ཐན་འུག་པ་རྣ་ཉན་གྱིས་ཤིག །སྲིད་ལ་བྱ་རོག་ཨག་སྒྲ་ཐོངས་ཤིག །ཇག་དཔོན་རྐུ་དཔོན་ཁྲག་ཏུ་སྐྱུགས་ཤིག །ཆུང་མ་སྨྱོ་རུ་ཆུག་ཅིག །ཧུར་ཐུ་ནད་ཀྱིས་ཟློག་ཅིག །ཧོ༔ དགྲ་བོའི་མི་ནོར་ལ་གཟའ་བདུད་ཆེན་པོས་ཟ་ཁ་ལྟོས་ཤིག །སྡེ་བརྒྱད་ཚོགས་ཀྱིས་ཟ་ཁ་ཕོབ་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་ཟ་ཁ་ལྟོས་ཤིག །བདུད་དང་བཙན་གྱིས་ཟ་ཁ་ལྟོས་ཤིག །ཕུང་བྱེད་ཨ་ཙ་རས་ཟ་ཁ་ལྟོས་ཤིག །ཟ་བྱེད་བདུད་པོ་སྤུན་གསུམ་གྱིས་ཟ་ཁ་ལྟོས་ཤིག །ཕུང་གསུམ་གཡབ་ཀྱིས་ཐོངས་ཤིག །སྲོག་གི་སྐེ་ཁྲག་ཐང་ལ་ཕོས་ཤིག །སྙིང་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་གྱིས་ཤིག །མིང་རྗེས་ཤུལ་ཙམ་ཡང་མེད་པར་གསེར་གྱི་ཕ་ཝང་ཆུར་བསྒྱུར་བ་ལྟར་
ཐོངས་ཤིག །རྟ་དཀར་པོ་ལ་སྟན་ནག་པོ་བསྟོད་པ་ལྟར་ཐོངས་ཤིག །ཧོ༔ དགོངས་སུ་གསོལ་ལོ། ཁྱད་པར་དབེན་རི་གཉེན་པོ་ལ་ཚད་བཙུགས། རྒྱབ་རི་རྔོན་རྒྱ་བཤིགས་པའི་དགྲ་བོ་འདིའི་མི་སྙིང་ཕྱུངས་ཤིག །ཁ་ནས་ཁྲག་ཏུ་སྐྱུགས་ཤིག །ཀླད་ཁྲག་ས་ལ་རྒྱོབ་ཅིག །སྲོག་སྙིང་ཕོ་ཉ་རྣམས་ཀྱིས་བྱ་རྒོད་ཐེད་ལ་རུབ་པ་ལྟར་ཐོངས་ཤིག །འཻ། དམ་ཉམས་པ་ཡིད་ལ་མནག་པའི། དགྲ་བོ་འདི་དམ་ཅན་སྐྱེས་བུ་འཁོར་དང་བཅས་པ་ལ་དགྲ་སྐལ་དུ་གཏད་དོ། །ལས་སྐལ་དུ་གཏད་དོ། །འཆོར་བ་མེད་པར་ད་ལྟ་ཉིད་དུ་བཞེས་ཐུབ་པར་གྱིས། ཁྱེད་ལ་མཐུ་རྩལ་ཅི་འདུག་ལྟའོ། །སྡང་བའི་དགྲ་བོ་མི་ནོར་ཟོག་གསུམ་མི་རབས་མི་བརྒྱུད་དང་བཅས་པ་ཁྱོད་ལ་གཏད་པས་མ་ཤོར་ལ། མིང་མེད་རྗེས་མེད་ཐལ་བའི་རྡུལ་དུ་བརླག་པར་མཛོད་ཅིག །ཅེས་འཁོར་དང་བཅས་པ་ལ་མཚང་ཆེན་གནད་ལ་ཕོག་པ་ལྟར་རང་དབང་མེད་པར་དགྲ་ཡུལ་དུ་བྱོན་པར་བསྒོམ། གར་ཐོད་ཐོད་བྱ་བ་མ་ཡིན་ནོ། །ལས་ཉེ་དམ་གཙང་། ཀོ་ལོང་དམ་པའོ། །དམོད་བཅོལ་བཞེས་འབོད་འདི་ནི་རིག་འཛིན་སྔགས་འཆང་ཐུགས་གཏེར་ལས་ཀརྨ་ཨ་རཱ་གས་བསྡུས་པའོ།། །།
དམ་ཅན་སྐྱེས་བུ་ཆེན་པོ་མགར་བ་ནག་པོའི་ཟོར་བསྐུལ་བྱད་མ་ཕུང་བཤིག་མཚོན་ཆའི་འཁོར་ལོ།
དམ་ཅན་སྐྱེས་བུ་ཆེན་པོ་མགར་བ་ནག་པོའི་ཟོར་བསྐུལ་བྱད་མ་ཕུང་བཤིག་མཚོན་ཆའི་འཁོར་ལོ་བཞུགས་སོ། །
དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ཟོར་ཟློག་བྱ་བ་ནི། སྔོན་དུ་གསེར་སྐྱེམས་འབུལ། གཏོར་ཟློག་གཞུང་བསྲང་། དྲག་པོའི་གར་ལ་སོགས་འཛོམས་ན་བྱེད། མ་འབྱོར་ན་བསྐུལ་བའི་མཐའ། ཟོར་ཆེས་ཡོངས་སུ་རྫོགས་པར་བཤམ། ཚིག་མཇུག་དྲོད་སྔགས་རེ་དང་ཟོར་རེ་འཕེན། ཐོག་མར་གསེར་སྐྱེམས་འབུལ་བ་ནི༔ བྷཾ་ལས་རིན་ཆེན་སྣོད་ནང་དུ། །གསེར་སྐྱེམས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོ་འབྲུ་བཅུད་སྟོང་སྦྱར་སྙིང་ཁུ་ལ། །རིན་ཆེན་སྣ་ཚོགས་ཕྱེ་མ་བཏབ། །མཐོང་བ་ཙམ་གྱིས་མཉེས་བྱེད་མ། །རིན་ཆེན་གསེར་སྐྱེམས་དམ་པ་འདིས། །དེ་རིང་དྲག་པོའི་ཟོར་ལམ་ཕྱེས། །
ཤར་ལ་སོགས་པའི་ཕྱོགས་བཅུ་ན། །གནས་པའི་ཕྱོགས་སྐྱོང་རྒྱལ་ཆེན་དང་། །ལྷ་ཀླུ་མཐུ་ཆེན་མི་མ་ཡིན། །མདོས་ལམ་ཟོར་ལམ་ལ་གནས་པའི། །གདོང་ཐུག་སྤྱན་ཕོག་དེ་དག་རྣམས། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལ། །མཐོ་དམན་བར་དུ་གནས་རྣམས་ཀྱིས། །སྐུ་བཟུར་དབུ་ཁུག་ཞབས་ཡར་སྐུམས། །མདོས་ལམ་ཟོར་ལམ་མ་འདུག་ལ། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །དྲང་སྲོང་ལ་སོགས་སྡེ་བརྒྱད་ཚོགས། །རིན་ཆེན་གསེར་སྐྱེམས་འདི་འབུལ་ལ། །དྲང་སྲོང་སྡེ་བརྒྱད་དམག་དཔུང་དང་། །མདོས་ལམ་ཟོར་ལམ་
དགྲ་ལ་བྷོ། །ཞེས་མཆོད་དེ་ནས་གཏོར་ཆུང་ལྔ་ཐོགས་ཏེ། ཧཱུྃ། དྲག་པོ་ཆེན་པོ་དྲག་ཤུལ་ཅན། །འཇིག་རྟེན་ཆེན་པོ་སྡེ་བརྒྱད་འཁོར། །དམ་ཅན་ཆེན་པོ་ཐིག་ལེ་རྩལ། །དམག་ཟླདཔོན་ཆེན་པོ་རྡོ་རྗེ་ལེགས། འཁོར་དུ་གིང་ཆེན་སྡེ་བཞི་སྐྱོངས། །འཁོར་གྱི་དམག་ཚོགས་དགྲ་ལ་བྷོ། །གཏོར་ཟོར་སྡང་བའི་དགྲ་ལ་རྒྱོབ། །དགྲ་སྙིང་ཚལ་ཆ་ཚལ་རྦ་ཡ། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །བཛྲ་རཀྵ་བྷོ། བཛྲ་ཡཀྵ་ཧཱུྃ། བཛྲ་ཆད་བུ་ཆད་བུ་བྷོ། བཛྲ་སཱ་དྷུ་ས་མ་ཡ་ཐད་དུ་ལང་བའི་དགྲ་བོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་བྷོ། སྲོག་ལ་ཧུར་ཐུམ་རྦད། དཾ་བུར་དུ་བུར། ཚལ་པ་ཚལ་པ། མཱ་ར་ཡ་ཕཊ། ཅེས་དགྲ་ཕྱོགས་སུ་རེ་རེ་འཕངས། ཐུན་ཟོར་ནི། ཧཱུྃ། ཐུན་རྫས་གནམ་ལྕགས་ཐོག་རྒོད་འབར། །འཕངས་ཡོ་པས་མི་ཕོག་མི་སྲིད་པ། །ཕོག་ན་རྡོ་རྗེའི་བྲག་ཀྱང་གས། །དེ་རིང་སྡང་བའི་དགྲ་ལ་བྷོ། །དགྲ་ལུས་ཚལ་པ་ཚལ་པ་ཆད། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །བཛྲ་རཀྵ་བྷོ། བཛྲ་ཡཀྵ་བྷོ། བཛྲ་རྦད་བུ་རྦད་བུ་བྷོ། བཛྲ་སཱ་དྷུ་ས་མ་ཡ་ཐད་དུ་ལང་བའི་དགྲ་བོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་བྷོ། སྲོག་ལ་ཧུར་ཐུམ་རྦད། དུ་བུར་དུ་བུར། ཚལ་པ་
ཚལ་པ། མཱ་ར་ཡ་ཕཊ། དགྲ་ཕྱོགས་སུ་འཕངས། ཐོད་ཟོར་ནི། བྷོ། ཐོད་པ་མཚན་ངན་ཕུང་ཐོད་པཾ། །རྫས་ངན་བཀང་སྟེ་འཕངས་པ་ཡིས། །མཐོང་བ་ཙམ་གྱིས་ཕུང་བའི་སྣོད། །ཕུང་འདྲེའི་ཚོགས་རྣམས་དགྲ་ལ་བྷོ། །དགྲ་ཡུལ་ཚལ་པ་ཚལ་པ་རྦད། རྡུལ་དུ་རློགས་ཤིག་མཱ་ར་ཡ། །བཛྲ་རཀྵ་བྷོ། བཛྲ་ཡཀྵ་བྷོ། བཛྲ་ཆད་བུ་ཟད་བུ་བྷོ། བཛྲ་སཱ་དྷུ་ས་མ་ཡ་ཐད་དུ་ལང་བའི་དགྲ་བོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་བྷོ། སྲོག་ལ་ཧུར་ཐུམ་རྦད། དུ་བུར་དུ་བུར། ཚལ་པ་ཚལ་པ། མཱ་ར་ཡ་ཕཊ། སྔ་མ་ལྟར་འཕངས། ཁྲག་ཟོར་ནི། མི་རྟ་ཁྱི་གསུམ་དུག་གི་ཁྲག །མ་མོ་བརྟན་མའི་ཁྲག་ཟོར་འཕེན། །དགྲ་ལ་ནད་རིམས་ཁྲག་ནད་ཕོབ། །ནད་སྤྲིན་སྔོ་མར་སྡང་བའི་དགྲ་ལ་སྦྱོ། །ཕོབ་ཅིག་རྒྱུག་ཅིག་དགྲ་ལ་བྷོ། །མི་ནོར་ཚལ་པ་ཚལ་པ་བྷོ། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །བཛྲ་རཀྵ་བྷོ། བཛྲ་ཡཀྵ་ཧཱུྃ། བཛྲ་ཟད་བུ་ཟད་བུ་བྷོ། བཛྲ་སཱ་དྷུ་ས་མ་ཡ་ཐད་དུ་ལང་བའི་དགྲ་བོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་བྷོ། སྲོག་ལ་ཧུར་ཐུམ་རྦད། དུ་བུར་དུ་བུར། ཚལ་པ་ཚལ་པ། མཱ་ར་ཡ་ཕཊ། སྔ་
མ་ལྟར་འཕངས། མཚེ་ཟོར་ནི། ཧཱུྃ། མཚེ་ཟོར་དྲག་པོ་ཐུན་གྱི་མཆོག །བྱ་མོའི་སྒོ་ང་ལ་བཙུགས་པ། །གོད་འདྲེ་ཡུལ་འདྲེའི་མཚེ་ཟོར་འདི། །སྡང་བྱེད་དགྲ་བོའི་ཡུལ་དུ་འཕེན། །གྲོང་འདྲེ་ཡུལ་འདྲེ་དགྲ་ལ་སྦྱོ། །ནང་རྨེ་ཕུང་བཤིག་བྱེད་དུ་ཆུག །རྡུལ་དུ་རློགས་ཤིག་མཱ་ར་ཡ། །ཞེས་འཕངས། རྡོ་ཟོར་ནི། ཧཱུྃ། རྣོ་དབལ་ཟུར་གསུམ་དྲག་པོའི་མཚོན། །ཚ་ངར་དབལ་ལྡན་མྱུར་མགྱོགས་ཆེ། །ཆོས་སྐྱོང་མགོན་པོའི་རྡོ་ཟོར་འདི། །མི་ལྤགས་འུར་རྡོའི་ལྡེབས་སུ་བཞག །འཕངས་པས་དགྲ་བོའི་སྙིང་ལ་འབོག་ཁྲག་ཏུ་སྐྱུགས་སུ་ཆུག །རྡུལ་དུ་རློགས་ཤིག་མཱ་ར་ཡ། །དགྲ་ཡུལ་དུ་འཕངས། མདའ་ཟོར་ནི། བྷོ། མི་མཐུན་སྒྲོ་བསྒྲོན་དུག་ཤིང་མདེལ། །ཐོག་ལྟར་བརྒྱུད་བྱེད་དྲག་པོའི་མདའ། །སྡེ་བརྒྱད་དྲང་སྲོང་མཚོན་ཆ་འཕེན། །ཟོར་ཟོར་མདའ་ཟོར་དགྲ་ལ་བྷོ། །སྡོང་ཐུབ་ཧུར་ཐུམ་འཆི་རུ་ཆུག །རྡུལ་དུ་རློགས་ཤིག་མཱ་ར་ཡ། །ཞེས་འཕངས། ཚེར་ཟོར་ནི༔ ཧཱུྃ། དུག་ཤིང་ཚེར་མའི་རྣོ་ངར་ལྡན། །རྫས་ཤུལ་ཕུང་བྱེད་ཕུར་པ་འདྲིལ། །དྲག་པོ་རྩང་གི་རྒྱུ་ལས་བྱུང་། །ཡམ་ཤུད་བཙན་གྱི་ཚེར་ཟོར་འདི། །སྡང་བྱེད་དགྲ་བོའི་
སྙིང་ལ་བྷོ། །ཁྲམ་དང་བཙན་ཞགས་ཤྭ་ཡིས་ཐེབས། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །དགྲ་ཕྱོགས་སུ་འཕངས། མེ་ཟོར་ནི། བྷོ། འབྲུ་ནག་དུག་ཁྲག་དུར་ཁྲོད་ས། །ཀོང་བུ་གྲུ་གསུམ་འབྲི་ཚིལ་མར། །རོ་རས་གདུང་རས་མཐའ་ཡི་མེ། །བསྟན་བཤིགས་བསྟན་དགྲ་སྲེག་བྱེད་མེ། །གཤིན་རྗེ་མེ་རྩེ་མེ་ཟོར་འདི། །ཉམས་པ་བསྟན་བསྣུབས་ཡུལ་དུ་བྷོ། །སྲེག་བྱེད་མེ་ཐན་ཁང་ཁྱིམ་བསྒྱུར། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །ཞེས་དགྲ་ཕྱོགས་སུ་འཕངས། ཆུ་ཟོར་ནི། བྷོ། དུག་ཁྲག་ཆུ་རྒྱུན་འཇམ་བྱེད་ཆེ། །བོ་ཐོད་མཚན་ངན་ནང་བླུགས་པ། །ཏྲ་ཀ་བདུད་ཀྱི་ཆུ་ཟོར་འདི། །དྲག་སྔགས་ཐོག་སེར་བུ་ཡུག་འཚུབ། །སྡང་བྱེད་དགྲ་བོའི་ཡུལ་དུ་བྷོ། །མི་མཁར་ས་མཁར་འགྱེལ་དུ་ཆུག །རྡུལ་དུ་རློགས་ཤིག་མཱ་ར་ཡ། །ཐན་ཟོར་ནི། ཧཱུྃ། བདུད་དང་བཙན་གྱི་ལྟས་ངན་ཐན། །ལྷ་སྲིན་སྡེ་བརྒྱད་ལྟས་ངན་ཐན། །ཐན་བདག་ཆེན་པོའི་ལྟས་ངན་ཐན། །སྡང་བྱེད་དགྲ་བོའི་ཡུལ་དུ་བྷོ། །ཁང་ཁྱིམ་སྟེང་འོག་ཐན་གྱིས་ཚོར། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །སོགས་ནས་ཟོར་འཕངས་དྲག་སྔགས་བཟླའོ། །གཏོར་ཆེན་ལ་དཔལ་འབར་
བདུན་བཙུགས། འཁོར་ལ་གསུམ་མ་འབྱོར་ན་གཏོར་ཆེན་ལ་བཙུགས་པས་ཆོག །དཔལ་འབར་བསྒྲོན་ནས་བསྐུལ་པ་བྱ། ཧཱུྃ། རྩ་གསུམ་བསྟན་པ་སྲུང་མཛད་མཐུ་བོ་ཆེ། དྲག་སྔགས་དང་དམོད་བཅོལ་བྱས། ཟོར་འཕངས། དེ་ནས་གཏོར་མ་མེ་ལ་བསྲེགས། ཞེས་དམ་ཅན་སྐྱེས་བུ་ཆེན་པོའི་ཟློག་པ། ༧ རཱ་ག་ཨ་སྱས་བཀོད་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
འདིའི་སྐབས་སུ་ཞི་ཁྲོའི་བློ་གདབ་སྦྱར་རོ། །བྷྱོ༔ དམར་ཆེན་དྲག་པོའི་གཏོར་མ་འདི། །དྲག་པོ་འཁོར་དང་བཅས་ལ་འབུལ། །དྲག་པོའི་ལས་ཀུན་བསྒྲུབ་ཏུ་གསོལ། །དོ་ནུབ་བཟློག་པའི་དུས་ལ་བབ། །བཟློག་པའི་ལས་ཀུན་མཛད་དུ་གསོལ། །བྷྱོ༔ མ་མོ་བདུད་མོའི་ཁ་རླངས་ལས། །འབྱུང་བའི་ནད་ཀུན་བཟློག་ཏུ་གསོལ། །དུག་ལྔ་འཁྲུལ་པའི་གདུག་རྩུབ་ལས། །ཉམས་རྟོགས་ཆག་ཆེན་བཟློག་ཏུ་གསོལ། །བག་ཆགས་མཚན་མ་ངན་པ་དང་། །རྨི་ལམ་མཚན་ངན་བཟློག་ཏུ་གསོལ། །ཕ་རོལ་བྱད་མའི་ངན་སེམས་ལས། །བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །ལྷ་སྲིན་སྡེ་བརྒྱད་ཁྲོས་པ་ལས། །བཀའ་ཆད་བར་ཆད་བཟློག་ཏུ་གསོལ། །མཁའ་འགྲོ་ཆོས་སྐྱོང་ཡལ་བ་ལས། །མགོན་མེད་ཚེ་ཐུང་བཟློག་ཏུ་གསོལ། །མནོལ་འཐིབས་ཅན་དང་མཁོན་གྲིབ་ལས། །ན་ཚ་ཤི་ཆད་བཟློག་ཏུ་གསོལ། །བྷྱོ༔ སྟེང་གདོན་གཟའ་སྐར་ལྷ་གདོན་ཟློག །འོག་གདོན་ས་བདག་ཀླུ་གདོན་ཟློག །ཐོག་སེར་ལོ་ཉེས་མུ་གེ་ཟློག །ཟ་འདྲེ་བདུད་བཞིའི་གནོད་པ་ཟློག །མཐའ་དམག་དུས་འཁྲུག་རོ་ལངས་ཟློག །རྒྱལ་འགོང་དམ་སྲིའི་སྨྱོ་འདྲེ་
ཟློག །འཆོར་མེད་གཤིན་རྗེའི་ཕོ་ཉ་ཟློག །རིགས་ལྔ་ཀླུ་ཡི་འཆིང་བ་ཟློག །བདུད་དང་བགེགས་ཀྱི་སྟོབས་ནུས་ཟློག །ཤ་ཟ་སྡེ་བརྒྱད་གནོད་པ་ཟློག །དུར་འདྲེ་དུར་སྲི་དུར་ཁ་ཟློག །སྤར་ཁ་སྨེ་བ་ངན་པ་ཟློག །ཡེ་འཇིགས་མཁའ་འགྲོས་སུན་མ་ཟློག །ཁྲོ་བོ་ཁྲོ་མོའི་བཀའ་ཆད་ཟློག །སྲིད་པ་ཕོ་རྒྱུད་གནོད་པ་ཟློག །སྲིད་པ་མོ་རྒྱུད་གནོད་པ་ཟློག །དམ་སྲི་འབྱུང་པོ་ལོག་འདྲེན་ཟློག །འགོང་པོ་སྤུན་དགུ་མི་ལ་ཟློག །མུ་སྟེགས་ལྟོག་འགོང་དབུལ་སྲི་ཟློག །གོད་འདྲེ་གོད་སྲི་གོད་ཁ་ཟློག །འཁོར་བ་ལས་ངན་བག་ཆགས་ཟློག །མ་རིགས་སྡུག་བསྔལ་མྱ་ངན་ཟློག །སུན་དང་མི་ཁ་དགྲ་སྣ་ཟློག །དམག་སྣ་ཇག་སྣ་རྐུན་སྣ་ཟློག །གདོན་གསུམ་དུག་གསུམ་ནད་གསུམ་ཟློག །སྣང་ཞིང་སྲིད་པའི་བྱད་ཁ་ཟློག །བནྡེའི་བྱད་ཁ་དྲོད་གཏོང་ཟློག །བོན་གྱི་ངན་སྔགས་ལོག་སྦྱོར་ཟློག །མུ་སྟེགས་སྦྱོར་ངན་ཕྲ་མེན་ཟློག །དཀར་ནག་རྒྱ་ཡི་དུག་སྦྱོར་ཟློག །རྐྱེན་ངན་གློ་བུར་གདོན་ཆེན་ཟློག །ནད་གདོན་ལྟས་ངན་ཡེ་འདྲོགས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་སོ། དེ་ནས་སྐག་ཟློག་ནི། བྷྱོ༔ རྡོ་རྗེ་གར་གྱི་དབང་
ཕྱུག་མ། །མིང་པོ་དྲི་ཟའི་བཀའ་བསྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དྲི་ཟའི་གདོན་གྱིས་བཏབ་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་དབང་ཕྱུག་མ། །མིང་པོ་གཤིན་རྗེ་བཀའ་བསྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གཤིན་རྗེའི་འཁོར་ལོ་བསྐོར་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་དབང་ཕྱུག་མ། །མིང་པོ་ཀླུ་ཡི་བཀའ་བསྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཀླུ་ཡི་བྱད་དུ་བཅུག་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་དབང་ཕྱུག་མ། །མིང་པོ་གནོད་སྦྱིན་བཀའ་བསྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་སྦྱིན་གདོན་གྱིས་བཏབ་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །དེ་ནས་དགྲ་ཟློག་བྱ་བ་ནི། ཧཱུྃ་བྷྱོ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་རྡོ་རྗེ་ལེགས་པ་བྷྱོ༔ །ངན་སོང་རྒྱུ་འབྲས་སྡིག་
པ་ཟློག །མ་ལ་ཡ་ཡི་ཐོད་མཁར་ནས། །དམ་ཚིག་རྡོ་རྗེ་ལེགས་པ་བློ། །གསང་སྔགས་ཆོས་ཀྱི་དགྲ་བོ་ཟློག །རྒྱ་གར་དུར་ཁྲོད་གདོང་དམར་ནས། །ལས་ཀྱི་རྡོ་རྗེ་ལེགས་པ་བློ། །བན་དགྲ་ལོག་པར་ལྟ་བ་ཟློག །སྲིན་ཡུལ་གྲོང་ཁྱེར་དགུ་བརྒྱ་ནས། །བྱ་ཞོན་རྡོ་རྗེ་ལེགས་པ་བློ། །སྡང་དགྲ་གནོད་བྱེད་དམ་ཉམས་ཟློག །ཕ་ཝང་ལོང་བུའི་སྐུ་མཁར་ནས། །ར་ཞོན་རྡོ་རྗེ་ལེགས་པ་སྦྱོ། །བདག་ལ་སྡང་བའི་དགྲ་བོ་ཟློག །འོ་ཡུག་ཤངས་ཀྱི་བྲེ་མོ་ནས། །སེང་ཞོན་རྡོ་རྗེ་ལེགས་པ་བྷོ། །བདག་ལ་སྡང་བའི་དགྲ་བོ་ཟློག །དབྱར་མོ་ཟིན་ཤི་རྒྱ་ནག་ནས། །འབྲུག་ཞོན་རྡོ་རྗེ་ལེགས་པ་སྦྱོ། །བདག་ལ་སྡང་བའི་དགྲ་བོ་ཟློག །གསེར་ཁང་སེར་པོའི་ཡང་རྩེ་ནས། །རྟ་ཆིབས་རྡོ་རྗེ་ལེགས་པ་བློ། །བདག་ལ་སྡང་བའི་དགྲ་བོ་ཟློག །ཤེལ་མཁར་བལ་ཡུལ་ཉི་སྒྲོན་ནས། །དམ་ཅན་རྡོ་རྗེ་ལེགས་པ་བློ། །བདག་ལ་སྡང་བའི་དགྲ་བོ་ཟློག །ལི་རྒྱ་དཀར་ནག་བལ་བོད་ནས། །སུམ་བརྒྱ་དྲུག་ཅུ་འཁོར་བཅས་བྷོ། །དགྲ་སྣ་དམག་སྣ་ཇག་སྣ་ཟློག །ཟང་ཐང་ཐིན་ལུང་ལྷ་བདུད་ནས། །གིང་ཆེན་བཞི་བཅུ་རྩ་གཉིས་བྷོ། །དགྲ་ཡ་གྱོད་ཡ་
འཐབ་ཡ་ཟློག །སྐྱེས་བུའི་བཀའ་འཁོར་ན་གནས་པའི། །དགྲ་ལྷ་ཝེར་མ་ཕོ་ཉ་བྷོ། །ཕ་རོལ་སྡང་དགྲ་རྩད་ནས་ཟློག །བྷྱོ༔ ཤར་གྱི་ཝེར་མ་དགྲ་ལ་ཆོས། །ཤར་ཕྱོགས་དགྲ་སྣ་དམག་སྣ་ཟློག །ལྷོ་ཡི་ཝེར་མ་དགྲ་ལ་ཆོས། །ལྷོ་ཕྱོགས་དགྲ་སྣ་དམག་སྣ་ཟློག །ནུབ་ཀྱི་ཝེར་མ་དགྲ་ལ་ཆོས། །ནུབ་ཕྱོགས་དམག་སྣ་དགྲ་སྣ་ཟློག །བྱང་གི་ཝེར་མ་དག་ལ་ཆོས། །བྱང་ཕྱོགས་དགྲ་སྣ་དམག་སྣ་ཟློག །མཚམས་ཀྱི་ཝེར་མ་དགྲ་ལ་ཆོས། །མཚམས་ཀྱི་དགྲ་སྣ་དམག་སྣ་ཟློག །ལྷ་སྲིན་སྡེ་བརྒྱད་དགྲ་ལ་ཆོས། །ཕ་རོལ་བྱད་མ་འཁོར་བཅས་ཟློག །ཡེ་ཤེས་འཇིག་རྟེན་དགྲ་ལ་ཆོས། །ཕ་རོལ་བྱད་མའི་ལྷ་སྔགས་ཟློག །དྲེགས་པ་ཉི་ཤུ་དགྲ་ལ་ཆོས། །དགྲ་བོའི་མི་ཚེ་མི་རབས་ཟློག །རྣལ་འབྱོར་བདག་དང་ཡོན་བདག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ན། །སྡང་བྱེད་དགྲ་བོའི་སྟེང་དུ་ཟློག །བྱད་ཁ་ཕུར་ཁ་ཐམས་ཅད་ཀྱང་། །སྡང་བྱེད་དགྲ་བོའི་སྟེང་དུ་ཟློག །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷོ། །བར་ཆད་བདུད་ཀྱི་སྟེང་དུ་བྷོ། །ཟ་འདྲེ་ཕུང་འདྲེའི་སྟེང་དུ་བྷོ། །དམ་ཉམས་བྱད་མའི་སྟེང་དུ་བྷོ། །ཞེས་པའི་བར་
འདོན། དེ་ནས་བརྟན་མའི་ནད་རིམས་ཟློག་པ་བྱ་བ་ནི། འདི་སྐད་དོ། །བྷྱོ༔ མ་མོ་ཆེན་མོ་དུས་ལ་བབ། །བརྟན་མ་བཅུ་གཉིས་དུས་ལ་བབ། །འདིར་གཤེགས་རྒྱན་གྱི་གཏོར་མ་ལོངས། །ནད་རིམས་དལ་ཡམས་བཟློག་ཏུ་གསོལ། །གཏོར་མ་གཡབ་དར་བོང་བུ་དང་། །མདའ་དར་མེ་ལོང་བྱ་མོའི་སྙིང་། །བྱ་མོའི་སྒོ་ང་མི་དབང་ཚིལ། །ཤིང་ལོ་རླུང་ཁྱེར་སྨན་རཀ་སྙིང་། །མ་མོ་མཉེས་པའི་རྫས་ཀུན་གྱིས། །ཀུན་གྲགས་མ་ལ་སོགས་པ་ཡི། །བདུད་མོ་བཞི་ཡི་ཐུགས་དམ་བསྐང་། །ཀོང་བཙུན་དེ་མོ་ལ་སོགས་པའི། །སྨན་བཙུན་བཞི་ཡི་ཐུགས་དམ་བསྐང་། །རྡོ་རྗེ་ཞལ་མ་ལ་སོགས་པའི། །སྨན་བཙུན་བཞི་ཡི་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་རིམས་ཡམས་ནད་བཟློག་ཏུ་གསོལ། །འདན་པ་སྣ་འཇུ་པདྲ་ཏ། །རྒྱུ་གཟེར་འབྲས་གཟེར་ཧུར་ཐུམ་ཟློག །མིག་སེར་གྲེ་འབྱར་དམར་གཤལ་དང་། །གཟེར་འཐམ་མདའ་རྒྱབ་ཀླད་འཐམ་ཟློག །དཀར་ཁྲ་བདུད་གླད་མགོ་སྐོར་ན། །གཟེར་ཐུང་མིག་ཇེར་གྲེ་འཐམ་སོགས། །འབྲུམ་པ་ཉ་གས་དུས་ནད་ཟློག །ལྭ་བ་ཐོད་པ་སུམ་དྲིལ་ནགས། །འཐོར་ནད་
འཁྱམས་ནད་རིམས་ནད་ཟློག །བཞི་བརྒྱ་རྩ་བཞི་དགྲ་ལ་བསྒྱུར། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་རྣམས། །ཤུ་ལ་བབ་ནི་ཤཱ་རྡེལ་སྤོས། །ཁྲམ་ལ་བབ་ན་ཁྲམ་ཤིང་ཕྱེས། །ནད་ཀྱི་རྐྱལ་པ་ཁ་ཆིངས་ཤིག །མཚོན་གྱི་གྲུ་གུ་མྱུར་དུ་ཟློག །ནད་སྤྲིན་སྔོ་དམར་བཀྲམ་པ་བསྡུས། །ཤྭ་ཁྲམ་རྩིས་བབ་དགྲ་ལ་སྤོས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་དམ་ཅན་སྐྱེས་བུ་མགར་བ་ནག་པོའི་གཏོར་ཟློག །རྩང་གྱེར། སྐག་ཟློག །ནད་ཟློག་འདི་རང་གཞུང་དང་བསྟུན་ནས་ཨ་རཱ་གས་སོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ར་དགེ་དང་ཐོ་བཙུགས་ཁུང་གི་སྒབ་འདྲེ་བཅད་པ།
ར་དགེ་ནི། ཧཱུྃ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ལྕགས་རི་ནག་པོའི་ནང་རོལ་ན། །ཕ་ཝང་ལོང་བུའི་སྐུ་མཁར་ན། །འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ། །སྟེང་ན་དུག་གི་སྤྲིན་འཁྲིགས་ཤིང་། །ཕྱི་རོལ་ཁྲག་གི་རྒྱ་མཚོ་ཁོལ། །ཞེ་སྡང་གདུག་པའི་རླུང་ནག་འཚུབ། །འབྱུང་བ་ཚ་གྲང་འཐབ་པའི་སྒྲ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །དེ་ལྟ་བུ་ཡི་སྐུ་མཁར་ན། །ཆོས་སྐྱོང་རྒྱལ་པོ་བཞུགས་པ་ནི། །སྐྱེས་བུ་བཛྲ་སཱ་དྷུ་སྟེ། །རྒྱལ་བ་ཀུན་གྱི་བསྟན་བསྲུང་ཞིང་། །དཀྱིལ་འཁོར་ཀུན་གྱི་ཉུལ་མ་སྟེ། །རྣལ་འབྱོར་ཀུན་གྱི་ཆོས་སྐྱོང་ཁྱོད། །འདིར་སྤྱོན་དམ་བསྐང་ཕྲིན་ལས་མཛོད། །ཅེས་དགེ་བསྙེན་ལ་འབུལ་ལོ། ། ༈ ཐོ་བཙུགས་ཁྱུང་གིས་སྒབ་འདྲེ་བཅད་པ་ནི། རང་ཕྱོགས་ཀྱི་དབུ་ལ་ཁྱུང་གསལ་བར་བསྒོམས་ལ་སྒབ་འདྲེ་བཅད་པར་བསམ་ལ། ཨོཾ་བཛྲ་ཁྲོམ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཧཱུྃ། ཆེ་མཆོག་སྤྲུལ་པའི་བྱ་ཁྱུང་རྒྱལ། །མཐུ་རྩལ་སྟོབས་ཀྱིས་སྡེ་བརྒྱད་འདུལ། །བགེགས་དང་འབྱུང་པོའི་ཕྱི་ལམ་ཆོད། །བཛྲ་ག་རུ་ཎ་ཡ་ཧཱུྃ་ཕཊ༔ སརྦ་བྷུ་ཏ་ནན༔ ཤིང་བྱང་ལ་ཁྲོ་དང་གཡུང་དྲུང་བྲིས་ལ་བཙུགས། ལམ་དུ་ཕྱི་མིག་མི་བལྟ་བར་རྣམ་འཇོམས་དང་ཁྱུང་སྔགས་བཟླས་ཤིང་འོང་སྲོལ་
དམ་ཅན་རྡོ་རྗེ་ལེགས་པའི་སྒབ་འདྲེ་དམ་སྲི་མནན་ཐབས་མན་ངག
དམ་ཅན་རྡོ་རྗེ་ལེགས་པའི་སྒབ་འདྲེ་དམ་སྲི་མནན་ཐབས་མན་ངག་བཞུགས་སོ། །
དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དམ་ཅན་འདི་ལྷ་བཟང་སྟེ་འཁོར་ངན་པས། རིགས་གང་བསྒྲུབས་ཀྱང་དམ་སྲི་གསུམ་མནན་པ་གལ་ཆེའོ། །གསུམ་གང་ཞེ་ན། བདུད་བསྙབ་པ་ལག་རིང་། བཙན་ཡམ་ཤུད་དམར་པོ། ཐེའུ་རང་སྟོང་འཁྲུགས་དང་གསུམ་མོ།། དེ་ལ་དང་པོ་བདུད་བསྙབ་པ་ལག་རིང་། བནྡེ་ཆེན་པོའམ། བོན་པོའམ། སྟག་ལ་སོགས་པའི་གཅན་གཟན་དུ་སྤྲུལ་ནས། བདག་སྒྲུབ་པ་པོའི་སྲོག་ལ་རྒོལ་ལོ།། བཙན་ཡམ་ཤུད་དམར་པོ་ནི། རྟ་དམར་པོ། བོང་བུ། ཁྱི་ལ་སྤྲུལ་ནས་རྟ་དང་ནོར་ལ་གནོད། ཐེའུ་རང་སྟོང་འཁྲུགས་ནི། དམག་དང་ཟང་ཟིང་དང་། བྱིས་པར་སྤྲུལ་ནས་འཁོར་དང་སྲི་ལ་གནོད་དོ། །འདི་གསུམ་མནན་པ་དང་བཅིང་མ་ཤེས་ན། རྣལ་འབྱོར་པ་ཚེ་ཐུང་བ་
དང་། ནོར་ཕྱུགས་ལ་ཤི་གོད་འོང་བ་དང་། འཁོར་དང་ཟས་ནོར་ལ་གནོད་པ་བྱེད་པས། འདི་རྣམས་མནན་པ་ཤིན་ཏུ་གལ་ཆེའོ། །ཁོ་རང་གིས་ཕྱག་ན་རྡོ་རྗེའི་ཞལ་མཐོང་ཞིང་དགེ་བསྙེན་ཀྱི་སྡོམ་པ་བླངས་ནས་སེམས་ཅན་ལ་གནོད་མི་བསྐྱེལ་བར་ངེས་སོ། །སྔོན་དུས་འདི་གསུམ་གྱིས་ཕྱག་ན་རྡོ་རྗེ་ཞལ་མ་མཐོང་བས་གནོད་པར་འོང་། དེའང་བར་དུ་རིག་འཛིན་པདྨ་བཛྲ་གྱིས་བོད་ཁ་བ་ཅན་དུ་ཕེབས་ནས་བོད་ཀྱི་ལྷ་འདྲེ་འདུལ་དུས་སུ། རིག་འཛིན་པདྨ་བཛྲ་གྱིས་བཀའ་བསྒོས་དམ་ལ་བཞག །སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཁས་བླངས། གསུམ་པོ་ནི་འོང་མ་ཉན་ནས་སློབ་དཔོན་ལ་བར་ཆད་བྱས་པས་སློབ་དཔོན་གྱི་རྡོ་རྗེ་ཕུར་པས་གཟེར་བས་ཕྱི་རབས་སྒྲུབ་པ་པོ་ལ་བར་ཆད་མི་བྱེད་པར་ཁས་བླངས་ནས་བར་ཆད་མི་བྱེད་པ་འདྲའོ། །འདི་
གསུམ་མ་མནན་ན་མི་རུང་། སློབ་དཔོན་གྱིས་གསུངས། དེའི་ཕྱིར་མནན་པ་བཞིར་ཤེས་དགོས། བཞི་གང་ཞེ་ན། འགུགས་བསྟིམ་བྱེད་པ་དང་གཅིག །གནད་འབོད་པ་དང་གཉིས། སྤྱིར་མནན་པ་དང་གསུམ། སྒོས་སུ་མནན་པ་དང་བཞིའོ། །སྤྱིར་མནན་པ་ནི། ཁམ་སའི་ས་སྤྱིན་ལ་ཚིག་རྨེ་དང་། བྲག་ནག་པོའི་དྲེག་པ་དང་། རམ་གྱི་ཕྱེ་མ་དང་ཐལ་ཆེན་དང་། ལྕི་བ་དང་། རམ་བུ་རྣམས་བསྲེས་པ་ནི་རྫས་སོ། ༧ །དེ་ནས་གཉིས་པ་ནི་ལིངྒ་དཔེའུ་རིས་ནི། དུག་ཤོག་ལ་དུག་ཁྲག་གི་སྣག་ཚས་གྲུ་བཞི་གྲུ་གང་་་མི་གཟུགས་ཁྱུ་གང་མགོ་བོ་གསུམ་ལ་སྔགས་མཚན་སོ་སོར་བྲིས་ལ་བཅུག་མཆན། བ་གཅིག་ལ་དབུས་སུ་མིའི་མགོ་ལ་སྙིང་ཁར་རས་ལ་མི་ཁྲག་གིས་སྔགས་འདི་བྲིས། ཨོ་པག་ཤུད་མུ་ཐ་ཧཱུྃ་ཛཿཛཿ བསྙབ་པ་ལག་རིང་མཱ་ར་ཡ་ཏྲི་ཛ་ཁུག་ཙཾ་བྷ་ཡ་ནན། ཞེས་བྲིས་ལ་བཅུག །གཡས་རྟ་མགོ་བྱས་ལ། དེའི་སྙིང་ཁར་གྲོ་ག་ལ་རྟ་ཁྲག་གི །ཨོ་ཤཱ་ན་ཏ་ཏྲི་ཛ་ཛ་ཡཾ་ཤུད་དམར་པོ་མཱ་ར་ཡ་ཏྲི་ཛ་ཁུག་སྟེ་བྷ་ཡ་ནན། བྱ་བ་བྲིས་ལ་བཙུག །གཡོན་སྤྲེལ་མགོ་བྱས་ལ། དེའི་སྙིང་ཁར་ཤོག་བུ་ལ་ཁྱི་ཁྲག་གིས་བྲིས། ཨོ་བྷ་ར་མུ་ཏྲི་ཁས་ཛ་ཛ་ཐེའུ་རང་སྟོང་འཁྲུགས་མཱ་ར་ཡ་ཏྲི་ཛ་ཁུག་སྟེ་བྷ་ཡ་ནན། བྱ་བ་བྲིས་ལ་བཅུག །གཟུགས་གསུམ་གྱི་སྙིང་ཁར་ཧྲི་ཏྲི་རེ་རེ་བྲིས། ཡང་ལུགས་གཅིག་ལ། སྔོན་གྱི་རྫས་རྣམས་བསྲེས་ལ་གཟུགས་གྲུ་བཞི་གྲུ་གང་བ་གཅིག་བྱས་ལ་དབུས་མི་མགོ །གཡས་རྟ་མགོ །གཡོན་སྤྲེལ་
མགོ་བྱ། རས་སམ་གྲོ་གའམ་དུག་ཤོག་སོགས་ལ། ཁྲག་སྣ་གསུམ་སོགས་སྔགས་དང་བཅས་པ་གོང་ལྟར་རོ། །དེ་ནས་བཅའ་གཞི་བྲུབ་ཁུང་ལ་སོགས་ལེགས་པར་བྱས་ལ། གཞུང་གི་ཡི་དམ་མཆོད་པ་སོགས་གཞུང་ལྟར་གསལ། རང་ཡི་དམ་དུ་གསལ་བའི་ངང་ནས། སྲུང་འཁོར་གྱི་འགུགས་ལྟར་ལས། ལིངྒ་རྫས་དང་མིང་ཡིག་མཚན་པའི་བྲུབ་ཁུང་ནང་གི་ལིངྒ་ལ། ཁུག་ཅིག་བཛྲ་སོགས། ཛཿཧཱུྃ་བཾ་ཧོཿ འགུགས་བསྟིམ་ལན་གསུམ་བྱ། དམ་ཅན་གྱི་རིམ་མནན་ཐབས་ལ། ལིངྒ་རྫས་བསགས་ལ་རྫོང་ངོ་། །དེ་ནས་དམ་སྲི་སྒབ་འདྲེ་མནན་པའི་ཆོ་ག་ནི། དང་པོ་ཡི་དམ་བསྒོམས་ལ་འདི་སྐད་དོ། །ཨོཾ་ལས་མི་དམིགས་སྟོང་པར་གྱུར་པའི་ངང་། །ཨཱལས་པདྨ་ཟླ་བའི་གདན་སྟེང་དུ། །ཧཱུྃ་ལས་སྣོད་བཅུད་འོད་ཟེར་སྤྲོ་བསྡུ་ལས། །ཧྲིལས་བདག་ཉིད་པདྨ་བཛྲ་རྩལ། །བཅུ་དྲུག་ལང་ཚོ་དཀར་དམར་ཞི་མ། པད་ཞྭ་ཆོས་གོས་ཟབ་བེར་བརྒྱན་དང་ལྡན། །རྡོ་རྗེ་བྷནྡྲ་ཁ་ཊོ་ཕྱག་ན་བསྣམས། །པདྨའི་གདན་ལ་མཚན་དཔེ་འབར་བར་བཞུགས། །།པདྨ་འོད་ནས་སྤྱན་དྲངས་རང་ལ་བསྟིམ། །རང་འདྲའི་སེམས་དཔའ་ཐུགས་ཀར་ཧྲཱི༔ཡིག་མཐར། །སྔགས་ཀྱི་ཡིག་འབྲུ་གཡས་སུ་འཁོར་བར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བཟླས་པ་བྱ། གང་འགྲུབ་བྱས་
ལ། དེ་ནས་བསྟོད་པ་ནི། ཧྲཱི༔ ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་དུ། །མངལ་སྐྱེས་མ་ཡིན་རྫུས་སྐྱེས་སྤྲུལ་པའི་སྐུ། །སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་གཅིག་པོ། །པདྨ་བཛྲ་རྩལ་ལ་ཕྱག་འཚལ་བསྟོད། །ཅེས་བྲུབ་ཁུང་ནང་དུ་ལིངྒ་བཅུག་ལ། འགུགས་གཞུག་ནི། ན་མོ། དཀོན་མཆོག་གསུམ་དང་ཡི་དམ་ཆོས་སྐྱོང་དང་། །དཔལ་ཆེན་རྟ་མགྲིན་དཔལ་ལྡན་ནག་པོ་ཆེ། །མཆེད་འཁོར་གིང་དང་ཕོ་ཉའི་བདེན་པ་དང་། །ཁྱད་པར་སྔགས་འཆང་བདག་གི་ལྷ་སྔགས་དང་། །ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུ་རྩལ་དང་། །བདེན་སྟོབས་ཆེན་པོ་བརྗོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་དགྲ་བླ་མའི་བསྟན་དགྲ་དང་། །ཀཾ་ཚང་བསྟན་དགྲ་དགེ་འདུན་སྡེ་རྣམས་བཤིགས། །དབེན་རི་ཉེས་མེད་སེམས་ཅན་ཡོངས་ལ་འཚེ། །དགེ་སྤངས་སྡིག་སྒྲུབ་དམ་ལོག་ཤན་པའི་ཚོགས། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དུས་གསུམ་འཚེ་བར་བྱེད་པ་དམིགས་པའི་དགྲ། །ཁམས་གསུམ་རིགས་དྲུག་སྐྱེས་པའི་གནས་གཞི་སོགས། །རང་གི་ནང་ཆོས་བོན་དང་སྲུང་མ་ཡི། །སྐྱབས་འོག་གནམ་ས་ཉི་ཟླའི་གོ་བོར་དང་། །གང་ན་ཡོད་དང་གང་ན་གནས་གྱུར་
ཀྱང་། །གཟུགས་དང་ལིངྒ་རྫས་དང་མིང་རུས་ཀྱིས། བཏབ་པའི་བྲུབ་ཁུང་ནང་གི་ལིང་ལ། །ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྒྲོག་ཅིག་བཛྲ་སྤོ་ཊ་བི། །རྣམ་ཤེས་མྱོས་ཤིག་བཛྲ་གཥྛ་ཧོ། །བར་རོ། དེ་ནས་འགུགས་གཞུག་ལན་གསུམ་སོང་ནས། དམ་སྲི་གསུམ་གྱི་སྙིང་པོ་ཁྲི་སྟོང་བཟླ། ཨོ་པག་ཤུ་མུ་ཏ་ཧཱུྃ་ཛ་ཤོ་ན་ཏ་ཀྲི་ཧཱུྃ་ཛཿ བྷ་ར་མུ་ཏྲི་ཁས་ཧཱུྃ་ཛཿ ཞེས་སོ། །དེ་ནས་རང་བདུད་ཆས་སུ་ཞུགས་ཤིང་། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པ་ལ། ཧྲཱི༔ ཞི་བ་འོད་དུ་ཞུ་ནས་དྲག་པོའི་སྐུ། །བདག་ཉིད་པདྨ་ཐོད་ཕྲེང་རྩལ། །དམར་ནག་མེ་ཕྲེང་རྡོ་རྗེ་སྡིག་པ་བསྣམས། །སྐུ་ལས་ཁྲོ་ཚོགས་དཔག་མེད་གྲངས་མེད་འཕྲོ། །འཕྲོས་པའི་ཁྲོ་བོའི་སྐུ་ལས་མེ་དཔུང་འབར། གཞན་ཡང་ཕྱོགས་བཅུའི་ཞིང་ནས་ཁྲོ་བོའི་ཚོགས། །མཚོན་ཆའི་ཚོགས་རྣམས་སྐར་མདའ་སེར་ལྟར་འཁྲུགས། །དམ་ལོག་སྒབ་འདྲེ་གནོད་བྱེད་ཚོགས་རྣམས་ཀུན། །འགྲོ་གབ་བྲོས་པའི་དབང་མེད་བསྐོར་བར་གྱུར། །ཨོཾ་ཨཱཧཱུྃ་ཨ་ཙིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཅི་ནུས་བཟླ། དེ་ནས་དཀོན་མཆོག་གཟུ་དཔང་དང་གསེར་སྐྱེམས་མཆོད། དེ་
ནས་ལྷ་དབྱེ་ནི། བྱ་རོག་འུག་སྒྲོ་གཉིས་སློབ་དཔོན་གྱིས་བཟུང་སྟེ། ཨོ་པག་ཤུ་མུ་ཏ་ཤོ་ན་ཏ་ཀྲིཏ་བྷ་ར་མུ་ཏྲི་ཁ་ཀྲུག་ཏ་ཡ་ཀུག་ཏ་ཡ་ཏྲཀཱ་མཱ་ར་ཡ་ཕྱེ་ཕྱེ། ཨོ་ཕྱེ། ཨ་ཕྱི། ཧཱུྃ་ཕྱེ། མ་ཕྱེ། ར་ཕྱི། ཡ་ཕྱེ། ཕཊ་ཕྱེ། ཤ་ཀུ་ན་ཤ་ཏུན་དྷེ་བ་དྷེ་བ་ཕྱེ་མཱ་ར་ཡ་ཕཊ༔ ཅེས་དར་རས་དང་ཁྱི་ལྤགས་དཀར་པོས་རྡེབ་ཅིང་། རྡེལ་བུ་ནག་པོ་དང་། ཡུངས་ཀར་ནག །བྲ་བོ། སྲན་མ། ཚིལ་ཕྱེ་རྣམས་གཟུགས་ལ་བྲབ་ཅིང་འདི་སྐད་དོ། །ཧཱུྃ། རིག་འཛིན་པདྨ་བཛྲ་གྱི། །སྐུ་ལས་པདྨ་དྲག་པོ་རྩལ། །གསུང་སྤྲུལ་ཁྲོ་བོ་ཧཱུྃ་ཀཱ་ར། །ཐུགས་ལས་སྤྲུལ་པ་བདུད་རྩི་འཁྱིལ། །ཡོན་ཏན་སྤྲུལ་པ་སྟོབས་པོ་ཆེ། །ཕྲིན་ལས་རྡོ་རྗེ་གཞོན་ནུ་པ། །གནས་ལྔ་སྤྲུལ་པའི་ཁྲོ་བོ་ལྔར། །སྐུ་ལས་མཚོན་ཆའི་ཆར་བབས་པས། །དམ་སྲི་མ་བུ་སིལ་བུར་གཏུབ། །རམ་ནག་སེར་བས་བཏོར་བ་བཞིན། །ཐལ་བའི་རྡུལ་དུ་བརླག་པར་གྱུར། །ཨོཾ་ཨཱཿཧཱུྃ་ཨ་ཅིག་ནེརྩིག་སོགས། ཁྲོ་བཅུའི་སྔགས་མཐར། ཤམ་བུ་ལ། ༀ་པག་ཤུ་མུ་ཐ་ཤོ་ན་ཏྲི་བྷ་ཏ་མུད་ཏྲི་ཁས་མཱ་ར་ཡ་ཚལ་པ་ཚལ་པ་ཆད་སྲོག་ལ་བྱེར་རྦད། དབུགས་ལ་རྦད། སྲོག་ཆོད། དོན་སྙིང་དྲོངས། ཐལ་བའི་རྡུལ་དུ་རློགས་ཤིག་མཱ་ར་ཡ། གནད་ལ་དབབ་པའི་སྔགས་འདི་
བཟླས་འོ། །གྷ་ཏྲེ་ཨ་ནན། བག་ཏྲེ་ཨ་ནན། སྙིང་ཏྲེ་ཨ་ནན། སྲོག་ཏྲེ་ཨ་ནན། སྲོག་ཏྲི་དུ་མཱ་ར་ཡ་གུར་ནན། ས་མ་ཡ་ཁུག །སྔགས་དེ་མཐའ་དང་བཅས་པ་གཟུགས་ཀྱི་སྙིང་ཁ་ལའང་བཅུག །དེ་ལྟར་རབ་ཞག་བདུན། འབྲིང་ལྔ། ཐ་མའང་གསུམ་དུ་སྒྲུབ་རྟགས་མ་བྱུང་བར་དུ་དགོས་གསུངས། ཁུག་པའི་རྟགས་ལ། གླག་འཆོལ་བ་དང་། སྐྱིད་བུན་བུན་པ་དང་། མཆི་མ་ཤམ་པ་སོགས་བྱེད། །རྟགས་ནི། བྱ་དང་། བདུད་ནག་དང་། མི་རིང་དམར་པོ་དང་། སྤྲེའུ་དང་། ཐེའུ་རང་བརྡུང་བ་དང་། བཅིག་པ་དང་། མནན་པ་དང་། ཁ་བསྡོམས་པ་དང་། བསད་པ་སོགས་རྨི་ལྟས་འབྱུང་། དེ་ལྟར་ཁུག་རྟགས་བྱུང་ནས་སེང་ལྡེང་དང་། སྐྱེར་པ། ཤུག་པ་གསུམ་ལ་ཕུར་པ་སོར་བཞི་པ་བྱས་ལ། ཧཱུྃ༔ སྤྲུལ་པའི་ཁྲོ་བོ་ཆེན་པོ་ནི། །ཧཱུྃ་ཀཱ་ར་དང་བདུད་རྩི་འཁྱིལ། །སྟོབས་པོ་ཆེ་དང་ཁྲོ་བོ་གསུམ། །སྐུ་མདོག་ཞལ་གཅིག་ཕྱག་གཉིས་པ། །སྐུ་སྨད་ཕུར་པའི་དབལ་དང་ལྡན། །ཕྱག་གཉིས་རི་རབ་ཕུར་པ་འཛིན། །དམ་སྲིའི་སྙིང་ལ་ཀཱི་ལ་ཡ། །སྲོག་དང་དབུགས་ལ་ཀཱི་ལ་ཡ། །མིག་དང་སྣ་ལ་ཀཱི་ལ་ཡ། །སྣ་དང་ལྕེ་ལ་ཀཱི་ལ་ཡ། །ལུས་དང་ངག་ལ་ཀཱི་ལ་ཡ། །ཡིད་དང་གཟུགས་ལ་ཀཱི་ལ་ཡ། །མིང་དང་རུས་ལ་ཀཱི་ལཱ་ཡ། །རྣམ་ཤེས་སྲོག་
དབུགས་འཆི་ཁའི་མར་མེ་བཞིན། །ཞག་དང་ཟ་མ་དུས་ཚོད་མ་བཞག་པར། །ད་ལྟ་ཉིད་དུ་ཚེ་སྲོག་ལ་ཀཱི་ལ་ཡ། །མཱ་ར་ཡ་ཕཊ༔ སེང་ལྡེང་ཤུག་པའི་ཕུར་བུ་སྟོབས་པོ་ཆེའི་སྔགས་ཀྱིས་སྙིང་ཁར་བཏབ། ཧཱུྃ་ཀཱ་རི་སྔགས་ཀྱིས་སྤྱི་བོར་བཏབ། སྐྱེར་ཕུར་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མགྲིན་པར་བཏབ། ཤུག་པའི་ཕུར་བུ་སྟོབས་པོ་ཆེའི་སྔགས་ཀྱིས་འཕོངས་སུ་བཏབ། དེ་ལྟར་མནན་པར་བྱ་བ་ནི། ཁྲི་ལམ་གཞི་མདོའམ། མལ་འོག་གམ། མཆོད་རྟེན་ནམ། དེར་དོང་གྲུ་གསུམ་ཁྲུ་གང་བ་གཅིག་བྱས། དང་པོ་དཀར་གཏོར་སོགས་གསེར་སྐྱེམས་འབྲུ་སྣ་འབུལ། ༧ དེ་ནས་ཕུར་པ་ལ་གཏུག་གཏུག་བདུན་བྱས་ལ། ཧཱུྃ། ང་ནི་དབང་དྲག་ཐོད་ཕྲེང་རྩལ། །སྲིད་གསུམ་ཕྱུང་བྱེད་ཕུར་པ་ཕྱག་ན་བསྣམས། །ས་ལ་བརྒྱབས་པས་རིམ་པ་བདུན་དུ་གས། །དེ་འོག་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནས། །འཆི་བདག་ལས་ཀྱི་གཤིན་རྗེའི་ཞལ་གདངས་གྱུར། །གནམ་ས་ཙམ་གྱི་ཞལ་གདངས་བར་དུ་ཡང་། །དམ་སྲི་བདུད་པོ་བསྙབ་པ་ལག་རིང་རྫོ་ང་། །དམ་ཉམས་བཙན་འཁོར་ཡམ་ཤུད་དམར་པོ་རྫོང་། །སྒབ་འདྲེ་རྗེས་ཁྱི་ཐེའུ་རང་སྟོང་འཁྲུགས་རྫོང་། །འཁོར་བ་མ་སྟོང་བར་དུ་མ་ཤོར་ཅིག །ཤོར་ན་དབང་དྲག་བཀའ་ཡིས་སྡིག་པར་གྱུར། །དེ་ཕྱིར་དམ་ལ་མ་འདའ་
ཕྲིན་ལས་མཛོད། །ཅེས་ལིངྒ་མགོ་རྟིང་བསྣོལ་མར་མནན། བཀུག་གཞུག་ལན་གསུམ། མནན་སྔགས་བརྒྱ་རྩ་བཟླས་ནས་མནན་ནོ། །དེ་སྟེང་འབྱུང་བཞི་མནན་པ་སྤྱི་དང་མཚུངས། དེ་སྟེང་རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས། ཕྱི་རོ་སོལ་གྱིས་རི་རབ་གླིང་བཞི་བྲིས་པས་ཁ་བཅད། བུ་ཤ་ཨ་ན་ཀ་དུ་ནན། ཨ་དུ་པ་ཎ་ནི་ནན། པུ་ཤ་ཨ་ཀ་ནན། དུ་ན་ཨ་ཀ་ནན། དུམ་ན་པ་ཏྲི་ནན། དམ་སྲི་སྤུན་གསུམ་ནྟཾ་བྷ་ཡ་ནན། སྒྲུབ་པའི་བར་ཆད་མ་བྱེད་ཅིག །མནན་པ་ཡིན་པས་ལོ་བརྒྱའི་བར་དུ་མ་བཏང་ཞིག །ཇི་སྲིད་ཐུབ་པའི་བསྟན་པ་མ་རྫོགས་བར་མ་ལངས་ཤིག །རྒྱལ་བ་བྱམས་པའི་བསྟན་པ་ལ། ལངས་ནས་ཆོས་ཉན་པར་གྱུར་ཅིག །ཅེས་བྲོ་བརྡུང་རྡོ་རྗེ་སློབ་དཔོན་གྱིས་དྲིལ་བུ་བསྣམས་ནས། རྐང་པ་རྡོ་རྗེའི་འགྲོས་སྟབས་དང་བཅས་པས། ཧཱུྃ། དམ་སྲི་ལོག་འདྲེན་བྱ་བ་ནི། །མནན་པས་མི་ཆོག་རྒྱ་ཡང་འདེབས། །ཕྱག་རྒྱ་དགུ་ཡིས་རྒྱ་ཡང་འདེབས། །ཕུང་ཁམས་མནན་གཟིར་བཅིངས་པར་གྱུར། །ཧཱུྃ། ཡེ་ཤེས་ལྔ་ཡི་བྲོ་འཁྲབས་པས། །དུག་ལྔ་ཐལ་བར་བརླག་པར་གྱུར། །སྐུ་གསུང་ཐུགས་ཀྱི་བྲོ་འཁྲིབས་པས། །དུག་གསུམ་ཐལ་བར་བརླག་པར་གྱུར། །དམ་སྲི་གདུག་པ་ལས་ངན་འདི། །
ཕུང་ཁམས་པདྨ་འབྱུང་གནས་བྲོ། །ལས་ཉོན་ཀུན་རྟོགས་ཞི་གྱུར་ཅིག །གནས་ལྔར་ཁྲོ་བོ་ལྔ་ཡི་བྲོ། །ཉོན་མོངས་གཏན་ནས་བརླག་གྱུར་ཅིག །བྲོ་ཡང་རྒྱལ་བ་རིགས་ལྔའི་བྲོ། །གླུ་ཡང་སྣང་སྲིད་ཟིལ་གནོན་གླུ། །རྒྱ་ཡང་འབྱུང་བ་བཞི་ཡི་རྒྱུ། །སྲིད་གསུམ་མ་རྫོགས་བར་དུ་མ་ལང་ཞིག །ཨ་ལཾ་ཧཱུྃ་ལཾ་སུཾ་བྷ་ཡ་ནན། །ཞེས་ཚེར་མ་དང་རེ་དར་༈ བཙུགས། ནང་དུ་ལོགས་ནས་ཚེར་ནག་གིས་ཕྱི་ནང་བྲབ། ཁྲོ་བཅུའི་སྔགས་ཀྱིས་མཚམས་བཅད། ཅེས་པ་སྤྱི་མནན་རྫོགས་སོ།། ༈ སྒོས་མནན་ནི། བསྙབ་པ་ལག་རིང་རབས་ཆད་ལ་སོགས་གཅན་གཟན་གང་རུང་གི་ཐོད་པའི་ནང་དུ་གོང་བཞིན་བསྡུ་བའི་གཟུགས་སོགས་རྨི་ལམ་གང་བྱུང་གི་གཟུགས་བྱེད་ལ། སྙིང་ཁར་ལིངྒ་དང་སྔགས་བཅུག་གོ །མཆོད་རྟེན་ནམ་ལྷ་ཁང་ཐེམ་པའི་འོག་ཏུ་མནན་ནོ།། ༧ ཡམ་ཤུད་དམར་པོ་རྟ་དང་བོང་བུ་དེ་གཟུགས་བྱས། །ལིངྒ་མིང་དང་བཅས་པ་རྟ་ཐོད་བོང་བུའི་ཐོད་པར་བཅུག་ལ་སྐྱེད་འོག་ཏུ་མནན་ནོ།། ༧ ཐེའུ་རང་སྟོང་འཁྲུགས་ནི་ཚིགས་མ་དང་བག་ཕྱེ་ལ་སྤྲེའུའི་གཟུགས་བྱས་སྙིང་ཀར་མིང་རུས་བཅུག་ལ་ཁྱིའམ། ཡང་ན་བྱི་ལི་ཐོད་པར་བཅུག་ལ་རོ་རྡུལ་རྙིང་པའམ། སྣ་ལྔ་འཕང་དུ་མནན། སྤྱི་དང་བྱེ་བྲག་གང་བྱེད་ཀྱང་རུང་། གཟུགས་དང་ཐོད་པ་གང་ཡིན་དེ་རེ་བས་གཏུམ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་བྱས་ལ་བཅིངས། གཟིར་མནན་བྲོ་བརྡུང་འདོན་བྱ་གོང་དང་འདྲའོ། སྤྱི་སྒོས་
གཉིས་ཀ་དགུ་སྟོང་དག་ལ་མནན། མཚམས་བཅད་ཁྲོ་བཅུའི་བསྲུང་བ་གོང་དང་འདྲའོ། །དམ་ཅན་རྡོ་རྗེ་ལེགས་པའི་སྒབ་འདྲེ་དམ་སྲི་མནན་པའི་སྤེལ་ཆོག་ཨ་རཱ་གས་སྨྲས་པས་འགྲོ་ཀུན་བདེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །། ༈ དབུས་མི་སྙིང་ཁར་སྔགས་ནི་ཏྲ་ཛའི་མཐར་གནོད་བྱེད་བསྙབ་པ་ལག་རིང་རུ་ཏུ་རུ་ཏྲི་ཧུར་ཐུ་ཛཏྲི་མཱ་ར་ཡ་ཛཿ ནྟཾ་བྷ་ཡ་ནན། ༧ རྟ་མགོའི་སྙིང་ཁར་ཏྲི་ཛའི་མཐར། གནོད་བྱེད་བཙན་ཡམ་ཤུད་དམར་པོ་རུ་ཏཱི་རུ་ཏྲི་ཧུར་ཐུ་ཏྲི་མཱ་ར་ཡ་ཛ། སྟམྦྷ་ཡ་ནན། ༧ སྤྲེའུའི་སྙིང་ཁར་ཏྲི་ཛ་མཐར་གནོད་བྱེད་ཐེའུ་རང་སྟོང་འཁྲུགས་རུ་ཏྲི་ཧུར་ཐུ་ཛཿ ཏྲི་མཱ་ར་ཡ་ཛཿ བདུད་བཙན་ཐེའུ་རང་སྟོང་འཁྲུག་སྟམྦྷ་ཡ་ནན་ཆིངས་ཤིག་སྭཱ་ཧཱ། ཡི་དམ་རྩ་སྔགས་ཤམ་བུ་ལ་བཏགས་བཟླས་ཟེར་བ་འདྲ་མན། ༧ ཡང་སོ་སོར་མནན་པ་ལ་རྨི་ལམ་གང་བྱུང་གཟུགས་ཀྱི་སྙིང་ཁར། ཏྲི་ཛའི་མཐར། གནོད་བྱེད་སྲོག་བདག་བདུད་མོ་ལྟེ་ཕུར་རུ་ཏྲི་ཧུར་ཐུ་ཛཿ མཱ་ར་ཡ་རཾ་སྟམྦྷ་ཡ་ནཾ། ཕག་ཤུ་མུ་ཏ་ཧཱུྃ་ཛཿཛཿ ཤོ་ན་དམ་སྲི་ཛཿ བྷ་ར་མི་ཏྲི་ཁོས་ཅེས་བྲིས། དེ་བས་ཛ་ནས་ཁྲི་གསུམ་བྲིས་ལ་གཞུང་ལྟར་མནན། གསུམ་ཀ་སྔགས་བྲི་རྒྱུ་དེ་འདྲ་མན། ཡི་དམ་སྔགས་ཤམ་ལའང་ཞག་གསུམ་བཏགས་ལ་བཟླས་ཟེར་བ་འདུག་གོ། མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་རྡོ་རྗེ་ལེགས་པའི་སྲོག་སྒྲུབ་སྲུང་བའི་འཁོར་ལོ།
དམ་ཅན་རྡོ་རྗེ་ལེགས་པའི་སྲོག་སྒྲུབ་སྲུང་བའི་འཁོར་ལོ་བཞུགས་སོ། །
ན་མོ་བཛྲ་སཱ་དྷ་ཡེ། དང་པོ་ཡི་དམ་སྔོན་དུ་སོང་ནས། རང་ཉིད་དཔལ་རྟ་མགྲིན་ནག་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་ན་རལ་གྲི་གཡོན་ལྕགས་ཀྱུ་འཛིན་པར་དམིགས་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃནག་ཡོངས་གྱུར་ལས། །རང་ཉིད་སྐད་ཅིག་ཁྲོ་བོ་རྟ་མགྲིན་ནི། །སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རལ་གྲི་མེ་རི་འབར་བ་བསྣམས། །གཡོན་པས་ལྕགས་ཀྱུ་དར་ནག་སྐུ་ལ་གསོལ། །སྟག་ལྤགས་ལ་སོགས་དུར་ཁྲོད་ཆས་བརྒྱད་གསོལ། །ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་ཚུལ། །དྲེགས་པའི་གདན་སྟེང་རྒྱན་རྫོགས་གསལ་བར་གྱུར། །
གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུྃནག་ལས། །འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཛཿཧཱུྃ་བཾ་ཧོ་གཉིས་སུ་མེད་པར་གྱུར། །རྩ་སྔགས་བཟླ། རང་གི་མདུན་དུ་འཁོར་ལོ་རྩིབས་བརྒྱད་པ། །དེའི་ཕྱི་རིམ་རྩིབས་བཞི་པ། དེའི་ཕྱི་རོལ་རྡོ་རྗེའི་ར་བ། ནང་གི་འཁོར་ལོའི་དབུས་སུ། ར་སྐྱེས་གདན་གྱི་སྟེང་དུ་སྐྱེས་བུ་ཆེན་པོ། སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས། གཡས་ཀྱི་ཐོ་བ་གཡོན་ན་སྤུད་པ་བསྣམས་པ། རྩིབས་བརྒྱད་རང་འདྲ་བརྒྱད་བསྐྱེད། རང་མདུན་བྷཾ་ཡིག་ཡོངས་སུ་གྱུར་པ་ལས། །གསེར་གྱི་འཁོར་ལོ་རྩིབ་བརྒྱད་པ། །དེ་དབུས་པདྨ་ཉི་མ་དང་། །ར་སྐྱེས་སྟེང་དུ་ཏྲིཿནག་ལས། །
དམ་ཅན་སྐྱེས་བུ་ཆེན་པོ་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག །ཕྱག་གཡས་ཐོ་བ་གཡོན་སྦུད་པ། །ཞལ་གདངས་ལྗགས་དྲིལ་མཆེ་བ་གཙིགས། །ཞལ་ནས་རྒྱོབ་སོད་སྒྲ་སྒྲོག་ཅིང་། །སྐུ་ལ་དར་ནག་བེར་ཆེན་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རིན་ཆེན་རྒྱན་སྤྲས་ཁྲོ་ཆས་རྫོགས། །རྩིབ་བརྒྱད་ཏྲི་ལས་རང་འདྲ་བརྒྱད། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །གཙོ་འཁོར་ཀུན་གྱི་ཐུགས་ཀར་ཧྲཱིཿ །དཔལ་ཆེན་ཡི་དམ་ཐུགས་ཀར་ཧཱུྃ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །འོག་མིན་གནས་དང་མ་ལ་ཡ། །ཕ་ཝང་ལོང་བུ་འོ་ཡུག་ཤང་། །གཙུག་ལག་ཆོས་འཁོར་གར་གནས་ཀྱང་། །འཁོར་བཅས་སྤྱན་དྲངས་འདིར་བྱོན་ནོ། །ཛཧཱུྃ་བཾ་ཧོ༔ སྙིང་པོ་རྩ་སྔགས་བཟླ༔ དེའི་ཕྱི་རོལ་རྩིབས་བཞིའི་ནང་རང་གི་མི་ནོར་བསྲུང་བྱ་སོགས། གནོད་བྱེད་གང་གིས་འཚེ་མི་ནུས་པར་བསམ། དེ་ཕྱིར་རྩིབས་བཞིའི་ནང་བར་དུ། །རང་དང་བསྲུང་བྱ་མི་ནོར་དང་། །བསྲུང་དགོས་མི་ནོར་ཐམས་ཅད་ཀྱང་། །གནོད་བྱེད་ལོག་འདྲེན་ཀུན་གྱིས་ཀྱང་། །སུས་ཀྱང་འཚེ་བར་མ་གྱུར་ཅིག །ཨོཾ་བཛྲ་སཱ་དྷུ་རཀྵ༔ ཀཱ་ཝཱ་ཙི་རཀྟ༔ ཨོཾ་བཛྲ་ཙཀྲ་རཀྵ༔ ཞེས་
བཟླ། དེ་ཕྱིར་རྡོ་རྗེའི་རྭ་གུར་དང་བླ་བྲེ་བསམཾ། དེའི་ཕྱི་རོལ་མཚོན་ཆའི་འཁོར་ལོ་རྩེ་མོ་ཕྱིར་བསྟན་པ། མཚོན་ཆའི་རྩེ་ལ་གནོད་བྱེད་དུ་མ་བཏུབ། གཙོ་འཁོར་ཀུན་གྱིས་ཧབ་ཐོབ་གསོལ་བར་དམིགས། ཕྱི་རོལ་རྩིབས་རྩེར་མཚོན་ཆའི་འཁོར་ལོར་གྱུར། །རྩ་གསུམ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །དཔལ་ཆེན་རྟ་མགྲིན་ནག་པོའི་བདེན་སྟོབས་ཀྱིས། །གནོད་པར་བྱེད་པའི་སྒབ་འདྲེ་སྒབ་སྲི་དང་། །སངས་རྒྱས་བསྟན་དགྲ་བླ་མའི་སྐུ་དགྲ་དང་། །ཁྱད་པར་སྔགས་འཆང་རྣལ་འབྱོར་གྱིས། །ཡིད་ལ་མནག་པའི་མི་མཐུན་ཕྱོགས་རིས་ཅན། །འཁོར་ལོའི་རྩེ་མོ་མཚོན་ཆའི་རྩེ་མོ་ལ། །ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ། །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྤོ་ཊ་པཾ། །མྱོས་པར་གྱིས་ཤིག་བཛྲ་གྷཎེ་ཧོ། །དབྱེར་མེད་སྙིམས་ཤིག་ཨ་ཝེ་ཤ་ཡ་ཕཊ། །ལྷ་དང་ཕྱེས་ཤིག་བཛྲ་ཧཱུྃ་ཧཱུྃ་ཕྱེ། །མྱུར་བར་སྒོལ་ཤིག་བཛྲ་མཱ་ར་ཡ་ཕཊ༔ ཨོ་རྒྱ་གྷི་ཝ་བཛྲ་སཱ་དྷུ་གནོད་བྱེད་དགྲ་བགེགས་སྲོག་ལ་རྦད། ཙིཏྟ་ལ་རྦད་དབུགས་ལ་རྦད། ཤ་རུས་ཁྲག་ལ་རྦད། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝག་ཏུཾ་ཏུཾ་ཏྲི་ཛཿ གནོད་བྱེད་དགྲ་བོའི་མ་ཧཱ་ནཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། །
མ་ཧཱ་ཙིཏྟ་ཁཱ་ཧི། བ་སུ་ཏ་ཁཱ་ཧི། བ་ལིཾ་ཏ་ཁཱ་ཧི། དེ་ནས་བ་ལི་ཤ་ཁྲག་གིས་བརྒྱན་ལ་ཐུན་ཕུལ། ཧཱུྃ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ལྕགས་རི་ནག་པོའི་ནང་རོལ་ན། །ཕ་ཝང་ལོང་བུའི་སྐུ་མཁར་ནས། །འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ། །།སྟེང་ན་དུག་གི་སྤྲིན་འཁྲིགས་ཤིང་། །ཕྱི་རོལ་ཁྲག་གི་རྒྱ་མཚོ་ཁོལ། །ཞེ་སྡང་གདུག་པའི་རླུང་ནག་འཚུབ། །འབྱུང་བ་ཚ་གྲང་འཐབ་པའི་སྒྲ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །དེ་ལྟ་བུ་ཡི་སྐུ་མཁར་ནས། །ཆོས་སྐྱོང་རྒྱལ་པོ་བཞུགས་པ་སྟེ། །སྐྱེས་བུ་བཛྲ་སཱ་དྷུ་སྟེ། །རྒྱལ་བ་ཀུན་གྱི་བསྟན་བསྲུང་ཞིང་། །དཀྱིལ་འཁོར་ཀུན་གྱི་ཤུལ་མ་སྟེ། །རྣལ་འབྱོར་ཀུན་གྱི་ཆོས་སྐྱོང་ཁྱོད། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། ། ཧཱུྃ། ནུབ་ཕྱོགས་ཕ་ཝང་ལོང་བུ་ནས། །དམ་ཅན་རྡོ་རྗེ་ལེགས་པ་སྐྱོངས། །རྫུ་འཕྲུལ་མྱུར་མགྱོགས་ར་ལ་ཞོན། །འཁོར་དུ་རང་འདྲ་བརྒྱད་ཀྱིས་བསྐོར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པའི་སྤྱི་དགྲ་དང་། །ཁྱད་པར་ཀརྨ་ཀཾ་ཚང་གི །བསྟན་པ་བསྟན་འཛིན་བརྒྱུད་པར་བཅས། །འཁོར་དང་བཅས་པ་ཐམས་ཅད་ལ། །གནོད་ཅིང་
འཚེ་བར་བྱེད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །གཏོར་མ་འདི་དང་མཉམ་དུ་བཞེས། །དགྲ་བོ་འཁོར་དང་བཅས་པ་ཡང་། །རྗེས་ཤུལ་་ཙམ་ཡང་མེད་པར་མཛོད། །བཅོལ་བའི་ལས་འདི་མ་གཡེལ་ཞིག །དུས་ལ་བབ་བོ་ས་མ་ཡཱ། །ཞེས་རྦད་སྔགས་བཟླ། གཏོར་མ་གཙང་སར་ཕུལ། ཟློག་པ་བྱའོ། །ཞེས་རྒྱལ་བའི་དབང་པོ་བཛྲ་ཨི་ཤྭ་རེས་མཛད་པ་ལྟར་ཨ་རཱ་གས་ཉུང་བསྡུས་སུ་སྦྱར་བའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་དངོས་གྲུབ་གཏེར་མཛོད།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་དངོས་གྲུབ་གཏེར་མཛོད་བཞུགས་སོ།།
ན་མོ་ཙཀྲ་སཾ་བྷ་ར་ཡེ། འོ་ན་ད་ལམ་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གི་ལོ་རྒྱུས་ཅུང་ཟད་ཞུ་ན། འདི་ཉིད་ཀྱི་ཐུགས་རྒྱུད་ཀྱི་ངོ་བོ་ནི། བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་གྱི་སྤྲུལ་པ་ཡིན་པས་ཕྱི་མའི་ས་ལམ་གྱི་བར་ཆད་སེལ་བར་ནུས་པ་ཡིན་ལ། འདིའི་སྐྱེས་རྒྱུད་ཀྱི་དབང་དུ་བྱས་ན། སྔོན་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་སེར་སྐྱ་ན། ལོ་བཅུ་གཉིས་སུ་སད་དང་སེར་བ་ཁོ་ན་བྱུང་ནས། མུ་གེ་ཆེན་པོས་མི་མང་པོ་ཤི། མི་ལ་ལ་བྱེར་ཏེ་སོང་ངོ་། །དེའི་ཚེ་བྲམ་ཟེ་རྒན་རྒོག་གཉིས་ལ་བུ་མིང་སྲིང་གཉིས་ཡོད་པས། ཕ་མ་རྣམས་མུ་གེས་ཤི་དོགས་ནས། བུས་ཕ་
གསོས། བུ་མོས་མ་གསོས་ཏེ། གཞན་སྦྱིན་རྒྱུ་མ་རྙེད་པས་རང་གི་ཤ་བཅད་ཅིང་བྱིན་ནས་གསོས་པས། ཞག་ཉེར་གཅིག་ནས་ཕ་མ་རྣམས་སོས། མིང་སྲིང་གཉིས་ཀྱི་ཤ་ཁྲག་གིས་ཕ་མ་གསོས་པས། ཐམས་ཅད་ཟད་ནས་ཀེང་རུས་སུ་གྱུར་པ་དང་། དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ཞལ་གཟིགས་སོ། །དེར་བདེ་མཆོག་ཡབ་ཡུམ་ལྷ་སྲིན་སྡེ་བརྒྱད་དང་བཅས་པས་རང་རང་གི་ཤ་ཁྲག་གིས་ཕ་མ་གསོས་པ་ལ་ངོ་མཚར་ཆེ་ཞེས་མངོན་པར་བསྟོད་ཅིང་བསྔགས་སོ། །དེའི་ཚེ་ཁོང་ལྕམ་དྲལ་གྱིས་དམོད་བོར་ཏེ། ངེད་གཉིས་པོ་བདེ་མཆོག་ཡབ་ཡུམ་གྱི་སྤྲུལ་པ་རྣམས་ཀྱི་ནི་
ཁྱད་པར་དུ་འཕགས་ཤིང་ཚོགས་ཐམས་ཅད་ཀྱི་བདག་པོ་གྱུར་པ་དང་། ཕྱི་རབས་རྣལ་འབྱོར་པ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་འགྱུར་བ་དང་། །ད་ཆོམ་རྐུན་ཐམས་ཅད་བཅིང་བ་དང་། བྱོལ་སོང་གི་ནད་གདུག་པ་ཅན་ཐམས་ཅད་བསྲུང་བར་སྨོན་ལམ་བཏབ་པས། བདེ་མཆོག་ཡབ་ཡུམ་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པས་མགྲིན་གཅིག་ཏུ་དེ་ལྟར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་དེ་མ་ཐག་མིང་སྲིང་དེ་གཉིས་དུར་ཁྲོད་ཐམས་ཅད་ཀྱི་བདག་པོ་ཀེང་རུས་ཀྱི་ཁྲོ་བོ་ཡབ་ཡུམ་དུ་བསྐྱེད་དོ། །དེར་སྤྲུལ་པས་ལྷ་གནས་མན་ཆད་ན་རག་དམྱལ་བ་ཡན་ཆད་ཁྱབ་ཅིང་སྤྲུལ་པ་བྱེ་བ་དུ་མ་འགྱེད་ཅིང་ལྷ་སྲིན་སྡེ་བརྒྱད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བྲན་དུ་བསྐོལ། དེ་ནས་རབ་ཏུ་འཇིགས་པ་དུར་ཁྲོད་ཆེན་པོ་ཨོ་རྒྱན་མཁའ་འགྲོའི་གནས་ཐོད་པའི་སྐུ་མཁར་གཞལ་ཡས་ཁང་ཆེན་པོ་ན། ཆོས་ཉིད་སྐྱེ་བ་མེད་པའི་ངང་ནས་བཅོམ་ལྡན་འདས་ཁྲག་འཐུང་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པ། འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་དངོས་སུ་སྣང་ནས། ཧེ་རུ་ཀ་ཡུམ་དངོས་གྲུབ་ཐམས་ཅད་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་
ཕཊ། ཨོཾ་བཛྲ་ཡོ་གི་ནི་ཧཱུྃ། ཞེས་གསུངས་པས་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་སངས་ནས་འཁོར་རྣམས་ཀྱི་ནང་ནས་དཔལ་དུར་ཁྲོད་བདག་པོ་སྟན་ལས་ལངས་ཏེ་འདི་སྐད་གསོལ་ཏོ། ཀྱེ། གདུག་པ་འདུལ་མཛད་ཧེ་རུ་ཀ །བསྐལ་པ་སྙིགས་མ་ལྔ་ཡི་དུས། །གདུག་པ་ཅན་རྣམས་འཁྲུགས་པ་དང་། །ས་བདག་ཀླུ་ཡི་ནད་ཡམས་དང་། །མ་མོ་མཁའ་འགྲོ་འཁྲུག་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་། །རང་བསགས་དངོས་པོ་སྤྱོད་དབང་མེད། །ཕ་དང་བུ་བྲལ་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་ནི། །དཔའ་བོ་བདག་གིས་བསྲུང་བར་བྱ། །ཞེས་གསོལ་པ་དང་། དེ་ནས་དཔལ་ཧེ་རུ་ཀའི་ཞལ་ནས། ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཞེས་གསུངས་པ་དང་། ཏདྱ་ཐཱ། ཨོཾ་བྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཞེས་སྲོག་གི་སྙིང་པོ་མངའ་གསོལ་དུ་ཕུལ་ལོ། །སངས་རྒྱས་ཡེ་ཤེས་ཀྱི་བསྟན་པ་བསྲུང་བ་དང་། ཆོས་བྱེད་སྐྱོང་ཞིང་མཐུན་རྐྱེན་བསྒྲུབ་པ་དང་ཆོམ་རྐུན་གྱི་གནོད་པ་བསྲུང་བར་ཁས་བླངས་དམ་བཅས་སོ། །དེ་ནས་
དཔལ་ཧེ་རུ་ཀས་རྩ་བའི་གནས་དང་། རིག་སྔགས་ཟློག་པ་དང་། དངོས་གྲུབ་བླངས་བ་དང་། ལས་ཚོགས་རྒྱས་པ་དང་། བཀའ་བསྒོ་བསྟོད་བསྐུལ་གྱི་ལེའུ་རྣམས་བཀའ་བསྩལ་ནས། གསང་བ་སྙིང་གི་རྒྱུད་འདི། དུར་ཁྲོད་བདག་པོ་ཁྱོད་ལ་གཏད། །དུས་གསུམ་སངས་རྒྱས་བསྟན་པ་སྲུངས། །དམ་ཉམས་རྣམས་ལ་ཆད་པ་ཆོད། །དམ་ཚིག་ཅན་ལ་བྱིན་གྱིས་རློབས། །ཞེས་གསུངས་ནས་འཁོར་ཐམས་ཅད་རྗེས་སུ་ཡི་རང་ནས་རང་གི་གནས་སུ་དོང་ཞིང་བཅོམ་ལྡན་འདས་ཧེ་རུ་ཀ་བཛྲ་ཡབ་ཡུམ། ཆོས་སྐུ་སྐྱེ་བ་མེད་པའི་ངང་ལ་བཞུགས་སོ། །དེ་ནས་འདིའི་མན་ངག་རྡོ་རྗེ་རྣལ་འབྱོར་མས། གྲུབ་ཆེན་པདྨ་བཛྲ་ལ་གསུངས། དེས་གྲུབ་ཆེན་རཱ་ཧུ་ལ་བཛྲ་ལ་གདམས། དེས་པཎྜི་ཏ་སྒེག་རྡོ་རྗེ་ལ། དེས་གྲུབ་ཆེན་ཛྷཱ་ན་སིདྡྷི་ལ། དེས་འཆི་མེད་སློབ་དཔོན་བཟང་པོ་ཡང་ཟེར། པཎྜི་ཏ་བེ་རོ་ཙ་ན། རཀྟའི་ཏ་ཞེས་ཀྱང་བྱ། དངུལ་ཆུ་བེ་རོ་ཞེས་ཀྱང་བྱ། དངུལ་ཆུ་བཅུད་ལེན་གྲུབ་པས་སྐུ་ཚེ་རིང་དུ་ཐུབ་ཅིང་བོད་དུ་ཡུན་རིང་བཞུགས་པ་དེ་ལ་གནང་བའོ། །དེས་མཁས་སྒྲ་ལོ་ཙཱ་བ་ཡང་ཟེར། འཇིམ་ལོ་ཙཱ་ཡང་ཟེར། འཇམ་དཔལ་ཡང་ཟེར། ཁམས་པ་སྒ་ལོ་ཙཱ་ཡང་ཟེར་བ་དེ་ལ་
གནང་སྟེ། འདི་སྒ་ལོ་ཆུང་བ་འདི་ཡིན་པ་འདྲའོ། །དེས་བླ་མ་ས་ཆེན་ཀུན་དགའ་སྙིང་པོ། དེས་སློབ་དཔོན་བསོད་ནམས་རྩེ་མོ། དེས་རྗེ་བཙུན་གྲགས་པ་རྒྱལ་མཚན་ཏེ་དཀར་པོ་རྣམ་གསུམ་ལ་བརྒྱུད་དོ། །མཁས་པ་ཆེན་པོ་པཎྜི་ཏས་འདིའི་གདམས་ངག་ལམ་སྲུང་གི་གཙོ་བོ་མཛད་པར་སྣང་བས། ས་པཎྜི་ཏས་ལམ་སྲུང་ཞེས་སུ་གྲགས་པར་གྱུར་ཏོ། །གྲགས་པ་རྒྱལ་མཚན་པས་བླ་ཆེན་ཡར་སྒོམ་ལ་གནང་། དེས་རྒྱལ་ཚ་ལུང་མང་པོ་ལ། དེས་མཁས་པ་མཆོད་རྟེན་ཁྲི་ལ། དེས་སེང་གེ་བཟང་པོ་ལ། དེས་ཡར་ལུང་བ་སེང་ཡི་གེ་རྒྱལ་མཚན་ལ། དེས་བསོད་ནམས་རྒྱལ་མཆོག་ལ། དེས་ནམ་མཁའ་རྒྱལ་མཚན་ལ། དེས་བདག་ཆེན་བློ་གྲོས་རྒྱལ་མཚན་ལ། དེས་དཔལ་ལྡན་རྒྱལ་པོ་ལ། དེས་སངས་རྒྱས་རིན་ཆེན་ལ། དེས་ལོ་པ་སྤྱན་སྔ་ལ། དེས་ངག་གི་མཚན་ཅན་ལ། དེས་བསྟན་པ་རབ་དཀར་ལ། དེས་བསྟན་འཛིན་ཕུན་སུམ་ཚོགས་ལ། དེས་བླ་མ་ཏིང་འཛིན་ལ་གནང་སྒྱུ་སྟེ། འདི་པས་དང་པོ་བསྙེན་པ་ཟླ་བ་གསུམ་ལྷག་ཙམ་མཛད་ཚེ། བལ་མང་པོ་སྔགས་ནས། ཕྱིས་དེ་ལ་སྲུང་སྐུད་ཅུང་ཟད་རེ་ལ་བསྔགས་ཅིང་མདུད་ནས། རང་གཞན་གྱི་རྟ་ཕྱུགས་
ལ་བཏགས་ནས། མཚན་རྒྱོབ་མཛད་ཀྱང་དགྲ་རྐུན་གཅན་གཟན་མི་འབྱུང་བ་དང་། རི་ཁྲོད་ཁྱིམ་སྟོང་པར་བཞག་ནས་གཞན་དུ་འགྲོ་དུས་བཀའ་བསྒོ་བྱས་པས་རྐུན་མ་མི་འབྱུང་བ་སོགས་རྟགས་ཐོན་པ་བྱུང་སྐད་དོ། །དེས་བླ་མ་གླུ་རུ་ལ་གནང་ནས་ཟླ་བ་འགའ་ཟུང་ཙམ་ལ་གཏོར་མ་རྐྱང་པ་ལ་བརྟེན་ནས་བསྙེན་པ་མཛད་པས། གཏོར་མའི་དྲུང་དུ་བྱི་བ་དཀར་པོ་ཆུང་ཆུང་གཉིས་བྱུང་གཏོར་མ་ཡང་མི་ཟ་བར་དེ་ནས་མི་སྣང་བ་བྱུང་གསུངས། ཁོང་གི་འདིའི་གདམས་པ་རྣམས་ཕྱག་ལེན་ཇི་ལྟ་བ་ནི་མ་མཛད་པར་སྣང་ངོ་། །དེ་ལ་བདག་གིས་ཞུས་སོ། །བདག་སྔར་གཙང་རྒྱལ་མཁར་རྩེའི་གླ་བའི་ནགས་ཚལ། སྔར་དུར་ཁྲོད་ཆེན་པོ་ཡིན་པས་ཀེང་རུས་དངོས་སུ་ཡོད་དོ་ཟེར་བའི་གནས་དེར་ཡབ་སྲས་སྒར་ཆེན་བཞུགས་སྐབས། ཀེང་རུས་མཐོང་བ་དང་། ཐོད་སྐམ་མེ་འབར་བ་མཐོང་མཁན་བྱུང་བས། བནྡེ་རྣམས་སྐག་ནས་ནུབ་སྒར་གྱི་ཕྱི་ལ་འགྲོ་མི་ཕོད་པ་བྱུང་དུས། བདག་སྒར་ཕ་ཟད་དུ་ཟིན་ཐུན་བཤར་ཅིང་བཅོ་ལྔའི་ནུབ་ལ་བསྡད་ཙམ་ན་ཅུང་ཟད་གཉིད་པ་སྐྲག་སྔངས་དང་བཅས་པ་ཙ་ན། དྲུང་དུ་ཝ་གཅིག་བདག་ལ་བལྟ་ཞིང་འདུག་གོ །དེ་ནས་སྐྲག་སྔངས་ཀྱི་ཟིལ་ཆེན་པོ་བྱུང་ཙམ་ན། ཁྲོག་
ཁྲོག་སྒྲ་ཆེན་པོ་གཅིག་སྒར་གྱི་མཐའ་བསྐོར་ཞིང་བྱུང་ངོ་། །དུར་ཁྲོད་བདག་པོའི་བསྐྱེད་རིམ་གསལ་ཞིང་མ་ཡེངས་པར་བལྟས་པས། ཁ་དོག་ནག་པོ་དབྱིབས་རྒྱ་གྲམ་མདུང་གཉིས་ཀྱི་རིང་ཐུང་ཙམ་གཅིག་ཁྲག་སྒྲ་གྲག་ཅིང་ཐལ་བ་མཐོང་ངོ་། །དེ་ཀེང་རུས་ཡིན་ཞེས་གྲྭ་བགྲེས་རྣམས་ཀྱིས་གསུངས་སོ། །ཕྱིས་ཁམས་སུ་འདིའི་བསྙེན་སྒྲུབ་ཅུང་ཟད་བྱས་པས། རྒྱུད་དང་ཆ་མཐུན་པའི་རྨིས་ལྟས་ཅུང་ཟད་ཐོན་ཅིང་། སང་འཇིགས་སྐྲག་ཆེ་བའི་སར་འགྲོ་ནུབ་སྔགས་དང་གཏོར་འབུལ་བྱས་ནུབ་རྨི་ལམ་ན། བདག་རྟ་ཞོན་ནས་འགྲོ་བའི་མདུན་གྱི་གཡས་གཡོན་གཉིས་ནས། ཀེང་རུས་གཉིས་རྒྱུག་ཅིང་འགྲོ་བ་རྨིས་པས་བར་ཆད་མ་བྱུང་ངོ་། །དེ་ལྟར་ལོ་རྒྱུས་དང་བརྒྱུད་རིམ་བཤད་ནས། འདི་ཉིད་བཞུགས་པའི་གནས་ནི། ནུབ་ཕྱོགས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོ་དང་། ཨོ་རྒྱན་ཡུལ་གྱི་ཕྱོགས་མཚམས་དུར་ཁྲོད་བརྒྱད། རྒྱ་གར་གྱི་དུར་ཁྲོད་བརྒྱད། འོག་མིན་རྣམ་སྣང་བརྟན་གཡོའི་སྲིད་ར་ཁྲོད་དང། ཁྱད་པར་སོ་སའི་གླིང་གི་དུར་ཁྲོད་དང་། དེ་སོགས་རྟག་པའི་དུར་ཁྲོད་ཆེན་པོ་རྣམས་དང་། རོ་བཞི་ལང་བའི་ས་དེ་རེ་འགའི་དུར་ཁྲོད་ཡིན་པས། མདོར་ན་འདི་
ནི་དུར་ཁྲོད་ཐམས་ཅད་ཀྱི་བདག་པོ་ཡིན་ཏེ། རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཞེས་གསུངས་སོ། །འདི་ཇག་རྐུན་ཐམས་ཅད་འཆིང་བའི་མཆོག་ཡིན་པས། ཕ་དམ་པས་ཀྱང་འདིའི་སྒོ་ནས་ཇག་རྐུན་བཅིང་ཐབས་དུ་མ་གསུངས། མ་གཅིག་ལབ་སྒྲོན་གྱིས་ཀེང་རུས་འདི་བསྒོམ་པས་ཇག་རྐུན་འཆིང་བར་གསུངས། འདིའི་ཕན་ཡོན་དགོས་ཆེད་བསྟན་པ་ནི། དཔལ་དུར་ཁྲོད་ཀྱི་བདག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ཆེན་པོ་ལས། དེ་ནས་ཡང་དག་བཤད་བྱ་བ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །དངོས་གྲུབ་མ་ལུས་འབྱུང་བ་ཡི། །ཡིད་བཞིན་ནོར་བུ་ཞེས་བྱ་སྟེ། །འདི་ཡི་སྒྲུབ་པའི་ཐབས་བསྟན་པ། །ཞེས་དང་། དེ་ཡི་མཚན་རྟགས་ལྷ་ཡིས་སྟོན། །མགོན་པོ་དངོས་སུ་བྱུང་གྱུར་ན། །རཏྣའི་ཚངས་པ་བྱུང་གྱུར་ན། །ནོར་གྱི་དངོས་གྲུབ་ཐོབ་པར་འགྱུར། །ཤིང་ཐོག་བྱུང་ན་ཟས་ཚོགས་འདུ། །བ་དང་མ་ཧེ་བྱུང་གྱུར་ན། །དཀར་ཐོག་ཐམས་ཅད་འཕེལ་བར་བྱེད། །ཏིལ་དང་འབྲས་ལ་སྤྱོད་གྱུར་ན། །ཤིང་ཐོག་ཐམས་ཅད་འཕེལ་བར་འགྱུར། །དེ་རྣམས་འབྲིང་གི་རྟགས་སུ་བཤད། །ཤིང་ཐོག་
བྱུང་ན་ཟས་རྣམས་འདུ། །དེ་ནི་ཐ་མའི་རྟགས་སུ་བཤད། །གཞན་ཡང་མཆོད་རྟེན་དཔག་མེད་འབྱུང་། །ཉི་མ་ཐལ་དང་གྱོན་ནག་གྱོན། །རྩོད་པ་བྱེད་དང་ཟས་ངན་ཟ། །བནྡེ་སྔགས་པ་བྱུང་གྱུར་ན། །མགོན་པོ་ཁྲོས་པས་བསྐང་བཤགས་བྱ། །ཞེས་དང་། ལས་ཚོགས་ཉེར་གཅིག་ལ་སོགས་པ། །བསྒྲུབས་ན་གང་བསྒྲུབས་ཐམས་ཅད་འགྲུབ། །གསོད་པའི་ལས་ཀྱང་དེ་བཞིན་ནོ། །ཞེས་དང་། རྒྱུན་དུ་སྲོག་གི་སྙིང་པོ་བཟླས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཞེས་གསུངས་སོ། །ལོ་ཙཱ་ཆེན་པོ་འཇམ་དཔལ་གྱི་ཞལ་གདམས་ལས། གྲུབ་པའི་རྟགས་མགོན་པོ་ཡབ་ཡུམ་མངོན་དུ་འབྱོན་ཏེ། གཏོར་མ་བྱིན་པས་ཕྲིན་ལས་བཅོལ་བ་གང་བསྒོ་བ་འགྲུབ། དངོས་གྲུབ་ཆེན་པོ་འབྱུང་ངོ་། འབྲིང་རྨི་ལམ་དུ་ཀེང་རུས་འཁྲབ་པ་དང་། མངོན་ཨ་ཙ་རིའི་བོན་པོ་འབྱུང་། གཞན་ཡང་སྣ་ཚོགས་པ་འབྱུང་སྟེ། བཟང་ངན་རྟགས་ཚད་ཤེས་པར་བྱའོ། །དུང་འབུད་རྔ་ཚསྒྱུ་བརྡུང་རོལ་མོ་བྱེད་ན་གྲགས་པ་ཐོབ་བོ། །རཏྣའི་ཚངས་པ་བྱུང་གྱུར་ན་ནོར་གྱི་དངོས་གྲུབ་ཐོབ། བ་དང་མ་ཧེ་བ་གླང་བྱུང་ན་དཀོར་ནོར་འཕེལ་ལོ། །ཏིལ་དང་འབྲས་དང་འབྲུ་ལ་སྤྱོད་
ན་འབྲུ་འཕེལ། ཐ་མ་རྨི་ལམ་ཤིང་ཐོག་དང་བཟའ་བཏུང་སྟེར་ན་ཟས་འདུ། རྟག་ཏུ་འཁོར་བའི་རྟགས་རྨིང་ན་སྲུང་བའི་ལས་འགྲུབ་བོ། །ངན་པ་ནི་རྨི་ལམ་ན་ཉི་ཟླ་རྒས་པ། གོས་ནག་གྱོན་པ་རྩོད་པ་བྱེད་པ། བནྡེ་ནག་པོ་འཁྲོ་བ་དང་། ཟས་ངན་པ་ཟ་བ། མཛེ་ཕོ་ལ་སོགས་པ་ནི་མགོན་པོ་ཁྲོས་པས་ཚོགས་དང་གཏོར་མ་བཏང་། འདིའི་བསྐང་བཤགས་ལ་འབད་པར་བྱའོ། །ཞེས་གསུངས་པ་དང་། ལར་འདི་རྟག་ཏུ་བསྒོམས་པས་འདོད་ཆགས་རང་བཞིན་གྱིས་ཞི་བའི་གནད་ཟབ་མོ་ཡང་ཡོད་པས་ཆོས་སྐྱོང་གི་མཆོག་ཡིན་པར་ཡང་སྣང་ལ། གནས་སྐབས་ཐམས་ཅད་དུ་གཏོར་མ་དང་བཟླས་པ་ལ་བརྩོན་པར་བྱས་པས། ལུས་དང་གྲིབ་མ་བཞིན་དུ་འགྲོག་ཅིང་སྙིང་ཉེའོ། །སྒྲུབ་པ་པོས་ལས་ལ་སྦྱར་ན་ལས་ཚོགས་ཐམས་ཅད་བསྒྲུབ་སྟེ། ཞེས་གསུངས་སོ། །ཡང་འདིའི་ཡིག་རྙིང་ལས་འདི་ཡི་སྔགས་འདི་གསུངས་ནས། ཚར་གཅིག་བཟླས་ན་བདག་རང་ཉིད་བསྲུང་། ཚར་གཉིས་ཀྱིས་གཞན་བསྲུང་། ཚར་གསུམ་གྱིས་གྲོང་ཁྱེར་བསྲུང་། ཚར་བདུན་བརྗོད་པས་ཤེས་རབ་འཕེལ། བརྒྱ་རྩ་བརྗོད་པས་ཡུལ་ཁམས་བསྲུང་། སྟོང་གིས་ཡོན་བདག་སྲུང་བར་བྱེད། དེ་ནི་
བསྲུང་བའི་མན་ངག་གོ །ཞེས་དང་། ཇག་པ་སྲུང་བའི་པང་འདི་ཉིད་ཁོ་ན་གསུངས་ནས། དེས་ནི་ཇག་པའི་འཇིགས་པ་དང་བྲལ། ལམ་བུ་མོ་སྔས་བསྟན་ཀྱང་དེ་ལྟར་ཤེས་པར་བྱ། རྟ་ཕྱུགས་ལ་སོགས་དེ་ལྟར་བྱ། འདི་ལ་ཐེ་ཚོམ་ཡང་དག་སྤང་བའོ། །ཇག་པ་སྲུང་བ་རྫོགས་སོ་ཞེས་པ་དང་། འདི་ཡི་རྟེན་སྦ་ཐབས་ལས། །དེས་སྲིས་སྨེ་བ་དང་། དཀོར་ནོར་འཕེལ་ཞིང་འཁོར་དང་བཅས་པ་སྲུང་བ་དང་། ཚེ་རིང་བ་དང་བསོད་ནམས་དང་གྲགས་པ་འཕེལ་བ་དང་། ཀུན་གྱི་གཙུག་གི་ནོར་བུར་འགྱུར་རོ། །ཞེས་དང་། དེས་ས་རྣམས་གཡོ་བ་དང་། ནོར་འཕེལ་བ་དང་། ཚེ་རིང་བ་དང་། འགྲོ་བ་ཐམས་ཅད་ནོར་བུ་ལྟར་འགྱུར་རོ། །ཞེས་དང་། དེ་ལྟར་བྱས་ན་ཚོགས་ཀྱི་དངོས་གྲུབ་འདུ་བར་འོང་། ཟས་ཐམས་ཅད་བདུད་རྩིར་འགྱུར། ཟས་རྒྱུན་མི་འཆད་ལ་ནོར་དཔག་ཏུ་མེད་པར་འབྱུང་། ལོ་ལེགས་པ་དང་དགོས་འདོད་ཐམས་ཅད་འབྱུང་། བསོད་སྐྱེ་ནམས་ཆེ་བ། སྒྲུབ་པོ་ཚེ་རིང་བ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་འདི་ཡི་ཕན་ཡོན་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་སོ། །མགོན་དཀར་ཡབ་ཡུམ་གྱི་ལོ་
རྒྱུས་བཀོད་པ་ལ་ཉེས་འགལ་གང་མཆིས་ཆོས་སྐྱོང་ཉིད་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་གཉེན་པའི་རྒྱུར་གྱུར་ཅིག །ཅེས་ཨ་རཱ་གས་ཤིང་ཕོ་རྟ་ལོ་ནག་ཟླ་བའི་ཉེར་བདུན་འཇིགས་སྐྲག་ཆེན་པོའི་དུས་ཤིག་རྟེན་འབྲེལ་གྱིས་བྲིས་སོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མཆོད་ཕྲེང་།
དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་མཆོད་ཕྲེང་བཞུགས་པའི་དབུ་ཕྱོགས་ལགས་སོ།།
ན་མོ་ཤྲཱི་ཙཀྲ་སམ་བྷ་ར་ཡེ། བླ་མ་དང་འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་གང་གིས་དཔལ་ལྡན་དུར་ཁྲོད་ཀྱི་བདག་པོ་མཆོད་པར་འདོད་པས། དེ་ཉིད་ཀྱི་དབང་ཐོབ་ཅིང་ཡི་དམ་གྱི་བསྙེན་པ་ཐེམ་པ་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་བྷནྡྷ་ལ་སོགས་པའི་སྣོད་དུ་ཡབ་ཡུམ་གྱི་གཏོར་མ་ལུག་དང་རི་བོང་གཡག་རྒོད་ཀྱི་ཤས་བརྒྱན་ཅིང་། ཆངས་བུ་བདུན་གྱིས་བསྐོར་བ་དང་དར་དཀར་པོའི་ཕོད་དང་བཅས་པ་བཤམས། ནང་མཆོད་ཀྱིས་བྲན། རང་ཉིད་བདེ་མཆོག་ལ་སོགས་པ་ཡི་དམ་གྱི་བདག་བསྐྱེད་ལེགས་པར་བྱས་ལ། མདུན་གྱི་རྟེན་ལ་དམིགས་ནས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཧཱུྃ་ལས་ཨེ་ཆད་པ་ལས་ཆོས་ཀྱི་འབྱུང་
གནས་དེའི་དབུས་སུ་ཡཾ་ལས་རླུང་གི་དལ། ར་ལས་རཀྟའི་རྒྱ་མཚོ། སུཾ་ལས་ཞིང་ཆེན་གྱི་ས་གཞི། ཀེང་ལས་ཀེང་རུས་ཀྱི་རི་རབ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་ཐོད་མཁར་གྱི་གཞལ་ཡས་ཁང་། མི་མགོ་སྐམ་པོ་ལས་གྲུབ་པའི་ར་བ་གྲུ་བཞི་པ། མི་རུས་ཀྱི་རྐང་དང་རྩིབ་རུས་སྣ་ཚོགས་ཀྱི་སྟེང་ཐོག་ཕུབ་པ། ཐོད་སྐམ་གྱི་མདའ་ཡབ་དང་སྤུ་ཤུས་བརྒྱན་པ། རྒྱུ་རློན་གྱི་དྲྭ་བ་དང་དྲ་ཕྱེད་འཕྱང་བ། འོག་ཏུ་ཤ་ཁྲག་སྣ་ཚོགས་གཅལ་དུ་བཀྲམ་པ། དེའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མ། ཨ་ལས་ཟླ་བའི་དལ་གྱི་སྟེང་
དུ། ཧཱུྃ་དང་ཨོཾ་ལས་དུང་དང་མགྲོན་བུ་ཧཱུྃ་དང་ཨོཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་སྐུ་མདོག་དཀར་ཞིང་འོད་ཟེར་འཕྲོ་བ་ཀེང་རུས་ཤིན་ཏུ་བརྗིད་པའི་གཟུགས་ཅན། ཞལ་གཅིག་ཕྱག་གཉིས་པ། སྤྱན་བསྒྲད་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་གཙིགས་པ། ཕྱག་གཡས་ཐོད་སྐམ་གྱི་དབྱུག་པ་ནམ་མཁར་ཕྱར་ཞིང་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། རིན་པོ་ཆེའི་དབུ་རྒྱན་དང་སྙན་ཆས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་པའི་སོར་མོ་གཡོན་པའི་བླ་ལ་བརྟེན་ནས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཡུམ་དེ་གཉིས་ཀྱི་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྲོ་མོ་དཔག་ཏུ་མེད་པས་བསྐོར་བར་གྱུར། དེ་གཉིས་ཀྱི་དཔྲལ་བར་ཨོ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་ནས་དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་རྡོ་རྗེ་ངན་ནེ་མ་ལ་སོགས་པ་འཇིག་རྟེན་དང་
འཇིག་རྟེན་འདས་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་འཁོར་དང་བཅས་པས་བསྐོར་བ་བཛྲ་ས་མཱ་ཛཿ དེ་ནས་ཏིང་ངེ་འཛིན་གསལ་ཞིང་སྤོས་དཀར་རོལ་མོ་དང་བཅས་པས་སྤྱན་དྲངས་པའོ། །ཧཱུྃ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །ཕྲིན་ལས་རྣམ་བཞིའི་དོན་མཛད་པ། །དད་ལྡན་དམ་ཚིག་ཆེན་པོའི་གནས། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ང་ཁྲོད་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །ཀེང་རུས་ཐོད་པའི་གུར་ཁང་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །རཀྟའི་རྦ་ཀློང་ད་ལ་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །མི་རོ་བསྣོལ་བའི་གདན་སྟེང་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དུར་ཁྲོད་བདག་པོ་ངེ་ནེ་མ། །བཀའ་ཡི་ལས་མཁན་གཤེགས་སུ་གསོལ། །ཧེ་རུ་ཀ་ཡི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་ཚུལ་བཞིན་དྲན་མཛོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འཁོར་ནི་དུར་ཁྲོད་ཤ་
ཟའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་དང་། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །བྲི་ཤ་མ་ཤ་ན་ཨ་དྷི་པ་ཏ་ཡེ་ཨེ་ཧྱ་ཧི་ས་མཱ་ཡ་ཛ། ཛཿཧཱུྃ་བཾ་ཧོཿ བཞུགས་གསོལ་གདན་བཞུགས་ནི། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །ཀེང་རུས་ཐོད་པའི་གུར་ཁང་དུ། །རཀྟའི་རྦ་ཀློང་ད་ལ་ནས། །མི་རོ་བསྣོལ་བའི་གདན་སྟེང་དུ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དམ་ཚིག་དབང་གིས་བརྟན་པར་བཞུགས། །བྲི་ཤ་མ་ཤ་ན་ཨ་དྷི་པ་ཏ་ཡེ་ས་མ་ཡ་ཧཱུྃ། སླར་ཡང་ཧཱུྃ་གི་འོད་ཟེར་གྱིས། །དབང་ལྷ་རིགས་ལྔ་སྤྱན་དྲངས་ནས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་བ་ལ། །བདེ་མཆོག་ལྷན་སྐྱེས་དབུ་བརྒྱན་གྱུར། །མཆོད་འབུལ་གྱི་རིམ་པ་ནི། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཡབ་ཡུམ་འཁོར་དང་བཅས་པ་ལ། །མཆོད་པའི་ཁྱད་པར་འབུལ་བ་ནི། །དམར་ཆེན་ཨགྷོ་རྒྱ་མཚོ་དང་། །དུར་ཁྲོད་ཚིལ་ཆེན་བདུག་སྤོས་དང་། །དྲི་ལྡན་མཛེས་པའི་མེ་ཏོག་དང་། །ཞུ་ཆེན་འབར་བའི་སྣང་གསལ་དང་། །ཁྲག་ཆེན་དྲི་ཡི་མཆོད་པ་དང་། །འབྲུ་མཆོག་འབར་བའི་དཔལ་
བཤོས་དང་། །སྙན་པའི་རོལ་མོ་སྣ་ཚོགས་སྒྲ། །དཔལ་ལྡན་ཡབ་ཡུམ་རྣམས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཤི་ཤ་མ་ཤ་ན་ཨ་དྷི་པ་ཏ་ཡེ་ཨནྡྷུ་སོགས་ཀྱིས་མཆོད། ཨོཾ་སྟོང་པ་ཉིད་དུ་གྱུར། ཨཱཐོད་པ་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་དགྲ་བགེགས་ཀྱི་ཤ་ཁྲག་དང་ཤ་ལྔ་བདུད་རྩི་ལྔ། ཧོཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུ་མཚོ་ཆེན་པོར་གྱུར། ལྗགས་རྡོ་རྗེ་སྦུ་གུས་གཏོར་མ་དྲངས་ཤིང་གསོལ་བར་གྱུར། ཨོཾ་གྷི་རཱ་ཛ་གྷི་རཱཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། བྲི་ཤ་མ་ཤ་ནཨ་དྷི་པ་ཏ་མ་ཧཱ་པི་ཤ་ཙི་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོ་རཱ་ལི་པྲ་མ་ཡ་ཛཿ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་ལྔ་བདུན་འབུལ། ཨོཾ་ཤྲཱི་རཱ་ཛ་སོགས། ཨོཾ་ཨཱཿཧཱུྃ། ནང་མཆོད་འབུལ། དམ་བཞག་ལས་བཅོལ་ལོ། །ཨོཾ་བཛྲ་ས་མ་ཡ་སྟི་ས་མ་ཡ་ཧོཿ དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་དཔལ་ལྡན་བླ་མ་དམ་པ་རྣམས་དང་། འཁོར་ལོ་སྡོམ་པའི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཚེ་
རིང་ཞིང་ལོངས་སྤྱོད་འཕེལ་བ་དང་། ཁྱད་པར་དུ་བདག་ཅག་ལ་སྡང་བའི་དགྲ་ཇག་ཆོམ་རྐུན་གཅན་གཟན་ཐམས་ཅད་འཆིང་བའི་ཕྲིན་ལས་མཛད་དུ་གསོལ། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་ན་ཐོད་དབྱུག་འབར་བ་བསྣམས། །སྡང་བ་དགྲ་ཡི་ཀླད་པ་འགེམ། །ཙིཏྟ་ཕྱུངས་ནས་ཞལ་དུ་གསོལ། །གཡོན་ན་བྷནྡྷ་ཁྲག་བསྐང་བསྣམས། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །ཀེང་རུས་མཆེ་བ་གཙིགས་པ་ཡིས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །དངོས་གྲུབ་ཀུན་གྱི་གཏེར་དང་ལྡན། །མི་མགོ་ལྔ་བཅུས་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིན། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྐུ་ལ་འཁྲིལ་བའི་ཡུམ་ཆེན་ནི། །དཔལ་ལྡན་དུར་ཁྲོད་བདག་མོ་སྟེ། །ཨེ་ཀ་པ་ར་མཐུ་མོ་ཆེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་ཐོད་དབྱུག་གཡོན་ཐོད་ཁྲག །ཀེང་རུས་གར་བྱེད་མཆེ་བ་གཙིགས། །བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་རུང་བའི་ཡབ་ཡུམ་
སྐུ། །ཐམས་ཅད་མ་ལུས་སྐྲག་པར་བྱེད། །དགྲ་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །མཐུན་རྐྱེན་བསྒྲུབ་ཅིང་ནག་པོ་ཆེ། །འགལ་རྐྱེན་རྡུལ་དུ་རླག་བྱེད་ཅིང་། །སངས་རྒྱས་བསྟན་པ་སྲུང་བྱེད་ཅིང་། །མི་མཐུན་བཟློག་ལ་ཕྱག་འཚལ་བསྟོད། ། ཧཱུྃ། རྒྱལ་བའི་ཐུགས་རྗེའི་ཕྲིན་ལས་སྐུ། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་ཡོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །རྣམ་དཀར་ཀེང་རུས་དག་པའི་གཟུགས། །ཕྲིན་ལས་རྣམ་བཞི་ཐོག་མེད་པར། །གང་ལ་ཅི་འདོད་དངོས་གྲུབ་ཀུན། །ཉེ་བར་སྩོལ་མཛད་ཁྱོད་ལ་བསྟོད། །ཡང་དག་ལམ་ལ་ཉེར་གནས་ཏེ། །ལུས་ཅན་བདེ་ལ་འགོད་མཛད་ཅིང་། །སྲིད་པའི་འཆིང་བ་ཀུན་ལས་སྐྱོབས། །ཕན་བདེ་ཀུན་སྩོལ་ཁྱོད་ལ་བསྟོད། །གང་གིས་ཁྱོད་མཆོད་ཁྱོད་བསྒྲུབས་ན། །དམ་བཅོས་ཇི་བཞིན་ཉེར་དགོངས་ཏེ། །ཇི་ལྟར་གསོལ་བ་བཏབ་པ་བཞིན། །བདག་ལ་དངོས་གྲུབ་མ་ལུས་སྩོལ། །མཆོད་སྦྱིན་གཏོར་མ་རྒྱ་མཚོ་དང་། །དངོས་གྲུབ་ཀུན་འབྱུང་དམ་རྫས་ཀྱིས། །དཔལ་ལྡན་བསྟན་སྲུང་འཁོར་བཅས་མཆོད། །ཕྲིན་ལས་
གང་བཅོལ་འགྲུབ་པར་མཛོད། ། ཧཱུྃ། མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱི་འབྲང་མ། །དཀོར་བདག་ཆེན་མོ་མཆོད་ཅིང་བསྟོད། །དཔལ་ལྡན་དུར་ཁྲོད་བདག་པོའི་གསོལ་ཁ་ཡིན། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ཆེ། །དཔལ་ལྡན་དུར་ཁྲོད་བདག་མོ་དང་། །སྤྲུལ་པ་འབུམ་སྡེར་བཅས་པ་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །དུར་ཁྲོད་འབར་བའི་གནས་མཆོག་འདིར། །རཀྟའི་རྦ་ཀློང་འཁྱིལ་བའི་དབུས། །ཀེང་རུས་ཐོད་པའི་གཞལ་ཡས་སུ། །མི་རོ་བསྣོལ་བའི་གདན་བཤམས་པ། །བཞུགས་པའི་གནས་སུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །ཕྱི་རྟེན་ནང་རྟེན་གསང་བའི་རྟེན། །འདོད་དགུ་འབྱུང་བར་བྱིན་གྱིས་རློབས། །ཆགས་པའི་རྟེན་དུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །ཤིན་ཏུ་མཉེས་པའི་དམ་རྫས་དང་། །ཤ་ལྔ་བདུད་རྩི་ཨ་མྲྀ་ཏ། །ཤ་ཁྲག་ཆང་དང་སྣ་ཚོགས་ཟས། །རོ་བཅུད་ལྡན་པའི་བཟའ་བཏུང་ཚོགས། །ཚིམ་པར་བྱེད་པའི་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་
པར་མཛོད། །ཤ་ཁྲག་གཏོར་མ་རི་རབ་ཙམ། །རཀྟའི་རྒྱ་མཚོ་འཁྱིལ་བ་དང་། །དམ་རྫས་ཆེན་པོའི་མཆོད་མཆོག་འདི། །དམ་ཚིག་རྗེ་ས་སུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །རིན་ཆེན་སྣ་ལྔ་འབྲུ་སྨན་དང་། །སྟག་གཟིག་ལ་སོགས་གཅན་གཟན་ཚོགས། །བཞེད་པའི་དཀོར་དུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །དཀར་གསུམ་མངར་གསུམ་གཙང་མའི་ཟས། །ཤ་ཁྲག་རྐང་ཚིལ་དཔའ་བོའི་ཟས། །སྦྱར་སྤོས་སྣ་ཚོགས་ཞིམ་པའི་རོ། །འབྲས་ཆང་རྒུན་ཆང་མྱོས་བྱེད་བཅུད། །ཁུར་བ་ལ་སོགས་ཟས་ཚོགས་རྣམས། །སྤྱན་གཟིགས་རྟེན་དུ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །སྔར་བྱས་ལས་ཀྱི་གཏང་རག་དང་། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་དང་། །ད་ལྟའི་གཉེར་ཟས་འདི་བཞེས་ལ། །དགྲ་དང་ཇག་པ་ཆོམ་རྐུན་རྣམས། །མྱུར་དུ་ཆིངས་ལ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བསྐང་བ་བྱེད་ན། བསྐང་རྫས་ཕུན་སུམ་ཚོགས་པར་ཡིད་ཀྱིས་དམིགས་ལ། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ཁྱོད། །སྔོན་ཚེ་
བཅོམ་ལྡན་སྤྱན་སྔ་རུ། །གདུག་པ་འདུལ་མཛད་བཅོམ་ལྡན་འདས། །ཧེ་རུ་ཀ་དཔལ་བདག་ཉིད་ཆེ། །སྙིགས་མ་ལྔ་པོ་དར་བའི་དུས། །ལུས་ཀྱི་གདུག་པ་ཀུན་འཁྲུགས་ནས། །ས་བདག་ཀླུ་ཡི་ནད་རྣམས་དར། །མ་མོ་མཁའ་འགྲོ་ཀུན་ནས་འཁྲུགས་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་བ་ཡིས། །བསགས་པའི་ནོར་རྣམས་རང་གིས་སྤྱད་དབང་མེད། །ཕ་དང་བུ་འབྲལ་ནོར་དང་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་ནི། །དཔའ་བོ་བདག་གིས་བསྲུང་བར་བགྱི། །ཞེས་པའི་ཁས་བླངས་དམ་བཅས་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཅེས་གསུངས་དུར་ཁྲོད་བདག་པོ་ཡིས། །སྲོག་གི་སྙིང་པོ་ཕུལ་ནས་ནི། །ཇི་ལྟར་ཁས་བླངས་དམ་བཅས་པ། །དམ་ལས་མ་འདའ་ད་ཚུར་བྱོན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བཞུགས་པའི་གནས་དང་མཆོད་པའི་རྫས། །ཆགས་པའི་རྟེན་དང་མྱོས་པའི་རྫས། །དམ་ཚིག་རྫ་ས་མཆོག་མྱོས་པའི་དཀོར། །སྣ་ཚོགས་སྤྱན་གཟིགས་མཆོད་པ་འདིས། །དུར་ཁྲོད་བདག་
པོའི་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །འཁོར་གྱི་ཤ་ཟའི་ཐུགས་དམ་བསྐང་། །དབུགས་ལེན་ཤན་པའི་ཐུགས་དམ་བསྐང་། །སྐུ་ཡི་སྤྲུལ་པས་ནམ་མཁའ་གང་། །སྤྲུལ་པ་འབུམ་སྡེའི་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་འཁོར། འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཉམས་ཆག་ཐམས་ཅད་བཤགས་ཤིང་བསྐང་། །སྐུ་ཡི་དམ་ཚིག་ཉམས་པ་བཤགས། །གསུང་གི་དམ་ཚིག་ཉམས་པ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །རྩ་བའི་དམ་ཚིག་ཉམས་པ་བཤགས། །ཡན་ལག་དམ་ཚིག་ཉམས་པ་བཤགས། །བཟའ་བའི་དམ་ཚིག་ཉམས་པ་བཤགས། །སྲུང་བའི་དམ་ཚིག་ཉམས་པ་བཤགས། །མཆོད་པའི་དམ་ཚིག་ཉམས་པ་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་སྩོལ། །ཅེས་མན་ངག་ལྟར་ཡིག་བརྒྱ་བཟླ། དེ་ནས་ཐུན་གཏོར་ལ་བཀུག་གཞུག་བྱས་ལ། རྒྱས་པར་རྒྱུད་ནས་གསུངས་པའི་བསྟོད་བསྐུལ་རྣམས་བྱ། བསྟོད་བསྐུལ་ནི། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཀེང་
རུས་ཐོད་པའི་སྐུ་མཁར་ནས། །རཀྟའི་དྲ་ཀློང་ད་ལ་ནས། །མི་རོ་བསྣོལ་བའི་གདན་སྟེང་དུ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །གཏི་མུག་སྤང་ཕྱིར་ཀེང་རུས་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཞེ་སྡང་འཇོམས་ཕྱིར་ཐོད་དབྱུག་ཕྱིར། །འདོད་ཆགས་སྐེམ་ཕྱིར་ཐོད་ཁྲག་འཐུང་། །གཡས་པའི་ཐོད་དབྱུག་འབར་བ་ཡིས། །དམ་ཉམས་དགྲ་བོའི་ཀླད་པ་བཅོམ། །གཡོན་པས་ཐོད་པ་ཁྲག་བཀང་གིས། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །འབར་བའི་ཀེང་རུས་མཆེ་བ་གཙིགས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །དངོས་གྲུབ་ཀུན་གྱི་གཏེར་དང་ལྡན། །མི་མགོ་ལྔ་བཅུས་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིན། །སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །གཉིས་མེད་ཤེས་རབ་ཡུམ་ཆེན་མོ། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །འཇིགས་སུ་རུང་བའི་ཡབ་ཡུམ་སྐུ། །བསྐྱང་བརྐུམ་གར་གྱིས་གདུག་པ་འདུལ། །སྒེག་མོ་སྒྲོག་ཅིང་འདོར་སྟབས་ཚུལ། །གདུག་པའི་དགྲ་བགེགས་ཚར་གཅོད་ཅིང་། །དམ་ཚིག་ཅན་ལ་དངོས་གྲུབ་
སྟེར། །ཤེས་རབ་འཕེལ་བའི་དབང་ཕྱུག་སྟེ། །རིག་སྔགས་ཟློག་པའི་མཐུ་བོ་ཆེ། །རང་རྟགས་སྲོག་སྙིང་སྒྲ་སྒྲོགས་པ། །དཔལ་ལྡན་ཡབ་ཡུམ་ཐུགས་རྗེ་ཅན། །ཁྱེད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རྩ་གསུམ་ལྷ་གནས་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་དུ། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་བྲན། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི། །ཁྲོས་རྔམས་བསླབས་ཀྱིས་བཞེས་སུ་གསོལ། །དགྲ་བགེགས་འདུལ་ཕྱིར་་མཐུ་མ་ཆུང་། །རྣལ་འབྱོར་སྐྱོང་ཕྱིར་ཐུགས་མ་རིང་། །གདུག་པ་འདུལ་ཕྱིར་བང་མ་ཞེན། །འབོད་པའི་ཕྱིར་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །རྦད་པའི་ཚེ་ན་མཐུ་མ་ཆུང་། །བསྐུལ་བའི་ཚེ་ན་ལས་མ་འགྱང་། །དགྲ་བགེགས་སྟེང་དུ་རྩལ་མ་ཞན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །བསྲུང་བའི་འཁོར་ལོ་སྐྱབས་མ་ཆུང་། །འགྲོ་བ་སྲུངས་ཤིག་ཐུགས་རྗེ་ཅན། །བདག་གིས་མཆོད་ཅིང་བསྟོད་པའི་ཚེ། །ནོར་ཕྱུགས་རྐང་བཞི་སྐྱོང་ཞིང་སྤེལ། །དཀོར་ཁང་སྲུངས་ཤིག་བར་ཆད་སོལ། །
ཡོན་བདག་སྲུང་ཞིང་སྐྱབས་པ་དང་། །རྣལ་འབྱོར་བསམ་པ་བསྒྲུབ་པ་དང་། །ཆོས་སྐྱོང་ཐུགས་དམ་བསྐང་བ་དང་། །བསོད་ནམས་རྒྱ་ཆེན་བསྐྱེད་པ་དང་། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །བཀའ་ཡི་གཏོར་མ་འདི་ལོངས་ལ། །ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད། །བསྡུ་ན། ཧཱུྃ། རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་མོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཀེང་རུས་ཆེན་པོ་གར་བྱེད་མཆེ་བ་གཙིགས། །རང་འདྲའི་ཡབ་བཅས་ཁྲོ་བོ་ཁྲོ་མོའི་ཚོགས། །རབ་གཏུམ་དབྱུག་ཐོ་ཕྱར་ཞིང་ཐོད་ཁྲག་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན། །ཤ་ཟ་ཕོ་མོའི་ཁྲོམ་གྱིས་ལེགས་པར་བསྐོར། །མཚན་བཞིན་དུར་ཁྲོད་ཉུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །གནོད་བྱེད་བསྟན་དགྲ་ཐལ་བར་བརླག་པ་དང་། །དགྲ་རྐུན་ཇག་གསུམ་འཆིང་བའི་ཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །ཞེས་གསོལ་ཁ་བསྐང་བ་གཉིས་པོ་བསྐང་གསོ་ཆེན་པོ་ནས་བཅོས་བསླད་མེད་པར་ཀརྨ་ཨ་རཱ་གས་བསྒྲིགས་ནས་ཁྱེར་བདེ་བར་བཀོད་པའོ། །མངྒ་ལཾ།། །།
དུར་ཁྲོད་བདག་པོའི་བསྐང་བ།
དུར་ཁྲོད་བདག་པོའི་བསྐང་བ་བྱ་བ་འདི་ལྟར་རོ། །བསྐང་བ་བྱེད་ན་བསྐང་རྫས་ཕུན་སུམ་ཚོགས་པ་ཡིད་ཀྱིས་དམིགས་ལ། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ཁྱོད། །སྔོན་ཚེ་བཅོམ་ལྡན་སྤྱན་སྔ་རུ། །ཀྱེ། གདུག་པ་འདུལ་མཛད་བཅོམ་ལྡན་འདས། །ཧེ་རུ་ཀ་དཔལ་བདག་ཉིད་ཆེ། །སྙིགས་མ་ལྔ་པོ་དར་བའི་དུས། །ལུས་ཀྱི་གདུག་པ་ཀུན་འཁྲུགས་ནས། །ས་བདག་ཀླུ་ཡི་ནད་རྣམས་དར། །མ་མོ་མཁའ་འགྲོ་ཀུན་ནས་འཁྲུགས་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་བ་ཡིས། །བསགས་པའི་ནོར་རྣམས་རང་གིས་སྤྱད་དབང་མེད། །ཕ་དང་བུ་བྲལ་ནོར་དང་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་ནི། །དཔའ་བོ་བདག་གིས་བསྲུང་བར་བགྱི། །ཞེས་པའི་ཁས་བླང་དམ་བཅས་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཅེས་གསུངས་དུར་ཁྲོད་བདག་པོ་ཡིས། །སྲོག་གི་སྙིང་པོ་ཕུལ་ནས་ནི། །ཇི་ལྟར་ཁས་བླངས་དམ་བཅས་པ། །དམ་ལས་མ་འདའ་ད་ཚུར་བྱོན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བཞུགས་པའི་གནས་དང་མཐུན་པའི་
རྫས། །ཆགས་པའི་རྟེན་དང་མྱོས་པའི་རྫས། །དམ་ཚིག་རྫས་མཆོག་མཉེས་པའི་དཀོར། །སྣ་ཚོགས་སྤྱན་གཟིགས་མཆོད་པ་འདིས། དུར་ཁྲོད་བདག་པོའི་ཐུགས་དམ་ཞབསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །འཁོར་གྱི་ཤ་ཟའི་ཐུགས་དམ་བསྐང་། །དབུགས་ལེན་ཤན་པའི་ཐུགས་དམ་བསྐང་། །སྐུ་ཡི་སྤྲུལ་པས་ནམ་མཁའ་གང་། །སྤྲུལ་པ་འབུམ་སྡེའི་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་འཁོར། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཉམས་ཆག་ཐམས་ཅད་བཤགས་ཤིང་བསྐང་། །སྐུ་ཡི་དམ་ཚིག་ཉམས་པ་བཤགས། །གསུང་གི་དམ་ཚིག་ཉམས་པ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །རྩ་བའི་དམ་ཚིག་ཉམས་པ་བཤགས། །ཡན་ལག་དམ་ཚིག་ཉམས་པ་བཤགས། །བཟའ་བའི་དམ་ཚིག་ཉམས་པ་བཤགས། །བསྲུང་བའི་དམ་ཚིག་ཉམས་པ་བཤགས། །བཟོད་པར་བཞེས་ལ་དངོས་གྲུབ་སྩོལ། །བཛྲ་ས་ཏྭ་ས་མ་ཡ། སོགས། ཡིག་བརྒྱ་མན་ངག་ལྟར་བཟླ། དེ་ནས་ཐུན་གཏོར་ལ་འགུག་གཞུག་བྱས་ནས། རྒྱས་པར་
རྒྱུད་ནས་གསུངས་པའི་བསྟོད་བསྐུལ་བྱ། རྒྱུད་དང་སྒྲུབ་ཐབས་ནས་བྱུང་བ་ལྟར། ཨ་རཱ་གས་བསྒྲིགས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་དབང་བསྐུར་དངོས་གྲུབ་ཀུན་འབྱུང་།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་དབང་བསྐུར་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཙཀྲ་སཾ་བྷ་ཡེ། དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་དབང་བསྐུར་འདོད་པས། ཚེས་བཅུ་བཞིའམ་ཉེར་དགུ་ལ་འཛོམས་ན་ལེགས་ཡིན་ཀྱང་རུང་། རྡུལ་ཚོན་པདྨ་འདབ་བརྒྱད་དབུས་སུ་རིན་པོ་ཆེའི་སྟན་སྤྲོད་བྲིས་པའམ། འབྲུའི་ཚོམ་བུ་འདབ་བརྒྱད་ཀྱི་དབུས་སུ་ཚོམ་བུ་ཆེ་ཆུང་གཉིས་བཀོད་པའི་སྟེང་དུ། མིའི་རྐང་གི་ཁྲིའུ་འམ་མཉྫིའི་སྟེང་དུ། རིན་པོ་ཆེའི་སྣོད་དུ་གཏོར་མ་སྟོད་ཟུར་གསུམ་སྨད་ཟླུམ་པོ། གཡོན་དུ་ཡུམ་གཏོར་ཟུར་གསུམ་སྦྱར་ལ་མཐེབ་སྐྱུས་བསྐོར། མར་རྒྱན་ཧཱུྃ་ཛའི་དབྱུག་པ་མེ་འབར་སོགས་བྱ། ཡོད་ན་ཙཀ་ལི་དང་དར་དཀར་གྱི་གཏོར་གདུགས་བཙུགས། མཐར་རྣམ་ལྔ་སོགས་མཆོད་པ་བཤམས། འཛོམས་ན་ནང་མཆོད་ཚོགས་དང་དམར་གཏོར་ཡང་བཤམས། དེ་ནས་བདེ་མཆོག་གི་བདག་བསྐྱེད་
འགྲུབ་ན་ལེགས། ཡང་ན་ཡི་དམ་བློ་ལ་གང་རུང་གི་བདག་བསྐྱེད་བྱས་ལ། སྐད་ཅིག་གིས་བདེ་མཆོག་ལྷན་སྐྱེས་སུ་གནས་འགྱུར་བར་བསྒོམས་པས་ཀྱང་འཐུས། དེ་ནས་དུར་ཁྲོད་བདག་པོའི་མངོན་རྟོགས་གཏོར་ཆོག་འདོན་ཏེ། གཏོར་མའི་སྟོད་ལྷར་བསྐྱེད་སྨད་མཆོད་པར་དམིགས་ལ་བསྔོ། བསྟོད་པ་ཚར་ནས་བསྙེན་པ་བརྒྱ་རྩ་དང་། གྲྭ་པ་མང་ན་སྔགས་འུར་འདོན་བྱ། སྔོན་དུ་སློབ་མ་རྣམས་ཀྱིས་བླ་མེད་གང་རུང་དབང་ཐོབ་མྱོང་བ་ཞིག་མེད་ན་ནི་བསྐུར་མི་རུང་། བགེགས་གཏོར་མཚམས་གཅོད་སྲུང་འཁོར་བསྒོམ་པ་རྒྱས་བསྡུས་སྐབས་དང་བསྟུན། །ཁྲུས་དང་མཎྜལ་ཕུལ་ནས། །འོ་ན་རང་རེ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འཇིགས་སུ་རུང་བ་འདི་དང་ད་རེས་རྒྱབ་གྱེས་བྱེད་དེ། སེམས་ཅན་
ཐམས་ཅད་ཀྱི་དོན་དུ་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་ཐོབ་པ་ཅིག་འདོད་པ་ཡིན། དེ་དབང་བསྐུར་རྒྱུད་བཤད་མན་ངག་བྱིན། རྒྱུད་བྱིན་གྱིས་རློབས་པའི་བླ་མ་ཞིག་དང་མཆོག་གི་དངོས་གྲུབ་སྟེར་བའི་བླ་མེད་ལུགས་ཀྱི་ཡི་དམ་ཞིག་དགོས། ས་ལམ་གྱི་བར་ཆད་སེལ་བའི་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་ཞིག །ཆོས་སྒྲུབ་པའི་མཐུན་རྐྱེན་སྦྱོར་བའི་ནོར་ལྷ་ཅིག །དེ་རྣམས་མེད་ཁ་མེད་དུ་འདུག་པ་ལས། ད་ལམ་ཆོས་སྐྱོང་དང་ནོར་ལྷ་གཉིས་ཀ་གཅིག་གིས་ཆོག་པ། ངོ་བོ་ཡེ་ཤེས་པ་ཡིན་པས་ས་ལམ་གྱི་བར་ཆད་སེལ་བ་རྣམ་པ་འཇིག་རྟེན་པའི་ཚུལ་དུ་བཞུགས་པས་རྣོ་མྱུར་ཆེ་བ་མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་དབང་བསྐུར་བ་ཡིན། དེ་ལ་འདིའི་ངོ་བོ་ནི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྤྲུལ་པ་རྣམས་ཀྱི་ནང་ནས་དངོས་གྲུབ་དང་ནུས་པ་ཆེ་བའི་མཆོག་ཏུ་གྱུར་པ་གཅིག་ཡིན་པར་བཤད། སྐྱེ་རྒྱུད་ནི་སྔོན་རྒྱ་གར་གྱི་ཡུལ་དུ་བྲམ་ཟེ་རྒན་རྒོག་གཉིས་ལ་བུ་མིང་སྲིང་གཉིས་ཡོད་པ་ལས། ཡུལ་དེར་མུ་གེ་ཆེན་པོ་བྱུང་ནས་མི་ཕལ་ཆེར་ཤི་བ་དང་། བུ་མིང་སྲིང་གཉིས་ཀྱིས་ཕ་མ་གཉིས་ཤི་དོགས་ནས། རང་གི་ཤ་བཅད་ཅིང་བུས་ཕ་དང་བུ་མོས་མ་
གསོས་པས། མུ་གེ་ཡོལ་ནས་ཕ་མ་གཉིས་མ་ཤི་བ་བྱུང་བ་དང་། མིང་སྲིང་གཉིས་ཀྱི་ཤ་ཁྲག་ཟད་ནས་ཀེང་རུས་རེད་པ་དུས་མཚུངས། དེ་ཤ་ཁྲག་གིས་གསོས་ཤིང་ལུས་བློས་ཐོངས་པ་དང་། ན་ཚ་མ་བཟོད་པ་དེ་ཙམ་བསྒོམ་པའི་བྱིན་རླབས་ཀྱིས་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་ཞལ་མཐོང་ངོ་། །དེར་བདག་མིང་སྲིང་གཉིས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། ཆོས་བསྒྲུབ་པའི་མཐུན་རྐྱེན་ལོངས་སྤྱོད་སྟེར་བ་དང་། དེ་ལ་གནོད་པའི་ཆོམ་རྐུན་དང་བཙན་གྱི་གནོད་པ་སྲུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། དེ་མ་ཐག་ཏུ་མིང་སྲིང་གཉིས་ཀེང་རུས་ཀྱི་ཁྲོ་བོ་ཁྲོ་མོ་གཉིས་སུ་གྱུར་ཅིང་། འཁོར་ལོ་སྡོམ་པས་དབང་བསྐུར་བྱིན་གྱིས་བརླབས། བདེ་མཆོག་ཡབ་ཡུམ་དང་ལྷ་སྲིན་སྡེ་བརྒྱད་ཀྱིས་ཀྱང་སྨོན་ལམ་དེ་འགྲུབ་པའི་སྨོན་ལམ་དང་དམོད་བོར་བས། ས་རྣམ་པ་དྲུག་ཏུ་གཡོས་ཤིང་མཐུ་སྟོབས་བསམ་གྱིས་མི་ཁྱབ་པར་གྱུར་ཏེ། སོ་སའི་གླིང་ལ་སོགས་དུར་ཁྲོད་ཆེན་པོ་བརྒྱད་དང་། རྟོག་པ་དང་རེ་འགའི་དུར་ཁྲོད་ཐམས་ཅད་ཀྱི་བདག་པོར་གྱུར་པས་དུར་ཁྲོད་བདག་པོར་ཞེས་གྲགས་སོ། །དེ་ནས་སྤྲུལ་པ་བྱེ་བ་བསམ་གྱིས་
མི་ཁྱབ་པར་ལྷའི་གནས་ནས་དམྱལ་བ་ཡན་དུ་ཁྱབ་པས། རོ་སྟོད་ཚངས་པའི་དུར་ཁྲོད་ཐམས་ཅད་དུ་འདིའི་སྤྲུལ་པ་ཀེང་རུས་རེ་རེ་ཡོད་པར་སྣང་ངོ་། །དེར་མ་ཟད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ནི་འདིའི་འཁོར་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འདིའི་བྲན་དང་། ཕོ་ཉ་ཡིན་པས། མགོན་དཀར་ཞེས་གྲགས་སོ། །ལྷའི་ངོ་བོ་དེ་ལྟར་ན་རྒྱུད་ཇི་ལྟར་གསུངས་ཞེ་ན། སྤྱིར་ནི་བླ་མེད་གསར་རྙིང་གི་རྒྱུ་སྡེ་ཕལ་ཆེ་བ་ན། དཀྱིལ་འཁོར་གྱི་མཐའ་ལ་དུར་ཁྲོད་བརྒྱད་བཤད་ཅིང་། དུར་ཁྲོད་དེ་དག་ཏུ་ཤ་ཟ་དང་རོ་ལངས་དང་ཀེང་རུས་བཤད་ཅིང་། འདི་པི་ཤ་ཙི་ཞེས་པ་ཤ་ཟའི་རིགས་སུ་གཏོགས་ཤིང་། ཀེང་རུས་ཀྱི་གཟུགས་སུ་སྣང་བ་སྟེ། །དུར་ཁྲོད་ཆེན་པོ་དེ་རྣམས་སུ། །རྣམ་པ་ཆ་ལུགས་ཇི་ལྟར་སྣང་ཡང་། །སྤྲུལ་པའི་སྐུ་མཆོག་ངོ་མཚར་ཆེ། །ཞེས་གསུངས་པ་དང་། འདུས་ཤིང་འཚོགས་པ་ཐམས་ཅད་ཀྱང་། །ལོག་པར་མི་ལྟུང་ཆོས་ཉིད་དེ། །ཞེས་པས་དུར་ཁྲོད་དེ་གསུམ་གནས་པའི་བྱ་རིགས་བཙན་འབུ་སྲིན་ཐམས་ཅད་དང་། དེར་སླེབས་པའི་རོ་ཐམས་ཅད་ཀྱི་རྣམ་ཤེས་ཀྱང་དཔའ་བོ་མཁའ་འགྲོས་འདྲེན་པ་ནི། གནས་དང་དུར་ཁྲོད་དེ་
རྣམས་ཀྱི་འགྲོ་དོན་ཡིན་པར་བཤད་པའོ། །དེ་ཕྱིར་རྒྱ་གར་གྱི་རོ་བདག་ཡོད་ཐམས་ཅད་བསིལ་བའི་ཚལ་ལམ་དུར་ཁྲོད་བརྒྱད་པོ་གང་ཉེ་ཞིག་ཏུ་སྐྱེལ་བ་ཆོས་ཀ་ཆེན་པོར་རྩི་བ་ཡིན་སྐད་དོ། །ཁྱད་པར་དུ་འདིའི་རྒྱུད་ཇི་ལྟར་གསུངས་ཚུལ་ནི། དུར་ཁྲོད་ཆེན་པོའི་གནས་ན་བཅོམ་ལྡན་འདས་ཧེ་རུ་ཀ་ཡབ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པར་སྤྲུལ་པའི་འཁོར་དང་བཅས་ཏེ་བཞུགས་པའི་ཚེ། བཅོམ་ལྡན་འདས་དངོས་གྲུབ་འབྱུང་བའི་ཏིང་ངེ་འཛིན་ལ་བཞུགས་ནས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཀི་ནི་ཧཱུྃ། ཞེས་གསུངས་པས་འཇིག་རྟེན་པའི་སྡེ་བརྒྱད་ཐམས་ཅད་བརྒྱལ་བར་གྱུར་ཏེ། བརྒྱལ་སངས་ནས་འཁོར་གྱི་ནང་ནས་དཔལ་དུར་ཁྲོད་བདག་པོ་སྟན་ལས་ལངས་ཏེ། ཀྱེ། གདུག་པ་འདུལ་མཛད་ཧེ་རུ་ཀ །བསྐལ་པ་སྙིགས་མ་ལྔ་ཡི་དུས། །གདུག་པ་ཅན་རྣམས་འཁྲུག་པ་དང་། །ས་བདག་ཀླུ་ཡི་ནད་ཡམས་དར། །མ་མོ་མཁའ་འགྲོ་འཁྲུག་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་། །རང་བསགས་དངོས་པོ་སྤྱད་དབང་མེད། །ཕ་དང་བུ་བྲལ་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་
པ་ནི། །དཔའ་བོ་བདག་གིས་བསྲུང་བར་བྱ། །ཞེས་གསོལ་པ་དང་། དཔལ་ཧེ་རུ་ཀས། ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཞེས་གསུངས་པས། ཏདྱ་ཐཱ། ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཞེས་མདངས་གསོལ་དུ་ཕུལ་བས། དཔལ་དུར་ཁྲོད་བདག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལེའུ་བརྒྱད་བཀའ་སྩལ་ཞིང་། གསང་བ་སྙིང་གའི་རྒྱུད་འདི་ནི། །དུར་ཁྲོད་བདག་པོ་ཁྱོད་ལ་གཏད། །དུས་གསུམ་སངས་རྒྱས་བསྟན་པ་སྲུང་། །དམ་ཉམས་རྣམས་ལ་ཆད་པ་ཆོད། །དམ་ཚིག་ཅན་ལ་བྱིན་གྱིས་རློབས། །ཞེས་བཀའ་བསྒོས་པས། ཐམས་ཅད་ཡིད་རང་ཞིང་ཧེ་རུ་ཀ་ཡབ་ཡུམ་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལ་བཞུགས་སོ། །དེ་ནས་ཡུམ་༈ རྡོ་རྗེ་རྣལ་འབྱོར་མས་གྲུབ་ཆེན་པདྨ་བཛྲ་ལ་འདི་རྒྱུད་མན་ངག་དབང་ལུང་གནང་། དེས་རྒྱ་གར་གྱི་པཎྜི་ཏ་ར་ཧུ་ལ་གནང་། དེས་གྲུབ་ཆེན་སྒེག་པའི་རྡོ་རྗེ་ལ། དེས་གྲུབ་ཆེན་ཛྷཱ་ན་སིདྡྷི་ལ། དེས་གྲུབ་ཆེན་དམ་ཚིག་རྡོ་རྗེ་ལ། དེས་པཎྜི་ཏ་འཆི་མེད་བློ་གྲོས་བཟང་པོ་ལ། འདི་གཉིས་གཅིག་ཡིན་པར་འདོད་པའང་སྣང་། དེས་པཎྜི་ཏ་བེ་རོ་ཙ་ན་རཀྴི་ཏ་
ཞེས་ཀྱང་བྱ། དངུལ་ཆུའི་བཅུད་ལེན་མཛད་པས་སྐུ་ཚེ་རིང་པོ་ཐུབ་པས་དངུལ་ཆུ་བེ་རོ་ཡང་ཟེར་བ་དེ་ལ་གནང་། དེས་འདིའི་སྒྲུབ་ཐབས་རྒྱ་གཞུང་དང་འགྲེལ་པ་ལས་ཚོགས་རྣམས་མཛད་ཅིང་གཏན་ལ་ཕབ། ཕྱིས་བོད་དུ་ཕེབས་པ་ན་རྗེ་དུས་མཁྱེན་ལ་སོགས་པ་མཁས་གྲུབ་མང་པོས་བླ་མར་བསྟེན་པའོ། །དེས་མཁས་ལོ་ཙཱ་ཡང་ཟེར། ཁམས་པ་སྒ་ལོ་ཡང་ཟེར། འཇིམ་ལོ་ཙཱ་དང་། ལོ་རྩྭ་འཇམ་དཔལ་ཡང་ཟེར། སྒ་ལོ་ཆུང་བ་ཡང་ཟེར་བ་འདི་ལ་གནང་ངོ་། །དེས་ས་ཆེན་ཀུན་དགའ་སྙིང་པོ་དང་ཆོས་ཕར་གསན་ཚུར་གསན་གྱི་ཐུགས་མཐུན་པར་གྱུར་པས་ས་ཆེན་ལ་གནང་། དེས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ལ། དེས་རྗེ་བཙུན་རིན་ཆེན་གྲགས་པ་རྒྱལ་མཚན་ལ་གནང་། དེ་ནས་རིམ་པར་བརྒྱུད་པ་མང་དུ་གྱེས་ཤིང་། འདིའི་གདམས་པ་ལ་འཇམ་དབྱངས་བདུན་རྒྱུད་རྣམས་ཀྱི་ཐུགས་རྩིས་བླ་ན་མེད་པ་མཛད་པས་ས་པཎ་གྱི་ལམ་སྲུང་ཞེས་ཁྱད་ཆོས་ཟབ་མོར་རྩི་བར་སྣང་། གཞན་ཡང་སློབ་དཔོན་པདྨ་དང་། དམ་པ་རྒྱ་གར། མ་གཅིག་སོགས་ཀྱིས་ཀྱང་ཇག་རྐུན་འཆིང་བའི་མན་ངག་ཟབ་མོ་ཐམས་ཅད་ལྷ་འདི་དང་སྔགས་
འདིའི་སྒོ་ནས་གསུངས་པ་མང་སྟེ། ལྷ་འདི་སྨོན་ལམ་གྱི་སྟོབས་ཀྱི་གཞན་བས་ཟབ་སྟེ། ཇག་རྐུན་འཆིང་བ་ལ་ནི་འདི་བས་ཟབ་པ་མེད་པ་ཡིན་ནོ། །ནོར་ལྷ་གང་ཡང་དངོས་གྲུབ་འབྱུང་བར་འདྲ་ཡང་། ལྷ་འདིའི་མུ་གེའི་སྡུག་བསྔལ་དེ་ལྟ་བུ་རང་གི་ཤ་ཁྲག་གིས་ཕ་མ་གསོ་དགོས་བྱུང་བས། དེ་ལ་རྗེས་སུ་དཔག་ནས་ཆོས་བྱེད་པ་ལ་ཡང་ལོངས་སྤྱོད་མཐུན་རྐྱེན་མེད་ཐབས་མེད་པར་དགོངས་ཏེ། སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དངོས་གྲུབ་དང་ལོངས་སྤྱོད་འདུ་བ་ལ་འདི་བས་མྱུར་བ་དང་ཟབ་པ་མེད་པ་སྨོན་ལམ་གྱི་གནད་ཡིན་པའོ། །འདི་མ་ཆག་པར་བཏོན་ན་ཚུལ་ཁྲིམས་གཙང་བར་འགྱུར་ཏེ། ཆགས་པའི་གཉེན་པོར་མི་སྡུག་པ་དང་ཀེང་རུས་བསྒོམ་པར་མདོ་ནས་གསུངས་སོ། །དེ་ཡང་གསང་བ་སྙིང་གི་འཁོར་ལོའི་རྒྱུད་དང་པཎྜི་ཏ་བེ་རོ་ཙཱ་ནའི་རྒྱ་གཞུང་རྣམས་ཚིག་ཕལ་ཆེར་མཐུན་པ། རྟགས་དང་ཕན་ཡོན་མཉམ་དུ་གསུངས་པ་ནི། དེའི་རྟགས་མཚན་ལྷ་ཡིས་སྟོན། །མགོན་པོ་དངོས་སུ་བྱུང་གྱུར་ན། །གང་འདོད་དངོས་གྲུབ་ཐམས་ཅད་འགྲུབ། །རཏྣའི་ཚངས་པ་བྱུང་གྱུར་ན། །ནོར་གྱི་དངོས་གྲུབ་ཐོབ་པར་འགྱུར། །ཤིང་ཐོག་བྱུང་ན་ཟས་ཚོགས་འདུ། །བ་
དང་མ་ཧེ་བྱུང་གྱུར་ན། །དཀར་ཐོག་ཐམས་ཅད་འཕེལ་བར་བྱེད། །ཏིལ་དང་འབྲས་ལ་སྤྱོད་གྱུར་ན། །ཞིང་ཐོག་ཐམས་ཅད་འཕེལ་བར་འགྱུར། །ཞེས་དང་། བདག་ཉིད་སྲུང་དང་གཞན་དག་བསྲུང་། །ཡུལ་ཁམས་གྲོང་ཁྱེར་སྲུང་བ་དང་། །ཤེས་རབ་འཕེལ་བ་ལ་སོགས་པ། །ཞེས་གསུངས་པའི་འགྲེལ་པ་ལས། ཚར་གཅིག་བཟླས་ན་བདག་སྲུང་། ཚར་གཉིས་ཀྱིས་གཞན་སྲུང་། གསུམ་གྱིས་གྲོང་ཁྱེར་དང་། ཚར་བདུན་བརྗོད་པས་ཤེས་རབ་འཕེལ། སྟོང་གི་ཡོན་བདག་སྲུང་བར་དོ། །ཞེས་གསུངས་སོ། །དེ་ལྟར་ཇག་རྐུན་སྲུང་བ་དང་ལོངས་སྤྱོད་སྤེལ་བའི་མཆོག་ཡིན་པས། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་བས་གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་དབང་ལུང་གསན་པས། ནོར་ལྷ་བརྒྱ་སྟོང་ཡོད་མོད་ཀྱི། ཁོང་རང་གི་ནོར་ལྷའི་གཙོ་བོ་འདི་ལ་མཛད་ནས་ལྡེར་སོའི་སྐུ་བཞེངས་པ་དང་འདིའི་རྟེན་རྫས་དང་འབྲལ་མེད་དུ་སྒར་དུས་ཀྱང་བསྣམས་ནས། རྒྱུན་དུ་མཆོད་བསྟོད་བསྐང་བ་སོགས། སྲས་རིག་འཛིན་ངག་གི་དབང་པོ་དང་བཅས་པས་མཛད་པ་དང་། འགྲོ་མགོན་འཕགས་པ་སངས་རྒྱས་དེས་དགོན་བརྒྱ་རྩ་
བརྒྱད་ཀྱི་ཆགས་བཅགས་པ་སོགས་འགྲོ་དོན་བསམ་ལས་འདས་ཏེ། ཁོང་གི་ཆོས་སྐྱོང་གཙོ་བོ་གཅིག་ཏུ་འདི་ལ་མཛད་པའི་རྒྱུན་དེང་སང་ཡང་སྣང་བ་དང་། སྟག་ལུང་ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་པས་གསར་མའི་དབང་ལུང་ཁོང་ལས་རྒྱ་ཆེ་བ་མེད་པར་འདུག་ཅིང་། ཆོས་སྡེ་རྙིང་པ་རྣམས་སུ་སྔར་མེད་པ་ཅུང་ཟད་ཅིག་བཙུགས་ན་ཡང་ཁ་ཟེར་བས་ལྟབ་དཀའ་བར་ཡོད་ཀྱང་དུར་ཁྲོད་བདག་པོ་འདིའི་སྐུ་རེ་ཡོད་ནའང་། བཀྲ་ཤིས་པར་བཤད་གསུངས་ནས། སྟག་ལུང་ཡར་ཐང་དུ་འདིའི་འཆམ་གྱི་སྲོལ་གསར་དུ་བཙུགས་པ་རྣམས་ལ་ལེགས་པར་དཔྱད་ན། གསར་རྙིང་གང་ལ་ཡང་འདི་བས་རྣོ་བ་དང་ཟབ་པའི་ཆོས་སྐྱོང་ཞིག་མེད་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཆོས་སྐྱོང་གི་དབང་ཞུ་བའི་ཆེད་དུ་བླ་མ་བདེ་མཆོག་ལྷན་སྐྱེས་སུ་གསལ་བ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་དང་དབྱེར་མེད་ཅིང་། །ཡི་དམ་ལྷ་ཡི་ངོ་བོ་ཉིད། །བླ་མ་དམ་པ་ཐུགས་རྗེ་ཡིས། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། བླ་མ་དང་མདུན་གྱི་གཏོར་མ་ཆོས་སྐྱོང་ཡབ་ཡུམ་གསལ་བའི་དྲུང་དུ། རྒྱུན་བཤགས་འདིའི་དོན་དྲན་བཞིན་རྗེས་
ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་མམ་ཚིག་ཐ་མ་གསུམ་བྱ། ད་དབང་གི་གཞི་འགོད་པའི་དོན་དམིགས་པ་འདི་བཞིན་མཛོད། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་ཧཱུྃ་ལས་ཐོད་མཁར་གྲུ་བཞི་པའི་དབུས་སུ། པད་ཉི་ཟླ་བའི་སྟེང་དུ། ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཧཱུྃ་དང་ཨ་ལས་དུང་དང་མགྲོན་བུ་ཧཱུྃ་དང་ཨཾ་གིས་མཚན་པ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གཉིས་སྐུ་མདོག་དཀར་པོ་ཀེང་
རུས་འཇིགས་པའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་དབྱུག་ཐོ་ཐོད་ཁྲག་བསྣམས་པ། སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་ལྗགས་འདྲིལ་བ། དར་སྣ་ཚོགས་ཀྱི་ཤམ་ཐབས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། མེ་དཔུང་གི་དབུས་ན་གར་སྟབས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་བསྒོམ་ཞིང་། ད་དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཀའ་བསྒོ་བ་དང་བཞི་ལས། སྐུའི་རྗེས་གནང་གི་དོན་དུ་སློབ་དཔོན་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དང་རང་བཞིན་གྱི་གནས་ནས་ཆོས་སྐྱོང་ཡབ་ཡུམ་གྱི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་དཔོན་བདེ་མཆོག་ཡབ་ཡུམ་གྱི་ཞལ་དུ་ཞུགས་ནས། རྗེས་ཆགས་ཀྱི་མེས་ཞུ། ཡུམ་གྱི་མཁར་བབས་པས། ཆོས་སྐྱོང་ཡབ་ཡུམ་གྱི་སྐུ་དཔག་ཏུ་མེད་པར་གྱུར་ནས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པའི་མོས་པ་མཛོད། ཅེས་གུ་གུལ་ལམ་སྤོས་བཏང་། དྲིལ་བསིལ་ཞིང་གཏོར་མ་ལག་ཏུ་བཟུང་ལ་དབྱངས་བཅས། ཧཱུྃ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །འཕྲིན་ལས་རྣམ་བཞིའི་དོན་མཛད་པ། །དད་
ལྡན་དམ་ཚིག་ཆེན་པོ་ཡིས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །གནས་འདི་ཉིད་དུ་གཤེགས་ནས་ཀྱང་། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྲུང་བའི་འཁོར་ལོ་སྐྱབས་མ་ཞེན། །སློབ་མ་སྲུང་ཞིང་ཐུགས་དམ་ཅན། །གཏོར་མ་མགོར་བཞག་ལ། ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཁུ་མ་ཁུ་མ་ཁུམ་ཐིས་སྭཱ་ཧཱ། པྲ་ཝེ་ཤ་ཡ་ཧཱུྃ། པྲ་ཝེ་ཤ་ཧཱུྃ་ཨཱ༔ ཏིཥྛ་བཛྲ་ཨཾ། ཏིཥྛ་བཛྲ། མེ་ཏོག་འཐོར། ཧཱུྃ། རྣམ་དཀར་ཀེང་རུས་དག་པའི་གཟུགས། །ཕྲིན་ལས་རྣམ་བཞི་ཐོགས་མེད་པར། གང་ལ་ཅི་བཅོལ་དངོས་གྲུབ་ཀུན། །ཉེ་བར་བཅོལ་མཛད་བཀྲ་ཤིས་ཤོག །དེས་སྐུའི་དབང་ཐོབ། འདིའི་སྐུ་བསྒོམ་པར་དབང་། རང་གཞན་སྲུང་ཞིང་ལས་རྣམས་འགྲུབ་པའོ། །ད་གསུང་གི་དོན་དུ་སློབ་དཔོན་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་རང་བཞིན་གྱི་གནས་ནས་ཆོས་སྐྱོང་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་དཔོན་བདེ་མཆོག་ཏུ་གསལ་བའི་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པས།
ཡི་གེ་ཨཱ་ལི་ཀཱ་ལི་དང་ཡུམ་གྱི་སྔགས་ཕྲེང་དུ་གྱུར་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པའི་མོས་པ་མཛོད། གཏོར་མ་ཐོགས། ཧཱུྃ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །ཕྲིན་ལས་རྣམ་བཞིའི་དོན་མཛད་པ། །དད་ལྡན་དམ་ཚིག་ཆེན་པོ་ཡིས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །གནས་འདི་ཉིད་དུ་གཤེགས་ནས་ཀྱང་། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །འདུ་བ་བསྡུ་ཕྱིར་དམ་མ་ཞེན། །གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཁུ་མ་ཁུ་མ་ཁུམ་ཐིས་སྭཱ་ཧཱ། པྲ་ཝེ་ཤ་ཡ་ཧཱུྃ། པྲ་ཝེ་ཤ་ཡ་ཨཱ༔ ཏིཥྛ་བཛྲཨཱ༔ ཏིཥྛ་བཛྲ༔ སྔགས་གཉིས་པོ་འདི་ལན་གསུམ་རྗེས་ཟློས་བྱེད་བཅུག །མདུན་གྱི་ཡབ་ཡུམ་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་ནས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །ད་མེ་ཏོག་དཀར་པོའི་ཕྲེང་བ་གཅིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། མགོན་དཀར་ཡབ་ཡུམ་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ནས་མེ་ཏོག་དེ་སྔགས་ཕྲེང་དཀར་པོར་གྱུར་ནས། ཁྱེད་རང་གི་མགོ་ལ་བཅིང་བར་སྒོམས་ཤིག །ཙམ་པ་ཀའམ་ནས་འབྲུ་
བཞག །མགོན་དཀར་ཡབ་ཡུམ་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །གང་གི་ཁྱོད་མཆོད་ཁྱོད་སྒྲུབ་ན། །དམ་བཅས་ཅི་བཞིན་ཉེར་དགོངས་ཏེ། །ཇི་ལྟར་གསོལ་བ་བཏབ་པ་བཞིན། །དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག །དེས་གསུང་གི་དབང་ཐོབ། ངག་ནུས་པ་དང་ལྡན། ཡབ་ཡུམ་གྱི་སྔགས་བཟླ་རུང་ཞིང་ལས་ཚོགས་གང་བསྒྲུབ་ཐམས་ཅད་འགྲུབ་པའོ། །ད་ཐུགས་ཀྱི་དོན་དུ་སློབ་དཔོན་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དང་རང་བཞིན་གྱི་གནས་ནས་ཆོས་སྐྱོང་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་དཔོན་བདེ་མཆོག་གི་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ཡུམ་གྱི་མཁར་བབས་པས། ཕྱག་མཚན་གྱི་གྲི་གུག་དང་རྡོ་རྗེ་དང་དབྱུག་ཐོ་དགྲ་སྟུ་སོགས་དཔག་ཏུ་མེད་པར་གྱུར་ནས། ཁྱེད་རང་གི་ནམ་མཁར་ཅུང་ཟད་གནས་ཏེ་འོད་ཟེར་གྱི་རྣམ་པར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད། རྡོ་རྗེ་དང་བཅས་པས་གཏོར་མ་བཟུང་། དྲིལ་བུ་བསིལ་ཞིང་། ཧཱུྃ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །ཕྲིན་ལས་རྣམ་
བཞིའི་དོན་མཛད་པ། །དད་ལྡན་དམ་ཚིག་ཆེན་པོ་ཡིས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །གནས་འདི་ཉིད་དུ་གཤེགས་ནས་ཀྱང་། །དབང་བསྐུར་བྱིན་གྱིས་བརླབ་ཟླཏུ་གསོལ། །རྣལ་འབྱོར་སྐྱོང་ཕྱིར་ཐུགས་མ་རིང་། །སློབ་མའི་བསམ་པ་འགྲུབ་པར་མཛོད། ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ༀ་ཤྲཱི་རཱ་ཛ་བྷི་རཱ་ཛ་ཁུ་མ་ཁུ་མ་ཁུམ་ཐིས་སྭཱ་ཧཱ། པྲ་ཝེ་ཤ་ཡ་ཧཱུྃ། པྲ་ཝེ་ཤ་ཡ་ཨཱ༔ ཏིཥྛ་བཛྲ་ཧཱུྃ། ཏིཥྛ་བཛྲ། ད་དལ་ཙམ་གཅིག་སེམས་མ་བཅོས་པར་ཞོག །ཧཱུྃ། རྒྱལ་བའི་ཐུགས་ཀྱི་ཕྲིན་ལས་ཀུན། །།མ་ལུས་གདུག་པ་ཀུན་འདུལ་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་བདག་པོའི་བཀྲ་ཤིས་ཤོག །དེས་ཐུགས་ཀྱི་དབང་ཐོབ། འདིའི་དམིགས་པ་རྣམ་བསྒོམ་པར་དབང་། ཉམས་རྟོགས་ཀྱི་བར་ཆད་ཞི་བ་ཡིན་ནོ། །དེ་ནས་གཏོར་མ་གསོ་བྲན་གཅིག་བྱས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ བྱིན་གྱིས་བརླབས་ལ་རྩ་སྔགས་ལ་ཁཱ་ཧི་བཏགས་ལ་ཕུལ་ནས་གཏོར་མ་བཟུང་སྟེ་དམ་བཞག་ལན་གསུམ་བྱ་གསུངས་པའི་དོན་ནི། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ཁྱོད། །སྔོན་ཚེ་བཅོམ་ལྡན་སྤྱན་སྔ་རུ། །ཀྱེ། གདུག་པ་འདུལ་མཛད་བཅོམ་ལྡན་འདས། ཧེ་རུ་ཀ་
དཔལ་བདག་ཉིད་ཆེ། །སྙིགས་མ་ལྔ་པོ་དར་བའི་ཚེ། །ལུས་ཀྱི་གདུག་པ་ཀུན་འཁྲུགས་པ། །ས་བདག་ཀླུ་ཡི་ནད་རྣམས་དར། །མ་མོ་མཁའ་འགྲོ་ཀུན་ནས་འཁྲུགས་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང་བ་ཡིས། །བསགས་པའི་ནོར་རྣམས་རང་གིས་སྤྱད་དབང་མེད། །ཕ་དང་བུ་བྲན་ནོར་དང་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་ནི། །དཔའ་བོ་བདག་གིས་སྲུང་བར་བགྱི། །ཞེས་པའི་ཁས་བླངས་དམ་བཅས་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཅེས་གསུངས་དུར་ཁྲོད་བདག་པོ་ཡིས། །སྲོག་གི་སྙིང་པོ་ཕུལ་ནས་ནི། །ཇི་ལྟར་ཁས་བླངས་དམ་བཅས་པ། །དམ་ལས་མ་འདའ་ད་ཚུར་བྱོན། །དམ་ལྡན་སློབ་མ་འདི་རྣམས་ཀྱིས། །བོས་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །ཆད་པའི་ཚེ་ན་མཐུ་མ་ཆུང་། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །མཆོད་པའི་ཚེ་ན་མགུ་མ་དཀའ། །དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །ཧོཿ དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ་ཁྱེད་རྣམས་
ཀྱིས། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཡབ་ཡུམ། ཨོ་རྒྱན་པདྨ་འབྱུང་གནས། དམ་པ་རྒྱ་གར། ནག་པོ་སྤྱོད་པ་ལ་སོགས་དུར་ཁྲོད་ཉུལ་བའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་དང་། ཁྱད་པར་དུ་ཡང་། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས། བེ་རོ་ཙ་ན་རཀྴི་ཏ། མཁས་པ་སྒ་ལོ་ཙཱ་བ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་སོགས་པ་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། དཔལ་ཧེ་རུ་ཀའི་བཀའ་དང་དམ་ལ་མ་འདའ་བར་དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་སློབ་མ་འདི་རྣམས་ལ་འགོ་བར་མཛད་དུ་གསོལ། སངས་རྒྱས་མ་ཐོབ་ཀྱི་བར་དུ་ཞི་བ་དང་། རྒྱས་པ་དང་། དབང་གི་ལས་དང་། བསད་བསྐྲད་དབྱེ་རྨོངས་རེང་ལ་སོགས། ཇི་ལྟར་བསྒོ་བའི་ལས་རྣམས་བསྒྲུབ། སངས་རྒྱས་དམ་ཚིག་རྗེས་དྲན་མཛོད། ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སཱ་ཧཱ། ༀ་ཤྲཱི་རཱ་ཛ་གྷི་རཱ་ཛ་ཁུ་མ་ཁུ་མ་ཁུམ་ཐིས་སྭཱ་ཧཱ། དེ་ལྟར་དམ་བཞག་བྱས་
པས་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་པར་སྒོམས་ཤིག །དེ་ལྟར་བཀའ་བསྒོས་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་སྲུང་སྐྱོབ་བྱེད་པའོ། །དེ་ལྟར་དབང་ཐོབ་ནས་རྒྱུན་དུ་ཆོས་སྐྱོང་ལ་བསྟེན་པ་དང་། འདིའི་བསྙེན་སྒྲུབ་བྱེད་ཚེ་མཚམས་ཁུང་དུ་བུད་མེད་དང་ཁྱི་དང་སྨེ་ཅན་དང་བྱི་ལ་ཡན་ལ་འཛེམ་པ་སོགས་སྲུང་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱའོ། །དེ་ནས་ཚོགས་ཡོད་ན་ཡི་དམ་གང་ཡིན་ལྟར་བྱས་ལ་དུར་ཁྲོད་བདག་པོ་ཡབ་ཡུམ་ལ་ཡང་རྩ་སྔགས་ལ། ག་ཎ་ཙཀྲ་ཁཱ་ཧིས་བསྔོ། དམར་གཏོར་ཡོད་ན་བཀུག་གཞུག་བྱས་ཡབ་ཡུམ་གྱི་བསྐུལ་གང་རུང་བྱས་ལ་འབུལ། དབང་གཏོར་དངོས་གྲུབ་ཏུ་རོལ་ལོ། །རྗེས་སྤྱི་ལྟར་རོ། །འདི་འབྲུག་ལུགས་ནས་བརྒྱུད་པ་གནམ་ཆོས་ལུགས་སོགས་ཐོབ་མོད་ཀྱི། ས་ལུགས་ཀྱི་འདི་རྒྱུད་དང་རྒྱ་གཞུང་ཕུག་ཆེ་བ་དང་། བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་བསྙེན་སྒྲུབ་རྟགས་ཐོན་མཛད་པའི་རྒྱུན་མ་ཆད་པར་སྣང་བས་བྱིན་རླབས་ཆེ་བར་སེམས་ཏེ། གྲགས་པ་རྒྱལ་མཚན་ཡན་གོང་ལྟར་ལས། བླ་ཆེན་ཡར་སྒོམ། རྒྱལ་ཚབ་ལུང་མང་པོ། མཁས་ཡོན་ཏན་ཁྲིད། སེང་གེ་བཟང་པོ། ཡར་ལུང་སེང་གེ་རྒྱལ་མཚན། བསོད་ནམས་རྒྱལ་མཆོག །ནམ་མཁའ་རྒྱལ་མཚན། བདག་ཉིད་ཆེན་པོ་བློ་གྲོས་རྒྱལ་མཚན། དཔལ་ལྡན་རྒྱལ་པོ། སངས་རྒྱས་རིན་ཆེན། ལོ་ངད་སྤྱན་སྔ་བ།
ངག་གི་མཚན་ཅན། བསྟན་པ་རབ་དཀར། བསྟན་འཛིན་ཕུན་ཚོགས། བླ་མ་རིན་འཛིན་ཀརྨ་འོད་འཕྲོ། རཱ་ག་ཨ་སྱའོ། །ཞེས་པ་བླ་མ་ཀུན་དགའ་ཉི་མས་བསྐུལ་ནས། དཔལ་ལྡན་རྒྱ་མཚོའི་གསུང་བཞིན་སངས་རྒྱས་རིན་ཆེན་གྱི་བཀོད་པའི་དབང་ཆོག་རྙིང་པ་ལས། ལོ་རྒྱུས་དང་ཕྱག་ལེན་ཅུང་ཟད་གསལ་ཞིང་རྒྱས་པར་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་བྱང་ཆུབ་བསྒྲུབ་པའི་གང་ཟག་ཐམས་ཅད་ཀྱི་མཐུན་རྐྱེན་འགྲུབ་ཅིང་འགལ་རྐྱེན་དགྲ་ཇག་ཆོམ་རྐུན་ལ་སོགས་པའི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །འདི་མན་ངག་གི་ཆོས་ཡིན་པས་ཐུགས་དམ་བྱེད་ངེས་མ་གཏོགས་ལ་དབང་སོགས་མི་བྱ་ཞིང་། སྒྲུབ་པ་སྙོམས་ཆུང་འཚོ་བ་དཀོན་པ་དང་ཆོམ་རྐུན་འཚེ་བ་མང་པོ་ལ་ནི་གང་འཕེལ་བྱའོ། །གཞན་ཡང་རྟ་ཕྱུགས་སོགས་མང་དུ་འཚག་དགོས་པའི་བླ་མ་སོགས་ཀྱི་ཐུགས་དམ་བྱེད་ངེས་རེད་ན་སྤེལ་ན་ཕན་ཆེའོ། །མངྒ་ལཾ། རྐྱེན་ཟློག་གི་དབང་ཡོན་བདག་སོགས་ལ་ནི་མི་བྱའོ།། །།
གནམ་ཆོས་ཀྱི་ལྷན་ཐབས་གསང་བ་ཡང་སྙིང་གི་འཁོར་ལོའི་རྒྱུད་ནས་བསྒྲིགས་པ་མགོན་དཀར་ཡབ་ཡུམ་གྱི་བསྟོད་བསྐུལ།
གནམ་ཆོས་ཀྱི་ལྷན་ཐབས་གསང་བ་ཡང་སྙིང་གི་འཁོར་ལོའི་རྒྱུད་ནས་བསྒྲིགས་པ་མགོན་དཀར་ཡབ་ཡུམ་གྱི་བསྟོད་བསྐུལ་བཞུགས་སོ༔
རང་གི་མདུན་དུ་དུར་ཁྲོད་བདག་ཀེང་རུས་ལུས་ཅན་ཞལ་གཅིག་པ༔ ཕྱག་གཉིས་ཐོད་དབྱུག་བྷནྡྷ་འཛིན༔ དེ་ཡི་གཡོན་དུ་དུར་ཁྲོད་ཀྱི་བདག་མོ་ཀེང་རུས་ལུས་ཅན་མ༔ ཞལ་གཅིག་ཕྱག་གཉིས་ཐོད་དབྱུག་བྷན༔ ཞབས་གཉིས་གར་སྟབས་འཇིགས་པའི་གཟུགས༔ རང་རང་གནས་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་ནས་ཀེང་རུས་ཐོད་པའི་སྐུ་མཁར་ནས༔ རཀྟའི་རྦ་ཀློང་ད་ལ་ནས༔ དུར་ཁྲོད་བདག་པོ་ཡབ་དང་ཡུམ༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་རྟུལ༔ ཐུགས་དམ་
དབང་གིས་གཤེགས་སུ་གསོལ༔ མི་རོ་བསྣོལ་བའི་གདན་ལ་བཞུགས༔ དགྲ་བགེགས་འདུལ་ཕྱིར་མཐུ་མ་ཆུང༔ རྣལ་འབྱོར་སྐྱོང་ཕྱིར་ཐུགས་མ་རིང་༔ གདུག་པ་འདུལ་ཕྱིར་བང་མ་ཞན༔ སྲུང་བའི་འཁོར་ལོ་སྐྱབས་མ་ཆུང་༔ འགྲོ་བ་སྲུངས་ཤིག་ཐུགས་རྗེ་ཅན༔ བདག་གིས་མཆོད་ཅིང་བསྟོད་པའི་ཚེ་དཀོར་ཁང་སྲུང་ཞིང་བར་ཆད་སོལ༔ ཡོན་བདག་སྲུངས་ཤིང་སྐྱབས་པ་དང་༔ རྣལ་འབྱོར་བསམ་པ་བསྒྲུབ་པ་དང་༔ ཆོས་སྐྱོང་ཐུགས་དམ་བསྐང་བ་དང་༔ བསོད་ནམས་རྒྱ་ཆེན་བསྐྱེད་པ་དང་༔ སངས་རྒྱས་བསྟན་པ་བསྲུང་བའི་
ཕྱིར༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ སརྦ་པུ་ཙ་ཧོཿ ཧཱུྃ༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ གཏི་མུག་སྤང་ཕྱིར་ཀེང་རུའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཞེ་སྡང་འཇོམས་ཕྱིར་ཐོད་དབྱུག་ཕྱར༔ འདོད་ཆགས་སྐེམ་ཕྱིར་ཐོད་ཁྲག་འཐུང་༔ གཡས་པས་ཐོད་དབྱུག་འབར་བ་ཡིས༔ དམ་ཉམས་དགྲ་བོའི་ཀླད་པ་བཅོམ༔ གཡོན་པས་ཐོད་པ་ཁྲག་བཀང་གིས༔ དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་༔ འབར་བའི་ཀེང་རུས་མཆེ་བ་གཙིགས༔ དུག་གསུམ་རྩད་ནས་གཅོད་པར་བྱེད༔ དབུ་ལ་རིན་ཆེན་པྲོག་ཞུ་གསོལ༔ དངོས་གྲུབ་ཀུན་གྱི་གཏེར་དང་ལྡན༔ མི་མགོ་ལྔ་བཅུས་དོ་ཤལ་བྱས༔ དུས་གསུམ་སངས་རྒྱས་མཆོད་པ་ཡིན༔ སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ གཉིས་མེད་ཤེས་རབ་ཡུམ་ཆེན་མོ༔ རྒྱན་དང་ཆ་ལུགས་ཡབ་དང་མཐུན༔ འཇིགས་སུ་རུང་བའི་ཡབ་ཡུམ་སྐུ༔ བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ༔ གད་མོ་སྒྲོག་ཅིང་འདོར་ཐབས་
ཚུལ༔ གདུག་པའི་དགྲ་བགེགས་ཚར་གཅོད་ཅིང་༔ དམ་ཚིག་ཅན་ལ་དངོས་གྲུབ་སྟེར༔ ཤེས་རབ་འཕེལ་བའི་དབང་ཕྱུག་སྟེ༔ རིག་སྔགས་ཟློག་པའི་མཐུ་ཟབོ་ཆེ༔ རང་རྟགས་སྲོག་སྙིང་སྒྲ་སྒྲོག་ཅིང་༔ དཔལ་ལྡན་ཡབ་ཡུམ་མཐུ་སྟོབས་ཅན༔ ཁྱེད་ཀྱི་སྤྲུལ་པས་གར་ཡང་ཁྱབ༔ རྩ་གསུམ་ལྷ་གནས་མན་ཆད་ནས༔ ན་རཀ་དམྱལ་ཁམས་ཡན་ཆད་དུ༔ སྤྲུལ་པ་བྱེ་བ་བསམ་ཡས་འགྱེད༔ ལྷ་སྲིན་སྡེ་བརྒྱད་ཁྱེད་ཀྱི་འཁོར༔ སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་བྲན༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི༔ ཁྲོ་རྔམ་སྟབས་ཀྱིས་བཞེས་སུ་གསོལ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཀེང་རུས་གཟུགས་ཅན་ཁྲོ་བོ་ཡི༔ ཕྱག་གཡས་ཐོད་དབྱུག་གཡོན་ཞགས་པ༔ བསྣམས་ཤིང་ཤིན་ཏུ་འཇིགས་པ་ཡི༔ ཆ་བྱད་ཅན་གྱི་སྟོང་གསུམ་གང་༔ ཐམས་ཅད་ཟིལ་གྱིས་གནོན་བྱེད་ཅིང་༔ དགྲ་ཇག་ཆོམ་རྐུན་གཅན་སྤྱང་གི༔ དབང་པོ་ཡན་ལག་བཅིངས་བར་མཛོད༔ བཀྲ་ཤིས་འདོད་དགུའི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོ་གྷི་རཱ་ཛ་བྷི་རཱ་ཛ་ཀུ་མ་ཀུ་མ་ཊུ་ཐིས་མ་ཧྭ་ཐ་ནུ་དགྲ་རྐུན་ཇག་གསུམ་བྷན་དྷ་
བྷན་དྷ་སྭཱ་ཧཱ། ཞེས་གནམ་ཆོས་ཀྱི་ལྷན་ཐབས་སུ་རྒྱུད་ནས་གསུངས་པའི་བསྟོད་བསྐུལ་གྱི་རིག་བསྒྲིགས་པ་ཡིན་པས་རྒྱུད་ཚིག་བྱིན་རླབས་ཆེ་སྟེ༔ ནུབ་གཅིག་སྤྲུལ་སྐུས་རྐུན་ཆིང་གཅིག་དགོས་སོ་གསུངས་པ་རྨིས་པ་ལ་བརྟེན་ནས་བསྒྲིགས་པའོ༔ ཞེས་སྔགས་འཆང་རཱ་ག་ཨ་སྱས་བྲིས་པའོ༔ ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་བསྐུལ་པ།
དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་བསྐུལ་པ་བི་ཛ་ཧཱ་ར་ཏི་སྨ། །
ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་ནས༔ བཅོམ་ལྡན་ཧེ་རུ་ཀ་དཔལ་གྱི༔ སྤྱན་སྔར་སྲོག་སྙིང་ཕུལ་ནས་ཀྱང་༔ དཀོར་ནོར་བསྲུང་བར་དམ་བཅས་པའི༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས་འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ འོག་མིན་གནས་མཆོག་དམ་པ་ནས༔ བརྟན་གཡོ་སྲིད་པའི་འཇིག་རྟེན་ཁམས༔ རྣམ་པར་སྣང་མཛད་དུར་ཁྲོད་ནི༔ རབ་འཇིགས་དུར་ཁྲོད་ཆེན་པོ་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་
དང་བཅས་པ་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས་ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ མཁའ་འགྲོ་རྒྱ་མཚོ་འདུ་བའི་གནས༔ རང་བྱུང་དུར་ཁྲོད་ཆེན་པོ་ཡི༔ ཀེང་རུས་ཐོད་མཁར་འབར་བ་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་རྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག ཧཱུྃ༔ ཕྱོགས་མཚམས་གཏུམ་དྲག་ཚང་ཚིང་འཁྲིགས༔ རྡོ་རྗེ་འབར་བ་ཀེང་རུས་ཅན༔ མི་བཟད་བཞད་དང་བཀྲ་ཤིས་
ཚལ༔ མུན་དྲག་ཀཱི་ལའི་སྒྲ་སྒྲོགས་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ དགའ་བ་ཚལ་དང་ཀཱི་ལ་ཡ༔ དཔལ་གྱི་གནས་དང་ཧ་ཧ་སྒྲོགས༔ མུན་པ་ཅན་དང་ཚང་ཚིང་ཅན༔ འབར་འོད་འཇིགས་པའི་དུར་ཁྲོད་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ འཇིག་རྟེན་མཆོག་བརྩེགས་སོ་ས་གླིང་༔ ཕུ་ལུང་ནག་པོ་ཧེ་ཆེན་བརྡལ༔ དྲྭ་བ་གཙུག་དགུ་ཛ་ལེནྡྷ༔ ར་མ་རྡོ་ལའི་དུར་ཁྲོད་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ རྒྱ་གར་ཡུལ་ན་བསིལ་བའི་ཚལ་བེ་ཏའི་ཡུལ་ན་ཀུ་ལ་རྫོ་གས༔ ཁ་ཆེའི་ཡུལ་ན་བདེ་ཆེན་བརྡལ༔ རབ་འཇིགས་དུར་ཁྲོད་ཆེན་པོ་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔
འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ ཟ་ཧོར་ཡུལ་ན་ལང་ཀ་བརྩེགས༔ ཨོ་རྒྱན་ཡུལ་ན་པདྨ་བརྩེགས༔ ས་ལི་ཡུལ་ནི་གསང་ཆེན་རོལ༔ མི་བཟད་འཇིགས་པའི་དུར་ཁྲོད་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ ལི་ཡི་ཡུལ་ན་ལང་ཀ་བརྩེགས༔ བལ་པོའི་ཡུལ་ན་ལྷུན་གྲུབ་བརྩེགས༔ རྔམས་པ་སྒྲ་སྒྲོགས་བློ་མོས་རྒྱལ༔ རེས་འགའི་དུར་ཁྲོད་ཐམས་ཅད་ནས༔ དཔལ་ལྡན་དུར་ཁྲོད་བདག་པོ་ནི༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཧོར་སོགས་དགྲ་རྐུན་གནོད་པ་ཟློག༔ ཧཱུྃ༔ ཁྱོད་ཀྱི་ཐུགས་དམ་བསྐུལ་བའི་ཚེ༔ མདུན་དང་གཡས་ནས་ཡབ་ཀྱིས་སྲུངས༔ རྒྱབ་དང་གཡས་གཡོན་ཡུམ་གྱིས་སྲུངས༔ སྤྲུལ་པ་མང་པོས་མཐའ་བསྐོར་ནས༔ ཀུ་སྒྲ་ལྷང་ལྷང་བཤུད་གླུ་ལེན༔ ཉིན་མཚན་གཡེལ་བ་མེད་པ་རུ༔ བདག་ཅག་དཀོར་ནོར་ལོངས་སྤྱོད་བཅས༔ འཇིགས་པ་ཀུན་ལས་སྐྱོབས་
པར་མཛོད༔ ཧཱུྃ༔ བདག་ལ་གནོད་པའི་དགྲ་རྐུན་ཇག༔ གང་གིས་བྱེད་པ་ཁྱོད་ཀྱིས་ཤེས་རང་འདྲ་སྤྲུལ་པའི་དམག་ཚོགས་ཀྱིས༔ སྦྲུལ་ཞགས་འབར་བས་ཡན་ལག་སྡོམས༔ དབྱུག་ཏོ་འབར་བས་རྡུལ་དུ་རློགས༔ སྟོབས་ཉམས་དབང་པོ་རྨུགས་སུ་ཆུག༔ མིག་ཁོབ་ལག་ཆིངས་དཔུང་པ་ཆོག །བསྐད་དང་བཅིང་བའི་ཕྲིན་ལས་མཛོད་ཅེས་པ་འདི་རང་ལོ་སོ་བདུན་པ་ཆུ་སྟོད་ཟླ་བའི་ཡར་ཚེས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན༔ ཀརྨ་ཨ་རཱ་གས་བྲི་དགོས་པ་འགའ་ཞིག་བྱུང་བས་སོ༔ དགེའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་པ་རྒྱ་གར་གྱིས་མཛད་པའི་དུར་ཁྲོད་བདག་མོ་མགོན་དཀར་གྱི་ལས་ཚོགས།
དམ་པ་རྒྱ་གར་གྱིས་མཛད་པའི་དུར་ཁྲོད་བདག་མོ་མགོན་དཀར་གྱི་ལས་ཚོགས་བཞུགས་སོ། །
ན་མཤི་ཙཀྲ་སཾ་བ་ར་ཡ། མགོན་དཀར་དུར་ཁྲོད་བདག་མོའི་ལས་ཚོགས་དམ་པ་རྒྱ་གར་གྱིས་མཛད་པའི་དགྲ་རྐུན་འཆིང་ཐབས་ལ། འཁོར་ལོའི་རྟེན་གྱི་མདུན་དུ་དུར་ཁྲོད་བདག་མོའི་གཏོར་མ་མཆོད་པ་བཤམས་ལ། རང་ཉིད་དམ་པ་རྒྱ་གར་སྐུ་མདོག་སྨུག་ནག་རུས་རྒྱན་ཅན། ཕྱག་གཡས་འཁར་བསིལ་དང་། གཡོན་ལྕགས་ཀྱི་མདའ་གཞུ་བསྣམས་པ། འཁོར་གྲུབ་ཆེན་བརྒྱད་ཅུའི་ཚོགས་གཅེར་བུ་རུས་ཅན་གྱིས་བསྐོར་བར་བསམ། མདུན་དུ་དུར་ཁྲོད་བདག་མོ་ཤིན་ཏུ་ཁྲོས་པ་ཀེང་རུས་གར་བྱེད་པའི་གཟུགས་ཅན། ཕྱག་གཡས་དབྱུག་ཐོ་འཕྱར་ཞིང་གཡོན་བྷནྡྷ་དམར་པོ་ཁྲག་གིས་གང་བ་ཐུགས་
ཀར་འཛིན་པ། དར་གྱི་ཤམ་ཐབས་ཅན། རང་འདྲ་བའི་ཡབ་གཡས་སུ་གནས་པ། གཞན་ཡང་གནས་གསུམ་དང་། ཕོ་ཉ་དང་འཇིག་རྟེན་དང། དམ་ཚིག་དང་། ཤ་ཟའི་མཁའ་འགྲོ་མ་རྗེ་མོ་བཅུ་བཞི། སྲིད་པའི་སྨན་མོ་བཅུ་བཞི། སྲིད་པའི་སྨན་མོ་ལྔ་བཅུ་རྩ་བརྒྱད་ལ་སོགས་འཇིགས་བྱེད་མ་མོའི་ཚོགས་ཆར་སྤྲིན་ལྟར་དུ་འཁྲིགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སྤྱན་དྲངས། ནས་མདུན་བསྐྱེད་ལ་བསྟིམ། ཧཱུྃ་ཛཿ བདེ་མཆོག་རྣམ་སྤྲུལ་མགོན་དཀར་ཡབ་ཡུམ་ནི། །ཀེང་རུས་ཆེན་
