← Search

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

མཁས་གྲུབ་ཀརྨ་ཆགས་མེད།

བཞེད་པ་རྡོ་རྗེའི་གསང་བའི་བླ་མའི་རྣལ་འབྱོར།

p. 1

བཞེད་པ་རྡོ་རྗེའི་གསང་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །

p. 2

ན་མོ་གུ་རུ་ཧ་ས་བཛྲ་ཌཱ་ཀི་ཡེ། རྗེ་བཙུན་བཞད་པ་རྡོ་རྗེ་ཡབ་ཡུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགོངས་པ་གྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལ་སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས། གསུངས་པ་པོའི་སྟོན་པ་དང་། དེ་འཁོར་ཉན་པ་པོ་དང་། རྒྱུད་སྡེ་དེའི་བསྟན་པ་འཛིན་པའི་གང་ཟག་རྣམས་ངོ་བོ་དབྱེར་མེད་པར་རྒྱུད་ཀྱི་བཤད་པ་རྣམས་ནས་རྒྱ་ཆེར་གསུངས་ཤིང་། ཁྱད་པར་དུ་རྗེ་བཙུན་གྱི་རྣམ་ཐར་ལྷ་ཡུལ་མ་སོགས་ནས་རྗེ་མི་ལ་ཉིད་ནི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་པར་རྒྱ་ཆེར་གསུངས་ལ། དེ་ཡིན་ཕན་ཆད། དེའི་གསང་ཡུམ་དེ་རྡོ་རྗེ་སྙེམས་མ་ཡིན་པར་ཐག་ཆོད་ལ། གསང་སྔགས་ཀྱི་རྩ་བ་དབང་བཞི་དངོས་སུ་བསྐུར་བའི་ཚེ། གསང་

p. 3

དབང་སྐུར་དུས་བླ་མ་ཡབ་ཡུམ་གཉིས་ཀ་རྩ་བའི་བླ་མར་འགྱུར་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་སུ་སྐུར་ཚེ་ཡུམ་དེ་ཉིད་རྩ་བའི་བླ་མར་འགྱུར་ཕྱིར་ཡུམ་དེ་ལ་དམ་ཚིག་ལྷག་པར་དུ་ཡང་སྲུང་དགོས་པར་བཤད་པའི་ཆ་ནས་ཀྱང་། བཀའ་བརྒྱུད་འདི་པའི་དོན་གྱི་བླ་མ་བརྒྱུད་པར་ཡང་ངེས་ལ། ཁྱད་པར་རྗེ་དུས་མཁྱེན་གྱི་རྩ་བའི་བླ་མར་གཅིག་ཏུ་འཛིན་ཏེ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །གླིང་ཁ་བ་དང་མཚུར་སྟོན་སོགས། །སྒྲུབ་བརྒྱུད་ཀུན་གྱི་བཅུད་ལ་འདུད། །ཅེས་གསུངས་པ་ཡིན་ཞིང་། གསང་བ་རིགས་ཀྱི་ཌཱ་ཀི་ལྔ་ཞེས་པས་ངོ་བོ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པ། དཔལ་སྟག་ལུང་པ་སོགས་ཀྱིའང་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་འཛིན་པ་ཡིན་པ་སྟེ། རྗེ་ངག་དབང་རྣམ་རྒྱལ་གྱི་གསུང་ལས། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་ཌཱ་ཀི་མ་ཅིར་

p. 4

ཡང་སྟོན་པའི་སྒྱུ་འཕྲུལ་ཆེན་མོ་ཞིག་ཅེས་གསུངས་སོ། །དེས་ན་འདིའི་སྒོ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པར་འདོད་པས། རང་ཉིད་སྐད་ཅིག་དྲན་རྫོགས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའམ། གསང་བ་ཡེ་ཤེས་ཀྱི་ཌཱ་ཀིར་བསྒོམས་པའི་སྤྱི་བོར་པདྨའི་སྡོང་པོ་འདབ་མ་བཞི་པའི་ཟེའུ་འབྲུར་རྗེ་བཙུན་མི་ལ་སྐྱའི་རིགས་ཀྱི་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། སེམས་པའི་སྐྱིལ་ཀྲུང་གིས་ཡུམ་ཚེ་རིང་མ་སངས་རྒྱས་མཁའ་འགྲོ་གཟུགས་རྡོ་རྗེ་མའི་གཟུགས་ཅན་མེ་ལོང་འཛིན་པས་འཁྱུད་པ། །མདུན་གྱི་པད་འདབ་ལ་རྗེ་བཙུན་མི་ལ་ཐུགས་ཀྱི་རིགས་ཀྱི་རྡོར་སེམས་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། མཐིང་གི་ཞལ་བཟང་མ་རྡོ་རྗེ་མཁའ་འགྲོ་སྒྲ་རྡོ་རྗེ་མ་པི་ཝང་འཛིན་པས་འཁྱུད་པ། གཡས་སུ་རྗེ་བཙུན་ཆེན་པོ་ཡོན་ཏན་རིགས་ཀྱི་རྡོ་རྗེ་སེམས་དཔའ་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ་ལ། མི་གཡོ་བློ་བཟང་རིན་ཆེན་མཁའ་འགྲོ་དྲི་རྡོ་རྗེ་མ་སྤོས་ཕོར་འཛིན་པས་འཁྱུད་པ། རྒྱབ་ཏུ་རྗེ་བཙུན་ཉིད་གསུང་གི་རིགས་ཀྱི་རྡོ་རྗེ་སེམས་དཔའ་དམར་པོ་པདྨ་དྲིལ་བུ་འཛིན་པ་ལ། ཅོད་པན་མགྲིན་བཟང་པདྨ་མཁའ་འགྲོ་རོ་རྡོ་རྗེ་དམར་

p. 5

མོ་ཞལ་ཟས་འཛིན་པས་འཁྱུད་པ། གཡོན་དུ་རྗེ་བཙུན་མི་ལ་ཕྲིན་ལས་རིགས་ཀྱི་རྡོ་རྗེ་སེམས་དཔའ་ལྗང་ཁུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ལ། གཏད་དཀར་འགྲོ་བཟང་ལས་ཀྱི་མཁའ་འགྲོ་རེག་བྱ་རྡོ་རྗེ་མ་ན་བཟའ་འཛིན་པས་འཁྱུད་པ། ཡབ་རྣམས་ཞལ་གཅིག་སྤྱན་གསུམ་དབུ་སྐྲ་ཐོར་ཙུགས་རུས་པའི་རྒྱན་དྲུག་དང་སྟག་ཤམ་ཅུང་གྲོལ་བ་ཁྲོ་ཞིང་འཛུམ་པ། ཡུམ་རྣམས་དབུ་སྐྲ་སིལ་བུར་གྲོལ་ཞིང་གཅེར་བུ་རིན་ཆེན་དང་རུས་པའི་རྒྱན་ཅན། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ་སྐུ་རྡོ་རྗེའི་ངོ་བོ། མགྲིན་པར་ཨཱདམར་པོ་གསུང་རྡོ་རྗེའི་ངོ་བོ། ཐུགས་ཀའི་ཆ་སྨད་ཧཱུྃ་མཐིང་ནག་ཐུགས་རྡོ་རྗེའི་ངོ་བོ། སླར་ཡང་ཡབ་ཡུམ་རྣམས་ཀྱི་ཐུགས་ཀའི་དབུས་སུ། ཡབ་ལྔ་ལ་རིམ་པར། ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿཨཱཿ ཡུམ་རྣམས་ལ་ཨོ་དང་ཧ་རི་ནི་སས་མཚན་པར་བསྒོམ། ས་བོན་རྣམས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། མཁའ་སྤྱོད་ཀྱི་གནས་ནས་སྒོམ་པ་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམས་ནས། ན་མོ་གུ་རུ། གངས་ཅན་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པ། །ནཱ་རོའི་བརྒྱུད་པའི་བྱིན་རླབས་ཕྱིར། །དཀའ་བ་

p. 6

སྤྱད་པའི་ངོ་མཚར་ཅན། །འགྲོ་བའི་ནད་གསོ་སྨན་པའི་མཆོག །ཉི་ཟླ་ལྟར་གྲགས་ཕྱག་གི་གནས། །མཚན་མི་ལ་ཞེས་བྱར་གྲགས་པ་ཡི། །ཕ་རས་པ་དེ་ལ་གུས་ཕྱག་འཚལ། ༈ །བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་གསོལ་བ་འདེབས། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེགས་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ་མཆོག་ལ་གསོལ་བ་འདེབས། །རགས་སྣང་ཕྲ་ཐིག་ཟབ་མོར་བསྟེན། །ཕྲ་མྱོང་བདག་བྱིན་རླབས་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ་མཆོག་ལ་གསོལ་བ་འདེབས། །འཛག་མེད་གཙོ་མོར་ས་བོན་བཀྲོལ། །སྲིད་བདག་ལམ་དུ་སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ་གསོལ་བ་འདེབས། །བདག་ཀྱང་འཁོར་བ་མི་སྤོང་ཞིང་། །མྱ་འདས་ཞི་བར་མི་འཇུག་སྟེ། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །བྱང་ཕྱོགས་མུན་པའི་སྨག་རུམ་ནས། །གངས་ལ་ཉི་

p. 7

མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་གུས་ཕྱག་འཚལ། །ཞེས་རྗེ་མི་བསྐྱོད་རྡོ་རྗེས་མཛད་པའི་མི་ལའི་བསྟོད་པ་ཆེ་རིང་མའི་ཆོ་ག་དང་ཆོས་སྤྱོད་རབ་གསལ་དུ་ཡོད་པ་དེ་གསོལ་འདེབས་སུ་བསྒྱུར་ལ་འདོན་ཅིང་། དེ་ནི་གསང་བའི་གསོལ་འདེབས་ཀྱང་ཡིན་ལ། ཨོཾ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །རྡོ་རྗེ་མཁའ་འགྲོ་གཟི་བརྗིད་ཅན། །གསང་མཚན་རྡོ་རྗེ་བཞད་པ་མོ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །མི་གཡོ་རྡོ་རྗེ་གར་མཁན་མ། །ཁྱེད་ཀྱི་མཐུ་སྟོབས་རྫུ་འཕྲུལ་གྱིས། །རླུང་སེམས་སྣང་བ་དབང་དུ་བསྡུས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཅེས་གསོལ་བ་བཏབ་པས་ཡབ་ཡུམ་བཅུ་པོ་སྙོམས་པར་ཞུགས་པའི་སྒྲས། ཧ་ཧ་སི་སི་ཀུན་དྷུ་རུ་བཛྲ་དྷིག །ཅེས་པ་བདེ་བའི་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་བསྒྲགས་པས་བསྐུལ་ཏེ། འོག་མིན་མཁའ་སྤྱོད་དང་ནུབ་ཕྱོགས་ཨོ་རྒྱན་ཡུལ། ཡུལ་ཉི་ཤུ་རྩ་བཞི་གནས་སུམ་ཅུ་སོ་བདུན་རྣམས་ནས། བླ་མ་གྲུབ་ཐོབ་རིག་འཛིན་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས། རིགས་ལྔ་སོ་སོའི་ཡབ་ཐམས་ཅད་ཡབ་རྣམས་ཀྱི་ཞལ་དུ་ཞུགས། ཡུམ་ཐམས་ཅད་

p. 8

ཡུམ་རྣམས་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ནས་བདུད་རྩི་བྱང་སེམས་དཀར་དམར་གྱི་ངོ་བོར་ཞུ་སྟེ། ཡབ་ཡུམ་བཅུའི་སྦྱོར་མཚམས་ནས་བྱང་སེམས་ཁ་དོག་ལྔ་ལྡན་བབ་པ་གཅིག་ཏུ་འདྲེས་ཏེ། དཀར་དམར་མདངས་ལྡན་མུ་ཏིག་མདོག་ཅན། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་བབས་ནས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་། ལུས་ཀྱི་སྒྲིབ་དག་བུམ་པའི་དབང་ཐོབ། ལུས་སྤྲུལ་སྐུའི་ངོ་བོར་སྨིན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་། ངག་གི་སྒྲིབ་པ་དག་གསང་བའི་དབང་ཐོབ། ངག་ལོངས་སྐུའི་ངོ་བོར་སྨིན། སྙིང་ཁ་ཆོས་ཀྱི་འཁོར་ལོ་གང་། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཆོས་སྐུའི་ངོ་བོར་སྨིན། ལྟེ་བ་སྤྲུལ་པའི་འཁོར་ལོ་གང་། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །དབང་བཞི་པ་ཚིག་གི་དབང་ཐོབ། སྐུ་གསུམ་དབྱེར་མེད་དོན་དམ་ངོ་བོ་ཉིད་སྐུའི་ངོ་བོར་སྨིན། རྐང་མཐིལ་ཡན་སྤྱི་གཙུག་མན་ཆད་ལྡེམས་སེ་གང་་ཤེས་བྱའི་སྒྲིབ་པ་དག །རིག་པ་རྩལ་གྱི་དབང་ཐོབ་ཕྲིན་ལས་རབ་འབྱམས་འགྲུབ་པའི་ངོ་བོར་སྨིན། དེ་ནས་ཡུམ་ལྔ་ཡབ་རྣམས་ལ་ཐིམ་པས། ཡབ་ལྔའི་རྩ་དབུ་མ་

p. 9

དང་དབྱེར་མེད་དུ་གྱུར། ཡབ་ལྔ་གཅིག་ཏུ་འདུས་པ་རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་པ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་འཆང་དེ་རྩ་དབུ་མ་ནས་མར་བྱོན་ནས། རང་གི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་ཕྱེ་བའི་དབུས་སུ་བཞུགས་ཏེ། །དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འཁོར་འདས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བདག་ལ་ཐིམ། བདག་རྡོ་རྗེ་འཆང་ལ་ཐིམ། རྡོ་རྗེ་འཆང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ནས་གྱེན་དུ་ཡལ་ཏེ། སྟོང་པ་ཉིད་དུ་གྱུར་པའི་ངང་ལ། སེམས་མ་བཅོས་པར་ཀློད་དེ་ཀློད་ལ་རང་བབས་སུ་བཞག་གོ །དེ་ལྟར་ཐུན་སྐབས་སུ་བསྒོམས་ན། བདེ་སྟོང་ཕྱག་རྒྱ་ཆེན་པོའི་རྟོགས་པ་རང་བབ་ཏུ་འཁྲུངས་བར་ངེས་སོ། །ཞེས་པ་འདི་བརྒྱུད་པའི་བྱིན་རླབས་ཀྱིས་བདག་གི་སེམས་ལ་འཁྲུངས་བའི་རྟོགས་ཆོས་ལགས་ཏེ་སྔར་ཡི་གེ་མེད་དོ། །ཉེས་མཆིས་ཌཱ་ཀི་ལ་བཤགས་ཤིང་དགེ་བས་འགྲོ་མང་སྨིན་གྲོལ་ཤོག །ཅེས་རྣལ་འབྱོར་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ། བཀའ་རྒྱ་

p. 10

དམ་དུ་བྱའོ།། རཱ་ག་ཨ་སྱའི་ཕྱག་བྲིས་ངོ་མ་ལས་ཞལ་བཤུས་སོ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚེ་རིང་མའི་གཏོར་ཆོག་བསྡུས་པ།

p. 11

ཚེ་རིང་མའི་གཏོར་ཆོག་བསྡུས་པ་བཞུགས་སོ།། བྷྱོ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །བལ་བོད་གཉིས་ཀྱི་ས་མཚམས་ནས། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་མ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གཡུ་ཡི་སྐེ་རགས་ཅན། །སྨན་ལྗོངས་བྲག་གི་ར་བ་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་དུ། །དར་དཀར་གུར་གྱི་ནང་ཤེད་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་ཁམས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཁྱོད་ཀྱི་ཁྱོ་དང་འབྲང་སྨོས་པ། །ཡབ་ནི་ལྷོ་ལྷ་དེ་བ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིག་དབུས་ཀྱི་གཙོ་མོ་སྟེ། །ཁྱོད་ནི་གཙང་རིགས་ལྷ་ཡི་སྲས། །མཛེས་སྡུག་འོད་དུ་ཆི་ལི་ལི། །ཞལ་བཟང་ཟླ་བ་ཉ་བ་འདྲ། །ལྷ་མོ་རྣམས་ཀྱང་

p. 12

ཟིལ་གྱིས་གནོན། །མགྲིན་པ་གཅིག་ན་གླུ་སྒྲ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན། །ན་བཟའ་དར་དཀར་གོ་ཟུ་གསོལ། །རིན་ཆེན་དུ་མས་སྐུ་ལུས་བརྒྱན། །ཉིན་གསུམ་གངས་དཀར་སྟོད་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །རབ་ཏུ་མཛེས་པའི་དུར་ཁྲོད་དུ། །མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར། །བཀའ་ཉན་སྤྲུལ་པའི་དམག་ཚོགས་རྣམས། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་བྱོན་བདག་གི་ཕྲིན་ལས་སྒྲུབས། །ཁྱོད་ལ་མཆོད་པ་ཕུལ་བ་ནི། །བདུད་རྩི་སྨན་གྱི་རྩེ་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །སྤོས་དྲི་ཕུན་སུམ་ཚོགས་པ་དང་། །སྒྲོན་མེ་དྲི་ཆབ་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྗེའུ་ཆུང་རྣམས། །ཐུགས་བརྩེར་དགོངས་ཏེ་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །སྔོན་ཚེ་དབེན་གནས་ཡོངས་རྫོགས་སུ། །དབང་ཕྱུག་བཞད་པ་རྡོ་རྗེ་ལ། །རང་རང་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བཅས་པའི་རྩིས་ལ་ཕབ། །ཆོས་བརྒྱུད་

p. 13

སྤེལ་བ་གཡར་དམ་བཅས། །དེ་རིང་སྨན་བཙུན་རྒྱལ་མོ་ལ། །མིང་པོས་གསོལ་བ་འདེབས་པ་ནི། །སྲིད་གསུམ་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཁྱོད་ལ་གསོལ་བ་འདེབས་པ་ནི། །རྣལ་འབྱོར་ཚེ་བསྲིང་ལུས་མདངས་བསྐྱེད། །ནང་གི་རླུང་སེམས་དབང་དུ་བསྡུས། །ཟག་སྒྱུ་བཅས་ལུས་ཀྱི་བདེ་བ་བསྐྱེད། །ཕྱི་ཡི་སྣང་བ་དབང་དུ་བསྡུས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །བཀྲ་ཤིས་དཔལ་བསྐྱེད་འཁོར་སྐྱོངས་ལ། །འགལ་ཅན་ཀུན་སེལ་མཐུན་རྐྱེན་སྒྲུབས། །བཅོལ་བའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་ཐུགས་དམ་ཅན། །ཞེས་ཨ་རཱ་གས་སྦྱར།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚེ་རིང་མཆེད་ལྔའི་མཆོད་གཏོར་གྱི་རིམ་པ་ཤིན་ཏུ་བསྡུས་པ།

p. 14
p. 15

ཚེ་རིང་མཆེད་ལྔའི་མཆོད་གཏོར་གྱི་རིམ་པ་ཤིན་ཏུ་བསྡུས་པ་བཞུགས་སོ།། ཨཉྫི་དྷ་རི་རིགས་ཀྱི་ཌཱ་ཀི་ནི། །ཀུན་གྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མ། །དེ་ཡི་མཆེད་ཟླ་བྱ་བྱེད་ཆེན་མོ་བཞི། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ཨཉྫིདྷ་རི་པཉྩ་ཌཀི་ནཱི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ། ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་གྱུར། ཨརྒྷཾ་སོགས། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་མན་གུ་རུ་དྷེ་ཝ་བཛྲ་ས་མ་ཡ་སརྦ་པཉྩ་ཊཱཀི་ནཱི་ཨི་དཾ་བྷ་ལིཾ་ཏ་གཱི་ཧ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། །མ་མ་སརྦ་ཀརྨ་སིདྡྷི་མྨེ་པྲ་ཡཙྪཧཱུྃ། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ཐུགས་རྗེའི་གཟུགས་ཀྱི་སྐུ་སྤྲུལ་ནས། །འགྲོ་བའི་དོན་དུ་བྱོན་པ་ཡི། །རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་མ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད། །ཅེས་དྷརྨ་ཤྭ་རས་མཛད་པའི་གཞུང་ཚིག་ལས། རཱ་ག་ཨ་སྱས་ཞལ་ཤེས་སྙན་བརྒྱུད་ལ་ཡང་འདོན་ཆ་རྒྱུན་ཁྱེར་བསྡུས་པའོ། །ཨྠྀི། མངྒ་ལཾ།། །།

ཇོ་མོ་བཀྲ་ཤིས་ཚེ་རིང་མའི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྗེས་གནང་།

p. 16
p. 17

ཇོ་མོ་བཀྲ་ཤིས་ཚེ་རིང་མའི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྗེས་གནང་བཞུགས་སོ།།

p. 18

ན་མོ་གུ་རུ་ཧ་སྱ་བཛྲ་ཡེ། འདིར་བཀྲ་ཤིས་ཚེ་རིང་མའི་དབང་བསྐུར་བར་འདོད་པས། ཡར་གྱི་ཚེས་བརྒྱད་དམ་གཟའ་སྐར་བཟང་བའི་དུས་རྒྱས་པར་ན་སྤྱི་སྒྲུབ་ལྟར་དཀྱིལ་འཁོར་སྒྲུབ་རྫས་བཤམས། བསྡུ་ན་གཞི་དཀར་པོ་ཆེ་བ་གཅིག་གི་དབུས་སུ་འབྲུའི་པདྨ་འདབ་བརྒྱད་གསུམབསྒྲིགས་པའི་དབུས་སུ་ཆོས་འབྱུང་བྲིས་པའི་སྟེང་དུ་ལག་མཆོད་བྱ་བའི་བྷནྡྷ་སིནྡྷ་རའི་དཀྱིལ་འཁོར་མེ་ལོང་བཞག་པ་དར་དམར་གྱིས་བཀབ། གཡས་སུ་བུམ་པ་རྫས་ལྡན་སྤྱི་ལྟར་བཤམས། ཚེ་གཏོར། ཚེ་རིལ། ཚེ་ཆང་གཡོན་དུ་ཙཀ་ལི་བཙུགས་པའི་ཌཱ་ཀི་ལྔའི་གཏོར་མ་ལྔ་སོ་སོར་བཤམས། ཕྱག་མཚན་དངོས་སུ་འབྲི་བ་དང་། མཐར་མཆོད་པས་བསྐོར་ཏེ། དེ་ནས་སྔོན་འགྲོ་སྤྱི་ལྟར་ཕུལ། ཕག་མོའམ། རྒྱལ་བ་རྒྱ་མཚོའི་ནང་མཆོད་བྱིན་

p. 19

བརླབས་བྱས་ལ། སྲུང་འཁོར་མཆོད་པ་བྱིན་རླབས། བདག་བསྐྱེད་རྡོ་རྗེ་ཕག་མོ་ཅུང་ཟད་བསྙེན། དེ་ནས་མདུན་གྱི་ཆོས་འབྱུང་། ཨོཾ་ཨཱབི་གྷཱན་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། ཆོས་ཐམས་ཅད་དམིགས་པ་དང་བྲལ་བའི་སྟོང་པ་ཉིད་དོ། །དེའི་ངང་ལས་མཎྜལ་ཆོས་འབྱུང་བསྣོལ་མའི་དབུས་སུ་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ་གྲུ་མོ་ན་ཁ་ཊཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར་པའི་ལྟེ་བར་ཨོཾ་བོ་དམར་མོ། སྙིང་ཁར་ཧཾ་ཡཾ་སྔོན་མོ།

p. 20

ཁར་ཧཱུྃ་བཾ་དཀར་མོ། མགོ་བོར་ཧྲཱི་ཧྲཱི་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ཐམས་ཅད་ལ་ལ་ཕཊ་ཕཊ་དུད་ཁ། སླར་ཡང་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བའི་ཆོས་འབྱུང་གི་དབུས་སུ་ཧཱུྃདམར་པོའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཕོ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་བེ་རོ་ཙ་ནཱི་ཡེ་ཨརྒྱུ་སོགས། ཤབྡ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡིས་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ སྭ་བྷ་ཝས་སོགས། སྟོང་པའི་ངང་ལས་བུམ་པའི་ནང་དུ་ཧཱུྃཡིག་ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད་པའི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྤྲས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པོར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་

p. 21

ཧྲཱིཿདམར་པོ་གནས་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་སོགས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར་པའི་ཧིའི་མཐའ་མར་གཟུངས་ཀྱིས་བསྐོར་བར་གྱུར། ཨོཾ་བཛྲ་ཨཱ་ཡུ་ཥ་ས་ར་ཧ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ། ལན་གསུམ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བུམ་ལྷ་བསྐུལ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་རྩི་དང་བརྟན་གཡོའི་བཅུད་བསྡུས། ཤངས་བུག་ཏུ་ཞུགས་པས། ཐུགས་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བདག་དང་བསྒྲུབ་བྱ་གནས་པ་ལ་ཐིམ་ལྷག་མས་བུམ་པ་གང་བར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བརྒྱ་སོགས། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་སུ་བི་ནིཥི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ། སཾམྱཀྑཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱ་པུཥྱ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐུ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་

p. 22

ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། གཟུངས་བདུན་བརྗོད། ཨ་གྷ་ས་མ་ཡ་ཨེ་ཧེ་ཧི་ཨཱཡུཛྙཱ་ན་ཚེ་ཧཱུྃ། ཞེས་ཅི་རིགས་བཟླས་པས། འཇིག་རྟེན་དྲེགས་པ་ཐམས་ཅད་ཀྱིས་ཚེ་བཀུག་ནས་བུམ་པ་ལ་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ་ཥེ་ས་པཱ་རི་ཝཱ་ར་ཨརྒྱུ་སོགས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །བདག་དང་སེམས་ཅན་ཐམས་ཅད་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབ་ཏུ་གསོལ། བུམ་ལྷ་ཆུ་དང་དབྱེར་མེད་དུ་གྱུར། དེ་ནས་ཌཱ་ཀི་ལྔའི་མདུན་བསྐྱེད་ཀྱི་དམིགས་རྟེན་བསང་སྦྱངས། སྟོང་པའི་ངང་ལས་རང་ཡི་དམ་དུ་གསལ་བའི་མདུན་གྱི་ནམ་མཁར་རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེ་སྐུ་མདོག་སྔོ་སྐྱ་འཛུམ་པའི་མདངས་ཅན་དགྱེས་པའི་སྤྱན་གྱིས་སྒྲུབ་པ་པོ་ལ་གཟིགས་པ། དབུ་སྐྲ་ཕོད་ཀ་ལིང་ངེ་བ། །རྒྱབ་ཕྱིང་བུ་ལོ་གེ་བ། སྐུ་ལ་དར་དཀར་གྱི་ཕྱར་བུ་གསོལ་བ། ཕྱག་གཡས་སྙན་ལ་བརྟེན་ཅིང་། གཡོན་བདུད་རྩིས་གང་བའི་བ་མན་གྱི་རྭ་ཅོ་ཐུགས་ཀར་འཛིན་པ། ཞབས་

p. 23

རོལ་པའི་སྟབས་ཀྱིས་བཞུགས་པ་ལ་བཀའ་བརྒྱུད་ཀྱི་བླ་མ་དཔག་ཏུ་མེད་པས་བསྐོར་བ་ཡི་དམ་ལྷ་ཚོགས་སྤྲིན་ལྟར་གཏིབས་པ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ན་བུན་ལྟར་འཐིབས་པ། དེ་རྣམས་ཀྱི་འོག་གི་ཐད་ཀྱི་ས་གཞིར་གངས་རི་དཀར་པོ་ཤེལ་གྱི་མཆོད་སྡོང་འོད་འབར་བ་ལྟ་བུའི་གཡོན་ཟུར་གྱི་མགུལ་དུ་དར་དཀར་གྱི་གུར་ལ་གསེར་གྱི་ཡོལ་བ་བྲེས་པ། མུ་མན་གྱི་ཆོན་ཐག་བརྒྱངས་པ། དུང་གི་ཚུགས་ཤིང་བཙུགས་པ། བྱི་རུའི་ཆོན་ཕུར་བཏབ་པ། འཇའ་ཚོན་སྣ་ལྔའི་ཕྲེང་བས་མཛེས་པར་དཀྲིགས་པ་ལོངས་སྤྱོད་ཀྱི་ཁྱད་པར་དུ་མས་ཉེ་བར་ཕྱོགས་པའི་གནས་ཀྱི་བཀོད་པ་ཡིད་དུ་འོང་བ། ནང་དང་གསང་བ་ལྟར་ན་ཆོས་ཀྱི་འབྱུང་གནས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གི་དབུས་སུ་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་གདན་ལྔ་ཚོམ། དེའི་དབུས་སུ་གཙོ་མོ་བཀྲ་ཤིས་ཚེ་རིང་མ་སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ་སེང་གེ་དཀར་མོ་ལ་ཆིབས་པ་ཕྱག་གཡས་ཚེ་ཡི་བར་ཆད་བསྲུང་བའི་ཕྱིར་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ། གཡོན་རིན་པོ་ཆེའི་བུམ་པ་ཚེའི་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། དུང་གི་

p. 24

ཐོར་ཚུགས་ཅན། དེའི་མདུན་དུ་མཐིང་གི་ཞལ་བཟང་མ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་མཐིང་ག་རྐྱང་བུ་ཁ་དཀར་ལ་ཆིབས་པ། ཕྱག་གཡས་སྣང་སྲིད་གསལ་བར་སྟོན་པའི་འཕྲུལ་གྱི་མེ་ལོང་དང་། གཡོན་པས་ལྷའི་བ་དན་གཡོ་བ། ཨིནྡྲ་ནི་ལའི་ཐོར་ཚུགས་ཅན། གཡས་སུ་མི་གཡོ་བློ་བཟང་མ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་སྟག་མོ་གྲུས་མ་ལ་ཆིབས་པ། ཕྱག་གཡས་རོ་མཆོག་བརྒྱ་པའི་ཟས་ཀྱིས་གང་བའི་གཞོང་པ་འཛིན་པ། གཡོན་ནེའུ་ལེ་རྐྱལ་པ་བསྣམས་པ། གསེར་གྱི་ཐོར་ཚུགས་ཅན། རྒྱབ་ཏུ་ཅོད་པན་མགྲིན་བཟང་མ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཤ་བ་ཡུ་མོ་ལ་ཆིབས་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་གཡོན་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ། བྱི་རུའི་ཐོར་ཚུགས་ཅན། གཡོན་དུ་གཏད་དཀར་འགྲོ་བཟང་མ་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། ཕྱག་གཡས་རྩ་དྭཊའི་ཆུན་པོ་དང་གཡོན་པས་སྦྲུལ་ཞགས་བསྣམས་པ། གཡུའི་ཐོར་ཚུགས་ཅན། ཐམས་ཅད་ཀྱང་ཞལ་དང་སྤྱན་ཞི་མ་ཁྲོ། དར་དཀར་གྱི་གོ་ཟུ་ལ་མཚལ་གྱི་ཐིག་ཕྲན་ཧོ་ཐབས་རིས་སུ་བྲིས་པ། མུ་མན་རིན་

p. 25

པོ་ཆེ་སྣ་ལྔའི་ཆ་ག་བཏབ་ཅིང་གོང་ཁེབས་སྟོད་ལ་མུ་ཏིག་ཧར་གྱི་ཆུན་འཕྱང་རིས་སུ་སྤྲས་པ། གོང་སྐོར་གཡུའི་མདོ་ལོང་འཕར་གནོན་དུ་བཏབ་པ། གོང་མཆན་ལ་གསེར་བྱ་འགྱིང་བསྣོལ་རིས་སུ་བྲིས་པ་དང་། དར་མནྟི་ལ་སོགས་པའི་ན་བཟའ་ཁ་དོག་མི་འདྲ་བ་སུམ་བརྩེགས་གསོལ་བ། རིན་པོ་ཆེ་སྣ་ཚོགས་པའི་ཕུད་ཀྱུ་དང་། ལྡེམ་ཕོད་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། སྤུད་ལ་སོགས་པ་རྒྱན་དུ་མས་ཉེ་བར་མཛེས་པ། འཁོར་ཟ་བྱེད་ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་། སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་དཔའ་བོ་སྨན་དང་ཡུལ་ལྷའི་ཚོགས་དཔག་ཏུ་མེད་པ་དང་བཅས་པས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་དང་། བདག་ཉིད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རང་བཞིན་གྱི་གནས་དང་ལྷ་མོའི་རྒྱལ་མོའི་གངས་ཀྱི་མགུལ་ནས། རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེ་བླ་མ་ཡི་དམ་དཔའ་བོ་ཌཱ་ཀི་དམ་ཅན་ཆོས་སྐྱོང་མཁའ་འགྲོ་ལྔ་འཁོར་དང་བཅས་པ་སྤྱན་དྲངས། བར་བསམས་ལ་སྤོས་དཀར་གྱི་དུད་པས་

p. 26

བདུག་ལ། གངས་ཅན་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པ། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མཚན་མི་ལ་ཞེས་བྱར་ཡོངས་གྲགས་པ། །ཕ་རས་པ་འཁོར་བཅས་གཤེགས་སུ་གསོལ། །སྔོན་ཚེ་དུར་ཁྲོད་བསིལ་ཚལ་དུ། །མཁའ་འགྲོ་སེང་གེའི་གདོང་ཅན་གྱི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །སྔོན་ཚེ་ཁ་ལ་རོང་སྒོ་རུ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །སྔོན་ཚེ་སྨན་ལུང་ཆུ་བར་དུ། །དབང་ཕྱུག་བཞད་པ་རྡོ་རྗེ་ཡི། །སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །ཕྱི་ལྟར་སྨན་བཙུན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་ཆེན་མོ་ལྔ། །གསང་བ་རིགས་ཀྱི་ཡུམ་ཆེན་ལྔ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །སྡེ་བརྒྱད་དུ་མའི་འཁོར་དང་བཅས། །རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ལ། །ཐུགས་དམ་བརྩེ་བས་དགོངས་མཛོད་ལ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །།བྷྱོ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །

p. 27

བལ་བོད་གཉིས་ཀྱི་ས་མཚམས་ནས། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་མ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གཡུ་ཡི་སྐེ་རགས་ཅན། །སྨན་ལྗོངས་བྲག་གི་ར་བ་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་དུ། །དར་དཀར་གུར་གྱི་ནང་ཤེད་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཨཉྫི་དྷ་རི་རིགས་ཀྱི་ཊཱ་ཀི་ནི། །ཀུན་གྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མ། །དེ་ཡི་མཆེད་ཟླ་ཟ་བྱེད་ཆེན་མོ་བཞི། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ཨཉྫིདྷ་རི་པཉྩ་ཊཱ་ཀི་ནི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། གངས་དཀར་རིན་ཆེན་གཞལ་ཡས་ཁང་། །ཉི་ཟླ་པདྨའི་གདན་སྟེང་དུ། །ལྷ་སྨན་འཁོར་བཅས་བཞུགས་སུ་གསོལ། །བར་ཆད་སོལ་ལ་དངོས་

p. 28

གྲུབ་ཞུ། །ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཁའ་འགྲོ་ལྔ་འཁོར་རྒྱ་མཚོ་དང་བཅས་པ། མཁའ་འགྲོ་མ་སེང་གེའི་གདོང་ཅན། ཏ་མ་ལ་རི་ཁྲོད་མ་དང་། གཏུམ་མོ་དང་། སྔོ་སངས་མ་དང་། བི་ན་མོ་བཛྲ་དང་། སློབ་དཔོན་པདྨ་འབྱུང་གནས་དང་། དཔལ་བཞད་པ་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། བསྟན་འཛིན་གྱི་བུ་སློབ་སྐྱོངས། རྣལ་འབྱོར་པ་བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པ་དང་་། བདག་ཅག་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་ལ་ཌ་ཀི་ལྔའི་སྤྱི་བོར་རྡོ་རྗེ་བཞག །ལྕེ་ལ་བདུད་རྩི་བྱིན། དམ་ལ་བཞག་པར་མོས་ལ། ཨོཾ་ཨའི་དྷ་རི་པཉྩ་ཊཱ་ཀི་ནི་ས་པཱ་རི་ཝཱ་ར་ས་མ་ཡ་མཱ་ཏི་ཀྲ་མ་ཏི་ས་མ་ཡ་

p. 29

རཀྵནྟ། ཞེས་བརྗོད། སྐབས་འདིར་བསྙེན་པ་བྱ་བར་འདོད་ན། ཌཱ་ཀི་ལྔ་སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རིམ་བཞིན་ཨོཾ་ཧ་རི་ནི་སའི་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བར་གྱུར་པར་བསམས་ལ། ཨོཾ་ཨ་ཀ་ནི་ཙ་ལི་མི་ཐུ་ཕྲི་ལུ་རེ་སྭཱ་ཧཱ། ཨོཾ་ཌཱ་ཀི་ནཱི་ཀཆུ་ས་ནི་མཱ་ར་ཡ་ཛ་ཛསྭཱ་ཧཱ། ཨོཾ་ན་ཏྲི་མ་ཏྲི་དུ་རུ་མ་ཏི་སྭཱ་ཧཱ། ཨ་ཌཱ་ཀི་ནཱི་ས་པ་རི་ཙཀྲ་མུ་ནི་ཏིཥྛ་རྦད་ལོ་སྭཱ་ཧཱ། ཨོཾ་ཨ་ནི་ནི་མ་ཏ་ར་ཀི་ནི་མི་ཐི་ནི་ཕྲི་ལི་རི་ཡེ་སྭ་ཧཱ། ཕྱག་འཚལ་བ་ནི། ༈་བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །ཕ་རས་པ་དེ་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པའི། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མི་ལ་མཆོག་ལ་ཕྱག་འཚལ་བསྟོད། །བདེ་ཆེན་བརྗོད་མེད་རོ་ཡིས་མྱོས། །སྲིད་གསུམ་དག་པའི་ཕྱག་རྒྱས་བཅིངས། །བསྲེགས་བཞུའི་ལམ་ནས་ལྷན་ཅིག་སྐྱེས། །མི་ལ་མཆོག་ལ་ཕྱག་འཚལ་བསྟོད། །རགས་སྣང་ཕྲ་ཐིག་ཟབ་མོར་བསྟེན། །ཕྲ་མྱོང་བདག་བྱིན་བརླབ་པར་མཛད། །གསང་བའི་དཀྱིལ་འཁོར་རིགས་ཀྱི་བདག །མི་ལ་མཆོག་ལ་ཕྱག་འཚལ་

p. 30

བསྟོད། །འཛག་མེད་གཙོ་མོར་ས་བོན་བཀྲོལ། །སྲིད་བདག་ལམ་དུ་སྙིང་རྗེས་ལེན། །ནུས་པ་དྲག་པོའི་སྐུར་བཞེངས་པ། །མི་ལ་མཆོག་ལ་ཕྱག་འཚལ་བསྟོད། །བདག་ཀྱང་འཁོར་བ་མི་སྤོང་ཞིང་། །མྱ་འདས་ཞི་བར་མི་འཇུག་སྟེ། །མཁའ་སྤྱོད་དབང་ཕྱུག་མི་ལ་ཡི། །མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་པའི་བར་རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པ་ལྟར་གསོལ་བ་འདེབས་ཞེས་པའི་མལ་ལ་ཕྱག་འཚལ་བསྟོད་ཅེས་འཇུག །ཨོ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉན་ནོ་ཚེ་རིང་མ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །ན་བཟའ་དཀར་མོ་ཚེ་ཡི་ལྷ། །ལྷན་སྐྱེས་ཡུམ་ལ་ཕྱག་འཚལ་བསྟོད། །ལྷ་མོ་མཐིང་གི་ཞལ་བཟང་མ། །མཆོག་གི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་མི་གཡོ་བློ་བཟང་མ། །དགོས་འདོད་ཆར་བཞིན་འབེབས་མཛད་མ། །རྡོ་རྗེ་བཞད་མ་ཞེས་སུ་གྲགས་། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་ཅོད་པན་མགྲིན་བཟང་མ། །ཚེ་ཡི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་དཔལ་མོ་ཞེས་སུ་གྲགས། །པདྨ་

p. 31

མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །དྲག་པོའི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་གར་མཁན་ཞེས་སུ་གྲགས། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །གཟི་བརྗིད་དཔལ་དང་འོད་དུ་འབར། །རྫུ་འཕྲུལ་མཐུ་སྟོབས་བདག་མོ་སྟེ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །གཙོ་མོ་ལྔ་པོ་འཁོར་དང་བཅས། །མ་མོ་སྨན་མོ་འབུམ་གྱིས་བསྐོར། །མཆོད་གཏོར་བཟང་པོ་འདི་བཞེས་ལ། །རྡོ་རྗེ་འཆང་དང་ཐོད་ཕྲེང་རྩལ། །བཞད་པ་རྡོ་རྗེའི་ཐུགས་རྗེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བླ་མའི་སྐུ་ཚེ་ཁྱེད་ཀྱིས་སྲིངས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །སྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ། །བདུད་དང་མུ་སྟེགས་ཁྱོད་ཀྱིས་ཐུལ། །ཡོན་བདག་རྐྱེན་ངན་ཁྱོད་ཀྱིས་སྲུངས། །ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་སྤེལ། །ཨོཾ་ཧྲཱིང་ཧྲཱིང་ཧཱུྃ་ཧཱུྃ་ཧ་ཧ་ཧོ་ཧོ་ཕཊ་ཕཊ། ཧཱུྃ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །གསང་མཚན་རྡོ་རྗེ་བཞད་པ་མོ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །གསང་

p. 32

མཚན་རྡོ་རྗེ་གར་མཁན་མ། །ཁྱོད་ཀྱི་རྫུ་འཕྲུལ་མཐུ་སྟོབས་ཀྱིས། །སྣང་སྲིད་བདག་གི་དབང་དུ་སྡུས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ཕྱག་འཚལ། དེ་ནས་མཆོད་རྫས་རྣམས། ཨོཾ་ཨ་བིགྷཱན་སོགས་ཀྱིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་གཏོར་ཚོགས་བསྟེན་རྫས་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་གང་བ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པའི་རང་བཞིན་དུ་གྱུར། པར་བསམས་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྛ་ཨཱཿཧཱུྃ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། །བཛྲ་ནེ་ཝི་དྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས་ནས། སྤྲོ་ན་མི་བསྐྱོད་ཞབས་ཀྱིས་བསྩལ་བ་ལྟར། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །

p. 33

རྫས་ཡན་ལག་བརྒྱད་ལྡན་ཨརྒྱུ་འདི། །ཡིད་དང་བས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དེ་ཝ་པཉྩ་ཊཱཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷོ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །རྫས་འདབ་རྒྱས་བཟང་པོ་མེ་ཏོག་འདི། །ཡིད་དང་བས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དེ་ཝ་པཉྩ་ཊཱཀི་ནཱི་ས་པ་རི་ཝཱ་ར་བཛྲ་པུ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །ངོད་དྲི་བསུར་ཕུན་ཚོགས་བདུག་སྤོས་འདི། །ཡིད་དང་བས་འབུལ་གྱིས་བཞེས་སུ་གསོལ། །ཨོ་ཤི་མན་གུ་རུ་དེ་ཝ་པཉྩ་ཊཱཀི་ནཱི་ས་པ་རི་ཝཱ་ར་བཛྲ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །འོད་སྣང་གསལ་འབར་བའི་མར་མེ་འདི། །ཡིད་དང་བས་འབུལ་གྱིས་བཞེས་སུ་གསོལ། །ཨོ་བི་མན་གུ་རུ་དེ་ཝ་པཉྩ་ཌཱཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨཱ་ལོ་ཀེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་

p. 34

དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །རྫས་དྲི་མཆོག་སྦྱར་བའི་བྱུག་པ་འདི། །ཡིད་དང་བས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དེ་ཝ་པཉྩ་ཊཱཀི་ནཱི་ས་པ་རི་ཝཱ་ར་བཛྲ་གནྡྷེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །བཅུད་རོ་བརྒྱ་ལྡན་པའི་ལྷ་བཤོས་འདི། །ཡིད་དང་བས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དེ་ཝ་པཉྩ་ཊཱཀི་ནཱི་ས་པ་རི་ཝཱ་ར་བཛྲ་ནེ་ཝི་ཏྱ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ལྷ་མཁའ་འགྲོ་ལྔ་ཡི་སྤྱན་སྔ་རུ། །གླུ་སྒྲ་དབྱངས་སྙན་པའི་རོལ་མོ་འདི། །ཡིད་དང་བས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཤྲཱི་མན་གུ་རུ་དེ་ཝ་པཉྩ་ཌཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཤབྷ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པའི་བར་སྦྱར་བའམ། ལྷ་རྫས་ཡིད་དུ་འོང་བ་ཡི། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་

p. 35

འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །ཨོ་བི་མན་སོགས་ནས། ཨཧཱུྃ་པྲ་ཏིཙྪ་སོགས་གོང་ལྟར་བརླབས། ཤབྡའི་བར་བརྗོད། །ཚོའཁོར་ལོ་ཡིད་བཞིན་ནོར་བུ་དང་། །རབ་མཛེས་བཙུན་མོ་མི་བདག་དང་། །དཔལ་གྱི་གླང་པོ་ཅང་ཤེས་རྟ། །དམག་དཔོན་རིན་ཆེན་སྣ་བདུན་པོ། །དངོས་གྲུབ་རྣམ་གཉིས་། སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །སྔགས་ཐོག་མཐའ་གོང་དང་འདྲ་བ་ལ། །སབྟ་རཏྣ༔ རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་བཟང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་བཟང་། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །སྔགས་གོང་བཞིན་ལ། ཨ་མངྒ་ལ་ཧེ་ཏུ༴ ཡུངས་ཀར་དརླ་བིལ་ཝ་དང་། །གི་ཝཾ་ལི་ཁྲི་ཞོ་མཆོག་དང་། །མེ་ལོང་རྣམ་དག་དུང་དཀར་རྣམས། །ལྷ་མོ་བརྒྱད་ཀྱིས་ཕུལ་བ་ལྟར། །

p. 36

དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །སྔགས་གོང་བཞིན་ལ། ཨཥཱ་མངྒ་ལ་དྲ་བྱ༔ ཞེས་ཕྱི་མཆོད་དང་། ཨ་ལས་བདེ་སྐྱོང་ཀ་པཱ་ལ། །ཤ་ལྔ་བདུད་རྩི་ལྔས་གཏམས་པ། །ཡི་གེ་འབྲུ་ལྔས་བྱིན་བརླབས་ནས། །ཡེ་ཤེས་བདུད་རྩི་མཆོག་སྦྱར་བ། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ། །སྔགས་ཐོག་མ་གོང་བཞིན་ལ། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་ནང་མཆོད་དང་། ཡབ་ཡུམ་གཉིས་མེད་མཁའ་རྡོ་རྗེ། །སྙོམས་འཇུག་དགའ་བ་བཞི་ཡི་དངོས། །དཀར་དམར་བྱང་ཆུབ་སེམས་ཀྱི་རྫས། །རོ་མཉམ་བདེ་ཆེན་མཆོད་པ་འདི། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །དབང་ཕྱུག་བཞད་པ་རྡོ་རྗེ་དང་། །ལྷ་སྨན་འཁོར་དང་བཅས་ལ་འབུལ། །བདེ་ཆེན་མཆོག་གི་མཉེས་གྱུར་ཅིག །སྔགས་ཀྱི་ཐོག་མ་གོང་བཞིན། བཛྲ་མ་ཏཾ་གི་ཨཱཿཧཱུྃ། ཞེས་གསང་མཆོད་དང་། སྣོད་ཀྱི་འཇིག་རྟེན་བས་ཀྱང་རྒྱ་ཆེ་ཞིང་། །རི་རབ་ལྷུན་པོ་བས་ཀྱང་བརྗིད་

p. 37

ཆགས་པ། །ཉི་ཟླ་ཟུང་གཅིག་ལས་ཀྱང་འོད་འབར་བ། །བདུད་རྩི་རྒྱ་མཚོར་གྱུར་པའི་གཏོར་མ་འདི། །བཞད་པ་རྡོ་རྗེ་ཡི་དམ་ཆོས་སྐྱོང་ཚོགས། །ལྷ་སྨན་འཁོར་བཅས་ལྗགས་ཀྱི་པདྨ་ནི། །རྡོ་རྗེ་རྩེ་གསུམ་སྦུ་གུས་དགྱེས་པར་དྲོངས། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ༀ་ཤྲཱི་མཱན་གུ་རུ་དེ་ཝ་པཉྩ་ཊཱ་ཀི་ནཱི་ཨི་དཾ་བ་ལིཾ་གྲི་ཧྥ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་ཀརྨ་སིདྡྷིམྨེ་པྲ་ཡཙྪ་ཧཱུྃ། ཞེས་གཏོར་མ་འབུལ། དེ་ནས་ཆོ་ག་བསྡུས་པ་ལ་དགབ་ན་གོང་གི། ཧཱུྃ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །ཞེས་པ་ནས། འཁོར་དང་བཅས་པ་གཤེགས་སུ་གསོལ། །གྱི་བར། དེའི་རྗེས་སུ་འདི་ཕྱིན་ཆད་སྦྲེལ་ནས། མཆིས་པར་མཛོད་ཅིག་ཐུགས་དམ་ཅན། །ཞེས་པའི་བར་བརྗོད་པས་འདི་ཁོ་ནས་སྤྱན་འདྲེན་མཆོད་བསྟོད་གཏོར་འབུལ་སོགས་ཆ་ཚང་དུའགྱུར་ཞིང་། རྒྱས་པའི་སྐབས་འདིར་དེ་དག་ཐམས་ཅད་ཀྱི་ཁ་སྐོང་དུ་བྱས་ཏེ་འདོན་ཆ་ངག་སྒྲིག་གི་རྒྱུན་ལས་འབྱུང་བ་བཞིན། ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཁྱོད་ཀྱི་ཆོ་དང་འབྲང་སྨོས་པ། །ཡབ་ནི་ལྷོ་ལྷ་དེ་བ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཁྱོད་ནི་གཙང་

p. 38

རིགས་ལྷ་ཡི་སྲས། །མཚར་སྡུག་འོད་དུ་འཁྱིལ་ལི་ལི། ཞལ་བཟང་ཟླ་བ་ཉ་བ་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན། །མགྲིན་པ་གཅིག་ལ་གླུ་སྒྲ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན། །ན་བཟའ་དར་དཀར་གོ་ཟུ་གསོལ། །རིན་ཆེན་དུ་མས་སྐུ་ལུས་བརྒྱན། །ཉིན་གསུམ་གངས་དཀར་སྟོད་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །རབ་ཏུ་འཇིགས་པའི་དུར་ཁྲོད་དུ། །མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར། །བཀའ་ཉན་སྤྲུལ་པའི་ཕོ་ཉ་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་བྱོན་བདག་གི་ཕྲིན་ལས་སྒྲུབས། །ཧཱུྃ། ཁྱོད་ལ་མཆོད་པ་ཕུལ་བ་ནི། བདུད་རྩི་སྨན་གྱི་རྩི་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །སྤོས་དྲི་ཕུན་སུམ་ཚོགས་པ་དང་། །སྒྲོན་མེ་དྲི་ཆབ་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྗེའུ་ཆུང་རྣམས། །ཐུགས་བརྩེར་དགོངས་ཏེ་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །སྔོན་ཚེ་དབེན་གནས་ཡོངས་རྫོགས་སུ། །

p. 39

དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་རང་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བཅས་པའི་རྩིས་ལ་ཕབ། །ཆོས་བརྒྱུད་སྤེལ་བ་གཡར་དམ་བཅས། །དེ་རིང་སྨན་བཙུན་རྒྱལ་མོ་ལ། །མིང་པོས་གསོལ་བ་འདེབས་པ་ནི། །སྲིད་གསུམ་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་དང་། །བང་མཛོད་ནས་ཀྱི་དངོས་གྲུབ་དང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཁྱོད་ལ་གསོལ་བ་འདེབས་པ་ནི། །རྣལ་འབྱོར་ཚེ་བསྲིང་ལུས་མདངས་བསྐྱེད། །ནང་གི་རླུང་སེམས་དབང་དུ་བསྡུས། །ཟག་བཅས་ལུས་ཀྱི་བདེ་བ་བསྐྱེད། །ཕྱི་ཡི་སྣང་བ་དབང་དུ་བསྡུས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །བཀྲ་ཤིས་དཔལ་བསྐྱེད་འཁོར་སྐྱོངས་ལ། །འགལ་ཅན་ཀུན་སེལ་མཐུན་རྐྱེན་སྒྲུབས། །བཅོལ་བའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་ཐུགས་དམ་ཅན། །དེ་ནས་བསྟོད་པ་ནི། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པ་ལས། །ཐུགས་རྗེའི་གཟུགས་ཀྱི་སྐུ་སྤྲུལ་ནས། །འགྲོ་བའི་དོན་དུ་

p. 40

བྱོན་པ་ཡི། །རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་མ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་གངས་དཀར་རྩེ་ལ་བཞུགས། །ལྷ་སྨན་མང་པོའི་འཁོར་གྱིས་བསྐོར། །དཀར་གསུམ་མངར་གསུམ་ཕུད་ལ་རོལ། །དངོས་གྲུབ་ལྔ་པོ་སྟེར་མཛད་མ། །ལྷ་སྨན་རྒྱལ་མོ་ལྔ་ལ་བསྟོད་། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་དུར་ཁྲོད་བརྒྱད་ན་བཞུགས། །ཞིང་སྐྱོང་མཁའ་འགྲོའི་འཁོར་གྱིས་བསྐོར། །མ་ཧཱ་ཡཱཾ་སའི་མཆོད་པ་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྟེར། །ཞིང་སྐྱོང་མཁའ་འགྲོ་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་སྒྲུབ་གནས་རྣམས་ལ་བཞུགས། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །ཤ་དང་ཆང་གི་ཚོགས་ལ་རོལ། །རྣལ་འབྱོར་སྒྲུབ་པོའི་སྟོང་གྲོགས་མཛད། །དམ་ཚིག་ཆེན་མོ་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རེས་འགའ་ཆོས་མཛད་གར་གནས་བཞུགས། །།དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར། །ཞལ་ཟས་གཙང་མའི་ཕུད་ལ་རོལ། །སངས་རྒྱས་བསྟན་པའི་བྱ་ར་མཛད། །བསྟན་སྲུང་

p. 41

ཆེན་མོ་ལྔ་ལ་བསྟོད། །མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །ཕྱི་ལྟར་སྨན་བཙུན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་ཆེན་མོ་ལྔ། །གསང་བ་རིགས་ཀྱི་ཡུམ་ཆེན་ལྔ། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད། །འདིར་གཤེགས་གཏོར་མ་འདི་བཞེས་ལ། །དཀར་གསུམ་མངར་གསུམ་གཙང་མའི་ཕུད། །ཤ་ཆང་དམ་ཚིག་ཅན་གྱི་རྫས། །མ་ཧཱ་མཱ་སའི་མཆོད་པ་བཞེས། །སྔར་བཅོལ་བསྒྲུབས་པའི་གཏང་རག་དང་། །ད་བཅོལ་ཕྲིན་ལས་མ་ལུས་པ། །བསྒྲུབ་པའི་གསོལ་འདེབས་རྟེན་པོར་འབུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཨོ་རྒྱན་པདྨ་འབྱུང་གནས་དང་། །བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཐུགས་དམ་ཞལ་བཞེས་དགོངས་མཛོད་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་ཀུན། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །སངས་རྒྱས་བསྟན་པ་རིན་ཆེན་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐར་པའི་བར་དུ་གཅོད་པའི་བདུད། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །སངས་རྒྱས་བསྟན་པ་དར་བ་དང་། །རྣལ་

p. 42

འབྱོར་བདག་ཅག་ཚེ་རིང་ཞིང་། །ནད་མེད་འབྱོར་པ་རྒྱས་པ་དང་། །སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག །ཚེ་རིང་མའི་ཆོ་ག་གཞུང་ལྟར་བསྟོད་པ་ཡན་ཆད་བྱའོ་་་མངོན་རྟོགས་ནས་བསྟོད་པའི་བར་ཞྭ་དམར་དྲུག་པས་མཛད་པའི་ཚེ་རིང་མའི་ཆོ་གའི་གཞུང་ནས་སྟབས་སྡེའི་ཕྱིར་འགྲེས་བཤང་བྱས་ཡོད། མཆན། ༈ རང་གི་སྙིང་ནས་འོད་ཟེར་འཕྲོས་པས་ལྷ་མོ་རྣམས་ཀྱི་ཐུགས་ཀར་རེག་པས་ཐུགས་རྒྱུད་བསྐུལ་བས་རང་ལ་མ་ལྟར་བྱམས་པར་གྱུར། དེ་ནས། ཨོཾ་ཨ་ཀ་ནི་ཙ་ལི་སོགས་ནས། ཞེས་པའི་གཞུང་གི་ཚེ་རིང་མའི་ལྷ་སྔགས་ཅི་རིགས་བཟླ། ཡང་མདུན་གྱི་ལྷ་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་དར་དང་རིན་པོ་ཆེའི་བརྒྱན་ཅིང་ཐལ་མོ་སྦྱར་ཏེ་བཞེངས་ནས་གྲལ་དུ་འཁོད་པ་ལ། རང་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྟེ་བར་རེག་པས་གཡོན་དུ་སྐོར་བ་བྱེད་ཅིང་རང་ལ་སྲིང་ལྟར་གདུང་བར་གྱུར། ཨོཾ་ཨནྡྲིདྷ་རི་སརྦ་བིག་ནན་སུ་རུ་སུ་རུ་ཨི་ཧ་ཏྭཾ། ཨ་གླུ་པ་གླུ་ཉ་ཤ་བྷ་ཏི། ཨོཾ་ཧྲཱི་ཧཾ་ཤི་ནག་ནི། ས་ལ་ཡ་བསྐུལ་བསྐུལ། འདུས་འདུས་དབང་་དུ་བསྡུས་ལས་མྱུར་དུ་གྱིས་ཤིག །ཅེས་བཟླ། མདུན་བསྐྱེད་སིནྡྷ་རའི་དཀྱིལ་འཁོར་གྱི་དབུས་སུ་རྗེ་བཙུན་མའི་མཐར་འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔ་སྐུ་མདོག་དམར་མོ་

p. 43

གཅེར་བུ་སྐྲ་གྲོལ་བ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་ཌ་མ་རུ་དང་གཡོན་བདུད་རྩིའི་བྷནྡྷ་འཛིན་ཅིང་གར་བསྒྱུར་བ་ལ། རང་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་མཁའ་འགྲོ་མ་དེ་རྣམས་ཀྱི་གསང་གནས་སུ་རེག་པས་གར་སྟབས་དང་བཅས་དགྱེས་བཞིན་དུ་བྱོན་ནས། བདག་ལ་གཡོན་དུ་སྐོར་བ་བྱེད་ཅིང་གྲོགས་ལྟར་དུ་བརྩེ་བས་ཐོད་པའི་བདུད་རྩི་བདག་ལ་སྟོབ་པར་གྱུར། ཨོཾ་ཨནྡྲི་དྷཱ་རི་ཌཱ་ཀི་ནཱི་དྷ་རི་པཉྩ་རཏྣ་སིདྡྷི་ཨོ་ཨཱཿཧཱུྃ། ན་མོ་བྷ་ག་ཝ་ཏེ་ཨ་ཏྲི་ཤ་ཡ་དྷ་རི་ཡེ་སྭཱ་ཧཱ། ཨོཾ་གྷ་ར་གྷ་རི་ར་གི་རི་ཡེ་སྭཱ་ཧཱ། སྔགས་དེ་རྣམས་ཅི་རིགས་བཟླས་ལ་གསེར་སྐྱེམས་མཆོད་ཅིང་། ཧཱུྃ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སོགས་ནས། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ཅེས་པའི་བར་གྱིས་གསེར་སྐྱེམས་གཙང་མ་ཕུལ་ལོ། །དེ་ནས་སློབ་མ་རྣམས་ཆུ་གཙང་གིས་ཁྲུས་བྱ། སུམྦྷ་ནིས་བགེགས་བསྐྲད། མཎྜལ་རྒྱས་བསྡུས་ཅི་རིགས་སུ་ཕུལ། ལོ་རྒྱུས་བཤད། །འོ་དེ་ལྟ་བུར་བཀའ་སྲུང་ཆེན་མོའི་རྗེས་སུ་གནང་བར་བྱེད་པ་ལ་སྤྱི་བོར་ཚེ་དབང་བསྐུར་བ། རིགས་ལྔའི་ཆུ་དབང་སྦྱིན་པ། འཇིག་རྟེན་པའི་རྗེས་གནང་བྱ་བ་གསུམ་ལས། དང་པོ་གསོལ་བ་འདེབས་པ་འདིའི་རྗེས་

p. 44

ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོའི་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། ད་རྒྱུད་དག་པར་བྱ་བའི་ཕྱིར་བདུན་རྣམ་དག་འདིའི་དོན་དྲན་བཞིན་པས་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས་། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གྲངས་དེས་སྔོན་འགྲོ་རྣམས་སོང་ནས་དངོས་གཞི་ལ། ཨོཾ་ཤུ་ནྱ་ཏ་སོགས། །ཆོས་ཐམས་ཅད་དམིགས་པ་བྲལ་བའི་སྟོང་པ་ཉིད་དོ། །དེའི་ངང་ལས་ཁྱེད་རང་རྣམས་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེས་མཚན་པའི་གྲི་གུག་

p. 45

དང་། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ་གྲུ་མོ་ན་ཁ་ཊཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར་པའི་ལྟེ་བར་ཨོཾ་བི་དམར་མོ། སྙིང་གར་ཧཾ་ཡཾ་སྔོན་མོ། ཁར་ཧྲཱི་མཾ་དཀར་མོ། མགོ་བོར་ཧྲཱི་ཧྲཱི་སེར་མོ། སྤྱི་བོར་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ། སླར་ཡང་དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཆོས་འབྱུང་གི་དབུས་སུ་ཧྲཱི༔དམར་པོ། དེའི་སྤྱི་བོར་རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེ་སྐུ་མདོག་སྔོ་སྐྱ་འཛུམ་པའི་མདངས་ཅན་དགྱེས་པའི་སྤྱན་གྱིས་སྒྲུབ་པ་པོ་ལ་གཟིགས་པ། དབུ་སྐྲ་ཕོད་ཀ་ལིང་ངེ་བ། རྒྱབ་ཕྱིར་བུ་ལོག་གེ་བ། སྐུ་ལ་རས་དཀར་གྱི་ཕྱར་བུ་གསོལ་བ། ཕྱག་གཡས་སྙན་ལ་བརྟེན་ཅིང་གཡོན་བདུད་རྩིས་གང་བའི་བ་མན་གྱི་རྭ་ཅོ་ཐུགས་ཀར་འཛིན་པ། ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ་ལ། བཀའ་བརྒྱུད་ཀྱི་བླ་མ་དཔག་ཏུ་མེད་པས་བསྐོར་བ། ཡི་དམ་ལྷ་ཚོགས་སྤྲིན་ལྟར་འཁྲིགས་པ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ན་བུན་ལྟར་འཐིབས་པ། དེའི་དབུ་ཐོག་ཏུ་རྨ་བྱས་བཏེག་པའི་རྡོ་རྗེའི་ཁྲི་དང་། པདྨ་

p. 46

དང་ཟླ་བའི་དབུས་སུ་ཧྲཱིདམར་པོ་ལས་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་བཞག་མཛད་པའི་སྟེང་ནས་ཚེ་བུམ་བདུད་རྩིས་བཀང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྨྲས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེ་ཐམས་ཅད་ལ་སླར་ཡང་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་དང་ཚེ་དཔག་མེད་ཀྱི་ཐུགས་ཀར་ཧཱིདམར་པོའི་མཚན་པ་ལས་འོད་ཟེར་དང་། མདུན་བསྐྱེད་སིནྡྷ་རའི་ལྷ་ཚོགས་རྣམས་ཀྱི་ས་བོན་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས། ནུབ་ཕྱོགས་ཨོ་རྒྱན། བདེ་བ་ཅན་ལ་སོགས་པ་ནས་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའི་དཔའ་བོ་མཁའ་འགྲོ་སྲུང་ཟམར་བཅས་པ་སྤྱན་དྲངས་པ་རྣམས་རྒྱ་མཚོ་ཆེན་པོ་ལ་ཆར་བབ་པ་ལྟར་དམ་ཚིག་སེམས་དཔའ་སུམ་བརྩེགས་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ སྤོས་དང་རོལ་མོ་བྱ། མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཁྱེད་རང་རྣམས་ཀྱི་ལྟེ་བའི་ཆོས་འབྱུང་ཧྲཱིཡིག་གི་མཐར་འཁོད་པར་བསྒོམས་ལ་རྗེས་ཟློས་མཛོད། ཨོཾ་

p. 47

བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ། བཅོམ་ལྡན་བདག་ལ་གིས་བཟུང་ལགས་ཀྱིས། །བདག་ལ་སོགས། རྡོ་རྗེ་དང་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་སོགས། འདི་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག །དེས་བྱིན་གྱིས་བརླབས་ཤིང་ཡི་དམ་གྱི་ལུང་སྦྱིན་པ་དེ་སོང་ནས། ད་ཚེ་ཡི་དབང་བསྐུར་བའི་དོན་དུ་སྤྱི་བོར་བཞུགས་པའི་ཚེ་དཔག་མེད་དང་། རྗེ་བཙུན་ཆེན་པོ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ནས། བསྟོད། གངས་ཅན་རྒྱུད་དུ་སྐུ་འཁྲུངས་ཤིང་། །འཇིག་རྟེན་སྐྱོན་གྱིས་མ་གོས་པར། །དཀའ་བ་སྤྱད་པའི་ངོ་མཚར་ཅན། །མཚན་མི་ལ་ཞེས་བྱུར་ཡོངས་གྲགས་པའི། །ཕ་རས་པ་དེ་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤཱ་ར་རེ་ཧཱུྃ་ཕཊ། དེ་ལྟར་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཚེ་དཔག་མེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། སློབ་མའི་ཚེ་ཡར་བ་ཆད་པ། མི་མ་ཡིན་གྱིས་ཁྱེར་བ། འཆི་བདག་གི་ལག་ཏུ་ཚུད་པ་སོགས་བསྡུས། སྤྱི་བོའི་ཚེ་

p. 48

དཔག་མེད་ཀྱི་བུམ་པའི་ནང་དུ་ལྷུང་། ཡེ་ཤེས་ཀྱི་བདུད་རྩི་གྱུར་ཁོལ་ཞིང་ལུད་པའི་རྒྱུན་རྗེ་བཙུན་ཆེན་པོའི་དབུ་གཙུག་ཏུ་ཞུགས། སྐུ་གང་། ཞབས་གཡས་པའི་མཐེ་བོང་གི་ཤ་སེན་བར་ནས་ཐོན། རང་རྗེ་བཙུན་མར་གསལ་བའི་སྤྱི་བོ་ནས་མར་སོང་། ལུས་ཀྱི་ནང་གང་བས་འཁོར་འདས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པའི་ཡོན་ཏན་རྫོགས་ཤིང་། །འཆི་བདག་གི་དགྲ་ལས་རྣམ་པར་རྒྱལ་ནས། འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བརྟན་པོ་ཐོབ་པར་སྒོམས་ཤིག །རྗེ་བཙུན་བཞད་པ་རྡོ་རྗེ་ལ་སོགས་པའི་བཀའ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་ཚེ་དཔག་མེད་ལ་སོགས་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཇོ་མོ་བཀྲ་ཤིས་ཚེ་རིང་མ་ལ་སོགས་པ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་རྡོ་རྗེས་སློབ་མ་འདི་ལ་དབང་བསྐུར་དུ་གསོལ། འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། ཚེ་གཏོར་མགོར་བཞག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་སུ་བི་ནིཊྛི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ། སཾམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎེ། ཨ་པ་རི་

p. 49

མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྭཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྟ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ཚེ་གཟུངས་བརྗོད། ཚེ་རིལ་དང་ཚེ་ཆང་སྦྱིན་ཅིང་། བཀྲ་ཤིས་ཚེ་ལྡན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བརྟེན་ནས་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཨོཾ་ཨ་མཱ་ར་སོགས། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས། བཀྲ་ཤིས་བརྗོད། གཉིས་པ་རིགས་ལྔའི་ཆུ་དབང་བསྐུར་བ་ནི། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་གནས་ལྔར་སེང་གེ་རྨ་བྱ་གླང་ཆེན་རྟ་མཆོག་མཁའ་ལྡིང་གི་ཁྲིར། པད་ཟླའི་གདན་ལ་ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿཨཱཿརྣམས་ལས་དཔྲལ་བར་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། མགྲིན་པར་འོད་དཔག་མེད་དམར་པོ་མཉམ་བཞག །སྙིང་ཁར་མི་བསྐྱོད་པ་སྔོན་པོ་ས་གནོན་དང་མཉམ་བཞག་གི་ཕྱག་རྒྱ་ཅན། ལྟེ་བར་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་དང་མཉམ་བཞག་གི་ཕྱག་རྒྱ་ཅན། གསང་བར་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་དང་མཉམ་བཞག་གི་ཕྱག་རྒྱན་ཅན།

p. 50

ཐམས་ཅད་དར་དང་རིན་པོ་ཆེས་བརྒྱན་པ་མཚན་དཔེ་རྫོགས་པའི་ལོངས་སྐུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཀར་ཟླ་བ་ལ་རང་རང་གི་ས་བོན་གྱིས་མཚན་པའི་འོད་ཀྱིས་ཕྱོགས་བཅུའི་ཞིང་ཁྱབ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་བྱིན་རླབས་ཐམས་ཅད་བདུད་རྩི་ཁ་དོག་ལྔའི་རྣམ་པ་ཅན་དུ་སྤྱན་དྲངས། རང་གི་གནས་ལྔར་ཐིམ་པས་སྒྲིབ་པ་ལྔ་དག་དབང་ལྔ་ཐོབ། ཡེ་ཤེས་ལྔ་དང་སྐུ་ལྔའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །དེ་ཉིད་བརྟན་པར་བྱ་བའི་ཕྱིར། ནམ་མཁའ་གང་བའི་དབང་གི་ལྷ་རྣམས་ཀྱིས་དབང་གི་བྱ་བ་ཡོངས་སུ་རྫོགས་པ་དང་བཅས་ཏེ་དབང་བསྐུར་བར་གྱུར། བུམ་པ་ལག་ཏུ་ཐོགས་ཏེ་དབྱངས་དང་བཅས། སངས་རྒྱས་ཀུན་གྱི་སྐུར་གྱུར་པ། །བཅོམ་ལྡན་རྣམ་པར་སྣང་མཛད་༈ ཀྱིས། །སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བུདྡྷ་ཨཱ་ཡུཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ། ཞེས་སྤྱི་གཙུག་ཏུ་བཞག །དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་འདིར་བདེ་ལེགས་ཤོག །ཅེས་མེ་ཏོག་འཐོར། སངས་རྒྱས་ཀུན་གྱི་གསུང་གྱུར་པ། །བཅོམ་ལྡན་

p. 51

སྣང་བ་མཐའ་ཡས་ཀྱིས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བུམ་པ་ལྟག་པར་བཞག །ཨོཾ་པདྨ་ཨཱཡུཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༴ ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་མེ་ཏོག་འཐོར། །སངས་རྒྱས་ཀུན་གྱི་ཐུགས་གྱུར་པ། །བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཡིས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བུམ་པ་དཔྲལ་བར་བཞག །ༀ་བཛྲ་ཨཱཡུཛྙཱ་ན་ཨ་བྷི་འ། ཥིཉྩ་ཧཱུྃ། ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་མེ་ཏོག་འཐོར། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བུམ་པ་རྣ་ལྟག་གཡས་སུ་བཞག །ཨོ་རཏྣ་ཨཱཡུཛྙཱན་ཨ་བྷི་ཥིཉྩ་ཧཱུྃ། ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་མེ་

p. 52

ཏོག་འཐོར། སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །གསང་གནས་བདེ་སྐྱོང་འཁོར་ལོ་རུ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་རྣ་ལྟག་གཡོན་དུ་བཞག །ཨོཾ་ཀརྨ་ཨཱཡུཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ བྱང་གི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་མེ་ཏོག་འཐོར། དེ་ལྟར་དབང་བསྐུར་བས་བདུད་རྩིས་རྒྱུན་གྱིས་ལུས་གང་། ཆུ་ལྷག་གྱེན་དུ་འཕྱུར་བ་ལས་མགོ་བོའི་གནས་ལྔར་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་རྒྱས་བཏབ་པར་གྱུར། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་སོགས། མེ་ཏོག་འཐོར། དེ་ནས་འཇིག་རྟེན་པའི་རྗེས་གནང་སྦྱིན་པའི་དོན་དུ། མདུན་གྱི་དམིགས་རྟེན་སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་མདུན་གྱི་ནམ་མཁར་ཞེས་པ་ནས་མངོན་རྟོགས་སྤྱན་འདྲེན་བཞུགས་སུ་གསོལ། དམ་བཞག་ས་མ་ཡ་རཀྵནྟ་བར་གཞུང་བཞིན་བྱས་ལ། གཙོ་བོའི་གཏོར་མ་ལག་ཏུ་ཐོགས་ལ། གཙོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཅན། །མི་འགྱུར་ཡོན་ཏན་ཀུན་རྫོགས་པས། །ཚེ་འཕེལ་རིགས་རྒྱུད་དངོས་གྲུབ་སྩོལ། །ཨོཾ་ཨཱཿཀ་

p. 53

ནི་ཙ་ལི་མི་ཐུ་ལྡི་ལི་རི་སྭཱ་ཧཱ། ཞེས་ལག་ཏུ་གཏད་ལ། སངས་རྒྱས་མཁའ་འགྲོ་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ་འཁོར་དང་བཅས་པས་དབང་ཕྱུག་བཞད་པ་རྡོ་རྗེའི་སྤྱན་སྔར་ཁས་བླངས་དམ་བཅས་དྲན་པར་མཛོད་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དམ་ལྡན་རྡོ་རྗེའི་སློབ་མ་འདི་ལ་འཆི་བ་མེད་པའི་ཚེ་དང་། སྲིད་སྲུངས་རིགས་རྒྱུད་དང་ཆོས་བརྒྱུད་འཕེལ་བའི་དངོས་གྲུབ་བསྩལ་དུ་གསོལ། ཤར་གྱི་གཏོར་མ་ཐོགས་ལ། ལྷ་མོ་མཐིང་གི་ཞལ་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཅན། །མི་འགྱུར་ཡོན་ཏན་ཀུན་རྫོགས་པ། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཨོ་ན་ཏྲི་མ་ཏྲི་དུ་དུ་མ་ཏྲི་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་མཐིང་གི་ཞལ་བཟང་མ་འཁོར་དང་བཅས་པས། དབང་ཕྱུག་བཞད་པ་རྡོ་རྗེས་སྤྱན་སྔར་ཁས་བླངས་དམ་བཅས་དྲན་པར་མཛོད་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་དམ་ལྡན་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྣང་གསལ་པྲ་ཡི་དངོས་གྲུབ་བསྩལ་དུ་གསོལ། ལྷོ་ཡི་གཏོར་མ་ཐོགས་

p. 54

ལ། ལྷ་མོ་མི་གཡོ་བློ་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཅན། །མི་འགྱུར་ཡོན་ཏན་ཀུན་རྫོགས་པ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ལག་ཏུ་བཞག །ཨོ་ཌཱ་ཀི་ས་པཱ་རི་ཙཀྲ་མུ་ནི་ཏིཥྛ་ཁྲོད་ལོ་སྭཱ་ཧཱ། རིན་ཆེན་མཁའ་འགྲོ་མི་གཡོ་བློ་བཟང་མ་འཁོར་དང་བཅས་པས། དབང་ཕྱུག་བཞད་པ་རྡོ་རྗེའི་སྤྱན་སྔར་ཁས་བླངས་དམ་བཅས་དྲན་པར་མཛོད་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་དམ་ལྡན་རྡོ་རྗེའི་སློབ་མ་འདི་ལ་རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །ནུབ་ཀྱི་གཏོར་མ་ཐོགས་ལ། ལྷ་མོ་ཅོད་པན་མགྲིན་བཟང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཅན། །མི་འགྱུར་ཡོན་ཏན་ཀུན་རྫོགས་པ། །བང་མཛོད་ནོར་གྱི་དངོས་གྲུབ་སྩོལ། །ལག་ཏུ་བཞག །ཨོ་ཌཱ་ཀི་ནི་ཀན་པ་ནི་མཱ་ར་ཡ་ཛ་ཛསྭཱ་ཧཱ། པདྨ་མཁའ་འགྲོ་ཅོད་པན་མགྲིན་བཟང་མ་འཁོར་དང་བཅས་པས་དབང་ཕྱུག་བཞད་པ་རྡོ་རྗེའི་སྤྱན་སྔར་ཁས་བླངས་དམ་བཅས་དྲན་པར་མཛོད་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་དམ་

p. 55

ལྡན་རྡོ་རྗེའི་སློབ་མ་འདི་ལ་བང་མཛོད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། བྱང་གི་གཏོར་མ་ཐོགས་ལ། ལྷ་མོ་གཏད་དཀར་འགྲོ་བཟང་མ། །དཔལ་འབར་བཀྲ་རྨི་ཤིས་གཟི་བརྗིད་ཅན། །མི་འགྱུར་ཡོན་ཏན་ཀུན་རྫོགས་པ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །ལག་ཏུ་བཞག །ཨོ་ཨ་ཀ་ནི་ནི་མ་ར་ར་ཀི་ནི་མི་ཐུ་ནི་ཕྲུ་ལི་རེ་སྭཱ་ཧཱ། ལས་ཀྱི་མཁའ་འགྲོ་གཏད་དཀར་འགྲོ་བཟང་མ་འཁོར་དང་བཅས་པས་དབང་ཕྱུག་བཞད་པ་རྡོ་རྗེའི་སྤྱན་སྔར་ཁས་བླངས་དམ་བཅས་དྲན་པར་མཛོད་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད།། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་དམ་ལྡན་རྡོ་རྗེའི་སློབ་མ་འདི་ལ་རྐང་བཞི་འཕེལ་བའི་དངོས་གྲུབ་སྩོལ། དེ་ནས་དངོས་གྲུབ་ཀྱི་རྗེས་གནང་གི་ཕྱག་མཚན་རྣམས་རིམ་པར་ཐོགས་ལ། ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཚར་སྡུག་འོད་དུ་ཆགས་ཤིང་། རྒྱན་དང་ན་བཟས་མཛེས་པར་བྱས་པ། སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་ཀྱི་རྫས། རྡོ་རྗེ་དང་བུམ་པ་འཛིན་པས་ཁྱེད་རང་ལ་གུས་པའི་ཚུལ་གྱིས་བསྐོར་བ་ལིང་ལིང་བྱས། མཐར་ལག་ཏུ་གཏད། ཁོ་མོའི་མིང་ནི་བཀྲ་ཤིས་ཚེ་རིང་མ་ཞེས་བགྱི་བ་

p. 56

ལགས་ཏེ་ཚེ་དང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཞེས་བརྗོད་པའི་མོས་པ་མཛོད། དབྱངས་དང་བཅས། བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །སྲིད་སྲུང་ཚེ་ཡི་དངོས་གྲུབ་འབུལ། །ཨོ་ཨ་ཀ་ནི་ཙ་ལི་མི་ཐུ་ལྡི་ལི་རི་སྭཱ་ཧཱ། ཞེས་གཏད། སླར་ཡང་ལྷ་མོ་མཐིང་གི་ཞལ་བཟང་མ་མཚར་སྡུག་འདི་རུ་ཆགས་ཤིང་། རྒྱན་དང་ན་བཟས་མཛེས་པར་བྱས་པས་སྣང་གསལ་པྲ་ཡི་དངོས་གྲུབ་ཀྱི་རྫས་མདའ་དར་དང་མེ་ལོང་འཛིན་པས་ཁྱེད་རང་ལ་གུས་པའི་ཚུལ་གྱིས་བསྐོར་བ་ལིང་ལིང་བྱས། མཐར་ལག་ཏུ་གཏད། ཁོ་མོའི་མིང་ནི་མཐིང་གི་ཞལ་བཟང་མ་ཞེས་བགྱི་བ་ལགས་ཏེ་སྣང་གསལ་པྲ་ཡི་དངོས་གྲུབ་འབུལ་བ་ལགས་སོ་ཞེས་བརྗོད་པའི་མོས་པ་མཛོད་ཅིག །བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྣང་གསལ་པྲ་ཡི་དངོས་གྲུབ་འབུལ། །ཨོ་ན་ཏྲི་མ་ཏྲི་དུ་རུ་མ་ཏྲི་སྭཱ་ཧཱ། ཞེས་གཏད། སླར་ཡང་ལྷ་མོ་མི་གཡོ་བློ་བཟང་མ་མཚར་སྡུག་འོད་དུ་ཆགས་ཤིང་རྒྱན་དང་ན་བཟས་མཛེས་པར་བྱས་པས་རྨ་གཡང་

p. 57

ཟས་ཀྱི་དངོས་གྲུབ་ཀྱི་རྫས་ཁ་ཟས་ཀྱིས་བཀང་བའི་སྣོད་འཛིན་པས་ཁྱེད་ལ་བསྐོར་བ་ལིང་ལིང་བྱས། མཐར་ལག་ཏུ་གཏད་དེ། ཁོ་མོའི་མིང་ནི་མི་གཡོ་བློ་བཟང་ཚོམ་ཞེས་བགྱི་བ་ལགས་ཏེ་རྨ་གཡང་ཟས་ཀྱི་དངོས་གྲུབ་འབུལ་བ་ལགས་སོ་ཞེས་བརྗོད་པའི་མོས་པ་མཛོད་ཅིག །བཞད་པ་རྡོ་རྗེ་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་འབུལ། །ཨོ་ཌཱ་ཀི་ས་པཱ་རི་ཙཀྲ་མུ་ནི་ཏིཥྛ་རྦད་ལོ་སྭཱ་ཧཱ། ཞེས་གཏད། སླར་ཡང་ལྷ་མོ་ཅོད་པན་མགྲིན་བཟང་མ་མཚར་སྡུག་འོད་དུ་ཆགས་ཤིང་རྒྱན་དང་ན་བཟས་མཛེས་པར་བྱས་པས་བང་མཛོད་ནོར་གྱི་དངོས་གྲུབ་ཀྱི་རྫས་རིན་པོ་ཆེ་དང་དེས་གང་བའི་སྒྲོམ་བུ་འཛིན་པས། །ཁྱེད་རང་ལ་གུས་པའི་ཚུལ་གྱིས་བསྐོར་བ་ལིང་ལིང་བྱས། མཐར་ལག་ཏུ་གཏད། ཁོ་མོའི་མིང་ནི་ཅོད་པན་མགྲིན་བཟང་མ་ཞེས་བགྱི་བ་ལགས་ཏེ་བང་མཛོད་ནོར་གྱི་དངོས་གྲུབ་འབུལ་བ་ལགས་སོ་ཞེས་བརྗོད་པའི་མོས་པ་མཛོད་ཅིག །བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །བང་

p. 58

མཛོད་ནོར་གྱི་དངོས་གྲུབ་འབུལ། །ཨོ་ཌཱ་ཀི་ནཱི་ཀན་པ་ནི་མཱ་ར་ཡ་ཛ་ཛཿསྭཱ་ཧཱ། ཞེས་གཏད། སླར་ཡང་ལྷ་མོ་གཏད་དཀར་འགྲོ་བཟང་མ་མཚར་སྡུག་འོད་དུ་ཆགས་ཤིང་རྒྱན་དང་ན་བཟས་མཛེས་པར་བྱས་པས་རྐང་བཞི་དུད་འགྲོའི་དངོས་གྲུབ་ཀྱི་རྫས་རྩྭ་དཱར་བའི་ཆུན་པོ་དང་སྦྲུལ་གྱི་ཞགས་པ་འཛིན་པ་ཁྱེད་ལ་གུས་པའི་ཚུལ་གྱིས་བསྐོར་བ་ལིང་ལིང་བྱས། །མཐར་ལག་ཏུ་གཏད་དེ། ཁོ་མོའི་མིང་ནི་གཏད་དཀར་འགྲོ་བཟང་མ་ཞེས་བགྱི་བ་ལགས་ཏེ་རྐང་བཞི་དུད་འགྲོ་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་སོ་ཞེས་བརྗོད་པའི་མོས་པ་མཛོད། བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླང་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་མཆོག་ལ། །རྐང་བཞི་ཕྱུགས་འཕེལ་དངོས་གྲུབ་འབུལ། །ཨོཾ་ཨ་ནི་ནི་མ་ཏ་ར་ཀི་ནི་མི་ཐུ་ལྡི་ལི་རི་ཡེ་སྭཱ་ཧཱ། ཞེས་གཏད། ཡང་ཁྱེད་རང་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷ་མོ་ལྔ་པོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཐལ་མོ་སྦྱར་ནས་གྲལ་དུ་སྒྲིགས་པར་གནས་པ་ལ། རང་གི་སྙིང་གའི་འོད་ཟེར་དེ་རྣམས་ཀྱི་ལྟེ་བར་རེག་པས་རྒྱུད་བསྐུལ་ནས། བསྐོར་བ་གཡོན་དུ་བྱེད་ཅིང་རང་ལ་སྲིང་ལྟར་གདུང་བར་

p. 59

བསྒོམས་ཤིང་། སྤོས་རོལ་མོ་དང་བཅས། ཨོཾ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉེན་ནོ་ཚེ་རིང་མ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །ན་བཟའ་དཀར་མོ་ཚེ་ཡི་ལྷ། །ལྷན་སྐྱེས་ཡུམ་ལ་ཕྱག་འཚལ་བསྟོད། །ལྷ་མོ་མཐིང་གི་ཞལ་བཟང་མ། །མཆོག་གི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་མི་གཡོ་བློ་བཟང་མ། །དགོས་འདོད་ཆར་བཞིན་འབེབས་མཛད་མ། །རྡོ་རྗེ་བཞད་མ་ཞེས་སུ་གྲགས། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་ཅོད་པན་མགྲིན་བཟང་མ། །ཚེ་ཡི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་དཔལ་མོ་ཞེས་སུ་གྲགས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །དྲག་པོའི་དངོས་གྲུབ་གནང་མཛད་མ། །རྡོ་རྗེ་གར་མཁན་ཞེས་སུ་གྲགས། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །གཟི་བརྗིད་དཔལ་དང་འོད་དུ་འབར། །རྫུ་འཕྲུལ་མཐུ་སྟོབས་བདག་མོ་སྟེ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །གཙོ་མོ་ལྔ་པོ་འཁོར་དང་བཅས། །མ་མོ་

p. 60

སྨན་མོ་འབུམ་གྱིས་བསྐོར། །མཆོད་གཏོར་བཟང་པོ་འདི་བཞེས་ལ། །རྡོ་རྗེ་འཆང་དང་ཐོད་ཕྲེང་རྩལ། །བཞད་པ་རྡོ་རྗེའི་ཐུགས་རྗེ་ཡིས། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བླ་མའི་སྐུ་ཚེ་ཁྱོད་ཀྱིས་སྲིངས། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །སྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ། །བདུད་དང་མུ་སྟེགས་ཁྱོད་ཀྱིས་ཐུལ། །ཡོན་བདག་རྐྱེན་ངན་ཁྱོད་ཀྱིས་ཟློག །ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་ཤོག །ཨོཾ་ཧྲཱི་ཧྲཱི་ཧཱུྃ་ཧཱུྃ་ཧ་ཧ་ཧོ་ཧོ་ཕོ་ཕོ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨཉྫིདྷ་རི་སརྦ་བིགྷ་ནཱན་སུ་རུ་སུ་རུ་ཨི་ཧི་ཧེ་ཏྭཾ། ཨ་གྷ་ས་གྲུ་ཉ་ཤ་ས་ཏི། ཨོཾ་ཧཱིཧ་ར་ཤི་ཤག་ནི་མ་མཱ་བསྐུལ་བསྐུལ། འདུས་འདུས་དབང་དུ་འདུས། ལས་མྱུར་དུ་གྱིས་ཤིག །ཡང་ཁྱོད་རང་གི་སྙིང་ག་ནས་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔ་པོ་སྐུ་མདོག་དམར་མོ་གཅེར་བུ་སྐུ་གྲོལ་བ། རུས་པའི་རྒྱུན་ལྔ་དང་ལྡན་པ། ཌཱ་མ་རུ་དང་ཐོད་ཁྲག་འཛིན་པ། དེའི་གསང་གནས་སུ་འོད་ཟེར་ལྕགས་ཀྱུ་ལྟ་བུས་རེག་པས་རྒྱུད་བསྐུལ་ནས་གར་གྱི་རོལ་པས་དགྱེས་བཞིན་བྱོན་ནས་ཁྱོད་རང་ལ་བསྐོར་བ་གཡོན་དུ་བྱེད་ཅིང་གྲོགས་ལྟར་དུ་བརྩེ་བར་

p. 61

བསྒོམས་ཤིང་། ཧཱུྃ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །གསང་མཚན་རྡོ་རྗེ་བཞད་པ་མོ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །གསང་མཚན་རྡོ་རྗེ་གར་མཁན་མོ། །ཁྱོད་ཀྱི་རྫུ་འཕྲུལ་མཐུ་སྟོབས་ཀྱིས། །སྣང་སྲིད་བདག་གི་དབང་དུ་བསྡུས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཨོ་མི་ཨཉྫི་དྷ་རི་ཌ་ཀི་ནཱི་པཉྩ་རཏྣ་སིདྡྷི་ཨོཾ་ཨཱཿཧཱུྃ། ཨ་ཏྲི་ཤ་ཡ་དྷ་རི་དྷུ་རེ་ཡེ། ཨོཾ་གྷ་ར་གྷ་རེ་ར་གི་རི་ཡེ་སྭཱ་ཧཱ། དེ་ནས་རྩི་ས་ལ་དབབ་པ་ནི། སློབ་མའི་མགོར་རྡོ་རྗེ་བཞག །ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཁའ་འགྲོ་ལྔ་འཁོར་རྒྱ་མཚོ་དང་བཅས་པ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་། ཏ་མ་ལ་རི་ཁྲོད་མ་དང་། གཏུམ་མོ་དང་སྔོ་བསངས་མ། བི་ན་མོ་བཛྲ་དང་། །སློབ་དཔོན་པདྨ་འབྱུང་གནས་དང་། དཔལ་བཞད་པ་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། བསྟན་འཛིན་གྱི་བུ་སློབ་སྐྱོངས། རྣལ་འབྱོར་བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་

p. 62

བགེགས༔ ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་མོ་ཐམས་ཅད་ཐལ་བའི་རྡུལ་བཞིན་བརླག་པ་དང་། བདག་ཅག་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་། ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད། ཌ་ཀི་ལྔའི་སྤྱི་བོར་རྡོ་རྗེ་བཞག །ལྕེ་ལ་བདུད་རྩི་བྱིན། དམ་ལ་བཞག་པར་མོས་ལ། ཨོཾ་ཨཉྫིདྷ་རི་པཉྩ་ཊཱ་ཀི་ནི་ས་པཱ་རི་ཝཱ་ར་ས་མ་ཡ་མ་ནུ་སྨ་ར་ཡ་ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟ། ཨོཾ་བཛྲ་མ་མཱ་རུ་རུ་ཙིཏྟ་ཛྷ་མི་བཛྲ་ཏྲེ་ཧཱུྃ་བྷྱོ་ཛ༔ ཨོཾ་བཛྲ་བྷ་ཀི་མུ་ཏ་ཧཱུྃ་བྷྱོ་ཛ༔ ཨོཾ་བཛྲ་ཡ་ཏྲཱ་སི་སིང་ཧཱུྃ་བྷྱོ་ཛཾ༔ ཨོཾ་བཛྲ་ཨ་བྷི་པྲ་ནི་ཧཱུྃ་བྷྱོ་ཛ༔ ཨོཾ་བཛྲ་པྲ་ས་ཏི་ཏིང་ཏིང་ཁ་ཏིང་ཛྷཱ་ན་ཧཱུྃ་བྷྱོ་ཛ། དེ་ནས་ཐོད་པའི་བདུད་རྩི་ཅུང་ཟད་བླུད། མཎྜལ་གྱི་སིནྡྷ་ར་གཡོན་གྱི་སྲིན་ལག་གིས་བླངས་ལ་སློབ་མའི་གནས་གསུམ་དུ་བྱུགས་ལ། ཁྱོད་ཀྱི་ལུས་ལ་རྗེ་བཙུན་མའི་སྐུ་ཡིས་བྱིན་གྱིས་རླབས་པར་སྒོམས་ཤིག ། ངག་ལ་གསུང་གིས་བྱིན་གྱིས་རླབས་པར་སྒོམད་ཤིག །ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རླབས་པར་སྒོམས་ཤིག །བླ་མ་ཡི་དམ་གྱིས་བྱིན་གྱིས་བརླབས་པ་དེས་བདེ་སྟོང་གི་ཏིང་ངེ་

p. 63

འཛིན་སྐྱེ་བར་སྒོམས་ཤིག །བྱིན་གྱིས་རླབས་ཀྱི་སྟོབས་ལས་བྱུང་བའི་ཉམས་དེ་ངོ་བོ་གང་དུའང་མ་གྲུབ་པ་སེམས་གསལ་སྟོང་ཟུང་འཇུག་ཏུ་ཁྲིག་གེར་གནས་པ་དེ་ཉིད་དབང་བཞི་པ་ཐོབ་པ་ཡིན་ནོ། །དེའི་དོན་རྗེ་བཙུན་ཆེན་པོས་མཛད་པའི་ཚིག་རྐང་ལས། དེ་ནས་བུམ་པའི་དབང་བསྐུར་བ། །ཕྱོགས་བཅུའི་བླ་མ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཡི་དམ་གྱི། །ལྷ་དང་བཅས་པའི་སྤྱི་བོ་ནས། །ཐིམ་པར་བསམ་པ་བུམ་པའི་དབང་། །བདུད་རྩི་ལྕེ་ལ་ལོངས་སྤྱོད་དེ། །གསང་བའི་དབང་ནི་བསྐུར་བའོ། །དེ་ཡིས་བདེ་དང་མི་རྟོག་པའི། །ངང་ལ་གནས་པ་གསུམ་པ་ཡིན། །མེ་ལོང་ནང་གི་སིནྡྷ་ར། །བསྡུས་ལ་དཔྲལ་བར་བྱུགས་པ་ཡིས། །འབད་རྩོལ་དང་བྲལ་དབང་བཞིའོ། །རྣལ་འབྱོར་མཁའ་འགྲོ་འཁོར་བཅས་ཀྱི། །དབང་བཞི་བསྐུར་བ་གདམས་པའོ། །ཞེས་གསུངས་པའི་དོན་རྣམས་ལེགས་པར་གྲུབ་པ་ཡིན་པས། རྗེབཙུན་བཞད་པ་རྡོ་རྗེའི་སྒྲུབ་བརྒྱུད་འཛིན་ཅིང་། ཌཱ་ཀི་ལྔ་ཆོས་སྐྱོང་དུ་འཛིན་སྙམ་པའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས། ས་གཞི་སྤོས་ཆུས་སོགས། དེ་ནས་སློབ་མ་རྣམས་གྱེས་ལ། དེ་ནས་ལས་

p. 64

བསད་དམར་གཏོར་གཅིག་ལ་བཀུག་གཞུག་གཏོར་འབུལ་བྱ། རྗེས་ཆོག་གཞུང་ལྟར་རོ། །ཞེས་པ་འདི་ནི་བཛྲ་གྱི་མཐའ་ཅན་ཞེས་བྱ་བ་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་དབང་ཆོག་རྒྱས་པ་དང་། སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་མཛད་པའི་དབང་ཆོག་དང་། གཞན་བླ་མ་དམ་པ་དག་གིས་བཀའ་གཏད་མཛད་པའི་མཐོང་བ་བརྒྱུད་ལ་བརྟེན་ཏེ། རྗེ་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཆོ་གའི་ལྷན་ཐབས་སུ་དགེ་སློང་ཀརྨ་ཨ་རཱ་གས་བསྒྲིགས་པ་ལ་འགལ་འཁྲུལ་གང་མཆིས་ཌ་ཀི་ལྔ་པོ་འཁོར་དང་བཅས་པ་ལ་བཤགས་ཤིང་དགེ་བས་སྒྲུབ་བརྒྱུད་རིན་པོ་ཆེ་འཕེལ་རྒྱས་སུ་གྱུར་ཅིག །དགེའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚེ་རིང་མའི་འགྲེས་བྱང་།

p. 65

ཧཱུྃ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །ཕྱག་གཡོན་ཚེ་ཡི་བུམ་པ་འཛིན། །བུམ་པའི་སྟེང་ན་དཔལ་བེའུ་དང་། །གཡུང་དྲུང་རིན་ཆེན་འཁྱིལ་པས་བརྒྱན། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །རིན་ཆེན་དུ་མས་མཛེས་པར་བརྒྱན། །བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །གངས་དཀར་སྟེང་ན་བཞུགས་པ་མོ། །མཆོད་གཏོར་འདི་བཞེས་སྲིད་རྣམས་སྲུངས། །རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མཐིང་གི་ཞལ་བཟང་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །སྐུ་མདོག་སྔོ་བསངས་འཚེར་བག་ཅན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས། །གཡོན་པས་ལྷ་ཡི་བ་དན་འཕྱར། །སྐུ་ལ་དར་དཀར་ན་བཟའ་གསོལ། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །མཆོད་གཏོར་འདི་བཞེས་སྣང་གསལ་གྱི། །བདེན་མཐོང་པྲ་ཡི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མི་

p. 66

གཡོ་བློ་བཟང་མ། །གསང་མཚན་རྡོ་རྗེ་བཞད་པ་མོ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས། །ཕྱག་གཡས་རིན་ཆེན་སྡེར་བཟང་ནང་། །ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས། གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མཆོད་གཏོར་འདི་བཞེས་རྨ་གཡང་གི །རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་ཅོད་པན་མགྲིན་བཟང་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །སྐུ་མདོག་དམར་མོ་མདངས་དང་ལྡན། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས། །སྣང་སྲིད་ཐམས་ཅད་དབང་སྡུས་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །མཆོད་གཏོར་འདི་བཞེས་བང་མཛོད་ཀྱི། །འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །གསང་མཚན་རྡོ་རྗེ་གར་མཁན་མ། །སྐུ་མདོག་སྔོ་ལྗང་མདངས་དང་ལྡན། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཕྱག་གཡས་རྩྭ་མཆོག་དཱརྦ་དང་། །གཡོན་

p. 67

པས་སྦྲུལ་གྱི་ཞགས་པ་བསྣམས། །ཕྲིན་ལས་ཐོགས་པ་མེད་པ་ཡི། །མཐུ་དང་ནུས་པ་འདིར་སྟོན་ཅིག །མཆོད་གཏོར་འདི་བཞེས་རྐང་བཞི་ཡི། །རྟ་ཕྱུགས་། འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ཅེས་ཚེ་རིང་མཆེད་ལྔའི་གསོལ་ཀ། གར་དབང་དྲུག་པས་མཛད་པ་ལ། ཨ་རཱ་གས་ཚིག་གི་བསྒྱུར་སོ་ཅུང་ཞིག་གིས་སྦྱར་བའོ།། །།