པོ་དབྱུག་ཐོ་ཐོད་ཁྲག་བསྣམས། །དུར་ཁྲོད་ཀུན་ནས་འདིར་གཤེགས་མདུན་དུ་བཞུགས། །རང་འདྲའི་སྤྲུལ་པས་འཇིག་རྟེན་ཐམས་ཅད་ཁེངས། །གནོད་བྱེད་དགྲ་ཇག་ཆོམ་རྐུན་གཅན་གཟན་རྣམས། །དབྱུག་ཐོས་བརྡུང་ཞིང་སྦྲུལ་གྱི་ཞགས་པས་བཅིངས། །ཐོད་ཁྲག་རླངས་པས་གདུག་པ་མྱོས་ཤིང་རྨོངས། །ཐམས་ཅད་ཚུར་འདུས་བདག་ཅག་མི་ནོར་གྱི། །མཐའ་ནས་བསྐོར་ཞིང་ཉིན་མཚན་རྒྱུན་དུ་སྲུངས། །གནོད་བྱེད་དཔག་ཚད་ཙམ་དུ་བསྐྲད་པར་གྱུར། །ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། །ཞེས་བཟླ། གལ་ཏེ་རྟ་ནོར་རྣམས་ལ་དགྲ་རྐུན་གྱི་གནོད་པ་བསྲུངས་ན་ནོར་ཕྱུགས་ཤི་བའི་རུས་པ་སྐམ་པོ་མང་པོ་ལ་སྔགས་འདི་ཚེག་མེད་པ་དབུ་ཅན་བྲིས། ཨོགྷིརཛགྷིརཛཀུམཀུམཁཾཐིསམཧཱཐརནིདགྲརྐུན་ཇགགསུམབྷནྡྷབྷནསྭཱཧཱ། །ཞེས་བྲིས་པ་རྟ་ནོར་གྱི་མཐའ་ནས་བསྐོར་ལ་དེ་ལ་དུར་ཁྲོད་བདག་མོ་བཀུག་ཅིང་བསྟིམ་ལ། སྔགས་འདི་མང་བཞིན་བརྗོད་ན་དེ་ནུབ་དགྲ་རྐུན་ཇག་རྣམས་ཀྱི་མིག་ཡུལ་དུ། ཀེང་རུས་མེ་འབར་བ་འུར་རྡོ་བཟུང་བ་མང་པོས་རྟ་ནོར་གྱི་མཐའ་ནས་བསྐོར་ཞིང་བསོ་སྒྲ་དང་བཤུགས་གླུ་དྲག་པོ་ལེན་ཅིང་དགྲ་རྐུན་རྣམས་ཀྱིས་མ་ཐོབ་པ་སྡུག་པ་བཤད་དོ། །ཡང་གཅིག་ལ་མིས་མ་མཐོང་བ་མ་འགོང་བའི་ས་ནས་བྱེ་མ་བླངས་ལ་གོང་གི་སྔགས་དེ་གྲངས་མང་བཏབ་ལ་རྟ་ནོར་གྱི་མཐའ་ནས་
བསྐོར་ལ་གཏོར་བ་དེས་ཆོག་པར་བཤད་དོ། །མཐར་མཆོད་བསྟོད་ནི། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། པཱདྱེ་པུཥྛ་དྷ་པེ་ཨཱ་ལོ་ཀེ་གནྡྷེ་ནེཝི་དྱ་ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ ཧཱུྃ༔ རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་མོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཀེང་རུས་ཆེན་པོ་གར་བྱེད་མཆེ་བ་གཙིགས། །རང་འདྲའི་ཡབ་བཅས་ཁྲོ་བོ་ཁྲོ་མོའི་སྐུ། །རབ་གཏུམ་དབྱུག་ཐོ་འཕྱར་ཞིང་ཐོད་ཁྲག་འཛིན། །དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན། །ཤ་ཟ་ཕོ་མོའི་ཁྲོམ་གྱིས་ལེགས་བསྐོར་ནས། །མཚན་བཞིན་དུར་ཁྲོད་ཉུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྒྱ་གར་ཡུལ་གྱི་དུར་ཁྲོད་གནས་བརྒྱད་དུ། །ཕ་གཅིག་དམ་པས་ཇི་ལྟར་བཀའ་བསྒོས་བཞིན། །བདག་ཅག་མི་ནོར་གཞི་བྱེས་ཐམས་ཅད་ལ། །དགྲ་རྐུན་གཅན་གཟན་གནོད་པ་ཐུབ་པར་སྲུངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕུད་རྒོད་མཆོད་ལ་སརྦ་གཙྪས་རང་གནས་གཤེགས་པའམ། དགོན་པ། གྲོང་ཡུལ། མགྲོན་པོ་སོགས་གང་བསྲུང་བའི་ཕྱོགས་སུ་ཀེང་རུས་དུར་བདག་ཆོས་སྐྱོང་ཚོགས་ཀྱིས་
བསྐོར་ནས་བསྲུང་བ་ཡང་ཡང་བསྒོམ་ལ། ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐར་ནི་དགྲ་རྐུན་ཇག་གསུམ་བྷནྡྷ་བྷནྡྷ་སྭཱ་ཧཱ། ཞེས་འདོན་མི་མང་པོས་འུར་འདོན་བྱས་ན་ལེགས། རང་ཉིད་གཅིག་པུ་ཡིན་ན་བརྒྱ་སྟོང་ཁྲི་སོགས་འདོན། ཨོ་ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཛྭ་ལ་ཡ་ཛྭ་ལ་ཡ་ཧཱུྃ་ཕཊ༔ དགྲ་ཇག་གཅན་གཟན་ཆོམ་རྐུན་ཐམས་ཅད་ཆིངས་ཤིག །ཅེས་གང་མང་བཟླའོ། །དུར་ཁྲོད་བདག་མོ་ཡབ་ཡུམ་ཀེང་རུས་གར་བྱེད་པའི་གཟུགས་ཅན་གཡས་དབྱུག་ཐོ་དང་གཡོན་ཐོད་ཁྲག་སྦྲུལ་ཞགས་བསྣམས་པ་བྱེ་བ་དུང་ཕྱུར་མང་པོ་འཕྲོས་ནས། གནོད་བྱེད་དགྲ་རྐུན་ཇག་གསུམ་གཅན་སྤྱང་ཐམས་ཅད་ཀྱི་མགོ་དབྱུག་ཐོས་རྡུངས། ཡན་ལག་སྦྲུལ་ཞགས་ཀྱིས་བཅིངས། ཐོད་ཁྲག་གི་རླངས་པ་སྤྲིན་དམར་ལྟ་བུར་དཔག་ཏུ་མེད་པ་འཁྲིགས་པས་གནོད་བྱེད་ཐམས་ཅད་ཀྱི་དབང་པོ་མྱོས་ཤིང་འཐིབ་པར་བསྒོམ། བཀའ་བསྒོ་རྒྱུན་དུ་བྱ་ཞིང་གཏོར་མ་འབུལ་བར་ཟབྱའོ། འདི་ནི་བདེ་མཆོག་ཡི་དམ་དང་། དུར་བདག་ཆོས་སྐྱོང་བྱེད་མཁན་རྣམས་ཀྱིས་འདི་ཉིད་བརྩོན་ན་མྱུར། ཞེས་པ་འདི་ནི་གསར་རྙིང་གཅོད་སོགས་ཀྱི་དོན་ཏེ་ལག་ཏུ་བླང་བདེ་བ་བཀོད་པ་འདི་ནི་རཱ་ག་ཨ་སྱས་སོ།། ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
མགོན་དཀར་ལས་ཚོགས་དམ་པ་རྒྱ་གར་གྱིས་མཛད་པ་དགྲ་ཇག་རྐུན་པོ་བཅིངས་བའི་ཞལ་གདམས་རི་སྤུ་མ།
མགོན་དཀར་ལས་ཚོགས་དམ་པ་རྒྱ་གར་གྱིས་མཛད་པ་དགྲ་ཇག་རྐུན་པོ་བཅིངས་བའི་ཞལ་གདམས་རི་སྤུ་མ་བཞུགས་སོ།།
ན་མོ་ཤྲཱི་ཙཀྲ་སཾ་བྷ་ར། མགོན་དཀར་དུར་ཁྲོད་བདག་པོའི་ལས་ཚོགས་དམ་པ་རྒྱ་གར་གྱིས་མཛད་པའི་དགྲ་ཇག་རྐུན་པོ་འཆིང་བ་རི་སྤུ་མ་གོ་བདེ་བར་བཀོད་པ་ནི། རྒྱ་སྣག་གིས་ཤོག་བུ་ལ་མུ་ཁྱུད་ལྔ་བསྐོར་ལ། ལྟེ་བར་ཨོ་ཨཱཧཱུྃ་གསུམ་བརྩེགས་པ་བྲིས། དེ་རྒྱབ་མུ་ཁྱུད་ཆེ་བ་ལ། ཨོ་ཀ་མ་ལ་ཤི་ཛྷཱ་ན་ཧཱུྃ། ཞེས་དམ་པའི་མཚན་སྔགས་དང་། ཨོཾ་གྷི་ར་ཛ་གྷི་ར་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཞེས་དུར་ཁྲོད་བདག་པོའི་སྔགས། ཨོཾ་ཤྲཱི་རཱ་ཟ་གྷོ་རྭ་ཟ་གུ་མ་གུ་མ་ཁུམ་ཐིས་སྭཱ་ཧཱ། ཞེས་ཡུམ་གྱི་སྔགས་བྲི། དེ་རྒྱབ་མུ་ཁྱུད་ཆེ་ཞིང་ཡངས་བ་ལ། འཁོར་
ལོ་རྩིབས་དྲུག་བྲིས་ལ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཝ་ལ་ཡ་ཛ་ལ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། དགྲ་ཇག་པའི་ཁ་ཆིངས་ཤིག༔ རྐུན་མའི་མཆུ་ཆིངས་ཤིག །ཞེས་རྒྱས་པ་ལ་རྩིབས་རེ་ལ་ཚར་རེ་བྲི། བསྡུ་ན་རྩིབས་དྲུག་ལ་བགོ་ནས་ཚར་གཅིག་བྲི། དེ་ཡང་དག་ཆིངས་ལ་དགྲ་དང་། རྐུན་ཆིངས་ལ་རྐུན་མ་དང་། གཅན་གཟན་ལ་གཅན་གཟན་ཞེས་གང་ཡིན་མིང་ཁ་བསྒྱུར་བར་བྱའོ། དེ་རྒྱབ་མུ་ཁྱུད་ལ། ཡེ་དྷམཱ་ཚར་གཅིག་གམ་དུ་ཤོང་བྲི། དེ་རྒྱབ་རྡོ་རྗེའི་རྭ་བ་བྲི། དེ་རྒྱབ་མེ་རི་གཡོན་བསྐོར་བྲི། དེ་ལྟ་བུའི་འཁོར་ལོ་མང་ཉུང་སུ་དགོས་
ལ་བྲིས་ལ། ཀ་ཊོ་ར་ལྟ་བུ་རིན་པོ་ཆེའི་སྣོད་ནས་ཀྱིས་བཀང་བའི་སྟེང་དུ་འཁོར་ལོ་རྣམས་བཀྲམ། དུར་ཁྲོད་བདག་པོའི་གཏོར་མ་དང་མཆོད་པ་རྣམ་ལྔ་བཤམས། རང་ཉིད་དམ་པ་རྒྱ་གར་ལ་གྲུབ་ཆེན་བརྒྱད་ཀྱིས་བསྐོར་བ་ཐམས་ཅད་གཅེར་བུ་རུས་པའི་རྒྱན་ཅན་བསྒོམ། རང་ཕ་དམ་པའི་ཕྱག་གཡས་འཁར་གསིལ་དང་། གཡོན་ལྕགས་ཀྱི་མདའ་གཞུ་བསྣམས་པར་བྷེ་རང་གི་སྤྱི་བོར་ཤཱཀྱ་ཐུབ་པ་ཕྱག་གཡས་སྐྱབས་སྦྱིན་ཅན་བསྒོམ། མདུན་དུ་མགོན་དཀར་དུར་ཁྲོད་བདག་པོའི་མངོན་རྟོགས་ལྟར་སྤྱན་འདྲེན་མཆོད་བསྟོད་བསྐུལ་པ་བྱ། ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་ཇག་གསུམ་བྷནྡྷ་བྷནྡྷ་སྭཱ་ཧཱ། ཞེས་པ་འདི་མང་པོས་འུར་འདོན་བྱས་ཀྱང་ལེགས། གཅིག་གིས་ཡིན་ན་སྟོང་ངམ་ཁྲི་ཙམ་བསྔགས། མི་མང་པོའི་འཁོར་ལོ་ལག་མི་འགྲིམ་པར་ཕུ་འགྲིམ་བྱ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཛ་ལ་ཡ་ཛ་ལ་ཡ་ཧཱུྃ་ཕཊ་དགྲ་རྐུན་ཇག་གསུམ་ཆིངས་ཤིག །ཅེས་པ་སྟོང་ལས་མི་ཉུང་བར་བསྔགས། ཞོར་ལ་ཡུངས་ཀར་སྔགས་ལ། འཁོར་ལོ་རེ་རེའི་ནང་དུ་ཡུངས་ཀར་འབྲུ་བདུན་རེ་བླུག །ཡེ་དྷརྨཱ་སྟོང་ཕྲག་ཙམ་གྱིས་ནས་
སྔགས་ལ་ནས་འབྲུ་གཏོར། དུར་ཁྲོད་བདག་པོ་ཡབ་ཡུམ་དཔག་ཏུ་མེད་པ་དུར་ཁྲོད་ཐམས་ཅད་ནས་སྤྱན་དྲངས་ཏེ་འཁོར་ལོ་ལ་བསྟིམ། འཁོར་ལོ་འདི་སུས་འཆང་བ་ལ་དགྲ་རྐུན་ཇག་གསུམ་གྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ། ཞེས་བཀའ་བསྒོ་དམ་བསྒྲག་བྱ། དེ་ནི་འཁོར་ལོ་ལྟེབས་ལུགས་ནི། ཆེ་ཆུང་གང་འདོད་ཡིན་ཏེ། ལྟེ་བའི་ཨོ་ཨཱཧཱུྃ་དེ་མགོ་མཇུག་མ་ལོག་པར་བྱ། དེ་རྒྱབ་རི་ཝོང་སྤུས་བཏུམ་ལ། ཤོག་བུ་མི་གསལ་ཙམ་དུ་བཏུམ། དེ་རྒྱུབ་ཚོན་སྐུད་ཁ་དོག་སྣ་ལྔ་རྙེད་ན་རབ། མ་འཛོམ་ན་མཉྫི་ལེགས་པའི་སྐུད་པས་རྒྱ་གྲམ་དུ་དཀྲི། །དེ་རྒྱབ་བུ་མོ་མགོ་གཙང་གིས་བཀལ་བའི་སྐུད་པ་དཀར་པོ་གཙང་མས་སྲུང་མདུད་ཀྱི་མདུད་པ་གཉིས་རེ་རྒྱབ་ལ། དུར་ཁྲོད་༔ བདག་པོ་ཡབ་ཡུམ་གཉིས་སུ་བསྒོམ་ལ། གོང་དུ་འཁོར་ལོ་དང་མཉམ་དུ་སྔགས་ལ་དེས་དཀྲིས། དེ་རྒྱབ་གཡོགས་གང་བདེ་བྱས་ལ་མི་དང་རྟ་དྲེལ་བསྲུངས་ན་མགུལ་དུ་བཏགས། ཡང་ན་རྔོག་མ་ལ་བཏགས་གྲོང་ཁྱེར་རམ་དགོན་པའམ། ཁྱིམ་བསྲུངས་ན་སྒོ་གོང་དུ་བཏགས་ཏེ། གོང་དུ་འཁོར་ལོའི་ནང་དུའང་འདོད་གསོལ་བྲིས་ན་ལེགས་མ་བྲིས་ཀྱང་ཆོག །
སེ་ར་རྩིས་ཆེན་པོར་དོགས་པ་ནང་དུ་བཞག །དེ་ལྟར་བྱས་པས་དགྲ་རྐུན་བསྲུངས་བར་གསུངས། རྒྱུན་དུ་ཡང་གཏོར་བསྔོས་ཞོར་དུ་དུར་ཁྲོད་བདག་པོ་ཡབ་ཡུམ་ལས་ཀོ་རུས་ཐོད་དབྱུག་དང་ཐོད་ཁྲག་སྦྲུལ་ཞགས་ཅན་བྱེ་བ་དུང་ཕྱུར་འཕྲོས་ནས་གནོད་བྱེད་ཐམས་ཅད་ཀྱི་སྙིང་ག་དང་མགོ་ལ་དབྱུག་ཐོས་བརྡུང་། སྦྲུལ་ཞགས་ཀྱིས་ཡན་ལག་བཅིངས། ཐོད་ཁྲག་གི་རླངས་པ་སྤྲིན་དམར་ལྟ་བུའི་དབང་པོ་མྱོས་ཤིང་འཐིབ་པར་བསྒོམ་ཞིང་གཏོར་འབུལ་བཀའ་བསྒོ་རྒྱུན་དུ་བྱས། སྔགས་ལ། མ་ཧཱ་ཐ་ནུ་ཅན་དེ་ཅི་ལྕོགས་རྒྱུན་བསྙེན་བྱ། ཀོ་རུས་ཚོའང་འགྲོ་ཕྱོགས་སུ་སྤྲོས་པའི་དམིགས་པ་དང་། དགོན་པ་ཁང་པ་ལ་སོགས་ལ་མཐའ་ཐམས་ཅད་ཀོ་རུས་ཀྱིས་བསྐོར་ནས་བསྲུང་བར་བསྒོམ་པའི་དམིགས་པ་ཡང་ཡང་བྱའོ། །འདི་ནི་དུར་ཁྲོད་བདག་པོ་ལ་ཆོས་སྐྱོང་བྱེད་མཁན་དག་གིས་བྱས་ན་འདི་ལས་ཟབ་པ་མེད་ལ། གསར་རྙིང་གཅོད་སོགས་ཐམས་ཅད་ཀྱིས་དོན་བསྡུས་ལག་ཏུ་བླང་བདེ་བར་ངག་ཁྲིད་ལ་བཀོད་པས། འགྲོ་བ་སེམས་ཅན་རྣམས་ལ་ཕན་ཞིང་བདེ་ལེགས་ཀྱི་དཔལ་ལ་སྤྱོད་པར་གྱུར་ཅིག །ཅེས་པ་འདི་ངོམ་གྱི་ཆུ་བོ་གསེར་ལྡན་གྱི་འགྲམ་དཔལ་རི་རྩེའི་སྒྲུབ་ཁང་གནས་སུ་བིརྱ་ས་ག་སོགས་
དོན་གཉེར་གྱི་བླ་མ་དག་ལ་ངོམས་དགོངས་ཤིང་མེ་ཕོ་རྟའི་ལོའི་ཟླ་ཚེས་ལ་མཚུངས་མེད་རྩ་བའི་བླ་མ་རིན་པོ་ཆེ་རཱ་ག་ཨ་སྱས་བསྩལ་བའོ། །ཨོཾ་ཀ་རུང་མ་རུང་། མིང་ནིང་མེ་ཆིང་ཆིང་རྩ་བསྡམ་བསྡམ་ཟདགྲ་རྐུན་ཇག་གསུམ་གྱི་ལུས་ངག་ཡིད་གསུམ་གྱི་ལུས་ངག་ཡིད་ཆིང་ཆིང་ཁ་ཐཾ་ལྕེ་དྲིལ་ཨོ་གང་མ་ཨོག་མཛེར་ཡན་ལག་ཆིང་ངག་ནན་ཡེ་སྭཱ་ཧཱ། ༀ་ཤྲཱི་རྭ་རྩ་གྷི་རཱ་རྩ་གྷ་མ་གྷ་མ་ཐིབས་སེ་ཐེབ་སི་སྭཱ་ཧཱ། དཔལ་དུར་ཁྲོད་ཀྱི་བདག་པོ་ལས་ཚོགས་བཀའ་རྒྱ་ཅན་འདི། དགྲ་རྐུན་ལ་སོགས་གང་ལའང་། ཀ་ཆེ་དང་ནོར་ཕྱུགས་ལ་སོགས་རེ་རེ་ཁྱུ་བསྲུང་ཡིན་པས་ཆོག །ཡེ་དྷརྨས་རབ་གནས་བྱ། ཚེག་མེད་ཕྲེང་གཅིག་བྱ། མཇུག་ནས་ཡར་བྲིས། ཡེ་དྷརྨ་ཤོག་བུ་ལ་བྲིས་ནས་རྒྱབ་ལོགས་ལ་བྲིས་ཡང་འདུག །ནོར་ཕྱུགས་ལ་སོགས་རྔ་མའམ་གང་བདེར་གཞན་གྱི་མི་མཐོང་བར་གལ་ཆེ། སྤྱི། ཞལ་ཤེས་ཡི་གེ་བཀོད་པའོ། །མངྒ་ལཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དུར་བདག་ཞལ་གདམས།
ན་མོ་ལོ་ཀི་ཤྭ་ར་ཡེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོའི་གནས་དང་ཡོ་བྱད་བསྲུང་ཐབ་ཆེ་ཕྲ་དུ་མ་གསུངས་མོད་ཀྱི། མཆོག་ཏུ་གྱུར་པ་འདི་ལྟ་སྟེ། གནས་ཁང་གི་སྒོ་དང་རྟ་ཕྱུགས་ལ་རི་སྤུ་མའི་ཙཀྲ་བཏགས་ཐུབ་ན་རབ། རྟ་ཕྱུགས་ལ་བཟླ་བྱའི་སྔགས་འདིའི་ཤོག་དྲིལ་དང་ཡུངས་ཀར་སྔགས་པའི་རས་ཐུམ་དཀར་པོ་བཏགས་པ་འབྲིང་། ཐ་ཀླུམ་སྲུང་སྐུད་དཀར་པོ་ལ་མདུད་ནས་སྔགས་ཏེ་བཏགས། ས་གཙང་མ་ལ་མང་དུ་བཟླས་ནས་ནུབ་མོ་རང་དང་མཚམས་གཡོག་གཉིས་ལས་གཞན་གྱིས་མ་ཚོར་བར་གནས་ཁང་གི་མཐའ་ལ་སས་བསྐོར་རོ། །ནོར་ཕྱུགས་ཀ་ཆ་ལ་ཡང་གཏོར། དེ་རོགས་ཀྱིས་མ་ཚོར་བ་རྟེན་འབྲེལ་གྱི་དམ་ཚིག་ཡིན་ནོ། དུར་ཁྲོད་བདག་པོའི་གཏོར་མ་ཞིག་གསོས་ནས། སྲོད་ལ་དེའི་གཏོར་ཆོག་འདོན་ཐུབ་ན་རབ། མ་ཐུབ་ན་སྤྱན་འདྲེན་ཤོ་ལོ་ཀས་སྐད་ཅིག་ལ་སྤྱན་དྲངས་ལ་སྔགས་ཀྱིས་གཏོར་མ་བསྔོས། ཆོམ་རྐུན་བསྲུང་བར་འདོད་གསོལ་བྱས། བསྟོད་པ་ཤོ་ལོ་ཀ་གཅིག་གིས་བསྟོད་ལ་འབྲིང་། ཐ་མ་སྔགས་བརྗོད་པ་ཙམ་གྱིས་མདུན་དུ་སྐད་ཅིག་ལ་དམ་ཡེ་དབྱེར་མེད་དུ་བསྐྱེད་ལ། སྔགས་ལ་ཁཱ་ཧི་བཏགས་པས་གཏོར་མ་བསྔོས། རང་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་དུར་ཁྲོད་བདག་
པོ་ཡབ་ཡུམ་ལ་ཕོག་པས། དེ་གཉིས་ལས་རང་འདྲ་བ་བྱེ་བ་དུང་ཕྱུར་འཕྲོས། གནོད་བྱེད་ཆོམ་རྐུན་རིང་ལ་གནོད་པར་སེམས་པ་ཐམས་ཅད་དབྱུག་ཐོས་བརྒྱབས་པས་དྲན་མེད་དུ་སོང་བས་གནོད་སེམས་དང་བྲལ་ཕྱག་གཡོན་སྦྲུལ་ཞགས་ཀྱིས་རྐང་ལག་བཅིངས་ཏེ་ནུས་པ་མེད་པར་བྱས། སླར་སྤྲུལ་པ་ཐམས་ཅད་ཚུར་འདུས་པས་རང་དང་བསྲུང་བྱའི་གནས་ཁང་གི་ཐ་མ་ནས་ཐམས་ཅད་ཞལ་ཕྱིར་གྱུ་ཏེ་སྔགས་སྒྲ་དང་ཀུ་སྒྲ་བཤུད་གླུ་དང་བཅས་ཉིན་མཚན་དུ་སྲུང་བར་བསྒོམ་ལ། ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སཱ་ཧཱ། མ་ཧཱ་ཐ་ནུ་གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད་བྷན་བྷན་སཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་སོགས་གལ་ཆེ་ན་དེ་ལྷག་གམ་སྐབས་དང་སྦྱར་ལ་ནུབ་མོ་རྒྱུན་དུ་མ་ཆག་པར་བྱས་པས་ཤིན་ཏུ་ཟབ་བོ། །གཞན་སྲུང་ན་ཡང་གདམས་པ་འདི་ཕྲད་ན་རབ། མ་འཕྲད་ཀྱང་ཏིང་ངེ་འཛིན་གྱིས་སྲུང། གནས་སུ་འགྲོ་བ་ལ་ཡང་ཀེང་རུས་ཡབ་ཡུམ་མང་པོ་སྤྲོས་པས་ཕྱོགས་དེའི་དགྲ་ཇག་བཅིང་བ་དང་བསྐྲད་པར་བསྒོམ། དགྲ་བྲུབ་བརྒྱབ། གཏོར་བསྔོས་ཞོར་སོགས་ཡབ་ཡུམ་གཏོར་འབུལ་བསྐུལ་སོགས་བྱ། འདི་ནི་དང་པོའི་ཐུགས་བསྐྱེད་སྨོན་ལམ་གྱི་གནད་ཀྱིས་གཞན་ལས་ཟབ་བོ༔ ལྕེ་ཞེས་ཨ་རཱ་གས་སོ།།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་དང་དཀོར་བདག་ངེ་ནུས་མ་བཅས་ཀྱི་རྒྱུན་གསོལ་རྐུན་སྲུང་།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་དང་། དཀོར་བདག་ངེ་ནུས་མ་བཅས་ཀྱི་རྒྱུན་གསོལ་རྐུན་སྲུང་ནི། གསེར་སྐྱེམས་སོགས་ཕུད་མཆོད་བཤམས་ལ། རང་སྤྱན་རས་གཟིགས་དངོས་སུ་ཡིན་པར་བསམ། མདུན་དུ་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་ཀེང་རུས་ཆེན་པོ་ཐོད་དབྱུག་དང་ཐོད་ཁྲག་འཛིན་པ་ཁྲ་སྤུང་ངེ་བ་ཤིན་ཏུ་ཆེ་ལ་འཇིགས་པ་བྱོན་པར་བསམ། ངེས་ནུས་མའང་། ལྷ་མོ་དཀར་མོ་དྲེའུ་ལ་ཞོན་པ་ལག་ན་ལྕགས་ཀྱུ་དང་ལྕགས་སྒྲོག་གི་དྲ་བ་ཁུག་མའི་རྣམ་པ་ཅན་བཟུང་བ་དེ་འདྲ་བ་མང་པོར་བྱུང་བར་བསམ་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ། ཧཱུྃ་ཛཿ བདེ་མཆོག་རྣམ་འཕྲུལ་མགོན་དཀར་ཡབ་ཡུམ་ནི། །ཀེང་རུས་ཆེན་པོ་དབྱུག་ཏོ་ཐོད་ཁྲག་འཛིན། །དུར་ཁྲོད་ཀུན་ནས་འདིར་གཤེགས་མདུན་འདིར་བཞུགས། །དམ་རྫས་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ། །རང་འདྲའི་སྤྲུལ་པས་འཇིག་རྟེན་ཐམས་ཅད་གང་། །གནོད་བྱེད་དགྲ་ཇག་ཆོམ་ཀུན་གཅན་གཟན་རྣམས། །དབྱུག་ཏོས་བརྡུངས་ཤིང་སྦྲུལ་གྱི་ཞགས་པས་ཆིངས། །ཐོད་ཁྲག་རླངས་པས་གདུག་པ་མྱོས་ཤིང་རེངས། །ཐམས་ཅད་ཚུར་འདུས་བདག་ཅག་མི་ནོར་གྱི། །མཐའ་ནས་བསྐོར་ཞིང་ཉིན་མཚན་རྒྱུན་དུ་སྲུངས། །གནོད་བྱེད་དཔག་ཚད་ཙམ་དུ་བསྐྲད་པར་གྱུར། །བྷྱོ། བདེན་བྲལ་མུན་
པ་ཅན་གྱི་དུར་ཁྲོད་ནས། །སྐོར་གྱི་བདག་པོ་རྡོ་རྗེ་ངེ་ནུས་མ། །འདིར་གཤེགས་དམ་རྫས་བདུད་རྩིའི་གསེར་སྐྱེམས་བཞེས། །དཀོར་རྣམས་སྲུང་ཞིང་སྐྱོབ་པའི་ལས་མཛོད་ལ། །གནོད་བྱེད་དགྲ་རྐུན་ལག་ཏུ་མ་ཤོར་ཅིག །ཅེས་ཕུད་ནམ་མཁར་མཆོད་ལ་གོང་ལྟར་བསྒོམ་ལ་ཉིན་མཚན་རྒྱུན་དུ་མི་འབྲལ་བར་རྒྱུ་ནོར་ཐམས་ཅད་བསྲུངས་ནས། དགྲ་རྐུན་ཇག་པ་གཅན་གཟན་གནོད་པ་བྱེད་པ་ཐམས་ཅད་ཡུལ་གཞན་དུ་བསྐལ་བར་བསམ། འགའ་ཞིག་གྲུ་གུ་བཞིན་དུ་བསྡོམས་ཏེ་བཅིངས་ནས། མགོ་ལ་རྨུ་གབ་ནག་པོས་གཡོག་པར་བསམ་ལ་སྔགས་འདི་དག་ནངས་ནུབ་བརྒྱ་རེ་མ་ཆག་པར་བཟླའོ། །ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཨོ་ར་ལི་པྲ་མ་ཡེ་ས་མ་ཡེ་ཛཿཛཿ གནོད་བྱེད་ཐམས་ཅད་བྷན་བྷནྡྷ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་སྔགས་འདི་དག་ནངས་ནུབ་བརྒྱ་རྩ་རེ་མ་ཆག་པར་བྱ། དེ་ཡན་རྒྱུན་དུ་ཇག་རྐུན་གཅན་གཟན་སོགས་ཀྱིས་གནོད་བྱེད་མི་ནུས། དེ་ནི་གསེར་སྐྱེམས་སམ་མཆོད་པ་ཚར་རེ་མ་ཆག་པར་བྱ་དགོས། གལ་ཏེ་དོ་གལ་ཆེ་ཞིང་གནོད་པའི་སར་འགྲོ་སྡོད་བྱ་དགོས་བྱུང་ན་གསེར་སྐྱེམས་ཉིན་རེ་དུས་གསུམ་འདོན། ཡང་ན་ཚར་དགུ་ཙམ་འདོན་ལ་ཕུད་ལན་དགུ་མཆོད། སྔགས་དེ་སྟོང་ཕྲག་ཙམ་བཟླས་པའམ་བྱེ་མ་ལ་སྔགས་ནས་དོ་ནུབ་སྒར་གྱི་མཐའ་ནས་བསྐོར་བར་བྱས་ལ་བྱེ་མ་གཏོར། སྐུད་པ་དཀར་པོ་ལ་སྔགས་ནས་མདུད་པ་བོར་ཏེ། རྟ་ནོར་སོགས་ལ་
བཏགས་སོ། །དེ་ལྟར་བྱས་ན་ཇག་རྐུན་སོགས་ལ་ཤོར་མི་སྲིད་དོ། །འདི་གཅན་གཟན་གྱི་འཚེ་བ་ལའང་ཤིན་ཏུ་ཕན་པ་ཡིན། འདི་ནི་སྒྲུབ་ཐབས་རྒྱས་བསྡུས་འགའ་ཡི་ནང་ནས་ཉེར་མཁོ་ཉམས་ཆུང་ལ་ཕན་ཕྱིར་ཁོལ་དུ་ཟཕྱུང་སྟེ་བྲིས་པའོ། །ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྒྱུན་ཁྱེར་ཉམས་ལེན།
མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྒྱུན་ཁྱེར་ཉམས་ལེན་བཞུགས་སོ༔ ཧཱུྃ་ཛཿ བདེ་མཆོག་རྣམ་འཕྲུལ་མགོན་དཀར་ཡབ་ཡུམ་ནི༔ ཀེང་རུས་ཆེན་པོ་དབྱུག་ཏོ་ཐོད་ཁྲག་འཛིན༔ དུར་ཁྲོད་གནས་ནས་འདིར་གཤེགས་མདུན་འདིར་བཞུགས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཐམས་ཅད་གང་༔ གནོད་བྱེད་དགྲ་བགེགས་ཆོམ་རྐུན་གཅན་གཟན་རྣམས༔ དབྱུག་ཏོས་རྡུངས་ཤིང་སྦྲུལ་གྱི་ཞགས་པས་ཆིངས༔ ཐོད་ཁྲག་རླངས་པས་གདུག་པ་མྱོས་ཤིང་རེངས༔ ཐམས་ཅད་ཚུར་འདུས་བདག་ཅག་མི་ནོར་གྱི། མཐའ་ནས་བསྐོར་ཞིང་ཉིན་མཚན་རྒྱུན་དུ་སྲུང་༔ གནོད་བྱེད་དཔག་ཚད་ཙམ་དུ་བསྐྲད་པར་གྱུར༔ ཨོཾ་གྷི་ར་ཛ་གྷི་ར་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ༔ བསྙེན་པ་འབྲུ་བཅོ་ལྔ་པའོ།། ཨོཾ་གྷི་ར་ཛ་གྷི་ར་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་ཇག་གསུམ་ཙཀླུ་མུ་ཁཾ་བྷན་དྷ་བྷན་དྷ་སྭཱ་ཧཱ༔ ཞེས་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །།
དུར་བདག་ཀ་བསྟོད།
ཀ་ཡེ་ཀེང་རུས་གཟུགས་ཅན་ཡབ་དང་ཡུམ། །ཁ་དོག་ཁ་བ་དུང་དང་ཟླ་བའི་མདངས། །ག་ཤལ་ཐོད་རློན་རིན་ཆེན་རྒྱན་ཕྲེང་འཕྱང་། །ང་རོས་རང་སྔགས་ཎི་ཛ་བྷན་དང་། །ཅ་ཅོ་བཤུད་པའི་སྒྲ་ཡིས་གཅན་གཟན་བསྐད། །ཆ་ལུགས་མགོན་དཀར་ཀེང་རུས་ཁྲོས་པ་ལ། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་བ་ལྟ་བུའི་སྤྱན་མིག་གིས། །རྟ་དྲེལ་ནོར་ཕྱུགས་ཀ་ཆ་ཐམས་ཅད་དང་། །ཐ་ན་སྒོ་ཁྱི་ཡན་ཆད་ཐམས་ཅད་ལ། །ད་ནི་རྟག་ཏུ་གཟིགས་ལ་སྲུང་བར་མཛོད། །ན་ར་ཀན་སོགས་སྔོན་གྱི་དམ་བཅའ་དགོངས། །པ་དེ་པུ་དེ་ཁ་མཆུ་གླེང་གཞི་དང་། །ཕ་རོལ་གནོད་བྱེད་དགྲ་ཇག་ཆོམ་རྐུན་ཚོགས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་གཡེལ་མ་གཡེལ་ཕྲིན་ལས་དུས་ལ་བབ། །ཙ་ན་དགྲ་རྐུན་འཇམ་དང་ཚ་བྱུང་ཆེ། །ཚ་ཟེར་ལྡན་པས་མེ་ཞགས་གློག་འོད་སོགས། །ཛ་ཛ་རཾ་རཾ་མེལ་ཚེ་མ་གཡེལ་བར། །ཝ་ལྟར་ཇག་རྐུན་བྲོས་པའི་ལས་མཛོད་ཅིག །ཞ་ལྟར་རྣལ་འབྱོར་གཙུག་ཏུ་བཀུར་མཛད་པའི། །ཟ་བྱེད་ཤ་ཟ་དུར་བདག་ཡབ་དང་ཡུམ། །འ་འུར་ལ་ཆེན་གཡོ་བའི་ཆོ་འཕྲུལ་དང་། །ཡ་
མ་ར་ཛ་ལྟ་བུ་རྔོམ་གྲགས་ཅན། །ར་ཆེན་འབུམ་ཕྲག་རང་འདྲ་མང་པོར་བཅས། །ལ་ཆེན་མགོན་དཀར་ཡབ་ཡུམ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་འབུལ་གྱི་བཞེས། །ས་ཆ་གར་འགྲོ་གར་འདུག་ཐམས་ཅད་ལ། །ཧ་ཧི་གད་རྒྱང་དང་བཅས་སྲུང་སྐྱོབ་མཛོད། །ཨ་ལ་ལ་ཧོ་འདོད་དགུ་དངོས་གྲུབ་སྩོལ། །ཅེས་གྲུ་པ་སྟོད་དང་སྤྱི་དང་བཅས་དགྲ་ཇག་རྐུན་གྱི་འཇིགས་པ་ཆེན་པོའི་སྐབས་སུ་རཱ་ག་ཨ་སྱས་སྦྱར་བའོ།། །།
མགོན་དཀར་དུར་ཁྲོད་ཀྱི་བདག་པོ་རྒྱུན་ཁྱེར་ཉམས་ལེན་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།
མགོན་དཀར་དུར་ཁྲོད་ཀྱི་བདག་པོ་རྒྱུན་ཁྱེར་ཉམས་ལེན་ཟིན་བྲིས་འཇིགས་པ་ཀུན་སྐྱོབས་ཞེས་བྱ་བ་བཞུགས་སོ། །སྣོད་མིན་ལ་གསང་རྒྱ་ཁ་ཐཾ༔
ཧཱུྃ་ཛཿ བདེ་མཆོག་རྣམ་འཕྲུལ་མགོན་དཀར་ཡབ་ཡུམ་ནི། །ཀེང་རུས་ཆེན་པོས་དབྱུག་ཏོ་ཐོད་ཁྲག་འཛིན། །དུར་ཁྲོད་གནས་ནས་འདིར་གཤེགས་མདུན་འདིར་བཞུགས། །དཀར་གསུམ་མངར་གསུམ་མཆོད་པ་འདི་བཞེས་ལ། །རང་འདྲའི་སྤྲུལ་པས་འཇིག་རྟེན་ཐམས་ཅད་གང་། །གནོད་བྱེད་དགྲ་བགེགས་ཆོམ་རྐུན་མ་ལུས་རྣམས། །ངན་སྨྲས་ཕྲ་མ་བྱེད་པ་ཐམས་ཅད་ཀུན། །དབྱུག་ཐོས་རྡུངས་ཤིང་སྦྲུལ་གྱི་ཞགས་པས་བཅིངས། །ཐོད་ཁྲག་རླངས་པས་གདུག་པ་མྱོས་ཤིང་རེངས། །ཐམས་ཅད་ཚུར་འདུས་བདག་ཅག་མི་ནོར་གྱི། །མཐའ་
ནས་བསྐོར་ཞིང་ཉིན་མཚན་རྒྱུན་དུ་སྲུང་། །གནོད་བྱེད་དཔག་ཚད་ཙམ་དུ་བསྐྲད་པར་གྱུར། །ཨོ་གྷི་རཱ་ཛ་གྷི་རཱ་ཛི་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཞེས་བསྙེན་པ་འབྲུ་བཅོ་ལྔའོ། །ཨོ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་ཇག་གསུམ་བྷན་དྷ་བྷན་དྷ་སྭཱ་ཧཱ༔ དུར་ཁྲོད་བདག་པོ་མགོན་དཀར་ཡབ་ཡུམ་འདི། །ངོ་བོ་བདེ་མཆོག་རྣམ་འཕྲུལ་ཡིན་པའི་ཕྱིར། །ཕྱི་མའི་ས་ལམ་བར་ཆད་སེལ་བར་ནུས། །སྔོན་ཚེ་མུ་གེ་ཆེན་པོ་བྱུང་བའི་ཚེ། །ལྕམ་དྲལ་གཉིས་ཀྱིས་ཤ་ཁྲག་ཕ་མ་གསོས། །མུ་གེ་མེད་དང་ཤ་ཁྲག་ཟད་པ་མཉམ། །དེ་དུས་བདེ་མཆོག་ཞལ་གཟིགས་སྨོན་ལམ་བཏབ། །མ་འོངས་བཀྲེས་སྐོམ་དབུལ་ཕོངས་སེལ་བ་དང་། །
དགྲ་ཇག་གཅན་སྤྱང་དུད་འགྲོ་འཕེལ་བ་དང་། །ཡབ་ཡུམ་བདེ་མཆོག་ལྷ་སྲིན་སྡེ་བརྒྱད་བཅས། །སྨོན་ལམ་མགྲིན་གཅིག་བཏབ་པ་དེ་ཡི་མཐུས། །ནོར་ལྷའི་མཆོག་ཡིན་ཇག་རྐུན་འཆིང་བར་རྣོ། །རྒྱུད་ནི་འཁོར་ལོ་སྡོམ་པས་གསུངས་པ་སྟེ། །རྒྱ་གཞུང་པཎ་ཆེན་བཻ་རོ་ཙཱ་ནས་མཛད། །སྒྲུབ་ཐབས་རྒྱས་བསྡུས་མང་པོ་ལོགས་སུ་གསལ། །འདི་ནི་རྒྱུན་ཁྱེར་ལམ་སྲུང་ཉེར་མཁོ་སྟེ། །བདག་བསྐྱེད་ཡི་དམ་བདེ་མཆོག་ཡིན་ན་བཟང་། །མིན་ཀྱང་ཡི་དམ་གང་རུང་གསལ་བར་བསྒོམ། །དེ་ཡི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །རྒྱ་གར་ཡུལ་གྱི་དུར་ཁྲོད་གནས་བརྒྱད་དང་། །ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་དུར་ཁྲོད་བརྒྱད། །ཁྱད་པར་སོ་ས་གླིང་གི་དུར་ཁྲོད་ནས། །མགོན་དཀར་ཡབ་ཡུམ་སྤྱན་དྲངས་མདུན་དུ་བཞུགས། །ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར། །དེ་མཐར་ཡབ་ཀྱི་སྔགས་ཕྲེང་གཡས་སུ་འཁོར། །ཡུམ་གྱི་ཐུགས་ཀར་ཉི་སྟེང་ཛ་དམར་པོ། །དེ་མཐར་ཡུམ་གྱི་སྔགས་ཕྲེང་གཡོན་དུ་འཁོར། །ཡུམ་སྔགས་ཛ་ཡི་ཚབ་ཏུ་ཟ་ཡིན་ཏེ། །འདོན་ནི་མི་དགོས་བསྒོམས་པས་ཆོག་པ་ཡིན། །རང་གི་ཐུགས་ལས་འོད་འཕྲོས་ཡབ་ཡུམ་ལ། །ཕོག་པས་སྔགས་ཕྲེང་དྲག་འཁོར་དམ་ཚིག་དྲན། །རང་འདྲའི་སྤྲུལ་པ་གཅིག་འཕྲོས་གཅིག་ལས་གཉིས། །གཉིས་ལས་བཞི་དང་བཞི་ལས་བརྒྱད་དུ་གྱུར། །བརྒྱད་ལས་བཅུ་དྲུག་དེ་ལས་གྲངས་མེད་གྱུར། །ཕྱོགས་བཅུ་ཀུན་ཏུ་རྒྱུག་ཅིང་རླུང་ལྟར་འཚུབ། །རང་ལ་གནོད་པར་གྱུར་ཞིང་གནོད་སེམས་ཅན། །དགྲ་ཇག་ཆོམ་རྐུན་གཅན་གཟན་ཐམས་ཅད་
ཀྱིས། །མགོ་དང་སྙིང་ཁར་དབྱུག་ཏོས་དྲག་ཏུ་བརྡུང་། །མགོ་འཁོར་དྲན་པ་གཏོར་ཞིང་ནག་ཐོམ་སོང་། །སྦྲུལ་ཞགས་མང་པོས་རྐང་ལག་བསྡམས་ཏེ་བཞག །ཐོད་ཁྲག་རླངས་པ་ན་བུན་ལྟ་བུ་ཡི། །གདུག་པས་མྱོས་ཤིང་རྐང་ལག་ཤིང་ལྟར་རེངས། །དེ་ནས་སྤྲུལ་པ་ཐམས་ཅད་ཚུར་འདུས་ཏེ། །བདག་ཅག་མི་ནོར་འཁོར་དང་བཅས་པ་ཡི། །མཐའ་ནས་བསྐོར་ཞིང་གྲལ་ནི་རིམ་པ་གསུམ། །དབྱུག་ཐོ་ཕྱར་ཞིང་མིག་ནི་དམར་ཧ་རེ། །བཤུད་པ་ཙེར་ཙེར་ཀུ་སྒྲ་ལྷང་ལྷང་སྒྲོག །ཉིན་མཚན་མེད་པར་རྒྱུན་དུ་དེ་ལྟར་བསྲུང་། །གནོད་བྱེད་དཔག་ཚད་མི་གནས་འབྲོས་པར་བསྒོམ། །གལ་ཏེ་བསྲུང་བྱའི་ཕྱོགས་ན་ཕར་དམིགས་ན། །།སྒར་དང་རི་ཁྲོད་རུ་བ་ལ་སོགས་པའི། །ཐག་རིང་སོ་སོར་ཡོད་པར་གྱུར་ན་ཡང་། །སྤྲུལ་པ་མ་འདུས་སོ་སོར་བསྐོར་བར་བསྒོམ། །སང་ཉིན་འཇིགས་སྐྲག་ཡོད་པའི་ཕྱོགས་འགྲོ་ན། །དེར་དགོངས་གོང་ལྟར་སྤྲུལ་པའི་མགོན་པོ་རྣམས། །ལམ་དགྲ་བརྡུང་དང་བཅིང་དང་མྱོས་དང་རེངས། །གོང་ལྟར་དྲག་ཏུ་བསྒོམ་ཞིང་སྔགས་བཟླས་ལ། །སྤྲུལ་པ་མི་བསྡུ་དེ་གར་སྤྲོ་ལ་བཞག །གཏོར་མ་འབུལ་ཞིང་བཀའ་བསྒོ་གྲུབ་ན་ལེགས། །མ་གྲུབ་ཟས་ཀྱི་ཕུད་ལ་ཆངས་བུ་བྱ། །ཡབ་ཡུམ་སྔགས་ལ་བ་ལིང་ཏ་ཁཱ་ཧི་བཏགས། །གཅིག་དེ་མདུན་དང་གཅིག་དེ་རྒྱབ་ཏུ་འཕང་། །ཤིན་ཏུ་གལ་ཆེ་དོ་དམ་དགོས་པ་ན། །བྱེ་མའམ་ནི་ས་ཕྱེ་གཙང་མ་ལོ། །མང་དུ་བསྔགས་ལ་གཞན་གྱིས་མ་མཐོང་བར། །སྲོད་དང་ཐོ་རངས་ནོར་དང་ཀ་ཆར་བཏབ། །དེ་
ནི་གདམས་ངག་ཆེན་པོ་ཡིན་པར་བཤད། །སྒར་དང་བྲང་ང་ཡུན་རིང་འདུག་པ་ལ། །ཤ་མེད་སྔར་གྱི་རུས་པ་སྐམ་པོ་ལ། །མང་དུ་བསྔགས་ལ་རྟ་ནོར་མཐའ་བསྐོར་གཏོར། །རི་ཡི་རྐུན་མ་འོང་བའི་ལམ་འཕྲང་དུ། །གཏོར་ནས་རྐུན་མས་མི་འཐོབ་སྡུག་པར་བཤད། །ཐག་རིང་གལ་ཆེན་འགྲིམ་པར་གཏོང་དགོས་ན། །སྔགས་ཐུང་མཇུག་ཏུ་འཆང་བ་པོ་ལ་ནི། །རཀྵ་རཀྵ་ཞེས་པ་བཏགས་པ་དང་། །སྔགས་རིང་དེ་ཉིད་ཤོག་དྲིལ་ཕྲེང་གཅིག་བྲིས། །སྲུང་སྐུད་དཀར་པོར་མདུད་པ་གཉིས་རྒྱབ་ཏེ། །མདུད་པའི་བར་དུ་ཤོག་དྲིལ་མཇུག་ནས་དྲིལ། །དེ་གསེབ་ཡུངས་དཀར་འབྲུ་བདུན་སྔགས་ལ་བཅུག །སྔགས་རིང་དེ་ཡིས་ཅི་ནུས་སྔགས་བྱས་ཏེ། །དེ་ཉིད་མི་དང་རྟ་དྲེལ་ཀ་ཆ་སོགས། །གལ་ཆེན་རྣམས་ལ་བཏགས་པས་ལམ་སྲུང་མཆོག །ཡང་ན་སྲུང་མདུད་དཀར་པོ་རིང་བ་ལ། མདུད་པ་ཉེར་གཅིག་ཡབ་ཡུམ་བསྒོམ་ཞིང་བརྒྱབ། །སྤྲུལ་པས་ཐོད་དབྱུག་གོད་འདྲེ་བརྡུངས་ཤིང་བསྐྲད། །སྔགས་ཐུང་སྭཱ་ཧཱའི་གོང་དུ་འདི་ཉིད་སྦྱར། །འཆང་བ་པོ་ལ་གོད་ཁའི་གནོད་པ་རཀྵ་རཀྵ། །དེ་བཏགས་གོད་ཁ་འཆད་པར་བྱ་བ་སྟེ། །ཡང་ན་སྭཱ་ཧཱའི་བར་དུ་འདི་ཉིད་སྦྱར། །འཆང་བ་པོའི་སྒབ་འཕེལ་བར་གྱུར་ཅིག །སྔགས་དེས་བསྔགས་ནས་བཏགས་པས་སྒབ་འཕེལ་ལོ། །འཕྲལ་དེར་གཏོར་མ་འབུལ་བར་མ་གྲུབ་ཀྱང་། །རྗེས་སོར་གཏོར་བསྔོས་བསྐང་བ་གཏོང་སྐབས་སུ། །འདོད་དོན་གང་ཡོད་བརྗོད་ལ་བཀའ་བསྒོ་བྱ། །རྒྱུན་དུ་འཇིགས་སྐྲག་མེད་ཅིང་ནོར་སྒྲུབ་ཏུ། །ཀུ་མ་ཁུམ་ཐིས་མཇུག་ཏུ་
སྔགས་འདི་བཏགས། །གྷ་ན་ཙཀྲ་རཏྣ་པུཊྛི་བ་ཤང་སིདྡྷི་སིདྡྷི་སྭཱ་ཧཱ། རྒྱུན་དུ་རང་གི་བར་ཆད་སྲུང་བ་ལ། མ་མ་རཀྵ་རཀྵ་སྭཱ་ཧཱ་བརྗོད། མི་ནོར་ཕྱུགས་ལ་ནད་ཡམས་གདོན་བགེགས་སོགས། །གནོད་ན་གོང་ལྟར་ཆོས་སྐྱོང་སྤྲུལ་པ་ཡིས། །སྤྲིན་ནག་རླུང་གིས་གཏོར་བཞིན་བསྐྲད་པར་བསྒོམ། །སྔགས་ཐུང་ཁུམ་ཐིས་མཇུག་ཏུ་འདི་ཉིད་བཏགས། །གནོད་བྱེད་སརྦ་ཨུ་ཙ་ཏ་ཡ་ཕཊ་སྭཱ་ཧཱ། །འདི་ཡི་ལས་ཚོགས་དཔག་ཏུ་མེད་ན་ཡང་། །སྟབས་བདེ་ཉེར་མཁོའི་སྐོར་ནི་དེ་ཙམ་མོ། །མདོར་ན་འདི་ནི་ཚོགས་ཀྱི་བདག་པོ་སྟེ། །ལོངས་སྤྱོད་ཚོགས་ཀྱི་འདུ་བ་འཕེལ་བ་དང་། །རྒྱུན་དུ་ཡབ་ཡུམ་གསལ་བར་བསྒོམ་ན་ནི། །འདོད་ཆགས་ངང་གིས་ཞི་ཞིང་ཚུལ་ཁྲིམས་གཙང་། །འདི་ཉིད་བྲིས་སམ་བསྒོམ་པ་ཙམ་གྱིས་ཀྱང་། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་བཤད། །བཀའ་མ་གཏེར་མ་གཅོད་དང་གནམ་ཆོས་ལུགས། །ཀུན་གྱི་བཅུད་བསྡུས་ཉམས་སུ་ལེན་བདེ་འདི། །གྲྭ་པ་ཉམ་ཆུང་ཕྱོགས་སུ་འགྲོ་རྣམས་ཀྱི། །ལམ་སྲུང་ཕྱིར་དུ་རཱ་ག་ཨ་སྱས་ཡིས། །ཐུན་མཚམས་གཅིག་ཏུ་རྫོགས་པར་སྨྲས་པ་སྟེ། །སློབ་བུ་པདྨ་ཐབས་མཁས་ཞེས་བྱས་བྲིས། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །དགེ་བས་ཉམས་ཆུང་འགའ་ལ་ཕན་ཐོགས་ཤོག །མངྒ་ལཾ།། །།
དུར་ཁྲོད་བདག་པོའི་གསོལ་མཆོད།
དུར་ཁྲོད་བདག་པོའི་གསོལ་མཆོད་ནི། ཧཱུྃ། འཁོར་ལོ་སྡོམ་པ་ཡབ་ཡུམ་དང་། །པདྨ་བཛྲ་སྤྱན་སྔ་རུ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །དུར་ཁྲོད་ཆེན་པོ་གནས་བརྒྱད་བསྲུང་། །སོ་ས་གླིང་གི་ཞིང་སྐྱོང་བ། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ཁྱོད་ནི་སྲུང་མ་ཐུགས་དམ་ཅན། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །བདག་ཅག་འཁོར་དང་ལོངས་སྤྱོད་བཅས། །སྲུང་བའི་སྲུང་མར་ཁྱོད་བཅོལ་ལོ། །དེ་ལ་གནོད་བྱེད་དགྲ་རྐུན་ཇག །འཆིང་བའི་ཞགས་པར་ཁྱོད་བསྐོས་སོ། །མ་གཡེལ་མ་འདའ་མཐུ་*རྩལ་ཅན། །ཇ་ཆང་ཕུད་ཚོགས་གཏོར་མས་མཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་རྨི་ལམ་དུ་མའི་སྐྱ་རྒྱ་མྱག་སེ་བ་བཅུ་ཙམ་དབང་ཞུ་ཟེར་བས། ཁོང་རྣམས་ཀྱི་ལྷ་དེ་མི་འདོད་པ་འདྲ་ཞིག་འདུག་ཀྱང་། ངན་བྱས་ནས་དུར་ཁྲོད་བདག་པོའི་དབང་བསྐུར་བ་དེ། ཇག་རྐུན་བཟློག་པའི་རྟགས་སུ་གོ་ནས་བཀོད་པ་ཨ་རཱ་གས་སོ། །མངྒ་ལཾ། །
དུར་ཁྲོད་བདག་པོའི་མངའ་གསོལ།
དུར་ཁྲོད་བདག་པོའི་མངའ་གསོལ་ནི། ཧཱུྃ། རབ་འཇིགས་དུར་ཁྲོད་ཆེན་པོ་ཐམས་ཅད་ནས། །དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བྷ་ལིང་ཞིབ་དམར་སྤོས་སྤྲིན་རྒྱ་མཚོས་མཆོད། །པདྨ་བཛྲ་དཔལ་གྱི་རྡོ་རྗེ་དང་། །པཎ་ཆེན་རཱ་ཧུ་སྒེག་པའི་རྡོ་རྗེ་སོགས། །བརྒྱུད་པའི་བླ་མ་རྣམས་ཀྱིས་བཀའ་བསྒོས་ཕྱིར། །སློབ་དཔོན་རྒྱུད་ཀྱི་སྲུང་མར་མངའ་གསོལ་ལོ། །རིགས་ཀུན་གཙོ་བོ་ཁྱབ་བདག་རྡོ་རྗེ་འཆང་། །ཐུགས་རྗེ་དྲག་པོ་ཁྲོས་པ་འཁོར་ལོ་སྡོམ། །དེ་དང་ཡེ་ཤེས་དབྱེར་མེད་རོ་གཅིག་ཕྱིར། །ཡེ་ཤེས་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །བཅོམ་ལྡན་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱིས། །དབང་བསྐུར་དམ་བཞག་གསང་བའི་གཉེར་གཏད་ཅིང་། །རྒྱལ་བའི་བསྟན་པ་བསྲུང་བར་དམ་བཅས་ཕྱིར། །དམ་ཚིག་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །སྔོན་ཚེ་རང་གི་ཕ་མ་ཤ་ཁྲག་གིས། ལེགས་པར་གསོས་ཤིང་སྨོན་ལམ་བཏབ་པ་ཡིས། །ལས་ཀྱི་མཐུ་ལ་ཡབ་ཡུམ་གཉིས་འཁྲུངས་ཤིང་། །ལས་ཀྱི་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །འོག་མིན་
བསྟན་གོ་སྲིད་པའི་དུར་ཁྲོད་དང་། །རྟག་པར་རྒྱུན་གྱི་དུར་ཁྲོད་ཆེན་པོ་བརྒྱད། །མ་ངེས་རེས་འགའ་དུར་ཁྲོད་ཀུན་གྱི་བདག །དེ་ཕྱིར་དུར་ཁྲོད་བདག་པོ་མངའ་གསོལ་ལོ། །འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་དང་། །སྟོང་ཕྲག་བརྒྱད་ཅུའི་གདོན་ཚོགས་ཐམས་ཅད་ཀྱིས། །མངའ་བདག་གཙོ་བོ་ཆེན་པོ་ཁྱོད་ལགས་ཕྱིར། །འཇིག་རྟེན་མགོན་དཀར་ཡབ་ཡུམ་མངའ་གསོལ་ལོ། །མ་འོངས་སྙིགས་མ་ལྔ་བརྒྱའི་ཐ་མ་ལ། །ལོངས་སྤྱོད་ཉམས་དང་སྤྱོད་དབང་མེད་པ་ལ། །འཇིགས་པ་སྲུང་བར་ཁྱོད་ཀྱིས་དམ་བཅས་ཕྱིར། །སྙིགས་དུས་འཇིགས་པའི་སྐྱབས་སུ་མངའ་གསོལ་ལོ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །འབྲུ་དང་རྐང་འགྲོས་ཟས་ཚོགས་འཕེལ་བ་དང་། །ཚེ་དང་བསོད་ནམས་གྲགས་པ་རྒྱས་མཛད་ཕྱིར། །ཚོགས་བདག་ལྷ་ཡི་མཆོག་ཏུ་མངའ་གསོལ་ལོ། །དེ་ལྟར་གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །ཧོར་སོགས་ཕ་རོལ་དམག་དཔུང་བཟློག་པ་དང་། །དགྲ་དང་ཇག་པ་ཆོམ་རྐུན་འཆིང་བ་སོགས། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། ༈ གསོལ་ལོ་མཆོད་དོ། །དཔལ་དུར་ཁྲོད་ཀྱི་བདག་པོ་དུར་ཁྲོད་ཀྱི་
བདག་མོ། སྤྲུལ་པ་འབུམ་སྡེ། འཁོར་ཚོགས་སྟོང་ཕྲག་བརྒྱད་ཅུ་འཁོར་དང་བཅས་པ་ལ། མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། སྡོད་པའི་གནས་མར་སྲུངས། མཁོ་བའི་ཡོ་བྱད་སྲུངས། འཁོར་དང་རྟ་ཕྱུགས་སྲུངས། དགྲ་ཇག་ཆོམ་རྐུན་གྱི་གནོད་པ་སྲུངས། བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ། དགེའོ།། །།
མགོན་ཀར་དུར་ཁྲོད་ཀྱི་བདག་པོའི་བསྐུལ་པ།
མགོན་ཀར་དུར་ཁྲོད་ཀྱི་བདག་པོའི་བསྐུལ་པ་ནི། ཧཱུྃ། རབ་འཇིགས་དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ཁྱད་པར་སོ་ས་གླིང་གི་ཞིང་སྐྱོང་བ། །ཀེང་རུས་ཆེན་པོ་གར་བྱེད་མཆེ་བ་གཙིགས། །རང་འདྲའི་ཡུམ་བཅས་ཁྲོ་བོ་ཁྲོ་མོའི་ཚོགས། །རབ་གཏུམ་དབྱུག་ཏོ་སྦྱར་ཞིང་ཐོད་ཁྲག་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན། །ཤ་ཟ་ཕོ་མོའི་ཁྲོམ་གྱིས་ལེགས་པར་བསྐོར། །མཚན་བཞིན་དུར་ཁྲོད་ཉུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །གནོད་བྱེད་དགྲ་རྐུན་ཇག་ཟ|གསུམ་འཆིང་བར་མཛོད། །ཅེས་པའང་ཨ་རཱ་གས་སོ།། །།
གནམ་ཆོས་ལས་ཡེ་ཤེས་དང་འཇིག་རྟེན་གྱི་མགོན་པོ་དམར་པོ་རྣམས་ཀྱི་གསོལ་མཆོད་གུད་དུ་བཀོད་པ།
གནམ་ཆོས་ལས་ཡེ་ཤེས་དང་འཇིག་རྟེན་གྱི་མགོན་པོ་དམར་པོ་རྣམས་ཀྱི་གསོལ་མཆོད་གུད་དུ་བཀོད་པའོ༔
རང་ཡི་དམ་གང་རུང་གསལ་བས་གཏོར་མ་སོ་སོའི་གཅིག་ལ་བཀུག་གཞུག་བྱས་ཏེ༔ ཨ་ཀཱ་རོས་བདུད་རྩིར་བྱིན་གྱིས་བརླབས་ལ་སྐད་ཅིག་སྤྱན་འདྲེན་བྱའོ༔ ཧཱུྃ༔ མགོན་པོ་གློག་ཕྲེང་སྐུ་མདོག་ནི༔ དམར་སེར་ཞལ་གཅིག་ཕྱག་བཞི་པ༔ དང་པོས་གཡས་ཀྱི་ཐུབ་པ་དང་༔ གཡོན་པས་ཕྱག་ན་རྡོ་རྗེ་འཛིན༔ འོག་གཉིས་མི་མགོ་པདྨ་འཛིན༔ དབུ་སྐྲ་དམར་སེར་སྐུ་ལ་གསོལ༔ བེར་ཆེན་དམར་སེར་སྐུ་ལ་གསོལ༔ རྟ་དཀར་མགོ་བདུན་ཆིབས་སུ་ཆིབ༔ རྟ་མགོ་ལྗང་གུ་སེར་པོ་དང་༔ སྔོན་པོ་སྨུག་པོ་དམར་པོ་དང་སེར་པོ་བ་ནི་རྟ་མགོའི་མདོག༔ ཨུ་ཙ་ལ་སོགས་བཞུགས་གནས་
ནས༔ འདིར་བྱོན་བཞུགས་ལ་མཆོད་གཏོར་བཞེས༔ དགྲ་བགེགས་གནོད་པ་ཞི་བ་དང་༔ བར་ཆད་ཀུན་སོལ་ཚེ་ཡང་སྲིངས༔ ཞི་ལ་སོགས་པའི་ལས་རྣམས་སྒྲུབས༔ ཁྱོད་སྒྲུབ་ཡོན་ཏན་དཔག་མེད་རྣམས༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ མྱུར་བྱེད་གློག་གི་ཕྲེང་ཅན་བསྟོད༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨོཾ་ཤྲཱི་ཝག་རེ་རེ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧྲཱི༔ སརྦ་པཱུ་ཙ་ཁཱ་ཧྲཱི༔ ཐུགས་ཀར་ཧཱུྃ་ལ་སྔགས་འབྲུ་བདུན་དེས་བསྐོར་བར་དམིགས་ལ་བཟླའོ༔ འདི་མ་ནིང་གི་རིགས་སོ༔ ཨཾ༔ མདུན་དུ་སྐད་ཅིག་གིས་བེག་
རྩེ་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་མདའ་གཞུ་དང་ནོར་བུ༔ གཡོན་གཉིས་རལ་གྲི་དང་གློ་སྙིང་༔ བེར་དམར་གྱོན་པ་གསལ་བར་གྱུར་ཧཱུྃ༔ བཙན་མགོན་ཐེག་རྩེ་སྐུ་མདོག་དམར༔ གཡས་ཀྱི་ཕྱག་ན་ཟངས་གྲི་འཛིན༔ གཡོན་གྱི་ཕྱག་ན་སྙིང་ཞགས་འཛིན༔ བསེ་ཁྲབ་དམར་པོ་སྐུ་ལ་གསོལ༔ ཟངས་མདུང་དམར་པོ་གྲུ་མོར་བཅུག༔ པད་ཉི་རོ་ཡི་གདན་ལ་བཞུགས༔ ཟངས་རི་འབར་བ་རྩེ་དགུ་དང་༔ ལི་ཡི་ཡུལ་ནས་འདིར་བྱོན་ལ༔ སྨན་དང་རཀྟ་མཆོད་གཏོར་བཞེས༔ ཧཱུྃ༔ སྒྲོལ་གིང་ཆེན་པོ་བེག་རྩེ་དམར༔ སྐུ་ལ་བསེ་རྨོག་བསེ་ཁྲབ་གསོལ༔ ཞལ་གཅིག་ཕྱག་གཉིས་ཟངས་གྲི་དང་༔ གཡོན་པས་སྙིང་དང་ཞགས་པ་འཛིན༔ ཞབས་གཉིས་བགྲད་དེ་ཟངས་རིའི་སྟེང་༔ སྣང་སྲིད་བཙན་གྱི་འཁོར་དང་བཅས༔ གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག༔ སྔར་བྱེད་ལས་ཀྱི་གཏང་རག་འབུལ༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ལས་ཀུན་འགྲུབ་པའི་གྲོགས་མཛོད་ཅིག༔ བཙན་ཕྱུག་ཚེ་སྲོག་འདྲེན་པའི་ཚེ༔ གཞན་རྣམས་གང་དུ་མ་ཤོར་བར༔ བདག་ཅག་ཁ་
འཛིན་མ་གཡེལ་ཅིག༔ བྷྱོ༔ བཙན་ལ་རོལ་པའི་སྨན་གཅིག་མ༔ འདིར་བྱོན་འདིར་བྱོན་གཏོར་མ་བཞེས༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ བར་ཆད་ཐམས་ཅད་བཟློག་པར་མཛོད༔ ཅི་འདོད་དངོས་གྲུབ་ཐམས་ཅད་སྩོལ༔ ཨོ་པྲ་ཎྱ་ཨརྨ་ཀཱ་རུ་པུ་རུ་ཥ་ཧཱུྃ་ཕཊ༔ ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧྲཱི༔ ཨོཾ་མ་ཧཱ་ཡཀྵ་སྭཱ་ཧཱ༔ པཉྩ་ཨ་མྲྀ་ཏ་རཀྟ་སརྦ་པཱུ་ཛ་ཁཱ་ཧི་ས་བོན་ཀྵལ་སྔགས་ཀྱིས་བསྐོར་བར་བསམ་ལ་སྔགས་འབྲུ་བཅུ་གཉིས་པ་བཟླས་ཏེ་སྒྲུབ་ཐབས་གསུམ་ལས་སོ༔ བདག་ཉིད་པདྨ་འབྱུང་གནས་བསམ༔ མདུན་དུ་བཙན་མགོན་ཆེན་པོ་དམར༔ ཞལ་གཅིག་ཕྱག་གཉིས་མདུང་དམར་དང་༔ མདའ་གཞུ་འཛིན་ཏེ་རྟ་དམར་ཆིབས༔ བེར་དམར་སྐྱར་གསོལ་འཇིགས་པའི་ཚེས༔ སྐུ་ནི་གྱེན་འབར་མིག་དམར་བ༔ དེ་ཡི་ཐུགས་ཀར་ཟངས་ཀྱི་གའུ༔ དེ་ནང་ཏྲིལ་སྔགས་གཡས་བསྐོར༔ དེ་ལས་འོད་ཟེར་འཕྲོས་པ་ཡི༔ བཙན་མགོན་ཆེན་པོ་སྤྱན་དྲངས་ནས༔ མདུན་དུ་བསམ་པ་དེ་ལ་ཐིམ༔ ཧཱུྃ༔ ཆོས་སྐྱོང་ནོར་ལྷ་ཐམས་ཅད་ཀྱང་༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔
མགུར་ལྷ་བརྟན་མ་རྫུ་འཕྲུལ་ཅན༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ གདུག་པའི་ས་བདག་ཐམས་ཅད་ནི༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བརྟན་མ་ས་བདག་ཐམས་ཅད་ནི༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ མ་གི་བྲག་བདག་ཐམས་ཅད་ནི༔ འདིར་བྱོན་ཕུད་དང་གཏོར་མ་བཞེས་བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ འཕྲུལ་ལྡན་བྲག་བདག་ཐམས་ཅད་ནི༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ འགག་མ་མཚོ་བདག་ཐམས་ཅད་ནི༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་
པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ མཚོ་སྨན་མཚོ་བདག་ཐམས་ཅད་ནི༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ སྣང་ཞིང་སྲིད་པའི་ས་བདག་ནི༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བཙན་རྗེ་ཡམ་ཤུད་གཙོར་བྱས་པ༔ འདིར་བྱོན་ཕུད་དང་གཏོར་མ་བཞེས༔ བདག་གི་བསམ་པ་བསྒྲུབ་ཏུ་གསོལ༔ བར་ཆད་རྐྱེན་ངན་བཟློག་ཏུ་གསོལ༔ ནད་གདོན་བག་ཆགས་ངན་པ་ཟློག༔ དགྲ་དང་བགེགས་ནི་བཟློག་ཏུ་གསོལ༔ དུག་མཚོན་ནད་གསུམ་བཟློག་ཏུ་གསོལ༔ ནད་མུག་མཚོན་གསུམ་བཟློག་ཏུ་གསོལ༔ ཁ་འཛིན་སྟོང་གྲོགས་མ་གཡེལ་ཞིག༔ ཨོཾ་ཏྲེ་དུ་ཧ་རུ༔ རུ་ནི་པཀྵ༔ རུ་ཧེ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧྲཱི༔ སརྦ་པཱུ་ཙ་ཁཱ་ཧྲཱི༔ འདི་ལ་ཚ་ཤ་བ་བསྒྱུར་ཁང་དཔུང་པས་མཆོད་པར་བསྒྱུར་བའོ༔ བསྙེན་སྔགས་འབྲུ་བཅུ་གཉིས་སོ༔ ཨོཾ༔ རང་ཉིད་གུ་རུ་དྲག་པོར་བསམ༔ ཧཱུྃ༔ དྲག་སྒྲུབ་སྤྲུལ་པའི་ཀླུ་བཙན་བདུད༔ སྔོ་དམར་ནག་པའི་མདོག་ཅན་ཏེ༔ གཡས་གསུམ་རུ་མཚོན་སྔོ་དམར་ནག༔ གཡོན་གསུམ་སྦྲུལ་ཞགས་མདའ་གཞུ་
དང་༔ ཁྲམ་ཤིང་འཛིན་ཏེ་རྟ་ཆིབས་པ༔ སྔོ་དམར་ནག་པའི་མདངས་དང་ལྡན༔ བཻཌཱུར་བས་དང་ལྕགས་ཀྱི་ཁྲབ༔ འཇིགས་པའི་གཟུགས་ཅན་མགྱོགས་པའི་རྟ༔ ཁམས་གསུམ་སྐད་ཅིག་ཉིད་ལ་བསྐོར༔ རྡུལ་ཕྲན་རྣམས་ཀྱང་རྩིས་ལ་འདེབས༔ སྤྲུལ་པ་འབུམ་དང་དུང་ཕྱུར་འགྱེད༔ ཀླུ་བཙན་བདུད་ཀྱི་སྐུ་མཁར་ནས༔ མཆེད་གསུམ་འདིར་གཤེགས་མཆོད་གཏོར་བཞེས༔ སྡེ་བརྒྱད་འདུལ་དང་སྨྱོ་འབོག་འདུལ༔ བགེགས་ཆེན་འདུལ་བ་སོགས་པ་ཡི༔ བདག་གི་འདུལ་བྱེད་ལས་རྣམས་བསྒྲུབ༔ ནད་པ་མཛེ་ཕོ་སྲིའུ་གསོ༔ བདག་གི་འདུལ་བྱེད་ལས་རྣམས་སྒྲུབ༔ ནད་པ་མཛེ་ཕོ་སྲིའུ་གསོ༔ བདག་གི་གང་གསོ་དེ་སོས་མཛོད༔ སེར་བ་བསྲུང་དང་གོད་ཁ་སྲུང་༔ བདག་གི་གང་སྲུང་དགྲ་རྐུན་ཇག་པ་བཟློག་ཅིང་ཆིངས༔ གནོད་བྱེད་དགྲ་བོ་མྱུར་དུ་སོད༔ དམ་བཅའ་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་དུ་བཻ་ཏྲི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ པཉྩ་ཨ་མྲྀཏ་རཀྟ་སརྦ་པཱུ་ཙ་ཁཱ་ཧྲཱི༔ བསྙེན་སྔགས་ཀྱང་སྔགས་འབྲུ་བཅུ་དྲུག་པ་དེའོ༔ ནི༔ རང་ཉིད་ཡི་དམ་གང་རུང་བསྐྱེད༔ ཧཱུྃ༔ བཙན་རྒོད་ཇག་པ་མེ་ལེན་ནི༔
ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ བ་དན་གཡོན་པས་མདའ་གཞུ་འཛིན༔ སྐུ་ལ་ཁྲབ་རྨོག་བརྗིད་པ་གསོལ༔ ཆིབས་སུ་རྟ་དམར་རླུང་གཤོག་བཅིབས། བྱ་དམར་ལྡིང་ཞིང་ཁྱི་དམར་ཁྲིད༔ རྩུབ་འགྱུར་ཚལ་དང་གཤིན་རྗེའི་ཡུལ༔ མོན་ཡུལ་བདེ་ཆེན་གནས་ནས་བྱོན༔ ཤ་ཁྲག་དམར་ཆེན་གཏོར་མ་བཞེས༔ བདུད་རྩི་ཕུད་རྒོད་ངར་སྐྱེམས་འབུལ༔ བཙན་རིགས་གཞན་གྱིས་གནོད་པ་སྲུངས་༔ རང་གི་མི་རྟའི་ཁ་འཛིན་མཛོད༔ གནོད་བྱེད་ཇག་རྐུན་མགོ་བོ་བསྐོར༔ རང་གནས་ཕྱོགས་ཀྱི་རི་གནས་སྲུངས༔ སྡང་བྱེད་དགྲ་ཡི་དོན་སྙིང་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སརྦ་སུམ་ཏྲི་ནི་ཏྲི་ན་ན་ཁ་རེག་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ ཨ་མྲྀ་ཏ་རཀྟ་ཁཱ་ཧྲཱི༔ སརྦ་པཱུ་ཙ་ཧོ༔ བསྙེན་སྔགས་འབྲུ་བཅུ་གཉིས་པ་དེའོ༔ ཨོྃ༔ རང་ཉིད་པདྨ་ཐོད་ཕྲེང་བསམ༔ ཧཱུྃ༔ ཆེ་བཙན་རོལ་པ་མེ་འབར་ནི༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་གཉིས་བ་དན་སྙིང་ཞགས་འཛིན༔ བེར་དམར་གསོལ་ཞིང་མེ་འབར་བ༔ དེ་ཡི་ཤར་དུ་སྐུ་འཕྱང་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནི༔ དམར་སྐྱ་གཡས་པ་སྙིང་ཡིན་ཏེ༔
གཡོན་པའི་ཕྱག་ན་ཞགས་པ་འཛིན༔ དབུ་སྐྲ་ཐུར་དུ་འཕྱངས་པའོ༔ དེ་ནས་རོལ་པ་མེ་འབར་གྱི༔ ཤར་ལྷོར་རོལ་པ་བེར་ཆེན་ནི༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་ཁྲག་སྐྱོགས་གཞོང་པ་འཛིན༔ ནུབ་ཏུ་རོལ་པ་མཆེ་ལྡན་ནི༔ སྐུ་མདོག་སྔོ་ནག་ཞལ་གཅིག་པ༔ ཕྱག་གཉིས་ཆུ་གྲི་ཕག་མཆེ་འཛིན༔ ནུབ་བྱང་རོལ་པ་སྤུ་གྲི་ཅན༔ སྐུ་མདོག་དམར་པོ་ཞལ་གཅིག་པ༔ ཕྱག་གཉིས་སྤུ་གྲི་རྒྱལ་མཚན་འཛིན༔ བྱང་ཤར་རོལ་པ་དུད་ལྡན་ནི༔ སྐུ་མདོག་དུད་ཁ་ཞལ་གཅིག་པ༔ ཕྱག་གཉིས་མདའ་དང་ཀུ་ཤ་འཛིན༔ ཀུན་ཀྱང་རྟ་དམར་རླུང་གཤོག་ཆིབས༔ སྐུ་ལ་བེར་དམར་བརྗིད་པ་གསོལ༔ ལ་ལ་དབུ་སྐྲ་ཐོར་ཅོག་སྟེ༔ ལ་ལ་དབུ་སྐྲ་གྱེན་དུ་འབར༔ ལ་ལ་དབུ་སྐྲ་ཐུར་དུ་བཤལ༔ ཕྱི་ལྟར་དཔའ་བོ་ཁྲོ་འབར་ཏེ༔ ནང་ལྟར་རོལ་པ་རྐྱ་བདུན་ཏེ༔ གསང་བར་འབར་བ་སྤུན་བདུན་ཉིད༔ རང་རང་གནས་ནས་འདིར་བྱོན་ལ༔ དམར་གྱི་གཏོར་མ་སྐྱེམས་ཕུད་བཞེས་བོད་རྗེའི་གདུང་དང་རྣལ་འབྱོར་པའི༔ དགྲ་བླ་ཆེན་པོར་ཁྱེད་བསྐོས་ནས༔ ཆར་པ་བཀག་སོགས་ལས་ཚོགས་རྣམས༔ བདག་གི་གང་བྱས་དེ་འགྲུབ་
མཛོད༔ རྟ་ཕྱུགས་བཙན་གྱི་གནོད་པ་སྲུངས༔ གནོད་བྱེད་དགྲ་ཇག་རྐུན་པོ་ཆིངས༔ དགྲ་ལ་ལྟས་ངན་ཆོ་འཕྲུལ་ཐོངས༔ བསྟན་དགྲ་གྲི་ཐབས་ཧུར་ཐུམ་སོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཤུ་ལ་ཏྲི་ཏ་མི་ཧ་ཐོ་རི་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ ཨམྲྀ་ཏ་རཀྟ་ཁཱ་ཧྲཱི༔ སརྦ་པཱུ་ཙ་ཁཱ་ཧྲཱི༔ སྙིང་པོ་ཡང་འབྲུ་བཅུ་གཅིག་པ་དེའོ༔ ༔ དྲག་པོའི་བཀའ་སྲུང་ནི༔ ཧཱུྃ༔ བཀའ་སྲུང་བདུད་པོ་རྡོ་རྗེ་འབར༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ གནམ་ལྕགས་སྤུ་གྲི་ཕྱག་གཡོན་གྱིས༔ ཙིཏྟ་འཛིན་ཏེ་སྐུ་མདོག་མཐིང་༔ ཕོད་ཁ་རྟ་ནག་དུང་ཁྲི་བཅིབས༔ གཡོན་དུ་སྨན་མོ་དུ་ལེ་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ གཡས་པས་ཙིཏྟ་གཡོན་ཟངས་ཕོར༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ བདུད་པོ་ལྕམ་དྲལ་འདིར་བྱོན་ལ༔ ཤ་ཁྲག་དམར་གཏོར་སྐྱེམས་ཕུད་བཞེས༔ སྔོན་ཚེ་རྒྱལ་བས་བཀའ་བསྒོས་ལྟར༔ བླ་མ་དྲག་པོའི་བསྟན་པ་སྲུངས༔ བསྟན་འཛིན་སྐྱེས་བུའི་བར་ཆད་སོལ༔ བསྟན་ལ་གནོད་བྱེད་རྡུལ་དུ་རློགས༔ རྣལ་འབྱོར་བདག་གི་སྟོང་གྲོགས་མཛོད༔ བསྟན་པ་ཕྱོགས་བཅུར་ཁྱབ་པ་
དང་༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ དུ་ཏྲག་ཤ་ཀྵ་ལཱ་ར་ཧཱུྃ་ཕཊ་སྭཱ་ཧཱ༔ མ་ལུ་ཀ་ལུང་ཏུ་ཡུང་ན་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧྲཱི༔ ཨ་མྲྀ་ཏ་རཀྟ་སརྦ་པཱུ་ཙ་ཁཱ་ཧྲཱི༔ སྔགས་ཀྱང་ཡབ་ཡུམ་རྩ་སྔགས་དེ་ཉིད་དོ༔ གནམ་ཆོས་གཞུང་ལས་བཀོལ་ཏེ་ཅུང་ཞིག་ཁྱེར་བདེ་བར་ཨ་རཱ་གས་བྲིས་སོ༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ཞིང་སྐྱོང་གཏོར་ཆོག་བསྡུས་པ།
ཞིང་སྐྱོང་གཏོར་ཆོག་བསྡུས་པ་བཞུགས་སོ༔ ཧཱུྃ༔ ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས༔ བདུད་མགོན་ནག་པོ་སེང་གེ་གདོང་༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཡུམ་མཆོག་བདུད་མོ་སེང་གདོང་མ༔ ལས་མཁན་བམ་རོ་ཕོ་མོ་དང་༔ ཤན་པ་སྡེ་བརྒྱད་གཤེགས་སུ་གསོལ༔ དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས༔ ཨེ་ཧྱ་ཧི་ས་མ་ཡ་ཛཿཛཿ ཛཧཱུྃ་བཾ་ཧོ༔ ཨགྷཾ་ནས་ཤབའི་བར། ཧཱུྃ༔ འཇིག་རྟེན་བྷནྡྷ་འབར་བའི་སྣོད་མཆོག་ཏུ༔ སྨན་རཀ་བདུད་རྩིའི་མཆོད་པ་མཚོ་ལྟར་བསྐྱིལ༔ དགྲ་བགེགས་བསྒྲལ་ཀླུ་བའི་ཤ་ཁྲག་ནང་རོལ་དང་༔ དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་འདི༔ ཞིང་སྐྱོང་མགོན་པོ་འཁོར་དང་བཅས་ལ་འབུལ༔ ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ་དྷཀྐི་ནི་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ༔ ཨི་དཾ༴ ཞིང་སྐྱོང་སེང་གདོང་ནག་པོ༔ མཁའ་འགྲོ་སེང་གདོང་དམར་མོ༔ བམ་རོ་ཕོ་མོ༔ ཤན་པ་སྡེ་བརྒྱད༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོ༔ ལས་མཁན་བྱེ་བ་འབུམ་སྡེ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ༔ དགྲ་བགེགས་བྱད་མ་ཐམས་ཅད་ཐལ་བ་རྡུལ་དུ་བརླག་པའི་
ཕྲིན་ལས་མཛོད་ཅིག༔ ཧཱུྃ༔ བསྟན་པ་གཉན་པོ་སྲུང་བའི་མཐུ་རྩལ་ཅན༔ ནག་པོ་ཆེན་པོ་ཁྲོ་གཏུམ་འཇིགས་གཟུགས་རྔམས་པའི་སྐུ༔ གཡས་པས་དར་ནག་གཡོན་པས་དམར་གཏོར་ཁྱེར༔ དར་ནག་བེར་གསོལ་རྟ་ནག་རླུང་ཤུགས་ཆིབས༔ ཡུམ་མཆོག་དམར་མོ་སེང་གེ་ཁྲག་རིལ་བསིགས༔ ཕྱག་གཉིས་ཁ་ཊཾ་དགྲ་སྙིང་དར་དམར་གསོལ༔ རྟ་དམར་མེ་རླུང་འཚུབ་ཅིང་གུང་གཉིས་རྒྱུག༔ བདུད་ཕོ་མ་རུངོས་སྲོག་བདུད་ཁྱོད་ལ་བསྟོད༔ བསྟན་པ་གཉན་སྲུང་སྒྲུབ་མཆོག་རྣལ་འབྱོར་སྐྱོངས༔ ཕྲིན་ལས་རྣམ་བཞི་གང་བཅོལ་འགྲུབ་པར་མཛོད༔ ཅེས་ཞིང་སྐྱོང་མགོན་པོ་ཡབ་ཡུམ་འཁོར་བཅས་ལ་བསྟོད་པ་རཱ་ག་ཨ་སྱས་རཏྣ་གླིང་པའི་གཏེར་གཞུང་ནས་བཏུས་སོ། །མངྒ་ལཾ།། །།
ཞིང་སྐྱོང་གི་ཀ་བསྟོད།
ཞིང་སྐྱོང་གི་ཀ་བསྟོད་བཞུགས་སོ། །ཀ་ཝུ་མ་ཧཱ་ཀཱ་ལ་སེང་གེའི་གདོང་། །ཁ་དོག་མཐིང་ནག་ཆར་སྤྲིན་ལྟར་མནག་ཅིང་། །ག་ཤལ་དྲག་ཤུལ་ཆེར་ལྡན་ནག་པོ་ཆེ། །ང་ཡི་ཕྲིན་ལས་སྒྲུབ་པའི་མྱུར་མགྱོགས་ཅན། །ཅ་ཅོ་མང་བའི་མཚོན་ཆས་དགྲ་བགེགས་སྒྲོལ། །ཆ་ལུགས་རྣམ་འཕྲུལ་དུ་མས་ཞིང་རྣམས་སྐྱོང་། །ཇ་ཆང་པཉྩ་ཕུད་ཀྱིས་ཁྱོད་མཆོད་ན། །ཉ་རྒྱས་ལྟ་བུར་སངས་རྒྱས་བསྟན་པ་སྲུངས། །ཏ་ལོག་འགོང་པོ་བདུད་ཀྱི་སྤྲུལ་པ་རྣམས། །ཐ་དད་མ་ངེས་སྤྲུལ་པས་དེ་རྣམས་སྒྲོལ། །ད་དུས་བསྐལ་པ་སྙིགས་མ་འདི་སྒྱུ་ཙམ་ལ། །ནཱ་ག་སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས། །པ་སངས་ལྟར་དཀར་བུ་རམ་ཤིང་པའི་བསྟན། །ཕ་རོལ་ཕྱིན་དྲུག་ས་བཅུ་ལམ་ལྔ་ལ། །བ་གླང་ལྟ་བུའི་བསྟན་བཤིག་དམ་ཉམས་རྣམས། །མ་གཡེལ་སྒྲོལ་ལ་མིང་ཙམ་མེད་པར་མཛོད། །ཙཱ་རི་ལ་སོགས་གནས་ཆེན་བརྒྱ་རྩ་བརྒྱད། །ཚ་བ་སྒྲོ་བྲག་བན་རི་པདྨ་འོད། །ཛ་རཾ་སྨྲས་པོ་གནས་ཀྱི་བདག་པོ་ཁྱེད། །ཝ་ཡུལ་མྱུར་བའི་རླུང་རྟ་ཤུགས་ལྡན་ཆིབས། །ཞྭ་ནག་ཅན་གྱི་བསྟན་པ་བསྲུང་དུ་གསོལ། །ཟ་བྱེད་སྲིན་པོ་བམ་རོ་ཕོ་མོ་ཡིས། །འ་འུར་འཁྲུག་
སྒྲོག་སྡེ་བརྒྱད་དྲེགས་པའི་ཚོགས། །ཡ་མཚན་དུ་མས་སྤྲས་པའི་ཆོས་སྐྱོང་རྣམས། །ར་མདའ་མ་གཡེལ་བསྟན་དགྲ་རྡུལ་དུ་རློགས། །ལ་ལོག་དགྲ་ལ་ཐོངས་ཤིག་ཆོས་སྐྱོང་སྲུང་མའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ས་འདིའི་སྒྲུབ་པའི་སྡེ་ལ་དར་རྒྱས་མཛོད། །ཧ་ཡ་གྷི་ཝ་པདྨ་དབང་ཆེན་དང་། །ཨ་ཙར་ཡ་མཆོག་པདྨ་ཐོད་ཕྲེང་དང་། །སེང་གེ་སྒྲ་སྒྲོག་བདུད་འདུལ་རྡོ་རྗེ་ཡི། །ཁས་བླངས་དམ་བཅས་ཐ་ཚིག་མ་གཡེལ་བར། །གསང་སྔགས་རྙིང་མའི་བསྟན་པ་མཐའ་རྒྱས་མཛོད། །སྐྱེ་འགྲོ་སེམས་ཅན་བདེ་ལ་འགོད་པ་དང་། །རྣལ་འབྱོར་ཡོན་མཆོད་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རཱ་ག་ཨ་སྱས་སྦྱར་བ་བདེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།
ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་ཆོ་ག་དཔའ་བོ་རྣམ་རོལ་གྱི་ཟིན་བྲིས་འདོད་དགུ་ལྷུན་གྲུབ་བསྟན་དགྲ་ཚར་གཅོད།
ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་ཆོ་ག་དཔའ་བོ་རྣམ་རོལ་གྱི་ཟིན་བྲིས་འདོད་དགུ་ལྷུན་གྲུབ་བསྟན་དགྲ་ཚར་གཅོད་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། ཞིང་སྐྱོང་ཆོ་ག་དཔའ་བོ་རྣམ་རོལ་གྱི། །ཟིན་བྲིས་ཅུང་ཟད་བྲི་བ་ལ། ཞིང་སྐྱོང་འཁོར་བཅས་བཀའ་ཡི་གནང་བ་སྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཐོག་མར་ཡིད་ཆེས་ལོ་རྒྱུས་ཟུར་ཙམ་ནི། ཞི་བ་རྡོ་རྗེ་འཆང་དྲག་པོ་འཁོར་ལོ་སྡོམ་པ། དེ་ཉིད་མགོན་པོར་བཞེངས་པ་ཕྱག་བཞི་པ་སྟེ། དེ་གསུམ་ཐ་དད་མེད་པར་རྒྱུད་སྡེ་རྣམས་ནས་གསལ་ཞིང་། མཁས་གྲུབ་ཀུན་ཞལ་འཆམས། ཞིང་སྐྱོང་འདི་ཕྱག་བཞི་པའི་གསུང་གི་སྤྲུལ་པ་ཡིན་ཏེ། ཕྱག་བཞི་པའི་རྒྱུད་ཆེན་ཉི་ཤུ་རྩ་ལྔའི་ནང་ནས་སེང་གདོང་དུར་ཁྲོད་འབར་བའི་རྒྱུད་ཅེས་བྱ་བ་ཡོད་
དོ། །དེ་ཡི་རྒྱ་གཞུང་རྡོ་རྗེ་གདན་པས་མཛད་པ་གཉིས་ཡོད་དེ་ཞིང་སྐྱོང་གཅེར་བུ་རྐང་ཐང་གི་གྲི་ཐོད་ཅན། །ཡུམ་སྲིན་མོ་སྟག་གདོང་མ། འཁོར་བམ་རོ་གཉིས་དང་བཅས་པ་གསུངས་ཏེ། དེ་ནི་གསར་མའི་ལུགས་སོ། །ཞིང་སྐྱོང་གི་སྲོག་རྒྱུད་མཁར་ཆུ་ལྕགས་ཕུར་ཅན་གྱི་གཏེར་མ་དང་། རྒྱུད་ལེའུ་བཅུ་བདུན་པ། ཙཱ་རི་ཟིལ་ཆེན་ཕུག་གི་གཏེར་མ་སོགས་ནས་ཡབ་ཡུམ་སྐུ་ཕ་བེར་ཆེན་འདི་གསུངས་སོ། །དེ་དག་གི་ལོ་རྒྱུས་ནི། སྔོན་ལྷ་དང་ལྷ་མིན་འཐབ་པའི་ཚེ། ལྷ་མ་ཡིན་གྱི་དམག་སྣ་བཟློག་པའི་ཕྱིར། ལྷ་དབང་ཕྱུག་ཆེན་པོ། དྲག་པོ་འཇིགས་བྱེད་ཅེས་ཀྱང་
བྱ། མགོན་པོ་ལེགས་ལྡན་དང་དྲག་མོ་འཇིགས་བྱེད་ཅེས་ཀྱང་བྱ། དཔལ་ལྡན་ལྷ་མོ་གཉིས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་དམག་བསྡུ་རུ་བཏང་བས། ལྷ་སྲིན་གྱི་དམག་བསྡུས་ཤིང་མ་མགོན་གཉིས་སྦྱོར་བས། སྲས་སེང་གདོང་ཡབ་ཡུམ་གཉིས་འཁྲུངས། འཁོར་གཉིས་ཤིན་ཏུ་གདུག་རྩུབ་ཆེ་དྲག་ལྷ་ཀླུ་རྣམས་ལ་འཚེ་བ་ལ། ཕྱག་ན་རྡོ་རྗེས་འདུལ་བར་བརྩམས་པས་ཁོང་རྣམ་གཉིས་ཀྱིས་རི་རབ་རྨིང་ནས་བསྡིག །རྒྱ་མཚོའི་སྟེང་ནས་གློག་འཁྱུགས། རི་རབ་རྩེ་ནས་ཐོག་སེར་ཕབས་པས་མ་ཐུལ་ནས། འོག་མིན་དུ་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཞུས་པས་དེ་ཡི་ཐུགས་ཀ་ནས་སེང་གདོང་ཡབ་ཡུམ་གཉིས་སྤྲུལ་ནས། ཁོང་མིང་སྲིང་གི་སྤྱི་བོར་བབས་པས་དབྱེར་མེད་དུ་བྱིན་གྱིས་བརླབས། ཕྱག་ན་རྡོ་རྗེའི་དབང་བསྐུར། ཐེག་པ་རིམ་དགུའི་ས་ཐོབ་པས་ཡེ་ཤེས་ཀྱི་མགོན་པོ་ཡབ་ཡུམ་དུ་གྱུར། འོག་མིན་མངོན་དགའི་བདེ་བ་ཅན། ལྕང་ལོ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ལ་དབང་བསྒྱུར་བ་མཚན་ཞིང་སྐྱོང་དབང་པོར་བཏང་། འདིའི་ལོ་རྒྱུས་རྣམས་ཨུ་ཙ་ལ་ཡི་དུར་ཁྲོད་དུ་གཏེར་དུ་ཞུགས་པ། སློབ་དཔོན་དྷ་ན་སཾ་སྐྲྀ་ཏས་གཏེར་ནས་བཏོན། དེ་ལ་ཨོ་རྒྱན་རིན་པོ་ཆེས་གསེར་ཕྱེ་བྲེ་
གང་ཕུལ་ནས་ཞུས། ཨོ་རྒྱན་རིན་པོ་ཆེས་བྲག་ཕུག་མ་ར་ཏི་ཀར་སྒྲུབ་པ་མཛད་པའི་ཚེ་སེང་གདོང་ཡབ་ཡུམ་གྱི་ཐུགས་དམ་དྲོད་ཚད་ཉུལ་བས་ཆོ་འཕྲུལ་ཆེན་པོ་བསྟན་གུ་རུ་སེང་གེ་སྒྲ་སྒྲོག་གི་སྐུ་རུ་བཞེངས་ནས་དམ་ལ་བཏགས། སྲོག་སྙིང་ཕུལ་ནས་གསང་མཚན་སེང་ཧ་གཎྜལ་བཏགས་སོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་ལ་ཕེབས་དུས་མངའ་རིས་མང་མཁརེ་ལ་ཐོག་ཏུ་དྲོད་ཚད་ཉུལ་བས་ཐོ་འཚམས་པ་ན། སྔོན་གྱི་དམ་བརྡར་དམ་ལ་བཏགས། བོད་ཡུལ་གྱི་སྲུང་མར་གཉེར་གཏད། དེ་ནས་བསམ་ཡས་བཞེངས་པའི་ཚེ་ཕུང་སྟག་འུར་བ་མི་ཟན་གྱིས་མི་རྣམས་གསོན་པོར་ཟ་བ་ལ། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་སེང་གདོང་ཡབ་ཡུམ་ལས་ལ་བསྐུལ་བས་སེང་ཆེན་ཕོ་མོ་གཉིས་སུ་སྤྲུལ་ནས་ཕུང་སྟག་ཕོ་མོ་གཉིས་བཏུལ། འཁོར་ཕྲ་མེན་གཡོས་པ་ནས་སེང་ཕྲུག་མང་པོ་སྤྲོས་ཏེ་ཚར་བཅད། སེང་གེ་ཆད་པས་ཕུང་སྟག་ཐུལ་དེ་ཕྱིར་སྟག་ཚང་སེང་གེ་བསམ་འགྲུབ་ལུགས་སུ་གྲགས་སོ། །ཡེ་ཤེས་པའི་མཆོག་ཏུ་གྱུར་ཀྱང་འཇིག་རྟེན་པའི་ཚུལ་དུ་བཞུགས་ཏེ། ཏི་སེ་ན་བཞུགས་ཚེ་ལྷ་བཙན་དཀར་པོ། ལ་ཕྱི་ན་བཙན་རྒོད་རོལ་པ། ལྷོ་བྲག་སྟོད་དུ་མཁར་རི་གངས་བཙན། །
སྨད་དུ་སྨྱོ་ཁ་ཨུ་ཙ་ལ་ཏྲཀ་ཤད། ཙ་རི་བཀྲ་ཤིས་ལྗོང་དང་དྭགས་ལ་སྒམ་པོ་ན་སྒམ་པོ་ལྷ་རྩེ། ཙཱ་རི་རོང་ན་ལྷ་བཙན་ནག་པོ། ཀང་པོ་རོང་ན་མགར་བ་ནག་པོ། རྒྱ་ན་ཇོ་བོ་ཨ་གྲགས། ལྷོ་ན་རོང་ལྷ་རྒྱལ་མཚན། སྲིན་ཡུལ་ན་སྲིན་མགོན་ཐོད་ཕྲེང་ཅན། བསིལ་བ་ཚལ་དང་ངར་ལུང་ན་ཞལ་བཞི་པ། འདི་རྣམས་ཐམས་ཅད་ཐུགས་རྒྱུད་གཅིག་པར་རྒྱུད་རྣམས་ནས་བཤད། མདོར་ན་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྐྱོང་བས་ཞིང་སྐྱོང་ཀུན་དགའ་གཞོན་ནུའམ། གྷ་ཡ་དྷཱ་ར་ཞེས་གྲགས། གནས་ཕྲན་ཐམས་ཅད་ཀྱི་བདག་པོ་ཡིན་པས་མཚན་མེ་རླུང་སེང་ཕྲུག་ཅེས་བྱ། བླ་མ་ཨོ་རྒྱན་བསྒྲུབ་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་ཡིན་ཕྱིར། མངའ་བདག་ཉང་དང་། གུ་རུ་ཆོས་དབང་། རིན་ཆེན་གླིང་པ། རཏྣ་གླིང་པ། བདེ་ཆེན་གླིང་པ། ལས་འབྲེལ་རྩལ་རྣམས་ཀྱིས་གཏེར་ནས་བྱོན་པ། ཐམས་ཅད་རྒྱ་མཚོ་ལས་ཆུ་བོ་ལྟར་བརྒྱུད་པ་འདི་ལ་འདུས་སྣང་ཞིང་། ཁྱད་པར་གྲུབ་ཆེན་ཀརྨ་པཀིས་འོག་མིན་མཚུར་ཕུའི་དགོན་པ་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་སྐབས། ཞིང་སྐྱོང་ཡབ་ཡུམ་འཁོར་བཅས་བྱོན་ནས་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་
པས་དེ་ཕྱིར་སྲུང་མར་བསྟེན་ཅིང་། བརྒྱུད་པ་ཡང་འདི་དེ་ཡིན་མི་འདེད་པར་སྣང་། ད་ལྟར་བར་གྱི་ན་རིམ་ཐམས་ཅད་ཀྱིས་རྩྭ་རིའི་གནས་སྒོ་འབྱེད་པ་དང་། སྒྲུབ་པ་གནས་གཟིགས་མཛད་དུས་མགོན་པོ་འདི་ཉིད་ཞལ་གཟིགས་པ་དང་ཕྲིན་ལས་བསྒྲུབ་པ་ལུང་བསྟན་བྱུང་ཚུལ་སོགས་སོ་སོའི་རྣམ་ཐར་ལས་གསལ་ཞིང་། ལྷག་པར་དུ་ཡང་དཔལ་ལྡན་མཁའ་སྤྱོད་དབང་པོས་ཙཱ་རིར་ལོ་གསུམ་སྒྲུབ་པ་མཛད་སྐབས་ཞིང་སྐྱོང་དབང་པོ་འཁོར་བཅས་ཡང་ཡང་དུ་ཞལ་གཟིགས་ཤིང་། བསྟན་པ་བསྲུང་བར་དམ་བཅས་པས། མཆོག་གི་སྤྲུལ་སྐུ་ན་རིམ་བྱོན་པ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་སྲུང་མར་གྱུར་ནས། གྲྭ་རིགས་བན་རྐྱང་རེ་ཡིའང་རྗེས་སུ་འབྲང་ཞིང་ཆུ་ལ་ཁ་ཧུབ་བྱེད་ཚེ་ཡང་ཆུས་སུབ་དོགས་པས་ཡུམ་སེང་གདོང་། མས་སྟག་ཁུང་ནས་འཇུས་འདུག་པས་དབུས་གཙང་གི་ལྷ་པ་རྣམས་ཀྱིས་མཐོང་སྐད། སྒར་པ་དང་གདན་ས་རྣམས་སུ་བམ་རོ་ཕོ་མོ་སྤྲེའུ་གཟུགས་ཅན་འཇུ་བ་དང་། སྨུག་པ་སོགས་ཕལ་ཆེར་རྣམས་ཀྱིས་མཐོང་བར་ཡོད་པས། དཀོར་བདག་སུ་བརྩི་བ་ཡིན། དེས་ན་བླ་མ་མཆོག་གི་སྤྲུལ་སྐུ། ཡི་དམ་སྒྲོལ་མ་དཀར་མོ། ཆོས་སྐྱོང་མགོན་པོ་སེང་གདོང་གསུམ་བཀའ་