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་ཚེ་རིང་མའི་སྦྲག་སྒྲུབ།

p. 68
p. 69

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་ཚེ་རིང་མའི་སྦྲག་སྒྲུབ་ཅེས་བྱ་བ་བཞུགས་སོ། །

p. 70

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཌཱ་ཀི་ཡེ། ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་འདི། །སྔོན་ཚེ་སློབ་དཔོན་པདྨས་དམ་བཞག་པའི། །གུ་རུ་ཞི་དྲག་དང་ཡང་འབྲེལ་བ་ཆེ། །མཁའ་འགྲོ་སེང་གདོང་མ་ཡི་དམ་གནས་ཡིན། །བདག་བསྐྱེད་དེ་ཉིད་བསྒོམ་ཡང་རུང་བ་སྟེ། །སློབ་དཔོན་ནག་པོ་པས་དམ་གནས་ཡིན་པས། བདེ་མཆོག་རྒྱུད་ཀྱི་བཀའ་སྲུང་ཡིན། བདེ་མཆོག་དང་འབྲེལ་ཆེ། འོན་ཀྱང་སྤྲུལ་གཞི་ལྷ་ཡེ་ཤེས་པ་དང་བདག་བསྐྱེད་བྱས་ནས་སྤྲུལ་པའི་འཇིག་རྟེན་པ་དེ་མདུན་དུ་བསྒོམས་པས། ལས་ལ་བསྐུལ་བའི་ཕྱིར་བདག་བསྐྱེད་ཕག་མོ་བསྒོམ་པར་གསུངས། དེའང་ཚེ་རིང་

p. 71

མའི་སྒྲུབ་གཏོར་རས་ཆུང་སྙན་བརྒྱུད་དང་ངན་རྫོང་སྙན་བརྒྱུད་ཀྱི་ཆ་ལག་ཡིན་པའི་ཕྱིར། བདག་བསྐྱེད་ཕག་མོ་ཞལ་གཉིས་མ་དང་། སྔགས་སརྦ་བྷུདྡྷ་ཌཱ་ཀི་ནཱི་འདོན་པར་གསུངས་ཀྱང་། ཀཾ་ཚང་ཡི་དམ་ཕག་མོ་ལྷན་སྐྱེས་ཞལ་གཅིག་མ་ཡིན་པས། རྗེ་དྲུག་པས་སྔགས་བེ་རོ་ཙ་ན་འདོན་པར་བཤད་པས་དོན་ལ་ཁྱད་པར་མེད། རྗེ་རས་ཆུང་ནས་བཟུང་བཀའ་བརྒྱུད་རིན་པོ་ཆེ་འདིའི་གསང་བའི་ཡི་དམ་རྒྱལ་བ་རྒྱ་མཚོ་ཡིན་པས་འདི་དང་ཡང་འབྲེལ་ཆེ་བ་ཡིན། ཁྱད་པར་དཔའ་བོ་རྒྱ་མཚོའི་སྒྲུབ་པ་དང་སྦྲེལ་ན་འབྲེལ་ཆེ་ཞིང་ཟབ་པར་ཡོད་པས་དེ་ལའང་རིགས་བཞི་ཡོད་དེ་དང་པོ་ལྷ་

p. 72

དགུ་དང་སྦྲེལ་ན་བདག་བསྐྱེད་རྒྱལ་བ་རྒྱ་མཚོ་ལྷ་དགུ་བཞུགས་པར་བྱས་ལ་ཐུན་བསྡུས་ཏེ་སླར་ཟུང་འཇུག་གི་སྐུར་བཞེངས་ཚེ། རང་ཉིད་སྐད་ཅིག་གིས་ཡུམ་ཕག་མོར་བསྒོམས་ཏེ། ཚེ་རིང་མའི་ཆོ་གའི་དབུ་ནས་ཡོད་པའི་ཕག་མོའི་མངོན་རྟོགས་དེས་གསལ་བཏབ་ཀྱང་རུང་ལ། ཡང་ལྷ་དགུ་ལྔ་གང་རུང་གི་བདག་བསྐྱེད་བྱ། དེ་ཐུན་བསྡུས་ལ། རང་ཉིད་སྐད་ཅིག་དྲན་རྫོགས་སུ། ཡུམ་གསང་བ་ཡེ་ཤེས་དམར་མོ་ཞལ་གཅིག་ཕྱག་བཞི་ལ་རྒྱན་ཆ་ལུགས་ལྷ་ལྔའི་མངོན་རྟོགས་ན་ཡོད་ལྟར་བསྒོམ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་མུ་ཏིག་གི་ཕྲེང་བ་དང་། གཡོན་པདྨ་དམར་པོ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་གདན་ལ་ཧྲཱིདམར་པོ་ལ་སྔགས་ཀྱིས་བསྐོར་བའི་རང་གི་ཕྱོགས་བཞིར་པདྨ་འདབ་བཞི་ལ་རིགས་བཞིའི་ཌཱ་ཀི་བསྐྱེད་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིདྷ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ཧཱུྃ། ཞེས་བཟླས་ན་ཆོ་གའི་དབུའི་བདག་བསྐྱེད་དེ་མི་དགོས་སོ། །ཡང་ལྷ་ལྔའི་ཆོ་གའི་གཞན་ཐམས་ཅད་བཞུགས་པ་ལས། དང་པོ་མངོན་རྟོགས་དུས་ན་གཡོན་གསང་བ་ཡེ་ཤེས་

p. 73

དེ་རང་ཉིད་དུ་བསྒོམ་དུས་འཁོར་དཔའ་བོ་རྒྱ་མཚོ་དང་བཅས་པ་དབུས་སུ་བསྒོམ། ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་གཉིས་དང་བཅས་པ་གཡོན་དུ་བསྒོམས་ལ་དེ་ནས་སྤྱན་འདྲེན་དབང་བསྐུར་སོགས་ཐམས་ཅད་བཞུགས་པར་བྱས། སྔགས་དྷུ་མ་ག་ཡེ་ནི་མ་ཧ་རི་ནི་ས་ལ་ཡི་གེ་བཅུ་པ་བཏགས་སོ། །དེ་རྣམས་གང་ཡང་རུང་སྟེ་སྟབས་བདེ་བ་ནི་དང་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བདག་བསྐྱེད་ཚང་བར་བྱས་ལ་ཡིག་བཅུ་ཕྲེང་སྐོར་ཙམ་བསྙེན། དེ་ནས་རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་དཔའ་མོ་རྒྱ་མཚོ་དང་བཅས་པ་དེའི་དབུས་སུ་བསྒོམ། རྒྱལ་བ་རྒྱ་མཚོ་སངས་རྒྱས་སྟོང་དང་བཅས་པ་གཡོན་དུ་བཞུགས་པར་བསྒོམ། རང་གི་སྤྱི་བོར་མི་ལ་རས་པ། དེའི་ཕྱི་བོར་ཚེ་དཔག་མེད། དེའི་སྤྱི་བོར་ཨོ་རྒྱན་པདྨ་མཐིང་ནག་གཞུང་གི་དེ་བསྒོམ། དེའི་འཁོར་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་བསྒོམ། དེ་དག་སྐད་ཅིག་ལ་གནས་འགྱུར་ཡིན་པས། སླར་ཡེ་ཤེས་པ་སྤྱན་འདྲེན་སོགས་མི་དགོས། བདག་བསྐྱེད་ཀྱི་སྔགས་ནི་ཡི་གེ་བཅུ་པ་ལ་དྷུ་མ་གྷ་ཡེ་དང་ཧ་རི་ནི་ས་སོགས་ལྷ་ལྔ་གཞུང་གི་དེ་འདོན་པས་བདག་བསྐྱེད་བྱའོ། །དེ་ནས་དམིགས་པ་བསྒྱུར་ན་

p. 74

ཆོག་གི་མངོན་རྟོགས་ལོགས་སུ་འདོན་མི་དགོས། དེ་ནས་མདུན་བསྐྱེད་སོགས་གཞན་བྱེད་ལུགས་ཚེ་རིང་མའི་ཟིན་བྲིན་ལས་ཇི་ལྟར་བྱུང་བ་ལྟར་ཡིན། རྗེས་མ་འདི་ཤིན་ཏུ་ལེགས་པར་ཡོད་དོ། །དེ་རྣམས་སྒྲུབ་དུས་ཡིན་ལ། རྒྱུན་དུ་རྒྱལ་བ་རྒྱ་མཚོ་དང་སྦྲགས་ཏེ་བསྙེན་པ་ནི། བདག་བསྐྱེད་རྒྱལ་བ་རྒྱ་མཚོ་བསྒོམས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཆུ་དབར་སྤྲུལ་པའི་གནས་ནས་ཚེ་རིང་མ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། སྤྱན་འདྲེན་མང་ཉུང་ཅི་རིགས་པའམ། རྡོར་གདན་ལྟ་བུ་ཞིག་བྱ། དེ་ནས་ཕྱི་སྒྲུབ་ཀྱི་བསྙེན་པ་ཅི་ནུས་བྱས་པས་ལྷ་མོ་ལྔ་པོ་སོ་སོའི་བྱིན་རླབས་དངོས་གྲུབ་བྱིན་པར་བསམས་ལ། གཏོར་བསྔོས་བསྟོད་པ་མང་ཉུང་ཅི་རིགས་བྱ། རྟེན་རྫས་ལ་ཐིམ་པར་སྒོམ་པའམ་བཛྲ་མུཿ ཞེས་པས་རང་གནས་སུ་གཤེགས་པར་བྱའོ། །ཞེས་མཐར་ཕྱིན་ལ་འཕྲལ་དུ་ཕན་ཕྱིན་ཨ་རཱ་གས་འཕྲལ་དུ་བྲིས་པ་འདིས་རྒྱལ་བ་རྒྱ་མཚོ་ཆོས་བརྒྱུད་ཆུ་བོའི་གཞུང་ལྟར་རིང་བའི་རྒྱུར་གྱུར་ཅིག། །།

p. 75

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཌཱ་ཀི་ཡེ། ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་འདི། །སྔོན་ཚེ་སློབ་དཔོན་པདྨས་དམ་བཞག་པའི། །གུ་རུ་ཞི་དྲག་དང་ཡང་འབྲེལ་བ་ཆེ། །མཁའ་འགྲོ་སེང་གདོང་མ་ཡི་དམ་གནས་ཡིན། །བདག་བསྐྱེད་དེ་ཉིད་བསྒོམ་ཡང་རུང་བ་སྟེ། །སློབ་དཔོན་ནག་པོ་པས་དམ་གནས་ཡིན་པས། བདེ་མཆོག་རྒྱུད་ཀྱི་བཀའ་སྲུང་ཡིན་། བདེ་མཆོག་དང་འབྲེལ་ཆེ། འོན་ཀྱང་སྤྲུལ་གཞི་ལྷ་ཡེ་ཤེས་པ་དང་བདག་བསྐྱེད་བྱས་ནས་སྤྲུལ་པའི་འཇིག་རྟེན་པ་དེ་མདུན་དུ་བསྒོམས་པས། ལས་ལ་བསྐུལ་བའི་ཕྱིར་བདག་བསྐྱེད་ཕག་མོ་བསྒོམ་པར་གསུངས། དེའང་ཚེ་རིང་མའི་སྒྲུབ་གཏོར་རས་ཆུང་སྙན་བརྒྱུད་དང་ངམ་རྫོང་སྙན་བརྒྱུད་ཀྱི་ཆ་ལག་ཡིན་པའི་ཕྱིར། བདག་བསྐྱེད་ཕག་མོ་ཞལ་གཉིས་མ་དང་། སྔགས་སརྦ་བྷུདྡྷ་ཌཱཀི་ནཱི་འདོན་པར་གསུངས་ཀྱང་། ཀཾ་ཚང་ཡི་དམ་ཕག་མོ་ལྷན་སྐྱེས་ཞལ་གཅིག་མ་ཡིན་པས། རྗེ་དྲུག་པས་སྔགས་བེ་རོ་ཙ་ན་འདོན་པར་བཤད་པས་དོན་ལ་ཀ༔ ཁྱད་པར་མེད། རྗེ་རས་ཆུང་ནས་བཟུང་བཀའ་བརྒྱུད་རིན་པོ་ཆེ་འདིའི་གསང་བའི་ཡི་དམ་རྒྱལ་བ་རྒྱ་མཚོ་ཡིན་པས་འདི་དང་ཡང་འབྲེལ་ཆེ་བ་ཡིན། ཁྱད་པར་དཔའ་བོ་རྒྱ་མཚོའི་སྒྲུབ་པ་

p. 76

དང་སྦྲེལ་ན་འབྲེལ་ཆེ་ཞིང་ཟབ་པར་ཡོད་པས་དེ་ལའང་རིགས་བཞི་ཡོད་དེ་དང་པོ་ལྷ་དགུ་དང་སྦྲེལ་ན་བདག་བསྐྱེད་རྒྱལ་བ་རྒྱ་མཚོ་ལྷ་དགུ་བཞུགས་པར་བྱས་ལ་ཐུན་བསྡུས་ཏེ་སླར་ཟུང་འཇུག་གི་སྐུར་བཞེངས་ཚེ། རང་ཉིད་སྐད་ཅིག་གིས་ཡུམ་ཕག་མོར་བསྒོམས་ཏེ། ཚེ་རིང་མའི་ཆོ་གའི་དབུ་ནས་ཡོད་པའི་ཕག་མོའི་མངོན་རྟོགས་དེས་གསལ་བཏབ་ཀྱང་རུང་ལ། ཡང་ལྷ་དགུ་ལྔ་གང་རུང་གི་བདག་བསྐྱེད་བྱ། དེ་ཐུན་བསྡུས་ལ། རང་ཉིད་སྐད་ཅིག་དྲན་རྫོགས་སུ། ཡུམ་གསང་བ་ཡེ་ཤེས་དམར་མོ་ཞལ་གཅིག་ཕྱག་བཞི་ལ་རྒྱན་ཆ་ལུགས་ལྷ་ལྔའི་མངོན་རྟོགས་ན་ཡོད་ལྟར་བསྒོམ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་མུ་ཏིག་གི་ཕྲེང་བ་དང་། གཡོན་པདྨ་དམར་པོ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་གདན་ལ་ཧྲཱིདམར་པོ་ལ་སྔགས་ཀྱིས་བསྐོར་བའི་རང་གི་ཕྱོགས་བཞིར་པདྨ་འདབ་བཞི་ལ་རིགས་བཞིའི་ཌཱཀི་བསྐྱེད་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིདྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ཧཱུྃ། ་ཞེས་བཟླས་ན་ཆོ་གའི་དབུའི་བདག་བསྐྱེད་དེ་མི་དགོས་སོ། །ཡང་ལྷ་

p. 77

ལྔའི་ཆོ་གའི་གཞན་ཐམས་ཅད་བཞུགས་པར་ལས། དང་པོ་མངོན་རྟོགས་དུས་ན་གཡོན་གསང་བ་ཡེ་ཤེས་དེ་རང་ཉིད་དུ་བསྒོམ་དུས་འཁོར་དཔའ་བོ་རྒྱ་མཚོ་དང་བཅས་པ་དབུས་སུ་བསྒོམ། ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་གཉིས་དང་བཅས་པ་གཡོན་དུ་བསྒོམས་ལ་དེ་ནས་སྤྱན་འདྲེན་དབང་བསྐུར་སོགས་ཐམས་ཅད་བཞུགས་པར་བྱས། སྔགས་དྷུ་མ་ག་ཡེ་ན་མ་ཧ་རི་ནི་ས་ལ་ཡི་གེ་བཅུ་པ་བཏགས་སོ། །དེ་རྣམས་གང་ཡང་རུང་སྟེ་སྟབས་བདེ་བ་ནི་དང་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བདག་བསྐྱེད་ཚང་བར་བྱས་ལ་ཡིག་བཅུ་ཕྲེང་སྐོར་ཙམ་བསྙེན་། དེ་ནས་རང་ཉིད་གསང་བ་ཡེ་ཤེས་མཁའ་འགྲོ་དཔའ་མོ་རྒྱ་མཚོ་དང་བཅས་པ་དེའི་དབུས་སུ་བསྒོམ། རྒྱལ་བ་རྒྱ་མཚོ་སངས་རྒྱས་སྟོང་དང་བཅས་པ་གཡོན་དུ་བཞུགས་པར་བསྒོམ་། རང་གི་སྤྱི་བོར་མི་ལ་རས་པ། དེའི་ཕྱི་བོར་ཚེ་དཔག་མེད། དེའི་སྤྱི་བོར་ཨོ་རྒྱན་པདྨ་མཐིང་ནག་གཞུང་གི་དེ་བསྒོམ། དེའི་འཁོར་ལ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་བསྒོམ། དེ་དག་སྐད་ཅིག་ལ་གནས་འགྱུར་ཡིན་པས། སླར་ཡེ་ཤེས་པ་སྤྱན་འདྲེན་སོགས་མི་དགོས། བདག་བསྐྱེད་ཀྱི་སྔགས་ནི་ཡི་གེ་བཅུ་པ་ལ་དྷ་མ་གྷ་ཡེ་དང་

p. 78

ཧ་རི་ནི་ས་སོགས་ལྷ་ལྔ་གཞུང་གི་དེ་འདོན་པས་བདག་བསྐྱེད་བྱའོ། །དེ་ནས་དམིགས་པ་བསྒྱུར་ན་ཆོག་གི་མངོན་རྟོགས་ལོགས་སུ་འདོན་མི་དགོས། དེ་ནས་མདུན་བསྐྱེད་སོགས་གཞན་བྱེད་ལུགས་ཚེ་རིང་མའི་ཟིན་བྲིན་ལས་ཇི་ལྟར་བྱུང་བ་ལྟར་ཡིན། རྗེས་མ་འདི་ཤིན་ཏུ་ལེགས་པར་ཡོད་དོ། །དེ་རྣམས་སྒྲུབ་དུས་ཡིན་ལ། རྒྱུན་དུ་རྒྱལ་བ་རྒྱ་མཚོ་དང་སྦྲགས་ཏེ་བསྙེན་པ་ནི། བདག་བསྐྱེད་རྒྱལ་བ་རྒྱ་མཚོ་བསྒོམས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཆུ་བུར་སྤྲུལ་པའི་གནས་ནས་ཚེ་རིང་མ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། སྤྱན་འདྲེན་མ་ཉུང་ཅི་རིགས་པའམ། རྡོར་གདན་ལྟ་བུ་ཞིག་བྱ། དེ་ནས་ཕྱི་སྒྲུབ་ཀྱི་བསྙེན་པ་ཅི་ནུས་བྱས་པས་ལྷ་མོ་ལྔ་པོ་སོ་སོའི་བྱིན་རླབས་དངོས་གྲུབ་བྱིན་པར་བསམས་ལ། གཏོར་བསྔོས་བསྟོད་པ་མང་ཉུང་ཅི་རིགས་བྱ། རྟེན་རྫས་ལ་ཐིམ་པར་སྒོམ་པའམ་བཛྲ་མུ། ཞེས་པས་རང་གནས་སུ་གཤེགས་པར་བྱའོ། །ཞེས་མཐར་ཕྱིན་ལ་འཕྲལ་དུ་ཕན་ཕྱིན་ཨ་རཱ་གས་འཕྲལ་དུ་བྲིས་པ་འདིས་རྒྱལ་བ་རྒྱ་མཚོ་ཆོས་བརྒྱུད་ཆུ་བོའི་གཞུང་ལྟར་རིང་བར་རང་ཉིད་རྒྱུར་གྱུར་ཅིག། །།

རྒྱལ་བ་རྒྱ་མཚོ་དང་ཚེ་རིང་མའི་རྒྱུན་བསྙེན།

p. 79

རྒྱལ་བ་རྒྱ་མཚོ་དང་ཚེ་རིང་མའི་རྒྱུན་བསྙེན། གུ་རུ་ཌཱ་ཀི་ནཱི་ཡེ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་བསྙེན་པ་སྔོན་དུ་སོང་ནས། རྒྱུན་དུ་ཚེ་རིང་མའི་དབང་སྡུད་བྱ་འདོད་ན། ད་ནངས་རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་སོགས་ཐམས་ཅད་རིམ་པར་བྱས་རྗེས། ནུབ་མོའི་དུས་སུ་སྐད་ཅིག་ལ་རང་གསང་བ་ཡེ་ཤེས་དམར་མོ་ཕྱག་བཞི་པ་དང་ཐུགས་ཀར་ཐུགས་རྗེ་ཆེན་པོ་དམར་པོ་ཕྱག་གཉིས་ཕྲེང་བ་དང་པདྨ་འཛིན་པ་ཐུགས་ཀར་ཧྲཱིལ་ཡབ་ཡུམ་གྱི་སྔགས་ཀྱིས་བསྐོར་བར་བསྒོམས་ལ། རང་ཉིད་པདྨ་ཉི་མ་རོའི་གདན་ལ་གར་ཐབས་སུ་བཞུགས་པའི། མཐའ་སྐོར་དུ་ཚེ་རིང་མཆེད་ལྔ་ཕྱི་སྒྲུབ་ལྟར་རང་རང་གི་ཆིབས་པ་ལ་ཞོན་ནས་སྐོར་བ་གཡོན་དུ་བྱེད་པར་བསྒོམ། རང་གི་སྤྱི་བོར་བླ་མ་དང་དབྱེར་མེད་མི་ལ་རས་ཆེན་དང་དེའི་སྤྱི་བོར་རིགས་བདག་ཚེ་དཔག་མེད་བསྒོམ་སྟེ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ༔ ལན་གསུམ་གྱིས་གསོལ་བ་བཏབ་པས་ཚེ་དཔག་མེད་ཀྱི་ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ། བུམ་པར་ཐིམ་པས་བུམ་པ་ནས་བདུད་རྩིའི་རྒྱུན་བབས་པ་མི་ལའི་ཚངས་བུག་ནས་ཞུགས་སྐུ་གང་ཞིང་། ཞབས་གཡས་པའི་མཐེ་

p. 80

བོང་ནས་བདུད་རྩིའི་རྒྱུན་ངང་རྒྱང་རྒྱང་བབ། རང་གི་ཚངས་བུག་ཏུ་ཞུགས་ལུས་ཐམས་ཅད་གང་། སླར་རང་གི་ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལས་འོད་ཟེར་འཕྲོས་པ་གསང་བ་ཡེ་ཤེས་མཁའ་འགྲོའི་བྷ་ག་ནས་ཐོན་ཏེ། གཙོ་མོ་བཀྲ་ཤིས་ཚེ་རིང་མ་ལ་ཕོག །ཚེ་རིང་མ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་དང་འབྱུང་བའི་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བདག་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ཧཱུྃ། ཨོཾ་ཨ་ཀ་ནི་ཙ་ལི་སོགས། གཙོ་བོའི་སྔགས་གསུམ་སྦྲེལ་བཟླ་བ་ནི་ཚེ་སྒྲུབ་དང་། ཡང་ཐུགས་རྗེ་ཆེན་པོའི་སྐུ་ལས་འོད་ཟེར་མཐིང་ཁ་འཕྲོས་ཏེ་བྷ་ག་ནས་ཐོན་མཐིང་གི་ཞལ་བཟང་མ་ལ་ཕོག་དེ་ལས་འོད་ཟེར་འཕྲོས་པས་དཔའ་བོ་ཌཱ་ཀི་དང་ལྷ་འདྲེ་མངོན་ཤེས་ཅན་རྣམས་ལ་ཕོག་ནས་དེ་དག་གི་མངོན་པར་ཤེས་པ་ཐམས་ཅད་འོད་མཐིང་གསལ་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་སྣང་གསལ་པྲའི་དངོས་གྲུབ་ཐོབ་པར་བསྒོམ། གོང་གི་ཡབ་ཡུམ་སྔགས་དེ་ལ་ཨོ་ན་ཏྲི་མ་ཏྲིའི་སྔགས་བཏགས་ལ་བཟླ། ཡང་ཐུགས་རྗེ་ཆེན་པོའི་འོད་ཟེར་ཡུམ་གྱི་བྷ་ག་ནས་ཐོན་མི་

p. 81

གཡོ་བློ་བཟང་མ་ལ་ཕོག་པས། དེ་ལས་འོད་འཕྲོས་འཇིག་རྟེན་ཁམས་ཀྱི་རྨ་གཡང་ཟས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་བསྡུས་ནས་རང་ལ་བསྟིམ་ཞིང་། ཡབ་ཡུམ་སྔགས་ལ་ཌཱ་ཀི་ནཱི་ས་པ་རི་སོགས། སྔགས་བཟླ། ཡང་ཐུགས་རྗེ་ཆེན་པོའི་འོད་ཟེར་དམར་པོ་ཡུམ་གྱི་བྷ་ག་ནས་ཐོན་ཅོད་པན་མགྲིན་བཟང་མ་ལ་ཕོག་པས། །དེ་ལས་ཀྱང་འོད་ཟེར་དམར་པོ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་བང་མཛོད་འབྲུའི་དངོས་གྲུབ་ཐམས་ཅད་འོད་དམར་པོར་བསྡུས་ནས་རང་ལ་ཐིམ་པར་བསྒོམ་ཞིང་། ཡབ་ཡུམ་སྔགས་ལ། ཨོཾ་ཌཱ་ཀི་ནཱི་ཀན་པ་ནི་སོགས། བཏགས་ལ་བཟླ། ཡང་ཐུགས་རྗེ་ཆེན་པོའི་འོད་ཟེར་ལྗང་ཁུ་བྷ་ག་ནས་ཐོན་ཏེ། གཏད་དཀར་འགྲོ་བཟང་ལ་ཐིམ་དེ་ལས་འོད་ཟེར་ལྗང་ཁུ་འཕྲོས་ཏེ། རྐང་བཞི་རྟ་ནོར་འཕེལ་བའི་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་ཁུར་བསྡུས་ཏེ་རང་ལ་བསྟིམ་ཞིང་ཡབ་ཡུམ་སྔགས་ལ་ཨོ་ཨ་ནི་ནི་སོགས། བཏགས་ལ་བཟླ་བ་ནི་ཕྱི་སྒྲུབ་རྒྱུན་ཁྱེར་ཡིན་ལ། རང་གསང་བ་ཡེ་ཤེས་སྔར་ལྟར་བསྒོམ་པའི་མཐའ་སྐོར་དུ་ཚེ་རིང་མཆེད་ལྔ་ནང་སྒྲུབ་ལྟར་རྐང་ཐང་བཞེངས་ཐབས་སུ་ཐལ་མོ་སྦྱར་ནས་གཡོན་བསྐོར་དུ་སྐོར་བ་བྱེད་པ་ལ་རང་གི་

p. 82

ཐུགས་ཀའི་ཐུགས་རྗེ་ཆེན་པོ་ལས་འོད་ཟེར་དམར་པོ་འཕྲོས་གསང་བ་ཡེ་ཤེས་ཀྱི་བྷ་ག་ནས་ཐོན། ཌཱ་ཀི་ལྔའི་ལྟེ་བར་ཕོག །ཌཱ་ཀི་ལྔ་ལས་འོད་ཟེར་འཕྲོས་པས། འཇིག་རྟེན་ཁམས་ཀྱི་ཚེ་བསོད་ནམས་ལོངས་སྤྱོད་ཅི་འདོད་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བདག་ལ་ཐིམ་པས། མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་ཆར་ལྟར་འབེབས་པར་བསྒོམས་ལ། ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་སྔགས་ལ། ཨོཾ་ཨ་ཎི་ཛ་དྷ་ར་སརྦ་བིག་ནཱན་སོགས། ནང་སྒྲུབ་ཀྱི་སྔགས་ཅི་ནུས་བཟླ་བ་ནང་སྒྲུབ་རྒྱུན་ཁྱེར་དང་། ཡང་རང་ཉིད་གསང་བ་ཡེ་ཤེས་ཌཱ་ཀིའི་མཐའ་སྐོར་དུ། ཚེ་རིང་མཆེད་ལྔ། དམར་མོ་གཅེར་བུ་སྐུ་གྲོལ་བ། རུས་པའི་རྒྱན་ཅན་ཌ་མ་རུ་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་། གར་སྟབས་དང་བཅས་ཏེ་རང་ལ་གཡོན་སྐོར་བྱེད་པ་ལ། རང་གི་ཐུགས་ཀའི་ཐུགས་རྗེ་ཆེན་པོའི་འོད་ཟེར་གསང་བ་ཡེ་ཤེས་ཀྱི་བྷ་ག་ནས་ཐོན། ཌཱ་ཀི་ལྔའི་གསང་གནས་སུ་ཕོག །ཌཱ་ཀི་ལྔ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་གློག་གི་ཞགས་པ་ལྟར་ཕྱོགས་བཅུར་འཕྲོས་པས་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ཏེ་བཅུད་དང་དངོས་གྲུབ་ཐམས་

p. 83

ཅད་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པར་བསྒོམས་ལ། ཐུགས་རྗེ་ཆེན་པོའི་ཡབ་ཡུམ་སྔགས་ལ། ཨོཾ་ཨཉྫི་དྷ་རི་ཌཱ་ཀི་ནི་དྷ་ར་སོགས། གསང་སྒྲུབ་ཀྱི་སྔགས་བཟླ་བ་གསང་སྒྲུབ་རྒྱུན་ཁྱེར་རོ། །འདི་ལྟར་རྒྱུན་ཁྱེར་ཚེ་ཆོ་ག་རྒྱས་འབྲིང་བསྡུས་པ་སོགས་མ་ལྕོགས་ན་ཡང་། དང་པོ་སྤྱན་འདྲེན་ཤོ་ལོ་ཀ་གཅིག་སྟེ། སྔགས་མཆོད་གཏོར་མ་སྔགས་བསྔོས་། བསྟོད་པ་ཤོ་ལོ་ཀ་གཅིག་ཙམ་གྱིས་ཆོག་གོ །ཕྱི་ནང་གསུམ་ཀའི་རྒྱུན་བསྙེན་འདོད་ན་ཡང་སྔགས་བདུན་རེ་ཙམ་བྱས་ལ། ཕྱི་ནང་གསུམ་ཀ་ལ་སྔགས་ཕྲེང་སྐོར་ཙམ་བྱས་པས་འཐུས་སོ། །ཆོ་ག་བསྡུས་པ་རྗེ་ཐམས་ཅད་མཁྱེན་པ་དྲུག་པས་བྱས་པ་ལྟར། རྡོར་གདན་མ་དང་། ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། ཞེས་པ་གཉིས་པོས་ཆོག །དེ་ལས་བསྡུ་ན་འོག་མ། ཧཱུྃ། ལྷ་སྨན་ཞེས་སོགས་དེས་ཀྱང་ཆོག་ལགས། ཡང་ཤིན་ཏུ་བསྡུ་ན། ཨཉྫི་དྷ་རི་རིགས་ཀྱི་ཊཱ་ཀི་ནཱི། ཞེས་སོགས་སྤྱན་འདྲེན་ཤོ་ལོ་ཀ་གཅིག་སྔགས་དང་བཅས་པ་དང་། ཨནྡྷཾ་སོགས་དང་། སྣོད་ཀྱི་འཇིག་རྟེན་བས་ཀྱང་སོགས་གཏོར་བསྔོས་ཤོ་ལོ་ཀ་སྔགས་དང་བཅས་པ་དང་། ཧཱུྃ། ཆོས་དབྱིང་སྐྱེ་བ་སོགས་བསྟོད་པ་ཤོ་ལོ་ཀ་གཅིག་གིས་

p. 84

ཆོག དེ་ཙམ་ཞིག་རྒྱུན་ཁྱེར་དུ་བྱ་བ་ཡང་གལ་ཆེའོ། །འདི་ནི་ཟབ་ཅིང་སྟབས་བདེ་སྒྲུབ་རྫས་སོགས་ཀྱང་མི་དགོས་པས། རྒྱལ་བ་རྒྱ་མཚོ་རྩེ་གཅིག་ཉམས་སུ་ལེན་མཁན་མིན་པ་ལ་བསྟན་པར་མི་བྱའོ། །ཨེ་མ་རྒྱལ་བ་དྲུག་པས་མཛད་པའི་ཆོ་ག་འདི། །ཁུངས་བཙུན་དབྱངས་སོགས་ཆོ་ག་ངོ་མཚར་ཡང་། །སྒྲུབ་ཐབས་མི་གསལ་གཞན་ལ་ཕན་དཀའ་བས། །རྒྱལ་བ་དེ་ཡི་དགོངས་པ་རྫོགས་ཕྱིར་དང་། །ཕྱག་ཆེན་ཆོས་དྲུག་བཀའ་སྲུང་ལ་དམིགས་ནས། །དབང་ཆོག་ལོ་རྒྱུས་སྒྲུབ་ཐབས་བྲིས་པའི་ཚེ། །སྔགས་རྣམས་གབ་འཁྲུགས་ཆེ་བས་ཡིད་མ་ཆེས། །ད་ནི་མི་འབྲི་སྐྱུར་རམ་སྙམ་པའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས་ཤེད་ན། །རང་མདུན་བུད་མེད་དཀར་མཛེས་ཡིད་འོང་བ། །བཙུན་མའི་ཆ་ལུགས་འཛུམ་ཞིང་ཟུར་མིག་བལྟ། །ཕྱི་ནང་སྔགས་ཀྱི་གནད་འཁྲུགས་གནད་ཀུན་གོ །དེ་ཡོང་ཅུང་ཟད་བྱིན་གྱིས་བརླབས་པར་སེམས། །བདུན་གཉིས་ཙམ་ལ་དེ་སྐོར་རྒྱུན་བསྙེན་བྱས། །ཆུ་ཤིང་སྤང་ལྗོངས་ཡིད་འོང་ཚལ་ཆེན་ནས། །བུད་མེད་མཛེས་སྡུག་རས་གོས་སྔོན་པོ་ཅན། །ལྔ་ནི་གྲལ་སྒྲིགས་རང་གི་ཕྱོགས་སུ་བྱུང་། །རྟེན་འབྲེལ་ལོ་རྒྱུས་དགའ་བ་སྐྱེས་པ་

p. 85

རྨིས། །དེ་སོགས་རྟགས་དང་མཚན་མ་ཅུང་ཟད་བྱུང་། །དེ་ཕྱིར་འདི་སྒྲུབ་མི་ལ་བྱིན་རླབས་འཇུག །ཅེས་ཨ་རཱ་གས་སོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྗེ་དྲུག་པས་བསྩལ་བའི་ཚེ་རིང་མའི་རྫོགས་རིམ།

p. 86
p. 87

རྗེ་དྲུག་པས་བསྩལ་བའི་ཚེ་རིང་མའི་རྫོགས་རིམ། ན་མོ་གུ་རུ་ཧ་ས་བཛྲ་ཡེ། འདིར་ཚེ་རིང་མའི་ཆོ་གའི་ཟུར་བརྒྱན་ལ། འདིའི་སྒོ་ནས་མཆོག་སྒྲུབ་པའི་ཐབས་ལ། སྔོན་ལས་སད་པའི་གང་ཟག་ལ། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས། །བླ་མ་ཡི་དམ་ཌཱ་ཀི་ཡི། །བསྐྱེད་རྫོགས་བསྒོམ་པའི་ལག་ལེན་བསྟན། །ཞེས་པའི་དོན་ནི། ཆོ་གའི་བདག་མདུན་མཆོད་བསྟོད་ཡན་གཞུང་ལྟར་ལས། བསྟོད་པ་ཚར་བ་དང་། རང་ཉིད་རྗེ་བཙུན་མའི་དབུ་ལ་ཕག་ཞལ་སྔོན་པོ་གཡས་སུ་ལྟ་བའི་སྤྱན་དབུས་མའི་ཐད་ཀྱི་ནམ་མཁར་གཡུང་དྲུང་འཁྱིལ་པ་གཡོན་དུ་འཁོར་བ། ལྟེ་བར་ཆོས་འབྱུང་བསྣོལ་མའི་ལྟེ་བར་ས་བོན་བོའམ་ཧྲཱིདང་། སྔགས་ཕྲེང་བསྐོར་བའི། ཆོས་འབྱུང་གཡོན་དུ་འཁོར་བ་དང་སྟེང་འོག་ཨེ་འཁོར་ལོ་གཉིས་ལ་སེམས་གཏད་པས་ཏིང་ངེ་འཛིན་སྐྱེ། ཡང་བཻ་ཡིག་ལ་རྗེ་བཙུན་མའི་སྔགས་ནས་ཌཱ་ཀི་ལྔའི་སྔགས་བཏགས་པས་བསྐོར་བ་དེ་ལ་མགལ་མེའི་འཁོར་ལོ་ལྟར་གཡོན། དུ་འཁོར་བའི་འོད་ཟེར་གྱིས། མདུན་གྱི་ཌཱ་ཀི་ལྔ་ལ་ཕོག་པས་བདག་གིས་དབང་དུ་འདུས་ནས་བཀའ་ཉན་ཕྲིན་ལས་བསྒྲུབ་པར་གྱུར་ཏེ། བྱིན་རླབས་དངོས་གྲུབ་འོད་ཟེར་གྱིས་

p. 88

བསྡུས་ནས་རང་ལ་ཐིམ་པས་ལུས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམས་ལ། །སྔགས་ཨོ་གསུམ་མའམ་བེ་རོ་ཙ་ན་གང་རུང་ལ་ཀླུ་ཀི་ལྔའི་སྔགས་བཟླ་བར་གསུངས་ཏེ། འདིར་ཕྱི་ནང་གསང་གསུམ་གྱི་སྔགས་གང་འདོད་ཆོག་པར་སེམས། གཞུང་ཉིད་ལ་བཻ་དང་ༀ་གསུམ་མ་གསུངས་སོ། །འོན་ཀྱང་ཆོ་ག་ལས་ཧྲུདང་བེ་རོ་ཙ་ན་བྱུང་བས་ཁྱད་མེད་པར་སྣང་ངོ་། །ཡང་བཟླས་པའི་ཐོག་མར། མདུན་བསྐྱེད་དབུའི་མི་ལ་དེ་རང་གི་སྤྱི་བོར་སྤྱན་དྲངས་ལ་བསྟོད་པ་དེ་གསོལ་འདེབས་སུ་བསྒྱུར་ལ་འདོན་པ་དང་། ཨོཾ་ཨཱཿགུ་རུ་ཧ་ས་བཛྲ་ཧཱུྃ། ཞེས་མཚན་སྔགས་བརྒྱ་ཙམ་བཟླ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་རང་གི་གནས་བཞི་ཁེངས་དབང་བཞི་ཐོབ་པའི་དམིགས་པ་བྱས་ལ། དེ་ནས་བཟླས་པ་བྱས་པས་མཁའ་འགྲོ་མ་ལྔ་དབང་དུ་འདུས་ནས་རང་ལ་སྐོར་བ་བྱེད་པར་བསྒོམས་ལ་སྔགས་དྲུག་སྦྲེལ་དུ་བཟླ། ཐུན་མཚམས་སུ་ཌཱ་ཀི་ལྔ་མདུན་གྱི་རྟེན་ལ་བཞུགས་པར་བསམས་ལ། མི་ལ་རང་ལ་བསྟིམས་ལ་སྤྱོད་ལམ་བྱའོ། །དེའི་ངང་ལས་དུས་གསུམ་གྱི་རྟོག་པ་ཡིད་ལ་མི་བྱེད་པ་མཉམ་པར་བཞག །རྟོག་པ་འཕྲོ་ན་འཕྲོ་

p. 89

མཁན་དེ་ཉིད་ལ་བལྟས་པས་ཆུ་དང་རླབས་བཞིན་རང་སར་གྲོལ་ལོ། །ཉལ་བའི་ཚེ་ན་སྙིང་ཁའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་བ་རང་ལ་བསྟིམ། དེ་ས་བོན་ལ་ཐིམ་ས་བོན་ཡང་མི་དམིགས་པའི་ངང་ལ་ཉལ་བས་འོད་གསལ་ཟིན་པའོ། །ཡང་ན་མགྲིན་པའི་ལྕེ་ཆུང་པདྨ་འདབ་བཞིའི་དབུས་སུ་ཨོ་ཨ་ནུ་ཏ་ར་བཞི་བསམས་ལ། །སེམས་གཏད་པས་རྨི་ལམ་ཟིན་ཅིང་ཟིན་ནས་བསྐྱེད་རྫོགས་བསྒོམ་པ་སོགས་བྱའོ། །ཡང་བདག་བསྐྱེད་ཀྱང་ཚེ་སྒྲུབ་པ་ནི། རང་རྗེ་བཙུན་མའི་དབུ་གཙུག་ཏུ་མི་ལ་མདུན་དུ་བསྐྱེད་པ་ལྟ་བུའི་སྤྱི་བོར། རྨ་བྱས་བཏེག་པའི་ཁྲི་དང་པདྨ་ཟླ་བ་ལ། ཚེ་དཔག་མེད་བསྐྱེད་ཡེ་ཤེས་པ་བསྟིམས་ལ། འཇིག་རྟེན་འདྲེན་པའི་སོགས་ཀྱིས་གསོལ་བ་བཏབ། ཨོཾ་བཛྲ་ཨཱ་ཡུ་ཥེ་སོགས་ལན་གསུམ་གྱིས་གསོལ་བ་བཏབ་པས། ཐུགས་ཀའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་བསྡུས་པ་བུམ་པ་ནས་ལྷུད། རྗེ་བཙུན་གྱི་སྤྱི་བོ་ནས་ཞུགས་སྐུ་གང་ཞབས་ཀློགཡས་པའི་མཐེ་བོང་ནས་རང་གི་སྤྱི་བོར་ཞུགས་པས་ལུས་གང་བར་བསྒོམས་ལ་ཨ་མཱ་ར་ཎི་དང་ཚེ་གཟུངས་འདོན། རང་གི་ས་བོན་གྱི་འོད་ཀྱིས་ཚེ་རིང་མ་བསྐུལ། དེ་ལས་འོད་

p. 90

འཕྲོས་པས་འཇིག་རྟེན་པའི་ཚེ་བཅུད་བསྡུས་ཏེ་བདག་ལ་ཐིམ་པའམ། ཕྱག་གི་བུམ་པར་བསྡུས་པའི་ཆུ་ནས་ཚུར་བྱུང་རང་གི་ཁའམ་ལྟེ་བར་ཞུགས་པས་ལུས་ཁེངས་པར་བསམས་ལ། རྗེ་བཙུན་མའི་སྔགས་དང་ཚེ་རིང་མའི་སྙིང་པོ་ལ་ཨཱ་ཡུཔུཊྚི་ཀུ་རུ་སྭཱ་ཧཱ། ཞེས་བཏགས་ལ་བཟླའོ། །འདིར་གཏུམ་མོ་མ་གཏོགས་འཕོ་བ་སོགས་ཐམས་ཅད་ཆོས་དྲུག་དང་མཐུན་ཞིང་། ཡིད་ལ་མི་བྱེད་པ་དང་བསྒོམ་དུ་མེད་པ་ཡང་ཕྱག་ཆེན་ཉིད་དུ་སྣང་ངོ་། །འདི་བྲིས་ཉེས་པ་ཌཱ་ཀི་ལྔ་ལ་བཤགས། །དགེ་བས་སྒྲུབ་པ་པོ་རྣམས་མྱུར་གྲོལ་ཤོག །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྗེ་ཞྭ་དམར་ཅོད་པན་འཛིན་པ་དྲུག་པས་བསྩལ་བའི་ཚེ་རིང་མའི་ཆོ་གའི་ཟིན་བྲིས།

p. 91

རྗེ་ཞྭ་དམར་ཅོད་པན་འཛིན་པ་དྲུག་པས་བསྩལ་བའི་ཚེ་རིང་མའི་ཆོ་གའི་ཟིན་བྲིས་བཞུགས་སོ། །

p. 92

ན་མོ་གུ་རུ་ཧ་ས་བཛྲ་ཡེ། འདིར་ཚེ་རིང་མའི་དྲིལ་བསྒྲུབ་བྱ་བ་ནི། བདེ་མཆོག་དང་ཕག་མོའི་བསྙེན་པ་ཐོན་ཞིང་ཕྱག་ཆེན་ཉམས་སུ་ལེན་པ་འདིའི་རྗེས་གནང་ཐོབ་པའི་གང་ཟག་གིས། གཟའ་སྐར་བཟང་པོ་དང་ལྡན་པའི་ཡར་ངོའི་བརྒྱད་དམ་བཅུ་ལ། གངས་རི་རྫ་རི་གཡའ་རིའམ་དེ་དག་མཐོང་བའི་སའམ། ནགས་ཚལ་ལམ་ཆུ་བོའི་གླིང་ངམ། དབེན་ཞིང་གཙང་བའི་སར། གུར་རམ་སྦྲ་དཀར་ནག་གམ་ཁང་པའི་ནང་དུ། ས་སྟེགས་གྲུ་བཞི། བ་བྱུང་ལྔ་དང་ཆང་གིས་བྱུགས་པ་དར་དམར་པོའི་སྟེང་དུ་ཆོས་འབྱུང་བསྣོལ་མ་རེ་ཁ་དཀར་པོའི་མཐར་སྣ་ཚོགས་པདྨ་རྡོ་ར་མེ་

p. 93

རི་བྲིས་པའི་སྟེང་དུ་ཐོད་པ་མཚན་ལྡན་ཆང་ཕུད་ཀྱིས་བཀང་ལ། ལག་མཆོད་བྱས་ལ་མཉྫིའི་སྟེང་དུ་བཞག །མེ་ལོང་ཆང་བྱུགས་སིན་ར་བྱུགས་པར་གསེར་སྨྱུག་གིས་དཔེའུ་རིས་ལྟར་བྲིས་ལ་ཐོད་པའི་སྟེང་དུ་བཞག་ལ་དར་དམར་བཀབ། གཡས་དངོས་སུ་བུམ་པ་རྫས་ལྡན་ཚེ་གཏོར་ཚེ་རིལ་ཚེ་ཆང་། གཡོན་ལོགས་སུ་ཕྱིང་དཀར་གཙང་མའི་སྟེང་མཚལ་གྱིས་གཡུང་དྲུང་གཡོན་འཁྱིལ་ལྔ་ཚོམ་བྲིས་པའི་སྟེང་དུ་འབྲུའི་ཚོམ་བུ་བྱས་སྟེང་། རི་རྩེ་རྒྱལ་མི་ཕྱུག་པོའི་ཁང་ཁྱིམ་ཞིང་སོགས་བཀྲ་ཤིས་པའི་ས་སྣ་ལ་རིན་པོ་ཆེ་དང་སྨན་སྣ་འབྲུ་སྣ་དཀར་གསུམ་བསྲེས་པའི་ཆུས་སྦྲུས་ལ་ཚེ་རིང་

p. 94

མཆེད་ལྔའི་གང་གཟུགས་ལ་ས་དཀར་བྱུག་སོ་སོའི་ཙཀ་ལི་བཙུགས་ལ་ཚོམ་བུའི་སྟེང་དུ་བཞག །སྟེང་དུ་དར་དཀར་གྱིས་གུར་ཕུབ་མདའ་བྱ་རྒོད་མ་ལ་དར་ལེ་བརྒན་མེ་ལོང་རིན་པོ་ཆེའི་ཟ་མ་ཏོག་གམ་གའུའི་ནང་དུ་མུ་ཏིག་མིག་མེད། སོར་གདུབ་གཡུ་མགྲོན་བུ་མུ་མེན་ལ་སོགས་རིན་པོ་ཆེ་དང་། སིན་དྷུ་ར་དང་བཟང་དྲུག་སོགས་སྨན་གྱིས་བཀང་བ་བཞག །ནས་གྲོ་འབྲས་ལ་སོགས་པའི་ཕྱེ་མ་རིན་པོ་ཆེ་དང་སྨན་སྣ་བསྲེས་པ། བ་དཀར་ར་དཀར་འོ་མས་སྦྲུས་ལ་ལྷ་མོ་ལྔའི་གཏོར་མའི་རྩེ་ལ་རིན་པོ་ཆེའི་གཟུགས་བརྒྱན་ལ། གངས་གཟུགས་ནི་མཚམས་བཞི་དང་གཙོ་མོའི་མདུན་དུ་བཞག །འཁོར་སྨན་བཙུན་ལ་སོགས་ལ་ཟུར་དུ་གཅིག་བཞག །རྩམ་དཀར་ལ་མར་ཁུས་སྦྲུས་པའི་ཟན་ལ་སྤྱོད་སྣ་ཚོགས་བཏབ་པ་ལ་འབྲང་རྒྱས་མང་དུ་བྱས་ལ་བཀྲམ། མར་གྱིས་མུ་ཁྱུད་ལྔ། ལུག་ཤ་ཉ་ཤ་ཀ་ར་བུ་རམ་མར་ཐུད་དཀར་གསུམ་མངར་གསུམ། ཇ་ཆང་ཤིང་ཐོག་ཚོད་མ་ཁུར་བ་སོགས་ཟས་སྣ་ཚོགས་ཚད་ཀྱིས་མཐའ་བསྐོར། སྤོས་དཀར་ཙནྡན་ཨ་ག་རུ་གུ་གུལ་སོགས་འཚག་བྱ། གཞན་ཡང་བླ་མ་ཡི་དམ་ཆོས་སྐྱོང་རང་གི་གང་བྱེད་ཕུགས་གཏོར་ནི་སྨོས་མ་དགོས་ཏེ་རང་ལུགས་ལྟར་བྱ། དེ་ནས་

p. 95

སྔོན་འགྲོ་གཏོར་མ་བགེགས་བསྐྲད་མཚམས་བཅད་རྣམས་སྤྱི་ལྟར་བྱའོ། །དེ་ནས་གཞུང་ཉིད་ན་གསལ་ལྟར་མཆོད་པ་བྱིན་རླབས་དང་ཕག་མོའི་བདག་བསྐྱེད་རྣམ་སྣང་ཚོགི་དབུ་བརྒྱན་པར་གྱུར། །ཞེས་པའི་བར་འདོན། རྣམ་སྣང་དེ་མི་ལ་དང་དབྱེར་མེད་དུ་བསམས་ལ་དད་གུས་དུང་ངེ་བྱའོ། །དེ་ནས་རང་གི་ལྟེ་བའི་ཆོས་འབྱུང་གི་དབུས་སུ་ཧྲཱིཿདང་པད་འདབ་བཞི་ལ་ཧ་རི་ནི་སའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཞིང་དུ་གྱུར། ནང་བཅུད་སེམས་ཅན་ཐམས་ཅད་བདེ་མཆོག་ཡབ་ཡུམ་དུ་གྱུར། དེ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པར་བསྒོམས་ལ་སྔགས་བཟླ། ཡང་འོད་ཟེར་འཕྲོས་པས། གནས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུས་ནས་རང་ལ་ཐིམ་པས་ལུས་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པར་བསྒོམས་ལ་བཟླ། ཡང་འོད་ཟེར་འཕྲོས་པས་མཁའ་འགྲོ་མ་ཐམས་ཅད་ཀྱིས་རང་གི་བཀའ་ཉན་ཅིང་ཕྲིན་ལས་སྒྲུབ་པར་བསྒོམས་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་དེ་ཅི་ནུས་བཟླ་ཞིང་བརྒྱའམ་སུམ་བརྒྱ་ཙམ་ལེགས་སོ། །བར་སྐབས་སུ་ཕྱག་ཆེན་ལ་

p. 96

བཞག །དེ་ནས་བིགྷ་ནཱན་གྱིས་མདུན་གྱི་མཎྜིབསང་། སྭ་བྷ་ཝས་སྦྱངས། གཞུང་ལྟར་ཨོ་ཤུ་ནྱ་ཏ་ནས། སྟོང་པ་ཉིད་དེའི་ངང་ལས་མཎྜལ་ཆོས་འབྱུང་བསྣོལ་མའི་དབུས་སུ་རྗེ་བཙུན་མ་སྐུ་མདོག་ཅེས་པ་ནས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར་གྱི་བར་གཞུང་ལྟར་འདོན་ལ། རྣམ་སྣང་དེ་མི་ལ་དང་དབྱེར་མེད་དུ་བསམ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཨནྡྷཾ་སོགས་ནས། ཤབྷཱ་སརྦ་པཉྩ་ཨ་མྲྀ་ཏ་ཨོ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། བིགྷ་ནཱན་གྱིས་བུམ་པ་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བུམ་པའི་ནང་དུ་ཧཱུྃཿཡིག་ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་མཉམ་བཞག་མཛད་པའི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། རྒྱན་རྣམས་དང་སྟོད་གཡོགས་སྨད་གཡོགས་ཀྱིས་སྤྲས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་ཧྲཱིཿདམར་པོ་གནས་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་ཨརྒྷཾ་སོགས། འཇིག་རྟེན་འདྲེན་པའི་སོགས། ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། དབང་ལྷ་སྤྱན་དྲངས་དབང་བསྐུར་ཆུའི་ལྷག་མ་གྱེན་དུ་འཕྱུར་བ་ལས་འོད་དཔག་ཏུ་མེད་པས་

p. 97

དབུ་བརྒྱན་པར་གྱུར། དེའི་ཐུགས་ཀར་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་རང་དང་བསྲུང་བྱའི་མིང་ངམ། གཞན་དོན་དུ་བསྒྲུབ་བྱ་དེ་ཉིད་གསལ་བར་གྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ། ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་རྒྱུད་བྱིན་གྱིས་རློབས་ཤིག །ཚེ་དང་ཡེ་ཤེས་ཀུན་ནས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། དེ་ནས་རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་བརྒྱུད་དེ་སོང་བུམ་པའི་ལྷ་ལ་ཕོག་པས། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་སངས་རྒྱས་ཐམས་ཅད་ཀྱི་ཚེའི་དངོས་གྲུབ་དང་། བརྟེན་པ་དང་གཡོ་བའི་བཅུད་ཐམས་ཅད་བསྡུས་ཏེ་བཅོམ་ལྡན་འདས་ཀྱི་ཤངས་བུག་ཏུ་ཞུགས་ནས། བསྒྲུབ་བྱའི་ལུས་ཐམས་ཅད་ལ་ཐིམ་པས་ཚེའི་དངོས་གྲུབ་ཐོབ་ཅིང་། ལྷག་མས་བུམ་པ་གང་བར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཞེས་སུམ་བརྒྱ་ཙམ་བཟླ། ཚེ་གཟུངས་ཨོ་གཉིས་མ་བདུན། ཨོཾ་ཨ་གྷ་ས་མ་ཡ་ཨེ་ཧྱ་ཧི་ཨཱ་ཡུཛྙཱ་ན་ཚེ་

p. 98

ཧཱུྃ༔ ཞེས་བདུན་ནམ་ཉེར་གཅིག་བཟླས་པས། ཕྱོགས་སྐྱོང་གནོད་སྦྱིན་ལ་སོགས་འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱི་ལག་ནས་ཚེ་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར་པར་བསྒོམ། དེ་ནས་མདུན་བསྐྱེད་རྟེན་བསངས་སྦྱངས་ནས། །སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་མདུན་གྱི་ནམ་མཁར། ཞེས་པ་ནས་མངོན་རྟོགས་སྤྱན་འདྲེན་བཞུགས་གསོལ་དམ་བཞག་གི་རཀཱནྟ་ཞེས་པའི་བར། གཞུང་ལྟར་ལས། རྩིས་ལ་དབབ་པ་ནི། རང་གི་ལག་ཏུ་རྡོ་རྗེ་བཟུང་བའམ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་མ་མ་རུ་རུ་ཙིཏྟ་དྷ་མི་བཛྲ་ཏྲེ་ཧཱུྃ་བྷྱོ་ཛ༔ ཨོཾ་བཛྲ་བྷ་ཀི་མུ་ཏ་ཧཱུྃ་བྷྱོ་ཛ༔ ཨོཾ་བཛྲ་ཡ་ཏྲ་སིང་སིང་ཧཱུྃ་བྷྱོ་ཛ༔ ཨོཾ་བཛྲ་ཨ་དྷི་པྲ་ནི་ཧཱུྃ་བྷྱོ་ཛ༔ ཨོཾ་བཛྲ་པྲ་ས་རི་ཏི་ཏིང་ཁ་ཏིང་ཛྷཱ་ན་ཧཱུྃ་བྷྱོ་ཛ༔ ཞེས་གསུམ་མམ་གཅིག་བརྗོད་པས་དམ་ལ་བཞག །དེ་ནས་སྤྱི་ཐུན་སྔགས། ཨོཾ་བཛྲ་སྲིང་སྲིང་མ་ཧཱུྃ་ཛ། ཨོཾ་ཨཱཿཧཱུྃ། ཨ་མུ་ཀཾ་སིདྡྷི་དེ་ཝི་པཉྩན་བཛྲ་རོ་ཏི་ས་མ་ཡ་སྟེ། ཧ་ས་ར་ནི་བྷི་ཏ་ཀ་ཏེ། ཤེ་ཨ་བྷི་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེར་གཅིག་བརྗོད། དེ་ནས་གཞུང་ལྟར་ཌཱ་ཀི་ལྔའི་སྔགས་ལྔ་པོ་ལ། གཙོ་བོ་སོགས་ལ་སུམ་བརྒྱ། འཁོར་རེ་རེ་ལ་ཉིས་བརྒྱ་ཙམ་

p. 99

བཟླའོ། །དེ་ནས་རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་ལྷ་མོ་ལྔའི་ཐུགས་ཀར་རེག་སྟེ། ཐུགས་རྒྱུད་བསྐུལ་ནས་རང་ལ་མ་ལྟར་བྱམས་པར་བསྒོམས་ལ་ཨོ་སིང་ང་སིང་ང་ཧཱུྃ་ང་ཧཱུྃ་ང་། ཀ་ང་ཀ་ང་། ལྷ་ང་ལྷ་ང་། པ་ཏྲ་པ་ཏྲ་ཕཊ། བི་སི་སྟུ་གི་སྭཱ་ཧཱ། སྔགས་དེ་བདུན་ཉེར་གཅིག་སོགས་ཅི་རིགས་པ་བརྗོད་ནས་རང་གི་ཞོན་པ་དང་བཅས་པས་རང་ལ་བསྐོར་བ་གཡོན་ཕྱོགས་སུ་བྱེད་ཅིང་ལྷ་མོ་ལྔ་པོ་རིམ་པར་རང་གི་མདུན་དུ་བྱུང་སྟེ་རང་རང་གི་དངོས་གྲུབ་གང་ཡིན་པ་དེ་དགྱེས་བཞིན་དུ་བྱིན་ནས་སླར་རང་རང་གི་མལ་མདུན་གྱི་རྟེན་ལ་འཁོད་པར་བསམ་མོ། །དེ་ནས་གཞུང་ལྟར་བྱང་ཕྱོགས་མུན་པའི་སྨག་རུམ་ན། །ཞེས་པ་ནས། མཆོག་གི་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་པའི་མཇུག་ཏུ། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཤོ་ལོ་ཀ་གཅིག་དང་། ལྟེ་བའི་དབུས་གནས་སོགས་ཕག་མོའི་བསྟོད་པ་ཤོ་ལོ་ཀ་གཅིག་ཙམ་སྦྱར་ནས། ཨོཾ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཞེས་སོགས་ནས། །མཆོད་པའི་སྐབས་སུ། རྗེ་བླ་མ་ཡི་དམ་ཆོས་སྐྱོང་དང་། །ཞེས་པས། བླ་མ་མི་ལ་བཀའ་བརྒྱུད་དང་། །ཡི་དམ་ཕག་མོ་ཚེ་དཔག་མེད། །ཆོས་སྐྱོང་བཀའ་ཡི་སྲུང་མ་ནག་པོ་ལྕམ་

p. 100

དྲལ་སོགས་ཡིན་པའི་དོན་ཤེས་པར་བྱས་པས། ཕག་མོ་ཚེ་དཔག་མི་ལ་གསུམ་ཀའི་མཆོད་ཕྲེང་གཏོར་བསྔོས་ཚང་བ་ཡིན་པས། གཞན་ལུགས་ལྟར་སོ་སོར་མི་དགོས་པའི་དོན་གོ་བར་བྱས་ཏེ། མཆོད་བསྟོད་བྱ་ཞིང་། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པ་ལ། །ཅེས་པ་ནས་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག །ཅེས་པའི་བར་རྫོགས་པར་བྱ་སྟེ། དེ་དག་ནི་ཕྱི་ནང་གསང་གསུམ་ཀའི་མཆོད་བསྟོད་དུས་གཅིག་ཡིན་པས་སོ་སོར་མི་དགོས་པའོ། །དེ་ཡན་ཕྱི་གཙང་རིགས་ཀྱི་སྨན་མོ་ལྔར་སྒྲུབ་པ་ཡིན་ལ། དེ་ནས་མདུན་བསྐྱེད་ཀྱི་ནམ་མཁར་བཞུགས་པའི་རྗེ་བཙུན་མི་ལ་དེ་ཚུར་སྤྱན་འདྲེན་ལ་རང་གི་སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར་བཞུགས་པར་བསྒོམ་ལ་མོས་གུས་བསྐྱེད། མདུན་གྱི་ལྷ་མོ་ལྔ་པོ་ཡང་སྐད་ཅིག་ལ་གནས་འགྱུར་ཏེ། སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེ་དང་དར་གྱི་ན་བཟས་ལྷབ་ལྷུབ་ཏུ་བརྒྱན་པ། ཕྱག་སོ་སོའི་ཐུགས་ཀར་ཐལ་མོ་སྦྱར་ནས་གྲལ་དུ་བཞེངས་ནས་བསྒྲིགས་པ་ལ། །རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ནས། དེ་རྣམས་ཀྱི་ལྟེ་བར་རེག་པས་རྒྱུད་བསྐུལ་ནས་སྐོར་བ་གཡོན་ཕྱོགས་སུ་བྱེད་ཅིང་རང་ལ་སྲིང་ལྟར་དུ་གདུང་བར་བསྒོམས་

p. 101

ལ། ཨོཾ་ཨཉྫི་དྷ་ར་སརྦ་བིག་ནཱན་པུ་ཧཱུྃ་པཱུ་ཧཱུྃ་ཨུ་ཧི་ཧ་ཏྭཾ། ་ཨ་གླུ་པ་གླུ་ཉ་ཤ་བྷ་ཏི་ཨོ་ཧྲཱི་ཧཾ་ཤི་ཤག་ནི། ས་མ་ཡ་བསྐུལ་བསྐུལ། འདུས་འདུས་དབང་དུ་སྡུས་ལས་མྱུར་དུ་གྱིས་ཤིག །ཅེས་བརྒྱ་ཡན་ཅི་ནུས་བཟླས་མཐར། སྔགས་ཤམ་དུ་ཨོ་ཨཱཧུཾ་ཞེས་ནང་མཆོད་ཕུལ་བས་འཐུས་ལ། རྒྱས་པར་ན། ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཞེས་པ་ནས། ཐུགས་དམ་ཅན་ཞེས་པའི་བར་གྱི་མཆོད་བསྟོད་བྱས་ལ། སྐད་ཅིག་ལ་ལྷ་མོ་ལྔ་ཕྱི་སྒྲུབ་ཀྱི་ཆ་ལུགས་སུ་གྱུར་ཏེ་དཀྱིལ་འཁོར་གྱི་རྟེན་དེ་ལ་བཞུགས་པར་བསྒོམས་ལ། །ཧཱུྃ་རྡོ་རྗེ་མི་འགྱུར་ཞེས་སོགས་གསེར་སྐྱེམས་འབུལ། དེ་ནི་ནང་རིག་འཛིན་གྱི་ལྷ་མོ་ལྔར་སྒྲུབ་པ་ཡིན་ལ། དེ་ནས་སིན་རའི་མཎྜལ་གྱི་སྟེང་དུ། དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྔར་བསྐྱེད་པ་དེ་ཉིད་གསལ་བཏབ་ལ། ཕྱི་སྒྲུབ་ཀྱི་ལྷ་མོ་ལྔ་སྐད་ཅིག་ལ་གནས་འགྱུར་ཏེ། སྐུ་མདོག་དམར་མོ་གཅེར་བུ་སྐུ་གྲོལ་བ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ་ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་། གར་སྟབས་བསྒྱུར་ཞིང་རྗེ་བཙུན་མ་ལ་བསྐོར་བའི་ཚུལ་དུ་བཞུགས་པ་ལ། རང་གི་སྙིང་ཁ་ནས་འོད་ཟེར་ལྕགས་

p. 102

ཀྱུ་ལྟ་བུ་འཕྲོས་པས། མཁའ་འགྲོ་མ་དེ་རྣམས་ཀྱི་གསང་གནས་སུ་དྲངས་པས་གར་གྱི་རོལ་པས་རྒྱས་བཞིན་དུ་བྱོན་ནས། བདག་ལ་བསྐོར་བ་གཡོན་སྐོར་དུ་བྱེད་ཅིང་། གྲོགས་ལྟར་བརྩེ་བས་ཐོད་པའི་བདུད་རྩི་བདག་ལ་སྟོབ་པར་བསྒོམས་ལ། ཨོཾ་ཨཉྫི་དྷ་རི་ཌཱ་ཀི་ནི་དྷ་ར་པཉྩ་ར་ན་སིདྡྷི་ཨོཾ་ཨཱཿཧཱུྃ། ན་མོ་བྷ་ག་ཝ་ཏེ། ཨ་ཏི་ཤ་ཡ་དྷ་རི་དྷ་རི་ཡེ། ཨོཾ་གྷ་རཱ་གྷ་རི། ར་གི་རི་ཧ་ཡེ་སྭཱ་ཧཱ། ཞེས་བརྒྱ་ཡན་སུམ་བརྒྱའམ་ཅི་ནུས་བཟླས་ལ། ཨ་ལས་བདེ་སྐྱོང་ཀ་པཱ་ལར། །ཞེས་སོགས་ནས་སྔགས་དེ་ཉིད་ཀྱི་མཐར། པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་རྒྱུདང་། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པ་ལ། །ནས་མཐའ་རུ་ཕྱིན་པར་ཤོག་གི་བར་བརྗོད་དེ། བསྡུ་ན་སྔགས་མཐར་ཨོཾ་ཨཱཿཧཱུྃ་ཞེས་བདུད་རྩི་འབུལ་བས་ཀྱང་འཐུས། དེ་ནས་དམར་གཏོར་ལ་བཀུག་གཞུག་བྱས་ལ། ཨ་ཀཱ་རོས་བྱིན་བརླབས་ནས། གཞུང་ལྟར་གཏོར་འབུལ་བཟློག་བསྒྱུར་འདོད་གསོལ་ཚང་བར་བྱས་རྗེས། སློབ་དཔོན་པདྨའི་སྤྱན་སྔར་ཕུལ་བའི་སྲོག་སྙིང་འདི་བདུན་ནམ་གསུམ་ཙམ་བརྗོད། ཨོཾ་ན་མོ་བྷ་ག་ཝ་ཏི། ཨ་པྲ་ཏྲི་ཧ་ཏ། ཨརྱ་ཨ་གྷ་ལི། བ་སུ་དྷ་ར། ཨ་དེ་ཝ་ལི། ཡ་ཡ་མ་ལི། ཕུ་ནཱ་ག་ལི། ཀཱ་ཡཀྵ་

p. 103

ལི། པྲ་ཝེ་ཤ་ཡ་ཛ་ཛ༔ ཅེས་བརྗོད་དོ། །དེ་ནི་གསང་བ་མཁའ་འགྲོ་མ་སྡེ་ལྔར་སྒྲུབ་པ་ཡིན་ལ། དེ་རྣམས་ཕྱི་ནང་གསང་བའི་སྒྲུབ་པ་ཡིན་པས། ལས་སྦྱོར་གནས་སྐབས་སུ་ཕྲིན་ལས་དང་དངོས་གྲུབ་བསྐུལ་བ་དང་མངོན་པར་ཤེས་པ་འཆར་བ་སོགས་ལས་ལ་སྦྱར་བའི་སྔགས་འདི་མང་ཉུང་ཅི་རིགས་སྐབས་དང་སྦྱར་ལ་བཟླའོ། །དེ་ཡང་གསང་སྒྲུབ་གཙོ་ཆེ་ན་དེ་ཉིད་དུ་བཟླ། ནང་སྒྲུབ་གཙོ་ཆེ་ན་སྐད་ཅིག་ལ་ལྷ་མོ་ལྔ་གང་ཡིན་གྱི་གཟུགས་དང་། ཕྱི་སྒྲུབ་བཟླ་མང་ན་ཕྱི་སྒྲུབ་ཀྱི་སྐུར་སྐད་ཅིག་ལ་གྱུར་པར་བསྒོམ་སྟེ། གང་ཡིན་ཀྱང་རང་ལ་སྐོར་བ་བྱེད་ཅིང་དངོས་གྲུབ་སྟེར་བར་བསྒོམ་ཞིང་། ཨོཾ་དྷེ་ཝི་བྷི་ཤ་མ་ཧཱ་བྷི་ཤ །ཨནྡྲི་དྷ་རི། མཾ་ཙ་ཨཱི་ཏཾ། ལྷང་ལྷང་ཌཱ་ཀི་མ། ལས་ལ་རུབ་རུབ་སྭཱ་ཧཱ། ཨོཾ་ན་མོ་ཏདྱ་ཐཱ། བྷ་གི་པུ་ནྱ་མ་ནེ་རྟོན། བ་སུ་སུ་ཏྱཱ་སྟོན། ཤ་རི་མ་ནེ་སྟོན། སྨོས་སྨྲོས་སྭཱ་ཧཱ། ཞེས་བཟླའོ། །དེ་ལྟར་ཐུན་གཅིག་སྟེ། སྔ་དྲོ་དང་ཉིན་གུང་དང་དགོང་མོ་གསུམ་ལ་ཐུན་གསུམ་བྱས་ལ་བསྒྲུབ། འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་ཅེས་པས། གྱེར་དབྱངས་སྙན་པོའི་རོལ་མོ་གཞུང་ལྟར་བྱ། འཛོམས་ན་རེབ་ཐུན་རེ་ལ་མཆོད་པ་རྣམ་ལྔ་

p. 104

བརྗེ། འབྲིང་ཉིན་རེ་བརྗེ། ཐ་མ་ཉིན་རེ་ཁ་གསོ་ཙམ་དང་། གཏོར་མ་དེ་ཐུན་རེ་ལ་ལན་རེ་གསོ། མཚན་སྲོད་ཐུན་ལ་ཡང་ཐུན་གཅིག་དང་བཞི་ཐོན་ན་ནི་ཤིན་ཏུ་ལེགས། །མཚན་མོ་ལ་རང་གི་དགེ་སྦྱོར་ཆག་མེད་གང་ཡོད་རྣམས་བྱའོ། །དེ་ལྟར་ཡུན་ཟླ་གཅིག་གམ་ཉེར་གཅིག་བཅུ་བཞི་ཐ་ན་ཞག་བདུན་སོགས་སྐབས་དང་སྦྱར་ལ་བསྒྲུབས་པས། དངོས་ཉམས་རྨི་ལམ་དུ་བུད་མེད་ཁྲོ་བ་བྲན་མོ་སོགས་ལས་མི་བྱེད་པ་སོགས་ལས་མི་ཉན་པའི་རྟགས་བྱུང་ངམ། ཞེས་ཀྱང་རྟགས་མེད་ན་གནད་ལ་དབབ་པ་ནི། རྩ་སྔགས་ལྔ་པོ་གོ་ལྡོག་པའི་མཇུག་ཏུ། ཨོཾ་མ་ལ་བྷེ་རོ་ཙ་ན་ཏྲག་མུན་ན་ཛ༔ བཛྲ་མྲྀ་པྲ་མ་ཧཱི་རཿ ཞེས་པ་ཅུང་ཟད་བཟླས་གོང་དུ་དམ་བརྡར་གསུམ་རེ་དང་རྩིས་ལ་དབབ་སྔགས་ཉེར་གཅིག་ཙམ་བཟླའོ། །དེ་ལ་རྟགས་ནི་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་ལུང་སྟོན། ཐ་མ་རྨི་ལམ་དུ་བུད་མེད་རྒྱན་ཅན་མང་པོ་འདུ་བ་ཕྱག་འཚལ་སྐོར་བ་བྱེད་པ། དཀར་གསུམ་ཤིང་ཐོག་ལོངས་སྤྱོད་བཟའ་བཏུང་སྟེར་བ་མ་དང་སྲིང་མོ་དང་བུ་མོ་དང་གྲོགས་མོའི་ཚུལ་སྟོན་པ་སོགས་འབྱུང་། ཕྱི་རྟགས་ཁ་ཆར་ཁུ་འཕང་འཇའ་འོད་དྲི་བཟང་དང་རོལ་མོའི་སྒྲ་སོགས་འབྱུང་ངོ་། །དེ་ནི་སྦྲགས་ཏེ་

p. 105

སྒྲུབ་པ་ཡིན་ལ། ཞག་བདུན་རེ་ལོགས་སུ་བྱེད་ན། དཀྱིལ་འཁོར་མཆོད་པ་ཡང་སོ་སོར་གཞུང་བཞིན་བྱ་བདག་བསྐྱེད་ཕག་མོ་སྤྱི་བོར་རིགས་བདག་རྗེ་བཙུན་མི་ལ་ལ་དད་གུས། རྒྱུན་དུ་ཕྱག་རྒྱ་ཆེན་པོའི་དྲན་པ་རྒྱུན་ཆགས་གལ་ཆེ་ཞིང་། གཞན་བྱེད་ཚུལ་རྣམས་འདྲའོ། །དེ་ནས་གྲོལ་ཁ་ནུབ་བདེ་མཆོག་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས་གང་རུང་གི་སྒོ་ནས་ཚོགས་བྱ་ཞིང་། རྗེས་ཆོག་ཐམས་ཅད་ཡི་དམ་གང་ཡིན་གྱི་ལུགས་ལྟར་རྒྱས་པར་བྱ་ཞིང་། རང་གཞུང་གི་ལྷ་རྣམས་ནང་པ་སོགས་བསྡུས་པ་དེ་ཡང་བརྗོད་པར་བྱས་ལ། སིན་དྷུ་རའི་དཀྱིལ་འཁོར་ལ་སྔགས་བཟླ་ཞིང་དངོས་གྲུབ་བླངས་ནས་ལྷ་རང་ལ་བསྟིམ། སིདྡྷཱ་ར་གནས་གསུམ་དུ་བྱུག་ལྷག་མ་འཚག་བྱ། ཚེ་སྒྲུབ་བུམ་ཆུ་བཏུང་ཞིང་ཁྲུས་བྱ། ཌཱ་ཀི་ལྔའི་དངོས་གྲུབ་རྫས་ཐམས་ཅད་རང་གིས་བཟའོ། །གཞན་དོན་ཡིན་ན་སིན་དྷུ་ར་མགུལ་དུ་སྲུང་བར་བཏགས། བུམ་ཆུ་བཀྲ་ཤིས་ཚེ་གཟུངས་བརྗོད་ཅིང་དྲངས་ལ་ཁྲུས་ཀྱང་བྱེད། དངོས་གྲུབ་རྗེས་དེ་སློབ་མ་དམ་ཚིག་ཅན་ལ་སོ་སོའི་ཚིགས་བཅད་དང་སྔགས་བརྗོད་ཅིང་ལག་ཏུ་གཏད་ལ་དམ་བརྡར་བཀའ་བསྒོ་བྱས་ལ་རྩིས་ལ་དབབ་སྔགས་བརྗོད་དོ། །དེ་ལྟར་སྒྲུབ་

p. 106

པའི་ཕན་ཡོན་ནི། སྤྱིར་ལྷན་ཅིག་སྐྱེས་མ་ལ་བརྟེན་ནས་མཆོག་སྒྲུབ་པ། ཚེ་དཔག་མེད་ལ་བརྟེན་ནས་ཚེ་སྒྲུབ་པ། འཇིག་རྟེན་མིག་བསྒྱུར་གྱི་མཁའ་འགྲོ་མ་ལྔ་ལ་བརྟེན་ནས་ལོངས་སྤྱོད་སྒྲུབ་པ་ཡིན་པ་ལས། རྗེ་མི་ལ་བཀའ་བརྒྱུད་བླ་མ་དང་བཅས་པ་བསྐྱེད་ཅིང་མཆོད་བསྟོད་བྱས་པས། བླ་མ་མཆོད་ཚོགས་ཀྱང་ཚང་བས་ཕན་ཡོན་ཆེ་སྟེ། འདིའི་རྩ་བ་རྡོ་རྗེའི་ཚིག་རྐང་ལས། དངོས་གྲུབ་སྐད་ཅིག་འདི་ཉིད་ལ། །ཐོབ་པར་འདོད་པའི་སྒྲུབ་པ་པོས། །ཞེས་སོགས་དང་། དེ་ལྟར་བསྒྲུབས་པར་བྱས་ན། དེ་ཞག་བདུན་གྱིས་དངོས་སུ་འགྲུབ་པར་འགྱུར་རོ། །གང་དེའི་ཚེ། ཚེ་རིང་མའི་གཟུགས་སུ་འོང་ནས་སྒྲུབ་པའི་རྫས་བཅུད་ལེན་སྟེར་རོ། །གསེར་གྱི་དོང་ཙེ་སུམ་བརྒྱ་ཉིད་ཀྱང་སྟེར་རོ། །ཡང་ན་སྲིང་མོའི་ལུས་སུ་འོང་ན་ཚེ་སྒྲུབ་པའི་རྫ་ས་བཅུད་ལེན་སྟེར་ཞིང་ལྷའི་བུ་དང་བུ་མོ་ཡང་བླངས་ནས་སྟེར་བར་བྱེད་དོ། །དུས་གསུམ་གྱི་གདམས་པ་ཡང་ཟློ་བར་བྱེད་དོ། །ཡང་ན་ཆུང་མའི་གཟུགས་སུ་བྱུང་ན་ནོར་གྱི་བདག་པོ་ཆེན་པོར་འགྱུར་རོ། །དེས་ཡིད་ལ་འདོད་པ་ཐམས་ཅད་ཡོངས་སུ་བཀང་བར་འགྱུར་རོ། །འདོད་ན་ལྷའི་ལོངས་སྤྱོད་ཀྱང་སྟེར་བར་འགྱུར་རོ། །དབུགས་ཀྱང་སྦྱིན་པར་བྱེད་

p. 107

དོ། །ཞེས་དང་། མཐིང་གི་ཞལ་བཟང་མ་ནི། བདུན་ཕྲག་གཉིས་པའི་ནམ་ཕྱེད་ན་ངེས་པར་འོང་ངོ་། །འོང་ནས་ཀྱང་སྒྲུབ་པ་པོ་ལ་གང་དང་གང་འདོད་པ་སྟེར་བར་འགྱུར་རོ། །གཏད་དཀར་བཞིན་བཟང་མ་ནི། ཟླ་བ་གཅིག་གི་ཁོངས་སུ་ངེས་པར་འོང་ནས་མ་དང་སྲིང་མོའི་ལས་དེ་བྱེད་པར་འགྱུར་རོ། །གལ་ཏེ་ཆུང་མར་འགྱུར་རམ་གོས་དང་རྒྱན་དང་བཅུད་ལེན་སྦྱིན་པར་བྱེད་དོ། །ཉི་མ་རེ་རེ་ལ་ཡང་ཡིད་ལ་འདོད་པའི་ཞལ་ཟས་དང་། གསེར་ཞོ་བརྒྱ་བརྒྱ་སྟེར་རོ། །མི་གཡོ་བློ་བཟང་མ་ནི། ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཚེས་བཅོ་ལྔའི་བར་དུ་སྔགས་སྟོང་རེ་བཟླ་སྟེ། དེ་ན་ཟླ་བ་ཕྱེད་ན་ཅི་ཙམ་འབྱོར་བ་དེ་མཆོད་པ་བྱས་ནས། ཇི་སྲིད་ནམ་ཕྱེད་ཀྱི་བར་དུ་བཟླས་པ་བྱས་ན་དངོས་གྲུབ་ངེས་པར་འོང་བར་འགྱུར་རོ། །ལོངས་སྤྱོད་དང་བཅུད་ལེན་སྒྲུབ་པའི་རྫས་ཀྱང་སྟེར་བར་འགྱུར་རོ། །ཅོད་པན་མགྲིན་བཟང་མས་བསད་པའི་ལས་སྦ་ཚུལ་གསུངས་ནས། ཉམས་ལེན་སྒྲུབ་པ་སྐྱོང་བའི་སྒོམ་ཆེན་བར་ཆད་སྲུང་བ་དང་། བསྟན་པའི་སྤྱི་དགྲ་འདུལ་བའམ། ཞེས་སོགས་གསུངས་སོ། །ཡིག་རྙིང་གི་སྔགས་དང་ལས་གང་སྒྲུབ་དང་ད་ལྟ་ཆོ་གའི་སྔགས་དང་མི་

p. 108

འཆོལ་བ་འདྲ་བར་སྣང་ཡང་། ཆོ་གའི་གཞུང་གི་སྔགས་འདི་རྗེ་ཐམས་ཅད་མཁྱེན་པ་དྲུག་པས་དག་ཐེར་མཛད་པ་ཡིན་པས་གདན་ས་མཐིལ་སོགས་སུ་ཆོས་སྐྱོང་འདི་རྟགས་མཚན་ཆེན་པོ་མཛད་པའི་ཕྱག་ལེན་རྒྱུན་ཆགས་ཡོད་པའི་ཕྱིར་གཞུང་འདི་ཉིད་དག་པར་ངེས་ཀྱིས། ཡིག་རྙིང་ལ་མ་དཔེ་མ་དག་པ་དང་། ལ་ལ་གབ་འཁྲུགས་བྱས་པ་ཡིན་པར་སེམས་སོ། །བཛྲ་མཐའ་ཅན་ཞེས་པ་གཙང་སྨྱོན་ཧེ་རུ་ཀས་མཛད་པའི་སྒྲུབ་ཐབས་རྒྱས་པ་ལས། དེ་ལྟར་སྒྲུབ་པའི་འབྲས་བུས། སྒྲུབ་པ་པོ་ཚེ་རིང་བ་དང་། ནད་མེད་པ་དང་། །གྲུབ་ཆེན་བརྒྱད་ལ་སོགས་པ་ཐོབ་ནས། ལོངས་སྤྱོད་ཀྱིས་མི་བྲེལ་བ་དང་། སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་རིང་བ་དང་། མཐར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མཁའ་ལ་སྤྱོད་པའི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་སྤྱི་བསྒྲུབ་ཀྱི་ཕན་ཡོན་དུ་གསུངས་སོ། །དེ་ལྟར་དཔེ་རྙིང་གསུམ་ཙམ་ལ་སྔགས་རིང་རྣམས་དག་ཐེར་བྱས་ཏེ། རྗེ་ཞྭ་དམར་དྲུག་པས་བསྩལ་བའི་ཆོ་གའི་ལྷན་ཐབས་སུ། རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་རེག་ཅིང་སྒྲུབ་བརྒྱུད་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཅན། སྒྲུབ་པ་པོ་ཀརྨ་ཨ་རཱ་གས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང་ནཱ་རོ་ཆོས་དྲུག་གི་བཀའ་

p. 109

སྲུང་དུ་དམིགས་ཏེ་སྦྱར་བ་ལ་ཉེས་འགལ་གང་མཆིས་ཌ་ཀི་ལྔ་ལ་བཤགས་ཤིང་། དགེ་བས་སྒྲུབ་བརྒྱུད་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚེ་རིང་མའི་ཞལ་ཤེས་སྔགས་བྱང་།

p. 110
p. 111

ཚེ་རིང་མའི་ཞལ་ཤེས་སྔགས་བྱང་ཡོད། ན་མོ་ཌཱ་ཀི་ཡེ། ཚེ་རིང་མའི་ཕྱི་སྒྲུབ་ལ། ཨོཾ་ཀ་ན་པ་ཏི་མེ་ཐུན་དྲི་ཡེ་རི་སྭཱ་ཧཱ། ཞེས་པ་རྡོ་རྗེའི་ཚིག་རྐང་ལས་སོ།། ཨོཾ་ཀ་ན་ཝ་ཏི་མི་ཏུ་ན་སྲི་ཡེ་རི་སྭཱ་ཧཱ། ཞེས་པ་དེའི་སྔགས་བྱང་ལས་སོ།། ༈ ཨོཾ་ཨ་ཀ་ནི་ཙ་ལི་མི་ཐུ་ལྡི་ལི་རེ་སྭཱ་ཧཱ། ཞེས་པ་རྗེ་དྲུག་པའི་ཆོ་གའི་གཞུང་དུའོ། ༈ ཨོཾ་ལམ་ལམ་གྷ་ལ་ཨ་ཡུ་མེ་པུཎེ་བྷ་ཊ་ཨཉྫི་དྷ་ར་སྭཱ་ཧཱ། མཚན་སྔགས་སོ། དེ་ཡན་གཙོ་མོའི་སྔགས་སོ། ༈་ཨོ་ན་ཏི་མ་ཏི་སུ་རུ་ས་མ་ཏི་སྭཱ་ཧཱ། ཞེས་པ་རྡོ་རྗེ་ཚིག་རྐང་ལས་སོ། ༈ ཨོཾ་ན་ཏི་མ་ཏི་སུ་རུ་མ་མ་ཏི་སྭཱ་ཧཱ། ཞེས་སྔགས་བྱང་ལས་སོ། ཨོཾ་ཨ་མི་ནི་ལ་མུ་ཁ་བྷ་ཏྲ་ཨཉྫི་དྷ་ར་སྭཱ་ཧཱ། མཚན་སྔགས་སོ། མཐིང་གི་ཞལ་བཟང་མའོ།། ༈ ཨོཾ་དྷ་ཀ་ས་དྷ་པ་ཏི་ཙཀྲ་མུ་ནི་ཏིས་རྟ་རྦད་ན་མོ་སྭཱ་ཧཱ། ཞེས་པ་རྡོ་རྗེའི་ཚིག་རྐང་ལས་སོ། ཨོཾ་དྷ་ཀ་ས་དྷ་པ་ཏི་ཙ་ཀ་མུ་ནི་ཏིས་སྟ་ཙཀྲ་རྦད་ན་ལོང་སྭཱ་ཧཱ། ཞེས་སྔགས་བྱང་ལས་སོ། ཨོཾ་ཌཱ་ཀི་ས་པ་རི་ཙཀྲ་མུ་ནི་ཏིཥྛ་རྦད་ལོ་སྭཱ་ཧཱ། ཞེས་ཆོ་གའི་གཞུང་ལས་སོ།། ཨོཾ་ཨཾ་ཨ་ཙ་ལ་ཀའུ་བྷ་ཏྲ་ཨཉྫི་དྷ་ར་སྭཱ་ཧཱ། མཚན་སྔགས་སོ། །དེ་ཡན་མི་གཡོ་བློ་བཟང་མའོ།། ༈ ཨོཾ་ད་ཀི་ཀ་ར་ཏ་ཀྲ་ཨུད་ཀྲ་ས་ནི་མ་ར་ཛ་སྭཱ་ཧཱ། ཞེས་རྡོ་རྗེའི་ཚིག་རྐང་ལས་སོ།། ༈ ཨོཾ་དྷ་ཀི་ཧ་

p. 112

ར་ཏ་ཀྲ་ཨུད་ཀྲ་ས་ནི་མ་ར་ཛ་སྭཱ་ཧཱ། ༈ བཛྲ་ཝང་ཝས་ཡི་ར་ཝང་མ་ཧཱ་ཀ་ལི། ཨོཾ་མ་ཧཱ་དེ་བི་ད་པ་ས་དོ། ཏི་སྤ་ཡ་ནི་ར་ཏཾ་ད་པ་སུ་བི་ཝ་འགྲུང་ཝ་ཏང་ཀུ་ཝེ་དྷམ་ན་ར་དཾ་བ་རི་པ་པ་ཇ་ཝ་པ་མི་གིར་མུ་ནི་མོ་གྷ་ཝམ། འདི་སྔགས་བྱང་ལས་གསུངས་སོ། ༈་ཨོ་ཙ་མུ་གུ་ཌ་མ་དྷུ་ར་བྷ་ཏྲ་ཨཉྫི་དྷ་ར་སྭཱ་ཧཱ། ཞེས་པ་མཚན་ལགས་སོ། ༈ ཨོཾ་ཌཀི་ནཱི་ཀན་པ་ནི་མཱ་ར་ཡ་ཛ་ཛ་སྭཱ་ཧཱ། ཞེས་ཆོ་གའི་གཞུང་ལས་སོ། །དེ་རྣམས་ཅོད་པན་མགྲིན་བཟང་མའོ། ༈ ཨོཾ་ཨ་ནན་ཏ་ར་གྱི་ནི་ལཾ་ཏུ་ན་པྲི་ཡེ་སྭཱ་ཧཱ། སྔགས་བྱང་ལས་སོ། ༈ ཨོཾ་ཨ་ནན་ཏ་ར་གྱི་ནི་མེ་ཐུ་ན་ཕྲི་ཡེ་སྭཱ་ཧཱ། རྡོ་རྗེའི་ཚིག་རྐང་ལས་སོ།། ༈ ཨོཾ་ཨ་ནི་ནི་མ་ཏ་ར་ཀི་ནི་མི་ཐུ་ནི་ཕྲི་ལི་ཏེ་ཡེ་སྭཱ་ཧཱ། ཆོ་ག་ལས་སོ། ༈ ཨོཾ་ཏྲི་ཏྲད་གྷ་བ་ཛ་ག་ཏ་བྷ་ཏྲ་ཨཉྫི་དྷ་ར་སྭཱ་ཧཱ། མཚན་སྔགས་སོ། །དེ་རྣམས་གཏད་དཀར་འགྲོ་བཟང་མའོ། ༈ །སྤྱིར་ནི་མངོན་རྟོགས་མཆོད་བསྟོད་སོགས་ཀྱི་གོ་རིམ་ནི། བཀྲ་ཤིས་ཚེ་རིང་མ། མཐིང་གི་ཞལ་བཟང་མ། མི་གཡོ་བློ་བཟང་མ། ཅོད་པན་མགྲིན་བཟང་མ། གཏད་དཀར་འགྲོ་བཟང་མ་སྟེ་མཁའ་འགྲོ་ལྔ་གཡས་བསྐོར་དུ་གསུངས་ཀྱང་། སྒྲུབ་ཐབས་གསུང་ལུགས་ཀྱི་གོ་རིམ་ལ། མི་ལའི་གསུངས་

p. 113

ལས། བཀྲ་ཤིས་ཚེ་རིང་མ། མཐིང་གི་ཞལ་བཟང་མ། གཏད་དཀར་འགྲོ་བཟང་མ། མི་གཡོ་བློ་བཟང་མ། ཅོད་པན་མགྲིན་བཟང་མ་སྟེ་གོ་རིམ་དཀྲུགས་ཏེ་གསུངས་ཤིང་། སྔགས་བྱང་ལས་ཀྱང་གོ་རིམ་དེ་ལྟར་གསུངས། ༈་དབང་ཆོག་ཏུ་ཌཱ་ཀི་ལྔའི་བཛྲ་མཐའ་ཅན་གྱི་མཛད་པའི་བཀའ་གཏད་དང་སྔགས་ཀྱི་གོ་རིམ་ནི་བཀྲ་ཤིས་ཚེ་རིང་མ། ཅོད་པན་མགྲིན་བཟང་མ། མཐིང་གི་ཞལ་བཟང་མ། མི་གཡོ་བློ་བཟང་མ། གཏད་དཀར་འགྲོ་བཟང་མའོ། །དེ་བཞིན་དུ་སྒྲུབ་ཐབས་ལས་མཚན་སྔགས་ལྔ་པོ་བཟླ་བའི་གོ་རིམ་ཡང་དེ་ལྟར་མཛད། མངོན་རྟོགས་ལ་ཡང་དབུས་སུ་མོ་ལས་བཀྲ་ཤིས་ཚེ་རིང་མ་དཀར་མོ། མདུན་དུ་པཾ་ལས་ཅོད་པན་མགྲིན་བཟང་མ་དམར་མོ། གཡས་སུ་ཨོཾ་ལས་མཐིང་གི་ཞལ་བཟང་མ་སྔོན་མོ། རྒྱབ་ཏུ་ཨོཾ་ལས་མི་གཡོ་བློ་བཟང་མ་དཀར་སེར། གཡོན་དུ་གཏད་དཀར་འགྲོ་བཟང་མ་སྔོ་ལྗང་ཏཾ་ལས་བསྐྱེད་པར་བྱའོ། །དེ་ལ་རྗེ་དྲུག་པས་སྔགས་བཀོད་པའི་གོ་རིམ་ཡང་འདི་དང་མཚུངས་པར་མཛད་པ་སྟེ། འདིའི་དོན་སྒྲུབ་ཐབས་འདི་ཟབ་ཅིང་བཀའ་རྒྱ་ཆེ་དྲག་སྟེ། ཉམས་སུ་ལེན་པའི་སྒོམ་ཆེན་མ་ལགས་པ། །གཞན་ལ་བྱིན་ན་དམ་

p. 114

ཚིག་ཉམས། །དེ་བས་འདི་ལ་དམ་པར་གསུངས་། །གཞན་དུ་བསྟན་པར་མ་གསུངས་བར། །རང་ཉིད་ཉམས་སུ་བླང་བར་བྱ། །དབང་དང་བྱིན་བརླབས་མ་བྱས་པར། །དཔེ་ཡང་བསྟན་པར་མ་གསུངས་སོ། །མཁའ་འགྲོ་དམ་ཅན་དངོས་སུ་བཞུགས། །ཞེས་དང་། བྱིན་རློབས་རྗེས་གནང་ཚོགས་འཁོར་དང་། །གསོལ་འདེབས་མཎྜལ་མོ་ཕུལ་བར། །སྒྲུབ་ཡིག་མི་ལ་མ་སྤེལ་གསུངས། །བླ་མ་རྗེ་ཡི་བཀའ་རྒྱས་བཏབ། །དབང་མེད་ནན་ཏན་སྐྱེད་པ་ན། །ཌཱ་ཀི་མ་ཡིས་ཆད་པ་གཅོད། །ཅེས་དང་། སྣོད་ལྡན་སྒོམ་ཆེན་མ་གཏོགས་པ། །གཞན་ལ་བསྟན་ན་དམ་ཚིག་ཉམས་གསུངས་སོ། །ཞེས་རྩ་བའི་རྡོ་རྗེའི་ཚིག་རྐང་ཉིད་ལས་གསུངས་པའི་ཕྱིར། ཆོ་གའི་གཞུང་གི་ལྷ་བསྐྱེད་ལུགས་གོ་རིམ་ངེས་པ་ཅན་དང་། སྔགས་ཀྱི་གོ་རིམ་ལྷ་བསྐྱེད་ལུགས་དང་མི་མཚུངས་པར་མཛད་པ་ནི་ཞལ་ཤེས་གབ་བསྐུང་དུ་མཛད་པ་ཡིན་ནོ། །དེས་ན་ཆོ་གའི་སྔགས་དང་པོ་ཚེ་རིང་མ། ནུབ་ཀྱི་ཅོད་པན་མགྲིན་བཟང་མ། ཤར་གྱི་མཐིང་གི་ཞལ་བཟང་མ། ལྷོའི་མི་གཡོ་བློ་བཟང་མ། བྱང་གི་གཏད་དཀར་འགྲོ་བཟང་མའི་སྔགས་གོ་རིམ་སྟེ། དབུས་དང་། ནུབ་ཤར། ལྷོ་བྱང་

p. 115

ཕྱོགས་ཡིན་ནོ། །འདི་གནད་ཆེན་པོ་ཡོད་པས་གཅེས་པར་བྱའོ། །གཞན་ཆོ་གའི་གཞུང་རྣམས་གོ་བདེ་བར་ཡོད་ཀྱང་། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ་ནི་ཚེ་རིང་མ། རྡོ་རྗེ་བཞད་པ་མོ་ནི་མི་གཡོ་བློ་བཟང་མ། རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ་ནི་ཅོད་པན་མགྲིན་བཟང་མ་དང་། རྡོ་རྗེ་གར་མཁན་མ་ནི་གཏད་དཀར་འགྲོ་བཟང་མ་དང་། རྡོ་རྗེ་ཁྲོས་མ་གཟི་བརྗིད་ཅན་ནི་མཐིང་གི་ཞལ་བཟང་མའི་གསང་མཚན་ཡིན་ནོ། །དེ་གསེར་སྐྱེམས་སུ་ཡང་གསལ་མོད་ཀྱི་སྒྲུབ་ཐབས་རྒྱས་པ་ན་རྒྱ་ཆེར་ཡོད་དོ། །ཡང་སྨན་གྱི་རྒྱལ་མོ་བྷ་ན་ཤ་། །ནགས་ཀྱི་ལྷ་མོ་ཕུ་ན་སི། །མདོངས་ཀྱི་ལྷ་མོ་པྲ་བྷ་ལི། །རྩི་ཡི་ལྷ་མོ་བྷ་ན་ཀ །འོད་ཀྱི་ལྷ་མོ་སི་མ་རེ། །ཞེས་ཀྱང་གསུངས་ཏེ་གོ་རིམ་ཆོ་གའི་སྔགས་དང་འདྲ་བར་སེམས་སོ། །འདི་ལྟར་སོ་སོའི་སྔགས་ངོས་མ་ཟིན་ན་ཕྲིན་ལས་སོ་སོར་སྒྲུབ་པའི་ཐབས་མེད། སྤྱི་སྒྲུབ་སུས་ཀྱང་སོ་སོའི་ཐུགས་ཀར་སོ་སོའི་སྔགས་འགོད་དགོས་ཕྱིར་འདི་གལ་ཆེ་ལ། སྲོག་སྔགས་འདི་ཡང་རྗེ་དྲུག་པས་ཞུ་དག་མཛད་པ་འདི་དག་པར་བཟུང་སྟེ། ཁོང་སྒྲ་མཐར་ཕྱིན་པར་མཁྱེན་པས་སོ། །མཚན་སྔགས་ནི་མི་ལའི་གསུང་མ་ཡིན། ཕྱིས་རས་པ་རྣམས་ཀྱིས་

p. 116

མཛད་པ་འདྲ་སྟེ། རྗེ་དྲུག་པས་མ་དག་པར་གཟིགས་ནས་དོར་བར་འདུག་གོ །ཞེས་ཨ་རཱ་གས་ཞལ་ཤེས་བཀོད་པའོ། མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

p. 117

བཾ་་་རྡོ་རྗེ་འཆང་། པྲ་ཏི་ལོ། ཛཱི་ན་རོ། ་་མར་པ། ཧྥ་་་མི་ལ། སཾ་་་དྭགས་པོ། ཌྷ་་་དུས་མཁྱེན། སྲོ་་་རས་ཆེན། ་་་སྤོམ་བྲག ཀཾ་ཀརྨ་པཀཱི། ་་་ཨོ་རྒྱན་པ། སྭ་ས་རང་བྱུང་རྡོ་རྗེ། ་་་གཡུང་སྟོན། ལོ་་རོལ་པའི་རྡོ་རྗེ། བི་་མཁའ་སྤྱོད། ཏཾ་་་དེ་བཞིན་གཤེགས། རཾ་་་རཏྣ་བྷ་དྲ། སོ་་་དོན་ལྡན། ཨོཾ་་་་འཇམ་དཔལ་བཟང་པོ། ་་དཔལ་འབྱོར། ་་ཆོས་གྲགས་རྒྱ་མཚོ། མཾ་་་མཉན་པ། ཨོཾ་་་་མི་བསྐྱོད་རྡོ་རྗེ། རཾ་་་དཀོན་མཆོག་འབངས། ཀྲྀ་་་དབང་ཕྱུག་རྡོ་རྗེ། གྷ་་་ཆོས་ཀྱི་དབང་ཕྱུག ཌྷ་་་ཆོས་དབྱིངས་རྡོ་རྗེ། འདི་རྣམས་ཟུང་འཇུག་བརྒྱུད་པའི་མཚན་རྒྱ་སྐད་དུ་ཀླུ་བསྒྱུར་བའི་ཡིག་འབྲུ་དང་པོ་རྣམས་ཡིན་ཏེ། ཚེ་རིང་མའི་གསང་སྒྲུབ་དུས་མེ་ལོང་སིན་དྷུ་རའི་དཀྱིལ་འཁོར་གྱི་མཐར་དཔེའུ་རིས་ལྟར་ཡི་གེ་དབུ་ཅན་དུ་འབྲི་བར་བྱའོ།།

ཟུང་འཇུག་བརྒྱུད་པའི་མཚན་དང་བསྙེན་སྒྲུབ་བྱེད་པའི་ཐུན་མཚམས་ཞལ་ཤེས།

p. 118

༈ ཡང་ཚེ་རིང་མའི་བསྙེན་སྒྲུབ་བྱེད་པའི་ཐུན་མཚམས་སུ། བདག་གི་སྤྱི་བོའམ། མདུན་བསྐྱེད་ཀྱི་དབུའི་རྗེ་བཙུན་མི་ལ་རས་ཆེན་ལ་དད་གུས་དྲག་པོས། ན་མོ་གུ་རུ། གངས་ཅན་རྒྱུད་དུ་སོགས་ནས། ཕ་རས་པ་དེ་ལ་གསོལ་བ་འདེབས། །ཞེས་ཤོ་ལོ་ཀ་དེ་དབྱངས་སྙན་པོས་ལན་གསུམ་བརྗོད་ཚེ། མི་ལའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས། མཐར་ཐུན་འཇོག་དུས་མི་ལ་རང་ལ་དབྱེར་མེད་དུ་ཐིམ་པས། རྗེ་བཙུན་གྱི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ལ་ཉམས་ལེན་སྐྱོང་བས། རྟོགས་པ་ལ་བོགས་དབྱུང་ཞིང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་རྩོལ་མེད་དུ་འཆར་རོ། །ཨྠྀི། ཟབ་བོ་༧ རྗེ་རིན་པོ་ཆེ་ཨ་རཱ་གའི་ཕྱག་བྲིས་ལས་བཤུས་སོ།། །།

ཚེ་རིང་མའི་ལག་མཆོད།

p. 119

ཚེ་རིང་མའི་ལག་མཆོད། ན་མོ་ཌཱ་ཀི་ནི་ཡི། ཚེ་རིང་མའི་སྒྲུབ་རྫས་བཤམས་དུས་དང་། ཚོགས་འཁོར་དུས་སོགས་ལ་ལག་མཆོད་བྱ་བ་ནི་མདུན་དུ་འབྲུའི་སྣོད་དུ་བྷནྡྷ་མཚན་ལྡན་ཕུད་ཀྱིས་བཀང་ལ་བདུད་རྩི་རིལ་ལོ་བུ་བཏབ་ལ། རང་ཉིད་སྐད་ཅིག་ལ་རྗེ་བཙུན་མར་གསལ་བཏབ་སྟེ། ལག་པ་བཀྲུས་ལ་གཙང་མར་བྱས་ཏེ། ལག་པ་གཡོན་པའི་སྲིན་ལག་གིས་ཆོས་འབྱུང་གཉིས་བརྩེགས་བྲི་ཚུལ་དང་བཅས་དབུས་སུ་ཐིག་ལེ་བྱ་ཚུལ་གྱིས། ཨོཾ་ཨཱཿཧཱུྃ་ཨོཾ་ཨཱཿཧཱུྃ། ཐོད་པའི་ནང་དུ་ཆོས་འབྱུང་གཉིས་བརྩེགས་དབུས། །ཧྲཱི༔ཡིག་སེར་པོས་འོད་ཀྱི་རང་ཉིད་གསལ། །ལག་པ་གཡོན་པས་བཀབ་ལ། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས་ལ་ལག་གཡོན་མཐིལ་དུ་གཡས་ཀྱི་སྲིན་ལག་བཅང་བསྒྲེས་པས་ཆོས་འབྱུང་གཉིས་བརྩེགས་བྲི་ཚུལ་དང་ཡི་གེའི་གནས་སུ་ཡི་གེ་བརྗོད་ཅིང་ཐིག་ལེ་བྱ་ཚུལ་དང་བཅས། ཨོཾ་ཨཱཿཧཱུྃ་ཨོཾ་ཨཱཿཧཱུྃ། ལག་གཡོན་མཐིལ་དུ་ཆོས་འབྱུང་༔ གཉིས་བརྩེགས་དབུས། །པཾ་ཡིག་དམར་པོ་འོད་ཟེར་འབར་བ་དང་། །ཆོས་འབྱུང་ཟུར་དྲུག་ནང་དུ་གཡོན་སྐོར་དུ། །ཨོ་བོ་ཧཾ་ཡཾ། ཧྲཱི་མཾ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ། ཕཊ་ཕཊ། དེ་ཀྱི་ལྟར་དཔའ་མོ་དྲུག་གི་སྔགས་རྣམས་གསལ། དེ་ལ་ལག་གཡས་ཀྱི་མཐེབ་སྲིན་གྱིས་ཆང་གཏོར་ཞིང་། ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་མ་ཧཱ་ཡོ་གི་ནི་ཨརྒྷཾ་སོགས། ཤབ་པཉྩི་པུ་ཙ་ཨཱཿཧཱུྃ། བཾ་ཡིག་དཔལ་

p. 120

མོ་དྲུག་གི་ས་བོན་བཅས། །བདུད་རྩིར་ཞུ་ནས་ཐོད་པའི་ནང་དུ་ལྷུང་། །གཡོན་པའི་སྲིན་ལག་གིས་དཀྲུག་ཅིང་། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཡེ་ཤེས་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། སྲིན་ལག་གིས་མཆོད་ཅིང་། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་རས་ཆུང་རྡོ་རྗེ་གྲགས། །།དྭགས་པོ་དུས་མཁྱེན་འགྲོ་མགོན་ཡབ་སྲས་དང་། །ཀརྨ་པ་སོགས་བཀའ་བརྒྱུད་བླ་མ་ལ། །རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ། །གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས་པ་དང་། །ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་ལ། །རྣམ་དག་དམ་རྫ་ས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། རྒྱས་པར་འདོད་ན་མཚན་སོ་སོའི་ཞལ་དུ་ཨོ་ཨཱཿཧཱུྃ་ཞེས་བརྗོད། ཅེས་པ་ཡང་རྗེ་དྲུག་པས་བསྩལ་བའི་ཆོ་གའི་ཁ་བཀང་དུ་དགེ་སློང་ཀརྨ་ཨ་རཱ་གས་སྦྱར་བ་ལ་གལ་འཁྲུལ་ཌཱ་ཀི་ལྔ་ལ་བཤགས་ཤིང་། དགེ་བས་སྒྲུབ་བརྒྱུད་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། །།

མེ་ལོང་སིན་དྷུ་རའི་དཀྱིལ་འཁོར་བྲི་བའི་དཔེའུ་རིས།

p. 121

མེ་ལོང་སིན་དྷུ་རའི་དཀྱིལ་འཁོར་བྲི་བའི་དཔེའུ་རིས།

p. 122

ཚེ་རིང་མཆེད་ལྔའི་སྤྱི་སྒྲུབ་ཀྱི་དཀྱིལ་འཁོར་དཔེའུ་རིས།

ཡིག་རྙིང་དཔེའུ་རིས།

p. 123

འདི་ནི་སྔར་གྱི་ཡིག་རྙིང་གི་དཔེའུ་རིས།

p. 124

དཔེའུ་རིས་ཡོད།
༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚངས་གསར་གྱི་རྣལ་འབྱོར་པ་དེ་བ་རཀྟའི་སྐྱེས་རབས་དང་ལས་མགོན་གསར་པའི་ལོ་རྒྱུས་སྒྲུབ་ཐབས།

p. 125

ཚངས་གསར་གྱི་རྣལ་འབྱོར་པ་དེ་བ་རཀྟའི་སྐྱེས་རབས་དང་ལས་མགོན་གསར་པའི་ལོ་རྒྱུས་སྒྲུབ་ཐབས་བཞུགས༔

p. 126

ལྕགུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། །དེང་སང་གང་ཟག་མཆོག་དམན་རྣམས། །ལུང་བསྟན་གསང་བའི་གབ་རྒྱུ་ལས། །ཚངས་གསར་ལྷ་སྲུང་མགོན་པོ་ཡིན། །ཞེས་པའི་ཚིག་དོན་འབྲེལ་བ་ནི། །གཏེར་སྟོན་སྤྲུལ་སྐུས་གསུངས་པའི་དོན། །སྲས་པོ་བླ་མས་བསྐུལ་བའི་ངོར། །རཱ་ག་ཨ་སྱས་ཚིགས་བཅད་བྲི། །སྔོན་ཚེ་ཡེ་ཤེས་མགོན་པོ་ནི། །ཕྱག་བཞི་པ་ཡི་ལྟེ་བ་ནས། །འོད་ཟེར་རྒྱ་ནག་ཡུལ་དུ་འཕྲོས། །རྒྱ་ནག་གྲུབ་ཐོབ་པཀཱི་པ། །རྫུ་འཕྲུལ་ནུས་མཐུ་ཐོགས་པ་མེད། །དེ་ནས་དབུས་སུ་སྔགས་པ་གཅིག་མིང་ནི་བླ་མ་འབུམ་ཞེས་བྱ། །དེ་རྗེས་གཙང་དང་མོན་གྱི་མཚམས། །སྔགས་པ་གུ་རུ་སྲུང་ཞེས་བྱ། །དེ་ནས་རྒྱ་ནག་ཡུལ་དབུས་སུ། །སྔགས་པ་ཧཱུྃ་གླུ་ཞེས་བྱ་སྟེ། །དེ་ནས་

p. 127

མོན་དང་རྒྱ་གར་མཚམས། །སྔགས་པ་རསྨི་ལ་ཞེས་བྱ། །དེ་བཞིན་མི་ཚེར་བསྙེན་སྒྲུབ་བྱས། །ནུས་པར་ལྡན་ཡང་སྦས་ཚུལ་བཞུགས། །དེ་རྗེས་ཚངས་གསར་ལྷ་སྲུང་སྟེ། །བསྐྱེད་རིམ་ལྡན་ཞིང་རྫོགས་རིམ་རྟོགས། །དྲག་སྔགས་ནུས་པ་མངོན་དུ་གྲུབ། །འདི་ནས་འཕོས་ཏེ་སྐུ་དངོས་ནི། །མི་ཡི་ཡུལ་དུ་མི་འབྱོན་ཏེ། །འཇའ་ལུས་ལས་མགོན་གསར་པར་གྱུར། །སྤྲུལ་པ་གཅིག་ནི་ཕྱོགས་དེར་འཁྲུངས། །དངོས་མིན་སྤྲུལ་པ་ཡིན་པའི་ཕྱིར། །རྟགས་མཚན་གསལ་པོ་མི་འབྱུང་ངོ་། །འཇའ་ལུས་ལས་མགོན་གསར་པ་དེ། །འོག་མིན་གནས་དང་ལྕང་ལོ་ཅན། །རྡོ་རྗེ་གདན་དང་ནཱ་ལེནྡྲ། །བསིལ་བ་ཚལ་དང་དུར་ཁྲོད་བརྒྱད། །མདོར་ན་ཉི་མར་འོད་ཟེར་བཞིན། །ཕྱག་བཞི་པ་ཉིད་གར་བཞུགས་ཀྱང་། །དེ་རུ་ལས་མགོན་

p. 128

འབྲལ་བ་མེད། །སྤྱིར་དུ་སངས་རྒྱས་བསྟན་པ་སྲུངས། །ཁྱད་པར་རིགས་རྒྱུད་ཆོས་བརྒྱུད་ལ། །མགོན་སྐྱོབ་གདོང་གྲོགས་གཡེལ་བ་མེད། །ཤཱཀྱའི་བསྟན་པ་བསྲུངས་ནས་སུ། །རྒྱལ་བ་བྱམས་པའི་ཞལ་མཐོང་ཞིང་། །དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང་། །བྱམས་པའི་བསྟན་སྲུང་ཆེན་པོར་འགྱུར། །བྱམས་པའི་བསྟན་པ་རྫོགས་ནས་སུ། །ལས་མགོན་དེ་ནི་ཞལ་བཞི་པའི། །ལྟེ་བར་ཐིམ་ཞིང་དབྱེར་མེད་འགྱུར། །ལོ་རྒྱུས་ལེའུ་དང་པོའོ།། །།དེ་ནས་ལས་མགོན་སྒྲུབ་པའི་ཐབས། །དཔེའུ་རིས་ལྟར་ཤོག་དྲིལ་ནི། །རྟེན་གཏོར་ནང་དུ་བཅུག་པར་བྱ། །དེ་ཡི་རྩེ་ལ་ལས་མགོན་སྐུ། །མངོན་རྟོགས་ལྟར་བྲིས་འཛུགས་པ་ནི། །སྒྲུབ་པའི་རྟེན་ནི་ཡིན་པ་སྟེ་། །གཏོར་བསྔོས་ཕྱག་བཞིའི་གཏོར་མ་ལས། །བསྔོ་ཆོག་གཞན་དུ་མི་དགོས་སོ། །རྒྱས་པར་འདོད་ན་ལས་བྱང་འདི། །འདོན་པར་བྱས་ན་མཆོག་ཏུ་ཤེས། །ཧཱུྃ། རང་མདུན་དཔལ་ལྡན་ཡེ་ཤེས་མགོན་པོ་ཡི། །སྐུ་ཡི་གཡོན་ཟུར་བྱང་ཤར་མཚམས་ཉིད་དུ། །ཧཱུྃ་ལས་འོད་འཕྲོས་རྒྱལ་བའི་བྱིན་རླབས་དང་། །འཇིག་རྟེན་དྲེགས་པའི་སྟོབས་ཀུན་བསྡུས་པ་ལས། །ལས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ལ། །ཞལ་མདོག་སྨུག་ནག་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཡས་རལ་གྲི་ཡུ་བ་གྲི་གུག་མཚན། །ནམ་མཁར་ཕྱར་བས་དགྲ་བགེགས་སྲོགས་རྩ་

p. 129

གཅོད། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་འཛིན། །ཁ་ཊཾ་མཚན་བཅུག་ཡུམ་མཆོག་སྔོ་སྐྱ་ནི། །གྲི་གུག་ཐོད་ཁྲག་འཛིན་པ་སྐུ་ལ་འཁྲིལ། །ཐོད་པ་སྐམ་རློན་དུར་ཁྲོད་ཆས་བརྒྱད་གསོལ། །པད་ཉི་དབུགས་བྲལ་སྟེང་དུ་འདོར་ཐབས་བགྲད། །སྐུ་ལས་ཡེ་ཤེས་མེ་རི་རབ་ཏུ་འབར། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་གར་བཞུགས་གནས་ནས་སྤྱན་དྲངས་གྱུར། །།ཧཱུྃ། འོག་མིན་རྣམ་པར་སྣང་མཛད་དུར་ཁྲོད་དང་། །ལྕང་ལོ་ཅན་དང་བྱང་ཤར་རྩུབ་འགྱུར་ཚལ། །བསིལ་བ་ཚལ་དང་དུར་ཁྲོད་ཆེན་པོ་བརྒྱད། །ཉི་ཤུ་རྩ་བཞི་ལ་སོགས་གནས་མཆོག་ནས། །ལས་ཀྱི་མགོན་པོ་དབུ་སྨུག་གཤེགས་སུ་གསོལ། །སྣ་ཚོགས་པད་ཉི་དགྲ་བགེགས་དེ་གདན་ལ་བཞུགས། །ཨོ་བཛྲ་དྷ་དྷེ་མ་ཧཱ་ཀཱ་ལ་ཥ་ཎ་ཌ་གུ་ཎ་བྷྱོ་ཧཱུྃ་བྷྱོ་སྭ་རྦད་སྭཱ་ཧཱ། བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བོ་ཧོ༔ ཏིཥྛ་ལྷན། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷ་ཡར་ལུད་དབུ་གཙུག་རིགས་བདག་ནི། །ཡེ་ཤེས་མགོན་པོ་སོར་བཞིས་དབུ་རྒྱན་གྱུར། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་གཟུགས་

p. 130

སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །རྟ་ནག་གཡག་ནག་ལུག་ནག་དར་སྣས་བརྒྱན། །བདུད་རྩི་སྨན་དང་རཀྟ་དམར་གྱི་རྫས། །དམ་རྫས་བ་ལོ་གཏོར་མའི་མཆོད་པ་རྣམས། །ལས་མགོན་དབུ་སྨུག་འཁོར་དང་བཅས་ལ་འབུལ། །སྐུ་གསུང་ཐུགས་བརྒྱུད་རབ་ཏུ་མཉེས་གྱུར་ཅིག །ཨོཾ་བཛྲ་དྷ་དྷེ་མ་ཧཱ་ཀཱ་ལ་ཁ་ཎ་ཊ་གུ་ཎ་བྷྱོ་ཧཱུྃ་ཟློ་སཱ་རྦད་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་མཾ་ས་རཀྟ་ཙིཏྟ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ཧཱུྃ། བདེ་གཤེགས་བྱེ་བ་ཕྲག་བརྒྱའི་ཐུགས་སྤྲུལ་པ། །ཧེ་རུ་ཀ་དཔལ་ནག་པོ་ཕྱག་བཞི་པའི། །ཡོན་ཏན་སྤྲུལ་པ་དངོས་གྲུབ་ཀུན་འབྱུང་བ། །མ་ཧཱ་ཀཱ་ལ་དབུ་སྨུག་ཁྱོད་ལ་བསྟོད། །ཡེ་ཤེས་མགོན་པོའི་ལས་བཞིའི་ཕྲིན་ལས་རྣམས། །བསམ་པ་ཙམ་གྱིས་ཐོགས་མེད་སྒྲུབ་པའི་ལྷ། །མྱུར་མགྱོགས་རྩལ་ལྡན་བདུད་དང་ལོག་འདྲེན་འདུལ། །ལས་ཀྱི་མགོན་པོ་དབུ་སྨུག་ཁྱོད་ལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཤཱཀ་ཐུབ་བྱམས་མགོན་བསྟན་པ་སྲུང་བ་དང་། །རིགས་རྒྱུད་ཆོས་བརྒྱུད་དར་ཞིང་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་

p. 131

ལ། །སྲུང་སྐྱོབ་གདོང་གྲོགས་མ་གཡེལ་མཐུ་རྩལ་གྱིས། །གང་བསམ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །དེ་ནས་ལས་མགོན་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་ཡིག་མཐིང་ནག་ཚྭ་ཚྭ་འཕྲོ་བ་ཡི། །ཐིག་ལེ་ནཱ་ད་སྨུག་པོའི་ཐ་མ་རུ། །སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས། །གང་བསམ་ཕྲིན་ལས་ཐོག་མེད་འགྲུབ་པར་གྱུར། །ཨོཾ་བཛྲ་དྷ་དྷེ་མ་ཧཱ་ཀཱ་ལ་ཁ་ཎ་ཊ་གུ་ཎ་བྷྱོ་ཧཱུྃ་བྷྱོ་ཅད་སྭཱ་ཧཱ། །བསྙེན་ཚད་མེད་དེ་སྐབས་སུ་ཅི་འགྲུབ་བཟླ། །རྟགས་ནི་མགོན་པོ་སྤྱི་ཡི་རྟགས་དང་མཚུངས། །ཁྱད་པར་བྱི་ལ་ནག་པོ་བླ་རྟགས་ཡིན། །ཨྠྀི༔ སྒྲུབ་ཐབས་ཀྱི་ལེའུ་གཉིས་པའོ།། །དེ་ནས་དྲག་པོའི་ལས་ལ་བསྐུལ་འདོད་ན། །དམར་གཏོར་དགྲ་བགེགས་གང་ཡིན་འགུགས་གཞུག་བྱ། །གཏོར་འབུལ་སྤྱི་ཡི་ནང་དུ་འདོན་ཀྱང་རུང་། །ཧཱུྃ། མ་གཡེལ་མ་གཡེལ་ནག་པོ་ཆེ། །སོགས་ནས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་འབོད་རྦད་བསད་གསུམ་བཟླ། །བསྒྲལ་ལས་དམིགས་པ་གྱེར་བསྒོམ་ཡིན། །ཐུན་གཏོར་དམིགས་པའི་ཕྱོགས་སུ་བསྐྱལ། །རྒྱུ་ཐེབས་འགྲིགས་དུས་གཏོར་ཟོར་དུ་འཕང་ངོ་། །བསྐུལ་གྱི་ལེའུ་གསུམ་པའོ།། །།དེ་ནས་རྒྱུན་ཁྱེར་བསྡུས་པ་ནི། ཧཱུྃ། རང་བཞིན་གར་བཞུགས་གནས་མཆོག་ནས། །

p. 132

ལས་མགོན་དབུ་སྨུག་འཁོར་དང་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །སངས་རྒྱས་བསྟན་པ་སྲུང་བ་དང་། །རིགས་རྒྱུད་ཆོས་བརྒྱུད་རྒྱས་པ་སོགས། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །རྩ་སྔགས་ཤམ་དུ་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་གཏོར་འབུལ་བསྡུས་པ་ནི། ཧཱུྃ། ལས་མགོན་དབུ་སྨུག་མ་མོའི་ཚོགས། །དམར་ཆེན་གཏོར་མ་འདི་བཞེས་ལ། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། །རྒྱུན་ཁྱེར་གྱི་ལེའུ་བཞི་པའོ།། །།དེ་ནས་ལས་ཚོགས་རིམ་པ་ནི། །དང་པོ་སྲུང་བའི་ལས་བསྟན་པ། །འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར། །ལྟེ་བར་དཔེའུ་རིས་ལྟར་ན། །སྔགས་འདིས་བསྐོར་བ་བྲི་བར་བྱ། །ཤནྟ་ལི་ནི་ར་ཤནྟ་ལི་ཏ་ལི་ནི་རཀྵ༔ དེ་རྒྱབ་རྩིབས་བརྒྱད་ལྷ་མོ་བརྒྱད། །སོ་སོའི་སྔགས་ནི་བྲི་བར་བྱ། །དེ་རྒྱབ་མུ་ཁྱུད་ཞི་བར་ཟད། །དེ་རྒྱབ་མུ་ཁྱུད་རྡོ་རྗེའི་ར། །དེ་རྒྱབ་མུ་ཁྱུད་རལ་གྲིས་བསྐོར། །དེ་རྒྱབ་མེ་རི་བྲི་བར་བྱ། །རྩ་སྔགས་རབ་གནས་བྱས་ལ་བཏགས། །འཇིགས་པ་བརྒྱད་དང་བཅུ་དྲུག་དང་། །ནད་གདོན་གནོད་པ་ཀུན་ཐུབ་བོ། །ཨྠྀི། དགྲ་བོ་ལིངྒར་འགུགས་པ་ནི། །ཉ་བོ་ལྕེ་ཡིས་བྲང་ཁྱབ་པ། །ལྕེ་སྟེང་རྡོ་རྗེ་རྒྱ་གྲམ་བྲི། །དེ་མཐར་མིང་རུས་བླ་དྭགས་བྲི། །ཕྱི་ནས་འང་མིང་རུས་བླ་དྭགས་བསྐོར། །སྲིན་ནག་བྲ་བོ་ནག་པོ་

p. 133

ཡི། །འབྲུ་ནི་བདུན་རེ་ལྕགས་ཀྱུ་མའི། །སྔགས་ཀྱིས་བསྔགས་ལ་ཤར་ལྷོར་བཞག །ཅད་སྔགས་ཤམ་ལ་ལྕགས་ཀྱུའི་སྔགས། །བཏགས་ལ་ཁུག་རྟགས་མ་བྱུང་བར། །བཟླས་ལ་སྲན་བྲ་འབྲུ་རེས་བྲབ། །དེ་ནས་བསད་པའི་ལས་བྱའོ། །ཨྠྀི དེ་ནས་དགྲ་བོ་བཅིང་བ་ནི། །ཟན་ལ་ལིང་ག་བྲང་རྡུང་བཅའ། །སྲེ་མོང་བྱི་ལ་ཟ་བ་དང་། །རི་བོང་གང་རུང་ལྤགས་པ་ལ། །རྒྱུན་དུ་བྱས་པས་ལིངྒ་བཅིངས། །ཞགས་པ་མ་ཡིས་སྔགས་ཀྱིས་ནི། །དང་པོ་རྒྱུན་དུ་སྔགས་བྱའོ། །སྲིན་ཆུང་སྲིན་མ་གཉིས་པོ་ལ། །རྩ་སྔགས་ཆད་པ་གཉིས་ཀྱི་མཇུག །ཞགས་པ་མ་ཡི་སྔགས་བཏགས་བཟླ། །རྫས་ནི་གཉིས་པོས་རྐང་པ་བྲབ། །ཞགས་པ་མ་ཡིས་བཅིངས་བར་བསམ། །དེ་ནས་དགྲ་བོ་འགྲོ་མི་ཤེས། །ཡང་ན་རྐང་ནད་འབྱུང་བར་འགྱུར། །ཨྠྀི། དེས་ཀྱང་ཐུབ་པར་མ་གྱུར་ན། །ཐབ་ཆུང་བཅས་ཏེ་ཆུ་བསྐོར་ལ། །དེ་ནང་ལིང་ག་ཁོག་སྨད་བཅུག །ཁོག་སྨད་ཞིག་ནས་ཁོག་སྟོད་ལེན། །དེ་ལ་ཟན་གྱི་ལ་ཁོག་སྨད་སྦྱར། །སྔོན་ལྟར་རྒྱུན་དུ་སྔགས་ལ་བཅིངས། །བྲ་ནག་ཚེར་ཐོགས་དམར་པོ་དང་། །ལྕམ་འབྲས་སྔགས་ལ་བྲབ་པར་བྱ། །འབོད་རྦད་སྔགས་མཐར་ལྕགས་སྒྲོག་མ། །བཏགས་ལ་བཟླ་བར་བྱ་བའོ། །སྔོན་ལྟར་ཁོག་སྨད་ཆུར་སྦྱར་ན། །ཞི་བར་འགྱུར་བ་ཐེ་ཚོམ་མེད། །ཨྠྀི༔ དེ་ནས་དགྲ་བོ་སྨྱོ་བ་ནི། །བ་ཟན་ཉ་བོའི་སྙིང་གི་ཐད། །སྟོང་པར་བྱས་ལ་ཡུངས་ཀར་དང་། །ཡུངས་ནག་སྐྱེ་ཚེ་ཐུན་བྱས་ལ། །དྲིལ་བུ་མ་ཡི་སྔགས་ཀྱིས་བཏབ། །བཀུག་

p. 134

གཞུག་བྱས་ལ་འབོད་རྦད་ཤམ། །དྲིལ་བུའི་སྔགས་བཏབ་སྙིང་གར་བྲབ། །སྨི། དེ་ནས་ཡན་ལག་ཞ་བ་ནི། །ཡན་ལག་བཞི་དང་མིག་ལ་སོགས། །དབང་པོ་ཡན་ལག་གང་འདོད་པ། །མེད་པར་དེ་མར་བུག་པ་བྱ། །འབོད་རྦད་སྔགས་མཐར་དཀར་མོའི་སྔགས། །བཏགས་པ་ལ་སོགས་གོང་ལྟར་བྱ། །ཞ་ལོང་འོན་ལྐུགས་ལ་སོགས་པ། །གང་འདོད་འབྱུང་བར་འགྱུར་བའོ། །ཨཱི། དེ་ནས་དགྲ་ཡི་ནང་གྲོལ་ལ། །ནད་གཏོང་འདོད་ན་འཇིམ་པ་ལ། །ལིང་ག་བྱས་ལ་ནང་གྲོལ་ནས། །གང་འདོད་མལ་དུ་ཤོག་དྲིལ་བཅུག །འབོད་རྦད་སེར་མོའི་སྔགས་བཏགས་བྲབ། །ནང་གྲོལ་གང་འདོད་ནད་འབྱུང་ངོ་། །དེ་ནས་དགྲ་བོ་བསད་པ་ནི། །ཧོམ་ཁུང་ནང་དུ་ལིངྒ་བཅུག །དམར་མོའི་སྔགས་ཀྱིས་ཐུན་རྫས་སྔགས། །བཀུག་པའི་གདམ་པ་གོང་ལྟར་བྱ། །འབོད་རྦད་བསད་གསུམ་ནག་མོའི་སྔགས། །སྤྲེལ་ལ་ཐུན་གྱིས་ཞག་གཅིག་བྲབ། །རྦད་བསད་ནག་མོའི་སྔགས་གསུམ་གྱིས། །ཞག་པོ་གཅིག་ཏུ་བྲབ་པར་བྱ། །དེ་ནས་ཆེད་སྔགས་ནག་མོའི་སྔགས། །གཉིས་སྦྲེལ་ཞག་གཅིག་བྲབ་པར་བྱ། །དེ་ནས་ནག་མོའི་སྔགས་རྐྱང་གིས། །ཞག་གཅིག་བྲབ་ལ་དེའི་དགོང་མོ། །བསད་སྔགས་རྐྱང་པས་ཐུན་གཅིག་བྲབ། །དེ་ནས་དྲག་པོའི་སྦྱིན་བསྲེག་བྱ། །དེ་ཡིས་མཱ་ར་ཡ་འགྲུབ་བོ། །ཨྠྀི། ལས་ཚོགས་ལེའུ་ལྔ་པའོ།། ༈ །།ལས་མགོན་དབུ་སྨུག་གི་སྔགས་བྱང་ངོ་། །འབོད་པ་ཡང་འདི་ཡིན། ཨོཾ་བཛྲ་དྷ་དྷེ་མ་ཧཱ་ཀཱ་ལ་ཥ་ཎ་ཊ་གུ་ཎ་བྷྱོ་ཧཱུྃ་བྷྱོ་སྭ་རྦད་སྭ་

p. 135

ཧཱ། གཙོ་བོའི་སྔགས་སོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛརྦད་ཕཊ་སྭཱ་ཧྭ་ཕཊ། ལྕགས་ཀྱུ་མའོ། །ཨོ་པཱ་ཤ་ཧཱུྃ་རྦད་སྭཱ་ཧྭ་ཕཊ། ཞགས་པ་མའོ། །ཨོཾ་བཛྲ་སྤོ་ཊ་བོ་རྦད་སྭཱ་ཧཱ་ཕཊ། ལྕགས་སྒྲོག་མའོ། །ཨོཾ་བཛྲ་གནྡྷེ་ཧོརྔད་སྭཱ་ཧཱ་ཕཊ། དྲིལ་བུ་མའོ། །ཨོཾ་ཨིནྡྲ་རྦད་ཕཊ། དཀར་མོ། ཨོཾ་ཤམྨ་ཆད་ཕཊ། སེར་མོ། ཨོཾ་ཤམྦ་སུ་ཏེ་རྦད་ཕཊ། དམར་མོ། ཨ་རི་ཙིཏྟ་རྦད་ཕཊ། ནག་མོ། རྦད་པ་ཞི་བ། ཨོཾ་ཏྲཀྵེ་ཏྲཀྵེ། སུ་ཏྲགེ་ཨུ་རཱ་ཝ་ཏཱཧྥེ་ནི་ཡུ་མུ་ནི་མུ་ལ་མུ་ལེ། སངྒོ་ཤམྨེ་ཤམྨེ་སུ་ཤམྨེ་ཨུ་ར་ཝ་རྭ་ལི་ལི་ཨུངྒེ་ཨུངྒེ་ཕ་ཝ་ལི་སི་ལི་ཡེ་རྦད་སྭཱ་ཧཱ། དྲག་པོར་རྦད་པ། ཨོཾ་ཤ་ཤ་ཁ་ཁ་ཁ་ཁ་ཁཱ། རུ་རུམཱི་རུམི་སུ་རུམཱི། ཕ་ཤེ་བུ་རུམཱི། རྦད་རྦད་ཨ་ལ་ལ། རྦད་རྦད་སུ་རྦད་སུ་ཆད། རི་ཝ་རྦད་ལི་ཧ་མུ་ཁྲོད་རུ་རྦད་། ཤསྴ་བུ་བུ་ཧྲཱིཿ ཨ་ར་རྦད་གྷོ་རྦད་རྦད་རྦད་སྭཱ་ཧཱ། ཧཱུྃ་ཧཱུྃ་སྭཱ་ཧཱ། ཕཊ་ཕཊ་སྭཱ་ཧཱ། བསད་པ་ལ། ཨོཾ་ཕཊ་ཧུཾ་མཱ་ར་ཡ་ཕཊ། མཱ་ར་ཡ་ཕཊ། མཱ་ར་ཡ་ཕཊ། མཱ་ར་ཡ་སྲོག་རྩ་སྙིང་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ། གྷི་ཎ་ཡ་ཧཱུྃ་ཕཊ། གྷི་ཎ་ཡ་ཧཱུྃ་ཕཊ། གྷི་ཎ་ཤྲཱི་ཎ་སྲོག་རྩ་སྙིང་རྩ་ལ་གྷི་ཎ་ཡ་ཧཱུྃ་ཕཊ། བྷནྡྷ་ཡ་ཧཱུྃ་ཕཊ། བྷནྡྷ་ཡ་ཧཱུྃ་ཕཊ། བྷནྡྷ་བྷན་

p. 136

སྲོག་རྩ་སྙིང་རྩ་ལ་བྷནྡྷ་ཡ་ཧཱུྃ་ཕཊ། མ་ཤག་ཤག་ཤག་ཕུ་ལིན། དེ་ན་མི་ཀེ་ན་མཱ་ར་ཡ་ཕཊ། སྔགས་བྱང་གི་ལེའུ་སྟེ་དྲུག་པའོ།། །།རྗེས་ཆོག་བྱ་བ་ནི། ཨནྡྷཾ་སོགས་ཀྱིས་མཆོད། བདེ་གཤེགས་བྱེ་བ་ཕྲག་སོགས་ཀྱིས་བསྟོད། མ་འབྱོར་པ་དང་སོགས། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་། རས་བྲིས་དང་སྐུ་གཟུགས་གཏོར་མ་ཡོད་ན་རྟེན་བཞུགས་བྱ། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་བ་སོགས་བྱ་ཞིང་། ཡེ་ཤེས་མགོན་པོའི་ལས་བཞིའི་སོགས་བཀྲ་ཤིས་བརྗོད་ཅིང་བསྔོ་སྨོན་གྱིས་མཐའ་བརྒྱན། རྗེས་ཆོག་གི་ལེའུ་སྟེ་བདུན་པའོ།། །།འདི་ཡི་བཀའ་གཏད་རིམ་པ་ནི། གནམ་ཆོས་ནང་ནས་འབྱུང་བ་ཡི། །ཆོས་སྐྱོང་སྤྱི་ཡི་བཀའ་གཏད་བྱ། །གཏེར་སྟོན་སྤྲུལ་སྐུས་གསུངས་པ་ལ། །རཱ་ག་ཨ་སྱས་ཚིགས་སུ་བཅད། །དོན་ནི་བཅོས་བསླད་ཟུར་ཙམ་མེད། །དྲག་པོའི་ལས་སྦྱོར་རིམ་པ་རྣམས། །དམ་མེད་གཞན་ལ་གསང་རྒྱས་བཏབ། །ལོ་རྒྱུས་མཆོད་བསྟོད་སྒྲུབ་ཐབས་རྣམས། །གྲྭ་རིས་རྣམས་ལ་སྤེལ་ཡང་རུང་། །མངྒ་ལཾ། །ཧཧེཧིཧུབོསིཡཡེ། ཨེཡམམེརུཧཱུྃ། ཧཱུྃཕཊམཱརཱཡཱཕཊ། ཧཱུྃཧཱུྃ། ཨེཡསཾཡིཧཱུྃ། ཁྱིཅུདྲགྲཀྱཀྱསས། རིརིནྣཾཏྲིཡུ། མམིམཤཤརིརུམཙཏུ། ཚཚཧཧདུ།

p. 137

གགརངཏྲསྭཱཧཱ།། ཡན་ལག་ཞ་བ། ༈ ནང་གཞུག་ཤོག་དྲིལ་མཇུག་ནས་ཡར་དྲིལ་འཕྲད་དུ་གཞུག སྐུ་གཟུགས་འཛུགས་དར་གདུགས་ནག །

མ་གཟའ་དམ་གསུམ་གྱི་ཆོ་འཕྲུལ་གྱི་བསྐུལ་བསྡུས་པ།

p. 138
p. 139

མ་གཟའ་དམ་གསུམ་གྱི་ཆོ་འཕྲུལ་གྱི་བསྐུལ་བསྡུས་པ་བཞུགས་སོ།། ཧཱུྃ༔ མ་མོ་ནག་མོ་མཐུ་རྩལ་ཅན༔ མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག༔ ནོར་སྲང་གཅིག་གི་རྗེས་གཅོད་མ༔ ནས་བྲེ་གང་གི་ཕྱིར་འབྲང་མ༔ དུར་ཁྲོད་བདག་མོ་ངེ་ནེ་མ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ང་ཡི་ནོར་སྟོར་ལ་འུར་རྒྱུག༔ དཀོར་བདག་ཆེན་མོ་ཁྱོད་སོང་ལ༔ དགྲ་ཇག་རྐུན་པོའི་མིང་ནས་བོས༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཕོབ༔ ང་ཡི་ཀ་ཆ་ཁྱེར་ལ་ཤོག༔ མ་ཧཱ་པདྨ་ཧུར་ཐུམ་བྷྱོ༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བྱེད་པའི༔ ལེགས་ཉེས་ཀུན་གྱི་ཤན་འབྱེད་པ༔ བླ་མེད་བཀའ་ཡི་བྱ་ར་བ་དྲང་སྲོང་འཁོར་བཅས་གཤེགས་སུ་གསོལ༔ འབར་བའི་གདན་ལ་བཞུགས་ནས་ཀྱང་༔ མཐུན་པའི་དམ་རྫས་མཆོད་གཏོར་བཞེས༔ ཧཱུྃ༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་འཇིགས་པའི་གཟུགས༔ དབུ་དགུ་སྡང་མིག་མཆེ་བ་གཙིགས༔ ཕྱག་བཞི་དང་པོ་གཉིས་ཀྱིས་ནི༔ ཆུ་སྲིན་སྦྲུལ་གྱི་ཞགས་པ་བསྣམས༔ འོག་མ་གཉིས་ནི་མདའ་གཞུ་བསྣམས༔ མགོ་ལུས་མེད་པར་མིག་གིས་གང་༔ ལྟེ་བ་མན་ཆད་སྦྲུལ་དུ་འཁྱིལ༔ ཀླུ་

p. 140

སྲིན་འཚོགས་པའི་མཐུ་རྩལ་ཅན༔ སྤྲུལ་པ་གཟའ་བརྒྱད་ཕྱོགས་བཅུར་འགྱེད༔ ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ སྡང་བའི་དགྲ་ལ་ཆོ་འཕྲུལ་ཕོབ༔ གཟའ་བདུད་ཆེན་པོ་འཁོར་དང་བཅས༔ བྷ་ལིང་མཆོད་པ་འདི་བཞེས་ལ༔ གནོད་བྱེད་དགྲ་བོ་ཆོམ་རྐུན་ལ༔ ལྟས་ངན་ཕུང་ཐལ་སྣ་ཚོགས་ཕོབ༔ གཟའ་ནད་ཐོག་སེར་ད་ཕོབ་ཅིག༔ ལུས་སེམས་སྨྱོ་རུ་ད་ཆུག་ཅིག༔ ཕ་ཚན་ནང་དབྱེ་ད་ཐོངས་ཤིག༔ གཟའ་རྒོད་གདུག་པའི་ཆོ་འཕྲུལ་གྱིས༔ འགྱོད་ཚངས་བསྐྱེད་པའི་ལས་མཛོད་ཅིག༔ བྷྱོ༔ ཁྲག་འཐུང་མ་མོ་རྫུ་འཕྲུལ་ཅན༔ སྲིད་གསུམ་མ་མོའི་འཁོར་གྱིས་བསྐོར༔ དྲེའུ་ཆིབས་ཤིང་བསྟན་པ་སྲུངས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ བདུད་མོ་ཆེན་མོ་རེ་མ་ཏི༔ དྲག་ཤུལ་སྤྱོད་པའི་ལས་མཁན་མ༔ སྐུ་མདོག་ནག་མོ་འཇིགས་པའི་གཟུགས༔ ཕྱག་ན་ཆོ་འཕྲུལ་སྣ་ཚོགས་འགྱེད༔ སྤྱན་གསུམ་གཡུ་ཡི་སྨིན་མ་ཅན༔ གཅེར་བུ་ཟངས་ཀྱི་མཆེ་བ་གཙིགས༔ རལ་པ་ཁམས་ནག་གྱེན་ཐུལ་གྲོལ༔ མི་ལྤགས་གཡང་གཞི་ཐོད་ཕྲེང་གསོལ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ སྲིད་པའི་རླུང་བཞིན་ཀུན་ཏུ་རྒྱུ༔ ཤ་ཟ་མ་

p. 141

མོ་བྱེ་བས་བསྐོར༔ གནོད་བྱེད་དགྲ་ཇག་ཆོམ་རྐུན་ལ༔ ལྟས་ངན་ཆོ་འཕྲུལ་སྔངས་སྐྲག་ཕོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བ་ལིང་མཆོད་གཏོར་འདི་བཞེས་ལ༔ འགྱོད་ཚངས་བསྐྱེད་པའི་ལས་མཛོད་ཅིག༔ བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ དེ་ནས་གལ་ཆེ་ན་དམ་ཅན་བསྐུལ་ཏེ༔ བྷྱོ༔ མོན་པ་ནག་པོའི་དུས་ལ་བབ༔ སྒོ་གཅོག་ནག་པོའི་དུས་ལ་བབ༔ ཚངས་པ་ནག་པོའི་དུས་ལ་བབ༔ སྐུ་འཐེན་ནག་པོའི་དུས་ལ་བབ༔ ཟུ་རྭ་ར་སྐྱེས་དུས་ལ་བབ༔ དགྲ་ཇག་རྐུན་མའི་ཁྱིམ་དུ་རྒྱུགས༔ དགྲ་བོའི་ཁྱིམ་ཕུག་བསྟིབ་ལ་ཤོག༔ སྒོ་ཆོག་སྐ་འཐེན་རང་ཐག་བསྐོར༔ གཤིན་པོ་ཐམས་ཅད་དུར་ནས་བསློང་༔ མགོ་ནོན་སྔས་བསྒྱུར་སྤྲེའུ་ཐོངས༔ གོང་མོ་སྲག་པ་ལ་སོགས་པའི༔ བྱ་ནག་སྡེར་འཛིངས་སྣ་ཚོགས་ཐོངས༔ ཤཱ་བ་དགོ་བ་རྣ་བ་དང་༔ གླ་བ་དྲེད་མོང་རྒོད་ལ་སོགས༔ ཡིད་དུ་མི་འོང་སྣ་ཚོགས་ཐོངས༔ གཟའ་འཐབ་རྩོད་འཛིང་བྱེ་དབྱེ་ཐོངས༔ དམ་ཉམས་དགྲ་ཇག་རྐུན་པོ་ཡིས༔ གལ་ཏེ་རང་ནོར་མ་གཏད་ན༔ སྙིང་ཕྱུང་སྨོར་ཆུག་སྲོག་རྩ་ཆོད༔ དུས་ལ་བབ་བོ་མ་གཡེལ་ཅིག༔ བརྒྱན་པའི་གཏོར་མ་

p. 142

འདི་བཞེས་ལ༔ འགྱོད་ཚངས་བསྐྱེད་པའི་ལས་མཛོད་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ར་ཐོད་མའི་བསྐུལ་པའོ༔ ཧཱུྃ༔ རྣོ་དུག་བྱ་རོག་གདོང་པ་ཅན༔ ཐན་དང་ལྟས་ངན་བདག་པོ་སྟེ༔ དགྲ་བོའི་ནོར་རྐུན་རྗེས་ལ་རྒྱུགས༔ ཐན་རྐྱལ་ནག་པོ་ཁ་ཕྱེས་ལ༔ དགྲ་བོའི་སྟེང་དུ་ལྟས་ངན་ཕོབ༔ བདུད་མོ་ནག་མོ་རེ་མ་ཏི༔ ཐན་དང་ལྟས་ངན་བདག་མོ་སྟེ༔ དགྲ་བོའི་ནོར་རྐུན་རྗེས་ལ་རྒྱུག༔ ཐན་རྐྱལ་ནག་པོ་ཁ་ཕྱེས་ལ༔ དགྲ་བོའི་སྟེང་དུ་ལྟས་ངན་ཕོབ༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ གཟའ་མཆོག་ཆེན་པོ་རཱ་ཧུ་ལ༔ གསེར་གྱི་གླང་རྒོད་ཞོན་པ་ཡི༔ དགེ་སློང་གསེག་ཤང་ཐོགས་པ་བརྒྱ༔ ཁྲོ་ཞིང་ནག་ལ་འཇིགས་པ་ཡི༔ བནྡེ་ནག་པོ་མདུང་ཙམ་གྱིས༔ དམ་ཉམས་དེ་ཡི་ཁྱིམ་ལོངས་ཤིག༔ ཧོ་ཤུ་སྔགས་འཆང་ཧོ་བསྐོར་གྱིས༔ གཡུ་ཡི་སྤང་མོ་ཞོན་པ་ཡི༔ ཨ་ཙ་ར་ནི་ཉི་ཤུ་བཞིས༔ དམ་ཉམས་དེ་ཡི་ཁྱིམ་ཁེངས་ཤིག༔ ར་ཞོན་ཐོ་བ་ཐོགས་པ་ཡི༔ མགར་བ་ནག་པོ་བརྒྱ་རྩ་བརྒྱད༔ རྒྱལ་པོ་བེ་གར་དགྲ་ལ་ཆོས༔ དུས་མཚན་ལྷ་མོ་བྱ་མགོ་ཅན༔ དུར་ཁྲོད་འདྲེ་མོ་ངེ་ནེ་མ༔ ཐན་ཁྱི་ནག་པོ་ཁྱེད་རྣམས་ཀྱིས༔ ཤ་

p. 143

ཁྲག་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་རྔ་འུར་རྡུང་བྱེད་ཅིང་། ཧོཿ དགོངས་སུ་གསོལ་ལོ༔ འཇིག་རྟེན་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན༔ ལྷ་མོ་ནག་མོ་འཇིག་རྟེན་ལས་ཀྱི་རེ་མ་ཏི་གཟའ་བདུད་རྒྱལ་པོ་རཱ་ཧུ་ལ་གཟའ་བརྒྱད་གདོང་མོ་བཞི༔ ཤར་ཕྱོགས་དཀར་པོ་ནོར་བསྙག༔ བདུད་པོ་ཟུ་ར་ར་སྐྱེས༔ མོན་པ་ནག་པོ་སྐྲ་འཐེན༔ བཙན་དམར་ཤན་པ་ཀུས་འདེབས༔ ཐེའུ་རང་སྟོང་སྡེའི་དམག་དཔོན༔ དུར་ཁྲོད་ཀྱི་འདྲེ་མོ་ངེ་ནེ་མ༔ བདུད་བཙན་རྒྱལ་པོ་སྡེ་བརྒྱད་མ་རུངས་པ་ཁྱེད་རྣམས་ལ༔ དམ་ཉམས་དགྲ་རྐུན་འདིས་ཕོད་བཙུགས༔ དོ་བསྡོས་འགྲས་བཙལ་བ་ཡིན་པས༔ གནོད་བྱེད་དགྲ་རྐུན་གྱི་མིང་ནས་འབོད་ལ་ཐོངས་ཤིག༔ རྗེས་སུ་རྒྱུགས་ཤིག༔ ཁ་སྣ་ནས་ཁྲག་སྐྱུག་ཏུ་ཆུག་ཅིག༔ སྒོ་ཁྱི་ངུ་ཟུག་རང་ལ་རྨུག་ཏུ་ཆུག་ཅིག༔ ཁྱེར་བའི་དུད་འགྲོ་དང་ཀ་ཆ་ལ་མེ་ཆེན་འབར་དུ་ཆུག་ཅིག༔ ར་མདའ་ལ་འོང་བ་ཡིན་ནོ་ཞེས་མི་བཟོད་པའི་འོ་དོད་འབོད་པར་གྱིས་ཤིག༔ སྐྱག་ཅིང་དངངས་ཏེ་ལག་གཉིས་བྲང་རྡུང་དུ་ཆུག་ཅིག༔ ཐན་དང་ལྟས་ངན་གྱི་རྒྱལ་པོ་ས་གཞི་བར་སྣང་

p. 144

གང་བ་དུས་གཅིག་ཏུ་དགྲ་བོའི་ཁང་ཁྱིམ་ཁེངས་ཤིག༔ མི་ནག་ཆར་ལྟར་འབེབས་པའི་ལྟས་ངན་ཐོངས་ཤིག༔ བདུད་ཁྱི་ནག་པོ་སྤྲིན་ལྟར་གཏིབས་པས་ལྟས་ངན་ཐོངས་ཤིག༔ ཁྱིམ་དུ་བྱ་ཐན་སྣ་ཚོགས་བྱ་ནག་སྡེར་འཛིང་བྱེད་པའི་ལྟས་ངན་ཐོངས་ཤིག༔ སྤྲེལ་གྱིས་ཡོས་བཏག་པའི་ལྟས་ངན་ཐོངས་ཤིག༔ གཟའ་བདུད་མངོན་དུ་རྒྱུག་པའི་ལྟས་ངན་ཐོངས་ཤིག༔ ཕ་བུ་སྤུན་ཟླ་གསོན་བྱེ་འོང་བའི་ལྟས་ངན་ཐོངས་ཤིག༔ གདོང་ཐུག་འུར་ཆོམ་སྨྱོ་འབོག་ཐོངས་ཤིག༔ ང་ཡི་ཀ་ཆ་དང་དུད་འགྲོ་བོར་བ་ཁྱེར་ལ་ཤོག༔ གལ་ཏེ་མ་གཏད་ན་དགྲ་བོ་མི་ནོར་ཐམས་ཅད་ཐར་བ་རླུང་གིས་ཁྱེར་བ་ལྟར་ཐོངས་ཤིག༔ མ་གཟའ་དམ་གསུམ་སྡེ་བརྒྱད་དྲེགས་པ་ཅན་ཁྱེད་རྣམས་ལ་མཐུ་དང་ནུས་པ་ཅི་འདུག་ལྟའོ༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ ཞེས་གཞུང་གི་ཟད་སྔགས་བཟླ་ཞིང་གཏོར་མ་དགྲ་ཕྱོགས་སམ༔ ཕྱོགས་གཙང་གཟའ་དང་མཁའ་འགྲོ་རྒྱུ་ལྡོག་བསྟུན་ལ་འཕེན་པར་བྱ༔ ཡང་རྒྱུ་ལྡོག་མ་འགྲིགས་ན་ཕུལ་བཅུག་པར་བྱ༔ ཞེས་པ་འདི་རཱ་ག་ཨ་སྱས་སྦྱར་བའོ༔ བྷ་ཝནྟུ༔

བསྟན་སྲུང་རཱ་ཧུ་ལའི་སྒྲུབ་པ་མུ་སྟེགས་ཀྱི་ལོག་མཐུ་གློ་བུར་གྱི་ཐན་འགྱེད་དགྲ་ལ་ཆོ་འཕྲུལ་ལྟས་ངན་གཏོང་ཐབས་རྣོ་མྱུར་ཐོག་རྒོད་འདྲ་བ་བཻ་རོ་ཙ་ནའི་སྙིང་དང་འདྲ་བའི་མན་ངག

p. 145

བསྟན་སྲུང་རཱ་ཧུ་ལའི་སྒྲུབ་པ་མུ་སྟེགས་ཀྱི་ལོག་མཐུ་གློ་བུར་གྱི་ཐན་འགྱེད་དགྲ་ལ་ཆོ་འཕྲུལ་ལྟས་ངན་གཏོང་ཐབས་རྣོ་མྱུར་ཐོག་རྒོད་འདྲ་བ་བཻ་རོ་ཙ་ནའི་སྙིང་དང་འདྲ་བའི་མན་ངག་གོ །འདིའི་ལག་ལེན་བཅའ་ཐབས་འདོན་འགྲིགས་གསལ་ཆ་འདི་རཱ་ག་ཨ་སྱས་སྦྱར་བ་འདི་གཞན་ལ་ཡོན་གསེར་སྲང་རེ་མ་གཏོགས་སྤེལ་ན་དམ་ཚིག་ས་མ་ཡ་ཨྠྀི༔

p. 146

བཛྲ་པཱ་ཎི་ལ་ན་མོ། རྗེ་བེ་རོ་ཙ་ནའི་ལུགས་ཀྱི་ལོག་མཐུ། གློ་བུར་གྱི་ཐན་འགྱེད་རཱ་ཧུ་ལའི་གཅིག་སྒྲུབ་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་དང་འདྲ་བའི་མན་ངག་འདིའི་ལག་ལེན་དང་བཅའ་ཐབས་ལ། གནས་དབེན་པར་བཀྲ་མི་ཤིས་པའི་ས་སྣ་རྣམས་དང་། རི་སྣ་ཐུར་རྒྱུག་གཉེན་ངེས་པ་གསུམ་གྱི་ས། གནམ་ས་གྲུ་གསུམ་དོད་པའི་ས་ནས་བླངས་ལ་གཞན་ས་སྤྲིན་ལེགས་པ་དང་བསྲེས་ལ་མཎྜལ་གྲུ་བཞི་མཐོ་བཞི་པ་གཅིག་བྱས་ལ། ལྷ་ཁང་མཆོད་རྟེན་སཱཙྪ་ཞིག་པའི་ས་ལ་ར་ཁྲག་དང་བསྲེས་ལ་འདམ་པ་སྦྱིན་པོ་བྱས་ལ་གྲུ་གསུམ་མཐོ་དམའ་རྐྱང་ཁྲུ་གང་ཞེང་དུ་བསྐུམ་ཁྲུ་གང་། ནང་ཟབ་ཁྲུ་ཕྱེད། ནང་བང་རིམ་གསུམ་པ་བྱ། ཕྱི་དུར་སོལ་གྱིས་བྱུགས་ལ་ནག་པོ་བྱ། ནང་གྲི་ཁྲག་དང་ར་ཁྲག་གིས་བྱུགས་ལ་དམར་པོ་བྱ། གྲུ་གསུམ་

p. 147

ནང་དུ་རི་རབ་བང་རིམ་གསུམ་པ་གཅིག་བྱས་ལ་བཞག །དེའི་སྟེང་དུ་ལིངྒ། དེའི་སྟེང་དུ་གོང་གི་ས་སྤྱིན་ལ་བཟོས་པའི་རཱ་ཧུ་ལའི་གཟུགས་ཁྲུ་གང་ཞིག་བཅའ་ལ། ཞལ་གཅིག་ཕྱག་གཉིས་བྱ་རོག་དབུ་ཡོད་པ། ཕྱག་གཡས་པས་ཆུ་སྲིན་གྱི་ཞགས་པ། གཡོན་རྭའི་མདའ་གཞུ་བསྣམས་པ། ལུས་ལ་མིག་གིས་གང་བ། སྐུ་སྨད་སྦྲུལ་དུ་འཁྱིལ་བ་དེ་འདྲ་བ་གཅིག་བཟོས། སྟག་པའམ་ཤུག་པའམ་ཐང་བུ་གཅིག་སྐྱེས་ཀྱི་གསོམ་པ་འདི་གསུམ་མདོས་བྱང་བཞིན་རྩ་རྩེ་མ་ནོར་བར་གཞོག་ལ། ངོས་གཅིག་ལ་ཤིང་རྩེ་ཡར་བསྟན་ལ་གྲི་ཁྲག་དང་ར་ཁྲག་གིས་ལིངྒ་བྲི། ངོས་གཅིག་ལ་རང་གི་སྤྱད་ཆའམ་སེམས་ཅན་རིགས་གང་ཤོར་གྱི་གཟུགས་མགོ་ཐུར་དུ་བསྟན་པ་བྲི། གཉིས་ཀའི་མཐར་སྔགས་འབོད་རྦད་བསད་གསུམ་ཀ་གཡོན་བསྐོར་ལ། ཡི་གེ་མགོ་

p. 148

ཕྱིར་བསྟན་ལ་བྲི། མཐའ་མར་དམོད་པ་རྣམས་ཀྱིས་བསྐོར། ལྡེར་སོའི་གཡས་སུ་སྟག་པ། གཡོན་དུ་ཤུག་པ། རྒྱབ་ཏུ་ཐང་ཤིང་གཅིག་སྐྱེས་བཙུགས། སྔགས་རྣམས་མཐར་ནོར་སྲུང་ར་མདའ་ལ་བྱོན་ཛ་ཛ༔ འབོད་པ་གཡས་སུ་བསྐོར། རྗོད་པ་གཡོན་དུ་བསྐོར། དེའི་མཐའ་མར་འདོད་དོན་བྲིས་ལ། གྲུ་གསུམ་ནང་གི་བང་རིམ་ལ་ཐན་གཟུགས་སྣ་ཚོགས་ཀྱིས་བསྐོར། ཤིང་བྱང་གི་དམིགས་པའི་རྟེན་ལ་གཟབ་ཡིག་ཏྲིགཅིག་བྲི། འདི་རླུང་སྒྲུབ་ཡིན་པས་རཱ་ཧུ་ལ་མ་བཟོས་ཀྱང་ཉན་གསུངས་སོ། །གྲུ་གསུམ་གྱི་མཐའ་མ་ལ་རྩང་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས། རྩང་གི་རྩེར་ཤ་དུམ་དང་ལིས་བརྒྱན། རྩང་སྟོད་གྲི་ཁྲག་དང་ར་ཁྲག་གིས་བྱུགས། སྨད་དུ་རོ་སོལ་གྱིས་བྱུགས། གྲུ་གསུམ་སྟེང་དུ་རྐང་གསུམ་བཙུགས་ལ་རིན་པོ་ཆེའི་སྣོད་དུ་རྟེན་གཏོར་ཟུར་གསུམ་མམ་མཁར་ཐབས་གཅིག་བྱས་ལ། ར་ཤ་དང་དབང་པོ་རྣམ་ལྔས་བརྒྱན། མར་ཐུད་ཤ་ཆང་ལ་སོགས་ཀྱིས་བརྒྱན་བྱས་ནས་རྟེན་སྐུ་གཟུགས་བཙུགས། འཇུག་པ་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ་བསྟན་དགྲ་བསྒྲལ་ཞིང་ལྟས་ངན་གཏོང་ཨང་བསམས་ལ་སེམས་བསྐྱེད། མཁྱེན་དཔང་གསོལ། ཁོ་ཉེས་པའི་སྒོས་བསྒྲག་བྱ། དེ་ནས་རང་ཕྱག་ན་རྡོ་རྗེར་བསྒོམ། རྫུས་སྐྱེས་སུ་བསྐྱེད་གསུངས། ཕྱག་རྡོར་བསྙེན་པ་ཅི་འགྲུབ་ཏུ་བྱེད་མཆོད་བསྟོད་བྱས་ན་བཟང་། དེ་ནས་རཱ་ཧུ་ལའི་འགུགས་འདྲེན་ནི། ལྡེར་སོའམ་ཤིང་བྱང་རྩེའི་ཏྲིརཱཧུ་ལར་བསྐྱེད་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ནས་ཤིང་བྱང་རྩེའི་

p. 149

ཏྲིཿབསྐུལ་ནས། དེ་ལས་འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་དྲེགས་བྱེད་རཱ་ཧུ་ལས་གཙོར་བྱས་པའི་སྡེ་བརྒྱད་དྲེགས་པའི་རིགས་རྣམས་སྤྲིན་གཏིབས་པའམ་ན་བུན་རླུང་གིས་དེད་པ་ལྟར་མཎྜལ་གྲུ་གསུམ་ཟབ་པའི་ནང་དུ་བྱོན་ནས། བདག་ལ་སྲོག་སྙིང་ཕུལ་ནས་གུས་པའི་ཚུལ་དུ་ཅི་གསུངས་བཀའ་ཉན་པར་བསམས་ལ། ཐུགས་ཀ་ནས་འོད་ཟེར་དམར་ནག་འཕྲོས་པས་རཱ་ཧུ་ལ་འཁོར་སྡེ་བརྒྱད་དང་བཅས་པ་བསྐུལ་ནས། དགྲ་བོའི་མི་ནོར་འཁོར་དང་བཅས་པ་ལ་ཆོ་འཕྲུལ་ཐན་སྣ་ཚོགས་བཏང་བར་བསམས་ལ་སྔགས་འདི་བགྲང་། རཱ་ཧུ་ལ་ར་མ་ནི་ཏྲཿ འུར་འུར་ཏྲིག །ཨ་ཏྲོ་ཐར་ལིང་ཛ་ཛཿ ངའི་ཟས་ནོར་ཁྱེར་མི་ལ་འཇུས་འཇུས། ཤིང་ཀ་ར་ཀྲོག་ཀྲོག །མ་མོ་ཁོ་རང་ད་རྒྱུགས་ད་རྒྱུགས། ངའི་ཟས་ནོར་ཁྱེར་མིའི་ལུས་ལ་མེ་སྦྱོར་མེ་སྦྱོར། མུ་ཁ་ད་རས་ཡབ་ཡབ། ར་ར་ཨན་ཏྲིག་ཧྲཱིག །མྱུར་དུ་རྒྱུགས་རྒྱུགས། གིང་ཀ་ར་གིང་ཀ་རའི་ཟས་ནོར་ཁྱེར་མི་རྣམས་ལ་ཆོ་འཕྲུལ་ཐོངས་ཐོངས། འདི་སྒྲུབ་སྔགས་ཡིན་པས་དེ་ལྟར་ཞག་གསུམ་བདུན་གང་རུང་བཟླའོ། །རྟགས་འདི་དངོས་སུའམ་ཉམས་སམ་རྨི་ལམ་ལ་མི་མང་པོའི་ཤ་སྣ་དང་། མི་རོ་ཁུར་བ་དང་། སྐད་ངན་འདོན་པ། འཁུན་པ་དང་། འོད་འཁྱིལ་བ་དང་། རླུང་ཆེན་འཚུབ་པ་དང་། སྦྲུལ་འཁྱིལ་བ་དང་། འཆར་བ་དང་། འདེག་པ། ཁང་པ་འཚག་པ་དང་། རང་ཐག་འཁོར་བ་དང་། བྲང་

p. 150

འུ་རུ་རུ་བརྡུང་བ་དང་། རྐན་སྒྲ་ཆེན་པོ་འདེབས་པ་དང་། སྤྱད་པ་གང་ཤོར་ལ་མེ་འབར་བ་དང་། སྔགས་པ་འདི་ཞེས་བྱ་བས་ཁྱོད་ཀྱི་རྩ་ན་སྤྱད་ཅིག་བླངས་པ་ལ་མངག་པ་ཡིན་ཟེར་བ་དང་། སེམས་ཅན་མི་སྐད་སྨྲ་བ་དང་། དེ་ལ་སོགས་ཤིང་བྱང་ལ་སྦྲུལ་དང་བྲ་བྱི་སོགས་ཆོ་འཕྲུལ་སྣ་ཚོགས་བྱུང་ཡང་སྐྲག་མི་དགོས། རྟགས་འགྱང་ནི་བར་བར་ཐན་སྐུལ་བྱེད། རི་གསུར་རྒྱུན་དུ་བྱས་ལ་སྔགས་འདི་བཟླ། རཱ་ཧུ་ལ་རྦ་ཛཁུག་ཛ་ཛཿ ཞེས་ཤམ་བུར་བཏགས་སོ། །འདིའང་བཏགས་སོ། །ཆོ་འཕྲུལ་འུར་འུར། ཆོ་འཕྲུལ་ཅི་བྱུང་ཡང་སེམས་ཀྱིས་ཐུབ་པར་གྱིས། སྐབས་སྐབས་སུ་ཐུན་གཏོར་བཏང་བ་ནི། གཏོར་མ་ཡིག་འབྲུ་གསུམ་དང་། ཨ་ཀཱ་རོས་བྱིན་གྱིས་ཟློབརླབས་ལ། ཨོཾ་བྷིཥྛ་ལ་རིག་འགྲིག །འཛམ་བུ་ལ་རག་ཧྲཱིང་། ཛཾ་བུ་ལ་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨོཾ་ཡོ་གི་ཤྭ་རི་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨོཾ་པི་ཏྲི་ས་ལ་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨོཾ་ཙི་ཏྲི་པ་ལ་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨོཾ་བཛྲ་རེ་མ་ཊི་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨོཾ་བཛྲ་རེ་མ་ཛམཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཨོཾ་བཛྲ་རེ་མ་ཛུ་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁཱ་རཾ་ཁཱ་ཧི། ཧཱུྃ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །སྐུ་མདོག་དུད་ཁ་འཇིགས་པ་ལ། །དབུ་དགུ་ཞལ་

p. 151

གདངས་མཆེ་བ་གཙིགས། །བྱ་རོག་མགོ་ཡི་དབུ་བརྙན་ཅན། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །མགོ་ལུས་མེད་པར་མིག་གིས་གང་། །གཡས་ན་ཆུ་སྲིན་ཞགས་པ་བསྣམས། །དམ་ཉམས་དགྲ་བོ་བཅིངས་ཤིང་བསྡམས། །གཡོན་ན་རྭ་ཡི་མདའ་གཞུ་བསྣམས། །དགྲ་བོའི་སྙིང་གི་དཀྱིལ་དུ་གཟིར། །སྤྲིན་དང་ན་བུན་དབུས་ན་བཞུགས། །གླིང་བཞི་ཡུད་ཙམ་ཞིག་གིས་བསྐོར། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བཀའ་འཁོར་གཟའ་རྒོད་རྣམས་ཀྱིས་བསྐོར། །མིག་དམར་སྤེན་པ་ཕུར་བུ་ལག །པི་ཏྲི་པ་ཏྲ་ཉི་ཟླ་ལྗང་། །སྔོ་ལྗང་ལ་སོགས་བརྒྱད་ཀྱིས་བསྐོར། །རང་རང་སྤྲུལ་པའི་ཚོགས་དང་བཅས། །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་རྣམས། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །དམ་རྫ་ས་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམ་ཉམས་དགྲ་བོ་འཁོར་བཅས་ལ། །ལྟས་ངན་སྣ་ཚོགས་མྱུར་དུ་ཐོངས། །གཞན་ཡང་དམོད་མོ་གང་ཤེས་བརྗོད། །དེ་ནི་བསྙེན་པའི་རིམ་པའོ། །དེ་ནས་དམ་ལ་བཞག་པ་ནི། །རང་ཉིད་ཡི་དམ་དུ་བསྒོམས་ལ། རང་གི་སྙིང་གར་ཕྱག་ན་རྡོ་

p. 152

རྗེ་ཚོན་གང་བ་གཅིག་བསྒོམ། དེའི་སྤྱི་བོར་རྟ་མགྲིན་གཅིག་བསྒོམ་ལ། དེ་ནས་མདུན་བསྐྱེད་རཱ་ཧུ་ལ་གོང་བཞིན་བསྐྱེད་ལ་འགུགས་གཞུག་བྱེད། རང་གི་སྙིང་གི་དབུས་ཀྱི་ཕྱག་ན་རྡོ་རྗེ་རྟ་མགྲིན་དང་བཅས་པ་ཁོའི་སྟེང་དུ་བསམ་མོ། །དེ་ནས་ཁོས་མ་བཟོད་ནས་ཁྱོད་ཀྱི་གང་འདོད་ངས་སྒྲུབ། འཁོར་སྲུང་རྐྱེན་ཟློག་ངས་བྱེད། ཅེས་དམ་བཅས་པར་བསམ། དེ་ནི་དམ་ལ་བཞག་པའོ། །དེ་ལྟར་ཆོ་འཕྲུལ་དང་རྟགས་རྣམས་རྫོགས་ནས། དགྲ་ལ་ཟད་པ་འདི་ལྟར་བྱ། རཱ་ཧུ་ལའི་གཟུགས་ཤིང་བྱང་གཟུགས་འགྲོས་ཐུན་ཆུང་དང་བཅས་པ་ཁ་ཕར་གཡོན་བསྐོར་དུ་ཕྱིར་བསྒྱུར་ལ། གཏོར་མའི་གཡོན་ཟུར་ཡང་ཕྱིར་བལྟ་བར་བྱས་ལ། ལིངྒ་ཡང་ཁ་ཐུར་དུ་སྦུབ། དེའི་དམིགས་པ་ནི། གཙོ་བོ་མིག་དམར་ལ་སོགས་པའི་གཟའ་ཆེན་བརྒྱད་ཀྱིས་བསྐོར་བ་ལ། ཡང་འཁོར་ལྷ་སྲིན་སྡེ་བརྒྱད་དང་། འཇིག་རྟེན་གྱི་དྲེགས་བྱེད་སྙིང་རྗེ་མེད་པ་ཁྲོ་གཏུམ་ཆེ་བ། སྐད་ཅིག་ཙམ་གྱིས་འགྲོ་བ་ཐམས་ཅད་ཀྱི་སྲོག་དབུགས་ལེན་པ། དམ་ཅན་གྱི་དམག་ཚོགས་བསམ་གྱིས་མི་ཁྱབ་པ་རེ་རེའི་སྤྲུལ་པ་ཡང་སྤྲུལ་གྱི་ཐན་གཟུགས་བསམ་གྱིས་མི་ཁྱབ་པ་སྤྲིན་གཏིབས་པ་ལྟ་བུའམ། ཚར་ཆེན་པོ་བཞིན་ཁོའི་སྟེང་དུ་བབ་པར་བསམ། དེ་ནས་རང་ཉིད་ཡི་དམ་བསྒོམ། སྙིང་གའི་ལྷ་གཅིག་བརྩེགས་

p. 153

དང་བཅས་པ་བསྒོམས་ལ། འོད་ཟེར་འཕྲོས་པས་རཱ་ཧུ་ལས་གཙོར་བྱས་པའི་འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་ལ་ཕོག་པས། དེ་དག་ཐམས་ཅད་རབ་ཏུ་། ཁྲོས། དགྲ་བོའི་ཡུལ་དུ་སྡེ་བརྒྱད་ཀྱི་དམག་དྲངས་པར་བསམས་ལ། སྔགས་འདི་བཏགས་ལ་ཐུན་རྫས་གྱིས་བྲབ་པ་ནི། རྒྱ་ཐང་ཕྲོམ་ཁྱི་ནག་དང་གཅན་གཟན་ཁྲག །ར་ནག་དང་རྟ་ནག་ཁྲག །རྡོ་དཀར་ནག །ཐོག་རྡོ་ལ་སོགས་ཐུན་རྫས་སྣ་ཚོགས་བསགས། དེ་ནས་བསྙེན་སྔགས་ཀྱི་ཤམ་བུར་འདི་བཏགས་ལ་ཐུན་གྱིས་བྲབ། ཨོཾ་ཨེ་ཀ་ར་ར་ཡ་ཡ། །ཧྲང་ཧྲང་། ཧྲཱིང་ཧྲཱིང་། ཧཱུྃ་ཧཱུྃ། རྒྱུག་རྒྱུག །སྲིང་སྲིང་། ཐུ་བྷཾ། ཡ་ཡ། ཁས་ཁས། ཕོབ་ཕོབ། ཅེས་ཟད་སྔགས་ཐན་གྱིས་བྲབ་ལ་བཞག །བཞག་ཁ་དམོད་མོ་སྣ་ཚོགས་བྱའོ། །རང་གི་ཐུགས་ཀ་ནས་མཚོན་ཆའི་ཆར་ཕབ་པར་བསམས་ལ། ཐུན་གྱིས་གཟུགས་ལ་བྲབ་ལ་དམིགས་པ་གོང་བཞིན་དུ་བྱའོ། །དེའི་དུས་སུ་རཱ་ཧུ་ལའི་སྟེང་གི་ལྷ་རང་ལ་བསྡུའོ། །འདིའི་དུས་དུ་གཟའ་ལྡོག་བརྩི་ལ་རྒྱུ་དུས་ཟོར་འཕང་ཞིང་བཞེས་འབོད་དང་། དམོད་མོ་གང་ཤེས་བྱའོ། །དམིགས་པ་གོང་དང་འདྲ་། དེ་ནས་བསྟོད་བསྐུལ་ནི། བྷྱོ༔ སྲིན་པོ་ཡཀྵ་གློག་ཕྲེང་དང་། །ཀླུ་མོ་སྦལ་མགོ་ཁྲག་མིག་མ། །དེ་གཉིས་རོལ་པ་སྤྲུལ་པའི་སྲས། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །

p. 154

འཇིགས་བྱེད་ཆེན་པོ་སྤྲུལ་པའི་སྐུ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་གང་། །གཡས་ན་ཆུ་སྲིན་ཞགས་པ་བསྣམས། །གཡོན་ན་རྭ་ཡི་མདའ་གཞུ་གསོར། །རི་རབ་རྩེ་ན་གནས་པའི་ཚེ། །ཉི་མ་ཟླ་བ་ཁོང་དུ་མིད། །བར་སྣང་ཁམས་ན་གནས་པའི་ཚེ། །འཇིག་རྟེན་ཁམས་ཀུན་སྐྲག་ཅིང་ཟློག །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །ལྷ་སྲིན་སྡེ་བརྒྱད་དམག་དཔོན་བྱེད། །འཇིགས་བྱེད་དེ་ནི་མི་བཟད་པ། །གཟི་མདངས་གློག་འཁྱུགས་ལམས་སེ་ལམ། །ང་རོ་འབྲུག་སྒྲ་ཆེམས་སེ་ཆེམ། སྤྱན་ནས་ཁྲག་གི་བུ་ཡུག་འཚུབ། །ཤངས་ནས་རླུང་དམར་འཚུབ་མ་ལྡང་། །ཞལ་ནས་གནམ་ལྕགས་སེར་བ་འབེབས། །འཇིག་རྟེན་འགྲོ་བ་མི་ཡི་ཡུལ། །ཐོག་དང་སེར་བའི་་བསྐལ་པ་དང་། །ནད་ཀྱི་ཀིང་ཀང་དྲག་པོ་རྣམས། །བསྟན་པ་བཤིགས་པའི་དགྲ་ལ་ཕོབ། །གཟའ་བདུད་ཆེན་པོའི་དུས་ལ་བབ། །འཇིགས་བྱེད་ཆེན་པོའི་དུས་ལ་བབ། །དམག་དཔོན་ཆེན་པོའི་དུས་ལ་བབ། །རཱ་ཧུ་ལ་ཡི་དུས་ལ་བབ། །རྭ་ཙ་ཀ་ཡི་དུས་ལ་བབ། །རོག་ཏི་ནག་པོའི་དུས་ལ་བབ། །དུ་བ་འཇུག་རིང་དུས་ལ་བབ། །ཁྲོམ་གྱི་

p. 155

གཟའ་བརྒྱད་དུས་ལ་བབ། །སྒྲ་གཅན་འཛིན་གྱི་དུས་ལ་བབ། །དགྲ་སྲོག་གཅོད་པའི་དུས་ལ་བབ། །དགྲ་ཤ་ཟ་བའི་དུས་ལ་བབ། །དགྲ་ཁྲག་འཐུང་བའི་དུས་ལ་བབ། །བརྣག་པའི་དགྲ་བོ་མྱུར་དུ་སྒྲོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནི་ཟད་ཅིང་བསྟོད་པའོ། །ར་གསུར་བཅད། དེ་ནས་རྟགས་ནི། དམག་ལ་འགྲོ་དང་ཛག་ལ་ཆས། །རྟ་དང་རྒྱ་ཡི་གོ་ཁྲབ་ཅན། །རྒྱུགས་ལ་སྐྱས་དང་ཐལ་བ་དང་། །བཙུན་པ་དགེ་བཤེས་དཔོན་ཆེན་རྣམས། །འགྲོ་དང་ལས་ལ་ཆས་པ་དང་། །ཁྱི་དང་གཅན་གཟན་ལ་སོགས་འགྱེད། །རྔོན་པ་བྱ་ཁྲ་ལ་སོགས་པ། །གཅན་གཟན་དངོས་སུ་ཚུར་འོང་དང་། །ཐ་མ་རྨི་ལམ་དག་ལ་འོང་། །དེ་སོགས་རྟགས་ཉམས་བྱུང་བ་དང་། །དེ་ཚེ་དགྲ་ལ་རྟགས་ཀྱི་རིམ། །སྔགས་པ་འདི་ཞེས་བྱ་བ་ཡིས། །ཁྱོད་ཀྱི་རྩ་ན་འདི་ཞེས་པའི། །ནོར་སྤྱད་ར་མདའ་འོང་ཞེས་སོགས། །གཞན་ཡང་ནོར་རྫས་མེ་འབར་དང་། །ལྟས་ངན་མི་རུངས་སྣ་ཚོགས་འོང་། །བསད་མི་འདོད་ན་དེ་ཙམ་ཞིག་གིས་ཆོག །དེ་ནས་མནན་པ་བསྐྱལ་རན་པ་དང་། དགྲ་བོའི་ཕྱོགས་སུ་གཟའ་ཤིང་ལ་སྤྲུལ་ནས་རྒྱུ་བའི་དུས། ཕྱི་དྲོའི་དུས་སུ་མཆོད་གཏོར་རཱ་ཧུ་ལ་འཁོར་དང་བཅས་པ་ལ་འབུལ། གསེར་སྐྱེམས་མཁྱེན་གསོལ་བྱས་ལ། བྱང་ལིང་བཞར་ལ་སྲེག །ཐལ་བ་ཐན་གཟུགས་ཐུན་ཁུང་དང་བཅས་པ་བཟུང་། འགྲོ་བའི་དུས་སུ་རང་གི་སྔོན་དུ་རཱ་ཧུ་ལ་ལ་ལྷ་

p. 156

འདྲེའི་དམག་ཚོགས་གང་བཙན་ཆས་པར་བསམས་ལ། རང་ཡང་དེའི་རྗེས་ལ་ཡི་དམ་ཆོས་སྐྱོང་དམག་དཔུང་དང་བཅས་པ་དགྲ་བོའི་ཡུལ་དུ་ཐན་སྣ་ཚོགས་དེ་ནས་བསྐྱལ་བར་བསམ། རོལ་མོ་སྙན་པོས་བསྟོད་དོ། །རྦད་བསད་སྔགས་འདོན་ལ་སྒྲུབ་ཁང་གི་སྒོ་ཐེམ་རྒྱབ། སྒྲུབ་ཁང་མི་མཐོང་བའི་སར་འགྲོ་ལ་འདིར་བཞག་བསམ་པ་དར་ཐོག་གཅིག་བརྩིགས། དེ་ནས་གོམ་པ་གསུམ་སར་བཞག །ཡང་གསེར་སྐྱེམས་བྱ། ལམ་ཕྱེ་དམོད་བཅོལ་བྱ། རོལ་མོ་སྣ་ཚོགས་འུར་བརྡུང་བྱ། མནན་པའི་མཆོད་རྟེན། ལྷ་ཁང་ལམ་རྒྱ་གྲམ། ས་གཉན། ཤིང་གཉན་རྩ་བ། ཡང་ན་སྒྲུབ་ཁང་གི་སྒོ་ཐེམ་རྒྱབ་ཏུ་མནན། གཟའ་རྒྱུ་དུས་དང་ཐེབས་དུས་ལ་བྱའོ། །སློབ་དཔོན་བཻ་རོ་ཙ་ནའི་མན་ངག་མུ་སྟེགས་ལོག་མཐུ་ནས་བྱུང་བའི་འདོན་འགྲིགས་དང་གསལ་ཆ་འདི་རཱ་ག་ཨ་སྱས་སྦྱར་བའོ། །གཞན་ལ་ཡོན་གསེར་སྲང་རེ་མ་གཏོགས་སྤེལ་ན་དམ་ཚིག་ས་མ་ཡ་ཤྲཱི། འདི་བྲིས་དགེ་བས་བསྟན་དགྲ་དམ་ཉམས་མ་ལུས་བསྒྲལ་བས་བཀྲ་ཤིས་ཤོག། ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

གཉན་ཆེན་ཐོང་ལྷའི་སྒྲུབ་ཐབས།

p. 157

གཉན་ཆེན་ཐོང་ལྷའི་སྒྲུབ་ཐབས་བཞུགས་པའི་དབུ་ཕྱོགས་སོ༔

p. 158

ན་མོ་པདྨ་བཛྲ་ཡེ༔ གཉན་ཆེན་ཐང་ལྷ་སྒྲུབ་པ་ནི༔ རས་དཀར་པོ་དྲི་མ་མེད་པ་ལ༔ དྲི་ཞིམ་སྨན་གྱིས་བྱུགས་ལ་དཀྱིལ་འཁོར་བྲི༔ དེ་སྟེང་དཀར་གསུམ་སྦྱར་བའི་གཏོར་མ་བཤམས༔ རང་གི་མདུན་དུ་ཐང་ལྷ་སྐུ་མདོག་དཀར་པོ་རྟ་ངང་དཀར་ལ་ཆིབས་པ༔ སྐུ་ལ་བེར་དཀར་ལྷུབ་གྱོན་བྱས་པ༔ དབུ་སྐྲ་རལ་པའི་སྟེང་ན་རིན་པོ་ཆེ་དང་རྡོ་རྗེ་ཕྱེད་པས་བརྒྱན་པ༔ གཡས་སྦ་ལྕག་དང་གཡོན་ཤེལ་ཕྲེང་འདྲེན་པ༔ འཁོར་སྣང་སྲིད་ཀྱི་ལྷ་འདྲེས་བསྐོར་བར་གྱུར༔ སྤྱན་འདྲེན་ནི༔ ཀྱཻ༔ དེ་ལྟར་དམ་ཚིག་གསལ་བའི་གནས་གསུམ་ལས༔ འོད་འཕྲོས་སྟོང་གསལ་ཆོས་དབྱིངས་ཆེན་པོ་ནས༔ ལྷུན་

p. 159

གྲུབ་འཇའ་གུར་འཁྱིལ་བའི་སྒྱུ་འཕྲུལ་གར༔ སྣང་སྲིད་དྲེགས་པ་ལྷ་སྲིན་དབང་ཕྱུག་གཙོ༔ མཐུ་ལྡན་དགྲ་བགེགས་ཡོངས་ཀྱི་གཤེད་མ་རུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ མངའ་གསོལ་དམ་ལ་བཏགས་པའི་དགེ་བསྙེན་ཁྱོད༔ གཉན་ཆེན་ཐང་ལྷ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཀྱི་རྒྱ་མ་ཆུང་༔ སེང་གེ་གླང་ཆེན་ཁྲི་བཤམས་འཕང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བརྟེན་ཅིང་རྒྱང་མ་རིང་༔ འཇིག་རྟེན་སྲུང་མ་བསྒྲུབ་ཅིང་མཐུ་མ་ཆུང་༔ སེམས་དཔའ་ནམ་

p. 160

མཁའི་སྙིང་པོའི་སྤྲུལ་པ་སྟེ༔ རྡོ་རྗེ་དབྱིངས་ཕྱུག་འབར་བ་གཤེགས་སུ་གསོལ༔ དམ་ཅན་ཤེལ་གིང་རྡོ་རྗེ་མཆོག་རབ་རྩལ༔ གནམ་ལྷ་བྱང་ཆུབ་སེམས་དཔའ་གནམ་ཐིལ་དཀར༔ ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན༔ དྲི་ཟ་ཟུར་ཕུད་ལྔ་པ་གཤེགས་སུ་གསོལ༔ ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་མགུར་ལྷའི་གཙོ༔ ཀླུ་ཡི་རྒྱལ་པོ་མེ་ལོང་ཐོད་དཀར་ཞེས༔ སྨྱོ་འདྲེ་རྒྱལ་འགོང་འདུལ་བའི་གཉན་པོ་སྟེ༔ དམ་ཉམས་རྣམས་ཀྱི་སྲོག་བདུད་གཤེད་མ་ཆེ༔ གྲིབ་གནོན་མ་རབ་རྣམས་ཀྱི་གཉའ་གནོན་པོ༔ སྨྱོ་འདྲེ་རྒྱལ་བློའགོང་མངོན་སུམ་འདུལ་བའི་ལྷ༔ གཉན་ཆེན་ཐང་ལྷ་གནས་འདིར་མྱུར་དུ་བྱོན༔ རྡོ་རྗེ་འབར་བ་རྩལ་ས་མ་ཡ་ཛ་ཛ༔ དེ་ནས་རྟེན་རྫས་ལ་ཕོ་བྲང་གསལ་གདབ་ཅིང་བཞུགས་སུ་གསོལ་བ་ནི༔ ཀྱཻ༔ འོད་གསལ་ཆོས་དབྱིངས་ནམ་མཁའ་ཡངས་པའི་ཁམས༔ ལྷུན་གྲུབ་སྐུ་གསུམ་ཞིང་གི་མཛེས་པའི་དཔྱིད༔ མདུན་དུ་སྤང་ལྗོངས་གངས་རིའི་འཁོར་ཡུག་དབུས༔ གཞི་བདག་ཆེན་པོ་གཉན་ཆེན་ཐང་ལྷ་ནི༔ སྲིད་པར་སྤྲིན་བཅུད་འཁོར་ལོ་གདུགས་རྩིབས་པའི༔ བ་གམ་བཀོད་རབ་འབར་བ་རྡོ་རྗེའི་གཞི༔ རྙོག་བྲལ་དྭངས་མའི་ཆུ་ཤེལ་མདངས་

p. 161

འཚེར་བའི༔ ལྟ་ན་སྡུག་པའི་ཕོ་བྲང་གཞལ་མེད་འདིར༔ ཕྱི་ནང་ཟག་བྲལ་ལྷུན་འབྱམས་དག་པའི་ཞིང་༔ རྒྱལ་བ་ཀུན་གྱི་བཀོད་མཛེས་གཞལ་ཡས་ཀྱི༔ ངོ་མཚར་ཆེན་པོ་ལྷུན་གྱིས་གྲུབ་པའི་དབུས༔ དར་ཟབ་རིན་ཆེན་པདྨ་ཉི་ཟླ་དང་༔ ནོར་བུ་བ་གམ་བརྩེགས་པའི་ཁྲི་ཆེན་པོར༔ འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ བཛྲ་འབར་བ་རྩལ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཧཱུྃ༔ ཕྱི་ལྟར་དགེ་བསྙེན་ནང་ལྟར་ཀླུ་བཙན་དང་༔ གསང་བ་སྲིད་པའི་ལྷ་ཆེན་ཁྱོད་ཀྱི་སྐུ༔ སྣང་སྟོང་རྒྱུ་མ་མཛེས་སྡུག་ལྷུན་ཆགས་པའི༔ དར་དང་རིན་ཆེན་ལྷབ་ལྷུབ་གོས་བཟང་ཅན༔ དབུ་ལ་རིན་ཆེན་འབར་བའི་སྲོག་ཞུ་དང་༔ སྙན་རྒྱན་ནོར་བུ་ཏོག་གི་གཟི་འབར་ཞིང་༔ ཕྱག་གཡས་སྦ་ལྕག་གཡོན་པས་བ་དན་ཕྱར༔ རིན་ཆེན་ཁྲི་ལ་འཇའ་འོད་སྤོས་སྤྲིན་ཀློང་༔ སྣང་སྲིད་ཕྱི་ནང་གསང་བ་དེ་ཁོ་ནའི༔ གང་འདུལ་ཕྲིན་ལས་བསྒྱུར་མཛད་ཕྱག་མཚན་དང་༔ གསང་གསུམ་སྤྲུལ་པ་མི་བཟད་ནམ་མཁའི་རྒྱན༔ ཐབས་མཁས་ཐུགས་རྗེས་འགྲོ་འདུལ་ཆ་ལུགས་ཅན༔ བསིལ་ལྡན་འཁོར་ཡུག་ཨ་ཏི་སྒྲུབ་བརྒྱུད་ཀྱི༔ མི་ནུབ་བསྟན་པའི་ལང་ཚོ་

p. 162

སྤེལ་ཕྱག་འཚལ༔ བཛྲ་འབར་བ་རྩལ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དམ་བཞག་ནི༔ ཧཱུྃ༔ རྡོ་རྗེ་འབར་བ་རྩལ༔ དམ་ཅན་ཀུན་གྱི་ལྷ༔ དམ་མེད་ཀུན་གྱི་གཤེད༔ མནའ་ཟན་ཀུན་གྱི་བདུད༔ རྣལ་འབྱོར་བདག་གི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ ཕྲིན་ལས་སྐལ་ཕོག་པ༔ སྨྱོ་བའི་འདྲེ་འདུལ་ཞིང་༔ སྡང་བའི་དགྲ་སྲོག་ཆོད༔ མགྱོགས་སུ་རྟ་སྟོད་ཀྱི༔ རྨིག་ཐོག་ཟོར་མ་ལྗི༔ རྣོ་རུ་མཚོན་བརྡར་ཞིང་༔ རྩེ་མོ་དབལ་མ་ཞན༔ ཅི་དང་དོ་བསྡོ་ན༔ དོ་ཐག་ཆད་ད་རེ༔ མགྱོགས་སུ་ཀྱུས་མགྱོགས་ན༔ དཀྱུས་ཐོག་ཤོ་ར་རེ༔ སྡང་དགྲའི་ཁྱེར་ར་རེ༔ བྱམས་ཀྱིས་སྐྱོངས་ར་རེ༔ དུས་ལ་བབ་བོ་སཱ་མ་ཡཱ༔ དམ་ཚིག་རྗེས་སུ་དྲན་པར་གྱིས༔ ལས་ལ་བབ་བོ་བགེགས་ཀྱི་རྒྱལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་དམ་ལ་བཏགས་པའི་དམ་ཚིག་ཅན་ད་ལྟ་ཅི་མནོའི་ལས་རྣམས་ཉོན༔ ཕྱི་རབས་བསྟན་པའི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ རྗེས་སུ་འཇུག་

p. 163

པའི་སྔགས་འཆང་དང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་བརྒྱུད་ཆགས་པའི་གདུང་རྒྱུད་རྣམས༔ མངའ་ཐང་དགུང་ལ་རེག་པ་དང་༔ དམའ་བ་བུ་བཞིན་སྐྱོང་བར་གྱིས༔ བོད་ཁམས་ཐམས་ཅད་ཆོས་བཞིན་སྐྱོངས༔ བདག་གི་མཆོད་ཁང་དཀོར་བཞིན་སྲུངས༔ བསྐལ་པ་ཐ་མར་བདག་ཅག་རྣམས༔ ཁྱོད་ཀྱིས་སྲུང་སྐྱོབ་མི་བྱེད་ན༔ དང་པོ་བྱང་ལམ་བར་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་བ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ ཐ་མ་རི་རྒྱལ་བཀྲག་བཟང་གི༔ རྩེ་མོར་ལྷ་སྲིན་ཀུན་བསགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ དམ་ཚིག་ཕོག་པ་མི་དྲན་ནམ༔ སྨྱོ་འདྲེ་རྒྱལ་འགོང་གཉན་པོ་རུ༔ རང་གི་ཞལ་བཞེས་མི་དྲན་ནམ༔ བདག་ཅག་འཁོར་དང་བཅས་པ་ཡི༔ ལྷ་ཁྱོད་མཆོད་ཅིང་བརྟེན་ལགས་ཀྱིས༔ གནོད་བྱེད་སྨྱོ་འདྲེ་རྒྱལ་འགོང་རྣམས༔ བསྐད་གཟིར་ཚར་གཅོད་ལས་མཛོད་ཅིག༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཛ་ཛ༔ ས་མ་ཡ་ཧཱུྃ་ཕཊ༔ རྡོ་རྗེ་འབར་བ་རྩལ་ཨ་ཛ་ཛ༔ དེ་ནས་མཆོད་པ་ནི༔

p. 164

ཨོཾ༔ ཕྱི་མཆོད་ནམ་མཁའི་སྣོད་དུ་སྲིད་གསུམ་བཤམས༔ ཨཱཿ ནང་མཆོད་ཐབས་ཤེས་དྭངས་མ་འཁོར་འདས་བསྟིམ༔ ཧཱུྃ༔ གསང་མཆོད་བདེ་སྟོང་སྦུབས་སུ་འཇའ་གུར་། སྦ༔ མ་ལུས་ཞེན་འཛིན་དག་པའི་རྫོགས་པ་ཆེ༔ འཁོར་གསུམ་དམིགས་མཐའ་བྲལ་བའི་མཆོད་པ་འབུལ༔ ཀྱཻ༔ གནས་སྐབས་ལྷ་ཆེན་བརྟེན་པའི་བླ་རྡོ་དང་༔ སྲིད་པ་ཡིད་འོང་འདུས་པའི་སྤྱན་གཟིགས་སོགས༔ ནོར་བུ་རིན་ཆེན་རྒྱན་མཆོག་དྲི་གཡེར་གླིང་༔ གསང་བའི་ལྷ་དར་དཀར་པོ་བདུག་སྤོས་ཀྱི༔ རིལ་སྦལ་གཏོར་མཆོད་མདོས་སྟན་སྨན་དཀར་དང་༔ དཀར་མངར་རོ་བརྒྱའི་མཆོད་སྤྲིན་འདིར་བཤམས་པ༔ སྤོས་དཀར་རོལ་མོ་གདུང་བའི་དབྱངས་སྙན་གྱིས༔ གསོལ་ལོ་མཆོད་དོ་ཐང་ལྷ་གཉན་པོ་མཆོད་སྔོན་ཚེ་རྡོ་རྗེ་འཆང་ཆེན་གསང་བའི་བདག༔ རིག་འཛིན་པདྨའི་སྤྱན་སྔར་དམ་མནོས་བཞིན༔ ཞི་བའི་མགོན་མཛད་རྒྱས་པའི་སྟོབས་འབྱོར་སྤེལ༔ དབང་གི་སྲིད་གསུམ་ཁ་ལོ་ཆོས་སུ་བསྒྱུར༔ དྲག་པོའི་རྒྱལ་འགོང་མིང་ཙམ་མཐར་བསྐད་ནས༔ འོད་གསལ་སྙིང་པོ་བཀའ་གཏེར་ཟུང་འཇུག་པ༔ པདྨའི་བཀའ་དང་རིག་འཛིན་སྲོག་བཅུད་མཐིལ༔ ཌཱ་

p. 165

ཀིའི་ཐུགས་བཅུད་ཆོས་དབྱིངས་བླ་རྡོ་འདི༔ ཉི་འོག་ཆོས་དབྱིངས་འཁོར་ལོ་ཁྱབ་པར་སྤེལ༔ སྐལ་མེད་ལོག་ལྟ་བསྟན་བཤིག་བསྟན་འཇོམས་པ༔ བསྟན་དགྲའི་རྒྱལ་འགོང་དམ་སྲིའི་སྙིང་ཁྲག་རོལ༔ ཕྱག་རྫོགས་བདག་པོ་བསྟན་འཛིན་སྐྱེས་མཆོག་རྣམས༔ སྲིད་ཞི་བདེ་སྐྱིད་ལང་ཚོ་སྟོབས་འབར་ཞིང་༔ མཆོག་གི་སྲིད་རྩེར་འོད་ཕུང་འཇའ་ཟེར་གྱིས༔ ཟག་བཅས་དྭངས་མ་སྨིན་པར་ལྷ་ཆོས་མཛོད༔ ཨོཾ༔ དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག༔ སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི༔ མཚོ་སྨན་ཕྱུག་མོར་བཅས་པས་གཏོར་མ་བཞེས༔ བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་༔ བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན༔ གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང་༔ ཐམས་ཅད་བདེ་གར་སྤྱོད་པའི་བཀྲ་ཤིས་སྩོལ༔ ཨོཾ་ཨཱམ་ནུ་ཥ་ནཱ་ག་ར་ཛ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ བཛྲ་འབར་བ་རྩ་ལ་ཨརྒྷཾ་པཱདྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུྃ་མ་ཧཱ་པཉྩརཀྟ་ཚྭ་ས་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ནས་མཆོད་

p. 166

རྗེས་བསྟོད་པ་ནི༔ ཧཱུྃ༔ སྐུ་ལྷའི་ཡབ་སྨོས་པ༔ འོ་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ སྐུ་ལྷ་ཉིད་སྨོས་པ༔ ཡར་བཞུད་གཉན་གྱི་ལྷ༔ བཞུགས་ཡུལ་མཚན་གསོལ་བ༔ འདམ་ཤོད་སྣར་མོ་ལགས༔ ཁྲི་རྒོད་གཡུ་ལྗང་འཁྲིལ༔ དབྱར་སྔོ་དགུན་ཡང་སྔོ༔ བཞུགས་ཡུལ་ཉམས་རེ་དགའ༔ དགྱེས་སོ་ལྷ་ཡི་ཡུལ༔ མི་ཆོས་མཚན་གསོལ་བ༔ ཐང་ལྷ་ཡར་བཞུད་ལ༔ ལྷ་ཆོས་མཚན་གསོལ་བ༔ དྲི་ཟའི་རྒྱལ་པོ་ནི༔ ཟུར་ཕུད་ལྔ་པ་ལ༔ གསང་བའི་མཚན་གསོལ་བ། རྗེ་འབར་བ་རྩལ༔ སྐུ་ལ་ཅི་གསོལ་བ༔ དར་དཀར་རལ་ག་གསོལ༔ ཆིབས་སུ་ཅི་ཆིབས་ན༔ ལྷ་རྟ་ངང་དཀར་ཆིབས༔ ཁམས་གསུམ་ཀུན་ཏུ་རྒྱུགས༔ མདོག་དཀར་འོད་ཟེར་འབར༔ གཡས་པས་སྦ་ལྕག་ཕྱིར༔ མ་བདུན་ལས་ལ་འགྱེད༔ གཡོན་ན་ཤེལ་འཕྲེང་འདྲེན༔ ཐུགས་དམ་དབྱིངས་སུ་ཟློས༔ སྤྲུལ་པ་ཅི་འགྱེད་ན༔ ལྷ་དམག་འབུམ་སྡེ་འགྱེད༔ བྲན་གཡོག་འཁོར་དང་བཅས༔ གུས་པས་མཆོད་ཅིང་བསྟོད༔ བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་

p. 167

སྔགས་འཆང་ཡིན༔ ཁྱེད་ནི་གཉན་ཆེན་ཐང་ལྷ་ཡིན༔ ཡུལ་ནི་གངས་ཅན་བོད་ཡུལ་ཡིན༔ བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐེབ༔ ཐུགས་རྗེའི་ཆར་ལྟར་ཤ་ར་ར༔ དམ་ཚིག་མདངས་ལྡན་ཡ་ལ་ལ༔ ཐང་ལྷ་གཉན་པོ་ཡུམ་དང་བཅས༔ སྐུ་ལྷ་གཉན་པོ་འཁོར་བཅས་ལ༔ བརྗིད་ལྡན་བཟང་རིང་བཤོས་ཀྱིས་མཆོད༔ གངས་ཆུ་གཡའ་ཆུ་གཙང་མས་མཆོད༔ དྲི་ཞིམ་སྤོས་དཀར་དུད་པས་མཆོད༔ གསེར་དངུལ་རིན་ཆེན་སྣ་ལྔས་མཆོད༔ སྔོན་ཆ་དར་དང་ཟ་འོག་མཆོད༔ གཙང་ལུག་འབྲས་དཀར་གཙང་མས་མཆོད༔ ལྷ་ཆེན་པོ་ཐང་ལྷ་ལ་གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ རྡོ་རྗེ་འབར་བ་རྩལ་ལ་གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ རྡོ་རྗེ་མཆོག་རབ་རྩལ་ལ་གསོལ་ལོ༔ མཆོད་དོ་མངའ་གསོལ་ལོ༔ དྲི་ཟ་ཟུར་ཕུད་ལྔ་པ་ལ་གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ ཡུམ་བརྒྱ་བྱིན་སྲས་མོ་ལ་གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ སྲས་ཐང་སྲས་འཕྱོ་བ་ལ་གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ གཅུང་པོ་ཐང་འབྲི་ངུར་པོ་ལ་གསོལ་ལོ་མཆོད་དོ་མངའ་གསོལ་ལོ༔ འཁོར་དང་སྤྲུལ་པར་བཅས་པ་ལ་གསོལ་ལོ་མཆོད་དོ་མངའ་

p. 168

གསོལ་ལོ༔ བེ་དཀར་རྒྱལ་འགོང་དམ་སྲིའི་གནོད་པ་ཐམས་ཅད་ཞི་བ་དང་ཟློག་པ་དང་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག༔ བརྒྱལ་ནད་སྨྱོ་འབོག་སྙིང་རླུང་སྟོད་འཚང་སྨུག་འཆལ་རྒྱལ་གཟེར་འཁྲུག་ལོང་གི་གནོད་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག༔ རྣལ་འབྱོར་པ་བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་རྒྱལ་འགོང་དམ་སྲིའི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མ་གཡེལ་ཅིག༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཞེས་ཕུད་རྒོད་དང་འབྲུ་སྣ་གཏོར༔ མེད་ན་ཆུ་གཙང་ལ་འབྲུ་སྣ་བཏབ་ལ་དགུང་སྔོན་པོའི་མཐོངས་སུ་མཆོད༔ དེ་ནས་བསྐུལ་པ་གཏོར་འབུལ་ལ་དཀར་གཏོར་དུས་བཏོན་ཀྱང་རུང་༔ ཀྱཻ༔ དྲག་པོའི་ལས་ལ་མྱུར་དུ་བསྐུལ་བའི་ཚེ༔ རྟ་མཆོག་ངང་ཞུར་རླུང་གི་ཤུགས་ཅན་ཞོན༔ སྤྲུལ་པའི་ཞོན་པ་འབུམ་གྱི་སྟེང་དག་ན༔ སྐྱ་བཙན་ཡ་མེད་འཇིགས་མེད་གཞན་རྒོལ་གྱི༔ དཔུང་འཇོམས་མཚོན་ཆའི་རི་བོ་བསྙིལ་བའི་སྒྲ༔ ནད་མུག་མཚོན་གྱི་བསྐལ་པ་སྟོང་པ་དང་༔ གཟུགས་ཅན་གཟུགས་མེད་འཚེ་བའི་གནོད་པ་ཟློག༔ གཞན་ཡང་གང་བརྩམ་ཅི་བཅོལ་ལས་ཀུན་སྒྲུབས༔ ཞེས་བསྐུལ་ལོ༔ རྒྱལ་འགོང་གི་

p. 169

གནོད་པས་འཚུབ་ཆ་ཆེ་ན་འདི་འདོན༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞུགས་ཡུལ་འདམ་ཤོད་སྣེ་མོ་ནས༔ ཡར་བཞུད་གཉན་པོ་སྐུ་བཞེངས་ཤིག༔ བླ་མཚོ་འཁྱིལ་བའི་ནང་ཤེད་ནས༔ གཉན་ཆེན་ཐང་ལྷ་སྐུ་བཞེངས་ཤིག༔ བྲག་དཀར་གཉན་པོའི་རྩེ་མོ་ནས༔ དྲི་ཟའི་རྒྱལ་པོ་སྐུ་བཞེངས་ཤིག༔ གངས་དཀར་མཐོན་པོའི་རྩེ་མོ་ནས༔ ཡུལ་ལྷ་གཉན་པོ་སྐུ་བཞེངས་ཤིག༔ སྤྲིན་དང་ན་བུན་གསེབ་ཤེད་ནས༔ ཟུར་ཕུད་ལྔ་པ་སྐུ་བཞེངས་ཤིག༔ སྡང་བའི་དགྲ་འདུལ་སྐུ་བཞེངས་ཤིག༔ གནོད་པའི་བགེགས་འདུལ་སྐུ་བཞེངས་ཤིག༔ སྨྱོ་བའི་འདྲེ་འདུལ་སྐུ་བཞེངས་ཤིག༔ སྤྲུལ་པའི་ཚུལ་དུ་སྐུ་བཞེངས་ཤིག༔ སྤྲུལ་པ་འཇིགས་པའི་ལུས་པོ་དེ༔ ལྷ་གཡག་དཀར་པོ་གཅིག༔ དུང་རུ་གནམ་དུ་གཡུག༔ དུང་རུ་དཀར་པོ་གཅིག༔ གནམ་གྱི་བདུད་ལ་སྒྱུར༔ རྨིག་བཞི་ས་ལ་འཁྲབ༔ དུང་རྨིག་དཀར་པོ་ཡིས༔ ལྷ་སྲིན་དམྱལ་ཐག་གཅོད༔ རྔ་མ་ནམ་མཁར་གཡུགས༔ རྔ་དཀར་སྤྲུག་པ་ཡིས༔ ལྷ་བཙན་བྲན་དུ་འཁོར༔ ངར་སྐད་ཐང་གསུམ་ངར༔ ཁམས་གསུམ་དབང་དུ་སྡུད༔ རུ་གསིགས་ལན་གསུམ་སྤྲུགས༔ སྲིད་གསུམ་དབང་དུ་སྡུས༔

p. 170

མཐོན་པོ་གངས་གསུམ་ནས༔ དུང་ཁྲ་མེལ་ཚེ་བཞིན༔ དུང་ཁྲ་དཀར་པོ་གཅིག༔ ཉ་ལེ་ཁྲི་ལི་ལི༔ ར་དང་ཕྲག་མགོ་ནས༔ དུང་རྐྱང་དཀར་པོ་གཅིག༔ དགྲ་བགེགས་བླ་ལ་རྒྱུགས༔ དྲག་ཏུ་བསྐུལ་བའི་ཚེ༔ སྡང་བའི་དགྲ་བོ་སོད༔ གནོད་པའི་བགེགས་རྣམས་ཐུལ༔ རྒྱལ་འགོང་དམ་སྲི་ཐུལ༔ གདུག་འདྲེ་འགོང་པོ་ཐུལ༔ སྨྱོ་འབོག་བརྒྱལ་ནད་ཐུལ༔ བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་ཏ་ན་ཤི་ལི་མི་ལི༔ དུ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་སྔགས་ལན་བདུན་དང་༔ ཨོཾ་ཨཱཿཧཱུྃ་ཧྲཱིབཛྲ་འབར་བ་རྩལ་བིག་ནན་རཱ་ཛ་མཱ་ར་ཡ་ཕཊ༔ ཅི་ནུས་བཟླའོ༔ སྐུ་དང་རྟེན་རྫས་ལ་བསྟིམ་མམ༔ གཤེགས་པ་གང་འདོད་དམིགས༔ དགོངས་གཏེར་སྒྲུབ་ཐབས་ལ་གཞི་བྱས༔ བྱང་གཏེར་དང་ནམ་མཁའ་འཇིགས་མེད་གནམ་ཆོས་དང་༔ ཞྭ་དམར་དྲུག་པས་མཛད་པ་སོགས་གོ་བསྟུན་ཏེ༔ ཤིང་སྤྲུལ་སྔོན་ཟླ་བའི་ཡར་ཚེས་བཅུའི་ཉིན་ལ་དམ་སྲིས་གནོད་པས་གྲྭ་སློབ་རྣམས་ལ་སྙིང་རླུང་ལྡང་བ་མང་པོ་དུས་གཅིག་བྱུང་དུས་བྲིས་པ་ལ༔ ཉེས་འགལ་སྡེ་བརྒྱད་ཤན་པ་དམར་པོར་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་སྨྱོ་འབོག་གི་གནོད་པ་ཞི་བར་གྱུར་ཅིག༔ ཅེས་སྔགས་འཆང་ ༧ རཱ་ག་ཨ་སྱས་བསྒྲིགས་པ་མངྒ་ལཾ།།