བབས་ཀྱི་ལྷར་བརྩི་བ་ཡིན་ནོ། །འདི་ཡི་ཕན་ཡོན་ཡང་། ཞིང་སྐྱོང་སྲོག་རྒྱུད་ལས། ཐེག་པ་རིམ་དགུའི་ས་ནོན་ཀྱང་། །ཡེ་ཤེས་མགོན་པོ་དངོས་བྱུང་བས། །དཔལ་མགོན་གཞན་ལས་ཁྱད་དུ་འཕགས། །འདི་སྒྲུབ་སྐལ་ལྡན་མ་ལུས་ཀུན། །འོག་མིན་གནས་དང་མངོན་པར་དགའ། །བདེ་བ་ཅན་དང་པོ་ཊ་ལ། །ལས་རབ་རྫོགས་དང་ལྕང་ལོ་ཅན། །མཁའ་སྤྱོད་དག་པའི་གནས་མཆོག་ཏུ། །དག་པ་མངོན་གྱུར་ཀུན་བཟང་ཐུགས་ཀར་ཐིམ། །ཡེ་ཤེས་མགོན་པོ་དངོས་གྱུར་ནས། །འདི་རྣམས་ཞིང་ཁམས་ཀུན་ལ་དབང་བསྒྱུར་ཞིང་། །དེ་ཕྱིར་ཞིང་སྐྱོང་གཟི་ལྡན་རྩལ་དུ་བཏགས། །ཀུན་བཟང་འོག་མིན་འགྱུར་བ་ཐོབ་པར་འགྱུར། །ཞེས་དང་། དེ་ནས་བསྟན་པ་བསྲུང་ཚུལ་ནི། བཀའ་གཏེར་རྒྱུད་ཀྱི་བསྟན་པ་གཉན་པོ་བསྲུང་། །རིགས་རྒྱུད་ཀྱི་བསྟན་པ་གཉན་པོ་བསྲུང་། །གསང་སྔགས་ཕྱི་ནང་ཀུན་གྱི་བསྟན་པ་བསྲུང་། །སྔགས་འཆང་རིག་འཛིན་བརྒྱུད་པའི་ཚེ་སྲོག་བསྲིངས། །བཀྲ་ཤིས་བུ་ནོར་ལོངས་སྤྱོད་མངའ་ཐང་སྤེལ། །སྙན་པའི་དུང་འབུད་གྲགས་པའི་བ་དན་ཕྱར། །འཁོར་རྣམས་སྲུང་ཞིང་སྐྱོང་བ་དང་། །ནད་པ་སྲིའུ་གསོ་བ་དང་། །མཆོད་ཅིང་
བརྟེན་ན་བསྲུང་བར་འགྱུར། །ཞེས་གསུངས་པ་སློབ་དཔོན་པདྨས་གསུངས་པའི་བསྟོད་སྙིང་གི་དོན་བསྡུ་ན། དུར་ཁྲོད་བདག་པོ་ཞིང་སྐྱོང་སེང་གེའི་གདོང་། །དེ་ཡི་ཡུམ་ཆེན་སྲིན་མོ་སེང་གདོང་མ། །བཀྲ་ཤིས་དཔལ་འབར་ནོར་གྱི་དངོས་གྲུབ་སྟེར། །སྟོབས་ཆེན་ལྷ་མོ་ཡིད་འགུགས་དབང་ཕྱུག་མ། །དངོས་གྲུབ་བདག་མོ་སེང་གདོང་ཡབ་ཡུམ་མ། །བཀྲ་ཤིས་དཔལ་འབར་མཐུ་སྟོབས་རྣོ་ལ་མྱུར། །བཟློག་པས་མི་བཟློག་དགྲ་བགེགས་ཀུན་གྱི་གཤེད། །རྗོད་གཏོང་ཨར་ཟློག་ནུས་པ་རང་གཤེད་འབེབས། །དྲག་པོ་འདུལ་ཕྱིར་དགྲ་བགེགས་སྒྲོལ་བའི་མཆོག །ལྟས་དང་ཆོ་འཕྲུལ་སྡུག་པའི་འཁོར་ལ་འབེབས། །དམ་ཉམས་ཚེ་སྲོག་གློ་བུར་སྡུད་མཛད་པ། །ནང་དུ་ཞི་ཞིང་བཀྲ་ཤིས་བུ་ནོར་འཕེལ། །ཕྱི་རུ་རྩུབ་འགྱུར་འཁྲོས་པས་འཇིག་རྟེན་གཡོ། །བ་དན་ཕྱུར་བས་སངས་རྒྱས་བསྟན་པ་དར། །སྤྱན་དམར་འཁྲུགས་པས་སྲིད་གསུམ་འོད་ཀྱིས་གང་། །ལྗགས་དམར་བརྡབས་པས་ས་གཞི་ཡོ་འགུལ་འཁྲུགས། །དམར་གཏོར་གདེང་བས་ནད་ཡམས་ཆར་ལྟར་འབེབས། །བདུད་རྟ་རྒྱུག་པས་ལྷ་སྲིན་རྡུད་པས་འགྱེད། །བསྟན་པ་བསྲུང་ཞིང་བཀའ་ཡི་བྱ་ར་བྱེད། །ཕྱི་
རྒྱུད་རྣལ་འབྱོར་མགོ་འདོན་སྔགས་འཆང་ཚེ་སྲོག་བསྲིང་། །ནང་དུ་ཞི་བས་ཡིད་བཞིན་ལྷ་མོ་འདྲ། །ཕྱི་རུ་ཁྲོས་པས་ཕྲ་མེན་སེང་ལྟར་འཁྲུགས། །དམ་ཉམས་དྲུག་ཁྲི་ཉིན་བཞིན། གསོད་པར་བྱེད། །གུང་གཉིས་རྒྱུག་པས་དཀོར་རྐུན་རྩད་ནས་གཅོད། །བཟློག་པས་མི་བཟློག་གཞན་གྱིས་མི་ཆུན་ཞིང་། །བཀའ་སྲུང་དགྲ་ལ་རང་གཤེད་རྟག་ཏུ་འབེབས། །བདག་ལ་བྱམས་ཞིང་ནང་དུ་ཡོན་ཏན་ཆེ། །བཀྲ་ཤིས་སྙིང་ཉེ་གྲོགས་ལྟར་རྟག་ཏུ་ཁུར། །བུ་ལྟར་བྱམས་ཞིང་ཁྱོ་ལྟར་སྐྱོང་བའི་ལྷ། །བསྟན་པའི་བཀའ་སྲུང་རྣལ་འབྱོར་དགྲ་བླ་ཚེ། །བདུད་ཀྱི་གཡུལ་འཇོམས་མ་རུངས་དགྲ་བགེགས་སྒྲོལ། །རྫུ་འཕྲུལ་མཐུ་ཡིས་སྲིད་གསུམ་དབང་དུ་སྡུས། །སངས་རྒྱས་བསྟན་པ་བསྲུང་བའི་ལས་ལ་བརྩོན། །སྲིན་པོའི་གཟུགས་ཀྱིས་དགྲ་ལ་ནད་ཡམས་འབེབས། །ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཞེས་གསུངས་སོ། །སྤྲུལ་སྐུ་ལས་ལྡན་པ་ཡི་གཏེར་མ་ལས། །རིང་དུ་མི་འགྱང་ལས་ཀུན་སྒྲུབ། །སེང་གདོང་ཡབ་ཡུམ་དྲག་མྱུར་བས། །གར་རྦད་དགྲ་བགེགས་མ་ལུས་པོ། །བདུན་རྒྱུད་རྩད་བཅད་རྡུལ་དུ་བརླག །ཁ་བསྟན་ཙམ་གྱིས་ངེས་མེད་སྒྲོལ། །ལིང་ཀ་ངེས་མེད་འབུམ་ཕྲག་
ཚུད། །དུས་ལ་ངེས་མེད་གློ་བུར་ཕེབས། །འདི་ཉིད་བསྟན་པའི་རྣལ་འབྱོར་པས། །ཁྲོས་པ་ཙམ་གྱིས་དགྲ་བགེགས་འཇོམས། །ལོག་རྡུགས་འཇམ་གསུམ་འདི་ལ་མེད། །བཟློག་པས་མི་བཟློག་སྟོབས་ཀྱང་ཆེ། །འཁུ་ལྡོག་མི་འབྱུང་བཀྲ་ཡང་ཤིས། །གོང་ནོན་མི་དགོས་གསོལ་བས་ཆོག །སྒྲུབ་པ་ཚུལ་བཞིན་བྱེད་པ་ལ། །མ་བསྒྲུབས་ཀྱང་ནི་དམ་ལ་འདུས། །སྙན་པ་སྒྲོགས་ཤིང་བསོད་ནམས་སྤེལ། །འདུ་ལོང་སྐྱོང་ཞིང་ཆོས་སྡེ་འཛུགས། །གཞན་གྱི་ཕུར་ཁས་ཚུགས་མི་འགྱུར། །སྔགས་པ་བཟློག་མཁན་རང་གཤེད་འབེབས། །བསྡུ་ན་མཆོག་ཏུ་ཞི་བར་འགྱུར། །བདུན་ནམ་བཅུ་བཞི་ཉེར་གཅིག་ཏུ། །ཐེ་ཚོམ་སྤངས་ལ་བསྒྲུབ་པ་གྱིས། །མ་སྒྲུབ་ལན་གསུམ་བསྐྱལ་ལ་བསྒྲུབ། །གཏོར་ཚོགས་བསྐང་བཤགས་རྒྱས་པར་མཛོད། །སྒྲུབ་པ་བྱམས་ཤིང་སྙིང་ཡང་ཉེ། །རང་མིན་གཞན་དོན་བསྒྲུབ་པ་ན། །གདོང་ཅན་ཡབ་ཡུམ་ཐུགས་ཁྲོས་ནས། །འགལ་རྐྱེན་རང་ཐོག་འབེབས་པར་བྱེད། །དེས་ན་སེང་གདོང་སྒྲུབ་ཐབས་འདི། །གཞན་གྱི་དོན་ལ་ངས་མ་བཤད། །མགོན་པོ་སྤུ་གྲི་ལྟ་བུ་འདི། །སྐལ་ལྡན་སྔགས་འཆང་མ་གཏོགས་པ། །སྐྱེ་བོ་ཀུན་
གྱི་སྤྱོད་ཡུལ་མིན། །མི་ནག་དམ་མེད་སྔགས་རྫུན་མཁན། །རིམ་གཉིས་མི་ལྡན་དབང་མ་ཐོབ། །དེ་འདྲའི་འདི་སྒྲུབ་ཕུང་བར་འགྱུར། །མགོན་པོའི་ནང་ནས་ཡང་གསང་བ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཡེ་ཤེས་མགོན་པོ་ཉིད་ཀྱིས་ནི། །པདྨ་འབྱུང་གནས་བདག་ལ་གདམས། །ད་ནི་མཚོ་རྒྱལ་ཉིད་ལ་གཏད། །ཀུན་ལ་མ་སྤེལ་གཏེར་དུ་སྦོས། །རྒྱལ་བའི་བསྟན་པ་བསྲུང་ནུས་པའི། །ལས་ཅན་གཅིག་དང་འཕྲད་པར་ཤོག །མངའ་བདག་ཉང་གི་གཏེར་ཁ་ནས། །གཏོར་ཟོར་འཕང་ཞིང་དྲག་ཏུ་རྦད། །སེང་གེའི་གདོང་ཅན་དྲག་མྱུར་གྱིས། །རྡོ་རྗེ་ཕ་ལམ་སྐུ་ཡང་འཇིག །འཇིག་རྟེན་དགྲ་ལ་སྨོས་མ་དགོས། །ལོ་གཅིག་ཁོངས་སུ་ཕུང་ངེས་སོ། །འདི་ནི་མགོན་པོ་མི་བསྲུན་པས། །དཔའ་གཏུམ་སེང་གེའི་གདོང་ཅན་འདི། །དུར་ཁྲོད་རྣལ་འབྱོར་རྟོགས་པ་ཅན། །སྒྲུབ་པའི་རྟགས་ཕྱིར་སྒྲུབ་བརྩོན་པས། །བསམ་པ་ཡིད་བཞིན་སྨོན་པ་འགྲུབ། །མཐུ་དང་གྲགས་པའི་མངའ་ཐང་རྒྱས། །ཐུགས་ཁྲོས་ཙམ་གྱིས་ལྷ་སྲིན་འཁྲུགས། །ཐལ་མོ་བརྡབས་པས་དགྲ་རྣམས་ཤི། །ཐེ་ཚོམ་སྤོངས་ལ་སྒྲུབ་པ་བྱོས། །ཞེས་དང་། རིན་ཆེན་གླིང་པའི་གཏེར་ཁ་ལས།
འདི་ནི་སུ་ཡིན་གྱི་སྤྱོད་ཡུལ་མིན་པས། དམ་ཚིག་ཉམས་ན་རྐྱེན་དང་གནོད་པ་རང་ལ་འབྱུང་བས་ཤིན་ཏུ་གསང་ཞིང་གསང་བར་བྱའོ། །སེང་གེའི་གདོང་ཅན་ཡུམ་འཁོར་བཅས་གར་རྦད་དགྲ་བོ་ཐམས་ཅད་རླག་པར་བྱེད་པས་གནམ་ལྕགས་ཐོག་ལྟ་བུའོ། །རྒྱུན་དུ་བརྟེན་ན་རྐྱེན་རྣམས་བཟློག་ཅིང་བར་ཆད་སེལ་བ་དང་། དགྲ་བོ་བསྒྲལ་བ་འདི་བས་ལྷག་མེད་དོ། །འདིར་རང་བཞིན་གྱིས་རྦད་ཅིང་བསྐུལ་ན་དགྲ་བོ་ཐམས་ཅད་འཆིའོ། །དགྲ་བོ་ཟླ་བ་གཅིག་ལས་མི་འགྱང་ངོ་། །ཞེས་གསུངས། བདུད་འདུལ་རྡོ་རྗེའི་ཞལ་ནས། །བན་བོན་གཉིས་ལ་འདི་ལས་ལྷག་པའི་སྲུང་མ་མེད་གསུངས། ཁོ་རང་གི་གཏེར་ཁ་ནས་ཀྱང་དེ་ལྟར་གསུངས་སྣང་ཞིང་། མཐའ་ཡི་དམག་ཚོགས་བཟློག་པའི་མཆོག་ཏུ་གསུང་སྣང་ཞིང་། མདོར་ན་ཤིན་ཏུ་མི་བསྲུན་པ་བདུད་པོ་རྐང་རྗེ་དྲང་དཀར་ཞེས་ཀྱང་བྱ། བདུད་ནག་པོ་རྡོ་རྗེ་རལ་པ་ཅན། བདུད་པོ་གསེར་མིག་འཁྱིལ་པ་དཔའ་གཏུམ་སེང་གེའི་གདོང་ཅན། མཐུ་བཟློག་པས་མི་ཟློག་ཤིང་། བྱད་མ་ཁོ་རང་གི་ནུས་པ་ཁོ་རང་གི་གཤེད་དུ་བབ་པར་བྱེད་པས་ཆོས་སྐྱོང་གཞན་ལས་ཁྱད་དུ་འཕགས་པ་ཡིན་པས། རྡོ་རྗེ་གདན་པའི་རྒྱ་
གཞུང་ལས་ཀྱང་། སྨྱོ་འབོག་དང་གླང་ཐབས་དང་། །གྲི་རྒོད་དང་ནི་གཞོགས་བསྐམས་ནས། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་དང་། རིན་ཆེན་གླིང་པའི་གཏེར་ཁ་ལས། བླ་མ་སྒྲུབ་པའི་བཀའ་སྲུང་བ། རྣོ་ངར་རྩལ་དང་ལྡན་པ་ཞེས་གསུངས། བདག་གིས་ཀྱང་རཏྣའི་ལུགས་དང་ཀཾ་ཚང་གཞུང་གི་ལུགས་དང་། དཔའ་བོ་རྣམ་རོལ་གྱི་ལུགས་དང་། གཏེར་གསར་གནམ་ཆོས་བདུད་འདུལ་རྡོ་རྗེའི་ལུགས་སོགས་ཅི་རིགས་པ་ཐོབ་ཅིང་། བསྙེན་སྒྲུབ་ལན་འགའ་ཟུང་བྱས་པས། རྨི་ལམ་དུའང་ཞལ་མཐོང་བ་སོགས་རྟགས་མཚན་འགའ་མཐོང་བའི་ཕྱིར། སྙིང་གི་ཆོས་སྐྱོང་དུ་འཆང་ན། རྒྱུན་དུ་གཏོར་བསྔོས་ཆག་མེད་དང་། ཉ་སྟོང་བརྒྱད་གསུམ་དུ་དཔའ་བོ་རྣམ་རོལ་ཆག་མེད་བཏང་བ་ཡིན་པས། །དབང་བསྐུར་གྱི་རྒྱུན་ཙམ་པོ་མ་ཡིན་པར་བྱིན་རླབས་བརྒྱུད་པ་ཅུང་ཟད་ཡོད་པར་སེམས་སོ། །ཡིད་ཆེས་ལུང་གི་ལེའུ་སྟེ་དང་པོའོ།། །།སྤྱན་སྔ་དང་ནི་དཀོན་མཆོག་འབངས་ཡབ་སྲས་རྣམས་ཀྱིས་མཛད་པ་དང་། རཏྣ་གླིང་དང་ཀུན་སྐྱོང་གླིང་དང་། གཏེར་ཁ་རྣམས་ནས་བྱུང་བ་དང་། སློབ་དཔོན་རྣམས་ཀྱི་ངག་ཁྲིད་དང་། རང་གི་མྱོང་བ་དང་བསྟུན་ནས།
དཔའ་བོ་རྣམ་རོལ་བསྙེན་པ་དང་། ཕན་བྱའི་ལས་ཚོགས་ཅུང་ཟད་བརྗོད། སློབ་དཔོན་ནུས་པ་ལྡན་པ་ཡིས། །སྒབ་འདྲེ་ལེགས་པར་མནན་པ་ན། །སློབ་བརྒྱུད་མི་རབས་བཅུ་གསུམ་མམ། །བདུན་ནམ་ཐ་ན་གསུམ་གྱི་བར། །མ་མནན་ན་ཡང་སྐྱོན་མེད་ཟེར། །ཁོ་བོས་ལན་གསུམ་མནན་ན་ཡང་། །མནན་པ་གྲུབ་ན་བཀྲ་ཤིས་དགེ །མནན་ཚུལ་རྒྱས་བསྡུས་མང་ན་ཡང་། །སྒྲུབ་པ་རྟགས་ཐོན་དགོས་ཕྱིར་དཀའ། །སྒྲུབ་མི་དགོས་པར་མནན་ཆོག་པ། །མ་ཧཱ་བ་ལ་འདི་ཉིད་ཟབ། །དེ་ལ་གསར་རྙིང་རིགས་མང་ཡང་། །གནམ་ཆོས་ཉིད་ནི་ཟབ་ཅིང་རྣོ། །ཞིང་སྐྱོང་དམ་ཅན་གཉིས་ཀ་ཡི། །སྒྲུབ་པའི་བར་ཆད་སྒབ་འདྲེ་ནི། །ཤོག་གུར་སྣག་ཚ་གཙང་མ་ཡིས། །ལིང་ག་གཅིག་ལ་མགོ་གསུམ་པ། །དབུས་མི་གཡས་བྱ་གཡོན་སྤྲེའུ། །ལག་པ་མི་ལ་རྐང་པ་བྱ། །སྤྲེའུ་མཇུག་མ་ཡོད་པར་བྲི། །སྙིང་ཁར་ཛ་གཉིས་ཁ་སྤྲོད་བར། །ཏྲི་ཡིག་གསུམ་ནི་གཅིག་མར་བྲི། །དེ་མཐར་ཡིག་མགོ་ཕྱིར་བསྟན་པ། །སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བདུད་སྙབ་པ་ལག་རིང་། བཙན་ཡམ་ཤུད་དམར་པོ། འབྱུང་པོ་ཐེའུ་རང་སྟོང་འཁྲུགས་གསུམ་ཁུག་
ཅིག །མཱ་ར་ཡ་ཛ་ཛ་རྦད་ནན། སྤྱི་བོར་ནན་དང་རྐང་ཞབས་ཡམ། །ཡན་ལག་ཛཿཧཱུྃ་བཾ་ཧོ་བྲིས། །ཐ་མར་ཛདང་ཁྲོམ་གྱིས་བསྐོར། །དེ་ལ་འགུགས་གཞུག་བརྒྱ་རྩ་བྱ། །མ་ཧཱ་བ་ལིའི་སྐུ་གཟུགས་ནི། །གནམ་ཆོས་བཞིན་དུ་བྲིས་པ་ལ། །བསྐྱེད་བསྟིམ་རང་སྔགས་བརྒྱ་རྩ་བཏབ། །རོ་གཡམ་རྡོ་རྗེ་རྒྱ་གྲམ་དང་། །རི་རབ་གླིང་བཞི་བཅས་པ་བྲི། །མཆོད་རྟེན་འོག་གམ་ལམ་རྒྱ་གྲམ། །ལྷ་ཁང་ངམ་ནི་སྒྲུབ་ཁང་གི །ཐེམ་འོག་གྲུ་གསུམ་དོང་བྲུས་ལ། །དམ་སྲི་ལིངྐ་མགོ་ཕྱིར་བསྟན། །གན་རྐྱལ་བྱས་ལ་འགུགས་གཞུག་བྱ། །དེ་སྟེང་མ་ཧཱ་བ་ལ་སྦྱབས། །ས་ཁོད་རེ་ལ་རྒྱ་གྲམ་རེ། །དགུ་བྲིས་རོ་ཡམ་རྒྱ་གྲམ་མནན། །དེ་སྟེང་མེ་ཁྲོལ་ཆུ་ཐིག་བླུག །ལེགས་པར་བཅགས་ལ་མི་མངོན་བྱ། །དེ་སྟེང་རྟ་བྲོ་གང་རུང་བརྡུང་། །རྐང་པ་གཡོན་པས་རྒྱ་གྲམ་མནན། །དེ་ལྟར་བྱ་བ་གལ་ཆེ་ཞིང་། །ལོ་འགའ་སོང་ན་སྐྱར་ཀྱང་ལེགས། །སྤྱི། སྲོག་འཁོར་རཏྣའི་གཏེར་ཁ་ཟབ། །དར་དམར་དར་ནག་མ་འཛོམས་ཀྱང་། །ཤོག་གུ་རྒྱ་སྣག་གིས་བྲིས་ཆོག །སྐྱ་ཕ་མདའ་དར་ལ་བཏགས་ཤིང་། །རྐང་ཐང་རང་གི་ལུས་ལ་འཆང་། །དར་ནག་དར་དམར་གཡོགས་བྱའོ། །
རྒོད་སྒྲོ་མེ་ཡིས་མ་བཤུལ་བའི། །མདེལ་ལ་གྲི་ལྕགས་བདར་ཕྱེ་བྱུག །དར་རམ་གོས་ཆེན་ནག་པོ་ལ། །གསེར་དངུལ་མཚལ་གྱིས་བསྙེན་སྔགས་བྲི། །མདའ་དར་ལ་བཏགས་རྟེན་རྫས་ཡིན། །རབ་ལ་གྲི་སྙིང་དོམ་ནག་སྙིང་། །མ་རྙེད་གཡག་ལུག་ནག་པོའི་སྙིང་། །གསེར་དངུལ་མཚལ་ལམ་གྲི་ཁྲག་གམ། །བསྙེན་སྔགས་བྲིས་ལ་རྩ་སྒྲུབ་བཅུག །སྲོག་འཁོར་དང་བཅས་མདའ་ལ་བཏགས། །བླ་རྡོ་བསྡུས་པ་དེ་ཡིས་ཆོག །སྤྱི། གཞི་སྟེང་ནས་ནག་བྲ་སྲན་གྱིས། །ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་། །ཟངས་ལྕགས་སམ་ནི་ཐོད་པའི་ནང་། །ལྷ་གྲངས་གཏོར་མ་ནག་པོ་བྱ། །རྩེ་ལ་ཡབ་ཡུམ་ཙཀ་ལི་བཙུགས། །མེད་ན་ཞལ་ཐང་དར་ནག་སྐུ། །རྒྱབ་ནས་ཚུར་ལ་བཤམས་པས་འཐུས། །གཏོར་མ་དེ་ནི་ལྷར་བསྐྱེད་དེ། །དང་པོ་བྲན་ནས་གསོ་མི་དགོས། །དེ་མདུན་ཀ་ཊོ་ར་ལ་སོགས། །སྣོད་གཙང་ནང་དུ་གཏོར་མ་ནི། །ལྷ་གྲངས་ཤ་ཁྲག་དམར་གྱིས་བརྒྱན། །དེ་ལ་ནམ་འདོན་གསོ་བྲན་བྱ། །གཡས་སུ་བདུད་རྩི་གཡོན་རཀྟ། །དེ་མདུན་མཆོད་པ་བསྐོར་བཤམ་བྱ། །གཏོར་ཆུང་ཤ་དུམ་མཐེབ་སྐྱུ་སོགས། །རྒྱུན་དུ་འབུལ་ཞིང་གསོ་རྒྱུ་
དང་། །ཕུགས་གཏོར་ཆ་ཚང་ལོགས་སུ་བཤམས། ཞིང་སྐྱོང་བསྐང་གཏོར་བཅའ་བ་ལ། །རི་རབ་སྟེང་དུ་ཟུར་གསུམ་བཞག །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །བྱ་ནག་གཡག་ནག་རྟ་ནག་དང་། །ལུག་ནག་ཁྱི་ནག་རྟ་དམར་སོགས། །བསྐང་འབྲས་རྒྱས་པར་བཙུགས་པ་བཤམས། །མེད་ན་གཏོར་ཆོག་གསོ་ལ་འདོན། །སྟ་གོན་གྱི་ལེའུ་སྟེ་གཉིས་པའོ།། །།སྤྱི། ཡི་དམ་བདེ་མཆོག་ཕག་མོ་དང་། །རྒྱལ་བ་རྒྱ་མཚོ་སྒྲོལ་དཀར་སོགས། །རྩ་བའི་ཡི་དམ་བདག་བསྐྱེད་འདོན། །དེ་ནས་དེ་ཡི་ཐུན་བསྡུ་འམ། །གནས་འགྱུར་ཕྱག་རྡོར་རྟ་མགྲིན་དང་། །གུ་དྲག་གང་རུང་བསྒོམ་ཡང་རུང་། །སྤྲོ་ན་གང་ཡིན་མངོན་རྟོགས་འདོན། །བསྙེན་པ་ཕྲེང་སྐོར་ཙམ་བྱས་ལ། །དཔའ་བོ་རྣམ་རོལ་གཞུང་ལྟར་དུ། །བསྙེན་པའི་སྐབས་ཀྱི་བར་དུ་འདོན། །རང་ཉིད་ཡི་དམ་གང་ཡིན་གྱི། །ཐུགས་སྲོག་ཧཱུྃ་འམ་ཧྲི༔ཡིག་མཐར། །གང་ཡིན་སྔགས་ཕྲེང་གཡས་སུ་འཁོར། །ཞིང་སྐྱོང་ཐུགས་ཀར་ཉི་མའི་སྟེང་། །ཐུགས་སྲོག་ཧཱུྃ་མཐིང་གྱེན་དུ་འགྲེང་། །དེ་མཐར་ཡབ་སྔགས་གཡས་སུ་འཁོར། །ཡུམ་གྱི་ཐུགས་ཀར་བྷྱོ་དམར་པོ། །དེ་མཐར་ཡུམ་སྔགས་གཡོན་དུ་
འཁོར། །བམ་རོ་གཉིས་ཀྱི་སྙིང་ཁ་རུ། །ཏྲི་ཧྲིང་ཛགསུམ་བརྩེགས་མ་སྟེང་། །སྐུ་ལྟར་སྔགས་ཀྱང་མགོ་ཐུར་རོ། །སྡེ་བརྒྱད་སྙིང་དཀྱིལ་སོ་སོ་ཡི། །ས་བོན་སྲོག་ཡིག་འབྲུ་རེ་བསམ། །རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་མཐིང་ནག་དམར་མདངས་ཅན། །ཁ་དོག་སྣ་ལྔའི་ཟེར་འཕྲོས་ཏེ། །རང་གི་ཞལ་ནས་ཕར་འཕྲོས་ཏེ། །དམ་བུ་གཉིས་གྱུར་ཡབ་ཡུམ་གྱི། །ཞལ་ཞུགས་ཐུགས་ཀའི་སྔགས་ལ་ཐིམ། །སྔགས་ཕྲེང་གཡས་གཡོན་དྲག་ཏུ་འཁོར། །སྔོན་གྱི་ཐུགས་དམ་ཞལ་བཞེས་དྲན། །ཐུགས་ལ་ཀའི་སྔགས་དང་ས་བོན་ལས། །འོད་ཟེར་སྔོན་ལྟར་ཚུར་བྱོན་ལས། །ཡབ་ཡུམ་ཐུགས་ཀའི་འོད་ཟེར་གཉིས། །གཅིག་འདྲེས་རང་གི་སྙིང་ཀར་ཐིམ། །ཕར་ལ་འཕྲོས་པས་མཆོད་པའི་ཚུལ། །ཡབ་ཡུམ་ཤིན་ཏུ་མཉེས་པར་བསམ། །ཚུར་ལ་བྱུང་བ་དངོས་གྲུབ་ཚུལ། །མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ། །ཡབ་ཡུམ་སྔགས་ནི་མི་འབྲེལ་ཚེ། །ཡུམ་ལ་དམིགས་པ་མི་དགོས་སོ། །འདི་ནི་བསྙེན་པའི་དམིགས་པའོ། །གོང་ལྟར་འོད་ཟེར་འཕྲོས་པ་ཡིས། །ཡབ་ཡུམ་སྔགས་འཁོར་འཁོར་བཞིན་ལས། །འོད་ཟེར་གཙོ་འཁོར་ཁྱབ་པར་
འཕྲོས། །གཙོ་འཁོར་ཀུན་གྱི་རང་རང་གི །ཐུགས་སྲོག་ས་བོན་རྣམས་ལས་ནི། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །ཕྱོགས་བཅུའི་འཇིག་རྟེན་ཁྱབ་པར་འཕྲོས། །རང་རང་གནས་པའི་ཕོ་བྲང་དང་། །ཡུལ་ཆེན་ཉེར་བཞི་དུར་ཁྲོད་བརྒྱད། །བསིལ་བ་ཚལ་དང་རྡོ་རྗེ་གདན། །ཏི་སེ་ལ་ཕྱི་ཙཱ་རི་ཏྲ། །རྔམས་པ་སྒྲ་སྒྲོགས་ཤིང་ཆེན་གྱི། །ཞིང་སྐྱོང་འཁོར་བཅས་ཐུགས་ཀར་ཕོག །འོད་ཟེར་ལྕགས་ཀྱུས་ས་བོན་བཟུང་། །རང་དབང་མེད་པར་སྐད་ཅིག་ལ། །སྤྲིན་ནག་རླུང་གིས་བསྐྱོད་པ་བཞིན། །འུར་སྒྲ་ཐུག་ཆོམ་དང་བཅས་བྱོན། མདུན་བསྐྱེད་རྟེན་རྫས་བཅས་པ་ལ། །མཚོ་ལ་ཆར་ཆེན་འབབ་བཞིན་ཐིམ། །དེ་ལྟར་རྩེ་གཅིག་ཡང་ཡང་དུ། །བསྒོམ་ཞིང་བཟླ་བ་ཉེ་བསྙེན་ཡིན། །དེ་ནས་རང་གི་ཐུགས་ཀ་ཡི། །འོད་ཟེར་དེ་ཉིད་སྔགས་ཕྲེང་གྱུར། །སྔ་དྲོ་སྔགས་ཕྲེང་དཀར་པོ་སྟེ། །དུང་ངམ་མུ་ཏིག་ཕྲེང་བ་བཞིན། །རང་གི་ཞལ་ནས་ཡབ་ཡུམ་གྱི། །ཞལ་ཞུགས་ཞི་བའི་མཆོད་པར་གྱུར། །ཐུགས་ཀར་ཐིམ་པས་ཞི་བ་ཡི། །ཕྲིན་ལས་སྒྲུབ་པའི་དགོངས་པ་གཏད། །སྔགས་ཕྲེང་དཀར་པོ་ཚུར་བྱུང་ནས། །རང་གི་ཐུགས་ཀར་ཐིམ་པ་ཡིས། །བདག་
ལུས་འོད་ཟེར་དཀར་པོས་གང་། །ནད་གདོན་སྡིག་སྒྲིབ་ཞི་བར་མཛོད། །སྔགས་ཕྲེང་བར་དུ་འཁོར་བའི་ཚེ། །འོད་ཟེར་ཟླ་བའི་འོད་བཞིན་འཕྲོས། །བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །ནད་གདོན་བར་དུ་གཅོད་པ་ཀུན། །མུན་པར་ཟླ་བ་ཤར་བཞིན་ཞི། །ཉིན་ཕྱེད་སྔགས་ཕྲེང་གསེར་གྱི་མདོག །གོང་བཞིན་འཁོར་བའི་འོད་ཟེར་ལས།། ཉི་མ་ཤར་འདྲའི་འོད་ཟེར་འཕྲོས། །བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །པད་མོར་ཉི་ཟེར་ཕོག་བཞིན་རྒྱས། །སྔགས་ཕྲེང་སེར་པོ་རང་ཐིམ་པས། །ཚེ་བསོད་ཉམས་རྟོགས་འཕེལ་རྒྱས་བསམ། །དགོང་མོ་རང་གི་ཐུགས་ཀ་ནས། །སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟར། །རང་གི་ཐུགས་ཀ་ནས་ཕར་འཕྲོས། །མགོན་པོའི་ཐུགས་ཐིམ་མགོན་པོ་ཡི། །ཞལ་ནས་ཚུར་བྱུང་རང་ཞལ་ཞུགས། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར། །དེ་ཡི་འོད་དམར་ལྕགས་ཀྱུའི་དབྱིབས། །གློག་འཁྱུག་ལྟ་བུར་ཕྱོགས་བཅུར་འཕྲོས། །ཡིད་ལ་འདོད་པའི་དངོས་གྲུབ་ཀུན། །ཤ་རུལ་སྦྲང་མ་བཞིན་བསྡུས་ནས། །བཅུད་རྣམས་རང་ལ་ཐིམ་པར་བསམ། །མུན་རུབ་རང་གི་སྔགས་ཕྲེང་ལས། །
སྔགས་ཕྲེང་ནག་པོ་ཐོག་འཁྱུགས་ལྟར། །རང་གི་ཐུགས་ནས་མགོན་པོའི་ཐུགས། །མགོན་པོའི་ཞལ་ནས་རང་ཞལ་འཁོར། །བར་དུ་འཁོར་ཚེ་སྔགས་ཕྲེང་ལས། །འོད་མཐིང་ཚ་བའི་རེག་བྱ་ཅན། །འཕྲོས་པས་གནོད་བྱེད་དགྲ་བགེགས་ཀུན། །བྱ་སྤུ་མེ་ལ་བསྲེགས་བཞིན་བཅོམ། །སྔགས་ཕྲེང་རང་ལ་ཐིམ་པའི་ཚེ། །།དྲག་པོ་མཐུ་ཡི་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་བཟླས་པ་ནི། །འདི་ཡི་ལུགས་ཀྱི་སྒྲུབ་པ་ཡིན། །སྔགས་ཕྲེང་ཁ་དོག་ལྔ་ལྡན་པ། །བདག་གི་ཞལ་ནས་མགོན་པོའི་ཞལ། །མགོན་པོའི་ཐུགས་ནས་རང་གི་ཐུགས། །དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ། །མགོན་པོའི་ཐུགས་ཀྱི་འོད་ཟེར་གྱིས། །འཁོར་ཚོགས་རྣམས་ཀྱང་ལས་ལ་བསྐུལ། །གཙོ་འཁོར་ཀུན་ལས་རང་འདྲ་བའི། །སྤྲུལ་པ་ཡང་སྤྲུལ་གྲངས་མེད་སྤྲོས། །སྟོང་གསུམ་འཇིག་རྟེན་ཐམས་ཅད་གང་། །དྲག་སྔགས་ང་རོ་འབྲུག་བཞིན་སྒྲོག །གནོད་ཅིང་འཚེ་བའི་དགྲ་བགེགས་རྣམས། །བཟུང་དང་། བཅིངས་དང་བརྡུང་བ་དང་། །བསད་གཏུབ་ཤ་ཁྲག་ཧབ་ཐོབ་ཟོས། །མཐར་ནི་ཚུར་འདུས་མདུན་བསྐྱེད་བསྟིམ། །སྒྲུབ་པ་ཆེན་པོའི་དམིགས་པའོ། །ཡབ་སྔགས་ཡི་གེ་བཅུ་པོ་
ལ། །འབུམ་ཕྲག་གཅིག་ནི་བསྙེན་པའི་ཚད། །ཡུམ་སྔགས་བམ་རོ་གཉིས་སྦྱར་བ། །ཁྲི་ཕྲག་གསུམ་ནི་ཚད་ཡིན་ལ། །སྡེ་བརྒྱད་སྦྱར་བ་སྟོང་ཕྲག་གསུམ། །དེ་ནི་གྲངས་ཀྱི་བསྙེན་པ་སྟེ། །བསྙེན་ཆེ་ཕཊ་ཡིག་ཛརུ་བསྒྱུར། །གྲངས་ནི་རབ་བདུན་འབྲིང་བཅུ་བཞི། །ཐ་མ་ཉེར་གཅིག་ཞག་གིས་འགྲུབ། །རྟགས་ནི་རབ་དངོས་འབྲིང་ནི་ཉམས། །ཐ་མ་རྨི་ལམ་གསལ་གྱུར་ཏེ། །ཡབ་ཡུམ་དངོས་སུ་བྱོན་པ་དང་། །རྟ་ནག་ཞོན་པའི་སྐྱ་ཕ་དམག །དཔོན་རིགས་བུད་མེད་ཆས་བཟང་དང་། །རྟ་ནག་གཡག་ནག་བྱ་ནག་དང་། །སེང་གེ་སྟག་སོགས་གཅན་གཟན་ཚོགས། །འབྲུག་སྒྲ་ཐུག་ཆོམ་གློག་ཞགས་འཁྱུག །སེར་བ་རླུང་ཐོགས་འོད་ཞགས་འཁྱུགས་པ་དང་། །འཇིགས་སྐྲག་བ་སྤུ་ལྡང་བ་དང་། །བུད་མེད་སྔགས་པ་ཨ་ཙ་ར། །ཆས་བཟང་དཔོན་རིགས་སྐྱེས་ཕྲན་གྱིས། །གུས་ཚུལ་མཚོན་ཆ་འཆང་ཞིང་ཐོགས། །གོ་ཁྲབ་དར་ཟབ་འབུལ་བར་འབྱུང་། །ཕལ་ཆེར་རིགས་པས་དཔྱད་པས་ཤེས། །ལེགས་ཉེས་བརྡ་ཡིས་སྟོན་པ་འབྱུང་། །གཞུང་ནས་བཤད་པ་མི་སྣང་ཡང་། །སྤྲེའུ་བྱུང་ན་བམ་རོ་རྟགས། །དུས་རྟགས་གྲངས་གསུམ་བསྙེན་ཐེམས་
ན། །དེ་ནས་རྒྱུན་བསྙེན་བྱ་བ་དང་། །ལས་ཚོགས་རྣམས་ཀྱང་སྒྲུབ་པས་འགྲུབ། །སྔགས་ཐུན་བསྙེན་པ་ཚར་བའི་རྗེས། །གཞུང་ལྟར་བསྐང་བ་འདོན་པ་དང་། །དེ་ནས་དམར་གཏོར་གཅིག་བཤམས་ལ། །།འགུག་གཞུག་བྱས་ལ་བསྐུལ་པ་འདོན། །བསྙེན་ཚེ་ཕྱི་རུ་མི་འབུལ་བ། །དཀྱིལ་འཁོར་འགྲམ་དུ་ཕུལ་ལ་བཞག །ལས་སྦྱོར་བསད་ལས་དུས་ཡིན་ན། །ཟོར་དུ་འཕང་ངམ་དགྲ་ཕྱོགས་ཕུལ། །དེ་ནས་ཐུན་བཞིར་དཔལ་རོལ་བཏང་། །སྔ་དྲོ་ཉིན་གུང་དགོང་མོ་དང་། །མཚན་གྱི་ཐུན་དང་བཞི་ཡིན་ཏེ། །ཐུན་མགོར་དཔལ་རོལ་བཏང་བ་དང་། །ཐུན་གྱི་དངོས་གཞི་བསྙེན་པ་སྟེ། །ཐུན་མཇུག་བསྐང་བ་གཏོར་འབུལ་ལོ། །དེ་ལྟར་ཞག་བདུན་ཡིན་ཆད་ཀྱིས། །ཞག་ནི་དུ་ཙམ་བསྒྲུབས་ཀྱང་རུང་། །གྲོལ་ཁ་ནུབ་མོ་དམར་གཏོར་ནི། །ཆེ་བ་གཅིག་དང་ཟན་ལིང་བཤམས། །རང་ལ་དམིགས་ཡུལ་དགྲ་མེད་ཀྱང་། །བསྟན་པའི་སྤྱི་དགྲ་དགྲ་བགེགས་ཀུན། །འགུགས་གཞུག་བྱས་ལ་བསྐུལ་ཀུན་གྱེར། །ཟོར་དུ་འཕང་ངམ་གཙང་སར་ཕུལ། །ཡང་ན་དྲག་པོའི་སྦྱིན་སྲེག་བྱ། །མགོན་པོའི་རིགས་ཀུན་བསྒྲུབ་པའི་མཇུག །དྲག་ལས་བརྡ་ཙམ་མ་བྱས་ན། །རང་གི་
ཚེ་ལ་གནོད་དོ་ཞེས། །མགོན་པོ་སྤྱི་རྒྱུད་ཀུན་ནས་གསུངས། །དེ་ཕྱིར་ཡང་ན་དགྲ་ཆོས་སམ། །གཏོར་ཟློག་གཏོར་འཕེན་དེ་ཙམ་བྱ། །ཕྱི་ནང་དཔལ་རོལ་ཚང་བར་འདོན། །སྒྲུབ་རྟེན་གཏོར་མ་ལྷ་བསྐྱེད་དེ། །གནས་གསུམ་འོད་ཟེར་དཀར་དམར་མཐིང་། །རང་གི་གནས་གསུམ་ཐིམ་པ་ཡིས། །དབང་དང་དངོས་གྲུབ་ཐོབ་བསྒོམ་ཞིང་། །ཡབ་ཡུམ་རྩ་སྔགས་སྙིང་པོའི་མཇུག །ཀཱ་ཡ་སིདྡྷི་ཨོ། ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་རང་གི་གནས་གསུམ་གཏུགས། །དེ་ནས་གཏོར་ལྷ་ནམ་མཁར་བཏེག །གཏོར་མ་དེ་ཉིད་གསོ་བྲན་བྱ། །དཔལ་རོལ་གཞུང་གི་གཏོར་བསྔོས་དང་། །མཆོད་བསྟོད་རྗེས་ཆོག་ཚུལ་དུ་བྱ། །བཤགས་པ་བཏོན་ལ་ཡིག་བརྒྱ་བཟླས། །དེ་ནས་གཤེགས་གསོལ་མི་བྱ་བར། །རྟེན་རྗེས་སྲོག་འཁོར་རྣམས་ལ་བསྟིམ། །བརྟན་བཞུགས་རབ་གནས་བཀྲ་ཤིས་བྱ། །མཚམས་གྲོལ་དེ་ནས་རྒྱུན་དུ་བྱ། །མངོན་རྟོགས་འདོན་པ་མ་གྲུབ་ཀྱང་། །སྐད་ཅིག་སྤྱན་འདྲེན་མཆོད་བསྟོད་རྣམས། །མ་ཆག་བྱ་ཞིང་རྒྱུན་དུ་བསྙེན། །སྔགས་གྲངས་མང་བར་ཐོན་འདོད་ན། །རྒྱུན་གྱི་དགོངས་པ་ཡིག་བདུན་བཟླ། །ཨོ་སེང་ཧ་མུ་ཁ་ཧཱུྃ་ཕཊ། །
ཕཊ་དང་ཛགཉིས་སྐབས་དང་བསྟུན། །འདི་ནི་ཤིན་ཏུ་རྣོ་བར་བཤད། །ཡིག་བཅུ་ཅན་ཏེ་སྟོབས་ཆེན་གསུངོས། །སྒྲུབ་པ་དངོས་གཞིའི་ལེའུ་སྟེ་གསུམ་པའོ།། །།སྤྱི། ན་མོ་མ་ཧཱ་ཀཱ་ལ་ཡེ། །ཞིང་སྐྱོང་སྒྲུབ་པའི་སྐར་མ་ནི། །སྣར་མ་དང་ནི་ས་ག་དང་། །ནབས་སོ་དང་ནི་ནམ་གྲུ་བཞིན། །ཞིང་སྐྱོང་སྒྲུབ་པའི་སྐར་མ་སྟེ། །དེ་དག་རྒྱུད་ནས་གསུངས་པ་ཡིན། །མགོན་པོ་སེང་གདོང་ཡབ་ཡུམ་རྒྱུན་དུ་བསྟེན་པ་ནི། །ལོ་གཅིག་རྒྱུ་བ་དཔྱིད་ར་བའི། ཚེས་དགུ་དང་གནམ་གང་བྱང་ནས་ལྷོ་རུ་རྒྱུ། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་སྲོད་ལ་ནུབ་ནས་ཤར་དུ་རྒྱུ། ཉེར་གཉིས་ཉེར་གསུམ་ཉི་མ་ནུབ་པ་དང་། ནུབ་ནས་ཤར་དུ་རྒྱུ། གནམ་གང་ཉིན་པར་ལན་གསུམ་རྒྱུ་བ་སྟེ། །ཉི་ཤར་ཐལ་ཀ་ནམ་གུང་གསུམ་ཡིན་ནོ། །རྒྱུན་དུ་ཉིན་གུང་མཚན་གུང་སྲིད་གསུམ་ཉུལ། །ལར་ནི་ལོ་གཅིག་སྒྲུབ་པ་བྱས་པ་བས། །རྒྱུ་དུས་དུས་གཅིག་མཆོད་པ་བྱས་ན་འཐད་ཆེ་གསུངས། །མགོན་པོའི་སྤོས་སྦྱོར་འདི་ལྟ་སྟེ། །རྒྱ་སྤོས་གུ་གུལ་གླ་རྩི་རྩ་བ་དང་། །ཤ་ཆེན་རྒྱ་ཤུག་ཏང་ཀུ་ཛཱ་ཏི་ཡི། །ཁ་ཚར་བཏབ་པའི་རིལ་བུ་སྲན་མ་ཙམ། །སྤྱན་འདྲེན་དུས་སུ་མཆོད་པ་ན། །ཞིང་སྐྱོང་མགོན་པོ་
ཤུགས་ཀྱིས་འགྲུབ། །སྤྱི། དེ་ལྟར་ཟིན་བྲིས་ཉུང་བསྡུས་འདི། །གླིང་གི་ཡུལ་ནས་བྱོན་པ་ཡི། །ཀརྨ་ཕྲིན་ལས་དཔལ་བཟང་པོ། །ཞེས་བྱའི་བླ་མ་དེས་བསྐུལ་ནས། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །ངག་ནས་ཇི་ལྟར་སྨོད་པ་བཞིན། །དགེ་སློང་ཨོ་རྒྱན་ཐབས་མཁས་ཀྱིས། །ཤིན་ཏུ་མགྱོགས་པར་རིག་ཟིན་བྱས། །འགལ་འཁྲུལ་ཉེས་པ་ཅི་མཆིས་ན། །མགོན་པོ་འཁོར་དང་བཅས་ལ་བཤགས། །དགེ་བས་བསྟན་དང་བསྟན་འཛིན་གྱི། །དབུ་འཕང་དགུང་བས་མཐོ་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
མཁས་གྲུབ་ཀརྨ་རྒྱ་མཚོའི་དྲིས་ལེན།
མཁས་གྲུབ་ཀརྨ་རྒྱ་མཚོའི་དྲིས་ལེན་བན་རྒན་རཱ་ག་ཨ་སྱའི་བཅོས་གཏམ་འགའ་རེ་གདའ་ཧེ་ཧེ།
ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། །ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྐྱོང་ཚོགས། །ངོ་བོ་སྟོང་པའི་དབྱིངས་སུ་བཞུགས་པ་དེ། །རྫས་སྔགས་ཏིང་འཛིན་གསུམ་འཛོམ་རྟེན་འབྲེལ་གྱིས། །མངོན་དུ་ཕྱུང་ནས་ཕྲིན་ལས་འགྲུབ་པར་བྱེད། །དཔེར་ན་ཤིང་དང་པགས་པ་དབྱུག་གུ་གསུམ། །ལག་པའི་རྟེན་འབྲེལ་འཛོམས་ལས་རྔ་སྐད་འབྱུང་། །ཞིང་དང་རྨོན་པ་ས་བོན་སོ་ནམ་ཚོགས། །ཀུན་ལ་ཚང་བའི་མཐུ་ལས་ལོ་ཐོག་སྨིན། །མེ་ཆ་མེ་རྡོ་སྤུ་བ་རྩུབ་ཤིང་དང་། །ལག་པས་སོ་སོར་བསྲེགས་པའི་ནུས་མེད་ཀྱང་། །རྟེན་འབྲེལ་འཛོམ་ལས་མེ་བྱུང་ནགས་ཚལ་བསྲེགས། །དེ་བཞིན་ལིང་
ག་ཐུན་རྫས་ཕུར་པ་སོགས། །སོ་སོར་དཔྱད་ན་འབྲེལ་མེད་རྩེད་མོ་འདྲ། །འོན་ཀྱང་རྟེན་འབྲེལ་ཀུན་འཛོམས་མཐུ་རྩལ་གྱིས། །དམིགས་ཡུལ་དགྲ་བགེགས་རྣམས་ནི་འཇོམས་པར་ནུས། །དེ་དོན་མེ་ལྕེ་འབར་བའི་རྒྱུད་ཆེན་ལས། །རྫས་རྣམས་མེད་ན་དངོས་གྲུབ་མི་ཐོབ་སྟེ། རྨོངས་པས་ས་བོན་ཙུབ་ཤིང་རྩུབ་རྟེན་འདྲ། །ཀུན་ཀ་ཚང་ལ་དངོས་གྲུབ་མཚན་མ་སྟེར། །ཅེས་གསུངས་ཤན་པ་ནག་པོའི་རྒྱུད་ལས་ཀྱང་། །རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་འདོད་པའི་མིས། །རྫས་རྣམས་མེད་ན་དངོས་གྲུབ་མི་ཐོབ་སྟེ། །དཔེར་ན་རྨོན་པ་དང་ནི་ས་བོན་འདྲ། །ཀུན་ཀ་ཚང་བའི་
མཐུ་ལས་དངོས་གྲུབ་འབྱུང་། །ཞེས་གསུངས་རྫས་རྣམས་ཚང་ན་ལྷ་མོ་མཉེས། །དཔེར་ན་བྱིས་སྦས་མེ་ཏོག་མཐོང་བ་འདྲ། །རྫས་ལ་དགའ་བའི་རྫས་དགའ་མ་ཞེས་བྱ། །སྲིད་པ་མ་མོ་འབུམ་གྱི་རྒྱུད་ལས་ཀྱང་། །ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་ང་ལ་ཡོད། །ཅེས་གསུངས་ལྷ་མོ་ཕག་མོའི་རང་རྒྱུད་ལས། །ཤིང་ལོ་རླུང་གིས་ཁྱེར་བ་ཡི། །ས་ལ་མ་ལྷུང་བ་དེ་ལ། །མིང་རུས་རྡོ་ཡི་སོལ་བ་ཡིས། །བྲིས་ཏེ་གཏོར་མ་བཞག་པར་བྱ། །ཞེས་གསུངས། མེ་ལྕེ་འབར་བའི་རྒྱུད་ཀྱི་དོན། །སློབ་དཔོན་པདྨས་མཛད་པའི་རྒྱ་གཞུང་ནི། །འོ་བྲན་དཔལ་གྱི་དབང་ཕྱུག་ལ་གནང་ཞིང་། །བསྒྲུབས་པས་ཞལ་གཟིགས་གཏོར་མ་བཤམས་ཙམ་གྱིས། །རྒྱུད་ཀུན་མཐུ་ཡིས་མཁའ་འགྲོའི་དངོས་གྲུབ་གནང་། །བླ་བརྒྱུད་མན་ཆད་བདག་གི་བླ་མ་ནི། །ནུས་མཐུའི་གཡེར་ཐོབ་བླ་མ་ཝ་རྒན་གྱི། །གསུང་རྒྱུན་བདག་ལ་ཡོད་ཕྱིར་འོལ་ཚོད་མིན། །སྐྱེར་པ་དབྱར་པ་ལྕང་ནག་ལྕང་དཀར་གྱི། །བྱང་ཆུབ་ཤིང་རྣམས་ཤིང་རིགས་གཅིག་པའི་ཕྱིར། །ལྕང་ལོ་འབྲུལ་སྐབས་ལྕང་རྒན་དྲུང་དུ་དགུགས། །ས་ལ་མ་འབྲུལ་བར་སྣང་ཁམས་ནས་བཟུང་། །དེ་ཕྱིར་ས་ལྡན་སྟེང་དུ་མི་བཞག་སྟེ། །མཚོན་གྱི་
སྐེད་པར་དུམ་གཉིས་བྱས་ཏེ་བཅད། །རྡོ་སོལ་སྣག་ཚས་སྟོད་ལ་ལྷ་མོའི་སྐུ། །སྨད་ལ་ལྷ་མོའི་བསྙེན་སྔགས་བྲིས་བྱས་ཏེ། །སྤྱན་དབྱེ་ལྷ་མོའི་སྐུ་དང་བརྟན་བཞུགས་དང་། །གཏོར་མ་འབུལ་ཞིང་བཀྲ་ཤིས་བརྗོད་བྱས་ཏེ། །སྔགས་དང་ལྷ་གཉིས་ཞལ་སྦྱོར་ཚོན་སྐུད་བཅིང་། །ཤིང་ལོ་མི་ཆག་ཤོག་གུའི་འཐུགས་པོས་བཏུམ། །བྲི་དང་རབ་གནས་ལྷ་མོ་རྒྱུ་བའི་ཉིན། །སྟན་ལས་མ་ལངས་དུས་གཅིག་ཚང་བར་བྱས། །དེ་ནི་ལྷ་མོའི་སྒྲུབ་རྫས་མཆོག་ཡིན་ཏེ། །བསྒྲུབ་དུས་གཏོར་མའི་རྩེར་འཛུགས་ལྷ་མོར་བསྒོམ། །ཚར་ནས་ལུས་ལ་འབྲལ་མེད་འཆང་ན་རབ། །རྟེན་སྒམ་ནང་ངམ་མདའ་དར་ལ་བཏགས་འཆང་། །མཆོད་རྫས་ཟླ་རྒྱས་ཟླ་ཕྲོམ་གལ་ཕྱེ་དང་། །འཇམ་འདས་ཚེ་གལ་ཐུན་སོགས་དཔེའུ་རིས། །གཏོར་མ་སྣ་ཚོགས་དབུས་ལུགས་ཕྱག་ལེན་མཐོང་། །དེ་བཞིན་ཚེ་དང་གལ་དང་ཐུན་བསྡེབ་གསུམ། །ཀཿཐོག་ལུགས་ལ་དཔེ་རིས་གཞན་ཞིག་སྣང་། །གཏོར་མ་དེ་༧དག་མཛེས་ཆོས་ཕྱག་ལེན་ཙམ། །ཕྱེ་ཞེས་བྱ་བ་རོ་བཅུད་ལྡན་པའི་ཟས། །གལ་ཞེས་བྱ་བ་བུར་ཆང་བཟང་པོ་སྟེ། །གཏོར་སྣོད་ནང་གི་གཡས་གཡོན་གཉིས་སུ་བཞག །གཏོར་མ་
དང་ནི་གསུམ་ཀས་ཐུན་སྡེབ་ཚང་། །ཡང་ན་གཏོར་མ་ཆང་གིས་སྦྲུས་པས་ཚང་། །དེ་ཕྱིར་ཟན་ཆང་བསྲེས་པའི་ཕྱག་ལེན་འཇགས། །ཞེས་ཀྱང་ཐུན་སྡེབ་གཏོར་མ་བཅའ་འདོད་ན། །གཏོར་སྣོད་ནང་དུ་ཟན་ལ་ཧོམ་ཁུང་དབྱིབས། །དེ་ནང་འབྲི་མོག་བྱུག་ཅིང་ཆང་གིས་བཀང་། །དེ་སྟེང་མར་ལ་ཚེས་བརྒྱད་ཟླ་བའི་གཟུགས། །ཁ་ནི་གྱེན་དུ་བསྟན་པ་གཅིག་བཙུགས་ཏེ། །དེ་སྟེང་བུ་རམ་བསྲེས་པའི་ཟན་གྲུ་བཞི། །དེ་སྟེང་མར་གྱི་ཉི་མ་ནོར་བུའི་ཏོག །དེ་ནི་ཀཿཐོག་ལུགས་ཀྱི་ཕྱག་ལེན་ནོ། །དབུས་གཙང་ལུགས་དང་རཏྣ་ལུགས་ལ་ནི། །ཚེ་ནི་ཚེ་རིལ་གལ་ནི་ཚེ་ཆང་སྟེ། །སྣོད་གཅིག་ནང་དུ་བཤམས་པ་ཐུན་སྡེབ་ཟེར། །འབྲི་གུང་ལུགས་ལ་གཏོར་མ་ཟོ་བ་འདྲ། །ནང་ནི་ཆང་བཀང་ཁ་ལེབ་ནོར་བུའི་ཏོག །པད་ཀོར་དུང་ཕྲེང་ལ་སོགས་མར་རྒྱན་གཟབ། །གཏོར་མའི་ལོགས་གཅིག་ཏེབ་རུའི་མཆུ་འདྲ་ནས། །ཆང་ནི་ཐིགས་རེ་བཀྱེ་སོགས་བྱེད་སྲོལ་སྣང་། །མ་མགོན་འདི་ལ་དེ་ཚོ་མི་དགོས་སོ། །གྲུབ་ཆེན་ཀརྨ་པཀྵིའི་གསུངས་ལས་ནི། །མདོས་དང་བསྐང་བ་མཎྜལ་དོན་གཅིག་གསུངས། །དེ་ཕྱིར་རྫས་སྣ་ཐམས་ཅད་བསྐང་རྫས་ཡིན། །སྣང་སྲིད་སྐྱེ་འགྲོ་ཐམས་ཅད་ཡིན་མོད་
ཀྱང་། །དུག་ལྔའི་སྒོ་ནས་ཉམས་ཆག་བྱུང་བ་རྣམས། །བསྐང་ཕྱིར་དུག་ལྔའི་རང་གཟུགས་གཟུགས་འགྲོས་ལྔ། །འདོད་ཆགས་ཞེ་སྡང་གཏི་མུག་བྱ་སྦྲུལ་ཕག །ང་རྒྱལ་མི་དང་ཕྲག་དོག་ཁྱི་ཡིན་ཏེ། །གསང་སྔགས་དམ་མེད་རྣམས་ལ་གསང་བའི་ཕྱིར། །རྒྱ་སྐད་དམ་ནི་བརྡ་ཡི་སྐད་ཀྱིས་གསུངས། །འོན་ཀྱང་སྔགས་པ་གསར་བུ་མི་གོ་དགོས། རྒྱ་སྐད་བརྡ་སྐད་བོད་སྐད་སྤེལ་མར་གསུངས། །དེ་དག་རྒྱས་པར་བསྐང་ཡིག་རྣམས་ནས་ཤེས། །མཆོག་ཆེན་མི་དང་རྐང་དུང་གཉིས་ཀར་འཇུག །མཆོག་ཕྲན་རྐང་དུང་རྐང་གླིང་གཉིས་ཀར་འཇུག །གྲི་རྒོད་རྐང་དུང་གཡས་བུས་མགོན་པོ་འདུ། །གདོན་ཕྲན་འབྱུང་པོ་རྣམས་ནི་འགྲོས་པར་བྱེད། །བུད་མེད་རྣམ་པར་གྲིར་ཤི་ཞེས་བྱ་བ། །བྱིས་སྦ་སྐྱེས་ནི་མ་ཐུབ་ཤི་བ་ཡི། །རྐང་དུང་གཡོན་གྱི་ལྷ་མོའི་འབོད་རྫ་ས་མཆོག །དར་ནག་ཁ་གང་མགོན་པོའི་སྤྱན་འདྲེན་སྔགས། །མཚལ་དང་གྲི་ཁྲག་བསྲེས་པས་བྲིས་པ་ཡི། །དར་ནག་ལྕགས་ཀྱི་རྡོ་༈ རྗེའི་རྩེ་ལ་བཏགས། །སྤྱན་འདྲེན་དུས་སུ་ལག་གཡུག་ཚུལ་དུ་གཡབ། །མིང་སྲིང་བྱིས་སྦ་ཐོན་པའི་ལག་གཡོན་ལ། །དར་ནག་ལྷ་མོའི་སྤྱན་འདྲེན་སྔགས་བྲིས་བཏགས། །སྤྱན་
འདྲེན་དུས་སུ་ཚུར་ལ་ལག་གཡུག་ཚུལ། །ཧ་ཏ་གཡབ་ཅེས་གསུངས་པའི་དེ་དོན་ཡིན། །སྐྱེས་པ་གཟུགས་མཛེས་བྱང་སེམས་མ་ཉམས་པ། །བཙན་ཐབ་ཤི་བའི་གསང་རྡོར་འབྲས་བུ་བཅས། །ལེགས་པར་སྐམ་སྟེ་ག་པུར་ཆུས་བྱུག་པ། །དར་སྣ་ལྔས་རྒྱན་རྒྱལ་མཚན་རྩེར་བཏགས་པ། །མི་དབང་འབྲས་བུའི་རྒྱལ་མཚན་ཞེས་བྱའོ། །པདྨ་རིཀྟ་ཟན་བསྲེས་རིལ་བུ་བྱ། །མཚལ་བྱུག་མཚལ་གྱི་ཤིང་ཐོག་སྐམ་པོ་ཡིན། །བྲག་ཞུན་ལི་ཁྲི་སིནྡྷ་ར་བསྲེས་པའི། །རིལ་བུ་མཚལ་བྱུག་དེ་ཡི་གོ་ཆོད་དོ། །མཚན་ལྡན་བུད་མེད་མཁའ་འགྲོའི་མཚན་རྟགས་ཅན། །དཔྱི་དཀར་མཁལ་དཀར་ཞེས་བྱ་ལུག་ནག་དེ། །སྤྱི་བོ་མ་ཡིན་དཔྱི་མགོ་དཀར་ཐིག་ཡིན། །སྲོག་མེད་དབུགས་ནི་མར་མེ་ཡིན་པ་དང་། །དེ་བཞིན་དབུགས་མེད་སྲོག་འདི་སྒོ་ང་དང་། །ཟླ་རྒྱས་ཞོ་དང་ཟླ་ཕྲོམ་ཐུད་ལ་ཟེར། །འཇམ་འདས་ཐུག་པ་ཁུར་བ་གྲོ་ཟན་ལགས། །འབྲི་ལ་ཟ་ལེ་ལུག་ལ་ཤེལ་སྒོང་དང་། །ར་ལ་ཙ་ར་ལ་སོགས་གཞུང་དུ་གསལ། །དེ་དག་འཇིག་རྟེན་ཁམས་ན་ཡོད་པ་རྣམས། །བློ་ཡིས་བླངས་དང་ཡིད་ཀྱིས་སྤྲུལ་པ་དང་། །དམིགས་རྟེན་བསྐང་རྫས་ཐང་སྐུ་བཤམས་པའམ། །མེད་ན་ཟན་ལ་བཅའ་བའི་ཕྱག་ལེན་
ནི། །རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱའི་ཚབ་ཡིན་ཏེ། །རི་རབ་གྲུ་བཞི་བང་རིམ་བཞི་ཡི་སྟེགས། །ཞི་བའི་ལས་དང་སྲུང་བ་བྱེད་པ་ནི། །གཏོར་མ་ཟླུམ་པོ་མེ་ཏོག་བརྒྱན་པ་བཞག །ཚེ་བསོད་ཉམས་རྟོགས་བསྟན་པ་རྒྱས་འདོད་ན། །གཏོར་མ་ཟུར་བཞི་ནོར་བུས་བརྒྱན་པ་བཞག །རླུང་སེམས་སྣང་སྲིད་དབང་དུ་སྡུད་པ་ལ། །གཏོར་མ་ཟུར་གཉིས་མེ་ཏོག་དམར་པོས་བརྒྱན། །བཟློག་བསད་ཆོ་འཕྲུལ་ལ་སོགས་དྲག་པོ་ལ། །གཏོར་མ་ཟུར་གསུམ་མེ་རིས་བརྒྱན་པར་བྱ། །དེ་སྟེང་བསྐང་འབྲས་པར་བཏབ་བཙུགས་པ་ནི། །རྩེ་ལ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །མཆོད་པའི་ལྷ་མོ་རྣམས་ནི་རང་ཞལ་བསྟན། །དེ་འོག་བྱ་རིགས་དེ་འོག་རི་དྭགས་དང། །དེ་འོག་གཅན་གཟན་དེ་འོག་གཡུང་དྭགས་དང་། །དེ་འོག་ཆུ་གནས་སྣ་ཚོགས་ཚང་བར་བཙུགས། །ཁྱད་པར་བྱ་ནག་གཡག་ནག་ལུག་ནག་དང་། །ཁྱི་ནག་རྟ་ནག་རྣམས་ནི་རེ་རེ་ལ། །བཅུ་གསུམ་བདུན་ལྔ་ལ་སོགས་ཟན་ནག་བྱ། །སྲུང་བ་བྱེད་ན་ཐམས་ཅད་ཁ་ནང་བསྟན། །ཟློག་པ་བྱེད་ན་ཕྱོགས་མཚམས་ཁ་ཕྱིར་བསྟན། །དེ་ནི་དམག་ཐབ་བྱ་བ་ཀུན་ལ་དྲག །བསད་པའི་ལས་ལ་
ཕྱོགས་གཅིག་ཁ་བསྟན་ཏེ། །དགྲ་བོའི་ལིང་ག་ཕྱོགས་བསྟན་ཇག་ཐབ་ཡིན། །མར་ཐུད་རིལ་བུ་ཤ་ཁྲག་སོགས་ཀྱིས་བརྒྱན། །འབྲུ་སྣ་ཤིང་ཐོག་ཟས་ཕུད་ནང་དུ་བཏབ། །འདི་ནི་གསར་རྙིང་ཀུན་གྱི་ཕྱག་ལེན་ཡིན། །མར་ཐང་ཆོས་རྗེ་མཁར་དྲུང་ཕྱག་ལེན་ནི། །བསྐང་གཏོར་ལོགས་སུ་བཅའ་བར་མི་བྱེད་པར། །ཕུགས་གཏོར་ཉིད་ལ་བསྐང་འབྲས་བགོས་ནས་བཙུགས། །བླ་མར་རྟགས་བརྒྱད་ཡི་དམ་རྒྱལ་སྲིད་བདུན། །མཁའ་འགྲོའི་ཕྱག་མཚན་མཆོད་པའི་ལྷ་མོ་སོགས། །ཆོས་སྐྱོང་སོ་སོར་སོ་སོའི་མཐུན་རྫ་ས་བཙུགས།། །སྒར་ཆེན་ལུགས་ལ་བསྐང་གཏོར་ཟུར་གསུམ་པ། །དཀར་རྒྱན་མེ་རི་ཤིན་ཏུ་གཟབ་པར་བྱ། །བསྐང་འབྲས་མི་བཙུགས་ཐང་སྐུ་མེད་ན་ཡང་། །ཡོལ་བ་བླ་བྲེ་གོས་ཡུག་མང་པོ་ལ། །གཟུགས་བརྙན་སྣ་ཚོགས་ཡོད་པའི་གོ་སྤྱད་ནས། །གདན་ས་སོ་སོའི་རྟེན་གཏོར་སྒྲུབ་རྫས་སོགས། །སྔར་ནས་ཚང་བར་ཡོད་ལ་ཐུགས་གཏད་མཛད། །དེ་བཞིན་གོ་མཚོན་རྟ་ཕྱུགས་སྒོ་ཁྱི་ཡན། བསྐང་བའི་རྫས་སུ་དམིགས་ནས་རྒྱུན་ཁྱེར་དུ། །བསྐང་ཐུང་བཏོན་པས་ཚོགས་རྫོགས་དཀོར་སྒྲིབ་ཆུང་། །རྒྱུད་ལུང་རྣམས་ནས་ཇི་སྐད་གསུངས་བཞིན་དུ། །སྒྲུབ་པའི་བྲེ་ཁ་
གང་བ་ཐུགས་དམ་སྟེ། །གཞུང་བཞིན་མ་གྲུབ་བྲེ་ཁ་མ་གང་པས། །བསྐང་བའི་ཆོ་ག་དེ་ཉིད་བསྐངས་བྱས་པས། །ལྷ་ཡི་ཐུགས་དམ་མཆོག་ཐུན་དངོས་གྲུབ་རྣམས། །གསོལ་བ་གང་བཏབ་སྩོལ་བ་ཡིན་ཕྱིར་གནང་། །ཆོ་ག་འདི་ཡིས་དམ་ཚིག་ཉམས་ཆག་སོས། །དེ་ཕྱིར་བསྐང་བའམ་བསྐང་གསོ་ཞེས་གྲགས་སོ། །རྟེན་རྫས་ཕལ་ཆེར་སྒྲུབ་རྫས་གཙོ་བོ་སྟེ། །ཕྱི་རྟེན་མགོན་པོ་རྟ་ནག་གཡག་ནག་དང་། །ལྷ་མོ་ལ་ནི་ལུག་ནག་དཔྱི་དཀར་དང་། །ནོར་ལྷའི་རིགས་ལ་རྟ་སྔོན་ཆུ་རིས་ཅན། །སྐྱེས་བུ་ལ་ནི་ར་དཀར་གཉའ་ནག་བཙན། །སྔགས་ཀྱི་ཤོག་དྲིལ་བཏགས་སམ་མ་འཛོམས་ཀྱང་། །སྔགས་མདུད་དར་སྣ་རྔ་ཚོན་དཀར་དམར་རྒྱན། །ཁྲུས་ཀྱི་ཚུལ་དུ་གཟུངས་ཆུས་བྲན་བྱས་ལ། །ནང་མཆོད་བྲན་ནས་གཏོར་རྒྱན་བསྲུང་བཀུས་ཏེ། །འདི་ལ་རྟེན་ཆོས་བཞུགས་ཞེས་བཀའ་བསྒོ་བྱ། །སྤུ་རྩིད་མི་བྲེག་ལུད་སོགས་འགེལ་མི་རུང་། །ནང་རྟེན་མགོན་པོར་བྱ་ནག་གཡག་ནག་གསོབ། །ལྷ་མོར་ནལ་བུའི་པགས་པའི་ལུག་ནག་གསོབ། །དེ་དག་གསོབ་ཏུ་བརྒྱང་ངམ་རྒྱལ་མཚན་བྱ། །སྐྱེ་ལ་སྲོག་འཁོར་བཏགས་ཏེ་ཕུགས་སུ་སྦ། །གསང་རྟེན་མགོན་པོའི་
རིགས་ལ་གྲི་སྙིང་མཆོག །མེད་ན་རྟ་ནག་གཡག་ནག་བྱ་ནག་དང་། །དོམ་ནག་ཁྱི་ནག་སྙིང་ལ་རུང་བ་ཙམ། །ལྷ་མོར་རྣ་གྲིར་ཤིའམ་ནལ་བུའི་སྙིང་། །མེད་ན་ལུག་ནག་གམ་ནི་བྱ་མོ་ནག་མོའི་སྙིང་། །རྩ་སྦུབས་ནང་དུ་བསྙེན་སྒྲུབ་སྔགས་དང་ནི། །འབྲུ་སྣ་སྨན་སྣ་རིན་ཆེན་ཕྱེ་མ་བླུག །ལུས་ལ་འཆང་ངམ་རྟེན་སྒམ་ནང་དུ་སྦ། །གྲི་ལྕགས་གྲི་གུག་རལ་གྲི་སོར་བཅུ་གཉིས། །ཕུར་པ་བྷན་ཞྭ་ནག་གོས་ནག་སོགས། །ལྷར་བསྐྱེད་འོད་ཞུ་བསྟིམ་ལ་རྟེན་དུ་བཟུང་། །དེ་དག་ཡོན་ཏན་ཕྲིན་ལས་རྟེན་དུ་འགྱུར། །སྐུ་རྟེན་སྐུ་གཟུགས་གསུང་རྟེན་སྔགས་བྱང་རྣམས། །གསེར་དང་དངུལ་གྱིས་བྲིས་པའི་ཤོག་དྲིལ་དང་། །རྒྱུད་དང་རྒྱ་གཞུང་བསྒྲུབ་ཡིག་དཔེ་ཆ་འཆང་། །ཐུགས་རྟེན་རྡོ་རྗེ་རྩེ་ལྔ་གྲི་གུག་གམ། །སྒྲུབ་པའི་གཞུང་ནས་བྱུང་བའི་བླ་རྡོ་ཡིན། །ཡང་ན་རི་རྒྱལ་གྲགས་པ་ཅན་གྱི་རྩེར། །རྡོ་ནག་ཟུར་གསུམ་ཤ་བའི་རིལ་མ་ཙམ། །ལག་པས་མ་རེག་གྲི་གུག་རྩེ་ཡིས་བླངས། །དར་ནག་བཏུམ་ལ་གསེར་གྱིས་ཧཱུྃ་བྲིས་པ། །མགོན་པོའི་བླ་རྡོར་དམིགས་ལ་མགོན་པོ་བསྟིམ། །མཚོ་རྡེལ་སྔོན་པོ་ལག་པས་མ་རེག་པ། །དར་སྔོན་སྟེང་ལ་མ་དང་བྷྱོ་བྲིས་པ། །ལྷ་མོ་བསྐྱེད་བསྟིམ་ལྷ་
མོའི་རྟེན་ཡིན་ནོ། །རྒྱས་པར་དེ་དག་ཅི་བཞིན་མ་འབྱོར་ནི། །མ་མགོན་རྒྱུ་དུས་ཚེས་གྲངས་བཟང་པོ་ལ། །དར་རས་ནག་པོར་མ་མགོན་ཙཀ་ལི་བྲི། །རྒྱབ་ཏུ་ས་བོན་དང་ནི་བསྙེན་སྔགས་བྲི། །སྤྱན་འབྱེད་རབ་གནས་བརྡ་ཙམ་དེ་ཉིད་ཚར། །དེ་ནི་རྟེན་གྱི་མཆོག་ཏུ་རྒྱུད་ནས་གསུངས། །མདའ་དར་ནག་པོར་རྟ་ནག་གཡག་ནག་དང་། །གྲི་གུག་རལ་གྲི་ལ་སོགས་སྒྲུབ་རྫས་ཀུན། །ཤོག་བུར་བྲིས་བཏགས་རྟེན་ཀུན་ཡོངས་རྫོགས་འགྱུར། །རང་ཉིད་སྐྱེ་བ་དཔག་ཏུ་མེད་པ་ནས། །གྲི་རྒོད་ཤི་དང་རྨིར་གྲིར་ཤི་བ་མང་། །དེ་ཀུན་རང་གི་སྙིང་ལ་ཚང་བར་དམིགས། །རང་ཉིད་རྩ་སྦུབ་དབུས་མར་ཡེ་ཤེས་མགོན། །གཡས་སུ་ལས་མགོན་གཡོན་དུ་ལྷ་མོ་བསྒོམ། །སྤྱན་དྲངས་བསྟིམ་ཞིང་བསྙེན་པ་ཅུང་ཟད་བཟླས། །འོད་ཞུ་རང་གི་སྙིང་ལ་ལྷ་གསུམ་བསྟིམ། །དེ་ཡི་གསང་བསྙེན་གོ་ཆོད་བཀའ་བརྒྱུད་ལུགས། །རང་ལུས་རྩ་འཁོར་རྣམས་སུ་ཡིག་འབྲུ་གནས། །དེ་ཉིད་ཤེས་བྱས་སྲོག་འཁོར་གོ་ཆོད་ཡིན། །སྤྱི་བོ་དང་ནི་ལྟེ་འོག་གྲུ་གསུམ་དབུས། །ཐིག་ལེ་དཀར་དམར་མ་མགོན་ཡབ་ཡུམ་གྱི། །ངོ་བོ་ཤེས་པས་བླ་རྡོའི་གོ་ཡང་ཆོད། །དེ་དག་སྒྲུབ་རྫས་གཙོ་བོར་རྟེན་
རྫས་སོ། །མཆོད་རྫས་དྲག་པོའི་མཆོད་པ་སྣ་བདུན་དང་། །དབང་པོའི་མེ་ཏོག་ལ་སོགས་འདོད་ཡོན་ལྔ། །འདི་དག་དངོས་སམ་ཡང་ན་གཟུགས་བརྙན་བཅའ། །མཆོད་རྫ་ས་གཙོ་བོ་སྨན་རཀ་གཏོར་གསུམ་གྱི། །སྨན་རཀ་གཉིས་པོ་བྷནྡཱར་བཤམས་པའམ། །བུམ་པ་དམ་འབེ་སོགས་སུ་བཤམོ་བྱ་སྟེ། །ཚང་བུམ་ཁྲག་བུམ་མ་སྐམ་པར་མཆོད་ནས། །དངོས་གྲུབ་མྱུར་ཞེས་གཏེར་ཁྱིམ་སོགས་ནས་བཤད། །སྒྲུབ་རྫས་གཙོ་བོ་གཏོར་མ་ཡིན་པའི་ཕྱིར། །གཏོར་མ་ཁོ་ན་ལ་བརྟེན་སྒྲུབ་ཆོག་པས། །གཏོར་སྒྲུབ་ཅེས་བྱ་གསར་རྙིང་ཀུན་ལ་གྲགས། །རྟེན་གཏོར་ལ་ཡང་རྣམ་པ་གཉིས་རེ་ཡོད། །ཟངས་སམ་རྗེ་མ་ལ་ནི་བཟོས་པ་ཡི། །གཞོང་པ་ཚེས་བརྒྱད་ཟླ་བའི་དབྱིབས་འདྲ་བ། །དེ་ནང་ཟླུམ་གཏོར་དབུས་སུ་གྲུ་གསུམ་བྲིས། །གྲུ་གསུམ་དབུས་སུ་ཧཱུྃ་དང་བྷྱོ་ཡིག་བྲི། །གྲུ་གསུམ་ནག་པོ་ཟླ་གམ་གསུམ་ནི་དམར། །གཞོང་པ་རྣམ་དག་ཟླ་བའི་དཀྱིལ་འཁོར་ཟེར། །ནས་ནག་ནས་འབྲུ་རེ་རེ་ཧཱུྃ་དུ་བསྒོམ། །མི་དམིགས་ངང་ནས་རྗེན་འཐག་ལེགས་པར་བྱས། །ཁྲག་དང་ཆང་དང་མར་ཁུ་གསུམ་གྱིས་སྦྲུས། །གཏོར་མ་ཟུར་གསུམ་ཟུར་ནི་མི་རྣོ་བར། །ལྷུན་འཐུག་དཀར་རྒྱན་
ཤིན་ཏུ་ལེགས་པར་བྱ། །འཁོར་དུ་གྲུ་བཞི་རྩེ་རྒྱལ་གསང་ཕྱི་དང་། །སྨན་ཏིང་ཟུར་གསུམ་སྙིང་གཟུགས་ར་མགོ་བཞག །གཙོ་བོའི་གཏོར་མ་མར་སྣག་ནག་པོ་བྱ། །སྲོག་ཤིང་ལྕགས་སྦུབ་བམ་ནི་སྨྱུག་སྦུབ་ནང་། །རྩེ་ལ་བླ་བརྒྱུད་མཐོ་ཐོག་མཚན་སྔགས་དང་། །དེ་འོག་ཡི་དམ་དེ་འོག་ཆོས་སྐྱོང་དེའི། །འབོད་རྦད་བསད་གསུམ་གོ་རིམ་བཞིན་དུ་བཙུག །གསེར་གཡུ་རིན་ཆེན་འབྲུ་སྣ་ཟས་ཕུད་བླུག །དབེན་པའི་ཕྱོགས་སུ་གསོ་བྲན་ལེགས་བྱས་ཏེ། །ནམ་ཡང་མི་བསྒུལ་དར་ནག་དཀྱིལ་བཏུམ་བཞག །གཏོར་མ་ཆོས་སྐྱོང་དེ་ཡི་ཕོ་བྲང་སྟེ། །འདོད་པའི་ཡོན་ཏན་དུ་མས་ཡོངས་སུ་གང་། །དེ་ལ་ཆགས་ཤིང་རྟག་ཏུ་བཞུགས་པར་དམིགས། །གཏོར་བསྔོས་ཚར་ནས་རྒྱུན་དུ་དེ་ལ་བསྟིམ། །དེ་ལ་མདུན་བསྐྱེད་བྱས་ལ་སྐབས་སུ་བསྙེན། །དགྲ་སོགས་གལ་ལ་ཐུགས་པའི་དུས་བྱུང་ན། །ཆད་བསྐུལ་བྱས་ནས་ཟོར་འཕང་སླར་ཡང་བཅའ། །དེ་རྣམས་ཡོངས་སུ་གྲགས་པའི་རྟེན་ཚེ་གཏོར་ཡིན། །འཕྲལ་དུ་གཏོར་སྒྲུབ་བྱས་པའི་རྟེན་གཏོར་ནི། །ཟངས་ལྕགས་སམ་ནི་བྷནྡྷའི་སྣོད་ནང་དུ། །ཤོག་དྲིལ་མི་དགོས་དབང་གཏོར་འདྲ་བ་ལ། །ཙཀླི་བཙུགས་པ་མདུན་
བསྐྱེད་དམིགས་རྟེན་ཡིན། །།རྒྱུན་དུ་གསོ་བྲན་མི་དགོས་ལྷ་བསྐྱེད་ཡིན། །རྟག་གཏོར་ཕུགས་གཏོར་གཉིས་པོ་དོན་གཅིག་སྟེ། །ཕུགས་གཏོར་ཆ་ཚང་བཅའ་བ་ལོ་རེར་བརྗེ། །ཡང་རྒྱུན་མི་བརྗེ་རྟག་ཏུ་འཇོག་ཀྱང་རུང་། །རྟག་ཏུ་གསོ་བྲན་བྱེད་པ་རྟག་གཏོར་ཡིན། །རྒྱུན་གཏོར་ཞེས་པ་ནུབ་རེ་བཞིན་དུ་ཡང་། །ཕུགས་གཏོར་བསྡུས་པ་བཅའ་ཞིང་དེ་ནུབ་བཀྲོལ། །དེ་འདྲར་མར་ཐང་སྡེ་པར་སྔར་དུས་དར། །གཞན་གྱིས་འཁྱོངས་དཀའ་རྒྱུན་དུ་ཕུགས་གཏོར་ནི། །མཐེབ་སྐྱུ་གསོ་བ་རྒྱུན་གཏོར་གོ་ཆོད་ཡིན། །སྒྲུབ་པ་བྱེད་དུས་ཐུན་བཞིའམ་ཐུན་དྲུག་མཚམས། །གཏོར་ཆུང་འབུལ་བ་དེ་ནི་རྒྱུན་གཏོར་ཡིན། །བསྐང་གསོ་ལ་སོགས་སྐུ་རིམ་བྱེད་པའི་དུས། །དམར་གཏོར་ཆེ་བ་གཅིག་གམ་གཏོར་ཚོམ་གཅིག །ཆོས་སྐྱོང་སྤྱི་ལ་འབུལ་བས་འབུལ་གཏོར་རམ། །གཏོར་འབུལ་ཞེས་བྱ་སྔགས་པ་ཀུན་ལ་གྲགས། །ཐུན་གཏོར་དྲུག་ཀ་དེ་ཡི་གོ་ཆོད་རྩི། །ཉ་མཚམས་དགུ་སོགས་ཆོས་སྐྱོང་རྒྱུ་བའི་དུས། །བསྐང་གསོ་གཏོར་འབུལ་བྱེད་པ་དུས་གཏོར་ཡིན། །མགོ་ཉའམ་ནི་རྒྱལ་ཉའི་མར་ངོས་སྐབས། །མདོས་བཟློག་ལ་སོགས་བསྐང་གསོ་གྱེར་བྱེད་པ། །དེང་སང་ལོ་རིམ་དགུ་གཏོར་ཞེས་
གྲགས་ཏེ། །གཞུང་ནས་ལོ་དུས་ངར་བཏབ་ཆེན་པོ་ཟེར། །དེ་དག་ཆོས་སྐྱོང་སྤྱི་ཡི་ཁོག་ཁྲོལ་བའི། །རག་རིམ་ཙམ་སྟེ་ཞིབ་པར་རང་རང་གི །སྒྲུབ་གཞུང་རྣམས་ནས་གཟིགས་པས་གསལ་བ་ཡིན། །འདི་དག་སྤྱི་ཡིན་སྤྱི་དང་མི་མཚུངས་པའི། །ཁྱད་ཆོས་འགའ་རེ་རང་རང་གཞུང་དུ་གསལ། །རིག་སྔགས་འཆང་བ་རྒྱ་མཚོའི་མཚན་ཅན་གྱིས། །མཎྜལ་བཟང་པོ་དང་བཅས་བསྐུལ་ན་ཡང་། །རྣམ་གཡེང་དབང་གིས་མ་སྐབས་ཡུན་རིང་ལུས། །བྱ་ལོ་མཆུ་ཟླའི་ཉི་ཤུ་བདུན་གྱི་ཉིན། །རཱ་ག་ཨ་སྱས་གང་དྲན་འཕྲལ་དུ་སྨྲས། །དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད། །སྔགས་པ་ཀུན་གྱིས་ཤེས་ཕྱིར་མི་མཁོ་ཡང་། །མདོ་ལུགས་དགེ་བཤེས་མཁས་ཀྱང་མཁོ་བ་སྲིད། །འཁྲུལ་བ་མེད་ཕྱིར་བཤིགས་བྱ་མ་མཆིས་ཀྱང་། དོན་ཆུང་དགེ་བ་འགྲོ་དོན་དཔག་མེད་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དམ་ཅན་ཞིང་སྐྱོང་གཉིས་ཀྱི་སྒྲུབ་པའི་སྒབ་འདྲེ་མནན་པའི་མན་ངག
དམ་ཅན་ཞིང་སྐྱོང་གཉིས་ཀྱི་སྒྲུབ་པའི་སྒབ་འདྲེ་མནན་པའི་མན་ངག་བཞུགས་སོ། །ན་མཤཱི་པྲ་བྷ་མ་ཧཱ་ཀཱ་ལཱ་ཡ། འདིར་ནི་ཡང་དག་བཤད་བྱ་བ། །སློབ་དཔོན་ནུས་པ་ལྡན་པ་ཡིས། །སྒབ་འདྲེ་ལེགས་པར་མནན་པ་ན། །སློབ་བརྒྱུད་མི་རབས་བཅུ་གསུམ་མམ། །བདུན་ནམ་ཐ་མའང་གསུམ་གྱི་བར། །མ་མནན་ན་ཡང་སྐྱོན་མེད་ཟེར། །ཁོ་བོས་ལན་གསུམ་མནན་ན་ཡང་། །མནན་པ་གྲུབ་ན་བཀྲ་ཤིས་དགེ། །མནན་ཚུལ་རྒྱས་བསྡུས་མང་ན་ཡང་། །སྒྲུབ་པ་རྟགས་ཐོན་དགོས་ཕྱིར་དཀའ། །སྒྲུབ་མི་དགོས་པར་མནན་ཆོག་པ། །མ་ཧཱ་བ་ལ་འདི་ཉིད་ཟབ། །དེ་ལས་གསར་རྙིང་རིགས་མང་ཡང་། །གནམ་ཆོས་འདི་ཉིད་ཟབ་ཅིང་རྣོ། །ཞིང་སྐྱོང་དམ་ཅན་གཉིས་ཀ་ཡི། །སྒྲུབ་པའི་བར་ཆད་སྒབ་འདྲེ་ནི། །ཤོག་བུར་སྣག་ཚ་གཙང་མ་ཡིས། །ལིངྒ་གཅིག་ལ་མགོ་གསུམ་པ། །དབུས་མི་གཡས་བྱ་གཡོན་སྤྲེའུ། །ལག་པ་མི་ལ་རྐང་པ་བྱ། །སྤྲེའུའི་མཇུག་མ་ཡོད་པ་བྲི། །སྙིང་ག་ཛགཉིས་ཁ་སྤྲོད་བར། །ཏྲི་ཡིག་གསུམ་ནི་བརྩེགས་མར་བྲི། །དེ་མཐར་ཡིག་མགོ་ཕྱིར་བསྟན་ལ། །སྒྲུབ་པར་བར་དུ་གཅོད་པར་བྱེད་པ་སྒབ་འདྲེ་ལག་རིང་། བཙན་ཡམ་ཤུད་
དམར་པོ། འབྱུང་པོ་ཐེའུ་རང་སྟོང་འཁྲུགས་གསུམ་ཁུག་ཅིག །མཱ་ར་ཡ་ཛཛཁྲད་ནན། ཞེས་བྲི། སྤྱི་བོར་ནན་དང་རྐང་ཞབས་ཡཾ། །ཡན་ལག་ཛཧཱུྃ་བཾ་ཧོ༔བྲི། །ཐ་མར་ཛདང་ཁྲོམ་གྱིས་བསྐོར། །དེ་ལ་འགུགས་གཞུག་བརྒྱ་རྩ་བྱ། །མ་ཧཱ་བ་ལའི་སྐུ་གཟུགས་ནི། །གནམ་ཆོས་བཞིན་དུ་བྲིས་པ་ལ། །བསྐྱེད་བསྟིམ་རང་སྔགས་བརྒྱ་རྩ་བཟླ། །རོ་གཡམ་རྡོ་རྗེ་རྒྱ་གྲམ་དང་། །རི་རབ་གླིང་བཞི་བཅས་པ་བྲི། །མཆོད་རྟེན་འོག་གམ་ལམ་རྒྱ་གྲམ། །ལྷ་ཁང་ངམ་ནི་སྒྲུབ་ཁོང་གི །ཐེམ་འོག་གྲུ་གསུམ་དོང་བྲུས་ལ། །དམ་སྲི་ལིང་ག་མགོ་ཕྱིར་བསྟན། །གན་རྐྱལ་མནན་ནས་འགུགས་གཞུག་བྱ། །དེ་སྟེང་མ་ཧཱ་བ་ལ་བཞག །ས་ཁོད་རེ་ལ་རྒྱ་གྲམ་རེ། །དགུ་བྲི་རོ་གཡམ་རྒྱ་གྲམ་མནན། །དེ་སྟེང་མེ་ཁྲོལ་ཆུ་ཐིག་བླུགས། །ལེགས་པར་བཅགས་ལ་མི་མངོན་བྱ། །དེ་སྟེང་རྟ་བྲོ་གང་རུང་བརྡུང་། །རྐང་པ་གཡོན་པས་རྒྱ་གྲམ་མནན། །དེ་ལྟར་བྱ་བ་གལ་ཆེ་ཞིང་། །ལོ་འགའ་སོང་ནས་བསྐྱལ་ཀྱང་ལེགས། །དེ་སྐད་རཱ་ག་ཨ་སྱས་སྨྲས།།
ཞིང་སྐྱོང་བདེ་སྨོན།
ཞིང་སྐྱོང་བདེ་སྨོན་བཞུགས་སོ། ན་མོ་མ་ཧཱ་ཀཱ་ལ་ཡེ། སངས་རྒྱས་བྱེ་བ་དྲུག་ཅུ་ཡི། །ཐུགས་སྤྲུལ་མགོན་པོ་ཕྱག་བཞི་པ། །དེ་ཡི་སྤྲུལ་པ་སེང་གེའི་གདོང་། །ལྷ་ཆེན་དྲག་པོ་ཡབ་ཡུམ་གྱི། །སྲས་སུ་སྤྲུལ་ནས་རྫུ་འཕྲུལ་བསྟན། །སྟོང་གསུམ་ལྷ་འདྲེ་དབང་དུ་བསྡུས། །ཕྱག་ན་རྡོ་རྗེས་མ་ཐུལ་ནས། །འོག་མིན་གནས་ནས་ཧེ་རུ་ཀས། །ཡེ་ཤེས་སེང་གདོང་སྤྲུལ་ནས་ཐིམ། །ངོ་བོ་དཔལ་ཆེན་ཧེ་རུ་ཀ །རྣམ་པ་ལས་ཀྱི་མགོན་པོའི་ཚུལ། །འོག་མིན་གནས་དང་མངོན་པར་དགའ། །བདེ་བ་ཅན་དང་རྔ་སྒྲ་ཅན། །འཛམ་གླིང་བྱེ་བ་ཕྲག་བརྒྱ་དང་། །དག་དང་མ་དག་ཞིང་ཁམས་ཀུན། །སྐྱོང་ཕྱིར་ཞིང་སྐྱོང་ཆེན་པོར་གྲགས། །བདག་དང་སློབ་མ་རྒྱུད་པར་བཅས། །འདི་ཕྱི་བར་དོ་ཐམས་ད་དུ། །བཀའ་ཡི་སྲུང་མར་ཁྱོད་བརྟེན་ནོ། །ཚེ་འདིར་དགྲ་བགེགས་ཐམས་ཅད་ཟློག །ནམ་ཞིག་བར་དོར་འཁྱམས་པའི་ཚེ། །གཤེད་དང་དྲི་ཟ་ཕྱིར་བཟློག་ལ། །བདེ་གྱི་ཞིང་དུ་སྐྱོལ། །ཅེས་པ་ཞིང་སྐྱོང་གི་རྒྱུན་བསྙེན་བྱས་པའི་ཚེ་ཀོང་པོའི་ཚོང་དཔོན་ཆས་བཟང་གཅིག་དང་ཀོང་པོའི་བུད་མེད་ཤིན་ཏུ་རྒྱན་ཆས་སྤྲས་པ་གཉིས་ང་ལ་དབང་ཞུ་ཟེར་ནས་བྱུང་བ་དེའི་དྲུང་དུ་སྐྱེས་པ་བུད་མེད་ཉབ་ཉོབ་
འགའ་བསྡད་ནས་དེ་གཉིས་དཔོན་འདྲ་བས་ཟིལ་ཆེ་བས་གཞན་ཚོ་བུད་སོང་བ་རྨིས། དེའི་རྗེས་སུ་གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ་སི་ཏུ་སྐུ་སྐྱེས་ཁྲབ་རྨོག་མནབ་འཁོར་གསུམ་བཏགས་ནས་རྟ་ནག་པོ་གཅིག་ལ་ཆིབས་ནས་དངོས་སུ་ཚུར་ཕེབས་བྱུང་བ་མཐོང་ནས་བདག་རཱ་ག་ཨ་སྱས་བསྒྲིགས་པའོ།། །།
རྙིང་མའི་བཀའ་སྲུང་སྤྱིའི་ལས་བྱང་གསོལ་ཁ་བསྡུས་པ།
རྙིང་མའི་བཀའ་སྲུང་སྤྱིའི་ལས་བྱང་གསོལ་ཁ་བསྡུས་པ་བཞུགས་སོ།།
ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། བྱང་ཆུབ་དོན་གཉེར་དྲག་སྔགས་མི་སྒྲུབ་ཀྱང་། །ཞི་ཁྲོ་བཀའ་བརྒྱད་རྫོགས་ཆེན་ལ་སོགས་པའི། །འབྲེལ་པ་འཇོག་ཅིང་ཉམས་ལེན་འདོད་པའི་མིས། །བཀའ་སྲུང་རྣམས་ལ་གཏོར་མ་མ་བསྔོས་ན། །ཕྱག་མཛོད་པ་ལ་ཞལ་འདྲིས་ཅུང་མེད་པར། །མཛོད་ཀྱི་ནང་དུ་ཞུགས་ཤིང་ལོངས་སྤྱོད་པར། །བཀའ་སྲུང་རྣམས་ཀྱི་ཀོ་ལོང་འབྱུང་སྲིད་ཅིང་། །ཆས་དེ་ལོངས་སྤྱོད་བཀའ་སྲུང་མཆོད་པ་ནི། །མ་ཆད་ནི་ཡང་བརྣག་པའི་དགྲ་བགེགས་སྒྲོལ། །སྡོང་གྲོགས་ཁ་འཛིན་བྱེད་པ་དམ་ཚིག་ལ། །ཟངས་ལྕགས་ལ་སོགས་གཙང་མའི་སྣོད་ནང་དུ། །དམར་གཏོར་གཅིག་ལ་ཆོག་གསུམ་གཏོར་ཕྲན་གསུམ། །དེ་རྒྱབ་སྡེ་བརྒྱད་སྤྱི་ལ་གཏོར་ཆུང་བརྒྱད། །གཞི་འགྲམ་བཤམས་ལ་བདུད་རྩིས་བྲན་བྱས་ཏེ། །ཡི་དམ་
ཆོས་སྐྱོང་ལྷ་གཞུང་ཚར་རྗེས་སམ། །ཡང་ན་དྲན་རྫོགས་ཡི་དམ་བསྐྱེད་ཀྱང་རུང་། །གཏོར་མ་ཡེ་ཤེས་བདུད་རྩི་རྒྱ་མཚོ་ལས། །རླངས་པ་འདོད་ཡོན་སྣ་ཚོགས་སྤྲིན་འཁྲིགས་བསམ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ རང་མདུན་པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་། །དཔལ་མགོན་མ་ནིང་ཕོ་རྒྱུད་ཀུན་འདུས་སྐུ། །མཐིང་ནག་གཡས་གཡོན་རུ་མཚོན་སྙིང་ཞགས་བསྣམས། །དར་ནག་བེར་གསོལ་སྙིང་སྦྲུལ་ཐོད་ཕྲེང་བརྒྱན། །ཙནྡན་བེང་ཆེན་སྐད་བཙུགས་ལྷ་དམག་སྡུད། །སྲོག་བདུད་དཔལ་འབར་ཡང་འཁོར་སྡེ་བརྒྱད་དང་། །མ་གཟའ་དམ་གསུམ་དམ་ཅན་རྒྱ་མཚོའི་ཚོགས། །བཀའ་བརྒྱད་ཕོ་ཉ་ཡོངས་
རྫོགས་འཁོར་བཅས་གསལ། །ཧཱུྃ། གཏེར་བདག་དཔལ་མགོན་གཙོ་འཁོར་གཡོག་དང་བཅས། །ཨེ་ཀ་ཛཱ་ཊི་གཟའ་མཆོག་རཱ་ཧུ་ལ། །རྡོ་རྗེ་ལེགས་པ་སྡེ་དཔོན་སུམ་ཅུ་དང་། །བཀའ་བརྒྱད་ཕོ་ཉ་ཡོངས་རྫོགས་དྲེགས་པའི་ཚོགས། །སོ་སོའི་རིགས་དང་འཁོར་གཡོག་དཔུང་དང་བཅས། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། དུར་ཁྲོད་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བོ་ཧོ༔ ཏིཥྛ་ལྷན། ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ། དཔལ་མགོན་མ་ནིང་ནག་པོ་དང་། །སྲོག་བདུད་དཔལ་འབར་ཡང་འཁོར་བརྒྱད། །ཨེ་ཀ་ཛཱ་ཊི་རཱ་ཧུ་ལ། །དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་དང་། །དགེ་བསྙེན་ཉེར་གཅིག་བརྟན་མའི་ཚོགས། །དམ་ཅན་རྒྱ་མཚོ་འཁོར་བཅས་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སིལ་སྙན་རོལ་མོའི་ཚོགས། །སྨན་རཀ་གཏོར་གསུམ་གསང་བའི་རྫས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ཐུགས་དམ་གཉན་པོ་བསྐང་
ཕྱིར་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གུ་བྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཨེ་ཀ་ཙ་ཊི་རཱ་ཧུ་ལ་བཛྲ་སཱ་དྷ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་དྷརྨ་པ་ལ་ས་པཱ་རི་ཝ་ར་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་སརྦ་པཱུ་ཙ་ཧོ༔ ཧཱུྃ། འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བའི། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩེའི་བདག་འཛིན་རུ་ཏྲ་སྡེ་གསུམ་བསྒྲལ། །རྩལ་ཆེན་ཕྲིན་ལས་བདག་ལ་ཕྱག་འཚལ་བསྟོད། །སྲོག་བདག་དཔལ་འབར་ཡང་འཁོར་སྡེ་བརྒྱད་སོགས། །མ་བསྐུལ་པར་ཡང་མནག་པའི་དགྲ་བགེགས་སྒྲོལ། །བཟློག་པས་མི་ཟློག་སྔགས་བཟློག་མཁན་གྱི་གཤེད། །དཔལ་མགོན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བྷྱོ༔ སྨུག་ནག་ཁྲོས་མ་ཞལ་གཅིག་ཕྱག་གཉིས་མ། །རལ་པ་གཅིག་འཕྱང་མིག་གཅིག་སྟོང་ཁམས་གཟིགས། །ཚེམས་གཅིག་ནུ་གཅིག་ཞིང་དབྱུག་སྙིང་ཞགས་འཛིན། །སྔགས་བདག་སྲུང་མ་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོ༔ དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་
འབར། །ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས། །བསྐལ་པའི་མེ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། ། ཧཱུྃ། དབང་རྟག་རྡོ་རྗེ་དགྲ་བོའི་ཙིཏྟ་བསྣམས། །སེང་གེ་དང་ནི་ར་སྐྱེས་ཆིབས་ནས་ཀྱང་། །དར་དམར་གསོལ་ཞིང་རྫུ་འཕྲུལ་སྣ་ཚོགས་འགྱེད། །སྐྱེས་བུ་ཐིག་ལེ་རྩལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་བདག །བཀའ་བརྒྱད་ཕོ་ཉ་ཡོངས་རྫོགས་ཐུགས་དམ་ཅན། །བོད་ཁམས་སྐྱོང་བའི་ལྷ་རབ་བརྟན་མར་བཅས། །གཞི་བདག་སྲུང་མ་འཁོར་དང་བཅས་ལ་བསྟོད། །སྲུང་མ་དམ་ཅན་ཁྱེད་རྣམས་ཀྱིས། །ཐུགས་དང་འགལ་བ་གང་གྱུར་པ། །དོ་ནུབ་བསྐང་ཞིང་བཤགས་པར་བགྱི། །མཐོལ་བཤགས་དང་དུ་བཞེས་ནས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །མཐུ་དང་རྫུ་འཕྲུལ་རྒྱས་པ་དང་། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་གདུལ་བྱ་ཕྲིན་ལས་དང་། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །དེ་ཡིས་ལས་བྱང་བསྐང་བ་བཅས་པ་
ཚང་། །ཞག་མང་བཞག་ལ་གསོ་ཞིང་འདོན་ཡང་ཆོག །རྫོགས་ཆེན་ཁྲིད་སོགས་དབང་ལུང་བཀའ་གཉེན་དུས། །གྲྭ་པ་འགའ་ལ་བརྒྱ་ཚར་བསོགས་བཅོལ་ལེགས། །ཚེས་བཅུ་དགུ་གཏོར་དུས་སུ་ཚར་རེས་ཆོག །དེ་ནས་སླར་ཡང་གསོ་ཞིང་བྲན་བྱས་ལ། །གནོད་བྱེད་དགྲ་བགེགས་བཀུག་གཞུག་གང་དགོས་བྱ། །དགྲ་བགེགས་ཤ་ཁྲག་བདུད་རྩི་རང་བཞིན་བསམ། །གོང་གི་གཏོར་བསྔོས་སྔགས་དེ་ལན་གསུམ་འབུལ། །དེ་ནས་དཔལ་འབར་འཛོམ་ན་བཙུགས་བྱས་ལ། །མཆོད་གཡོག་པ་ཉིད་ཁ་ཕྱིར་རྒྱུ་སྟེ་བཏེག བྷྱོ༔ མ་ནིང་ནག་པོ་ཡང་འཁོར་བརྒྱད། །ཕོ་རྒྱུད་ཐམས་ཅད་དགྲ་ལ་བྷོ། །ཨེ་ཀ་ཙ་ཏི་མ་མོའི་ཚོགས། །མོ་རྒྱུད་ཐམས་ཅད་དགྲ་ལ་བློ། །གཟའ་རྒོད་ཁྱབ་འཇུག་གདོང་མོ་བཞི། །གཟའ་སྐར་དམག་ཚོགས་དགྲ་ལ་བློ། །རྡོ་རྗེ་ལེགས་པ་བརྟན་མར་བཅས། །བཙན་རྒོད་དམག་ཚོགས་་ལ་བྷོ། །དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་ཚོགས། །སྡེ་བརྒྱད་དམག་ཚོགས་དགྲ་ལ་བྷོ། །བཀའ་བརྒྱུད་ཕོ་ཉ་ཡོངས་རྫོགས་སོགས། །བཀའ་སྲུང་དམག་ཚོགས་དགྲ་ལ། །བསྟན་སྲུང་དམ་ཅན་རྒྱ་མཚོ་རྣམས། །སོ་སོའི་འཁོར་གཡོག་བསམ་མི་ཁྱབ། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བོའི་ཡུལ་དུ་དམག་དཔུང་ཆོས། །བསྟན་པ་
གཉེན་ལ་དགྲ་བྱུང་ན། །བསྟན་དང་བདག་གི་ར་མདར་རྒྱུགས། །ལྟས་ངན་ཆོ་འཕྲུལ་དགྲ་ལ་ཐོངས། །དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཏྲི་ཡཾ་རུ་ཏྲ་ཧཱུྃ་བྷྱོ༔ མུན་བྲི་བྷྱོ༔ མུན་ནག་ཤྲི་བྷྱོ་རུ་ཏྲ་ནག་པོ་དགྲ་བོའི་སྙིང་ལ་སུ་ཏྲི་ཙིཏྟ་རྦད་བྷྱོ༔ ཞེས་བརྗོད་དགྲ་ཕྱོགས་གཙང་སར་འབུལ། །འབྲུག་གློག་ཐོག་སེར་རླུང་འཚུབ་འུར་སྒྲ་བཅས། །སེར་རྒོད་བཞིན་དུ་དགྲ་ཡུལ་སོང་བར་དམིགས། །དེ་ནས་རྗེས་ཆོག་གཤེགས་གསོལ་མི་དགོས་སོ། །ཆོས་སྤྱོད་ཆོས་སྒོར་ཞུགས་པས་ཀྱང་། །ཡུལ་འདིར་གནས་པའི་གཞི་བདག་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཀ་མཆོད་པ་བྱས་ན་ཤིས། །དེ་སྐད་ཨོ་རྒྱན་ཆེན་པོ་ཡིས། །དྲེགས་པའི་སྲོག་དབང་ནང་ན་གསུངས། །མ་ནིང་རྒྱུད་གཞུང་རྣམས་ནས་ཀྱང་། མདོར་ན་འདི་ཉིད་གསོལ་ཁས་འགྲུབ། །མ་ནིང་ཡིན་ཕྱིར་བཟློག་ཐབས་མེད། །བཀྲ་ཤིས་མཐུ་ཆེ་མི་ནོར་འཕེལ། །གསུངས་ཕྱིར་བསྙེན་སྒྲུབ་མ་བྱས་ཀྱང་། །འདི་ཉིད་བརྩོན་པར་བྱས་ན་ནི། །མ་བསྐུལ་པ་ཡང་དགྲ་བགེགས་བསྒྲལ། །རྒྱལ་པོའི་མཚན་ཅན་གྱིས་བསྐུལ་ནས། །རང་གིས་བརྩམ་པ་མ་ཡིན་པར། །ཀརྨ་གླིང་པའི་གཏེར་གཞུང་དང་། །རཏྣའི་སྡེ་དགུ་ལ་སོགས་ནས། །རྡོ་རྗེའི་གསུངས་རྣམས་བསྡུས་ཏེ་བསྒྲིགས། །སྔགས་ནག་རཱ་ག་ཨ་སྱ་ཡིས། །ངག་ནས་
ཇི་ལྟར་སྨྲས་པ་བཞིན། །སྔགས་འཆང་ཡང་དག་མིང་གིས་བྲིས། །ཉེས་འགལ་སྲུང་མ་རྣམས་ལ་བཤགས། །དགེ་བས་བསྟན་པ་མཐར་རྒྱས་ཤོག །བཀྲ་ཤིས། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
དགོངས་གསོལ།