གཉན་ཆེན་ཐང་ལྷའི་མཆོད་ཕྲེང་།

p. 171

གཉན་ཆེན་ཐང་ལྷའི་མཆོད་ཕྲེང་བཞུགས་སོ། །དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་སློབ་དཔོན་པདྨ་འབྱུང་གནས་མཐའ་ཁོབ་བོད་ཡུལ་དུ་བྱོན་པའི་དུས་སུ། བོད་ཀྱི་ལྷ་འདྲེ་མཐོ་མཐོ་མཆིས་ཏེ། ཐང་ལྷ་ཡར་བཞུད་ཀྱིས་སློབ་དཔོན་ལ་ཁ་བ་ཕབ་ཅིང་ཞབས་སུ་བུ་ཡུག་འཚུབ་ཅིང་སྨུག་པས་ཤུལ་ལམ་བཀག་པ་ལ། སློབ་དཔོན་པདྨ་ཐུགས་ཁྲོས་ཏེ། ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་ནས། །ལྷ་སྲིན་ཐམས་ཅད་བྲད་ཅིང་རྒྱལ་བའི་ཚེ། དེའི་ཚེ་ཐང་ལྷ་ཡར་བཞུད་བཏུལ་ནས་དམ་ལ་བཏགས། སློབ་དཔོན་གྱིས་གསུངས་པས། ལྷ་ཆེན་ཐང་ལྷ་ཡར་བཞུད་ཁྱོད་ཀྱི་སྲོག་གི་སྙིང་པོ་གང་ཡིན། ནུས་པའི་ཕྲིན་ལས་ཅི་ནུས་གསུངས་པས། ཐང་ལྷས་སྲོག་གི་སྙིང་པོ་རང་དབང་མེད་པར་ཕུལ་ནས། དེ་ནས་གསང་བའི་མཚན་ཕུལ་བ་ནི། རྡོ་རྗེ་འབར་བ་རྩལ་ས་མ་ཡ་ཛ་ཛ༔ ཀྱི་སློབ་དཔོན་ལགས་བདག་གི་ཕྲིན་ལས་ནི། སྨྱོ་བའི་འདྲེ་འདུལ་ཞིང་སྡང་བའི་དགྲ་གསོད་པ་ལགས་སོ། །སློབ་དཔོན་ཉིད་ཀྱི་བཀའ་མི་ཉན་པའི་དབང་མེད་ཀྱིས། བདག་ལ་ཟས་སྐལ་ཅིག་སྩོལ། ཞེས་ཞུས་སོ། །ཁྱོད་ཀྱི་ཟས་སྐལ་ཅི་ལྟར་སྦྱིན་གསུངས་པས། སློབ་དཔོན་ལགས་བདག་གི་ཟས་སྐལ་འབྲུའི་ཟན་སོར་བཅུ་གཉིས་པ། ཟུར་གསུམ་ལ་གསེར་གཡུའི་རིན་པོ་ཆེ་སྣ་ལྔ་ལྡན་པ་ལ་རྔོག་ཅིག་གཙང་ལུག་ཆ་གཅིག །ཆང་ཕུད་གཙང་མ་གྲ་ཕྱིང་གཙང་མའི་ནང་དུ་བཞག་ལ། དེ་ནས། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་

p. 172

པས་གསོལ་བ་ཟེར་ནས་ཐང་ལྷ་མི་ལྡང་བར་འགྱུར་རོ༔ དེ་ནས་སློབ་དཔོན་གྱི་རྔ་ཆུང་ཕྱག་ཏུ་བཞེས་ཏེ་ཕྱི་རབས་དོན་དུ་འདི་སྐད་གསུངས་སོ༔ ཀྱཻ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཅིང་རྒྱ་མ་ཆུང་༔ སེང་གེ་གླང་ཆེན་ཁྲི་བཤམས་འཕང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བརྟེན་ཅིང་རྒྱང་མ་རིང་༔ འཇིག་རྟེན་སྲུང་མ་བསྒྲུབ་ཅིང་མཐུ་མ་ཆུང་༔ འདིར་བྱོན་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ རྡོ་རྗེ་འབར་བ་རྩལ་ལ་ས་མ་ཡ་ཛ་ཛ༔ ཧཱུྃ༔ སྐུ་ལྷའི་ཡབ་སྨོས་པ༔ འོ་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ སྐུ་ལྷ་ཉིད་སྨོས་པ༔ ཡོར་བཞུད་གཉན་གྱི་ལྷ༔ བཞུགས་ཡུལ་མཚན་གསོལ་བ༔ འདམ་ཤོད་སྣར་མོ་ལགས༔ ཁྲི་རྒོད་གཡུ་ལྗང་འཁྲིལ༔ དབྱར་སྔོ་དགུན་ཡང་སྔོ༔ བཞུགས་ཡུལ་ཉམས་རེ་དགའ༔ དགྱེས་སོ་ལྷ་ཡི་ཡུལ༔ མི་ཆོས་མཚན་གསོལ་བ༔ ཐང་ལྷ་ཡར་བཞུད་ལགས༔ ལྷ་ཆོས་མཚན་གསོལ་བ༔ དྲི་ཟའི་རྒྱལ་པོ་ནི༔ ཟུར་ཕུད་ལྔ་པ་ལགས༔ གསང་བའི་མཚན་གསོལ་བ༔ རྡོ་རྗེ་འབར་བ་རྩལ༔ སྐུ་ལ་ཅི་གསོལ་བ༔ དར་དཀར་རལ་ག་གསོལ༔ ཆིབས་སུ་ཅི་ཆིབས་ན༔ ལྷ་

p. 173

རྟ་ངང་དཀར་ཆིབས༔ ཁམས་གསུམ་ཀུན་ཏུ་རྒྱུགས༔ མདོག་དཀར་འོད་ཟེར་འབར༔ གཡས་པས་སྦ་ལྕག་ཕྱར༔ མ་བདུན་ལས་ལ་འགྱེད༔ གཡོན་པས་ཤེལ་འཕྲེང་འདྲེན༔ ཐུགས་དམ་དབྱིངས་སུ་ཟློས༔ སྤྲུལ་པ་ཅི་འགྱེད་ན༔ ལྷ་དམག་འབུམ་སྡེ་འགྱེད༔ བྲན་གཡོག་འཁོར་དང་བཅས༔ འདིར་སྤྱོན་ཕྲིན་ལས་མཛོད༔ དམ་ཅན་ཀུན་གྱི་ལྷ༔ དམ་མེད་ཀུན་གྱི་གཤེད༔་གནའ་ཟན་ཀུན་གྱི་བདུད་རྣལ་འབྱོར་ཀུན་གྱི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ ཕྲིན་ལས་བཀའ་ཕོག་པ༔ སྨོ་བའི་འདྲེ་འདུལ་ཞིང་༔ སྡང་བའི་དགྲ་སྲོག་ཆོད༔ མགྱོགས་སུ་རྟ་སྟོད་ཀྱིས༔ རྨིག་ཐོག་ཟོར་མ་རྫི༔ རྣོ་རུ་མཚོན་བདར་གྱིས༔ རྩེ་མོ་དབལ་མ་ཞན༔ ཅི་དང་དོ་བསྡོ་ན༔ དོ་ཐག་ཁྱོད་ལ་རེ༔ མགྱོགས་སུ་ཀྱུས་འདྲེན་ནོ༔ སྐྱུད་ཐོགས་ཤོར་ར་རེ་སྡང་དགྲ་ཁྱེར་ར་རེ༔ བྱམས་ཀྱིས་སྐྱོང་ལ་རེ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཚིག་རྗེས་སུ་དྲན་པར་མཛོད༔ ལས་ལ་བབ་བོ་བགེགས་ཀྱི་ཚོགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་

p. 174

སྲས༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་དམ་ཚིག་ཅན༔ ད་ལྟ་ཅི་མནོའི་ལས་རྣམས་ཉོན༔ ཕྱི་རབས་བསྟན་པའི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་སྔགས་འཆང་དང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་བརྒྱུད་ཆགས་པའི་རྗེ་རིགས་རྣམས༔ མཐོ་བ་དགུང་ལ་རེག་པ་དང་༔ དམའ་བ་བུ་བཞིན་སྐྱོངས་བར་གྱིས༔ བོད་ཁམས་རུ་བཞི་ཆོས་བཞིན་སྐྱོངས༔ བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས༔ བསྐལ་པ་ཐ་མའི་སེམས་ཅན་ལ་ཁྱོད་ཀྱིས་སྲུང་སྐྱོབ་མི་བྱེད་ན༔ དང་པོ་བྱང་ལམ་བར་མ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་བ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ ཐ་མ་རི་རྒྱལ་བཀྲག་བཟང་དུ༔ རྩེ་མོར་ལྷ་སྲིན་ཀུན་འཚོགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ དམ་ཚིག་ཕོག་པ་མི་དྲན་ནམ༔ ང་ནི་པདྨ་འབྱུང་གནས་ཡིན༔ ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན༔ ཡུལ་ནི་དབུས་གཙང་རུ་བཞི་ཡིན༔ བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐེབ༔ ཐུགས་

p. 175

རྗེའི་ཆར་ལྟར་ཤ་ར་ར༔ དམ་ཚིག་མདངས་ལྡན་ཡ་ལ་ལ༔ ཐང་ལྷ་གཉན་པོ་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་འཁོར་བཅས་ལ༔ བརྗིད་ལྡན་བཟང་རིང་བཤོས་ཀྱིས་མཆོད༔ གཡའ་ཆུ་གངས་ཆུ་གཙང་མས་མཆོད༔ དྲི་ཞིམ་སྤོས་དཀར་དུད་པས་མཆོད༔ གསེར་དངུལ་རིན་ཆེན་སྣ་ལྔས་མཆོད༔ སྣ་ཚོགས་དར་དང་ཟ་འོག་མཆོད༔ གསང་ལུག་འབྲས་དཀར་གཙང་མས་མཆོད༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་སྭཱ་ཧཱ༔ ཞེས་དགོངས་སྔོན་མཐོངས་བར་རྫོགས་སོ༔ དེ་ནས་བསྐུལ་གཏོར་ཕུལ་ལ༔ དཀར་གཏོར་དུས་བཏོན་ཀྱང་རུང་༔ ཀྱཻ༔ དྲག་པོའི་ལས་ལ་མྱུར་དུ་བསྐུལ་བའི་ཚེ༔ རྟ་མཆོག་ངང་ཞུར་རླུང་གི་ཤུགས་ཅན་སོགས༔ སྤྲུལ་པའི་ཞོན་པ་འབུམ་སྟེང་དེ་དག་ན༔ སྐྲ་བཙན་ཡ་ལད་འཇིགས་མེད་གཞན་རྒོལ་གྱིས༔ དཔུང་གཞོམ་མཚོན་ཆའི་རི་བོ་བསྙིལ་བའི་སྒྲ༔ ནད་དང་མཚོན་གྱི་བསྐལ་པ་སྟོང་པ་དང་༔ གཟུགས་ཅན་གཟུགས་མེད་འཚེ་བའི་གནོད་པ་ཟློག༔ གཞན་ཡང་གང་བརྩམ་ཅི་བཅོལ་ལས་ཀུན་སྒྲུབས༔ ཞེས་བསྐུལ་ལོ། རྒྱལ་འགོང་གི་གནོད་པ་དང་འཚུབ་ཆ་ཆེ་ན་འདི་འདོན༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞུགས་ཡུལ་འདམ་ཤོད་སྣེ་

p. 176

མོ་ནས༔ ཡར་བཞུད་གཉན་པོ་སྐུ་བཞེངས་ཤིག༔ བླ་མཚོ་འཁྱིལ་བའི་ནང་ཤེད་ནས་གཉན་ཆེན་ཐང་ལྷ་སྐུ་བཞེངས་ཤིག༔ བྲག་དཀར་གཉན་པོའི་རྩེ་མོ་ནས༔ དྲི་ཟའི་རྒྱལ་པོ་སྐུ་བཞེངས་ཤིག༔ གངས་དཀར་མཐོན་པོའི་རྩེ་མོ་ནས༔ ཡུལ་ལྷ་གཉན་པོ་སྐུ་བཞེངས་ཤིག༔ སྤྲིན་དང་ན་བུན་གསེབ་ཤེད་ནས༔ ཟུར་ཕུད་ལྔ་པ་སྐུ་བཞེངས་ཤིག༔ སྡང་བའི་དགྲ་འདུལ་སྐུ་བཞེངས་ཤིག༔ གནོད་པའི་བགེགས་འདུལ་སྐུ་བཞེངས་ཤིག༔ སྨྱོ་བའི་འདྲེ་འདུལ་སྐུ་བཞེངས་ཤིག༔ སྤྲུལ་པའི་ཚུལ་དུ་སྐུ་བཞེངས་ཤིག༔ སྤྲུལ་པ་འཇིགས་པའི་ལུས་པོ་དེ༔ ལྷ་གཡག་དཀར་པོ་གཅིག༔ དུང་རུ་གནམ་དུ་གཡུག༔ དུང་རུ་དཀར་པོ་གཅིག༔ གནམ་གྱི་བདུད་ལ་བསྒྱུར༔ མིག་བཞི་ས་ལ་འཁྲབ༔ དུང་རྨིག་དཀར་པོ་ཡིས༔ ལྷ་སྲིན་དམྱལ་ཐག་གཅོད༔ རྔ་མ་ནམ་མཁར་གཡུགས༔ རྔ་དཀར་སྤྲུགས་པ་ཡིས༔ ལྷ་བཙན་བྲན་དུ་འཁོར༔ ངར་སྐད་ཐང་གསུམ་ངར༔ ཁམས་གསུམ་དབང་དུ་སྡུད༔ རུ་གསིགས་ལན་གསུམ་སྤྲུགས༔ སྲིད་གསུམ་དབང་དུ་སྡུས༔ མཐོན་པོ་གངས་གསུམ་ནས༔ དུང་ཁྲ་མེལ་ཚེ་བཞིན༔ དུང་ཁྲ་དཀར་པོ་གཅིག༔

p. 177

ཉ་ལེ་ཁྲི་ལི་ལི༔ ར་དང་ཕྲག་མགོ་ནས་དུང་རྐྱང་དཀར་པོ་གཅིག༔ དགྲ་བགེགས་བླ་ལ་རྒྱུགས༔ དྲག་ཏུ་བསྐུལ་བའི་ཚེ༔ སྡང་བའི་དགྲ་བོ་སོད༔ གནོད་པའི་བགེགས་རྣམས་ཐུལ་རྒྱལ་འགོང་དམ་སྲི་ཐུལ༔ གདུག་འདྲེ་འགོང་པོ་ཐུལ༔ སྨྱོ་འབོག་བརྒྱལ་ནད་ཐུལ༔ བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་ཏ་ན་ཤི་ལི་ཤི་ལི༔ དུ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་སྔགས་ལན་བདུན་དང་༔ ཨོཾ་ཨཱཿཧཱུྃ་ཧྲཱིབཛྲ་འབར་བ་རྩལ་བིག་ནཱན་རཱ་ཛ་མཱ་ར་ཡ་ཕཊ༔ ཅི་ནུས་བཟླའོ༔ སྐུ་དང་རྟེན་རྫས་ལ་བསྟིམ་མམ༔ གཤེགས་པ་གང་འདོད་དམིགས༔ དགོངས་གཏེར་སྒྲུབ་ཐབས་ལ་གཞི་བྱས༔ བྱང་གཏེར་དང་ནམ་མཁའ་འཇིགས་མེད་གནམ་ཆོས་དང་༔ ཞྭ་དམར་དྲུག་པས་མཛད་པ་སོགས་གོ་བསྟུན་ཏེ༔ ཤིང་སྦྲུལ་གྲོ་ཞུན་ཟླ་བའི་ཡར་ཚེས་བཅུའི་ཉིན་ལ་དམ་སྲིས་གནོད་པས་གྲྭ་སློབ་རྣམས་ལ་སྙིང་རླུང་ལྡང་བ་མང་པོ་དུས་གཅིག་བྱུང་བས་བྲིས་པ་ལ་ཉེས་འགལ་གང་མཆིས་ན་སྡེ་བརྒྱད་ཤན་པ་དམར་པོར་བཤགས་ཤིང་༔ དགེ་བས་སེམས་ཅན་ཐམས་ཅད་སྨྱོ་འབོག་གི་གནོད་པ་ཞི་བར་གྱུར་ཅིག༔ ཅེས་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་མངྒ་ལཾ༔

p. 178

སྔོན་ཚེ་རྒྱལ་བའི་ཞལ་མཐོང་རྫུ་འཕྲུལ་ཅན། །གངས་ཅན་སྲུང་མ་ཐང་ལྷ་གཉན་པོ་ལ། །རྟག་ཏུ་གུས་པས་མཆོད་ཅིང་བསྟོད་ལགས་ན། །སྲུང་སྐྱོབ་སྡོང་གྲོགས་ཡིད་བཞིན་འགྲུབ་པར་མཛོད། །ཨ་རཱ་གས་སོ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷ་ཆེན་ཐང་ལྷའི་སྒྲུབ་ཐབས།

p. 179

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷ་ཆེན་ཐང་ལྷའི་སྒྲུབ་ཐབས༔ ན་མོ་པདྨ་བཛྲ་ཡེ༔ གཉན་ཆེན་ཐང་ལྷ་སྒྲུབ་ན༔ རས་དཀར་པོ་དྲི་མ་མེད་པ་ལ༔ དྲི་ཞིམ་སྨན་གྱིས་བྱུགས་ལ༔ དཀྱིལ་འཁོར་བྲི༔ དེའི་སྟེང་དུ་དཀར་གསུམ་དང་སྦྱར་བའི་གཏོར་མ་བཤམས༔ རང་གི་མདུན་དུ་ཐང་ལྷ་སྐུ་མདོག་དཀར་པོ་རྟ་ངང་དཀར་ལ་ཆིབས་པ༔ སྐུ་ལ་བེར་དཀར་ལྷུབ་གྱོན་བྱས་པ༔ དབུ་སྐྲ་རལ་བུའི་སྟེང་ན་རིན་པོ་ཆེ་དང་རྡོ་རྗེ་ཕྱེད་པས་བརྒྱན་པ༔ གཡས་སྦ་ལྕག་དང་གཡོན་ཤེལ་ཕྲེང་འདྲེན་པ༔ འཁོར་སྣང་སྲིད་ཀྱི་ལྷ་འདྲེས་བསྐོར་བར་བསྒོམས་ལ༔ སྲོག་སྙིང་བཟླ་བ་ནི༔ ཨོཾ་བཛྲ་ཐང་ཀ་ར་མུན་ཀ་ར་མུན་ཉིད་ཁུ་ཤ་ལི་ཛ་ཛ༔ ས་མ་ཡ་ཧཱུྃ་ཕཊ༔ མཚན་སྔགས་བཟླས་ཀྱང་རུང་སྟེ༔ ཨོཾ་ཨཱཿཧཱུྃ་ཧཿ བཛྲ་འབར་བ་རྩལ་སརྦ་སིདྡྷི་ཧཱུྃ༔ དེས་འགྲུབ་བོ༔ བཀའ་གཏད་ནི་གནམ་ཆོས་དྲེགས་པའི་སྲོག་དབང་ལུགས་སུ་བྱའོ༔ ལྕགས་ཕུར་གཅིག་གི་མགུལ་དུ་ཉུང་དཀར་ཐུམ་བུ་གཅིག་རྩ་སྔགས་ཀྱིས་སྔགས་ལ་བཏགས༔ གཡག་གཅིག་བཅའ་ལ་བཞག༔ དེ་ནས་དུས་བཞི་ཕུར་པ་ཀླད་ལ་བསྐོར་བས་གཉན་ཆེན་གྲངས་མེད་བཀུག་གཡག་ལ་བསྟིམས་པས་གཡག་དེ་ངུར་བར་བསྒོམ༔ དེ་ནས་འདྲིལ་བས་ཕུར་པ་དེ་ལས་ལྕགས་སྡིག་གྲངས་མེད་འཕྲོས་ཤིང་གཡག་དེས་གནམ་ས་གང་བ་ཁ་

p. 180

རླངས་སྤྲིན་ང་རོ་འབྲུག་ཏུ་ངུར་ཞིང་རྒྱལ་འགོང་དམ་སྲི་ཐམས་ཅད་བདས་ནས་བསད་པར་བསྒོམ༔ ཨོཾ་བཛྲ་མུན་ཀ་ར་ཉིད་ཁུ་ཤ་ལི་རཱ་ཛ་མཱ་ར་ཡ༔ ཞེས་བཟླས་དམ་སྲི་རྒྱུན་ལམ་བཅད་དོ༔ ཨྠྀི། དགོངས་གཏེར་རམ༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅོ་བརྒྱད་ངོ་མཐོང་བར་དགོངས་གཏེར་རྫོགས་སྐབས་ཡིན་ཡང་བདག་རཱ་ག་ཨ་སྱས་ནན་དུ་གསོལ་བ་བཏབ་པས་དགོངས་གཏེར་ལས༔ ཕབ་ཐུབ་ཙམ་བྱུང་ཞིང་༔ འདི་ལ་ལས་ཚོགས་མང་པོ་གཅིག་ཡོད་པར་གདའ་སྟེ་ཕབ་ནི་མི་ཐུབ་པར་འདུག་གསུངས་སོ༔ འདིར་རྒྱལ་འགོང་གི་བར་ཆད་ཞི་བའི་རྟེན་འབྲེལ་དུ་གྱུར་ཅིག༔

གཉན་ཆེན་པོ་ཐང་ལྷའི་བཀའ་གཏད་སྨྱོ་འདུལ་རྒོད་ཀྱི་འགྲིམ་ཤུལ།

p. 181

གཉན་ཆེན་པོ་ཐང་ལྷའི་བཀའ་གཏད་སྨྱོ་འདུལ་རྒོད་ཀྱི་འགྲིམ་ཤུལ་ཞེས་བྱ་བ་བཞུགས་སོ།།

p. 182

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དུས་སྙིགས་མའི་སྐབས་སུ་རྒྱལ་འགོང་དམ་སྲིའི་གནོད་པས། སྲོག་རླུང་སོགས་བརྒྱལ་གཟེར་བྱུང་བ་ལ། སྨྱོན་པ་སོགས་འདུལ་བའི་ཕྱིར་གཉན་ཆེན་ཐང་ལྷའི་བཀའ་གཏད་བྱ་བ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་དཀོར་བདག་འདུལ་བའི་དོན་དུ་མཛད། སྨྱོ་འདུལ་རྒོད་ཀྱི་འགྲིམ་ཤུལ་ཞེས་བྱ་བའི་ཕྱག་ལེན་ནི། གཞི་དཀར་པོའི་སྟེང་དུ་འབྲུ་ཡི་ཚོམ་བུ་བཀོད། རིན་པོ་ཆེའི་སྣོད་དུ་གཏོར་མ་གྲུ་གང་ངམ་རྐང་གང་མཐོ་གང་གྲུ་བཞི་རྩེ་རྒྱལ་ཉི་ཟླ་ནོར་བུས་མཚན་པ་བཞག །ཕུད་ཕོར་དུ་ཆང་ཕུད་དམ་ཇ་ཕུད་གཙང་མ་བཤམས། རང་ཉིད་ཕྱག་རྡོར་དུ་བསྐྱེད་ལ། རྒྱས་པར་ན་སྔོན་དུ་གསོལ་ཀ་རྒྱས་པར་བཏང་ཞིང་། ཨོ། དྲི་ཟའི་རྒྱལ་པོ། སོགས་ལ་བརྒྱ་ཚར་

p. 183

སོགས་ཅི་མང་བསོག་ཅིང་། འདིའི་བསྙེན་པ་ཅི་མང་བཟླས་ན་བྱིན་རླབས་ཆེ། དེ་ཙམ་ལོང་མེད་ན་དབང་སྒྲུབ་མི་དགོས་ཏེ། མདུན་དུ་སློབ་མ་འདུག་ཁྲུས་བྱས་མཎྜལ་ཕུལ་ནས། བདག་ཉིད་སྐད་ཅིག་གིས་ངོ་བོ་པདྨ་འབྱུང་གནས་ལ་རྣམ་པ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་རྣམ་པར་གཙིགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ། དེ་ལྟ་བུར་བསྒོམས་ལ་དེའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་

p. 184

རྒྱས་བསྟན་པ་བསྲུང་བ་དང་། །རྒྱལ་འགོང་གནོད་པ་ཞི་བའི་ཕྱིར། །ཇོ་བོ་གཉན་ཆེན་ཐང་ལྷ་ཡི། །སྨྱོ་འདུལ་རྒོད་ཀྱི་འགྲིམ་ཤུལ་གྱི། །བཀའ་གཏད་བདག་ལ་བསྩལ་དུ་གསོལ། །ལན་གསུམ་བརྗོད། འོ་ན་འདིའི་ལོ་རྒྱུས་ཟུར་ཙམ་ཞུ་ན། ཨོ་རྒྱན་ཆེན་པོ་བོད་དུ་བྱོན་དུས་ཐང་ལྷས་ཁ་བ་ཕབ། བུ་ཡུག་འཚུབ། སྨུག་པས་ལམ་དགགས་པས་སློབ་དཔོན་ཕྱག་ན་རྡོ་རྗེའི་སྐུར་བཞེངས་པས་ཐང་ལྷ་བཏུལ་བས་སྲོག་སྙིང་དང་གསང་མཚན་ཕུལ་ལོ། །དེ་ནས་བསམ་ཡས་ཧས་པོ་རིར་བྱོན་དུས་ཐང་ལྷས་གཡག་དཀར་པོ་ར་ནམ་མཁའི་མཐོངས་ལ་ཡེ་རེ་བ་གཅིག་བཞིས་རུ་བཞིས་ས་བདུད་གནོན་པ་ཞིག་བྱས་ནས་སློབ་དཔོན་གྱི་རྗེས་ནས་ཚུར་བྱུང་བ། ཁྲི་སྲོང་ལྡེའུ་བཙན་མཐོང་བ་དང་། སྐྱེས་བུ་བཞིན་བཟང་ཟུར་ཕུད་ལྔས་བརྒྱན་པ་གཅིག་བྱས་ནས་རྒྱལ་པོ་ལ་ཕྱག་དང་ཞེ་ས་ཕུལ་ནས་ཁྲི་སྲོང་ལ་དགའ་ཚུལ་སྨྲས། བདག་དམ་ཚིག་ཉམས་པའི་སྲོག་བདུད་དམ་ཚིག་ཉམས་པའི་གཤེད་མ། གྲིབ་གནོན་མ་རབ་རྣམས་ཀྱི་གཉའ་ནོན། སྨྱོ་འདྲེ་རྒྱལ་འགོང་གི་གཉན་པོ་ཞེས་དང་། བདག་གི་ཕྲིན་ལས་སྨྱོ་འདྲེ་འདུལ་ཞིང་སྡང་བའི་དགྲ་བོ་གསོད་པ་ལགས་སོ། །ཞེས་སོགས་

p. 185

ཞུས་སོ། །དེ་ནས་རྒྱལ་པོས་ཀྱི་སློབ་དཔོན་བདག་རིགས་མཐོ་བས་རྗེས་སུ་མི་འབྲངས་ཤིང་གཞན་ལ་མི་གནོད་པ། དོན་ཡེ་ཤེས་པ་ཡིན་པས་ཕྱི་མ་བདེ་གནས་སུ་འདྲེན་ནུས་པ། ཚུལ་འཇིག་རྟེན་པ་དང་མཐུན་པས་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་སྒྲུབ་ནུས་པ། སྙིང་ཉེ་ཞིང་དམ་ཚིག་ལ་གནས་པས་བདག་གི་རྗེ་འབངས་བརྒྱུད་པ་དང་བཅས་པ་འབྲལ་མེད་བུ་བཞིན་སྐྱོང་བ། མཐུ་རྩལ་ཐོགས་པ་མེད་པས་སྨྱོ་འདྲེ་དང་རྒྱལ་འགོང་མངོན་སུམ་དུ་འདུལ་བ། བདག་ཆོས་སྐྱོང་བའི་སྲོག་ལྷ་བཅངས་ཐུབ་པ་གཅིག་བརྩེ་བས་གནང་བ་ཞུ་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། སྤྱིར་བོད་ཀྱི་ལྷ་སྲིན་ཕལ་ཆེ་བ་ནི། སྡེ་བརྒྱད་གནོད་སྦྱིན་གདུག་པ་ཅན་གྱི་རིགས་ཡིན་པས། རྒྱལ་པོའི་སྐུ་༔ ལྷ་མི་ཉན་ཡང་། ལྷ་ཆེན་པོ་ཐང་ལྷ་ནི། སྔོན་སངས་རྒྱས་མང་པོས་བྱིན་གྱིས་བརླབས་ཤིང་ས་ལ་གནས་ཤིང་བདེན་པ་མཐོང་བའི་དྲི་ཟའི་རྒྱལ་པོ་ཆེན་པོར་མདོ་ལས་གསུངས་པ་དེ་ཡིན་པས། གོང་གི་ཡོན་ཏན་མ་ལུས་པ་དང་ལྡན་པས། དེ་ཉིད་རྒྱལ་པོའི་སྲོག་ལྷར་བཀོལ་བར་བྱ་གསུངས་ནས། སློབ་དཔོན་རྟ་མགྲིན་གྱི་སྐུར་བཞེངས་ནས། རྒྱལ་པོ་དང་

p. 186

ཐང་ལྷ་གཉིས་རྟ་མགྲིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་དམ་བསྲེས་ནས་འོད་གསལ་ལྷའི་གདུང་རྒྱུད་ཐ་མ་དགུང་ལ་མ་གཤེགས་ཀྱི་བར་དུ་སྐུ་ལྷ་གྱིས་ཤིག །རྒྱལ་པོས་མཆོད་ཅིག་གསུངས༔ དེ་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ་པ། དམ་ཅན་ཤེལ་གིང་དཀར་པོའམ་གནམ་ལྷ་བྱང་ཆུབ་སེམས་དཔའམ། ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན་དྲི་ཟ་ཟུར་ཕུད་ལྔ་པའམ། ཁྱབ་འཇུག་གནམ་མཚོའི་བདག་པོ་སོགས་མིང་དང་རྟེན་གནས་སྐུ་དུ་མར་སྤྲུལ་ནས། སངས་རྒྱས་ཀྱི་བསྟན་པ་སྐྱོང་ཞིང་ཁྱད་པར་སྙིགས་མའི་དུས་སུ་ནད་དང་སྡེ་བརྒྱད་ཀུན་གྱི་སྣ་འདྲེན་རྒྱབ་རྟེན་རྒྱལ་པོ་བེ་དཀར་གྱིས་བྱས་ནས། དང་པོ་ཕོ་ལྷར་བསྟེན་ནས་ཕྱིས་རྒྱུད་སྒྲུབ་འདྲེར་འབྲངས། ཐ་མ་དབུགས་ལེན་སྲོག་བདུད་ཀྱི་འཁྱོར་འདྲེ་བྱེད་ཅིང་མི་རབས་ཚུན་ཆད་ཕུང་བར་བྱེད་ཅིང་། དེ་ནི་རུ་ང་ཕྲག་དོག་ཆོ་འཕྲུལ་ཆེ། ཁྱད་པར་སྐྱེ་བོ་ཀུན་གྱི་སྙིང་ལ་ཞུགས་ནས། བརྒྱལ་ནད་སྙིང་གཟེར་སྨྱོ་འབོག་སྙིང་རླུང་སྟོད་འཚང་སྨུག་འཆལ་བརྒྱལ་གཟེར་འཁྲུག་ལོང་སོགས་ཀྱིས་བོད་ཁམས་ཕུང་བར་བྱེད་པའི་དུས་སུ། དེ་ཡི་གཉེན་པོར་ངོ་བོ་ཡེ་ཤེས་ཀྱི་ལྷ་ལ་རྣམ་པ་

p. 187

འཇིག་རྟེན་པའི་ཚུལ་འཛིན་པ་དེ་དང་མཐུན་པ་གཅིག་གིས་འདུལ་དགོས་པའི་ཕྱིར། ཨོ་རྒྱན་བདག་གིས་ལྷ་ཆེན་འདི་ཡི་སྒྲུབ་སྐོར་བསྟན། འདི་མཆོད་ན་རྣལ་འབྱོར་པའི་མགོན་དང་སྲུང་མ་བྱེད། སྡེ་པ་ཆོས་ལ་དཀར་བ་རྣམས་ཀྱི་མགོན་སྐྱབས་དགྲ་བླར་འགྱུར་རོ། །ལྷག་པར་ཡང་རྗེ་དཔོན་རིགས་མཐོ་བ་ཀུན་གྱི་དགྲ་ལྷར་བསྟེན་ན་བཀྲ་ཤིས་རྟགས་མཚན་ཆེ། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། ཕྲིན་ལས་དགོས་འདོད་ཡིན་བཞིན་དུ་བསྒྲུབ་བོ། །བསྒྲུབ་ན་མི་འགྲུབ་མི་སྲིད་དོ། །འདི་ནི་སྲིད་པ་གསུམ་གྱི་བདག་པོ་ཡིན་པས་གབ་ཅིང་སྦས་ནས་གསང་བའི་ཆོས་སྐྱོང་དུ་བསྟེན་ན་གཞན་གྱི་ཆོས་སྐྱོང་དམ་ཅན་ཕོ་མོ་ཀུན་གྱི་ནུས་པ་ཚུར་འཕྲོག་ཅིང་། དམ་ཅན་དྲེགས་པ་ཐམས་ཅད་འདི་ཡི་བཀའ་འོག་ན་ཡོད་པས། རྒྱལ་པོ་དམ་ལ་ཐོགས་ནས་བློན་འབངས་ཞོར་ལ་འདུ་བ་དང་འདྲའོ། །འོན་ཀྱང་འདི་ཤིན་ཏུ་གཉན་པས་གཞན་ལ་མིང་ཙམ་མི་སྨྲ་བར་ཤིན་ཏུ་གསང་ཞིང་རབ་ཏུ་སྦས་ནས་བསྟེན་པ་དང་། བླ་མ་དང་དམ་ཚིག་མི་ཉམས་པ་རྣམས་ནི་འདི་ཡི་བཀའ་རྒྱ་དམ་ཚིག་ཡིན་ནོ། ཁྱད་པར་དམ་ཚིག་ཏུ་མཛེ་ཕོ་ནལ་ཕྲུག་སོགས་གྲིབ་ཆེན་ལ་

p. 188

འཛེམ། འདི་ཞུ་སའི་བླ་མ་དམ་ཚིག་སེལ་མེད་ཅིང་། ལྷ་ཆེན་གནད་གཟིར་ཡིན་པས་དམ་ལྡན་རེ་རེ་ལའང་གཅིག་བརྒྱུད་བྱེད། དེས་ཀྱང་ཚུལ་བཞིན་བསྟེན་པ་ལས། ཀུན་ལ་འཆོལ་བར་སྤེལ་ན་འཁུ་ལྡོག་མངོན་སུམ་དུ་བྱེད་དོ། །དེ་ལྟ་བུའི་བཀའ་གཏད་གཉན་པོ་ཞུ་བའི་ཕྱིར་མཎྜལ་ཕུལ། དེ་ནས་གཞུང་གི་གཏོར་མ་བྲན་ལ་གསོལ་མཆོད་བསྟོད་པ་བསྐུལ་ཐུང་ཡན་ཆོད་བྱས་ལ། རྔ་རོལ་མོ་གསེར་སྐྱེམས་ནམ་མཁའ་ལ་གཏོར། དེ་ནས་རྔ་རོལ་མོ་སྒྱུར་ལ། དེ་ནས་ངེད་རང་གསང་བདག་དྲེགས་པ་ཀུན་འདུལ་དུ་གསལ། མདུན་གྱི་ཐང་ལྷ་འོད་དུ་ཞུ་ནས་གཏོར་མ་དང་དབྱེར་མེད་པ་ལ། སྐད་ཅིག་གིས་གཏོར་མ་ལྷ་ཆེན་ཐང་ལྷའི་ངོ་བོ་ལ། རྣམ་པ་འབྲོང་གཡག་ཞོལ་ཅན་དཀར། །ལུས་ནི་རི་ཙམ་རྭ་གཉིས་ནི། །ཐང་ཤིང་བརྐྱང་ཙམ་ཤིན་ཏུ་རྣོ། །ཁ་རླངས་ན་བུན་ལྟར་འཐིབས་ཤིང་། །ངུར་སྒྲ་འབྲུག་ལྟར་སྒྲོག་པ་ལ། །གནམ་ལྕགས་འཆོལ་པོ་མེ་ལྟར་འབར། །འཇིགས་ཤིང་ཡ་ངའི་སྐུར་གྱུར་པ། །ཁྱེད་རང་རྣམས་ལ་གནོད་པ་ཡི། །དཀོར་བདག་རྒྱལ་པོ་གནོད་བྱེད་དེ། །མི་རིང་སྐྱ་བོ་སྤྲེའུ་ཆུང་། །ཤ་དང་རུས་པའི་གཟུགས་གྱུར་པའི། །སྟེང་དུ་འཁྲབ་བརྫིས་ནང་གྲོལ་རྣམས། །

p. 189

དམར་དང་ལྡིར་ལྡིར་ཕྱིར་དོན་པ། །གློག་འདྲའི་ལྕེས་ལྡག་ཤ་ལྤགས་ཟུལ། །རུས་པ་དཀར་དང་ལྷང་ངེ་དེ། །གཞོབ་དང་ཐུལ་ཐུལ་ཚིག་པར་བསམ། །དེ་ནས་རང་ཉིད་གསང་བདག་གི་ང་རྒྱལ་དྲག་པོ་བྱས། ལག་པ་གཡོན་པས་ནད་པའི་སྲིན་ལག་ནས་བཟུང་། གཡས་པས་རྡོ་རྗེ་དང་བཅས་ཏེ་ཐང་ལྷའི་གཏོར་མ་མགོ་བོར་བཞག་ནས་འདོན་རྒྱུ་ཡིན་ཏེ། སྨྱོ་རྒོད་རེད་ན་ཡུན་རིང་པོ་འདུག་མི་ཐུབ་ན་བསྐུལ་པ་བཏོན་ནས་སྔགས་བརྗོད་ཚེ་སྲིན་མཛུབ་ནས་འཇུ་བ་དང་། གཏོར་མ་མགོར་བཞག་པས་ཆོག །གང་ལྟར་ཡང་གྲྭ་པ་ཡོད་ན་རམ་བུ་མཉམ་དུ་གྱེར་ཞིང་རྔ་རོལ་མོ་བྱའོ། །སྔགས་བརྗོད་ཚེ་རོལ་མོ་དྲག་ཏུ་བརྡུངས་བྱས་ཤིང་། འདིར་གཏོར་རྒྱག་དང་འདྲ་སྟེ་དོན་ལ་དྲག་ལས་ཡིན། ཧཱུྃ་ཧཱུྃ་ཧཱུྃ༔ བཞུགས་ཡུལ་འདམ་ཤོད་སྣར་མོ་ནས། སོགས་ནས། ཨོཾ་ཀྲོ་ཏ་ན་ཤི་ལི་མི་ལི་དུ་བགེགས་མཱ་ར་ཡ་ཕཊ༔ བདུན་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་བིགྷན་རཱ་ཛ་མཱ་ར་ཡ་ཕཊ༔ བདུན་གཉིས་ཙམ་བརྗོད། ཡང་དམིགས་པ་ནི། ཡང་གཏོར་མ་ལྷ་ཆེན་ཐང་ལྷ་ལ། །རྣམ་པ་དུང་ཁྲ་མཁའ་ལྡིང་ཙམ། ནམ་མཁའི་དབྱིངས་ནས་གཟན་ལ་འཇུམ། །རྒྱལ་པོ་བྱ་དཀར་ཕུག་རོན་འདྲ། །ཙིར་གྱིས་བཟུང་ནས་སྤུ་བཏོན་ནོ། །དུང་ཁྲས་བསད་ནས་ཟོས་པར་བསྒོམ། །གོང་ལྟར་བསྐུལ་ཚར་

p. 190

གཅིག་དང་སྔགས་རྣམས་བརྗོད། ཡང་ནི་གཏོར་མ་ལྕགས་སྡིག་ནི། །ནག་པོ་ལུས་ཀྱིས་ས་གཞི་ཁྱབ། །རྭ་དང་མཇུག་མ་ནམ་མཁར་གདེངས། །ཁ་ནས་འོད་ཟེར་ལྕགས་དྲག་ལྟར། །འཕྲོས་པས་དཀོར་བདག་དེ་ནང་བཙུད། །དེ་ཉིད་འུབ་ཀྱིས་ཚུར་དྲངས་ནས། །སྙིང་ནི་དཀར་ནག་མཚམས་དེ་རུ། །ལྕགས་ཀྱི་མཆེ་བས་བཏབ་བྱས་ནས། །ལུས་ཕྱེད་མན་ཆད་ཁོག་པར་ཚུད། །དེ་ལྟར་རྩེ་གཅིག་སྒོམ་མཛོད་ཅིག །ཡང་བསྐུལ་པ་སྔོན་ལྟར་བསྐུལ་དང་སྔགས་རྣམས་བརྗོད། དེ་ལྟར་ལན་གསུམ་ཚར་ནས། ད་ནི་སློབ་དཔོན་གསང་བདག་ཏུ་གསལ་བས་གཏོར་མ་སྐད་ཅིག་གིས་ཐང་ལྷ་དངོས་སུ་གསལ་བ་ལ་བཀའ་བསྒོས་པས་དེ་ལྟར་བགྱིའོ་ཞེས་ཁས་བླངས་པར་སྒོམས་ཤིག །གཏོར་མ་མགོར་བཞག་ལ། ཧོ་དགོངས་སུ་གསོལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ། ས་བརྒྱད་ནོན་པའི་སེམས་དཔའ། ངོ་བོ་ཡེ་ཤེས་ཀྱི་ལྷ་ལ་ཚུལ་འཇིག་རྟེན་པ་དང་མཐུན་པ་གནམ་ལྷ་བྱང་ཆུབ་སེམས་དཔའ། དམ་ཅན་ཤེལ་གིང་དཀར་པོ། གནམ་ཐིལ་དཀར་པོ། ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟའི་རྒྱལ་པོ་རབ་དགའ། དྲི་ཟ་ཟུར་ཕུད་ལྔ་

p. 191

པ། ཁྱབ་འཇུག་གནམ་མཚོའི་བདག་པོ། གཉན་ཆེན་ཐང་ལྷ་ཡར་བཞུད་ཁྱོད་ཀྱིས་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཕྲིན་ལས་སུ་སྨྱོ་བའི་འདྲེ་འདུལ་བར་ཁས་བླངས། དེའི་ཚེ་སློབ་དཔོན་གྱིས་སྨྱོ་འདྲེ་རྒྱལ་འགོང་གི་ཁ་གནོན་དུ་ཁྱེད་བསྐོས་པའི་དམ་ཚིག་དྲན་པར་གྱིས། བསྲུང་བྱ་ནད་པ་འདི་སློབ་དཔོན་པདྨ་འབྱུང་གནས་བས་ཞུས་ཤིང་ཁྱོད་ལ་བཅོལ་བ་ཡིན་པས། ཉི་མ་དེ་རིང་ཕྱིན་ཆད་ནས་སྨྱོ་འདྲེ་རྒྱལ་འགོང་གིས་གནོད་པས་མི་ཚུགས་པར་སྲུངས་ཤིག་སྐྱོབས་ཤིག །ཨོཾ་ཨཱཿཧཱུྃ་ཧྲཱིབཛྲ་འབར་ཚྭ་ཧཱུྃ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱཿ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་ཤིས་པ་བརྗོད། འོ་དེས་ཐང་ལྷའི་སྨོ་འདུལ་རྒོད་ཀྱི་འགྲིམ་ཤུལ་ཞེས་བྱ་བ་ཐོབ་པ་ཡིན་པས། དེ་རིང་ཕྱིན་ཆད་ཨོ་རྒྱན་པདྨ་བླ་མར་བཟུང་། རྟ་མགྲིན་ཡི་དམ་དུ་བཟུང་། ཐང་ལྷ་འདི་ཆོས་སྐྱོང་དུ་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས། དེ་ནས་རྟེན་ཕྱིར་དར་སོགས་ཡོད་ན་དེ་ལ་ཐིམ་པར་བསམ། མེད་ན་གཏོར་མ་ཕྱི་རོལ་ལ་འབུལ་རྒྱུ་བསྐུར་ལ། བཛྲ་མུ༔ ཞེས་རང་གནས་སུ་གཤེགས་པར་བསམ། གལ་ཏེ་རང་ལ་རྒྱལ་འགོང་

p. 192

གི་གནོད་པ་སོགས་བྱུང་ན་གསོལ་ཀ་དང་བསྐུལ་པ་སོགས་ཐོན་ཀྱང་ལེགས། མ་ཐོན་ཀྱང་རུང་སྟེ། རང་ཉིད་སྐད་ཅིག་དྲན་རྫོགས་སུ་ངོ་བོ་ཐང་ལྷ་ཡིན་པ་ལ་རྣམ་པ་གོང་དུ་བཤད་པའི་གཡག་དང་ལྕགས་སྡིག་སོགས་སུ་བསྒོམས་ནས། མཱ་ར་ཡ་ཞེས་པའི་སྔགས་ཅི་འགྲུབ་བཟླས་པས་ཆོག་གོ །འདི་མཆོད་པར་ལྷ་རིགས་དམན་པ་དང་ནག་པོའི་ཕྱོགས་སུ་གཏོགས་པ་རྣམས་གསོལ་མཆོད་མི་བྱེད། དུས་ཀྱི་གཏོར་མ་མི་ཆག་པ་དམ་ཚིག་གོ །ལྷ་མཆོག་སྲིད་གསུམ་བདག་པོ་ཆེ། །སྒྲུབ་ཐབས་ཡང་གསང་སྲོག་སྙིང་འདི། །ནུབ་ཕྱོགས་དབང་གི་སྲུང་མར་སྦས། །གཅིག་བརྒྱུད་མིང་ཙམ་མ་སྨྲ་སྦོས། །ཀུན་ལ་འཆོལ་བར་སྤེལ་བྱེད་ན། །སྡེ་བརྒྱད་ཤན་པ་དམར་པོ་ཡིས། །དམ་མེད་མི་ཤེས་སྲོག་ལུས་ཕྲོལ། །ཞེས་གསུངས་པའི་ཕྱིར། འདི་ཡི་བཀའ་གཏད་སྲོག་དབང་ནི། །རེ་ཟུང་ཙམ་ལས་བསྐུར་འདོག་མེད། །སྒྲུབ་ཐབས་མན་ངག་ཀྱང་དེ་དང་འདྲ། གསོལ་ཁ་དང་གཏོར་བསྔོས་ནི་དེ་ཙམ་མི་དགོས་ཏེ། གཡར་ཁ་ལུང་རྒྱུན་དམ་པར་བྱའོ། །སྨྱོ་འདུལ་གྱི་བཀའ་གཏད་འདི་ནི་བཀའ་རྒྱ་ཡོད་དེ། ནད་པ་སོགས་གལ་ཆེན་མ་གཏོགས་མང་པོ་ལ་མི་བྱ། ཞེས་པ་འདི་ཉིད་སྙིགས་དུས་རྒྱལ་འགོང་དང་། སྲོག་རླུང་གི་ནད་མང་དུ་དར་དུས། དེ་ལ་ཕན་པའི་ཕྱིར། རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་བརྩོན་འགྲུས་ཏེ། ཉེས་འགལ་གང་མཆིས་ལྷ་ཆེན་ཉིད་ལ་བཤགས། དགེ་བས་འདིའི་འབྲེལ་པ་ཐོགས་ཚད་ལུས་སེམས་བདེ་བ་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། བཀྲ་ཤིས། དགེའོ།། །།

གནམ་ཆོས་ཐང་ལྷ།

p. 193

གནམ་ཆོས་ཐང་ལྷ་བཞུགས་སོ༔ ཨཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ ཨོཾ༔ དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག༔ སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར༔ འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི༔ མཚོ་སྨན་དང་བཅས་འདིར་གཤེགས་གཏོར་མ་བཞེས༔ བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་༔ བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན༔ གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང༔ ཐམས་ཅད་བདེ་གར་སྤྱོད་པའི་བཀྲ་ཤིས་སྩོལ༔ ཨོཾ་ཨ་མ་ནུ་ཁེ་ནཱ་ག་རཱ་ཛ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉི་ཁུ་ཤི་ལི་ཨ་མྲྀ་ཏ་ཁཱ་ཧི་སྭཱ་ཧཱ༔ ཞེས་གཏོར་མ་བསྔོའོ༔ ཧཱུྃ༔ ཡང་གཅིག་བཞེངས་ཤིག་ནག་པོ་ཏི་པ་རཱ་ཙ་ཁྱོད༔ བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ༔ གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་༔ བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས༔ སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང་༔ ལྕགས་སྡིག་མགོ་དགུའི་ཚུལ་དུ་འདིར་བྱོན་ལ༔ གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློགས༔

p. 194

དམ་བཅའ་དམ་ལ་མ་འདས་ས་མཱ་ཡ༔ ཨོཾ་ཨཱཿཧཱུྃཧྲཱིབཛྲ་འབར་བ་རྩ་ལ་བིགྷ་ནཱན་རཱ་ཛ་མཱ་ར་ཡ་ཕཊ༔ ཨོཾ་ནཱ་ག་རཱ་ཛ་བཛྲ་ར་ཛ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་འབུལ་དང་སྦྱར༔ མེད་ན་གཏོར་བསྔོས་དང་མཉམ་དུ་འདོན༔ ཞེས་སྒྲུབ་ཆེན་དུས་དགོས་པ་གཅིག་བྱུང་ནས ༧ རཱ་ག་ཨ་སྱས་བསྒྲིགས་པ་རྗེ་དྷརྨཱ་ཤྲཱི་རས་མཛད་པ་དང་གཏེར་ཁ་གསུམ་ནས་བསྡུས་པའོ༔ ཨོཾ༔ གཉན་ཆེན་ཐང་ལྷའི་གཏོར་བསྔོས་བསྡུས་པ་སུ་ལ་མེད་པའི་བཀའ་རྒྱ་ཅན་བཞུགས་སོ། ཨོཾ་ཨ་ཀཱ་རོ་སོགས། བྱིན་རླབས་ལན་གསུམ་བྱ། ཨོ༔ དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག༔ སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར༔ འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི༔ མཚོ་སྨན་ཕྱུག་མོར་བཅས་པས་གཏོར་མ་བཞེས༔ བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་༔ བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེན་ལྡན༔ གདུག་འདྲེ་ནད་དང་གནོད་པ་ཞི་བ་དང་༔ ཐམས་ཅད་བདེ་གར་སྤྱོད་པའི་བཀའ་དྲིན་སྩོལ༔ ཨོཾ་ཨ་མ་ནུ་ཁེ་ནཱ་ག་རཱ་ཛ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཱ་ག་ཨ་སྱས་མཛད་པའོ།། །།

རྡོ་རྗེ་འབར་བ་རྩལ་སྒྲུབ་པའི་ཟིན་བྲིས།

p. 195

རྡོ་རྗེ་འབར་བ་རྩལ་སྒྲུབ་པའི་ཟིན་བྲིས་སོཿ

p. 196

ན་མོ་པདྨ་བཛྲ་ཡེ༔ པད་འབྱུང་སྤྲུལ་པར་བཅས་ལ་ཕྱག་འཚལ་ལོ༔ དགོངས་གཏེར་ཐང་ལྷ་སྒྲུབ་པའི་ཟིན་བྲིས་བྲི༔ ཕྱིང་དཀར་སྟེང་དུ་རས་དཀར་དྲི་མེད་ལ༔ དྲི་ཞིམ་སྨན་སྣ་བྱུགས་ཏེ་བཏིང་བའི་སྟེང་༔ དཔེའུ་རིས་བཞིན་དུ་དཀྱིལ་འཁོར་བྲི་བའམ༔ མ་འཛོམས་འབྲུ་ཡིས་དེ་ལྟར་བྲིས་ཀྱང་ཆོག༔ དེ་སྟེང་རིན་ཆེན་སྣོད་གཙང་ནང་དུ་ནི༔ དཔེའུ་རིས་བཞིན་དུ་རྟེན་གཏོར་བཅའ་ལ་བཞག༔ རྟེན་གཏོར་ཚད་ནི་ཁྲུ་གང་རྐང་གང་ངམ༔ མ་འཛོམས་མཐོ་གང་གིས་ཀྱང་ཆོག་པར་བཤད༔ དེ་མདུན་རྒྱུན་གཏོར་ཟུར་གསུམ་མཐོ་གང་པ༔ མེ་ཏོག་པདྨ་དམར་པོས་བརྒྱན་པ་བཤམས༔ གཡག་ལུག་ར་གསུམ་ཕྱེ་མར་ཇ་ཆང་ཕུད༔ ལྕགས་ཕུར་མགུལ་དུ་ཡུངས་ཀར་ཐུམ་བུར་བཏགས༔ བྲིས་པའི་གཡག་གམ་ཡང་ན་

p. 197

འདག་ལས་བཅའ༔ མདའ་དར་གོ་མཚོན་སྤྱན་གཟིགས་མང་པོ་བཤམས༔ ཤིང་སྣ་སྤོས་དཀར་དུད་པས་རོལ་མོ་བྱ༔ དེ་དག་སྤོས་རུམ་བྱས་ལ་ཆུ་གཙང་བྲན༔ དེ་ནས་རྟ་མགྲིན་བདག་བསྐྱེད་བསྒོམས་པའི་རྗེསཿ སྐུ་གཟུགས་མདུན་བསྐྱེད་དབྱེར་མེད་ཐང་ལྷ་བསྒོམས༔ ལས་བྱང་བཞིན་དུ་བསྐུལ་པ་མ་གཏོགས་འདོན༔ ཁཱ་ཧི་སྭཱ་ཧཱའི་མཇུག་ཏུ་ཕུད་རྒོད་དང་༔ མེད་ན་ཆུ་གཙང་འབྲུ་བཏབ་ནམ་མཁར་གཏོར༔ མཆོད་གཞིའི་མཐའ་རུ་ཡོན་ཆབ་མང་པོ་བཤམས༔ རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས༔ མདུན་བསྐྱེད་ཐང་ལྷའི་ཐུགས་ཀར་ཕོག་པ་དང་༔ ཐང་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཨཱཿཡིག་དཀར་པོའི་མཐའ་ལ་སྔགས་གཡས་བསྐོར་དེ་

p. 198

ལས་འོད་ཟེར་དཀར་པོ་ནུབ་ཕྱོགས་འཕྲོས༔ དབུ་རུ་བྱང་ཕྱོགས་ཐང་ལྷའི་གངས་རི་ནས༔ ཐང་ལྷའི་སྐུ་ནི་ཆེ་ཆུང་སྣ་ཚོགས་པ༔ དམག་ཆེན་གཤར་བཞིན་བར་སྣང་ཁམས་ནས་བྱོན༔ མདུན་བསྐྱེད་ལ་ཐིམ་དབྱེར་མེད་གཅིག་ཏུ་གྱུར༔ རྟེན་གཏོར་འདོད་པའི་ཡོན་ཏན་སྣ་ཚོགས་དང་༔ རྟག་གཏོར་བདུད་རྩིའི་རྒྱ་མཚོ་གསོལ་བས་མཉེས༔ བདག་ལ་དགའ་ཞིང་གུས་འདུད་དང་བཅས་ནས༔ སློབ་དཔོན་པདྨའི་རྗེས་འཇུག་ཁྱེད་ཉིད་ཀྱིས༔ ཅི་གསུངས་བཀའ་ཉན་གསུང་སྡོད་ཕྲིན་ལས་སྒྲུབས༔ ཁྱད་པར་བདག་གིས་སྔོན་ཚེ་ཚེ༔ དམ་བཅས་ལྟར༔ ཁྱེད་ཅག་སློབ་དཔོན་མི་ནོར་འཁོར་བཅས་ལ༔ རྒྱལ་འགོང་དམ་སྲིའི་གནོད་པ་མ་ལུས་བསྲུང་༔ དེ་སྐད་ཡང་ཡང་གསུངས་ཤིང་ཁས་བླངས་བསྒོམ༔ ཨོཾ་ཨཱཿཧཱུྃ་ཧྲཱིབཛྲ་འབར་བ་རྩལ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ་ཐུན་བཞིར་ལས་བྱང་གསོལ་ཁ་བྱ༔ སྔགས་གྲངས་འབུམ་ཡིན་ཞག་ནི་གསུམ་མམ་ལ༔ རྟགས་ནི་དཔོན་རིགས་སྐྱ་པ་ཆས་བཟང་དང་༔ དམག་དང་ཚོང་དཔོན་ལ་སོགས་འདུ་འཚོགས་མང་༔ གངས་རི་གཡག་དཀར་ལུག་ཁྱུ་ལ་སོགས་རྨིས༔ དེ་ནས་སྒྲུབ་པ་ཞག་པོ་གཅིག་བྱ་སྟེ༔ ཐུན་བཞི་ལྕགས་ཕུར་ཀླད་ལ་གཡུག་བྱས་ཏེ༔ ཐང་ལྷ་གྲངས་མེད་སྤྱན་དྲངས་གཡག་ལ་བསྟིམ༔

p. 199

གཡག་དེ་ངུར་ཞིང་ཇེ་ཆེ་ཇེ་ཆེར་ཚར༔ གནམ་ས་གང་ཞིང་ཁ་རླངས་སྤྲིན་དུ་འཐིབས༔ ང་རོ་འབྲུག་ལྟར་ངུར་ཞིང་བྲོ་འཁྲབས་པས༔ རྨིག་བཞི་ཐོག་གི་རང་བཞིན་བྲོ་འཁྲབས་པས༔ བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི༔ རྒྱལ་འགོང་དམ་སྲི་སྨྱོ་འདྲེ་ཐམས་ཅད་ནི༔ མི་སྐྱ་བན་གཟུགས་བུ་ཆུང་སྤྲེའུ་རྣམས༔ རོ་ངན་འཆི་ལ་ཁད་དུ་གནས་པའི་སྟེང་༔ གཡག་གིས་བྲོ་འཁྲབ་བརྗེས་པས་ནང་ཁྲོལ་རྣམས༔ དམར་དང་ཇིར་ཇིར་ཕྱི་རུ་བུད་པ་དེ༔ ལྕེ་ནི་མེ་ཡི་རང་བཞིན་གློག་ལྟ་བུས༔ ལྡག་པས་ཤ་དང་པགས་པ་ཀུན་ཟད་ནས༔ རུས་པ་སྐྱ་དང་ལྷག་ལྷག་བྱུང་བར་བསྒོམ༔ མཐར་ནི་གཡག་གི་ཁ་རླངས་མེ་དཔུང་གིས༔ རུས་པའང་གཞོབ་ཏུ་བསྲེགས་ནས་རྗེས་མེད་གྱུར་ཨཱཿཧཱུྃ་ཧཱུྃ༔ བཛྲ་འབར་བ་རྩལ་བིགྷཱན་རཱ་ཛ་མཱ་ར་ཡ་ཕཊ༔ དེ་ལ་འདི་སྐབས་ཞག་གཅིག་བྱ་བ་སྟེ༔ དེ་ནས་དུས་བཞིར་ལྕགས་ཕུར་ཀླད་ལ་གཡུག༔ ལྕགས་ཕུར་དེ་ལས་ཐང་ལྷའི་སྤྲུལ་པ་ནི༔ དུང་ཁྲ་དཀར་པོས་ནམ་མཁའི་བར་སྣང་གང་༔ ལྕགས་ཀྱི་སྡིག་པས་ས་གཞི་ཐམས་ཅད་གང་༔ རང་ལ་གནོད་པའི་རྒྱལ་འགོང་དམ་སྲི་ནི༔ བྱ་དཀར་དེ་ཕོའི་རྣམ་པར་འཕུར་བ་དེ༔

p. 200

དུང་ཁྲ་དཀར་པོ་ཁྱུང་ཙམ་མང་པོ་ཡིས༔ ཇིར་གྱིས་བཟུང་ནས་སྤུ་བཏོན་ཟ་བར་བསྒོམ༔ ལྕགས་ཀྱི་སྡིག་པའི་ལུས་ཀྱིས་ས་གཞི་ཁྱབ༔ རྭ་དང་མཇུག་མ་ནམ་མཁར་གདེངས་པ། སྟེ༔ ཁ་ནས་འོད་ཟེར་ལྕགས་དྲ་ལྟ་བུར་འཕྲོས༔ རྒྱལ་འགོང་བཙུན་གཟུགས་ཐམས་ཅད་དེ་ནང་བཙུད༔ ཚུར་དྲངས་སྙིང་དཀར་ནག་མཚམས་སུ་མཆེ་བ་བཏབ༔ མགོ་ནས་སྐེད་པ་ཡན་ཆད་སྡིག་པ་ཡིས༔ ཁ་རུ་བཙུད་ནས་འཆའ་ཞིང་ཡོད་པར་བསྒོམ༔ ཨོཾ་བཛྲ་མུན་ཀ་ར་ཉིད་ཁུ་ཤ་ལི་རཱ་ཛ་མཱ་ར་ཡ༔ ཞེས་པ་དེ་ལ་ཉིན་གཅིག་བཟླས་བྱ་སྟེ། །དང་པོ་དེ་ནི་གཞི་བསྙེན་རྩ་བ་ཡིན། །རྗེས་མ་གཉིས་ནི་ལས་སྦྱོར་རྣམ་གཉིས་ཏེ། །གཞན་ཡང་ལས་ཚོགས་མང་སྟེ་འདིར་མ་སྨོས། །རྒྱལ་འགོང་དམ་སྲི་ཐུབ་རྟགས་རྨི་བའམ། །ཡང་ན་བྲོས་པའི་རྟགས་སུ་འཇའ་ཡལ་འགྲོ། །དེ་ཕྱིར་དམ་སྲིའི་རྒྱུན་ལམ་ཆད་པར་གསུངས། །འཇིག་རྟེན་ལྷ་ནི་མཆོད་དང་བསྟོད་པས་འགྲུབ། །རོལ་མོ་གྱེར་དབྱངས་བསང་དུད་བཅས་པ་བྱ། །འདི་ནི་ལྷ་ཆེན་སྲོག་གཟེར་གནད་ཟབ་སྟེ། །མང་དུ་སྤེལ་ན་འཁུ་ལྡོག་མངོན་སུམ་འོང་། །མིང་ཙམ་མི་སྨྲ་གཅིག་བརྒྱུད་བྱ་བ་ལས། །ཀུན་ལ་འཆོར་བར་མང་དུ་སྤེལ་བྱེད་ན། །སྡེ་བརྒྱད་ཤན་པ་དམར་པོས་སྲོག་ཆོད་གསུངས། །དེ་ཕྱིར་འདི་ཡི་བཀའ་གཏད་ཤིན་ཏུ་སྦ། །དེ་བཞིན་ཟིན་བྲིས་འདི་ཉིད་ཤིན་ཏུ་སྦ། །འདོན་ཚོགས་ལུང་ཙམ་བྱས་པ་དེ་

p. 201

ལ་ཡང་། །སྨྱོན་པའམ་ནི་སྲོག་རླུང་ནད་པ་ལ། །སྨྱོ་འདུལ་དམིགས་པ་བསྐུལ་པ་དང་བཅས་ནས། །གཏོར་མ་མགོར་བཞག་བཀའ་བསྒོ་བྱིན་བརླབས་ལ། །ཧ་ཅང་བཀའ་རྒྱ་ཡོད་པ་མ་ཡིན་ནོ། །ཐུན་བཞིར་ལས་བྱང་འདོན་པའི་སྐབས་སུ་ཡང་། །རྟག་གཏོར་ཟུར་གསུམ་རྒྱུན་དུ་གསོ་བྲན་དང་། །ཐུན་གཏོར་ཟུར་གསུམ་རྩེ་སོར་བཅུ་གཉིས་པ། །ཐུན་བཞིར་འབུལ་ཞིང་རྟེན་འགྲམ་གཞི་སྟེང་བཞག །འོ་ཞོ་ཕྱེ་མར་བསང་མཆོད་དུས་ལྟར་རོ། །སྤྱན་འདྲེན་དུས་སུ་བསང་དུད་ཅུང་ཙམ་བཏང་། །འདི་ནི་འཇམ་པས་མི་ནོར་དོགས་སོགས་མེད། །གལ་ཏེ་འཁོར་ལ་བབ་པར་སྲིད་ན་ཡང་། །དེ་ལ་སྐྲག་པ་ཅི་ཡང་མི་དགོས་སོ། །བརྡེག་རྩོག་སྨྱོ་སྤྱོད་ལ་སོགས་བྱེད་སྲོལ་མེད། །བསྒྲུབས་པ་ཚར་ནས་མདུན་བསྐྱེད་སྐུ་གཟུགས་བསྟིམ། །མེད་ན་རང་གནས་གཤེགས་གསོལ་སྤྱི་ལྟར་བྱ། །ཕྱིར་ནངས་བསང་ཞིག་ཐོན་ན་ལེགས་པ་ཡིན། །འདི་བྲིས་ཉེས་བཤགས་དགེ་བས་འགྲོ་ཕན་ཤོག །ཨ་རཱ་གས་སོ། །མངྒ་མ ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀླུ་རྒྱལ་དགེ་བསྙེན་སྨྱོ་ཁའི་གསོལ་མཆོད།

p. 202
p. 203

ཀླུ་རྒྱལ་དགེ་བསྙེན་སྨྱོ་ཁའི་གསོལ་མཆོད་ལགས་སོ།། ཧཱུྃ། རྫོགས་ལྡན་དང་པོར་རྡོ་རྗེ་འཛིན་པ་ཡིས། །ཁྱོད་ལ་དབང་བསྐུར་སེམས་བསྐྱེད་བྱིན་བརླབས་ནས། །མ་འོངས་སྙིགས་མར་བསྟན་པའི་གཉེར་གཏད་ཅིང་། །དམ་ཚིག་སེམས་དཔའ་ཉིད་དུ་མངའ་གསོལ་མཛད། །རྩོད་ལྡན་གཉིས་པ་བར་གྱི་བསྐལ་པ་ལ། །སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས། །དབང་བསྐུར་ཡེ་ཤེས་སེམས་དཔར་མངའ་གསོལ་བས། །དྲེགས་པའི་གཙོ་བོ་གཏེར་གྱི་སྲུང་མར་བསྐོས། །རྩོད་ལྡན་ཐ་མར་སྙིགས་མ་ལྔ་བརྒྱའི་མཐར། །རྒྱལ་བསྟན་རིན་ཆེན་ཁྱོད་ཀྱིས་སྐྱོང་བར་མཛོད། །ཁས་བླངས་དམ་བཅའ་མ་གཡེལ་དྲན་མཛོད་ལ། །སྒྲུབ་མཆོག་བསྟན་པ་སྲུང་བར་མངའ་གསོལ་ལོ། །དབང་དྲག་པདྨས་དམ་ལབཞག་པ་ཡིས། །གནས་བརྒྱུད་དགེ་བསྙེན་གཅིག་དང་ཐ་དད་མེད། །རོལ་མཚོ་བདུན་དང་བླ་མཚོ་ནག་པོའི་བདག །ཀླུ་ཆེན་བརྒྱད་ཀྱི་གཙོ་བོར་མངའ་གསོལ་ལོ། །སྲིད་གསུམ་འདི་ནས་འགྲན་ཟླ་མ་མཆིས་པའི། །སྦྲུལ་ནག་གདེངས་ཀ་སྲིད་པའི་རྩེ་མོར་སླེབས། །མགོ་ལུས་མེད་པར་མིག་གིས་གང་བ་ཁྱོད། །བསྟན་པའི་བྱ་ར་གཟིགས་པར་

p. 204

མངའ་གསོལ་ལོ། །ཀླུ་བདུད་འབུམ་གྱི་འཁོར་གྱིས་ཡོངས་བསྐོར་བའི། །ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ་བོར་བཞུགས། །ཁྱེད་ལ་བདག་གིས་མངའ་གསོལ་ཞུ་བ་ནི། །དམ་ཉམས་དགྲ་བོའི་གཤེད་མར་མངའ་གསོལ་ལོ། །སྒྲུབ་པའི་འགལ་རྐྱེན་སོལ་ཅིག་མངའ་གསོལ་ལོ། །མཐུན་རྐྱེན་བསམ་པ་སྒྲུབ་ཅིག་མངའ་གསོལ་ལོ། །འདོད་དོན་ཕྲིན་ལས་མཛོད་ཅིག་མངའ་གསོལ་ལོ། །དམིགས་པའི་དགྲ་བགེགས་སྒྲོལ་ཅིག་མངའ་གསོལ་ལོ། །བསྟན་པའི་སྒྲོན་མེ་སྦོར་ཅིག་མངའ་གསོལ་ལོ། །སྔ་བཅོལ་ལས་ཀྱི་གཏང་རག་གཉན་པོ། །ད་བཅོལ་ལས་ཀྱི་ཞུ་སྐྱེམས་དམ་པ། །མེ་ཏོག་བདུག་སྤོས་ཕྱི་ཡི་མཆོད་པ། །འདོད་ཡོན་རྣམ་ལྔ་སྤྱི་ཡི་མཆོད་པ། །རྒྱལ་སྲིད་སྣ་བདུན་རང་གི་མཐུན་རྫས། །བ་ལིང་རྣམ་ལྔ་དགྱེས་པའི་དམ་རྫས། །བདུད་རྩི་སྨན་རཀ་གསང་བའི་དམ་རྫས། །ཚྭ་ས་རྣམ་ལྔ་དབང་པོའི་མེ་ཏོག །དགྲ་བགེགས་བསྒྲལ་བའི་སྲོག་དབུགས་དང་བཅས་པ་འདི་གསོལ་ལོ་མངའ་གསོལ་ལོ་མཆོད་དོ། །སྒྲུབ་པ་པོ་བདག་གི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་བ་དེ་ཐོགས་པ་མེད་པར་སྒྲུབས་ཤིག །ཀླུ་བདུད་ནག་པོ་དགེ་བསྙེན་སྨྱོ་ཁ་ཡི། །

p. 205

གསོལ་མཆོད་ཚང་མ་བསྡུས་པ་འདི་ཉིད་ནི། །རཱ་གའི་མིང་ཅན་བསམ་གཏན་པ་དེས་སྦྱར། །འདི་ལ་ཉེས་འགལ་གང་མཆིས་ཡོད་པའང་། །གཏེར་སྲུང་གཉན་པོ་འཁོར་དང་བཅས་ལ་བཤགས། །དགེ་བས་གསང་སྔགས་བསྟན་པ་དར་རྒྱས་ཤོག། །།

ཀླུ་བདུད་དགེ་བསྙེན་གྱི་གཏོར་འབུལ།

p. 206
p. 207

ཀླུ་བདུད་དགེ་བསྙེན་གྱི་གཏོར་འབུལ་ནི། བང་རིམ་གསུམ་པའི་སྟེང་དུ་དམར་གཏོར་ལེབ་ཞལ་གཅིག་ལ། མདུན་དུ་སྦྲུལ་དཀྲིས། གཡས་སུ་དཀར་གཏོར་གཡོན་དུ་དམར་གཏོར་རྒྱབ་ཏུ་སྨན་ཏིང་། འཁོར་དུ་དམར་གཏོར་བཅུ་གཉིས་གཡག་ལུག་ར་གསུམ་ཆུ་གནས་རྣམས་བཤམས་ལ། སྭ་བྷ་ཝས་སྦྱངས༔ ཨ་ཀཱ་རོ་སོགས། སཾ་བྷ་ར་སོགས། བདག་གི་བསམ་པའི་སྟོབས་དག་དང་། །སོགས། བྱིན་གྱིས་བརླབས། ཧཱུྃ༔ དགེ་བསྙེན་ཆེན་པོ་མཐུ་སྟོབས་ཅན། །ཁྱེད་ནི་བཞུགས་ཡུལ་རྫུ་འཕྲུལ་བསམ་མི་ཁྱབ། །ནེ་ལེ་ཐོད་དཀར་ཐང་ལྷ་རྡོ་རྗེ་རྒྱལ། །ཀླུ་བདུད་མགོ་དགུ་མཁར་ནག་ཟླ་བའི་གདོང་། །སྐག་མེད་ཟི་ར་ར་སྐྱེས་སྨྱོ་ཁ་བ། །ཟུར་ཕུད་ལྔ་པ་ཉ་ཆེན་ནག་འདོང་སོགས། །འཁོར་དང་སྤྲུལ་པ་བོད་ཁམས་ཁྱོད་ཀྱིས་ཁྱབ། །ལྕི་ངོམ་མཚམས་དང་བླ་མཚོ་གནས་པ་ཡི། །དྲག་པོ་བདུད་འདུལ་རྡོ་རྗེ་བདུད་འཇོམས་དང་། །བླ་མཚོ་དམར་ནག་ཀླུ་བདུད་བཙན་ལ་སོགས། །ཞི་བ་མི་དཀར་ཞྭ་དཀར་ཕོད་དཀར་ཅན། །རྟ་དཀར་འཁོར་གསུམ་བཅུ་གཉིས་ནང་བློན་འཁོར། །ཕྱི་འཁོར་བྱེ་འབུམ་འཁོར་དང་ཡང་འཁོར་བཅས། །དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྟག་ཏུ་སྲུང་སྐྱོབ་ཁ་འཛིན་

p. 208

སྡོང་གྲོགས་མཛོད། །ཀླུ་གཡང་དངོས་གྲུབ་སྣ་ཚོགས་ཆར་ལྟར་ཕོབ། །ཁྱོད་ཀྱང་གནས་དང་ཆུ་ཆེན་ལ་ཆེན་བདག །བཞུགས་ཡུལ་སྤྲུལ་པ་ཆོ་འཕྲུལ་ཅི་མཛད་ཀྱང་། །ལྷས་ཀྱང་མི་ལ་ཁ་འཛིན་མི་གཡེལ་ཅིག །གནས་མགྲོན་གཉིས་ཀྱི་དམ་ཚིག་ཐུབ་པར་སྲུངས། །སློབ་དཔོན་པདྨའི་བཀའ་ལ་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཀའ་དང་དམ་ལ་མ་འདའ་ས་མ་ཡ། །ཞེས་གཏོར་མ་ཕུལ་ལོ། །པདྨ་ཐབས་མཁས་ཞེས་བྱས་བསྐུལ་བའི་ཕྱིར། ཆོ་འཕྲུལ་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་ལ། རཱག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།

སྨྱོ་ཁའི་དགྲ་རྦད།

p. 209

དགེ་བསྙེན་དྲག་པོ་དགྲ་ལ་ཆད་ན་གཏོར་མ་ལ་འགུགས་གཞུག་བྱིན་བརླབས་བྱས་ལ། ཧཱུྃ། ཀླུ་བདུད་ནག་པོ་མཐུ་བོ་ཆེ། །ཤིན་ཏུ་དྲག་ཏུ་ཁྲོས་ཙམ་ན། །སྐུ་མདོག་མཐིང་ནག་མུན་པའི་མདོག །ལུས་ནི་གཞུ་འདོམ་བརྒྱད་ཀྱི་ཚད། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །དུག་གི་སྤྲིན་ནག་ཐེབས་སེ་ཐེབ། །སྡང་མིག་དམར་པོ་བསྒྲད་པ་ལ། །ཁྲག་གི་ཆར་པ་སི་ལི་ལི། །ཁ་གདངས་མཆེ་བ་གཙིགས་པ་ལ། །ནད་རླངས་དམར་པོ་ཕྱུ་རུ་རུ། །དགྲ་བོ་མ་བརྗེད་ཤྭ་ར་རེ། །བུ་ག་དགུ་ནས་འབྲུག་སྒྲ་སྒྲོག །འུར་སྒྲ་ཐུག་ཆོམ་སྐྱེ་ཆེམས་སེ་ཆེམ། །རྣ་བའི་ཁུང་ནས་ཐོག་རྒོད་འཕྲོ། །འཁྱུགས་དང་ཚྭ་ཚྭ་ཐུ་ལུ་ལུ། །བ་སྤུའི་གསེབས་ནས་ཐོག་རྒོད་འཕྲོ། །གནམ་ལྕགས་ཚྭ་ཚྭ་ཐུ་ལུ་ལུ། །རྐང་ཞབས་ནད་ཀྱི་རླུང་ཆེན་སྡང་། །རླུང་དམར་འཚུབ་མ་ཀྱི་ལི་ལི། །འོག་སྒོ་སྦལ་སྦྲུལ་ཕོ་ཉ་འཕྲོ། །སྦལ་སྦྲུལ་སྡོམ་སྡིག་ཉི་ལི་ལི། །ཕྱག་གཡས་སྦྲུལ་ནག་ཞགས་པ་བསྣམས། །བདུད་ཞགས་ནག་པོ་སྒ་ར་ར། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །ནད་རླངས་སྔོ་དམར་ཚུབས་སེ་ཚུབ། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །རྔ་རྔོག་སྦལ་སྦྲུལ་ཤིགས་སེ་

p. 210

ཤིག །བདུད་རྟ་རྒྱུག་འདུར་ཁྲ་ལ་ལ། །འཁོར་དུ་སྡེ་བརྒྱད་དུ་མས་བསྐོར། །ཆོ་འཕྲུལ་སྣ་ཚོགས་ཟིངས་སེ་ཟིང་། །བརྒྱན་པའི་གཏོར་མ་འདི་བཞེས་ལ། བློ་སྦྱོ་སྡང་བའི་དགྲ་ལ་བྷྱོ། །ཆོས་ཆོས་སྡང་བའི་དགྲ་ལ་ཆོས། །མཐུ་དང་རྫུ་འཕྲུལ་ཅི་འདུག་ལྟ། །རྟགས་དང་ཆོ་འཕྲུལ་དུ་མ་སྟོན། །ལྟས་ངན་མི་རུངས་སྣ་ཚོགས་ཐོངས། །ཐོག་དང་སེར་བ་གནམ་རྡོ་རྒྱོབས། །གག་ལྷོག་མཛེ་དང་གཉན་ནད་ཐོངས། །རིམས་དང་འཁྲུགས་པའི་གྲི་རྒོད་ཀྱིས། །སྡང་བའི་དགྲ་བོ་ལས་ངན་འདི། །ཐོགས་མེད་བཙན་ཐབས་ཁ་རུ་སོད། །དགེ་བསྙེན་ཆེན་པོའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ནས་གཏོར་མ་གཟའ་ཀླུ་རྒྱུ་བ་དང་བསྟུན་ནས་དགྲ་ཕྱོགས་སུ་འཕང་ངོ་། །ཤིན་ཏུ་གཉན་པས་སྤེལ་མི་རུང་ཞེས་༧རཱ་ག་ཨ་སྱས་སྦྱར་བའོ། །སངས་རྒྱས་བསྟན་པའི་བྱ་ར་མཛད་དུ་གསོལ། ཨྠྀི། མངྒ་ལཾ།། །།

གནམ་ཆོས་ལས་གནས་བརྒྱད་བསྐང་བ་བསམ་པ་མྱུར་འགྲུབ།

p. 211

གནམ་ཆོས་ལས་གནས་བརྒྱད་བསྐང་བ་བསམ་པ་མྱུར་འགྲུབ་བཞུགས་ལགས་སོ།། ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས། །རྒྱ་མཚོ་ཆེན་པོ་དྭངས་བའི་ནང་། །འཇམ་།དཔལ་ཐུགས་ལས་སྤྲུལ་པའི་སྐུ། །དགེ་བསྙེན་ཆེན་པོའི་ཡང་རྗེ་སྟེ། །ནཱ་ག་རཀཱའི་ཐུགས་དམ་བསྐང་། །དེ་ཉིད་ཞི་བ་ནོར་ལྷའི་ཚུལ། །མི་མགོན་དཀར་པོའི་ཐུགས་དམ་བསྐང་། །དེ་ཡི་བཀའ་འཁོར་ཀླུ་ཆེན་བརྒྱད། །བཙུན་མོ་སྲས་བཅས་ཐུགས་དམ་བསྐང་། །གནས་ཆེན་དེ་ཝི་ཀོ་ཊ་ན། །གནས་བཅས་གཏེར་གྱི་སྲུང་མ་མཆོག །དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་། །གནས་བརྒྱད་མཚན་བརྒྱད་ལྡན་པ་ཡི། །བསྟན་སྲུང་ཆེན་པོའི་ཐུགས་དམ་བསྐང་། །དེ་ཡི་བཀའ་བློན་ཀླུ་བདུད་ནི། །འབོ་རང་ནག་པོའི་ཐུགས་དམ་བསྐང་། །རྒྱ་གར་གྲོང་ཁྱེར་སྒྲ་སྒྲོགས་དང་། །སོགས་གི་ཆུ་ལ་གནས་བཅས་པ་ཡི། །རྡོ་རྗེ་རྒྱལ་པོའི་ཐུགས་དམ་བསྐང་། །ཀླུ་མོ་ན་ར་སིང་ཧ་དང་། །ཀླུ་ཆེན་མིང་སྲིང་ཐུགས་དམ་བསྐང་། །བར་བློན་ཆེན་པོ་དྲག་རྩལ་ཅན། །དགེ་བསྙེན་ཆེན་པོའི་ཐུགས་དམ་བསྐང་། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །གཡས་པས་

p. 212

སྦྲུལ་ཞགས་གཡོན་ནད་རྐྱལ། །ཆིབས་སུ་སྦལ་པ་གྲོ་མོ་ཆིབས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྤྲུལ་པ་མི་ནག་རྟ་རུ་ནག །གཡས་པས་མདུང་དར་ནག་པོ་ཕྱར། །ནག་ཕྱོགས་ལྷ་འདྲེ་དབང་དུ་སྡུས། །གཡོན་པས་རུ་མཚོན་དཀར་པོ་ཕྱར། །དཀར་ཕྱོགས་ལྷ་འདྲེ་བྲན་དུ་ཁོལ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཡང་ཅིག་སྤྲུལ་པ་འགྱེད་ཙམ་ན། །བརྗེ་སེར་པོ་གསེར་ཞུ་ཅན། །གཡས་པས་མདུང་དར་ནག་པོ་ཕྱར། །གཡོན་པས་རུ་མཚོན་ནག་པོ་འཛིན། །རི་བོང་ནག་པོ་དིལ་འོབ་ཙམ། །ཆིབས་ནས་དགྲ་ལ་ཡེ་འདྲོགས་གཏོང་། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །དགེ་བསྙེན་སྤྲུལ་པ་འགྱེད་ཙམ་ན། །སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ། །དབུ་ལ་པད་ཞྭ་སེར་པོ་གྱོན་། །ཕྱག་གཡས་མདུང་དར་དཀར་པོ་ཕྱར། །གཡོན་པས་སྦྲུལ་ནག་ཞགས་པ་འཛིན། །ཆིབས་སུ་རྟ་ནག་རྟིང་དཀར་ཆིབས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གཉན་གྱི་སྤྲུལ་པ་འགྱེད་ཙམ་ན། །མི་དཀར་ཉ་ཡི་མགོ་བོ་ཅན། །ཆིབས་སུ་ཉ་ཆེན་དཀར་པོ་བཅིབས། །ཆུ་བོ་ཆུ་མདོ་ཀུན་ཏུ་རྒྱུགས། །ཕྱག་གཡས་ཉ་ཡི་རྒྱལ་མཚན་

p. 213

དང་། །གཡོན་པས་ཉི་མགོ་དབྱུག་ཏོ་འཛིན། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གནོད་སྦྱིན་སྤྲུལ་པ་འགྱེད་པའི་ཚེ། །ཚོང་དཔོན་སྐྱེས་བུའི་ཆ་བྱད་ཅན། །སྐུ་ལ་ཕྲུག་སྔོན་ན་བཟའ་གསོལ། །དབུ་ལ་རས་དཀར་ཐོད་ཅན་བཅིང་། །གསེར་གཡུ་བྱུ་རུའི་རྣ་བརྒྱན་མཛེས། །ཕྱག་ན་ནོར་བུ་ནེའུ་ལེ་བསྣམས། །ཆིབས་སུ་སྔོན་པོ་ཆུ་རིས་བཅིབས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །ཀླུ་བཙན་སྤྲུལ་པ་འགྱེད་ཙམ་ན། །མི་དམར་རྟ་དམར་དམག་ཆས་ཅན། །སྦྲུལ་མགོ་དྲུག་གི་གདེངས་ཀ་ལ། །སྦྲུལ་གྱི་མཇུག་མས་སྐེད་ལ་དཀྲིས། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཁྱུག །གནམ་ལྕགས་ཐོག་སེར་དྲག་ཏུ་འབེབས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །ཡུམ་གཅིག་ཀླུ་མོ་གསེར་གྱི་མདོག །ཕྱག་གཡས་ནོར་བུའི་བེ་ཅོན་བསྣམས། །གཡོན་པས་གསེར་གྱི་པདྨ་འཛིན། །སྐུ་སྨད་མཚོ་ཡི་ནང་ན་ནུབ། །མཚོ་སྨན་མཛེས་སྡུག་འཁོར་གྱིས་བསྐོར། །སྙན་པའི་གླུ་ལེན་བྲོ་ཡང་འཁྲབས། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སློབ་དཔོན་མི་དཔོན་ཁྱེའུ་གཟུགས། །ཐོད་པ་དཀར་པོ་འོད་ཟེར་འཕྲོ། །ཚེས་

p. 214

བརྒྱད་ཟླ་བའི་གཟུགས་ཀྱི་མཛེས། །ཕྱག་གཉིས་ཐུགས་ཀར་ཕྱག་མཚན་ནི། །སྦལ་པ་སྦྲུལ་གྱི་མཇུག་ཅན་འཛིན། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །འཁོར་གྱི་རྒྱལ་རིགས་རྗེའུ་རིགས། །དམངས་རིགས་གདོལ་པ་བྲམ་ཟེ་སོགས། །ཀུན་གྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་རྣམས། །ཚེ་རབས་ལྔ་བརྒྱ་ཚུན་ཆད་ནས། །ཀླུ་གཉན་ཐུགས་དང་ཅི་འགལ་བ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཕ་མྱེས་སྔ་རབས་མན་ཆད་ནས། །བུ་ཚ་ཕྱི་རབས་ཡན་ཆད་ཀྱིས། །ཁྱེད་ཅག་ཐུགས་དང་འགལ་བའི་ལས། །གང་མཆིས་ཐམས་ཅད་མཐོལ་ལོ་བཤགས། །བདག་ཅག་དཔོན་སློབ་ཡོན་མཆོད་ལ། །ཀླུ་དང་ས་བདག་ལས་གྱུར་པའི། །ནད་ཀུན་སྐད་ཅིག་ཉིད་ལ་སོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ས་མ་ཡཱ༔ ཨཱས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ ཨོཾ་སརྦ་ནཱ་ག་ནཱ་གི་ཨོཾ་བཛྲ་ས་མ་ཡཱ་སོགས། ཞེས་དགེ་བསྙེན་བསྐང་གསོལ་གཉིས་རཱ་ག་ཨ་སྱས་སྦྱར་བ་ལྟར། བླ་མ་མཐར་ཕྱིན་ཞེས་བྱས་བྲིས། སརྦ་མངྒ་ལཾ།། །།

བཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས།

p. 215

བཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས་བཞུགས་སོ། །

p. 216

ན་མོ་རྒྱ་ཤྲཱི་ཝ་ཡེ། འོ་ན་འདིར་དཔལ་རྟ་མགྲིན་གྱི་བཀའ་སྲུང་བཙན་གྱི་མགོན་པོ་སྒྲོལ་གིང་བེག་རྩེ་ལྕམ་དྲལ་གྱི་ལོ་རྒྱུས་ནི། །ངོ་བོ་དང་མཚན་གྱི་རྣམ་གྲངས། སྐྱེས་རྒྱུད་དང་རྒྱུད་ཀྱི་གསུང་ཚུལ། དེ་གཏེར་ནས་བྱུང་ལུགས་དང་བཀའ་བབས་ལུགས་སོ། །དང་པོ་ནི་གནོད་སྦྱིན་བེག་རྩེ་འདི་ནི། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་གསུང་གི་སྤྲུལ་པ་ཡིན་ཏེ། མ་རུ་རྩེ་ཤན་པ་སྒྲོལ་བྱེད་ཀྱི་རྟོགས་པ་ལས། གནོད་སྦྱིན་བེག་རྩེ་ཉིད་ཀྱིས་སྨྲས་པ། བདག་ནི་གཤིན་རྗེ་ནག་པོའི་གསུང་གི་སྤྲུལ་པ་ལགས། ཞེས་གསུངས་སོ། །ཡང་འདི་ཡི་གཞུང་

p. 217

ཡིག་རྙིང་ལས། བོད་ཡུལ་མ་མོའི་དམག་དཔོན་མཛད། །ཅེས་དང་། མ་མོ་ཡོངས་ཀྱི་དམག་དཔོན་མཛད་པའི་ཚེ། །ཟལ་མོའི་སྒང་ནས་གཤེགས་སུ་གསོལ། །ཞེས་བྱུང་བས་སྐུ་རྒྱལ་དང་ངོ་བོ་གཅིག་པ་ཡིན། ཞེས་ཟེར་བ་ཡང་ཐོས་ཤིང་ཆོས་སྐྱོང་འདི་གཙོར་བྱེད་པའི་བླ་མ་དག་གིས་སྐུ་རྒྱལ་ནས་ས་རྡོ་བླངས་འདི་རྟེན་བཞེངས་པ་སོགས་བྱེད་པར་སྣང་ངོ་། །ཡང་གནོད་སྦྱིན་ཤན་པ་དམར་ནག་དང་ཡང་ངོ་བོ་གཅིག་ཡིན་པར་བཤད་ཅིང་། དེའི་གཞུང་ལས། ཕྱི་རུ་ལྷ་སྲིན་སྡེ་བརྒྱད་ལ། །ནང་ལྟར་རྒྱལ་པོ་རྣམ་ཐོས་སྲས། །གསང་བ་གཟའ་རྒོད་མིག་དམར་ཏེ། །

p. 218

མཚན་ནི་གནོད་སྦྱིན་དམར་ནག་ཅེས། །དྲག་རྩལ་ཐོགས་དང་འདྲ་བ་འདི། །ཞེས་གསུངས་པ་དང་། བེག་རྩེའི་རྒྱུད་ཀྱི་ལོ་རྒྱུས་ཁ་ཅིག་ནས་བེག་རྩེས་སྨྲས་པ། བདག་ནི་གནོད་སྦྱིན་ནག་པོའི་གསུང་གི་སྤྲུལ་པ་ཡིན། ཞེས་གསུངས་པའི་ཕྱིར། རྣམ་སྲས་དང་ཡང་རྒྱུད་གཅིག་ཅིང་ངོ་བོ་གནོད་སྦྱིན་ཡིན་པས་ལོངས་སྤྱོད་ཆེ་ལ། གཟའ་མིག་དམར་དང་ཐུགས་རྒྱུད་གཅིག་པའི་ཕྱིར་དྲག་རྩལ་ཆེ། འདིའི་མཚན་གྱི་རྣམ་གྲངས་ནི། སྲོག་བདག་དམར་པོ་ཞེས་ཀྱང་བྱ། གནོད་སྦྱིན་དམར་པོ་ཞེས་ཀྱང་བྱ། བཙན་འགོང་དམར་པོ་ཞེས་ཀྱང་བྱ། ཤན་པ་སྒྲོལ་བྱེད་ཅེས་ཀྱང་བྱ། སྐྱེས་བུ་དབང་གི་མདོག་ཁ་ཅན་ཞེས་ཀྱང་བྱ། ཡབ་ཞུད་དམར་པོ་ཞེས་ཀྱང་བྱ། བཙན་ཡམ་ཤུད་དམར་པོ་ཞེས་ཀྱང་བྱ། ཤན་པ་མ་རུ་རྩེ་ཞེས་ཀྱང་བྱ། །མ་རུ་རྩེ་ཞེས་ཀྱང་བྱ། བེག་རྩེ་ཅན་ཞེས་ཀྱང་བྱ། རྒྱ་གར་ཡུལ་གྱི་དགྲ་བླ། མ་རུ་རྩེ་ཡི་གནས་སྲུང་མི་ཡུལ་ཆོས་ཀྱི་སྲུང་མ། བོད་ཡུལ་མ་མོའི་དམག་དཔོན། གཤིན་རྗེ་རྣམས་ཀྱི་སྟོང་དཔོན། མ་མོ་རྣམས་ཀྱི་དགྱེས་སྡེ། དྲག་བཙན་རྣམས་ཀྱི་ཁ་དཔོན། གནོད་སྦྱིན་རྣམས་ཀྱི་ཡང་རྗེ། ལྷ་སྲིན་སྡེ་བརྒྱད་ཀྱི་རྩ་བ་ཡིན་པར་བཤད་དོ། །གཉིས་པ་སྐྱེས་རྒྱུད་

p. 219

ནི། ཉི་མ་བྱང་ཤར་མཚམས་རི་དམར་པོ་ཁྲག་གི་རལ་པ་ཅན། ཟངས་བྲག་རྦ་ཀློང་འཁྲུགས་པ། བྱི་རུའི་ཐང་ཁ་དམར་པོ་ལ་ཁྲག་མཚོ་དམར་པོ་ཡོད་པའི་ནམ་མཁའ་ལ། བྱང་ཐང་དམར་པོ་བྱང་རི་སྨུག་པོ། བྱང་སྤྲིན་དམར་པོ་ཡོད་པའི་གསེབས་ནས་གློག་འཁྱུགས་པ། ས་ལ་ཟངས་ཚུབ་དམར་པོ་འཚུབ་པ། བསེ་མཁར་སྨུག་པོ་སྒོ་བཞི་པ་ཟངས་ཀྱི་གནམ་སྒོ། བསེའི་ཁ་བད་གཡུ་དར་དང་ར་གན་གྱི་རུ་བཞི། བྱི་རུའི་ཐེམ་སྐས་ཅན། མི་མགོ་རུས་པའི་ཕྲེང་བ་ཅན། ལོགས་ལ་མི་ཁྲག་རྟ་ཁྲག་བརྐུས་པ། ཟངས་ཆུ་སྲིན་མོ་ངུར་བ། ཁྲག་གི་ཞམ་མཆུ་དམར་པོ་འབབས་པ་དེའི་ནང་ནས་མི་རོ་རྟ་རོ་གཅལ་དུ་བཀྲམ་པ། མི་ཁྲག་རྟ་ཁྲག་མཚོ་རུ་འཁྱིལ་བ། དྲེད་མོང་ལག་རྡེབ་དང་འཕར་བ་རྐང་རྡེབ་པ་དང་༔ དུར་ཁྲོད་ཀྱི་གཅན་གཟན་དང་། བསེ་ཁྲ་དང་དུང་ཁྲ་ལ་སོགས་ཏེ་ལྟས་ངན་གྱི་བྱ་སྣ་ཚོགས་གནས་ཤིང་འཇིགས་སུ་རུང་བའི་གནས་དེ་ན། ཕ་གནོད་སྦྱིན་ཟངས་ཀྱི་རལ་པ་ཨ་ཅན་དང་མ་སྲིན་མོ་ཁྲག་གི་རལ་པ་ཅན་གཉིས་འཚོགས་པ་ལས། བྱི་རུའི་སྒོ་ང་དང་བསེའི་སྒོ་ང་གཉིས་བྱུང་ནས། ནམ་མཁའ་ལ་འཕུར་ནས་ལྷ་བརྒྱད་བཏུལ། བར་སྣང་ལ་འཕྱོས་

p. 220

ནས་བཟའ་བརྒྱད་བཏུལ། ས་འོག་ཏུ་འཛུལ་ནས་ཀླུ་བརྒྱད་བཏུལ། ཕོ་མ་གཉིས་ཀྱང་ཟ་ལ་ཁད་དུ་གྱུར་ནས་ཕ་མས་མ་ཐུབ་བོ། །དེའི་ཚེ་མ་ཧཱ་དེ་ཝ་དང་ཨེ་ཀ་ཙ་ཏི་སྤྱན་དྲངས་ནས་བཏུལ་བར་ཞུས་སོ། །དེའི་ཚེ་ལྷ་དབང་ཕྱུག་ཆེན་པོ་དང་སྲིད་པའི་ཡུམ་ཨེ་ཀ་ཙ་ཏི་གཉིས་དབང་སྡུད་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་དམ་ལ་བཏགས་ཏེ་ཁ་ཊཾ་བརྒྱབས་ནས་སྒོ་ང་གཉིས་བཏོལ་བ་ལས། བྱི་རུའི་སྒོ་ང་ནས་བྱི་རུའི་མིག་དམར་པོ་ཅན་སྐུ་ལྟག་པར་བཅིང་པ། ཟངས་ཀྱི་བེག་རྩེ་དང་ཟངས་ཀྱི་རལ་ག་གྱོན་པ། ཟངས་ཀྱི་མདའ་གཞུ་དང་ཟངས་གྲི་བསྣམས་པ། བསེ་མདུང་དམར་པོ་དང་དར་གྱི་རུ་མཚོན་སྦྲེང་བ། ར་སླག་དམར་པོ་གྱོན་པ་བྱི་རུའི་འཁར་བ་ཐོགས་པ་གཅིག་བྱུང་། བསེའི་སྒོ་ང་ནས་སྲིད་པའི་བུ་མོ་གདོང་དམར་མ། མདོག་སྔོ་བ་གདོང་པ་དམར་པོ་བསེའི་སོ། དུང་གི་སྨིན་མ། གཡུ་མེའི་རལ་པ་ཅན། དབུ་སྐུ་མཆོང་ལ་མུ་མེན་གྱིས་བརྒྱན་པ། ཟངས་ཀྱི་གྲི་རྣོན་པོ་དང་ཕུར་པ་ཐོགས་པ། དྲེད་མོང་མི་ཟན་ལ་ཞོན་པ་གཅིག་བྱུང་ངོ་། །དེའི་ཚེ་མ་ཧ་དེ་བས་ཞུས་པའི་ངོར། མེ་རུ་རྩེ་ཤན་པ་སྒྲོལ་བྱེད་གྱི་རྟོགས་པ་ལེའུ་ལྔ་པ་གནོད་སྦྱིན་བེག་རྩེ་ཉིད་ཀྱིས་བཤད་ཅིང་། ཨེ་ཀ་

p. 221

ཙ་ཏིའི་ཞུས་པའི་ངོར། ཤན་པ་དམར་པོའི་རྒྱུད་ལེའུ་དྲུག་པ་རིགས་པའི་ལྷ་མོ་གདོང་དམར་མ་ཉིད་ཀྱིས་བཤད་དོ། །དེ་ནས་རྒྱུད་རྣམ་རྒྱ་གར་པང་པོ་ནང་དམར་པོ་ན་གཏེར་དུ་སྦས་པ་ལས། ཨ་ཙརྱ་ཉི་མ་གྲགས་པས་གནོད་སྦྱིན་ཉིད་ལས་དངོས་སུ་གནང་བ་ཐོབ་སྟེ་གཏེར་ནས་བཏོན། དེ་ནས་ཡབ་རྐྱང་གི་སྒྲུབ་ཐབས་ཡུམ་རྐྱང་གི་སྒྲུབ་ཐབས། ཡབ་ཡུམ་སྦྲེལ་སྒྲུབ་ཡིག་ཆུང་དང་རྒྱ་གཞུང་བཞི་མཛད་ཅིང་། སློབ་དཔོན་དེས་ནི་དགྲ་ལ་མིག་བལྟས་པ་ཙམ་གྱིས་འཆི་བར་བྱུང་། དེས་ཁོ་རང་གིས་སྲས་པཎྜི་ཏ་ཟླ་བ་ནག་པོ་ལ་གནང་ནས་ཐུགས་ཁྲོས་པ་ཙམ་གྱིས་དགྲ་བོ་ཤི་བ་བྱུང་། དེའི་སྲས་ལ་བོད་དུ་མཚན་གསུམ་བྱུང་སྟེ། གྷ་ཡ་དྷ་ར་ཞེས་ཀྱང་བྱ། ཨརྱ་དམར་པོ་ཞེས་ཀྱང་བྱ། ཤི་དྷ་ར་ཙཀྲ་ཞེས་ཀྱང་བྱ་སྟེ། དེ་བོད་དུ་ཕེབས་དུས་དབུས་ཀྱི་གྲྭ་ཐང་གི་གཙུག་ལག་ཁང་དུ་བོད་ཀྱི་ལོཙྪ་བ་མར་པས་བསྒྱུར་ཏེ། མར་པ་འདི་མར་པ་དམ་པ་དེ་ཡིན་པར་མངོན་ནོ། །ཡང་པཎྜི་ཏ་ཟླ་བ་ནག་པོ་ལ་གཉེན་ཆུང་ལོཙྪ་བས་ཞུས་ཏེ། གཉེན་གྱི་མགོན་པོ་གདོང་བཞི་པའི་ལས་མཛད་དེ། མགོན་པོ་གདོང་བཞི་པའི་ལས་མཁོན་སྒྲོལ་གིང་གི་སྲོག་བདག་དམར་པོའི་ཤན་པ་ཡིན་པས། གཉེན་

p. 222

ཆུང་ལོཙྪ་བའི་ངན་སྔགས་ཤིན་ཏུ་གཉན་ཅིང་རེག་ཐབས་མེད་པར་གྲགས་སོ། །གཉེན་གྱིས་གནམ་ཁའུ་པ་ལ་གནང་། དེས་བླ་མ་ས་སྐྱ་པ། དེས་བཀྲ་ཤིས་འོད་ཟེར། དེས་འདར་ཕྱར་ལའོ། །ཡང་ཕྱི་རོལ་པའི་སྟོན་པ་ཨརྱ་དེ་བ་དེའི་མུ་སྟེགས་ཀྱི་ངན་སྔགས་མང་པོ་མཁྱེན་ཅིང་། ཁྱད་པར་དུ་ངན་སྔགས་འདི་ལ་བྱེད་པ་ལས། དེས་ཨ་ཙ་ར་མེད་དུ་ལ་གནང་། དེ་བོད་དུ་གསེར་ཚོལ་དུ་འོང་ནས་སྟོད་ལུང་དུ་དབྱར་དགུན་གསུམ་ཙམ་བསྡད་ནས། མཐུ་རླབས་ཁོ་ན་མཛད་ནས་གསེར་སྲང་བརྒྱད་ཅུ་རྩ་བཞི་བྱུང་། ཡིག་ཆ་ཆེར་མ་སྤེལ་བར་རྒྱ་གར་དུ་ཁྱེར་བ་ལས། སྡེ་སྟོན་དང་གནས་དཔོན་གཉིས་ཀྱིས་ཞུས་ཏེ། ཁོང་སྡེ་སྟོན་བ་རྒྱལ་དབང་ཕྱུག་གིས་གསེར་སྲང་གསུམ་ཕུལ་ཏེ་ཞུས་ནས། དགྲའི་ཁྱིམ་བདུན་ཕུག་བཅུག་ནས་སྒོ་བརྩེགས། མི་བདུན་ཅུ་རྩ་ལྔ་བསྒྲལ་དུད་འགྲོ་དཔག་ཏུ་མེད་པ་བསྒྲལ། ཁོང་ལ་རྒྱ་སྟོན་འབུམ་ཕྲག་གིས་ཞུས་སོ། །ཨ་ཙ་ར་དེ་ལ་སོ་སྒོའི་གནས་བསྟན་ཡེ་ཤེས་བྱང་ཆུབ་ཀྱིས་མཛེ་གསོ་ན་རིན་ཆེན་ཕྲེང་བ་དང་ནས་ཟངས་ཉི་ཤུ་ཤ་ཁོག་གཡུ་བཟང་པོ་ཞིག་ཕུལ་ནས་ཞུས་པ་ལས། ཕྱིས་གཞན་ལ་གནོད་དོགས་ནས་དེས་མེ་ལྷ་ལ་ཕུལ་ལོ། །དེ་ལྟར་མར་པ་ལོ་ཙཱ་

p. 223

དང་། གཉེན་ལོ་ཙཱ་དང་། སྡེ་སྟོན་རྒྱལ་བ་དབང་ཕྱུག་དང་གསུམ། ཡང་གྷ་ཡ་དྷ་ར་ལ་སྐྱོག་རོའི་སྔགས་ནག །དར་སྐྱ་ཡིས་ཞུས་པ་དང་། ལུགས་བཞི་ཙམ་བྱུང་ཞིང་། གཉེན་གྱི་དང་ཨ་ཙ་ར་མདེའུ་ཡི་ལུགས་གཉིས་ལ་མན་ངག་ཁྱད་པར་ཅུང་ཟད་ཀྱང་མེད་སྐད། འདིའི་བརྒྱུད་པ་ནི་བེག་རྩེ་ཅན་ཨ་ཙརྱ་ཉི་མ་གྲགས། པཎྜི་ཏ་ཟླ་བ་ནག་པོ། ཨ་ཙ་ར་དམར་པོ། སྐྱོག་རོ་སྔགས་ནག་དར་སྐྱ། ར་པའི་ཇོ་སྲས་འབར་བ། གྲུབ་ཐོབ་འདར་ཕྱར། དེ་མན་ཕལ་ཆེར་རྟ་མགྲིན་ཡང་གསང་རོལ་པའི་བརྒྱུད་རིམ་དང་ལ་མཚུངས་ལ། གོང་ལྟར་བརྒྱུད་པ་གསུམ་ལས་རིམ་པར་བརྒྱུད་ནས་མི་ཕམ་པདྨ་དཀར་པོ་ལ་བརྒྱུད་ཅིང་ཁོང་གིས་ཆོས་སྐྱོང་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཚེ་དང་དབང་ཆོག་མཛད་པའི་གྲངས། སྒྲོལ་གིང་བཙན་གྱི་མགོན་པོ་བེག་རྩེ་འདིའི་ཆོ་ག་དང་དབང་ཆོག་སོགས་ཡོད་ཅིང་། ཉིད་ཀྱི་ཐུགས་སྲས་མཁས་པ་ལོ་ཆེན་པ་ལ་གནང་། དེས་ཚུལ་ཁྲིམས་རིན་ཆེན་ལ། དེས་བདག་རཱ་ག་ཨ་སྱ་ལའོ། །ཞེས་གནོད་སྦྱིན་བེག་རྩེའི་ལོ་རྒྱུས་ཀརྨ་ཨ་རཱ་གས་སྦྱར་བའོ།། །།

བཀའ་སྲུང་བེག་རྩེའི་སྒྲུབ་ཐབས།

p. 224
p. 225

བཀའ་སྲུང་བེག་རྩེའི་སྒྲུབ་ཐབས་བཞུགས་སོ། །

p. 226

ན་མོ་རྒྱ་གྷི་ཝ་ཡེ། དབང་ཆེན་རྟ་མགྲིན་གྱི་བཀའ་སྲུང་། གནོད་སྦྱིན་བེག་རྩེ་སྒྲུབ་པའི་ཐབས་ལ་གཉིས་ཏེ། རང་བཞིན་བསྙེན་སྒྲུབ་བྱ་ཐབས་དང་། ལས་སྦྱོར་བྱ་བའི་བསྙེན་སྒྲུབ་གཉིས་ལས། བསད་ལས་སོགས་མི་བྱེད་པར་རང་བཞིན་བསྙེན་སྒྲུབ་བྱ་བའི་ཐབས་ནི། དུར་ཁྲོད་དམ་ཆུ་འགྲམ་བྲག་དམར་པོའམ་བྲག་དང་ཆུ་འཐབ་པའི་དྲུང་ངམ། ཐ་མ་ཡང་དབེན་པའི་གནས་སུ། མཎྜལ་མདའོ་གང་གྲུ་བཞི་པ་ལ། རས་དམར་པོའམ་ཁྱི་དམར་ཁྲག་གིས་བྱུག་པའི་དབུས་སུ། མན་འགྱེལ་སྟེང་དུ་གྲི་ཐོད་དམ་ཟངས་ལྕགས་ཀྱི་སྣོད་འབྲུས་བཀང་བ་བཞག །དེའི་སྟེང་དུ་ཤན་པའི་ལག་ནས་ར་དམར་པོའི་སྙིང་རློན་པ་བླངས་ཏེ། དེའི་དབུས་སུ་གྲི་ཁྲག་གིས་བྲིས་པའི་སྙིང་པོ་བཅུག་ལ། དར་དམར་པོས་དྲིལ་ནས་བཞག །གཞན་

p. 227

ཡང་བཙན་བཤོས་གསེར་སྐྱེམས། མདའ་འུག་སྒྲོ་མ་ལ་དར་དམར་པོ་བཏགས་པ། རི་དམར་གྱི་སྤུད་པ་འུག་པའི་དང་རུ་སོགས་རྟེན་བཙུགས། དེ་ནས་ཡི་དམ་ཆོས་སྐྱོང་གི་ཆོ་ག་ཚར་ནས། དེའི་ཚུལ་དུ་གནོད་སྦྱིན་བཀའ་སྡོད་གྱི་ཚུལ་དུ་བསྐྱེད་དེ། མདུན་གྱི་ཙིཏྟ་བསངས་སྦྱངས་བྱས་ལ། མེ་དཔུང་གི་དབུས་སུ་ར་དམར་དོང་ཉི་མའི་སྟེང་དུ་པྲ་དམར་པོའི་འཕྲོ་འདུ་ལས། ཡམ་ཤུད་དམར་པོ་ཕྱག་གཡས་ཟངས་གྲི་ཕྱར་ཞིང་གཡོན་དགྲ་བོའི་གློ་སྙིང་དང་བཅས་པའི་ཞགས་པ་འཛིན་པ། བསེ་མདུང་དམར་པོ་ཕྱར་བ། ར་སླག་དམར་པོའི་སྟེང་ན་ཟངས་ཀྱི་རལ་ཁལ་དང་བེག་རྩེ་གསོལ་བ། དབུ་སྐྲ་ལྟག་པར་བཅིངས་ཤིང་སྨ་ར་དང་སྨིན་

p. 228

མ་ལས་མེ་སྟག་འཕྲོ་བ། སྤྱན་དང་ཤངས་དང་ཞལ་ནས་མེ་འབར་ཞིང་ཁྲོ་ཆུ་ཟངས་ཞུན་ལྟ་བུར་འཐོར་བ། བ་སྤུ་དང་སེན་མོ་གནམ་ལྕགས་འབར་བ་ལས་གྲུབ་པ། སྐན་སྒྲ་དང་གད་རྒྱངས་ཆེན་པོ་བསྒྲགས་པས་སྟོང་གསུམ་འདར་བར་བྱེད་པ། དེའི་གཡོན་དུ་ཁྲག་མཚོའི་དབུས་སུ་ཡཾ་ཡིག་ལས་སྲིད་པའི་བུ་མོ་གདོང་དམར་མ་སྐུ་མདོག་སྔོན་པོ། བསེ་གདོང་དམར་མོ་དུང་སོར་གཡུ་སྨིན་མོའི་རལ་པ་ཅན། དབུ་སྐྲ་མཆོང་དང་མུ་མེན་གྱིས་བརྒྱན་པ་ཕྱག་གཡས་ཟངས་གྲི་དང་གཡོན་ཕུར་པ་ཐོགས་ནས་དྲེད་མོང་ལ་ཞོན་པ། གཡས་སུ་གསུང་ལས་ལས་མཁན་སྲོག་བདག་བསེའི་ཁྲབ་རྨོག་ཅན། མདུང་དར་དམར་པོ་དང་བཙན་ཞགས་དམར་པོ་བསྣམས་ནས། ལྕེ་སྤྱང་སྨྱོན་པ་ལ་ཞོན་ནས་མཚན་མོ་རྒྱུ་བ། གཞན་ཡང་གྲི་ཐོགས་བརྒྱ་ཤན་པ་ཉི་ཤུ་རྩ་གཅིག་ཐམས་ཅད་ཀོ་རློན་དང་ཞིང་ལྤགས་གྱོན་ནས་རལ་གྲི་དང་གློ་སྙིང་རྒྱུ་མ་ཐོགས་པ་དང་། བཙན་དམར་སྟོང་སྡེ་མ་མོ་འབུམ་སྡེ་བདུད་སྲིན་སུམ་སྟོང་ཐེའུ་རང་སྟོང་སྡེ་གནོད་སྦྱིན་མཐའ་ཡས་པས་བསྐོར་བའི། གནས་གསུམ་དང་འབྲུ་གསུམ་ཐུགས་ཀའི་ས་བོན་དང་རང་ཐུགས་ཀའི་འོད་ཟེར་གྱིས། བྱང་ཤར་མཚམས་ཀྱི་

p. 229

གནས་ཁྲག་མཚོ་དང་བར་འཐབ་པའི་བར་ནས་གནོད་སྦྱིན་འཁོར་བཅས་སྤྱན་དྲངས། ཨོཾ་པྲ་ན་ཨརྨ་ལ་ཀི་རུ་པུ་རུ་ཤ་ཨ་ཀན་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བསྟིམས་ནས་རྩ་སྔགས་ལ་པུཊྚེ་སོགས་བཏགས་ནས་མཆོད། ར་གསུར་བཏང་། གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་བྱིན་གྱིས་རླབས་ཏེ་འབུལ། ཨོཾ་པྲ་ན་ཨརྨ་ཀཱི་རུ་པུ་རུ་ཤ་བྷཾ་སྣ་དཾ་བ་ལི་ཏེ་ཤ་ཏྲ་མཱ་ར་ཡ་ཁཱ་ཧི། །ཞེས་སོ། །ཨོཾ་པྲ་ན་ཨརྨ་ལུ་ཧེ་ཏེ་བྷ་ལིང་གྷཾ་ན་ཤ་ཏྲོ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གང་རུང་གིས་བསྔོས་ལ། གནོད་སྦྱིན་ཟངས་ཀྱི་བེག་རྩེ་ཅན་ཡུམ་རིག་པའི་ལྷ་མོ་གདོང་དམར་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། སྔོན་བཅོམ་ལྡན་འདས་གསང་བའི་བདག་པོ་དང་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ཡུམ་ཨེ་ཀ་ཙ་ཏི་དང་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པའི་ཐུགས་དམ་བསྐང་དམ་ཚིག་རྗེས་སུ་དྲན་པར་མཛོད་ལ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་ཡང་རྣལ་འབྱོར་བདག་ཅག་འཁོར་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན། ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་རྒྱ་ཆེན་པོ་མཛོད། ཚེ་དང་བསོད་ནམས་སྤེལ། ཁམས་

p. 230

གསུམ་དབང་དུ་བསྡུས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། རྟགས་དང་མཚན་མ་མྱུར་དུ་སྟོན། མཐུ་དང་རྩལ་ཕྱུངས་ཤིག །པྲ་ན་ཨ་མ་བཛྲ་ས་མ་ཡ་ཧཱུྃ། ཞེས་དམ་ལ་བཞག །བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁོའི་སྙིང་ཁའི་ས་བོན་པྲ་ལ་ཕོག་པས་དམར་ཞིང་ཆགས་པའི་རང་བཞིན་དུ་གྱུར་ཏེ་བདག་གི་དབང་དུ་གྱུར་ནས་སླར་འདུས་པས་བདག་ལ་དངོས་གྲུབ་བྱིན་པར་བསྒོམ། ཡང་རང་གི་ཐུགས་ཀའི་འོད་ཟེར་འཕྲོས་ནས་ཆོས་སྐྱོང་ལྕམ་དྲལ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་སྔགས་ཕྲེང་ལ་ཕོག་ཐུགས་རྒྱུད་བསྐུལ་ནས་རང་དབང་མེད་པར་བཀའ་ཉན་ལས་བྱེད་པར་བསམས་ལ། སྙིང་པོ་འདི་མི་ཚིག་གིས་བར་མ་ཆོད་པར་སུམ་འབུམ་བཟླས་པ་གྲངས་ཀྱི་བསྙེན་པའོ། །ཨོ་པྲ་ན་ཨ་མ་ཀྱི་རུ་པུ་རུ་ཤ་ཧཱུྃ་ཕཊ། ཐུན་རྗེས་མར་མཆོད་བསྟོད་གཏོར་མ་ར་གསུར་ཕུལ་ཞིང་ཕྲིན་ལས་བཅོལ་ལོ། །རྟགས་ནི་ཙིཏྟ་མགུལ་བ་དང་འཚེགས་པ་དང་མེ་འབར་བ་འབྱུང་། རྨི་ལམ་དུ་སྐྱ་ཤར་རྟ་པ་མང་པོ་དང་ཞུབས་ཅན་ཁྱོ་དང་ཆུང་མ་ན་ཆུང་མཛེས་མ་དང། ཆུ་དང་མེ་དང་རྟ་པ་དམར་པོ་རྣམས་བྱུང་ན་འགྲུབ་རྟགས་སོ། །སྙིང་མི་དགའ་བ་དང་བ་སྤུ་གྱེན་དུ་ལང་བ་དང་འགྲོ་སྙིང་འདོད་པ་དང་། རྨི་ལམ་དུ་མཛེ་ཕོ་བྱུང་ན་འཁུ་ལྡོག་རྟགས་ཡིན་པས། ཁོའི་སྤྱི་བོར་རྟ་མགྲིན་ཚོན་གང་བ་སྐུ་སྨད་ཕུར་ཅན་གཅིག་

p. 231

བསྒོམས་ལ། རྟ་མགྲིན་གྱི་སྔགས་ཤམ་དུ། ཧཱུྃ་ཕཊ་ཧཱུྃ་ཤ་རུ་པུ་རུ་ཀྱི་ཨ་མ་པྲ་ཨོ། ཞེས་སྦྱར་ལ་ཅུང་ཟད་བཟླ་ཞིང་རྟེན་རྫས་ལ་ཐུན་བརྡེག་པའམ། བརྡེག་ཆས་བྱའོ། །རྟེན་གཏོར་ཐུན་གཏོར་ནང་དུ་རང་གི་ཟ་འཕྲོ་བསྲེ། ཚུར་ལ་ཡང་ཅུང་ཟད་ཟ་བས་དམ་བསྲེ་བར་བསྒོམ། འདིའི་དུས་ཀྱི་བསྙེན་པ་ནི། པཎྜི་གྷ་ཡ་དྷ་རའི་ཞལ་ནས་ཞག་ལྔའམ་གསུམ་བསྒྲུབ་དགོས་གསུངས་པས། བསྙེན་པ་རང་བཞིན་བྱེད་པ་ལ་དེས་ཆོག་གོ །འགྲུབ་པའི་རྟགས་ལེགས་པར་བྱུང་ན། མཁུ་ལྡོག་ཆུང་བ་དང་བཀའ་ཉན་པའི་ཕྱིར་གསང་སྒྲུབ་བྱ་ཐབས་ནི། རང་ཡི་དམ་རྟ་མགྲིན་གྱི་སྐུར་གསལ་བར་བསྒོམས་ལ། ཆོས་སྐྱོང་བེག་རྩེ་མདུན་དུ་བསྐྱེད་ནས་སྤྱན་མཆོད་བསྟོད་བྱས་ནས། བེག་རྩེ་རང་གི་ཤ་གཡོན་ནས་རྔུབ་ལ་ལྟེ་འོག་ཏུ་ཆོས་འབྱུང་གྲུ་གསུམ་དམར་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་གསལ་བཏབ་ལ་རྟ་མགྲིན་གྱིས་དབུ་བརྒྱན་ཏེ། རང་གི་ཐུགས་ཀའི་ས་བོན་གྱིས་འོད་ཟེར་སྟོབས། ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་རང་ལ་བསྟིམ་པར་བསམ་ཞིང་བཟླས་པ་བྱ་སྟེ། རྟ་མགྲིན་གྱི་སྔགས་ལ། གནོད་སྦྱིན་གྱི་སྔགས་བཏགས་ལ་བཟླའོ། །དེ་ནས་འཁོར་རྣམས་གཙོ་བོ་ལ་ཐིམ། གཙོ་བོ་སྤྱི་བོའི་རྟ་མགྲིན་ལ། དེ་ཡང་ཧྲཱིཿཡིག་ཏུ་གྱུར་

p. 232

ཏེ་ཡར་བྱོན་པ་རང་གི་ཐུགས་ཀའི་ཧཱུྃ་ཡིག་གི་ཞབས་ཀྱུའམ། ཧྲཱི༔ཡིག་གི་ར་བཏགས་ལ་ཐིམ། དེ་ནས་སྣོད་བཅུད་ཐམས་ཅད་རང་ལ་ཐིམ། རང་ཧཱུྃ་ངམ་ཧྲུལ་དེ་ཡང་མི་དམིགས་པ་ཆོས་དབྱིངས་སྤྲོས་བྲལ་གྱི་ངང་ལ་བཞག་གོ །ཡང་ན་གནོད་སྦྱིན་ཤངས་བུག་ནས་ཕྱིར་བཏོན་ལ་སྔར་ལྟར་བཀའ་སྡོད་དུ་བསམས་ལ། བཟླས་པ་མཆོད་བསྟོད་བྱ་སྟེ་འདི་གིང་ལྔའི་དབང་ཆོག་ནས་གསུངས་སོ། །དེས་ནི་ལུས་དང་གྲིབ་མ་ལྟར་འགྲོགས་པར་འགྱུར་གསུངས་ཏེ། གསང་སྒྲུབ་འདི་ལྟ་བ་ལེགས་པར་རྟོགས་ན་བྱའམ་གཞན་གྱིས་བྱར་མི་གཏུབ་ཟླུབོ། །ཡང་གལ་ཏེ་སྔགས་སུམ་འབུམ་བཟླས་ཀྱང་རྟགས་མ་བྱུང་ན། ར་དམར་གྱི་ཙིཏྟ་དེ་ར་དམར་པོའི་སྡུད་པུར་བཅུག་ལ། དེར་མེ་རུ་རྩེའི་གྲོང་ཁྱེར་བསེ་མཁར་དང་། །སྦྱིན་འཁོར་བཅས་བསྒོམས་ལ། རང་རྟ་མགྲིན་རབ་ཏུ་འཁྲོས་པར་སྒོམས་ལ་སྨྱུག་མ་ཚིགས་དགུ་པ་དེ། རྡོ་རྗེ་རྩེ་དགུ་པར་བསམ་ལ་རའི་སྦྱད་པུ་བརྡུངས་ཤིང་། རྟ་མགྲིན་སྔགས་ཤམ་དུ་ཁོའི་སྲོག་སྔགས་མགོ་མཇུག་ལྡོག་སྟེ་བཟླའོ། །དེས་ངེས་པར་འགྲུབ་བོ། །ཡང་མི་རུང་ངོ་སླར་བཤགས་པ་དང་གསོལ་ཁ་བྱ་བས་གཟི་བརྗིད་བསྐྱེད་དོ། །ཡིག་

p. 233

རྙིང་ལས། ཟངས་ཀྱི་བེག་རྩེ་གྱོན་པ་འདིས། །ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད། །ཅེས་གསུངས་པས། འགྲུབ་ན་ཕྲིན་ལས་གང་བརྩམས་འགྲུབ་བོ། །བསྒྲུབས་ཚར་ནས་མདའ་དར་དང་རའི་ཙིཏྟ་ར་སྡུད་སོགས་རྟེན་དུ་བཅངས་ཤིང་། རྒྱུན་དུའམ་དུས་སུ་མཆོད་བསྟོད་བྱའོ། །འདི་ནི་ཡབ་ཡུམ་གྱི་རྒྱུད་གཉིས་དང་རྒྱ་གཞུང་གསུམ་དང་། བོད་ཡིག་གཉིས་དང་གཏེར་མ་སོགས་བསྟུན་ནས་ཤིན་ཏུ་གསལ་བར་བཀོད་པ་ལ་ཉེས་པ་གང་མཆིས་ཆོས་སྐྱོང་ཉིད་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཨ་བསྟན་པ་མཐའ་རྒྱས་ཤིང་། བསྟན་འཛིན་སྐྱེས་བུའི་དབུ་འཕང་མཐོ་བར་ཤོག །ཅེས་དགེ་སློང་ཨ་རཱ་གས་བྲིས་པའོ། །མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བེག་རྩེའི་གནད་འབེབ་དང་བབ་ལེན་ཐབས།

p. 234
p. 235

བེག་རྩེའི་གནད་འབེབ་དང་བབ་ལེན་ཐབས་བཞུགས་སོ།། ༈ རྒྱ་གྷི་ཝ་ལ་ན་མོ། མགོན་པོ་བེག་རྩེ་ཅན་གྱི་སྲོག་སྒྲུབ་ལན་གསུམ་བྱས་ཀྱང་ནང་རྟགས་ཡོད་དམ། ནང་རྟགས་བྱུང་ཡང་དགྲ་ལ་རྟགས་མ་ཐོན་ན་གནད་ལ་དབབ་པར་བྱ་སྟེ། ར་དམར་པོའི་སྦྱད་པར་ཡབ་ཡུམ་གྱི་ཙཀ་ལི་དང་ར་དམར་གྱི་སྙིང་རྟེན་རྫས་དེ་དང་ལུག་ནག་གི་སྙིང་རྟེན་རྫས་དེ་དང་དགྲ་བོའི་ལིངྒ་མིང་རུས་དང་བཅས་པ་བཅུག་ལ། དེ་མེ་རུ་རྩེའི་གྲོང་ཁྱེར་གནོད་སྦྱིན་ཡབ་ཡུམ་གསལ་བར་བསྐྱེད་ཅིང་བཀུག་གཞུག་བྱས། དགྲ་ཡང་དེར་བཀུག་གཞུག་བྱས་ལ། སྙུག་མ་ཚིགས་དགུ་པ་དེ་རྡོ་རྗེ་རྩེ་དགུ་པར་བསམས་ལ་སྡུད་བུ་བརྡུང་ཞིང་། རྟ་མགྲིན་ནམ་གཤིན་རྗེ་སོགས་ཡི་དམ་གྱི་སྔགས་ཤམ་དུ་བློ་ལ་སྔགས་གོ་བཟློག་བཏགས་ཏེ་བཟླས། དཔེར་ན། ཨོཾ་ཧྲཱིཿཥྚི་ཝི་ཊི་ཏཱ་ན་ན་ཧཱུྃ་ཕཊ། བྷྱོ་ཕཊ་ཧཱུྃ་མཱ་ར་ཡ། མཱ་ར་ཡ། ཧཱུྃ་ཤ་ཀ་མོ་ཨ་ཏ་ཧི་ལུ་ཤ་པུ་རུ་རོ་རུ་ཌི་ཨ་མ་པྲ་ཨོ། ཞེས་ཡབ་གནད་ལ་དབབ་པ་དང་། ཨོཾ་ཧཱིབཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བྷྱོརྦད་རྦད་ཕཊ་ཡ་ར་མཱ་ཏཱི་ཤ་ཀ་མོ་ཨ་ཛ་ཡ་ར་མཱ་ལ་སྲོག །ཧཱུྃ་བི་དེ་ཏི་པ་རི་ལ་ཛ། ཏ་ཙི་མ་ཡ་ལོ་རག་ཨོ། ཞེས་བཟླས་ཏེ་གཤིན་

p. 236

རྗེའི་གཤེད་ཀྱི་ང་རྒྱལ་བྱ་ཞིང་དེ་ཡང་ཁོ་མ་ཉན་ཅིག །མ་མོ་བཅུ་བདུན་སྔགས་མང་བར་བྱ། མོ་མ་ཉན་ན་ཕོ་བཅུ་བདུན་སྔགས་མང་བར་བྱ། ཉན་པའི་རྟགས་ནི་མི་དམར་བུད་མེད་སོགས་ཀྱི་ཕྱག་འཚལ་ཞུ་བ་བྱེད་པ་ཉམ་ཐག་པ་བྱུང་ན་བཟོད་གསོལ་དང་བཤགས་པ། གསོལ་ཁ་བྱས་ལ་སླར་རང་གཞུང་ལྟར་ལན་གཅིག་སྒྲུབ་པས་ཐོགས་པ་མེད་པར་སྒྲོལ་༈ ངེས་སོ། །འདི་ནི་འུ་ཐུག་ན་མ་གཏོགས་མི་རུང་ཞིང་རང་ལ་བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པ་གལ་ཆེའོ། །ཨྠྀི། བསད་ལས་དུས་བསྐུལ་ཐུང་མཇུག་ཏུ། ར་དམར་ཁྲག་དང་སྙིང་སྣ་སོགས་བཙན་བཤོས་གསེར་སྐྱེམས་རྒྱ་ཆེ་བ་མི་ནོར་གྱི་སྟེང་ལ་རྒྱུགས། །ང་དང་འགྲས་པའི་དགྲ་བོ་ལ། །ཆོ་འཕྲུལ་སྣ་དགུ་ཐོངས་ལ་ཤོག །ཀྱཻ། གནོད་སྦྱིན་ཟངས་ཀྱི་བེག་རྩེ་ཅན། །སྒྲུབ་པ་པོ་ཡི་གྲོགས་གྱིས་ལ། །མ་ཧཱ་དེ་ཝའི་བཀའ་ཉོན་ལ། །གཤིན་རྗེའི་གཤེད་ཀྱི་ལས་གྱིས་ཤིག །གདོང་དམར་མི་ཡི་སྣ་དྲོངས་ལ། །ཉམས་པའི་སྲོག་རྩ་མྱུར་དུ་ཆོད། །ཅེས་སམ། ཆོ་འཕྲུལ་ལ། སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས། །ཞེས་སོགས། ཤོ་ལོ་ཀ་གཅིག་དེ་ཕྱིན་འདི་ཡང་སྦྱར་རོ། །མཆོད་བསྟོད་བྱེད་ནས། ཆོ་འཕྲུལ་ཡོངས་ཀྱི་སྣ་

p. 237

འདྲེན་མ། །ཞེས་པའི་མཇུག་དང་། གཤིན་རྗེའི་གཤེད་ཀྱིས་ལས་གྱིས་ཤིག །ཅེས་པའི་མཇུག་ཏུ། ར་དམར་ཁྲག་དང་སྙིང་སྣ་ཚོགས། །དཔལ་གྱི་གཏོར་མ་ཤ་ཁྲག་བརྒྱན། །བཙན་བཤོས་གསེར་སྐྱེམས་མཆོད་གཏོར་བཞེས། །ཨོ་པྲ་ན་ཨད་མ་ཀི་རུ་པུ་རུ་ཤ་ལུ་ཧི་ཏ། བྷ་ལིང་གྷཾ་ན་བྷཾ་ན་ཨ་མོ་ཀུ་ཤ་ཏུཾ་མཱ་ར་ཡ་མཱ་ར་ཡ་ཁཱ་ཧི་ཁཱ་ཧི། ཞེས་གསོལ་ཁ་ཡིན་ན་བྱང་ཤར་ཕྱོགས་སུ་ཕུལ། ཆོ་འཕྲུལ་དང་བསད་ལས་སོགས་ལ་དགྲ་ཕྱོགས་སུ་ཟོར་དུ་འཕང་། །ཨྠྀི། སྔགས་འཆང་ཨ་རཱ་གས་ཟིན་བྲིས་ཏེ་ཞལ་ཤེས་ངག་ནས་གསལ་ལོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བེག་རྩེའི་ཆོ་འཕྲུལ།

p. 238
p. 239

བེག་རྩེའི་ཆོ་འཕྲུལ་ཟབ་མོ།། ༈ ན་མོ་རྒྱ་གྷི་ཝ་ཡེ། རྟ་མཆོག་དབང་གི་བཀའ་སྲུང་དང་གནོད་སྦྱིན་བེག་རྩེའི་མན་ངག་ཡིག་ཆུང་ལ། དགྲ་ལ་ཆོ་འཕྲུལ་བཏང་བ་ན་ར་དམར་པོའི་སྤྱད་པུར་སྤྲེའུ་དང་འུག་པ་དང་ཝ་དང་ཁྲ་དང་སྤྱང་ཀི་བྱ་ནག་དང་སྲིན་བྱ་དང་གླ་བ་སོགས་གང་འདོད་ཀྱི་སྤུ་དང་སྒྲོ་དགོས་ལ་སྤྱད་བུ་རུ་བླུགས་ལ། བསྙེན་པ་བྱེད་དུས་གཞུང་ལྟར་མཎྜལ་གྱི་དྲུང་དུ་བཞག་ལ་བསྙེན་པ་ཐོན་པ་དང་སྡུད་བུ་དགྲ་ཕྱོགས་སུ་བརྡབས་པས་ཆོ་འཕྲུལ་འོང་སྟེ། གཏོར་མའི་ནང་དུ་སྤུ་བཏབ་ལ་ཐག་ཉེ་ན་དགྲའི་ཁང་པར་བརྡེག །ཐག་རིང་ན་དགྲའི་ཕྱོགས་སུ་ཟོར་འཕང་དམོད་བཅོལ་བྱ། གཏོར་མ་དང་སྤུ་དགྲའི་ཁང་པའི་འགྲམ་རྩར་ཡང་གཞུག །ཡང་ན་དགྲ་ཡུལ་དུ་སྤུ་གཏོར་རོ། །འདི་ནི་སྲོག་ལས་ཀྱི་ཞོར་ལ་བྱས་ཀྱང་འོང་ལ། ཡང་ཆོ་འཕྲུལ་རྐྱང་པ་བྱེད་ན་དངོས་ནི་གཞུང་ལྟར། དཀྱིལ་འཁོར་དང་སྒྲུབ་པ་ལས་ལིངྒ་ལ་མཱ་ར་ཡ་རྦད། མི་བར་ཆོ་འཕྲུལ་ཐོངས་བྱ་བ་བྲིས་པའམ། བྲུབ་ཁུང་མེད་ཀྱང་ཆོག །མཎྜལ་དབུས་སུ་སྦྱད་བུ་བཞག་ལ་བསྒྲུབ་བོ། །གློ་བུར་དུ་རྫས་སྦྱད་བུ་བརྡབ་ཅིང་རྦད་བསྐུལ་བྱས་ཀྱང་འོང་བ་སེམས་སོ། །གང་

p. 240

བྱེད་ཀྱང་དུས་བཞིའམ་སྐབས་སྐབས་སུ་བསྐུལ་རིང་ཐུང་གིས་བསྐུལ་ཞིང་གཏོར་ཟོར་འཕང་ངོ་། །ཆོ་འཕྲུལ་གྱི་མན་ངག །ཨྠྀི། ཆོ་འཕྲུལ་གྱི་བསྐུལ་རྒྱུད་ནས་གསུངས་པ་ནི། བྷྱོ། རིག་པའི་ལྷ་མོ་གདོང་དམར་མ། །གཤིན་རྗེའི་གཤེད་ཀྱི་བཀའ་ཉན་མ། །ཨེ་ཀ་ཙ་ཏིའི་གསུང་སྡོད་མ། །ལྷ་མིན་རྣམས་ཀྱི་གཡུལ་ཟློག་མ། །བསེ་ཡི་སྐྱེས་བུའི་སྣ་འདྲེན་མ། །མ་མོ་འབུམ་གྱི་དབང་མོ་ཆེ། །བརྗིད་ཆགས་མ་མོ་མཐུ་མོ་ཆེ། །གསང་བའི་མ་མོ་ཡལ་གམ་ཅན། །ཆོ་འཕྲུལ་ཡོངས་ཀྱི་སྣ་འདྲེན་མ། །སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོངས། །ང་ཡི་དམ་ཉམས་དགྲ་བོ་མཆོད་པར་བཞེས། །ཞེས་བཏགས་སོ། །ཡང་ཐོན་འགྱེད་དམ་སྲོག་ལས་སོགས་བྱས་པའི་དགྲ་བོའི་བབ་བཏང་བྱུང་ན། གཏང་རིག་གི་མཆོད་པ་རྒྱ་ཆེན་པོ་བྱས་ལ། བོད་དུས་ཕོ་སྔོན་ལ་རྦད་པ་ཡིན་ན་ཕོ་སྔགས་ནས་གྱེན་དུ་ལྡོག །མོས་སྣ་དྲངས་ནས་རྦད་པ་ཡིན་ན་མོ་སྔགས་ནས་གྱེན་དུ་ལྡོག་ལ་ཅུང་ཟད་བཟླའོ༔ །བབ་ཀྱིས་ཟས་ནོར་བྱུང་བ་རྣམས་ཆ་གསུམ་བྱས་ལ་ཆ་གཅིག་དཀོན་མཆོག་མཆོད་པ་དང་། དགེ་ཕྱོགས་སུ་བཏང་བ། ཆ་གཅིག་ཆོས་སྐྱོང་ལ་གསོལ་མཆོད་མངའ་

p. 241

ཐང་བསྐྱེད། ཆ་གཅིག་རང་གིས་སྒྲུབ་པའི་ཆ་རྐྱེན་བྱའོ། །དེས་ནི་ཕྱིན་ཆད་རྟགས་མྱུར་བའི་གནད་དམ་པར་གསུངས་སོ། །འདི་ལྟར་མ་བྱས་པ་བྱུང་རྒྱལ་དུ། །དུམ་དུམ་བྱས་ན་རང་ལ་འཁུ་ལྡོག་འོང་བའི་ཉན་ཡོད་དོ། འདི་བྲིས་ཉེས་པ་ཆོས་སྐྱོང་ཉིད་ལ་བཤགས། དགེ་བས་སངས་རྒྱས་བསྟན་པའི་དཔལ་དུ་ཤོག །ཨྠྀི། ཟབ། ཨ་རཱ་གས་སྦྱར་བའོ།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཇག་པ་མེ་ལེན་བཀའ་གཏད་ཀྱི་ལོ་རྒྱུས།

p. 242
p. 243

གནམ་ཆོས་ཇག་པ་མེ་ལེན་བཀའ་གཏད་ཀྱི་ལོ་རྒྱུས་བཞུགས་སོ༔

p. 244

འོ་ན་ད་ལམ་ཁྱེད་རྣམས་ལ། གནམ་ཆོས་གུ་རུ་དྲག་པོའི་བཀའ་སྲུང་ཇག་པ་མེ་ལེན་གྱི་དབང་ལུང་བཀའ་གཏད་བྱེད་པ་ལ། ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན། ལྷ་འདིའི་ངོ་བོ་ནི་ལས་མགོན་སྲོག་བདུད་ནག་པོའི་སྤྲུལ་པ་ཡིན་ཏེ། མ་ནིང་གི་ལས་རྒྱུད་རྒྱས་འབྲིང་གསུམ་ཀ་ནས། མ་ནིང་ལྷའི་དམག་དཔོན་དུ་མངའ་གསོལ་ནས་ལྷ་མིན་འདུལ་བའི་ཕྱིར་ལས་ལ་ཆས་ཚེ་སྲོག་བདུད་ཀྱི་སྐུར་སྤྲུལ་པའི་ཚེ། ཕྱག་ཞབས་ཀྱི་ལྷུ་ཚིགས་བཞི་ལས་དམག་དཔོན་བཞི་སྤྲུལ་པ་ནི། གཤིན་རྗེའི་དམག་དཔོན་ཡ་མ་རཱ་ཙ། གིང་གི་དམག་དཔོན་པྲ་མ་རཱ་ཙ། སྲིན་པོའི་དམག་དཔོན་དྷ་ཤ་

p. 245

གྷི་ཝ། བཙན་གྱི་དམག་དཔོན་ཨ་བསེ་རྒྱལ་བ་དང་བཞི་ཡིན། དེ་ལ་སངས་རྒྱས་ཆོས་ཀྱི་སྐད་དུ་ན་སྲོག་ཤན་རྔམས་པ། གཡུང་དྲུང་བོན་གྱི་སྐད་དུ་ན་ཨ་བསེ་རྒྱལ་བ། སྐུ་རྒྱལ་བོད་ཀྱི་སྐད་དུ་ཇག་པ་མེ་ལེན། གསང་མཚན་ནི་རྡོ་རྗེ་དགྲ་འདུལ་ཞེས་བྱའོ། །དེའི་སྐྱེས་རྒྱུད་ནི། ཕ་གནམ་གྱི་ཡ་བསེ་དང་། མ་ས་སྲིན་གཉིས་འཚོགས་པ་ལ། ཟངས་སྒོང་དམར་པོ་གཅིག་བྱུང་བའི་ནང་ནས། སྲས་ཤན་པ་དམར་པོ་འདི་འཁྲུངས་སོ། །དེའི་རྒྱུད་གསུངས་ཚུལ་ནི། མགོན་པོའི་སྤྱི་རྒྱུད་ཁྲག་མཚོ་ཁོལ་ཆེན་ལས། མགོན་པོ་གྲི་གུག་ཁྲོས་པའི་དཀྱིལ་འཁོར་གྱི།

p. 246

བྱང་ཤར་གྱི་དགྲ་ལ་སྲོག་ཤན་རྔམ་པ་རྟ་རྒོད་མི་ཟན་གྱི་སྟེང་ན། མདོག་སྨུག་ནག་གཡས་འཁོར་ལོ་གཡོན་རྩེ་གསུམ་བསྣམས་པ། སྦྲུལ་གྱིས་བརྒྱན་པ། རླུང་གི་སྤུ་གྲི་ལ་དབང་བྱེད་པ་སྟེ། ཞེས་དེའི་སྔགས་དང་། བསྟོད་བསྐུལ་རྒྱས་པར་གསུངས་སོ། །དེ་ལ་སྔོན་རྒྱ་གར་དུ། མུ་སྟེགས་ཀྱི་མཁན་པོ་དྷརྨ་ཀུ་ནས། འཇིག་རྟེན་ལས་བྱེད་ཀྱི་རྒྱུད་ལེའུ་བརྒྱད་ཅུ་པ་ནས། མངོན་སྤྱོད་ཀྱི་ལེའུ་སུམ་ཅུ་ཕྱུང་། དེའི་ནང་ནས་སྒྲུབ་མི་དགོས་པའི་ངན་སྔགས་མང་དུ་བྱུང་བའི་ནང་ནས། ཇག་མེ་འདི་ཨོ་རྒྱན་རིན་པོ་ཆེས་ཁོལ་དུ་ཕྱུང་བའོ། །དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས། མོན་སྤ་གྲོ་སྟག་ཚང་སེང་གེ་ཕུག་ཏུ། རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་དུས། ཇིག་མེ་འདི་ཡང་དམ་ལ་བཏགས་ཏེ་གནས་དེའི་བཀའ་སྲུང་དུ་བསྐོས་པས། རྒྱུན་དུ་མོན་ཡུལ་དུ་གནས་པའི་རྫ་རི་དམར་པོ་ཞིག་ཀྱང་ཡོད་སྐད། འདིའི་སྒྲུབ་སྐོར་གཏེར་དུ་སྦས་པ་གུ་རུ་ཆོས་དབང་གིས་བཏོན། དེ་འབྲུག་ལུགས་རྣམས་ཀྱིས་བསྒྲུབས་པས་དངོས་སུ་འགྲུབ་ནས་འབྲུག་པའི་བཙན་རྒོད་ཇག་པ་མེ་ལེན་ཞེས། མཐུ་ཆེ་ཞིང་རྣོ་མྱུར་ཆེ་བའི་གྲགས་པས་ས་སྟེང་ཁྱབ།

p. 247

ཀར་ལུགས་མགར་ནག་གི་འཁོར་གིང་ཆེན་སྡེ་བཞིའི་གཅིག་ཡིན་ཏེ། གཤིན་རྗེ་སྒྲོལ་གིང་དམར་པོ་སྟེ། །ལྷ་ཡི་དམག་དཔོན་མེ་རུ་རྩེ། །ཞེས་པ་དེ་ཡིན་ནོ། །དགོས་ཆེད་དང་ཕན་ཡོན་ནི། གུ་རུ་ཆོས་དབང་གི་གཏེར་མ་ལས། བདག་འདྲ་པདྨ་ཐོད་ཕྲེང་གིས། །ཤན་པ་དམར་པོའི་སྒྲུབ་ཐབས་འདི། །ཁས་ཞན་མི་གཅིག་རྒྱབ་རྟེན་ཡིན། །སྒྲོལ་ལ་བརྩོན་པའི་མེ་ལེན་ཡིན། །དམ་ཚིག་ལྡན་པ་གལ་དུ་ཆེ། །ཕྱི་རབས་སྐལ་པར་ལྡན་པ་ཡི། །རྣལ་འབྱོར་བརྩོན་འགྲུས་མྱུར་བའི་མཐུ། །མན་ངག་འདི་ཉིད་ཤེས་པར་མཛོད། །བསྐལ་པ་དུས་ཀྱི་ཐ་མ་ལ། །བསྟན་པ་སྲུང་བའི་མཚོན་ཆ་ནི། །ཤན་པ་དམར་པོ་སྒྲུབ་པའི་ཐབས། །སྲོག་གཅོད་མེ་ཡི་སྤུ་གྲི་བྲི། །དེ་ཡང་སྙིགས་མ་ལྔ་བདོའི་དུས། །རྒྱལ་ཁྲིམས་ཆོས་ཁྲིམས་ཐམས་ཅད་ཞིག །འགྲོ་རྣམས་མི་དགེ་བཅུ་ལ་སྤྱོད། །དུས་འཁྲུག་དག་ལ་རྒྱུན་ཆད་མེད། །གཙུག་ལག་ཁང་ལ་འཐབ་ར་འཆའ། །རྟེན་གསུམ་དག་ལ་ཟོང་དུ་འཚོང་། །མི་རྣམས་ཟས་ངན་དུག་གིས་གསོད། །དེ་དུས་བསྟན་པའི་སྲུང་མར་ཤོག །ཅེས་གསུངས་ཤིང་། རྒྱབ་ཏུ་སྨན་མོ་མཛེས་སྡུག་མདའ་དར་མེ་

p. 248

ལོང་འཛིན་པ། མདུན་དུ་འགུགས་བྱེད་བཙན་གྱི་ཤན་པ་དམར་པོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཡས་སུ་སྒྲོལ་བྱེད་བདུད་ཀྱི་ཤན་པ་ནག་པོ་ཟངས་གྲི་འཛིན་པ། གཡོན་དུ་། སྲོག་གཅོད་གཤིན་རྗེའི་ཤན་པ་དམར་ནག་སྙིང་དང་ཟངས་གྲི་གསུམ་ཀ་འཇིགས་གཟུགས་སྤྲུལ་དང་དུར་ཁྲོད་ཀྱི་ཆས་ཅན། བརྐྱང་བསྐུམ་དུ་བགྲད་པ། འཁོར་བཙན་དམག་འབུམ་དང་ལྷ་སྲིན་སྡེ་བརྒྱད། སོགས་འཁོར་མང་གསུངས་པ་ཆོས་དབང་གི་ལུགས་དང་། ཁྲག་མཚོ་ཁོལ་ཆེན་ནས། འཁོར་དུ་བདུད་དང་གིང་གིས་བསྐོར། །ཞེས་གསུངས་ཀྱང་། གནམ་ཆོས་འདི་ལ་འཁོར་མེད་དེ། སྤུ་གྲི་གཅིག་ཤུར་ཤིན་ཏུ་རྣོ་བས། གཏེར་རྙིང་ནས་ས་བོན་ཧྲཱིདམར་པོ་དང་། སྔགས་གྲངས་འབུམ་ཕྲག་གསུངས་ཀྱང་། འདི་ནི་སྔགས་གྲངས་མེད་ཅིང་རྟགས་གལ་ཆེ་བས། རྟགས་ནི་མི་དམར་རྟ་དམར་ཞོན་པ་དང་། རུ་དར་ཕྱར་བ་དང་། དར་དམར་གྱོན་ཞིང་ཐོད་དུ་བཅིངས་པ་དང་། འོད་དམར་པོ་དང་། གློག་འཁྱུག་པ་དང་། བཤུད་པ་རྩེར་བ་དང་། འཇིགས་ཤིང་ཟིལ་ཆེ་བ་དང་། མེ་འབར་བ་དང་། ཚག་སྒྲ་དང་འུར་སྒྲ་ལ་སོགས་པ་བྱུང་ན། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བསྐང་བ་

p. 249

དང་བཅས་ཏེ་མང་དུ་འབུལ་ཞིང་། ཁྲག་སྣ་དང་ཆང་ཕུད་ཀྱིས་ཀྱང་མཆོད་ཅིང་ར་གསུར་ཀྱང་རྒྱུན་དུ་གཏོང་ཞིང་། གང་འདོད་ཀྱི་ཕྲིན་ལས་བཅོལ་བ་ནི་བསྙེན་པའོ། །གནམ་ཆོས་ལ་ནི་གཏོར་མ་མ་གཏོགས་རྟེན་རྫས་སོགས་མི་དགོས་ལ། རྒྱས་པར་སྤྲོ་ན། བཤོས་བུ་ཟུར་གསུམ་སྦྲུལ་དཀྲིས་འཁོར་གསུམ་སྨན་བཤོས་དང་བཅས་པ་སེམས་ཅན་ཆེ་ཆུང་གང་རུང་གི་ལག་པ་གཡས། མདའ་འུག་སྒྲོ་ལྟོང་དམར་གྲི་ལྕགས་ཀྱི་མདེལ་ཅན་ལ། དར་དམར་ལ་འབོད་སྔགས་བྲིས་པ་བཏགས། སྐུ་ཙཀ་ལི་དང་བཅས་པ་རྟེན་རྫས་དང་། མཚལ་དང་ར་ཁྲག་གིས་སྲོག་སྔགས་དང་། བྱི་རུ་ལ་ཧིབྲི་མཆོང་དམར་པོ་དང་བཅས་དར་དམར་གྱིས་དྲིལ་ནས་ར་དམར་གྱི་སྙིང་དུ་བཅུག །རིན་པོ་ཆེ་འབྲུ་སྣ་དང་བཅས་པ་དར་དམར་གྱིས་བཏུམ་པ་ནི་བླ་རྡོའོ། །གནམ་ཆོས་གཞུང་ནས་ལས་ཚོགས་བཞི་གསུངས་པ་ནི་གཞུང་ལྟར་ལས། འདི་ཤིན་ཏུ་རྣོ་བས་གཞན་ལ་གནོད་དོགས་པས་རྦད་བསད་ནི་མ་གསུངས་ལ། ཆོས་དབང་གཏེར་ཁ་ནས་གསུངས་པའི་རྦད་བསད་སྔགས་ནི་ཨོཾ་ཏྲག་ཤར་བཛྲ་ར་ཏྲི་ཧཱུྃ་ཏྲིག་ཏ་ས་མ་ཡ་རྒྱུད་དུལ་དུལ་དགྲ་བོ་ཆེ་གེའི་སྙིང་རྩ་དུམ་བུར་ཧཱུྃ་སེར་ཏ་མཱ་ར་ཡ་

p. 250

གྱི་བྷྱོ་བྷྱོ་ཧཱུྃ་ཕཊ༔ འདིའི་བྱ་ཚུལ་ནི་ཆོས་སྐྱོང་སྤྱི་དང་མཐུན་པར་འདུག་པས་སྨོས་མ་དགོས། བླ་མ་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་ནས། འདིའི་གསོལ་ཁ་རྒྱས་པར་དགྲ་ལས་རྣམ་རྒྱལ་དང་། བསྡུས་པ་ཧཱུྃ་སྒྲ་བཅུ་དྲུག་མ། མགོན་མང་གི་དབང་དང་བཅས་པ་ཐོབ། མགོན་མང་མཇུག་ཏུ་སྡེ་བརྒྱད་སྲོག་དབང་གི་གོ་ཆོད་པ་ལས། འདི་ལ་གུད་དུ་བཀའ་གཏད་ཡོད་པ་མི་འདྲ་བས་ཁོང་གིས་ཀྱང་མ་ཐོབ་གསུངས། དུས་ཕྱིས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ། བྱ་ལོ་ས་ག་ཟླ་བའི་ཚེས་བཅུ་གསུམ་ཉིན་ཕྱེད་ཙམ་ལ་བཙན་ཇག་པ་མེ་ལེན་དེ་དངོས་སུ་བྱུང་ནས་སྒྲུབ་ཐབས་འདི་ཕུལ། འདིའི་བཀའ་གཏད་ཀྱང་ཐོབ་པས། བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན་པས། རྒྱུན་དུ་གཏོར་བསྔོས་ཀྱི་གྲར་ཡང་འཛུད། འགའ་ཞིག་གིས་འདིའི་ལས་ཚོགས་ཚད་པས་ཀྱང་རྣ་བར་འདུག་ཟེར། དེ་ལྟ་བུའི་བཀའ་གཏད་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་པ་གནམ་ཆོས་ལས་བྱུང་བའི་སྒྲུབ་ཐབས་དང་བཀའ་གཏད་ཀྱི་ཁ་སྐོང་དུ། གཏེར་བློན་རཱ་ག་ཨ་སྱས་སྨྲས་པ་ལྟར། གེ་མོ་དགེ་སློང་གིས་ཡི་གེར་བཀོད་པ་ལ། ཉེས་འགལ་མཆིས་ན་བཀའ་སྲུང་ཉིད་ལ་བཤགས། དགེ་བས་གསང་སྔགས་ཀྱི་བསྟན་པ་གཉེན་པོ་སྲུང་བར་གྱུར་ཅིག། །།

གནམ་ཆོས་རྨ་རྒྱལ་སྤོམ་རའི་གསོལ་ཀ

p. 251

གནམ་ཆོས་རྨ་རྒྱལ་སྤོམ་རའི་གསོལ་ཀ་ནི༔ གཏོར་མ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུཏྤནྣ་ཏོཏྟ་ཨོཾ་ཧཱུྃ་ཕཊ་སྭཱ་ཧཱས་བྱིན་བརླབས༔ རང་ཉིད་ཡི་དམ་གང་རུང་བསྐྱེད༔ ཧཱུྃ༔ གཏེར་སྲུང་རྨ་གཉན་སྤོམ་ར་ནི༔ སྐུ་མདོག་དཀར་པོ་ཆས་དང་ལྡན༔ གཡས་པས་མདུང་དར་གཡོན་བུམ་པ༔ ཆིབས་སུ་རྟ་དཀར་འཕུར་ཤེས་ཆིབས༔ ཤར་ཕྱོགས་གངས་རི་རྩེ་རྒྱལ་འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ རིགས་རྒྱུད་བཙན་དར་ཆེ་བ་དང་༔ མངའ་ཐང་སྟོབས་འབྱོར་དངོས་གྲུབ་སྩོལ༔ ཡུལ་ཁམས་ཐམས་ཅད་དབང་དུ་བསྡུས༔ སྡང་དགྲའི་དཔུང་ཚོགས་ཆམ་ལ་ཕོབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿབཛྲ་ཀུ་ལུ་མིལ་མན་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ སརྦ་པུ་ཛ་ཁཱ་ཧི༔ ཨོཾ་བཛྲ་ཀུ་ལི་མིལ་མན་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་གནམ་ཆོས་གཞུང་ནས་ཉུང་ངུར༔ ཨ་རཱ་གས་སྦྱར་བ་དགེ་ལེགས་འཕེལ།། །།

ཀ་བསྟོད་སྐུ་རྒྱལ་གསོལ་ཀ

p. 252
p. 253

ཀ་ཡེ་གསོན་དང་སྐུ་རྒྱལ་བཙན་གྱི་རྗེ། །ཁ་བ་ཅན་ལྗོངས་མདོ་ཁམས་ཟལ་མོ་སྒང་། །ག་ནས་བལྟས་ཀྱང་ཁྱོད་ཀྱི་ཕོ་བྲང་ཡིན། །ང་ཡི་སྲུང་མ་རྟག་ཏུ་ཁྱོད་མཆོད་ཅིང་། །ཅ་ཅོའི་དབྱངས་དང་རོལ་མོས་སྤྱན་འདྲེན་ནོ། །ཆ་ལུགས་མི་དམར་རྟ་དམར་མདུང་དམར་ཅན། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་གཟི་བརྗིད་འབར་བའི་སྐུ། །ཏ་ཐཱ་ག་ཏའི་བསྟན་སྲུང་བེག་རྩེར་གྲགས། །ཐ་མའི་བཙན་རྒོད་ཡམ་ཤུད་ཡོངས་ཀྱི་རྗེ། །ད་ནི་བདག་གི་སྲུང་སྐྱོབ་མ་གཡེལ་བར། །ན་ཚ་ལཾ། ཤི་ཆད་གོད་ཁ་མེད་པར་མཛོད། །པ་དེ་པུ་དེའི་མཚན་རྟགས་དགོས་པ་མེད། །ཕ་རོལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་ལྟར་ཕ་ལྟར་བྱམས་པའི་སེམས་ཀྱིས་ནི། །ཙ་ཁ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་། །ཚ་གྲང་འདུ་བའི་ནད་རྣམས་ཞི་བར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་སྲིད་གསུམ་གཟིགས་པའི་ལྷ་ཁྱོད་ཀྱིས། །ཞྭ་ལྟར་བསྟན་འཛིན་ཐམས་ཅད་གཙུག་ཏུ་ཁུར། །ཟ་འཐུང་ཕུད་ཀྱིས་རྟག་ཏུ་ཁྱོད་མཆོད་ན། །འ་འུར་ཆར་དང་ཁུ་

p. 254

འཕང་བཅས་ནས་ནི། །ཡ་མཚན་ཆེ་བའི་དངོས་གྲུབ་བདག་ལ་སྩོལ། །ར་ཆེན་ཁྲི་དང་སུམ་བརྒྱ་དྲུག་ཅུ་བཅས། །ལ་ཆེན་སྐུ་རྒྱལ་འཁོར་བཅས་མཆོད་ཅིང་བསྟོད། །ཤ་ཚ་སྙིང་རྗེའི་ཕ་མ་སྤུན་ཟླ་ལྟར། །ས་ཆ་གང་དུ་འདུག་ཀྱང་ཁ་འཛིན་མཛོད། །རྒྱ་གྷཾ་བའི་བཀའ་སྡོད་ཁྱོད་ཡིན་ཕྱིར། །ཨ་ལ་ལ་ཧོ་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསང་གསོལ་ཁ་གཏོར་འབུལ་ཅི་བྱས་ཀྱང་རུང་། རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།

སྤྲག་བཙན་གཏོར་བསྔོས་གནམ་ཆོས་ལུགས།

p. 255

སྤྲག་བཙན་གཏོར་བསྔོས་གནམ་ཆོས་ལུགས་ནི༔ ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ ཧཱུྃ༔ དགེ་བསྙེན་ཇོ་བོ་སྤྲུག་བཙན་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་པ༔ ཕྱག་གཉིས་མདའ་དང་གཞུ་འགེངས་པ༔ ཆིབས་སུ་རྟ་དཀར་འཕུར་ཤེས་ཆིབས༔ རྒྱབ་ན་ཁྱི་ནི་དཀར་དམར་ཁྲིད༔ རྒྱ་སྒོ་སེང་གླིང་གླང་རྔམ་བྲག༔ སྤྲུག་གི་ལུང་ནས་སྤྱན་འདྲེན་ནོ༔ འདིར་གཤེགས་མཆོད་གཏོར་སྐྱེམས་ཕུད་བཞེས༔ གོད་ཁ་བཙན་གྱི་གནོད་པ་ཟློག༔ དོན་ཀུན་སྒྲུབ་ཅིག་ཕྱོགས་ལས་རྒྱལ༔ བཙན་དྲག་ལོངས་སྤྱོད་ཆེ་བ་སོགས༔ ཅི་བསམ་དོན་རྣམས་འགྲུབ་པར་མཛོད༔ སྡང་བའི་དགྲ་ལ་ཇག་སྣ་རྒྱུགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཙན་ཏྲ་པྲ་མ་ནི་དྷ་ར་དྷ་ར་ཛཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཱ་ཙྪ་ཧོ༔ བསྙེན་སྔགས་ནི་འབྲུ་བཅུ་གཅིག་དེ་ཁོ་ན་ཡིན༔ གནམ་ཆོས་གཞུང་ནས་ཨ་རཱ་གས་སོ༔

རྒྱལ་གསོལ་བསྡུས་པ།

p. 256
p. 257

རྒྱལ་གསོལ་བསྡུས་པ་བཞུགས་སོ། །བཤོས་བུ་དམར་གཏོར་གཅིག་ལ་ཏིང་ལོ་མཐེབ་སྐྱུ་མང་དུ་བཅས་ལ་ཕུད་རྒོད་ཀྱིས་བྲན་ལ་བཏོན་པས་འཐུས་སོ།། ཧཱུྃ། འོད་དཔག་མེད་མགོན་སྤྲུལ་སྐུ་འཆི་བ་མེད། །དྲག་པོའི་སྐུར་བཞེངས་ལྷ་སྲིན་འདུལ་བའི་གཉེན། །གར་དགུའི་ཉམས་ལྡན་དཔལ་ཆེན་ཁྲོ་བོའི་རྒྱལ། །གུ་རུ་དྲག་པོའི་སྐུ་རུ་བདག་ཉིད་གསལ། །ཧཱུྃ། རྟ་མཆོག་ཐུགས་ནི་ཆོས་ཀྱི་དབྱིངས་ཉིད་ལས། །བསྟན་པ་བསྲུང་ཕྱིར་དྲག་པོའི་སྐུར་སྤྲུལ་ནས། །སྲོག་བདག་འོད་ཀྱི་སྐྱེས་བུ་འཁོར་དང་བཅས། །དགུང་སྔོན་དབྱིངས་དང་གཙུག་ལག་ཆོས་འཁོར་ནས། །ཕྱོགས་མཚམས་ཀུན་ནས་འདིར་གཤེགས་གདན་ལ་བཞུགས། །མཐུན་རྫས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་བྱམས་པར་མཛོད། །ཧཱུྃ། །རྒྱལ་ཆེན་བེ་ཧར་དཀར་པོ་འཛུམ་མཛེས་བརྗིད། །དབུ་ལ་ཐང་ཞུ་སྐུ་ལ་ཆོས་གོས་གསོལ། །ཕྱག་གཡས་བསྟན་པའི་སྲོག་ཤིང་འཁར་གསིལ་དང་། །གཡོན་པས་ལྷུང་བཟེད་ནོར་བུ་ཟས་ཀྱིས་བཀང་། །ཨུཏྤ་

p. 258

ལ་དང་ཤེལ་མཁར་རིན་ཆེན་རྒྱུན། །ཕྱི་ནང་བློན་ཆེན་བཙུན་མོ་རུ་འདྲེན་བཅས། །རེ་རེ་ལ་ཡང་བརྒྱ་ཕྲག་གྲངས་དང་ལྡན། །སྡེ་བརྒྱད་ལ་སོགས་འཁོར་དང་བཅས་པ་རྣམས། །མཐུན་རྫས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁུ་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་གཞན་དུ་དེངས། །སྐུ་ཡི་རྒྱལ་ཆེན་པུ་ཏྲ་སྐུ་མདོག་ནག །སྤུ་གྲི་བདུད་ཞགས་བསྣམས་ནས་དྲེལ་ནག་ཆིབས། །མོན་ཁྲི་ཐེབ་ཞུ་གསོལ་ཞིང་དོམ་ནག་ཁྲིད། །སྲིན་པོ་རལ་གཅིག་ཁྲག་མིག་སྐུ་མདོག་མཐིང་། །ཁ་ནས་མེ་འབར་སྤུ་གྲི་རྒྱུ་མ་འཛིན། །གཅེར་བུ་རུས་ཕྲེང་མི་མགོའི་དོ་ཤལ་འཆང་། །སྤྲུལ་པ་དགེ་སློང་དགྲ་བཅོམ་གཞོན་ནུ་ཡི། །ངུར་ཟསྨྲིག་ཆོས་གོས་གསེག་ཤང་ལྷུང་བཟེད་བསྣམས། །ཆིབས་སུ་སྟོབས་ལྡན་རྔ་མོང་གྲྭ་པ་ཆིབས། །གསང་བའི་མཚན་ནི་རྡོ་རྗེ་རྒྱལ་པོར་གྲགས། །བློན་པོ་ཤན་པ་བྱ་ཁྲི་མིག་གཅིག་ནི། །སྦྲུལ་ནག་ཐོད་བཅིངས་རྟ་སྔོན་སྒལ་ནག་ཆིབས། །ཕྱག་ན་ཞིང་དབྱུག་ཕྱར་ཞིང་རྡོ་རྗེ་གསོར། །ཤར་ཕྱོགས་སྲོག་བདག་རྡོ་རྗེ་འཇིགས་བྱེད་ཆེ། །སྐུ་ཡི་རྒྱལ་བློན་སྤྲུལ་

p. 259

པ་ཡབ་ཡུམ་འཁོར། །མཐུན་རྫས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་བྱམས་པར་མཛོད། །གསུང་གི་རྒྱལ་ཆེན་དགྲ་བླ་སྐྱེས་གཅིག་པུ། །དར་ནག་བེར་གསོལ་སྦ་འཁར་བེང་ཆེན་བསྣམས། །དྲེལ་རྟ་ཆིབས་ཤིང་སྤྱང་ཁྲིད་བྱ་ཁྲ་འགྱེད། །དེ་ཡི་ཡུམ་ཆེན་མཛེས་བྱེད་པདྨ་སྐྱེས། །གཡས་གཡོན་ཕྱག་ན་པདྨ་དམ་ཤིང་བསྣམས། །གསུང་གི་རྒྱལ་པོའི་སྤྲུལ་པ་སྐུ་མདོག་ནག ། རལ་པ་གྱེན་བརྫེས་སྟག་ལྤགས་སྐུ་ལ་གསོལ། །ཕྱག་ན་ཞིང་དབྱུག་སྤྱང་ཀིའི་རྒྱལ་མཚན་ཕྱར། །བློན་པོ་རྡོ་རྗེ་གྲགས་ལྡན་མཐིང་ནག་ལ། །ཕྱག་ན་སྤྱང་ཀིའི་རྒྱལ་མཚན་སྤྲུལ་ཞགས་བསྣམས། །ཆིབས་སུ་དྲེལ་རྟ་ནག་པོ་རྐང་གསུམ་ཆིབས། །གསུང་གི་རྒྱལ་ཆེན་སྤྲུལ་པའི་སྤྲུལ་འཁོར་བཅས། །མཐུན་རྫས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་བྱམས་པར་མཛོད། །ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་

p. 260

མཐིང་ནག་ཁྲོས། །དར་ནག་བེར་དང་དར་ཞུ་མཐིང་ནག་གསོལ། །བདུད་ཞགས་སྤུ་གྲི་བསྣམས་ནས་གླང་ཆེན་ཆིབས། །གློག་དང་མེ་ལྕེ་ཁྲིད་ཅིང་ཐོག་སེར་འབེབས། །ཡུམ་ཆེན་ཤནྟི་རོ་ཟན་སྐུ་མདོག་དམར། །སྣ་ཚོགས་རྒྱན་སྤྲས་ལྕགས་ཀྱུའི་ནེའུ་ལེ་འཛིན། །སྤྲུལ་པ་དགེ་བསྙེན་གཞོན་ནུ་མཛེས་པ་ནི། །དར་དམར་བེར་གསོལ་ཕྱག་ན་ཤེལ་ཕྲེང་བསྣམས། །བློན་པོ་ཤན་པ་བྱ་ཁྲི་མིག་གཅིག་པོ། །སྲོག་བདག་གཙོ་བོ་ཞིང་དབྱུག་རྡོ་རྗེ་ཐོགས། །ཆིབས་སུ་སྔོན་པོ་སྒལ་ནག་ལ་ཞོན་པ། །ཐུགས་ཀྱི་རྒྱལ་པོ་སྤྲུལ་ཡུམ་འཁོར་དང་བཅས། །མཐུན་རྫ་ས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་བྱམས་པར་མཛོད། །ཡོན་ཏན་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན། །སྐུ་མདོག་ནག་པོ་སྟག་སྦྲུལ་གཡང་གཞིས་བརྒྱན། །དགྲ་སྟ་ཞགས་བསྣམས་ཁྱུང་མགོ་ལྷ་སྲིན་སྡུད། །གཡུ་འབྲུག་ཆིབས་ཤིང་འབྲུག་དང་བྱི་ལ་ཁྲིད། །ཡུམ་ནི་མོན་མོ་གསེར་གྱི་སྤུ་གྲི་མ། །སྤུ་གྲི་ཞགས་པ་ཐོགས་ནས་བོང་བུ་ཆིབས། །རྒྱལ་པོའི་སྤྲུལ་པ་སྐུ་མདོག་

p. 261

དམར་པོ་སྟེ། །མན་ཏྲི་དམར་པོའི་རལ་ག་སྐུ་ལ་གསོལ། །ཕྱག་ན་སྣ་འགུག་ཆུ་རིས་བསྣམས་པར་བྱེད། །བློན་པོ་བྱ་རྒོད་ཐང་ནག་རྡོ་རྗེ་འཕེན། །སྐུ་མདོག་སྔོན་པོ་རལ་ཤིང་རྡོ་རྗེ་གསོར། །རྟ་དཀར་དཔུང་དམར་ཆིབས་སུ་ཆིབས་པ་སྟེ། །གསང་བའི་མཚན་ནི་འཇིགས་བྱེད་ཆེན་པོར་གྲགས། །ཡུམ་ཆེན་སྤྲུལ་པ་ཡབ་ཡུམ་འཁོར་བཅས་ལ། །མཐུན་རྫས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་བྱམས་པར་མཛོད། །ཕྲིན་ལས་རྒྱལ་ཆེན་པེ་དཀར་ཕྱག་དྲུག་པ། །ཞལ་ནི་གསུམ་པ་སྟོད་ཀྱི་མི་བོ་ཆེ། །ལྕགས་ཀྱུ་མདའ་དར་སྤུ་གྲི་གཞུ་དབྱུག་ཐོགས། །སྐུ་སྟོད་དར་དཀར་སྐུ་སྨད་སྟག་ཤམ་གསོལ། །སེང་གེ་ཆིབས་ཤིང་རླུང་ནག་སྤྱང་མོ་ཁྲིད། །བདུད་བྱ་ལྕོགས་ཁྲིའི་ཚོགས་ནི་ཕོ་ཉར་འགྱེད། །ཡུམ་ནི་བདུད་མོ་རོ་ལངས་སྨན་དཀར་མོ་། །ཕྱག་ན་དམ་ཤིང་དང་ནི་བྷན་བསྣམས། །སྤྲུལ་པ་སྐུ་མདོག་ནག་མོ་སྟག་སྤྱང་ཁྲིད། །ཕྱག་ན་ཞིང་གི་པགས་པ་གཡང་གཞི་ཕྱིར། །བློན་པོ་པུ་ཏྲ་ནག་པོ་དར་ནག་

p. 262

གྱོན་། །དར་གྱི་ཨང་རག་རལ་གྲི་ཐོད་ཁྲག་ཅན། །ཕྲིན་ལས་སྤྲུལ་པ་ཡབ་ཡུམ་འཁོར་དང་བཅས། །མཐུན་རྫས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་བྱམས་པར་མཛོད། །སྲོག་བདག་ཚངས་པ་དཀར་པོ་ཤེལ་ཁྲབ་ཅན། །བྱ་རྒོད་ཐུལ་པ་གསོལ་ཞིང་སེང་གེ་ཆིབས། །ཤེལ་གྱི་སྤུ་གྲི་ཉི་ཟེར་ཞགས་པ་བསྣམས། །གིང་ཆེན་བཅོ་བརྒྱད་ལ་སོགས་འཁོར་དང་བཅས། །ཤེལ་གིང་དཀར་པོ་ཤེལ་ཁྲབ་ཅན་མཆེ་གཙིགས། །གྲི་གུག་ཉི་ཟེར་འཛིན་ཅིང་སེང་གེ་ཞོན། །རྒྱལ་འགོང་སྲོག་བདག་འབུམ་གྱི་འཁོར་དང་བཅས། །རྣམ་ཐར་དཀར་པོ་བེར་ཆེན་སྔོ་ཁྲ་གསོལ། །ཕྱག་ན་རལ་གྲི་བསེ་ཡི་དམ་དཀར་བསྣམས། །རྟ་དཀར་ཕུད་དམར་ཆིབས་ཤིང་མཆེད་དགུར་བཅས། །ཡམ་ཤུད་དམར་པོ་ཟངས་རྨོག་བསེ་ཁྲབ་གསོལ། །ཟངས་གྲི་ཞགས་པ་བསྣམས་ནས་རྟ་དམར་ཞོན། །བཙན་འགོང་སྤུན་དགུ་སྣང་སྲིད་འགོང་པོའི་ཚོགས། །ཤེལ་གིང་དཀར་པོ་དཀར་པོ་སྤྱན་གཅིག་པོ། །བྱེ་བ་གུང་རིང་ཡམ་ཤུད་དམར་པོ་

p. 263

དང་། །ཁུ་ལེ་ལག་དགུ་གཟའ་ཐུལ་དམར་པོ་དང་། །གནམ་ཐིལ་བར་ཐིལ་ས་ཐིལ་འཁོར་བཅས་རྣམས། །མཐུན་རྫ་ས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་གཞན་དུ་དེངས། །བཀའ་སྡོད་གནོད་སྦྱིན་ཆེན་པོ་ཙི་དམར་བ། །དམར་སྨུག་བསེ་ཁྲབ་བསེ་རྨོག་དར་སྣས་བརྒྱན། །དར་གྱི་ཨང་རག་མདུང་དར་ཞགས་པ་བསྣམས། །ཆིབས་སུ་བྲ་བོ་གཡུ་རྔོག་ཞོན་པ་ཆིབས། །དེ་ཡི་ཐུགས་སྤྲུལ་ནས་བྱུང་ཆོས་ཀྱི་རྒྱལ། །བློན་པོ་གནམ་གྱི་ཐོད་ཁྲག་ལ་སོགས་པ། །ནག་པོ་ཧ་ལ་ཕྲ་མེན་བྱེ་བ་འབུམ། །འགོང་པོ་བསེ་ཁྲབ་ལྡན་པ་ཟངས་པན་ཅན། །ལྕགས་ཀྱི་སྣ་ཚར་ཅན་དང་སྤུ་ལག་ཅན། །ཤ་དྲང་སྒོ་གྲངས་གལ་ཚེ་གུལ་ཚེ་དང་། །འཛིན་པ་སྟོབས་ཆེན་དྲེལ་རྟ་ཞོན་པ་བརྒྱད། །ཨ་ཙ་ར་ནི་ཤེལ་གིང་ཐོགས་པ་བརྒྱད། །གཤིན་རྗེ་སྲོག་བདག་སྤུ་གྲི་ཐོགས་པ་བརྒྱད། །འབྲོང་གཡག་ཞོན་པ་བརྒྱ་དང་སྟོང་དཔོན་དགུ། །མོན་པ་བཅུ་གཉིས་ཕྱི་ནང་བློན་པོ་བདུན། །ཤན་པ་བརྒྱ་དང་བཅུ་གཅིག་གར་མཁན་

p. 264

ཚོགས། །སྤུ་གྲི་མཆེད་ལྔ་མདའ་དར་མདུང་དར་བ། །རུ་འདྲེན་སྡེ་བཞི་བརྒྱ་བརྒྱ་སྟོང་སྟོང་རེ། །སྐྱེས་པ་བུད་མེད་བན་ཆུང་སོག་པོ་དང་། །མགར་བ་མཛེ་ཕོ་ལོང་སྤྲང་ནད་རིམས་བདག །འཁོར་ཚོགས་བྱེ་བ་དུང་ཕྱུར་བཅས་པ་ཡིས། །རྒྱལ་ཆེན་འཁོར་དང་ཡང་འཁོར་བཅས་པ་རྣམས། །མཐུན་རྫས་འདོད་ཡོན་བཤོས་བུ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །མ་འདའ་མ་འཁོར་མ་ལྡོག་མ་གནོད་པར། །སྤྲུལ་པ་ཆོ་འཕྲུལ་མ་སྟོན་གཞན་དུ་དེངས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དབུ་རྩེ་བར་དང་མཆིམས་ཀྱི་ཕུག་པ་རུ། །གུ་རུ་དྲག་པོའི་སྐུ་རུ་བཞེངས་ནས་ཀྱང་། །རྒྱལ་ཆེན་དམ་བཏགས་སྲོག་སྙིང་ཕུལ་བའི་ཚེ། །མ་འོངས་ཨོ་རྒྱན་ཆེན་པོའི་བརྒྱུད་འཛིན་ལ། །མཁུ་ལྡོག་མི་བྱེད་བུ་བཞིན་སྐྱོང་བ་དང་། །གང་བཅོལ་ཕྲིན་ལས་སྒྲུབ་པར་དམ་བཅས་པའི། །དམ་ལ་མ་འདའ་དམ་ཚིག་དྲན་པར་གྱིས། །འཁོར་ལ་བཀའ་ནན་མ་ཆུང་གནོད་མ་འཇུག །བདག་ནི་སློབ་དཔོན་པདྨའི་བརྒྱུད་འཛིན་ཅིང་། །།བཅོམ་ལྡན་གུ་རུ་དྲག་པོའི་རྣལ་འབྱོར་ཡིན། །བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་

p. 265

དང་། །བསྲུང་བྱར་གྱུར་པའི་ཡོན་བདག་ཐམས་ཅད་ལ། །འཁུ་ལྡོག་གནོད་འཚེ་ནམ་ཡང་མ་བྱེད་པར། །ཞི་ཞིང་བྱམས་པའི་སེམས་དང་ལྡན་པར་གྱིས། །གནས་འདིར་མ་གནོད་རང་རང་གནས་སུ་དེངས། །བཀའ་ལས་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །ཏྲི་དུང་དུང་ཧྲཱི་ཏི་དུང་དུང་ཧ་རི་ནི་ཛ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་བཤོས་བུ་གཙང་སར་བསྐྱལ་ལོ། །འདི་ནི་རྨི་ལམ་འཁྲུགས་པ་སོགས་རྒྱལ་པོ་འཁུ་བའི་ལྟས་བྱུང་ན་བྱའོ། །༧ རཱ་ག་ཨ་སྱས་གཞན་ལ་ཕན་ཕྱིར་སྦྱར་བས། ཉེས་འགལ་མཆིས་ན་ཆོས་སྐྱོང་རྣམས་ལ་བཤགས་ཤིང་དགེ་བས་འགྲོ་ཀུན་བར་ཆད་ཞི་བར་ཤོག །ར་ཙ་གིང་ཀ་ར་ས་པཱ་རི་ཝཱ་ར་སརྦ་བྷུ་ཏ་གཙྪགཙྪ། མངྒ་ལཾ།། །།

p. 266

ཆོས་རྒྱལ་སྐུ་ལྔའི་གསོལ་ཁ་ནི། ཀྱཻ༔ སྲིད་པའི་བདག་པོ་ཆེན་པོ་པ༔ སྐུ་ལྔས་ཆོ་འཕྲུལ་ཆེར་སྟོན་པའི༔ གདུག་པའི་ལྷ་སྲིན་ཚོགས་ཀྱི་རྗེ༔ པེ་ཀར་འདིར་གཤེགས་མཆོད་པ་བཞེས༔ མཆོད་པ་ནི། ཀྱེ། ཞིམ་དགུའི་ཆང་ཕུད་རྒྱ་མཚོར་བསྐྱིལ༔ བཟའ་དགུའི་ཟས་ཀྱི་རི་བོ་བརྩེགས༔ མཁོ་དགུའི་གསེར་གྱི་རི་བོས་བསྐོར༔ ཡོད་དགུའི་འཇིག་རྟེན་ཁམས་ཀུན་འབུལ༔ རཱ་ཛ་སིདྡྷི་ས་སེ་རཱ་ཛ༔ ཨ་རཱ་གས་སྦྱར་བའོ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གིང་གི་མགོན་པོའི་བསྐུལ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ།

p. 267

གིང་གི་མགོན་པོའི་བསྐུལ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ། །གིང་ཆེན་མགོན་པོ་དགྲ་ལ་རྦད་ན། གསོལ་ཁ་ཚར་ནས་གཤེགས་གསོལ་མི་བྱེད། ལིངྒ་ཁྲག་གིས་སྦག་པ་ལ་འགུགས་གཞུག་བྱས་ལ་གྲིས་གཏུབས་ཏེ་གསོལ་ཁར་བླུག༔ ཆང་རྒོད་ཀྱིས་བྲན་ལ༔ དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ཏེ༔ རང་ཉིད་གུ་རུ་དྲག་པོའི་ང་རྒྱལ་གྱིས་བསྐུལ་ལོ༔ ཧཱུྃ༔ བླ་མ་དྲག་པོའི་བཀའ་ཉན་ནི༔ ཕ་ནི་སྲིན་བདུད་ཆེན་པོ་ལ༔ མ་ནི་མོ་བདུད་ཆེན་མོ་ལ༔ སྐྱེས་བུ་སྲོག་བདག་ཤེལ་གིང་ཆེ༔ སྐུ་མདོག་འོད་དཀར་ཤེལ་རལ་ཅན༔ དཔྲལ་བར་སྤྱན་གཅིག་ཞལ་ཚེམས་གཅིག༔ གཡས་པས་གྲི་གུག་དགྲ་ལ་འདེབས༔ གཡོན་པའི་ཉི་ཟེར་དགྲ་སྲོག་གཅོད༔ ཚངས་པ་མེ་ལྷ་བྱིན་ན་ཧ་ར་ཆེ༔ ཉིན་འཕང་པད་རྒྱལ་ཟངས་གཡག་རྗེ༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ དགྲ་བགེགས་སྙིང་དང་མགོ་བོས་བརྒྱན༔ རྒྱལ་འགོང་སྲོག་བདག་འབུམ་གྱིས་བསྐོར༔ ཡབ་སྡེ་ཆེན་པོ་དགྲ་ལ་ཆོས༔ གཏོར་མ་དགྲ་བོའི་ཤ་རུས་བཞེས༔ སྡང་བའི་དགྲ་བོ་སྒྲོལ་བ་དང་༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ མགོ་དང་ཡན་ལག་དུམ་བུར་ཕྲོལ༔ གྲི་འཐབ་ལྔ་ཡིས་མྱུར་དུ་སོད༔ རྐང་ཚལ་ཧུར་

p. 268

ཐུམ་མྱུར་དུ་སོད༔ དགྲ་བོའི་ཀླད་པ་ཞོ་ལྟར་དཀྲུགས༔ བདུན་རྒྱུད་ཡན་ཆད་རྩད་ནས་ཆོད༔ ལྟས་ངན་སྣ་དགུ་ད་ཐོངས་ཤིག༔ ཝ་ལ་སྤྲེལ་ཞོན་ད་ཐོངས་ཤིག༔ སྒོ་ཁྱི་ཕྱེ་འགག་ད་ཐོངས་ཤིག༔ ནུས་རྩལ་ཅི་འདུག་ད་ལྟའོ༔ རྦད་དོ་ད་ལྟ་མྱུར་དུ་མཛོད༔ ཧཱུྃ་བྷྱོ༔ ཉི་མ་ཕྱོགས་ཕྱོགས་ཕ་ཀི་ན༔ ལྷོ་ནུབ་སྲིན་པོའི་ཡུལ་རྩེ་ན༔ ཤེལ་གྱི་སྐུ་མཁར་ལྡེམ་པ་ན༔ སྲོག་བདག་རྒྱལ་པོ་ཡོངས་ཀྱི་རྗེ༔ དགྲ་ལྷའི་རྒྱལ་པོ་པེ་ཧར་ནི༔ སྐུ་མདོག་དཀར་སྨུག་བརྗིད་པའི་ཞལ༔ ངུར་སྨྲིག་ཆོས་གོས་སྐུ་ལ་མནབས༔ གཡས་པས་གསེག་ཤང་བསིལ་ཤིང་འཛིན༔ གསོར་ཞིང་དམ་ཉམས་དགྲ་ལ་འཕང་༔ གཡོན་པས་ལྕགས་ཀྱི་ལྷུང་བཟེད་འཛིན༔ དམ་ཉམས་དགྲ་བོའི་སྙིང་ཁྲག་འཐུང་༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ འཁོར་དུ་འགོང་པོ་འབུམ་གྱིས་བསྐོར༔ སྨྱོ་འབོག་བཏང་བའི་མཐུ་བོ་ཆེ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཁྲོས་ནས་དྲག་ཏུ་རྦད་པའི་ཚེ༔ སེང་གེ་འདུར་དང་ཆེམས་སེ་ཆེམ་རླུང་ནག་མགྱོགས་པའི་མྱུར་བར་རྒྱུགས༔ སྲོད་ལ་དགྲ་བོའི་བླ་ཁུག་ལ༔ ནམ་ཕྱེད་དམ་ཉམས་བརྒྱལ་དུ་ཆུག༔ ཐོ་རངས་

p. 269

སྲོག་རྩ་དམར་པོ་ཆོད༔ སྙིང་ཁྲག་དྲོན་མོ་ཐང་ལ་ཕོས༔ བསྟན་པ་བཤིག་པའི་དགྲ་བོ་འདི༔ མྱུར་དུ་བསྒྲལ་བའི་དུས་ལ་བབ༔ ཧཱུྃ༔ སྲོག་བདག་རྒྱལ་པོ་པེ་ཧར་མཐུ་རྩལ་ཅན༔ དཀར་གསར་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་སྡང་མིག་མཆེ་བཞི་རབ་ཏུ་གཙིགས༔ གཡས་གཡོན་ཤེལ་གྱི་རལ་གྲི་རུ་དར་བསྣམས༔ དར་དཀར་བེར་གྱོན་སེང་གེ་ཆིབས་ལ་བསྟོད༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་༔ ཁྱོད་དང་མཐུན་པའི་དམ་རྫས་འདི་བཞེས་ལ༔ སྣང་སྲིད་རྒྱལ་པོའི་དམག་ཚོགས་དགྲ་ལ་ཆོས༔ དགྲ་བོ་མི་ནོར་འཁོར་བཅས་བརླག་པར་མཛོད༔ ཧཱུྃ༔ སྟེང་གི་ཚངས་པ་གིང་གི་གཙུག༔ བར་གྱི་ཁུ་ལེ་ལག་དགུ་པ༔ འོག་གི་ས་བདག་དམུ་རྗེ་བཙན༔ ཆོས་འཁོར་སྐྱོང་བའི་པེ་ཧ་རཿ དགྲ་ལྷའི་རྒྱལ་པོ་རྫུ་འཕྲུལ་ཅན༔ སྣ་ཚོགས་སྐུ་ལྔར་བརྫུ་བའི་འཕྲུལ༔ ཤནྟི་རོ་ཟན་མས་དགའ་བ་མོན་བུ་པུ་ཏྲ་བྷ་དྲ་དང་༔ སྲིན་མོ་གནོད་སྦྱིན་ཅི་མ་རཿ རུ་འདྲེན་གར་མཁན་སྐྱོ་བསང་འབག༔ འགོང་པོ་དམ་སྲི་དམུ་ཐེའུ་རང་༔ བཏགས་ཆགས་ལྷ་མ་སྲིན་ཐམས་ཅད༔ ཁྱོད་ཀྱི་འཁོར་དུ་

p. 270

འདུས་ནས་སུ༔ ཆོས་འཁོར་བཤིག་པའི་དགྲ་ལ་རྦད༔ འགོང་པོ་ཕུང་སྲིའི་ཁ་བཏོད་ལ༔ དབུལ་ཕོངས་འཆོས་ནས་བརླག་པར་གྱིས༔ དོ་ནུབ་བྱད་མ་མཁན་ལ་བོད༔ དམ་སྲི་ཕུག་ནས་བསླངས་ནས་སུ༔ ལུས་ངག་ཡིད་ལ་རང་གཤེད་ཕོབ༔ དོ་ནུབ་དགྲ་བོའི་སྟེང་དུ་རྦད༔ རྒྱལ་པོའི་ཁ་བཏོད་ཕུང་དཀྲུགས་ལ༔ ནང་འཁྲུག་དམེ་འཐབ་ལས་ལ་སྦྱོར༔ ཧཱུྃ༔ མ་གཡེལ་དགྲ་ལྷ་མཐུ་བོ་ཆེ༔ སྐུ་མདོག་སྔོ་ནག་འབར་བ་ལ༔ གཡུ་ཕྲེང་སྔོན་པོའི་རྒྱན་གྱིས་བརྒྱན༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་ལ་དར་ཞུ་གདུགས་ཐབས་གསོལ༔ ཕྱག་ན་སྤུ་གྲི་ཞགས་པ་ཐོགས༔ ཆིབས་སུ་དྲིལ་ནག་ཁ་སྐྱ་ཆིབས༔ དགྲ་བླ་ཆེན་པོ་དགྲ་ལ་ཆོས༔ བཀའ་སྡོད་གནོད་སྦྱིན་ནག་པོ་བརྒྱད༔ སྤུ་གྲི་ཐོགས་ནས་ཤ་རུས་འབྱེད༔ གནོད་སྦྱིན་དགྲ་བོའི་ཤ་ལ་ལྷན༔ ལས་མཁན་བདུད་པོ་ནག་པོ་བརྒྱ༔ ཐོད་ཁྲག་ཐོགས་ནས་སྲོག་རྩ་འབྱིན༔ བདུད་མོའི་སྲོག་ལ་ལྡིབ་ལྡིབ་འཐུང་༔ བཀའ་ཉན་མོན་པ་ནག་པོ་བརྒྱ༔ རལ་གྲི་ཐོགས་ནས་སྙིང་རྩ་འབྱིན༔ མོན་པ་སྙིང་ལ་ཕྱོ་ཕྱོ་ཡ༔ ཕོ་ཉ་སྟག་ཆས་དཔའ་བོ་བརྒྱ༔ བུད་མེད་དར་ནག་ཐོགས་པ་

p. 271

བརྒྱ༔ གཅན་གཟན་ཤ་རུས་འཆའ་བ་བརྒྱ༔ ཕོ་ཉའི་རྩལ་ལ་རུབ་རུབ་འདུས༔ དམ་ཉམས་དགྲ་བོ་ལས་ངན་འདི༔ རྒྱལ་པོ་འཁོར་བཅས་ཟ་སྐལ་གྱིས༔ གཏད་དོ་ལས་བཅོལ་མཐུ་མ་ཆུང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་སུ་ཏྲི་རཀྟ༔ གནོད་སྦྱིན་དགྲ་ལ་ལྷན་ལྷན༔ བདུད་ཕོ་སྲོག་ལ་ལྕིབ་ལྕིབ༔ མོན་མོ་སྙིང་ལ་ཆོ་ཆོ༔ ཕོ་ཉ་རྩ་ལ་རྔུབ་རྔུབ༔ སུམ་ཏྲི་རཀྟ་ཀི་ལ་ཡ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་སུམ་ཏྲི་ས་དུ་མཱ་ར་ཡ་ཛ༔ སྙིང་ལ་རྦད༔ སུ་མཱ་ར་ཡ་ཛ༔ སྲོག་རྩ་རྩ་བོ་ཆེ་ལ་དུན་དུན་རྨུགས༔ རྩ་བྲན་སུམ་བརྒྱ་དྲུག་ཅུ་ལ་རྦད་སུ་མཱ་ར་ཛ་ཛ༔ ཞེས་གཏོར་མ་དགྲ་ཕྱོགས་སུ་བཏེག་པར་བྱ༔ ཆོས་སྐྱོང་མགོན་དཀར་ནག་གི་བསྐུལ་ཕྱོགས་གཅིག་ཏུ་ཀླག་བདེ་བར་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ཆོས་སྐྱོང་ཉིད་ལ་བཤགས་ཤིང་དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག༔ གིང་གི་བསྐུལ་པ་ཕྱོགས་གཅིག་ཏུ་བྲིས་པ་སྔགས་ནག་རཱ་གའི་མིང་ཅན་ནོ༔ ཤུ་བྷཾ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མགྱོགས་མི་གཤེགས་གསོལ།

p. 272
p. 273

མགྱོགས་མི་བྱེད་གསོལ་ཁ་རྐྱང་པ་ལ་ཡང་གཤེགས་གསོལ་དགོས་པས་འདི་སྦྱར་རོ།། ཨོཾ༔ ཧཱུྃ༔ དབང་ཆེན་རྟ་མགྲིན་ཡང་སྤྲུལ་ཏེ༔ གུར་གྱི་མགོན་པོའི་ཐུགས་ལས་སྤྲུལ༔ ས་བརྒྱད་ནོན་པའི་སེམས་དཔའ་ཆེ༔ ཆོས་སྐྱོང་རྒྱལ་པོ་པེ་ཧ་རཿ༔ རྒྱལ་པོ་སྐུ་ལྔ་ཡབ་དང་ཡུམ༔ སྤྲུལ་པ་ལྔ་དང་བློན་པོ་ལྔ༔ ལས་མཁན་ཆེན་པོ་ཅི་དམར་བ༔ ཁྱེད་རྣམས་སྔོན་གྱི་དམ་ཚིག་ཅན༔ རྟ་མགྲིན་གསང་བདག་པད་འབྱུང་གིས་དམ་བཏགས་དབང་བསྐུར་སྲུང་མ་བསྐོས་ཆོས་སྐྱོང་སྲུང་མ་ཆེན་པོ་ཡིས༔ དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི༔ ལོ་དུས་གཞན་དུ་མཆོད་ལགས་ཀྱིས༔ ལ་ཆེན་ཁ་འཛིན་དབྱིངས་ནས་མཛོད༔ བདག་དང་ཡོན་བདག་འཁོར་བཅས་རྣམས༔ ལྟ་བ་འཕང་དམའ་སྤྱོད་པ་རྩིང་༔ བསྐྱེད་རིམ་མ་གསལ་བཟླས་བརྗོད་ཉུང་༔ དམ་རྫས་མ་འཛོམས་མཆོད་གཏོར་ཞན༔ མངོན་ཤེས་མི་ལྡན་ཕོག་ཐུག་འཆོར༔ དེ་ཕྱིར་རྒྱལ་ཆེན་འཁོར་བཅས་དང་རྒྱུན་དུ་འགྲོགས་པའི་སྐལ་བ་མེད༔ གནམ་ལྷ་བྱང་ཆུབ་གནམ་དུ་གཤེགས༔ གནམ་བདུད་མི་ལ་མ་འབེབས་ཤིག༔ དགུང་ལྷ་དཀར་པོ་དགུང་དུ་གཤེགས༔ མ་ཧཱ་ར་ཙ་བཛྲ་མུ༔ དགུང་

p. 274

སྔོན་མཐོན་པོའི་ཡང་སྟེང་ན༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ སེར་ཆགས་ཡོངས་ཀྱི་དགྲ་ལྷ་ཁྱོད༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ བསྟན་པ་སྤྱི་ལ་བྱ་ར་མཛོད༔ གཙུག་ལག་བྱེ་བ་དགུ་ཁྲི་ལ༔ སྐྱོང་ངམ་ཞིག་གསོས་ཕྲིན་ལས་མཛོད༔ རྒྱལ་ཆེན་འཁོར་དུ་གཏོགས་པ་ཡི༔ རྒྱལ་འགོང་དམ་སྲི་ཐེའུ་རང་༔ བགེགས་དང་འབྱུང་པོ་བསེ་རག་རིགས༔ རིག་འཛིན་རྒྱལ་བའི་ཞལ་མ་མཐོང་༔ དམ་ལ་མ་ཐོགས་ནག་པོའི་རིགས༔ འདི་རུ་མ་འདུག་གཞན་དུ་དེངས༔ རང་གི་ལུས་ལ་དཔེ་ལོང་ལ༔ གཞན་ལ་གནོད་པ་ཟླུམ་བྱེད་ཅིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བཀའ་བརྒྱུད་འཛིན་པ་ང་ཡིན་པས༔ ང་ཡི་བཀའ་ལས་མ་འདའ་ཞིག༔ གལ་ཏེ་མི་འགྲོ་གནོད་བྱེད་ན༔ དུས་ཆེན་ཚེས་ཟབཅུ་ཤར་བའི་ཚེ༔ སློབ་དཔོན་པདྨ་འབྱུང་གནས་ནི༔ མཁའ་འགྲོ་སྡེ་བཞི་འཁོར་དང་བཅས༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས༔ བོད་ཁམས་ཁྱབ་པར་འབྱོན་པའི་ཚེ༔ སློབ་དཔོན་པདྨ་ཐུགས་ཁྲོས་ནས༔ གུ་རུ་དྲག་པོའི་སྐུར་བཞེངས་ཏེ༔ བཀའ་ལས་འདས་པའི་འབྱུང་པོ་ལ༔ གནམ་ལྕགས་རྡོ་རྗེའི་ཆར་ཕབས་ནས༔ ལུས་ངག་ཡིད་གསུམ་རྡུལ་དུ་

p. 275

བརླག༔ གནམ་ལྕགས་སྡིག་པས་སྙིང་ཁྲག་འཇིབ༔ ཤི་ནས་མནར་མེད་དམྱལ་བར་ལྟུང་༔ དེ་བས་དོན་ཆུང་གལ་མ་བསྐྱེད༔ བདག་དང་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ རང་རང་སོ་སོའི་གནས་སུ་སོང་མྱུར་དུ་ད་ལྟ་ཉིད་དུ་སོང་ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཨོཾ་སརྦ་བྷུ་ཏ་གཙཱ་གཙྪ་ཨོཾ་སུཾ་བྷ་ནི་སུཾ་བྷ་སོགས་བརྗོད། ཅེས་པ་ཆོས་སྐྱོང་གང་ལ་ཡང་གསོལ་མཆོད་མཇུག་ཏུ་གཤེགས་གསོལ་ཡོད་པས་རྒྱལ་གསོལ་ལ་གཤེགས་གསོལ་དགོས་པ་དང་། འཁོར་རྣམས་དམ་སྲི་གདུག་པ་ཅན་ཡང་མང་བས་བགེགས་བསྐྲད་དམ་བརྡར་གལ་ཆེ་བ་དང་། རྒྱལ་ཆེན་རྒྱུན་དུ་བརྟེན་པ་རྩུབ་ཆ་ཆེ་ཞིང་ཆུན་དཀའ་ལོ་དུས་ཟླ་དུས་ཙམ་ལ་གསོལ་ཁ་བཏང་ཞིང་གཤེགས་ན་འཇམ་པའི་ཕྱིར་གཤེགས་གསོལ་འདི་ཡང་སྔགས་འཆང་༧ རཱ་ག་ཨ་སྱས་འཕྲལ་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །གསོལ་མགྱོགས་སྦྲགས་མ་བྱེད་ན་གཞུང་ལྟར་རོ། །མངྒ་ལཾ། །

སྤྱི་ཐག་རྒྱལ་པོ་སྟག་ཐོད་ཅན་གྱི་གསོལ་ཁ།

p. 276
p. 277

སྤྱི་ཐག་རྒྱལ་པོ་སྟག་ཐོད་ཅན་གྱི་གསོལ་ཁ་བཞུགས་སོ། །ཀ་ཡེ་གསོན་དང་རྒྱལ་པོ་སྟག་ཐོད་ཅན། །ཁ་བ་ཅན་ལྗོངས་ཆམ་གྱི་སྤྱི་ཐག་འདི། །ག་ནས་བསམས་ཀྱང་གནས་བདག་ཁྱོད་ཡིན་པས། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་མཐུས། །ཅ་ཅོའི་སྤྱན་འདྲེན་དབྱངས་འདི་གསན་ལགས་སམ། །ཆ་ལུགས་དགེ་བསྙེན་སྟག་ཐོད་ཚག་ཞུ་གསོལ། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་གཟི་བརྗིད་འོད་དཀར་ཕྲེང་། །ཏ་ཐཱ་ག་ཏའི་སྐུ་གསུང་ཐུགས་རྟེན་བདག །ཐ་ཚིག་ཇི་བཞིན་མི་ནོར་བྲན་གཡོག་ཡིན།། །ད་ནས་ཁྱོད་ཀྱིས་སྲུང་སྐྱོབ་མ་གཡེལ་ཅིག །ན་ཚ་ཤི་ཆད་གོད་ཀ་མེད་པར་མཛོད། །པ་དེ་པུ་དེའི་ཆོ་འཕྲུལ་མ་སྟོན་ཅིག །ཕ་རོལ་བསྟན་པའི་སྤྱི་དགྲ་རྡུལ་དུ་རློགས། །བ་བོང་རྟ་ལུག་ནོར་ཕྱུགས་རྐང་འགྲོ་སྤེལ། །མ་གྱུར་འགྲོ་ལ་དོན་མེད་གནོད་པ་སྤོངས། །ཙ་ཁ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུས་པའི་ནད་རིམས་མེད་པར་མཛོད་། །ཛ་ཡི་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་སྲིད་གསུམ་གཟིགས་པའི་མངོན་ཤེས་ཅན། །ཞ་བཞིན་པད་འབྱུང་བསྟན་འཛིན་གཙུག་ཏུ་བཀུར། །ཟ་བྱེད་གིང་

p. 278

གི་གདོང་སྡེའི་སྡེ་ཚན་རྣམས། །འ་འུར་འབྲུག་སྒྲ་ཆོ་འཕྲུལ་དྲག་པོ་བཅས། །ཡ་མཚན་རྒྱལ་བའི་བསྟན་པའི་བ་དན་ཕྱོར། །ར་ལུག་ཁྱི་དཀར་ལ་སོགས་རྟེན་རྫས་དང་། །ལ་ཆེན་དངོས་འབྱོར་ཡིད་སྤྲུལ་མཐུན་རྫས་འབུལ། །ཤ་ཚ་སྙིང་རྗེ་ཕ་ཁུ་སྤུན་ཟླ་ལྟར། །ས་ཆ་གང་དུ་འདུག་ཀྱང་ཁ་འཛིན་མཛོད། །ཧ་ཀྱང་ཀོ་ལོང་ཕྲག་དོག་མ་མཛད་པར། །ཨ་ལ་ལ་ཞེས་ཡ་མཚན་དངོས་གྲུབ་སྩོལ། །ཨོ་ར་ཛ་བྱ་ཏྲི་མུ་ཁ་ལེ་ཁ་ཁ་ཁཱ་ཧི་ཁཱ་ཧི། གུ་རུ་དྲག་པོའི་དབང་གཞུང་ལས། །ཆོས་སྤྱོད་ཆོས་བསྐོར་ཞུགས་ནས་ཀྱང་། །ཡུལ་དེར་གནས་པའི་ཡུལ་ལྷ་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཁ་མཆོད་པ་བྱས་ན་ཤེས། །ཞེས་གསུངས་པའི་ཕྱིར། ཆམ་སྤྱི་ཐག་གྲོང་ཁྱེར་དུ་གཉུག་མར་གནས་པའི་རྒྱལ་པོ་སྟག་ཐོད་ཁ་འདི་དྲག་རྩལ་ཆེ་བར་སྣང་། གྲོང་ཁྱེར་དེ་ན་གནས་པའི་མིས་གསོལ་མཆོད་བྱས་ན་ལེགས། བཀའ་བསྒོའི་སྒོས་པ་འདི་བྱས་ན་གཞན་ཐམས་ཅད་ལ་གནོད་འཚེའི་བར་ཆད་སེལ་བར་སྙམ་ནས། གྲོང་ཁྱེར་དེ་དང་གཞན་སྤྱི་ལ་ཕན་པར་སེམས་པའི་བསམས་པས་སྔགས་འཆང་དགེ་སློང་ཨ་རཱ་གས་སྦྱར་བའོ། །དགེའོ།། །།

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ལྷ་ཆེན་ཡེ་བརྫུ་གཉན་པོའི་སྒྲུབ་ཐབས།

p. 279

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ལྷ་ཆེན་ཡེ་བརྫུ་གཉན་པོའི་སྒྲུབ་ཐབས་བཞུགས་སོ༔

p. 280

ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ནས༔ ཡེ་བརྫུ་མཆོད་ཅིང་བསྟེན་པའི་གདམས་པ་བྲི༔ དར་རམ་རས་སམ་ཤོག་བུ་གཙང་མ་ལ༔ ཡེ་བརྫུ་མཆེད་གསུམ་བྲིས་པ་སྐུ་ཡི་རྟེན༔ དེ་ཡི་རྒྱབ་ཏུ་སོ་སོའི་སྲོག་སྔགས་ལ༔ ཏིཥྛ་ལྷན་བཏགས་བྲིས་པ་གསུང་གི་རྟེན༔ མདའ་ལ་དར་ཚོན་བཏགས་པ་ཡོན་ཏན་རྟེན༔ ཁྲབ་བྱང་རྔ་ཁྲབ་བཏགས་པ་ཕྲིན་ལས་རྟེན༔ དེ་ལ་རྒྱུན་དུ་བསྟིམ་ཞིང་གཤེགས་མི་བྱ༔ གཞན་ཡང་རྒྱུན་དུ་འཚག་ངེས་གོ་ཁྲབ་དང་༔ མདའ་གཞུ་རལ་གྲི་ཁོ་ཡི་རྟེན་དུ་དམིགས༔ གཏོར་མ་མཁར་ཐབས་སྟེང་དུ་ཟུར་གསུམ་གསུམ༔ ར་སྟག་ཝ་ཡི་མགོ་ཡིས་མཚན་པར་བྱ༔ ཤ་དམར་ལ་སོགས་བརྒྱན་གྱིས་བྱུག་པ་དང་༔ མར་རྒྱན་ཉི་ཟླ་སྐར་མ་གསུམ་དུ་

p. 281

བྱ༔ ཕྱེ་མར་ཟས་ཕུད་བཟང་ཤིང་དུད་པ་བྱ༔ གསེར་སྐྱེམས་ཕུད་རྒོད་ལ་སོགས་འཇོམས་ན་རབ༔ མེད་ན་གཏོར་མ་ཟུར་གསུམ་རྩེ་གསུམ་མམ༔ གང་རུང་ཟས་ཕུད་བྲན་ནས་འདོན་ཡང་རུང་༔ རང་ཉིད་པད་འབྱུང་ངམ་ནི་ཡི་དམ་ལྷར༔ གསལ་བའི་ཐུགས་ལས་འོད་ཟེར་ལྕགས་ཀྱུ་ལྟར༔ འཕྲོས་པས་རང་བཞིན་གནས་ནས་སྤྱན་དྲངས་ནས༔ རང་མདུན་བཀའོ་ཉན་གསུང་སྡོད་བྱེད་པར་བསྒོམ༔ འཇིག་རྟེན་པ་དང་རྒྱུད་པའི་དྲེགས་པ་ལ༔ དམ་ཚིག་བསྐྱེད་པའི་མངོན་རྟོགས་མི་དགོས་སོ༔ སྐད་ཅིག་སྤྱན་དྲངས་མདུན་དུ་བཞུགས་པར་དམིགས༔ གྱེར་སྒོམ་སྦྲགས་པས་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་པདྨ་ཐོད་ཕྲེང་གིས༔ བཀའ་དང་དམ་ལ་བཏགས་པའི་དམ་ཚིག་ཅན༔ སྲིད་

p. 282

པའི་དགྲ་བླ་ཡེ་བརྫུ་འཁོར་དང་བཅས༔ མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ སྔོན་གྱི་དམ་ཚིག་གཉན་པོ་དགོངས་མཛོད་ལ༔ བདག་གིས་གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ས་མ་ཡ་ཧོ༔ ཧཱུྃ༔ དགྲ་བླ་ཡེ་བརྫུ་གཉན་པོ་འཁོར་བཅས་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ༔ བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན་དར་ཟབ་གོ་མཚོན་མདའ་དར་མདུང་དར་དང་༔ ཇ་ཆང་སྐྱེམས་ཕུད་བདུད་རྩི་ཨ་མྲྀ་ཏ༔ དཀར་གསུམ་མངར་གསུམ་ཤིང་ཐོག་རིན་ཆེན་འབྲུ༔ ཁྱད་པར་གཏོར་མ་ཡེ་ཤེས་བདུད་རྩིའི་མཚོ༔ ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་པ༔ ཧ་ཧོཧྲཱིདང་ཨོཾ་ཨཱཿཧཱུྃ་རྣམས་ཀྱིས༔ ཟད་མེད་ནམ་མཁའི་མཛོད་དུ་བྱིན་བརླབས་ནས༔ འབུལ་ལོ་མཆོད་དོ་མཉེས་ཤིང་ཚིམས་གྱུར་ཅིག༔ ཨོཾ་ཨོཾ་ཧེ་ལ་ཧེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཡ་ཡ་ཁུ་ཡེ་ཁུ་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ འོ་འོ་འབང་པོ་སྤང་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཨནྡྷཾ་སོགས།

p. 283

ཧཱུྃ༔ སྲིད་པའི་དགྲ་བླ་ཡེ་བརྫུ་ནི༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཞལ་ནི་ཁྲོ་འཛུམ་བརྗིད་པའི་ཞལ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ གསེར་སྐད་རིན་ཆེན་སྐེད་ལ་བཅིངས༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ ཕྱག་གཡས་ར་ཡི་མདུང་དར་ཕྱརོ༔ དགྲ་བླའི་དམག་ཚོགས་ཁ་ལོ་སྒྱུར༔ ཕྱག་གཡོན་དགྲ་མགོ་ཁྲག་འཛག་བསྣམས༔ ཞབས་ལ་སག་ཏིའི་རྒྱན་ལྷམ་གསོལ༔ ཆིབས་སུ་ར་སྐྱེས་ཁམས་པ་ཆིབས༔ སྲིད་པའི་རླུང་བཞིན་ཀུན་ཏུ་རྒྱུག༔ སྤྲུལ་པ་ར་སྐྱེས་ཁམས་པ་འགྱེད༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་བློན་པོ་བདུན༔ མི་ལྗང་རྟ་ལྗང་འཁོར་གསུམ་ཅན༔ གཡས་པས་མི་ནུབ་རྒྱལ་མཚན་ཕྱར༔ གཡོན་པས་རལ་གྲི་བསམ་ཆོད་འཛིན༔ ལྷོ་ཡི་ཕྱོགས་ཀྱི་བཀའ་བློན་བརྒྱད༔ མི་དཀར་རྟ་དཀར་སྟག་ཆས་ཅན་ཕྱག་གཡས་དཔག་བསམ་ལྗོན་ཤིང་དང་༔ གཡོན་པས་གཅོད་པའི་སཱུ་མོ་འཛིན༔ ནུབ་ཀྱི་ཕྱོགས་ཀྱི་བཀའ་བློན་མི་དཀར་རྟ་དཀར་དམག་ཆས་ཅན༔ གཡས་པས་རལ་གྲི་གཡོན་རྡོ་རྗེ༔ བྱང་གི་ཕྱོགས་ཀྱི་བློན་པོ་དགུ༔ མཐིང་མདོག་སྟག་རལ་གཟིག་ཤུབས་ཅན༔ བུམ་སྐྱོགས་

p. 284

འཛིན་ཅིང་རྟ་སྔོན་ཆིབས༔ ཡེ་བརྫུ་འཁོར་དང་བཅས་ལ་བསྟོད༔ ཧཱུྃ༔ ཡེ་བརྫུ་གཉན་པོའི་ཕུ་བོ་ནི༔ སྐུ་མདོག་མཐིང་ནག་བརྗིད་པའི་ཞལ༔ སྐུ་ལ་དར་ནག་འཇོལ་བེར་གསོལ༔ ཕྱག་གཡས་ཁྲོ་ཆུའི་ཐོ་བ་ཕྱར༔ གཡོན་པས་རྣོ་དབལ་ཆུ་གྲི་བརྡར༔ ཆབས་སུ་ཟངས་ཀྱི་ཝ་མོ་ཆིབས༔ གློག་དམར་བང་གིས་འཇིག་རྟེན་ཉུལ༔ སྤྲུལ་པ་བུ་ཆུང་མཛེས་པ་འགྱེད༔ གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ༔ འཇིགས་པའི་མི་ནག་ཆེན་པོ་བཅུ༔ རྫུ་འཕྲུལ་གཤོག་པ་བྱ་ལྟར་འཇུམ༔ ལག་ན་གླང་རྭའི་རྭ་ཟོར་འཕེན༔ གཡོན་གྱི་ཕྱོགས་ནས་རུ་འདྲེན་པ༔ སྐྱེས་ཕྲན་མི་དཀར་མཛེས་པ་དགུ༔ གཡས་གཡོན་གཉིས་ན་ཏ་ལ་ཡི༔ ལོ་མའི་སྒྲོ་བ་འབྲས་བུས་བཀང་༔ ཡིད་བཞིན་ནོར་གྱི་དངོས་གྲུབ་སྩོལ༔ ཨ་ཇོ་འཁོར་དང་བཅས་ལ་བསྟོད༔ ཧཱུྃ༔ དགྲ་བླ་ཡེ་བརྫུའི་ནུ་བོ་ནི་མི་སེར་ཁྲོ་འཛུམ་གནོད་སྦྱིན་ཚུལ༔ སྐུ་ལ་དར་ལྗང་བེར་ཆེན་གསོལ༔ ཕྱག་གཡས་འབིག་གྲི་གཡོན་པ་ན༔ འཕེན་གྲི་འཛིན་ཅིང་རྒྱ་སྟག་ཆིབས༔ བཀའ་འཁོར་མི་དམར་སྟག་ཆས་ཅན༔ ལག་ན་མེ་ཡི་དཔལ་འབར་ཐོགས༔ སྤྲུལ་པ་གླང་བུ་དམར་པོ་འགྱེད༔ དགྲ་

p. 285

ལྷའི་ཐ་ཆུང་འཁོར་བཅས་བསྟོད༔ ཡེ་བརྫུ་མཆེད་གསུམ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ངོ་སོ་བསྟོད༔ དགྲ་ལྷ་མི་དང་མ་འབྲལ་བར༔ ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དང་། ་བསྡུན། ཧཱུྃ༔ དབང་ཆེན་རྟ་མགྲིན་ཡང་སྤྲུལ་ཏེ༔ རྡོ་རྗེ་ལེགས་པའི་མཆེད་ཟླ༔ སྲིད་པའི་དགྲ་ལྷ་མཐུ་བོ་ཆེ༔ ཡེ་བརྫུ་འཁོར་དང་བཅས་ལ་བསྟོད༔ བསམ་པ་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་བརྗོད་མཆེད་གསུམ་ཐུགས་ཀ་རུ༔ ཟླ་སྟེང་ཏྲི་ཡིག་རང་མདོག་ལ༔ སོ་སོའི་སྔགས་ཀྱིས་གཡས་སུ་བསྐོར་རང་གི་ཐུགས་ཀའི་འོད་ཟེར་ཕོག༔ སྔོན་གྱི་དམ་ཚིག་རྗེས་སུ་དྲན༔ སྔགས་ཕྲེང་གཡས་སུ་འཁོར་བ་ཡིསཿ་རང་དབང་མེད་པར་ལས་བྱེད་དམིགས༔ མཆེད་གསུམ་གང་ལ་བསྙེན་འདོད་པའི༔ སྲོག་སྔགས་ཤམ་བུ་འདི་ལྟར་རོ༔ ཨོཾ་ཏཱ་ལ་ཏྲི་ཏ་ཡ་ན་བྷ་སང་༔ ནི་ནཾ༔ ཨོཾ་ཀྱི་ཡ་ཀྱི་ཡ༔ མ་མ་ཏེ་ཏེ༔ ཧ་ཧ་ཏེ་ཏཿ ཀྱ་ཙུ་ཀྱུ་ཙུ༔ མུ་མུ་ཀེ་ཏེ་སང་ལྟོང་ངོ་༔ ས་མ་ཡ་ཛ་ཛ༔ ཤམ་བུར་འདི་ལྟར་རོ༔ ས་མཱ་ཡ་ཛ་ཛ༔ དེ་ནི་འབོད་ཅིང་བསྙེན་པའི་སྔགས༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནི་སྒྲུབ་པ་དངོས་གྲུབ་

p. 286

སྔགས༔ བཱ་སུ་སིདྡྷི་སྭཱ་ཧྭ༔ ནོར་ཕྱུགས་ལ་སོགས་འཕེལ་བའོ༔ པུཎེ་པུཊྚི་ཀུ་རུ་སྭཱ་ཧཱ༔ བསོད་ནམས་མངའ་ཐང་རྒྱས་པའོ༔ ལོ་ཀ་པ་ཤཾ་ཀུ་རུ་སྭཱ་ཧཱུ་མངའ་ཐང་འཁོར་ཚོགས་འདུ་བའོ༔ གནོད་བྱེད་དགྲ་བོ་མཱ་ར་ཡ་རྦད༔ དགྲ་བགེགས་ལ་སོགས་ཚར་གཅོད་དོ༔ དགྲ་ལ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་རྦད༔ དགྲ་ཇག་བཟློག་ཅིང་ཕ་རོལ་འཇོམས༔ ཞི་བའི་འོད་ཟེར་དཀར་པོ་ཡིས༔ བར་ཆད་བ་མོར་ཉི་ཟེར་ལྟར༔ རྒྱས་པའི་འོད་ཟེར་སེར་པོ་ལས༔ རིན་ཆེན་སྣ་ཚོགས་ཆར་འབབ་བསམ༔ ཁྱད་པར་ར་སྐྱེས་སྤུ་གསེབས་ནས༔ རིན་ཆེན་ཆར་པ་འབེབས་པར་དམིགས༔ དབང་ལ་འོད་ཟེར་གློག་ལྟ་བུ༔ ལྕགས་ཀྱུའི་དབྱིབས་ཀྱིས་འགུགས་པར་བསམ༔ དྲག་པོ་འཁོར་བཅས་དམག་ཆས་ཏེ༔ ཐོག་སེར་མཚོན་ཆའི་ཆར་ཕབ་ནས༔ གྲོག་ཚང་སེར་བས་ཕབ་ལྟར་དམིགས༔ གང་འདོད་བཀའ་བསྒོ་དྲག་ཏུ་བྱ༔ གང་ལ་བསམ་པ་ཡིད་བཞིན་འགྲུབ༔ འཇིག་རྟེན་མཆོད་དང་བསྟོད་པས་བསྒྲུབ༔ མཆོད་བསྟོད་གསོལ་ཁ་མང་ན་འགྲུབ༔ དེ་ཕྱིར་གསོལ་ཀ་བསྟོད་པ་བྱ༔ གཏོར་མ་གསོ་བྲན་ཨ་ཀཱ་རོས༔ བྱིན་གྱིས་བརླབས་ལ་འདི་སྐད་བརྗོད༔ ཧཱུྃ༔ རྟ་མཆོག་རྒྱལ་པོ་པདྨ་ཧེ་རུ་ཀ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ རིག་པའི་ཆོ་འཕྲུལ་འགྲོ་བའི་དོན་གྱི་ཕྱིར༔ སེམས་དཔའ་ཆེན་པོ་རྡོ་རྗེའི་རིགས་སུ་སྤྲུལ༔ འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་

p. 287

རྣམ་པར་སྣང་མཛད་ཆེན་པོའི་ཞབས་འབྲིང་མཛད༔ དེ་ཚེ་རྡོ་རྗེ་རིགས་ཀྱི་སེམས་དཔའ་དེས༔ ཡོན་ཏན་རྣམས་ལ་སངས་རྒྱས་ཐམས་ཅད་དགྱེས་ལེགས་སོ་གསུངས་པས་རྡོ་རྗེ་ལེགས་པར་གྲགས༔ ཡེ་ཤེས་རྡོ་རྗེ་ལེགས་པ་གསོལ་ཞིང་མཆོད༔ སེམས་དཔའ་དེ་ཡི་སྤྲུལ་པ་འཇིག་རྟེན་འདིར༔ སྲིན་ཡུལ་མ་ལ་ཡ་ཞེས་བྱ་བའི་རི༔ རྩེ་ལ་རང་སྣང་ཐོད་པའི་གཞལ་ཡས་ཁང་༔ ཆོས་སྐྱོང་མ་མགོན་ཀུན་གྱི་ཕོ་བྲང་རྩེར༔ དུས་བཟང་རྣམས་སུ་གསང་བའི་བདག་པོ་ཡིས༔ མ་མོ་མཁའ་འགྲོ་རྣམས་ལ་དམ་ཆོས་སྟོན༔ གནས་དེའི་གནས་བདག་སྲུང་མ་ཞིང་སྐྱོང་ཚུལ༔ ལྷོ་ནུབ་སྲིན་མོ་མ་གྷའི་བྲག་ཕུག་ནང་༔ ལྕགས་སྤྱང་བསྣོལ་སྟེང་རླུང་ནག་འཚུབ་མའི་ནང་༔ གསང་བའི་མཚན་ནི་རྗེ་གཅིག་ཉག་གཅིག་སྟེ༔ མཱ་ལ་ཡ་ཡི་བྲག་སྲིན་ཞེས་ཀྱང་བྱ༔ ཧེ་རུ་ཀ་ཡི་མོན་པ་གཏུམ་བག་བཏང་༔ དམ་ཚིག་རྡོ་རྗེ་ལེགས་པ་གསོལ་ཞིང་མཆོད༔ དེ་ཡི་སྤྲུལ་པ་འཛམ་གླིང་ནུབ་ཀྱི་ཕྱོགས༔ རྒྱ་གར་ནུབ་ཕྱོགས་ཕ་ཝང་ལོང་བུ་ན༔ དམུ་བདུད་ཡབ་ཡུམ་འཚོགས་པའི་སྲས་སུ་འཁྲུངས༔ དང་པོ་མུ་སྟེགས་རྒྱང་ནས་འཕེན་པས་མཆོད༔ མཚན་ནི་