བསྐང་གསོལ་གྱི་མཇུག་ཏུ་འདི་བརྗོད་དོ།། ཧོ༔ དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །བཀའ་བརྒྱུད་ཀྱི་བླ་མ། ཡི་དམ་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་སྙན་གྱིས་གསོན། ཐུགས་ཀྱིས་དགོངས། སྤྱན་གྱིས་གཟིགས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་། སྒོས་སྒྲུབ་བརྒྱུད་ཀྱི་སྐྱེས་བུ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བ་དང་། ཁྱད་པར་དུ་ལོག་པར་ལྟ་བའི་དགྲ་བགེགས་ལོག་འདྲེན་རྣམས་ཚར་གཅོད་པའི་ཕྱིར་དུ། བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་གཉན་པོའི་རྒྱུད་བསྐལ་པ་ནས་བསྐལ་པའི་བར་དུ་ཡང་ནས་ཡང་དུ་བསྐང་བར་གྱུར་ཅིག །ཐུགས་དམ་གཉན་པོ་བསྐངས་ནས་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག །ལྷ་མཉེས་པར་གྱུར་ཅིག །བཞེད་པ་འགྲུབ་པར་གྱུར་ཅིག །རེ་བ་སྐོང་བར་གྱུར་ཅིག །ཁྱད་པར་དུ་ཡང་སྔ་བཅོལ་ལས་ཀྱི་གཏང་རག །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས། ད་བཅོལ་གྱི་གཉེར་གཏད་དུ་འབུལ་ལོ། །རྣལ་འབྱོར་པ་
བདག་གི་བཀའ་དང་དམ་ལས་མ་འདའ་བར། བྱིན་པའི་ཟས་ཟོ། དགོས་པའི་ངག་ལ་ཉོན། བཅོལ་བའི་ལས་སྒྲུབས་ཤིག །རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་སྔོན་གྱི་ལས་ལས་གྱུར་པ་འཕྲལ་གྱི་རྐྱེན་ལས་གྱུར་པའི་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་ཀྱི་ཁ་རླངས་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་ཐུན་མོང་གཉིས་ཀྱི་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། །ཞེས་རཱ་ག་ཨ་སྱས་སྦྱར་བའོ།། །།
ཚོགས་བདག་གསོལ་ཀ
དེ་ནས་ཚོགས་བདག་གསོལ་ཀ་བྱེད་འདོད་ན། བསྡུ་ན་གཏོར་མ་གསོ་བྲན་བྱས་པས་འཐུས། རྒྱས་པར་གསེར་སྐྱེམས་ཇ་ཕུད་འོ་ཕུད་སོགས། འབྲུ་སྣ་བཏབ་པ་ཕུད་ཕོར་ནང་བཏེག །ཚིག་མཚམས་རྣམས་སུ་ནམ་མཁར་གཏོར་བཅུག་གོ །ཧཱུྃ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི། །གདུལ་ཀའི་བགེགས་རིགས་འདུལ་བ་དང་། །འགྲོ་ལ་ཕན་ཕྱིར་སྐུར་སྤྲུལ་པ། །སྐུ་མདོག་སྣ་ཚོགས་ཅིར་ཡང་སྟོན། །སྤྱན་གསུམ་རལ་པའི་ཅོད་པན་ཅན། །ཟླ་ཕྱེད་ནོར་བུ་དར་གྱིས་བརྒྱན། །རིན་ཆེན་རྒྱན་ལྡན་དར་ཟབ་ཀླུབས། །ཕྱག་བཞི་ལ་ཕུད་དགྲ་སྟ་དང་། གཡོན་གཉིས་ནོར་བུ་ཁ་ཊཾ་བསྣམས། །སྦོམ་ཐུང་གསུས་འཕྱང་གཟི་བརྗིད་འབར། །ཕྲིན་ལས་རབ་འབྱམས་སྒྲུབ་པའི་ལྷ། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །ཆོས་སྲིད་དབང་ཐང་འཕེལ་བར་མཛོད། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །དཔལ་ལྡན་ཚོགས་ཀྱི་བདག་པོ་ནི། །དངོས་གྲུབ་སྒྲུབ་པའི་དབང་ཕྱུག་སྟེ། །འཇིག་རྟེན་ཀུན་ལ་ཕན་པའི་ལྷ། །ཐུགས་རྗེས་འགྲོ་བའི་དབུ་ཕོངས་སྐྱོབས། །བཀྲ་ཤིས་སྩོལ་མཛད་ནོར་ལྷ་ཆེ། །ཇོ་བོ་ཚོགས་བདག་རིགས་ལྔ་དང་། །སྤྲུལ་པ་མྱུར་མགྱོགས་སྤྲེའུ་གཟུགས།
མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །ལོངས་སྤྱོད་ཕུན་སུམ་ཚོགས་པར་མཛོད། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ཡིད་ལ་ཅི་འདོད་སྦྱིན་པའི་ལྷ། །རྒོལ་བ་བཟློག་པའི་སྟོབས་པོ་ཆེ། །བགེགས་ཚོགས་ཀུན་གྱི་རྗེ་བོ་སྟེ། །དགྲ་བགེགས་རྩོད་ནས་བརླག་མཛད་པ། །སྟེང་འོག་བར་གསུམ་དབང་སྡུད་ཅིང་། །རྒྱལ་སྲིད་འབྱོར་པ་སྩོལ་མཛད་པ། །དཔལ་ལྡན་ཚོགས་བདག་རིགས་ལྔ་དང་། །ལས་མཁན་སྤྲེའུ་གཟུགས་ཅན་གྱིས། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །ལོངས་སྤྱོད་ཕུན་སུམ་ཚོགས་པར་མཛོད། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །རྒྱུད་དང་རྟོགས་བརྗོད་དོན་བསྡུས་ནས་ཨ་རཱ་གས་སོ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཇོ་བོ་ཚོགས་བདག་དང་ཇོ་མོ་བཀྲ་ཤིས་ཚེ་རིང་མའི་སྦྲག་སྒྲུབ་ཀྱི་ཟིན་བྲིས་འདོན་ཆ་རྒྱས་པ་དངོས་གྲུབ་རྒྱ་མཚོ།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཇོ་བོ་ཚོགས་བདག་དང་ཇོ་མོ་བཀྲ་ཤིས་ཚེ་རིང་མའི་སྦྲག་སྒྲུབ་ཀྱི་ཟིན་བྲིས་འདོན་ཆ་རྒྱས་པ་དངོས་གྲུབ་རྒྱ་མཚོ་བཞུགས་སོ། །
འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཇོ་བོ་ཚོགས་བདག་སྒྲུབ་པ་ནི༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ རྒྱས་བསྡུས་གཉིས་སུ་གསུངས་པ་དང་༔ ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་གསུམ༔ སོ་སོར་གསུངས་ཀྱང་མན་ངག་ལུགས་ཡབ་སྲས་སྤྲུག་སྒྲུབ་ཟབ་པ་དང་༔ གསར་མའི་རྒྱུད་གཞུང་ལས་གསུངས་ཕྱིར༔ རིགས་བཞི་ལྷ་མགྲོན་ཚུལ་དུ་བཀོད༔ དྷམཱ་ཤྭ་རས་མཛད་པ་ཡི༔ ཆོ་གར་ཁོག་ཕུབ་བྲི་བ་ལ༔ ཚོགས་བདག་རིགས་ལྔ་ཡབ་ཡུམ་གྱི༔ བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ༔ སྐར་མ་རྒྱལ་ལ་བཞེངས་པ་ཡི༔ ཡབ་ཀྱི་བྲིས་སྐུ་འབུར་སྐུ་དང་༔ མདའ་དར་མེ་ལོང་སོར་གདུབ་རྣམས༔ ཡུམ་གྱི་རྟེན་རྫས་ཡིན་པས་བཤམས༔ གཞི་སྟེང་འབྲུ་ཡི་འདབ་བརྒྱད་དབུས༔ ཟླ་གམ་
བྲིས་སྟེང་གཏོར་མ་ནི༔ རྒྱས་བསྡུས་གང་མོས་དཔེའུ་རིས་བྲིས་པ་ལྟར༔ དེ་ལ་ཟན་ནམ་ལ་ཕུད་དང་༔ ཁྱད་པར་མཐུན་རྫས་ལ་དུ་ནི༔ མངར་གསུམ་དང་ནི་འབྲས་བུ་གསུམ༔ འུ་སུ་གོ་སྙོད་འབྲས་བུ་དང་༔ ལྷ་སྐྱ་ལན་ཚ་རྒོག་སྐྱ་བཏུལ༔ བག་ཟན་བསྲེས་པའི་རིལ་བུ་ནི༔ མར་ཁུ་འམ་ནི་འོ་མར་སྦོས༔ ཤིན་ཏུ་མཉེས་པའི་དམ་རྫས་སོ༔ ཙན་དན་དཀར་དམར་དུ་རུ་ཀ༔ སི་ལ་ག་པུར་སྤོས་དཀར་རྣམས༔ སྦྱར་བའི་བདུག་སྤོས་ཡོད་ན་ལེགས༔ རང་ཉིད་ཡི་དམ་གཞུང་བསྲང་སྟེ༔ སྐད་ཅིག་རང་ཉིད་གནས་འགྱུར་ནས༔ གནམ་ཆོས་ལུགས་ལ་པད་འབྱུང་བསྒོམ༔ དེ་ཡང་ཡུམ་ཉི་ད་གཙོར་སྒྲུབ་ན༔ རང་ཉིད་མི་ལ་རས་པ་ནི༔ སྐུ་མདོག་སྨུག་པོ་གྲུབ་ཐོབ་གཟུགས༔ ཚོགས་བདག་རྒྱུད་དང་རྟོགས་པ་ནས༔ གསུངས་པའི་
ལུགས་ལྟར་སྒྲུབ་པ་ནི༔ རང་ཉིད་འགྲོ་འདུལ་ཕྱག་བཞི་པ༔ མགོན་པོའི་རྒྱུད་ལྟར་སྒྲུབ་ན་ནི༔ རང་ཉིད་བདེ་མཆོག་ལྷན་སྐྱེས་བསྒོམ༔ དམར་པོ་ཕྱག་མང་སྒྲུབ་པ་ན༔ རང་ཉིད་ཧཱུྃ་མཛད་སྐུ་མདོག་མཐིང་༔ ཞལ་གཅིག་ཕྱག་བཞི་ཁྲོ་ཆས་རྫོགས༔ དང་པོས་ཐུགས་ཀར་རྡོ་རྗེ་ཐོད༔ འོག་གཉིས་རྒྱབ་མར་མདའ་གཞུ་འགེང་༔ གཡོན་རྐྱང་པད་ཉི་རོ་གདན་བཞུགས༔ དེ་ནས་སྒྲུབ་པའི་དུས་ཡིན་ནི༔ རྒྱུན་དུ་ཡི་དམ་གང་རུང་བསྒོམ༔ ཨོཾ་སྭ་བྷ་ཝ༴ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་མདུན་འདིར་རིན་ཆེན་གཞལ་ཡས་ཁང་༔ དེ་དབུས་འདབ་བརྒྱད་འདབ་བཞི་དང་༔ ཟླ་བའི་དབུས་སུ་རིན་ཆེན་ཁྲིར༔ པད་ཟླའི་སྟེང་དུ་ཧཱུྃ་ཡིག་ལས༔ ཇོ་བོ་ཚོགས་བདག་ཞལ་གཅིག་པ༔ གླང་ཆེན་སྣ་དང་རྣ་བ་ཅན༔ ཐོར་ཚུགས་ཟླ་ཚེས་ནོར་བུས་བརྒྱན༔ ཡན་ལག་རགས་ཤིང་གསུས་ཁྱིམ་ཆེ༔ སྐུ་མདོག་སྣ་ཚོགས་ཅིར་ཡང་བསྒྱུར༔ ཕྱག་བཞི་ཕྱག་མཚན་འདི་ལྟར་རོ༔ ལྕགས་ཀྱུ་ཞགས་པ་ནོར་བུ་དང་༔ ནེའུ་ལེ་འཛིན་པ་དར་རཉྫས༔ རྒྱན་ཅིང་བྱི་བའི་སྟེང་ན་བཞུགས༔ དེ་ཡི་གཡོན་དུ་ཚེ་རིང་མ༔ དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ དར་དཀར་ན་བཟའ་རིན་ཆེན་བརྒྱན༔ གཡས་པས་རྡོ་རྗེ་གཡོན་བུམ་
པ༔ ཆིབས་སུ་སེངྒེ་དཀར་མོ་ཆིབས༔ འཇའ་འོད་སྣ་ལྔའི་ཀློང་ན་བཞུགས༔ གཡས་སུ་ཇོ་བོ་ཚོགས་བདག་ནི༔ སྐུ་མདོག་དམར་པོ་ཞལ་གཉིས་པ༔ ཁྲོ་ཞལ་ཕྲག་པ་གཡོན་སྟེང་ལོག༔ གཡས་ཞལ་གླང་ཞལ་མཆེ་གཡས་ཆག༔ མཆེ་བ་གཡོན་པར་ཤུབས་བཀོན་པ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་གཡས༔ ལ་ཕུད་ལོ་མ་བཟུང་ནས་ཕྱིར༔ གཡོན་པས་ལྕགས་ཀྱུའི་ཕྱག་རྒྱ་མཛད༔ བར་པའི་གཡས་པས་དགྲ་སྟ་འཛིན༔ གཡོན་པས་ཟངས་གཞོང་རིན་ཆེན་བཀང་༔ ཐ་གཡས་ཞགས་པ་གཡོན་ནེའུ་ལེ༔ རི་བོང་ལ་ཞོན་གླིང་བཞིར་རྒྱུག༔ ཤར་དུ་མཐིང་གི་ཞལ་བཟང་མ༔ སྐུ་མདོག་སྔོན་མོ་ཞལ་གཅིག་མ༔ ཕྱག་གཉིས་མེ་ལོང་ནོར་བུ་འཛིན༔ རྐྱང་བུ་ཁ་གར་ལ་ཆིབས་པ༔ འཇའ་འོད་སྣ་ལྔའི་ཀློང་ན་བཞུགས༔ ལྷོ་རུ་མི་གཡོ་བློ་བཟང་མ༔ མདའ་དར་ནེའུ་ལེ་ཕྱག་ན་འཛིན༔ རྒྱ་སྟག་ཁྲ་བོ་ཆིབས་སུ་ཆིབས༔ འཇའ་འོད་སྣ་ལྔའི་ཀློང་ན་བཞུགས༔ ནུབ་ཏུ་ཅོན་པན་མགྲིན་བཟང་མ༔ ཞལ་གཅིག་ཕྱག་གཉིས་མཆོད་རྟེན་དང་༔ ཟས་ཀྱིས་བཀང་བའི་སྒྲོམ་བུ་འཛིན༔ ཆིབས་སུ་ཤ་བ་ཡུ་མོ་ཆིབས༔ འཇའ་ཚོན་
སྣ་ལྔའི་ཀློང་ན་བཞུགས༔ བྱང་དུ་གཏད་དཀར་འགྲོ་བཟང་མ༔ ཞལ་གཅིག་ཕྱག་བཞི་དུརྦ་ཡི༔ སྟེང་དུ་ནོར་བུ་ཞགས་པ་དང་༔ སྦྲུལ་ཞགས་གཡོན་པས་འཛིན་པའོ༔ ཆིབས་སུ་གཡུ་འབྲུག་ལྗང་གུ་ཆིབས༔ འཇའ་འོད་སྣ་ལྔའི་ཀློང་ན་བཞུགས༔ བཞི་ཀ་དར་ཟབ་རིན་ཆེན་བརྒྱན༔ ཤར་ལྷོར་ཚོགས་བདག་དུང་གི་མདོག༔ གླང་ཆེན་དབུ་ལ་སྤྱན་གསུམ་པ༔ མཆེ་བ་ཡ་གཅིག་ཆོག་པ་སྟེ༔ ཟླ་ཕྱེད་ནོར་བུའི་དབུ་རྒྱན་ཅན༔ ཕྱག་བཞི་དང་པོ་གཉིས་ན་ནི༔ ལ་ཕུད་ནོར་བུའམ་ནེའུ་ལེ་འཛིན༔ འོག་གཉིས་དགྲ་སྣ་ཁ་ཊཾ་བསྣམས༔ གསུས་འཕྱང་དར་དང་རིན་ཆེན་བརྒྱན༔ པད་ཟླ་བྱི་བའི་གདན་ལ་བཞུགས༔ ལྷོ་ནུབ་ཚོགས་བདག་སྤྲེའུ་དཀར༔ གདོང་སྨུག་ལིང་ག་གྱེན་དུ་བསྒྲེངས༔ ཕྱག་གཉིས་ཐལ་སྦྱར་སྤོས་རེང་འཛིན༔ ནུབ་བྱང་འདབ་བརྒྱད་དམར་པོའི་དབུས༔ བྲག་རི་མེ་རི་བྱི་སྔོན་སྟེང་༔ གྷ་ལས་ཚོགས་བདག་རཱ་གའི་མདོག༔ གླང་བུ་ཐོར་ཚུགས་གཡོན་དུ་ཕྱོགས༔ སྤྱན་གསུམ་ཕྱག་ནི་བཅུ་གཉིས་ཀྱི༔ གཡས་དྲུག་དགྲ་སྟ་མདའ་ལྕགས་ཀྱུ༔ རྡོ་རྗེ་རལ་གྲི་འཕང་མདུང་སྟེ༔ གཡོན་དྲུག་གཏུན་ཤིང་གཞུ་ཁ་ཊཾ༔ ཐོད་ཁྲག་ཐོད་
པ་ཤ་ཆེན་བཀང་༔ ཕུབ་དང་བ་དན་རྩེ་གསུམ་བཏགས༔ སྣ་ཚོགས་རྒྱན་ལྡན་གར་ཐབས་བཞུགས༔ བྱང་ཤར་ཚོགས་བདག་ཆུ་ཤེལ་མདོག༔ གླང་པོའི་གདོང་ཅན་ཕྱག་བཞི་པ༔ གཡས་གཉིས་རྩེ་གསུམ་ལ་དུ་དང་༔ གཡོན་གཉིས་དགྲ་སྟ་ལ་ཕུད་འཛིན༔ སྦྲུལ་ནི་མཆོད་ཕྱིར་ཐོགས་པ་སྟེ༔ བྱི་བའི་གདན་ལ་བཞུགས་པར་གྱུར༔ ཀུན་གྱི་གནས་གསུམ་འབྲུ་གསུམ་དང་༔ ཐུགས་སྲོག་ས་བོན་འོད་ཟེར་གྱིས༔ བྱང་ཤར་ཕྱོགས་ནས་སྤྱན་དྲངས་སོ༔ ལག་གཡོན་ཁུ་ཚུར་བཅང་པ་ནི༔ གུང་མོ་བརྐྱང་བའི་ཚིགས་ལ་ནི༔ མཛུབ་མོ་བརྐྱང་པ་ཅུང་ཟད་འགུག༔ ཚོགས་བདག་ཕྱག་རྒྱའི་དངོས་གྲུབ་ཀུན༔ སྤོས་སྲེགས་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ ཇོ་བོ་ཚོགས་ཀྱི་བདག་པོ་ནི༔ བདག་གིས་མཆོད་ཅིང་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱོགས་བཅུ་འཇིག་རྟེན་སྐྱོང་བའི་ཚེ༔ དཔའ་བོ་ཆེན་པོ་གླང་ཆེན་ཞལ༔ བྱང་ཤར་ཕྱོགས་ནས་གཤེགས་སུ་གསོལ༔ ལྷ་ཡི་གཙོ་བོ་མཛད་པའི་ཚེ༔ སྲིད་པའི་ལྷ་ཆེན་ཚོགས་ཀྱི་བདག༔ སུམ་རྩེན་གནས་ནས་གཤེགས་སུ་གསོལ༔ བགེགས་རིགས་དེད་དཔོན་མཛད་པའི་ཚེ༔ བྱི་ན་ཡ་ཀ་གླང་ཆེན་
གདོང་༔ སོ་ས་གླིང་ནས་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོ་སྲུང་བའི་ཚེ༔ ཞིང་སྐྱོང་ཆེན་པོ་གླང་ཆེན་གདོང་༔ བདེ་བྱེད་དབྱིངས་ནས་གཤེགས་སུ་གསོལ༔ ལྷ་མིན་གཡུལ་ངོ་བཟློག་པའི་ཚེ༔ རྩལ་མཁན་ཚོགས་བདག་གླང་སྣར་གྲགས༔ རི་རབ་རྩེ་ནས་གཤེགས་སུ་གསོལ༔ གཙུག་ལག་སྲུང་མ་མཛད་པའི་ཚེ༔ བྱང་ཆུབ་ཤིང་ལ་མཆོད་མཁན་མ༔ རྡོ་རྗེ་གདན་ནས་གཤེགས་སུ་གསོལ༔ ཀླུ་ཡི་རྒྱལ་པོ་མཛད་པའི་ཚེ༔ ཀླུ་རྒྱལ་ཆེན་པོ་གླང་ཆེན་མགོ༔ གངྒཱའི་འགྲམ་ནས་གཤེགས་སུ་གསོལ༔ ཐུགས་རྗེ་ཆེན་པོའི་ལས་བསྒྲུབ་ཕྱིར༔ སྤྱན་རས་གཟིགས་དབང་ཕྲག་ཏུ་ཁུར༔ པོ་ཊ་ལ་ནས་གཤེགས་སུ་གསོལ༔ མཁྲའ་འགྲོའི་ཚོགས་དཔོན་མཛད་པའི་ཚེ༔ སྲེ་ཏ་པུ་རའི་གནས་ཀྱི་ཏི་སེའི་འདབས་ནས་གཤེགས་སུ་གསོལ་དད་ཅིང་གདུང་བས་སྤྱན་འདྲེན་ན༔ གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས༔ སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ༔ བྷྱོ༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས༔ བལ་བོད་གཉིས་ཀྱི་ས་མཚམས་ནས༔ གངས་དཀར་ཤེལ་གྱི་ཅོད་པན་ཅན༔ ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན༔ ནགས་མ་མེ་ཏོག་
ཤམ་བུ་ཅན༔ གཡའ་སྤང་གཡུ་ཡི་སྐེ་རགས་ཅན༔ སྨན་ལྗོངས་བྲག་གི་ར་བ་ཅན༔ གནས་མཆོག་དེ་འདྲའི་གཡོན་མགུལ་དུ༔ དར་དཀར་གུར་གྱི་ནང་ཤེད་ན༔ རིན་ཆེན་སྣ་ལྔའི་ཁྲི་སྟེང་ན༔ བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ དྲག་པོའི་གདུང་བས་ཁྱོད་འབོད་ན༔ དེ་རིང་སྒྲུབ་པའི་གནས་མཆོག་འདིར༔ ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ ནམ་མཁའི་ཁམས་ནས་སྤྱན་འདྲེན་ན༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱ་ཧི་མ་ཧ་གྷ་ན་པ་ཏི༔ ཨཉྫ་དྷ་རི་པཉྩ་ཌཱཀི་ནཱི་ས་པཱ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར༔ ཡིད་སྤྲུལ་རིན་ཆེན་གཞལ་ཡས་ཁང་༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང་༔ ལྷ་སྨན་འཁོར་བཅས་བཞུགས་སུ་གསོལ༔ བར་ཆད་སོལ་ལ་དངོས་གྲུབ་ཞུ༔ ཇོ་བོ་ཚོགས་ཀྱི་བདག་པོ་དང་༔ ཇོ་མོ་བཀྲ་ཤིས་ཚེ་རིང་མ༔ མཁའ་འགྲོ་ལྔ་འཁོར་རྒྱ་མཚོ་དང་བཅས་པ༔ སྟོན་མཆོག་ཤཱཀྱ་ཐུབ་པ༔ གསང་བདག་ཕྱག་ན་རྡོ་རྗེ༔ སློབ་དཔོན་པདྨ་འབྱུང་གནས༔ གྲུབ་ཆེན་ནག་པོ་པ༔ དཔལ་བཞད་པ་རྡོ་རྗེ༔ རྗེ་
བཙུན་གྲགས་པ་རྒྱལ་མཚན༔ གྲུབ་ཐོབ་ཨོ་རྒྱན་པ༔ གསེར་གླིང་པ༔ ཇོ་བོ་ཨ་ཏི་ཤ༔ བྱ་ཡུལ་བ༔ ལུས་མེད་རྡོ་རྗེ༔ ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར༔ སངས་རྒྱས་ཀྱི་བསྟན་པ་སྲུང་༔ དཀོན་མཆོག་གི་དབུ་འཕང་བསྟོད༔ བསྟན་འཛིན་གྱི་བུ་སློབ་སྐྱོང་༔ རྣལ་འབྱོར་པ་བདག་ལ་སྡང་བར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཐལ་བ་རྡུལ་བཞིན་དུ་བརླག་པ་དང་༔ བདག་ཅག་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་བསྒྲུབ་ཅིང་ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པའི་ཕྲིན་ལས་མཛོད་ཅིག༔ ལྷ་བཅུ་གཅིག་གི་སོ་སོར་སྤྱི་བོར་རྡོ་རྗེ་བཞག༔ ལྕེར་བདུད་རྩིར་བྱིན་དམ་ལ་བཞག་པར་མོས་ལ༔ ཨོ་གྷ་ན་པ་ཏི༔ ཨཉྫདྷ་རི་པཉྩ་ཌཀི་ནི་ས་པཱ་རི་བཱ་ར་ས་མ་ཡ་མཱ་ཏི་ཀྲ་མཱ་ཏི་ས་མ་ཡ་རཀནྟ༔ ཞེས་བརྗོད། ཕྱག་འཚལ་བའི་ཚིག་རྒྱུད་ཀྱི་ཚིག༔ ཨོཾ༔ དངོས་གྲུབ་འབྱུང་བའི་དབང་ཕྱུག་ཅན༔ གདུལ་བྱའི་དབང་གིས་སྐུར་སྤྲུལ་པ༔ ལྷ་ཆེན་ཚོགས་
བདག་ཆེན་པོ་བྱ༔ དངོས་གྲུབ་དམ་པ་མཆོག་བསྒྲུབ་ནི༔ མཐུ་སྟོབས་དམ་པ་མཆོག་ལྡན་ཞིང་༔ ལོངས་སྤྱོད་ཡིད་བཞིན་འཕེལ་བར་བྱ༔ འཇིག་རྟེན་ཕན་མཛད་ལྷ་ཡི་ལྷ༔ གང་གིས་མཆོད་པ་དངོས་གྲུབ་བདག༔ ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས༔ ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཆེ༔ ཕྱག་འཚལ་དཔལ་ལྡན་ཞི་བ་ཆེ༔ ཕྱག་འཚལ་དཔལ་ལྡན་ཁྲོ་བོ་ཆེ༔ ཨོ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ གངས་དཀར་དགུང་དུ་རྩེ་མཐོ་བ༔ མཐོ་ལ་གཉེན་ནོ་ཚེ་རིང་མ༔ རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ༔ ན་བཟའ་དཀར་མོ་ཚེ་ཡི་ལྷ༔ ལྷན་སྐྱེས་ཡུམ་ལ་ཕྱག་འཚལ་བསྟོད༔ ལྷ་མོ་མཐིང་གི་ཞལ་བཟང་མ༔ མཆོག་གི་དངོས་གྲུབ་གནང་མཛད་རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས༔ རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད༔ ལྷ་མོ་མི་གཡོ་བློ་བཟང་མ༔ དགོས་འདོད་ཆར་བཞིན་འབེབས་མཛད་མ༔ རྡོ་རྗེ་བཞད་མ་ཞེས་སུ་གྲགས༔ རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད༔ ལྷ་མོ་ཅོད་པན་མགྲིན་བཟང་མ༔ ཚེ་ཡི་དངོས་གྲུབ་གནང་མཛད་མ༔ རྡོ་རྗེ་དཔལ་མོ་ཞེས་སུ་གྲགས༔ པདྨ་མཁའ་འགྲོར་ཕྱག་འཚལ་
བསྟོད༔ ལྷ་མོ་གཏད་དཀར་འགྲོ་བཟང་མ༔ དྲག་པོའི་དངོས་གྲུབ་གནང་མཛད་མ༔ རྡོ་རྗེ་གར་མཁན་ཞེས་སུ་གྲགས༔ ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད༔ གཟི་བརྗིད་དཔལ་དང་འོད་དུ་འབར༔ རྫུ་འཕྲུལ་མཐུ་སྟོབས་བདག་མོ་སྟེ༔ རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ༔ གཙོ་མོ་ལྔ་པོ་འཁོར་དང་བཅས༔ ཚེ་བདག་རིགས་ལྔ་ཡབ་དང་རོལ༔ མ་མོ་སྨན་མོ་འབུམ་གྱིས་བསྐོར༔ མཆོད་གཏོར་བཟང་པོ་འདི་བཞེས་ལ༔ རྡོ་རྗེ་འཆང་དང་ཐོད་ཕྲེང་རྩལ༔ བཞད་པ་རྡོ་རྗེའི་ཐུགས་རྗེ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བླ་མའི་སྐུ་ཚེ་ཁྱེད་ཀྱིས་སྲིངས༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ སྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ༔ བདུད་དང་མུ་སྟེགས་ཁྱོད་ཀྱིས་ཐུལ༔ ཡོན་བདག་རྐྱེན་ངན་ཁྱོད་ཀྱིས་བསྲུང་༔ ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་སྤེལ༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱ་ཧ་ཧོ་ཧོ་ཕོ་ཕོ་ཕཊ་ཕཊ་སྭཱ་ཧཱ༔ མཆོད་རྫས་རྣམས་བིགྷཱན་གྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་
རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། གཏོར་ཚོགས་རྟེན་རྫ་ས་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་དྭངས་ཤིང་ཐོག་པ་མེད་པ་ས་དང་བར་སྣང་གང་བ་ཟག་པ་མེད་པ་བདེ་བ་ཁྱད་པར་ཅན་བསྐྱེད་པའི་རང་བཞིན་དུ་གྱུར༔ པར་བསམ་ལ་སོ་སོའི་ཕྱག་རྒྱ་དང་བཅས་ལ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭ་ཧཱཿ ཐོག་མཐའ་འདྲ་བ། པུཥྛ་ནས་ཤབྲ༔ ཞེས་བྱིན་གྱིས་བརླབས་ལ༔ ལྷ་རྫས་ཡིད་དུ་འོང་བ་ཡི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་གྲུབ་རྣམ་གཉིས་སྩལ་བྱའི་ཕྱིར༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང་༔ ལྷ་སྨན་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་བདག་ལ་དགོངས༔ ཨོ་ག་ན་པ་ཏི༔ པཉྩ་ཊཱཀི་ནཱི་ས་པཱ་རི་བཱ་ར་ཨབྷཾ་པཱཧུཾ་ནས་ཤཔྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ས་མ་ཡེ་ཨཱཿཧཱུྃ༔ འཁོར་ལོ་ཡིད་བཞིན་ནོར་བུ་དང་༔ རབ་མཛེས་བཙུན་མོ་མི་བདག་དང་༔ དཔལ་གྱི་གླང་པོ་ཅང་ཤེས་རྟ༔ དམག་དཔོན་རིན་ཆེན་སྣ་བདུན་པོ༔ དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར༔ ལྷ་ཆེན་ཚོགས་
ཀྱི་བདག་པོ་དང་༔ ལྷ་སྨན་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་བདག་ལ་དགོངས༔ སྔགས་ཐོག་མཐའ་ལ་འདྲ་བ་དང་། སབྟ་རཏྣ༔ རིན་ཆེན་གདུགས་དང་གསེར་ཉེ་དང་༔ གཏེར་ཆེན་བུམ་པ་པདྨ་བཟང་༔ དུང་དཀར་གཡས་འཁྱིལ་དཔལ་བེའུ༔ མཆོག་གི་རྒྱལ་མཚན་འཁོར་ལོ་བཟང་༔ དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང་ལྷ་སྨན་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་བདག་ལ་དགོངས༔ སྔགས་གོང་བཞིན། ཨཏྟཱ་མངྒ་ལཾ་ཧེ་ཏུ༴ ཡུངས་ཀར་དུདྨ་བིལ་བ་དང་༔ གི་ཝཾ་ལི་ཁྲི་ཞོ་མཆོག་དང་༔ མེ་ལོང་རྣམ་དག་དུང་དཀར་རྣམས༔ ལྷ་མོ་བརྒྱད་ཀྱིས་ཕུལ་བ་ལྟར༔ དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང་༔ ལྷ་སྨན་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ལ་བདག་ལ་དགོངས༔ སྔགས་གོང་བཞིན། ཨཉྫ་མངྒ་ལ་དྲ་བྱ་ཞེས་ཕྱི་མཆོད་དང་། ཨ་ལས་བདེ་སྐྱོང་ཀ་པཱ་ལར༔ ཤ་ལྔ་བདུད་རྩི་ལྔས་གཏམས་པ༔ ཡི་གེ་འབྲུ་ལྔས་བྱིན་བརླབས་ནས༔ དམ་རྫས་བདུད་རྩི་མཆོག་སྦྱར་བ༔ དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར༔ ལྷ་ཆེན་
ཚོགས་ཀྱི་བདག་པོ་དང་༔ ལྷ་སྨན་འཁོར་དང་བཅས་ལ་འབུལ༔ བདེ་བ་མཆོག་གིས་མཉེས་གྱུར་ཅིག༔ སྔགས་གོང་བཞིན་ལ། པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧྲཱི༔ ཞེས་ནང་མཆོད། ཡབ་ཡུམ་དབྱེར་མེད་མཁའ་རྡོ་རྗེ༔ སྙོམས་འཇུག་དགའ་བ་བཞི་ཡི་དངོས༔ དཀར་དམར་བྱང་ཆུབ་སེམས་ཀྱི་རྫ་ས༔ རོ་མཉམ་བདེ་ཆེན་མཆོད་པ་འདི༔ དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང་༔ ལྷ་སྨན་འཁོར་དང་བཅས་ལ་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ སྔགས་ཐོག་མ་གོང་ལྟར་ལ། ཨོཾ་བཛྲ་མ་ཏཾ་གི་ཨཱཧཱུྃ་སྭཱ་ཧཱ༔ ཞེས་གསང་མཆོད་དང་༔ སྣོད་ཀྱི་འཇིག་རྟེན་བས་ཀྱང་རྒྱ་ཆེ་ཞིང་༔ རི་རབ་ལྷུན་པོ་བས་ཀྱང་བརྗིད་གསལ་བ༔ ཉི་ཟླ་ཟུང་ཅིག་ལས་ཀྱང་འོད་འབར་བའི༔ བདུད་རྩིའི་རྒྱ་མཚོར་གྱུར་པའི་གཏོར་མ་འདི༔ ཚོགས་བདག་རིགས་ལྔ་ཚོགས་བདག་སྤྲེལ་ཐོད་དང་༔ ལྷ་སྨན་འཁོར་བཅས་ལྗགས་ཀྱི་པདྨ་ནས༔ རྡོ་རྗེ་རྩེ་གསུམ་སྦུ་གུས་དགྱེས་པར་དྲངས༔ ཨོཾ་ཨ་ཀཱ་རོ་སོགས་དང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་སརྦ་པཉྩཌཀི་ནཱི་ཨི་དཾ་བྷ་ལིང་ཏ་ཤྲཱི་ཧ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ༔ ན་མོ་
སྡུད་ཏེ་མ་ཧཱ་ག་ཎ་པ་ཏི་ཡེ་བྷ་ལིང་གཱི་ཧ་ན་ཁ་རཾ་ཁཱ་ཧི་ཁཱ་ཧྲཱི༔ སྤྲོ་ན་ཡབ་ཡུམ་སོ་སོའི་སྔགས་ལ་ཁཱ་ཧི་བཏགས་སྔགས་ལན་གསུམ་གྱིས་གཏོར་མ་ཕུལ་ནས། འདོད་གསོལ་ནི། ཡབ་གཅིག་ཇོ་བོ་ཚེ༔ རིགས་ལྔ་དང་༔ ཡུམ་ནི་ཇོ་མོ་ཚེ་རིང་མཆེད་ལྔ་དང་༔ ལས་མཁན་ཚོགས་བདག་སྤྲེའུ་གཟུགས་ཅན་གྱིས༔ དམ་རྫས་བརྒྱན་པའི་མཆོད་པ་འདི་བཞེས་ལ༔ སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ༔ སྙན་པའི་དར་ལྕོར་གྲགས་པའི་དུས་བོས་ལ༔ འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད༔ ཞི་རྒྱས་དབང་དྲག་ལས་རྣམས་མ་ལུས་པ༔ འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཇོ་བོ་ཚོགས་བདག་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་གླང་ཆེན་དབུ༔ གཡས་གཉིས་ནོར་བུ་ལྕགས་ཀྱུ་སྟེ༔ གཡོན་གཉིས་ཞགས་པ་ནེའུ་ལེ་འཛིན༔ ནེའུ་ལེ་བྱི་བའི་གདན་སྟེང་དུ༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོ་བཞུགས༔ ཁྱོད་ལ་གུས་པས་བདག་གིས་བསྟོད༔ ཇོ་བོ་ཚོགས་བདག་དམར་པོ་ནི༔ ཞལ་གཅིག་ཕྱག་ནི་དམར་པོ་སྟེ༔ དང་པོ་ལ་ཕུད་ཕྱར་བ་སྟེ༔ ལ་ཕུད་ཐལ་བ་ཕྱི་བའི་
བརྡ༔ གཡས་པས་ལྕགས་ཀྱུའི་ཕྱག་རྒྱ་དེ༔ སྣང་སྲིད་དབང་དུ་བསྡུ་བའི་བརྡ༔ བར་པས་དགྲ་སྟ་འཛིན་པ་སྟེ༔ དགྲ་བགེགས་མགོ་བོ་འགེམ་པའི་བརྡ༔ ཟངས་གཞོང་རིན་ཆེན་འཛིན་པ་སྟེ༔ བདག་ལ་དངོས་གྲུབ་སྟེར་བའི་བརྡ༔ ཐ་མས་ཞགས་པ་འཛིན་པ་དེ༔ དགྲ་དང་བགེགས་ཀྱི་སྐེ་འཆིང་བརྡ༔ རང་རྟགས་ནེའུ་ལེ་འཛིན་པ་སྟེ༔ བདག་ལ་དངོས་གྲུབ་མྱུར་བའི་བརྡ༔ ཁྲོ་ཞལ་གཡོན་དུ་འཁྱིལ་བ་དེ༔ ཚོགས་བདག་མགོ་བོ་བཅད་པ་དེ༔ མཆེ་བ་གཡས་པ་བཅག་པ་དེ༔ ལེགས་ལྡན་བུ་ཡིས་བཅག་པའི་བརྡ༔ མཆེ་བ་གཡོན་པར་ཤུབས་བཀོན་པ༔ ད་རུང་མཆེ་བ་བཅག་དོག་བ༔ རི་ཝང་ཆིབས་ནས་འབྱོན་པ་དེ༔ གླིང་བཞི་མ་ལུས་བསྐོར་བའི་བརྡ༔ བརྡ་དོན་སྟོན་པའི་ཆ་ལུགས་འཆང་༔ ཁམས་གསུམ་དབང་དུ་སྡུད་པའི་བརྡ༔ མ་ཧཱ་ག་ཎ་པ་ཏི་ལ༔ རབ་ཏུ་གུས་པས་བདག་གིས་བསྟོད༔ དམར་པོ་རིགས་གཉིས་ཀྱི་བསྟོད་པ་གནམ་ཆོས་རང་གཞུང་ནས་སོ༔ ཧཱུྃ༔ འཇིག་རྟེན་ལྷ་ཆེན་ཀུན་གྱི་དབང་ཕྱུག་གཙོ༔ སྐུ་མདོག་རབ་དང་ཟླ་བ་བྱང་སེམས་མཚུངས༔ མཆེ་བ་ཕ་རོལ་ཕྱིན་དྲུག་སྐུ་ལ་རྫོགས༔ སྣ་ནི་རབ་དམར་དབང་གི་
ལས་མཛད་པ༔ ལྕགས་ཀྱུ་ལྟ་བུར་འགུགས་པའི་ལས་མྱུར་མཛད༔ སྣ་ཚོགས་པདྨ་རིན་ཆེན་བྱི་བའི་ཁྲིར༔ ནོར་བུ་བསྐྱུགས་པས་གདན་མཛད་མ་རུངས་གནོན༔ རིན་ཆེན་དབུ་རྒྱན་སྤྱི་གཙུག་རིན་ཆེན་ནོར༔ ཨིནྡྲ་ནཱི་ལ་བེ་ཌཱུར་སྣ་ཚོགས་མཛོད༔ རིན་ཆེན་ཆར་རྒྱུན་སྒྲུབ་པ་པོ་ལ་འབེབས༔ སྤྱན་གཉིས་གཟིགས་པ་བདེན་གཉིས་དགེ་བའི་ལམ༔ ཕྱག་བཞི་བསྡུ་དངོས་མི་ཐུང་སྒེག་པ་ཆེ༔ ཕྱག་གཡས་དང་པོ་དངོས་གྲུབ་གསོལ་བ་ནི༔ ལྷ་ཡི་ལ་ཕུག་རོ་མཆོག་བཅུད་ལྡན་རྟགས༔ བཀྲ་ཤིས་བགྲང་ཕྲེང་རིག་སྔགས་འཆང་བ་པོ༔ གཡོན་པར་པད་གཞོང་ལ་ཕུད་འབྲུ་སྣ་བསྣམས༔ སྒྲུབ་པ་པོ་ལ་ཟས་དང་འབྱོར་པ་སྤེལ༔ དགྲ་སྟས་ཕས་ཀྱི་རྒོལ་བ་ཚར་བཅད་ཅིང་༔ སྣ་ཚོགས་དོན་ཀུན་འགྲུབ་སྟེང་ཚོགས་ཀྱི་བདག༔ གསུས་ཁྱིམ་ལོངས་སྤྱོད་མཐའ་ཡས་གཏེར་མངའ་བ༔ ཅོད་པན་རྒྱན་མཛེས་ཁྱོད་ལ་བདག་བསྟོད་དོ༔ མཁའ་འགྲོ་རྣམ་བཞིའི་ཕྱོགས་བཞིར་རིགས་བཞིའི་གནས༔ གཏེར་མཛོད་བསྲུང་ཞིང་བར་ཆད་མི་མཐུན་ཟློག༔ མྱུར་འགྲུབ་དཔལ་འབར་གཟི་ལྡན་འདོད་ཡོན་ཚོགས༔ ཁྱེད་ཀྱི་ཐུབ་པའི་བསྟན་པ་བསྲུང་མཛོད་ལ༔ ལྷ་སྲིན་སྡེ་
བརྒྱད་དབང་དུ་བསྡུས་ནས་ཀྱང་༔ སྒྲུབ་ལ་དངོས་གྲུབ་སྣ་ཚོགས་མྱུར་དུ་སྩོལ༔ ཅེས་པ་ཆོས་སྐྱོང་སྤྱིའི་རྒྱུད་ཁྲག་མཚོ་ཁོལ་ཆེན་ནས་གསུངས་པའོ༔ ཧཱུྃ༔ སྐུ་མདོག་རབ་དཀར་ཟླ་བ་ཀུནྡྷར་མཚུངས༔ མཆེ་བ་གཙིགས་ཤིང་སྣ་ཞགས་རབ་དམར་བ༔ རིན་ཆེན་རྒྱན་བཟུང་ཟུར་ཕུད་ལྔ་ཡི་རྩེར༔ མཐོན་ཀ་བཻཌཱུརྱ་ཡིས་རབ་བརྒྱན་པ༔ ནོར་བུའི་བྲག་སྟེང་བྱི་བའི་གདན་ཁ་ན༔ མིའུ་ཐུང་གར་བའི་སྟབས་ཅན་སྦོམ་ལ་ཐུང་༔ ཕྱག་བཞི་གཡས་ཕུག་བགྲང་ཕྲེང་སྟེ༔ གཡོན་པས་ཟངས་གཞོང་དགྲ་སྟ་ཕྱར་ལ་བསྟོད༔ ཅེས་པ་མགོན་མང་ནས་བྱུང་བསྟོད་རྙིང་སྟེ་རྒྱ་གཞུང་གཅིག་འདྲེས་སོ༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་པ༔ འཇིག་རྟེན་ལྷ་ཆེན་ཀུན་གྱི་རྗེ༔ བགེགས་རིགས་ཀུན་གྱི་དེད་དཔོན་པོ༔ ཚོགས་ཀྱི་བདག་པོར་བདག་བསྟོད་དོ༔ ཁྱོད་ཉིད་སྒྲུབ་པའི་སྔགས་པ་སྟེ༔ སུས་མཐོང་དགའ་ཞིང་ཡིད་དུ་འོང་༔ རྒྱལ་པོས་ར་ཛ་ལྟར་དུ་མཆོད༔ དགྲ་རྣམས་ལན་ཚར་ཆུར་བཅུག་བཞིན༔ བགེགས་ཀྱི་གནོད་པ་ཐམས་ཅད་བསྲུང་༔ གང་སྨྲས་མི་ཀུན་ཡིད་ཆེས་བྱེད༔ ལས་རྣམས་ཀུན་གྲུབ་ལོངས་སྤྱོད་འཕེལ༔ དེ་ལྟར་འདོད་པ་ཀུན་འགྲུབ་པའི༔
ཚོགས་བདག་ཆེ་ལ་བདག་བསྟོད་དོ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ རྡོ་རྗེ་མཁའ་འགྲོའི་རྒྱུད་དོན་ནག་པོའི་རྒྱ་གཞུང་དང་༔ གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་དོན་བསྡུས་དམར་པོ་ཕྱག་མང་གི་བསྟོད་པ་རཱ་ག་ཨ་སྱས་སོ༔ ཧཱུྃ༔ ལྷ་ཆེན་ཚོགས་ཀྱི་བདག་པོ་ཡི༔ ཡོན་ཏན་སྤྲུལ་པ་སྤྲེའུ་གཟུགས༔ ལྷ་མིན་གཡུལ་ངོ་བཟློག་པའི་ཚེ༔ རི་བྲན་ཀུན་ཀྱང་ཚོགས་པོར་འཕེན༔ ཉམས་རྩལ་ཧ་ལུ་མ་དྷར་གྲགས༔ གནམ་ས་གཉིས་ཀྱི་བར་ཤེད་ན༔ ཁྱོད་ལས་གཉན་པ་གཞན་མེད་ཕྱིར༔ བར་གཉན་གསེར་སྤྲེལ་སེར་པོར་གྲགས༔ དུས་གསུམ་སངས་རྒྱས་མཆོད་པའི་ཕྱིར༔ ཐལ་སྦྱར་སྤོས་རེང་སྡོང་བུ་ཐོགས༔ འདོད་པ་ཁམས་ཀྱི་དབང་ཕྱུག་ཕྱིར་དབང་རྟགས་དམར་པོ་གྱེན་དུ་བསྒྲེངས༔ ཁྱེད་མཆོད་རིག་སྔགས་བཟླས་པ་ན༔ དེ་མ་ཐག་ཏུ་ནོར་རྣམས་འཕེལ༔ བགེགས་རྣམས་ཀུན་གྱིས་ནོར་སྟེར་ཞིང་༔ མིས་ནི་རྒྱལ་པོ་བཞིན་དུ་མཆོད༔ གནོད་སྦྱིན་རྣམས་ཀྱིས་གཏེར་ཁ་འབྱེད༔ གང་གིས་ཁྱེད་ཀྱི་མཚན་འཛིན་པ༔ དེ་ལ་ནོར་གྱི་ཆར་པ་འབེབས༔ གཏེར་རྣམས་རྙེད་འགྱུར་དོན་རྣམས་འགྲུབ༔ འཛམ་གླིང་ནོར་རྣམས་ལག་ཏུ་འོང་༔ སྐྱེ་བ་
འདི་དང་ཕྱི་མར་ཡང་༔ འཛད་མེད་ནོར་གྱི་གཏེར་ཆེན་སྩོལ༔ སྤྲེའུ་ག་ཎ་པ་ཏི་ལ༔ རབ་ཏུ་གུས་པས་བདག་གིས་བསྟོད༔ ཅེས་པ་རྟ་མཆོག་རོལ་པའི་རྒྱུད་དང་༔ སྤྱན་འདྲེན་གཞུང་གི་དོན་བསྡུས་རཱ་ག་ཨ་སྱས་སོ༔ དེ་ནས་ཡུམ་གྱི་བསྟོད་པ་ནི༔ ཧཱུྃ༔ ལྷ་སྨན་བཀྲ་ཤིས་ཚེ་རིང་མ༔ ཁྱོད་ཀྱི་ཁྱོ་དང་འབྲང་སྨོས་པ༔ ཡབ་ནི་ལྷོ་ལྷ་དེ་བ་ཡིན༔ ཡུམ་ནི་འབྲང་ཡུམ་སྨན་གཅིག་མ༔ མིང་པོ་བདུན་ལ་སྲིང་མོ་ལྔ༔ ལྔ་ཚིག་དབུས་ཀྱི་གཙོ་མོ་སྟེ༔ ཁྱོད་ནི་གཙང་རིགས་ལྷ་ཡི་སྲས༔ མཚར་སྡུག་འོད་དུ་ཆི་ལི་ལི༔ ཞལ་བཟང་ཟླ་ཉ་བ་འདྲ༔ ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན༔ མགྲིན་པ་གཅིག་ལ་གླུ་སྒྲ་སྟོང་༔ ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན༔ དབུ་སྐྲ་ཉག་མ་རེ་རེ་ལ༔ གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན༔ ན་བཟའ་དར་དཀར་གོ་ཟུ་གསོལ༔ རིན་ཆེན་དུ་མས་སྐུ་ལུས་བརྒྱན༔ ཉིན་གསུམ་གངས་དཀར་སྟོད་ལ་བཞུགས༔ སྨན་མོ་རྣམས་དང་ལྷན་ཅིག་རོལ༔ མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས༔ རབ་ཏུ་འཇིགས་པའི་དུར་ཁྲོད་ན༔ མཁའ་འགྲོ་རྣམས་དང་ཚོགས་འཁོར་རོལ༔ བཀའ་ཉན་སྤྲུལ་པའི་ཕོ་ཉ་སོགས༔ མ་
ལུས་འཁོར་དང་བཅས་པ་ལ༔ རབ་ཏུ་གུས་པས་བདག་གིས་བསྟོད༔ ཆོས་དབྱིངས་སྐྱེ་བ་མེད་པ་ལ༔ ཐུགས་རྗེའི་གཟུགས་ཀྱི་སྐུར་སྤྲུལ་ནས༔ འགྲོ་བའི་དོན་དུ་བྱོན་པ་ཡི༔ རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་མ༔ གཙོ་མོ་བཀྲ་ཤིས་ཚེ་རིང་མ༔ མཁའ་འགྲོ་དབང་ཕྱུག་ལྔ་ལ་བསྟོད༔ མཁའ་འགྲོ་ཡུམ་ཆེན་ལྔ་པོ་ནི༔ རེས་འགའ་གངས་དཀར་རྩེ་ལ་བཞུགས༔ ལྷ་སྨན་མང་པོའི་འཁོར་གྱིས་བསྐོར༔ དཀར་གསུམ་མངར་གསུམ་ཕུད་ལ་རོལ༔ དངོས་གྲུབ་ལྔ་པོ་སྟེར་མཛད་མ༔ ལྷ་སྨན་རྒྱལ་མོ་ལྔ་ལ་བསྟོད༔ མཁའ་འགྲོ་ཆེན་མོ་ལྔ་པོ་ནི༔ རེས་འགའ་དུར་ཁྲོད་བརྒྱད་ན་བཞུགས༔ ཞིང་སྐྱོང་མཁའ་འགྲོའི་འཁོར་གྱིས་བསྐོར༔ མ་ཧཱ་མཱ་སའི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ ཞིང་སྐྱོང་མཁའ་འགྲོ་ལྔ་ལ་བསྟོད༔ མཁའ་འགྲོ་ཆེན་མོ་ལྔ་པོ་ནི༔ རེས་འགའ་སྒྲུབ་གནས་རྣམས་ལ་བཞུགས༔ བསྟན་མ་བཅུ་གཉིས་འཁོར་གྱིས་བསྐོར༔ ཤ་དང་ཆང་གི་ཚོགས་ལ་རོལ༔ རྣལ་འབྱོར་སྒྲུབ་པའི་སྡོང་གྲོགས་མཛོད༔ དམ་ཚིག་ཆེན་མོ་ལྔ་ལ་བསྟོད༔ མཁའ་འགྲོ་ཆེན་མོ་ལྔ་པོ་ནི༔ རེས་འགའ་ཆོས་མཛད་གར་གནས་
བཞུགས༔ དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར༔ ཞལ་ཟས་གཙང་མའི་ཕུད་ལ་རོལ༔ སངས་རྒྱས་བསྟན་པའི་བྱ་ར་མཛད༔ བསྟན་སྲུང་ཆེན་མོ་ལྔ་ལ་བསྟོད༔ མཁའ་འགྲོ་ཆེན་མོ་ལྔ་པོ་ནི༔ ཕྱི་ལྟར་ལྷ་སྨན་ཆེན་མོ་ལྔ༔ ནང་ལྟར་ཞིང་སྐྱོང་ཆེན་མོ་ལྔ༔ གསང་བར་རིགས་ཀྱི་ཡུམ་ཆེན་ལྔ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད༔ འདིར་གཤེགས་གཏོར་མ་འདི་བཞེས་ཤིག༔ དཀར་གསུམ་མངར་གསུམ་གཙང་མའི་ཕུད༔ ཤ་ཆང་དམ་ཚིག་ཅན་གྱི་རྫ་ས་མ་ཧ་མཱ་སའི་མཆོད་པ་བཞེས༔ སྔར་བཅོལ་སྒྲུབ་པའི་གཏང་རག་དང་༔ ད་བཅོལ་ཕྲིན་ལས་མ་ལུས་པ༔ བསྒྲུབ་པའི་གསོལ་འདེབས་སྙན་གསོན་འབུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཨོ་རྒྱན་པདྨ་འབྱུང་གནས་དང་༔ བཞད་པ་རྡོ་རྗེའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་ད་དགོངས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་ཀུན༔ ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ སངས་རྒྱས་བསྟན་པ་རིན་ཆེན་དང་༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཐར་པའི་བར་དུ་
གཅོད་པའི་བདུད༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ སངས་རྒྱས་བསྟན་པ་དར་བ་དང་༔ རྣལ་འབྱོར་བདག་ཅག་ཚེ་རིང་ཞིང་༔ ནད་མེད་འབྱོར་པ་རྒྱས་པ་དང་། སྒྲུབ་པ་མཐའ་རུ་ཕྱིན་པར་མཛོད༔ དེ་ནས་ཇོ་བོ་ཚོགས་བདག་རིགས་ལྔ་ཡི༔ ཐུགས་ཀར་ཟླ་སྟེང་གི་ཡིག་རང་མདོག་མཐར༔ སྔགས་ཕྲེང་རང་མདོག་གཡས་སུ་འཁོར་བར་བསྒོམ༔ རང་ཉིད་ཡི་དམ་ཐུགས་ཀའི་འོད་ཕོག་པས༔ སྔགས་ཕྲེང་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ༔ འོད་ཟེར་སྣ་ཚོགས་འཇིག་རྟེན་ཁྱབ་པར་འཕྲོས༔ ལྷ་ཀླུ་མི་ཡི་ཚེ་བསོད་དཔལ་འབྱོར་དང་༔ ཉི་ཟླ་ནོར་བུ་འབྱུང་བའི་བཅུད་རྣམས་ཀུན༔ འོད་ཟེར་དེས་བསྡུས་བདག་དང་བསྲུང་བྱར་ཐིམ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་འཕེལ་བར་གྱུར༔ ཕྱག་མཚན་ནེའུ་ལེའི་ཁ་དང་ནོར་བུ་ལས༔ རིན་ཆེན་སྣ་ཚོགས་ཆར་པ་སིལ་སིལ་བབ༔ ས་ཕྱོགས་གནས་ཁང་ལྡེམ་ལྡེམ་གང་བར་བསྒོམ༔ དམིགས་པ་དེ་རྣམས་འོག་མ་ཀུན་ལ་འགྲེས༔ ཨོཾ་གྷ་ན་པ་ཏི་བ་ར་ཏ་ཀ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ དེ་ཉིད་མང་དུ་བཟླ་བ་བསྙེན་སྒྲུབ་སྟེ༔ དེ་ནས་དེ་ཡི་ལས་ཚོགས་བསྒྲུབ་འདོད་ན༔ སྐུ་མདོག་དང་ནི་སྔགས་ཀྱི་ཤམ་བུ་བསྒྱུར༔ ས་བོན་བཻ་ཡིག་རྒྱབ་ཏུ་གི་ཡིག་ཁུར༔ ཧཱུྃ་དང་སྭཱ་ཧཱའི་བར་དུ་ཤམ་བུ་སྦྱར༔ དེ་ནི་གནམ་ཆོས་རང་གཞུང་ལུགས༔ ༈ ཡང་ནི་གཙོ་བོ་སྐུ་མདོག་དམར་པོ་ལ༔ ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པ༔ རྒྱལ་པོ་རོལ་པའི་ཆ་ལུགས་བཞུགས་པར་
བསམ༔ ཨོཾ་གྷ་ན་པ་ཏི་ཡ་སྭཱ་ཧཱ༔ བཟླས་པ་བདེ་མཆོག་ནམ་མཁའ་མཉམ་རྒྱུད་ནས༔ གསུངས་པ་ཚོགས་ཀྱི་བདག་པོའི་སྒྲུབ་པའོ༔ ཡང་ནི་གཙོ་བོ་དམར་པོའམ་དཀར་པོ་ལ༔ གཡས་གཉིས་ལ་ཕུད་དང་ནི་བགྲང་ཕྲེང་སྟེ༔ གཡོན་པས་རིན་ཆེན་སྣོད་དུ་ལ་དུ་བསྐང་༔ འོག་མས་དགྲ་ལྟ་རིན་ཆེན་མཚན་པ་བསྣམས༔ འཁོར་གྱི་ལྷ་མོ་བཞིར་བཅས་གསལ་བཏབ་ལ༔ ཨོཾ་བ་ར་ཏ་ཀ་སྭཱ་ཧཱ༔ ཞེས་པ་ཉེ་སྙིང་དང་༔ ཨོ་ཧཱུྃ་གྷ་ན་པ་ཏི་ཡེ་སྭཱ་ཧཱ༔ ཞེས་པའི་སྙིང་པོ་བཟླས་བསྙེན་པ་ཡིན༔ ཨོ་ཧྥི་གྷ་ན་པ་ཏི་པ་ཏི་ཡེ་སྭཱ་ཧཱ༔ ཞེས་རྩ་སྔགས་དེ་ཉིད་བཟླ་བ་སྒྲུབ་པ་ཡིན༔ དེ་ནས་གོང་གི་སྔགས་གསུམ་སྦྲེལ་བའི་མཇུག༔ ན་མོ་སྟུད་ཏེ་མ་ཧ་གྷ་ན་པ་ཏི་ཡེ་པ་ཤཾ་པུཊྛི་ཙཎཱ་པ་ཏི་ཤནི་ཀུ་རུ་ཡེ་སྭཱ་ཧཱ༔ ལས་སྦྱོར་སྔགས་དེས་ཕྲིན་ལས་རྣམ་བཞི་འགྲུབ༔ ཧེ་རུ་ཀ་དང་མགོན་པོ་ལྕམ་དྲལ་གྱིས༔ ལས་མཁན་ནོར་ལྷ་ཚོགས་བདག་བསྒྲུབ་པའི་རྫས༔ ཁྲག་མཚོ་ཁོལ་མའི་རྒྱུད་ནས་གསུངས་པ་ཡིན༔ ༈ ལས་ཀྱི་ཚོགས་བདག་ཕྱག་དྲུག་པ་ལ་དམིགས༔ ཨོཾ་བ་ར་ཏ་ཀ་ཧཱུྃ་ཧཱུྃ༔ འདི་ནི་གནམ་ཆོས་རླུང་སྒྲུབ་ཡིན་པས་མྱུར༔ ༈ དེ་ནས་ཡུམ་ལྔའི་མདུན་དུ་ནོར་བུ་ནི༔ བལ་ལེ་སྤུངས་པའི་ཕུང་པོ་རེ་རེ་བསམ༔ གཙོ་མོའི་ཐུགས་ཀར་ཆོས་འབྱུང་བསྣོལ་མའི་སྟེང་༔ ༀདཀར་མཐའ་ལ་སྔགས་ཕྲེང་གཡོན་དུ་འཁོར༔ འཁོར་བཞིའི་ཐུགས་ཀར་ཆོས་འབྱུང་བརྐྱང་པའི་སྟེང་༔ རང་མདོག་ཧ་རི་ནི་སའི་ཡིག་འབྲུ་རེ༔ རང་རང་
མདོག་མཚུངས་འོད་ཟེར་འཕྲོས་པ་ཡིས༔ འཆི་མེད་ཚེ་དང་རིགས་རྒྱུད་ཆོས་བརྒྱུད་གཡང་༔ མངོན་ཤེས་ཟས་གཡང་འབྲུ་གཡང་ནོར་གྱི་གཡང་༔ ཐམས་ཅད་བསྡུས་ནས་བདག་དང་བསྲུང་བྱར་ཐིམ༔ ཨོཾ་བཛྲ་པྲ་མོ་ཧ་རི་ནི་ས་མ་མ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ མཆེད་ལྔའི་དྲིལ་སྒྲུབ་གནམ་ཆོས་ལུགས་དེ་ཟབ༔ དེ་ནས་ཤར་ལྷོའི་ཚོགས་བདག་དཀར་པོར་དམིགས༔ ཨོཾ་བ་ར་ཏུ་ཀ་སྭ་ཧྭ་ཉིན་རེ་བཞིན་དུ་དུས་དྲུག་བརྒྱ་རྩ་བཟླས༔ དུས་དྲུག་མཆོད་བསྟོད་བྱ་བ་བསྙེན་པ་ཡིན༔ ཨོཾ་ཧཱུྃ་ག་ན་པ་ཏི་ཡེ་སྭ་ཧྭ་དེ་ཉིད་བཟླ་བ་སྒྲུབ་པ་ཡིན་པ་སྟེ༔ ཨོ་བྷཾ་ག་ཎ་པ་ཏི་ཡ་རཏཱ་སིདྡྷི་ཧཱུྃ༔ འབུམ་ཕྲག་གཅིག་བཟླ་ལས་སྦྱོར་ཡིན་པ་སྟེ༔ ཚོགས་གསུམ་རྒྱུད་དང་རྟོགས་པ་ནས་གསུངས་སོ༔ རང་ཉིད་ཁྲོ་བོ་ཧཱུྃ་མཛད་ང་རྒྱལ་གྱིས༔ སུམ་བྷ་ནི་ཡི་སྔགས་ནི་ཅུང་ཞིག་བཟླས༔ ཚོགས་བདག་དམར་པོ་ཕྱག་མང་ལ་དམིགས་ནས༔ ཨོཾ་ཨཱཿཧཱུྃ་སྭ་ཧཱཿ འབུམ་ཕྲག་གཅིག་བཟླ་བསྙེན་པ་ཡིན་པ་སྟེ། ཚར་དུས་སྔགས་མཆིལ་དཔྲལ་བར་ཐིག་ལེ་བྱ༔ ཨོཾ་ཨཱག་ཧཱུྃསྭཱ་ཧཱ༔ ཨོཾ་ག་ག་ན་སིདྡྷི་སརྦ་ཨརྦ་མེ་པྲ་ས་དྷ་ཡེ་ཧཱུྃ་ཧཱུྃ་ཛ་ཛ་སྭ་ཧཱཿ འབུམ་ཕྲག་གཅིག་བཟླ་འདི་ཡི་སྒྲུབ་པའོ༔ དེ་ནས་ལས་ཚོགས་གང་དང་གང་སྒྲུབ་ཀྱང་༔ ཐོག་མར་བསྙེན་སྔགས་སྟོང་བཟླས་ལས་སྦྱོར་བྱ༔ ལས་སྦྱོར་གཙོ་བོ་དབང་གི་སྦྱིན་སྲེག་ཡིན༔ གལ་ཏེ་ལན་མང་བསྒྲུབས་ཀྱང་མ་འགྲུབ་ན༔ རང་ཉིད་ཧཱུྃ་མཛད་ཁྲོས་པའི་ཞབས་འོག་ཏུ༔ ཚོགས་བདག་མནན་པར་བསམ་ལ་
སྔགས་བཟླས་ཏེ༔ སུམ་བྷ་ནི་ལ་ཚོགས་བདག་བསྙེན་སྒྲུབ་བཏགས༔ འདི་ནི་གནད་འབེབས་ཡིན་པས་མང་མི་རུང་༔ ༈ ཡང་ནི་བྱང་ཤར་ཚོགས་བདག་དཀར་པོར་དམིགས༔ ཨོ་གྷ་སྭ་ཧཱཿ འབུམ་ཕྲག་བཞི་བཟླས་སྦྱོང་རྒྱུད་ལུགས་ཡིན་ནོ༔ གསེར་སོགས་རིན་ཆེན་ལས་གྲུབ་སྤྲེའུ་གཟུགས༔ ཡོད་ན་ལེགས་སྐྱེས་མེད་ན་ལྷོ་ནུབ་ཀྱི༔ ཚོགས་བདག་སྤྲེའུ་གཟུགས་ཅན་ལ་དམིགས་ཤིང་༔ དུས་སུ་ཨ་གར་ནག་པོའི་བདུག་སྤོས་འབུལ༔ ཨོཾ་བྷ་ར་ཏ་ཀ་སྭཱ་ཧཱ༔ ཞེས་པ་གསེར་གླིང་པ་ཡི་ལུགས༔ ༈ གཟུངས་འདི་དགོངས་པ་སྔགས་འདིའོ༔ ཨོཾ་ན་ག་ལ་སྐུ་ལ་ན་ཛ་ཡེ་སྭཱ་ཧཱཿ ཞེས་བཟླས་སྤྲེའུ་གཟུངས་ཀྱི་དགོངས་པ་ཡིན༔ འདི་དག་གང་རུང་གཅིག་ཚོས་ལས་མི་འགྲུབ་ཀྱང་༔ ཆོ་ག་འདི་ཉིད་ཚང་བ་བསྙེན་པ་ཡིན༔ ཚོགས་བདག་རིགས་ཀུན་མཆོད་བསྟོད་ཚང་བར་ཆོག༔ རྩེ་གཅིག་བསྒྲུབས་ན་དུས་བཞི་དུས་གསུམ་མམ༔ ཐ་ན་ནངས་ནུབ་དུས་གཉིས་ལས་བྱང་བཏང་༔ ཞག་བདུན་བཅུ་བཞི་ཉེར་གཅིག་ལ་སོགས་བསྒྲུབ༔ རྟགས་ནི་ཉམས་དང་རྨི་ལམ་ལ་སོགས་ལ༔ སྔགས་པ་བརྗིད་ལྡན་དཔོན་རིགས་ཆས་བཟང་དང་༔ བུད་མེད་མཛེས་མས་དཀར་གསུམ་རིན་ཆེན་འབྲུ༔ ལ་ཕུད་ལ་སོགས་དངོས་གྲུབ་རྫས་རྣམས་སྟེར། །འབྲུ་དང་རྩ་སོགས་ཤིང་དང་ལྕི་ལུད་སྤུངས༔ ལོ་ལེགས་རྟ་ཕྱུགས་མང་པོ་བདག་བྱེད་དང་༔ དར་ཕྱར་དུང་བུས་ཁྲོམ་ཆེན་འདུ་བ་དང་༔ ཁྲི་ལ་འདུག་དང་རྒྱན་བཏགས་གོས་བཟང་གྱོན༔ ཉི་ཟླ་ཤར་དང་འདུ་ཚོགས་ཆེ་བ་
འབྱུང་༔ རིན་ཆེན་ཆར་འབེབས་རི་བསྐོས་གཏེར་ཁ་རྙེད༔ འབྲུ་ཡི་ཆར་དང་ལོངས་སྤྱོད་ཕུལ༔ དངོས་སུ་ཚིག་ཆོམ་འུར་སྒྲ་འཁྱུགས་པ་སོགས༔ ཆོ་འཕྲུལ་འདྲ་བ་བྱུང་ཡང་གྲུབ་རྟགས་ཡིན༔ སྤྲེའུ་འོད་དཀར་མི་རིང་མཐོང་༔ གཉིད་ཀྱང་དྭངས་དཀའ་མེ་རེ་བ༔ ནོར་བུ་རྙེད་དང་ཟས་བཟང་ཟོས༔ རྟགས་བྱུང་དུས་སུ་གཏང་རག་མཆོད་པ་བྱ༔ ༈ དེ་ནས་གསོལ་ཁ་བྱ་བར་འདོད་པ་ན༔ བསྡུ་ན་གཏོར་མ་གསོ་བྲན་བྱས་པས་འཐུས༔ རྒྱས་པར་གསེར་སྐྱེམས་ཇ་ཕུད་འོ་ཕུད་སོགས༔ འབྲུ་སྣ་བཏབ་པ་ཕུད་རྐང་ནང་དུ་བཀྱག༔ ཚིག་མཚམས་རྣམས་སུ་ནམ་མཁར་གཏོར་བཅུག་གོ༔ ཧཱུྃ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ འདུལ་དཀའི་བགེགས་རིགས་འདུལ་བ་དང་༔ འགྲོ་ལ་ཕན་ཕྱིར་སྐུ་སྤྲུལ་པ༔ སྐུ་མདོག་སྣ་ཚོགས་ཅིར་ཡང་སྟོན༔ སྤྱན་གསུམ་རལ་པའི་ཅོད་པན་ཅན༔ ཟླ་ཕྱེད་ནོར་བུ་དར་གྱིས་བརྒྱན༔ རིན་ཆེན་རྒྱན་ལྡན་དར་ཟབ་བཀླུབས༔ ཕྱག་བཞི་ལ་ཕུད་དགྲ་སྟ་དང་༔ གཡོན་པ་ནོར་བུ་ཁ་ཊཾ་བསྣམས༔ སྦོམ་ཐུང་གསུས་འཕྱང་གཟི་བརྗིད་འབར༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་ལྷ༔ མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ༔ ཆོས་སྲིད་དབང་ཐང་འཕེལ་པའི་དངོས་གྲུབ་སྩོལ༔ མཆོད་གཏོར་གཙང་མ་ཕུད་ཀྱིས་མཆོད༔ དཔལ་ལྡན་ཚོགས་ཀྱི་བདག་པོ་སྟེ༔
དངོས་གྲུབ་སྒྲུབ་པའི་དབང་ཕྱུག་སྟེ༔ འཇིག་རྟེན་ཀུན་ལ་ཕན་པའི་ལྷ༔ ཐུགས་རྗེས་འགྲོ་བའི་དབུལ་ཕོངས་སྐྱོབས༔ བཀྲ་ཤིས་རྩོལ་མཛད་ནོར་ལྷ་ཆེ༔ ཇོ་བོ་ཚོགས་བདག་རིགས་ལྔ་དང་༔ སྤྲུལ་པ་མྱུར་འགྱོགས་སྤྲེའུའི་གཟུགས༔ མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ༔ ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ་ཡིད་ལ་ཅི་འདོད་སྦྱིན་པའི་ལྷ༔ རྒོལ་བ་ཟློག་པའི་སྟོབས་པོ་ཆེ༔ བགེགས་ཚོགས་ཀུན་གྱི་རྗེ་བོ་སྟེ༔ དགྲ་བགེགས་རྩད་ནས་བརླག་མཛད་པ༔ སྟེང་འོག་བར་གསུམ་དབང་སྡུད་ཅིང་༔ རྒྱལ་སྲིད་འབྱོར་པ་སྩོལ་མཛད་པ༔ དཔལ་ལྡན་ཚོགས་བདག་རིགས་ལྔ་དང་༔ ལས་མཁན་སྤྲེའུ་གཟུགས་ཅན་གྱི༔ མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ༔ ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ༔ མཆོད་དོ་གཙང་མ་ཕུད་ཀྱིས་མཆོད༔ རྒྱུད་དང་རྟོགས་པ་ལ་སོགས་པའི་དོན་བསྡུས་རཱ་ག་ཨ་སྱས་སོ༔ ཧཱུྃ༔ རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ༔ སྐུ་མདོག་དཀར་མོ་གཞོན་ཚུལ་ཅན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས༔ ཕྱག་གཡོན་ཚེ་ཡི་བུམ་པ་འཛིན༔ བུམ་པའི་སྟེང་ན་དཔལ་བེའུ་དང་༔ གཡུང་དྲུང་རིན་ཆེན་འཁྱིལ་པས་
བརྒྱན༔ ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ རིན་ཆེན་དུ་མས་མཛེས་པར་བརྒྱན༔ བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔གངས་དཀར་སྟེང་ན་བཞུགས་པ་མོ༔ མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ༔ སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ༔ མཆོད་དོ་གཙང་མ་ཕུད་ཀྱིས་མཆོད༔ ལྷ་མོ་མཐིང་གི་ཞལ་བཟང་མ༔ རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས༔ སྐུ་མདོག་སྔོ་སངས་འཚེར་བག་ཅན༔ ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས༔ ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས༔ གཡོན་པས་ལྷ་ཡི་བ་དན་ཕྱར༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ༔ སྣང་སྲིད་ཕྲ་ཡི་དངོས་གྲུབ་སྩོལ༔ མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ༔ ལྷ་མོ་མི་གཡོ་བློ་བཟང་མ༔ གསང་མཚན་རྡོ་རྗེ་བཞད་པ་མོ༔ སྐུ་མདོག་སེར་མོ་གསེར་གྱི་མདོག༔ ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས༔ ཕྱག་གཡས་རིན་ཆེན་སྡེར་བཟང་བསྣམས༔ ལྷ་ཡི་ཞལ་ཟས་སྣ་ཚོགས་འཛིན༔ གཡོན་ན་ནེའུ་ལེའི་རྐྱལ་པ་འཛིན༔
སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ༔ རྨ་གཡང་རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ༔ མཆོད་དོ་གཙང་མ་ཕུད་ཀྱིས་མཆོད༔ ལྷ་མོ་ཅོད་པན་མགྲིན་བཟང་མ༔ རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ༔ སྐུ་མདོག་དམར་མོ་མདངས་དང་ལྡན༔ ཆིབས་སུ་ཤ་བ་ཡུ་མོ་ཆིབས༔ ཕྱག་གཡས་ཡིད་བཞིན་ནོར་བུ་དང་༔ ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུས༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ མཆོད་གཏོར་འདིར་བཞེས་དངོས་གྲུབ་སྩོལ༔ བང་མཛོད་འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ༔ མཆོད་དོ་གཙང་མ་ཕུད་ཀྱིས་མཆོད༔ ལྷ་མོ་གཏད་དཀར་འགྲོ་བཟང་མ༔ གསང་མཚན་རྡོ་རྗེ་གར་མཁན་མ༔ སྐུ་མདོག་སྔོ་ལྗང་མདངས་དང་ལྡན༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ ཕྱག་གཡས་རྩ་མཆོག་དཱར་བ་དང་༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས༔ ཕྲིན་ལས་ཐོག་པ་སྒྱུ་མེད་པ་ཡི༔ མཐུ་དང་ནུས་པ་འདིར་སྟོན་ཅིག༔ མཆོད་གཏོར་འདིར་བཞེས་དངོས་གྲུབ་སྩོལ༔ རྐང་བཞི་རྟ་ཕྱུགས་འཕེལ་བའི་དངོས་གྲུབ་སྩོལ༔ མཆོད་དོ་གཙང་མ་ཕུད་ཀྱིས་
མཆོད༔ དེ་ནས་བསྐང་བ་བྱེད་པར་འདོད་ན༔ ལོགས་སུ་བཅའ་མི་དགོས་ཏེ་གཏོར་མཆོད་རྣམས་ཁ་གསོས་ལ༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་འགྲོ་བའི་དོན་སྤྲུལ་པ༔ སངས་རྒྱས་ཐུགས་ལ་དུད་འགྲོ་གླང་ཆེན་དབུ༔ ཕྲིན་ལས་བཞི་བསྒྲུབ་སྐུ་མདོག་ཅིར་ཡང་སྟོན༔ ཕྱག་ནི་གཉིས་བཞི་དྲུག་དང་བཅུ་གཉིས་སོགས༔ གཅིག་ཏུ་མ་ངེས་ཕྱག་མཚན་སྣ་ཚོགས་མཛིན༔ སྤྲུལ་པ་སྤྲེའུའི་གཟུགས་ཅན་རྣོ་མྱུར་ལྡན༔ ཡབ་ཡུམ་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང་༔ ཙན་དན་དཀར་པོའི་སྐུ་གཟུགས་མཐེ་བོང་ཙམ༔ གསེར་དངུལ་ཤེལ་དང་དུང་ལས་བྱས་པའི་སྐུ༔ ཟངས་དང་མཁར་བ་རུས་པ་ལས་གྲུབ་སྐུ༔ བྲིས་པའི་སྐུ་དང་གསེར་གྱི་སྤེལ་གཟུགས་ཀྱིས༔ ཚོགས་ཀྱི་བདག་པོའི་སྐུ་ཡི་ཐུགས་དམ་བསྐང་༔ བསྐང་ནས་རྟེན་པའི་རྫས་ལ་བརྟན་པར་བཞུགས༔ སྙིང་པོ་ཉེ་སྙིང་རྩ་སྔགས་གཟུངས་སྔགས་དང་༔ སྤྱན་འདྲེན་མཆོད་སྟོད་དབྱངས་དང་རོལ་མོ་ཡིས༔ ཚོགས་བདག་གསུང་གི་ཐུགས་དམ་བསྐང་གྱུར་ཅིག༔ བསྐངས་ནས་གང་བཅོལ་ཕྲིན་ལས་མྱུར་དུ་སྒྲུབས༔ བྱམས་དང་སྙིང་རྗེ་ལྟ་བ་གྱད་ཀྱི་ལྷ༔ གཉེན་པོ་ཡེ་ཤེས་ལྔ་དང་བཀའ་སྡོད་ཀྱི༔ ཏིང་འཛིན་རྩེ་གཅིག་དམིགས་
པའི་འཕྲོ་འདུ་ཡིས༔ ཚོགས་བདག་ཐུགས་ཀྱི་ཐུགས་དམ་བསྐང་བསྐང་གྱུར་ཅིག༔ བསྐངས་ནས་ཡིད་ལ་གང་བསམ་འགྲུབ་པར་མཛོད༔ མེ་ཏོག་དཀར་དང་དམར་པོ་སེར་པོའི་ཚོགས༔ ཙན་དན་སི་ལ་ག་པུར་ཨ་ག་རུ༔ མར་མེ་སྤོས་ཆབ་ཞལ་ཟས་རོལ་མོའི་ཚོགས༔ རྒྱ་ཆེན་ཟས་སྣའི་མཆོད་པས་ཐུགས་དམ་བསྐང་༔ རོ་བརྒྱ་ལྡན་པའི་ཟས་མཆོག་ལ་ཕུད་དང་༔ དཀར་གསུམ་མངར་གསུམ་མར་དང་ཁུར་བ་དང་༔ འབྲས་གསུམ་སྤྱོད་ཀྱིས་བྲན་པའི་ལ་དུ་དང་༔ དངོས་བྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་ཡིས༔ ཇོ་བོ་ཚོགས་བདག་རིགས་ལྔའི་ཐུགས་དམ་བསྐང་༔ སྤྲུལ་པ་སྤྲེའུའི་གཟུགས་ཅན་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་གཉེན་པོ་བསྐངས་གྱུར་ནས༔ བགེགས་དང་རྒྱལ་པོ་དགྲ་ཡི་གནོད་པ་དང་༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཞི་བ་དང་༔ ཚེ་དང་བསོད་ནམས་ལོང་སྤྱོད་རྒྱས་པ་དང་༔ རྒྱལ་བློན་ཡུལ་ཁམས་དབང་དུ་བསྡུ་བ་དང་༔ བར་ཆད་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ བགེགས་ཀྱི་ཡོངས་རྗེ་ཚོགས་བདག་གླང་སྣ་ཅན༔ དེ་ཡི་སྦྱོར་ཡུམ་སྲིད་པའི་རྗེ་མོ་ནི༔ དཀར་མོ་ཆེན་མོ་ཉི་ཟླའི་
ཐོད་ཕྲེང་ཅན༔ འབྲོག་ཆེན་བགེགས་འདུལ་རྡོ་རྗེ་བགེགས་ཀྱི་རྒྱལ༔ ཇོ་མོ་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ མཆེད་ལྔ་འཁོར་བཅས་ཐུགས་དམ་བསྐང་བ་ནི༔ རང་རང་རི་ཡི་གཟུགས་ཅན་གཏོར་མ་དང་༔ དཀར་གསུམ་མངར་གསུམ་འབྲུ་སྨ་སྨན་སྣ་དང་༔ ཕྱེ་མར་ལུག་ཤ་ལག་གཡས་ཐུགས་དམ་བསྐང་༔ དངུལ་གྱི་སོར་གདུབ་རྡོ་རྗེ་རྩེ་ལྔ་དང་༔ ཚེ་ཡི་བུམ་པ་བདུད་རྩི་ཨ་མྲྀ་ཏས༔ བཀྲ་ཤིས་ཚེ་སྲིང་མ་ཡི་ཐུགས་དམ་བསྐང་༔ འཇིག་རྟེན་ལྷ་མོ་རོལ་མའི་ཐུགས་དམ་བསྐང་༔ མདའ་མོ་རྒོད་སྒྲོ་དར་སྣ་ལྔ་ཡིས་བརྒྱན༔ དངུལ་དཀར་མེ་ལོང་འབྲས་དཀར་གཡུང་དྲུང་གིས༔ མཐིང་གི་ཞལ་བཟང་མ་ཡི་ཐུགས་དམ་བསྐང་༔ ལྷ་མོ་ཞི་བ་མ་ཡི་ཐུགས་དམ་བསྐང་༔ རིན་ཆེན་སྣོད་དུ་ཟས་སྣའི་ཕུད་ཀྱིས་བཀང་༔ སྲེ་མོང་ལྤགས་པར་འབྲུ་སྣ་རིན་ཆེན་བླུགས༔ མི་གཡོ་བློ་བཟང་མ་ཡི་ཐུགས་དམ་བསྐང་༔ ལྷ་མོ་འབར་བྱེད་མ་ཡི་ཐུགས་དམ་བསྐང་༔ ནོར་བུ་གཟུགས་དང་རིན་ཆེན་སྒྲོམ་བུས་ནང་༔ སྣ་ཚོགས་འབྲུ་སྣའི་ཚོགས་ཀྱིས་བསྐང་བ་འདིས༔ ཅོད་པན་མགྲིན་བཟང་མ་ཡི་ཐུགས་དམ་བསྐང་༔ འཇིག་རྟེན་ལྷ་མོ་དབང་མོའི་ཐུགས་དམ་བསྐང་༔
སྦྲུལ་གྱི་ཞགས་པས་གཟུགས་བརྙན་བྲིས་སམ་བཟོས༔ རྩ་མཆོག་དུརྦའི་ཀུ་ཤའི་ཆུན་པོ་ཡིས༔ གཏད་དཀར་འགྲོ་བཟང་མ་ཡི་ཐུགས་དམ་བསྐང་༔ ལྷ་མོ་རྣམ་པར་རྒོད་མའི་ཐུགས་དམ་བསྐང་༔ བསྐངས་ནས་རང་རང་ལས་ཀྱི་དངོས་གྲུབ་སྩོལ༔ བདག་ཅག་འཁོར་བཅས་མ་རིག་དབང་གྱུར་པས༔ ཉམས་ཆག་ཉེས་ལྟུང་འགལ་འཁྲུལ་གང་བྱུང་བ༔ ཚོགས་བདག་ཡབ་ཡུམ་འཁོར་དང་བཅས་ལ་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོ་ས་མ་ཡཱ༔ ས་མ་ཡ༔ ཧཱུྃ་ས་མ་ཡཱ༔ གྷ་ན་པ་ཏི༔ ཨོཾ་ཧ་རི་ནི་ས༔ བཛྲ་སཏཱ་ས་མ་ཡ༔ སོགས་ཡིག་བརྒྱ་བཟླ༔ ཉམས་ཆག་བཤགས་པའི་སྔགས་སྡེབ་ཟབ་མོ་དང་བཅས་རཱ་ག་ཨ་སྱས་སོ༔ དེ་ནས་དགུ་གཏོར་གྱི་དུས་སམ༔ གློ་བུར་ལས་བཅོལ་གྱི་དུས་དམར་གཏོར་ཤ་ཁྲག་གིས་རྒྱན་པ་བཤམས་ལ༔ ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ༔ རྣམ་པ་སོ་སོའི་ཡིད་མཐུན་གྱི་ལོངས་སྤྱོད་དུ་བསམ་ལ༔ ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབས་ལ༔ ཧཱུྃ༔ སྲིད་པའི་ལྷ་ཆེན་བགེགས་ཀྱི་ཡོངས་རྗེ་སྟེ༔ ཁྱོད་ལས་མཐུ་རྩལ་ཆེ་བ་གཞན་མེད་ཕྱིར༔ རྩལ་ཆེན་ཚོགས་བདག་གླང་སྣ་ཞེས་སུ་གྲགས༔ སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་མཆེ་
བ་དཀར་པོ་ཞགས་པ་དང་༔ གཡོན་གཉིས་དགྲ་སྟ་དང་ནི་ཁ་ཊཾ་བསྣམས༔ འཁོར་ནི་རྒྱལ་ཆེན་བཞི་དང་ཀླུ་ཆེན་བརྒྱད༔ བྱི་ན་ཡ་ཀ་གླང་པོ་ཆེ་ཡི་གདོང་༔ སྟོང་གསུམ་བདག་པོ་སྤྲིན་གྱི་སྒྲོན་མེ་ཅན༔ རྡོ་རྗེ་མཆུ་སོགས་དེད་དཔོན་ཆེན་པོ་བརྒྱད༔ སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་དཔུང་ཚོགས་བཅས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། འཁོར་གྱི་དམག་ཚོགས་བཀའ་ནན་མ་ཆུང་བར༔ བདག་དང་བསྲུང་བྱ་རྣམས་ལ་གནོད་མ་འཇུག༔ བྱང་ཆུབ་བསྒྲུབ་ལ་བར་ཆད་མེད་པ་དང་༔ རྐྱེན་ངན་བར་ཆད་ཆག་ཆེན་ཉམ་ང་ཟློག༔ ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ་ལ༔ འཁོར་གྱི་ཚོགས་ཀྱི་ཟ་ཁ་དེ་རུ་སྟོན༔ རྡོ་རྗེ་མཆུ་སོགས་དམག་དཔོན་ཆེན་པོ་བཞི༔ སྟོང་ཕྲག་བརྒྱད་ཅུའི་དམག་ཚོགས་དགྲ་ལ་བྷྱོ༔ སྡང་དགྲའི་ཡུལ་དུ་གནས་མོལ་ཕོ་བྲང་ཐོབ༔ བསྟན་དགྲའི་ཁ་རྗེ་དབང་ཐང་ལོངས་སྤྱོད་རྣམས༔ ཕྱག་ན་རྡོ་རྗེའི་གནང་བའི་ཟས་ཡིན་པས༔ རྟག་ཏུ་ཁྱེད་རྣམས་ལོངས་སྤྱོད་དེ་ལ་མཛོད༔ བདག་དང་བསྲུང་བྱའི་མི་ནོར་འཁོར་བཅས་ལ༔ དཔག་ཚད་གཅིག་ལས་ཚུན་དུ་མ་ཉེ་ཞིག༔ ཇོ་བོ་ཚོགས་ཀྱི་བདག་པོའི་བཀའ་མ་བཅག༔
གསང་བདག་རྡོ་རྗེ་འཛིན་པའི་དམ་མ་བཀྲལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངང་ཉིད་ལས༔ ཐབས་མཁས་ཐུགས་རྗེས་ལྷ་མོའི་ཚུར་བཟུང་ནས༔ སངས་རྒྱས་བསྟན་པ་བསྲུང་ཞིང་སྤེལ་མཛད་མ༔ མཁའ་འགྲོ་ཆེན་མོ་བཀྲ་ཤིས་ཚེ་རིང་མ༔ དཔོན་གཡོག་ལྔ་བཅས་ཞིང་སྐྱོང་མཁའ་འགྲོ་དང་༔ ཡབ་གཅིག་ཚོགས་བདག་རིགས་ལྔ་ལ་སོགས་པ༔ འཁོར་གྱི་ཚོགས་དང་བཅས་ལ་ཕྱག་འཚལ་སྟོད༔ འདིར་གཤེགས་ཤ་ཁྲག་བརྒྱན་པའི་གཏོར་མ་བཞེས༔ ཛ་གད་སྨན་ཕུད་མཆོད་པ་འདིར་བཞེས་ལ༔ སྔར་བཅོལ་ལས་རྣམས་སྒྲུབ་པའི་གཏང་རག་དང་༔ ད་བཅོལ་བསྒྲུབ་ཕྱིར་གཏོར་མ་སྨན་ཕུད་བཞེས༔ རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ཀྱི༔ ཚེ་དང་དཔལ་འབྱོར་བསམ་པའི་དོན་རྣམས་ཀྱི༔ བར་དུ་གཅོད་པའི་བྱད་ནད་གདོན་བགེགས་དང་༔ མི་དང་འབྱུང་པོའི་བར་ཆད་བཟློག་ཏུ་གསོལ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ ས་དང་ལམ་གྱི་ཡོན་ཏན་བསྒྲུབ་པ་ལ༔ བར་དུ་གཅོད་བྱེད་འགལ་རྐྱེན་ཞི་བ་དང་༔ མཐུན་རྐྱེན་མ་ལུས་འདོད་དགུ་
འགྲུབ་པར་མཛོད༔ བསྟན་དང་བསྟན་པའི་ཁུར་འཛིན་སྐྱེས་བུ་དང་༔ རྣལ་འབྱོར་འགྲོ་དོན་ཕྱོགས་བཅུར་འཕེལ་བ་དང་༔ གང་ལ་གང་འདུལ་ཕྲིན་ལས་རྣམ་བཞི་པ༔ འགྲོ་ལ་ཕན་བདེ་སྒྲུབ་པའི་སྡོང་གྲོགས་མཛོད༔ བྷྱོ༔ མཁའ་འགྲོ་ཆེན་མོ་བཀྲ་ཤིས་ཚེ་རིང་མ༔ དཔོན་གཡོག་ལྔར་བཅས་ཞིང་སྐྱོང་མཁའ་འགྲོ་དང་༔ དགྱེས་པའི་ཡབ་ནི་ཇོ་བོ་ཚོགས་ཀྱི་བདག༔ མིང་པོ་བཙན་རྒོད་རོལ་པ་མཆེད་བདུན་དང་༔ སྡེ་བརྒྱད་ལ་སོགས་བྲན་གཡོག་ཕོ་ཉའི་ཚོགས༔ ཁྱེད་རྣམས་དོ་ནུབ་མཐུ་དང་དཔུང་བསྐྱེད་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི༔ བྱང་ཆུབ་བསྒྲུབ་པའི་ལམ་གྱི་མི་མཐུན་སོགས༔ འགལ་རྐྱེན་མ་ལུས་ཞི་བར་མཛད་དུ་གསོལ༔ མཁའ་འགྲོ་ཆེན་མོ་མཐིང་གི་ཞལ་བཟང་མ༔ ཞི་བའི་ལས་མཛད་ཚོགས་བདག་དཀར་པོ་དང་༔ ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གནོད་པ་ཟློག༔ གཏད་ཁྲམ་ངན་སྔགས་དམོད་མོ་རྦོད་གཏོང་
ཟློག༔ འཇིགས་པ་བརྒྱད་དང་འཐབ་རྩོད་མེད་པར་མཛོད༔ ཚེ་དང་ཐར་པའི་ལམ་ལ་བར་གཅོད་པའི༔ བདུད་དང་གཤིན་རྗེའི་འཇིགས་པ་བཟློག་ཏུ་གསོལ༔ ལས་དང་ཉོན་མོངས་བཅས་པའི་སྡིག་པ་དང་༔ བདག་ཅག་འཁོར་བའི་སྡུག་བསྔལ་སྦྱང་དུ་གསོལ༔ མཁའ་འགྲོ་ཆེན་མོ་མི་གཡོ་བློ་བཟང་མ༔ ཚོགས་བདག་སེར་པོ་ཚོགས་བདག་སྤྲེལ་ཐོད་དང་༔ ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་སྩོལ༔ ཡིད་ལ་འདོད་དགུ་དར་ཞིང་རྒྱས་པར་མཛོད༔ མཁའ་འགྲོ་ཆེན་མོ་ཅོད་པན་མགྲིན་བཟང་མ༔ ཚོགས་བདག་དམར་པོ་རིགས་གསུམ་དང་བཅས་པ༔ ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ༔ འགྲོ་བ་ཀུན་གྱི་དཔལ་དང་འབྱོར་པ་ལ་འཇིག་རྟེན་ཁམས་ཀྱི་འདོད་ཡོན་མ་ལུས་པ༔ ཁུག་ཅིག་སྡུས་ཤིག་རྣལ་འབྱོར་བདག་ཅག་གི༔ ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ༔ མཁའ་འགྲོ་ཆེན་མོ་གཏད་དཀར་འགྲོ་
བཟང་མ༔ དྲག་པོའི་ལས་མཛད་ཚོགས་བདག་ནག་པོར་བཅས༔ ཁྱེད་རྣམས་དེ་རིང་མཐུ་དང་དཔུང་བསྐྱེད་ལ༔ བླ་མའི་སྐུ་དགྲ་བསྟན་པ་བཤིག་པ་དང་༔ སེམས་ཅན་འཚེ་དང་རྣལ་འབྱོར་བདག་ཅག་གི༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཀྱི་ཚོགས༔ སོད་ཅིག་སྐྱོད་ཅིག་རྨུགས་ཤིང་རེང་བར་མཛོད༔ ཟུངས་ཤིག་གཏུབ་ཅིག་མྱོས་དང་རྨོངས་བར་མཛོད༔ ཤིག་ཅིག་ཆོམ་ཞིག་རྡུལ་ཙམ་མེད་པར་མཛོད༔ ཟོ་ཞིག་འཐུང་ཞིག་ཤ་ཁྲག་ཚོགས་ལ་རོལ༔ དམ་ཉམས་དགྲ་བོ་ཕ་རོལ་གནས་སུ་སྒྲོལ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུའི་འགྲོ་དོན་འཕེལ་བ་དང་༔ རྒྱལ་ཁམས་བདེ་ཞིང་བཀྲ་ཤིས་ཆོས་འཕེལ་དང་༔ རྣལ་འབྱོར་བྱང་ཆུང་བསྒྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་གྷ་ན་པ་ཏི་བུདྡྷ་ཌཱཀི་ནཱི་ཙཀྲ་བཱ་ཧྲཱི༔ བཛྲ་ཌཱཀི་ནཱི༔ རཏྣ་ཊཱཀི་ནི༔ པདྨ་ཊཱཀི་ནཱི༔ ཀརྨ་ཊཱཀི་ནཱི༔ ཙཀྲ་ཁཱ་ཧྲཱི༔ ཞེས་བརྗོད་ལ་ཕྱོགས་གཙང་སའམ་དམིགས་པའི་ཕྱོགས་སུ་ཕུལ་ལོ༔ དེ་ནས་སྒྲུབ་པ་ཚར་པའི་དུས་སམ་ཆོ་ག་ཚར་རྗེས༔ རྗེས་ཆོག་ནི༔ ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་བཞེས༔ རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས༔ འཇིག་རྟེན་
འཇིག་རྟེན་འདས་པའི་དགེ་ལེགས་ཚོགས༔ གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ནས་སྐུ་དང་རྟེན་རྫས་རྣམས་རྒྱུན་དུ་འཆང་༔ མཆོད་གཏོར་རྣམས་ཕྱི་མི་ལ་མི་སྦྱིན༔ དངོས་གྲུབ་ཏུ་རོལ༔ འདི་ཡི་ཕན་ཡོན་དགོས་ཆེད་ནི༔ ཚོགས་བདག་དངོས་གྲུབ་འབྱུང་བའི་རྒྱུད༔ ཧེ་རམ་པ་ཡི་རྟོགས་པ་ལས༔ ཤིན་ཏུ་བསྐྱེད་པ་བདག་ཉིད་ལས༔ དཔལ་ལྡན་ཚོགས་བདག་ཐུགས་རྗེ་ཆེ༔ ཐུགས་རྗེ་ཆེན་པོས་དབུལ་བ་སྐྱོབ༔ ནོར་ལྷ་ཆེན་པོ་བདག་ཉིད་ཀྱི༔ དངོས་གྲུབ་འབྱུང་བའི་དབང་ཕྱུག་ཅན༔ གདུལ་བྱའི་དབང་གིས་སྐུ་སྤྲུལ་པ༔ ལྷ་ཆེན་ཚོགས་བདག་ཆེན་པོ་ཡི༔ དངོས་གྲུབ་དམ་པ་མཆོག་བསྒྲུབས་ན༔ མཐུ་སྟོབས་དམ་པ་མཆོག་ལྡན་ཞིང་༔ ལོངས་སྤྱོད་ཡིད་བཞིན་འཕེལ་བར་བྱེད༔ འཇིག་རྟེན་ཕན་བྱེད་ལྷ་ཡི་ལྷ༔ གང་ཡིན་མཆོད་ན་དངོས་གྲུབ་ལགས༔ ལྷ་ཡི་འཁོར་ལོས་སྒྱུར་བ་དང་༔ ཚེ་འདི་ཉིད་ལ་སྐལ་པ་མཉམ༔ བསོད་ནམས་ཆེན་པོ་ཐོབ་པར་འགྱུར༔ ལོངས་སྤྱོད་ལྷ་དང་མཉམ་པ་དང་༔ ཚེ་ཡང་རིང་པོ་མཆོག་ཏུ་འགྱུར༔ མི་ལ་སོགས་པ་དབང་དུ་འགྱུར༔ ཞེས་ཟླ་བ་བཅུ་དྲུག་མཆོད་གཏོར་མ་ཆག་པའི་ཕན་དང་༔ ཉེ་སྙིང་བྷ་ར་ཧ་ཏ་དང་ཉིན་རེ་དུས་དྲུག་ཏུ་བརྒྱ་རྩ་རེ་བཟླས༔ སྤྱན་འདྲེན་མཆོད་བསྟོད་རེ་བྱས་ན༔ ཡིད་ལ་རེ་བ་ཐམས་ཅད་རྫོགས་ཤིང་བསམ་པ་ཐམས་ཅད་འགྲུབ་པར་གསུངས༔ སྐུའི་མདུན་དུ་ཚོགས་བདག་ཚར་གཅིག་བཏང་༔ སྤོས་དང་མར་མེ་ཕུལ་ན༔ དེང་ཕྱིན་ཆད་བགེགས་ཀྱི་