p. 288

ཡི་དྭགས་བཙན་གྱི་རྒྱལ་པོར་གྲགས༔ དེ་ནས་གཡུང་དྲུང་བོན་གྱི་ལྷ་རུ་བརྟེན༔ མཚན་ནི་སྐྱེས་བུ་མི་ཐང་གྲྭ་པ་ཟེར༔ དེ་ནས་ཐུབ་པའི་དབང་པོ་ཞལ་མཐོང་ཞིང་༔ ཕྱག་ན་རྡོ་རྗེས་དབང་བསྐུར་དམ་ལ་བཞག༔ མཚན་ནི་བཛྲ་སཱ་དྷུ་ཞེས་སུ་བཏགས༔ དེས་ནི་འཛམ་གླིང་ཐམས་ཅད་སྐྱོང་བའི་ཕྱིར༔ སྐྱེས་བུའི་མཆེད་ཟླ་སུམ་བརྒྱ་དྲུག་ཅུར་སྤྲུལ༔ ལས་ཀྱི་རྡོ་རྗེ་ལེགས་པ་གསོལ་ཞིང་མཆོད་སྐྱེས་བུ་སྤྲུལ་པ་སུམ་བརྒྱ་དྲུག་ཅུ་ལ༔ རྒྱ་གར་འཕགས་པའི་ཡུལ་དུ་མཚན་གསོལ་བ༔ རྡོ་རྗེ་འབར་བ་སུམ་བརྒྱ་དྲུག་ཅུར་གྲགས༔ རྒྱ་གར་ཡུལ་དུ་ཆོས་ཀྱི་རྒྱལ་པོ་མཛད༔ རྒྱ་གར་ཆོས་ཀྱི་སྲུང་མ་གསོལ་ཞིང་མཆོད༔ ཞང་ཞུང་བོན་གྱི་ཡུལ་དུ་མཚན་བཏགས་པ༔ ཝེར་མ་སུམ་བརྒྱ་དྲུག་ཅུ་ཞེས་སུ་གྲགས༔ ཝེར་མ་སུམ་བརྒྱ་དྲུག་ཅུ་གསོལ་ཞིང་མཆོད༔ རྒྱ་ནག་ཁྲིམས་ཀྱི་ཡུལ་དུ་མཚན་གསོལ་བ༔ ཨ་ཇོ་སུམ་བརྒྱ་དྲུག་ཅུ་ཞེས་སུ་གྲགས༔ གསེར་ཁང་སེར་པོའི་སྲུང་མ་གསོལ་ཞིང་མཆོད༔ དེ་ནས་ཡུལ་ནི་ཨ་སུ་ར་ཡི་ཕུག༔ སློབ་དཔོན་པདྨས་དབང་བསྐུར་དམ་ལ་བཞག༔ དགེ་བསྙེན་སུམ་བརྒྱ་དྲུག་ཅུ་ཞེས་སུ་གྲགས༔ ཤེལ་མཁར་ཉི་སྒྲོན་བདག་པོ་གསོལ་

p. 289

ཞིང་མཆོད༔ དེ་ནས་བོད་ཡུལ་གཙང་གི་འོ་ཡུག་ཏུ༔ རྟེན་བཅས་གཏེར་ཁ་བརྒྱ་རྩའི་གཏེར་སྲུང་མཛད༔ དམ་ཅན་སུམ་བརྒྱ་དྲུག་ཅུ་གསོལ་ཞིང་མཆོད༔ གཞན་གྱིས་མ་བཅོས་རང་དམ་རང་གིས་བཅས༔ ཚོང་གི་ཚོང་དཔོན་དམག་གི་དམག་དཔོན་དང་༔ སྐྱེ་བོའི་དགྲ་ལྷ་ཇག་པའི་དཔུང་རོགས་མཛོད༔ དགྲ་ལྷ་སུམ་བརྒྱ་དྲུག་ཅུ་་ཞེས་སུ་གྲགས༔ དགྲ་ལྷ་སུམ་བརྒྱ་དྲུག་ཅུ་གསོལ་ཞིང་མཆོད༔ བརྒྱ་ནི་རྒྱ་གར་བརྒྱ་ནི་རྒྱ་ནག་ཡུལ་བརྒྱ་ནི་ཞང་ཞུང་འབྲོག་གི་ཡུལ་དུ་བཞུགས༔ དྲུག་ཅུ་བོད་ཀྱི་ཡུལ་དུ་བཞུགས་པ་ལ༔ རེ་རེ་ལ་ཡང་བླ་རི་བླ་མཚོ་རེ༔ སོ་སོར་མཚན་ཡང་སོ་སོར་ཡུལ་ལྷ་མཛད༔ ཡུལ་ལྷ་སུམ་བརྒྱ་དྲུག་ཅུ་གསོལ་ཞིང་མཆོད་བརྒྱ་དང་དྲུག་ཅུ་མཆེད་འཁོར་མདོ་ཁམས་སུ༔ གནས་བཅས་ཡེ་བརྫུ་ཁ་ཆར་འདབ་མ་ཅན༔ སྐུ་མཆེད་ཐམས་ཅད་དཔོན་བློན་རེས་མོས་སུ༔ གཅིག་གྲོགས་གཅིག་གིས་མཛད་པ་དམ་ཚིག་ཡིན༔ དེ་ཕྱིར་ཡེ་བརྫུ་སུམ་བརྒྱ་དྲུག་ཅུར་གྲགས༔ དགྲ་ལྷ་ཡེ་བརྫུ་འཁོར་བཅས་གསོལ་ཞིང་མཆོད་མགུར་ལྷ་སུམ་ཅུ་དགེ་བསྙེན་ཉེར་གཅིག་སོགས༔ ཐམས་ཅད་དྲུག་ཅུའི་ཁོངས་སུ་

p. 290

གཏོགས་པ་ལས༔ བརྟན་མ་བཅུ་གཉིས་ཡ་མ་བཅུ་གཉིས་དང་༔ སྐྱོང་མ་བཅུ་གཉིས་ལྕམ་དང་དགྱེས་སྡེ་མོ༔ དེ་ཕྱིར་སྲིང་ལྕམ་སུམ་བརྒྱ་དྲུག་ཅུ་སྟེ༔ བོད་ཁམས་ཡུལ་ལྷ་ཐམས་ཅད་གསོལ་ཞིང་མཆོད༔ སྐྱེས་བུའི་སྤྲུལ་པ་ཡེ་བརྫུ་མཐུ་བོ་ཆེ༔ རི་རབ་གླིང་བཞི་འཛམ་གླིང་དྲེགས་པའི་ཚོགས༔ ལ་ལ་ཁྱོད་ཀྱི་ཕ་མ་མྱེས་པོ་སྟེ༔ ལ་ལ་སྤུན་ཟླ་ལ་ལ་རིས་དང་སྡེ༔ ཐམས་ཅད་ཀུན་གྱིས་ཁ་ལོ་བསྒྱུར་བའི་ཚེ༔ ལྷ་འདྲེ་ཀུན་གྱི་དམག་དཔོན་སྣ་འདྲེན་པོ༔ མཐུ་ཆེན་ཡེ་བརྫུ་འཁོར་བཅས་གསོལ་ཞིང་མཆོད༔ དམ་རྫས་གཏོར་མ་མཐུན་རྫས་སྣ་ཚོགས་འབུལ༔ དལ་བའི་དུས་སུ་དགྲ་ལྷ་ཁྱེད་མཆོད་ན༔ བྲེལ་བའི་དུས་སུ་དགྲ་ལྷ་ཐུགས་མ་གཡེལ༔ མཉམ་གཉིས་མི་དང་འཕན་གྱི་བུ་འགྲན་ན༔ མི་འཕན་རྟ་ཕྲག་ཡེ་བརྫུ་ཁྱེད་ལ་རེ༔ མི་གཡང་གཞན་ལ་མ་ཤོར་ཡེ་བརྫུ་རེམ༔ མཉམ་གཉིས་མི་དང་ཕྱུགས་ཀྱི་ནོར་འགྲན་ར༔ བེའུ་ལུག་འཕེལ་ཁ་ཡེ་བརྫུ་ཁྱེད་ལ་རེ༔ ནོར་གཡང་གཞན་ལ་མ་ཤོར་ཡེ་བརྫུ་རེམ༔ ཕ་རོལ་དགྲ་དང་དམག་དང་གཡུལ་འགྱེད་ན༔ དགྲ་ཕམ་ཟིན་རྒྱལ་ཡེ་བརྫུ་ཁྱེད་ལ་རེ༔ རླུང་ཁ་གཞན་ལ་མ་ཤོར་ཡེ་བརྫུ་རེམ༔

p. 291

ཇག་དང་ཚོང་དང་མགྲོན་ལ་འགྲོ་བའི་ཚེ༔ ལམ་ལྷ་ཁ་འཛིན་ཡེ་བརྫུ་ཁྱེད་ལ་རེ༔ བུ་རྟའི་སྲུང་སྐྱོབ་དགྲ་ནོར་གནངས་སུ་ལོངས༔ ཁྱེད་ནི་ཕ་མཚུན་དགྲ་བླ་གཉན་པོ་སྟེ༔ ཕ་སྤུན་བུ་སྲིང་ཤག་རོག་ཡུལ་རྣམས་སུ༔ མ་བྲོས་མ་འཁྱམས་བརྩེ་གདུང་ཇེ་ཆེར་མཛོད༔ ཁྱོད་ནི་ཡབ་མྱེས་རྒྱུད་ཀྱི་ཕོ་ལྷ་སྟེ༔ རིགས་ཀྱི་བུ་ལ་རྒྱུད་ཀྱི་ལྷ་འཁོར་འཇིག་རྟེན་སྲིད་པའི་གཞུང་འདི་ཁྱེད་ཀྱིས་འཚོས༔ མིས་ཀྱང་ལྷ་ལ་གསོལ་མཆོད་དུས་སུ་བྱེད༔ ལྷས་ཀྱང་མི་ལ་ཁ་འཛིན་དུས་སུ་མཛོད༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ནད་མེད་བདེ་བའི་དངོས་གྲུབ་བསྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཆེ་བཙན་གྲགས་པའི་དངོས་གྲུབ་བསྩལ་དུ་གསོལ༔ རིགས་རྒྱུད་བཙན་དར་དངོས་གྲུབ་བསྩལ་དུ་གསོལ༔ དཔུང་ཆེན་སྟོབས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཁྱེད་ཀྱི་ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ གོ་མཚོན་སྣ་དགུ་རྣམས་ལ་རྟེན་ཆོས་ལ༔ དགྲ་ལྷ་མི་དང་མ་འབྲལ་བརྟན་པར་བཞུགས༔ ཚེ་རིང་ནད་མེད་བཙན་ཕྱུག་འཕན་དར་རྒྱས༔ བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་གྱུར་ཅིག༔

p. 292

མི་འགྱུར་རྡོ་རྗེའི་དགོངས་གཏེར་ལས་བྱུང་བའི་སྲོག་སྔགས་ཡེ་བརྫུའི་སྒྲུབ་ཐབས་གསོལ་མཆོད་དགོངས་གཏེར་ཉམས་ལེན་ཚུལ་གྱི་ཟིན་བྲིས་རབ་ཏུ་གསལ་བ་ལྷ་ཐོག་སྤྱི་དཔོན་ཀརྨ་ཚེ་བརྟན་གྱི་ཤོག་བུ་ཕུལ་བྱུང་བས་རཱ་ག་ཨ་སྱས་ཞུན་མར་ངོག་ནས་བྲིས༔ མངྒ་ལཾ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྡོ་རྗེ་ཕུར་པའི་བཀའ་སྲུང་སློབ་དཔོན་པདྨའི་བཀའ་གཉན་ཞང་བློན་ཡེ་བརྫུ་ཞེས་བྱ་བའི་སྒྲུབ་ཐབས་ཡིག་རྙིང་གི་གབ་འཁྲུགས་གསལ་ཏེ་ཁྱེར་བདེར་བཀོད་པ།

p. 293

རྡོ་རྗེ་ཕུར་པའི་བཀའ་སྲུང་སློབ་དཔོན་པདྨའི་བཀའ་གཉན་ཞང་བློན་ཡེ་བརྫུ་ཞེས་བྱ་བའི་སྒྲུབ་ཐབས་ཡིག་རྙིང་གི་གབ་འཁྲུགས་གསལ་ཏེ་ཁྱེར་བདེར་བཀོད་པ་བཞུགས་སོ།།

p. 294

ན་མོ་པྲ་ཝ་ཀཱ་ར་ཡེ། རིགས་གསུམ་གྱི་མགོན་པོ་ལ་ཕྱག་འཚལ་ལོ། །སྔོན་བལ་ཡུལ་ཨ་སུ་ར་ཡི་བྲག་ཕུག་ཏུ་སློབ་དཔོན་པདྨས་རྡོ་རྗེ་ཕུར་པ་སྒྲུབ་པའི་ཚེ། ཞང་བློན་བརྫུ་སྐྱེ་རོག་སྣལ་ལ། །རྡོ་རྗེ་ཕུར་པའི་དབང་བསྐུར་ནས། །རྡོ་རྗེ་གུར་མགོན་གསང་མཚན་བཏགས། །བཀའ་སྲུང་བྱེད་པར་ཞལ་གྱིས་བཞེས། །དེ་ལྟར་ཞལ་གྱིས་བཞེས་ནས་སུ། །བལ་པོའི་ཡུལ་དུ་གནས་པའི་ཚེ། །བལ་པོའི་རྒྱལ་པོས་སེམས་ངན་གྱིས། །ཁ་ཆེའི་བླ་མཆོད་མུ་སྟེགས་བསྟེན། །དེ་ནས་བོད་ཡུལ་སྨར་ཁམས་རོང་། །ཟླ་བའི་ལུང་གི་བདག་པོ་མཛད། །འདི་ནི་ས་བདག་ཀླུ་གཉན་གྱི་གཉེན་པོ། ལྷ་འདྲེ་ཐམས་ཅད་ཀྱི་གཉའ་ནོན། །ཞེས་གསུངས་པའི་ཕྱིར། གསུང་རྒྱུན་ལ་འདུག་པ་དང་མཚུངས་པར། ས་འོག་ཏུ་གནས་

p. 295

ཚེ་ཀླུ་མི་མགོན་དཀར་པོ། རི་ལ་གནས་ཚེ་གནས་པོ་རྡོ་རྗེ་གུར་མགོན། ནམ་མཁའི་བར་སྣང་ལ་གནས་ཚེ་ཡེ་བརྫུ་ཡིན་ཟེར་བ་རྨི་ལམ་དུ་བྱུང་བ་ཡང་དོན་ལ་གནས་སམ་སྙམ་སྟེ། ཀླུ་མི་མགོན་དཀར་པོ་འདི་ནཱ་ག་རཀ་དཀར་པོ་དེ་ཡིན་པར་སྔོན་གྱི་སྒྲུབ་ཐབས་སྒ་ལོའི་ལུགས་ལ་གསལ་ཞིང་ནཱ་ག་རཀྵ་འདི་ནི་ཀླུ་གཉན་འདུལ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལྷ་ཆེན་པོ་ཞང་བློན་འདི་སྒྲུབ་ཅིང་བརྟེན་པའི་རྣལ་འབྱོར་པ་མཐུ་དང་རྫུ་འཕྲུལ་ཚེ་དང་བསོད་ནམས་མྱུར་དུ་འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་སྒྲུབ་པའི་མཎྜལ་ས་ཕྱོགས་གཙང་མ་དམེ་མུག་དང་རོ་བྱུང་གི་ས་མ་ཡིན་པར། ས་བདག་ལ་ཅོག་ལྡོག་ཡུལ་ལ་ས་བླངས་པ་དང་ལྟོ་འཕྱེ་བརྩི། དེ་མི་ཤེས་ན་རྡོ་ལེབ་སྟེང་དུ་ས་བཀོད་ལ་ལེགས་པར་བཅག་སྟེ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་

p. 296

ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་སྟེ་ཕྱོགས་ཚོན། མཚམས་བཞི་མཛེས་ཚོན། དེའི་མུ་ཁྱུད་ལ་ཁ་དོག་ལྔ་འཇའ་རིས་རེ་ཁ་བྱ། མཎྜལ་ཕྱི་ཐམས་ཅད་སྔོན་པོ་གཡུ་མདོག་བྱ། བསྡུ་ན་གྲ་ཕྱི་ནང་གཙང་མ་གྲུ་བཞིའི་སྟེང་ལ་དབུས་སུ་འབྲུའི་པདྨ་འདབ་བརྒྱད། ཕྱི་ར་བས་བསྐོར་རོ། །མདའ་རྒོད་སྒྲོ་མའི་སྨྱུག་རྒོད་ལ་དར་སྣ་ལྔ་ཚང་བར་བཏགས། སྟག་རས་གཟིག་རས་དང་། རྔ་མ་སྔོ་དམར་དང་། གསེར་དངུལ་གྱི་སོར་གདུབ་དང་། དུང་དང་མགྲོན་བུ་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་བཏགས། དེ་མཎྜལ་གྱི་དབུས་སུ་འཇིམ་པ་གཙང་མ་ལ་རིའི་དབྱིབས་བྱས་པ་ལ་བཙུགས། དབུས་དང་ཕྱོགས་བཞིར་དེ་བཞིན་དུ་ཤུག་ཐིལ་རྟིང་དཀར་བྱས་པ་ལ་འཛུགས། ཕྱོགས་མཚམས་བརྒྱད་དུ་དར་སྣ་ཚོགས་མདའ་ལ་བཏགས་པ་འཛུགས། མ་འཛོམས་ན་དར་ཚོན་ཤུག་པ་བཞི་ལ་བཏགས། པད་འདབ་སྟེང་དུ་མཆོད་ཡོན་ཞབས་བསིལ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་མཚམས་འཛིན་མེ་ཏོག་སྟེ་ནས་བཤམས། མཎྜལ་ཟུར་བཞིར་གསེར་སྐྱེམས་ཕྱེ་མར་གཏོར་མ་དཔེའུ་རིས་ལྟར་རོ། །གཡག་ལུག་གི་ཙིཏྟ་སོགས་ཟས་ཕུད་སྣ་ཚོགས་བཤམས། མཚམས་བཅད་གནས་བདག་གཞི་བདག་ལ་དཀར་གཏོར་ཕུལ་ལ་བར་ཆད་མ་བྱེད་གྲོགས་གྱིས་ཤིག་ཅེས་བཀའ་བསྒོ། བགེགས་ལ་གཏོར་མ་བྱིན་ལ་བསྐྲད། སུཾ་བྷ་ནིའི་སྔགས་དང་ནས་ཡུངས་ཀར་བྲབ། གུ་གུལ་ནག་པོ་བདུག །རང་ཉིད་ཁྲུས་བྱེད། མི་གཙང་བ་ལ་འཛེམ། དེ་ནས་མཆོད་པ་ལ་རྒྱས་པར་ན་དུག་ཕྱུང་

p. 297

སྤོས་རུམ། བསྡུ་ན་ཨ་མྲྀ་ཏའི་སྔགས་བརྗོད་ཅིང་ཆུ་གཙང་གིས་བྲན་ནོ། །དེ་ནས་བདག་ཡི་དམ་གང་རུང་གི་གཞུང་བསྲང་བའམ། སློབ་དཔོན་པདྨ་བསྒོམ་པ་ནི་མཆོག་ཏུ་ཤེས་ཏེ། གཉན་པོའི་ལྷ་ཡིན་ཏེ་གུ་རུ་ཞི་བ་རྒྱས་བསྡུས་གང་རུང་གི་ལས་བྱང་རབ། དེ་མེད་ན་མངོན་རྟོགས་རཏྣའི་ལུགས་ཀྱི་སྙན་བརྒྱུད་ཡིད་བཞིན་ནོར་བུ་ནས་འབྱུང་བ་ནི། ན་མོ། བདེར་གཤེགས་རྒྱལ་བ་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་འཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་སྒྲོལ་བར་དམ་བཅའོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་འདབ་མ་སྟོང་ལྡན་གེ་སར་གྱི་སྟེང་དུ་ཉི་མ་དང་ཟླ་བའི་སྟེང་དུ་རང་ཉིད་ཨོ་རྒྱན་པདྨ་པཎྜི་ཏ་ལོ་བཅུ་དྲུག་ལོན་པའི་ཚུལ་ཅན། དཀར་དམར་མདངས་དང་ལྡན་པ་ཆོས་གོས་གསེར་གྱི་པ་ཏྲ་ཅན། ཟ་འོག་གི་བེར་དང་། པད་ཞུ་པདྨ་ཁ་ཕྱེས་པ་ལྟ་བུ་ལ་རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བྷནྡྲ་

p. 298

བསྣམས་པ། ཁ་ཊཾ་གཡོན་གྱི་མཆན་ཁུང་དུ་བཅུག་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། འོད་ཟེར་སྟོང་གསུམ་ཁེངས་པའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ལས་འོད་ཟེར་འཕྲོས་པས། ལྷོ་ནུབ་རྔ་ཡབ་ནས་ཡེ་ཤེས་པ་སྤྱན་དྲངས། གུ་རུ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར་པའི་ཐུགས་ཀར་ཟླ་བའི་དབུས་སུ་ཧཱུྃ་ལ་སྔགས་ཕྲེང་གཡས་སུ་འཁོར་བར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བརྒྱའམ་སྟོང་བསྙེན་ལ། གུ་རུ་པདྨ་བཛྲ་ཨརྒྷཾ་སོགས་ནས། ཤབྟ་པྲ་ཏིཙྪ་ཨཱ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །དེ་ནས་མཆོད་པ་བྱིན་རླབས་ནི། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཕྱི་ནང་གསང་བའི་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ། མདུན་བསྐྱེད་ནི། རང་ཉིད་དང་སློབ་དཔོན་པདྨར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མཎྜལ་ལ་ཕོག་པས་གཡུ་མཚོ་སྔོན་པོ་

p. 299

ཞིག་ཏུ་གྱུར། མཚོ་དེའི་ནང་ནས་སྐད་ཅིག་ལ་སྒོ་ང་དྲུག་བྱུང་སྟེ། སྒོ་ང་དེ་རྣམས་རྡོལ་བའི་ནང་ཤེད་ནས། དཀྱིལ་འཁོར་དབུས་སུ་གཡུ་སྒོང་སྔོན་པོ་རྡོལ་བའི་ནང་ནས། དགེ་བསྙེན་རོག་སྣལ་ཞང་བློན་ནི། སྤྲུལ་པའི་མི་ཕོ་དཀར་པོ་ལ། འོད་ཟེར་འཕྲོས་པས་སྟོང་གསུམ་གང་བ། སྐུ་ལ་གངས་བྱིའི་ཐུལ་པ་མནབས་པ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་ལ་སྟག་གི་ལྡེམ་འཕྲུ་བཙུགས་པ། དར་དཀར་གྱི་འཇོལ་བེར་གསོལ་པ། གཡས་ན་གསེར་གྱི་ཐོད་རྒོད་བསྣམས་པ། གཡོན་ན་ཁྲོ་ཐུལ་རྩེ་བརྒྱད་བསྣམས་པ། རིན་པོ་ཆེའི་ཕྱག་རྩེ་ལ་བཞུགས་པ། ས་བདག་ཀླུ་གཉན་འབངས་སུ་བཙས་ནས་བྲན་དུ་ཁོལ་བའོ། །དེའི་མདུན་དུ་དུང་སྒོང་རྡོལ་བའི་ནང་ནས། གུ་རུ་སྔགས་ཀྱི་དགྲ་ལྷ་ནི། དུང་གི་མི་ཕོ་དཀར་པོ་ལ་དུང་གི་ཐོར་ཚུགས་ཡོད་པ། ཕྱག་གཡས་ན་དུང་ལྕག་དང་། གཡོན་ན་མདུང་དར་དཀར་པོ་བསྣམས་པ། དུང་གཡག་དཀར་པོ་ལ་ཆིབས་པ། འཁོར་ནི་ལྷ་དམག་འབུམ་གྱིས་བསྐོར་བའོ། །ཤར་ཕྱོགས་སུ་གསེར་སྒོང་རྡོལ་བའི་ནང་ནས། དགྲ་ལྷ་འོ་ཁྲམ་མཐུ་ཆེན་ཞལ་གཅིག་ཕྱག་གཉིས་དབུ་ལ་ལྕགས་རྨོག་མནབས་པ།

p. 300

སྐུ་ལ་གསེར་ཁྲབ་སེར་པོ་གསོལ་པ། གཡས་ན་གསེར་གྱི་ལྕག་ཚན་ཕྱར་བ། གཡོན་ན་མདུང་དར་སེར་པོ་བསྣམས་པ། ངང་པ་སེར་པོ་ལ་ཆིབས་པ། འཁོར་གཉན་དམག་གི་དབུས་ན་འགྱིང་བའོ། །དེའི་ལྷོ་ཕྱོགས་ན་ཟངས་སྒོང་རྡོལ་བའི་ནང་ནས། སྐུ་ལྷ་རུ་སྟོང་མཐུ་ཆེན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་དབུ་ལ་དར་དམར་གྱི་འཇམ་ཐོད་བཅིངས་པ། སྐུ་ལ་ལིང་བེར་དམར་པོ་མནབས་པ། གཡས་ན་རལ་གྲི་དཔལ་ཆེན་འབར་བ་ཀླད་ལ་བསྐོར་བ། གཡོན་མདུང་དར་དམར་པོ་ཕྱིར་བ། རྟ་མཚལ་བུ་རྟིང་དཀར་ལ་ཆིབས་པ། བཙན་དམག་འབུམ་གྱི་དབུས་ན་འགྱིང་བའོ། །དེའི་ནུབ་ཕྱོགས་སུ་སྒོ་ང་རྡོལ་བའི་ནང་ནས། དགེ་བསྙེན་འར་ཆེན་ཤོ་ཙ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སྨུག་ནག་དབུ་ལ་ལེ་བརྒན་གྱི་ལ་ཐོད་བཅིངས་པ། སྐུ་ལ་ཆུ་དར་སྔོན་པོའི་བེར་གསོལ་བ། གཡས་མཆོང་གི་ལྕག་ཚན་ཕྱར་བ། གཡོན་ན་གནམ་ལྕགས་ཀྱི་བེར་ཀ་བསྣམས་པ། མཆོང་གི་ར་སྐྱེས་སྨུག་པོ་ལ་ཆིབས་པ། འགྱིང་དྲུག་ལ་སོགས་ཀླུ་དམག་འབུམ་གྱི་དབུས་ན་འགྱིང་བའོ། །དེའི་བྱང་དུ་ཤེལ་སྒོང་རྡོལ་བའི་ནང་ནས་ཞང་བློན་

p. 301

བདུད་འདུལ་ཆེན་པོ་ཞལ་གཅིག་ཕྱག་གཉིས། སྐུ་མདོག་སྔོན་པོ་གཡུ་འོད་འབར་བ། ཕྱག་གཡས་ན་གཡུ་ལྕག་སྔོན་པོ་ཕྱར་བ། གཡོན་ན་མཁར་ཐེལ་རྩེ་དགུ་བསྣམས་པ། སྐུ་ལ་དར་ལྗང་གི་བེར་ཆེན་གསོལ་བ། རྟ་ཕོ་གཡུ་རྔོག་ལ་ཆིབས་པ། ལྷ་ཕྲན་ཀླུ་ཕྲན་ཕོ་ཉར་འགྱེད་ཅིང་། གདོང་མོ་སྤུན་དགུ་དང་། ཞང་བློན་འབུས་ན་འགྱིང་བའོ། །ལྷ་ཚོགས་དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ཀ །ཐུགས་དབུས་སུ་རང་མདོག་ཏྲཿ འཁོར་རྣམས་ཀྱི་ཐུགས་ཀར་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ། བདག་ཉིད་ཡི་དམ་པད་མ་ཐོད་ཕྲེང་རྩལ་གྱི་ཐུགས་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་དང་བཞུགས་གནས་ཐམས་ཅད་ནས་དགྲ་ལྷ་རོག་སྣལ་སྐུ་འཁོར་དང་བཅས་པ་སྐད་ཅིག་ལ་སྤྱན་དྲངས། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཛ་ཛ༔ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དམག་དཔོན་ཡེ་བརྫུ་སྤྱན་འདྲེན་ནོ། །སྐུ་ལྷ་འོད་དཀར་འཁོར་དང་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རྒྱ་གར་ཡུལ་གྱི་ཚུལ་རོལ་ན། །བལ་

p. 302

པོའི་ཡུལ་གྱི་ཕ་རོལ་ན། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །པདྨ་འབྱུང་གནས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ལས་མ་འདའ་ད་ཚུར་བྱོན། །ཕུར་པའི་སྲུང་མར་ཞལ་གྱིས་བཞེས། །ཞལ་བཞེས་དམ་ལ་མ་འདའ་བར། །སྙིང་གི་གྲོགས་ལ་ད་ཚུར་བྱོན། །གཡུ་མཚོ་སྔོན་པོའི་དབུས་ན་གནས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ལ་མ་འདའ་ད་ཚུར་བྱོན། །ཤེལ་བྲག་དཀར་པོའི་ཡང་རྩེ་ནས་། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ལ་མ་འདའ་ད་ཚུར་བྱོན། །འཇའ་ཚོན་སྤེལ་བའི་ཐེམ་སྟེང་ནས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ལ་མ་འདའ་ད་ཚུར་བྱོན། །སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །རོག་སྣལ་བདུད་འདུལ་མཐུ་ཆེན་གྱིས། །སྔོན་གྱི་དམ་བཅས་བཟང་འབྲེལ་དུ། །བརྫུས་སྐྱེས་པདྨ་དཔང་བཞུགས་ནས། །སྒྲུབ་པ་པོ་ནི་བདག་གིས་འབོད། །འབོད་ནི་ལྷ་སྔགས་གླང་གིས་འབོད། །འབོད་དོ་ལྷང་ངེ་སྙན་མ་སྲ། །དེ་རིང་བདག་གི་གྲོགས་ལ་བྱོན། །སྔོན་གྱི་ཐུགས་དམ་མ་བསྙེལ་བར། །བདག་གིས་ཁྱོད་ལ་འབོད་ཙམ་ན། །མ་ཐོགས་

p. 303

མྱུར་བར་གཤེགས་སུ་གསོལ། །སྐུ་བླ་འོད་དཀར་མཐུ་བོ་ཆེ། །ཞང་བློན་འཁོར་བཅས་ད་ཚུར་བྱོན། །སྐུ་བླ་ཆེན་པོ་ད་ཚུར་བྱོན། །རོག་སྣལ་ཆེན་པོ་ད་ཚུར་བྱོན། །བཙན་གྱི་ཡང་བཙན་གཤེགས་སུ་གསོལ། །དམག་དཔོན་ཆེན་པོ་གཤེགས་སུ་གསོལ། །དབུ་རུ་རྩེ་གཅིག་ད་ཚུར་བྱོན། །སྐྱེས་བུ་ཆེན་པོ་ད་ཚུར་བྱོན། །ཝེར་སྟོང་ཆེན་པོ་ད་ཚུར་བྱོན། །ལྷ་ཡི་ཡང་ལྷ་ད་ཚུར་བྱོན། །སྐུ་བླ་ཝེར་ནི་ད་ཚུར་བྱོན། །བཙན་གྱི་ཡང་བཙན་ད་ཚུར་བྱོན། །རྡོ་རྗེ་གུར་མགོན་ད་ཚུར་བྱོན། །ཨ་ཇོ་ཞང་བློན་ད་ཚུར་བྱོན། །སྐུ་བླ་རོག་སྣལ་ད་ཚུར་བྱོན། །སྟག་གི་དགྲ་ལྷ་ད་ཚུར་བྱོན། །འོད་ཕྲོམ་མཐུ་ཆེན་ད་ཚུར་བྱོན། །འར་ལྡོང་མཐུ་ཆེན་ད་ཚུར་བྱོན། །རྡོ་རྗེ་སྨུག་པོ་ད་ཚུར་བྱོན་། །འཁོར་ཚོགས་བཅས་ཏེ་ད་ཚུར་བྱོན། །ཨ་ཕྱི་ར་ཡི་ཕུག་ནས་བྱོན། །གཡུ་མཚོ་སྔོན་པོའི་དབུས་ནས་བྱོན། །འཇའ་ཚོན་སྤེལ་བའི་སྟེང་ནས་བྱོན།། །འོར་དུ་བྱམས་ཆེན་དྲུང་ནས་བྱོན། །ཟླ་རྒྱལ་ཡང་ལུང་རྩེ་ནས་བྱོན། །མོ་ཁད་ཐོག་གི་རྫོང་ནས་བྱོན། །སྤྱི་དུ་བར་བུའི་རྩེ་ནས་བྱོན། །སྨར་ཁམས་ཀེ་རུའི་སྒང་ནས་བྱོན། །ནམ་མཁའ་

p. 304

དབྱིངས་ཀྱི་གནས་ནས་བྱོན། །སེང་ཞོན་སུམ་བརྒྱ་དྲུག་ཅུ་བྱོན། །བར་སྣང་སྤྲིན་གྱི་ནང་ནས་བྱོན། །སྟག་ཞོན་སུམ་བརྒྱ་དྲུག་ཅུ་བྱོན། །འབྱུང་བཞི་ས་ཡི་གནས་ནས་བྱོན། །ར་ཞོན་སུམ་བརྒྱ་དྲུག་ཅུ་བྱོན། །ཆུ་ཆེན་ཀུན་གྱི་རྒྱུད་ནས་བྱོན། །ཀླུ་འཁོར་སུམ་བརྒྱ་དྲུག་ཅུ་བྱོན། །འོད་དཀར་འཐིབས་པའི་ནང་ནས་བྱོན། །ལྷ་འཁོར་སུམ་བརྒྱ་དྲུག་ཅུ་བྱོན་། །འཇའ་སྤྲིན་འཁྲིགས་པའི་ནང་ནས་བྱོན། །སྨན་འཁོར་སུམ་བརྒྱ་དྲུག་ཅུ་བྱོན། །གངས་དཀར་ཀུན་གྱི་རྩེ་ནས་བྱོན། །གངས་བཙན་སུམ་བརྒྱ་དྲུག་ཅུ་བྱོན། །རིན་ཆེན་ཀུན་གྱི་སྔས་ནས་བྱོན། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་བྱོན། །ཕོ་བྲང་གསེར་སྒོང་སྟེང་ནས་བྱོན། །རང་བཞིན་གནས་ནས་གཤེགས་སུ་གསོལ། །ཏྲི་ར་ཙ་ས་མཱ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོ༔ ཧཱུྃ། དགྲ་ལྷ་འཁོར་བཅས་བྱོན་པ་ལེགས། །ཡིད་ལས་སྤྲུལ་པའི་ཕོ་བྲང་མཆོག །གཡུ་མཚོ་མེར་བ་རྦ་ཀློང་འཕྱོ། །རིན་ཆེན་སྣ་ཚོགས་གྲམ་པའི་བརྡལ། །ཐ་མ་ལྗོན་ཤིང་ར་བས་བསྐོར། །ཆུ་གནས་རི་དྭགས་ཆུ་བྱ་སྟེང་། །དེ་དབུས་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ལྡན། །ལོངས་སྤྱོད་འདོད་

p. 305

ཡོན་གཅལ་དུ་བཀྲམ། །དེ་དབུས་པདྨ་ཟླ་བའི་སྟེང་། །གཙོ་དང་འཁོར་དང་འཚམས་པ་ཡི། །རིན་ཆེན་དར་ཟབ་གདན་སྟེང་དུ། །ཇི་སྲིད་མཆོད་པ་དེ་སྲིད་དུ། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོས་གཉིས་མེད་གྱུར། །པདྨ་འབྱུང་གནས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ལ་མ་འདའ་ཕྲིན་ལས་མཛོད། །དྲི་རཱ་ཙ་ས་མ་ཡ་སཿ ས་མ་ཡ་ཧོ༔ རང་ཡི་དམ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་བཛྲ་ས་མཱ་ཡ་ཛ༔ དེ་བཞིན་གཤེགས་པ་རྣམས་ཀྱིས། དགྲ་ལྷ་རོག་སྣལ་འཁོར་བཅས་ལ། དབང་བསྐུར་དུ་གསོལ། སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་

p. 306

ལུད་པ་ལས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་རྒྱན་པར་གྱུར། ཧཱུྃ། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དང་། །ནུས་མཐུ་གཅིག་བསྡུས་དྲེགས་པའི་གཉེན། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ། །པདྨ་འབྱུང་གནས་ལ་ཕྱག་འཚལ། །དེ་ཡི་བཀའ་སྡོད་དྲེགས་པའི་གཙོ། །དཔལ་ཆེན་རྟ་མགྲིན་ཡང་སྤྲུལ་ཏེ། །རྡོ་རྗེ་གཞོན་ནུའི་བཀའ་སྲུང་བ། །དམ་ཅན་ཡེ་བརྫུར་ཕྱག་འཚལ་བསྟོད། །ཁྱེད་ལ་མཆོད་པ་འབུལ་བ་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་བསུང་དང་། །ཞལ་ཟས་རོལ་མོའི་མཆོད་པ་འབུལ། །དགྲ་བགེགས་འདུལ་ཕྱིར་བཞེས་སུ་གསོལ། །བཟང་ཤིང་སྤོས་དཀར་དུད་པས་བསང་། །བདུད་རྩི་ཕུད་རྒོད་གསེར་སྐྱེམས་མཆོད། །ཇ་ཕུད་འོ་ཞོ་ཕྱེ་མར་མཆོད་། །གཡག་ལུག་ར་སྐྱེས་དོན་ཤ་མཆོད། །འབྲུ་སྣ་ཀླུ་སྨན་ཤིང་ཐོག་དང་། །རིན་ཆེན་དར་ཟབ་སྣ་ཚོགས་འབུལ། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག །ཏྲི་རྭ་ཙ་ས་པཱ་རི་ཝཱ་ར་ཨབྷཾ་པཱ་དྱེ་པུཥྛ་དྷུ་པེ་ཨཱ་ལོ་ཀེ་གྷནེ་ནེ་ཝི་དྱ་ཤཐཱ་པྲ་ཏིཙྪ་ཨཱཿཧཱུྃ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་

p. 307

ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རྒྱ་ཆེར་འཕྲོ་ཞིང་ཟད་མི་ཤེས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་བྷིསྭཱ་ཧཱ། ཡེ་ཤེས་ཀྱི་བདུད་རྩིས་ཟག་མེད་ཀྱི་བདེ་བ་བསྐྱེད་པར་གྱུར། ཨོཾ་ཏྲ་མ་ཏྲི་ཏ། ཡ་ན་བྷ་ས། རྨི་ནམ། ༀ་ཀྱི་ཡ་ཀྱི་ཡ། མ་མ་ཏེ་ཏེ། ཧ་ཧ་ཏེ་ཏེ། ཀྱུ་ཙུ་ཀྱུ་ཅུ། མུ་མུ་ཀེ་ཏེ། སང་སྟོང་ངོ་། ན་མསརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷིཧཱུ་ཨི་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ། ཏྲི་རཱ་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བྷ་མི་པ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། དགེ་བསྙེན་རོག་སྣལ་ཞང་བློན་ཆེན་པོ་གུ་རུ་སྟག་གི་དགྲ་ལྷ། འོར་ཕྲོམ་མཐུ་ཆེན་ནོར་ཆེན་ཤཱ་ཙ། ཞང་བློན་བདུད་འདུལ་ཆེན་པོ། འར་ལྡོང་མཐུ་ཆེན། ཡབ་ཡུམ་འཁོར་སྤྲུལ་པ་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །ཀླུ་ཡི་མགོན་པོ་དཀར་པོ། གནས་པོ་རྡོ་རྗེ་

p. 308

གུར་མགོན། རྡོ་ཐི་གངས་དཀར་མཆེད་བརྒྱད། ཇོ་བོ་སྒྱོགས་ཆེན་གདོང་ར། གྲུ་གུའི་ལྷ་བྲག་དཀར་པོ། དགེ་བསྙེན་ཞི་བ་རྒྱལ་ལ་སོགས་པ་སྨར་ཁམས་སྒང་གི་ཡུལ་ལྷ་ཐམས་ཅད་གསོལ་ལོ། །མཆོད་དོ། །འབུལ་ལོ། །མཉེས་ཤིང་ཚིམས། དགའ་ཞིང་མགུ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་པ། འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང་། ཁྱེད་ཉིད་ཕོ་ལྷར་བརྟེན་པའི་སྡེ་རིས་འདིར་མི་ནད་ཕྱུགས་ནད་དང་། ནང་འཁྲུག་ལ་སོགས་ཀྱི་གནོད་པ་མི་འབྱུང་བ་དང་། དཔལ་འབྱོར་ཆོས་སྲིད་དར་ཞིང་རྒྱས་པ་དང་། ཆུ་དྲུག་སྒང་ལྔ་དབང་དུ་འདུ་བ་དང་། ཕ་རོལ་དགྲ་ཡི་གཡུལ་ལས་དུས་རྟག་ཏུ་རྒྱལ་བའི་ཕྲིན་ལས་མཛོད་ཅིག །མཐུ་ཆེན་དགྲ་ལྷ་ཁྱེད་རྣམས་ལ་མཐུ་རྩལ་ཅི་གདའ་བལྟའོ། །སྐུ་གསུང་ཐུགས་མ་གཡེལ་ཅིག །ཅེས་སོགས་འདོད་གསོལ་གང་དགོས་བྱའོ། །དེ་ནས་བསྟོད་པ་ནི། ཧཱུྃ། ཨ་ཇོ་ཞང་བློན་ཆེན་པོ་ནི། །སྐུ་མདོག་མཐིང་ནག་འོད་ཟེར་འབར། །ཞལ་གཅིག་ཕྱག་གཉིས་རྔམ་པའི་སྐུ། །

p. 309

གཡས་པས་གསེར་གྱི་རལ་གྲི་འདེབས། །གཡོན་པས་ལྕགས་ཀྱི་སྦར་ཤེད་འཛིན། །དབུ་ལ་གནམ་ལྕགས་དབུ་རུ་བཞུགས། །སྟོང་ཁམས་ལྷ་རྣམས་འདར་ཞིང་འདུ། །ཆིབས་སུ་ཤེལ་གྱི་ར་སྐྱེས་ཆིབས། །ཞལ་ནི་གསེར་ཆུ་ཐ་ར་ར། །དགྲ་བགེགས་ཐལ་བ་རྡུལ་དུ་བརླགས། །ཨ་ཇོ་ཞང་བློན་ཁྱེད་ལ་བསྟོད། །ཧཱུྃ། སྐུ་བླ་རོག་སྣལ་མཐུ་ཆེན་ནི། །སྤྲུལ་པ་གཡུ་སྒོང་ནང་དུ་རྡོལ། །ཞལ་གཅིག་ཕྱག་གཉིས་འོད་ཟེར་འབར། །ཁམས་ནག་རལ་པ་གྱེན་དུ་འཁྱིལ། །དབུ་སྐྲའི་འོད་ཟེར་ཚྭ་ཚྭ་འཕྲོ། །སྤྱན་མིག་ཉི་ཟླའི་གདངས་མིག་གཟིགས། །སྐུ་ལ་འཇའ་ཚོན་ལྷག་པ་མནབས། །ཕྱག་གཡས་མཁར་ཐོགས་དམར་པོ་བསྣམས། །རྒྱལ་ཁམས་དགྲ་བགེགས་ཆམ་ལ་ཕོབ། །གཡོན་ན་ལྕགས་ཐོགས་རྩེ་བརྒྱད་བསྣམས། །དགྲ་བགེགས་གནོད་བྱེད་ཐམས་ཅད་ལ། །མཁར་ཐོགས་རྒྱོབ་ཅིང་ལྕགས་ཀྱུས་འདྲེན། །རྟ་སྔོན་གཡུ་རྔོག་ཆིབས་སུ་བཅིབས། །བདུད་ཀྱི་དམག་ཚོགས་འཁོར་གྱིས་བསྐོར། །མཐུ་ཆེན་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། གུ་རུ་སྟག་གི་དགྲ་ལྷ་ནི། །སྐྱེས་ཀྱི་ཕོ་ལྷ་དགྲ་ལྷ་ཆེ། །སྤྲུལ་པ་དུང་སྒོང་ནང་ནས་

p. 310

རྡོལ། །དུང་གི་མི་ཕོ་ཐོད་ལྡེང་ཅན། །ཕྱག་ན་བ་དན་རྩེ་བརྒྱད་བསྣམས། །དུང་གཡག་དཀར་པོ་གཡུ་རུ་ཆིབས། །འཁོར་ནི་ལྷ་དམག་འབུམ་དང་བཅས། །སྐྱེས་ཀྱི་ཕོ་ལྷ་། ཁྱོད་ལ་བསྟོད། །ཧཱུྃ། དགྲ་ལྷ་འོ་ཕྲོམ་མཐུ་ཆེན་ནི། །སྤྲུལ་པ་གསེར་སྒོང་ནང་ནས་རྡོལ། །འོད་ཟེར་འཕྲོ་བའི་མི་ཕོ་ལ། །སྤྱན་ལ་རྫི་རླུང་འཚུབ་ནག་བསྐྱོད། །དབུ་ལ་གནམ་ལྕགས་སྲོག་ཞུ་མནབས། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །ཕྱག་ན་མདུང་དར་སྔོན་པོ་ཕྱར། །དཔའ་མཚོན་གོ་མཚོན་མེ་ལྟར་འབར། །བྱམས་སྡང་གཉིས་ཀྱི་གོ་འབྱེད་པོ། །དཀར་ནག་གཉིས་ཀྱི་མདངས་སུ་གསལ། །བཟང་ངན་གཉིས་ཀྱི་ཤན་ཡང་འབྱེད། །ཡོ་དྲང་གཉིས་ཀྱི་ཐིལ་ཡང་བསྲང་། །ཆིབས་སུ་ངང་པ་སེར་པོ་ཆིབས། །འཁོར་ནི་གཉན་དམག་འབུམ་དང་བཅས། །ལྷ་དམག་འབུམ་གྱི་དབུས་ན་འགྱིངས། །འོ་ཕྲོམ་ཁྱོད་ལ་བདག་གིས་བསྟོད། །ཧཱུྃ། སྐུ་བླ་འར་ལྡོང་མཐུ་ཆེན་ནི། །སྤྲུལ་པ་ཟངས་སྒོང་ནང་དུ་རྡོལ། །སྟོབས་ལྡན་མི་ཕོ་དམར་པོ་ལ། །ཆིབས་སུ་མཚལ་བུ་རྟིང་དཀར་ཆིབས། །དབུ་ལ་རྩི་དར་དམར་པོ་བཅིངས། །སྐུ་ལ་ལིང་བེར་དམར་པོ་

p. 311

མནབས། །གཡས་ན་རལ་གྲི་མེ་འབར་བསྣམས། །གཡོན་ན་བ་དན་དམར་པོ་ཕྱར། །ཕྲིན་ལས་བཙན་ཁམས་དབང་དུ་བསྡུ། །བཙན་དམག་འབུམ་གྱི་དབུས་ན་འགྱིང་། །འར་ལྡོང་ཁྱོད་ལ་བདག་བསྟོད་དོ། །ཧཱུྃ། དགེ་བསྙེན་འར་ཆེན་ཤྭ་ཙ་ནི། །སྤྲུལ་པ་ཁྱུང་སྒོང་ནང་ནས་རྡོལ། །གསང་མཚན་རྡོ་རྗེ་སྨུག་པོ་བྱ། །ཁྱུང་གི་མི་ཕོ་སྨུག་པོ་ལ། །དབུ་ལ་ལེ་བརྒན་འགྱིང་ཐོད་བཅིངས། །སྤྱན་མིག་དགྲ་དང་བགེགས་ལ་གཟིར། །སྐུ་ལ་ཆུ་དར་བེར་ཆེན་གསོལ། །གཡས་ན་ཁྱུང་ལྕགས་སྨུག་པོ་ཕྱར་། །གཡོན་ན་གནམ་ལྕགས་བེར་ག་བསྣམས། །ཆིབས་སུ་ར་སྐྱེས་ཁམ་པ་ཆིབས། །དར་གྱི་ཅོད་པན་པུ་རུ་རུ། །འགྱིང་དྲུག་ལ་སོགས་འཁོར་གྱིས་བསྐོར། །ཀླུ་གཉན་འབུམ་གྱི་དབུས་ན་འགྱིང་། །སྤྲུལ་པའི་དམག་ཚོགས་ལས་ལ་འགྱེད། །འར་ཆེན་ཤཱ་ཙ་ཁྱོད་ལ་བསྟོད། །ཧཱུྃ། ཞང་བློན་བདུད་འདུལ་ཆེན་པོ་ནི། །སྤྲུལ་པ་ཤེལ་སྒོང་ནང་ནས་རྡོལ། །རྫུ་འཕྲུལ་ཤེལ་གྱི་ར་སྐྱེས་ཆིབས། །མཁར་ཐིལ་རྩེ་དགུ་ཕྱག་ན་བསྣམས། །སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོ། །འཁོར་ནི་ཞང་བློན་འབུམ་གྱིས་བསྐོར། །ལྷ་

p. 312

ཕྲན་ཀླུ་ཕྲན་ཕོ་ཉར་འགྱེད། །གདོང་མོ་སྤུན་དགུ་འཁོར་གྱིས་བསྐོར། །སྤྲུལ་པ་མཛད་པས་སྟོང་ཁམས་ཉུལ། །འཁོར་དང་སྤྲུལ་པར་བཅས་ལ་བསྟོད། །ཧཱུྃ། རོག་སྣལ་བདུད་འདུལ་ཆེན་པོ་ནི། །ཉི་མ་ཤར་དུ་རྒྱུག་ཙམ་ན། །ཆུ་གླང་དཀར་པོ་ཆིབས་སུ་ཆིབས། །ཀླུ་ཡི་མགོན་པོ་ཁྱོད་ལ་བསྟོད། །དགྲ་བགེགས་ཐུལ་ལ་བསྟན་པ་སྲུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བཟླས་པ་བྱ་བ་ནི། བདག་ཉིད་ཡི་དམ་པདྨར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མདུན་གྱི་དགྲ་ལྷ་རོག་སྣལ་སྐུ་འཁོར་དང་བཅས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ། ལྷ་རྣམས་ཀྱི་ཐུགས་ཀ་ནས་འཁོར་རང་འདྲ་བ་གྲངས་མེད་པ་འཕྲོས་པས། ལྷ་འདྲེ་མི་གསུམ་ས་བདག་ཀླུ་གཉན་གྱི་བཅུད། ཚེ་བསོད་ནམས་ལོངས་སྤྱོད་རྣམས་བསྡུས་ནས་བདག་གི་བང་ཁང་ཐམས་ཅད་བཀང་སྟེ་ཕུལ་བར་བསམ། ལྷ་རྣམས་ཀྱི་སྲོག་སྙིང་བསྒྲུང་བ་ཙམ་གྱིས་བཀའ་དང་དམ་ལས་མི་འདའ་བར་བསམས་ལ། ཨོཾ་ཏྲ་ལ་ཏྲི་ཏ་ཡ་ན་བྷ་ས། སྣེ་ནཾ། ཨོཾ་ཀྱི་ཡ་ཀྱི་ཡ། མ་མ་ཏེ་ཏེ། ཧ་ཧ་ཏེ་ཏེ། ཀྱུ་ཙུ་ཀྱུ་ཙུ། མུ་མུ་ཀེ་ཏེ་སམ་སྟོང་ངོ་། ས་མ་ཡ་ཛ་ཛ༔ ཞེས་འབུམ་ཚོ་གཅིག་བཟླས་པ་བྱའོ། །གྲངས་ཀྱི་བསྙེན་པའོ། །འགྲུབ་པའི་རྟགས་ནི་

p. 313

རླུང་ཐོག་དང་། ར་སྐྱེས་དང་། གཡག་དང་གཡག་དཀར་པོ་དང་། དམག་མི་དང་། གོ་མཚོན་རབ་དངོས་འབྲིང་ཉམས་སུ་འོང་། ཐ་མ་རྨི་ལམ་དུ་འོང་། དེ་ནི་འགྲུབ་པའི་རྟགས་སོ། །དེ་ནས་བསྐང་བ་བྱ་བ་ནི་གཏོར་མ་གསོ་བྲན་བྱས་ལ། ཨོཾ་ཨ་མྲྀ་ཏེ་སོགས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བསྐང་རྫ་ས་སྒྲུབ་རྫས། གོ་མཚོན་དར་ཟབ་རིན་པོ་ཆེ་ལ་སོགས་པ་ནམ་མཁའ་དང་ས་གཞི་བར་སྣང་གང་བ་དགྲ་བླ་ཡེ་བརྫུ་འཁོར་བཅས་མཉེས་ཤིང་ཚིམ་པ་བསྐྱེད་པར་གྱུར། ཨོཾ་བཛྲ་སྤུ་ར་ཎ་ཁཾ། ཧཱུྃ། དཔལ་ཆེན་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་དམ་ཚིག་ཅན། །རྡོ་རྗེ་ཕུར་པའི་དཀའ་སྲུང་བ། །ཡེ་བརྫུ་མཆེད་དང་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་རྫས། །ཤེལ་ར་ཁམ་དཀར་ཆེ་བཞིན་བཞག །དམར་ཆེན་གཏོར་མ་རི་ལྟར་སྤུངས། །ར་གསུར་དུད་པ་སྤྲིན་ལྟར་གཏིབས། །སྣང་གསལ་སྒྲོན་མེ་ཉི་ལྟར་འབར། །བཟང་ཤིང་སྤོས་དཀར་བདུག་སྤོས་དང་། །གཡག་ལུག་ཞིབ་མར་མཆོད་པ་དང་། །གསེར་སྐྱེམས་གཡག་ལུག་དོན་ཤ་དང་། །རི་གཡག་ཙིཏྟ་བྱ་རྒོད་སྒྲོ། །སྨྱུག་རྒོད་དར་དཀར་དར་སྣ་ལྔ། །དངུལ་དཀར་མེ་ལོང་སྦ་གླིང་དང་། །

p. 314

གཡག་ལུག་ར་དང་རི་དྭགས་གཟུགས། །བདུད་རྩི་ཇ་ཆང་ཕུད་རྒོད་དང་། །སྨན་གཏོར་རཀྟའི་དམ་རྫས་སོགས། །སྣ་ཚོགས་མཆོད་རྫས་དཔག་མེད་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །ཧཱུྃ། དགེ་བསྙེན་བདུད་འདུལ་ཆེན་པོ་ནི། །མཁར་ཐོལ་རྩེ་དགུ་སྐྱེད་ལ་བཅུག །གནམ་ལྕགས་ཐོ་ལུམ་ཕྱག་ན་བསྣམས། །དགྲ་བོ་དམ་ཉམས་སྙིང་ལ་འདེབས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །སྐུ་བླ་ཝེར་དཀར་འཁོར་དང་བཅས། །ཉི་མ་ཤར་དུ་བྱོན་ཙམ་ན། །ཀླུ་གླང་དཀར་པོ་ཆིབས་སུ་ཆིབས། །ལྷ་འཁོར་འབུམ་གྱི་འཁོར་དང་བཅས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཉི་མ་ལྷོ་རུ་བྱོན་ཙམ་ན། །ཤེལ་གྱི་ར་སྐྱེས་པའི་ཆིབས་སུ་ཆིབས། །རླུང་འཁོར་འབུམ་གྱི་འཁོར་གྱིས་བསྐོར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཉི་མ་ནུབ་ཏུ་བྱོན་ཙམ་ན། །འཇའ་ཚོན་སླག་པ་སྐུ་ལ་གསོལ། །སྦྲུལ་ནག་རེ་འབྱམས་རྟ་རུ་ཞོན། །བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཉི་མ་བྱང་དུ་བྱོན་ཙམ་ན། །སྐུ་ལ་འོད་ཟེར་མེ་དཔུང་

p. 315

འབར། །འཚུབ་མ་ཁམ་པ་རྟ་རུ་ཞོན། །བཙན་དམག་འབུམ་གྱི་འཁོར་གྱིས་བསྐོར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཇོ་མོ་གདོང་མོ་སྤུན་དགུ་དང་། །ལྷ་ཀླུ་གཉན་དམག་སྡེ་བརྒྱད་དང་། །མཆེད་ཟླ་སུམ་བརྒྱ་དྲུག་ཅུས་བསྐོར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །རྣལ་འབྱོར་བདག་གི་དགྲ་ལྷ་མཛོད། །ཡང་གཅིག་ཐུགས་དམ་བསྐང་བ་ནི། །ཇོ་མོ་གདོང་མོ་སྤུན་དགུ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྐུ་ལ་འཇའ་ཚོན་རལ་ག་གསོལ། །ཕྱག་ན་དངུལ་དཀར་མེ་ལོང་བསྣམས། །གཡོན་ན་སྦ་དཀར་གླིང་བུ་སྒྲོག །ཆིབས་སུ་བཙོས་མོ་ཁ་དཀར་ཆིབས། །རོལ་དུ་ར་སྐྱེས་ཁམ་པ་ཁྲིད། །སྨན་བཤོས་རྩེ་བརྒྱད་ཐུགས་དམ་བསྐང་། །སྦ་དཀར་གླིང་བུས་ཐུགས་དམ་བསྐང་། །དངུལ་དཀར་མེ་ལོང་ཐུགས་དམ་བསྐང་། །ཡང་གཅིག་ཐུགས་དམ་བསྐང་བ་ནི། །སྐུ་བླ་གཉན་པོ་འཁོར་དང་བཅས། །རྫུ་འཕྲུལ་སྤྲུལ་པ་མཛད་ཙམ་ན། །མི་དཀར་ས་ཡ་བྱེ་བ་འབུམ། །རྟ་དཀར་བྱེ་བ་འབུམ་ལ་ཆིབས། །དར་དཀར་འཇོལ་བེར་སྐུ་ལ་གསོལ། །དུང་རྨོག་དཀར་པོ་དབུ་ལ་མནབས། །ཁྱུང་

p. 316

གི་རུ་མཚོན་དབུ་ལ་བཙུགས། །གནམ་ལྕགས་འབར་བའི་གཞུ་ཡང་བཀུག །དྲག་པོའི་ཐོག་རྒོད་མདའ་ཡང་འཕེན། །ཡང་འཁོར་བྱེ་བ་འབུམ་གྱིས་བསྐོར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །སྐུ་བླ་གཉན་པོ་འཁོར་དང་བཅས། །ཡང་གཅིག་སྤྲུལ་པ་མཛད་ཙམ་ན། །ཟླ་རྒྱལ་ཡང་ལུང་རྩེ་ཡང་ན། །མི་དཀར་བྱེ་བ་ས་ཡ་འབུམ། །དར་དཀར་འཇོལ་བེར་སྐུ་ལ་གསོལ། །དུང་རྨོག་དཀར་པོ་དབུ་ལ་མནབས། །གཡག་དཀར་དར་མ་འབུམ་ལ་ཆིབས། །གནམ་ལྕགས་འབར་བའི་གཞུ་ཡང་བདུངས། །དྲག་པོའི་ཐོག་རྒོད་མདའ་ཡང་འཕེན། །འཁོར་ཡང་བྱེ་བ་འབུམ་གྱིས་བསྐོར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཡེ་བརྫུ་མཐུ་ཆེན་འཁོར་དང་བཅས། །ཡང་གཅིག་སྤྲུལ་པ་མཛད་ཙམ་ན། །མོ་ཁད་མཆེད་བརྒྱད་ཡང་རྩེ་ན། །མི་སྔོན་བྱེ་བ་ས་ཡ་འབུམ། །རྟ་སྔོན་བྱེ་བ་འབུམ་ལ་ཆིབས། །དར་སྔོན་འཇོལ་བེར་སྐུ་ལ་གསོལ། །དབུ་ལ་གཡུ་རྨོག་སྔོན་པོ་མནབས། །གནམ་ལྕགས་འབར་བའི་གཞུ་ཡང་བདུངས། །དྲག་པོའི་ཐོག་རྒོད་མདའ་ཡང་འཕེན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །དགྲ་ལྷ་ཝེར་དཀར་

p. 317

འཁོར་དང་བཅས། །ཡང་གཅིག་སྤྲུལ་པ་མཛད་ཙམ་ན། །སྤྱི་དུ་བར་བུའི་ཡང་རྩེ་ན། །ཤེལ་གྱི་མི་ཆུང་བྱེ་བ་འབུམ། །ཤེལ་གྱི་ར་སྐྱེས་འབུམ་ལ་ཆིབས། །ཤེལ་ཁྲབ་དཀར་པོ་སྐུ་ལ་མནབས། །ཤེལ་རྨོག་དཀར་པོ་དབུ་ལ་གྱོན། །ཁྱུང་དང་རྒོད་ཀྱི་ལྡེམ་འཕྲུ་བཙུགས། །གནམ་ལྕགས་འབར་བའི་གཞུ་མོ་བདུངས། དྲག་པོའི་ཐོག་རྒོད་མདའ་ཡང་འཕེན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཡེ་བརྫུ་མཐུ་ཆེན་འཁོར་དང་བཅས། །ཡང་གཅིག་སྤྲུལ་པ་མཛད་ཙམ་ན། །ཤེལ་གྱི་ར་སྐྱེས་བྱེ་བ་འབུམ། །རྭ་ནི་སུམ་བརྩེགས་དགུང་ལ་རན། །སྟོད་ན་ཉི་མ་ཟླ་བ་ཤར། །བར་ན་འབྲུག་སྒྲ་འུ་རུ་རུ། །སྨད་ན་ཐོག་སེར་བུ་ཡུག་འཚུབ། །སྤྱན་ལ་བསྐལ་པའི་མེ་ཆེན་འབར་། །ཤངས་ནས་བསྐལ་པའི་རླུང་ནག་འཚུབ། །ལྗགས་ལ་གློག་དམར་ལྗིབས་སེ་ལྗིབ། །སྤུ་ལ་གནམ་ལྕགས་ཚྭ་ཚྭ་འཕྲོ། །རྨིག་བཞི་ཁྲོ་ཆུའི་རྦ་རླབས་འདྲིལ། །ར་སྲིད་གནམ་དུ་ཤ་ར་ར། །རྫི་སྨིན་ས་ལ་ཞོལ་སེ་ཞོལ། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བྱད་ཀ་ཕུར་ཁ་བཟློག་ཏུ་

p. 318

གསོལ། །མོ་ངན་ལྟས་ངན་བཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །མི་ནད་ཕྱུགས་ནད་བཟློག་ཏུ་གསོལ། །ལོ་ཀག་ཟླ་ཀག་བཟློག་ཏུ་གསོལ། །གོད་ཀ་སྙིང་སྟོང་བཟློག་ཏུ་གསོལ། །དུས་མིན་འཆི་བ་བཟློག་ཏུ་གསོལ། །ཟ་འདྲེ་ཤི་གཤེད་བཟློག་ཏུ་གསོལ། །ནད་འདྲེ་གཅོང་སྲི་བཟློག་ཏུ་གསོལ། །དམག་སྣ་ཇག་སྣ་བཟློག་ཏུ་གསོལ། །ཕྱི་ནང་འཁྲུག་རྩོད་བཟློག་ཏུ་གསོལ། །རྒྱལ་བསེན་དམ་སྲི་བཟློག་ཏུ་གསོལ། །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །ཁྱེད་ཀྱང་སྔོན་གྱི་དམ་ཚིག་ཅན། །བདག་ཅག་སྔོན་གྱི་དམ་ཚིག་ཅན། །སྔོན་གྱི་ཐ་ཚིག་དགོངས་མཛོད་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །དབང་དུ་བསྡུས་ལ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་གསོལ་ཁ་བྱ་བ་ནི། སླར་གཏོར་མ་གསོ་བྲན་བྱས་ལ། སྤྲོ་ན་གསུར་དུད་བྱ། མཆོད་གཡོག་པས་ཇ་ཆང་ཕུད་ཐོགས་ལ་གསོལ་ལོ་ཟེར་དུས་ནམ་མཁའ་ལ་གཏོར་བ་དང་གཏོར། རྫ་འུར་བརྡུང་རོལ་མོ་བྱའོ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས། ཧོཿ དགོངས་སུ་གསོལ། གསན་དུ་གསོལ། སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ཁས་བླངས་དམ་

p. 319

བཅས་པའི་དགེ་བསྙེན་ཆེན་པོ་ཡེ་བརྫུ། རྡོ་རྗེ་གུར་གྱི་གནས་པོ། གསང་མཚན་རྡོ་རྗེ་གུར་མགོན། དབུ་ལ་སྟག་ཞུ་ཁྲ་བོ་གསོལ་བ། སྐུ་ལ་གསེར་ཁྲབ་སེར་པོ་གསོལ་བ། ཕྱག་གཡས་ན་དུང་ལྕག་དཀར་པོ་ཀླད་ལ་གཡུགས་པ། གཡོན་ན་མདུང་དར་ལྕེ་བརྒྱད་བསྣམས་པ། གཡས་ན་སྟག་རལ་ཁྲ་བོ་སྟག་ལྟར་འཁྱུག་པ། གཡོན་ན་རལ་གྲི་གཞུ་ཤུབས་གཟིག་ལྟར་འཁྱུག་པ། ཆིབས་སུ་རྟ་ཕོ་གཡུ་རྔོག་ལ་ཆིབས་པ། སྟེང་ན་ཐང་དཀར་དང་ཐང་ནག་ལྡིང་བ། ཀླད་ལ་ལྕགས་ཀྱི་བྱ་ཁྲ་འཇུམ་པ། སྔོན་ལ་ལྷ་གཡག་དཀར་པོ་ངར་བ། རྒྱབ་ན་དུང་གི་སེང་གེ་འགྱིང་བ། འོག་ན་རྒྱ་སྟག་དམར་པོ་མཆོང་བ། ཟུར་ན་སྤྱང་སྔོན་འདྲིལ་བ། ཕོ་ཉ་སྦྲུལ་ནག་མགོ་དགུ་འགྱེད་པ། འཁོར་དུ་བདུད་དམག་འབུམ་གྱིས་བསྐོར་བ། ཁྱེད་རྣམས་ལ་གཏོར་མ་རྒྱ་ཆེན་པོ་འདིས་གསོལ་ལོ་མཆོད་དོ། །ཕྱེ་མར་དང་གསེར་སྐྱེམས་ཀྱིས་མཆོད་དོ་གསོལ་ལོ། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །འཁོར་དང་བསྟན་པ་སྲུངས་ཤིག །གནོད་བྱེད་དགྲ་བགེགས་ཐུལ་ཞིག་

p. 320

བཅོལ་བའི་ཕྲིན་ལས་སྒྲུབས་ཤིག །ཧོ༔ ཡང་གཅིག་དགོངས་སུ་གསོལ་ལོ། །གུ་རུ་སྟག་གི་དགྲ་ལྷ་ཆེན་པོ། དུང་གི་མི་ཕོ་དཀར་པོ་ལ་དུང་གི་ཐོར་ཚུགས་ཅན། ཕྱག་གཡས་ན་དུང་ལྕག་ཕྱར་བ། གཡོན་ན་མདུང་དར་དཀར་པོ་བསྣམས་པ། སྟག་རལ་ཁྲ་བོ་གཡས་སུ་བཀྲ་བ། གཞུ་རལ་གཟིག་ཤུབས་གཡོན་དུ་ཐོགས་པ། དུང་གཡག་དཀར་པོ་རི་ཙམ་ཆིབས་པ། ལྷ་དམག་འབུམ་གྱིས་བསྐོར་བ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ། །ཕྱེ་མར་དང་གསེར་སྐྱེམས་ཀྱིས་གསོལ་ལོ་མཆོད་དོ། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །འཁོར་དང་བསྟན་པ་སྲུངས་ཤིག །གནོད་བྱེད་དགྲ་བགེགས་ཐུལ་ཞིག །བཅོལ་བའི་ཕྲིན་ལས་སྒྲུབས་ཤིག ཧོཿ ཡང་གཅིག་དགོངས་སུ་གསོལ་ལོ། དགྲ་ལྷ་འོར་ཕྲོམ་མཐུ་ཆེན། །དབུ་ལ་ལྕགས་རྨོག་སྔོན་པོ་མནབས་པ། སྐུ་ལ་གསེར་ཁྲབ་སེར་པོ་གསོལ་བ། །གཡས་ན་གསེར་གྱི་ལྕག་ཚན་ཕྱར་བ། གཡོན་ན་མདུང་དར་སྔོན་པོ་བསྣམས་པ། ངང་པ་སེར་པོ་ལ་ཆིབས་པ། འཁོར་གསུམ་སྤེལ་མར་ཐོགས་པ། གཉན་དམག་འབུམ་

p. 321

གྱིས་བསྐོར་བ་ཁྱེད་རྣམས་བརྒྱན་པའི་གཏོར་མ་རྒྱ་ཆེན་འདིས་མཆོད་དོ་གསོལ་ལོ། །ཕྱེ་མར་དང་གསེར་སྐྱེམས་ཀྱིས་མཆོད་དོ་གསོལ་ལོ། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །འཁོར་དང་བསྟན་པ་སྲུངས་ཤིག །གནོད་བྱེད་དགྲ་བགེགས་ཐུལ་ཞིག །བཅོལ་བའི་ཕྲིན་ལས་སྒྲུབས་ཤིག །ཧོ༔ ཡང་གཅིག་དགོངས་སུ་གསོལ་ལོ། །སྐུ་ལྷ་འར་ལྡོང་མཐུ་ཆེན་ནི། སྐུ་མདོག་དམར་པོ་དབུ་ལ་དར་དམར་གྱི་ལ་ཐོད་བཅིངས་པ། སྐུ་ལ་ལིང་བེར་དམར་པོ་གསོལ་བ། ཕྱག་གཡས་ན་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་བ། གཡོན་ན་མདུང་དར་དམར་པོ་ཕྱར་བ། སྟག་ཆས་འཁོར་གསུམ་སྐེད་ལ་ཐོགས་པ། མཚལ་སྟག་དམར་པོ་རྔམས་པ་ལ་ཆིབས་པ། བཙན་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། ཁྱེད་རྣམས་བརྒྱན་པའི་གཏོར་མོ་རྒྱ་ཆེན་པོ་འདིས་མཆོད་དོ་གསོལ་ལོ། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །འཁོར་དང་བསྟན་པ་སྲུངས་ཤིག །གནོད་བྱེད་དགྲ་བགེགས་ཐུལ་ཞིག །

p. 322

བཅོལ་བའི་ཕྲིན་ལས་སྒྲུབས་ཤིག །ཧོ༔ ཡང་གཅིག་དགོངས་སུ་གསོལ་ལོ། །དགེ་བསྙེན་འར་ཆེན་ཤོ་ཙ་སྐུ་མདོག་སྨུག་པོ་དབུ་ལ་ལེ་བརྒན་གྱི་ལ་ཐོད་གསོལ་བ། སྐུ་ལ་ཆུ་དར་སྔོན་པོའི་བེར་ཆེན་གསོལ་བ། གཡས་ན་སྦ་ལྕག་དཀར་པོ་ཀླད་ལ་གཡུགས་པ། གཡོན་ན་གནམ་ལྕགས་ཀྱི་བེར་ཀ་ཕྱུར་བ། དཔའ་མཚན་འཁོར་གསུམ་ཀླད་ལ་ཐོགས་པ། མཆོང་གི་ར་སྐྱེས་ཁམ་པ་ལ་ཆིབས་པ། འགྱིང་དྲུག་ལ་སོགས་ཀླུ་གཉན་འབུམ་གྱི་དབུས་ན་འགྱིང་བ། སྐུ་འཁོར་དང་བཅས་པ་ཁྱེད་རྣམས་ལ། བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདིས་མཆོད་དོ་གསོལ་ལོ། །ཕྱེ་མར་དང་གསེར་སྐྱེམས་ཀྱིས་མཆོད་དོ་གསོལ་ལོ། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཞིག །འཁོར་དང་བསྟན་པ་སྲུངས་ཤིག །གནོད་བྱེད་དགྲ་བགེགས་ཐུལ་ཞིག །བཅོལ་བའི་ཕྲིན་ལས་སྒྲུབས་ཤིག །ཧོ༔ ཡང་གཅིག་དགོངས་སུ་གསོལ་ལོ། །ཞང་བློན་བདུད་འདུལ་ཆེན་པོ་སྐུ་མདོག་སྔོན་པོ་གཡུ་འོད་འབར་བ། ཕྱག་གཡས་ན་སྦ་ལྕག་དཀར་པོ་ཕྱར་བ། གཡོན་ན་མཁར་ཐེལ་རྩེ་དགུ་བསྣམས་པ། སྐུ་ལ་

p. 323

དར་ལྗང་གི་བེར་ཆེན་གསོལ་བ། འཁོར་གསུམ་སྤེལ་མ་སྐེད་ལ་ཐོགས་པ། རྫུ་འཕྲུལ་རྟ་ཕོ་གཡུ་ངོག་ལ་ཆིབས་པ། ལྷ་བྲན་ཀླུ་བྲན་ཕོ་ཉར་འགྱེད་པ། །གདོང་མོ་སྤུན་དགུ་དང་ཞང་བློན་འབུམ་གྱི་དབུས་ན་འགྱིང་བ། སྐུ་འཁོར་དང་བཅས་པ་ཁྱེད་རྣམས་ལ། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདིས་གསོལ་ལོ་མཆོད་དོ། །ཕྱེ་མར་དང་གསེར་སྐྱེམས་ཀྱིས་གསོལ་ལོ་མཆོད་དོ། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །འཁོར་དང་བསྟན་པ་སྲུངས་ཤིག །གནོད་བྱེད་དགྲ་བགེགས་ཐུལ་ཞིག །བཅོལ་བའི་ཕྲིན་ལས་མཛོད་ཅིག །གཞན་ཡང་ལྷ་ཡི་ལྷ་གཡག་ཤམ་པོ། འཇམ་ཁུ་རོག་ཆུང་། སྨན་རྒོད་བདུན་འགྲོལ། ལ་བོ་མཛོད་སྒོ་ཕུར་བུ། ངས་ནུས་མ་སྲིང་ལ་སོགས་པ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཁྱེད་རྣམས་ལ་མཆོད་དོ་གསོལ་ལོ། །དམ་རྫས་གཏོར་མ་རྒྱ་ཆེན་པོ་དང་ཕྱེ་མར་དང་གསེར་སྐྱེམས་ཀྱིས་མཆོད་དོ་གསོལ་ལོ། །རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྤེལ་ཅིག །འཁོར་དང་བསྟན་པ་

p. 324

སྲུངས་ཤིག །གནོད་བྱེད་དགྲ་བགེགས་ཐུལ་ཞིག །རྐྱེན་ངན་བར་ཆད་ཟློག་ཅིག །མི་ལ་ན་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །ཕྱི་ཡི་དགྲ་བགེགས་ནང་ལ་མ་བཏང་ཞིག །ནང་གི་དངོས་གྲུབ་ཕྱྭ་གཡང་ཕྱིར་མ་བཏང་ཞིག །ཕ་སྤུན་དང་བུ་སྲིང་ཤག་རོགས་ཡུལ་ལ་མ་འཁྱམས་ཤིག །གཞི་ལ་འདུག་ན་རྒྱབ་རྟེན་མཛོད་ཅིག །བྱེས་སུ་འགྲོ་ན་ལམ་ལྷ་མཛོད་ཅིག །དམག་ལ་འགྲོ་ན་དམག་དཔོན་མཛོད་ཅིག །ཇག་ལ་འགྲོ་ན་ཇག་དཔོན་གཛོད་ཅིག ། ཚོང་ལ་འགྲོ་ན་ཚོང་དཔོན་མཛོད་ཅིག །མགྲོན་ལ་འགྲོ་ན་མགྲོན་དཔོན་མཛོད་ཅིག །སྔོན་གྱི་བསུ་མ་དང་རྒྱབ་ཀྱི་སྐྱེལ་མ་མཛོད་ཅིག །རྟ་ལུག་ནོར་ཕྱུགས་ཀྱི་རྫི་བོ་མཛོད་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཅིག །ནད་མེད་བདེ་བའི་དངོས་གྲུབ་སྩོལ་ཅིག །ཆེ་བཙན་གྲགས་པའི་དངོས་གྲུབ་སྩོལ་ཅིག །རིགས་རྒྱུད་བཙན་དར་གྱི་དངོས་གྲུབ་སྩོལ་ཅིག །མི་འཕན་རྟ་བྲག་གི་དངོས་གྲུབ་སྩོལ་ཅིག །ཕོ་རྣམས་བཙན་རྒོད་ལྟར་གྲགས་པའི་དངོས་གྲུབ་སྩོལ་ཅིག །མོ་རྣམས་སྨན་མོ་ལྟར་འཕྱོར་བའི་དངོས་གྲུབ་སྩོལ་

p. 325

ཅིག །བང་མཛོད་འབྲུའི་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ་ཅིག །ཆུས་སྲིད་དབང་ཐང་གི་དངོས་གྲུབ་སྩོལ་ཅིག །ཕ་མྱེས་རྒྱུད་ཀྱི་དགྲ་ལྷ་ཁྱེད་ཡིན་ནོ། །མི་རབས་རྒྱུད་ཀྱི་དགྲ་ལྷ་ཁྱེད་ཡིན་ནོ། །རང་བཞིན་ཤུགས་ཀྱིས་འཁོར་བའི་དགྲ་ལྷ་ཁྱེད་ཡིན་ནོ། །རེ་ལྟོས་གཞན་ལ་མི་བཅའོ། །དཔའ་དར་དུ་ཁྱོད་ཕྱིར་རོ། །དཔུང་དུ་ཁྱོད་ཁུར་རོ། །ཐོད་དུ་ཁྱོད་བཅིངས་སོ། །ཅི་རེ་ཁྱོད་ལ་རེའོ། །སྐུ་གསུང་ཐུགས་མ་གཡེལ་བར་ཅི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ཚར་རེའི་གསོལ་ཀ་ཡིན་ན་བཤོས་བུ་གཙང་སར་ཕུལ་ལོ། །ཚར་མང་ཡིན་ན་།སླར་གསོས་ལ་མགོ་ནས་འདོན། སྒྲུབ་པ་ཚར་ནསོ། རྗེས་ཆོག་ནི། ཏྲི་ར་ཙ་ས་པཱ་རི་ཝཱ་ར་ཨབྷཾ་སོགས། པདྨའི་བཀའ་ཉན་དམ་ཚིག་ཅན། །སྲིད་པའི་དགྲ་ལྷ་མཐུ་བོ་ཆེ། །ཕ་མྱེས་གཉན་གྱི་སྲུང་མ་མཆོག །ཡེ་བརྫུ་འཁོར་དང་བཅས་ལ་བསྟོད། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །མངོན་ཤེས་སྤྱན་དང་མི་ལྡན་པས། །ཕོག་ཐུགས་འགྲམ་འཁྲུག་ཤོར་

p. 326

བ་དང་། །རྨེ་རྨུགས་མི་གཙང་མནོལ་གྲིབ་དང་། །མཆོད་གཏོར་དམན་ཞིང་འབག་བཙོག་ཤོར། །དུས་སུ་མཆོད་གཏོར་ཚིག་པ་སོགས། །ཐུགས་དང་འགལ་བ་གང་མཆིས་པ། །རབ་ཏུ་གནོང་ཞིང་འགྱོད་པས་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཨོ་ས་མ་ཡ། ཨཱཋས་མ་ཡ། ཧཱུྃ་ས་མ་ཡ། ཁོའི་རྩ་སྔགས་དང་། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། དགྲ་བླ་ཡེ་བརྫུ་སྐུ་མཆེད་རྣམས། །རྟེན་རྫས་གོ་མཚོན་འདི་རྣམས་ལ། །བརྟན་པར་བཞུགས་ལ་དུས་རྟག་ཏུ། །དགྲ་བླ་མི་དང་མ་འབྲལ་བར། །ཁ་འཛིན་སྡོང་གྲོགས་མེལ་ཚེ་དང་། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ། །ཡེ་བརྫུ་འཁོར་ན་གནས་པ་ཡི། །ལྷ་ཀླུ་གཞི་བདག་སྡེ་བརྒྱད་ཚོགས་། །འབྱུང་པོ་ས་འོག་རྒྱུ་བ་དང་། །ས་བླར་འགོད་པ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྩུ། རྒྱ་གར་རྒྱལ་པོའི་རྒྱལ་སྲིད་དང་། །རྒྱ་ནག་རྒྱལ་པོའི་དཔལ་འབྱོར་དང་། །ཧོར་གྱི་རྒྱལ་པོའི་མཐུ་སྟོབས་སོགས། །འཛམ་གླིང་ཀུན་གྱི་མཐུ་སྟོབས་བཅུད། །ཐམས་ཅད་

p. 327

གནས་འདིར་འདུ་གྱུར་ཅིག །ཡེ་བརྫུ་འོད་ཞུ་རྟེན་ལ་ཐིམ། །།འཁོར་རྣམས་རང་རང་གནས་སུ་གཤེགས། །རང་ཉིད་པད་འབྱུང་འོད་དུ་ཞུ། །ཐུགས་སྲོག་ཧྲཱིཿར་ཐིམ་དེ་ཉིད་ཀྱང་། །སྤྲོས་བྲལ་ཡེ་ནས་རྫོགས་པ་ཆེ། །དགེ་བས་ཨུ་རྒྱན་ཉིད་འགྲུབ་ཤོག །གནས་འདིར་ཉིན་མོ་བདེ་ལེགས༴ །བསོད་རྣམས་རི་བོ་སོགས་བཀྲ་ཤིས་བརྗོད། འདི་སྲིད་པ་ཆགས་པའི་ལྷ་དགུ་ནང་ནས་དགྲ་ལྷ་ཡིན། གཙོ་བོ་འདི་དྲུག་དོན་ལ། སྡང་ལ་སྡང་ཁྲོམ་དབྲ་མོ་དབྲ་ཁྲ། རྒ་མོ་ལེས་ཁྲོམ། འབྲུ་མོ་ཕྲོམ་ཕྲོམ། མཚལ་སྟག་དམར་པོ། ཤེལ་གྱི་ར་སྐྱེས། དུང་གི་ཁྱི་མོ། ཞེས་མིའུ་གདུང་དྲུག་གི་དགྲ་ལྷ་དེ་དང་ངོ་བོ་གཅིག་གམ་སེམས། ཁམས་སྟོད་དུ་གནས་པ་མང་བས་ཡུལ་ལྷ་ཡང་ཡིན། ཁྱེད་ལྷ་ཐོག་གི་རིགས་ལ་རང་བཞིན་ཤུགས་ཀྱིས་འཁོར་ཞིང་བཏགས་ཅིང་ཆགས་པའི་ལྷ་ཡང་ཡིན། ཕ་མྱེས་རྒྱུད་ཀྱི་སྲུང་མ་དང་མི་རབས་རྒྱུད་ཀྱི་སྲུང་མ་ཡིན་པས། ལྷ་ཐོག་གི་རུས་རིགས་མངའ་འབངས་དང་བཅས་པས་མཆོད་ན་བཀྲ་ཤིས་མི་ནོར་འཕེལ། དཔོན་རྣམས་ཀྱིས་མཆོད་ན་ཆོས་སྲིད་དབང་ཐང་འཕེལ། དམག་ཇག་ལས་རྒྱལ་ཁ་ཐོབ། རླུང་ཁ་ཐོབ། ལྷ་གཞན་གང་བས་ཀྱང་རྣོ་མྱུར་ཆེའོ། །ཆོས་པ་ཚད་ལྡན་གྱིས་འཇིག་རྟེན་གྱི་ལྷ་ལ་སྐྱབས་སུ་བཟུང་ན་སྐྱབས་སྡོམ་དང་འགལ་བས། འདི་ཕ་དང་ཕུ་བོའི་འདུ་ཤེས་བྱའི་སྐྱབས་སུ་འཛིན་པ་ནི་མིན། དམ་ཅན་དང་

p. 328

ཐུགས་རྒྱུད་གཅིག་པའི་མཆེད་ཟླ་སུམ་བརྒྱ་དྲུག་ཅུའི་གྲ་ཡིན་པས་རྟ་མགྲིན་གྱི་ཡང་སྤྲུལ་དང་། ཀླུ་མི་མགོན་དཀར་པོ་དང་ཐུགས་རྒྱུད་གཅིག་པའི་ངག་རྒྱུན་ལྟར་ན་འཇམ་དབྱངས་ཀྱི་ཡང་སྤྲུལ་ཡིན་པས། དེ་ལྟར་ཤེས་ན་སྐྱབས་སུ་བཟུང་ཡང་མི་འགལ་ལོ། །ཨོ་རྒྱན་ཆེན་པོས། ཆོས་སྤྱོད་སྒོར་ཞུགས་བྱས་པས་ཀྱང་། །ཡུལ་དེར་གནས་པའི་ཡུལ་ལྷ་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཀ་མཆོད་པ་བྱས་ན་ཤིས། །ཞེས་གསུངས། འདི་ནི་ཁྱད་པར་རྡོ་རྗེ་ཕུར་པའི་བཀའ་སྲུང་ཡིན་ན། བཀའ་སྲུང་གི་གྲྭ་ཡིན་པས་བཀའ་སྲུང་དམ་ཅན་རྒྱ་མཚོའི་གྲལ་གཏོགས་པར་ངེས་པ་དང་། ལྷ་འདྲེ་དབང་བསྐུར་མ་ཐོབ་པར་ཕུགས་གཏོར་གྲར་མི་རུང་བ་དང་། ནང་མཆོད་ཤ་ལྔ་བདུད་རྩི་ལྔ་སོགས་མཆོད་མི་རུང་ནའང་། འདི་ནི་རྡོ་རྗེ་ཕུར་པའི་དབང་ཐོབ་པའི་དགེ་བསྙེན་དམ་ཚིག་ཅན་ཡིན་པས། གཏོར་མ་ཕུགས་གཏོར་གྲལ་འཇོག་རུང་། བདུད་རྩི་རིལ་བུ་བཏབ་པའི་ནང་མཆོད་ཀྱིས་བྲན་ཡང་རུང་། དུད་ཕལ་པ་ཡིན་ན་གཤེགས་གསོལ་བྱ། ལྷ་ཐོག་གི་རིགས་རུས་དཔོན་རིགས་ཡིན་ན། དགྲ་བླ་གཤེགས་གསོལ་མི་ལེགས་པས་གོ་མཚོན་ལ་བསྟིམ་པའི་རྟེན་འབྲེལ་བཟང་། འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ། །ཅེས་གསུངས་པས། འདི་ཡི་སྔགས་བསྒྲངས་བ་ལས་བྱང་གསོལ་མཆོད་གལ་ཆེ། འདི་ཡི་སྒྲུབ་པ་སྔགས་བསྙེན་བྱེད་པ་ལ་ནི། སྔོན་དུ་ཡི་དམ་གང་རུང་གི་བསྙེན་པ་ཐོན་པ་གལ་ཆེ། དེ་མིན་ན་གེགས། མི་ནོན་པའི་ཉན་ཡོད། དེ་བས་ཕལ་པ་རྣམས་གསོལ་མཆོད་ལ་བརྩོན་ན་

p. 329

ལེགས། དེ་ཡང་རྒྱུན་དུ་མ་ཐོན་ན་ཡང་། ལོ་དུས་བཞིན་དུ་གཏོར་མཆོད་ཆེ་ཞིང་བཟང་བར་བཅས་ལ། འདི་ལ་ཚར་བརྒྱ་དང་བརྒྱད་རབ། རང་གི་ལོ་གྲངས་འབྲིང་། ཐ་མ་ཉེར་ལྔ་བཅུ་གསུམ། བདུན་ནམ། ལྔའམ། ཡང་ཐ་མ་ཚར་གསུམ་བྱ་སྟེ། དེ་ལ་དབྱངས་རོལ་མོ་གལ་ཆེའོ། །འདི་ནི་མ་འོངས་ལྷ་ཐོག་གི་སྡེ་དང་རིགས་རུས་ཐམས་ཅད་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་ཕྱིར་སེམས་བསྐྱེད་བཟང་པོས་བྲིས་པ་ཡིན་པས། དཔེ་འཁྱུད་མི་བྱ་བར་རྒྱ་ཆེར་སྤེལ་བར་བྱའོ། །ཞེས་དཔོན་ཀརྨ་ཚེ་བརྟན་གྱིས་བསྐུལ་ནས་སྔགས་འཆང་བའི་རྣལ་འབྱོར་པ་ཀརྨ་རཱ་ག་ཨ་སྱས་ཨིདྨ་ཁུག་ཏུ་ཡར་ཚེས་བཟང་པོ་ལ་སྔོན་གྱི་ཡིག་རྙིང་ཅི་འདྲ་བ་གབ་འཁྲུགས་གསལ་ཏེ་བཀོད་པ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་ཐོག་གི་དགྲ་བླ་ཡེ་བརྫུའི་གསོལ་མཆོད།

p. 330
p. 331

ལྷ་ཐོག་གི་དགྲ་བླ་ཡེ་བརྫུའི་གསོལ་མཆོད་བཞུགས་སོ། ༈ །ན་མོ་བཛྲ་གྲོ་བོ་ལོད། །དགྲ་བླ་ཡེ་བརྫུའི་གསོལ་ཀ་ནི། །གཏོར་མ་མཁར་ཐབས་གཅིག་གི་སྟེང་། །ཟུར་གསུམ་གསུམ་བཞག་དབུས་མ་ལ། །ར་མགོ་གཡས་དམར་ཝ་གདོང་དང་། །གཡོན་དམར་སྟག་གི་མགོ་རེ་སྦྱར། །རྩེ་གསུམ་ཉི་ཟླ་དཀར་གསུམ་བརྒྱན། །དཀར་དམར་ཕུད་དང་ཟས་སྣ་བཤམས། །རང་ཉིད་ཨོ་རྒྱན་བསྒོམས་པ་ཡིས། །ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས། །སྤྱན་དྲངས་མདུན་དུ་བཞུགས་ནས་ཀྱང་། །བཀའ་ཉན་གསུང་སྡོད་བྱེད་པར་བསྒོམ། །མཆོད་གཏོར་གསོལ་ཞིང་གསོལ་བ་ཡིས། །ཕྲིན་ལས་ཐོགས་མེད་འགྲུབ་པར་བསྒོམ། །ཧཱུྃ། དགུང་སྔོན་དབྱིངས་དང་རང་བཞིན་གར་བཞུགས་ནས། །རྫ་སྟོད་མོ་ཁད་ལྷ་རྩེ་ཐོག་གི་རྫོང་། །རྨར་ཁམས་སྟོད་སྨད་བར་གསུམ་ལ་སོགས་ནས། །དགྲ་བླ་ཡེ་བརྫུ་མཆེད་གསུམ་འཁོར་དང་བཅས། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །བདག་གིས་གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཁྲོ་རྒྱལ་དཔལ་ཆེན་རྟ་མཆོག་ཧེ་རུ་ཀ །ཐུགས་ནི་

p. 332

སྐྱེ་མེད་འཁོར་འདས་ཡོངས་ལ་ཁྱབ། །ཕྲིན་ལས་སྤྲུལ་པ་སངས་རྒྱས་བསྟན་སྲུང་ཕྱིར། །དགྲ་བླའི་སྡེ་དཔོན་བཛྲ་སཱ་དྷུར་སྤྲུལ། །དེ་ཡི་སྤྲུལ་པ་མཆེད་ཟླའི་ཚུལ་འཛིན་པ། །བརྒྱ་ནི་རྒྱ་གར་བརྒྱ་ནི་རྒྱ་ནག་ཡུལ། །བརྒྱ་ནི་འབྲོག་ཡུལ་དྲུག་ཅུ་བོད་དུ་བཞུགས། །རྒྱ་གར་ཆོས་ཀྱི་ཡུལ་དུ་མཚན་གསོལ་བ། །དམ་ཅན་སུམ་བརྒྱ་དྲུག་ཅུ་ཞེས་སུ་གྲགས། །བཛྲ་སཱ་དྷུ་སུམ་བརྒྱ་དྲུག་ཅུ་ལ། །གསོལ་ལོ་མཆོད་དོ་མཉེས་ཤིང་ཚིམ་གྱུར་ཅིག །གཡུང་དྲུང་བོན་གྱི་ཡུལ་དུ་མཚན་གསོལ་བ། །སྐྱེས་བུ་མི་ཐར་ག་པ་ཞེས་སུ་གྲགས། །ཝེར་མ་སུམ་བརྒྱ་དྲུག་ཅུ་གསོལ་ཞིང་མཆོད། །མདོ་ཁམས་སྨར་ཁམས་ཕྱོགས་སུ་མཚན་གསོལ་བ། །དགྲ་བླ་ཡེ་བརྫུ་གཉན་པོ་ཞེས་སུ་གྲགས། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་གསོལ་ཞིང་མཆོད་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་ནང་ཚན་པ། །ཡེ་བརྫུ་མཆེད་གསུམ་གཙོ་བོ་སྐུ་མདོག་དམར། །དར་ནག་བེར་གསོལ་མདུང་དང་ཐོད་པ་འཛིན། །ཆིབས་སུ་རྫུ་འཕྲུལ་ར་སྐྱེས་ཁམ་པ་ཆིབས། །དེ་ཡི་ཕུ་བོ་སྐུ་མདོག་ནག་པོ་ལ། །དར་ནག་བེར་གསོལ་ཐོ་བ་ཆུ་གྲི་འཛིན། །ཆིབས་སུ་ཟངས་ཀྱི་ཝ་མོ་འཕུར་ཤེས་ཆིབས། །ཡེ་བརྫུའི་ནུ་བོ་

p. 333

སྐུ་མདོག་སེར་པོ་ལ། །དར་ལྗང་བེར་གསོལ་འབིག་གྲི་འཕེན་གྲི་འཛིན། །ཆིབས་སུ་དཔའ་གཏུམ་སྟག་མོ་རི་བཀྲ་ཆིབས། །ཡེ་བརྫུ་གཙོ་བོ་མཆེད་གསུམ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་མཉེས་ཤིང་ཚིམ་གྱུར་ཅིག །ཕྱེ་མར་ཟས་ཕུད་འབྲུ་སྣ་རིན་ཆེན་དང་། །དར་ཚོན་བལ་ཚོན་ཇ་ཆང་འོ་ཞོའི་ཕུད། །བཟང་ཤིང་སྤོས་སྤྲིན་མདའ་དར་རྒོད་སྒྲོ་ལ། །དངུལ་དཀར་མེ་ལོང་དར་སྣས་བརྒྱན་པ་དང་། །ར་གཡག་ཙིཏྟ་སྦ་གླིང་གཡག་ལུག་ར། །དམ་རྫས་བརྒྱན་པའི་གཏོར་མ་བདུད་རྩིའི་མཚོ། །འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །དགྲ་བླ་ཡེ་བརྫུ་འཁོར་དང་བཅས་པ་ལ། །གསོལ་ལོ་མཆོད་དོ་མཉེས་ཤིང་ཚིམ་གྱུར་ཅིག །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བཀའ་བསྒོས་དམ་བཞག་སྲུང་མར་བཀོས་པ་དང་། །རང་གི་དམ་བཅས་སྐྱེ་བོའི་དགྲ་བླ་དང་། །བན་བོན་སྲུང་མ་དམག་གི་དམག་དཔོན་དང་། །ཇག་གི་ཇག་དཔོན་ཚོང་གི་ཚོང་དཔོན་ནི། །ལས་དང་སྨོན་ལམ་དབང་གིས་བྱས་པ་སྟེ། །བདག་གིས་ཁྱེད་མཆོད་དམ་བཅའ་མ་བརྗེད་ཅིག །ཁྱད་པར་སྲིད་པ་ཆགས་ནས་ད་ལྟའི་བར། །ལྷ་ཐོག་

p. 334

རྒྱུད་ཀྱི་དགྲ་བླ་ཁྱེད་ལགས་པས། །མི་ལྷ་མ་འབྲལ་ཁ་འཛིན་མ་གཡེལ་ཅིག །མིས་ཀྱང་ལྷ་ལ་དུས་གསུམ་རྒྱུན་དུ་མཆོད། །ལྷས་ཀྱང་མི་ལ་སྲུང་སྐྱོབ་སྡོང་གྲོགས་མཛོད། །དལ་བའི་དུས་སུ་ལྷ་སྲུང་ཁྱེད་མཆོད་ན། །བྲེལ་བའི་དུས་སུ་ཡེ་བརྫུ་ཐུགས་མ་གཡེལ། །ཕ་རོལ་དགྲ་དང་བགེགས་ཀྱི་དཔུང་ཚོགས་ཟློག །རང་གི་བུ་རྟའི་འཚོ་རྫི་མགོ་ཐོན་མཛོད་། །མཉམ་གཉིས་མི་དང་དཔའ་བའི་དཔུང་འགྲན་ན། །དཔའ་དང་རྟིང་མ་ཡེ་བརྫུ་ཁྱེད་ལ་རེ། །དགྲ་ཕམ་ཟིན་རྒྱལ་རླུང་ཁམས་བདག་ལ་བྱིན། །མཉམ་གཉིས་མི་དང་ཕྱུགས་ཀྱི་ནོར་འགྲན་ན། །བེའུ་ལུགས་འཕེལ་ཁ་ཡེ་བརྫུ་ཁྱེད་ལ་རེ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཉམ་གཉིས་མི་དང་འཕེན་པའི་བུ་འགྲན་ན། །བཀྲ་ཤིས་དར་རྒྱས་ཡེ་བརྫུ་ཁྱེད་ལ་རེ། །མི་འཕེན་རྟ་ཧྲག་དངོས་གྲུབ་བསྩལ་དུ་གསོལ། །དེང་སང་སྙིགས་མ་ལྔ་ཡི་དུས་བབས་པས། །ཡེ་ཤེས་ལྷ་ནི་འགྲུབ་རྟོགས་རིང་བའི་དུས། །ཡེ་བརྫུ་ཁྱེད་ནི་འཇིག་རྟེན་མྱུར་མགྱོགས་ལྷ། །ཁ་རྗེ་དབང་ཐང་ཡེ་བརྫུ་ཁྱེད་ལ་རེ། །ཆོས་སྲིད་དབང་ཐང་དངོས་གྲུབ་བསྩལ་དུ་གསོལ། །ངེད་ཀྱི་མི་རབས་རྒྱུད་ཀྱི་

p. 335

ལྷ་ཁྱེད་ཡིན། །ངེད་ལ་བཀྲ་ཤིས་བདེ་ལེགས་མ་བྱུང་ན། །འཇིག་རྟེན་ལྷ་འདྲེ་ཁྱེད་གསུམ་སྤྱན་ལམ་དུ། །ཡེ་བརྫུ་ཁྱེད་ལ་བརྙས་པར་མི་འགྱུར་རམ། །སློབ་དཔོན་པདྨའི་བཀའ་དང་མི་འགལ་ལམ། །རང་གི་དམ་བཅའ་དམ་དང་མི་འགལ་ལམ། །དེ་བས་ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །རྨ་གཡང་དངོས་གྲུབ་ཁུ་ཡེ་གཡང་དུ་ལེན། །ཨོ་ཨོ་ཧེ་ལ་ཧེ་སརྦ་སིདྡྷི་ཧཱུྃ། ཡ་ཡཱ་ཁུ་ཡེ་སརྦ་སིདྡྷི་ཧཱུྃ། འོ་འོ་འབངས་སེ་འབང་སརྦ་སིདྡྷི་ཧཱུྃ། སརྦ་པཱུ་ཛ་ཧོ། དམེ་བཙོག་ཉམས་གྲིབ་ཐམས་ཅད་མཐོལ་ལོ་བཤགས་། །གོ་མཚོན་རྣམས་ལ་རྟག་ཏུ་བརྟན་པར་བཞུགས། །ཕ་ཁུ་སྤུན་ཟླ་བཞིན་དུ་སྲུང་སྐྱོབ་མཛོད། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་ལྷ་ཐོག་དགྲ་བླའི་མཆོད་གསོལ་མདོར་བསྡུས་ ༧ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡེ་བརྫུའི་ཀ་བསྟོད།

p. 336
p. 337

ཀ་ཡེ་གསོན་དང་དགྲ་ལྷ་ཡེ་བརྫུ་ཆེ། །ཁ་བ་ཅན་དུ་རྒྱལ་རིགས་ལྷ་ཐོག་གི །ག་ནས་བྱས་ཀྱང་ཕོ་ལྷ་ཁྱོད་ཡིན་པས། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོའི་སྤྱན་འདྲེན་ན། །ཆ་ལུགས་སྐྱེས་བུ་ར་སྐྱེས་ཆིབས་ལ་འབུལ། །ཇ་ཆང་ཟས་ཕུད་བཟང་ཤིང་དུད་པས་མཆོད། །ཉ་རྒྱས་ཟླ་ལྟར་གཟི་བརྗིད་འབར་བའི་སྐུ། །ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱེད་རྣམས་ཀྱིས། །ཐ་ན་བདག་གི་འཁོར་གཡོག་རྟ་ཕྱུགས་ལ། །ད་ནི་སྲུང་སྐྱོབ་མེལ་ཚེ་མ་གཡེལ་ཅིག །ན་ཚ་ཤི་ཆད་གོད་ཁ་མེད་པར་མཛོད། །པ་དེ་པུ་དེའི་རྟགས་མཚན་དགོས་པ་མེད། །ཕ་རོལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་དང་ཕ་ལྟར་བྱམས་པའི་ཐུགས་རྗེས་དགོངས། །ཙ་ཁ་ནོར་ཕྱུགས་འཕེལ་ཞིང་རྒྱས་པ་དང་། །ཚ་གྲང་འདུ་བའི་ནད་རྣམས་ཞི་བར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་མངོན་ཤེས་ལྡན་པའི་ཡེ་བརྫུ་ཁྱེད། །ཞྭ་ལྟར་ཐོད་དུ་བཅིང་ཞིང་ཁྱོད་བསྐུལ་ཞིང་། །ཟ་འཐུང་ཕུད་ཀྱིས་རྟག་ཏུ་ཁྱོད་མཆོད་ན། །འ་རེ་འུ་རེའི་དམག་ཇག་འཇིགས་སྐྲག་

p. 338

དུས། །ཡ་ང་མེད་པའི་དཔའ་ཡ་དཔུང་རོགས་མཛོད། །ར་ཅན་ཁྲི་དང་སུམ་བརྒྱ་དྲུག་ཅུར་བཅས། །ལ་ཆེན་དགྲ་ལྷ་ཡེ་བརྫུ་འཁོར་བཅས་མཆོད། །ཤ་ཚ་སྙིང་རྗེའི་ཕ་ཁུ་སྤྱན་ཟླ་ལྟར། །ས་ཆ་གང་ན་འདུག་ཀྱང་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་རྒྱངས་དང་བཅས་ནས། །ཨ་ལ་ལ་ཧོ་ངོ་མཚར་དངོས་གྲུབ་སྩོལ། །ཨོ་ཨོ་ཧེ་ལ་ཧེསརྦ་སིདྡྷི་ཧཱུྃ༔ ཡ་ཡ་ཁུ་སེ་ཁུ་སིདྡྷི་ཧུ། འོ་འོ་འབྲངས་སེ་སྤུངས་སིདྡྷི་ཧཱུྃ། སརྦ་པཱུ་ཛ་ཁཱ་ཧི། ཨ་རཱ་གས་བསྩལ་བའོ། །བཀྲ་ཤིས།། །།