གནོད་པ་བྱེད་པར་མི་ནུས་གསུངས་པས་རིམ་གྲོའི་མཆོག་ཡིན༔ སྔགས་གྲངས་ནི་རྒྱུད་ལས༔ འདི་ཡི་ནང་ནས་བསོད་ནམས་ཆུང་བ་ཡིན་ན་ཡང་བཟླས་བརྗོད་འབུམ་བྱ༔ ལ་ཕུད་ལ་སྔགས་ཀྱིས་བཏབ་སྟེ་ཚོགས་ཀྱི་བདག་པོ་མཆོད་ན་ཚེ་འདི་ལ་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་དང་བསོད་ནམས་མཉམ་པར་འགྱུར་རོ༔ མེ་ཏོག་དཀར་པོའི་མཆོད་ན་རྒྱལ་པོ་ལ་སོགས་པས་ཕམ་པར་མི་འགྱུར་རོ༔ རྒྱལ་པོ་ལ་སོགས་པར་འགྲུབ་པར་འགྱུར་རོ༔ རྒྱལ་པོ་དང་བློན་པོ་དང་བཅས་པ་བདག་གིས་དབང་དུ་འདུས་པར་འགྱུར་རོ༔ ཞེས་གསུངས་པའི་ཕྱིར་ནོར་སྒྲུབ་དང་དབང་སྡུད་ཀྱི་མཆོག་ཡིན་ལ་ཚེ་རིང་མཆེད་ལྔས་དངོས་གྲུབ་འབྱུང་ཚུལ་གཞུང་དུ་གསལ་ལྟར་ཀུན་གྱིས་ཤེས༔ ཚོགས་བདག་ཚེ་རིང་མ་ཞལ་སྦྱོར་བའི་སྒྲུབ་ཐབས༔ སྔར་ནས་གྲགས་ཆེ་ཞིང་མགོན་མང་ནང་དུ་ཡང་ཡོད༔ དེ་ཟབ་པའི་གནད་སྲིད་པ་གཏེར་ཁྱིམ་ནས་ཉང་གི་གཏེར་མ་ལས༔ ཕོ་དང་མ་སྦྲེལ་མོ་སྒྲུབ་ན༔ ནང་འཛིན་བྱེད་པའི་ཁྱི་མོ་འདྲ༔ འཁོར་ལ་འཆའ་ཞིང་གནོད་མི་ཚུགས༔ མོ་དང་མ་སྦྲེལ་ཕོ་སྒྲུབ་ན༔ སྐྱེས་པ་བུད་མེད་མེད་པ་འདྲ༔ དབང་དུ་མི་འདུས་ལས་མི་བྱེད༔ ཕོ་ནི་ཐབ་ཀྱི་རང་བཞིན་ཡིན༔ མོ་ནི་ཤེས་རབ་རང་བཞིན་ཡིན༔ ཐབས་དང་ཤེས་རབ་གཉིས་མེད་ཡིན༔ གང་ལ་བསམ་པ་འགྲུབ་པ་ཡིན༔ ཕོ་ཞེ་སྡང་ཆེ་བས་དགྲ་ལ་མྱུར༔ མོ་འདོད་ཆགས་ཆེ་བས་ལས་ཚན་ཆེ༔ མོ་ཡི་སྔགས་ཤམ་ཕོ་ལ་བཏགས་ན་ལས་ལ་མྱུར༔ ཏིལ་མར་རལ་གྲི་ངར་བཏབ་འདྲ༔ གང་ལ་བཏབ་ཀྱང་ཐོགས་པ་མེད༔ ཕོ་ཤམ་མོ་ལ་
བཏགས་ན་ལས་ཀྱིམཐུ་བཙན་ཆེ༔ ཅིས་ཀྱང་མི་བཟློག་ཐོག་དང་འདྲ༔ ཕོ་མོ་སྦྲེལ་མར་བསྒྲུབ་པ་འདི༔ རྣོ་ལ་ངར་གྱིས་བཏབ་པ་ཡིན༔ གདུག་པ་དབར་དང་བཅས་པ་ཡིན༔ གང་ལ་བཏབ་ཀྱང་ཐོག་པ་མེད༔ ཅེས་གསུངས་སོ༔ ཚོགས་བདག་ལས་བྱང་སྒྲུབ་ཐབས་ཆ་ཚང་འདི༔ ཚོགས་ཀྱི་བདག་པོའི་ལྷ་བདག་བཀའ་བབས་ཅན༔ སྤྲུལ་པའི་ཆོས་རྒྱལ་རཏྣའི་མཚན་ཅན་གྱི༔ གསུང་གིས་བསྐུལ་ནས་ཕན་ཐོག་ཆེ་སྙམ་ཡང་༔ ཆོས་བདག་ཊཱཀྐིའི་བཀའ་རྒྱ་ཆེ་རྟགས་མཐོང་༔ གསར་རྙིང་གཏེར་ཁ་ཀུན་ནས་བསྡུ་དགོས་ཕྱིར༔ བསྐང་ཐུང་བརྒྱ་རྩ་མཎྜལ་བརྒྱ་རྩ་དང་༔ མཆོད་བསྟོད་ཕུལ་ནས་ཕྱག་འཚལ་གསོལ་བཏབ་ཚེ༔ གནང་བ་ཐོབ་རྟགས་ཉམས་དང་རྨི་ལམ་མཚམས༔ ཕྲིན་ལས་དར་རྒྱས་ཆེ་བའི་ལུང་བསྟན་བྱུང་༔ བཀའ་གཏེར་གཉིས་ཀའི་དབང་རྒྱུན་ཐོབ་པའི་ཕྱིར༔ གསར་རྙིང་ཀུན་གྱི་དོན་བསྡུས་ཟབ་པར་བྱས༔ ཚེ་རིང་མ་ཡི་སྤྱན་འདྲེན་བསྟོད་བསྐུལ་སོགས༔ ར་ཤག་གཏེར་སྟོན་གཏེར་ལས་འབྱུང་བ་ལྟར༔ རྗེ་བཙུན་མི་ལའི་གསུང་རྒྱུན་ལ་བརྟེན་ནས༔ ཞི་བ་འོད་དང་ངན་རྫོང་རས་པས་མཛད༔ ཚིག་ཟུར་ཅུང་ཟད་བསྒྱུར་འོས་མ་གཏོགས་པ༔ གཞུང་ཚིག་རྙིང་པ་ཡིན་པས་བྱིན་རླབས་ཆེ༔ གནམ་ཆོས་གཙོར་བྱས་བསྒྲིགས་ཆོག་གསར་བའི་ཕྱིར༔ གཏེར་གསར་རྣམས་ལ་གཏེར་སྒྲུབ་དགོས་པ་ལྟར༔ ཉེར་གཅིག་འགྲུབ་སྦྱོར་ཉིན་པར་དབུ་བརྩམས་ནས༔ ཞག་དགུའི་བར་དུ་གསོལ་མཆོད་བསྙེན་པ་བྱས༔ དེ་ཚེ་ཉམས་དང་རྨི་ལམ་རྟགས་མཚན་གསལ༔ གནམ་
ཆོས་ཚོགས་བདག་སྒྲུབ་ཐབས་རྒྱས་བསྡུས་གཉིས༔ བདག་གི་ཐུན་མོང་མིན་པའི་ཆོས་སྐལ་ཏེ༔ ཆོས་བདག་རཱ་ག་ཨ་སྱ་ཡིན་གསུངས་ཕྱིར༔ བསྟན་དང་འགྲོ་ལ་ཕན་པའི་བསམས་པས་བྲིས༔ འོན་ཀྱང་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན༔ ཚོགས་བདག་ཡབ་ཡུམ་འཁོར་དང་བཅས་ལ་བཤགས༔ དགེ་བས་འདི་ཡི་ཆོ་ག་སུས་བཏོན་པ༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག༔ ཞལ་དྲོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གནམ་ཆོས་ལས་སྲིན་མགོན་རིགས་ལྔའི་གསོལ་ཁ་སྒྲུབ་ཐབས་ནས་བཀོད་པ།
གནམ་ཆོས་ལས་སྲིན་མགོན་རིགས་ལྔའི་གསོལ་ཁ་སྒྲུབ་ཐབས་ནས་བཀོད་པ་ཡོད། གཏོར་མར་བཀུག་གཞུག་བྱ་བའམ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་ཉིད་པདྨའི་ང་ཀྱི་རྒྱལ་བྱ། སྐད་ཅིག་གིས་སྤྱན་དྲངས་ལ། ཧཱུྃ། རྡོ་རྗེ་སྲིན་མགོན་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་གཅེར་བུ་ལ། མི་ལྤགས་བེར་ནག་སྐུ་ལ་གསོལ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །གཡས་པས་ཐོད་དབྱུག་གཡོན་བྷན། །ཞབས་གཉིས་པད་ཉིར་བགྲད་དེ་བཞུགས། །དེ་ཡི་གཡོན་དུ་ཡུམདམར་མོ། །ཞལ་གཅིག་ཕྱག་གཉིས་གཅེར་བུ་ལ། །མི་ལྤགས་དྲོན་མོ་སྐུ་ལ་གསོལ། །གཡས་པས་རལ་གྲི་ཤང་ལང་སྟེ། །གཡོན་པས་བྷན་དམར་ཞལ་དུ་སྟོབ། །པདྨ་ཉི་མའི་གདན་ལ་ནི། །བཻ་རོའི་སྟེང་དུ་བརྗིད་པར་བཞུགས། །སྲིན་མགོན་ཐོད་ཕྲེང་ཡབ་ཡུམ་ནི། །སྲིན་ཡུལ་ལང་ཀ་པུ་རི་དང་། །འཕྲུལ་སྣང་ར་མོ་ཆེན་པོ་ནས། །འདིར་གཤེགས་དགྲ་བགེགས་གདན་ལ་བཞུགས། །སྲོང་བཙན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་གང་བཅོལ་མྱུར་དུ་སྒྲུབས། །དམ་རྫས་སྨན་གཏོར་རཀྟ་དང། །ཕྱི་ནང་གསང་བའི་མཆོད་པ་བཞེས། །དགྲ་
དང་བགེགས་ཀྱི་བར་ཆད་ཟློག །ལྟས་ངན་ཆོ་འཕྲུལ་དགྲ་ལ་ཐོངས། །ཕ་རོལ་དགྲ་སྡེའི་སྟོབས་དཔུང་ནོན། །མཚོན་ཆའི་ཆར་གྱིས་བསྟན་དགྲ་སྒྲོལ། །དགྲ་བོའི་མི་ནོར་ཚེ་བསོད་ནམས། །སྲིན་པོ་བྱེ་བའི་ཟ་སྐལ་མཛོད། །ཞི་བ་སྲིན་མགོན་སྐུ་མདོག་དཀར། །གཡས་པས་གྲི་ཁུག་གཡོན་ཐོད་ཁྲག །སྐུ་ལ་བེར་དཀར་བརྗིད་པ་གསོལ། །ཆིབས་སུ་གླང་པོ་དཀར་པོ་བཅིབས། །ཡུམ་མཆོག་དམར་མོ་འཁྱུད་པ་ཡང་། །གཡས་པས་རལ་གྲི་ཤང་ལང་སྟེ། །གཡོན་པས་ཙིཏྟ་འཛིན་པའོ། །གཅེར་བུ་ཞལ་གདངས་མཆེ་བ་གཙིགས། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས། །གྲིབ་དང་མི་གཙང་བྱིང་འཐིབ་སོལ། །རིམས་ནད་ཡམས་ནད་ཐུབ་པར་སྲུངས། །རྟ་ལུག་ཕྱུགས་ཀྱི་ནད་ཀུན་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྒྱས་པའི་སྲིན་མགོན་སྐུ་མདོག་སེར། །གཡས་པས་ཐོད་དབྱུག་གཡོན་བྷནྡྷ། །སྐུ་ལ་བེར་ནག་བརྗིད་པ་གསོལ། །ཞབས་གཉིས་ཉི་མ་ཟླ་བའི་གདན། །དེ་ཡི་གཡོན་དུ་ཡུམ་མཆོག་ནི། །སེར་མོ་གཡས་པས་རལ་གྲི་འཛིན། །ཤང་ལང་ཕྱར་ཞིང་གཡོན་པ་
ན། །བྷན་དྷ་ཞབས་གཉིས་ཉི་སྟེང་བཞུགས། །ཁྲོ་མོའི་ཆས་ནི་ཡོངས་སུ་རྫོགས། །དམ་རྫས་བདུད་རྩི་འདི་གསོལ་བས། །ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ལོ་དགྲ་འབུ་སྲིན་ཞི་བར་མཛོད། །རིགས་རྒྱུད་འཕེལ་ཞིང་ལེགས་པ་སོགས། །བདེ་ལེགས་ཐམས་ཅད་རྒྱས་པར་མཛོད། །དབང་གི་སྲིན་མགོན་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །རལ་གྲི་གཡོན་པས་ཙིཏྟ་འཛིན། །སྐུ་ལ་བེར་དམར་བརྗིད་པ་གསོལ། །པད་ཉིའི་སྟེང་དུ་ཞབས་བགྲད་བཞུགས། །དེ་ལ་འཁྱུད་པའི་ཡུམ་མཆོག་ནི། །དམར་སྐྱ་གཡས་པས་སྤུ་གྲི་སྟེ། །གཡོན་པས་ཙིཏྟ་མི་ལྤགས་གསོལ། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །བཙན་གྱི་གནོད་པ་ཞི་བ་དང་། །སྣང་སེམས་དབང་དུ་འདུས་པར་མཛོད། །དྲག་པོའི་སྲིན་མགོན་སྐུ་མདོག་ལྗང་། །གཡས་པས་རུ་མཚོན་གཡོན་སྙིང་ཞགས། །སྐུ་ལ་བེར་ནག་བརྗིད་པ་གསོལ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །པད་ཉིའི་སྟེང་དུ་ཞབས་བགྲད་བཞུགས། །དེ་ཡི་གཡོན་ན་ཡུམ་མཆོག་ནི། །དམར་མོ་གཡས་པས་རལ་གྲི་ལ། །གཡོན་པས་ཕྱག་
ན་བྷན་དྷ་འཛིན། །ཁྲོ་མོའི་ཆས་རྫོགས་འདོར་ཐབས་བཞུགས། །དགྲ་བགེགས་ཤ་ཁྲག་མཆོད་པར་བཞེས། །མེ་ཆུ་དགྲ་ཡི་གནོད་པ་ཟློག །ཡིད་ལ་འདོད་པའི་དོན་རྣམས་ཀུན། །ཐམས་ཅད་ཁྱོད་ཀྱིས་འགྲུབ་པར་མཛོད། །བྷ་ག་ཝ་ཏི་ཏིཥྛ་རཀྟ་རག་མོ་ས་མ་ཡ་ཧཱུྃ་ཛཿཛཿ ཨི་དཾ་བྷ་ལིང་ཏ་ཁཱ་ཧི། ཨོ་རཀྟ་ན་ཐ་ཧཱུྃ་ཛཿཛཿ པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཨོཾ་བྷ་ག་ཝ་ཏི་རཀྵ་ཀ་ལ་ས་མ་ཡ་ཛཿཛཿ སརྦ་པཱུ་ཛ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་རཀྵ་ན་ཐ་རཀྵ་ཧཱུྃ་ཛཿཛཿ མ་ཧཱ་རཀྟ་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀ་ལ་རཀྵ་རཀྵ་ཛཿཛཿ དགྲ་བགེགས་ཀྱི་མཾ་ས་ཙིཏྟ་ཁཱ་ཧི། ཞེས་པའང་སྒྲུབ་གཞུང་ནས་འདོན་ཆ་རཱ་ག་ཨ་སྱས་བཀོལ་པ་ལ་འགལ་བར་གྱུར་ན་ཡབ་ཡུམ་གཉིས་ལ་བཤགས། དགེ་བས་བསྟན་པ་རིན་པོ་ཆེ་འཕེལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གནམ་ཆོས་སྲིན་མགོན་ཐོད་ཕྲེང་པའི་གསོལ་ཁ།
གནམ་ཆོས་སྲིན་མགོན་ཐོད་ཕྲེང་པའི་གསོལ་ཁ། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་འབྲུ་གསུམ་གྱིས་བྱིན་རླབས་ཏེ། ཨོཾ་ཨཱཿཧཱུྃ། ཧཱུྃ། རྡོ་རྗེ་སྲིན་མགོན་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་གཅེར་བུ་ལ། །མི་ལྤགས་བེར་ནག་སྐུ་ལ་གསོལ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །གཡས་པས་ཐོད་དབྱུག་གཡོན་བྷནྡྷ། །ཞབས་གཉིས་པད་ཉིར་བསྒྲད་དེ་བཞུགས། །དེ་ཡི་གཡོན་དུ་ཡུམ་དམར་མོ། །ཞལ་གཅིག་ཕྱག་གཉིས་གཅེར་བུ་ལ། །མི་ལྤགས་དྲོན་མོ་སྐུ་ལ་གསོལ། །གཡས་པས་རལ་གྲི་ཤང་ལང་སྟེ། །།གཡོན་པས་བྷན་དམར་ཞལ་དུ་བསྟབ། །པདྨ་ཉི་མའི་གདན་ལ་ནི། །བཻ་རོའི་སྟེང་དུ་དགྱེས་པར་བཞུགས། །སྲིན་མགོན་ཐོད་ཕྲེང་ཡབ་ཡུམ་ནི། །སྲིན་ཡུལ་ལང་ཀ་སྤུ་རི་དང་། །འཕྲུལ་སྣང་ར་མོ་ཆེ་སོགས་ནས། །འདིར་གཤེགས་དགྲ་བགེགས་གདན་ལ་བཞུགས། །སྲོང་བཙན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་གང་བཅོལ་མྱུར་དུ་སྒྲུབས། །དམ་རྫས་སྨན་གཏོར་རཀྟ་དང་། །ཕྱི་ནང་གསང་བའི་མཆོད་པ་བཞེས། །དགྲ་དང་བགེགས་ཀྱི་བར་ཆད་ཟློག །ལྟས་ངན་ཆོ་འཕྲུལ་དགྲ་ལ་ཐོངས། །ཕ་རོལ་
དགྲ་སྡེའི་སྟོབས་དཔུང་ནོན། །མཚོན་ཆའི་ཆར་གྱིས་བསྟན་དགྲ་སྒྲོལ། །དགྲ་བོའི་མི་ནོར་ཚེ་བསོད་ནམས། །སྲིན་པོ་བྱེ་བའི་ཟ་སྐལ་མཛོད། །བྷ་ག་ཝ་ཏེ་ཏིཥཱ་རཀྟ་རཀ་མོ་ས་མ་ཡ་ཧཱུྃ་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁཱ་ཧྲཱི༔ ཞེས་པ་སྒྲུབ་གཞུང་ནས་བཏོན་རཱ་ག་ཨ་སྱས་བཀོད་པ་ལ་འགལ་བར་གྱུར་ན་ཡབ་ཡུམ་གཉིས་ལ་བཤགས། དགེ་བས་བསྟན་པ་རིན་པོ་ཆེ་འཕེལ་བའི་རྒྱུར་གྱུར་ཅིག། །།
ནོར་ལྷ་སྤྱི་གཏོར་དགོས་འདོད་ཆར་འབེབས།
ནོར་ལྷ་སྤྱི་གཏོར་དགོས་འདོད་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །འདི་ཡོངས་རྫོགས་འདོན་པ་རྒྱས་པའོ། །བསྟོད་པ་བསྡུས་པ་ཡན་འདོན་པ་འབྲིང་པོའོ། །དེ་ལས་མངོན་རྟོགས་སྒྱུར་ན་བསྡུས་པའོ།།
ན་མོ་ཨཱརྱ་ཛཾ་བྷ་ལ་ཡེ། ནོར་ལྷ་སྤྱི་གཏོར་ནི། གཏོར་མ་རིན་པོ་ཆེའི་དབྱིབས་ཅན་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས། མ་འཛོམས་ན་རྣམ་སྲས་སེར་ཆེན་གྱི་གཏོར་མ་ལ་བསྔོ་རུང་ངོ་། །ཨོཾ་སྭ་བྷ་ཝ་སོགས། རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་པའི་དབུས་སུ་ནི། །ཛཾ་ལྷ་སྐུ་མདོག་དཀར་པོ་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། །གྲུ་མོར་ཁ་ཊཾ་ག་ལྡན་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས། །སྤྱན་གསུམ་ཞལ་གདངས་རིན་ཆེན་གྱི། །རྒྱན་ལྡན་འབྲུག་ལ་ཆིབས་པའོ། །ཤར་དུ་རྡོ་རྗེ་ཊཱཀི་མ། །མཐིང་ནག་
གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་ཌཱ་ཀི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན་པས་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པདྨ་ཊཱ་ཀི་མ། །དམར་མོ་གཡས་ན་པདྨ་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་ཊཱ་ཀི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་གཡས། །གཡོན་པས་ནེའུ་ལེ་རྐྱལ་པ་འཛིན། །ཀུན་ཀྱང་རིན་ཆེན་རྒྱུན་ལྡན་ཞིང་། །ཕྱེད་བསྐུམ་ཚུལ་གྱིས་བཞུགས་པར་གྱུར། །ཕོ་བྲང་དེ་ཡི་ཕྱི་ཁྱམས་སུ། །ཕྱོགས་མཚམས་པདྨའི་གདན་བརྒྱད་ལ། །ལྟེ་བའི་འདབ་
མར་ཟླ་གདན་རེ། །ཤར་དབུས་ཛཾ་ལས་ཛཾ་དམར་ནི། །དམར་དཀར་སྔོ་བའི་ཞལ་གསུམ་པ། །ཕྱག་དྲུག་དང་པོས་རིན་ཆེན་ཐོད། །བར་པས་ལྕགས་ཀྱུ་ཞགས་པ་སྟེ། །ཐ་གཉིས་ནེའུ་ལེ་རིན་ཆེན་འབེབས། །ཞབས་བཞིས་ནོར་བདག་ཕོ་མོ་མནན། །དེ་ཡི་ཕྱོགས་མཚམས་འདབ་མ་ལ། །དཀར་སེར་དམར་ལྗང་སྔོ་དང་ནག །ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྟེ། །བྱང་ཤར་འདབ་མར་ཇི་ལྷ་དགུ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །རེ་རེའང་འཁོར་ནི་བརྒྱད་རེས་བསྐོར། །ལྷོ་དབུས་ཧཱུྃ་ལས་ཛཾ་ནག་ནི། །རབ་ཁྲོས་ཐོད་ཁྲག་ནེའུ་ལེ་འཛིན། །ཕྱོགས་མཚམས་སྡེ་བརྒྱད་ཛ་ནག་བརྒྱད། །རྒྱན་ལྡན་རིན་ཆེན་ནེའུ་ལེའོ། །ནུབ་དབུས་ཇི་ལས་ཛཾ་ལྷ་དང་། །ཀུ་བེ་ར་སོགས་གནོད་སྦྱིན་བརྒྱད། །སེར་པོ་བི་ཛ་ནེའུ་ལེ་འཛིན། །དེའི་གཡོན་དབུས་དང་ཕྱོགས་མཚམས་སུ། །ནོར་རྒྱུན་མ་སོགས་ལྷ་མོ་བརྒྱད། །མཆོག་སྦྱིན་འབྲས་ཀྱི་སྙེ་མ་འཛིན། །བྱང་དབུས་ཛོ་ལས་ཛཾ་ལྷ་སེར། །ཞལ་གསུམ་ཕྱག་དྲུག་སྐྱིལ་ཀྲུང་བཞུགས། །གཡས་གསུམ་ཤིང་ཐོག་ལྕགས་ཀྱུ་མདའ། །གཡོན་གསུམ་ཞགས་པ་ནེའུ་ལེ་གཞུ། །རང་འདྲའི་ཡུམ་གྱིས་
གཡོན་ནས་འཁྱུད། །དེ་ཡི་འདབ་བརྒྱད་ཕྱི་ནང་ལ། །འཕགས་པ་ངལ་གསོས་རིགས་བཅུ་བཞི། །འབྲོག་གནས་མཆེད་ལྔའི་འཁོར་གྱིས་བསྐོར། །ཤར་ལྷོར་ཨ་པར་ཛི་ཏ་དཀར། །འཇིགས་གཟུགས་ནོར་བུ་ནེའུ་ལེ་བསྣམས། །ཕག་གདོང་སེར་མོ་གྲི་ཐོད་འཛིན། །མཆེད་ལྔ་གར་སྟབས་མུ་ཏིག་བརྒྱན། །ལྷོ་ནུབ་ནོར་བདག་ཡེ་ཤེས་གྲགས། །དམར་མཛེས་རིན་ཆེན་ནེའུ་ལེ་འཛིན། །ཀུན་འཁྱིལ་མཆེད་གསུམ་མཐིང་ལྗང་དམར། །བཞེངས་ཐབས་བུམ་པ་ནོར་བུ་འཛིན། །ནུབ་བྱང་གང་པོ་མཛེས་མ་གཉིས། །སེར་མཛེས་ཤིང་ཐོག་བུམ་པ་འབུལ། །བྱང་ཤར་བཿལས་ལྷ་མོ་དཔལ། །ལྗང་མཛེས་རིན་ཆེན་པདྨ་དང་། །སྐྱབས་སྦྱིན་མཛད་ཅིང་བུམ་སྟེང་བཞུགས། །གསེར་མདོག་བུ་མོ་ལྔ་བརྒྱས་བསྐོར། །ཕྱི་རོལ་འཁོར་ཡུག་ཆེན་པོ་ལ། གནོད་སྦྱིན་སྡེ་དཔོན་བཅུ་གཉིས་སོགས། །བྱེ་བ་དྲུག་ཅུ་དྲུག་ཅུར་བཅས། །ལྕང་ལོ་ཅན་ནས་སྤྱན་དྲངས་གྱུར། ༈ ཧཱུྃ། བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས། །ནོར་གྱི་དབང་ཕྱུག་ཛཾ་བྷ་ལ། །ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །ཛཾ་ལྷའི་རིགས་དང་རྣམ་
སྲས་རིགས། །ནོར་ལྷ་ཕོ་དགུ་མོ་དགུ་དང་། །ཨ་པར་ཛི་ཏ་ལྷ་མོ་དཔལ། །གང་མཛེས་ནོར་བདག་ཡེ་ཤེས་གྲགས། །ཕག་གི་གདོང་ཅན་མཆེད་ལྔ་དང་། །ཟས་གོས་ནོར་གྱི་ལྷ་མོ་གསུམ། །འབྲོག་གནས་མཆེད་ལྔ་ལ་སོགས་པ། །གནོད་སྦྱིན་ནོར་ལྷ་ཐམས་ཅད་བྱོན། །ཇི་སྲིད་བར་དུ་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཛཿཛཿ ཏིཥྛ་ལྷན༔ སྟོང་གསུམ་འདིའམ་གཞན་དག་གི །དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ། །ཡིད་སྤྲུལ་རྟགས་བརྒྱད་རིན་ཆེན་བདུན། །དངོས་འབྱོར་མཆོད་གཏོར་འདི་འབུལ་ཟློབཞེས། །ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། །ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་ལཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་་ཨཱཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧཱུྃ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་པུརྞ་བྷ་དྲ་ཡེ་སྭཱ་ཧཱ། ཨི་
དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་དྷ་ན་དཱ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་བེ་རཱ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཀི་ལི་མཱ་ལི་ནོ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཙི་པི་ཀུཎྜ་ལཱི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མུ་ཁེན་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཙ་རནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བ་སུ་དྷ་རི་སྐྱེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཙཎྜ་ཀཚེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་དནྟ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་སུ་དརྟ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱརྱ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷ་སུ་བྷ་བརྡ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བ་སུ་དྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་གུསྟ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་དེ་བྷེ་ཤྲཱི་ཡེསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སྭ་ར་སྭ་ཏེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱི་དེ་ཝི་ཧཱི་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བེ་ཤྭ་མ་ཎ་ཨཱ་ཡུ་ཥེ་ཧཱུྃཨཱཿ ཨི་དཾ་བ་ལཾ་
ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བེ་ཤ་མ་ཎ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་རཱ་ཛཱ་ཡཀྵ་ས་མ་ཡེ་སརྦ་ཙིཏྟ་རཏྣ་ཤྲཱི་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ནཱ་ག་ཎི་བ་སུ་ཏེ་པཱུ་ཏྲ་པདྨ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷེ་ཏྲཀྵ་བྷྱོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བེ་ཤ་མ་ཎ་ཡེ་ན་ད་ཀྲ་ཝེ་ར། མ་ཧཱ་བྷ་ག་བྱཱ་ཀྲི་ཏ་བྷི་ན་བྷ་ན། དྷི་མ་ན་ས་སིདྡྷི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བ་སུ་བྷ་དྲ། པུ་ཎི་བྷ་དྲ། སཾ་བྷུ་ཏ་ཛྷ་བྷ་ན། ཀཎྜ་རིསྦ་ཏ། བྷ་ཝཱ་ཏོ་ནི་ར་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་གུ་ན་ཧྲི་ད་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་དྷེ་ཝ་བྷ་ཏི་ཧཱུྃ། མ་ཧཱ་ཀཱ་ལ་དྷི་དྷ་ཧེ་ལུ་ས་མ་ཡ་ཧཱུྃ་ཧཱུྃ་རཏྣ་སིདྡྷི་ཧོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱ་ཧིཨ་པ་ར་ཛི་ཏ་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་བཛྲ་ཡཀཱ་དྷ་རི་ཎི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་དྷེ་ཝ་ནཱ་ག་ཡཀྵ་ཤུ་ལ་མ་མ་བྷི་སྣ་ཡ་མ་དུ་ཏྲི་ཛཾ་བྷ་ལ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏྲིའུ་ཏྲིའུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨི་ལིང་ཀི། པི་ལིང་ཀི། ཀི་ལིང་ཀི། ཨ་ན་ལེ། ཀུན་དྷ་
ལི། །སིན་དྷ་ལི། པི་ཤ་ཙི་ན་ཡེ། ན་མ་ཤུ་ཏྲེ་མུ་ཏྲི་མ་ཧཱ་པི་ཤ་ཙི་ན་ཡེ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་ཡཀྵ་ཡཀྵ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་བ་སུ་དེ་ཝ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཧཱུྃ་ནས། ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ༈ འཕགས་པ་ཛཾ་བྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔ། ཛཾ་དམར་ནོར་སྐྱུགས་ཕོ་མོ། ཁྲི་ཞང་སྒེག་པའི་ཛཾ་བྷ་ལ། ཛཾ་སེར་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ། ཛཾ་སེར་ནོར་གྱུན་མ་ཡབ་ཡུམ། ཛཾ་བྷ་ལ་རིགས་དགུ་རིགས་ཐམས་ཅད་པ། རྣམ་སྲས་རིགས་དགུ་རིགས་ཐམས་ཅད་པ། ནོར་ལྷ་ཕོ་བརྒྱད་མོ་བརྒྱད། ལྷ་མོ་ཆེན་མོ་དཔལ། གནོད་སྦྱིན་ཨ་པ་ར་ཛི་ཏ། གནོད་སྦྱིན་གང་པོ་དང་མཛེས་མ། ནོར་བདག་ཡེ་ཤེས་གྲགས། གནོད་སྦྱིན་ཕག་གདོང་མ་མཆེད་ལྔ། ཀུན་འཁྱིལ་མ་སྤུན་གསུམ། འབྲོག་གནས་མཆེད་ལྔ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས། སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས། ལྗོངས་ཆེན་གནས་པ་བཅུ་དྲུག །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ། གནོད་སྦྱིན་བུ་མོ་ཡིད་འཕྲོག །ནོར་བུ་མ་ལྔ་བརྒྱ། ཀླུ་མོ་
པདྨའི་གཙུག་ཕུད་མ་ལ་སོགས་འཕགས་པ་གནས་སྲུང་གི་བཙུན་མོ་ལྔ་བརྒྱ། ཀུན་ཏུ་རྒྱལ་བ་ལ་སོགས་སྲས་ལྔ་བརྒྱ། སྲས་མོ་ལྔ་བརྒྱ། འཁོར་གནོད་སྦྱིན་བྱེ་བ་དྲུག་ཅུ་དྲུག་ཅུའི་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །མཉེས་ཤིང་ཚིམས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྟོབས་དང་མངའ་ཐང་། ནོར་དང་ལོངས་སྤྱོད་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པ་དང་། བཀྲེས་སྐོམ་མུ་གེ་ལོ་ཉེས་ཚོང་ཉེས་ཕྱུགས་ནད་གོད་ཁ་སྙིང་སྟོང་ཐམས་ཅད་ཞི་བ་དང་བཟློག་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། བདེ་གཤེགས་སྦྱིན་པའི་ཕ་རོལ་ཕྱིན། །གཟུགས་ཀྱི་སྐུ་སྤྲུལ་ཛཾ་བྷ་ལ། །དྲན་པ་ཙམ་གྱིས་དབུལ་ཕོངས་སེལ། །ཛཾ་ལྷ་འཁོར་བཅས་ཕྱག་འཚལ་བསྟོད། །ཐོག་མེད་སེར་སྣའི་ལས་བསགས་རྣམས། །མཐོལ་བཤགས་བྱང་ཞིང་དག་གྱུར་ཅིག །དབུལ་ཕོངས་ཐམས་ཅད་ཞི་བ་དང་། །དཔལ་འབྱོར་ནོར་དབྱིག་འཕེལ་ཞིང་རྒྱས། །འདོད་དགུའི་སྣང་སྲིད་དབང་དུ་སྡུས། །སྙིགས་དུས་མུ་གེའི་བསྐལ་པ་ཟློག །ཐུགས་དམ་དུས་བབ་ས་མཱ་ཡ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་
མཛོད། །བསྡུ་ན་དེ་ཡན་གྱིས་ཆོག་ལ། རྒྱས་པར་བྱེད་ན་འདི་སྦྱར་རོ།། ཧཱུྃ། མཆོད་ཡོན་བསིལ་ཟེར་ལྡན་པའི་ག་བུར་སྡེ། །ཁྲུས་ཆབ་སྦྲུལ་གྱི་སྙིང་པོའི་ལྡབ་ལྡན་རྫིང་། །མེ་ཏོག་འཇའ་མདངས་སོ་སོར་ཕོན་བྱས་པ། །བདུག་སྤོས་ཡོངས་འདུའི་དྲུང་ནས་འཐུལ་བའི་ངད། །མར་མེ་ཉིན་མོར་བྱེད་པའི་གཟུགས་གསལ་བ། །བྱུག་པ་ཡིད་འོང་ལྷ་ཡི་ཆུ་བོའི་རྒྱུན། །ཞལ་ཟས་བདུད་རྩིའི་རྩེར་ཐོན་རོ་བརྒྱ་པ། །རོལ་མོ་ཡན་ལག་འབུམ་ལྡན་སྙན་པའི་སྒྲ། །རེ་རེའང་མཆོད་པའི་ཡོ་བྱད་མ་ལུས་པ། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཀུན་བཀང་ཞིང་། །ཐམས་ཅད་འཚོགས་པས་དོགས་པ་མ་མཆིས་པའི། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་འབུལ་ལོ། ། ཧཱུྃ། བརྟན་གཡོ་བཀོད་པ་རྒྱ་མཚོའི་དཀྱིལ་ཆེན་པོར། །ཀླུ་དབང་རིན་ཆེན་ཐམས་ཅད་ལེགས་པར་བསྟར། །མཐོ་རིས་འབྱོར་པ་ཀུན་ཏུ་ཆགས་པའི་རྩེར། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་ཟློས་གར་སྦྱར། །གཏེར་བུམ་མ་རྨོས་སྙེ་མ་བརྡལ་བའི་སར། །མཐའ་བཞི་རྣམ་གནོན་རྒྱལ་སྲིད་སྣ་བདུན་བཤམས། །དཔག་བསམ་ནགས་སུ་འདོད་འཇོའི་བ་ཡི་ཁྱུ། །ཕྱོགས་ལས་རྣམ་རྒྱལ་རྒྱལ་
མཚན་བསྒྲེང་བའི་ཕྱིར། །བསམ་འཕེལ་མཐུ་སྟོབས་རྔམས་བརྗིད་འགྱིང་བ་དང་། །གཞན་ཡང་སྲི་ཞིའི་ཚར་དུ་མངར་བ་ཡི། །དབང་ཕྱུག་ཆེན་པོའི་ལོངས་སྤྱོད་མ་ལུས་པ། །མི་ཟད་ནམ་མཁའི་མཛོད་དུ་འབུལ་གྱིས་བཞེས། །ཞེས་མཆོད་པ་རྒྱ་ཆེན་པོ་ཡིད་ཀྱིས་སྤྲུལ་ཏེ་མཆོད་ནས། ཇོ་བོ་རྗེས་ཞལ་གཟིགས་དུས་བསྟོད་པ་རྒྱ་གཞུང་བྱིན་རླབས་ཅན་ནི། ཨེ་མ་ཧོ། འཇིག་རྟེན་དབང་ཕྱུག་ནོར་བདག་སྐུར་སྤྲུལ་འཕགས་པ་ནི། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་གྱེན་བརྫེས་ནོར་བུས་བརྒྱན། །ཤ་རྒྱས་གསུས་འཕྱང་སྣ་ཚོགས་དར་གྱི་ན་བཟས་བཀླུབས། །ཕྱག་གཡས་བེ་ཅོན་འཛིན་པས་འཇིག་རྟེན་དབང་དུ་སྡུས། །གཡོན་པས་ནེའུ་ལེ་འཛིན་པས་ལོངས་སྤྱོད་ཆར་བཞིན་འབེབས། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་འབྲུག་ལ་ཆིབས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས་ལ་ཕྱག་འཚལ་བསྟོད། །གཡོན་གྱི་གྲུ་མོར་རྡོ་རྗེ་ཁ་ཊཾ་བསྣམས་པ་ནི། །ཉིད་ཀྱི་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ་མཆོག་མཚོན། །སྤྱན་གསུམ་ཁྲོ་གཉེར་ཅུང་ཟད་བསྡུས་པ་ཞི་ཁྲོའི་ཚུལ། །ཡིད་ལ་རེ་བའི་འབྲས་བུ་སྦྱིན་ལ་ཕྱག་འཚལ་བསྟོད། །ཤར་
དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། །རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྡོ་རྗེ་གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །བགེགས་རིགས་ཀུན་འཇོམས་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷོ་རུ་སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་ནོར་བུ་གཡོན་པས་རིན་ཆེན་བུམ་པ་འཛིན། །དབྱིག་གི་ཆར་འབེབས་རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ནུབ་ཏུ་འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ། །པདྨ་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་པདྨ་གཡོན་པས་འགུགས་བྱེད་ལྕགས་ཀྱུ་བསྣམས། །འགྲོ་རྣམས་དབང་སྡུད་པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །བྱང་དུ་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ། །ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྒྱ་གྲམ་གཡོན་པས་ནེའུ་ལེའི་རྐྱལ་པ་བསྣམས། །ལས་ཀུན་སྒྲུབ་བྱེད་སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །མགོན་པོ་ནམ་མཁའི་མདོག་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་
དག་ཕྱིར་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་འདྲ་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། ། ༈ བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེའི་ཆགས་པ་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །གཡས་ཞལ་དཀར་བས་ལྷ་རྣམས་དབང་དུ་སྡུད། །གཡོན་ཞལ་སྔོ་བས་ཀླུ་རྣམས་དབང་དུ་སྡུད། །རྩ་ཞལ་དམར་བས་མི་རྣམས་དབང་དུ་སྡུད། །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུགས་མནན། །འགྲོ་ཀུན་རེ་སྐོང་དགོས་འདོད་རིན་ཆེན་དང་། །ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས། །གཡས་གཉིས་དང་པོ་བར་པས་བསྣམས་པར་མཛད། །རིན་ཆེན་ཐོད་པ་ཞགས་པ་གཡོན་གཉིས་ན། །ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས། །རྣམ་མང་རིན་ཆེན་ནོར་གྱིས་ཆར་འབེབས་པ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན། །ཀླུ་ཆེན་བརྒྱད་དང་ལྷ་
ཡི་ན་བཟས་བཀླུབས། །སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད། །མགོན་པོ་ཛཾ་བྷ་ལྷ་ལ་ཕྱག་འཚལ་བསྟོད། །བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ། །ཞེས་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའོ།། ༈ ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛཾ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད། ། ཧཱུྃ། །ངལ་བསོས་དགེ་བ་སྟོབས་ཆེན་ལུས་ངན་པོ། །གཡུ་མདོག་གོ་དང་རྒྱན་ཆ་དར་གྱིས་བཀླུབས། །རྒྱལ་མཚན་ནེའུ་ལེ་འཛིན་ཅིང་སེང་གེའི་ཁར། །ཕྱེད་སྐྱིལ་བརྗིད་འཆང་གནོད་སྦྱིན་མཐུ་བོའི་བྱིན། །བཙུན་མོ་ནང་མི་མངག་གཞུག་སྡེར་བཅས་པ། །མི་འཛད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ཕྱིར། །ཁྱོད་ལ་འདུད་དོ་དཔག་བསམ་ཡོངས་འདུ་བཞིན། །བསམ་པའི་རེ་བ་སྐོང་བའི་མཆོད་སྦྱིན་མཛོད། ༈ །ཁཾ་ལས་གྱུར་པའི་གནོད་སྦྱིན་མོ། །གསེར་གྱི་མདོག་ཅན་གཡས་གྲི་གུག །གཡོན་པས་ཐོད་ཁྲག་རབ་བསྣམས་ཤིང་། །ཁ་ཊཾ་ག་ལ་རབ་ཏུ་འཁྱུད། །ཕག་གི་གདོང་ཅན་མུ་ཏིག་བརྒྱན། །རིན་ཆེན་
སྣ་ཚོགས་རྒྱན་གྱིས་སྤྲས། །རང་འདྲའི་འཁོར་བཞིར་བཅས་ལ་བསྟོད། །མཆོད་པས་མཉེས་ནས་འདོད་པའི་དོན། །ཆར་རྒྱུན་བཞིན་དུ་སྟེར་བར་མཛོད། །འཇའ་ཚོན་པའི་གཏེར་མའོ།། ༈ དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟ་མཁའ་འགྲོ་གསུམ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་སྒྲུབ་པའི་ལྷ། །སྣ་ཚོགས་འཛད་མེད་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་འཛད་གཏེར་གྱི་བུམ་བཟང་མཛོད་འཛིན་མ། །དགོས་འདོད་མཆོད་སྦྱིན་མཛད་ལ་ཕྱག་འཚལ་བསྟོད། །ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱི། །གཏོར་མ་བཞེས་ལ་བདག་གཞན་ཀུན། །བྱང་ཆུབ་བསྒྲུབ་པའི་གྲོགས་བགྱིད་ཕྱིར། །སྦྱིན་དང་བསོད་ནམས་ཚོགས་ཀྱི་རྫས། །འགྲུབ་པའི་མཐུན་རྐྱེན་དངོས་གྲུབ་སྩོལ། །ཀླུ་སྒྲུབ་ཀྱིས་མཛད་སྣ་ཚོགས་རང་གྲོལ་གཏེར་མའོ།། ༈ ཧཱུྃ། གནོད་གནས་དབང་པོའི་ཨཱརྱ་ཛཾ་བྷ་ལ། །དཀར་སེར་དམར་ལྗང་སྔོ་ནག་ཁྲ་བོའི་མདོག །ཞལོ་གསུམ་ཕྱག་དྲུག་ཞལ་གཅིག་ཕྱག་གཉིས་སོགས། །ཆ་ལུགས་སྣ་ཚོགས་ཕྱག་མཚན་སྣ་ཚོགས་ཅན། །ས་བཅུའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་
བསྟོད། །ཛཾ་ལྷའི་ཡབ་གྱུར་སེམས་དཔའ་རིན་ཆེན་མང་། །དཀར་པོ་ལྕགས་ཀྱུ་བུམ་བསྣམས་སེང་གེ་ཆིབས། །སྔོན་པོ་ཞལ་གསུམ་ཕྱག་དྲུག་ཀླུ་མོ་འཁྲིལ། །ནག་པོ་འདོར་སྟབས་མཆོད་རྟེན་བ་དན་ཕྱར། །དམར་ནག་རལ་གྲི་མདའ་དར་རྟ་སྔོན་ཅན། །དམར་པོ་ཟངས་རལ་ཕུབ་བསྣམས་རྟ་སྔོན་ཆིབས། །སྐུ་མདོག་བཞེངས་སྟབས་མདུང་དམར་མཆོད་རྟེན་བསྣམས། །དམར་མཛེས་བཞེངས་སྟབས་ཕྱག་གཉིས་དུང་སྒྲ་སྒྲོག །སྔོ་ལྗང་རལ་གྲི་ནེའུ་ལེ་རྟ་སྔོན་ཆིབས། །རི་རབ་ཕྱོགས་མདོག་བཞེངས་སྟབས་བཞུགས་པ་སོགས། །འདོད་དགུར་བསྒྱུར་བའི་ལུས་ཅན་ཁྱོད་ལ་བསྟོད། །ཛཾ་ལྷའི་མྱེས་པོ་རྒྱལ་པོ་རྣམ་མང་ཐོས། །ཛམ་ལྷའི་ཕྱི་མོ་ལྷ་མོ་དཔལ་ཆེན་མོ། །དཔལ་ལྡན་མ་དང་དཀར་མོ་བཀྲ་ཤིས་མ། །པདྨའི་ཕྲེང་བ་ཅན་དང་པདྨའི་སྤྱན། །ནོར་གྱི་བདག་མོ་གྲགས་པ་ཆེན་མོ་དང་། །རིན་ཆེན་རབ་སྦྱིན་མ་དང་ཟས་སྦྱིན་མ། །བྱེད་པ་མོ་དང་འོད་ཟེར་ཆེན་མོ་སྟེ། །བཅུ་གཉིས་མཚན་ལྡན་མ་ལ་ཕྱག་འཚལ་བསྟོད། །ཛཾ་ལྷའི་ཡུམ་ནི་པདྨའི་གཙུག་བདེ་མ། །དམར་སེར་ནོར་བུ་པད་སྣོད་ཞལ་ཟས་བསྣམས། །
བཙུན་མོ་ལྔ་བརྒྱ་གནོད་སྦྱིན་བུ་མོ་ནི། །ཡིད་འཕྲོག་ལྔ་བརྒྱའི་ཚོགས་དང་བཅས་ལ་བསྟོད། །ཛཾ་ལྷའི་མཆེད་ཀྱི་མཆོག་གྱུར་གར་མཁན་མཆོག །མདོག་སྨུག་གཡུ་འབྲུག་ལ་ཆིབས་བཅོ་བརྒྱད་ཕྱག །ཀུན་ཏུ་རྒྱལ་བ་ལ་སོགས་ལྔ་བརྒྱར་བཅས། །སྨུག་འཛིན་འཆོལ་པ་ལ་སོགས་བསྟོད་པར་བགྱི། །ཛཾ་ལྷའི་བཙུན་མོ་ལྷ་མོ་ནོར་རྒྱུན་མ། །ཟླ་འོད་མ་དང་ཤིན་ཏུ་བཟང་མོ་དང་། །ཆུ་ཤེལ་མ་དང་འཕགས་མ་སྦས་མ་དང་། །སོ་ལེགས་མ་དང་ལྷ་མོ་དབྱངས་ཅན་མ། །ནོར་ལྷ་མོ་དགུ་འཁོར་དང་བཅས་ལ་བསྟོད། །ཛཾ་ལྷའི་བཀའ་བློན་ནོར་སྲུང་ཆེན་པོ་བརྒྱད། །ནོར་བུ་བཟང་པོ་གང་བ་བཟང་པོ་དང་། །ཀུ་བེ་ར་དང་གནོད་སྦྱིན་དམར་པོ་དང་། །ཀི་ལི་མཱ་ལི་ཙ་བི་ཀུཎྜ་ལཱི། །མི་ཁེན་དང་ཙ་རནྡ་ལ་བསྟོད། །ཛཾ་ལྷའི་བཀའ་སྡོད་འཇིག་རྟེན་ལོངས་སྤྱོད་བདག །ལྷ་དང་ཀླུ་དང་གནོད་སྦྱིན་ཛ་བྷ་ལ། །གཤིན་རྗེ་བཙན་དང་མ་མོ་ཛ་བྷ་ལ། །བདུད་དང་དྲང་སྲོང་ཉི་ཟླའི་ཛཾ་བྷ་ལ། །ཕྱུགས་ལྷ་ལྗང་གུར་བཅོས་ལ་མཆོད་ཅིང་བསྟོད། །ནོར་བུ་བཟང་པོ་དུང་མདོག་ལུག་གི་གདོང་། །གང་བ་བཟང་པོ་གསེར་མདོག་རྟ་ཡི་གདོང་། །སྲིད་སྤངས་ཟངས་
མདོག་ར་ཡི་གདོང་པ་ཅན། །རྒྱལ་བ་ཁྱུ་མཆོག་གཡུ་མདོག་གླང་ཆེན་དབུ། །ཡང་དག་ཤེས་ནི་མཐིང་མདོག་ཤ་བའི་གདོང་། །འབྲོག་གནས་མཆེད་ལྔ་འཁོར། བཅས་མཆོད་ཅིང་བསྟོད། །ཨ་པར་ཛི་ཏ་བང་མཛོད་གཉེར་ཁ་བ། །གང་པོ་མཛེས་མ་མངག་གཞུག་ཁོལ་པོ་སྟེ། །མྱུར་མགྱོགས་ཕོ་ཉ་ནོར་བདག་ཡེ་ཤེས་གྲགས། །ཛཾ་ལྷ་འཁོར་གཡོག་བྲན་དང་བཅས་ལ་བསྟོད། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཉི་ཤུ་བརྒྱད། །ལྗོངས་གནས་བཅུ་དྲུག་སྟོབས་ཆེན་སུམ་ཅུ་གཉིས། །ཡུལ་སྐྱོང་ལྔ་བརྒྱ་གནོད་སྦྱིན་འཁོར་གྱི་ཚོགས། །བྱེ་བ་དྲུག་ཅུ་དྲུག་ཅུ་དང་བཅས་པ། །སྡེ་བོ་ཆེ་ལ་དཔུང་ཆེ་དྲག་ཤུལ་ཆེ། །ཁ་དོག་ལྡན་ཞིང་འོད་དང་གཟི་བརྗིད་ཆེ། །གཞན་གྱིས་མི་ཐུབ་ཕ་རོལ་དཔུང་འཇོམས་པ། །འཕགས་པ་གནོད་གནས་དབང་པོ་འཁོར་བཅས་ལ། །མཆོད་དོ་བསྟོད་དོ་མཆོད་བསྟོད་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་བཅས་ལ། །ཕྱུགས་ནད་གོད་ཁ་ཐམས་ཅད་བཟློག་ཏུ་གསོལ། །བསྐལ་ངན་མུ་གེ་ཐམས་ཅད་བཟློག་ཏུ་གསོལ། །ཕྲུ་གཡང་བསོད་ནམས་ཉམས་པ་བཟློག་ཏུ་གསོལ། །དབང་ཐང་
རླུང་རྟ་རྒུད་པ་བཟློག་ཏུ་གསོལ། །གཏོར་བརླག་ཚོང་ཉེས་སྙིང་སྟོང་བཟློག་ཏུ་གསོལ། །བསེ་རག་ལྟོགས་འགོང་དབུལ་སྲི་བཟློག་ཏུ་གསོལ། །རྟ་ནད་རྟེལ་སྲི་ཐམས་ཅད་བཟློག་ཏུ་གསོལ། །ལུག་ནད་གཏལ་འབྲུམ་ཐམས་ཅད་བཟློག་ཏུ་གསོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཇ་དར་ལོངས་སྤྱོད་དངོས་གྲུབ་བསྩལ་དུ་གསོལ། །གསེར་དངུལ་རིན་ཆེན་དངོས་གྲུབ་བསྩལ་དུ་གསོལ། །རྟ་དྲེལ་བཞོན་ཆ་པའི་དངོས་གྲུབ་བསྩལ་དུ་གསོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །རྒྱུད་འཛིན་མི་ཡི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་དང་འབྱོར་པ་རྒྱས་པའི་དངོས་གྲུབ་སྩོལ། །མངའ་རིས་འཁོར་འབངས་རྒྱས་པའི་དངོས་གྲུབ་སྩོལ། །ཁས་དྲག་སྟོབས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མི་འཛད་ནམ་མཁའི་མཛོད་ལ་ལོངས་སྤྱོད་ནས། །འཕགས་པ་མཆོད་ཅིང་དབུལ་ཕོངས་སྐྱོབ་བྱེད་ཅིང་། །སྦྱིན་པའི་ཕར་ཕྱིན་མྱུར་
དུ་རྫོགས་པ་ཡི། །ཕྲིན་ལས་མཛོད་ཅིག་སྔོན་གྱི་ཐུགས་དམ་དགོངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཛཾ་བྷ་ལའི་རྒྱུད་གནོད་གནས་དབང་པོའི་རྟོགས་བརྗོད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་རྩ་བ་མ་བསགས་པའི་རྣ་བའི་ཁུང་བུར་ཐོས་ཤིང་གྲགས་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱིས་ཉན་པ་དང་། འབྲི་བ་དང་། འཛིན་པ་དང་། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །སེམས་ཅན་གང་གིས་སྙིང་པོ་འདི་འཛིན་པ་དང་། ངའི་རྗེས་སུ་གཟུངས་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་ཡིད་མི་བདེ་བ་དང་། ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་རྣམས་འདུས་པས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྟོགས་པར་མི་ནུས་སོ། །ཞེས་དང་། གནོད་གནས་རྒྱས་པར་བརྗོད་པ་ལས། མདོར་ན་འདི་ལས་གཞན་པའི་དེ་བཞིན་གཤེགས་པ་ཐ་དད་པའི་དེ་བཞིན་གཤེགས་པ་གཞན་མེད། འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་
ཡོངས་སུ་འཛིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་སོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །ཛཾ་དཀར་སྒྲུབ་ཐབས་རྗེ་དཀོན་མཆོག་ཡན་ལག་གིས་མཛད་པ་དང་། ཛམ་དམར་གྲྭ་པ་དངོན་ཤེས་ཅན་གྱི་གཏེར་མ་གཉིས་གཙོ་བོར་བྱས། རྡོ་རྗེ་ཕྲེང་བ་སྒྲུབ་ཐབས་བརྒྱ་རྩ་སོགས་བཀའ་གསར་རྙིང་ཐམས་ཅད་ཀྱི་དོན་བསྡུས་ཏེ། ལོ་ཉེས་དང་ཕྱུགས་ནད་ཆེན་པོས་མུ་གེའི་བསྐལ་པ་དར་ལ་ཉེ་བའི་ཚེ། དགེ་སློང་བསོད་སྙོམས་པ། ༧ རཱག་ཨ་སྱས་བྲིས་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་མི་འཛད་ནམ་མཁའི་མཛོད་ལ་སྤྱོད་པར་གྱུར་ཅིག །སརྦ་མངྒ་ཚེལཾ། །ནོར་ལྷའི་གཏོར་མ་ཕྱི་མི་བྱ་ཁྱི་ལ་སྦྱིན་མི་རུང་བ་མན་ངག་ཟབ་མོ་ཡོད།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ནོར་ལྷ་སྤྱི་གཏོར་བཅའ་བའི་ཕྱག་ལེན།
འཕགས་པ་ཛཾ་ལྷའི་ཚོགས་ལ་ཕྱག་འཚལ་ནས། །ནོར་ལྷ་སྤྱི་གཏོར་བཅའ་བའི་ཕྱག་ལེན་བྲི། །ཡེ་ཤེས་པ་ལ་བདུད་རྩི་ཆོས་སྨན་དང་། །གསེར་སྐྱེམས་བསྲེ་བ་མཆོག་ཏུ་ཟབ་པར་གསུངས། །གྲུབ་བཞི་སུམ་བརྩེགས་རི་རབ་གཟུགས་ལ་ནི། །རྒྱས་པར་འདོད་ན་མར་སྐུད་དུང་ཕྲེང་འཐེན། །དེ་སྟེང་ཟླུམ་སྐོར་སྤྲོ་ན་མར་སྐུད་ཀྱིས། །དྲ་བ་རིས་བྱ་དེ་སྟེང་གཏོར་མ་ནི། །ནོར་བུའི་དབྱིབས་ལ་ཟུར་གཉིས་ཟུར་མི་རྣོ། །གཏོར་མདོག་དམར་པོ་བྱ་ཞིང་ཟུར་གཉིས་ནས། །ནང་མར་མར་སྐུད་ཕྱི་མར་མེ་རི་བྱ། །མདུན་རྒྱབ་གཉིས་་ལ་ནོར་བུས་བརྒྱན་བྱ་ཞིང་། །པད་འདབ་བཞི་ལ་མར་གྱི་མེ་ཏོག་ནི། །འདབ་མ་བཞི་རེ་བརྒྱབས་པས་དཀྱིལ་འཁོར་ཚང་། །རྩི་ཤིང་ནོར་བུ་ཉི་ཟླ་མེ་ཏོག་དང་། །ཟུར་ཤིང་རྣམས་ལ་ནོར་བུ་མེ་ཏོག་བརྒྱན། །ཟུར་གཉིས་མར་རྒྱན་མེ་ཏོག་ཕྲེང་བ་དང་། །མར་ཐུད་རིལ་བུ་གྲངས་མེད་བཙུགས་པ་རྣམས། །འབྲུ་དང་ནོར་བུའི་ཆར་པ་འབེབས་པའི་ཚུལ། །ཛཾ་ལྷ་རིགས་དགུ་ནོར་རྒྱུན་མ་ལ་སོགས། །ནོར་ལྷའི་རིགས་སུ་གྱུར་པ་ཐམས་ཅད་དང་། །འཇའ་ཚོན་ལུགས་དང་གནམ་ཆོས་ལུགས་ལ་སོགས། །གཏོར་བསྔོས་གཡང་སྐྱབས་འདི་ལ་
འདོན་པས་ཆོག །རང་ལ་མཁོ་དང་གཞན་ལ་ཕན་པའི་ཕྱིར། །རཱ་གས་མཛད་ལྟར་ཚིག་རྣམས་བསྡེབས་པ་དགེ །སརྦ་མངྒ་ལཾ།།
ནོར་ལྷ་སྤྱི་ཡི་གཏོར་མ།
དེ་ནས་ནོར་ལྷ་སྤྱི་ཡི་གཏོར་མ་ནི། །ཟླུམ་ལེབ་དཀར་པོའི་སྟེང་དུ་ནོར་བུའི་དབྱིབས། །དེ་ཉིད་པད་འདབ་ཀྱིས་ནི་བསྐོར་བར་བྱ། །དབང་སྡུད་ཡིན་ཕྱིར་གཏོར་མའི་མདོག་ནི་དམར། །མདུན་དུ་མེ་ཏོག་པད་འདབ་བཅུ་དྲུག་པ། །ནོར་ལྷ་ཕོ་བརྒྱད་མོ་བརྒྱད་དཀྱིལ་འཁོར་ཚང། །ནང་རིམ་མར་སྐུད་ཟུར་གཉིས་མར་གྱིས་ཤན། །སེན་མོས་བཤད་པ་ནོར་བུ་མེ་རི་མཚོན། །ཟུར་གཉིས་མར་རྒྱུན་མང་དུ་བཙུགས་པ་ལ། །མར་ཐུད་རིལ་བུ་མེ་ཏོག་ཕྲེང་བས་བརྒྱན། །རིལ་བུ་རྣམས་ནི་ནོར་བུའི་ཆར་འབེབས་ཚུལ། །མེ་ཏོག །དཔག་བསམ་ཤིང་དང་སྐྱེད་མོས་ཚལ། །འདི་ལ་ཤ་རྒྱན་རུང་དང་མི་རུང་བའི། །ལྷ་གྲངས་མང་ཕྱིར་ཤ་རྒྱན་མི་བྱའོ། །འདི་ནི་སྔོན་གྱི་སྔགས་རྒན་ཐམས་ཅད་ཀྱིས། །གཡང་སྐྱབས་གཏོར་མའི་ཕྱག་ལེན་རྙིང་པ་ཡིན། །འདི་ལ་ཛཾ་ལྷ་རིགས་དགུ་ནོར་རྒྱུན་མ། །དེ་སོགས་ནོར་ལྷའི་རིགས་གྱུར་ཀུན་ལ་བསྔོ། །འཇའ་ཚོན་ལུགས་དང་གནམ་ཆོས་ལུགས་ལ་སོགས། །འགྲུབ་སྦྱོར་ཡོད་དུས་གཡང་སྐྱབས་འདོན་པ་ན། །འདིས་ཆོག་ལོགས་སུ་བཅའ་སོགས་མི་དགོས་སོ། །ད་ནི་བཞི་བཅུ་ཁ་རལ་སུམ་ཅུར་ཉེ། །སུམ་ཅུ་པ་ལ་མུ་གེའི་བསྐལ་པ་འབྱུང་། །
གསུངས་ཕྱིར་འདི་ཉིད་ཤིན་ཏུ་གལ་ཆེན་ཡིན། །ཞེས་པ་རཱ་ག་ཨ་སྱས་མཛད་པའོ།། །།སརྦ་མངྒ་ལཾ།། །།
ནོར་ལྷ་སྤྱིའི་གཏོར་ཆོག
ནོར་ལྷ་སྤྱིའི་གཏོར་ཆོག་བཞུགས་སོ།། ཧཱུྃ། བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས། །ནོར་གྱི་དབང་ཕྱུག་ཛམྦྷ་ལ། །ཛམ་ལྷ་རིགས་དགུ་ནོར་དབང་བཅས། །ནོར་རྒྱུན་མ་དང་ལྷ་མོ་དཔལ། །ཕག་གདོང་མཆེད་ལྔ་གང་མཛེས་གཉིས། །ཀུན་མཁྱིལ་མཆེད་གསུམ་ཡེ་ཤེས་གྲགས། །ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །ཇི་སྲིད་བར་དུ་བརྟན་པར་བཞུགས། །བཛྲ་ས་མ་ཡ་ཛཿཛཿ ཏིཥྛ་ལྷན། སྟོང་གསུམ་འདིའམ་གཞན་དག་གི །དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ། །ཡིད་སྤྲུལ་རྟགས་བརྒྱད་རིན་ཆེན་བདུན། །དངོས་འབྱོར་མཆོད་གཏོར་འདི་འབུལ་བཞེས། །ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛ་པུཾ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཙྪཱཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་བ་སུ་པཱ་ཤཾ་ཧཱུྃ་ཛཿ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བུ་སུ་དྷ་རི་སྐྱེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱི་དེ་ཝི་ཤྲཱི་
ཡཻ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་དྷ་རི་ཎི་ཧཱུྃ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཡཀྵ་དེ་ཝི་བྷ་ཏི་ཧཱུྃ། དྷི་དྷ་ཧེ་ལུ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཚོམ་མེ་ནི་ཨུ་མེ་ནི་དུ་ཁ་ཐན་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏྲིའུ་ཏྲིའུ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨདྷཾ་སོགས་ནས། ཤཔྟ་པྲ། ཏཱིཙྪ་སྭཱ་ཧཱ། ཧཱུྃ། བདེ་གཤེགས་སྦྱིན་པའི་ཕ་རོལ་ཕྱིན། །གཟུགས་ཀྱི་སྐུ་སྤྲུལ་ཛམྦྷ་ལ། །དྲན་པ་ཙམ་གྱིས་དབུལ་ཕོངས་སེལ། །ཛཾ་ལྷ་རིགས་དགུ་ལ་སོགས་པའི། །ནོར་ལྷའི་ཚོགས་ལ་བདག་བསྟོད་དོ། །ཐོག་མེད་སེར་སྣའི་ལས་བསགས་རྣམས། །མཐོལ་བཤགས་བྱང་ཞིང་དག་གྱུར་ཅིག །དབུལ་ཕོངས་ཐམས་ཅད་ཞི་བ་དང་། དཔལ་འབྱོར་ནོར་དབྱིག་འཕེལ་ཞིང་རྒྱས། །འདོད་དགུ་སྣང་སྲིད་དབང་དུ་སྡུས། །སྙིགས་དུས་མུ་གེའི་བསྐལ་པ་ཟློག །ཐུགས་དམ་དུས་བབ་ས་མ་ཡ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གནམ་ཆོས་ཛམ་ལྷ་སྤྱིའི་ལས་བྱང་དུ་ནོར་ལྷ་ཡན་འགར་རྣམས་བཅུག་སྟེ་རང་གི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་འགྲུབ་སྦྱོར་ཉིན་པར་བསྒྲིགས་པའོ། །སརྦ་མངྒ་ལཾ།། །།
རྣམ་སྲས་དམར་པོའི་མངའ་གསོལ།
རྣམ་སྲས་དམར་པོའི་མངའ་གསོལ་བཞུགས། བཻ། རི་རབ་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས། །རིན་ཆེན་སྣ་བདུན་བརྩེགས་པའི་གཞལ་ཡས་ན། །ཆོས་ཀྱི་སྲུང་མ་མགོན་པོ་རྣམ་ཐོས་སྲས། །འཁོར་བཅས་འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫ་ས་རྟགས་བརྒྱད་དང་རིན་ཆེན་བདུན། །མཆོད་པའི་ལྷ་མོ་རིག་མ་བཅུ་དྲུག་དང་། །སྨན་གཏོར་རཀྟའི་མཆོད་པས་མངའ་གསོལ་ལོ། །རྟ་སྔོན་གསེར་གྱི་ཁྲབ་རྨོག་གདུགས་དང་བེར། །སྐུ་གཟུགས་མདའ་དར་གསེར་གཡུ་མན་ཤེལ་དང་། །གྲི་སྙིང་སྲོག་འཁོར་མདུང་དམར་རིན་ཆེན་འབྲུ། །དངོས་འབྱོར་ཡིད་སྤྲུལ་མཆོད་པས་མངའ་གསོལ་ལོ། །དཀར་གསུམ་མངར་གསུམ་ཞུན་མར་ཇ་ཆང་ཕུད། །དར་ཟབ་སྤྱན་གཟིགས་སྣ་ཚོགས་ཟས་ཀྱི་ཕུད། །སྤོས་དཀར་དྲི་བཟང་ཞུན་མར་དུད་སྤྲིན་གྱིས། །རྣམ་སྲས་འཁོར་བཅས་མཆོད་ཅིང་མངའ་གསོལ་ལོ། །འདས་པའི་སངས་རྒྱས་བཅོམ་ལྡན་རིན་ཆེན་མང་། །མ་འོངས་དུས་ན་བདེ་གཤེགས་རིན་ཆེན་གདུགས། །རྣམ་སྣང་ཐུགས་སྤྲུལ་དོན་ལ་སངས་རྒྱས་པ། །བསླུ་མེད་རྟེན་
གྱི་བསྐྱབ་ཏུ་མངའ་གསོལ་ལོ། །ས་བཅུའི་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །འཇིག་རྟེན་སྐྱོང་བའི་ཚུལ་བཟུང་རྣམ་ཐོས་སྲས། །འགྲོ་བའི་མགོན་གྱུར་འགྲོ་ལ་བུ་ལྟར་སྐྱོང་། །རྣལ་འབྱོར་བདག་གི་མགོན་དུ་མངའ་གསོལ་ལོ། །རྡོ་རྗེ་འཆང་དང་ཤཱཀྱའི་རྒྱལ་པོ་ཡིས། །དབང་བསྐུར་དམ་བཞག་བསྟན་པའི་གཉེར་གཏད་པའི། །ཆོས་ཀྱི་སྲུང་མ་མགོན་པོ་རྣམ་ཐོས་སྲས། །རྣལ་འབྱོར་བདག་གི་སྲུང་མར་མངའ་གསོལ་ལོ། །ལྷ་མིའི་རྒུད་པ་སེལ་བར་དམ་བཅས་ཕྱིར། །ཐུབ་བསྟན་གཙུག་ལག་དགེ་འདུན་ཐམས་ཅད་ཀྱི། །སྦྱིན་བདག་དཀོར་གྱི་མཛོད་འཆང་རྣམ་ཐོས་སྲས། །བདག་གི་དཀོར་བདག་མཆོག་ཏུ་མངའ་གསོལ་ལོ། །ཡབ་ནི་ལྷ་ཆེན་ཡུམ་ནི་ལྷ་མོ་དཔལ། །སྲས་མཆོག་ལྔ་བརྒྱ་བཙུན་མོ་ལྔ་བརྒྱ་དང་། །ཛཾ་ལྷ་རིགས་ལྔ་མཆོག་གྱུར་གར་མཁན་མཆོག །ཡབ་ཡུམ་སྲས་དང་བཅས་ལ་མངའ་གསོལ་ལོ། །གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀླུ་ཆེན་བརྒྱུད། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ཉི་ཤུ་བརྒྱད། །རྒྱལ་པོ་དམག་དཔོན་ཆོས་སྤྱན་སོ་གཉིས་སོགས། །བཀའ་ཡི་བློན་པོར་བཅས་ལ་མངའ་གསོལ་ལོ། །ལྗོངས་ཆེན་གནས་པའི་གནོད་
སྦྱིན་བཅུ་དྲུག་དང་། །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ་སྲིན་མོ་བརྒྱད། །འཕྲོག་མ་བུར་བཅས་གནོད་སྦྱིན་བྱེ་བ་འབུམ། །འཁོར་གྱི་ཚོགས་དང་བཅས་ལ་མངའ་གསོལ་ལོ། །རྣལ་འབྱོར་བདག་དང་བརྒྱུད་པར་བཅས་པ་ཡི། །ཚེ་དང་བསོད་ནམས་ལོངས་སྤྱོད་མངའ་ཐང་བཅས། །དར་ཞིང་རྒྱས་པའི་གཉེར་ཁ་ཁྱོད་ལ་གཏད། །མ་གཡེལ་ལས་མཛོད་རྒྱལ་ཆེན་རྣམ་ཐོས་སྲས། །སྔོན་གྱི་ཐུགས་བསྐྱེད་དམ་ཚིག་རྗེས་དགོངས་ལ། །ཚེ་དང་བསོད་ནམས་ལོངས་སྤྱོད་སྙན་དང་གྲགས། །ཡར་ངོའི་ཟླ་བཞིན་འཕེལ་བའི་ཕྲིན་ལས་མཛོད། །མཆོད་པ་འཐོར་ཞིང་། གསོལ་ལོ་མཆོད་དོ་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཡབ་ལྷ་ཆེན་དབང་ཕྱུག་ཆེན་པོ།། ཡུམ་མ་གཅིག་དཔལ་གྱི་ལྷ་མོ། སྲས་མཆོག་ལྔ་བརྒྱ། བཙུན་མོ་ལྔ་བརྒྱ། སྲས་ཛཾ་ལྷ་རིགས་ལྔ། སྲས་མཆོག་གར་མཁན་མཆོག །བློན་པོ་ཆེན་པོ་རྟ་བདག་ཡབ་ཡུམ་བརྒྱད། ཀླུ་ཆེན་པོ་བརྒྱད། སྡེ་དཔོན་ཉི་ཤུ་རྩ་བརྒྱད། དམག་དཔོན་ཆོས་སྤྱན་སོ་གཉིས། ལྗོངས་ཆེན་གནས་པ་བཅུ་དྲུག །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ། སྲིན་མོ་ཆེན་པོ་བརྒྱད། འཕྲོག་མ་
མ་བུ་ལྔ་བརྒྱ། གནོད་སྦྱིན་བྱེ་བ་དྲུག་ཅུ་འཁོར་དང་བཅས་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་དང་བསྲུང་བྱ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །མངའ་ཐང་དང་བསོད་ནམས་སྐྱེད་ཅིག །ཁམས་གསུམ་དབང་དུ་སྡུས་ཤིག །སྲིད་གསུམ་བྲན་དུ་ཁོལ་ཅིག །འདོད་དོན་སྣ་ཚོགས་ཀྱི་ཆར་ཕོབ་ཅིག །ཡིད་ལ་རེ་བ་ཐམས་ཅད་སྐོངས་ཤིག །བང་མཛོད་འབྲུའི་དངོས་གྲུབ་སྩོལ་ཅིག །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཅིག །དར་ཟབ་གོས་ཀྱི་དངོས་གྲུབ་སྩོལ་ཅིག །རིན་ཆེན་གསེར་གཡུའི་དངོས་གྲུབ་སྩོལ་ཅིག །བརྒྱུད་འཛིན་དར་ཞིང་རྒྱས་པའི་དངོས་གྲུབ་སྩོལ་ཅིག །ཡུལ་འཁོར་འབངས་ཀྱི་དངོས་གྲུབ་སྩོལ་ཅིག །གནས་གཞི་དགོན་གནས་ཀྱི་དངོས་གྲུབ་སྩོལ་ཅིག །རྟེན་གསུམ་ལྷ་ཆའི་དངོས་གྲུབ་སྩོལ་ཅིག །ཀྱེ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཅི་རེ་ཁྱོད་ལ་རེའོ། །རྒྱལ་མཚན་དུ་ཁྱོད་ཕྱིར་རོ། །མགོན་དུ་ཁྱོད་བརྟེན་ནོ། །ལྷ་རུ་ཁྱོད་
མཆོད་དོ། །དཔུང་དུ་ཁྱོད་ཁུར་རོ། །ར་མདར་ཁྱོད་སྦྱིན་ནོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མ་གཡེལ་ཅིག །གསུང་མ་གཡེལ་ཅིག །ཐུགས་མ་གཡེལ་ཅིག །ལེ་ལོ་སྙོམས་ལས་མ་མཛད་ཅིག །བཀའ་དང་དམ་ལས་མ་འདའ་བར། ད་ལྟ་ཉིད་དུ་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །ཅེས་ལས་བྱང་ནས་མངའ་གསོལ་གྱི་ཚིག་ཟུར་དུ་ཕྱུང་བ་ལ་བརྟེན་ནས་བཅོ་ལྔའི་རྒྱལ་ཕུར་འཛོམ་དུས་སྔགས་འཆང་ཀརྨ་ཨ་རཱ་གས་ལེགས་པར་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
རྣམ་སྲས་མངའ་གསོལ།
བཻ། འདས་པའི་སངས་རྒྱས་བདེ་གཤེགས་རིན་ཆེན་མང་། །མ་འོངས་སངས་རྒྱས་བཅོམ་ལྡན་རིན་ཆེན་གདུགས། །ད་ལྟ་རྣམ་པར་སྣང་མཛད་ཐུགས་ལས་སྤྲུལ། །བསླུ་མེད་སྐྱབས་ཀྱི་དམ་པའི་ཐུགས་དམ་བསྐང་། །གྲངས་མེད་གོང་ནས་མངོན་པར་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་ས་བརྒྱད་སེམས་དཔའི་ཚུལ། །ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱའི་བསྟན་པ་སྲུང། །མགོན་པོ་ངལ་བསོས་པོ་ཡི་ཐུགས་དམ་བསྐང་། །ལྷ་ཡི་གནས་སྲུང་ལྷ་མིན་གཡུལ་ངོ་ཟློག །གླིང་བཞི་གླིང་ཕྲན་ཀུན་གྱི་བདག་པོ་སྟེ། །གཏེར་ཆེན་བྱེ་བ་བརྒྱ་སྟོང་མངའ་བདག་པོ། །གཏེར་བདག་ལུས་ངན་པོ་ཡི་ཐུགས་དམ་བསྐང་། །རྒྱ་ནག་མ་ཧཱ་རཱ་ཛའི་དཀོར་སྲུང་མཛད། །བོད་དུ་གྲུ་གུའི་རྒྱལ་པོས་ཁྱོད་མཆོད་པས། །བོད་དང་གྲུ་གུའི་མ་དར་ལྷ་རུ་དར། །དཀོར་བདག་གནས་སྲུང་ཆེན་པོའི་ཐུགས་དམ་བསྐང་། །ཡབ་ནི་དབང་ཕྱུག་ཡུམ་ནི་ལྷ་མོ་དཔལ། །གར་མཁན་མཆོག་དང་འཛམ་ལྷ་སེར་ནག་སོགས། །སྲས་དང་སྲས་མོ་ལྔ་བརྒྱ་ལྔ་བརྒྱ་རེ། །ཡབ་ཡུམ་སྲས་དང་བཅས་པའི་ཐུགས་དམ་བསྐང་། །མ་ཏྲག་བཞི་དང་པདྨའི་གཙུག་ཕུད་མ། །གནོད་
སྦྱིན་མོ་བརྒྱད་ལྷ་མོ་ཆེན་མོ་བརྒྱད། །ཟས་གོས་ནོར་གྱི་ལྷ་མོ་མཆེད་གསུམ་སོགས། །གཏེར་བདག་གནོད་སྦྱིན་མ་ཚོགས་ཐུགས་དམ་བསྐང་། །ནོར་ལྷ་མཆེད་བརྒྱད་ཀླུ་བརྒྱད་ཡུམ་དང་བཅས། །སྡེ་དཔོན་ཉེར་བརྒྱད་མཐུ་ཆེན་སུམ་ཅུ་གཉིས། །ལྗོངས་གནས་བཅུ་དྲུག་ཡུལ་སྐྱོང་ལྔ་བརྒྱའི་ཚོགས། །བློན་པོ་ཚོགས་དང་བཅས་པའི་ཐུགས་དམ་བསྐང་། །གནོད་སྦྱིན་འཁོར་ཚོགས་བྱེ་བ་བདུན་འབུམ་དང་། །ལྷ་ཀླུ་ལྷ་མིན་དྲི་ཟ་མིའམ་ཅི། །གཞན་གྱིས་མི་ཐུབ་དྲག་ཤུལ་སྟོབས་ལྡན་པའི། །སྡེ་ཆེན་དཔུང་དང་བཅས་པའི་ཐུགས་དམ་བསྐང་། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་བའི་རྫས། །གླིང་བཞི་རི་རབ་ལྷ་མིའི་ལོངས་སྤྱོད་ཚོགས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །བློ་ཡིས་བླངས་དང་ཡིད་ཀྱིས་སྤྲུལ་ཏེ་འབུལ། །ཕྱི་ནང་གསང་བའི་རྟེན་སྒྲུབ་བསྐང་བའི་རྫས། །དཀར་གསུམ་མངར་གསུམ་འབྲུ་སྣ་རིན་པོ་ཆེ། །དམ་རྫས་དཔལ་གྱི་གཏོར་ཆེན་འབར་བ་སོགས། །མཐུན་པའི་དམ་རྫས་དུ་མས་ཐུགས་དམ་བསྐང་། །འགལ་འཁྲུལ་ཉམས་ཆག་གང་མཆིས་འགྱོད་པས་བཤགས། །ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་
ནས། །བདག་སོགས་འགྲོ་ཀུན་བསོད་ནམས་ཚོགས་རྫོགས་ཏེ། །འཛད་མེད་རིན་ཆེན་གཏེར་ལ་མངའ་བརྙེས་ནས། །འཕགས་པ་མཆོག་དང་འགྲོ་བ་སྐྱོབ་པ་ལ། །བདེ་གཤེགས་རིན་ཆེན་མང་དང་མཉམ་པར་ཤོག །ཅེས་པ་འདི་བླ་མ་རིན་པོ་ཆེ་རི་པ་བག་ཡོད་པས་རྟ་བཟང་པོའི་མགོ་གཏད་འབུལ་བ་མང་པོ་དང་བཅས་རྐང་གཏད་མཇལ་དུ་བྱུང་བས་རྣམ་སྲས་ཀྱི་བསྐང་ཐུང་གཏོར་ཆོག་ལ་སྦྱར་རྒྱུ་གཅིག་མཛོད་ལ་འགྲིམས་སུ་བྱུང་བ་ལ་གལ་ཆེ་ཞེས་ནན་ཏན་མཛད་པ་བཞིན་ཨ་རྭགས་བྲིས་ཏེ་ཕུལ་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
རྟ་གསང་སྲུང་མ་ཤན་པ་དམར་ནག་གི་གསོལ་བསྡུས།
རྟ་གསང་སྲུང་མ་ཤན་པ་དམར་ནག་གི་གསོལ་བསྡུས་ནི། རང་ཉིད་ལྷར་གསལ་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཧེ་ཆེན་དྷ་ན་ལ་སོགས། ཁོ་རང་གང་དུ་ཡོད་པའི་སྙིང་གར་དྲི་ལ་ཕོག །ཁོའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་དམ་ཚིག་པ་དང་རང་རྒྱུད་པ་གཉིས་སུ་མེད་པར་གྱུར། ཨེ་བྱེ་རྨ་རུ་རྩེ་གྷ་ཎ་ཧིཏྲི་ཧཱུྃ་ཛཿ སྔགས་བརྒྱ་རྩ་བཟླའོ།། བྷྱོ༔ བྱང་ཕྱོགས་གནོད་སྦྱིན་གཏེར་གྱི་བདག །འཛད་མེད་ནོར་ལ་མངའ་མཛད་ཚེ། །ཞལ་གཅིག་ཕྱག་གཉིས་མཛེས་པའི་སྐུ། །ཆིབས་སུ་ཟངས་ཀྱི་ཁྱུང་དམར་ཆིབས། །སྐུ་མདོག་དམར་འཚེར་མེ་འོད་འཕྲོ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་གཡས་ལྕགས་ཀྱུས་ཟས་ནོར་འགུགས། །ཕྱག་གཡོན་ནེའུ་ལེས་དགོས་འདོད་སྟེར། །འཁོར་དུ་གནོད་སྦྱིན་སྟོང་གིས་བསྐོར། །སྔོན་གྱི་ཐུགས་དམ་ཆེན་པོ་ནི། །མི་འཛད་ནམ་མཁའི་མཛོད་སྟེར་བ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །མི་ནོར་ཟས་གསུམ་དབང་དུ་སྡུས། །གཏེར་བདག་འཁོར་དང་བཅས་པ་ལ། །མཆོད་ཚོགས་བཱ་ལིང་གཏོར་མ་འབུལ། །ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །འགྲོ་བ་མི་ཡི་རྣམ་ཤེས་བསྒྱུར། །སྦྱིན་བདག་རྣམས་
ཀྱི་ལག་པ་སྒུལ། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །རྡོ་རྗེ་གཏུམ་པོའི་བཀའ་མ་བཅག །རྣལ་འབྱོར་བདག་གི་རེ་བ་སྒྲུབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲི་ཧྲི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་ཕུལ་ནས་ལྷ་ལ་གཏོར་ཆོག་བཏང་ཞིང་བསྐུལ་པ་འདི་རད་གླིང་གཏེར་གཞུང་ནས་རཱ་ག་ཨ་སྱས་བྲིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
རྟ་ཕག་ཡིད་བཞིན་ནོར་བུ་ལས་གནོད་སྦྱིན་ཕག་གདོང་མཆེད་ལྔའི་ལས་བྱང་།
རྟ་ཕག་ཡིད་བཞིན་ནོར་བུ་ལས༔ གནོད་སྦྱིན་ཕག་གདོང་མཆེད་ལྔའི་ལས་བྱང་བཞུགས་སོ༔
ན་མོ་རྒྱ་གྲི་ཝ་ཡེ༔ རྟ་མཆོག་ཡིད་བཞིན་ནོར་བུ་ལ༔ ཕྱག་འཚལ་བཀའ་གནང་བྱིན་གྱིས་རློབས༔ གནོད་སྦྱིན་ཕག་གདོང་སྒྲུབ་པའི་ཐབས༔ དཀྱིལ་འཁོར་རྫས་སོགས་མ་འཛོམས་ན༔ གཏོར་མ་ལ་བརྟེན་སྒྲུབ་པ་ནི༔ ཟངས་སོགས་རིན་ཆེན་སྣོད་ནང་དུ༔ ཟན་རིགས་གྲུ་བཞི་སྒྲོམ་བུའི་དབྱིབས༔ ནང་དུ་འབྲུ་སྣ་ཟས་ཕུད་བླུགས༔ དེ་སྟེང་ཟན་ལེབ་གྲུ་བཞི་དང་༔ ཟླུམ་པོ་ཟླ་གམ་གྲུ་གསུམ་བརྩེགས༔ དེ་ཡི་སྟེང་དུ་ཕྱོགས་བཞི་རུ༔ སྨན་ཏིང་སྟེང་དུ་ནོར་བུ་བཞག༔ ཕྱོགས་བཞི་དབུས་ལྔའི་མར་རྒྱན་ནི༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོའི་གཟུགས་སུ་བྱ༔ གཏོར་མ་དབང་རྫས་འབྲི་མོག་བྱུག༔ ཟུར་བཞིར་ཤ་ཕུད་གཙང་མས་བརྒྱན༔ ཐུད་དང་ཆུར་བ་ཟས་ཕུད་དང་༔
ཀླུམ་མམ་ཡང་ན་ཆང་ཕུད་བྲན༔ སྒྲུབ་རྫས་དཀྱིལ་འཁོར་མཆོད་པ་ཚང་༔ རྒྱུན་ཁྱེར་གཏོར་ཆོག་འདོན་པ་ལ༔ གཏོར་མ་ནོར་བུའི་དབྱིབས་འདྲས་ཆོག༔ བདག་ཉིད་མོས་པའི་ལྷར་གསལ་ཏེ༔ འདི་ལྟར་གྱེར་བསྒོམས་བྱས་པས་འཐུས༔ འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་དག་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང་༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ འགྲོ་བའི་དབུལ་ཕོངས་བསལ་བ་དང་༔ བླ་མེད་བྱང་ཆུབ་ཐོབ་པའི་ཕྱིར༔ བདག་གིས་ལྷ་མོ་བསྒྲུབ་པར་བྱ༔ མདུན་དུ་བྷྱ་སེར་ཡོངས་གྱུར་ལས༔ རིན་ཆེན་ཁང་པ་ཤིན་ཏུ་མཛེས༔ འདོད་པའི་རྒྱལ་པོས་གང་བར་གྱུར༔
དེ་སྟེང་ཨ་ལས་ཟླ་བའོ༔ དེ་ཡི་སྟེང་དུ་ཡི་གེ་བཾ༔ དམར་པོ་གུར་གུམ་ལྟ་བུའོ༔ དེ་ལས་གྱུར་པའི་གནོད་སྦྱིན་མོ༔ གསེར་གྱི་མདོག་འདྲ་གཡས་གྲི་གུག༔ གཡོན་པས་ཐོད་ཁྲག་ལེགས་བསྣམས་ཤིང་༔ ཁ་ཊཾ་ག་ལ་རབ་ཏུ་འཁྱུད༔ ཕག་གི་གདོང་ཅན་མུ་ཏིག་བརྒྱན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ རང་འདྲ་མཆེད་བཞི་དང་བཅས་གསལ༔ ཐུགས་ཀའི་ཛཾ་ཡིག་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ༔ མདུན་གྱི་ལྷ་ལ་ཐིམ་པར་གྱུར༔ ཧཱུྃ༔ བྱང་ཕྱོགས་རིན་ཆེན་བཀོད་པའི་ཞིང་སྟོབས་ཆེན་༧ གྱད་རྣམས་འདུ་བའི་གནས༔ རིན་ཆེན་བཀོད་པ་ཞེས་བྱའི་གླིང་༔ དེར་གནས་རིན་ཆེན་གཏེར་གྱི་བདག༔ གནོད་སྦྱིན་བུ་མོ་ཕག་གདོང་ཅན༔ མཆེད་ལྔ་དད་པས་སྤྱན་འདྲེན་ན༔ ད་ལྟ་ཉིད་དུ་འདིར་བྱོན་ཅིག༔ པཾ་ལས་གྱུར་པའི་སྒྲོམ་བུའི་ནང་༔ རིན་ཆེན་སྣ་ལྔས་ཁེངས་པའི་སྟེང་༔ པདྨ་ཟླ་བའི་གདན་ལ་བཞུགས༔ སྔོན་ཚེ་བཅོམ་ལྡན་ཤཱཀ་ཐུབ་ཀྱིས༔ སེམས་ཅན་དབུལ་དང་ཉོན་མོངས་པ༔ དམ་ཆོས་དྲན་ཀྱང་མཐུན་རྐྱེན་དཀོན༔ དེ་ལ་ལོངས་སྤྱོད་བྱིན་ཅིག་གསུངས༔ དེ་ཚེ་ཁྱེད་ལྔས་ཞལ་བཞེས་པ༔ ཆོས་ཀྱི་
མཐུན་རྐྱེན་དཀོན་རྣམས་ལ་འདོད་པའི་ཡོན་ཏན་སྦྱིན་པར་བྱ༔ བྱམས་དང་སྙིང་རྗེ་ལྡན་པ་ལ༔ གསེར་དང་མུ་ཏིག་སྦྱིན་པར་བྱ༔ དགའ་བ་བཏང་སྙོམས། ལྡན་པ་ལ༔ དངུལ་དང་རིན་ཆེན་སྣ་ཚོགས་སྦྱིན༔ ཐུབ་པའི་རྗེས་སུ་འཇུག་རྣམས་ལ༔ འདོད་ཡོན་ཅི་འདོད་སྦྱིན་པར་བྱ༔ དེ་སྐད་དམ་བཅས་དྲན་མཛོད་ལ༔ བདག་གི་ལོངས་སྤྱོད་ཕུན་ཚོགས་མཛོད༔ ཨོཾ་བཛྲ་ཡཀཾ་དྷ་རི་ནི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ས་མ་ཡ་ཧོ༔ ཧཱུྃ༔ གཏེར་བདག་གནོད་སྦྱིན་ཕག་གདོང་མ༔ འཇིག་རྟེན་སེམས་ཅན་གྲངས་འདས་པར༔ ཚེ་ཐུང་ནད་མང་དབུལ་ཕོངས་དང་༔ དམ་ཆོས་མཐུན་རྐྱེན་དཀོན་པ་རྣམས༔ སྐྱོབ་མཛད་མཆེད་ལྔར་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་རིན་ཆེན་ལྔ༔ གཏེར་སྒྲོམ་གསེར་དངུལ་བུམ་པ་དང་༔ བསེ་ཟངས་ར་ཡི་གའུ་དང་༔ གསེར་དང་ཙན་དན་བྱང་བུ་དང་༔ མཚལ་དཀར་དྲི་བཟང་ཙན་དན་དམར༔ འབྲུ་སྣ་ཟས་ཕུད་མཐུན་རྫས་འབུལ༔ ཧཱུྃ་ལས་རིན་ཆེན་སྣོད་ནང་དུ༔ གཏོར་མ་དཀར་གསུམ་ཤ་དང་
ཆང་༔ ཁཾ་ལས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པས༔ ཤིན་ཏུ་མདངས་ལྡན་ཁ་དོག་གསལ༔ གནོད་སྦྱིན་མོ་ཡིས་གསོལ་བར་གྱུར༔ གཏོར་མས་མཉེས་ནས་འདོད་པའི་དོན༔ ཆར་རྒྱུན་ལྟ་བུར་སྟེར་བར་གྱུར་ཨོ་ཨཱཧཱུྃ༔ བཛྲ་ཡཀཾ་དྷ་རི་ནི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ གསུམ་མམ་བདུན། ཨབྷཾ་སོགས། ཧཱུྃ༔ བྱང་ཆུབ་སེམས་མ་ཕག་གདོང་མ༔ ཡིད་བཞིན་ནོར་བུའི་ཕྲེང་བ་ལ༔ རང་འདྲ་མཆེད་བཞིས་བསྐོར་བ་མ༔ བྱང་གི་ཕྱོགས་ན་གནས་པ་མ༔ རིན་ཆེན་བཀོད་པའི་ཡུལ་བདག་ཟླུམ༔ རིན་ཆེན་གཏེར་ལ་མངའ་མཛད་མ༔ དམ་ཆོས་སྒྲུབ་པའི་སྦྱིན་བདག་མ༔ བྱང་སེམས་ལྡན་ལ་གསེར་སྦྱིན་མ༔ སྙིང་རྗེ་མུ་ཏིག་སྦྱིན་མཛད་མ༔ དགའ་བ་ལྡན་ལ་དངུལ་སྦྱིན་མ༔ བཏང་སྙོམས་རིན་ཆེན་ཀུན་སྦྱིན་མ༔ བཙུན་པར་ཅི་འདོད་ཀུན་སྦྱིན་མ༔ ལོ་ལེགས་འབྲུ་རྣམས་འཕེལ་མཛད་མི་ལུས་གསེར་དུ་བསྒྱུར་མཛད་མ༔ ཆུང་མ་ལྟ་བུར་གྲོགས་བྱེད་མ༔ གླིང་བཞིར་རྒྱལ་སྲིད་སྟེར་བྱེད་མ༔ འགྲོ་བའི་དབུལ་ཕོངས་སེལ་བྱེད་གསེར་མདོག་མུ་ཏིག་རྒྱན་ལྡན་མ༔ རབ་འཇིགས་ཕག་གི་ཞལ་མངའ་
མ༔ རིན་ཆེན་སྣ་ཚོགས་རྒྱན་ལྡན་མ༔ གྲི་གུག་ཐོད་པའི་ཕྱག་མཚན་མ༔ ཁ་ཊཾ་ག་ལ་འཁྱུད་པ་མ༔ ཟླ་བའི་སྟེང་ན་གར་མཛད་མ༔ གཟི་བརྗིད་ཉི་མ་འབུམ་ལྡན་མ༔ མྱུར་མགྱོགས་གློག་དང་མཚུངས་པ་མ༔ དགོས་འདོད་ཆར་ལྟར་འབེབས་མཛད་མ༔ ནོར་བདག་ལྷ་མོ་མཆེད་ལྔ་ལ༔ རབ་ཏུ་གུས་པས་ཕྱག་འཚལ་བསྟོད༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ མི་ནད་ཡམས་ནད་ཞི་བ་དང་༔ སྐྲ་དཀར་གཉེར་མ་མེད་པ་རུ༔ ཚེ་ལོ་སྟོང་ཡང་ཐུབ་པར་མཛོད༔ གསེར་དངུལ་མུ་ཏིག་བྱི་རུ་གཡུ༔ བང་མཛོད་མྱུར་དུ་ཁེངས་པ་དང་༔ བསོད་ནམས་བསམ་མི་ཁྱབ་པ་དང་༔ འདོད་ཁམས་ལྷ་ཡི་དབང་པོ་དང་༔ མཉམ་པར་འགྱུར་བའི་ཕྲིན་ལས་མཛོད༔ འདོད་པ་ཐམས་ཅད་འགྲུབ་པ་དང་༔ ཡུལ་མི་ཐམས་ཅད་དད་ཅིང་བྱམས༔ གནོད་སྦྱིན་རྣམས་དང་ལྷ་མ་ཡིན༔ ནོར་གྱི་ཆར་པ་འབེབས་པར་མཛོད༔ སྒོ་ནོར་ཐམས་ཅད་ལེགས་སྐྱེས་ནས༔ འོ་མ་མེ་ཏོག་ལྟ་བུར་འབབ༔ ཤིན་ཏུ་མདངས་ལྡན་ཁ་དོག་མཚར༔ མི་དང་རྟ་ལ་གཡང་སྐྱེ་ཞིང་༔ འོད་མདངས་སྐར་མ་ལྟ་བུར་འཚེར༔ ལྷ་མི་གཉིས་ཀྱིས་བཀུར་བར་
མཛོད༔ རྟག་ཏུ་ལོ་ལེགས་འབྲུ་འཕེལ་ཞིང་༔ ཟས་ལ་ག་ཡང་ཆགས་ཟད་མེད་པར༔ འདོད་པའི་དོན་ཀུན་འགྲུབ་པར་མཛོད༔ བསྟན་དང་བདག་ལ་སྡང་བའི་དགྲ༔ འོན་ལོང་ལྐུགས་ཤིང་རེངས་བ་དང་མཛེ་ཡི་ནད་ཀྱིས་ཚར་གཅོད་མཛོད༔ དམ་བཅས་དམ་ཚིག་དྲན་མཛོད་ལ༔ བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ཡཀཾ་དྷ་རི་ནི་ཧཱུྃ་ཛཿ རཏྣ་སིདྡྷི་སྭཱ་ཧཱ༔ ལྷ་མོའི་ཐུགས་ཀར་ཟླ་བའི་སྟེང་༔ བཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ཡི་ཐུགས་ཀའི་འོད་ཟེར་གྱིས༔ གཏེར་བདག་དབང་བའི་གནོད་སྦྱིན་རྣམས༔ བཀུག་སྟེ་ཁང་པ་དེ་ལ་བསྟིམ༔ ས་འོག་གཏེར་དང་འཕྲུལ་འཁོར་རྣམས༔ བར་ཆད་མེད་པར་སྟེར་བ་དང་༔ དགོས་འདོད་ཆར་ལྟར་འབེབས་པར་མཛོད༔ སྔགས་དེ་བརྒྱ་རྩ་ལ་སོགས་བཟླ༔ དེ་ནས་ལྷ་མོ་འོད་དུ་ཞུ༔ གཏེར་གྱི་ཕུང་པོའི་གནས་ཁང་བསྒོམ༔ བསྒྲུབ་པ་བྱ་ཚུལ་རྒྱུད་ལས་གསལ༔ འོན་ཀྱང་འདོན་ཆ་མི་གསལ་བས༔ བྲི་བར་རུང་ངམ་བརྟགས་པའི་ཚེ༔ ལྟས་བཟང་བྱུང་ཞིང་རྒྱུད་ལས་བསྡུས༔ རཱ་ག་ཨ་སྱས་སྨྲས་པ་ལྟར༔ ཉེ་གནས་ཀུན་དགས་ཡི་གེར་བཀོད༔ ཉེས་པ་མཆིས་བཤགས་དགེ་བ་དེས༔ ཆོས་མཐུན་གྲོགས་ལ་ཕན་པར་ཤོག༔ མངྒ་ལཾ།། །།
ནོར་ལྷ་འགའ་ཞིག་གསོལ་ཁ་གནམ་ཆོས་ནས་ཁོལ་དུ་ཕྱུང་བ།
ནོར་ལྷ་འགའ་ཞིག་གསོལ་ཁ་གནམ་ཆོས་ནས་ཁོལ་དུ་ཕྱུང་བ་བཞུགས་སོ༔
རང་ཉིད་ཡི་དམ་གང་རུང་བསྒོམ༔ གཏོར་མ༔ ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཧཱུྃ་ཕཊ་སྭཱ་ཧཱས་བྱིན་གྱིས་བརླབས༔ ཧཱུྃ༔ གནོད་སྦྱིན་རྡོ་རྗེ་འབར་བ་ནི༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་སྐུ་ལ་བེར་ནག་གསོལ༔ གཡས་གཡོན་བེང་དང་ལྕགས་སྤར་བསྣམས༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ ཡུམ་དང་འཁོར་དང་བཅས་པ་རྣམས༔ ལྕང་ལོ་ཅན་ནས་སྤྱན་དྲངས་ནས༔ འདིར་གཤེགས་དགྱེས་པར་བཞུགས་ནས་ཀྱང་༔ དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས་ཧཱུྃ༔ གནོད་སྦྱིན་རྡོ་རྗེ་བདུད་འདུལ་ནི༔ སྐུ་
མདོག་ནག་པོ་ཞལ་གཅིག་པ་ཕྱག་གཉིས་གཡས་པས་རུ་མཚོན་ཏེ༔ གཡོན་པས་ལྕགས་པར་རྟ་ནག་བཅིབས༔ སྐུ་ལ་བེར་ནག་བརྗིད་པ་གསོལ༔ དེ་ཡི་མདུན་དུ་ཀུན་སྡུག་མ༔ དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་གྲི་གུག་གཡོན་ཐོད་ཁྲག༔ དེ་རྒྱབ་ལྷ་སྲིན་སྡེ་བརྒྱད་ཀྱང་༔ ལྷ་རྒྱལ་གཡག་གི་མགོ་ཅན་སོགས༔ མགོ་ཅན་བརྒྱད་ཀྱི་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ འབྲུ་སྨན་རིན་ཆེན་སྐྱེམས་ཕུད་འབུལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ ཁམས་གསུམ་དབང་དུ་འདུ་བ་དང་༔ ཚོང་
ལས་རྒྱལ་བའི་ཕྲིན་ལས་མཛོད༔ སྡང་བའི་དགྲ་བོ་མྱུར་དུ་སྒྲོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་མ་ཧཱ་ཀཱ་ལ་བཛྲ་ཙིཏྟ་རཱ་ག་ཧཱུྃ་ཕཊ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁཱ་ཧྲཱི༔ ཨ་མྲྀ་ཏ་སརྦ་པུཙྪ་ཁཱ་ཧྲཱི༔ བསྙེན་སྔགས་འབྲུ་མ་བཅུ་གསུམ་མོ༔ ནཾ༔ རང་ཉིད་གཤིན་རྗེའི་གཤེད་དུ་བསྒོམ༔ གཏོར་མ་ཨ་ཀཱ་རོ་བརྗོད་དོ༔ དགེ་བསྙེན་ཆེན་པོ་ཡེ་ཤེས་གྲགས༔ དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ གཡས་པས་པི་ཝང་ནོར་བུ་འཛིན༔ གཡོན་པས་རྔ་ཆུང་མདུང་དར་བསྣམས༔ མཛེས་སྡུག་དར་དང་རིན་ཆེན་བརྒྱན༔ འབོད་དོ་གདུང་བའི་དབྱངས་ཀྱིས་འབོད༔ འདིར་བྱོན་བཞུགས་ལ་སྡོང་གྲོགས་མཛོད༔ དམ་རྫ་ས་གཙང་མའི་ཕུད་ཀྱིས་མཆོད༔ ནང་ལྟར་སྤྲུལ་པ་འགྱེད་ཙམ་ན༔ སྔོ་སྐྱ་ཞལ་གཅིག་ཕྱག་བཞི་པ༔ དང་པོ་ལྕགས་ཀྱུ་ནེ་འུ་ལེ༔ འོག་མས་མདུང་དར་བསེ་ཕུབ་འཛིན༔ ནེའུ་ལེའི་གདན་ལ་འདོར་ཐབས་བཞུགས༔ སྲིད་གསུམ་གསལ་བའི་མངོན་ཤེས་ཅན༔ འདིར་གཤེགས་དཀར་གསུམ་གཏོར་མ་བཞེས༔ ལེགས་ཉེས་ཅི་འོང་བདག་ལ་སྨོས༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ གསང་བའི་སྤྲུལ་པ་འགྱེད་ཙམ་ན༔ ཞལ་གཅིག་ཕྱག་
གཉིས་བཞེངས་ཐབས་ཅན༔ ཕྱག་གཡས་བུམ་པས་དངོས་གྲུབ་སྩོལ༔ གཡོན་པས་ནེའུ་ལེས་དགོས་འདོད་འབེབས༔ སྐུ་མདོག་ནག་པོ་ཞི་མ་ཁྲོ༔ པདྨ་ཉི་མའི་གདན་ལ་བཞུགས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ ལེགས་ཉེས་བྱ་བ་ཅི་བྱུང་ཀུན༔ རྒྱུན་དུ་བདག་ལ་བསྟན་དུ་གསོལ༔ ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ༔ ཡང་གསང་སྤྲུལ་པ་འགྱེད་ཙམ་ན༔ སྐུ་མདོག་མཐིང་ནག་ཞལ་གཅིག་པ༔ ཕྱག་གཡས་ལྕགས་ཀྱུས་དངོས་གྲུབ་འགུགས༔ གཡོན་པས་ནེའུ་ལེས་དབུལ་ཕོངས་སེལ༔ ཁྲོ་འཛུམ་དར་དང་རིན་ཆེན་བརྒྱན༔ སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ དངོས་གྲུབ་སྣ་ཚོགས་ཆར་བཞིན་འབེབས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ ལེགས་ཉེས་བཟང་ངན་ཐམས་ཅད་ཤོད༔ ཅི་འདོད་དངོས་གྲུབ་ཐམས་ཅད་སྩོལ༔ ཡང་ཅིག་ཡང་གསང་སྤྲུལ་པ་ནི༔ ལྗང་སེར་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་ཧྥིགཉིས་ཐལ་མོ་སྦྱར་བའི་བར༔ ཡིད་བཞིན་ནོར་བུ་རིན་ཆེན་བསྣམས༔ ཞབས་གཉིས་བགྲད་པའི་སྟབས་ཀྱིས་བཞུགས༔ འདིར་གཤེགས་སྣ་ཚོགས་ཟས་ཕུད་བཞེས༔
དངོས་གྲུབ་སྩོལ་ལ་ལེགས་ཉེས་སྟོན༔ རྟག་ཏུ་འཁོར་ཞིང་ཕྲིན་ལས་སྒྲུབས༔ སྟོང་གསུམ་ཁ་ལོ་སྒྱུར་མཛད་པའི༔ ནོར་ལྷ་ཀུན་གྱི་ཁོལ་པོ་ཁྱོད༔ རྣོ་མྱུར་གློག་དང་འདྲ་བ་ཡིས༔ བདག་གི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་མ་ཧཱ་ཀ་ལ་ཛྙཱ་ན་ཀཱིརྟི་ཙིཏྟ་ཧྲིང་ཛཧཱུྃ་བཾ་ཧོ༔ མ་མ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨི་དཾ་བ་ལིང་ཁཱ་ཧྲཱི༔ སརྦ་པུཙྪ་ཁཱ་ཧྲཱི༔ ཞེས་པ་གནམ་ཆོས་དོན་བསྡུས་སོ༔ ཨཾ༔ དེ་ནས་མཁའ་རི་ལྕམ་དྲལ་ནི༔ རང་ཉིད་པདྨ་འབྱུང་གནས་བསྐྱེད༔ ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས༔ ཧཱུྃ༔ དགེ་བསྙེན་ཤེལ་ཕྲུག་མཁའ་རི་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་པ༔ ཕྱག་གཉིས་སྐུ་ལ་དུང་ཁྲབ་གསོལ༔ གཡས་པས་ཤེལ་མདུང་དཀར་པོ་དང་༔ གཡོན་པས་སྤྱང་ཐོད་ཐུན་བཀང་བསྣམས༔ ཆིབས་སུ་རྟ་དཀར་འཕུར་ཤེས་བཅིབས༔ གཡོན་དུ་ལྕམ་མོ་སྐུ་མདོག་དཀར༔ གཡས་པས་ནོར་བུ་གཡོན་རྫ་འཕང་༔ ཆིབས་སུ་མཛོ་མོ་དཀར་མོ་བཅིབས༔ ཤ་བ་ཡུ་མོ་རྗེས་སུ་ཁྲིད༔ བསྟན་སྲུང་དམ་ལྡན་མཁའ་རི་ནི༔ ལྕམ་དང་འཁོར་དུ་བཅས་པ་རྣམས༔ ལྷོ་སྟོད་གངས་རིའི་ཤེལ་མཁར་ནས༔ སྤྱན་འདྲེན་འདིར་བྱོན་མཆོད་གཏོར་བཞེས༔ གཙང་མའི་ཕུད་དང་
གསེར་སྐྱེམས་མཆོད༔ ཀྱེ་མ་ཤེའུ་མཁའ་རིའི་སྐུ༔ ཕྱག་འཚལ་བསྟོད་དོ་མཆོད་པ་འབུལ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་སློབ་དཔོན་པདྨ་གཉིས༔ མངོན་སུམ་མྱུར་དུ་སྤྱད་དུ་གསོལ༔ འོན་ཏེ་མངོན་སུམ་མཇལ་བ་ཡི༔ ལས་འཕྲོ་དག་དང་མི་ལྡན་ན༔ ཉམས་ལ་གསལ་བར་མཇལ་བར་མཛོད༔ ས་གཏེར་རི་བྲག་མི་སྒྲིབ་པར༔ མིག་གིས་གསལ་བར་མཐོང་བ་དང་༔ ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་ཏྲིག་ན་ཏྲིག་ཛ་ཏྲིག་སྨན་རུ་རུ་ཙོ་ཙོ་ཧཱུྃ༔ ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ ཨ་མྲྀ་ཏ་པུཙྪ་ཁཱ་ཧྲཱི༔ བཛྲ་ཏྲིག་ན་ཏྲིག་པ༔ ཏྲིག་སྨན་རུ་རུ་ཙམ་ཙམ་ཧཱུྃ༔ མ་ཧཱ་གུ་རུ་པྲ་བ་ཀ་ར་མ་མ་མཇལ་བར་མཛོད༔ མྱུར་དུ་མཇལ་བར་མཛོད་ཅིག༔ ཅེས་པ་རྣམ་ཆོས་ལས་བཀོལ་བའོ༔ ཨོཾ༔ དེ་ནས་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཧཱུྃ༔ དགེ་བསྙེན་ཇོ་བོ་སྤྲག་བཙན་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་པ༔ ཕྱག་གཉིས་མདའ་དང་གཞུ་འགེངས་པ༔ ཆིབས་སུ་རྟ་དཀར་འཕུར་ཤེས་བཅིབས༔ རྒྱབ་ན་ཁྱི་ནི་དཀར་དམར་ཁྲིད༔ རྒྱལ་སྒོང་སེང་གླིང་གླང་རྡུལ་བྲག༔ སྤུག་
གི་ལུང་ནས་སྤྱན་འདྲེན་ན༔ འདིར་གཤེགས་མཆོད་གཏོར་སྐྱེམས་ཕུད་བཞེས༔ གོད་ཁ་བཙན་གྱི་གནོད་པ་ཟློག༔ དོན་ཀུན་འགྲུབ་ཅིང་ཚོང་ལས་རྒྱལ༔ བཙན་དྲགས་ལོངས་སྤྱོད་ཆེ་བ་སོགས༔ ཅི་བསམ་དོན་རྣམས་འགྲུབ་པར་མཛོད༔ སྡང་བའི་དགྲ་ལ་ཇག་སྣ་རྒྱུག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཙན་པྲ་མ་ནི་དྷ་ར་དྷ་ར་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ སརྦ་པཱཙྪ་ཁཱ་ཧྲཱི༔ བསྙེན་སྔགས་འབྲུ་བཅུ་གཅིག་པ་དེ་ཁོ་ན་ཡིན་ནོ༔ གཞུང་ནས་མངོན་རྟོགས་མཇུག་ཏུ་ཁཱ་ཧི་བཏགས་གསུངས་པའི་དོན་ཨ་རཱ་གས་ཁོལ་དུ་གནམ་ཆོས་ནས་ཕྱུང་བའོ༔ ཉེས་པ་མཆིས་ན་བཤགས་ཤི་ང་དགེ་བས་གསང་སྔགས་དར་རྒྱས་སུ་གྱུར་ཅིག༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གནམ་ཆོས་གཞུང་ནས་བྱུང་བའི་ནོར་ལྷ་མོ་རིགས་འགའ་ཡི་གསོལ་ཁ་ཟུར་དུ་ཕྱུང་བ།
གནམ་ཆོས་གཞུང་ནས་བྱུང་བའི་ནོར་ལྷ་མོ་རིགས་འགའ་ཡི་གསོལ་ཁ་ཟུར་དུ་ཕྱུང་བ་ཡོད༔
གཏོར་མ་སོ་སོའི་དཀར་གཏོར་ཅོག་ཟླུམ་གཅིག་ལ་ཨ་ཀཱ་རོས་བྱི་ན་གྱིས་བརླབས་ནས༔ རང་ཡི་དམ་དུ་གསལ་བས་སྐད་ཅིག་སྤྱན་དྲངས་ཏེ༔ ཧཱུྃ༔ བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ༔ སེར་མོ་ཞལ་གཅིག་ཕྱག་བཞི་མ༔ གཡས་པ་དང་པོས་ནོར་བུ་དང་༔ གཡོན་པས་འབྲས་ཀྱི་སྙེ་མ་འཛིན༔ འོག་གཉིས་ལྕགས་ཀྱུ་ནེའུ་ལེ་བསྣམས༔ པདྨ་ཉི་སྟེང་གསལ་བར་བཞུགས༔ ཞལ་ནི་ཞི་འཛུམ་རིན་ཆེན་བརྒྱན༔ ཕྱེད་སྐྱིལ་དར་གྱི་ན་བཟའ་གསོལ༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ དབུ་སྐྲ་ཐོར་ཚུགས་དབུ་རྒྱན་གསོལ༔ འདི་གཤེགས་བརྟན་པར་བཞུགས་སུ་གསོལ༔ མཆོད་གཏོར་པུཥྤེ་
པུཙྪ་བཞེས༔ གླིང་བཞི་རིན་ཆེན་བཀང་སྟེ་འབུལ༔ ཕྱག་འཚལ་གུས་ཤིང་གདུང་བས་བསྟོད༔ ལྷ་མོ་ནོར་རྒྱུན་སེར་མོ་ཡིས༔ ནོར་གྱི་རྒྱུན་ཅིག་བདག་ལ་སྩོལ༔ ཨོ་བྷ་སུ་དྷ་རི་བཱ་སུ་ཧཱུྃ༔ ཨི་ད་བ་ལི་ཏ་ཁ་ཁ་ཁཱ་ཧྲཱི༔ པུཎྜེ་སརྦ་པུཙྪ་ཧོ༔ སྔགས་འབྲུ་བརྒྱད་པོ་བསྙེན་སྔགས་སོ༔ དམ་མེད་རྣམས་ལ་འདི་གསང་ཞིག༔ ཅེས་གསུངས་སོ༔ རང་ཉིད་པདྨ་འབྱུང་གནས་བསམ༔ ཧཱུྃ༔ ཡུམ་གཅིག་ཨ་ཕྱི་ཆོས་སྒྲོན་མ༔ སྐུ་མདོག་དཀར་མོ་མཛེས་པའི་གཟུགས༔ གཡས་པས་མདའ་དར་གཡོན་མེ་ལོང་༔ སྐུ་ལ་དར་དཀར་བེར་ཆེན་གསོལ༔ རྟ་དཀར་འཕུར་ཤེས་ཆིབས་སུ་ཆིབས༔ འཁོར་
དུ་ལྷ་མོ་བཞི་ཡིས་བསྐོར༔ སྐུ་མདོག་སྔོ་སེར་དམར་ལྗང་བཞི༔ རྐང་ཐང་ཕྱག་མཚན་གཙོ་དང་མཚུངས༔ མ་གཅིག་ཨ་ཕྱི་མཆེད་ལྔ་པོ༔ ཨོ་རྒྱན་ཡུལ་དང་ཏི་གྲོ་བྲག༔ འདན་གྱི་བྲག་རྩ་འབྲི་ཁུང་མཐིལ༔ བཞུགས་གནས་རྣམས་ནས་འདིར་བྱོན་ལ༔ དམ་རྫས་བདུད་རྩི་གཏོར་མ་དང་༔ ཡིད་སྤྲུལ་མཆོད་པ་འབུལ་གྱིས་བཞེས༔ བདག་ཅག་འཁོར་དང་བཅས་པ་ལ༔ རིམས་ནད་ཡམས་ནད་མེད་པ་དང་༔ རིགས་རྒྱུད་ཆོས་བརྒྱུད་དར་ཞིང་རྒྱས༔ ལོངས་སྤྱོད་མངའ་ཐང་འཕེལ་བ་དང་༔ སྣང་སྲིད་དབང་དུ་འདུ་བ་དང་༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མཛོད༔ མཆེད་ལྔ་མ་ཡེངས་ལས་མཛོད་ཅིག༔ ཨོཾ་ཡ་མ་ར་ཙ་སྭཱ་ཧཱ༔ མ་མ་འདུས༔ སརྦ་འདུས༔ ཏ་ཙ་འདུས༔ མ་མ་འདུས་སྲ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧྲཱི༔ སརྦ་པུ་ཙྪ་ཧོ༔ རྩ་སྔགས་ཀྱང་གོང་གི་སྔགས་དེ་ལགས༔ འབྲུ་ལྔ་ཁོ་ན་གཙོ་བོ་ཡིན༔ ཨོྃ༔ གནམ་ཆོས་ཚེ་རིང་མཆེད་ལྔ་ནི༔ རང་ཉིད་མི་ལ་རས་པ་ནི༔ སྐུ་མདོག་སྨུག་པོ་གྲུབ་ཐོབ་གཟུགས༔ རང་གི་ཐུགས་ནས་འོད་ཟེར་འཕྲོས༔ ཚེ་རིང་མཆེད་ལྔ་སྤྱན་དྲངས་གྱུར༔ ཧཱུྃ༔ ལྷ་སྨན་བཀྲ་ཤིས་ཚེ་རིང་མ༔
དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་གཡོན་བུམ་པ༔ བུམ་པའི་སྟེང་ན་རིན་ཆེན་སྤངས༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ འཇའ་ཚོན་སྣ་ལྔའི་ཀློང་ན་བཞུགས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོ་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ རིགས་རྒྱུད་ཆོས་བརྒྱུད་འཕེལ་བ་དང་༔ བཀྲ་ཤིས་ཚེ་ཡི་དངོས་གྲུབ་སྩོལ༔ ཤར་དུ་མཐིང་གི་ཞལ་བཟང་མ༔ སྐུ་མདོག་སྔོན་མོ་ཞལ་གཅིག་མ༔ ཕྱག་གཉིས་མེ་ལོང་ནོར་བུ་འཛིན༔ རྐྱང་བུ་ཁ་དཀར་ལ་ཆིབས་པ༔ འཇའ་འོད་སྣ་ལྔའི་ཀློང་ན་བཞུགས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོ་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ ནད་དང་གནོད་པ་ཞི་བ་དང་༔ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ༔ ལྷོ་རུ་མི་གཡོ་བློ་བཟང་སེར༔ མདའ་དར་མེ་ལོང་ཕྱག་ན་འཛིན༔ རྒྱ་སྟག་ཁྲ་བོ་ཆིབས་སུ་ཆིབས༔ འཇའ་ཚོན་སྣ་ལྔའི་ཀློང་ན་བཞུགས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔
སིལ་སྙན་རོལ་མོའི་སྒྲ་དང་བཅས་བྲན་གཡོག་མང་པོ་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ དཔལ་དང་འབྱོར་བ་རྒྱས་པ་དང་༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་༔ ནུབ་ཏུ་ཅོད་པན་མགྲིན་བཟང་དམར༔ ཞལ་གཅིག་ཕྱག་གཉིས་མཆོད་རྟེན་དང་༔ ཟས་ཀྱིས་བཀང་བའི་ནོར་བུ་འཛིན༔ ཆིབས་སུ་ཤ་བ་ཡུ་མོ་ཆིབས༔ འཇའ་ཚོན་སྣ་ལྔའི་ཀློང་ན་བཞུགས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོ་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ སྣང་སྲིད་དབང་དུ་འདུ་བ་དང་༔ བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ༔ བྱང་དུ་གཏད་དཀར་འགྲོ་བཟང་ལྗང་༔ ཞལ་གཅིག་ཕྱག་གཉིས་དཱར་བ་ཡི༔ སྟེང་ན་ནོར་བུ་བཞག་པ་དང་༔ སྦྲུལ་ཞགས་གཡོན་པས་འཛིན་པའོ༔ ཆིབས་སུ་གཡུ་འབྲུག་ལྗང་གུ་ཆིབས༔ འཇའ་ཚོན་སྣ་ལྔའི་ཀློང་ན་བཞུགས་ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོ་འཁོར་དང་བཅས༔ འདིར་བྱོན་གཙང་མའི་མཆོད་གཏོར་བཞེས༔ བསྟན་དགྲ་
གནོད་བྱེད་ཚར་གཅོད་ཅིག༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ མཆེད་ལྔ་འཁོར་བཅས་མཆོད་བསྟོད་མཐུས༔ སྒྲུབ་པ་མཐའ་རུ་ཕྱིན་པ་དང་༔ གསང་སྔགས་བསྟན་པ་དར་བར་ཤོག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཧ་རི་ནི་ས་མ་མ་སརྦ་སི་ཏི་ཕ་ལ་ཧཱུྃ༔ ཨི་དཾ་ལཾ་ཏ་ཁ་ཁ་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་སརྦ་པུ་ཙཱ་ལཱ་ཧྲཱི༔ འཁོར་བཞིའི་ཐུགས་ཀར་ཆོས་འབྱུང་རྐྱང་བ་དང་༔ གཙོ་བོའི་ཐུགས་ཀར་བསྣོལ་བའི་དབུས་སུ་ཨོཾ་དང་ཧ་རི་ནི་ས་བསྒོམ་ལ༔ འབྲུ་བཅོ་ལྔ་པ་བཟླ་སྟེ་ཞིབ་པར་གཞུང་ལས་ཤེས་སོ༔ འདི་ནི་གནམ་ཆོས་འདོན་ཆ་བསྡུས་པ་ལགས་སོ༔ དེ་ནས་ངེ་ནེ་མའི་མཆོད་གཏོར་ནི༔ བྷྱོ༔ དུར་ཁྲོད་མཁའ་འགྲོ་ངེ་ནེ་མ༔ ཤིན་ཏུ་ཞི་ཞིང་རབ་ཏུ་ཞི༔ སྐུ་མདོག་དཀར་མོ་གཡས་གྲི་ཁུག༔ གཡོན་པས་ཐོད་པ་བདུད་རྩི་འཛིན༔ དབུ་སྐྲ་ཐོར་ཅོག་རིན་ཆེན་བརྒྱན༔ མ་ཡི་ནང་ནས་མ་གཅིག་མ༔ སྲིང་གི་ནང་ནས་སྙིང་ཉེ་མ༔ ཁྱོད་ལ་འབོད་པ་བརྒྱ་ཡོད་ཀྱང་༔ དམ་ཚིག་བསྲུང་མི་ང་བས་མེད༔ རླུང་དམར་སྐར་མདའི་བང་དང་བཅས༔ མུན་པ་ཅན་གྱི་དུར་ཁྲོད་དང་༔ ཉེ་བའི་ཚནོ་ཧ་ནས་བྱོན༔ ཀ་ཆ་དཀོར་ལ་བརྟན་པར་བཞུགས༔ དམ་རྫས་མཆོད་
གཏོར་འདི་བཞེས་་ལ༔ འཁོར་རྣམས་བསྲུང་ཞིང་སྤེལ་བར་མཛོད༔ དཀོར་བདག་ཆེན་མོ་ཞི་བའི་སྐུ༔ སྐུ་མདོག་དཀར་ལ་ནག་མདངས་ཅན༔ དེ་ཡི་གཡས་པས་གྲི་ཁུག་འཛིན༔ གཡོན་པས་བྷནྡའི་ནང་དུ་ནི༔ ཁྲག་དང་བདུད་རྩི་བསྲེས་པ་འཛིན༔ ཞབས་གཉིས་འདོར་ཐབས་བྱས་ནས་ནི༔ ཐོར་ཅོག་རིན་པོ་ཆེ་ཡིས་བརྒྱན༔ མཐའ་གཡོན་མཚོན་གྱི་གྲུ་གུ་བཅུག༔ ཞལ་ནི་ཞི་ལ་སྤྱན་ནི་ཁྲོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཀ་ཆ་དཀོར་ནོར་ཐུབ་པར་སྲུངས༔ ཀ་ཆ་མ་བྱིན་ཁྱེར་བའི་ཚེ་ལྷ་མོ་ཅུང་ཞིག་ཁྲོས་པ་ནི༔ ཞལ་གཅིག་ཕྱག་བཞི་རིན་ཆེན་བརྒྱན༔ དང་པོ་གཉིས་ཀྱིས་གྲི་གུག་དང་༔ ཐོད་ཁྲག་འཛིན་ཏེ་དེ་འོག་གཉིས༔ ལྕགས་དྲྭ་དང་ནི་ནད་རྐྱལ་འཛིན༔ ཞབས་བསྒྲད་འོག་ན་མི་རོ་མནན༔ ཞལ་ནི་ཞི་བ་ཁྲོས་པའི་ཞལ༔ སྟོད་གཡོགས་སྔོན་པོ་སྐུ་མདོག་སྔོ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྒྱ་མཚོའི་སྟེང་དུ་ཁྱེར་ན་ཡང་རྐུས་པའི་ཀ་ཆ་ཚུར་ལོངས་ཤིག༔ དགྲ་དང་ཇག་པ་བྱུང་ཙ་ན༔ ལྷ་མོ་ཤིན་ཏུ་ཁྲོས་པ་ནི༔ ཞལ་གཅིག་ཕྱག་ནི་དྲུག་པ་སྟེ། དང་པོ་གཉིས་ཀྱིས་གྲི་གུག་དང་༔ བྷནྡའི་ཀླད་
ཁྲག་བཀང་བ་གསོལ༔ དེ་འོག་གཉིས་ཀྱིས་ནད་རྐྱལ་དང་༔ མཚོན་གྱི་གྲུ་གུ་འཛིན་པའོ༔ འོག་མ་གཉིས་ཀྱིས་ལྕགས་དྲྭ་དང་༔ ཁྲམ་ཤིང་འཛིན་པ་དྲེའུ་དམར་ཞུར༔ ལ་ཆིབས་ཁྲག་གི་རལ་པ་བསིགས༔ སེན་མོ་ཐམས་ཅད་ཁྲག་གི་མདོག༔ ཉིན་ལམ་གཅིག་འཕྱང་གནོད་བྱེད་འགུགས༔ ཞལ་ཁུག་གཉིས་ནས་ཁྲག་རྣག་འབབ༔ གཡས་ཀྱི་མཆན་ཁུང་གཉིས་པོ་ན༔ མཚོན་གྱི་གྲུ་གུ་ཁྲ་གསུམ་བཅུག༔ མཆན་ཁུང་གཡོན་གྱི་གཉིས་པོ་ན༔ ནད་ཀྱི་རྐྱལ་པ་རེ་རེ་བཅུག༔ སྤྱན་ནི་དམར་པོ་ཁྲག་གི་མདོག༔ ནུ་མའི་རྩེ་ནས་ཁྲག་རྒོད་འབབ༔ ཞལ་ནི་སྲིན་མོ་ཁྲོས་པའི་གཟུགས༔ སྡང་བའི་དགྲ་བོ་ལས་ངན་གྱི༔ ཤ་ཁྲག་སྲོག་དབུགས་ཁྱོད་ཀྱིས་ཟོ༔ ཆོ་འཕྲུལ་མི་རུངས་སྣ་ཚོགས་ཐོངས༔ རྟག་ཏུ་ཕྲིན་ལས་མཛད་པའི་ཚེ༔ དཀར་མོ་འཛུམ་མདངས་གཟིག་ཤམ་ཅན༔ དུང་གི་རྣ་ཆ་རིན་ཆེན་བརྒྱན༔ གཟིག་ཤམ་གསོལ་ཞིང་བོང་དམར་ཆིབས༔ ཕྱག་ན་གྲི་གུག་ཐོད་པ་འཛིན༔ མཆོད་གཏོར་བདུད་རྩི་འདི་གསོལ་ལ༔ དེང་ནས་བདག་གི་དཀོར་དང་ནོར༔ ལྷ་མོ་ཁྱོད་ཀྱིས་བདག་ཏུ་ཟུངས༔ དགྲ་རྐུན་ལག་ཏུ་
མ་ཤོར་ཞིག༔ བདག་དང་ཞལ་ད་པ་རྣམས་ཀྱིས༔ བྱིན་དང་ཚོང་ལ་ཕྲག་མ་དོག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོ་ར་ལི་པྲ་མ་ཡ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧྲཱི༔ སརྦ་པུཙྪ་ཁཱ་ཧྲཱི༔ ཨོ་ར་ལི་པྲ་མ་ཡ་ཛཿ མ་ཧཱ་པདྨ་ཧུར་ཧུར་བྷྱོ་བྷྱོ་རྦད་རྦད༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ འདི་ལ་ཡང་ཞི་སྒྲུབ་དཀར་གཏོར་འོ་མས་བྲན་ན་ལེགས་པ་ཡིན་ནོ༔ དཀོར་སྲུང་འདི་ཟབ་ཅིང་རྣོ་བས་སྔགས་གཞུང་དུ་ཤེས་སོ༔ ཨོཾ༔ ཀོང་བཙུན་དེ་མོའི་གསོལ་ཁ་ནི༔ བྷྱོ༔ བོད་སྐྱོང་ཀོང་བཙུན་དེ་མོ་ནི༔ ཞལ་གཅིག་ཕྱག་གཉིས་བེར་ཆེན་གསོལ༔ གཡས་པས་མདའ་དར་གཡོན་མེ་ལོང་༔ ཆིབས་སུ་རྟ་ནག་འཕུར་ཤེས་ཆིབས༔ དར་ཟབ་རིན་ཆེན་རྒྱན་གྱིས་བརྒྱན༔ ཀོང་ཡུལ་མཐིལ་ནས་སྤྱན་འདྲེན་ནོ༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ རྟ་ནད་ལུག་ནད་མི་ནད་སོལ༔ མངའ་ཐང་སྙན་གྲགས་རྒྱས་པ་དང་༔ ཁམས་གསུམ་དབང་དུ་བསྡུ་བ་དང་༔ དགྲ་དཔུང་ཐུལ་ལ་རྐྱེན་ངན་ཟློག༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ལི་ལ་མ་མ་ཧཱུྃ་བྷྱོ་ཛ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་
ཨ་མྲྀ་ཏ་ལ་ཁཱ་ཧྲཱི༔ སརྦ་པུ་ཙྪ་ཁཱ་ཧྲཱི༔ སྔགས་དེ་ཉིད་ཡིན་ནོ༔ མངྒ་ལཾ༔ ཨོཾ༔ དེ་ནས་འཕགས་མ་སྒྲོལ་མའི་བཀའ་སྲུང་ནི༔ བྷྱོ༔ ལྷ་མོ་ཐང་ནག་དཔལ་མོ་ནི༔ སྐུ་མདོག་དམར་ནག་ཞལ་གཅིག་མ༔ ཕྱག་གཉིས་གཡས་པས་གྲི་གུག་ལ༔ གཡོན་པས་པཎ་འཛིན་ཞབས་གཉིས་གར་དབུ་སྐྲ་དམར་སེར་ཐོར་ཅོག་ལ༔ རིན་པོ་ཆེ་ཡི་དབུ་རྒྱན་ཅན༔ གཟིག་གི་པགས་པའི་ཤམ་ཐབས་ཅན༔ རྒྱན་མེད་བདེ་སྙན་འཁྱུད་པ་མོ༔ རྒྱ་གར་ཡུལ་སོགས་རང་གནས་ནས༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས༔ སྔོན་གྱི་ཐུགས་དམ་དམ་ཚིག་ལྟར༔ འཕགས་མ་སྒྲོལ་མའི་བསྟན་པ་སྲུངས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས༔ བདག་གི་ལས་ནི་གང་བསྒྲུབ་ཀྱང་༔ དེ་ལ་ཁྱོད་ཀྱིས་སྡོང་གྲོགས་མཛོད༔ ཨོཾ་ཤྲཱི་ཀཱ་ལ་གྲི་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧྲཱི༔ སརྦ་པུ་ཙྪ་ཁཱ་ཧྲཱི༔ དེ་ནས་གསར་དུ་བཤམས་པའི་གཏོར་མ་ཡིན་ན་ཕུལ༔ རྒྱུན་གཏོར་ལ་བསྔོས་པ་ཡིན་ན་བཞག་གོ༔ འདི་དག་ཚིག་མཚམས་སྦྱར་བ་ཅུང་ཟད་ཙམ་མ་གཏོགས་གནམ་ཆོས་གཞུང་ལས་བྱུང་ལྟར༔ ལག་ཏུ་བླངས་ཏེ་རཱ་ག་ཨ་སྱས་བསྒྲིགས་པ་ལ༔ འགལ་བ་མཆིས་ན་ལྷ་མོའི་ཚོགས་ལ་བཤགས་ཤིང་༔
དགེ་བས་གནམ་ཆོས་ཐུགས་གཏེར་གྱི་བསྟན་པ་རྒྱས་ཤིང་བསྟན་འཛིན་རྣམས་སྐུ་ཚེ་བརྟན་པར་གྱུར་ཅིག། མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ལམ་གཏོར་དངོས་གྲུབ་ཀུན་འབྱུང་།
ལམ་གཏོར་དངོས་གྲུབ་ཀུན་འབྱུང་བཞུགས་སོ།
ཨོཾ་ཨ་ཀཱ་རོ་སོགས། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བེ་ཤ་མ་ཎ་ཡ་སརྦ་ཙིཏྟ་རཏྣ་ཧྲིང་ཧྲིང་ཛཿཛཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་འབར་བའི་ཕོ་བྲང་དབུས། །རྣམ་སྲས་འཁོར་བཅས་གཤེགས་སུ་གསོལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྟོང་གསུམ་རིན་ཆེན་གཏེར་གྱི་བདག །གླིང་བཞི་བྱང་ཕྱོགས་སྐྱོང་ཙམ་ན། །ཕྲིན་ལས་བཞི་ལ་མངའ་བརྙེས་པས། །ཨིནྡྲ་ནཱི་ལའི་མདངས་དང་ལྡན། །ས་བརྒྱད་སེམས་དཔའ་བཞུགས་པ་པོ། །གནོད་སྦྱིན་ཕོ་མོ་མང་པོ་
དང་། །ཀླུ་ཡི་དེད་དཔོན་མཛད་ཙམ་ན། །རིན་ཆེན་གསེར་གྱི་ཁ་དོག་ཅན། །ཌཱ་ཀི་མ་དང་ཀླུ་མོ་དང་། །བདུད་མོའི་དེད་དཔོན་མཛད་ཙམ་ན། །བཻཌཱུར་སྔོན་པོའི་སྐུ་མདོག་ཅན། །སྣང་སྲིད་དབང་དུ་བསྡུ་བ་དང་། །འགྲོ་བའི་རྣམ་ཤེས་བཀུག་པའི་ཚེ། །པདྨ་རཱ་གའི་མདོག་འདྲ་ཞིང་། །མིའུ་ཐུང་བཞེངས་པའི་ཆ་ལུགས་ཅན། །ལེ་བརྒན་དར་གྱི་ཅོད་པན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་རྒྱ་ཞྭ་གསོལ། །ཕྱག་གཡས་མདུང་དར་རྒྱལ་མཚན་བསྣམས། །ཁམས་གསུམ་ཟིལ་གྱིས་གནོན་པར་མཛད། །ཕྱག་གཡོན་
ནེའུ་ལེ་ལྕགས་ཀྱུ་འཛིན། །འགྲོ་བའི་རྣམ་ཤེས་དབང་དུ་སྡུད། །སྐུ་ལས་འོད་ཟེར་དམར་པོ་འཕྲོས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །འགྲོ་བ་མི་ཡི་རྣམ་ཤེས་བཀུག །སྦྱིན་བདག་ཕོ་མོའི་སྙིང་ལག་བསྐུལ། །གཡང་ཆེན་ནོར་དང་བརྗིད་ཅན་གོས། །བཅུད་ཆེན་ཟས་ལ་སོགས་པ་ཡི། །བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ནོར་བདག་རྒྱལ་པོ་ཆེན་པོ་ཡི། །ཐུགས་དམ་གནད་ནས་བསྐུལ་པའི་ཚེ། །ཁྱོད་ཀྱི་སྤྲུལ་པའི་རྒྱལ་ཕྲན་ནི། །འགྲོ་བ་མི་ཡི་སྙིང་ལ་ཞུགས། །རྣམ་ཤེས་བསྒྱུར་ལ་དབང་དུ་སྡུད། །འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས། །མ་ལུས་ཐམས་ཅད་དབང་དུ་སྡུས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཀྱེ། ཉི་མ་ནུབ་ཕྱོགས་ཕ་ཀི་ཐོན། །ཕ་ནི་བདུད་ལ་མ་ནི་དམུ། །དམུ་བདུད་གཤོས་པའི་མཐུ་རྩལ་ཅན། །སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ། །ཞྭ་ཡི་མགོན་པོ་ར་རྟ་ཅན། །གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན། །གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས། །ཕྱག་གཡོན་ནེའུ་ལེས་དབུལ་
ཕོངས་སེལ། །ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན། ཀོང་བཙུན་མོ་དང་གཉིས་སུ་མེད། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་བཅས། །ཐེའུ་རང་དམག་དཔོན་རྫུ་འཕྲུལ་ཅན། །རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར། །འཇིག་རྟེན་ཁམས་ཀྱི་ནོར་གྱི་བདག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །མི་ནོར་ཟས་གསུམ་དབང་དུ་སྡུས། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་ཛཛཿ བཛྲ་ལི་ལ་མ་ཧཱུྃ་ཛཿ བ་ལི་ཏ་ཁཱ་ཧི་ཁཱ་ཧི། ཀྱེ༔ དམ་ཅན་སྐྱེས་བུ་ཆེན་པོ་མཐུ་དང་རྫུ་འཕྲུལ་གྱི་བདག་པོ། བདག་ལ་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན། ཁྱེད་སྒྲུབ་ཅིང་མཆོད་པའི་ཡོ་བྱད་དང་མི་ལྡན་པས། མི་སྙིང་སྐུལ་ཅིག །མི་སེམས་གཡོས་ཤིག །སྣང་བ་སྒྱུར་ཅིག །བདག་ལ་གཡང་ཅན་གྱི་ནོར་སྩོལ་ཞིག །བརྗིད་ཅན་གྱི་གོས་བཀོན་ཅིག །བཅུད་ཅན་གྱི་ཟས་སྩོལ་ཅིག །མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག །འབྲུ་དང་ནོར་གྱི་ཆར་ཕོབ་ཅིག །སྐྱེས་བུ་ཆེན་པོ་རེམ་ཅིག །མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ཅི་འདུག་ལྟའོ། །ཨོྃ་ཨཱ༔ཧཱུྃ་གིས་གཏོར་མ་
ལྷའི་ཞལ་ཟས་སུ་གྱུར། ༀ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛཿཛཿ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདག་གི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་མཛད་དུ་གསོལ། ཧཱུྃ། སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་སུ། །རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ཁང་ནས། །རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས་སུ་གསོལ། །བཅོལ་བའི་ཕྲིན་ལས་མ་ལུས་བསྒྲུབ་པར་མཛོད། ། ཧཱུྃ། རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ། །ཆོས་སྐུ་དབྱིངས་ལས་སྤྲོས་པ་མི་མངའ་ཡང་། །ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོ་སྟོན། །སྤྲུལ་སྐུ་སྨན་མོ་འགྲོ་དོན་མཛད་ལ་བསྟོད། །སྤྲུལ་པའི་གནས་ལ་ངེས་པ་མ་མཆིས་ཀྱང་། །རི་རབ་གླིང་དང་ནགས་ཚལ་མཚོ་གླིང་དང་། །ལྷོ་མོན་བོད་དང་རྒྱ་གར་ལ་སོགས་པ། །ཡུལ་རྣམས་ཀུན་ཏུ་དངོས་གྲུབ་སྟེར་ལ་བསྟོད། །ཨོཾ་བཛྲ་པྲ་མོ་ཧ་ཧཱུྃ་ཧཱུྃ་ཛཿཛཿ མ་མ་ལ་ལ་ལི་ལི་སྲིང་འགྲོ་མ་ཧཱུྃ། སིདྡྷི་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། མི་ནོར་ཟས་གསུམ་པུཏྟིཾ་ཀུ་རུ་ཡེ་སྭ་ཧཱ། ཞེས་པ་འདི་གཏེར་གཞུང་ཁོ་ནར་བསྒྲིགས་པའོ། །གཏོར་མ་གསུམ་སོ་སོར་ཡོད་ན་
རབ། འབྲིང་ཟུར་གསུམ་གཅིག་ལ་བསྡུ། ཐ་མ་མར་ཐུད་སོགས་ལ་བསྔོས་ཀྱང་ཆོག །འགྲོ་ན་འགྲོ་ཕྱོགས་སུ་ཕུལ། བྱ་ཁྱི་དང་མི་ལ་མི་སྦྱིན་དངོས་གྲུབ་ཏུ་རོལ་པར་བྱ། ཞེས་ཨ་རཱ་གས་བསྒྲིགས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ལྷ་སྨན་རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད།
ལྷ་སྨན་རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་བཞུགས་པའི་དབུ་ཕྱོགས་ལགས་སོ།
བསང་སྦྱང་། སྟོང་པའི་ངང་ལས་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་སརྦ་བིད་པཱུ་ར་སོགས། ཨ་ཀཱ་རོ་སོགས། ལྷ་སྨན་གཡུ་སྒྲོན་སྐུ་མདོག་དཀར༔ ཤ་བ་ཡུ་མོ་ལ་ཆིབས་ནས༔ ནེའུ་གསེང་ནང་ནས་མེ་ཏོག་འཐུ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གཡས་པས་མདའ་དར་གཡོན་མེ་ལོང་༔ བཤུད་གླུ་ཀྱུར་ཀྱུར་དགའ་བའི་ཚུལ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ སྤྱན་འདྲེན་མཆོད་པའི་ལྷ་མོ་ནི༔ རྡོ་རྗེ་གཡུ་སྒྲོན་དམ་ཚིག་ཅན༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཡི་གེ་ཧྲཱི༔ལས་སྐུར་སྤྲུལ་མ༔
སྤྱན་རས་གཟིགས་སོགས་ལྕམ་གཅིག་མ༔ ཆོས་མཛད་ཡོངས་ཀྱི་ཡུམ་གཅིག་མོ༔ དེ་རིང་མིང་པོས་འབོད་ལགས་ཀྱིས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ རྡོ་རྗེ་འཆང་གིས་གཉེར་གཏད་ནས༔ གསང་སྔགས་སྲུང་མ་མཛད་པའི་ཕྱིར༔ པད་འོད་ཨོ་རྒྱན་ཙཱ་རི་ཏྲ༔ གནས་ཆེན་རྣམས་ནས་གཤེགས་སུ་གསོལ༔ དབང་ཕྱུག་ཤཱཀྱ་སེང་གེ་ཡིས༔ དམ་ཆོས་རྒྱས་པར་བཀའ་བགྲོས་བཞིན༔ འཕགས་ཡུལ་གངས་ཅན་ལྗོངས་རྣམས་ཀྱི༔ ཆོས་འཁོར་རྣམས་ནས་གཤེགས་སུ་གསོལ༔ ཁྱད་པར་ཚ་བ་ཁེ་ཤོད་ཡུལ༔ བྲག་ནག་གངས་
རིའི་ཅོད་པན་ཅན༔ ཆུ་ཀླུང་ནགས་མ་མེ་ཏོག་མཛེས༔ ཤེལ་གུར་དབུས་ནས་གཤེགས་སུ་གསོལ༔ རྡོ་རྗེ་གཡུ་སྒྲོན་དམ་ཚིག་ཅན༔ ཐུགས་རྗེས་གནས་འདིར་བྱོན་པ་ལེགས༔ རིན་ཆེན་སྣ་ལྔའི་ཁྲི་སྟེང་དུ༔ ཅི་བདེར་བཞུགས་ལ་འདོད་དོན་སྩོལ༔ ཨོཾ་བཛྲ་མ་མ་ལ་ལ་ལི་ལི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཡུམ་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ འཁོར་བཅས་དགྱེས་བྱེད་མཆོད་པ་ནི༔ ཡན་ལག་བརྒྱད་ལྡན་འོ་མའི་མཚོ༔ གཙང་མ་དྲི་ཞིམ་མཆོད་པ་འབུལ༔ ཨུཏྤལ་དང་ཀུ་མུ་ད༔ པུནྡྷ་ལ་སོགས་མེ་ཏོག་རིགས༔ གཙང་མ་དྲི་ཞིམ་མཆོད་པ་འབུལ༔ ཨ་ག་རུ་དང་དུ་རུཥྐ༔ ག་པུར་ཙནྡན་ལ་སོགས་པ༔ གཙང་མ་དྲི་ཞིམ་མཆོད་པ་འབུལ༔ རྔ་ཆེན་དུང་དང་རོལ་མོའི་ཚོགས༔ ཡིད་འོང་མཛེས་པའི་སྒྲ་སྙན་རྣམས༔ རྡོ་རྗེ་གཡུ་སྒྲོན་ཁྱོད་ལ་འབུལ༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ ཙནྡན་དྲི་དང་རོ་བརྒྱའི་ཟས༔ ལྷ་རྫས་ན་བཟའ་ལ་སོགས་ཀུན༔ རྡོ་རྗེ་གཡུ་སྒྲོན་ཁྱོད་ལ་འབུལ༔ གསེར་དངུལ་ལ་སོགས་རིན་ཆེན་དང་༔ ཀ་ར་བུ་རམ་བཅུད་ཀྱི་མཆོག༔ ག་བུར་ལ་སོགས་སྨན་སྣ་རྣམས༔ རྡོ་རྗེ་
གཡུ་སྒྲོན་ཁྱོད་ལ་འབུལ༔ དམ་རྫས་མཆོད་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རྟེན་རྫས་སྤྱན་གཟིགས་གཅལ་དུ་བཀྲམ༔ དངོས་བཤམས་ཡིད་སྤྲུལ་འདི་ཕུལ་མཐུས༔ སངས་རྒྱས་བསྟན་པ་སྲུང་བ་དང་༔ དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས༔ དགེ་འདུན་སྡེ་རྒྱས་འབྱོར་པར་ལྡན༔ རྣལ་འབྱོར་བདག་གི་འདོད་དོན་སྒྲུབས༔ བདག་ཅག་འཁོར་དང་བཅས་པ་ཡི༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ འཁོར་དང་ལོངས་སྤྱོད་དབང་དུ་སྡུས། གདུག་པའི་དགྲ་བགེགས་ཚར་གཅོད་ཅིག༔ ཆོས་དང་ལོངས་སྤྱོད་འབྱོར་པར་ལྡན༔ གནས་འདིར་བསྟན་པ་དར་ཞིང་རྒྱས༔ འགྲོ་དོན་ཕྱོགས་མེད་ཁྱབ་པར་མཛོད༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ལེགས་ཉེས་སྤྱོད་ཚུལ་གསལ་བེར་སྟོན༔ མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་སོགས་ཅི་ལྟར་སྨོན་པའི་དངོས་གྲུབ་སྩོལ༔ གསལ་བྱེད་པྲ་ཡི་སྒོ་ཕྱེས་ལ༔ ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ༔ མདོར་ན་ཕྲིན་ལས་གང་བཅོལ་བ༔ ཐོགས་པ་མེད་པ་ལུང་བསྟན་ཞིང་༔ གཡེལ་བ་མེད་པ་སྒྲུབ་པ་སོགས༔
དངོས་གྲུབ་འབྱུང་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛཿ ས་པ་རི་ཝཱ་ར་མ་ཧཱ་བྷ་ལི་ཏ་ལ་ཁ་རཾ་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧྲཱི༔ ཨོཾ་བཛྲ་ཨརྒྷཾ་སོགས། བཛྲ་རཱུ་པ་ཤརྡ་གྷནེ་ར་ས་སྤརེ་སརྦ་པཱུ་ཛ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ༔ ཆོས་སྐུའི་དབྱིངས་ལས་སྤྲོས་པ་མི་མངའ་ཡང་༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུ་སྨན་མོས་འགྲོ་མཛད་ལ་བསྟོད༔ སྤྲུལ་སྐུའི་གནས་ལ་ངེས་པ་མ་མཆིས་ཀྱང་༔ རི་རབ་གྲོང་དང་ནགས་ཚལ་མཚོ་གླིང་དང་ལྷོ་མོན་བོད་དང་རྒྱ་གར་ལ་སོགས་ཀྱི༔ ཡུལ་རྣམས་ཀུན་ཏུ་དངོས་གྲུབ་སྟེར་ལ་བསྟོད༔ ཆོས་མཛད་སྲུང་མ་སྤྱན་རས་གཟིགས་ཀྱི་ལྕམ༔ མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་ཀུན་གྱི་བདག༔ དམ་ཚིག་ཅན་ལ་དགོས་འདོད་འབྲས་སྩོལ་བ༔ རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་ལ་བསྟོད༔ ཉི་ཤུ་རྩ་བཞིའི་གནས་ཀྱི་གཙོ་མོ་སྟེ་མཁའ་འགྲོ་ཀུན་གྱི་དབང་མོ་ཁྱོད་ཁོ་ན༔ འཇིག་རྟེན་དབང་ཕྱུག་མི་བསྐྱོད་རྡོ་རྗེ་ཡི༔ ལྕམ་གཅིག་རྡོ་རྗེ་གཡུ་སྒྲོན་གང་དེ་བསྟོད༔ སྔོན་གྱི་བསྐལ་པའི་ཐོག་མར་ཁྱོད་ཉིད་ཀྱང་༔ ཤ་བ་རི་
དང་པདྨ་འབྱུང་གནས་དང་༔ མི་བསྐྱོད་བཟང་པོ་རྡོ་རྗེ་དགའ་བ་སོགས༔ རིག་འཛིན་ཡོངས་ཀྱི་ལྕམ་གཅིག་ཁྱོད་ལ་འདུད༔ ཇི་ལྟར་ཁས་བླངས་བཞིན་དུ་འགྲོ་རྣམས་ལ༔ ཐུགས་རྗེ་ཅན་གྱིས་ཉིན་མཚན་རྒྱུན་དུ་གཟིགས༔ མ་བཞིན་བརྩེ་བས་སྐྱོང་བའི་མཁའ་འགྲོ་མ༔ གཡོ་མེད་ཀུན་ཏུ་སྟོན་ལ་གུས་ཕྱག་འཚལ༔ གཞན་ལ་དབང་སྒྱུར་འཁོར་ལོ་རིན་ཆེན་འདྲ༔ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུ་འདྲ༔ མིག་འབྲས་གཟུགས་མཆོག་བཙུན་མོ་རིན་ཆེན་འདྲ༔ ཡོན་ཏན་ཀུན་སྩོལ་བློན་པོ་རིན་ཆེན་འདྲ༔ ཐེག་པའི་དོན་རྟོགས་གླང་པོ་རིན་ཆེན་འདྲ༔ ས་བཅུ་བགྲོད་མཛད་རྟ་མཆོག་རིན་ཆེན་འདྲ༔ ཕས་རྒོལ་འཇོམས་མཛད་དམག་དཔོན་རིན་ཆེན་འདྲ༔ དབང་པོ་བརྒྱ་བྱིན་ལྟར་ནི་ལོངས་སྤྱོད་ཆེ༔ མེ་ཏོག་པདྨ་ལྟར་ནི་སྐུ་མདངས་ལེགས༔ ཨུ་དུམ་ཝཱ་ར་ལྟར་ནི་སྐྱེ་བ་དཀོན༔ ནམ་མཁའི་འཇའ་ཚོན་ལྟར་ནི་ཁ་དོག་ལེགས༔ ཕྱག་ན་རྡོ་རྗེ་ལྟར་ནི་མཐུ་རྩལ་ཆེ༔ འཇིག་རྟེན་མགོན་པོ་ལྟར་ནི་ཀུན་གྱིས་བསྟོད༔ ཐུན་མོང་དངོས་གྲུབ་མ་ལུས་སྩོལ་བ་དང་༔ དུས་རྣམས་ཀུན་ཏུ་ལྷ་མོ་ཁྱོད་ལ་བསྟོད༔ དེ་ནས་གསོལ་ཁ་བྱེད་ན་སླར་གསོ་བྲན་དང་
ཨ་ཀཱ་རོ་བརྗོད་ན་རུང་༔ ཧཱུྃ༔ རྡོ་རྗེ་བརྟན་མ་གཡུ་སྒྲོན་མ༔ སྐུ་མདོག་ཀུནྡ་ལྟར་དཀར་ཞིང་༔ བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ ཁྱད་པར་འཕགས་པའི་ལྷ་མོ་ནི༔ ཞི་ཞིང་འཛུམ་པའི་ངང་ཚུལ་ཅན༔ སྤྱན་གཉིས་སྒྲུབ་པ་པོ་ལ་གཟིགས༔ གཡུ་ཡི་སྨིན་མ་དུང་གི་ཚེམས༔ ཕྱག་གཡས་མདའ་དར་ནམ་མཁར་ཕྱར༔ གཡོན་པས་དངུལ་དཀར་མེ་ལོང་འཛིན༔ སྨན་ཤ་ཡུ་མོ་ཆིབས་སུ་ཆིབས༔ ལྷ་རྫས་ན་བཟའ་དགུ་བརྩེགས་གསོལ༔ རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན༔ ཁྱོད་ཀྱི་ན་བཟའི་སུལ་རྣམས་ནས༔ རིན་ཆེན་སྣ་ཚོགས་ཆར་དུ་འབེབས༔ སྒྲུབ་མཆོག་འདོད་པའི་རེ་བ་སྐོང་༔ མཁའ་འགྲོ་དཀར་མོའི་ཚོགས་ཀྱིས་བསྐོར༔ ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ འདིར་བྱོན་གཙང་མའི་ཕུད་ལ་རོལ་དམ་རྫས་གཏོར་མ་འདི་བཞེས་ལ༔ ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ༔ སྔོན་ཚེ་པདྨས་བཀའ་བསྒོས་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རིགས་བཞིའི་སྨན་བཙུན་མཆེད་བཞི་ནི༔ སྔོ་སེར་དམར་དང་ལྗང་བའི་མདོག༔ དྲེལ་རྟ་རྐྱང་
དང་འབྲོང་ལ་ཆིབས༔ རང་རང་རིགས་ཀྱི་ཕྱག་མཚན་འཛིན༔ རིགས་བཞི་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་གྱིས་བསྐོར༔ འདིར་བྱོན་གཙང་མའི་ཕུད་ལ་རོལ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ སྔོན་ཚེ་པདྨས་བཀའ་བསྒོས་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་རྗེ་བརྟན་མ་བཅུ་གཉིས་ནི༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་ལྡན༔ སོ་སོའི་ཞོན་པ་སྣ་ཚོགས་ཆིབས༔ རིགས་དང་མཐུན་པའི་འཁོར་གྱིས་བསྐོར༔ ཕྱི་འཁོར་སྨན་མོ་འབུམ་ཕྲག་དང་༔ མ་ལུས་འཁོར་དང་ཡང་འཁོར་བཅས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་གྱིས་བསྐོར༔ འདིར་བྱོན་གཙང་མའི་ཕུད་ལ་རོལ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སོ་སོའི་དངོས་གྲུབ་ཐམས་ཅད་སྩོལ༔ རྡོ་རྗེ་གཡུ་སྒྲོན་འཁོར་བཅས་ལ༔ སྔ་མ་ལས་བྱས་གཏང་རག་བཏང་༔ ཕྱི་མ་ལས་བཅོལ་ཞུ་སྐྱེམས་འབུལ༔ ད་ལྟ་ལས་ཀྱི་གཉེར་ཟས་
འདི༔ དགྱེས་པ་ཆེན་པོས་བཞེས་སུ་གསོལ༔ རྡོ་རྗེ་འཆང་དབང་ཧེ་རུ་ཀ༔ སྟོན་པ་གསང་བདག་རྟ་མགྲིན་དང་༔ མཁའ་འགྲོ་སེང་གདོང་པདྨ་འབྱུང་༔ བཞད་པ་རྡོ་རྗེ་ཀརྨ་པ་སངས་རྒྱས་དབོན་པོ་གར་གྱི་དབང་༔ སུམ་ལྡན་རྡོ་རྗེ་འཛིན་པ་ཡི༔ བཀའ་དང་དམ་ལ་མ་འདའ་བར༔ མ་ལྟར་བརྟེན་ནོ་དབང་མ་ཆེ༔ སྲིང་ལྟར་བརྟེན་ནོ་སྙིང་མ་རིང་༔ མཛའ་ལྟར་བརྟེན་ནོ་གཞུང་མ་ངན༔ བྲན་ལྟར་བརྟེན་ནོ་ཞེ་མ་སྡང་༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ བདག་གི་བརྒྱུད་པའི་བསྟན་པ་སྲུངས༔ བླ་མ་རྣམས་ཀྱི་སྐུ་ཚེ་སྲིངས༔ ལུང་རྟོགས་ཆོས་སྲིད་འཛིན་པ་ཡི༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ མི་མཐུན་རྐྱེན་རྣམས་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ སྣང་སྲིད་ཐམས་ཅད་དབང་དུ་སྡུས༔ བསྟན་དང་བདག་ཅག་དཔོན་སློབ་ལ༔ སྡང་བའི་དགྲ་བོ་ཐམས་ཅད་ཐུལ༔ བྱིན་པའི་ཟས་འདི་ཁྱོད་ཀྱིས་གསོལ༔ བཅོལ་བའི་ལས་རྣམས་ཐམས་ཅད་སྒྲུབས༔ ཇི་ལྟར་གདམས་པའི་ངག་ལ་ཉོན༔ བདག་གི་དགོས་པའི་དོན་རྣམས་སྒྲུབས༔ མ་རུངས་གདུག་པའི་དགྲ་འདི་སོད༔ གནོད་པར་བྱེད་
པའི་བགེགས་རྣམས་ཐུལ༔ བར་ཆད་རྐྱེན་རྣམས་ཐམས་ཅད་ཟློག་སྡོད་པའི་གནས་མལ་ཁྱོད་ཀྱིས་སྲུངས༔ ཉེ་བར་མཁོ་བའི་ཡོ་བྱད་སྤེལ༔ བརྒྱུད་པ་འཛིན་པའི་ལས་རྣམས་སྒྲུབས༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ རྟག་ཏུ་མི་འབྲལ་འགྲོགས་ནས་ཀྱང་༔ ཇི་ལྟར་འདོད་པའི་རེ་བ་ཀུན༔ འབད་པ་མེད་པར་འགྲུབ་པར་མཛོད༔ དེ་ནས་སྐོང་བ་བྱེད་ན་གནམ་ཆོས་ནས་འབྱུང་བ་ལྟར་བྱ་སྟེ༔ ཧཱུྃ༔ སྲིང་ཅིག་རྡོ་རྗེ་གཡུ་སྒྲོན་མའི༔ ཐུགས་དམ་གཉན་པོ་བདག་གིས་བསྐང་༔ དམ་ཚིག་ཉམས་པ་ཐམས་ཅད་བཤགས༔ གང་བཅོལ་ལས་རྣམས་ཁྱོད་ཀྱིས་སྒྲུབས༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། མར་མེ་དྲི་དང་ཞལ་ཟས་དང་༔ རོལ་མོ་སྒྲ་དབྱངས་ཐམས་ཅད་ཀྱིས༔ གཡུ་སྒྲོན་འཁོར་བཅས་ཐུགས་དམ་བསྐང་༔ འདོད་ཡོན་ལྔ་དང་རིན་ཆེན་བདུན༔ བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱིས༔ གཡུ་སྒྲོན་འཁོར་བཅས་ཐུགས་དམ་བསྐང་༔ གཡག་ལུག་ར་གསུམ་ལྷ་འབྲི་དང་༔ དཀོར་ནོར་རི་དྭགས་གཡུང་དྭགས་སོགས༔ མཐུན་རྫས་རྣམ་པ་སྣ་ཚོགས་ཀྱིས༔ གཡུ་སྒྲོན་འཁོར་
བཅས་ཐུགས་དམ་བསྐང་༔ བདག་ཅག་བག་མེད་དབང་གྱུར་ནས༔ སྡོམ་པ་གསུམ་དང་འགལ་བ་ཡི༔ ཉམས་པ་ཐམས་ཅད་མཐོལ་ཤིང་བཤགས༔ བཟོད་པར་བཞེས་ནས་དགྱེས་པར་མཛད༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ ཕ་རོལ་བྱད་དང་དྲོད་གཏོང་དང་༔ སྐག་དང་སྲི་དང་ལྟས་ངན་དང་༔ རྨི་ལམ་མཚན་ལྟས་ངན་པ་སོགས༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་ཟློག༔ བདག་དང་བདག་ལ་སྡང་བ་ཡི༔ དམ་ཉམས་སྡིག་ཅན་དགྲ་བགེགས་འདི༔ ལོ་ཟླ་ཞག་ཏུ་མ་བཞག་པར༔ ད་ལྟ་ཉིད་དུ་མྱུར་དུ་སྒྲོལ༔ ཁྱོད་ནི་སྲུང་མ་ཐུགས་དམ་ཅན༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ ཁྱེད་དང་དམ་ཚིག་གཅིག་པའི་ཕྱིར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་འབུལ་བསྡུས་པ་ནི༔ ཧྲཱི༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ན༔ རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ཁང་ནས༔ རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་
གཉན་པོ་འགྲུབ་པར་མཛོད༔ དམ་རྫས་གཙང་མ་བཤམས་པའི་མཆོད་པ་འདི༔ རྡོ་རྗེ་གཡུ་སྒྲོན་མ་ལ་མཆོད་པ་འབུལ༔ ཐུགས་རྗེས་བརྩེར་དགོངས་སྦྱིན་པའི་མཆོད་པ་བཞེས༔ མཆོད་པ་བཞེས་ཤིག་ཨ་ལ་ལ་ཧོ༔ ཨོཾ་བཛྲ་མ་མ་ལ་ལ་ལི་ལི་སརྦ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧྲཱི༔ ཞེས་ཕུད་གཏོར་ན་ཡང་རུང་བའོ། །འདི་ཡི་སྒྲུབ་ཐབས་ཀློང་ཆེན་རབ་འབྱམས་པས་མཛད་པར་བདག་བསྐྱེད་དུ་མཛད་པར་བཤད༔ དབང་ཕྱུག་རྡོ་རྗེས་འདི་ཁོ་ན་ལྟར་མཛད་ནས༔ བདག་བསྐྱེད་སྤྱན་རས་གཟིགས་སུ་ངེས་པར་བསྐྱེད༔ མ་ཎི་བསྒྲུང་བ་སོགས་མཛད༔ ཡང་ན་གུ་རུ་བསྒོམས་ཀྱང་འགལ་བ་མེད་གསུངས༔ ཀར་ལུགས་སྔགས་ནི༔ ཨོཾ་བཛྲ་པྲ་མོ་ཧ་ཧཱུྃ་ཧཱུྃ་ཛཿ ཅེས་དང་༔ ཨོཾ་བྷི་ལུག་ཀླུ་ན་ཨ་ལོ་ཀ་ཁ་ཡ་སྭཱ་ཧཱ། ཞེས་བསྙེན་སྔགས་སོ། །ཨོཾ་བྷི་ལི་དྷི་ལི་ཁྱི་ལི་ཁྱི་ལི་ཨ་ལོཀྟ་ཁ་ཡ་སྭཱ་ཧཱ༔ ཞེས་སྒྲུབ་པའི་སྔགས་རྒྱུན་དུ་བྱེད་ན་དེ་གས་ཆོག༔ ལས་སྦྱོར་པྲ་སྒྲུབ་སྔགས་ནི་གཞུང་དུ་གསལ༔ མཁས་གྲུབ་ལུང་རིགས་ཉི་མས༔ མཚན་སྔགས་ནི། ༀ་ཨཱབཛྲ་ཤཱ་ས་ན་མ་ཧཱ་པཱ་ལ་བྷི་རོ་ཙ་ནཱ་དཱི་པེ་སྭཱ་ཧཱ། འདི་མཛད། ཀློང་ཆེན་རབ་འབྱམས་པའི་རིན་ཆེན་ཤོག་འདྲ་ལས༔ ཨོཾ་བཛྲ་པྲ་མོ་ཧ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ གནམ་ཆོས་ལས༔ ཨོཾ་བཛྲ་པྲ་མོ་ཧ་བཱ་སུ་སིདྡྷི་ཧཱུྃ་ཛཿ ཧཱུྃ་སྭ་ཧཱཿ འབྲུག་ལུགས་སྔགས་ནི། ཨོཾ་མ་མ་ལ་ལ་ལི་ལི། །
ཞེས་གསུངས་སོ༔ ཞི་སྒྲུབ་འདི་ཀར་འབྲུག་ལུགས་ཀློང་ཆེན་རབ་འབྱམས་པ་གནམ་ཆོས་མཐུན་པར་ཐུགས་སྲོག་ཧྲཱི༔ཡིག་ལ༔ ལུང་རིགས་ཉི་མས་མིང་ཡིག་དང་པོ་སྟེ་དཀར་པོ་ཡིན་གསུངས་སོ། །དེ་ལྟར་གཏོར་ཆོག་འདི་ནི་གནམ་ཆོས་ལས་བྱུང་བ་དང་། རྗེ་དབང་ཕྱུག་རྡོ་རྗེ་དང་། མཐུ་ཆེན་རྡོ་རྗེ་འཛིན་པ་ཀློང་ཆེན་རབ་འབྱམས་དང་། ལུང་རིགས་ཉི་མ་རྣམས་ཀྱིས་མཛད་པའི་ཁུངས་བཙུན་ལ་བརྟེན་ཏེ། རཏ་ལུགས་དང་ཉང་ལུགས་པད་གླིང་སོགས་དང་མི་འགལ་བར། སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་ཉེས་འགལ་མཆིས་ན་ལྷ་མོ་ཉིད་ལ་བཤགས་ཤིང་། དགེ་བས་བདག་གི་བརྒྱུད་པ་ངེས་པར་འཛིན་པ་རྣམས་ལ་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཡུ་སྒྲོན་མའི་སྐོང་བ།
དེ་ནས་སྐོང་བ་བྱ་བར་སྤྲོན། ཧྲཱི༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མའི། །ཐུགས་དམ་གཉན་པོ་བདག་གིས་བསྐང་། །དམ་ཚིག་ཉམས་པ་ཐམས་ཅད་བཤགས། །གང་བཅོལ་ལས་རྣམས་ཁྱོད་ཀྱིས་སྒྲུབས། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་དང་ཞལ་ཟས་དང་། །རོལ་མོ་སྒྲ་དབྱངས་ཐམས་ཅད་ཀྱིས། །གཡུ་སྒྲོན་འཁོར་བཅས་ཐུགས་དམ་བསྐང་། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི། །ཕྱི་ནང་གསང་བའི་མཆོད་རྫས་ཀྱིས། །གཡུ་སྒྲོན་འཁོར་བཅས་ལྟ་ཐུགས་དམ་བསྐང་། །གཡག་ལུག་ར་གསུམ་ལྷ་འབྲི་དང་། །དཀོར་ནོར་རི་དྭགས་གཡུང་དྭགས་སོགས། །མཐུན་རྫས་རྣམ་པ་སྣ་ཚོགས་ཀྱིས། །གཡུ་སྒྲོན་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་བག་མེད་དབང་གྱུར་པས། །སྡོམ་པ་གསུམ་དང་འགལ་བ་ཡི། །ཉམས་པ་ཐམས་ཅད་མཐོལ་ཞིང་བཤགས། །བཟོད་པར་བཞེས་ནས་དགྱེས་པར་མཛོད། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །
ཕ་རོལ་བྱད་དང་རྦོད་གཏོང་དང་། །ཀག་དང་སྲི་དང་ལྟས་ངན་དང་། །རྨི་ལམ་མཚན་ལྟས་ངན་པ་སོགས། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ཟློག །བདག་དང་བདག་ལ་སྡང་བ་ཡི། །དམ་ཉམས་སྡིག་ཅན་དགྲ་བགེགས་འདི། །ལོ་ཟླ་ཞག་ཏུ་མ་བཞག་པར། །ད་ལྟ་ཉིད་དུ་མྱུར་དུ་སྒྲོལ། །ཁྱོད་ནི་སྲུང་མ་ཐུགས་དམ་ཅན། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །ཁྱེད་དང་དམ་ཚིག་གཅིག་པའི་ཕྱིར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གཡུ་སྒྲོན་ནག་སྒྲུབ་ཀྱི་ལྷན་ཐབས།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ གཡུ་སྒྲོན་ནག་སྒྲུབ་ཀྱི་ལྷན་ཐབས་སོ༔ མངྷ་ལཾ༔
དམར་གཏོར་བཀའ་སྲུང་སྤྱི་ལྟར་བྱས་ལ༔ བྷྱོ༔ སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ༔ དང་པོ་སྲིད་པ་ཆགས་བྱེད་པའི༔ ཨེ་ཀ་ཙ་ཏི་མཐུ་མོ་ཆེ༔ གཡུ་ཡི་རལ་པ་སྤྱི་བོར་བསྒྲེང་༔ མི་ནད་ཕྱུགས་ནད་ཐམས་ཅད་ནི༔ མིག་གཅིག་ཁྱོད་ཀྱི་མིག་ནས་བྱུང་༔ ཁྲག་གི་མཆི་མ་དགྲ་ལ་ཕོབ༔ ཁ་ཡི་དཀྱིལ་ནས་སོ་གཅིག་མ༔ དགྲ་སྙིང་ཇུར་མིད་ད་གྱིས་ཤིག༔ རྐང་གཅིག་བང་ནི་རླུང་བས་མགྱོགས༔ སྡང་བའི་དགྲ་ལ་ད་རྒྱུག་ཅིག༔ རེས་འགའ་སྤྲུལ་པ་མཛད་ཙམ་ན༔ མཐིང་ནག་གཡུ་རལ་སྤྲིན་ལྟར་གཏིབས༔ ཕྱག་གཡས་དགྲ་སྙིང་སྤར་གྱིས་འདེབས༔ གཡོན་
པས་ནད་ཀྱི་རྐྱལ་པ་བྱོས༔ ལྕགས་ཀྱི་སྤྱང་ཀི་ཆིབས་སུ་བཅིབས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ནད་རིམས་དལ་ཁ་དགྲ་ལ་ཕོབ༔ བོད་སྐྱོང་ལྷན་ཅིག་སྐྱེས་མ་སྟེ༔ རྡོ་རྗེ་གཡུ་སྒྲོན་ཁྲོས་པའི་ཚེ༔ ཙཱ་རི་གཡུ་མཚོའི་འགྲམ་ནས་བཞེངས༔ ཤ་ཟ་ཌཱ་ཀི་ཟ་བྱེད་གདོང་༔ མགོ་དགུ་ཁ་གདངས་མཆེ་བ་གཙིགས༔ ཕྱག་བརྒྱད་གདུག་པའི་མཚོན་ཆ་ཕྱར༔ མིག་ནས་མེ་འབར་སྣ་ནས་རླུང་དམར་འཚུབ༔ ཁ་ནས་ཁྲག་གི་རྒྱ་མཚོ་འདེབས༔ བྷ་ག་ནམ་མཁའི་དབྱིངས་ནས་བསྒྲད༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་
བཅིབས༔ མཚན་མོ་སྟོང་གསུམ་ཁྱབ་པར་སྤྲུལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས༔ མཁའ་འགྲོའི་བཀའ་ཆེད་དགྲ་ལ་ཕོབ༔ ལྟས་ངན་བརྒྱད་ཅུའི་རྒྱལ་ཁ་ཕྱེས༔ བྷྱོ༔ སྲིད་པའི་མ་མོ་གཡུ་སྒྲོན་མ༔ ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ༔ བདུད་མོ་ཁྲག་འཐུང་རེ་མ་ཏི༔ རེ་ལྡེ་མགོ་ཉག་བུ་མོ་སྟེ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད༔ ཁྲག་ཞག་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབུ་ལ་ཟླ་ཚེས་རྨ་བྱའི་འཕྲུ༔ སྐུ་སྟོད་གླང་ཀོ་མི་ལྤགས་གྱོན༔ སྐུ་སྨད་རེ་ལྡེའི་ཤམ་ཐབས་ཟློབཅིངས༔ ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ཕྱར༔ བསྟན་དགྲ་དམ་ཉམས་ཁྲམ་ལ་ཐོབ༔ གཡོན་པས་བཙན་གྱི་ཤྭ་རྡེལ་ཐོགས༔ བཙན་གྱི་ཤོ་ཁ་དགྲ་ལ་ཕྱེས༔ ཆིབས་སུ་དྲེལ་ནག་རྐང་གསུམ་བཅིབས༔ རླུང་བས་མགྱོགས་པར་དགྲ་ལ་རྒྱུགས༔ སྔ་ཤ་མཚོན་གྱི་གྲུ་གུ་བཀལ༔ མཚོན་གྱི་ཆར་པ་དགྲ་ལ་ཕོབ༔ ཕྱི་ཤ་ནད་ཀྱི་རྐྱལ་བ་བཀལ༔ ནད་ཀྱི་ཐང་མ་དགྲ་ལ་བརྡོལ༔ ཁ་རླངས་ནད་སྤྲིན་སྔོ་དམར་འཐིབས༔ ནད་རིམས་རྐྱེན་ཁ་དགྲ་ལ་ཕོབ༔ ནག་མོ་འབུམ་གྱི་འཁོར་དང་བཅས༔ མི་རུངས་སྣ་ཚོགས་དགྲ་ལ་
ཕོབ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རེས་འགའ་དྲག་ཏུ་བསྐུལ་ཙམ་ན༔ ལྷ་སྨན་གཡུ་སྒྲོན་སྐུ་མདོག་ནག༔ ཞལ་གསུམ་ཐམས་ཅད་ནག་པོ་སྟེ༔ ཕྱག་གཡས་རལ་གྲི་གཡོན་སྤུ་གྲི༔ རླུང་ནི་རྟ་རུ་ཞོན་ནས་རྒྱུགས༔ སྲིན་མོའི་ཆ་ལུགས་རྫོགས་པ་ལ༔ སྲིན་མོ་བདུད་མོའི་འཁོར་དང་བཅས༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས༔ ཐོག་དང་སེར་བ་གནམ་རྡོ་རྒྱོབས༔ སྟེང་ནས་རྡོ་རྡེལ་ཆར་དུ་ཕོབ༔ སྟེང་ནས་བྱ་ཐན་སྣ་ཚོགས་ཐོངས༔ གཅན་གཟན་རི་དྭགས་ཁྱིམ་དུ་རྒྱུགས༔ མེ་འབར་འོད་འཁྱིལ་རང་ཐག་བསྐོར༔ ཨ་ཙ་ར་དང་སྤྲེའུས་ཁྱིམ་ནང་ཁེངས༔ མིང་ནས་བོས་ལ་སྐྲ་ནས་འཐེན། མགོ་ནོན་སྔས་བསྒྱུར་ཐིབས་ཐིབས་ནོན༔ སྔགས་འཆང་བདག་གིས་བཏང་ངོ་གྱིས༔ ཁྱེར་བའི་རྟ་ཕྱུགས་ཀ་ཆ་ལ༔ མེ་འབར་མི་སྐད་སྨྲ་རུ་ཆུག༔ སྒོ་རྡུང་མེ་བུས་སྔངས་སྐྲག་ཐོངས༔ བརྒྱལ་ནད་སྨྱོ་འབོག་སྙིང་ལ་ཆུག༔ ང་ཡི་ཀ་ཆ་ཁྱེར་ལ་ཤོག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཏྲིབཛྲ་ཏྲི་པྲ་མོ་
ཏྲིཿཧ་ཏྲི་རྒྱུག་རྒྱུག་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པའམ་རྒྱས་པར་བྱེད་ན༔ བྷྱོ༔ ལྷ་སྨན་རྡོ་རྗེ་གཡུ་སྒྲོན་མ༔ བརྟན་མ་དམག་གི་རྒྱལ་མོ་སྟེ༔ སྡང་བའི་དགྲ་ལ་དམག་ལ་ཆོས་བརྟན་མ་བཅུ་གཉིས་འཁོར་དང་བཅས༔ སྲིད་པའི་སྨན་མོ་བྱེ་བ་འབུམ༔ དམག་གི་རུ་དར་ལྷབས་སེ་ལྷབ༔ མཚོན་གྱི་སྐར་མདའ་ཁྲུགས་སེ་ཁྱུག༔ འབོད་པའི་བཤུད་གླུ་ཙེ་རེ་རེ༔ ནད་ཀྱི་ན་བུན་ཐིབས་སེ་ཐིབ༔ བོང་བུ་དྲེལ་རྟ་ཤ་ཀྱང་བཅིབས༔ ཕྱག་གཡས་མདུང་དར་རལ་གྲི་ཕྱར༔ དམ་ཉམས་དགྲ་བོའི་སྐེ་ནས་ཆོད༔ ཕྱག་གཡོན་མི་ཐོད་ལྕང་ལོ་ཅན༔ ཁྲག་འཐུང་མ་མོས་དགྲ་ཁྲག་འཐུང་༔ བརྟན་མ་རྡོ་རྗེ་གཡུ་སྒྲོན་མའི༔ མིང་པོ་རྡོ་རྗེ་ཆུང་གྲགས་རྩལ༔ སྐྱེས་མཆོག་རྡོ་རྗེ་ལེགས་པ་རྩལ༔ སྐྱེས་མཆོག་རྡོ་རྗེ་གྲུབ་པ་རྩལ༔ སྐྱེས་མཆོག་རྡོ་རྗེ་བསམ་འགྲུབ་རྩལ༔ འཛིན་གིང་བཞི་བཅུ་རྩ་གཉིས་དང་༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་༔ བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་༔ བཙན་རྒོད་དྲག་པོ་སྟོང་དང་བཅས༔ ཐེའུ་རང་སྟོང་སྡེ་གཡོག་དང་བཅས་སྡང་བའི་དགྲ་ལ་དམག་ལ་རྒྱུགས༔ ཀུན་ཀྱང་མི་བཀྲ་རྟ་བཀྲ་ལ༔ བ་དན་རུ་མཚོན་སྤྲིན་ལྟར་
གཏིབས༔ སྐུ་ལ་བསེ་ཁྲབ་དུང་གི་ཁྲབ༔ སྟག་གཟིག་དོམ་གྱི་ཤམ་ཐབས་དང་༔ དབུ་ཡི་རྨོག་ཞུ་སྣ་ཚོགས་ལ༔ བྱ་ཕོད་ལྡེམ་དར་ཉི་ལྟར་ཤར༔ གཡས་ཀྱི་སྟག་རལ་ཁྲ་བོ་ལ༔ ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས༔ གཡོན་གྱི་གཟིག་ཤུབས་ཟངས་བཀྲ་ལ༔ ཤེས་རབ་གཞུ་མོ་གློག་ལྟར་འཁྱུགས༔ ཕྱག་གི་མཚོན་ཆ་སྣ་ཚོགས་ལ༔ གདུག་པའི་གློག་དམར་ཐོག་སེར་འཕྲོ༔ ཀུ་བསོ་ཆོ་སྒྲ་དི་རི་རི༔ སྣང་སྲིད་ལྷ་འདྲེའི་དམག་ཚོགས་རྣམས༔ བྷྱོ་བྷྱོ་དེ་ནི་དགྲ་ལ་བྱོ༔ རྒྱུག་རྒྱུག་དེ་ནི་དགྲ་ལ་རྒྱུགས༔ དུས་ངན་བསྐལ་པའི་སྙིགས་མ་ལ༔ ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་༔ ཁྱེད་རྣམས་འཇིག་རྟེན་མྱུར་མགྱོགས་ལྷ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྟགས་དང་མཚན་མ་ད་ལྟ་སྟོན༔ སྡང་བའི་དགྲ་བོ་ཆམ་ལ་ཕོབ༔ དམག་གི་རྒྱལ་མོ་གཡུ་སྒྲོན་མའི༔ དམག་དཔོན་དགྲ་འདུལ་དབང་ཕྱུག་ནི༔ མགོན་པོ་ཏ་ཀི་ནག་པོ་སྟེ༔ ལྕགས་ཀྱི་སྐྱེས་བུ་གདུག་པ་ཅན༔ འབྱུང་པོ་སེར་པོ་སྣ་ཡོན་པོ༔ དམག་དཔོན་སྡོང་ཆེན་བརྒྱད་ཀྱིས་བསྐོར༔ དམག་དཔོན་བརྒྱད་ཀྱི་བེང་ནང་ནས༔ ཤར་ཕྱོགས་ཙནྡན་བེང་ནང་ནས༔ དུང་ཁྲབ་
ཅན་ལ་འབུམ་ཕྲག་གཅིག༔ ལྷོ་ཕྱོགས་གསེར་གྱི་བེང་ནང་ནས༔ གསེར་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ནུབ་ཕྱོགས་ཟངས་ཀྱི་བེང་ནང་ནས༔ ཟངས་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ བྱང་ཕྱོགས་ལྕགས་ཀྱི་བེང་ནང་ནས༔ ལྕགས་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ཤར་ལྷོ་དངུལ་གྱི་བེང་ནང་ནས༔ དངུལ་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ལྷོ་ནུབ་མཆོང་གི་བེང་ནང་ནས༔ མཆོང་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ ནུབ་བྱང་བྱི་རུའི་བེང་ནང་ནས༔ བསེ་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ བྱང་ཤར་གཡུ་ཡི་བེང་ནང་ནས༔ གཡུ་ཁྲབ་ཅན་ལ་འབུམ་ཕྲག་གཅིག༔ གོ་ཆ་སྲ་ལ་མཚོན་ཆ་རྣོ༔ ནམ་མཁའ་ཐམས་ཅད་དར་གྱིས་ཁེངས༔ བར་སྣང་ཐམས་ཅད་དམག་གིས་ཁེངས༔ སྡང་བའི་དགྲ་ལ་དམག་དཔུང་ཆོས༔ བསྟན་དང་བདག་ལ་སྡང་བའི་དགྲ༔ མ་ལུས་ཐམས་ཅད་རྡུལ་དུ་རློགས༔ ཏ་ཀི་ནག་པོ་མཐུ་མ་ཆུང་༔ ལྕགས་ཀྱི་སྐྱེས་བུ་རྩལ་མ་ཞེན༔ འབྱུང་པོ་སྣ་ཡོན་བང་མ་བུལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་རིན་ཆེན་སྲུངས༔ དམ་ཚིག་ཅན་གྱི་བྱ་ར་གྱིས༔ སྡིག་ཅན་འདུལ་བའི་ཕྲིན་ལས་མཛོད༔
དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ བདག་ལ་བསྡོས་པའི་དགྲ་བོ་འདི༔ གཏད་དོ་གཉེར་རོ་མ་ཤོར་ཅིག༔ ནང་དམེ་ཕུངས་ཤིག་དུ་མ་ཐོངས༔ མི་རུངས་ལྟས་ངན་སྣ་ཚོགས་ཕོབ༔ ནད་མཚོན་མུ་གེའི་ཆར་པ་ཕོབ༔ དོན་སྙིང་བླ་ཚེ་སྲོག་དབུགས་ཟོ༔ ལོ་དང་ཟླ་བར་བཞག་ལུང་མེད༔ ཞག་དང་ཟ་མ་མ་འགོར་བར༔ ད་ལྟ་ཉིད་དུ་ལས་མཛོད་ཅིག༔ མ་ཧཱ་ཀཱ་ལ་ཏ་ཀི་རཱ་ཙ་བྷྱོ་བྷྱོ༔ བཛྲ་སཱ་དྷུ་ས་མ་ཡ་བྷྱོ༔ ཨཡམདུརུཙཤནབྷྱོ༔ དགྲ་བོ་མཱ་ར་ཡ་ཧུར་ཐུ་ཟད་ཡ༔ ཞེས་བརྗོད་ཅིང་གཏོར་མ་དགྲ་ཕྱོགས་སུ་འཕེན་པའམ༔ ཕྱོགས་སུ་ཕུལ༔ འདོན་ཆ་ལྟར་སྣང་སྲིད་ཀྱི་ལྷ་འདྲེའི་དམག་གིས༔ དགྲ་ཡུལ་དུ་ཕུང་བརླག་སྣ་ཚོགས་བརྡུང་བར་བསམ་མོ༔ ཞེས་པ་སྒྲོ་བྲག་བླ་མ་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་བས༔ ཉེར་དགུ་མེ་གདོང་འཛོམ་པར་རྡོ་རྗེ་གཡུ་སྒྲོན་མའི་ཕོ་བྲང་གི་ཞོལ་དུ་བྲིས་ཏེ༔ བསྐུལ་པ་ཅིག་དགོས་པ་བྱུང་བ་དང་རྟེན་འབྲེལ་འཛོམས་པས༔ ༧ རཱ་ག་ཨ་སྱས་སོ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
གཡུ་སྒྲོན་མའི་འཕྲིན་བཅོལ།
དེ་ནས་གཡུ་སྒྲོན་མའི་གསོལ་ཁ་ཡོད་ན་བྱིན་རླབས་བསྔོ་དབྱངས་བྱས་ནས་བཀྱགས་ལ༔ ཧོ༔ དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི་ཡང་༔ ལྷ་སྨན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ་ལ་གསོལ་ལོ༔ མཆོད་དོ༔ བསྟོད་དོ༔ འདྲེན་ནོ༔ འབུལ་ལོ༔ རིགས་བཞིའི་སྨན་བཙུན་མཆེད་བཞི་འཁོར་དང་བཅས་པ་ལ་གསོལ་ལོ༔ མཆོད་དོ༔ བསྟོད་དོ། འདྲེན་ནོ༔ འབུལ་ལོ༔ རྡོ་རྗེ་བརྟན་མ་བཅུ་གཉིས་སོ་སོའི་འཁོར་དང་གཡོག་དང་བཅས་པ་ལ་གསོལ་ལོ༔ མཆོད་དོ༔ བསྟོད་དོ༔ འདྲེན་ནོ༔ འབུལ་ལོ༔ གཞན་ཡང་འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་གྱི་སྨན་མོ་འབུམ་ཕྲག་དང་ཡུལ་ལྷ་གནས་བདག་ཟ་ལྷ་ཟོ་དོར་དཀོར་བདག་བཀའ་སྲུང་དམ་ཅན་གྱི་ཚོགས་དང་བཅས་པ་ལ་གསོལ་ལོ༔ མཆོད་དོ༔ བསྟོད་དོ༔ འདྲེན་ནོ༔ འབུལ་ལོ༔ མཉེས་ཤིང་ཚིམས་དགའ་ཞིང་མགུ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག༔ དཀོན་མཆོག་གི་དབུ་འཕང་བསྟོད་ཅིག༔ རྣལ་འབྱོར་པའི་སྐུ་ཚེ་སྲིངས་ཤིག༔ དགེ་འདུན་གྱི་ཆེ་བ་ཐོན་ཅིག༔ འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་སྤེལ་ཅིག༔ ཆར་ཆུ་དུས་སུ་འབེབས་པར་མཛོད་ཅིག༔ རྩྭ་ཁ་ལོ་