མགོན་པོ་ཡེ་བརྫུའི་བསྐང་མདོས་བཀྲ་ཤིས་རབ་འབར་ཞེས་བྱ་བ་ཚིག་ཉུང་དོན་འདུས་ལག་བླང་བདེ་བ།

p. 339

མགོན་པོ་ཡེ་བརྫུའི་བསྐང་མདོས་བཀྲ་ཤིས་རབ་འབར་ཞེས་བྱ་བ་ཚིག་ཉུང་དོན་འདུས་ལག་བླང་བདེ་བ་བཞུགས་སོ། །

p. 340

རྒྱ་གར་སྐད་དུ། པཉྩ་ཨུ་པ་སི་ཀ་བོ་བྷེ་ཀ་ན་མཿ བོད་སྐད་དུ། དགེ་བསྙེན་ལྔའི་མདོས་ཀྱི་མན་ངག་ཅེས་བྱ་བ། རྡོ་རྗེ་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །ཚེས་གྲངས་གཟའ་སྐར་བཟང་པོའི་དུས་ཀྱི་ཚེ། །སྒོ་ཁྲི་སྟེགས་བུ་ཟངས་ལྕགས་རྡོ་ལེབ་སོགས། །ཆེ་ཆུང་གང་འདོད་སྟེང་དུ་འཇིམ་པ་ཡིས། །རི་རབ་བང་རིམ་བཞི་པའི་ཕྱོགས་བཞི་རུ། །འཇིམ་པ་སྲབ་བུས་གླིང་བཞི་གཟུགས་སུ་བྱས། །ཤིན་ཏུ་བསྡུ་ན་འཇིམ་ཞལ་བྱས་པའི་སྟེང་། །དེ་དག་རི་མོ་བྲིས་ཀྱང་ཆོག་པ་ཡིན། །དེ་མཐར་འཇིམ་པའི་ལྕགས་རི་གྲུ་བཞི་ལམ། །ཟླུམ་པོ་གང་འདོད་མདོས་སྣོད་དབྱིབས་དང་བསྟུན། །རི་རབ་བརྩེགས་ན་འབྲུ་ཡིས་ནང་

p. 341

གཞུག་བྱ། །རིན་ཆེན་ཕྱེ་མ་བཏབ་བམ་གསེར་མཆོད་བརྡར། །རི་རབ་གླིང་བཞི་ཤར་དཀར་ལྷོ་སྔོ་སྟེ། །ནུབ་དམར་བྱང་སེར་ལྕགས་རི་ནག་པོ་ཡིན། །རི་རབ་སྟེང་དུ་གཙོ་བོའི་གཏོར་མ་བཞག །དེ་འོག་བང་རིམ་མཆེད་བཞིའི་གཏོར་མ་བཞག །དེ་འོག་གདོང་མོ་དགུ་ལ་སྨན་ཏིང་དགུ། །དེ་འོག་བང་རིམ་བཞི་པའི་ཤར་ངོས་སུ། །ལྷ་ཡི་དགེ་བསྙེན་རྣམས་ལ་དཀར་གཏོར་དང་། །ལྷོ་རུ་ནག་པོ་ཟུར་གསུམ་གཡས་གཏུས་བདུན། །ནུབ་ཏུ་དམར་གཏོར་གཡོན་གཅུས་བཙན་གྱིའོ། །བྱང་དུ་ཀླུ་ལ་དཀར་གཏོར་སྤྲུལ་དཀྲིས་པ། །གཉན་ལ་ལུག་མགོ་ཡུ་བ་ཅན་རྣམས་ནི། །རེ་རེའམ་བཅུ་གསུམ་བརྒྱད་དམ་བཞི་རྒྱས་བསྡུས། །མཛོ་དང་མཛོ་མོ་མིན་པའི་ཤ་གཙང་བརྒྱན། །མར་རྒྱན་བྱས་སྟེང་བསྐང་འབྲས་བཙུགས་པ་ནི། །གཙོ་བོའི་རྩེ་ལ་

p. 342

བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །བང་རིམ་སྟེང་མར་བྱ་རིགས་སྣ་ཚོགས་ཏེ། །ཁྱུང་དང་ཤང་ཤང་གཉིས་ནི་མི་རུང་ངོ་། །དེ་འོག་རི་དྭགས་དེ་འོག་གཅན་གཟན་དང་། །དེ་འོག་གཡུང་དྭགས་སྣ་ཚོགས་བཙུགས་པ་སྟེ། །ཕག་དང་རྔ་མོང་བོང་བུ་མི་རུང་ངོ་། །རི་རབ་རྩ་བར་ལྕགས་རིའི་ནང་དེ་རུ། །པིར་དང་ཆུ་སྲིན་མ་གཏོགས་ཆུ་གནས་བཀོད། །དེ་རྣམས་སྤྱི་ཡིན་ཁྱད་པར་མཐུན་རྫས་བཀོད། །གཡག་ལུག་ར་གསུམ་བྱ་རྟ་གླང་གསུམ་རྣམས། །བཅུ་གསུམ་བརྒྱད་དམ་བཞི་རེ་རྒྱས་བསྡུས་ཁྱད། །གཙོ་བོ་ལྔ་དང་གདོང་མོ་སྤུན་དགུ་དང་། །བཀའ་སྡོད་བཞི་ལ་སོ་སོའི་ཙཀ་ལི་བཙུགས། །འབྲིང་དུ་གདོང་མོ་དགུ་ནི་གཅིག་གིས་ཆོག །ཤིན་ཏུ་བསྡུ་ན་གཙོ་བོ་ལྔ་ཡིས་འཐུས། །ནམ་མཁའ་རང་མདོག་བྱ་སྤུས་བརྒྱན་པ་ཡང་། །རྒྱས་བསྡུས་མང་ཉུང་ཙཀ་ཀ་ལི་དང་འདྲ། །དེ་སྟེང་རྩིབས་བརྒྱད་གུར་གྱི་ནམ་མཁའི་སྟེང་། །ཉི་ཟླ་ནོར་བུ་ཏོག་གི་ནམ་མཁའ་བཙུགས། །གུར་ནི་མེད་ན་མདའ་དར་བཙུགས་པས་འཐུས། །དེ་དག་རི་རབ་ལ་བཙུགས་རི་སྲོག་ཟེར། །མཐའ་ཡི་ལྕགས་རི་ལ་བཙུགས་ཐང་སྲོག་ནི། །ཤིང་རིས་མདའ་བཀྲ་འཕང་བཀྲ་རལ་གྲི་དང་། །རྒྱང་བུ་རྣམས་ནི་རྒྱས་པར་བཅུ་གསུམ་རེ། །འབྲིང་དུ་བརྒྱད་རེ་ཐ་མ་བཞི་རེ་ཡིན། །དེ་དག་རིང་ཐུང་ཚད་ནི་གང་རུང་ཆོག །བཅུ་གསུམ་སོགས་དང་བརྒྱད་སོགས་བཞི་སོགས་ཟེར། །རྒྱས་བསྡུས་ཁྱད་ཡིན་འདོན་ཆ་རྒྱུས་བསྡུས་མེད། །སྟག་པའི་ཕོ་ཏང་གླང་མའི་མོ་ཏང་དང་། །ཚར་བུའི་བུ་ཏང་ཤིང་ནག་ཁྲམ་ཤིང་དང་། །བཅའ་ཚོགས་

p. 343

རྒྱས་བསྡུས་གསུམ་ཀར་དགོས་པ་ཡིན། །དེ་རྒྱབ་རྩང་ཐུང་ཉེར་བརྒྱད་སྲིན་མོ་འགྲོས། །ཟུར་བཞིར་བྱ་ནག་བཞི་བཙུགས་སྙབ་པའི་ལག །ཕྱོགས་བཞིར་མེ་ལོང་བཞི་ནི་བཏགས་པའམ། །རི་རབ་རྩ་བའི་ཟུར་བཞིར་མར་མེ་བཞི། །དེ་ནི་མདོས་ཀྱི་ལྟ་བུ་མིག་ཏུ་བཤད། །ཟུར་བཞིར་རྒྱལ་མཚན་བཞི་ནི་ཡོད་ན་རབ། །མེད་ན་ཟན་ལ་པར་བཏབ་བཙུགས་པས་འཐུས། །ནམ་གདུགས་ཟུར་བརྒྱད་པན་ཆུང་བརྒྱད་བཏགས་ཏེ། །མེད་ན་བལ་ཚོན་པགས་རས་ཚོན་བྱས་བཏགས། །མདོས་གདན་ཟུར་བཞི་རྡོ་ཆུང་བཞི་ཡིས་བཏེག །དེ་ནི་མདོས་ཀྱི་འགྲོ་བའི་རྐང་ཡིན་ནོ། །མདོས་གདན་པགས་པ་ཆེ་ཆུང་གང་རུང་སྟེང་། །དེ་ནི་སྦྱིན་བདག་ཚང་ལ་བཞག་མི་རུང་། །གཏོར་སྒབ་གྲོ་བའི་གནད་ཟབ་ཡིན་པར་བཤད། །ལྕགས་སྣོད་མིན་པའི་སྣོད་དུ་ངར་མི་དང་། །ཆངས་བུ་སྦང་རམ་བཏབ་པ་གཅིག་ཀྱང་བཤམས། །གོང་དུ་རང་གི་ལྷ་གཞུང་ཕུགས་གཏོར་དང་། །མདོས་ཀྱི་མདུན་དུ་མཆོད་པ་སྣ་བདུན་བཤམས། །ཤ་བ་ཡུམོའི་ཐོད་སྟེང་ཡོད་ན་རབ། །མེད་ན་རི་གན་མེད་པའི་ཐེབ་ཙེའི་ནང་། །གཏོར་ཆུང་ཟུར་གསུམ་བཤམས་པ་ཐུན་བཞིར་འབུལ། །ཞག་ནི་དགུ་བདུན་ལྔ་གསུམ་ཉིན་རྫོགས་རུང་། །སྤོས་དཀར་ཨག་པ་ནཱ་གི་ལ་སོགས་བདུག །གུ་གུལ་གླ་རྩི་ཟི་ར་འདྲེས་མི་རུང་། །འབྲུ་སྣ་ཟན་སྣ་རིན་ཆེན་དར་ཚོན་བཏབ། །དང་པོ་ཆུ་གཙང་དེ་ནས་ཕུད་རྒོད་བྲན། །ཡེ་བརྫུའི་མངོན་རྟོགས་སྤྱན་འདྲེན་མཆོད་བསྟོད་དང་། །བསྐང་བ་ཚར་བའི་མཚམས་ནས་མདོས་གཞུང་འདོན། །

p. 344

མདོས་དང་བསྐང་བ་དོན་གཅིག་པཀཱིས་གསུངས། །རྙིང་མའི་ལུགས་ནི་གྱེར་སྒོམ་གཙོ་ཆེ་བས། །ངག་གིས་གང་བརྗོད་ཡིད་ཀྱིས་དེ་ལྟར་བསྒོམ། །ཡས་བསགས་མ་ཤེས་ལྷ་འདྲེ་མི་འདུ་བས། །བཅའ་ཆོག་ལས་བསགས་ལེའུ་དང་པོའོ།། །།ལྷ་འདྲེ་མདོས་ལ་ཕེབས་ཕྱིར་སྤྱན་འདྲེན་ནི། །ཧཱུྃ། །རྣམ་དག་དབྱིངས་ཀྱི་རྔ་ཤིང་ལ། །ཡེ་ཤེས་དག་པའི་གཡོགས་ཀྱིས་གཡོགས། །རྔ་ནི་ཤེས་རབ་རང་བཞིན་ལ། །རྔ་ལྕགས་ཐབས་ཀྱི་ངོ་བོས་བརྡུང་། །ཁྲོ་བོའི་རྔ་བརྡུང་སྲུང་མ་སྐུལ། །མ་མོའི་རྔ་བརྡུང་དགྲ་བགེགས་འདུལ། །བསྲིང་ཞིང་བརྡུང་བས་མཁའ་འགྲོ་འབོད། །འདུར་ཞིང་བརྡུང་བས་སྲུང་མ་བསྐུལ། །འཆམས་ཤིང་བརྡུང་བས་དམ་ཅན་འདུ། །དམ་ཅན་ཡེ་བརྫུ་མཆེད་ལྔ་དང་། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུའི་ཚོགས། །སྲིད་པའི་མདོས་ལ་སྤྱན་འདྲེན་ནོ། །གདོང་མོ་སྤྱན་དགུ་བཀའ་སྡོད་བཞི། །འཁོར་དང་བཅས་པ་མདོས་ལ་བྱོན། །གངས་ཀྱི་སེང་ལྕམ་དཀར་མོ་བཞིན་། །མཆོངས་ཤིང་མཆོངས་ཤིང་མདོས་ལ་བྱོན། །ཙནྡན་ནགས་ཀྱི་རྒྱ་སྟག་བཞིན། །ངར་ཞིང་ངར་ཞིང་མདོས་ལ་བྱོན། །བྱང་གི་འབྲོང་བུ་དར་མ་བཞིན། །རྒྱུགས་ཤིང་རྒྱུགས་ཤིང་མདོས་ལ་བྱོན། །ནམ་མཁའི་གཡུ་འབྲུག་སྔོན་མོ་

p. 345

བཞིན། །ལྡིར་ཞིང་ལྡིར་ཞིང་མདོས་ལ་བྱོན། །བར་སྣང་གློག་ལྕམ་འཕར་མ་བཞིན། །འཁྱུགས་ཤིང་འཁྱུགས་ཤིང་མདོས་ལ་བྱོན། །བྱ་རྒྱལ་ཐང་དཀར་རྒོད་པོ་བཞིན། །ལྡིང་ཞིང་ལྡིང་ཞིང་མདོས་ལ་བྱོན། །ནགས་གསེབ་དོམ་བུ་ངར་མ་བཞིན། །རྒྱུགས་ཤིང་འདྲལ་ཞིང་མདོས་ལ་བྱོན། །བྱམས་པའི་ཐུགས་དང་བཅས་ཏེ་བྱོན་། །བརྩེ་ཞིང་གདུང་བའི་སེམས་ཀྱིས་བྱོན། །གསེར་སྐྱེམས་སེར་པོའི་ཆས་ཇ་འདྲེན། །གཡུ་སྐྱེམས་སྔོན་མོའི་ཞལ་སྐྱེམས་འབུལ། །ཡུ་དམར་ཇ་ཡི་མཆོད་ཡོན་བཞེས། །ཙནྡན་དཀར་དམར་ཨ་ག་རུ། །སྤོས་དཀར་ནཱ་གིའི་སྤྲོས་སུན་བཏང་། །ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས། །མདོས་ཀྱི་མི་གཙང་བསྲེགས་གཏོར་བཀྲུས། །ཨེ་ཡཾ་རཾ་བཾ་ལཾ་སུཾ་ལས། །མདོས་གཞི་འབྱུང་བ་རིམ་བརྩེགས་སྟེང་། །གླིང་བཞི་རི་རབ་ལྕགས་རིས་བསྐོར། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །སྐྱེ་འགྲོ་སྲོག་ཆགས་ཀུན་གྱིས་བརྒྱན། །ཨོཾ་གྱིས་དགོས་འདོད་ཕུན་སུམ་ཚོགས། །བྷཾ་གྱིས་རིན་ཆེན་གཞལ་ཡས་ཁང་། །ཏྭཾ་གྱིས་རིན་ཆེན་ཆར་པ་འབེབས། །

p. 346

ཧྲཱིཿཡིས་གསུང་དབྱངས་དྲུག་ཅུར་ལྡན། །ཨཱཡིས་རྒྱལ་ཕམ་མེད་པར་ཐོབ། །ཀུན་ཀྱང་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་འདོད་ཡོན་ཕུན་སུམ་ཚོགས། །ཨོ་བྷཾ་ཏཱཾ་ཧཱིཝཨཱཡིས་བྱིན་གྱིས་བརླབས། །སྲིད་པ་མདོས་ཀྱི་དཀྱིལ་འཁོར་དུ། །མགོན་པོ་ཡེ་བརྫུ་འཁོར་དང་བཅས། །ཇི་སྲིད་མཆོད་པ་བདག་བགྱིད་བར། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་དང་། །ཁྱེད་ཅག་སྔོན་གྱི་དམ་ཚིག་གིས། །ཁྱེད་ཅག་ང་ཡི་བཀའ་ལ་ཉོན། །ཅེས་བརྗོད་ནས་གསལ་བཏབ། འཕར་ནོན་ཡིན། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀས། །མདོས་རིགས་སུམ་བརྒྱ་དྲུག་བཅུ་གསུངས། །འབྱུང་བ་ལྔ་པོ་མདོས་ཀྱི་རྒྱུ།། །གླིང་བཞི་རི་རབ་མདོས་ཀྱི་དཔེ། །དེ་ནས་མདོས་བྱུང་ཇི་ལྟར་བྱུང་། །ལྷ་བུ་ནོར་བུ་དྲི་མེད་བསྙུང་། །ལྷ་སྲས་གཙུག་ཕུད་ཆེན་པོ་བཀུག །མཐུན་རྫ་ས་མདོས་ཀྱི་བསྐངས་པས་སོས། །རྒྱལ་པོ་འཁོར་ལོ་དྲུག་པ་བསྙུང་། །དགའ་རབ་རྡོ་རྗེས་མདོས་མཛད་ཕན། །རྒྱལ་པོ་དྲག་པ་མཐའ་ཡས་བསྙུང་། །སློབ་དཔོན་ཀླུ་སྒྲུབ་མདོས་མཛད་ཕན། །རྒྱལ་པོ་ཁྲི་སྲོང་ལྡེའུ་

p. 347

བཙན་བསྙུང་། །སློབ་དཔོན་པདྨས་མདོས་མཛད་ཕན། །དེ་བཞིན་བདག་དང་ཡོན་བདག་གི །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །དགྲ་བགེགས་གནོད་པ་བཟློག་པའི་ཕྱིར། །སྲིད་པའི་མདོས་ཆེན་འདི་བཤམས་པས། །མགོན་པོ་ཡེ་བརྫུ་འཁོར་དང་བཅས། །སྤྱན་གྱིས་གཟིགས་ལ་ཐུགས་ཀྱིས་དགོངས། །ཧཱུྃ། མདོས་གཞི་དབང་ཆེན་གསེར་གྱི་གཞི། །རིན་ཆེན་རི་རབ་ལྷུན་ཆགས་པ། །ཟུར་བཞི་ལོགས་བཞི་བང་རིམ་བཞི། །གླིང་བཞི་གླིང་ཕྲན་ལྕགས་རིས་བསྐོར། །རིན་ཆེན་བྲག་རི་འབུམ་གྱིས་སྤྲས། །མཐུ་ཆེན་མགོན་པོ་ཡེ་བརྫུ་ནི། །འཁོར་དང་བཅས་ལ་འབུལ་གྱིས་བཞེས། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཆོས་སྲིད་རི་རབ་ལྟར་བརྟན་ཅིང་། །ཚེ་སྲོག་བྲག་བས་སྲ་བར་ཤོག །རི་རབ་དེ་ཡི་རྩེ་མོ་ན། །སྣ་ཚོགས་འབྲུ་ཡི་ཕྱེ་མ་ལ། །བདུད་རྩི་ཆབ་ཀྱི་ཆུས་སྦྲུས་ནས། །དཔེ་ནི་འགྲོ་བའི་མཁར་ལ་བྱས། །ཞབས་བརྟན་འདི་ནི་ས་ལ་བརྟེན། །ལོགས་བཞི་ཚད་མེད་ཕྲིན་ལས་བཞི། །འཕང་ནི་སྲིད་པ་གསུམ་དང་མཉམ། །རྩེ་མོ་ཟུར་གསུམ་སྐུ་གསུང་

p. 348

ཐུགས། །མཐུན་རྫས་ར་སྐྱེས་མདུན་ན་བཞག །དཀར་དམར་ཕུད་ཀྱིས་བརྒྱན་པ་འདི། །རོག་སྣལ་ཆེན་པོ་ཁྱོད་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བང་རིམ་གཉིས་པའི་ཕྱོགས་བཞི་ན། །མཆེད་བཞིའི་མཐུན་རྫས་གཏོར་མ་བཞི། །ཞབས་བརྟན་འདི་ནི་ས་ལ་བརྟེན། །སྐེད་པ་ཚད་མེད་གྲུ་བཞིར་བཞག །ཟུར་བཞི་རྒྱན་ལྡན་ནམ་མཁའ་མཛོད། །རྩི་བཅུད་དེ་ནི་མར་གྱིས་བྱུགས། །རྩེ་མོ་ཟུར་གསུམ་དབྱིབས་ལེགས་པ། །དཀར་དམར་ཕུད་ཀྱིས་བརྒྱན་པ་བཞི། །།ཡེ་བརྫུ་མཆེད་ཟླ་བཞི་ལ་འབུལ། །དབུ་རུ་རྩེ་གསུམ་ཐུགས་དམ་བསྐང་། །ཝེར་ཕྲོམ་ཆེན་པོའི་ཐུགས་དམ་བསྐང་། །ཝར་སྟོང་ཆེན་པོའི་ཐུགས་དམ་བསྐང་། །ཝེར་གཤེགས་ཆེན་པོའི་ཐུགས་དམ་བསྐང་། །དེ་འོག་བང་རིམ་གསུམ་པ་ལ། །སྨན་མོའི་མཐུན་རྫ་ས་བཤོས་བུ་དགུ། །ཟླུམ་པོ་ཆོས་ཉིད་སྤྲོས་དང་བྲལ། །བརྩེགས་པ་ཐབས་ཤེས་གཉིས་སུ་མེད། །དབུས་མ་འཕང་མཐོ་ཡོན་ཏན་རྒྱས། །རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས། །འདི་འདྲའི་སྨན་ལེབ་ཡ་མཚན་ཅན། །གདོང་མོ་སྤུན་དགུ་རྣམས་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཅི་

p. 349

བསམ་ལྷུན་གྱིས་འགྲུབ་པར་མཛོད། །དེ་འོག་བང་རིམ་བཞི་པ་ལ། །ལྷ་བཙན་བདུད་ཀྱི་དགེ་བསྙེན་དང་། །ཀླུ་གཉན་མཐུན་རྫས་བཤོས་བུ་བཀོད། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་སོགས། །འཁོར་དང་བཅས་པ་རྣམས་ལ་འབུལ། །སེང་ཞོན་བརྒྱ་དང་ཉི་ཤུ་ཡི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །སྟག་ཞོན་བརྒྱ་དང་ཉི་ཤུ་ཡི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ར་ཞོན་བརྒྱ་དང་ཉི་ཤུ་ཡི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །འཁོར་དུ་གནས་པའི་ཀླུ་གཉན་དང་། །ས་བདག་ཀུན་གྱི་ཐུགས་དམ་བསྐང་། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་བསམ་པ་ལྷུན་གྲུབ་མཛོད། །ཕྱོགས་བཞི་གླིང་ཆེན་བཞི་པོ་ལ། །མཐུན་པའི་དམ་རྫས་བཤོས་པའི་བུ་བཞི། །དཀར་དམར་ཟས་སྣའི་ཕུད་ཀྱིས་བརྒྱན། །བཀའ་སྡོད་ཆེན་པོ་བཞི་ལ་འབུལ། །རྨ་རྒྱལ་སྤོམ་རའི་ཐུགས་དམ་བསྐང་། །སྨོན་སྐྱེས་གང་བཞུད་ཐུགས་དམ་བསྐང་། །སྒྱོགས་ཆེན་གདོང་རའི་ཐུགས་དམ་བསྐང་། །ཡར་ལྷ་ཤམ་པོའི་ཐུགས་དམ་བསྐང་། །འཁོར་བཅས་ཐུགས་དམ་བསྐངས་གྱུར་ནས། །ཕྱོགས་བཞིའི་དགྲ་དང་

p. 350

གས་རྣམས་ཟློག །ཆོས་སྲིད་དབང་ཐང་རྒྱས་པར་མཛོད། །ཧཱུྃ། རི་རབ་ཁ་ཁྱེར་དང་པོ་ལ། །ལྷ་བྱ་མང་པོ་འཛུམ་ཞིང་ལྡིང་། །ཁ་ནས་སྙན་པའི་གསུང་སྒྲ་སྒྲོག་རི་རབ་བང་རིམ་གཉིས་པ་ལ། །རི་དྭགས་མང་པོ་རྒྱུག་སྤྲིངས་གླིང་། །སྙན་པའི་རང་སྒྲ་ཏི་རི་རི། །རི་རབ་བང་རིམ་གསུམ་པ་ལ། །གཅན་གཟན་མང་པོ་རྩལ་མཆོང་བྱེད། །ཁ་ནས་རྔམ་པའི་ངར་སྐད་སྒྲོག །རི་རབ་བང་རིམ་བཞི་པ་ལ། །གཡུང་དྭགས་མང་པོ་ཀྱི་ལི་ལི། །རི་རབ་ཞོལ་གྱི་རྒྱ་མཚོ་ལ། །ཆུ་གནས་སྣ་ཚོགས་རྒྱལ་དང་འཕྱོ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །གཅིག་ལས་བྱེ་བ་ས་ཡ་འཕྲོ། །སྣ་ཚོགས་གཟུགས་ཀྱི་མཆོད་པ་འདི། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །སྐུ་ཡི་ཐུགས་དམ་བསྐང་གྱུར་ཅིག །ལུས་ལ་གནོད་པའི་རྐྱེན་རྣམས་ཟློག །ཧཱུྃ། ནམ་མཁའ་འཇའ་ཚོན་འོད་དུ་འབར། །ཁོག་པ་སྟོང་པ་ཆོས་ཀྱི་སྐུ། །ཁ་དོག་རང་རང་ལྷ་ཡི་མདོག་མཐར་སྐོར་འཇའ་རིས་ཁ་དོག་ལྔ། །འབྱུང་ལྔ་རྣམ་དག་ཡེ་ཤེས་ལྔ། །བཞུགས་པའི་ཚེ་ན་གནས་དང་གདུགས། །གཤེགས་པའི་ཚེ་ན་འཇའ་འོད་ལམ། །ནོར་བུ་ཏོག་གི་ནམ་

p. 351

མཁའ་ལ། །དགོས་འདོད་ཆར་པ་སི་ལི་ལི། །ཉི་ཟླ་འོད་ཀྱི་ནམ་མཁའ་ནི། །འགྲོ་དྲུག་མ་རིག་མུན་པ་སེལ། །རྩིབས་བརྒྱད་གུར་གྱི་ནམ་མཁའ་ནི། །སྟེང་དུ་འཁོར་ཞིང་ཀྱི་ལི་ལི། །ནམ་ནི་ཕྱི་ཡི་ཡུལ་ཡིན་ཏེ། །མཁའ་ནི་ནང་གི་སེམས་ཡིན་པས། །གཉིས་མེད་དོན་གྱི་ནམ་མཁའ་འདི། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །ཐུགས་ཀྱི་ཉམས་ཆག་བསྐང་གྱུར་ཅིག །སེམས་ཀྱི་གནོད་པའི་རྐྱེན་ངན་ཟློག །ཧཱུྃ། སྨྱུག་སྡོང་རྩེ་ལ་བྱ་ཕོད་བཙུགས། །སྟོད་སྨད་བར་གསུམ་སོ་སོ་ལ། །དར་ཚོན་སྣ་ལྔའི་ཕོད་ཀྱིས་བརྒྱན། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །དཔག་བསམ་དགོས་འདོད་འབྱུང་བའི་ཤིང་། །ལོ་མ་ལྷ་དར་སྲབ་ལ་འཇམ། །འབྲས་བུ་རིན་ཆེན་སྣ་ཚོགས་འཁྲུངས། །མགོན་པོ་ཡེ་བརྫུ་འཁོར་བཅས་ལ། །འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིག །དགོས་འདོད་ལྷུན་གྱིས་གྲུབ་པར་མཛོད། །ཧཱུྃ། ཁྱད་པར་འཕགས་པའི་ཤིང་དག་ལ། །ཡ་མཚན་མཛེས་པའི་རི་མོ་བྲིས། །ནོར་བུ་ཉི་ཟླ་སྐར་མ་དང་། །དར་པན་སོ་སོའི་མཚན་མ་བཀོད། །རྒྱན་ནི་སྣ་ལྔ་འཇའ་ཚོན་རིས། །སྔགས་

p. 352

དང་ཕྱག་རྒྱས་བྱིན་རླབས་ཏེ། །གྲུ་ཆད་རེ་ཡི་ནང་དུ་ཡང་། །ལྷ་ཡི་ཞིང་ཁམས་དག་པ་རེ། །མགོན་པོ་ཡེ་བརྫུ་འཁོར་བཅས་ལ། །འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིག ། ལྟཡུལ་ཕྱོགས་བདེ་ཞིང་སྐྱིད་པར་མཛོད། །ཧཱུྃ། སྟག་པ་ལ་སོགས་ཕོ་ཤིང་ལ། །སྐྱེས་པ་ཕོ་ཡི་གཟུགས་བྲིས་ཏེ། །ཕོ་ཏང་ཞེས་བྱའི་མིང་དུ་བཏགས། །གླང་མ་ལ་སོགས་མོ་ཤིང་ལ། །བུད་མེད་གཟུགས་བྲིས་མོ་ཏང་སྟེ། །ཚར་བུ་ལ་སོགས་བུ་ཤིང་ལ། །བྱིས་པའི་གཟུགས་བྲིས་བུ་ཏང་ཡིན། །མིག་གཉིས་བལྟ་དང་ཧྲཱིགས་སེ་ཧྲཱིག །ཁ་ནས་སྨྲ་དང་ཏ་ལ་ལ། །ལག་པས་གར་བྱེད་ཁྱུགས་སེ་ཁྱུག །རྐང་པས་བྲོ་བརྡུང་ཁྲིགས་སེ་ཁྲིག །ཐབས་ཀྱི་རང་བཞིན་ཕོ་ཏང་འདི། །མཐུ་ཆེན་ཡེ་བརྫུ་གཙོར་བྱས་པའི། །སྲིད་པ་ཕོ་རྒྱུད་རྣམས་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །སྐྱེས་པ་ཕོ་ཡི་ཀག་ཟློག་ཅིག །ཤེས་རབ་རང་བཞིན་མོ་ཏང་འདི། །བདུད་མོ་སྤུན་དགུའི་གཙོར་བྱས་པའི། །སྲིད་པའི་མོ་རྒྱུད་རྣམས་ལ་འབུལ། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཟ་མ་མོ་ཡི་ཀག་ཟློག་ཅིག །ཕོ་ཏང་གཡས་ལ་མོ་ཏང་གཡོན། །མདུན་དུ་ཟུང་

p. 353

འཇུག་བུ་ཏང་བཙུགས། །སུམ་བརྒྱ་དྲུག་ཅུའི་གཙོར་བྱས་པའི། །འཁོར་གྱི་ལྷ་འདྲེ་རྣམས་ལ་འབུལ། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ནས། །བྱིས་པ་ཆུང་གི་ཀག་ཟློག་ཅིག །ཧཱུྃ། མདའ་བཀྲ་དེ་ནི་འཕྲུལ་གྱི་རྫས། །སྨྱུག་སྡེམ་བྱ་རྒོད་སྒྲོ་ཡིས་སྒྲོན། །གནམ་ལྕགས་ངར་མའི་མདེལ་གྱིས་མཐུད། །མཚལ་བྱུག་མཛེས་པའི་རི་མོ་བྲིས། །དར་དང་ཟ་འོག་མགུལ་དུ་བཏགས། །ཡ་མཚན་སྐྱེས་པ་ཕོ་ཡི་དཀོར། །སྔགས་དང་ཕྱག་རྒྱས་བྱིན་རླབས་ཏེ། །སྐྱེས་ཕྲན་དེར་མ་ཕོ་ཆས་ཅན། །གཅིག་ཁྲི་འབུམ་བྱེ་བ་འཕྲོ། །ཡེ་བརྫུ་མཆེད་ལྔས་གཙོར་བྱས་པའི། །སྲིད་པ་ཕོ་རྒྱུད་ཐམས་ཅད་ལ། །ཕྱག་ཏུ་མཐུན་པའི་མདའ་བཀྲ་འབུལ། །སྐུ་ཡི་རྟེན་དང་གསུང་གི་མདངས། །ཐུགས་ཀྱི་རྟེན་དུ་བཞེས་སུ་གསོལ། །ཐུགས་དམ་གཉན་པོ་བསྐང་གྱུར་ནས། །སྐྱེས་པ་ཕོ་ཡི་འཚེར་རྩུབ་ཟློག །འཕང་བཀྲ་དེ་ནི་འཕྲུལ་གྱི་རྫ་ས། །ཁྱད་པར་འཕགས་པའི་ཤིང་དག་ལ། །མཛེས་པའི་འཕང་བཞོགས་མོ་ལོ་ཙམ། །སྣ་ཚོགས་ཚོན་གྱིས་རི་མོ་བྲིས། །དར་ཟབ་མཛེས་པའི་སྣལ་མ་བཏགས། །ངོ་མཚར་ཟ་མ་མོ་ཡི་དཀོར། །སྔགས་

p. 354

དང་ཕྱག་རྒྱས་བྱིན་གྱིས་བརླབས། །མོ་བཙུན་དར་ཟབ་ན་བཟའ་ཅན། །རིན་ཆེན་རྒྱན་ཆ་སི་ལི་ལི། །མཛེས་སྡུག་འཛུམ་མཛེས་ཡ་ལ་ལ། །གཅིག་ལས་ཁྲི་འབུམ་བྱེ་བ་འཕྲོས། །བདུད་མོ་སྤུན་དགུས་གཙོར་བྱས་པའི། །སྲིད་པ་མོ་རྒྱུད་ཐམས་ཅད་ལ། །ཡིད་དང་མཐུན་པའི་དཀོར་དུ་འབུལ། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །ཟ་མ་མོ་ཡི་འཚེར་རྩུབ་ཟློག །ཁྱད་པར་འཕགས་པའི་བུ་ཤིང་ལ། །ཡ་མཚན་མཛེས་པའི་རྩེ་ཐུར་བྱས། །བྱིས་པའི་རྩེ་ཐུར་གཟུགས་བྱས་ཏེ། །རྩེ་ཀྱུ་བྲོ་གར་ཡིད་དུ་འོང་། །མགོན་པོ་ཡེ་བརྫུའི་འཁོར་གྱུར་པའི། །ཐེའུ་རང་སྟོང་སྡེའི་ཚོགས་ལ་འབུལ། །མགུ་ཚིམས་ཐུགས་དམ་བསྐངས་གྱུར་ནས། །བྱིས་པ་ཆུང་གི་འཚེར་རྩུབ་ཟློག །གདུག་པ་ཅན་གྱི་ཤིང་དག་ལ། །ཡ་མཚན་མཛེས་པའི་རྒྱང་བུ་བཞོགས། །རྒྱུང་ཞེས་བྱ་བ་འདོད་དགུ་འབྱུང་། །བུ་ནི་ཡིད་དུ་འོང་བ་སྟེ། །སྙན་པའི་སྒྲ་སྐད་སི་ལི་ལི། །ལྷ་ཚོགས་གསུང་དང་གཉིས་སུ་མེད། །རིན་ཆེན་མཛེས་པའི་རྒྱང་བུ་འདི། །ཡེ་བརྫུ་འཁོར་དང་བཅས་པ་ལ། །འབུལ་ལོ་ཐུགས་དམ་བསྐངས་གྱུར་ནས། །རྒྱུ་སྦྱོར་ནད་གདོན་རྐྱེན་རྣམས་

p. 355

ཟློག །མཛེས་པའི་ཤིང་ལ་ཁྲམ་བྱང་བྱས། །འཆི་བདག་ཁྲམ་གྱི་རི་མོ་བྲིས། །མཐུ་ཆེན་མགོན་པོ་ཡེ་བརྫུ་དང་། །སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ། །སྲོག་དབུགས་བསྡུས་པའི་སྐྱེ་འགྲོ་རྣམས། །དོ་གཅིག་སང་ཡོད་སུ་འཆི་བ། །ད་ལོ་ཁྲམ་ལ་འདེབས་པར་བྱེད། །མི་ཡི་བདུད་གཅོད་དུས་བཞི་ལ། །དཔྱིད་ཀྱི་རོལ་པོ་ཁ་ནག་དང་། །དབྱར་གྱི་ཤིང་ལོ་ལྷབ་ལྷུབ་དང་། །སྟོན་གྱི་སྤང་པོ་ཁ་སེར་དང་། །དགུན་གྱི་འཁྱགས་པ་ཆལ་ཆོལ་བཞི། །ཁྲམ་ལ་འདེབས་པའི་དུས་བཞི་ཡིན། །སང་ཕོད་སུ་དང་སུ་འཆི་བ། །ད་ལོ་གཤིན་རྗེས་ཁྲམ་ལ་འདེབས། །སང་ཕོད་སུ་དང་སུ་ན་བ། །ད་ལོ་མ་མོས་ཁྲམ་ལ་འདེབས། །སང་ཕོད་སུ་དང་སུ་རྩོད་པ། །ད་ལོ་བདུད་ཀྱིས་ཁྲམ་ལ་འདེབས། །སང་ཕོད་སུ་དང་སུ་སྨྱོ་བ། །ད་ལོ་རྒྱལ་པོས་ཁྲམ་ལ་འདེབས། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཁྲམ་ལ་བཏབ་པ་མི་སྲིད་ཀྱི། །གལ་ཏེ་ཁྲམ་ལ་བཏབ་པ་ན། །མདོས་དང་ཁྲམ་ཤིང་འདི་བཞེས་ལ། །ཁྲམ་ལ་བཏབ་ན་ཁྲིམ་ཁ་ཕྱེས། །བྱད་དུ་བཅུག་ན་བྱད་ཁ་སྒྱུར། །གཏད་དུ་སོང་ན་གཏད་མཚོ་སྐེམ། །སངས་རྒྱས་

p. 356

བསྟན་པའི་སྤྱི་དགྲ་རྣམས། །འཆི་བདག་གཤིན་རྗེས་ཁྲམ་ལ་ཐོབ། །དུས་ལ་བབ་བོ་ས་མ་ཡ། །འབྲུ་མཆོག་སྤང་དཀར་སྒོང་བཟང་དང་། །ལྷ་ནས་སྔོན་མོ་འབྲུ་བདུན་དང་། །འབྲས་སོགས་འབྲུ་སྣ་ཐམས་ཅད་དང་། །གུ་ལང་གསེར་དང་མཚོ་རོ་གཡུ། །དངུལ་དང་བྱི་རུ་མུ་ཏིག་དང་། །དུང་དང་མགྲོན་བུ་ཟངས་དང་ལྕགས། །འབྲུ་སྣ་སྨན་སྣ་རིན་ཆེན་ཚོགས། །ཡོན་ཏན་ལྔ་ལྡན་ཟད་མེད་གཏེར། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །མཐུན་པའི་དཀོར་དུ་བཞེས་ནས་ཀྱང་། །རྐྱེན་དང་བར་ཆད་བཟློག་ཏུ་གསོལ། །ཧཱུྃ༔ ཤར་གྱི་རྨ་རྒྱལ་སྤོམ་ར་དང་། །ནུབ་ཀྱི་ཡར་ལྷ་ཤམ་པོ་ཕྱིན། །དབུས་དང་ཁམས་ཀྱི་ས་ཕྱོགས་འདིའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །ཡེ་བརྫུ་ཁྱོད་ཀྱི་དཔུང་དང་སྡེ། །ལ་ལ་ཁྱོད་ཀྱི་ཕ་དང་མ། །ལ་ལ་ཁྱོད་ཀྱི་སྤྱན་ཟླ་མཆེད། །ལ་ལ་ཁྱོད་ཀྱི་སྲིང་དང་མཛའ། །ལ་ལ་ཁྱོད་ཀྱི་སྡོང་བའི་གྲོགས། །ལ་ལ་ཁྱོད་ཀྱི་ཁབ་དང་དབྱར། །ལ་ལ་ཁྱོད་ཀྱི་རྟེན་དང་གྲོགས། །ལ་ལ་ཁྱོད་ཀྱི་བྲན་དང་ཁོལ། །ལ་ལ་ཁྱོད་ཀྱི་མངའ་འབངས་ཏེ། །གང་ཡང་བཀའ་ལ་མ་འདུས་མེད། །ཀུན་ཀྱང་སྲིད་པའི་མདོས་འདི་

p. 357

བཞེས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་བསམ་པ་ལྷུན་གྲུབ་མཛོད། །མཛེས་པའི་བལ་ཚོན་སྣ་ལྔ་སྟེ། །དཀར་མོ་ལུག་གི་པགས་རིས་དང་། །ལྷ་རྫས་དར་ཚོན་སྣ་ཚོགས་འདི། །དཀར་པོ་རྣམས་ནི་གངས་རི་འདྲ། །དམར་པོ་བཏགས་པ་མེ་རི་འདྲ། །སེར་པོ་བཏགས་པ་གསེར་འོད་འབར། །སྔོན་པོ་བཏགས་པ་ཆབ་མ་མིག །ལྗང་ཁུ་བཏགས་པ་གཡུ་འོད་གསལ། །བཀྲག་དགུ་སྟག་དང་གཟིག་གི་རས། །བཙུན་དགུ་གཡི་དང་སྤྱང་ཀིའི་རས། །འཇམ་དགུ་སྦེ་དང་ཝ་ཡི་རས། །མཛེས་དགུ་རྨད་དུ་ཆེ་བའི་དཀོར། །སྲིད་པ་མདོས་ཀྱི་རྒྱན་དུ་བཏགས། །མཐུ་ཆེན་ཡེ་བརྫུའི་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་ཚིམས་གྱུར་ཅིག །རྐྱེན་དང་བར་ཆད་བཟློག་ཏུ་གསོལ། །རྨ་བྱ་རྒྱ་བྱ་ནེ་ཙོ་དང་། །རྒོད་གླག་ཁྲུང་ཁྲུང་ཀ་ལན། །མཐིང་རིལ་ངང་པ་ངུར་པ་དང་། །ཚངས་པ་ལྷ་ཡི་བྱ་སྤུ་རྣམས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བཀྲ་ཤིས་ལྷ་བྱ་བསམ་མི་ཁྱབ། །མཛེས་པའི་འོད་འཕྲོ་གསུང་དབྱངས་སྒྲོག །མཐུ་རྩལ་ཐོག་མེད་མཁའ་ལ་

p. 358

འགྲོ། །སྲིད་པ་མདོས་ཀྱི་རྒྱན་དུ་ཆེ། །འབྱུང་བ་ལྔ་ཡི་རྟེན་འབྲེལ་ལས། །མཛེས་པའི་ཚོན་རྩི་སྣ་ལྔ་བྱུགས། །མདངས་ཀྱིས་ཁ་དོག་སོ་སོར་བསྒྱུར། །བཀྲག་མདངས་དེ་ནི་ཝ་ལ་ལ། །དབྱིབས་ལེགས་གཟུགས་མཛེས་བལྟ་ན་སྡུག །སྲིད་པ་མདོས་ཀྱི་རྒྱན་དུ་འབུལ། །བྱ་རྒྱལ་རྒོད་པོ་མན་ཆད་ནས། །བྱེ་མ་ལེབ་ཆུང་ཡན་ཆད་ཀྱི། །འདབ་ཆགས་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །རྩལ་ཆེན་སེང་གེ་མན་ཆད་ནས། །འོལ་ལྕམ་སྲེ་མོ་ཡན་ཆད་ཀྱི། །གཅན་གཟན་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཤ་བ་རུ་བཅུ་མན་ཆད་ནས། །བྲ་བ་བྱི་བ་ཡན་ཆད་ཀྱི། །རི་དྭགས་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཅང་ཤེས་རྟ་ཕོ་མན་ཆད་ནས། །རྟེའུ་དྲེལ་ཕྲུག་ཡན་ཆད་ཀྱི། །རྨིག་ཟླུམ་སྣ་ཚོགས་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་

p. 359

ཅིག །སྟོབས་ལྡན་གླང་པོ་མན་ཆད་ནས། །རྟོལ་བུ་རྨིག་དམར་ཡན་ཆད་ཀྱི། །རྨིག་པ་ཁ་བྲག་གཟུགས་རྣམས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ནོར་བུ་གསེར་དངུལ་མན་ཆད་ནས། །ཟངས་ལྕགས་འཁར་བ་ཡན་ཆད་ཀྱི། །རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཟ་འོག་ཁ་བཏགས་མན་ཆད་ནས། །སྣམ་རས་ཁ་ཚར་ཡན་ཆད་ཀྱི། །དར་ཟབ་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །བཟང་དྲུག་ག་པུར་ཙན་དན་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །བུ་རམ་སྦྲང་རྩི་ཀ་ར་སོགས། །ཞིམ་མངར་རོ་མཆོག་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །སྤོས་དཀར་རྒྱ་སྤོས་ནཱ་གི་སོགས། །དྲི་བཟང་རྣམ་པ་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་

p. 360

སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཨུཏྤལ་ཧ་ལོ་མན་ཆད་ནས། །སྤང་རྒྱན་ཁུག་ཆོས་ཡན་ཆད་ཀྱི། །མདངས་ལྡན་མེ་ཏོག་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །ཞོ་དང་འོ་མ་ཐུད་དང་མར། །སྤྱོད་དང་ཁུར་བ་ཤ་ཁྲག་ཆང་། །བཟའ་བཏུང་ཟས་ཕུད་སྣ་ཚོགས་ཀྱིས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །ཧཱུྃ། ཉིན་དང་སྲིབ་ཀྱི་ས་མཚམས་ན། །སྐྱེར་ཚེར་དྲག་པོའི་ཤིང་བཏུས་ནས། །གདུག་པ་དབལ་གྱི་རྩང་ཕུར་བྱས། །རྩེ་མོ་ཟུར་གསུམ་ལྡན་པ་ནི། །མཐུ་ཆེན་ཡེ་བརྫུའི་སྐུ་གསུང་ཐུགས། །ཁ་དོག་དམར་པོར་གྱུར་པ་ནི། །བཙན་དམག་ལས་ལ་ཤ་ར་ར། །སྐེད་པ་རྒྱ་མདུད་སེར་པོ་ནི། །ལས་མཁན་བཞུགས་པའི་གཞལ་ཡས་ཁང་། །ཆུང་སྨད་ཟུར་གསུམ་བྱས་པ་ནི། །དགྲ་བོའི་ལུས་ངག་ཡིད་གསུམ་འཇོམས་། །སྲིན་མོ་འགྲོས་སུ་བཙུགས་པ་ནི། །ཕྲ་མེན་མ་ཚོགས་མཉེས་པའི་རྫས། །དྲ་བ་རིས་སུ་དོད་པ་ནི། །ལས་མཁན་ཕོ་ཉ་རྒྱུག་པའི་སྲང་། །ཤ་དང་ལིང་གས་

p. 361

བརྒྱན་པ་ནི། །དབང་ཕྱུག་མ་ཚོགས་མཉེས་པའི་རྫས། །སྔོ་དམར་ཐག་པས་དཀྲིས་པ་ནི། །ནད་སྤྲིན་སྔོ་དམར་དེ་ལ་ཐིམ། །ཁྲག་ནད་དལ་ཡམས་ཟློག་པར་བྱེད། །སྲིད་པ་མདོས་ཀྱི་རྒྱན་དུ་བཙུགས། །ཡེ་བརྫུ་འཁོར་བཅས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག །བསྙབས་པའི་ལག་པ་བྱ་ནག་བཞི། །སྲིད་པ་མདོས་ཀྱི་རྒྱན་དུ་བཙུགས། །བདུད་ལས་རྒྱལ་བའི་རྒྱལ་མཚན་བཞི། །དེ་ཡང་མདོས་ཀྱི་རྒྱན་དུ་བཙུགས། །འགྲོ་བའི་རྨིག་པ་རྡོ་ཆུང་བཞི། །དེ་ཡང་མདོས་ཀྱི་འོག་ཏུ་བཞག །ལྟ་བའི་མིག་འབྲས་མེ་ལོང་བཞི། །དེ་ཡང་མདོས་ཀྱི་རྒྱན་དུ་བཏགས། །གསལ་བའི་སྒྲོན་མེ་མར་མེ་བཞི། །དེ་ཡང་མདོས་ཀྱི་རྒྱན་དུ་བཀོད། །ད་ནི་མདོས་ལ་རྒྱན་ཚང་ངོ་། །ད་ནི་མདོས་ལ་གྲ་རྒྱས་སོ། །ཡེ་བརྫུ་འཁོར་དང་བཅས་ལ་འབུལ། །ཧཱུྃ། མཐུ་ཆེན་མགོན་པོ་ཡེ་བརྫུ་ཡི། །ཡང་འཁོར་བྲན་དང་ཡང་གཡོག་ཚོགས། །མདོས་དང་ཕུད་ལ་མི་དབང་ཞིང་། །གླུད་དང་ཡས་ལ་རེ་བ་ཡི། །བགེགས་དང་ལན་ཆགས་འབྱུང་པོའི་ཚོགས། །གནས་ལ་ངེས་མེད་ཀུན་དུ་རྒྱུ། །རིག་འཛིན་རྒྱལ་བའི་ཞལ་

p. 362

མ་མཐོང་། །དམ་པ་ཆོས་ཀྱི་སྒྲ་མ་ཐོས། །དམ་ལ་མ་ཐོགས་ནག་པོའི་རིགས། །མཁའ་ལ་རྒྱུ་བའི་ཡི་དྭགས་ཏེ། །བཀྲེས་སྐོམ་གནོད་སེམས་མེ་ལྟར་འབར། །འགྲོ་བའི་ཤ་ཁྲག་སྲོག་ལ་རྔམས། །ཟ་རེ་འཐུང་སྐོམ་བྱེད་རྣམས་ལ། །ཁྱོད་ལ་འདོད་པའི་ཡས་དང་གླུད། །འབྲུ་མཆོག་ངར་མི་མཛེས་པ་ལ། །ལུང་ཐང་མིག་ལ་མགྲོན་བུའི་སོ། །མུ་ཏིག་ཀླད་ལ་ཞོ་ཤའི་སྙིང་། །ལག་གཡས་གསེར་ལ་གཡོན་པ་དངུལ། །རྐང་གཡས་ཟངས་ལ་གཡོན་པ་ལྕགས། །དུང་གི་རུས་ལ་མཚལ་གྱི་ཁྲག །བསྲེ་ཡི་ཤ་ལ་དར་ཟབ་གོས། །ཏིང་འཛིན་སྔགས་ཀྱིས་བྱིན་གྱིས་བརླབས། །སྐྱེས་པ་ཆས་བཟང་སྟག་ཆས་ཅན། །མོ་བཙུན་བཟང་མོ་གསེར་གཡུས་སྤྱས། །གཅིག་ལས་བྱེ་བ་བརྒྱ་སྟོང་འཕྲོ། །མི་བས་གླུད་བཟང་ལྷ་བུ་འདྲ། །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ཚེ་དང་སྲོག་གི་གླུད་དུ་འབུལ། །སྔོན་ཡང་སྟོན་པ་ཤཱཀ་ཐུབ་ཀྱིས། །འཕྲོག་མ་མ་བུ་ལྔ་བརྒྱ་ལ། །ཟན་གྱི་ཆངས་བུ་གནང་བས་ཚིམ། །དེ་བཞིན་བདག་དང་ཡོན་བདག་གིས། །ལག་པ་གཡོན་པས་བཅངས་པའི་ཟན། །ཆང་གཞུག་མཐེ་བོང་གཡས་ཀྱིས་བཅག །སྒང་ལྔ་འདོད་པའི་

p. 363

ཡོན་ཏན་ལྔ། །གཤོང་དྲུག་རིགས་དྲུག་འདོད་པས་ཚིམ། །འབུར་ཆུང་བཅུ་གཉིས་ལྡན་པ་འདིས། །ལོ་གྲངས་བཅུ་གཉིས་བར་གྱི་གླུད། །ལན་ཆགས་ག་པོ་རྣམས་ལ་སྦྱིན། །སྦྲང་རམ་ཤ་ཤུན་ཚྭ་སྒོག་གཡེར། །ཟོ་ཤེ་རྐྱལ་ཤེ་ཡོས་བཀྲ་སོགས། །གླུད་དང་ཡས་སྟགས་འདི་བསྔོས་པས། །ཐམས་ཅད་ངོམ་ཞིང་ཚིམས་གྱུར། །བུ་ལོན་ལན་ཆགས་བྱུང་བར་ཤོག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཉི་མ་དེ་རི་ང་ཕྱིན་ཆད་ནས། །མ་ཉེ་མ་འཁོར་མ་གནོད་པར། །དཔག་ཚད་བརྒྱ་ཡི་ཕ་རོལ་སོང་། །གལ་ཏེ་བཀའ་ལ་མི་ཉན་ན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ལུས་ངག་ཐལ་བར་བརླག་པར་འགྱུར། །དེ་བས་མྱུར་དུ་ཕྱིར་དེངས་ཤིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཱན་བི་ཧཱུྃ་ཕཊ། གནོད་བྱེད་ཨུཙྪ་ཏ་ཡ་ཕཊ། ཧཱུྃ། མགོན་པོ་ཡེ་བརྫུ་མཆེད་ལྔ་དང་། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་དང་། །གདོང་མོ་སྤུན་དགུ་བཀའ་སྡོད་བཞི། །ལྷ་དང་སྲུང་མ་ཐམས་ཅད་ཀྱི། །ཐུགས་དམ་གཉན་པོ་མདོས་ཀྱིས་བསྐང་། །བསྐང་ཡང་བསྐང་ལ་བཟློག་ཀྱང་ཟློག། །ཐུགས་དམ་བསྐང་ལ་རྐྱེན་དབང་ཟློག །

p. 364

བསྐང་བཟློག་ཕྲིན་ལས་དུས་ལ་བབ། །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལང་བ་ཟློག །ལྟག་པར་བདུད་དུ་བབས་པ་ཟློག །དཔྲལ་བར་གཤེད་དུ་འཁོར་བ་ཟློག །ཡམས་ནད་རིམས་ནད་གོད་ཁ་ཟློག །ཆེ་སྲི་ཆུང་སྲི་དར་སྲི་ཟློག །བན་བྱད་བོན་བྱད་དམོད་བྱད་ཟློག །གཏོར་ཁ་མཐུ་ཁ་ཟོར་ཁ་ཟློག །གཏད་དང་ངག་མནན་སེལ་ནག་ཟློག །སྦྱིན་སྲེག་རླུང་འཁོར་ཕྲ་མེན་ཟློག །མདའ་ཟོར་ཁྲག་ཟོར་ཐུན་ཟོར་ཟློག །ནད་སྣ་ཡམས་སྣ་རིམས་སྣ་ཟློག །མི་ནད་ཕྱུགས་ནད་ཡམས་ནད་ཟློག །ཤི་སྲི་གོད་སྲི་ནད་སྲི་ཟློག །ཕྱི་ཡི་དམག་སྣ་ཇག་སྣ་ཟློག །ནང་གི་འཐབ་རྩོད་བྱེ་ཞིག་ཟློག །མི་ཡི་ན་ཚ་ཐམས་ཅད་ཟློག །ནོར་གྱི་གོད་ཁ་ཐམས་ཅད་ཟློག །ལོ་དགྲ་བཙའ་སད་སེར་གསུམ་ཟློག །བསྐལ་ངན་མུ་གེ་ཐམས་ཅད་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་བཅོ་བརྒྱད་ཟློག ། ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་དགུ་བཅུ་རྩ་གཅིག་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །མོ་ངན་རྩིས་ངན་རྨིས་ངན་།

p. 365

ཟློག །པྲ་ལྟས་མཚན་མ་ངན་པ་ཟློག །སྡང་བ་དགྲ་ཡི་སྟེང་དུ་ཟློག །གནོད་པ་བགེགས་ཀྱི་སྟེང་དུ་ཟློག །ཟ་བ་འདྲེ་ཡི་སྟེང་དུ་ཟློག །ཕུང་བ་སྲི་ཡི་སྟེང་དུ་ཟློག །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །ཨོཾ་བཛྲ་ཝར་ཀ་ཏི་ཀྱི་ཡ་ཀྱི་ཡ་མ་མ་ད་ད་ཧ་ཧ་དེ་དེ། ཀྱུ་ཙུ་ཀྱུ་ཙུ། མུ་མུ་ཀ་ཏ་སང་ལྷོང་ངོ་། དགྲ་བགེགས་ཀྱི་སྙིང་ཁྲག་ལ་རྡུབ་རྔུབ། ཨ་ཨཱ་རི་རི་ཊ་ཊ་ཡ་ཡ་ནམ་ནམ། བྷ་བྷ། སད་སད། གི་ནི། ནོམ་ནོམ། ཀྲྀ་ཏྲི་མཱ་ར་ཡ་ཟློག་ཟློག །གསུམ་བདུན་ཉེར་གཅིག་ཅི་འགྲུབ་བརྗོད་པའི་རྗེས། །རང་ཉིད་ཡི་དམ་ཐུགས་ལས་འོད་ཟེར་འཕྲོས། །མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་། །ཏྲི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་འཕྲོས་འཁོར་རྣམས་ཐམས་ཅད་འོད་ཀྱིས་བསྐུལ། །ཀུན་ཀྱང་བདག་གི་ལས་བཅོལ་སྒྲུབ་པར་བསམ། །ཨོཾ་ཏྲི་ལ་ཏྲི་ཏ། ཡ་ན་བྷ་སད། ཀྲྀ་ནཾ། ཨོཾ་ཀྱི་ཡ་ཀྱི་ཡ། མ་མ་ཏེ་ཏེ། ཧ་ཧ་ཏེ་ཏེ། ཀྱུ་ཙུ་ཀྱུ་ཙུ། མུ་མུ་ཀེ་ཏེ་སང་ལྷོང་ངོ་། །ཞེས་པ་མཆེད་ལྔ་སྤྱིའི་སྔགས།

p. 366

ཨོཾ་བཛྲ་ཝར་ཀ་ཏི་པྲ་རི་དུ་རུ་མེ་ལྡོང་ངོ་ཁོད་དོ་ཛ་ཡ་ཛ་མ་ཛ་མ། བཛྲ་ལི་ལི་ཛ་ཛ༔ ས་མ་ཡ་དུ་ལི་ཛ་ཛ༔ གསང་ཡུམ་བརྟན་མ་བཞི་དང་དྲིལ་སྒྲུབ་སྔགས། །དེ་རྣམས་བསྙེན་པ་ཅི་འགྲུབ་བྱས་པའི་རྗེས། །ཡུ་མོའི་ཐོད་ཏིང་ནང་བཤམས་ཐུན་རེ་བྲན། །ལས་བྱང་ནང་གི་གཏོར་བསྔོས་དེ་བཏོན་ལ། །འདོད་དོན་ཕྲིན་ལས་བཅོལ་ལ་མདོས་ནང་འབུལ། །དེ་ལྟར་ཞག་གྲངས་ལྔ་བདུན་དགུ་ལ་སོགས། །མདོས་གཞུང་ཐུན་བཞིར་གྱེར་ཞིང་སྔགས་བཟླས་ན། །མདོས་སྒྲུབ་ཅེས་བྱ་སྒྲུབ་པའི་གོ་ཡང་ཆོད། །རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ། །འབྲུག་སྒྲ་རླུང་ཐོག་ཁ་ཆར་ཁུ་འཕང་བབས། །གཡག་དང་རྭ་སྐྱེས་ལུག་ཁྱུ་དམག་མི་དང་། །དཔོན་རི་སྐྱེས་ཕྲན་ཆས་བཟང་གོ་མཚོན་དང་། །བྱིསྦ་མཛེས་སྡུག་བུད་མེད་རྒྱན་ལྡན་འོངས། །འགྲུབ་པའི་རྟགས་ཡིན་མཐུ་རྩལ་ནུས་པ་ཐོན། །ཚེ་དང་བསོད་ནམས་དབང་ཐང་འཕེལ་བར་གསུངས། །དངོས་གཞི་མདོས་ཆོག་གི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་མདོས་དེ་འབུལ་བའི་གྲབ་བྱས་ལ། །སྔོན་དུ་ཁྱེར་རྒྱུའི་དཀར་གཏོར་གཅིག་དང་ནི། །རྗེས་སུ་གཏིང་ཕུལ་དམར་གཏོར་གཅིག་ཀྱང་བཞག །ལྗོངས་འདེབས་རྒྱུ་ཡི་འབྲུ་སྣ་འཚགས་བྱས་ལ། །དེ་ནས་གསེར་སྐྱེམས་ཕྱོགས་རྣམས་ཀུན་ཏུ་འཐོར། །ཁྱད་པར་འབུལ་བའི་ཕྱོགས་སུ་གཏོར་བཅུག་ཅིང་། །ཀྱི། ཕྱོགས་བཅུ་ཀུན་ན་གནས་པ་ཡི། །ཕྱོགས་སྐྱོང་ཞིང་སྐྱོང་རྣལ་འབྱོར་མ། །གཟའ་དང་བིའི་པི་ལིང་

p. 367

དང་། །ལོ་ཟླ་ཞག་དུས་ས་བདག་ཚོགས། །རྣལ་འབྱོར་བདག་ལ་སྙན་གསོན་དང་། །ཆང་བས་དེ་ནི་ངོ་ཆེ་མེད། །གསེར་བས་དེ་ནི་རིན་ཆེ་མེད། །ཆང་དང་གསེར་དུ་སྦྱར་བ་ཡི། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་བ་རྣམས་ཀྱིས་དབུ་ཁུག་ལ། །བར་པ་རྣམས་ཀྱིས་སྐུ་བཟུར་ཅིག །ཕོ་བྲང་རྣམས་ཀྱང་སྒོ་ཆོད་ལ། །ན་བཟའ་ལྷབ་ལྷུབ་མཐུ་བ་སྡུས། །མདོས་ཆེན་འདི་ཡི་ལམ་ཕྱེས་ཤིག །ཡུལ་ཕྱོགས་འདི་ལ་གནས་པ་དང་། །མདོས་ཀྱི་གདོང་ལ་གནས་པ་ཡི། །གཞི་བདག་གནས་བདག་ས་བདག་དང་། །བཙན་བདུད་ཡུལ་ལྷའི་ཚོགས་རྣམས་ཀུན། །གཡས་སུ་འདུག་པ་གཡས་སུ་བཟུར། །གཡོན་དུ་འདུག་པ་གཡོན་དུ་བཟུར། །སྟེང་དུ་བཞུགས་པ་ཞབས་ཡར་སྐུམས། །འོག་ཏུ་བཞུགས་པ་དབུ་ཁུག་ལ། །དྲག་པོའི་མདོས་ཀྱི་ཟོར་ཕོག་ན། །ང་ནི་མ་ཉེས་མ་ལེན་གྱིས། །ཉེས་ལེན་དགྲ་དང་བགེགས་ལ་ཕོབ། །དེ་ནས་སྒོ་དབྱེ་བ་ནི། ཕྱོགས་བཞིའི་རྩང་ཐུར་བཞི་ཤབ་ཅིང་། ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །ཤར་གྱི་གནམ་

p. 368

སྨན་དཀར་མོ་ནི། །ཕྱག་ན་དུང་གི་ལྡེ་མིག་བསྣམས། །སྐུ་ལ་དར་དཀར་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །ལྷོ་ཡི་བརྟན་མ་གཡུ་བུན་མ། །ཕྱག་ན་མུ་མན་ལྡེ་མིག་བསྣམས། །སྐུ་ལ་དར་སྔོན་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ལྷོ་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །ནུབ་ཀྱི་པདྨ་གང་ཆུང་མ། །ཕྱག་ན་བྱི་རུའི་ལྡེ་མིག་བསྣམས། །སྐུ་ལ་དར་དམར་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་གྱི། །གསང་བའི་ཡུམ་སྟེ་དགྱེས་སྡེ་མོ། །བྱང་གི་བརྟན་མ་བཀྲ་གསལ་མ། །ཕྱག་ན་གསེར་གྱི་ལྡེ་མིག་བསྣམས། །སྐུ་ལ་དར་སེར་གོ་ཟུ་གསོལ། །སྨན་ཕྲན་འབུམ་གྱི་འཁོར་དང་བཅས། །

p. 369

གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བྱང་ཕྱོགས་གསེར་སྒོ་སེར་པོ་ཕྱེས། །བྷྱོ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་འབྲུ་སྣའི་རྫོངས་འདེབས་ཤིང་། ཧཱུྃ། མཐུ་ཆེན་ཡེ་བརྫུ་འཁོར་བཅས་ལ། །རིན་ཆེན་སྣ་ཚོགས་རྫོ་ངས་སུ་འདེབས། །དགོས་འདོད་ཡིད་བཞིན་འགྲུབ་པར་མཛོད། །ནད་སེལ་སྨན་རྣམས་རྫོ་ངས་སུ་འདེབས། །ནད་རྣམས་ཞི་བའི་ཕྲིན་ལས་མཛོད། །གྲོ་ནས་འབྲུ་སྣ་རྫོངས་སུ་འདེབས། །རྩྭ་ཁ་ལོ་ཏོག་འཕེལ་རྒྱས་མཛོད། །ཙནྡན་རྒྱ་སྤོས་རྫོངས་སུ་འདེབས། །སྙན་གྲགས་ཀུན་ཏུ་ཁྱབ་པར་ཤོག་ཤ་ཁྲག་ཟས་སྣ་རྫོངས་སུ་འདེབས། །ལོངས་སྤྱོད་ལྷུན་གྱིས་གྲུབ་པར་མཛོད། །སྲོག་ཆགས་གཟུགས་རྣམས་རྫོངས་སུ་འདེབས། །མི་ནོར་འཁོར་གཡོག་འཕེལ་བར་མཛོད། །རྒྱལ་མཚན་གཟུགས་རྣམས་རྫོངས་སུ་འདེབས། །བསྟན་པའི་རྒྱལ་མཚན་ཚུགས་པར་མཛོད། །ཤ་ཁྲག་གཏོར་མ་རྫོངས་སུ་འདེབས། །སངས་རྒྱས་བསྟན་པ་སྲུང་བར་མཛོད། །ཛ་གད་བདུད་རྩི་ལྗོངས་སུ་འདེབས། །རྣལ་འབྱོར་སྐུ་ཚེ་རིང་བར་མཛོད། །སྟག་རས་གཟིག་རས་རྫོངས་སུ་འདེབས། །དགྲ་སྡེ་ཟིལ་གྱིས་གནོན་པར་མཛོད། །དར་ཚོན་སྣ་

p. 370

ཚོགས་རྫོངས་སུ་འདེབས། །བཀྲག་དང་གཟི་མདངས་ལྡན་པར་མཛོད། །རི་རབ་གླིང་བཞི་རྫོངས་སུའདེབས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཧཱུྃ། ད་ནི་མདོས་ལ་ཁལ་གཅིག་འགེལ། །སྟོབས་ལྡན་གླང་ཆེན་མདོས་ཀྱི་ཁལ། །འབྲོང་ཆེན་དར་མ་མདོས་ཀྱི་ཁལ། །དབང་པོ་ཁམས་དང་སྐྱེ་མཆེད་ལྡན། །རྫུ་འཕྲུལ་སྟོབས་ཀྱི་རྐང་པ་ལ། །མྱུར་མགྱོགས་རྒྱུག་པའི་བང་དང་ལྡན། །བསམ་ཕྱིན་རླུང་གི་གཤོག་པ་ཅན། །སྲིད་པའི་མདོས་ཀྱི་ཁལ་དུ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཆག་ཆེན་ཉམ་ང་ཅི་མཆིས་པ། །སྲིད་པའི་མདོས་ལ་ཁལ་དུ་བཀལ། །ཁལ་དུ་བཀལ་ལ་ཁུར་དུ་བསྐུར། །གཉེར་དུ་གཏད་དོ་ཁྱེར་ལ་སོང་། །དམ་ལ་མ་འདའ་ས་མ་ཡ། །དེ་ནས་གཡང་ལེན་བྱ་བ་ནི། །མདོས་རྩེ་བཀྲ་ཤིས་རྟགས་བརྒྱད་ནས། །གང་ཟིན་གཅིག་ནི་བླང་བྱ་ཞིང་། །ཧཱུྃ། དེ་རིང་སྲིད་པའི་མདོས་ཆེན་ལ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །ཆོས་སྐྱོང་སྲུང་མ་ནོར་ལྷའི་ཚོགས། །མདོས་ལ་མི་ལྗོངས་གཡང་དུ་ལེན། །སློབ་དཔོན་རྒྱུད་ཀྱི་ཆོས་སྐྱོང་དང་། །ཕ་མྱེས་རྒྱུད་ཀྱི་དགྲ་བླ་དང་། །མགོན་སྐྱོབ་བྱེད་པའི་སྲུང་མ་རྣམས། །

p. 371

མདོས་ལ་མི་རྫོངས་གཡང་དུ་ལེན། །སྲིད་པ་ཆགས་པའི་ལྷ་དགུ་དང་། །སྐྱོབ་པར་བྱེད་པའི་ལྷ་ལྔ་དང་། །འཇིག་རྟེན་བརྟེན་པའི་ལྷ་དགུ་རྣམས། །མདོས་ལ་མི་རྫོངས་གཡང་དུ་ལེན། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །གཏེར་གྱི་བུམ་པ་དཔག་བསམ་ཤིང་། །འཆི་མེད་ཚེ་ཡི་བདུད་རྩི་སྨན། །མདོས་ལ་མི་རྫོངས་གཡང་དུ་ལེན། །མཆོག་དང་ཐུན་མོང་དངོས་གྲུབ་གཉིས། །གྲུབ་པ་བརྒྱད་དང་ཕྲིན་ལས་བཞི། །གཡང་དང་དངོས་གྲུབ་ཐམས་ཅད་རྣམས། །མདོས་ལ་མི་རྫོངས་གཡང་དུ་ལེན། །སརྦ་སིདྡྷི་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཡོད་ན་རིགས་ལྔའི་དབུ་བརྒྱན་གཅིག །མདོས་ཀྱི་སྟེང་དུ་ཚད་ཙམ་བྱ། །མེད་ན་ནས་འབྲུ་བཏབ་པས་འཐུས། །ཧཱུྃ། དེ་རིང་སྲིད་པའི་མདོས་ཆེན་ལ། །ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ། །ཤཱཀྱ་ཐུབ་པས་དབང་བསྐུར་རོ། །རིགས་གསུམ་མགོན་པོས་དབང་བསྐུར་རོ། །འོད་དང་ཟེར་གྱིས་དབང་བསྐུར་རོ། །སྔོན་མོ་ནས་ཀྱིས་དབང་བསྐུར་རོ། །སྟོབས་པོ་ཆེ་ཡིས་དབང་བསྐུར་རོ། །ཅིས་ཀྱང་མི་ཚུགས་དབང་བསྐུར་རོ། །ཁྲོ་བོ་རྣམས་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །བན་བོན་

p. 372

མཐུ་ཆེན་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །སྔགས་པ་ཕུར་ཐོགས་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །སྐྱེས་པ་དམག་ཆས་ཅན་དང་འཕྲད་གྱུར་ཀྱང་།།མདོས་སྣ་ཚུར་ལ་མ་ལོག་ཅིག །བག་མ་རྒྱན་ཅན་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ལིངས་པ་ཁྱི་ཁྲིད་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །གྲི་བོ་རྨེ་ཕོ་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ཨ་ར་ཤི་སྐྱིད་དམག་འཕྲད་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ཡུགས་ས་མཛེ་མོ་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །ཡེ་བརྫུ་འཁོར་བཅས་ཁྱེད་རྣམས་ཀྱང་། །རླུང་དང་འཚུབ་མའི་སྐུར་སྤྲུལ་ལ། །མདོས་ལོངས་ཡས་ཁྱེར་དྲེགས་པའི་ཚོགས། །མ་ཧཱ་བ་ལ་བློ་སྦྱོ་བྷྱོ། ཟློག་ཟློག་ཟློག །དེ་ནས་དཀར་གཏོར་གཅིག་བྲན་ལ། །གཞི་བདག་ལ་བསྔོས་ཕྱིར་ལ་བཞག །དེ་ཡི་རྗེས་སུ་ངར་གླུད་བཞག །དེ་རྗེས་མདོས་ཀྱི་ཞལ་ཕྱིར་བསྒྱུར། །ཧཱུྃ། ད་ནི་མདོས་ཀྱི་ཞལ་བསྒྱུར་རོ། །མཐུ་ཆེན་ཡེ་བརྫུ་འཁོར་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་དང་། །གདོང་མོ་མཆེད་དགུ་བཀའ་སྡོད་

p. 373

བཞི། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །བཙན་བདུད་ལྷ་སྲིན་དྲེགས་པའི་ཚོགས། །།ཐེའུ་རང་སྟོང་སྡེའི་དམག་ཚོགས་རྣམས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ཆིབས་ཁ་དགྲ་ཡི་ཡུལ་དུ་བསྒྱུར། །དམག་སྣ་ཇག་སྣ་དགྲ་ལ་བསྒྱུར། །མཚོན་གྱི་ཆར་པ་དགྲ་ལ་ཕོབ། །ནད་ཀྱི་རྐྱལ་པ་དགྲ་ལ་བྱོས། །ཁྲོམ་གྱི་བམ་པོ་དགྲ་ལ་རྒྱབ། །མདུང་དར་དགྲ་བོའི་སྙིང་ལ་རྒྱོབ། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་བྷྱོ། ཧཱུྃ། ད་ནི་མདོས་ལ་ལམ་བསྟན་ནོ། །དགུ་ཚིགས་སྐྱ་མོ་མདོས་ཀྱི་ལམ། །གཟའ་གཤེགས་ནམ་མཁའི་དབྱིངས་ལ་གཤེགས། །མདོས་ལམ་ཆུ་བོའི་གཞུང་དུ་བསྟན། །ཀླུ་རྣམས་རྒྱ་མཚོའི་ནང་དུ་གཤེགས། །མདོས་ཀྱི་ལམ་བསྟན་གངས་དཀར་རྩེ། །ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས། །མདོས་ཀྱི་ལམ་བསྟན་བྲག་དམར་ལོགས། །བཙན་གཤེགས་བྲག་དམར་ལོགས་ལ་གཤེགས། །མདོས་ཀྱི་ལམ་བསྟན་བྲག་ནག་རྩེ། །བདུད་གཤེགས་བྲག་

p. 374

ནག་རྩེ་རུ་གཤེགས། །མདོས་ཀྱི་ལམ་བསྟན་རྒྱ་མཚོའི་འགྲམ། །མ་མོ་རྒྱ་མཚོའི་འགྲམ་དུ་གཤེགས། །མདོས་ཀྱི་ལམ་བསྟན་སྐྱེད་མོས་ཚལ། །སྨན་གཤེགས་སྨན་རའི་ནང་དུ་གཤེགས། །མདོས་ཀྱི་ལམ་བསྟན་ས་བྲག་ཕུག །ཐེའུ་རང་ཕུག་པའི་ནང་དུ་གཤེགས། །སརྦ་བྷུ་ཏ་གཙྪ། ཧཱུྃ། ད་ནི་མདོས་ཀྱི་ཤི་ས་བསྟན། །ནམ་མཁའ་ཡེ་ནས་འགྱུར་བ་མེད། །འབྱུང་བཞི་མི་རྟག་སྒྱུ་མ་ཡིན། །སེམས་ཉིད་ཡེ་ནས་མི་འགྱུར་ཏེ། །ཕུང་པོ་མི་རྟག་སྒྱུ་མ་ཡིན། །ཆོས་ཉིད་ཡེ་ནས་མི་འགྱུར་ཏེ། །ཚིག་དང་ཡི་གེ་སྒྱུ་མ་ཡིན། །འདུས་བྱས་འདི་ལ་རྟག་པ་མེད། །མདོས་ཀྱང་མི་རྟག་སྒྱུ་མ་ཡིན། །སྒོ་ཐེམ་བརྒལ་བ་ཕྱིན་ཆད་ནས། །མི་རྟག་འཇིག་པའི་ཆོས་ཅན་ཡིན། །ཇི་ལྟར་ཞིག་ཀྱང་ཕྲག་དོག་མེད། །ཅི་ཡིས་བཤིག་ཀྱང་ཕྲག་དོག་མེད། །འདིར་བསྐྱལ་ཟེར་བའི་བསྐྱལ་ས་མེད། །འདིར་བཞག་ཟེར་བའི་བཞག་ས་མེད། །སུ་ཡིས་བཤིག་ཀྱང་ཤི་ས་ཡིན། །བྱ་སྤྱང་ཁྱི་ཕག་ཐམས་ཅད་ཀྱང་། །ཕྲ་མེན་ལན་ཆགས་མགྲོན་ཡིན་པས། །སུ་ཡིས་ཟོས་ཀྱང་ཕྲག་དོག་མེད། །དེ་ལྟར་ལྷ་འདྲེས་གོ་བར་མཛོད། །ཨ་ཨ་ཨ། འདི་ནི་བསྐང་མདོས་

p. 375

མཆོད་མདོས་ཡིན་པའི་ཕྱིར། །ཁྱིམ་དུ་འབུལ་ཡང་ཆོག་པ་སྟེ། །དཀར་བགེགས་གཉིས་པོ་ཕྱི་ལ་འབུལ། །དེ་ནས་མདོས་བཅག་འབུལ་བར་ཆོག །བཟློག་མདོས་དོན་ལ་ཚང་བའི་ཕྱིར། །ཕྱི་རུ་འབུལ་བ་ཀུན་ལ་དར། །དཀར་བགེགས་གཉིས་པོ་སྔོན་དུ་ཁྱེར། །དེ་རྗེས་མདོས་ཁྱེར་དེ་ཡི་རྗེས། །དམར་གཏོར་དར་ནག་གཉིས་པོ་ཁྱེར། །གལ་ཏེ་སྤྲོས་པ་ལ་དགའ་ན། །གཡས་སུ་སྐྱེས་པ་གོ་ཁྲབ་ཅན། །གཡོན་དུ་བུད་མེད་གཡབ་དར་ཐོགས། །རྒྱབ་ཏུ་བཙུན་པས་ཤེར་སྙིང་འདོན། །སྔགས་པས་ཕུར་པ་རྐེད་དུ་བཅུག །མདོས་སྐྱེལ་རུ་འདྲེན་སྡེ་བཞི་ཡིན། །རྔ་དང་རོལ་མོ་བསྒྲག་ཅིང་འགྲོ། །ཕྱོགས་ནི་གཙང་སར་ཁ་རྒྱུས་ལ། །རེ་ཞིག་དེ་རྣམས་ཐང་དུ་བཞག །གོང་དུ་བཤད་ལྟར་གསེར་སྐྱེམས་གཏོར། །སླར་ཡང་དཀར་གཏོར་བྲན་བྱས་ལ། །ཧཱུྃ། ཤར་ལ་སོགས་པའི་ཕྱོགས་བཅུ་ནས། །ཞེས་སོགས་བརྗོད་ལ་དཀར་གཏོར་ཕུལ། །ཧཱུྃ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ཅེས་སོགས་བརྗོད་ལ་བགེགས་གཏོར་ཕུལ། །མདོས་སྒབ་ཟོར་གྱིས་བཅད་གསུངས་ཕྱིར། །མདའ་ཟོར་མ་གཏོགས་འདིར་མི་འཐད། །ཤོག་ལིང་བྲིས་པ་ཡོད་ན་རབ། །མེད་ན་ཟན་གྱི་ལིང་གས་ཆོག །ཤིང་ནག་རྩེ་ལ་མགོ་ཐུར་བཙུགས། །འགུགས་གཞུག་སྤྱི་ལྟར་བྱས་པའི་རྗེས། །གཞུ་མཆོག་དར་གྱིས་བརྒྱན་པ་བཟུང་། །ལྷ་ལྔས་རང་རང་མདའ་ལྔ་འཕེན། །ཧཱུྃ། རྩ་བ་གསུམ་པོ་གཟུ་དང་དཔང་། །ཞིང་བཅུ་ཚང་

p. 376

བའི་དགྲ་བོ་ལ། །དྲག་པོའི་མདའ་ཡི་ཟོར་འཕེན་ནོ། །ང་ནི་མ་ཉེས་མ་ལེན་གྱི། །ཉེས་བྱེད་དགྲ་ལ་ཆད་པ་ཕོབ། །བདུད་འདུལ་ཕུར་པའི་ལྷ་ཚོགས་ཀྱིས། །དྲག་སྔགས་མཐུ་ཡི་མདའ་ཟོར་འདིས། །སྟེང་འོག་ཕྱོགས་བཅུར་བཞུགས་པ་ཡི། །ལྷ་སྲིན་ཀུན་ལ་ཟོར་མི་འཕེན། །འོ་ན་ཟོར་འཕེན་གང་ལ་འཕེན། །བསྟན་པའི་སྤྱི་དགྲར་གྱུར་ལ་འཕེན་།སྡང་བར་བྱེད་པའི་དགྲ་ལ་འཕེན། །གནོད་པར་བྱེད་པའི་བགེགས་ལ་འཕེན། །ཟ་བར་བྱེད་པའི་འདྲེ་ལ་འཕེན། །གཞུ་ནི་ཐབས་མཆོག་ཡབ་ཀྱི་སྐུ། །རྒྱུད་ནི་ཤེས་རབ་ཡུམ་གྱི་སྐུ། །མདའ་ནི་སྲས་མཆོག་གདུག་པའི་མཚོན། །བདུད་འདུལ་ཕུར་པའི་ལྷ་ཚོགས་དང་། །ཕུར་སྲུང་མཆེད་ལྔ་གདུག་པའི་མཚོན། །སྡང་བ་དགྲ་བོའི་སྟེང་དུ་འཕེན། །དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད། །གནོད་པའི་བགེགས་ཀྱི་སྟེང་དུ་འཕེན། །བགེགས་དཔུང་ཐལ་བ་རྡུལ་དུ་རློགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་མཱ་ར་ཡ་ཐུན་ཡ་ཐུན་ཡ། ཞེས་འཕེན། དེ་ནས་མདའ་བཞི་པོ་ཕྱོགས་སོ་སོར་བཀང་ལ་མདེལ་མགོ་བྱས་ཏེ་ལིངྒ་ལ་བརྒྱབ། ཤར་དུ་བཀང་ཞིང་། ཧཱུྃ།

p. 377

ནམ་མཁའ་འོད་ཀྱི་དཀྱིལ་འཁོར་ནས། །རྒོད་ཀྱི་མགོ་སྟེ་ཕྲ་མེན་མ། །ཀྲོ་ཏ་ཧི་ཧ་བརྗོད་ནས་ཀྱང་། །ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །རླུང་ཤུགས་དྲག་པོའི་བསྐྱོད་པའི་མདའ། །དཀར་ནག་མཚམས་སུ་བརྒྱབས་པ་ཡིས། །དྲན་པ་མེད་པར་འཆི་བར་ངེས། །ཀྲི་ཏ་མུ་ཁ་ཛཆུད། ལྷོར་བཀང་ཞིང་། ཧཱུྃ་ལྕགས་སྟོང་འབར་བའི་དཀྱིལ་འཁོར་ནས། །གསེར་མདའ་འུག་པའི་མགོ་བོ་ཅན། །ཧེ་ཧེ་ཐང་གསུམ་བརྗོད་ནས་ཀྱང་། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ནས། །གསེར་མིག་གསལ་བའི་མིག་བཙུམས་ནས། །ར་ཙ་ཞེས་པས་སྔགས་བཟླས་ནས། །ལྟོང་དམར་འུག་པས་བསྒྲོན་པའི་མདའ། །གང་ལ་དམིག་ཏེ་འཕངས་བྱས་ན། །ཐེ་ཚོམ་མེད་པར་འཆི་བར་འགྱུར། །ཧུ་ལུ་མུ་ཁ་མཱ་ར་ཡ་ཕཊ༔ ནུབ་ཏུ་བཀང་ཞིང་། ཧཱུྃ། ཞེ་སྡང་འབར་བའི་དཀྱིལ་འཁོར་ནས། །ལྕགས་ཀྱི་བྱ་ཁྲ་འབར་བ་ལ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ནས། །སྟོང་དམར་ཁྲ་ཡི་སྒྲོ་བསྒྲོན་འདིས། །སྡང་དགྲ་གནོད་བྱེད་གང་ཡང་རུང་། །མཁལ་མ་སྙིང་དང་ནང་ཁྲོལ་རྣམས། །ཞེ་སྡང་བསྐྱེད་ནས་འཕེན་པར་བྱེད། །ར་ཙ་མུ་ཁོ་མཱ་ར་ཡ་

p. 378

ཕཊ༔ བྱང་དུ་བཀང་ཞིང་། ཧཱུྃ། མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །བྱ་རོག་མགོ་སྟེ་ཕྲ་མེན་མ། །ཀྲོག་སྒྲ་ཐང་གསུམ་བྱས་ནས་ནི། །བྱང་གི་ཕྱོགས་སུ་ཁ་བལྟས་ནས། །དང་རུ་གཡས་པས་བསྒྲོན་བའི་མདའ། །སྡང་བའི་དགྲ་ལ་འཕེན་པའི་ཚེ། །མཱ་ར་ཡ་ཡི་སྔགས་བཟླས་ཤིང་། །ཀླད་པའི་སྟེང་ཏུ་བརྒྱབ་པའི་ཚེ། །སྨྲ་ཉམས་མེད་པར་འཆི་བར་འགྱུར། །ཁ་ཁ་མུ་ཁ་མཱ་ར་ཡ་ཐུན་ཡ། དེ་ནས་རལ་གྲི་ལག་ཏུ་ཐོགས་ཏེ། ཧཱུྃ། རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །ཁྲོ་བཅུ་ཁྲ་ཐབས་ཕུར་སྲུང་ཚོགས། །རྣོ་མྱུར་དགེ་བསྙེན་མཆེད་ལྔ་པོ། །དྲག་སྔགས་སྤུ་གྲི་རྣོ་བའི་དབལ། །ཐོགས་མེད་གནམ་ལྕགས་གདུག་པའི་མཚོན། །དགྲ་བགེགས་ཕོ་གཏུབ་གཡས་སུ་གཏུབ། །དགྲ་བགེགས་མོ་གཏུབ་གཡོན་དུ་གཏུབ། །ཡིད་ལ་མནག་པའི་སྙིང་ལ་གཏུབ། །རྐང་པ་གཡོན་གྱི་མཐེ་བོང་ནས། །ཏིལ་ཙམ་དུ་ནི་གཏུབ་པར་བྱ། །ཏིཀ་སྣ་ཁརྒ་ཚལ་པ་ཚལ་པ་དུམ་བུ་དུམ་བུ་རྡུལ་ཕྲན་རྡུལ་ཕྲན་མཱ་ར་ཡ་ཕཊ༔ ལིང་དུམ་བུ་གསུམ་དུ་གཏུབ། །ཤོག་ལིང་ཡིན་ན་མེ་རུ་སྦྱར། །ཐལ་བ་ཚུམ་གཅིག་མདོས་སུ་གཏབ། །ཚུམ་གཅིག་དམར་གཏོར་ནང་དུ་གཏབ། །ཚུམ་གཅིག་མདོས་གདན་སྒྲུབ་པའི་

p. 379

ཐད། །ས་ཡི་འོག་ཏུ་མནན་པ་བྱ། །ཟན་ལིང་ཡིན་ན་མགོ་དེ་མནན། །དེ་འཕྲོས་མདོས་དང་གཏོར་མ་གསོ། །དེས་ནི་མནན་བསྲེགས་འཕང་གསུམ་ཚང་། །དེ་ནས་མི་བཞིས་མདོས་བཀྱག་སྟེ། །མདོས་མདུན་ཤར་གྱི་ཕྱོགས་སུ་བསྟན། །ཧཱུྃ། ཤར་གྱི་ཕྱོགས་སུ་མདོས་འབུལ་ལོ། །མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ཤར་གྱི་ཕྱོགས་སུ་སྐུ་བསྐྱོད་ཚེ། །གླང་ཆེན་ཆིབས་ཤིང་ཀླུ་གླང་ཁྲིད། །ཤར་ཕྱོགས་དྲི་ཟ་དབང་དུ་སྡུད། །རྨ་ཆེན་སྤོམ་ར་ཕོ་ཉར་འགྱེད། །ངང་པ་ཆིབས་པའི་སྟག་ཆས་ཅན། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སུལ་སུལ་ཁྲོལ་ཁྲོལ་མདོས་འདི་ལོངས། །ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ལྷོ་རུ་ཁ་བསྒྱུར་ལ། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ལྷོ་ཡི་ཕྱོགས་སུ་སྐུ་བསྐྱོད་ཚེ། །ར་སྐྱེས་ཆིབས་ཤིང་གདོང་མོ་འགྱེད། །ལྷོ་ཕྱོགས་གྲུལ་བུམ་དབང་དུ་སྡུད། །སྨོན་སྐྱེས་གང་བཞུད་ལས་ལ་མངག །རག་པ་ཆིབས་པའི་གསེར་ཁྲབ་ཅན། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སིལ་སིལ་ཆོམ་ཆོམ་མདོས་འདི་ལོངས། །ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་

p. 380

འགྲུབ་པར་མཛོད། །ཧཱུྃ། མགོན་པོ་ཡེ་བརྫུ་མཐུ་ཆེན་ནི། །ནུབ་ཀྱི་ཕྱོགས་སུ་སྐུ་བསྐྱོད་ཚེ། །རེ་འབྱམས་ཆིབས་ཤིང་སྦྱར་ནག་ཁྲིད། །ཀླུ་བདུད་ཐམས་ཅད་དབང་དུ་སྡུད་། །སྐྱོགས་ཆེན་གདོང་ར་ཕོ་ཉར་འགྱེད། །མཚལ་བུ་རྟིང་དཀར་ཆིབས་པ་ཡི། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སིལ་སིལ་འུར་འུར་མདོས་འདི་ལོངས། །ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མཐུ་ཆེན་མགོན་པོ་ཡེ་བརྫུ་ནི། །བྱང་གི་ཕྱོགས་སུ་སྐུ་བསྐྱོད་ཚེ། །རླུང་ནག་ཆིབས་ཤིང་འཚུབ་མ་ཁྲིད། །བྱང་ཕྱོགས་གནོད་སྦྱིན་དབང་དུ་སྡུད། །ཡར་ལྷ་ཤམ་པོ་ཕོ་ཉར་འགྱེད། །དཀར་པོ་ལྷ་གཡག་ཆིབས་པ་ཡི། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །སིལ་སིལ་ཁྲོབ་ཁྲོབ་མདོས་འདི་ལོངས། །བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་འབུལ་ཕྱོགས་ཁ་བསྒྱུར་ལ། །མདོས་དེ་ས་ལ་བཞག་བྱས་ཏེ། །མདོས་ཆས་ཙཀ་ལི་ཐམས་ཅད་བླངས། །བསྐང་འབྲས་སྣོད་གཙང་ནང་དུ་བསྡུས། །ཆུ་གནས་གཟུགས་རྣམས་ཆུ་ལ་བསྐྱལ། །ཧཱུྃ། མགོན་པོ་ཡེ་བརྫུ་འཁོར་དང་བཅས། །ཨོ་རྒྱན་

p. 381

ཆེན་པོས་བཀའ་བསྒོས་ཤིང་། །རང་གིས་ཞལ་བཞེས་མ་གཡེལ་བར། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཐམས་ཅད་སོལ། །ཚེ་དང་བསོད་ནམས་དབང་ཐང་སྤེལ། །འདོད་པའི་དངོས་གྲུབ་དབང་དུ་བསྡུས། །གནོད་པའི་དགྲ་བགེགས་ཐམས་ཅད་ཟློག །ཡིད་ལ་བསམ་པའི་དོན་གྲུབ་མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། །སློབ་དཔོན་པདྨའི་དམ་ཚིག་འགལ། །རྡོ་རྗེ་གཞོན་ནུ་ཐུགས་ཁྲོས་ནས། །བཀའ་ཡི་ཆད་པས་མགོ་བོ་འགེམས། །རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར། །དེ་བས་ལས་འདི་མྱུར་དུ་སྒྲུབས། །བཛྲ་ས་མཱ་ཡ་ན་ར་ཀན། །རྔ་ནི་དྲག་བརྡུང་རོལ་མོ་བཅས། །གཙོ་བོ་ལྔ་པོའི་གཏོར་མ་ནི། །འབུལ་བའི་ཕྱོགས་སུ་རྩེ་སྟན་བསྐྱལ། །གཏོར་མ་དྲག་ཟླརིམ་དངོས་གྲུབ་བླངས། །ཞལ་ཞིལ་བྱ་ཁྱིའི་ཟ་བར་གཏོར། །དེ་ནས་རྗེས་ཀྱི་དམར་གཏོར་བཀྱག །ཁྲོ་ཆུ་སེང་གདོང་མ་ལ་སོགས། །ཟློག་པའི་ལྷ་གཅིག་བསྐུལ་པ་འདོན། །བཟློག་སྔགས་བཏོན་ཅིང་རོལ་མོར་བཅས། །དམར་གཏོར་འབུལ་ཞིང་དར་ནག་གདབ། །མདོས་གདན་གཏོར་སྣོད་སྦུབ་པའི་སྟེང་། །དར་ནག་བསྒྲིལ་ལ་བཙུགས་བྱས་ཏེ། །ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདུད་འདུལ་ཕུར་པའི་ལྷ་

p. 382

ཚོགས་ཀྱིས། །མཐུ་དང་བདེན་པ་ཆེན་པོ་ཡིས། །ཡེ་བརྫུ་མཆེད་ལྔ་སྒྲུབ་པ་ལ། །གནོད་ཅིང་འཚེ་བ་སྒབ་འདྲེའི་རིགས། །ཐེའུ་རང་ར་ནག་ཞོན་པ་དང་། །བསྙབ་པ་ལག་རིང་ཡམ་ཤུད་དང་། །ཐེའུ་རང་སྟོང་འཁྲུགས་ལ་སོགས་པ། །དམ་སྲི་སྒབ་འདྲེ་ཐམས་ཅད་ཀུན། །རིམ་དགུ་ས་ཡི་འོག་ཏུ་སོང་། །ཆུ་སྲིན་གདུག་པའི་གྲེ་བར་བརྫ་ངས། །རི་རབ་ཆེན་པོའི་བརྗིད་ཀྱིས་མནན། །མནན་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་བཅད་ཅིག །ཁྲོ་བོ་བཅུ་ཡི་བྲོ་བརྡུངས་ནས། །རྡོ་རྗེ་གཞོན་ནུའི་རྒྱ་ཡིས་གདབ། །རྒྱ་དང་དམ་ལ་མ་འདའ་ཞིག །ཨོཾ་ལཾ་ཧཱུྃ་ལཾ་སུཾ་བྷ་ཡ་ནན། ས་མ་ཡ། རྒྱ་རྒྱ་རྒྱ། སྟེང་ནས་རྐང་པས་རྒྱ་གྲམ་མནན། །འདི་ནི་ཐུན་གཏོར་འབུལ་དུས་ཀྱང་། །གཏོར་སྣོད་སྦུབས་ནས་འདོན་ཞིང་དམིགས་པ་བྱ། །དེ་ཡིས་དམ་སྲི་མནན་པའི་གོ་ཡང་ཆོད། །ཕྱི་ལྟས་མི་བྱ་ཁྱིམ་དུ་ལོག །སྔགས་པ་ཉིད་ནི་རྗེས་ནས་འོངས་བྱས་ནས། །དར་ནག་མི་ཕྱིར་ཕྱི་ཁྲིད་བྱས་ནས་འོངས། །དེ་ཚེ་རྣམ་འཇོམས་བཟླ་ཞིང་དམིགས་པ་ནི། །བྱ་ཁྱུང་གཅིག་གིས་ཕྱིར་གཟིགས་རྗེས་གཅོད་བསམ། །དེ་ནི་འབྱུང་པོའི་རྗེས་འཁྲི་བསྲུང་བའོ། །ཁྱིམ་དུ་ཕྱིན་ནས་རང་གི་ཡི་དམ་གྱི། །དགའ་སྟོན་ཚོགས་འཁོར་ཚེ་འགུགས་བཀྲ་ཤིས་བྱ། །ཕྱིར་ནངས་བསངས་བྱས་རྐང་འབྲས་བསང་ནང་

p. 383

མཆོད། །དེ་ཡིས་མདོས་རྗེས་སྦྱིན་སྲེག་གོ་ཆོད་འགྱུར། །བསང་ཡང་དོན་ལ་ཞི་བའི་སྦྱིན་སྲེག་ཡིན། །རྗེས་ཀྱི་ལེའུ་གསུམ་པའོ།། ༈ །།དེ་ལྟར་བྱས་པའི་ཕན་ཡོན་ནི། །ལས་ཀྱི་རྣམ་སྨིན་མ་གཏོགས་པའི། །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །གང་ལ་བསོད་ནམས་གང་ལ་ཡོད། །བསགས་པས་དབང་ཐང་མངའ་ཐང་རྒྱས། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་ཕྱིར། །འདི་ལ་བྱིན་རླབས་ངེས་པར་ཡོད། །ཀྱེ་མ་བན་རྒན་རཱ་ག་ཨ་སྱ་བདག །ཚེ་སྔོན་ལས་འཕྲོའི་སྔགས་ནག་བུ་རུ་སྐྱེས། །ལོ་བརྒྱད་ལོན་ནས་སྔགས་ཆོས་མདོས་རིགས་སྦྱངས། །མི་ཚེ་ཧྲཱིལ་པོར་སྔགས་ཆོས་ཉམས་སུ་བླངས། །དེ་ཕྱིར་དྲག་སེང་དཔོན་པོ་རིག་སྔགས་འཆང་། །ཨཱ་ཡུའི་མཚན་ཅན་དེ་ཡིས་ནན་གྱིས་བསྐུལ། །འོན་ཀྱང་གཉན་ཕྱིར་གྱ་ཚོམ་མ་བྲིས་པར། །རྩ་གསུམ་ལྷ་ལ་ཚོགས་ཀྱི་འཁོར་ལོ་བསྐོར། །ཆོས་སྐྱོང་ཉིད་ལ་གཏོར་མ་ཡང་ཡང་ཕུལ། །གསོལ་བ་བཏབ་པས་གནང་བའི་རྟགས་མཚན་ཐོབ། །འོན་ཀྱང་གང་དྲན་རང་བཟོ་མ་བྱས་པར། །ཕུར་པའི་དབལ་མདོས་ལྷ་འདྲེ་སྤྱི་མདོས་དང་། །མདོས་གཞུང་རིགས་མི་གཅིག་པ་རེ་ཟུང་དང་། །ཕུར་པའི་རྒྱུད་ལུང་མན་ངག་མང་པོ་དང་། །གཙུག་ལག་སྤྱི་མདོས་ར་ཤག་གཏེར་སྟོན་གྱི། །གླིང་བཞི་སྤྱི་མདོས་རྣམས་ཀྱི་དོན་བསྡུས་ནས། །ཕག་ལོ་རྒྱལ་ཟླའི་ཚེས་གཉིས་ནས་བཟུང་སྟེ། །རྒྱལ་ཟླའི་ཚེས་བཞི་དངོས་གྲུབ་འབྱུང་བའི་དུས། །ཚར་ཞིང་ཁ་འདེབས་མདོས་ཆེན་བཅས་ནས་ཕུལ། །འགལ་བ་མཆིས་ན་ཕུར་པའི་ཚོགས་ལ་

p. 384

བཤགས། དགེ་བས་སྒྲུབ་བརྒྱུད་བསྟན་པ་དར་བ་དང་། བསྟན་པའི་སྦྱིན་བདག་ཆོས་སྲིད་འཕེལ་བར་ཤོག །ཡི་གེ་པ་ནི་ཆོས་དགེའི་བཙུན་པས་སོ། །སརྦ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡེ་བརྫུའི་དགྲ་ཆོས།

p. 385

ཡེ་བརྫུའི་དགྲ་ཆོས་ཤིན་ཏུ་གཉེན་པའི་བཀའ་རྒྱ་གཞན་ལ་མི་སྤེལ་དམ་ཚིག་གོ། །།

p. 386

སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །སྒྲུབ་པ་མི་དགོས་ཤིང་དགྲ་བོ་བསད་པའི་མན་ངག་ནི། གར་ཐོད་ཐོད་དུ་བྱ་མི་རུང་སྟེ། སྔོན་སློབ་དཔོན་པདྨའི་སྤྱན་སྔར་དམ་བཅས་པ་ཡིན་ཏེ། དགྲ་བདུད་གཡག་གསུམ་མ་ཐུབ་ན་ང་ལ་བོས། ནད་པ་ཚབ་ཆེ་ན་ང་ལ་བོས། ཆུ་ཆེན་བསྒྲལ་ན་ང་ལ་བོས། འདོད་པའི་དོན་ཐམས་ཅད་སྒྲུབ་ན་ང་ལ་བོས། ངས་བསྟན་པ་གཉེན་པོ་བསྲུང་བར་བྱའོ། །ཞེས་དམ་བཅས་ཞལ་གྱིས་བཞེས་པ་སྟེ། དེ་མིན་གར་ཐོད་ཐོད་དུ་ང་ལ་མ་འབོད་གསུངས་སྐད་དོ། །དཀོན་མཆོག་གི་སྤྱི་དགྲ་བྱུང་བའམ། མི་དཔོན་གྱི་ཆོས་དགྲ་ཆེན་པོ་བྱུང་བའམ། རྣལ་འབྱོར་པ་ལ་སྒོས་དགྲ་ཐུ་མོ་བྱུང་ན་བྱའོ། །དེ་ལྕགས་སྣོད་གཙང་མ་ཆེ་ཆུང་འབྱོར་པ་དང་བསྟུན་པའི་ནང་དུ། ཟན་ནམ་འཇིམ་པ་ལ་

p. 387

གྲུ་གསུམ་བྱ། དེ་ནང་གྲུ་གསུམ་བྲིས་ཁྲག་བྱུག་པའི་ནང་དུ་ལིངྒ་གཅིག་བཅུག །དེའི་སྟེང་དུ་དམར་གཏོར་རབ་གྲུ་གང་། འབྲིང་རྐང་གང་། ཐ་མ་མཐོ་གང་བཞག ། དེའི་རྒྱབ་ཏུ་དམར་གཏོར་གཙོ་བོ་སུམ་གཉིས་སླེབ་པ་ལྔ་བཞག་པའི་གཙོ་བོ་དྲུག །དེ་རྒྱབ་འཁོར་སྡེ་བརྒྱད་མཐེབ་སྐྱུ་ཁ་ཕྱིར་བསྟན་པ་བརྒྱད། གཏོར་མ་དྲུག་ལ་སྙིང་གཟུགས་རེ་ལིང་ག་རེ་མགོ་ཐུར་དུ་བསྟན། ཅང་ཐུང་ངུ་བདུན་རེ་དང་། ཤ་རྒྱན་གསུམ་རེ་བཙུགས། ཡོད་ན་ཡུངས་ཀར་གོང་བུ་དང་། ཚེ་དང་སྨྱུག་བཙུགས། གྲུ་གསུམ་གྱི་ཟུར་གསུམ་ལ། ཁྲམ་ཤིང་རེ་ཚེར་མ་ཅན་གྱི་ཤིང་ལ་བྱས་ཏེ་བཙུགས། །མར་རྒྱན་མི་བྱའོ། །དེའི་མདུན་དེར་ཟན་ལིང་ཆེ་བ་གཅིག་ཐོད་པའམ་ལྕགས་སྣོད་དུ་བཞག །གཏོར་ཆུང་ཤ་ཁྲག་གིས་སྦག་པ་མང་དུ་བཤམ། ཁྲག་གི་

p. 388

ཡོན་ཆབ། ར་གསུར་གྱི་དུད་པ། རྡོ་རོལ་མོ་བྱ། གཏོར་ཆེན་གཞི་ནག་པོའི་སྟེང་དུ་བཤམས། ཕྱོགས་བཞིར་དགྲ་མཁར་དུ་དམིགས་པའི་ཐོ་ཆུང་བཞི་དང་། དེའི་རྩར་དགྲ་ཡས། ཤིང་ནག་གི་མདའ་གྲི་མདུང་གསུམ་ཆུང་ཆུང་བཙག་བྱུག་པ་བཞག །རྒྱས་པར་བྱེད་ན་ལིང་ག་བརྡ་རོ་དྲུད་རྒྱུ། སུར་ནག་བཅིངས་པའི་མི་གཟུགས་འཇིམས་པས་བྱུག་པ་བྱ། གོ་ཁྲབ་གྱོན། མདའ་གཞུ་སྒྲོ་ཤུབས་ཕུད་པ་སོགས་དམག་ཆས་བྱ། མདུང་དར་དང་འཕྲུ་རྣམས་སྒྲོན། དེ་ནས་མངོན་རྟོགས་ལས་བྱང་བསྐང་གསོལ་དང་། སྙིང་པོ་ཕྲེང་སྐོར་ཙམ་བཟླ། རང་མདུན་དུ་ལིངྒ་ཁྲག་གིས་བྲན། ཕུར་པ་རལ་གྲི་ཐོ་བ་སོགས་དང་། ཡུངས་ཀར། རྡོ་ཐུན་སོགས་བཞག་ལ། རང་ཉིད་དྲག་པོའི་སྐུར་སྐད་ཅིག་ཚོགིས་གནས་གྱུར་ནས་ཐུགས་ཀའི་འོད་ཟེར་དགྲ་ལྷ་འཁོར་བཅས་ལ་ཕོག་པས། ཁྲོས་འཁྲུགས་རྔམ་རྔམ་རྫིག་རྫིག་བྱེད་པར་བསྒོམས་ལ། ཕཊ། སྐད་ཅིག་གིས་མདུན་དུ་ལྕགས་ཁང་གྲུ་གསུམ་ཁ་དོག་ཅིང་མཐིལ་ཡངས་པ་ཟིན་ནས་ཐར་ས་མེད་པ། སྟེང་ན་ནད་མཚོན་ཐོག་སེར་གྱི་ཆར་འབེབས་པ། འོག་ཏུ་ནད་ཡམས་དུག་གི་མཚོ་འཁྱིལ་བའི་ནང་དུ། ནཱིའམ་ཏྲི་ལས་གནོད་བྱེད་དམིགས་ཡུལ་རིད་པ་སྐེམ་པ། མགོན་སྐྱབས་ལྷ་དང་བྲལ་བ། ཡན་ལག་ལྕགས་སྒྲོག་དང་དུག་སྦྲུལ་གྱིས་བསྡམས་པ། བུ་ག་དགུ་ནས་ཁྲག་འཛག་པ། འདར་

p. 389

ཕྲི་ལི་ལི་བྱེད་པར་གྱུར། ན་མོ། དྲིན་ཆེན་པདྨ་འབྱུང་གནས་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་གསུམ་གྱི་བདེན་པ་དང་། ཡི་དམ་རྡོ་རྗེ་གཞོན་ནུ་བཀའ་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་དང་བདེན་པ་ཆེན་པོའི་མཐུས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། བླ་མ་དམ་པའི་སྐུ་དགྲ། ཁྱད་པར་དུ་བདག་ཅག་ཡོན་མཆོད་ལ་གནོད་པའི་གདོན་བགེགས་དམ་སྲི་ནད་འདྲེ་ཆུང་སྲི། རྣལ་འབྱོར་པའི་སྒོས་དགྲ། གཟུགས་ལིངྒ་ལ་བྲིས་པ། མིང་བྱང་བུ་ལ་བཀོད་པ། ཡིད་ལ་དམིགས་པའི་དགྲ་བོ་འདི་ཉིད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་ལིངྒ་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཛ་ཛ༔ བཛྲ་པཱ་ཤ་ཧཱུྃ་ཧཱུྃ། བཛྲ་སྤོ་ཊ་ཐཾ་ཐཾ། བཛྲ་གནྡྷེ་ཧོ་ཧོ། ཞེས་ལན་གསུམ། ཧཱུྃ། དགྲ་ལྷ་གཙོ་འཁོར་བཅས་པ་རྣམས། །ཡུད་ཙམ་བདག་ལ་སྙན་གསོན་དང་། །བདག་ནི་སྙིང་རྗེ་ཡུས་ཆེ་བས། །སྡུག་བསྔལ་ཚིག་གསུམ་ཞུ་བ་ལ། །དགྲ་ལྷའི་ཐུགས་ཀྱིས་དགོངས་མཛོད་དང་། །སྡང་བྱེད་དགྲ་བགེགས་ལས་ངན་འདིས། །མ་ཉེས་བཞག་པའི་བྱས་ནོར་