ཐོག་ལེགས་པར་མཛོད་ཅིག༔ མི་ནད་ཕྱུགས་ནད་གཅན་གཟན་གྱི་གནོད་འཚེ་མེད་པར་མཛོད་ཅིག༔ ཕྱི་ནང་གི་འཁྲུག་རྩོད་དང་འཐབ་འཁོན་མེད་པར་མཛོད་ཅིག༔ རྣལ་འབྱོར་པ་བདག་ཅག་ཡོན་མཆོད་ཐམས་ཅད་ཀྱི་མི་ལ་ན་ཚ་མ་བཏང་ཅིག་ཕྱུགས་ལ་གོད་ཀ་གཅན་སྤྱང་མ་བཏང་ཅིག༔ སད་སེར་མུ་གེ་མ་བཏང་ཅིག༔ དགྲ་རྐུན་དང་གོད་ཁ་མ་བཏང་ཅིག༔ སྡོད་པའི་རྟེན་ས་མཛོད་ཅིག༔ འགྲོ་ན་ལམ་ཆོས་ཤིག༔ ཚེ་དང་བསོད་ནམས་སྤེལ་ཅིག༔ དཔལ་དང་གྲགས་པ་སྒྲུབས་ཤིག༔ འཁོར་དང་བསྟན་པ་སྲུངས་ཤིག༔ ཉིན་གསུམ་གྱི་བྱ་ར་མཛོད་ཅིག༔ མཚན་གསུམ་གྱི་མེལ་ཆེ་མཛོད་ཅིག༔ དགྲ་བྱུང་ན་བྱ་ཐོངས་ཤིག༔ དུག་བྱུང་ན་སྨན་ཐོངས་ཤིག༔ མཉམ་གཉིས་ཀྱི་གཡུལ་འགྱེད་ན་དམག་དཔོན་ལ་རེའོ༔ རྒྱལ་ཁ་རླུང་ཁ་བདག་ལ་བྱིན་ཞིག༔ ཇག་ལ་འགྲོ་ན་ཇག་དཔོན་ལ་རེའོ༔ བུ་རྟ་སྲུང་ལ་དགྲ་ནོར་ལོངས་ཤིག༔ མཉམ་གཉིས་ཀྱི་མི་དང་ཕྱུགས་ནི་འགྲན་ན༔ བེའུ་ལུག་གི་འཕེལ་ཁ་རེའོ༔ བདག་ལ་རྐང་བཞི་ནོར་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག༔ མཉམ་གཉིས་ཀྱི་མི་དང་བུ་ནི་འགྲན་ན༔ རིགས་རྒྱུད་བཙན་
དར་དཔའ་རྩལ་རེའོ༔ མི་འཕེན་རྟ་ཧྲག་དཔའ་རྩལ་སྟོབས་ཀྱི་དངོས་གྲུབ་སྩོལ་ཅིག༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག༔ བང་མཛོད་ནོར་གྱི་དངོས་གྲུབ་སྩོལ་ཅིག༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག༔ ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ་ཅིག༔ སྲ་བརྟན་གོ་ཆའི་དངོས་གྲུབ་སྩོལ་ཅིག༔ གསེར་དངུལ་རིན་ཆེན་གྱི་དངོས་གྲུབ་སྩོལ་ཅིག༔ ཇ་དར་ལོངས་སྤྱོད་ཀྱི་དངོས་གྲུབ་སྩོལ་ཅིག༔ འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ་ཅིག་འཆི་མེད་ཚེའི་དངོས་གྲུབ་སྩོལ་ཅིག༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ་ཅིག༔ མ་གཅིག་ལྟར་དུ་བྱམས་པས་སྐྱོངས་ཤིག༔ སྲིང་གཅིག་ལྟར་དུ་གདུང་སེམས་བསྐྱེད་ཅིག༔ གྲོགས་གཅིག་ལྟར་དུ་འབྲལ་མེད་སྐྱོངས་ཤིག༔ བྲན་མོ་ལྟར་དུ་འཕྲིན་ལས་སྒྲུབས་ཤིག༔ མཐུ་དང་ནུས་པ་བསྐྱེད་ཅིག༔ རྟགས་དང་མཚན་མ་སྟོན་ཅིག༔ བཀའ་དང་དམ་ལ་མ་འདའ་ཞིག༔ རྫུན་དང་གཡོ་སྒྱུ་མ་མཛད་ཅིག༔ ལེ་ལོ་དང་བཏང་སྙོམས་མ་མཛད་ཅིག༔ ཁྱད་པར་གསང་སྔགས་བླ་ན་མེད་པའི་བསྟན་པ་དར་ཞིང་རྒྱས་པར་མཛོད་ཅིག༔ བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ཡིན་པ་རྣམས་ཀྱི་སྐུ་ཚེ་དང་
བསྟན་པ་མཛད་པ་ཕྲིན་ལས་ཐམས་ཅད་དར་ཞིང་རྒྱས་པར་མཛོད་ཅིག༔ བསྟན་པ་ལ་ཕན་པའི་སྦྱིན་བདག་རྣམས་ཆོས་སྲིད་དབང་ཐང་རྒྱས་པར་མཛོད་ཅིག༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བོད་ཁ་བ་ཅན་གྱི་བསྟན་པ་སྐྱོང་བར་ཁྱེད་རྣམས་བསྐོས་པའི་དམ་ཚིག་དྲན་པར་མཛོད་ཅིག༔ ཁྱད་པར་རྣལ་འབྱོར་པ་བདག་ཅག་མི་ནོར་ཐམས་ཅད་ཀྱི་བསམ་པ་སྒྲུབས༔ རེ་བ་སྐོངས༔ མཐུན་རྐྱེན་ཐམས་ཅད་སྒྲུབས༔ འགལ་རྐྱེན་ཐམས་ཅད་སོལ༔ ཡག་དང་སྤྲོད༔ ཉེས་པ་སྟོང་དང་བསྣོལ༔ ཡོ་བ་ཡོད་ན་བསྲང་༔ གས་པ་ཡོད་ན་བསྲུབ༔ ཆག་པ་ཡོད་ན་སྦྱོར༔ ཆད་པ་ཡོད་ན་མཐུད༔ ཅི་བསམ་གྱི་དོན་ཐམས་ཅད་མྱུར་དུ་སྒྲུབས༔ སྡང་བྱེད་ཀྱི་དགྲ་སོད༔ གནོད་བྱེད་ཀྱི་བགེགས་ཐུལ༔ འཆི་བདག་གི་བདུད་བསྒྱུར༔ བར་ཆད་གློ་བུར་གྱི་རྐྱེན་མི་མཐུན་པ་ཐམས་ཅད་ཟློག༔ དམུ་གཡང་གི་ཟས་ནོར་ལོངས་སྤྱོད་ཐམས་ཅད་སྤེལ༔ བདག་གི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་སྙན་གྲགས་དཔལ་འབྱོར་མངའ་ཐང་སྲོག་ལུས་རླུང་རྟ་བླ་གཟའ་གདུལ་བྱ་ཕྲིན་ལས་ཐམས་ཅད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་བརྟན་པའི་ཕྲིན་ལས་སྡོང་གྲོགས་རྒྱ་ཆེན་པོ་
མྱུར་དུ་མཛོད་ཅིག༔ བདག་གི་ལས་དང་བྱ་བ་ཅི་བྱེད་ཐམས་ཅད་དཀར་པོ་ཆོས་དང་མཐུན་པའི་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག༔ བཀྲ་ཤིས་བདེ་སྐྱིད་བསོད་ནམས་ཟས་ནོར་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག༔ ཨོཾ་བཛྲ་མ་མཱ༔ ལ་ལཱ༔ ལི་ལཱི༔ ས་པཱ་རི་ཝཱ་ར་ཨི་དམ་སོགས། སརྦ་པཱུ་ཙ་ཧོ༔ ཨོཾ་བཛྲ་པྲ་མོ་ཧཱ་བ་སུ་སིདྡྷི་ན་ན་ཁ་དྷེ་སིདྡྷི་ཧཱུྃ་ཛཿཧཱུྃ༔ ཞེས་བཤོས་བུ་རིའི་ཕྱོགས་སུ་ཕུལ། བསང་དང་འབྲེལ་ན་བསང་ནང་དུ་ཕུལ་ལོ། །ཡང་ན་དངོས་གྲུབ་ཏུ་རོལ་ལོ། །སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
རྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ་བསང་མཆོད་མངའ་གསོལ་སྦྲགས་མ།
རྡོ་རྗེ་གཡུ་སྒྲོན་མའི་བསྐང་གསོལ། བསང་མཆོད་མངའ་གསོལ་སྦྲགས་མ་བཞུགས་སོ།།
ན་མོ་ལོ་ཀ་ཌཱ་ཀི་ནཱི་ཡེ། རྡོ་རྗེ་གཡུ་སྒྲོན་མ་ཡི་ནི། །བསྐང་གསོལ་བསང་མཆོད་མངའ་གསོལ་རྣམས། །སྦྲགས་མའི་རིམ་པ་འདི་ལྟར་ཏེ། །མཆོད་གཏོར་རྒྱས་བསྡུས་ཅི་འབྱོར་བཤམས། །རང་ཉིད་ཡི་དམ་ལྷར་གསལ་བས། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་གཞིར། །ཤེལ་གུར་དབུས་སུ་པད་ཟླའི་སྟེང་། །ཧཱིཝཡིག་དཀར་པོའི་འཕྲོ་འདུས་ལས། །ལྷ་སྨན་གཡུ་སྒྲོན་སྐུ་མདོག་དཀར། །ཤ་བ་ཡུ་མོ་ལ་ཆིབས་ནས། །ནེའུ་སེང་ནང་ནས་མེ་ཏོག་འཐུ། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །གཡས་པས་མདའ་དར་གཡོན་མེ་ལོང་། །བཤུད་གླུ་ཀྱུར་ཀྱུར་དགའ་བའི་ཚུལ། །
མཆེད་བཞི་མཁའ་འགྲོ་དར་ཐོགས་བརྒྱད། །བརྟན་སྐྱོང་ཡ་མ་སྨན་ཕྲན་འབུམ། །དཀར་མོ་ཉེར་བཞི་ཁྱུང་དྲག་རྩལ། གཟུངས་བརྗོད་ཞེ་བརྒྱད་དམག་དཔོན་སོགས། །འཁོར་བཅས་ཁྲོམ་ཚོགས་ལྟ་བུར་གསལ། །གནས་གསུམ་འབྲུ་གསུམ་ས་བོན་ལས། །འོད་ཟེར་འཕྲོས་པས་སྤྱན་དྲངས་གྱུར། །བྷྱོ༔ ཀུན་ཏུ་བཟང་མོའི་ཐུགས་ཀྱི་ཆོ་འཕྲུལ་ལས། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་གཡུ་སྒྲོན་མ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །བཞུགས་པའི་གནས་དང་མཛད་པ་བསམ་མི་ཁྱབ། །ལྷ་མོ་འཇིག་རྟེན་གསུམ་དབང་མཛེས་པ་
མོ། །ཚངས་རིགས་ལྷ་ཡི་གནས་ནས་གཤེགས་སུ་གསོལ། །བརྒྱ་བྱིན་སྲས་མོ་མེ་ཏོག་མནྡ་ར། །རི་རབ་རི་ཡི་རྩེ་ནས་གཤེགས་སུ་གསོལ། །ནམ་མཁའ་གཡུ་ཡི་ལྡིང་ཁང་ན་བཞུགས་ཚེ། །ཉི་འོད་འབར་བའི་སྨན་གཅིག་གཤེགས་སུ་གསོལ། །གཉན་ཆེན་ཐང་ལྷའི་བཙུན་མོ་མཛད་པའི་ཚེ། །གནམ་མཚོ་ཕྱུག་མོའི་ནང་ནས་གཤེགས་སུ་གསོལ། །རྡོ་རྗེ་ལེགས་པའི་དགྱེས་སྡེ་མཛད་པའི་ཚེ། །ཤ་མེད་གངས་དཀར་རྩེ་ནས་གཤེགས་སུ་གསོལ། །སྐྱེས་བུ་ལུང་བཙན་སྲིང་གཅིག་མཛད་ཙམ་ན། །སྨན་ལུང་གཡུ་མཚོའི་ནང་ནས་གཤེགས་སུ་གསོལ། །དབུས་གཙང་རུ་བཞིའི་སྲུང་མ་མཛད་པའི་ཚེ། །དབུས་རུ་སྙིང་ཚལ་གནས་ནས་གཤེགས་སུ་གསོལ། །རང་བྱུང་མཆོད་རྟེན་སྲུང་མ་མཛད་པའི་ཚེ། །ཙཱ་རི་གཡུ་མཚོའི་འགྲམ་ནས་གཤེགས་སུ་གསོལ། །བཀྲ་ཤིས་ལྗོངས་ཀྱི་སྲུང་མ་མཛད་པའི་ཚེ། །ཙཱ་རི་མཚོ་དཀར་གནས་ནས་གཤེགས་སུ་གསོལ། །ཙཱ་རི་ཏྲ་ཡི་ཞིང་སྐྱོང་མཛད་པའི་ཚེ། །གཅིག་ཆར་རྡོ་ཡི་ཕུག་ནས་གཤེགས་སུ་གསོལ། །འབྲས་མོ་ལྗོངས་ཀྱི་སྒོ་སྲུང་མཛད་པའི་ཚེ། །ཕོ་བྲང་སྨྱུག་རིའི་རྩེ་ནས་གཤེགས་སུ་གསོལ། །རྒྱ་གར་ཡུལ་གྱི་སྲུང་
མ་མཛད་པའི་ཚེ། །གསེར་མཚོ་དངུལ་མཚོའི་གནས་ནས་གཤེགས་སུ་གསོལ། །གསང་སྔགས་རྒྱུད་ཀྱི་སྲུང་མ་མཛད་པའི་ཚེ། །ཨོ་རྒྱན་མཁའ་འགྲོའི་གླིང་ནས་གཤེགས་སུ་གསོལ། །གཙུག་ལག་ཁང་གི་སྲུང་མ་མཛད་པའི་ཚེ། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དང་། །བསམ་ཡས་སྒོ་ཁང་གནས་ནས་གཤེགས་སུ་གསོལ། །བཀའ་གདམས་གླེགས་བམ་སྲུང་མ་མཛད་པའི་ཚེ། །བོད་ཡུལ་དགོན་སྡེ་ཀུན་ནས་གཤེགས་སུ་གསོལ། །རྡོ་རྗེ་ཕུར་པའི་སྲུང་མ་མཛད་པའི་ཚེ། །བལ་མོ་ཚ་བ་རོང་ནས་གཤེགས་སུ་གསོལ། །མདོ་ཁམས་སྒང་གི་ཡུལ་ལྷ་མཛད་པའི་ཚེ། །དབ་ལུང་དེབ་རྒྱས་གནས་ནས་གཤེགས་སུ་གསོལ། །ཚ་བ་སྒང་གི་ཡུལ་ལྷ་མཛད་པའི་ཚེ། །ཁེ་ཤོད་ཤེལ། གུར་ནང་ནས་གཤེགས་སུ་གསོལ། །མཆེད་ལྔ་དཀར་མོ་བརྒྱ་དང་བརྟན་སྐྱོང་ཚོགས། །དཀར་མོ་ཉེར་བཞི་གཟུངས་བརྗོད་བཞི་བཅུ་བརྒྱད། །སྨན་ཕྲན་འབུམ་དང་བཅས་ཏེ་གཤེགས་སུ་གསོལ། །མིང་པོ་དམག་དཔོན་ལ་སོགས་འཁོར་གྱི་ཚོགས། །བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས། །དམ་ཚིག་དབང་གིས་དཔུང་དང་གྲོགས་ལ་
བྱོན། །འཁོར་དུ་གཏོགས་ཀྱང་དམ་ལ་མི་གནས་པ། །ཆོས་ལ་མི་དགའ་ནག་ཕྱོགས་འབྱུང་པོ་རྣམས། །གནས་འདིར་མ་འོངས་མ་འཚེ་རང་སར་སྡོད། །གལ་ཏེ་རྗེས་སུ་འབྲངས་ནས་གནོད་བྱེད་ན། །ཁྲོ་ཆེན་བདུད་རྩི་འཁྱིལ་པས་ཚར་ཆོད་ཅིག །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་བཛྲ་པྲ་མོ་ཧཱ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ བྷོ། ཡིད་ལས་སྤྲུལ་པའི་རིན་ཆེན་ཤེལ་གུར་དབུས། །སྣ་ཚོགས་པདྨ་ཟླ་བ་རིན་ཆེན་ཁྲི། །གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་ལ། །ཇི་སྲིད་མཆོད་པ་འབུལ་བ་དེ་སྲིད་དུ། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །སྔོན་ཚེ་ཆེ་མཆོག་རྟ་མགྲིན་གསང་བའི་བདག །ཤཱཀ་ཐུབ་པད་འབྱུང་དྷ་ཀི་སེང་གདོང་མ། །གཏུམ་མོ་སྔོ་བསངས་མ་དང་བི་ན་མོ། །ནག་པོ་སྤྱོད་པ་ཕྱོགས་ཀྱི་གོ་ཆ་དང་། །ཨ་ཏི་ཤ་དང་བཞད་པ་རྡོ་རྗེ་དང་། །ཀརྨ་པཀྴི་རང་བྱུང་རྡོ་རྗེ་དང་། །དྲི་མེད་འོད་ཟེར་དབྱངས་ཅན་བཞད་པ་དང་། །དབང་ཕྱུག་རྡོ་རྗེ་ངག་གི་དབང་ཕྱུག་སོགས། །རིག་འཛིན་རྣམས་ཀྱི་སྤྱན་སྔར་ཁས་བླངས་པའི། །སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ། །བདག་
གིས་གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་པྲ་མོ་ཧཱ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡེ་སྟེ། ས་མ་ཡ་ཧཱུྃ། ས་མ་ཡ་ཧོ། ཨཱི། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །གཡག་ལུག་བྱ་ར་རི་དྭགས་ཆུ་གནས་གཟུགས། །མདའ་དར་མེ་ལོང་སྦ་གླིང་ཟས་སྣའི་ཕུད། །ཕྱེ་མར་སྤོས་དཀར་བསངས་ཤིང་དུད་པའི་སྤྲིན། །ཕྱར་དར་གཡབ་དར་མཆོད་བསྒྲུབ་བསྐང་བའི་རྫས། །འབྲུ་སྣ་སྨན་སྣ་གོ་ཁྲབ་སྤྱན་གཟིགས་ཚོགས། །གསེར་སྐྱེམས་འོ་ཞོ་ཇ་ཆང་ཕུད་རྒོད་ཚོགས། །ཤིང་ཐོག་དར་ཟབ་བལ་ཚོན་ཤུག་ཏེལ་སོགས། །མཐུན་རྫ་ས་དཔག་མེད་གཡུ་སྒྲོན་འཁོར་བཅས་མཆོད། །ཤ་སྣ་སྙིང་སྣ་ཁྲག་སྣ་ཨ་མྲྀ་ཏ། །ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་ཞིང་ཁོལ་བ་ཟག་མེད་བདུད་རྩིའི་མཚོ། །ག་ཎ་ཙཀྲ་ཚོགས་ཀྱི་ལོངས་སྤྱོད་འདི། །གསང་སྔགས་སྲུང་མ་དྷ་ཀི་གཡུ་སྒྲོན་མ། །མ་མོ་མཁའ་འགྲོའི་ཚོགས་དང་བཅས་ལ་འབུལ། །འཁོར་དང་བཅས་པའི་
ཐུགས་དམ་བསྐང་གྱུར་ཅིག །ཨོཾ་བཛྲ་པྲ་མོ་ཧ་ས་པ་རི་ཝཱ་ར་ཨགྷོ་པཱཏྱཾ་པུཔྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་ཏྱཱ་ཤབྟ་རཱུ་པ་ཤབྟ་གནྡྷེ་ར་ས་སྤ། ཨཥཱ་མངྒ་ལཾ་དྲ་བྱ་སརྦ་པཱུ་ཛ་པྲ་ཏཱི་ཛ་ཧོ༔ པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། སྣང་སྲིད་ཐམཾས་ཅད་ཀུན་བཟང་ཡུམ་གྱི་ཀློང་། །ཀུན་ཏུ་བཟང་མོའི་རིག་པའི་རང་རྩལ་ལས། །རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་གཡུ་སྒྲོན་མ། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྣ་ཚོགས་སྤྲུལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན། །བཅོམ་ལྡན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི། །མཚམས་མ་དཔའ་མོ་གཤིན་རྗེ་མཆེ་བ་མ། །གཡུ་སྒྲོན་མཆེ་བ་ཅན་མའི་ཐུགས་དམ་བསྐང་། །བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ཆེན་ལས། །ཡུལ་ཆེན་ཉེར་བཞིའི་ནང་ནས་ཙཱ་རི་ཏྲའི། །ལྷ་མོ་བྲག་གི་ཁྱིམ་ལ་བརྟེན་བཅས་པའི། །བོད་སྐྱོང་ལྷན་ཅིག་སྐྱེས་མའི་ཐུགས་དམ་བསྐང་། །ཁྱོད་ནི་ཕ་མ་མེད་པའི་སྔོན་ནས་བྱུང་། །སངས་རྒྱས་རྣམས་ལས་ཤིན་ཏུ་སྔ་བ་སྟེ། །སྲིད་པ་ཆགས་བྱེད་སྲིད་པའི་རྒྱལ་མོ་སྟེ། །རལ་གཅིག་གཡུ་ཡི་སྒྲོན་མའི་ཐུགས་དམ་བསྐང་། །མགོན་པོ་ཁྲག་མཚོ་ཁོལ་ཆེན་རྒྱུད་ལས་ནི། །པར་པ་ཏ་ཡི་
རང་བྱུང་མཆོད་རྟེན་བསྲུང་། །གཡུ་མཚོའི་འགྲམས་ནས་དྷཱ་ཀི་ཟ་བྱེད་གདོང་། །དམར་ནག་དབུ་དགུ་ཕྱག་བརྒྱད་ལྕགས་སྤྱང་ཆིབས། །སྲིད་གསུམ་ཟ་བྱེད་ཤ་ཟ་ཁ་མོ་ཆེ། །མ་མོ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །གཟའ་བདུད་མིག་དམར་ལྕམ་སྲིང་ཚུལ་དུ་སྟོན། །གཡུ་ཡི་རྡོ་རྗེ་ཐོད་བཅིངས་གཡུ་ཕུར་འདྲིལ། །བེར་སྔོན་གསོལ་ཞིང་ཆུ་རྟ་སྔོན་པོ་བཅིབས། །རྡོ་རྗེ་གཞོན་ནུའི་བཀའ་སྲུང་ཆེན་མོ་སྟེ། །བསྲེ་མོ་རྡོ་རྗེ་ཕག་བྱིན་ཞེས་སུ་གྲགས། །གཡུ་སྒྲོན་བསྲེ་ཡི་ལྷ་མོའི་ཐུགས་དམ་བསྐང་། །ཁྱོད་ནི་གཡུང་དྲུང་བོན་གྱི་དགྲ་བླ་མོ། །པདྨ་ཐོད་ཕྲེང་རྩལ་ལ་རྫུ་འཕྲུལ་འགྲན། །དེ་ཚེ་དམ་ལ་བཏགས་ནས་སྲོག་སྙིང་ཕུལ། །ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ། །བརྟན་སྐྱོང་ཀུན་གྱི་གཙོ་མོའི་ཐུགས་དམ་བསྐང་། །འཇམ་དཔལ་རྩ་བའི་རྒྱུད་ལས་བཀའ་སྩལ་པ། །པོ་ཊ་ལ་ཡི་གནས་ན་སྒྲོལ་མ་བཞུགས། །སྤྲུལ་པས་འཛམ་གླིང་ཆུ་བཞིའི་རྒྱུད་ཀུན་ཁྱབ། །བྱང་ཆུབ་སེམས་ལྡན་ཀུན་གྱི་རྗེས་སུ་འབྲངས། །གསུངས་ལྟར་རྒྱ་གར་གསེར་མཚོ་དངུལ་མཚོ་ནས། །ཇོ་བོ་རྗེ་ཡི་རྗེས་སུ་ཁྱོད་འབྲངས་ནས། །ཇོ་བོས་བཀའ་
གདམས་གླེགས་བམ་སྲུང་མར་བསྐོས། །ད་ལྟ་དགོན་སྡེ་ཀུན་གྱི་དཀོར་བདག་མཛད། །དཀོར་བདག་གཡུ་ཡི་སྒྲོན་མའི་ཐུགས་དམ་བསྐང་། །ཁྲི་སྲོང་སྲས་པོ་སད་ན་ལེགས་ཞེས་པས། །ཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །དེ་ཡི་གཙུག་ལག་ཁང་གི་སྲུང་མ་དང་། །བསམ་ཡས་སྒོ་སྲུང་ཉིད་དུ་ཨོ་རྒྱན་གྱིས། །བཀའ་བསྒོས་སད་ན་ལེགས་ཀྱི་སྲུང་མར་གྱུར། །གཙུག་ལག་སྲུང་མ་གཡུ་སྒྲོན་ཐུགས་དམ་བསྐང་། །གཡུ་སྒྲོན་ལ་སོགས་བརྟན་མ་བཅུ་གཉིས་ནི། །ཉིན་གསུམ་གངས་དཀར་རྩེ་ལ་བཞུགས་མཛད་ཅིང་། །མཚན་གསུམ་རྒྱ་གར་དུར་ཁྲོད་ཀུན་ཏུ་རྒྱུ། །དེ་ཚེ་མཁའ་འགྲོ་སེང་གེའི་གདོང་ཅན་དང་། །ནག་པོ་པ་སོགས་གྲུབ་ཆེན་ཐམས་ཅད་ཀྱིས། །བཀའ་བསྒོས་དམ་བཞག་གསང་སྔགས་སྲུང་མར་བསྐོས། །བཀའ་སྲུང་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །སྔོན་ཚེ་བརྒྱ་བྱིན་སྲས་མོར་ཁྱོད་སྤྲུལ་ཚེ། །དྲི་ཟ་ཟུར་ཕུད་ལྔ་ཡི་བཙུན་མོར་བྱིན། །ལྷ་ཡི་ཡུལ་ནས་མི་ཡི་ཡུལ་དུ་བྱོན། །དེ་ཚེ་ཤཱཀ་ཐུབ་ཞལ་མཐོང་དམ་ཆོས་ཐོབ། །དེང་སང་བྱང་གི་གནམ་མཚོ་ཕྱུག་མོར་གྲགས། །མཚོ་སྨན་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །མེ་ལྕེ་
འབར་བའི་རྒྱུད་ལས་གསུངས་པ་ནི། །ཁྱོད་ནི་རེ་ལྡེ་མགོ་ཉག་བུ་མོར་སྤྲུལ། །བདུད་ཀྱི་ཁྲམ་ཤིང་མཚོན་གྲུ་ལག་ན་ཐོགས། །དྲེའུ་རྟ་ཆིབས་ནས་སྟོང་གསུམ་ཁྱབ་པར་ཉུལ། །དམག་དང་ཟོར་སོགས་ཕྲིན་ལས་དྲག་པོའི་བདག །འཇིག་རྟེན་ལས་ཀྱི་ལྷ་མོ་རེ་མ་ཏི། །བརྟན་མ་དམག་གི་རྒྱལ་མོར་ཞེས་སུ་གྲགས། །གཡུ་སྒྲོན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང་། །རེས་འགའ་ནམ་མཁའ་གཡུ་ཡི་ལྡིང་ཁང་ནས། །གནམ་ལྷ་དཀར་པོའི་དགྱེས་སྡེ་མཛད་པའི་ཚེ། །ཉི་འོད་འབར་བའི་སྨན་གཅིག་གསང་བའི་མཚན། །དཀར་མོ་འོད་ལྡན་མ་ཡི་ཐུགས་དམ་བསྐང་། །བཙན་རིགས་སུམ་བརྒྱ་དྲུག་ཅུའི་ཡོབ་རྒན་ཏེ། །བཙན་རྒྱལ་སྐྱེས་བུ་ལུང་བཙན་ལྕམ་སྲིང་ཚུལ། །བཙན་རིགས་ཡོངས་ཀྱི་ཨ་ཞེ་ཆེན་མོ་སྟེ། །ཆེ་ཞེ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱོད་ནི་སྒྲོལ་མ་སྔོན་མོའི་དངོས་སྤྲུལ་ཏེ། །འཕགས་པ་སྤྱན་རས་གཟིགས་ཀྱི་ལྕམ་སྲིང་ཚུལ། །བྱང་ཆུབ་སེམས་ལྡན་ཀུན་གྱི་རྗེས་སུ་འབྲངས། །སེམས་མ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །མོན་པ་མོན་མོ་གཉིས་ཀྱི་སྲས་མོར་སྤྲུལ། །དམ་ཅན་རྡོ་རྗེ་ལེགས་པའི་ལྕམ་གཅིག་
སྟེ། །ལྕམ་མོ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ལྷོ་མོན་མཚམས་སུ་འབྲས་མོའི་གནས་སྒོ་སྲུང་། །ཕོ་བྲང་སྨྱུག་རིའི་གཉན་ལ་བརྟེན་བཅས་ཏེ། །ལྷོ་ཡི་སྐྱེ་འཐིང་ཡ་མ་སྐྱོང་ཞེས་གྲགས། །སྐྱི་འཐིང་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །བརྟན་མ་སྐྱོང་མ་ཀུན་དང་དམ་ཚིག་གཅིག །རྡོ་རྗེ་བགེགས་གཙོ་བཀྲ་ཤིས་ཚེ་རིང་མས། །ཁྱེད་ཅག་དམག་བསྡུས་མི་ལ་རས་ཆེན་ལ། །ཆོ་འཕྲུལ་བསྟན་དུས་ཁྱེད་ཅིག་དམ་ལ་བཏགས། །ཁྱེད་ཅག་བརྟན་མ་བདུན་ལ་ཕྱག་རྒྱ་བསྟེན། །དེ་ཚེ་ཁྱོད་མཚན་མཐིང་གི་ཞལ་བཟང་མ། །ཆོས་བརྒྱུད་འཕེལ་ཞིང་རྒྱས་པའི་གཡར་དམ་བཅས། །སྒྲུབ་བརྒྱུད་སྲུང་མ་གཡུ་སྒྲོན་ཐུགས་དམ་བསྐང་། །གྲུབ་ཐོབ་ཆེན་པོ་ཀརྨ་པཀཱི་ལ། །གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་སོགས། །བརྟན་མ་ཀུན་གྱིས་ཕྱག་དང་བསྐོར་བ་བྱས། །བསྟན་པ་བསྲུང་བར་ཁས་བླངས་གཡར་དམ་བཅས། །གྲུབ་ཆེན་སྐུ་གཤེགས་བར་དོར་བཞུགས་པའི་ཚེ། །ཁྱེད་ཅག་རྣམས་ཀྱིས་སྤྲུལ་སྐུ་འབྱོན་པར་ཞུས། །བྱོན་ན་བསྟན་པ་བསྲུང་བའི་གཡར་དམ་བཅས། །ཙཱ་རི་མཚོ་དཀར་གནས་བདག་ཁྱོད་ཡིན་ཕྱིར། །རང་བྱུང་རོལ་པའི་རྡོ་རྗེ་མི་
བསྐྱོད་ཞབས། །དབང་ཕྱུག་རྡོ་རྗེ་དྷརྨེ་ཤྭ་རི་སོགས། །ན་རིམ་ཀུན་གྱིས་བཀའ་བསྒོས་གསོལ་མཆོད་བརྩམས། །ན་རིམ་ཀུན་གྱིས་ལྕམ་དུ་མངའ་གསོལ་ལོ། །སྒྲུབ་བརྒྱུད་སྲུང་མ་གཡུ་སྒྲོན་ཐུགས་དམ་བསྐང་། །དྲི་མེད་འོད་ཟེར་པད་གླིང་རཏྣ་གླིང་། །ཉང་སོགས་གཏེར་སྟོན་རིག་འཛིན་ཕལ་ཆེར་གྱིས། །ཁྱོད་ཀྱི་སྒྲུབ་གཞུང་མན་ངག་གཏེར་ནས་བཏོན། །གནས་སྒོ་གཏེར་སྒོ་མང་པོ་ཁྱོད་ཀྱིས་བསྟན། །གཏེར་སྲུང་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱོད་ནི་སེར་ཆགས་ཡོངས་ཀྱི་དགྲ་བླ་མོ། །བན་བོན་སྐྱ་སེར་ཀུན་གྱིས་མཆོད་ཅིང་བརྟེན། །ཡེ་ཤེས་ལྷ་མོ་དཔོན་གཡོག་ཐམས་ཅད་ཀྱི། །ཕྲིན་ལས་བསྒྲུབ་པའི་ལས་མཁན་ཁྱོད་གཅིག་པོ། །ལྷ་མོ་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱོད་ནི་འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ནུས། །ཟས་ནོར་ལོངས་སྤྱོད་མངའ་ཐང་ཐམས་ཅད་སྤེལ། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་འདྲ། །གཏེར་བདག་གཡུ་སྒྲོན་མ་ཡི་ཐུགས་དམ་བསྐང་། །ཁྱད་པར་བཞུགས་
གནས་མདོ་ཁམས་ཚ་བའི་སྒང་། །ཕྱི་ལྟར་བྲག་ནག་རྩེ་དགུ་གངས་ཀྱི་རི། །གཡུ་མཚོ་ཁྲག་མཚོ་བདུད་མཚོ་ན་བུན་གཏིབས། །ནང་ལྟར་གསེར་ཏིང་ཞེས་བྱ་དྲི་ཟའི་ཡུལ། །བདུད་མཁར་རྩེ་དགུ་ལྕགས་རི་ཁྲག་གི་མཚོ། །གསང་བ་བདེ་མཆོག་དམ་ཚིག་འཁོར་ལོའི་གནས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་འདུ། །དེ་འདྲའི་མངའ་བདག་རྡོ་རྗེ་གཡུ་སྒྲོན་མ། །ཕྱི་ལྟར་བརྟེན་མ་སྨན་དང་ཡུལ་ལྷས་བསྐོར། །བོད་ཁམས་སྐྱོང་མ་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ནང་ལྟར་བདུད་ཀྱི་བུ་མོ་རེ་མ་ཏི། །དམག་དང་ཟོར་གྱི་ལས་ལ་མངའ་མཛད་པ། །བརྟན་མ་དམག་གི་རྒྱལ་མོ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །གསང་བ་དཔལ་མོ་གཤིན་རྗེ་མཆེ་བ་མ། །གཡུ་སྒྲོན་མཆེ་བ་ཅན་མ་མཁའ་འགྲོའི་ཚོགས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཡང་གསང་ཁྲོས་མ་ནག་མོའི་ཐུགས་སྤྲུལ་ཏེ། །མཐིང་ནག་ཁྲོ་མོ་ཕག་ཞལ་མཆེད་ལྔ་མ། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་གཡུ་སྒྲོན་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །མ་མོ་རྦོད་གཏོང་
རྒྱུད་ཀྱི་བྲེ་བྲག་སྟེ། །སྲིད་པ་མ་མོ་འབུམ་གྱི་རྒྱུད་ལུང་ལས། །དཔལ་ལྡན་ལྷ་མོ་ཡེ་ཤེས་རེ་མ་ཏི། །མི་མངོན་ནམ་མཁའི་དབྱིངས་སུ་བཞུགས་པ་སྟེ། །སྤྲུལ་པ་ལྷ་མོ་སྟོང་དང་རྩ་བརྒྱད་དེ། །གནས་ཀྱང་མི་གཅིག་མཚན་ཡང་མི་གཅིག་སྟེ། །སྔགས་ཀྱང་མི་གཅིག་སོ་སོ་ཐ་དད་དེ། །ཇི་ལྟར་བྱས་ཀྱང་ངོ་བོ་གཅིག་པ་དང་། །ཇི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ་གསུངས་ལྟར། །སྤྲུལ་པ་སྟོང་རྩ་བརྒྱད་ཀྱི་ཡ་གྱལ་གཅིག །བོད་ཁམས་བརྟན་མའི་ཚུལ་དུ་བཞུགས་པ་སྟེ། །འཇིག་རྟེན་ཚུལ་དུ་སྟོན་ཀྱང་ཡེ་ཤེས་པ། །དབྱངས་ཅན་མ་དང་རྡོ་རྗེ་རོ་ལངས་མ། །ངོ་བོ་ཐུགས་རྒྱུད་དབྱེར་མེད་གཅིག་པ་སྟེ། །སྤྲུལ་པའི་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །དཔལ་ལྡན་ལྷ་མོའི་མཚན་གྱི་བརྒྱ་རྩ་ལས། །ལྷ་མོའི་མཚན་ནི་རྡོ་རྗེ་གཡུ་སྒྲོན་མ། །དཔལ་ལྡན་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །བཅོམ་ལྡན་རྡོ་རྗེ་སེམས་དང་ཕྱག་རྡོར་གྱིས། །ན་རཀ་དོང་ནས་སྤྲུགས་པའི་རྒྱུད་སྡེ་ལས། །སྲིད་པའི་སྨན་མོ་རྡོ་རྗེ་གཡུ་སྒྲོན་མར། །ཕྱག་འཚལ་ཞེས་གསུངས་
རྒྱལ་བས་ཕྱག་མཛད་པ། །།འགྲོ་བ་འདྲེན་མཛད་རྡོ་རྗེ་གཡུ་སྒྲོན་མ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་ཡི། །ཐོ་རངས་དགྱེས་སྡེ་གངས་དཀར་ཤ་མེད་མ། །ཁྱོད་ཀྱི་བྲན་མོ་ཁ་རག་དཔལ་མོ་སྟེ། །ཁྱོད་ཀྱི་ཡབ་ནི་གཉན་ཆེན་ཐང་ལྷ་ཉིད། །བརྟན་མའི་གཙོ་མོ་རྡོ་རྗེ་གཡུ་སྒྲོན་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཁྱོད་ཀྱི་མིང་པོ་རྡོ་རྗེ་ཁྱུང་དྲག་རྩལ། །འཛིན་གིང་བཞི་བཅུ་རྩ་གཉིས་གཙོ་བོ་སྟེ། །བྲ་ནག་རྟིང་དཀར་ཆིབས་ཤིང་གཡག་ཐུལ་གསོལ། །དམ་ཅན་སྐྱེས་བུ་རྡོ་རྗེ་ཁྱུང་དྲག་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །རྡོ་རྗེ་གཡུ་ཡི་སྒྲོན་མའི་དམག་དཔོན་ནི། །ཡབ་གཅིག་ལེགས་ལྡན་ནག་པོའི་ཐུགས་ལས་སྤྲུལ། །འཇིག་རྟེན་ལས་ཀྱི་མ་ཧཱ་ཀཱ་ལ་སྟེ། །སྐུ་མདོག་མཐིང་ནག་དར་ནག་བེར་ཆེན་གསོལ། །དབུ་སྐྲ་གྱེན་འབར་རྟ་ནག་རྟིང་དཀར་ཆིབས། །སྡིགས་མཛུབ་དང་བཅས་སྦ་ལྕག་མེ་དཔུང་བསྣམས། །སྟག་རལ་གཟིག་ཤུབས་དཔའ་བོའི་ཆས་དང་ལྡན། །འཁོར་དང་སྤྲུལ་པ་དམག་དཔོན་ཆེན་པོ་བརྒྱད། །སེང་སྟག་གཟིག་དང་དོམ་གྱི་གདོང་པ་
ཅན། །སྤྲེའུ་དྲེད་དང་ལྕེ་སྤྱང་ཆུ་སྲིན་གདོང་། །ཁེར་ནག་བེང་དང་དྲག་པོའི་ཆ་ལུགས་ཅན། །འཁོར་ཚོགས་ཁྲབ་ཆེན་བྱེ་བ་འབུམ་དང་བཅས། །གསང་མཚན་འབྱུང་པོ་སེར་པོ་སྣ་ཡོན་ཏེ། །ཕུར་པའི་སྲུང་མ་ལྕགས་ཀྱི་སྐྱེས་བུ་ཞེས། །མ་ཧཱ་ཀཱ་ལ་ཏ་ཀི་ནག་པོ་ཆེ། །དམག་དཔོན་དགྲ་འདུལ་དབང་ཕྱུག་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །གཡུ་བུན་གཡུ་ཞགས་གཡུ་ཕྲེང་གཡུ་སྐྱིད་མ། །མཛེས་འཛུམ་དར་དང་རིན་ཆེན་རྒྱན་དང་ལྡན། །མདའ་དར་མེ་ལོང་བསྣམས་ནས་ཕྱེད་སྐྱིལ་བཞུགས། །སྲིད་པ་ཆགས་བྱེད་མ་མོ་བདུན་རྣམས་དང་། །བརྟན་མ་བཅུ་གཉིས་ཡ་མ་བཅུ་གཉིས་དང་། །སྐྱོང་མ་བཅུ་གཉིས་སྨན་ཕྲན་འབུམ་གྱི་ཚོགས། །ལྷབ་ལྷུབ་དར་ཟབ་མང་པོའི་རྒྱན་དང་བཅས། །སིལ་སྙན་གླུ་དབྱངས་རོལ་མོའི་སྒྲ་དང་བཅས། །སྨན་སྤོས་དྲི་ཞིམ་མང་པོའི་ངད་དང་བཅས། །བྲན་གཡོག་ཡུལ་ལྷ་མང་པོའི་འཁོར་དང་བཅས། །འཇའ་སྤྲིན་ན་བུན་སྦྲང་ཆར་ཟིམ་བུར་བཅས། །གཡུ་སྒྲོན་འཁོར་དང་ཡང་འཁོར་བཅས་པ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཕྱ་རྗེ་
དགུ་སྒྲིལ་རྡོ་རྗེ་དྲེལ་དཀར་དང་། །ཆུ་དྲག་རྟ་མགྲིན་སྐུ་ལྷ་ངང་ཡག་དང་། །སྨུག་རི་མོ་ནམ་ཐོག་ལྷ་རྨོག་ཞུ་སོགས། །ཚ་བ་རྫ་རྒང་རིང་མོའི་གཞི་བདག་རྣམས། །མ་ལུས་གཡུ་སྒྲོན་ཁྱོད་ཀྱི་འབངས་ལགས་པས། །གསོལ་ལོ་མཆོད་དོ་མཉེས་ཤིང་ཚིམ་གྱུར་ཅིག །བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་བཅས་ཀྱིས། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །སྡིག་ལྟུང་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་ལ་བཤགས། །ཚེ་འདིའི་རྐྱེན་དང་ཡུན་ཚེགྱི་སྒྲིབ་པ་རུ། །མི་འགྱུར་ཆོས་དབྱིངས་ཀློང་དུ་སོར་ཆུད་ཤོག །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་བཛྲ་པྲ་མོ་ཧ་ཧཱུྃ་ཧཱུྃ་སྭཱ་ཧཱ། ས་པ་རི་ཝཱ་ར། ཨོཾ་བཛྲ་སཏཱ་ས་མ་ཡ་ནས། སཏཱ་ཨཱཿ ཞེས་ཡིག་བརྒྱ་བཟླའོ། །དེ་ནས་གསོལ་ཁ་བཀྱགས་ནས། ཧོ༔ དམ་རྫས་བརྒྱན་པའི་མཆོད་པ་རྒྱ་ཆེན་པོ་འདི། སྲིད་པའི་སྨན་མོ་རྡོ་རྗེ་གཡུ་སྒྲོན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྲིད་པ་ཆགས་བྱེད་མ་མོ་གཡུ་སྒྲོན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཨེ་ཀ་ཙ་ཏི་གཡུ་ཡི་རལ་གཅིག་མ་ལ་གསོལ་ལོ་
མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་སྔགས་སྲུང་ཨེ་ཀ་ཙ་ཏི་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་དཔལ་ལྡན་ལྷ་མོ་རེ་མ་ཏི་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་ཤན་པ་སྲོག་སྒྲུབ་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཡང་གསང་ཀུན་ཏུ་བཟང་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་སྐྱོང་མཁའ་འགྲོ་ལྷན་ཅིག་སྐྱེས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཞི་མཛད་དཀར་མོ་འོད་ལྡན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དྲག་མོར་བཞེངས་ཚེ་དམག་ཟོར་རྒྱལ་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྲིད་གསུམ་ཤ་ཟ་ཁ་མོ་ཆེ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དྷ་ཀི་ཟ་བྱེད་གདོང་ཅན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གནས་མཆོག་ཙཱ་རིའི་བཀའ་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཚོ་དཀར་གནས་ཀྱི་བདག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཅིག་ཆར་རྡོ་རྗེ་ཕུག་བདག་མོ་ལ་གསོལ་ལོ་མཆོད་དོ་
འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་ཕུར་པའི་བཀའ་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བསྲེ་མོ་རྡོ་རྗེ་ཕག་བྱིན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གནམ་མཚོ་ཕྱུག་མོའི་མཚོ་སྨན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འབྲས་མོ་ལྗོངས་ཀྱི་སྒོ་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བརྟན་མ་སྐྱི་འཐིང་ཡ་མ་སྐྱོང་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཡུ་བུན་མཐིང་གི་ཞལ་བཟང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཡུ་ཡི་དྲིལ་བུ་སི་ལེ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཉི་འོད་འབར་བའི་སྨན་གཅིག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བརྟན་མ་དམག་གི་རྒྱལ་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྲིང་གཅིག་གངས་དཀར་ཤ་མེད་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྐྱེས་བུ་ལུང་བཙན་གྱི་སྲིང་གཅིག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མགར་བ་ནག་པོའི་
དགྱེས་སྡེ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྒྲུབ་བརྒྱུད་བཀའ་ཡི་སྲུང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཆེད་ཟ་སྲིད་པ་ཆགས་བྱེད་ཀྱི་མ་མོ་བདུན་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་བུན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་ཞགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་ཕྲེང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་སྐྱེད་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་མུ་ལེ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་སྨན་མཆོག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་གཡུ་སྨན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྡོ་རྗེ་ལྷ་སྨན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དར་འཛིན་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀར་ཀ་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀ་དྷ་
ཀ་ལན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཧ་ཁ་ལ་ཁ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕུར་བུ་ཀཱ་ལ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་ལྟའབུལ་ལོ་སྦྱིན་ནོ། །རྡོ་རྗེ་བི་ལ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རྐྱང་མཚོ་ཧ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཁྲག་འཛག་སྤྱང་གདོང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྐྱེ་འཐིང་རྡོ་རྗེ་གཡུ་བུན་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་རྡོ་རྗེ་སྨན་གཅིག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་གཅིག་རྡོ་རྗེ་ཡ་མ་སྐྱོང་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་རྡོ་གཟུང་ལེགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་མོ་རྡོ་རྗེ་ཀུན་གྲགས་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་རྡོ་རྗེ་དྲག་མོ་རྒྱལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསེར་ཆེན་རྡོ་རྗེ་གཡུ་སྐྱོང་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་
འབུལ་ལོ་སྦྱིན་ནོ། །རྡོ་རྗེ་ཀོང་བཙུན་དེ་མོ་སྐྱོང་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འབྲོག་སྨན་རྡོ་རྗེ་གདུག་པའི་གཙོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དཔལ་ཡུམ་རྡོ་རྗེ་ཁ་རག་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་ཁམས་བརྟན་མ་བཅུ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་སྐྱོང་མ་བཅུ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བོད་ཁམས་ཡ་མ་བཅུ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དཀར་མོ་བདེ་ལེགས་མེ་ཕྲེང་ཅན་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བདུད་མོ་པུག་ཤུད་པ་ར་སོང་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྨན་བཙུན་སྤྱང་མོ་ཀུན་ལས་རྒྱལ་གསུམ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤ་མེད་མེ་ཏོག་གཟུགས་མཛེས་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་སྙིང་དགའ་བོ་ནད་ཀྱི་བདག་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་
ནོ་འབུལ་ལོ་སྦྱིན་ནོ། །མཛེས་མ་ཡ་བདག་འཕྲུལ་བསྒྱུར་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀྲ་ཧ་ཁུག་རྒྱལ་དཀར་དགའ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་དགའ་ཡུམ་ཆེན་དཔལ་ལྗང་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །དཀར་མོ་ཉི་ཤུ་རྩ་བཞི་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཟུངས་བརྗོད་མཚོ་མོ་རང་དགའ་མགུ་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཁ་ནག་གཟུགས་མཛེས་མི་སྙིང་བསྒུལ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མིག་གསུམ་སྨན་མོ་རྣལ་འབྱོར་བསླུ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །རིགས་བདག་སྨན་བཙུན་ཀུན་གྱི་ཡུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཡུ་མཚོ་ལྡིང་མཚོ་ནམ་མཁའ་མཚོ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྙིང་མེད་ཀླད་ཆེན་རྣལ་འབྱོར་གྲོགས་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་
ནོ། །སྣ་ཚུལ་རྗེས་ཉུལ་ཀླད་ལྡག་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤ་ཟ་ཁྲག་འཐུང་རྣམ་རྒྱལ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་སྨན་དཔལ་ཡུམ་ཀུན་ཐུབ་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཚོ་གནས་སྦལ་ཟན་སྦྲུལ་གྱི་གདན་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་དགའ་ཀུན་བསྲུ་ཕོ་ཞིག་བསྒྱུར་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མངའ་བདག་སྲོག་བདག་ལྕགས་ཀྱི་བདག་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྲེང་བསྒྲངས་མཛེས་མ་ཟིར་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བག་མ་ཀུན་མགུ་ནག་གྱོང་མ་གསུམ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཀུན་རྒྱལ་ཆེན་མོ་མེ་ཏོག་རྒྱལ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་རྒྱལ་པོ་སྟག་ཞུ་ཅན་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་བདུད་རེ་ལྡེ་མགོ་ཉག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་ལྟར་ན་ཕ་
མོན་པ་ནག་པོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་ཡུམ་གངས་སྨན་ཉི་མ་འཕྲུལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་ན་བདུད་མོ་དྲན་པ་དབང་མེད་མ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་ལྟར་ན་ཡུམ་མོན་མོ་ནག་མོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་ན་མིང་པོ་རྡོ་རྗེ་ཁྱུང་དྲག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་སྲས་རྡོ་རྗེ་ལེགས་པ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་དམ་ཅན་མགར་བ་ནག་པོ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འཛིན་གིང་བཞི་ཅུ་རྩ་གཉིས་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ལྕམ་མོ་སུམ་བརྒྱ་དྲུག་ཅུ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཕྱི་ལྟར་དམག་དཔོན་དགྲ་འདུལ་དབང་ཕྱུག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནང་ལྟར་ཕུར་སྲུང་ལྕགས་ཀྱི་སྐྱེས་བུ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །གསང་བ་མགོན་པོ་ཏ་ཀི་ནག་མོ་ལ་
གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །སྤྲུལ་པ་དམག་དཔོན་མཆེད་བརྒྱད་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཁྲབ་ཆེན་བྱེ་བ་འབུམ་རྒྱུག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ཤར་གྱི་ཡུལ་སྲུངས་ཕྲུ་རྒྱལ་རྒྱལ་བ་དགུ་སྦྲེལ་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ལྷོ་ཡི་ཡུལ་སྲུངས་རྡོ་རྗེ་དྲེལ་དཀར་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །ནུབ་ཀྱི་ཡུལ་སྲུངས་ཆུ་དྲག་ཁྲོ་བོ་རྟ་མགྲིན་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །བྱང་གི་ཡུལ་སྲུངས་སྐུ་ལྷ་ངང་ཡག་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །འཁོར་དང་ཡང་འཁོར་ཐམས་ཅད་ལ་གསོལ་ལོ་མཆོད་དོ་འདྲེན་ནོ་འབུལ་ལོ་སྦྱིན་ནོ། །མཉེས་ཤིང་ཚིམས་དགའ་ཞིང་མགུ་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད་ཅིག །རྣལ་འབྱོར་པའི་སྐུ་ཚེ་སྲིངས་ཤིག །དགེ་འདུན་གྱི་ཆེ་བ་ཐོན་ཅིག །འཇིག་རྟེན་ཁམས་གྱི་བདེ་སྐྱིད་སྤེལ་ཅིག །ཆར་ཆུ་དུས་སུ་འབེབས་པར་མཛོད་ཅིག །རྩྭ་ཁ་ལོ་ཐོག་རྟག་ཏུ་ལེགས་པར་མཛོད་ཅིག །མི་ནད་དང་ཕྱུགས་ནད་
མེད་པར་མཛོད་ཅིག །ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞི་བར་མཛོད་ཅིག །རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་ཆོད་ཐམས་ཅད་ཀྱི་མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །སད་སེར་དང་མུ་གེ་མ་བཏང་ཞིག །དགྲ་རྐུན་དང་གོད་ཁ་མ་བཏང་ཞཅིག །སྡོད་ན་རྟེན་ས་མཛོད་ཅིག །འགྲོ་ན་ལམ་ཆོས་ཤིག །ཚེ་དང་བསོད་ནམས་སྤེལ་ཅིག །དཔལ་དང་གྲགས་པ་སྒྲུབས་ཤིག །འཁོར་དང་བསྟན་པ་སྲུངས་ཤིག །ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །དགྲ་བྱུང་ན་བྱ་ཐོངས་ཤིག །དུག་བྱུང་ན་སྨན་ཐོངས་ཤིག །མཉམ་གཉིས་གཡུལ་འགྱེད་ནི་དམག་དཔོན་ཁྱེད་ལ་རེའོ། །རྒྱལ་ཁ་རླུང་ཁ་བྱིན་ཅིག །ཇག་ལ་འགྲོ་ན་ཇག་དཔོན་རེའོ། །བུ་རྟ་སྲུངས་ལ་དགྲ་ནོར་ལོངས་ཤིག །མཉམ་གཉིས་མི་དང་ཕྱུགས་འགྲན་ན། བེའུ་ལུག་འཕེལ་ཁ་ཁྱོད་ལ་རེའོ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །མཉམ་གཉིས་མི་དང་བུ་ནི་འགྲན་ན། རིགས་རྒྱུད་བཙན་དར་ཁྱེད་ལ་རེའོ། །མི་འཕེལ་རྟ་ཧྲག་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །བང་མཛོད་
འབྲུ་ཡི་དངོས་གྲུབ་སྩོལ་ཅིག །རྐང་བཞི་རྟ་ཕྱུགས་དངོས་གྲུབ་སྩོལ་ཅིག །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ་ཅིག །སྲ་བརྟན་གོ་ཆའི་དངོས་གྲུབ་སྩོལ་ཅིག །གསེར་དངུལ་རིན་ཆེན་དངོས་གྲུབ་སྩོལ་ཅིག །ཇ་དར་ལོངས་སྤྱོད་དངོས་གྲུབ་སྩོལ་ཅིག །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཅིག །ནད་མེད་བདེ་བའི་དངོས་གྲུབ་སྩོལ་ཅིག །མ་གཅིག་ལྟར་དུ་བྱམས་པས་སྐྱོངས་ཤིག །སྲིང་གཅིག་ལྟར་དུ་གདུང་སེམས་བསྐྱེད་ཅིག །གྲོགས་གཅིག་ལྟར་དུ་འབྲལ་མེད་སྐྱོངས་ཤིག །བྲན་མོ་ལྟར་དུ་ཕྲིན་ལས་སྒྲུབས་ཤིག །མཐུ་དང་ནུས་པ་སྐྱེད་ཅིག །རྟགས་དང་མཚན་མ་སྟོན་ཅིག །བཀའ་དང་དམ་ལས་མ་འདའ་ཞིག །རྫུན་དང་གཡོ་སྒྱུ་མ་མཛད་ཅིག །ལེ་ལོ་དང་བཏང་སྙོམས་མ་མཛད་ཅིག །ཁྱད་པར་དུ་གསང་སྔགས་བླ་ན་མེད་པའི་བསྟན་པ་དར་ཞིང་རྒྱས་པར་མཛོད་ཅིག །བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་རྒྱུ་ཡིན་པ་རྣམས་ཀྱི་སྐུ་ཚེ་དང་མཛད་ཕྲིན་དར་ཞིང་རྒྱས་པར་མཛོད་ཅིག །བསྟན་པ་ལ་ཕན་པའི་སྦྱིན་བདག་རྣམས་ཀྱི་ཆོས་སྲིད་དབང་ཐང་རྒྱས་པར་མཛོད་ཅིག །སློབ་དཔོན་ཆེན་པོ་
པདྨ་འབྱུང་གནས་ཀྱིས་བོད་ཁ་བ་ཅན་གྱི་བསྟན་པ་སྐྱོང་བར་ཁྱེད་རྣམས་བསྐོས་པའི་དམ་ཚིག་དྲན་པར་མཛོད་ཅིག །ཨོཾ་བཛྲ་མ་མ་ལ་ལ་ལི་ལི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ སརྦ་པཱུ་ཛ་ཧོ། སརྦ་སིདྡྷི་ཕ་ལ་ཧོ། ཞེས་བཤོས་བུ་རིའི་ཕྱོགས་སུ་ཕུལ་བའམ། བསང་དང་འབྲེལ་ན་བསང་ནང་དུ་འབུལ་ཡང་རུང་ངོ་། །རྒྱུན་དུ་སྲུང་མར་བརྟེན་ན་གཏོར་མ་དངོས་གྲུབ་ཏུ་རོལ་ལོ། །ཞེས་པ་རྒྱལ་ཕུར་འགྲུབ་སྦྱོར་ཉིན་རྟེན་འབྲེལ་དབུ་བཙུགས་ནས། །རྡོ་རྗེ་གཡུ་སྒྲོན་མ་ཉིད་ཀྱི་ལྷ་ཞོལ་དུ་ཀརྨ་ཨ་རཱ་གས་སྦྱར་བ་སྟེ། གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ལྷན་ཐབས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།
བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་དབ་ཀྱི་ཇོ་མོ་གཡུ་སྒྲོན་གྱི་གསོལ་ཁ་བོད་ཁམས་སྤྱིའི་རིམ་གྲོ་འདོད་དགུའི་ཆར་འབེབས།
བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་དབ་ཀྱི་ཇོ་མོ་གཡུ་སྒྲོན་གྱི་གསོལ་ཁ་བོད་ཁམས་སྤྱིའི་རིམ་གྲོ་འདོད་དགུའི་ཆར་འབེབས་བཞུགས་པ་ལེགས་སོ། །
གུ་རུ་བཛྲ་ཀྲོ་དྷ་བྷིར་ཝ་ཡེ་ན་མ། འཇིག་རྟེན་བོད་ཁམས་བདེ་ཞིང་སྐྱིད་པ་དང་། །རང་རང་གང་འདོད་ཕྲིན་ལས་བསྒྲུབ་པའི་ཕྱིར། །ཇོ་མོ་གཡུ་སྒྲོན་མཆོད་པའི་གོ་ཆ་བྲི། །ཇོ་མོ་འཁོར་བཅས་བཀའ་ཡི་གནང་བ་སྩོལ། །རིན་ཆེན་སྣོད་དུ་བཤོས་བུ་རྩེ་རྒྱལ་ལ། །བཤོས་ཕྲན་བཞིས་བསྐོར་མདུན་དུ་སྨན་ཏིང་བཞིག །མཐེབ་སྐྱུ་བཞིའམ་ཡང་ན་བཅུ་གཉིས་བསྐོར། །རང་ཉིད་པད་འབྱུང་ངམ་ནི་གྲོ་ལོད་བསྒོམ། །དེ་ནས་གྱེར་སྒོམ་སྦྲགས་པ་འདི་ལྟར་རོ། །ཆོས་ཀུན་ཡེ་ནས་ཀ་དག་རྫོགས་པ་ཆེ། །དེ་ཡི་ངང་ལས་མདུན་དུ་སྤང་ལྗོངས་དང་། །ཤེལ་བྲོག་གངས་དཀར་ནེའུ་སེང་མེ་ཏོག་བཀྲ། །ལྷོ་སྤྲིན་འཇའ་ཚོན་སྦྲང་ཆར་འབྲུག་སྒྲ་སྒྲོག །དེ་དབུས་ན་བུན་
ཡོལ་བ་བྲིས་པའི་ནང་། །ཤེལ་གྱི་གུར་ཆེན་མུ་ཏིག་ཆོན་ཐག་དང་། །དུང་གི་ཚུགས་ཤིང་བྱི་རུའི་ཆོན་ཕུར་བཏབ། །འདོད་པའི་ཡོན་ཏན་སྣ་ཚོགས་གཅལ་དུ་བཀྲམ། །དེ་དབུས་སྣ་ཚོགས་པདྨ་འདབ་བཞིའི་དབུས། །ཟླ་བའི་སྟེང་དུ་གཡུ་ཡི་རྡོ་རྗེ་ནི། །ཧྲཱི༔ཡིག་གིས་མཚན་ཡོངས་སུ་གྱུར་པ་ལས། །ཇོ་མོ་གཡུ་སྒྲོན་སྟོན་ཀའི་ཟླ་བའི་མདོག །ཆིབས་སུ་རླུང་གི་ཤུགས་ཅན་ཡུ་མོ་ཆིབས། །གཡས་པས་མདའ་དར་གཡོན་པས་མེ་ལོང་འཛིན། །འདབ་བཞིའི་ཤར་དུ་ཧ་ལས་གཡུ་བུན་སྔོ། །དྲེལ་ལ་ཆིབས་ནས་རྡོ་རྗེ་མེ་ལོང་འཛིན། །ལྷོ་རུ་རི་ལས་རྡོ་རྗེ་
གཡུ་ཞགས་སེར། །རྟ་སྔོན་ལ་ཆིབས་རིན་ཆེན་མེ་ལོང་འཛིན། །ནུབ་ཏུ་ནི་ལས་རྡོ་རྗེ་གཡུ་ཕྲེང་དམར། །རྐྱང་ལ་ཆིབས་ཤིང་པདྨ་མེ་ལོང་འཛིན། །བྱང་དུ་ས་ལས་རྡོ་རྗེ་གཡུ་སྐྱིད་ལྗང་། །འབྲོང་ལ་ཆིབས་ཤིང་རྒྱ་གྲམ་མེ་ལོང་འཛིན། །ལྔ་ཀ་རང་རང་མདོག་མཚུངས་ན་བཟའི་སྟེང་། །དར་དཀར་བེར་གསོལ་རིན་ཆེན་དུ་མས་བརྒྱན། །ཐོར་ཙུགས་དབུ་རྒྱན་མེ་ཏོག་ཕྲེང་བས་བརྒྱན། །དེ་རྒྱབ་བཀའ་ཉན་དཀར་མོ་མཆེད་བརྒྱད་ནི། །སྒེག་མཛེས་བཞེངས་ཐབས་མདའ་དར་མེ་ལོང་འཛིན། །དེ་རྒྱབ་བོད་ཁམས་བརྟན་མ་བཅུ་གཉིས་ནི། །སྣ་ཚོགས་རྒྱན་ལྡན་བཞོན་པ་སྣ་ཚོགས་ཅན། །དེ་རྒྱབ་སྲིད་པའི་སྨན་མོ་འབུམ་ཕྲག་ནི། །གཟུགས་མཛེས་གཞོན་ཚུལ་བྲོ་རྡུང་གར་སྟབས་འཁྱུགས། །ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ་བྷྱོ༔ སྲིད་པའི་སྨན་བཙུན་ཇོ་མོ་གཡུ་སྒྲོན་མ། །མཆེད་ལྔ་བརྟན་སྐྱོང་སྨན་ཕྲན་འབུམ་དང་བཅས། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་སུ་གསོལ། །གསང་སྔགས་ཆོས་ཀྱི་སྲུང་མ་མཛད་པའི་
ཚེ། །ཟངས་མདོག་དཔལ་གྱི་རི་དང་ཨོ་རྒྱན་ཡུལ། །ཉི་ཤུ་རྩ་བཞིའི་གནས་ནས་གཤེགས་སུ་གསོལ། །གཙུག་ལག་ཆོས་འཁོར་སྲུང་མ་མཛད་པའི་ཚེ། །རྡོ་རྗེ་གདན་དང་དཀར་ཆུང་གཙུག་ལག་ཁང་། །དཔལ་གྱི་བསམ་ཡས་ཕྱོགས་ནས་གཤེགས་སུ་གསོལ། །རུ་བཞི་བོད་ཁམས་སྐྱོང་མ་མཛད་པའི་ཚེ། །དབུ་རུ་སྙིང་ཚལ་གནས་ནས་གཤེགས་སུ་གསོལ། །ཞིང་སྐྱོང་མཁའ་འགྲོའི་ཚོགས་དཔོན་མཛད་པའི་ཚེ། །དཔལ་གྱི་ཙ་རི་ཏྲ་ནས་གཤེགས་སུ་གསོལ། །གནམ་སྨན་འབུམ་གྱི་གཙོ་མོ་མཛད་པའི་ཚེ། །ཡར་ལྷ་ཤམ་པོའི་མགུལ་ནས་གཤེགས་སུ་གསོལ། །དྲི་ཟ་ཡོངས་ཀྱི་གཙོ་མོ་མཛད་པའི་ཚེ། །གཙང་གི་ཇོ་མོ་གངས་ནས་གཤེགས་སུ་གསོལ། །བརྟན་མ་ཀུན་གྱི་གཙོ་མོ་མཛད་པའི་ཚེ། །ཁ་རག་གངས་རིའི་མགུལ་ནས་གཤེགས་སུ་གསོལ། །བཙན་རིགས་ཀུན་གྱི་གཙོ་མོ་མཛད་པའི་ཚེ། །ལྷོ་བྲག་སྨན་ལུང་གནས་ནས་གཤེགས་སུ་གསོལ། །འབྲས་མོ་ལྗོངས་ཀྱི་གནས་སྲུང་མཛད་པའི་ཚེ། །ཕོ་བྲང་སྨྱུག་རིའི་རྩེ་ནས་གཤེགས་སུ་གསོལ། །རྡོ་རྗེ་ཕུར་པའི་བཀའ་སྲུང་མཛད་པའི་ཚེ། །ཚ་བ་ཁེ་ཤོད་ཡུལ་ནས་གཤེགས་སུ་
གསོལ། །ཡུལ་ལྷ་ཀུན་གྱི་དགྱེས་སྡེ་མཛད་པའི་ཚེ། །ཕོ་བྲང་དབ་ལུང་གནས་ནས་གཤེགས་སུ་གསོལ། །རྣལ་འབྱོར་བདག་གིས་གདུང་བས་ཁྱོད་འབོད་ན། །གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་བྱོན་ཅིག །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ བོད་ཁམས་སྐྱོང་མ་གནས་འདིར་བྱོན་པ་ལེགས། །ཤེལ་གྱི་གུར་ཁང་པདྨ་ཟླ་བའི་གདན། །གཙོ་དང་འཁོར་དུ་འཚམས་པའི་ཁྲི་གདན་ལ། །ཇི་སྲིད་མཆོད་པ་འབུལ་བ་དེ་སྲིད་དུ། །བརྟན་པར་བཞུགས་ལ་གང་བཅོལ་ཕྲིན་ལས་སྒྲུབས། །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ས་མ་ཡ་ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཧྲཱིཿ བསྟན་སྲུང་ཆེན་མོ་གཡུ་སྒྲོན་འཁོར་དང་བཅས། །སྔོན་ཚེ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ །གསང་བདག་རྟ་མགྲིན་པདྨ་འབྱུང་གནས་དང་། །རིག་འཛིན་རྣམས་ཀྱི་སྤྱན་སྔར་ཁས་བླངས་པའི། །དམ་ལ་མ་འདའ་བདག་གི་ཕྲིན་ལས་སྒྲུབས། །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧྲཱི༔ གཡུ་སྒྲོན་འཁོར་བཅས་མཆོད་པའི་དམ་རྫས་ནི། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །བྷྲཱུྃ་ཡིག་ལས་བྱུང་རིན་ཆེན་སྣོད་ནང་དུ། །སྨན་བཤོས་ཁཾ་ཡིག་ལས་བྱུང་བདུད་རྩིའི་
མཚོ། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཧ་ཧོ་ཧཱུྃཡིས་དྲི་རོ་ངན་པ་བཅོམ། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩི་གྱུར། །བདུད་རྩི་རླངས་པ་མཆོད་པའི་སྤྲིན་ཕུང་འཁྲིགས། །སྣ་ཚོགས་རོལ་མོ་སྒྲ་དབྱངས་འབྲུག་སྒྲ་སྒྲོག །རིན་ཆེན་དགོས་འདོད་སྣ་ཚོགས་ཆར་དུ་འབེབས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །སྣ་ཚོགས་འབྲུ་སྣ་སྨན་སྣ་རིན་ཆེན་ཚོགས། །དར་ཟབ་སྟོད་གཡོགས་སྨད་དཀྲིས་དར་མདུང་དཀར། །མདའ་དར་སྣ་ལྔ་མེ་ལོང་སྐུ་གཟུགས་དང་། །བྱི་རུ་གཡུ་དང་མུ་ཏིག་ཤེལ་གྱི་ཕྲེང་། །ར་དཀར་བ་དཀར་ལུག་དཀར་འབྲི་ཟལ་མོ། །རྟ་ནག་དྲེའུ་དཀར་དོང་སྔོན་པོ་དང་། །ཇ་ཆང་ཕུད་རྒོད་ཟས་ཕུད་ཕྱེ་མར་སོགས། །ཕྱི་ཡི་མཆོད་པ་སྣ་ཚོགས་ཁྱེད་ལ་འབུལ། །རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ། །ཚོགས་ཀྱི་མཆོད་པ་ཤ་ལྔ་བདུད་རྩི་ལྔ། །མཁའ་འགྲོ་ལྔ་པོ་འཁོར་དང་བཅས་ལ་འབུལ། །བདེ་སྟོང་ཐབས་ཤེས་དབྱེར་མེད་མཉམ་པར་བཞག །དབབ་བཟུང་ལྡོག་བཀྲམ་དགའ་བཞིའི་ཡེ་ཤེས་
མཆོག །གསང་བ་བླ་ན་མེད་པའི་མཆོད་པ་འབུལ། །རང་སེམས་ལྷན་ཅིག་སྐྱེས་མ་རྒྱལ་བའི་ཡུམ། །གདོད་ནས་རྣམ་དག་ཀུན་ཏུ་བཟང་མོ་སྟེ། །མཆོད་བྱ་མཆོད་བྱེད་བྲལ་བའི་མཆོད་པ་འབུལ། །ཀུན་རྫོབ་རྟེན་འབྲེལ་བཤམས་པའི་མཆོད་གཏོར་ཡང་། །ཤིན་ཏུ་དགྱེས་པའི་ཚུལ་དུ་བཞེས་སུ་གསོལ། །ཨོཾ་བཛྲ་པྲ་མོ་ཧ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨགྷཾ་སོགས། ཧྲཱི༔ ཀུན་ཏུ་བཟང་མོ་ཡུམ་གྱི་ཆོ་འཕྲུལ་ལས། །སྲིད་པའི་སྨན་བཙུན་ཆེན་མོ་གཡུ་སྒྲོན་མ། །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་སྲུང་མ་མཛད། །སྔགས་ཀྱི་སྲུང་མ་ཁྱོད་ལ་བདག་བསྟོད་དོ། །དང་པོ་སྲིད་པ་ཆགས་པའི་ཕྲིན་ལས་བསྒྲུབ། །ཞང་ཞུང་དགྲ་བླ་ཛ་མུན་ཞེས་སུ་གྲགས། །གཡུང་དྲུང་བོན་གྱི་སྲུང་མ་མཐུ་མོ་ཆེ། །སྲིད་པའི་རྒྱལ་མོ་ཁྱོད་ལ་བདག་བསྟོད་དོ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་མཚམས་སྲུང་མ། །གཤིན་རྗེ་མཆེ་བ་མ་ཞེས་ཁྱོད་ཀྱི་མཚན། །མ་མོ་རྦོད་གཏོང་དཀྱིལ་འཁོར་གྲལ་དུ་བཞུགས། །སྲིད་པའི་སྨན་མོ་གཡུ་སྒྲོན་ཁྱོད་ལ་བསྟོད། །ཡུལ་ཆེན་ཉེར་བཞིའི་ནང་ནས་བོད་ཀྱི་ཡུལ། །སྐྱོང་མཛད་བོད་སྐྱོང་ལྷན་ཅིག་སྐྱེས་མ་
ཞེས། །ཞིང་སྐྱོང་མ་མོའི་གཙོ་མོ་གཡུ་སྒྲོན་མ། །ཤཱཀ་ཐུབ་ལུང་བསྟན་ལྷ་མོ་ཁྱོད་ལ་བསྟོད། །བརྟན་སྐྱོང་ཡ་མ་ཀུན་གྱི་རྗེ་མོ་སྟེ། །བརྟན་མ་དམག་གི་རྒྱལ་མོ་ཞེས་སུ་གྲགས། །པདྨ་འབྱུང་གནས་བཀའ་ཡི་ཕོ་ཉ་མོ། །རྡོ་རྗེ་གཡུ་སྒྲོན་མ་ལ་བདག་བསྟོད་དོ། །ཞི་བའི་ཕྲིན་ལས་མཛད་ཚེ་སྐུ་མདོག་དཀར། །ཞི་མཛད་དཀར་མོ་འོད་ལྡན་ཞེས་སུ་གྲགས། །རྒྱས་པའི་ཕྲིན་ལས་མཛད་ཚེ་སྐུ་མདོག་སེར། །ཉི་འོད་འབར་བའི་སྨན་གཅིག་མ་ཞེས་གྲགས། །དབང་གི་ཕྲིན་ལས་མཛད་ཚེ་སྐུ་མདོག་དམར། །འཇིག་རྟེན་གསུམ་དབང་མཛེས་པ་མོ་ཞེས་གྲགས། །སྣ་ཚོགས་ཕྲིན་ལས་མཛད་ཚེ་སྐུ་མདོག་ལྗང་། །རྡོ་རྗེ་གཡུ་ཡི་སྒྲོན་མ་ཞེས་སུ་གྲགས། །ཕྲིན་ལས་ཀུན་འགྲུབ་ཁྱོད་ལ་བདག་བསྟོད་དོ། །ཞི་བའི་ལས་མཛད་རྡོ་རྗེ་གཡུ་བུན་མ། །རྒྱས་པའི་ལས་མཛད་རྡོ་རྗེ་གཡུ་ཞགས་མ། །དབང་གི་ལས་མཛད་རྡོ་རྗེ་གཡུ་ཕྲེང་མ། །དྲག་པོའི་ལས་མཛད་རྡོ་རྗེ་གཡུ་སྐྱིད་མ། །གཡུ་སྒྲོན་མཆེད་ལྔའི་སྐུ་ལ་བདག་བསྟོད་དོ། །དཀར་མོ་མཆེད་བརྒྱད་བརྟན་མ་བཅུ་གཉིས་དང་། །ཡ་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་། །སྨན་ཕྲན་
འབུམ་དང་སྡེ་བརྒྱད་ཡུལ་ལྷའི་ཚོགས། །ཇོ་མོ་གཡུ་སྒྲོན་འཁོར་དང་བཅས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འབུལ་བ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་བར་ཆད་རྐྱེན་ངན་ཞི་བར་མཛོད། །མི་དང་ཕྱུགས་ལ་གོད་ཁ་མེད་པར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཆོས་སྲིད་དབང་ཐང་བསྟན་པ་དར་བར་མཛོད། །ནང་གི་རླུང་སེམས་ཕྱི་ཡི་སྣང་བ་དང་། །འདོད་དགུའི་ལོངས་སྤྱོད་དབང་དུ་འདུ་བར་མཛོད། །ཡམས་ནད་རིམས་ནད་ཕྱུགས་ནད་འཐབ་རྩོད་དང་། །བྱད་ཁ་དྲོད་གཏོང་གནོད་པ་བཟློག་པར་མཛོད། །ཆག་ཆེན་ཉམ་ང་རྨི་ལམ་མཚན་མ་ངན། །ཀག་དང་སྲི་དང་ལྟས་ངན་བསྒྱུར་བར་མཛོད། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་། །སྐྱེལ་བསུ་རོག་ལྡན་མཐུན་རྐྱེན་བསྒྲུབ་པར་མཛོད། །མདོར་ན་བདག་གི་ཡིད་ལ་གང་འདོད་པའི། །འདོད་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད། །མ་ལྟར་བརྟེན་ནོ་མ་གཅིག་ཞེ་མ་སྣང་། །སྲིང་ལྟར་བརྟེན་ནོ་སྲིང་གཅིག་སྙིང་མ་རིང་། །མཛའ་ལྟར་བརྟེན་ནོ་གྲོགས་གཅིག་ཁྲེལ་མ་ཆུང་། །མ་གཡེལ་མ་གཡེལ་
བཅོལ་བའི་ཕྲིན་ལས་མཛོད། །འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་དང་། གཙོ་མོའི་ཐུགས་ཀར་ཧྲཱི༔ཡིག་དཀར་པོའི་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བས་ཐུགས་རྒྱུད་བསྐུལ། །དེ་ལ་རང་ཉིད་པད་འབྱུང་ཐུགས་ཀ་ཡི། །འོད་ཟེར་ཕོག་པས་སྔོན་གྱི་དམ་ཚིག་དྲན། །ཕྲིན་ལས་ཡིད་ལ་གང་བསམ་འགྲུབ་པར་གྱུར། །ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭ་ཧཱ། །ཞི་བའི་ལས་ལ་ཤམ་བུ་འདི་ཉིད་སྦྱར། །ནད་གདོན་བར་ཆད་ཤིནཾ་ཀུ་རུ་སྭཱ་ཧཱ། །རྒྱས་པའི་ལས་ལ་ཤམ་བུ་འདི་བཏགས་སོ། །བ་སུ་པུརྗེ་པུཎྚི་ཀུ་རུ་སྭཱ་ཧཱ། །དབང་གི་ལས་ལ་ཤམ་བུ་འདི་ཡིན་ནོ། །ལོ་ཀཱ་པཱ་ཤང་ཀུ་རུ་སྭཱ་ཧཱ། །ཕྲིན་ལས་གང་འདོད་སྐུ་མདོག་བསྒྱུར་ཁ་བྱ། །དགྲ་ཆད་འདི་ན་ཡོད་པ་འོག་ཏུ་བྲིས་ཡོད་ལགས། །དེ་ཕྱིར་ཤིན་ཏུ་བཅའ་ཤེས་བྱ། །ཞི་བར་བསྒྲུབ་ན་ནད་གདོན་ཞི། །བཀྲ་ཤིས་མི་ནོར་མངའ་ཐང་འཕེལ། །གསོལ་ཁའི་མཇུག་ལ་གཤེགས་གསོལ་ལམ། །རྟེན་ལ་བཞུགས་གསོལ་སྐབས་དང་བསྟུན། །དེ་སྐད་རཱ་ག་ཨ་སྱས་ཡིས། །དབ་ལུང་ཇོ་མོའི་མདུན་ལུང་དུ། །ནུབ་གཅིག་མར་མེའི་ངོགས་ནས་བྲིས། །ཚངས་གསར་སྔགས་འཆང་ལྷ་འབུམ་དང་། །བླ་མ་ཀརྨ་བསྟན་སྐྱོང་གིས། །སྐུ་ངོ་མ་ཆོག་བྲིས་པ་ལ། །ཉེས་པ་ཇོ་མོ་ཉིད་ལ་བཤགས། །དགེ་བས་བོད་ཁམས་བདེ་བ་དང་། །དཀོན་མཆོག་དབུ་འཕང་མཐོ་བར་ཤོག །སརྦ་མངྒ་ལཾ།། །། ༈ དྲག་པོའི་ལས་ལ་དམར་གཏོར་ལིང་གས་བརྒྱན། །འགུགས་
གཞུག་བྱས་ལ་དགྲ་བགེགས་ཤ་ཁྲག་རུས། །གཏོར་མ་དབྱེར་མེད་དམིགས་ལ་སྐད་ཅིག་གིས། །དྲག་པོས་སྐུར་གྱུར་ཧབ་ཐོབ་ཟོས་པར་བསམས་ལ། ཨོཾ་བཛྲ་ཌཱ་ཀི་ནི་བེ་རོ་ཙ་ནི་ཡི་ལོ་ཀ་ཌཱ་ཀི་ནི་རཀྵ་རཀོ་ཛཿཛཿ དགྲ་བགེགས་ཀྱི་མ་ཧཱ་ནཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ བྷོ། སྲིད་པའི་མ་མོ་གཡུ་སྒྲོན་མ། །ཤ་ཟ་ཌཱ་ཀི་ཟ་བྱེད་གདོང་། །མགོ་དགུ་འཇིགས་པའི་མཆེ་བ་གཙིགས། །ཁ་དགུ་ནད་ཀྱི་རླངས་པ་འཐུལ། །ཉེར་བདུན་མིག་ནས་ཁྲག་ཆར་འབེབས། །ཕྱག་བརྒྱད་མཚོན་ཆའི་བུ་ཡུག་འཚུབ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཆིབས། །ནམ་གྱི་གུང་ལ་སྟོང་གསུམ་ཉུལ། །དགྲ་བོའི་བླ་འཁྱམས་ཁྱེར་ལ་ཤོག །ནད་ཀྱི་ཁ་རླངས་དགྲ་ལ་ཐོངས། །ཁྲག་གི་ཆར་པ་དགྲ་ལ་ཕོབ། །མཚོན་གྱི་བུ་ཡུག་དགྲ་ལ་ཕོབ། །བསྟན་དང་བདག་ལ་སྡང་བ་ཡི། །སྡིག་ཅན་དགྲ་བོ་ཟས་སུ་ཟོ། །ཤ་ལ་དགའ་བའི་མ་མོ་རྣམས། །དགྲ་ཤ་ཚོགས་སུ་ད་རོལ་ཅིག །ཁྲག་ལ་རྔམ་པའི་མ་མོ་རྣམས། །དགྲ་ཁྲག་སྐམ་དུ་ད་འཐུང་ཞིག །བྷྱོ། སྲིད་པའི་སྨན་མོ་གཡུ་སྒྲོན་མ། །ཤིན་ཏུ་དྲག་ཏུ་ཁྲོས་ཙ་ན། །སྐུ་
མདོག་མཐིང་ནག་མུན་པའི་མདོག །ཞལ་གསུམ་མཐིང་ནག་སྤྱན་དགུ་བརྒྱད། །ཡ་མཆེ་བྲང་གི་དཀྱིལ་དུ་སླེབས། །མ་མཆེ་སྨིན་མའི་རྩ་བར་སླེབས། །སྲིད་པ་གསུམ་གྱི་ཤ་ཁྲག་གིས། །མི་ངོམས་ཤ་ཟ་ཁ་མོ་ཆེ། །དགྲ་བོའི་ཤ་ལ་ད་ཟོ་ཞིག །ཕྱག་གཡས་བདུད་ཀྱི་ཁྲམ་ཤིང་ཕྱིར། །དགྲ་བོ་ཁྲམ་ལ་ད་ཐོབ་ཅིག །བདུད་ཀྱི་བུ་མོའི་དུས་ལ་བབ། །ཕྱག་གཡོན་ནད་ཀྱི་རྐྱལ་པ་འཛིན། །དལ་ཡམས་རོ་ལིང་དགྲ་ལ་ཕོབ། །ནད་བདག་ཆེན་མོ་ད་རྒྱུག་ཅིག །མཚོན་གྱི་གྲི་གུ་མཆན་དུ་བཅུག །ནང་འཁྲུག་གི་རྒོད་དགྲ་ལ་ཐོངས། །སྲིད་པའི་སྨན་མོ་ལས་ལ་ཡ། །ཆིབས་སུ་དྲེལ་ནག་རྐང་གསུམ་ཆིབས། །སྐད་ཅིག་ཉིད་ལ་གླིང་བཞི་བསྐོར། །དགྲ་བོ་མ་བཏང་ཤྭ་ར་རེ། །ལས་མཁན་མ་མོའི་དུས་ལ་བབ། །ཡབ་ནི་རྒྱལ་པོ་སྟག་ཞུ་ཅན། །སྡང་བའི་དགྲ་ལ་སྨྱོ་འབོག་ཐོངས། །ཡུམ་ནི་གངས་དཀར་ཉི་མ་འཕྲུལ། །རི་བྱིའུ་དགྲ་བོའི་སྙིང་ལ་ཆུག །མིང་པོ་རྡོ་རྗེ་ལེགས་པ་སྐྱོང་། །ཐེའུ་རང་ཆོ་འཕྲུལ་དགྲ་ལ་ཐོངས། །སྲིང་མོ་མི་རྐུན་ཐོད་རྒྱལ་གྱིས། །དགྲ་བོའི་མི་ནོར་རྐུས་ལ་ཤོག །ལས་མཁན་དུར་ཁྲོད་འདྲེ་
མོའི་ཚོགས། །དགྲ་ལ་མི་རུངས་སྣ་དགུ་ཐོངས། །ཕོ་ཉ་མགྱོགས་བྱེད་སྐད་ཅིག་གིས། །ད་ལྟ་ཉིད་དུ་རྒྱུག་འདྲལ་གྱིས། །འཁོར་གྱི་སྡེ་བརྒྱད་དྲེགས་པའི་ཚོགས། །དགྲ་བོ་ཁ་ཕུང་རྗེས་མེད་ཐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་གཏོར་མ་ཟོར་དུ་འཕངས། །དེ་རྗེས་སྐུ་འདྲའི་དར་དཔྱངས་བརྡབ། །གལ་ཆེན་འགའ་ལ་མ་ཐུག་བར། །དུས་མིན་རྙེད་ཆུང་ཙམ་ལ་ནི། །བྱས་ན་སྲིད་པའི་མ་མོ་འཁྲུགས། །རང་ལ་དལ་ཡམས་ནད་འཁྲུགས་འབྱུང་། །དེ་ཕྱིར་ཀུན་གྱི་བཅོལ་ཤེས་བྱ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།