p. 390

འཕྲོག །བདག་ལ་དོ་བསྡོས་ཡ་བོ་བཟུང་། །སྲུང་མ་ཁྱེད་ལ་ཁ་ངན་བཏང་། །རྣལ་འབྱོར་ང་ལ་མཐོ་ནོན་བྱས། །སངས་རྒྱས་བསྟན་པ་གཉན་པོ་བཤིགས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །གསང་སྔགས་ཆོས་ལ་སྐུར་པ་བཏབ། །རྒྱུ་འབྲས་དམ་ཆོས་མི་བདེན་ཟེར། །བྱང་ཆུབ་སེམས་དཔའ་ཐུགས་རྒྱུད་དཀྲུགས། །དབེན་གནས་གཉན་པོའི་དཀོར་ལ་བརྐུས། །དགེ་བཅུ་སྤངས་ཤིང་མི་དགེ་སྤྱད། །མཚམས་མེད་ལྔ་པོ་དང་དུ་བླངས། །འདི་ནི་བསྟན་དགྲ་ངེས་པ་དང་། །རྣལ་འབྱོར་ང་ཡི་སྒོས་དགྲ་ཡིན། །མྱུར་དུ་བསད་ཅིང་བསྒྲལ་བའི་ཕྱིར། །རྡོ་རྗེ་གུར་མགོན་ཆེན་པོ་ལ། །བཤོས་བུ་སྙིང་དང་གཏོར་མ་དང་། །རིན་ཆེན་གསེར་སྐྱེམས་མ་འདི། །དགྲ་བསད་པ་ཡི་ཡོན་དུ་འབུལ། །འབྲུ་སྣ་གཏོར་མར་ཕུལ། ཆང་ཕུད་ནམ་མཁར་གཏོར་བཅུག །དགྲ་ལྷ་ཁྱེད་ལ་མཐུ་ཡོད་ན། །དགྲ་བོ་འདི་ཡི་ཚེ་སྲོག་ཁྱེར། །དགྲ་ལ་རྩལ་ཡོད་ན། །དགྲ་བོ་འདི་ཡི་གློ་སྙིང་དྲོངས། །དགྲ་ལྷ་ཁྱོད་ལ་སྟོབས་ཡོད་ན། །སྡང་དགྲ་འདི་ཡི་སྙིང་ཁྲག་འཐུང་། །བཀའ་དང་དམ་ལ་དགོངས་མཛོད་ལ། །དགྲ་བོ་

p. 391

བསྒྲལ་བའི་ལས་མཛོད་ཅིག །སྡང་དགྲ་བསྒྲལ་བའི་དུས་ལ་བབ། །དོ་གལ་ཆེ་འོ་ཁྱེད་ལ་འབོད། །ར་མདའ་ཟློག་གོ་ཁྱོད་ལ་འབོད། །མཐུ་དཔུང་བཅོལ་ལོ་ཁྱོད་ལ་འབོད། །སྡོང་གྲོགས་བཅོལ་ལོ་ཁྱོད་ལ་འབོད། །དགྲ་ལྷར་བསྐོས་ཕྱིར་ཁྱོད་ལ་འབོད། །བདག་ལ་དགྲ་བྱུང་ཁྱོད་ལ་འབོད། །འཛམ་གླིང་མི་ཡུལ་འཇིག་རྟེན་ན། །དགྲ་ལྷ་ཟོ་དོར་གྲངས་མང་ཡང་། །ང་རེ་ལྟོས་གཞན་དུ་མ་བྱས་སོ། །ཕ་སྐུ་ཤུགས་མཐུ་རྩལ་མ་ཆུང་ཞིག །སྤྲུལ་པ་རྫུ་འཕྲུལ་མ་ཞེན་ཅིག །རྟགས་ཕྱུང་མཚན་མ་དངོས་སུ་སྟོན་། །བཀྲ་ཤིས་བདུད་འདུལ་མ་གཡེལ་ཅིག །མ་གཡེལ་སྲུང་མ་དམ་ཚིག་ཅན། །ཞང་བློན་བདུད་འདུལ་མ་གཡེལ་ཅིག །མ་གཡེལ་མ་གཡེལ་མཐུ་རྩལ་ཅན། །རོག་སྣལ་བདུད་འདུལ་མ་གཡེལ་ཅིག །མ་གཡེལ་མ་གཡེལ་སྤྲུལ་པའི་འཁོར། །དགེ་བསྙེན་ལ་དཀར་མ་གཡེལ་ཅིག །དགྲ་ལྷ་ཆེན་པོ་མ་གཡེལ་ཅིག །ལྷ་རྣམས་ཀུན་འདུལ་མ་གཡེལ་ཅིག །མ་གཡེལ་སྡང་བའི་དགྲ་ལ་རྒྱུགས། །ཤེལ་ར་ཁམ་པ་ཆིབས་པའི་ཚེ། །ཨ་བརྩེ་ཞང་བློན་དགྲ་ལ་རྒྱུགས། །རྫུ་འཕྲུལ་སྨུག་རྟ་ཆིབས་པའི་ཚེ། །དགྲ་ལྷ་རོག་

p. 392

སྣལ་དགྲ་ལ་རྒྱུགས། །ངང་སེར་གཡུ་རྔོག་ཆིབས་པའི་ཚེ། །དགྲ་ལྷ་འོད་ཕྲོམ་དགྲ་ལ་རྒྱུགས། །མཚལ་བུ་རྟིང་དཀར་ཆིབས་པའི་ཚེ། །དགྲ་ལྷ་འོར་ལྡང་དགྲ་ལ་རྒྱུགས། །དུང་གི་ར་སྐྱེས་ཆིབས་པ་ཡི། །སྐྱེས་བུ་ཆེན་པོ་དགྲ་ལ་རྒྱུགས། །སྦྲུལ་ནག་མགོ་དགུ་ཆིབས་པ་ཡི། །རོག་སྣལ་ཆེན་པོ་དགྲ་ལ་རྒྱུགས། །མཚལ་བུ་རྟིང་དཀར་ཆིབས་པ་ཡི། གཡས་སུ་འགྲོ་བའི་ཕོ་ཉ་པོ། །སྐུ་བླ་ཆེན་པོ་སང་གུ་ར། །མ་གཡེལ་མྱུར་བར་དགྲ་ལ་རྒྱུགས། །དྲེལ་ནག་རྐང་གསུམ་ཆིབས་པ་ཡི། །སྐུ་བླ་རྒྱལ་བཟང་དགྲ་ལ་རྒྱུགས། །སྤྲུལ་པ་གཡུ་རྟ་ཆིབས་པ་ཡི། །འཇམ་ཞུ་ཆུང་བ་དགྲ་ལ་རྒྱུགས། རྐྱང་བུ་ཁ་དཀར་ཆིབས་པ་ཡི། །སྤྱི་བཞེར་ཆེན་པོ་དགྲ་ལ་རྒྱུགས། །ལྕགས་སྤྱང་སྔོན་པོ་ཆིབས་པ་ཡི། །དགེ་བསྙེན་འོད་འཛེར་དགྲ་ལ་རྒྱུགས། །ཤ་ལྤགས་ཧྲཱིལ་མ་མནབས་པ་ཡི། །སྒོ་སྲུང་ཕུར་བུ་དགྲ་ལ་རྒྱུགས། །སྣ་ཁྲིད་བྷྱོ་འཛེར་དགྲ་ལ་རྒྱུགས། །སྡང་དགྲའི་སྟེང་དུ་སྣ་ཁྲིད་གྱིས། །བཙན་གྱི་དམག་སྣ་དགྲ་ལ་རྒྱུགས། །བདུད་ཀྱི་དམག་སྣ་དགྲ་ལ་ཁྲིད། །དགྲ་ལ་རོག་པ་རྩེ་རྒྱལ་གྱིས། །སྤྲུལ་པ་སྐུ་ཡི་ཕོ་ཉ་བ། །ལྷ་གཡག་དཀར་པོ་དགྲ་ལ་

p. 393

རྒྱུགས། །ལྕགས་ཀྱི་བྱ་ཁྲ་དགྲ་ལ་རྒྱུགས། །གཡུ་འབྲུག་སྔོན་པོ་དགྲ་ལ་རྒྱུགས། །དུང་གི་སེང་གེ་དགྲྭ་ལ་རྒྱུགས། །རྒྱ་སྟག་དམར་པོ་དགྲ་ལ་རྒྱུགས། །ལྕགས་སྤྱང་སྔོན་པོ་དགྲ་ལ་རྒྱུགས། །དགེ་བསྙེན་ཀླུ་དགེ་དགྲ་ལ་རྒྱུགས། །རིམས་ཤིག་དགྲ་ལྷ་མཐུ་རྩལ་ཅན། །ཐུབ་པའི་དཔུང་དང་དགྲ་ལ་རྒྱུགས། །བཙན་པའི་གོ་དང་དགྲ་ལ་རྒྱུགས། །རྣོ་བའི་མཚོན་དང་དགྲ་ལ་རྒྱུགས། །མགྱོགས་པའི་རྟ་དང་དགྲ་ལ་རྒྱུགས། །རེམས་ཤིག་དགྲ་ལྷ་མྱུར་མགྱོགས་ཅན། །དུས་ངན་བསྐལ་པའི་སྙིགས་མ་ལ། །ཡེ་ཤེས་ལྷ་ནི་འགྲུབ་ཐག་རིང་། །གྲོང་ཁྱེར་ནང་འཁྲུག་མཐུ་འདྲེན་ན། །ཁྱེད་ནི་འཇིག་རྟེན་མྱུར་མགྱོགས་ལྷ། །ཁྱོད་ནི་དྲག་ཤུལ་མཐུ་རྩལ་ཅན། །དཔའ་བའི་སེམས་དང་དགྲ་ལ་རྒྱུགས། །གདུག་པའི་སེམས་དང་དགྲ་ལ་རྒྱུགས། །སྡང་བའི་སེམས་དང་དགྲ་ལ་རྒྱུགས། །ཞེ་སྡང་སྐྱེད་ལོ་དགྲ་ལ་རྒྱུགས། །ང་རྒྱལ་སྐྱེད་ལ་དགྲ་ལ་རྒྱུགས། །སྡང་བའི་དགྲ་ཁམས་ཆམ་ལ་ཕོབ། །རེམས་ཤིག་དགྲ་ལྷ་སྤྲུལ་པ་ཅན། །དགྲ་མགོ་ཆོད་ལ་དགྲ་སྙིང་དྲོངས། །དགྲ་ལྷ་ཆེན་པོ་མ་གཡེལ་ཅིག །མཐུ་ཆེན་སྲུང་མ་

p. 394

མ་གཡེལ་ཅིག །དགྲ་ལྷ་ཆེན་པོ་འཁོར་བཅས་ལ། །བདག་གིས་བརྔན་ཡོན་འབུལ་བ་ནི། །བཤོས་བུ་སྙིང་དང་གཏོར་མ་དང་། །གཡུ་ཤུག་བལ་བུ་རྟིང་དཀར་དང་། །སྦ་རྒོད་སྨྱུག་རྒོད་ལྡེམ་པ་བཙུགས། །དུང་དཀར་འཕང་ལོ་ཟླུམ་དཀར་དང་། །སྤྲུལ་པའི་མེ་ལོང་གསལ་བ་དང་། །དར་ཟབ་ཟ་འོག་མཛེས་པ་དང་། །སྟག་རས་གཟིག་རིས་ཁྲ་བོ་དང་། །གཡག་ལུག་བྱ་ཁྲ་གཟུགས་འགྲོས་འདི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བསམ་གཏན་ལྷ་ཡི་དཀོར་བས་ལྷག །གཉན་པོ་ལྷ་སྲུང་འཁོར་བཅས་ལ། །དགྲ་བོ་བསད་པའི་ཡོན་དུ་འབུལ། །དགྲ་བསད་ཡོན་དུ་བཞེས་མཛོད་ལ། །སྡང་བའི་དགྲ་ལ་མཐུ་མ་ཆུང་། །དགྲ་ལྷ་གཙོ་འཁོར་བཅས་པ་ལ། །རྟ་མཆོག་སྔོན་པོ་སག་སྒྲ་ཅན། །མཐུར་མདའ་སྐྱེས་བུའི་ཕྱག་ཏུ་འབུལ། །དགྲ་བོ་བསད་པའི་ཡོན་དུ་བཞེས། །སྦྱ་རྒོད་སྨྱུག་རྒོད་ལྡེམ་པ་དེ། །དགྲ་བོ་བསད་པའི་ཡོན་དུ་འབུལ། །རིན་ཆེན་གསེར་རྒོད་གཡུ་རྒོད་དེ། །དགྲ་བོ་བསད་པའི་ཡོན་དུ་འབུལ། །གཡག་ལུག་དར་མའི་ཤ་ཁྲག་དེ། །དགྲ་བོ་བསད་པའི་ཡོན་དུ་འབུལ། །ར་ཡི་དབང་པོ་གསར་པ་འདི། །

p. 395

དགྲ་བོ་བསད་པའི་ཡོན་དུ་འབུལ། །སྟག་རས་གཟིག་རིས་ཁྲ་བོ་འདི། །དགྲ་བོ་བསད་པའི་ཡོན་དུ་འབུལ། །མཛེས་པའི་དར་ཚོན་སྣ་ལྔ་འདི། །དགྲ་བོ་བསད་པའི་ཡོན་དུ་འབུལ། །དགྲ་བསད་ཡོན་དུ་བཞེས་མཛོད་ལ། །ངན་སེམས་འཆང་བའི་དགྲ་བོ་ཡི། །སྙིང་ཁྲག་ཕྱུང་ལ་གློ་སྙིང་དྲོངས། །དགྲ་བོ་སོད་ལ་བང་མགྱོགས་བསྐྱེལ་། །གོ་ཁྲབ་ཤུས་ལ་རྣོ་ཚོན་འཕྲོག །དགྲ་བོ་ཕོ་འཕྱོར་མོ་སྒེག་གིས། །རྩ་དཀར་སྡོམ་ལ་སྐྱེ་རྒྱུད་ཆོད། །དགྲ་བོ་མི་ནོར་འཁོར་བཅས་ནི། །རླུང་ལ་བསྐུར་ལ་ཆུ་ལ་སྐུར་། །མིང་ཡང་མེད་པར་རྡུལ་དུ་རློགས། །དགྲ་ལྷ་དགྲ་ལ་རྒྱུག་ཙམ་ན། །གནམ་ལྕགས་ཐོག་གི་མདའ་ཕྱུང་ལ། །སྡང་བའི་དགྲ་བོ་ཐོག་གིས་སོད། །སྦྲུལ་ནག་མགོ་དགུའི་སྟོབས་ཕྱུང་ལ། །སྡང་བའི་དགྲ་བོ་ཐོག་གིས་སོད། །སྡང་བའི་དགྲ་ལ་སྤྱི་ལིང་ཐོབ། །ནད་ཀྱི་རྐྱལ་པ་ཁ་ཕྱེས་ལ། །སྡང་བའི་དགྲ་ལ་ནད་ཀྱིས་ཐོབ། །དགྲ་མགོ་དགྲ་མཁར་ཐོག་གིས་ཆོམས། །དགྲ་སྲོག་དམར་པོ་ཚོན་གྱིས་བྲེག །དགྲ་བོའི་དོན་སྙིང་ལྕགས་ཀྱུས་དྲོངས། །དགྲ་ཁམས་མྱ་ངན་ཟུག་རོལ་ནོན། །དགྲ་ཤ་དགྲ་ཁྲག་དགྲ་

p. 396

ལྷས་འཐུང་། །དགྲ་བོའི་སྙིང་ནོར་དཀར་ནག་དེ། །རང་གི་བུ་རྟས་ཐུབ་པར་གྱིས། །བཅོལ་བའི་ལས་འདི་མ་བྱས་ན། །དགྲ་ལྷ་གཞན་གྱིས་ཐུགས་ཀྱིས་ཁྲེལ། །བདག་་ཅག་རྣལ་འབྱོར་ཡི་ཡང་ཆད། །དེ་ཕྱིར་བཅོལ་བའི་ལས་འདི་བདག །མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །བྷྱོ། དཔའ་རྩལ་ཅན་རྣམས་དགྲ་ལ་རྒྱུགས། །ཡང་ཟེར་ཅན་རྣམས་དགྲ་ལ་རྒྱུགས། །མྱུར་མགྱོགས་ཅན་རྣམས་དགྲ་ལ་རྒྱུགས། །བརྟུལ་ཞུགས་ཅན་རྣམས་དགྲ་ལ་རྒྱུགས། །དེ་ནས་ཡོད་ན་མཚོན་ཆ་སོ་སོ་ཚད། མེད་ན་ལྕགས་ཀྱུ་སོགས་ཕྱག་རྒྱ་བྱས་ཤིང་། །བྷྱོ། ཡེ་བརྫུའི་གཉན་པོའི་ཕོ་ཉ་རྣམས། །བང་ནི་སྐར་མདའ་རླུང་བས་མགྱོགས། །ལ་ལས་འགུགས་བྱེད་ལྕགས་ཀྱུ་བསྣམས། །ལྕགས་ཀྱུ་ཅན་རྣམས་དགྲ་བོ་ཁུག ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ༔ །ཞང་བློན་མཐུ་ཆེན་ཕོ་ཉའི་ཚོགས། །ལ་ལས་ལག་ན་ཞགས་པ་ཐོགས། །སྦྲུལ་ནག་ཞགས་པ་གློག་ལྟར་འཁྱུག །ཞགས་པ་ཅན་གྱིས་དགྲ་བོ་ཆིངས། །ཆིངས་ཤིག་བཛྲ་པ་ཤ་ཧཱུྃ། །སྐུ་ལྷ་གཉན་པོ་ཕོ་ཉ་རྣམས། །ལ་ལས་ཕྱག་ན་ལྕགས་སྒྲོག་ཐོགས། །གང་ལ་དམིགས་པ་མགུལ་མི་ཤེས། །ལྕགས་སྒྲོག་ཅན་

p. 397

རྣམས་དགྲ་བོ་སྡོམས། །སྡོམས་ཤིག་བཛྲ་སྤོ་ཊ་བི། །རྡོ་རྗེ་གུར་མགོན་ཕོ་ཉ་རྣམས། །ལ་ལས་ལག་ན་དྲིལ་བུ་ཐོགས། །དྲིལ་བུ་ཐོགས་པ་འབྲུག་ལྟར་ལྡིར། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུག །མྱོས་པར་གྱིས་ཤིག་བཛྲ་གྷནྡྷེ་ཧོ༔ །རྡོ་རྗེ་ཕུར་པའི་བཀའ་སྲུང་བ། །ཕུར་སྲུང་རྡོ་རྗེ་གུར་གྱི་མགོན། །སྒྲོལ་བྱེད་གནམ་ལྕགས་ཕུར་བུ་འདྲིལ། །སྒྲོལ་ཅིག་བཛྲ་ཀཱི་ལ་ཡ། །དགེ་བསྙེན་རོག་སྣལ་མཐུ་ཆེན་ནི། །ཕྱག་གཡས་གནམ་ལྕགས་ཐོག་རྒོད་འཕེན། །གཡོན་པས་ཁྲོ་ཐེལ་རྩེ་བརྒྱད་བསྣམས། །རྒྱབ་ཅིག་བཛྲ་ཀིང་ཀ་པ། །གུ་རུ་སྔགས་ཀྱི་དགྲ་ལྷ་ནི། །ཕྱག་ན་མདུང་དར་དཀར་པོ་བསྣམས། །བསྟན་དགྲ་དམ་ཉམས་དགྲ་བོ་ལ། །རྒྱོབ་ཅིག་བཛྲ་ཏྲི་ཤུ་ལ། །དགྲ་ལྷ་འོད་ཕྲོམ་མཐུ་ཆེན་ནི། །ཕྱག་ན་མདུང་དར་སྔོན་པོ་ཕྱར། །སྡིག་ཅན་དགྲ་བོ་ལས་ངན་འདི། །རྒྱོབ་ཅིག་བཛྲ་ཏྲི་ཤུ་ལ། །སྐུ་ལྷ་ཝར་གདོང་ཆེན་པོ་ནི། །ཕྱག་གཡས་རལ་གྲི་མེ་འབར་ཕྱིར། །དམ་ཉམས་དགྲ་བོ་མགོ་ལུས་སྙིང་། །གཏུབས་ཤིག་བཛྲ་ཏིཀ་ན་པ། །དགེ་བསྙེན་འར་ཆེན་ཤོ་ཙ་ནི། །ཕྱག་ན་མཁར་ཐེལ་རྩེ་དགུ་བསྣམས། །རྡུངས་ཤིག་

p. 398

བཛྲ་ཨ་ཀོད་ཏ། །ཡུངས་ཀར་ཡུངས་ནག་ཟངས་ལྕགས་ཕྱེ། །སྣ་ཚོགས་མཐུན་རྫས་དྲག་པོའི་ཆར། །ཟངས་ལྕགས་ཐོད་རྒོད་ཆེམས་སེ་ཆེམ། །གང་ལ་རྒྱབ་ཀྱང་ཐོགས་པ་མེད། །ཕོབ་ཅིག་བཛྲ་སི་རི་རཾ། །ལས་མཁན་ཤན་པ་ཕོ་མོའི་ཚོགས། །སྤུ་གྲི་ཆུ་གྲིས་དགྲ་བོ་ཤོས། །གནམ་ལྕགས་འཁོར་ལོས་དགྲ་བོ་གཏུབས། །བསྟན་དགྲ་དམ་ཉམས་ཚེ་སྲོག་ཆོད། །ལོ་དང་ཟླ་བར་མ་བཞག་ལ། །ཞག་དང་ཟ་མར་མཱ་ར་ཡ། །ཞེས་རྩ་སྔགས་མན་ངག་ལྟར་བཟླ་ཞིང་ལིང་ག་གཏུབས། ཁྲག་གིས་བྲན་ལ་བཀྱག་བཅུག་ལ། ཧཱུྃ་བྷྱོ། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན། །ཤ་ལ་དགའ་ཞིང་ཁྲག་ལ་དགྱེས། །ཞང་བློན་ལྷ་སྲིན་དྲེགས་པའི་ཚོགས། །བསྟན་དགྲ་དམ་ཉམས་སྡིག་ཅན་འདི། །རྣམ་ཤེས་ལོང་ལ་ཤ་ཁྲག་ཟ། །སྙིང་ཁྲག་འཐུང་ལ་ཁོང་ཁྲག་འཇིབས། །རུས་པ་མུར་ལ་སླ་བ་འཇིབས། །ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །ཁྲག་ལ་ལྡིབ་ལྗིབ་དགྱེས་པར་རོལ། །རུས་ལ་ཀྲུམ་ཀྲུམ་དགྱེས་པར་རོལ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས། །ཤ་དང་ཁྲག་ལ་དགྱེས་ལགས་ན། །དགྲ་བོའི་ཤ་ཁྲག་འདི་བཞེས་ཤིག །གློ་སྙིང་གྱུར་མིད་ད་གྱིས་ཤིག །

p. 399

ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ཨ་ར་ལི། །གསོལ་ཞིག་བཞེས་ཤིག་ཨ་ལ་ལ། །ཞེས་བརྗོད་ལིང་རོ་འབྲུ་སྣ་ཕུད་གང་ཡོད་བསྡུས་ལ་གཏོར་མའི་ནང་དུ་བླུག་གསེར་སྐྱེམས་ཡང་བླུགས་ལ་བྲན་ནོ། །གལ་ཆེ་ན་དེ་ཡན་ཚར་གསུམ་བདུན་སོགས་བྱ། དེ་ནས་ཕུལ་རན་པ་དང་། གོ་མཚོན་གང་ཡོད་གསོལ། སྤྲོས་པ་ལ་དགའ་ན་ཁྲབ་ཅན་སོགས་དང་། བརྡ་རོ་བུད་པའི་ཆས་བྱས་རྔ་དང་དར་ཕྱར། བསྲོ་སྒྲ་དང་མེ་ཕག་སོགས་འཇིགས་རྔམ་བྱས་ལ། གཟའ་དང་མཁའ་འགྲོ་རྒྱུ་ལྡོག་ཞིབ་ཏུ་བརྩིས་ལ་གདོང་མ་ཐུག་པར་བྱས། དགྲ་ཕྱོགས་དང་འགྲིགས་ན་རབ། དམག་གི་རིམ་གྲོ་ཡིན། རྒྱུ་ལྡོག་དང་མི་འགལ་བར་འགྲོ་ཕྱོགས་སུ་ཕུལ་ཤོམ་བྱས་ལ། གཏོར་མདོས་གོམ་པ་བདུན་ཅུའམ། བདུན་ནམ་དགུ་ཙམ་དཔག །གཞི་བདག་ལ་བསྔོས་པའི་དཀར་གཏོར་སྔོན་དུ་ཁྱེར་རྒྱུ་བཞག །དེ་རྒྱབ་དགྲ་ཆོས། དེ་རྒྱབ་ལྷ་ཡེ་ཤེས་པའི་ཡི་དམ་ཆོས་སྐྱོང་གི་དམར་གཏོར་གཅིག་རྒྱབ་རྟེན་དུ་བཤམས་ལ། དེ་དག་སོ་སོར་བསྔོ། བེར་ཆེན་སོགས་གཞན་གང་རུང་ལྟར་གསེར་སྐྱེམས་གཏོར། དེ་ནས་རྔ་དྲག་རྡུང་དང་བཅས་པས་འདི་སྐད་དོ།། ཧཱུྃ། གཉན་པོ་རྡོ་རྗེ་གུར་མགོན་ནི། །ཆ་ལུགས་གཅིག་ཏུ་མ་ངེས་ཏེ། །གང་ལ་གང་འདུལ་སྤྲུལ་པ་མཛད། །དགྲ་ལྷའི་ཆས་སུ་ཞུགས་པ་སྟེ། །མྱུར་མགྱོགས་སྤྲུལ་པ་གཡུ་རྟ་ཆིབས། །ཀླད་ན་ལྕགས་ཀྱི་བྱ་ཁྲ་

p. 400

ལྡིང་། །འབྲུག་དང་སེང་གེ་སྔོན་དུ་མཆོངས། །སྟག་དང་སྤྱང་ཀི་རོལ་དུ་ཁྲིད། །དུང་གཡག་དབལ་དུ་དགྲ་ལ་འཕེན། །ཐོག་དང་ཞགས་པ་ཕྱག་ན་བསྣམས། །འཁོར་ནི་སྤྲུལ་པ་མྱུར་མགྱོགས་ཅན། །དཔའ་ཁྲོ་མང་པོས་འཁོར་གྱིས་བསྐོར། །ལྷ་དམག་ཀླུ་དམག་གཉན་དམག་དང་། །བདུད་དམག་བཙན་གྱི་དམག་ཚོགས་རྣམས། །རྒྱབ་ནས་མདུན་དུ་ཀྱི་ལི་ལི། །གཡས་དང་གཡོན་དུ་ཤ་ར་ར། །གོ་གྱོན་མཚོན་ཐོག་སི་ལི་ལི། །མདུན་དུ་རུ་མཚོན་ལྷབས་སེ་ལྷབ། །ཀུ་སྒྲ་ཆ་སྒྲ་དི་རི་རི། །མགྱོགས་པའི་རྟ་རྒྱུག་ཚེསྲིངས་སེ་སྲིང་། །དགྲ་ལ་དམག་ཚོགས་ཤིགས་སེ་ཤིག །བསྟན་དགྲ་དམ་ཉམས་ལས་ངན་འདིས། །དགྲ་ལྷ་གཉན་པོར་མ་བརྩེས་ན། །བསྟན་དང་བདག་ལ་དགྲ་བྱུང་ན། །ཁྱེད་ཀྱི་ཀོ་ལོང་དོམ་པོ་མཛོད། །སེམས་ངན་འཆང་བའི་དགྲ་བོ་ལ། །ཤོར་མེད་བདུད་ཀྱི་ཞགས་པ་ཐོབ། །རྒྱུག་མེད་ཐོག་མདའ་དམར་པོས་སོད། །གདུག་པའི་ཆོ་འཕྲུལ་དགྲ་ལ་ཐོངས། །དགྲ་ལྷའི་གཙོ་འཁོར་ཁྱེད་རྣམས་ཀྱིས། །དམ་ཉམས་དགྲ་བོ་ལས་ངན་འདི། །ཤར་ལྷོ་ནུབ་བྱང་གར་སོང་ཡང་། །གཏོར་མ་འདི་དང་མཉམ་པོར་བཞེས། །

p. 401

སྦྲུལ་ནག་མགོ་དགུས་དགྲ་སྲོག་ཆོད། །ཨ་ཇོ་ཞང་བློན་ཆེན་པོ་ཆོས། །གནོད་ཅིང་འཚེ་བའི་དགྲ་བོ་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །འབྲུ་ཡི་དགྲ་ལྷ་ཆེན་པོ་ཁྱོད། །བསྟན་དགྲ་ལས་ངན་སྡིག་ཅན་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །རོག་སྣལ་བདུད་འདུལ་དགྲ་ལ་ཆོས། །བསྟན་དགྲ་ལས་ངན་སྡིག་ཅན་འདི་། །གཏོར་མ་འདི་དང་མཉམ་དུ་བཞེས། །དགྲ་ལྷ་འོད་ཕྲོམ་དགྲ་ལ་ཆོས། །བསྟན་དགྲ་ལས་ངན་སྡིག་ཅན་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །དགྲ་ལྷ་ཝར་ལྡང་སྟོབས་ཆེན་ཆོས། །སྡིག་ཆེན་བསྟན་དགྲ་ལས་ངན་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །དགེ་བསྙེན་འོར་ཆེན་ཤ་ཙ་ཁྱོད། །སྡིག་ཆེན་ཉེས་བྱེད་བསྟན་དགྲ་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །ཞང་བློན་བདུད་འདུལ་ནག་པོ་ཆོས། །སྡིག་ཆེན་དགྲ་བོ་ལས་ངན་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །དགྲ་ལྷ་གཡས་ཀྱི་ཕོ་ཉ་བ། །སྐུ་བླ་ཆེན་པོ་སོ་འགུ་རེ། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །སྡིག་ཅན་ལས་ངན་བསྟན་དགྲ་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །

p. 402

དགྲ་ལྷ་རྒྱལ་བཟང་འཁོར་བཅས་ཀྱིས། །སྡིག་ཆེན་བསྟན་བཤིག་དགྲ་བོ་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །འཇམ་ཞུ་ཆུང་བ་འཁོར་བཅས་ཀྱིས། །སྡིག་ཆེན་བསྟན་ལ་གནོད་བྱེད་པའི། །གཏོར་མ་འདི་དང་མཉམ་དུ་བཞེས། །གཡས་ཀྱི་སྒོ་སྲུང་སྤྱི་བཞེར་དང་། །གཡོན་གྱི་སྒོ་སྲུང་འོ་འཛོར་གྱིས། །སྡིག་ཅན་བསྟན་པའི་དགྲ་བོ་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །ཤ་ལྤགས་ཧྲཱིལ་ལེ་མནབས་པ་ཡི། །སྒོ་སྲུང་ཕུར་བུ་འཁོར་བཅས་ཀྱིས། །དམ་ཉམས་སྡིག་ཅན་དགྲ་བོ་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །རྒྱལ་བ་ཀླུ་དགེ་ལ་སོགས་པའི། །གཡས་སུ་འགྲོ་བའི་ཕོ་ཉ་དང་། །གཡོན་དུ་འགྲོ་བའི་ཕོ་ཉ་དང་། །མདའ་ར་བ་དང་མདུང་ར་བ། །མཆན་ཁེབས་པ་དང་སྣ་ཁྲིད་པ། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །དམ་ཉམས་བསྟན་དགྲ་སྡིག་ཆེན་འདི། །གཏོར་མ་འདི་དང་མཉམ་དུ་བཞེས། །སྡིག་ཅན་བསྟན་དགྲ་ཉེས་བྱེད་ལ། །གྱོད་ཁ་ཕྱེས་ལ་ས་དང་བསྲེས། །ཤི་ཁ་ཕྱེས་ལ་སྐྱེ་རྒྱུད་ཆོད། །དལ་ཁ་སྡང་བའི་དགྲ་ལ་སྒྱུར། །གྱོད་སྣ་སྡང་བའི་དགྲ་ལ་སྒྱུར། །ནད་སྣ་སྡང་བའི་དགྲ་ལ་སྒྱུར། །

p. 403

བྱུར་སྣ་སྡང་བའི་དགྲ་ལ་སྒྱུར། །ཐན་སྣ་སྡང་བའི་དགྲ་ལ་སྒྱུར། །མཚོན་སྣ་སྡང་བའི་དགྲ་ལ་སྒྱུར། །དགྲ་བོའི་སྟེང་ན་ནད་ཡམས་ཕོབ། །མཚོན་གྱི་ཆར་པ་དགྲ་ལ་ཕོབ། །དགྲ་ལ་བློ་ཉེས་གཡུལ་ཉེས་ཐོངས། །དགྲ་ལ་མི་ཤི་རྟ་འགྱེལ་ཐོངས། །དགྲ་བོའི་ཤ་ཁྲག་སོ་མ་དང་། །དགྲ་བོའི་གློ་སྙིང་དྲོན་མོ་དེ། །དགྲ་ལྷ་ཆེན་པོའི་ཞལ་དུ་གསོལ། །ཞལ་དུ་གསོལ་ཞིང་ཐིམ་པར་མཛོད། །ཞལ་དུ་གསོལ་ཞིང་དགྱེས་པར་མཛོད། །དམ་ཉམས་བསྟན་དགྲ་སྡིག་ཆེན་འདི། །ཉི་མ་དེ་རིང་ཕན་ཆད་ནས། །གནམ་གྱི་འཇུ་ཐག་དཀར་པོ་ཆོད། །ས་ཡི་རྟེན་ཕུར་དམར་པོ་ཕུད། །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །འཇིགས་པའི་མུན་པས་སྔོན་ནས་སུས། །ལོ་དང་ཟླ་བར་མ་བཞག་ལ། །ཞག་དང་ཟ་མར་མ་བཞག་ཅིག །ལོ་དང་ཟླ་བའི་ནང་དུ་མ་ཤོར་ཅིག །ད་ལྟ་ཉིད་དུ་བསྒྲལ་བར་མཛོད། །ཏྲི་ཏྲི་ར་ཙ་ས་མ་ཡ་བྷྱོ་བྷྱོ་ཐུན་ཐུན་དགྲ་ལ་བྷྱོ། རྦད་རྦད་ཐུན་ཐུན་དགྲ་ལ་རྦད། མཱ་ར་ཡ་བྷྱོ་བྷྱོ་ཆད། ཅེས་འབུལ་བའི་ཕྱོགས་སུ་གོ་འཁྱམས་དང་བཅས་ཏེ་ཁྱེར་ལ་གོམ་པ་བདུན་ཅུ་བས་ཉེ་མི་རུང་། ཁང་གཞིས་ཐག་བསྲིང་བར་ཁྱེར། ལམ་དུ་ལིང་ག་བརྡ་རོ་དྲུད་ཅིང་མདའ་གྲི་

p. 404

སོགས་མཚོན་གྱིས་གཏུབ། གཏོར་མདོས་དེ་སྔགས་པ་བསྙེན་སྒྲུབ་ཐེམས་པའམ། མེད་ན་བླ་དྲག་ཅིང་ལག་དམེ་མང་དུ་ཡོད་པ་གཅིག་གིས་བཀྱག །དམག་མི་རྣམས་རལ་གྲི་ཕྱར་ཏེ་ཁ་ཕྱོགས་གཅིག་ཏུ་རྒྱུ།། འཛོམས་ན་སྔགས་པས་ཕུར་པ་ཕྱར། བུད་མེད་དུར་མོ་རྡོབ། བཙུན་པས་ཟབ་མདོ་འདོན། སྐྱེས་པས་མདའ་བཀང་། གོ་ཁྲབ་ཅན་རྣམས་འཛོམས་ན་བཟང་། བསོ་སྒྲ་དྲག་པོ་ལན་གསུམ་བྱས་ལ་འདི་སྐད་དོ།། བསྭོ་བསྭོ། སངས་རྒྱས་ཆོས་ལ་བསྲོ་མེད་ཀྱང་། །དཔལ་ལྡན་མགོན་པོ་བསྲོ་ལ་དགྱེས། །ཆ་ལ་དགའ་ཞིང་བསྲོ་ལ་དགྱེས། །དར་ལ་འདུ་བ་དགྲ་ལྷའི་ལུགས། །སངས་རྒྱས་ཆོས་ཀྱི་དགྲ་ལྷ་ཆེ། །ལེགས་ལྡན་ནག་པོ་དགྲ་ལྷ་མཛོད། །ཡེ་བརྫུ་གཉན་པོ་ལ་སོགས་པའི། །དགྲ་ལྷ་སུམ་བརྒྱ་དྲུག་ཅུ་རྒྱུགས། །བུ་རྟ་འཚོས་ལ་དགྲ་དཔུང་ཆོམས། །སེང་ཞོན་སྟག་ཞོན་ར་ཞོན་ཚོགས། །ཝེར་མ་སུམ་བརྒྱ་དྲུག་ཅུ་རྒྱུགས། །རྒྱལ་ཁ་རླུང་ཁ་བདག་ལ་བྱིན། །ནམ་མཁའི་ཁམས་ནས་ལྷ་དམག་རྒྱུགས། །བར་སྣང་ཁམས་ནས་གཉན་དམག་རྒྱུགས། །ས་གཞིའི་ཁམས་ནས་ཀླུ་དམག་རྒྱུགས། །རྒྱལ་པོ་ཉི་མའི་ཟེར་ལ་རྒྱུགས། །བདུད་དམག་ནམ་གྱི་གུང་ལ་རྒྱུགས། །བཙན་དམག་སྐྱ་རེངས་ཟེར་ལ་རྒྱུགས། །དཔལ་རབ་

p. 405

འཆང་གིས་སོ་པ་གྱིས། །རེ་མན་ཡིས་རྟ་རྣམས་འཚོས། །བྲག་ལྷ་མགོན་པོས་མགྲོན་ལམ་ཕྱེས། །རཱ་ཧུ་ལ་ཡིས་ཤན་པ་གྱིས། །རྒྱལ་ཆེན་སྡེ་བཞིས་དམག་ཀྱིས། །ཕྱོགས་སྐྱོང་བཅུ་ཡིས་སོ་མཚམས་སྲུང་། །རྡོ་རྗེ་ལེགས་པས་སྣ་ཁྲིད་གྱིས། །རྒྱུག་སྐྱེན་བེ་དཀར་དགྲ་ལ་རྒྱུགས། །འཐབ་སྐྱེན་ཚོགས་བདག་གླང་སྣ་རྒྱུགས། མདའ་སྐྱེན་བྱི་ནུ་རཱ་ཙ་རྒྱུགས། །ཤ་ཟ་ཤན་པ་དམར་པོ་རྒྱུགས། །ཁྲག་འཐུང་འཕར་བ་དྲེད་མགོ་རྒྱུགས། །མྱུར་མགྱོགས་ལྷ་སྲིན་སྡེ་བརྒྱད་རྒྱུགས། །མཐུ་རྩལ་ཅི་གདའ་ད་ལྟའོ། །དུས་ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།། ༈ ཧོཿ དགོངས་སུ་གསོལ་ལོ། དགྲ་ལྷ་ཞང་བློན་མཐུ་ཆེན། སྣ་ཁྲིད་ལྷ་སྲིན་སྡེ་བརྒྱད་མཐུ་བོ་ཆེ་ཁྱེད་རྣམས་ཀྱིས། སངས་རྒྱས་བསྟན་པའི་སྤྱི་དགྲ། རྣལ་འབྱོར་བདག་གི་སྒོས་དགྲ། ཡིད་ལ་མནག་པའི་དགྲ་བོ་འདི། ད་ལྟ་ཉིད་དུ་བཞེས་ཤིག །ཅེས་ཐམས་ཅད་ཀྱིས་བཞེས་སྒྲ་དང་གྲི་མཚོན་དར་ནག་རྡེབ་པ་དང་མཉམ་དུ་གཏོར་མ་འཕེན། དེ་ནས་གཏོར་སྣོད་སྦུབ་ལ། ཕཊ༔ སྐད་ཅིག་གིས་ས་གཞི་གས་པའི་ནང་ནས་ཀླུ་བདུད་དགེ་བསྙེན་ཆུ་སྲིན་གྱི་མགོ་ཅན་ཁ་

p. 406

གདངས་བའི་ནང་དུ་དགྲ་བོའི་བླ་སྲོག་ལྷ་སྲུང་དང་བཅས་པ་ཚུད། དེ་སྟེང་སུ་ལས་གཏོར་སྣོད་རི་རབ་གླིང་བཞིས་མནན་ནས་ཐར་ས་མེད་པར་གྱུར། ཧཱུྃ། གུ་རུ་རྡོ་རྗེ་གྲོ་བོ་ལོད། །སྲིད་པའི་དགྲ་ལྷ་མང་པོས་བསྐོར། །སྡང་དགྲའི་གཡུལ་ལས་རྒྱལ་བའི་ཕྱིར། །བྲོ་རྡུང་གར་བྱེད་ཧ་ཧ་སྒྲོག །དགྲ་བོའི་བླ་གཤེད་དབང་དང་གསུམ། །དགྲ་བོའི་ལྷ་སྲུང་མགོན་བྱེད་བཅས། །ཆུ་སྲིན་འབར་བའི་གྲེ་བར་བྲུབ། །གླིང་བཞི་རི་རབ་ལྗིད་ཀྱིས་མནན། །བྱམས་པ་མགོན་པོ་མ་བྱོན་བར། །ནམ་ཡང་ལྡང་བར་མ་བྱེད་ཅིག ། བྱམས་པའི་བསྟན་ལ་ཆོས་ཉོན་ཅིག །ཨོཾ་ལཾ་ཧཱུྃ་ལཾ་སྟོ་བྷ་ཡ་ནན། ཞེས་གོ་འཆམས་དང་བཅས་བྲོ་བརྡུངས། དེ་ནས་མཚམས་སྐྱིལ་ལ་ཁ་ཡར་གྱུ། ཕྱི་མིག་མི་བལྟ་བར། ཧཱུྃ། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །སངས་རྒྱས་བདུད་བཞིའི་གཡུལ་ལས་རྒྱལ། །ཁྲོ་བོ་བགེགས་ཀྱི་གཡུལ་ལས་རྒྱལ། །པད་འབྱུང་ལྷ་འདྲེའི་གཡུལ་ལས་རྒྱལ། །བསྟན་སྲུང་བསྟན་དགྲའི་གཡུལ་ལས་རྒྱལ། །དགྲ་ལྷ་དགྲ་ཡི་གཡུལ་ལས་རྒྱལ། །བདག་ཅག་འཐབ་མོའི་གཡུལ་ལས་རྒྱལ། །རྒྱལ་ཁ་རླུང་ཁ་ཐོབ་པ་ཡི། །བཀྲ་ཤིས་ཕྱོགས་དང་གཡང་དུ་ཁུག །མངྒ་ལཾ་

p. 407

ཨ་ལ་ལ་ཧོཿ སིདྡྷི་ཕ་ལ་ཧཱུྃ། ཞེས་ནང་དུ་འོང་ངོ་། །རྗེས་ཆོག་ཆོ་ག་གཞུང་དུ་གསལ། །ཐུབ་པའི་བསྟན་པ་མཚོན་གྱིས་འཇིགས་གསུང་ལྟར། །སྙིགས་མའི་དུས་འདིར་བདུད་མི་ལོག་ལྟ་ཅན། །ཆོས་སྲིད་མཐོ་ན་སངས་རྒྱས་བསྟན་པ་བཤིགས། །བླ་མའི་སྐུ་བསྡོ་དཀོན་མཆོག་དབུ་འཕང་སྨད། །དད་ལྡན་ཆོས་ལ་དགའ་བའི་དཔོན་རིས་རྣམས། །སྐུ་ཆོས་མཐོ་ན་སངས་རྒྱས་བསྟན་ལ་ཕན། །རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་ཐར་སྐྱོངས། །དེ་ཕྱིར་སྔོན་གྱི་ཡིག་རྙིང་ལས་གསུངས་པའི། །དགྲ་བླ་ཆེན་པོ་ཡེ་བརྫུ་དགྲ་ཆོས་ཀྱི། །གབ་འཁྲུགས་བསལ་ཏེ་བལྟས་ཆོག་ཁྱེར་བདེ་བར། །སྔགས་ནག་རཱ་ག་ཨ་སྱ་ཞེས་བྱ་བས། །ཨོ་རྒྱན་ཆེན་པོ་སྤྱི་བོར་བཀོད་དེ་བྲིས། །འོན་ཀྱང་སྔ་འོས་བསལ་བཀོད་ཉེས་པ་དང་། །སྨིག་མ་མཁན་དང་གཞུ་མཁན་ཇི་བཞིན་དུ། །ཤེས་རབ་འཆལ་པས་བརྩེ་བ་བྲལ་བ་ཡི། །བསྟན་བཅོས་བརྩམས་པའི་ཉེས་པ་གྱུར་སྲིད་ན། །རིག་འཛིན་པདྨ་རྗེ་འབངས་བཅས་ལ་བཤགས། །འདི་ཕྱི་ཀུན་ཏུ་སྒྲིབ་པར་མ་གྱུར་ཅིག །ཞང་བློན་འཁོར་བཅས་མངོན་ཤེས་སྤྱན་ལྡན་པས། །བསྟན་ལ་དགའ་དང་བསྟན་ལ་ཕན་པ་ཡི། །གང་བཅོལ་ཕྲིན་ལས་སྒྲུབ་ལ་ཐོགས་མེད་མཛོད། །བསྟན་ལ་གནོད་ཅིང་མི་དགེ་ལྷུར་ལེན་པའི། །གཏོར་མ་མ་ལེན་ཕྲིན་ལས་མ་སྒྲུབས་ཤིག །པདྨའི་དམ་ཚིག་མ་བརྗེད་ས་མཱ་ཡ། །དཔེ་འདི་བསྟན་ལ་དད་ཅིང་ཕན་ངེས་པར། །ཆིག་བརྒྱུད་ཙམ་ལས་མང་དུ་འཆལ་བྱེད་ན། །ཞང་བློན་ཆེན་པོས་བཀའ་ཡི་ཆད་

p. 408

པ་ཆོད། །དད་ལྡན་ཆོས་ལ་དགའ་བའི་དཔོན་རིས་ལ། །སྲུང་སྐྱོབ་མེལ་ཚེ་སྡོང་གྲོགས་མ་གཡེལ་ཅིག །མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཏེར་སྲུང་ཡེ་བརྫུའི་སྲོག་འཁོར་བླ་རྡོ་འཆང་བའི་སྒྲུབ་ཡིག

p. 409

གཏེར་སྲུང་ཡེ་བརྫུའི་སྲོག་འཁོར་བླ་རྡོ་འཆང་བའི་སྒྲུབ་ཡིག་གུ་རུ་པདྨས་སྦས་པ་བཞུགས་སོ། ༈ །ན་མོ་གུ་རུ་པྲ་ཝ་ཀ་ར་ཡེ། སྣང་སྲིད་དྲེགས་པའི་གཉན་པོ་ཐོད་ཕྲེང་རྩལ། །པད་འབྱུང་ཞབས་ཟུང་གཙུག་ཏུ་བཀོད་བྱས་ནས། །དམ་ཅན་ཡེ་བརྫུའི་སྲོག་འཁོར་བླ་རྡོ་སོགས། །རིགས་མཐུན་གཞུང་བཞིན་བཀོད་ལ་བཀའ་གནང་སྩོལ། །ཕུར་པའི་བཀའ་སྲུང་དུང་གི་སྐྱེས་བུ་ཆེ། །གནམ་ལྷ་ཤེལ་གིང་དཀར་པོ་འདི་ཉིད་ནི། །སྡེ་དཔོན་སུམ་ཅུའི་གྲལ་དུ་འཁོད་པའི་ཚེ། །ཞང་བློན་རྡོ་རྗེ་བདུད་འདུལ་ཞེས་སུ་གྲགས། །དགེ་བསྙེན་རོ་སྣལ་ཁམས་ཀྱི་བྱ་ཐུལ་ཅན། །དགྲ་བླ་ཡེ་བརྫུ་འབོད་འདི་དོན་ལ་ནི། །དམ་ཅན་རྡོ་རྗེ་ལེགས་པར་ངོ་བོ་གཅིག །རཏྣའི་གཏེར་རྙིང་གཞུང་དུ་གསལ་བར་བསྟན། །དེ་ཕྱིར་སྒྲུབ་ཕྲིན་བསང་དང་གསོལ་ཁ་སོགས། །སྐུལ་བ་པོ་འགའི་མོས་ངོར་མང་དུ་བྲིས། །ལྷ་ཐོག་རྒྱུད་ཀྱི་ཕ་མྱེས་འགོ་བའི་ལྷ། །མ་བསྒྲུབས་ཤུགས་ཀྱིས་འཁོར་བའི་ཕོ་ལྷར་མཐོང་། །འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་པའི་ལྷར། །སྲོག་འཁོར་བླ་རྡོ་ཆེད་དུ་མི་དགོས་ཀྱང་། །ཀརྨ་ཚེ་བརྟན་གསུང་ངོ་མི་ལྡོག་བཀོད། །ཙིཏྟའི་ག་འུར་གསང་བའི་རྒྱས་ཐོབ་མཛོད། །ཅེས་གདམས་ནས་དེ་ལ་དམ་ཅན་ཡེ་བརྫུ་ཆགས་པའི་སྲོག་འཁོར་འབྲི་བའི་དུས་ནི་ཡར་ངོའི་དུས་བཟང་། རྒྱལ་ཕུར་འགྲུབ་སྦྱོར་དགེ་བའི་སྔ་ཆར་དར་དཀར་དྲི་མ་མེད་པའམ་རྒྱ་ཤོག་གཙང་མ་ཁ་གང་གི་ངོས་སུ་

p. 410

མཚལ་ལམ་རྒྱ་སྣག་གིས་མུ་ཁྱུད་ཟླུམ་བསྐོར་རིམ་པ་བདུན་དུ་བསྐོར་བའི་དབུས་ཀྱི་ལྟེ་བར་རྒྱ་ཡིག་ལཉྫའོམ་བོད་ཡིག་ཨི་བརྩིགས་མའི་དབུ་ཐད་ནང་ཙམ་ཡིག་མགོ་ཕྱིར་བསྟན་དུ་བསྐོར་ནས་འབྲི་བའི་སྔགས་མཇུག་ནང་དུ་འོང་བ་བྱས་པ་ལ་འདི་ལྟར། ཨོཾཨཱཿཧཱུྃབཛྲགུརུཔདྨསིདྡྷིཧཱུྃ༔ ཨོཾཏྲལཏཱིཏཡནབྷསངརྣནཾ༔ ཨོཀྱིཡཀྱིཡམམཏེཏེ༔ ཧཧཏེཏེ༔ ཀྱཙུ་ཙུ༔ མུམུཀེཏེསངསྟོངངོ་༔ སམཡཛཛཨཏྲིསེམསདཔའཆེནཔོརོགསྣལརྡོརྗེབདུདའདུལདམཅནཡེབརྫུནགཔོཏུངཏུངཛཿ རྟེནའདིརབརྟནཔརབཞུགསནསབདགསྒྲུབཔཔོསལུསདངགྲིབམབཞིནདུའགྲོགསལཅིབཅོལབའིཕྲིནལསཡིདབཞིནདུསྒྲུབསཤིགརཀཱརཀཱ༔ ཞེས་དབུ་ཅན་བྲི་བསུབ་ཆད་ལྷག་མེད་པར་བྲི། དེའི་ཕྱི་རིམ་ཆ་ཕྲན་གཉིས་ཀྱི་ཚད་མུ་ཁྱུད་པདྨ་འདབ་མ་བཞིར་ཕྱེ་བའི་མདུན་གྱི་པད་འདབ་ལ་ཡིག་མགོ་ཕྱིར་བསྟན་ཡིག་མཇུག་ནང་དུ་བསྟན་པས། ཨོཾབཛྲསཱདྷཏྲིངཞིམཁྱིམམེམུཏྲབརཧཾ༔ དགྲལྷཡེབཛྲ་སྒྲུབཔོརལུསདངགྲིབབཞིནའགྲོགསནདགདོནའཇིགསབརྒྱདཞིབའིཕྲིནལསསྒྲུབས་ཤིག དེ་བཞིན་གཡས་ཀྱི་པད་འདབ་ལ། ཨོབཛྲསཱདྷཏྲིངཞིམཁྱིམམེམུཏྲབརཧཾ༔ དགྲལྷཡེབཛྲ་སྒྲུབཔོརལུསདངགྲིབབཞིནའགྲོགསལཚེབསོདསྙནགྲགསརྒྱསཔའིཕྲིནལསསྒྲུབསཤིག༔ རྒྱབ་བམ་སྟེང་གི་པད་འདབ་ལ།

p. 411

ཨོཾབཛྲསཱདྷཏྲིངཞིམཁྱིམམེམུཏྲབརཧཾ༔ དགྲལྷཡེབརྫུ་སྒྲུབཔོརལུསདངགྲིབབཞིནའགྲོགསལསྣངསྲིདལྷའདྲེམིགསུམདབངདུསྡུདཔའིཕྲིནལསསྒྲུབསཤིག༔ གཡོན་གྱི་པད་འདབ་ལ། ཨོཾབཛྲསཱདྷཱཏྲིངཞིམཁྱིམམེམུཏྲབརཧཾ༔ དགྲལྷཡེབརྫུ་སྒྲུབཔོརལུསདངགྲིབབཞིནའགྲོགསལལོགའདྲེནདགྲབགེགས་བསྒྲལབའིཕྲིནལསསྒྲུབསཤིག༔ ཅེས་བྲི་དེ་རྒྱབ་མུ་ཁྱུད་ལ་ལྟེ་བའི་ཨ་ཏྲའི་མགོ་ཐད་ནས་ཡིག་མགོ་ཕྱིར་བསྟན་ཕྲེང་གཉིས་རིམ་མཐུད་ནས་འདི་ལྟར་བྲི། ཨོཾབཛྲསཱདྷཱསམཡདྷགྷཾཤེནིསཱདྷཱཏྲིཛཛཿཧཱུྃབིཧོཿ བཛྲསཱདྷཱསམཡརྡོརྗེའབརབཧསབྱཧུསབྱ༔ གླེགཏབསྐྱེདབསྐྱེད༔ དཚུརབྱོནཚུརབྱོན༔ བཛྲཨངྐཤཛༀདེབམཱརཛིཏཏྲིངཞིམཁྱེམམེམུཏྲབརཧཾ༔ ཨལིལམོབདུངཔཁྱི༔ ཨཧོཡེསིདྡྷིཧཱུྃཀྲགཤེརཁྱིམསརྦསིདྡྷིཕལཧཱུྃ༔ རྣལའབྱོརཔབདགཅགའཁོརདངབཅསཔའིམིཕྱུགསནོརདངབཅསཔའིསྲུངམགྱིསཤིག༔ ཡུལམཁརཞིངདངབཅསཔའིབདགཔོགྱིསཤིག༔ འབྱོརལྡནནོརགྱིབདགཔོཡིནཔསནོརཕྱུགསཔརགྱིསཤིག གནསཔཚེཡིབདགཔོཡིནཔསཆེརིངབརགྱིསཤིག༔ བཀྲཤིསརིགསརྒྱུདཀྱིབདགཔོཡིནཔསབདགགིརིགསརྒྱུདསྤེལཅིག དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾའགྲུབཔར

p. 412

གྱུརཅིག༔ ཨཨཱཨིཨཱཨུཨཱརེརཱིལཱིལཱིཨེཨེ་ཨོཨོༀཨཀཁགྷང་༔ ཙཚཛཛྷཉཊཋཌབྷེ༔ ཏཐདདྡན༔ པཕབབྷམ༔ ཡརལཝཤཥསཧཱཀྟ༔ དམཅནཡེབརྫུ་སུམབརྒྱ་དྲུགཅུའི་འཁོརཚོགསདངབཅསཔསྒྲུབཔོརལུསདངགྲིབམབཞིནདུའགྲོགསཤིངའཁོརལའཆིམེདཚེཡིདངོསགྲུབསྩོལཅིག༔ ནདམེདབདེབའིདངོསགྲུབསྩོལཅིག་ཆེབཙནདྲགཔོའིདངོསགྲུབསྩོལཅིག རིགསརྒྱུདབཙནདརགྱིདངོསགྲུབསྩོལཅིག༔ མིའཕེནརྟཧྲགགིདངོསགྲུབསྩོལཅིག ཆོསསྲིདདབངཐངགིདངོསགྲུབསསྩོལཅིག༔ དེའི་ཕྱི་རོལ་མུ་ཁྱུད་ལ། ནམོརནྣཏྲཡཡཱ༔ ཨོཾཡེདྷརྨ་ཧེཏུཔྲབྷཝཱཧེཏུནྟེཥཱནྟཐཱགཏོཏབདཏཏེཥཉྩཡོནིརོདྷཨེཝཾབཱདཱིམཧཤམཎཡསྭཧཱ ༀསུཔྲཏིཥྛབཛ྄ཡེསྭཱཧཱ༔ དམཅནཡེབརྫུགཉནཔོའཁོར་བཅསཔབླརྡོསྲོགགིའཁོརལོའདིལབརྟེནནསདགྱེསཔརབཞུགསསུགསོལ། ་་་ཕམྱེསརྒྱུདཀྱིདགྲལྷཁྱེདཡིནནོ། །མིརབསརྒྱུདཀྱིདགྲལྷཁྱེདཡིནནོ། རངབཞིནཤུགསཀྱིསའཁོརབའིདགྲལྷཁྱེདཡིནནོ། །རེལྟོསགཞནལམིའཆའའོ། །དཔའདརདུཁྱེདཔྱརརོ། །དཔུངདུཁྱེདཁུརརོ། །ཐོདདུཁྱེདབཅིངངོ། །ཅིརེཁྱེད

p. 413

ལརེའོ། །སྐྱགསུངཐུགསམགཡེལབརཅིབསམཔའིདོན་ཐམསཅདཡིདབཞིནདུའགྲུབཔའིཕྲིནལསམཛོདཅིག དེའི་ཕྱི་རིམ་མུ་ཁྱུད་ལ་རིགས་ལྔའི་ཕྱག་མཚན་དང་དགྲ་ལྷའི་ཕྱག་མཚན་བསྣོལ་མར་བྲི། དེའི་ཕྱི་རིམ་ཡེ་ཤེས་ཀྱི་མེ་རི་ཁ་དོག་ལྔ་ལྡན་གཡས་སུ་འཁོར་བ་བྲི་བའོ། །ཚོན་རིས་ལ་ལྟེ་བ་མཐིང་པད་འདབ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་གཞན་མུ་ཁྱུད་རྣམས་མཛེས་ཚོན་བྱ། ཕྱག་མཚན་བཞི་སེར་མེ་རི་དམར་བ་སོགས་མཐོང་བརྒྱུད་ལྟར་ལ་ཡིག་འབྲུ་རྣམས་ལ་བདུད་རྩི་ཆོས་སྨན་དང་དྲི་བཟང་བྱུག་འཁོར་ལོའི་རྫས་ལ་ཤེལ་རྡོར་ཨ་དང་། ཕ་ཝང་ལོང་བུ་ལ་ཏྲི་བྲི། བྲིས་པ་དར་ཚོན་སྣ་ལྔ། རིན་ཆེན་སྣ་ལྔ། གནམ་ལྕགས་དུམ་བུ། དཔའ་བོ་གྲིར་ཤི་བའི་སྙིང་ཁྲག་སོགས་དགོས། དགྲ་ལྷའི་རྒྱལ་པོ་བསྐྱེད་སྟིམ་རབ་གནས་གཞུང་ལྟར་བསྒྲུབ། འཁོར་ལོའི་ལྟེབས་ཆིངས་ཞལ་ཤེས་ལྟར་ལ། ལྷ་རྟེན་གྱི་ཐུགས་ཀར་གའུ་ནང་དུ་སྤ། སྒྲུབ་པ་པོ་དམ་ཚིག་ཅན་གྱི་མགུལ་ནང་དུ་འདོགས། སྦ་དཀར་ཚིགས་པ་གསུམ་པའི་ནང་དུ་རྩ་དང་ཀྱི་ལ་ཀྱི་ཏ་དང་། སྟོད་དུ་ལྷའི་བླ་རྡོ་ཤེལ་དཀར་ཨས་མཚན་པ་དང་། སྨད་དུ་གནོད་སྦྱིན་བླ་རྡོ་ཕ་ཝང་ལོང་བུ་ཏྲིས་མཚན་པ་བཅོས་ནས་དར་ཚོན་དང་རྔ་ཁྲབ་འདོགས་པ་གཡོགས་པས་མ་ཕྱིར་བེའུ་འབྲང་པ་དང་ཤ་རུལ་ལ་སྦྲང་བུ་འཁོར་བ་ལྟར་འོང་ནས་ཅི་བཅོལ་བའི་ལས་སྒྲུབ་པ་ནི་དཔོན་གྱི་བཀའ་ལ་གཡོག་གི་བཀའ་མི་འདའ་བ་བཞིན་ནོ། །དམ་ཚིག་གསང་རྟེན་འདི་མི་ཡིས་མ་མཐོང་བ་གལ་ཆེའོ། །ཐང་

p. 414

སྐུའི་རྒྱབ་བྱང་ཙཀྲ་འབྲི་བའི་ཚལ། །དབུས་གཙང་ཁམས་སུ་དར་བ་མི་འགོགས་ཀྱང་། །གསང་རྟེན་འཁོར་ལོ་མཐོངས་ནས་འཚལ་བའི་ཕྱིར། །རྒྱབ་ཤའི་ཚུལ་གྱིས་ཞལ་ཁེབས་སྦྱོར་ན་ལེགས། །ཡེ་བརྫུའི་སྐོར་འདི་དམག་བསྐུལ་དགྲ་ཆད་དང་། །མན་ངག་གནད་ལྡན་བསད་བསྒྲུབ་ལ་སོགས་པ། །མང་དུ་ཡོད་ཀྱང་ཡི་གེར་བཀོད་དུ་འཕང་། །བརྒྱུད་ལྡན་སློབ་དཔོན་མཁས་པའི་ཞལ་ལ་དྲིས། །འཁོར་ལོ་འབྲི་ཚུལ་གབ་སྦས་མེད་པ་རུ། །བཀོད་པའི་དགེ་བས་ཆོས་ལྡན་རྒྱལ་པོ་ཡི། །ཐུགས་བཞེད་ཡོངས་གྲུབ་བསོད་ནམས་མངའ་ཐང་རྒྱས། །དཀོན་མཆོག་བསྟན་པ་དགུང་དུ་རེག་པར་ཤོག །ཅེས་ཨ་རཱ་གས་སོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བན་ཐུང་གསོལ་མཆོད།

p. 415

ན་མོ། པད་འབྱུང་རྩ་བ་གསུམ་ལ་སྐྱབས་སུ་མཆི། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །ཆོས་རྣམས་ཡེ་ནས་ཀ་དག་རྫོགས་པ་ཆེ། །དེ་ཡི་རང་ས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །སྤྱན་གསུམ་སྡང་མིག་མཆེ་བས་མ་མཆུ་མནན། །ཟབ་བེར་ཆོས་གོས་མི་མགོའི་ཕྲེང་བས་བརྒྱན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །དབུ་སྐྲ་ཐོར་ཅོག་དར་དམར་ཅོད་པན་ཕུར། །ཞབས་གཉིས་འདོར་སྟབས་ཕུང་སྟག་མི་གཟན་མནན། །རང་འོད་མེ་དཔུང་འཁྲུགས་པའི་ཀློང་ན་འགྱིངས། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་མགྲོན་རྣམས་སྤྱན་དྲངས་ཤིང་། །བདག་གི་བཀའ་ཉན་སྲུང་སྡོད་བྱེད་པར་གྱུར། །ཧཱུྃ༔ བྱང་ཕྱོགས་རྩུབ་གྱུར་ཚལ་གྱི་དུར་ཁྲོད་ནས། །སྟག་ཞོན་མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །མཁའ་སྤྱོད་གནས་དང་འོག་མིན་གར་བཞུགས་ནས། །རིག་འཛིན་འབྲོང་པ་བན་ཐུང་གཤེགས་སུ་གསོལ། །མདོ་ཁམས་ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །ལྷ་ཆེན་རྨ་གཉན་སྤོམ་ར་གཤེགས་སུ་གསོལ། །མི་མགོན་དཀར་པོ་རྡོ་ཏི་གངས་མཆེད་

p. 416

བརྒྱད། །གེ་མཛོ་ཡེ་བརྫུ་ལ་སོགས་ཡུལ་གྱི་ལྷ། །མཆོད་པ་འབུལ་ཕྱིར་སྐད་ཅིག་ཉིད་ལ་བྱོན། །རང་རང་ཡིད་སྤྲུལ་འཚམས་པའི་གདན་ལ་བཞུགས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་དང་དམ་ཚིག་རྗེས་སུ་དྲན་མཛོད་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བདུན་དང་རྒྱལ་སྲིད་བདུན། །འབྲུ་སྣ་སྨན་སྣ་ཟས་སྣ་རིན་ཆེན་ལྔ། །བཟང་ཤིང་དུད་སྤྲིན་ལ་སོགས་མཆོད་པ་འབུལ། །ལྷ་སྲུང་ཁྱེད་རྣམས་མཉེས་ཤིང་ཚིམ་གྱུར་ཅིག །ཨརྒྷཾ་པཱཏྱཾ་པུཥྛ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱཱ་ཤབྟ་པྲ་ཏིཙྪ་སྭཱ་ཧཱ། ཧཱུྃ། དཔལ་ལྡན་སྐུ་ཡི་མགོན་པོ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་དམར་སེར་གྱེན་དུ་འབར། །ཐོད་སྐམ་དུག་སྦྲུལ་ཆུན་པོས་བརྒྱན། །སྐུ་ལ་དར་ནག་བེར་ཆེན་གསོལ། །གསེར་སྐྱེད་རིན་ཆེན་སྐྱེད་ལ་བཅིངས། །ཕྱག་གཡས་ཙནྡན་བེང་ཆེན་ཕྱིར། །ལྷ་དམག་ཉི་ཁྲི་ཆིག་སྟོང་འགྱེད། །གཡོན་པས་ལྕགས་ཀྱི་པར་བུ་འཛིན། །

p. 417

དམ་ཉམས་དགྲ་བགེགས་སྙིང་ཁྲག་འཐུང་། །བདུད་ཀྱི་ཞགས་པ་གྲུ་ལ་བཀོན། །དམ་ཉམས་དགྲ་བགེགས་སྐེ་ནས་བཅིངས། །ཞབས་ལ་སྲག་རེའི་ལྷམ་ཆེན་གསོལ། །ཆིབས་སུ་དཔའ་བོ་སྟག་ལ་བཅིབས། །དབུ་ཡི་གཙུག་ན་བྱ་ཁྱུང་ལྡིང་། །ས་བདག་ཀླུ་གཉན་ཟིལ་གྱིས་གནོན། །ཕྲག་གོང་ལྕགས་ཀྱི་བྱ་ཁྲ་ལྡིང་། །སེང་གེ་དོམ་དྲེད་ཕྱི་ལ་ཁྲིད། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །ཡང་འཁོར་ནག་པོ་སྟོང་གིས་བསྐོར། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །འདིར་གཤེགས་མཆོད་གཏོར་འདི་བཞེས་ལ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཁྱོད་ཉིད་སུས་མཆོད་སུས་བརྟེན་ན། །མེ་དང་རྒྱལ་པོ་ཆུ་དང་དུག །མ་རུངས་གཅན་སྤྱང་ལ་སོགས་པའི། །འཇིགས་པ་ཀུན་ལས་ཐར་བ་དང་། །ཚེ་དང་དབང་ཐང་འཕེལ་བ་དང་། །འཁོར་དང་ལོངས་སྤྱོད་རྒྱས་པ་དང་། །ཁམས་གསུམ་དབང་དུ་འདུས་པ་དང་། སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །གྲགས་པ་ཆེན་པོ་ཕྱི་ཐོབ་པ་དང་། །ཚོགས་རྫོགས་སྒྲིབ་པ་བྱང་ནས་ཀྱང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཁྱེད་ཀྱི་དམ་ཚིག་དེ་མིན་ནམ། །དམ་བཅའ་བཞིན་དུ་ཕྲིན་ལས་མཛོད། །ཁྱོད་

p. 418

ནི་ཕ་མྱེས་རྒྱུད་ཀྱི་ལྷ། །བདག་ཅག་མི་ནོར་འཁོར་བཅས་ལ། །སྲུང་སྐྱོབ་མེལ་ཚེ་མ་གཡེལ་བར། །དཔལ་ལྡན་མགོན་པོས་མགོནུ་མཛོད་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱུ་ཛ་ཧོ། ཧཱུྃ། སྟག་ཞོན་མ་ཧཱ་ཀཱ་ལ་དེ། །སྒྲུབ་པའི་རིག་འཛིན་བན་ཐུང་མ། །དངོས་ནི་མཁའ་སྤྱོད་གནས་ན་བཞུགས། །བླ་དང་སྤྲུལ་པ་དགྲ་བླར་སྤྲུལ། །རང་གི་རིགས་རྒྱུད་ཁ་འཛིན་མཛོད། །བན་དེ་ཆེན་པོ་འཇིགས་པའི་གཟུགས། །ཕྱག་གཡས་སྤུ་གྲི་འབར་བར་གྱུར། །སྡང་བའི་དགྲ་བོ་སྲོག་རྩ་གཅོད་། །གཡོན་གྱི་ཕྱག་ནི་རྒྱ་མ་འཛིན། །ཟས་དང་ནོར་གྱི་གཡང་རྣམས་སྡུད། །ལྷམ་ཡ་མེད་པའི་རྐང་རྗེན་ནི། །ཆུ་དང་རབས་ལ་ཐོགས་པ་མེད། །རྐང་པ་ཡ་གཅིག་ལྷམ་གསོལ་བ། །རི་བྲག་ཀུན་ལ་ཐོགས་མེད་རྒྱུགས། །ཕ་མཚུན་དགྲ་བླ་བན་ཐུང་མ། །འདིར་བྱོན་བརྟན་པར་བཞུགས་སུ་གསོལ། །མཆོད་པ་འབུལ་བ་འདི་བཞེས་ལ། །བུ་དང་ཚ་བོའི་ཁ་འཛིན་མཛོད། །ཕ་སྤུན་ཤག་རོགས་བུ་སྲིང་གི །ཡུལ་དུ་མ་བྲོས་མི་འཁྱམས་པར། །དགྲ་བླ་མི་དང་མ་བྲལ་ཅིག །བཙན་ཕྱུག་འཕེན་དར་དངོས་གྲུབ་

p. 419

སྩོལ། །དམག་དང་ཇག་གི་དཔུང་རོགས་མཛོད། །ཚོང་དང་མགྲོན་གྱི་ཁ་འཛིན་མཛོད། །སུ་ལ་མི་རེ་ཁྱོད་ལ་རེ། །བཀྲ་ཤིས་དར་རྒྱས་ཆེ་བར་མཛོད། །ཕྱོགས་ཕྱོགས་ཏ་ཧེ་ཀུ་ལུ་ལུ། ཨི་དམ་བ་ལིང་ཏ་ཁཱ་ཧི། སརྦ་པཱུ་ཛ་ཧོ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །རྨ་ཆེན་སྤོམ་རིའི་བརྫུ་བུ་ལ། །འབྲོང་བདག་ཟིལ་དཀར་བྱ་བ་སྲིད། །དེ་ཡི་རིགས་རྒྱུད་འབྲོང་པ་འཕེལ། །ཕྱི་ལྟར་ལྷ་བཙན་སྤོམ་ར་སྟེ། །མགུར་ལྷ་བཅུ་གསུམ་གཙོ་བོ་ལ། །ནང་ལྟར་རྒྱལ་པོ་ཡུལ་འཁོར་སྲུང་། །ཡུལ་ཁམས་སྐྱོང་བའི་ལྷ་ཆེན་ཡིན། །གསང་བ་རྒྱལ་ཆེན་རྣམ་ཐོས་སྲས། །ལོངས་སྤྱོད་ནོར་གྱི་བདག་པོ་ཡིན། །རྨ་གཡང་ནོར་དང་ཟས་ཀྱི་བདག །འབྲོང་རིགས་ཀུན་གྱི་ཕ་མྱེས་ཡིན། །ཤར་གྱི་རྨ་གཉན་སྤོམ་ར་ལ། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །བདག་ཅག་ཁྱོད་ཀྱི་ཚ་བོ་ཡིན། །དུས་ངན་བསྐལ་པའི་སྙིགས་མ་ལ། །ཚ་བོ་ཨ་མྱེས་མ་སྐྱོབས་ན། །སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ། །ཁྱོད་ལ་སྨྲ་བབ་མི་ཆེའམ། །ཚ་བོས་མྱེས་པོ་སྤོམ་ར་མཆོད། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །ཁྱོད་ལ་ཡོད་པ་བདག་ལ་

p. 420

བྱིན། །ཟས་དང་ནོར་གྱི་རྨ་གཡང་དེ། །ནམ་མཁའི་ཆར་བཞིན་འབེབས་པར་མཛོད། །ཨོཾ་བཛྲ་ཀུ་ལི་མི་མན་སྭཱ་ཧཱ། །ཨི་དམ་བ་ལིཾ་ཏ་ཁཱ་ཧི། སརྦ་པཱུ་ཛ་ཧོ། ཧཱུྃ། རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་དབང་ཕྱུག་འབྲོང་པ་བན་ཐུང་ནི། །ཐུགས་ནི་དག་པ་རྒྱལ་བའི་ཞིང་དུ་གཤེགས། །བླ་ནི་ཕ་མཚུན་དགྲ་བླའི་ཚུལ་བཟུང་རིགས་རྒྱུད་འབྲོང་རིགས་རྣམས་ཀྱི་ཁ་འཛིན་མཛོད། །བན་ཐུང་ཞེས་གྲགས་དགྲ་བླ་གཉེན་པོ་ཆེ། །བདག་གིས་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །མཆོད་པ་འབུལ་ཕྱིར་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཡིད་སྤྲུལ་དར་ཟབ་རིན་ཆེན་གདན་ལ་བཞུགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔ། །ཇ་ཆང་འོ་ཞོ་ཤ་ཐུད་ཟས་ཀྱི་ཕུད། །འབྲུ་སྣ་དར་ཟབ་རིན་ཆེན་སྣ་ལྔ་དང་། །སྟག་རས་གཟིག་རས་མདའ་དར་མདུང་དར་དང་། །གོ་ཁྲབ་ལྷ་གཡག་ལ་སོགས་མཐུན་པའི་རྫ་ས། །འབུལ་ལོ་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་

p. 421

གསུམ་ཟག་མེད་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་ཟད་མེད་བདུད་རྩིར་གྱུར། །འབྲོང་པ་བན་ཐུང་ཞེས་གྲགས་དགྲ་བླ་དང་། །ཕ་མཚུན་མགོན་བྱེད་རྣམས་ལ་འབུལ་ཞིང་བཞེས། །ཐམས་ཅད་རབ་ཏུ་མཉེས་ཤིང་ཚིམས་གྱུར་ཅིག །ཨོ་ཕྱོགས་ཕྱོགས་ཏ་ཧེ་ཀུ་ལུ་ལུ་ཨི་དཾ་ན་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨཧཱུྃ་པཱརྱ་པུཎྜེ་དྷབྦེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། རིག་སྔགས་སྒྲུབ་པའི་ཧེ་རུ་ཀ །མཚན་ནི་འབྲོང་པ་བན་ཐུང་ཞེས། །སྐུ་ནི་དག་པ་རྒྱལ་བའི་ཞིང་དུ་གཤེགས། །བླ་ནི་ཕ་མཚུན་དགྲ་བླའི་སྐུ། །རིགས་རྒྱུད་རྣམས་ཀྱི་ཁ་འཛིན་མཛོད། །སྐུ་མདོག་དམར་སྨུག་ཞི་འཛུམ་ཅན། །ངུར་སྨྲིག་ན་བཟའ་སྐུ་ལ་གསོལ། །ཕྱག་གཡས་སྤུ་གྲི་རེག་གཅོད་ཕྱར། །གཡོན་པས་འཕྲུལ་གྱི་ཆག་ཤིང་བསྣམས། །དགྲ་སྲོག་གཅོད་ཅིང་དངོས་གྲུབ་སྡུད། །ཕ་ཚུན་དགྲ་བླ་མཐུ་བོ་ཆེ། །བརྒྱན་གྱི་གཏོར་མ་འདི་བཞེས་ལ། །ཁྱེད་ཀྱི་གདུང་རིགས་བདག་ཅག་ལ། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །ཧཱུྃ། བན་ཐུང་ཞེས་གྲགས་དགྲ་བླ་འབྲོང་རིགས་ལྷ། །ལྷ་རྒོད་དྲག་པོ་རྫུ་འཕྲུལ་ཅན། །ཁྲོས་པའི་

p. 422

ཚུལ་གྱིས་བཞེངས་ཙམ་ན། །སྐུ་མདོག་དམར་ནག་ཁྲག་གི་མདོག །དྲག་གཏུམ་དཔའ་བརྗིད་མེ་ལྟར་འབར། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །མཆེ་བ་ཟུར་གསུམ་ཨོཾ་གཅིག་བསྡམས། །དབུ་ལ་སྔགས་ཞུ་ནག་པོ་གསོལ། །སྐུ་ལ་དམར་སྨུག་བཙུན་ཆས་མཛེས། །ཕྱག་གཡས་སྤུ་གྲི་རེག་གཅོད་ཕྱིར། །དགྲ་བོའི་སྲོག་རྩ་དམར་པོ་གཅོད། །གཡོན་པས་འཕྲུལ་གྱི་ཆག་ཤིང་བསྣམས། །དགྲ་ནོར་སྣ་དགུ་གཡང་དུ་ལེན། །ཆིབས་སུ་རླུང་ནག་འཚུབ་མ་ཆིབས། །འཇིག་རྟེན་སྐད་ཅིག་ཡུད་ལ་བསྐོར། །གློག་དམར་འཚུབ་ཅིང་ཚྭ་ཚྭ་འཕྲོ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བུ་དང་ཚ་བོའི་ཁ་འཛིན་མཛོད། །མཉམ་གཉིས་མི་དང་རྩལ་འགྲན་ན། །དཔའ་ཡ་དཔུང་རོགས་ཁྱོད་ལ་རེ། །བུ་རྟ་འཚོས་ལ་དགྲ་དཔུང་ཆོམས། །མཉམ་གཉིས་མི་དང་ཕྱུགས་འགྲན་ན། །བེའུ་ལུག་འཕེལ་ཀ་ཁྱོད་ལ་རེ། །ཕྱུགས་ལ་གོད་ཁ་མ་བཏང་ཞིག །མཉམ་གཉིས་མི་དང་རྟ་རྒྱུག་ན། །མགྱོགས་པའི་དོ་ཅིབས་ཁྱོད་ལ་རེ། །འོག་རྟ་འཚོས་ལ་རླུང་ཁ་འབྱིན། །ཕྱི་དགྲ་ནང་དུ་མ་བཏང་ཞིག །ནང་འཁྲུག་ཕྱི་རུ་མ་བཏང་ཞིག །དགྲ་རྐུན་

p. 423

ཇག་གསུམ་གནོད་པ་ཟློག །རྟ་ནོར་ལུག་གསུམ་འཕེལ་བར་མཛོད། །མི་ཧྲག་རྟ་འཕེལ་དངོས་གྲུབ་སྩོལ། །གཞི་ལ་འདུག་ན་གཞི་དཔོན་མཛོད། །བྱེས་ལ་འགྲོ་ན་བྱེས་དཔོན་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །ན་ཁ་ཆོད་ལ་ཡམས་ཁ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༈ །སྟག་ཞོན་སྤོམ་ར་བན་ཐུང་དང་། །དགྲ་བླ་མི་དང་མ་འབྲལ་ཅིག །གོ་མཚོན་རྣམས་ལ་བརྟན་པར་བཞུགས། །རྟག་ཏུ་སྲུང་སྐྱོབ་ཁ་འཛིན་མཛོད། །འཁོར་གྱི་ལྷ་སྲིན་འབྱུང་པོ་ཀུན། །མགུ་བར་གྱིས་ལ་རང་གནས་གཤེགས། །རང་ཉིད་གྲོ་ལོད་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་དྲན་རྫོགས་སྟོང་པ་ཉིད། །དགེ་བས་པད་འབྱུང་འགྲུབ་གྱུར་ནས། །རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤིང་། །འབྲོང་པ་རྣམས་ལ་ཕན་བདེ་ཤོག །རཱ་ག་ཨ་སྱས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།

འབྲོང་པ་བན་ཐུང་གསོལ་མགྱོགས་དང་གཏོར་འབུལ།

p. 424
p. 425

འབྲོང་པ་བན་ཐུང་གསོལ་མགྱོགས་ནི། །མཆོད་པ་ཅི་འབྱོར་བཤམས། ཨ་ཀཱ་རོས་བྱིན་རླབས། ཧཱུྃ། རྣལ་འབྱོར་དབང་ཕྱུག་འབྲོང་པ་བན་ཐུང་ནི། །ཐུགས་ནི་དག་པ་རྒྱལ་བའི་ཞིང་དུ་གཤེགས། །བླ་ནི་ཕ་མཚུན་དགྲ་བླའི་ཚུལ་བཞུགས་ནས། །རིགས་རྒྱུད་འབྲོང་རིགས་རྣམས་ལ་ཁ་འཛིན་མཛོད། །བན་ཐུང་ཞེས་པ་དགྲ་བླ་གཉན་པོ་ཁྱོད། །བདག་གི་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་རིན་ཆེན་དར་ཟབ་གདན་ལ་བཞུགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཤོས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་སོགས། །ཇ་ཆང་འོ་ཞོ་ཤ་ཐུད་ཟས་ཀྱི་ཕུད། །འབྲུ་སྣ་དར་ཟབ་རིན་ཆེན་སྣ་ལྔ་དང་། །སྟག་རས་གཟིག་རིས་མདའ་དར་མདུང་དར་དང་། །གོ་ཁྲབ་ལྷ་གཡག་ལ་སོགས་མཐུན་པའི་རྫས། །འབུལ་ལོ་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་ཟག་མེད་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་

p. 426

གྱུར། །འབྲོང་པ་བན་ཐུང་ཞེས་གྲགས་དགྲ་བླ་ཆེ། །ཕ་མཚུན་མགོན་བྱེད་རྣམས་ལ་འབུལ་གྱིས་བཞེས། །ཐམས་ཅད་རབ་ཏུ་དགྱེས་ཤིང་ཚིམ་གྱུར་ཅིག །ཨོ་ཕྱེ་ཕྱེ་ཏ་ཧེ་ཧེ་ཀུ་ལུ་མུ་ཧེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་བཛྲ་ཨརྒྷཾ་སོགས་ནས་ཤབྡའི་བར་བརྗོད། ཧཱུྃ། རིག་སྔགས་གྲུབ་པའི་ཧེ་རུ་ཀ །མཚན་ནི་འབྲོང་པ་བོན་ཐུང་ཞེས། །ཐུགས་ནི་དག་པའི་ཞིང་དུ་གཤེགས། །བླ་ནི་དྲག་པོའི་དགྲ་བླའི་སྐུ། །རིགས་རྒྱུད་རྣམས་ལ་ཁ་འཛིན་མཛད། །སྐུ་མདོག་དམར་པོ་ཞི་འཛུམ་ཅན། །ངུར་སྨྲིག་ན་བཟའ་སྐུ་ལ་གསོལ། །ཕྱག་གཡས་གནམ་ལྕགས་སྤུ་གྲི་ཕྱར། །གཡོན་པས་འཕྲུལ་གྱི་ཆག་ཤིང་གཡུགས། །དགྲ་སྲོག་གཅོད་ཅིང་དངོས་གྲུབ་སྡུད། །ཕ་མཚུན་དགྲ་བླ་མཐུ་བོ་ཆེ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཁྱོད་ཀྱི་གདུང་རིགས་བདག་ཅག་ལ། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །ཅེས་ཨ་རཱ་གས་སྦྱར་བའོ།། །།གཏོར་འབུལ་ནི། ཧཱུྃ། བན་ཐུང་ཞེས་གྲགས་འབྲོང་རིགས་ཀྱི། །ལྷ་རྒོད་དྲག་པོ་རྫུ་འཕྲུལ་ཅན། །ཁྲོས་པའི་ཚུལ་གྱིས་བཞེངས་ཙ་ན། །སྐུ་མདོག་དམར་སྨུག་ཁྲག་གི་

p. 427

མདོག །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །མཆེ་བ་གསུམ་ནི་ཨ་གཙིགས་བསྡམས། །དབུ་ལ་སྔགས་ཞུ་ནག་པོ་གསོལ། །སྐུ་ལ་དམར་སྨུག་བཙུན་ཆོས་མནབས། །ཕྱག་གཡས་སྤུ་གྲི་རིག་གཅོད་ཕྱིར། །དགྲ་བོའི་སྲོག་རྩ་དམར་པོ་གཅོད། །གཡོན་པས་འཕྲུལ་གྱི་ཆག་ཤིང་གཡུགས། །དགྲ་ནོར་སྣ་དགུ་གཡང་དུ་ལེན། །ཆིབས་སུ་རླུང་ནག་འཚུབ་མ་ཆིབས། །འཇིག་རྟེན་སྐད་ཅིག་ཡུད་ལ་བསྐོར། །གློག་དམར་འཁྱུགས་ཤིང་ཚྭ་ཚྭ་འཕྲོ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བདག་ཅག་ཁྱེད་ཀྱི་རིགས་རྒྱུད་ལ། །བུ་དང་ཚ་བོ་ཁ་འཛིན་མཛོད། །མཉམ་གཉིས་མི་དང་རྩལ་འགྲན་ན། །ཚེ་རིང་ནད་མེད་ཁྱོད་ལ་རེ། །མི་ལ་ན་ཚ་མ་གཏོང་ཞིག །མཉམ་མི་དང་ཕྱུགས་འགྲན་ན། །བེའུལུག་འཕེལ་ཁ་ཁྱོད་ལ་རེ། །ནོར་ལ་གོད་ཁ་མ་བཏང་ཞིག །མཉམ་གཉིས་མི་དང་དཔའ་འགྲན་ན། །དཔའ་བའི་དཔུང་རོགས་ཁྱོད་ལ་རེ། །བུ་རྟ་འཆོས་ལ་དགྲ་དཔུང་ཟློག །མཉམ་གཉིས་མི་དང་རྟ་རྒྱུགས་ན། །མགྱོགས་པའི་དར་ལྕེ་ཁྱོད་ལ་རེ། །འོག་རྟ་འཚོས་ལ་རླུང་ཁ་འཛིན། །ཕ་སྤུན་ཤག་རོགས་བུ་

p. 428

སྲིང་གི །ཡུལ་དུ་མ་བྲོས་མ་འཁྱམས་པར། རང་གི་དབོན་སྲས་ཁ་འཛིན་མཛོད། །མི་དང་ལྷ་གཉིས་མ་བྲལ་བར། །ཉིན་གྱི་དུས་སུ་བྱུ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད་། །ཕྱི་དགྲ་ནང་དུ་མ་བཏང་ཞིག །དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །རྟ་ནོར་ལུག་གསུམ་འཕེལ་བ་དང་། །མི་འཕེལ་རྟ་ཧྲག་དངོས་གྲུབ་སྩོལ། །མཐུ་རྩལ་ཅི་འདུག་ད་བལྟའོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་གཙང་སར་འབུལ། །ཞེས་ཨ་རཱ་གས་སོ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་བར་བློན་ཆེན་པོའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།

p. 429

གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་བར་བློན་ཆེན་པོའི་གསོལ་མཆོད་ཕན་བདེའི་ཆུ་གཏེར་བཞུགས་སོ། །

p. 430

ན་མོ་གུ་རུ་ལོ་ཀ་ཀྲོ་དྷ་ཡེ། སྣང་སྲིད་དྲེགས་པ་འདུལ་བའི་གཉེན། །རྡོ་རྗེ་གྲོ་ལོད་ཞབས་ལ་འདུད། །གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་འཁོར། །ཀླུ་བདུད་འབོ་རང་ཞེས་ཀྱང་བྱ། །མཁར་ནག་རྡོ་རྗེ་རྒྱལ་པོའི་འཁོར། །བར་བློན་ཆེན་པོ་ཞེས་གྲགས་པའི། །བཀའ་སྲུང་དྲག་རྩལ་ལྡན་པ་དེ། །འཇིག་རྟེན་མཆོད་དང་བསྟོད་པས་བསྒྲུབ། །གསུངས་ཕྱིར་མཆོད་བསྟོད་བྱེད་འདོད་ན། །རིན་ཆེན་སྣོད་དམ་སྣོད་གཙང་དུ། །གཏོར་མ་རིན་ཆེན་འདྲ་བའི་དབྱིབས། །དཀར་གསུམ་བརྒྱན་ཞིང་ཀླུ་སྨན་བཏབ། །སྦྲུལ་གཟུགས་དཀྲིས་སམ་མེད་ཀྱང་རུང་། །རང་ཉིད་ཡི་དམ་གང་རུང་ངམ། །པད་འབྱུང་གསལ་བའི་ང་རྒྱལ་གྱིས། །སྤྱན་འདྲེན་ཚིག་དེ་འབྲུག་ལྟར་སྒྲོག །དེ་གསན་མདུན་དུ་བྱོན་པར་བསམ། །ཀྱཻ།

p. 431

རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གདོང་དམར་བོད་ཀྱི་ཡུལ་སྨད་ན། །ཀླུང་ཅང་ལྕི་ཞེས་ནས་ཀྱིས་ཕྱུག །དཔའ་བོ་མཁའ་འགྲོ་འདུ་བ་ཡི། །གནས་མཆོག་དྲུག་གིས་རབ་ཏུ་གཏམས། །གནས་དེ་རྣམས་ཀྱི་ཞིང་སྐྱོང་བ། །ཡུལ་ལྗོངས་དེ་ཡི་ཆུ་བོ་དང་། །ཆུ་མདོ་ཀུན་ལ་གནས་བཅས་ཤིང་། །རིན་ཆེན་གཏེར་ཁ་དུ་མའི་བདག །ཟབ་གཏེར་རྣམས་ཀྱི་གཏེར་སྲུང་སྟེ། །བར་བློན་ཆེན་པོ་གཤེགས་སུ་གསོལ། །བཀའ་དང་དམ་ལ་གནས་པ་ཡི། །འཁོར་བཅས་རྣམས་ཀྱང་སྤྱན་འདྲེན་ནོ། །བརྩེ་ཞིང་གདུང་བས་སྤྱན་འདྲེན་ན། །ཞི་ཞིང་

p. 432

བྱམས་པའི་ཐུགས་ཀྱིས་ནི། །གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །སྐད་ཅིག་ཉིད་ལ་འདིར་བྱོན་ཅིག །ཡིད་སྤྲུལ་གཙོ་འཁོར་འཚམས་པ་ཡི། །རང་རང་དགྱེས་པའི་གདན་ཁྲི་ལ། །ཇི་སྲིད་མཆོད་པས་བདག་བགྱིད་ན། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས། །ཨོ་ནཱ་ག་ཨུ་པ་སི་ཀ་མ་ཧཱ་པུ་རུ་ཥ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཧཱུྃ༔ སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་སྟེ། །རྡོ་རྗེ་རྒྱལ་པོ་ས་བརྒྱད་སེམས་དཔའ་ཆེ། །སྨྱོ་ཁ་ལ་སོགས་གནས་བརྒྱད་མཚན་བརྒྱད་ལྡན། །རྒྱ་གར་ཡུལ་གྱི་གྲོང་ཁྱེར་སྒྲ་སྒྲོགས་དང་། །མཁར་ཆུ་ལ་སོགས་བོད་ཀྱི་གནས་ཆེན་བརྒྱད། །གངས་ཅན་ཆུ་བོ་ཀུན་གྱི་བདག་པོ་སྟེ། །དགེ་བསྙེན་སྨྱོ་ཁ་གཏེར་སྲུང་ཀུན་གྱི་གཙོ། །དེ་ཡི་སྤྲུལ་པ་འཁོར་གྱི་ཚུལ་བསྟན་པ། །བར་བློན་ཆེན་པོ་ཞེས་གྲགས་ཁྱོད་ཉིད་ལ། །བདག་གིས་རབ་གུས་སྤྲུལ་པས་ཕྱག་བགྱིའོ། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མ་དྲོས་མཚོ་དང་རྒྱལ་བའི་ཡངས་རྫོང་དང་། །ཆུ་བོ་ལོ་ཧི་ཏ་ཡའི་ཀླུང་འགྲམ་དུ། །ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ། །གུ་རུའི་རྗེས་འཇུག་རྣལ་འབྱོར་བདག་ཅག་གི །

p. 433

ཡིད་ལ་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཨོཾ་ནཱ་ག་ཨུ་པ་སི་ཀ་ས་མཱ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀླུ་སྨན་འོ་མར་སྦྱར་བའི་མཆོད་ཡོན་དང་། །ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཀྱི་ཆབ། །མེ་ཏོག་སྣ་ཚོགས་བཀྲག་གསལ་ཟིལ་པར་བཅས། །ཙནྡན་དཀར་དམར་ནཱ་གི་སྤྲོས་དཀར་དུད། །ཤེལ་རིགས་ནོར་བུ་སྣ་ཚོགས་འོད་འབར་བ། །མ་ཧཱ་ཙི་ནའི་འདབ་ཀྱི་རྐང་ཐུང་ཆབ། །དཀར་གསུམ་མངར་གསུམ་གཙང་མ་ཟས་ཀྱི་ཕུད། །རྔ་དུང་ཆ་ལང་དྲིལ་བུ་སྙན་པའི་དབྱངས། །གཅན་གཟན་རི་དྭགས་ཆུ་གནས་མཛེས་པའི་གཟུགས། །པི་ཝང་གླིང་བུ་འཁར་རྔ་སྙན་པའི་སྒྲ། །ཞིམ་མར་བཟང་ཤིང་སྣ་ཚོགས་བསྲེག་པའི་དྲི། །འབྲུ་སྣ་ཀླུ་སྨན་བཅུད་ལྡན་ཟས་ཀྱི་ཚོགས། །དར་དང་ཟ་འོག་རེག་བྱ་འཇམ་པའི་གོས། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །ཨོཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར་། །ཁཾ་ལས་གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུར། །ཟག་མེད་བདེ་བ་སྐྱེད་པར་

p. 434

བྱེད་པ་འདི། །ནཱ་ག་བར་བློན་ཆེན་པོ་ཁྱོད་ལ་འབུལ། །བཙུན་མོ་བློན་པོ་འཁོར་གཡོག་བྲན་དང་བཅས། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམ་གྱུར་ཅིག །ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་འབུལ། ཨོཾ་ནཱ་ག་ཨུ་པ་སི་ཀ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། སརྦ་པཱུ་ཛ་ཧོ༔ ཧཱུྃ། བར་བློན་ཆེན་པོ་མཐུ་བོ་ཆེ། །འདོད་དགུ་བསྒྱུར་བའི་རྫུ་འཕྲུལ་གྱིས། །ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ཞི་བའི་ཚུལ་དུ་སྐུར་བསྟན་པ། །སྐུ་མདོག་དཀར་ལ་སྨུག་པའི་མདངས་། །ཞལ་རས་ཞི་ཞིང་འཛུམ་པ་ལ། །འཇིགས་ཤིང་རྔམས་པའི་གཟི་བྱིན་ཅན། །དབྱི་དཀར་ལྤགས་པའི་དབུ་ཞྭ་ལ། །དར་ཚོན་སྣ་ལྔའི་ཅོད་པན་འཕུར། །དངུལ་མདོག་དར་གྱི་ན་བཟའ་ལ། །མེ་ཏོག་པདྨའི་རི་མོ་བཀྲ། །དཔའ་བོ་སྟག་གི་གོང་ལག་ལ། །འཇའ་ཚོན་སྣ་ལྔའི་ཆ་ག་ཅན། །དབྱི་སྲམ་པགས་པའི་མཐའ་སྐོར་ལ། །གསེར་སྐྱེད་རིན་ཆེན་སྐྱེད་ལ་བཅིང་། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་འཕྲུལ་གྱི་ཅང་ཤེས་ནི། །དུང་མདོག་བར་སྣང་རླུང་བས་མགྱོགས། །གཡུ་རྔོག་ཞྭ་བཞི་

p. 435

སྔོན་པོ་ལ། །གསེར་སྲབ་གཡུ་མཐུར་སྟག་སྒྲ་ཅན། །ཕྱག་གཡས་སྦ་ལྕག་དཀར་པོ་ལ། །རིན་ཆེན་སྣ་ལྔའི་ལྕག་འབྲས་དང་། །དར་ཚོན་སྣ་ལྔའི་ཕོད་ཀྱིས་བརྒྱན། །གཡོན་པས་འཕྲུལ་གྱི་སྲབ་སྐྱོགས་བསྒྱུར། །སྐུ་ཆེ་གཟི་བརྗིད་འོད་དུ་འབར། །འཁོར་དུ་རང་འདྲ་བཅུ་གཉིས་ནི། །གཙོ་བོ་ལས་ནི་ཆུང་ཙམ་སྟེ། །རྒྱན་དང་ཆ་ལུགས་གཙོ་དང་མཚུངས། །སྤྲུལ་པ་དུང་ཉ་འཁྱིལ་པ་ནི། །བླ་མཚོ་ཁེངས་ཤིང་གཡས་སུ་འཁོར། །འབྲུག་སྒྲ་ཆེམ་ཆེམ་གློག་འོད་འཁྱུགས། །དམ་ཚིག་ཅན་གྱི་སྡོང་གྲོགས་བྱེད་། །ལེགས་ཉེན་ཀུན་གྱི་ཤན་འབྱེད་ཅིང་། །ཟབ་གཏེར་བཀའ་ཡི་སྲུང་མ་བྱེད། །གཏེར་སྲུང་དགེ་བསྙེན་དམ་ཚིག་ཅན། །འཁོར་དང་བཅས་ལ་མཆོད་ཅིང་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །ནད་གདོན་བར་ཆད་ཞི་བ་དང་། །དཔལ་འབྱོར་ལོངས་སྤྱོད་རྒྱས་པ་དང་། །སྐྱེ་འགྲོ་དབང་དུ་འདུ་བ་དང་། །དགྲ་བགེགས་དཔུང་ཚོགས་གཞོམ་པ་སོགས། །ཡིད་ལ་རེ་བའི་འབྲས་བུ་དེ། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །མཐུ་དང་ནུས་པ་ཅི་འདུག་ལྟ། །རྟགས་

p. 436

དང་མཚན་མ་དངོས་སུ་སྟོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་གཏེར་སྲུང་དགེ་བསྙེན་ལས་བྱང་འདི། །རང་ལོ་སུམ་ཅུའམ་བཞི་བཅུའི་དུས་སྐབས་འགར། །བླ་མཚོའི་ཁ་དེར་ཀླུ་མཆོད་བྱེད་སྐབས་སོགས། །དེ་ཡི་རྟགས་དང་ཆོ་འཕྲུལ་མང་དུ་བྱུང་། །རྨི་ལམ་ཡུལ་དུ་རང་གཟུགས་གསལ་བར་མཐོང་། །དགའ་དང་གུས་པའི་རྣམ་འགྱུར་འགའ་རེ་བྱས། །ཀུན་གྱིས་འདྲེར་བཟུང་རྣམ་རྟོག་བྱེད་མོད་ཀྱང་། །ཨོ་རྒྱན་ཆེན་པོའི་དམ་ཚིག་ལ་གནས་པའི། །དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་དམ་ཚིག་ཅན། །ཨོ་རྒྱན་རྗེས་འཇུག་སྔགས་འཆང་ཐམས་ཅད་ལ། །ཁ་འཛིན་སྡོང་གྲོགས་བྱེད་པ་ཁོ་བོས་མཐོང་། །དེ་སླད་བླ་མ་མཐར་ཕྱིན་བསྐུལ་བའི་ངོར། །ལུག་ལོ་ལུག་གི་ཟླ་བའི་ཚེས་གསུམ་ཉིན། སྔ་དྲོའི་ཆ་ལ་རཱ་ག་ཨ་སྱས་སྨྲས། །ཡི་གེ་པ་ཡང་ཞུ་བ་པོ་ཉིད་དོ། །ཉེས་འགལ་མཆིས་ན་སྲུང་མ་ཉིད་ལ་བཤགས། །ཡུལ་ཕྱོགས་དེར་གནས་འགྲོ་ལ་ཕན་ཐོགས་ཤོག ༈ །དགེ་བསྙེན་བར་བློན་ཆེན་པོའི་གསོལ་ཀ་བྱ་བ་ནི། གཏོར་མ་ཟུར་གསུམ་ཉི་ཟླ་ནོར་བུས་བརྒྱན། །གཏོར་ཆུང་ཟུར་གསུམ་བཅུ་གཉིས་དག་གིས་བསྐོར། །དེ་མཐར་སྦྲུལ་ཆེན་འཁྱིལ་བས་བསྐོར་བྱས་ལ། །ཉ་དང་ལྕོང་མོ་སྦལ་པའི་གཟུགས་བརྙན་བཞག །གཙང་མའི་ཤ་ཕུད་ཟས་ཕུད་སྣ་ཚོགས་བརྒྱན། །འབྲུ་སྣ་ཕྱེ་མར་ཟས་ཕུད་སྣ་ཚོགས་དང་། །ཀླུ་སྨན་བཏབ་དང་བཟང་ཤིང་དུད་པ་དང་། །བསྡུ་ན་རྒྱུན་གཏོར་གསོ་བྲན་བྱས་ལ་འཐུས། །བསྐང་གསོལ་གཉིས་ཀ་དེ་ལ་འདོན་

p. 437

པས་རུང་། །ལས་བྱང་བཏོན་རྗེས་བསྙེན་པ་ཅུང་ཟད་བྱ། །ཨ་ཀཱ་རོ་ཡིས་མཆོད་པ་བྱིན་བརླབས་ནས། །ཚིག་མཚམས་འཇུག་ཏུ་རོལ་མོ་འུར་བརྡུང་བྱ། །གཏོར་མའི་རྩེ་མོར་མར་རྒྱན་སོར་གང་ཙམ། །ཡེ་ཤེས་ཀླུ་བདུད་ལ་ནི་མཆོད་པ་འབུལ། །དེ་འོག་གཏོར་མའི་རྩེ་མོ་སོར་གང་ནི། །རྗེ་དཔོན་ལས་ཀྱི་ཀླུ་བདུད་སྨྱོ་ཁ་ལ། །དཔོན་ཟས་ཚུལ་དུ་འབུལ་བའི་དམིགས་པ་བྱ། །གཏོར་མ་དངོས་ནི་བཀའ་བློན་འབོ་རང་ལ། །ཤག་རོག་ཤག་ཟས་ཚུལ་དུ་བསྔོ་བར་བྱ། །གཏོར་མའི་སྨད་ཆ་གཏོར་ཆུང་བཅས་པ་རྣམས། །ཡང་འཁོར་ཀླུ་གཉན་ས་བདག་ཐམས་ཅད་ལ། །གཡོག་ཟས་ཚུལ་དུ་སྦྱིན་པར་བྱ་བ་ཡིན། །ཆུ་གནས་གཟུགས་བརྙན་རིན་ཆེན་འབྲུ་སྣ་ཚོགས། །བསྐང་བའི་རྫ་ས་སུ་དམིགས་ཏེ་ཐུགས་དམ་བསྐང་། །ཨོཾ་ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་གྷི་ཧྥནྟ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་ཨ་མོ་གྷ་ཁཾ་སྭཱ་ཧཱ། ཨོཾ་ནཱ་ག་ཨུ་པ་སི་ཀ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་གྷི་ཧྥན་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་ཨམོ་གྷ་ཁཾ་སྭཱ་ཧཱ། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི། ཡེ་ཤེས་ཀྱི་ཀླུ་བདུད་ནག་པོ་མགོ་དགུ་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་གསོལ་ལོ། །མཆོད་

p. 438

དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཞི་བ་མི་མགོན་དཀར་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཁྲོ་བོ་ནཱ་ག་རཀཱ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ།། སྦྱིན་ནོ། །འཇམ་དཔལ་འཆི་བདག་ནག་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། ལས་ཀྱི་ཀླུ་བདུད་མགོ་དགུ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །རྗེ་དཔོན་དགེ་བསྙེན་སྨྱོ་ཁ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྨྱོ་ཁ་གནས་བརྒྱད་མཚན་བརྒྱད་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་དབང་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སངས་རྒྱས་ཚེམས་ཀྱི་བདག་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཀླུ་རྒྱལ་དུང་སྐྱོང་སྲས་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །

p. 439

འབུལ་ལོ། །སྦྱིན་ནོ། །དབུས་གཙང་ཁམས་གསུམ་འཁོར་དང་སྤྲུལ་པས་ཁྱབ་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །དེའི་སྤྲུལ་པ་བློན་པོའི་ཚུལ་འཛིན་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྨྱོ་ཁའི་བཀའ་འཁོར་ཀླུ་བདུད་འབོ་རང་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །རྡོ་རྗེ་རྒྱལ་པོའི་བར་བློན་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འདོད་དགུ་བསྒྱུར་བའི་ལུས་ཅན་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཅི་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གར་ཡང་ཕྱིན་པའི་མྱུར་མགྱོགས་ཅན་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྤྲུལ་པ་མི་ནག་རྟ་ནག་རུ་མཚོན་ཅན་ལ་གྱི་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བནྡེ་ཆེན་པོ་མདུང་དར་རུ་མཚོན་ཅན་ལ་གསོལ་ལོ། མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་

p. 440

ནོ། །པཎྜི་ཏ་རྟ་ནག་པོ་ཆིབས་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མི་དཀར་ཉའི་མགོ་ཅན་རྒྱལ་མཚན་ཐོགས་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཡུམ་ཀླུ་མོ་སེར་མོ་ནོར་བུའི་བེ་ཅོན་ཐོགས་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཚོ་སྨན་མཛེས་སྡུག་མང་པོ་འཁོར་གྱིས་བསྐོར་བ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། ། ནོ། །བློན་པོ་ཟླ་བའི་ཐོད་ཅན་སྦལ་སྦྲུལ་འཛིན་པ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བཀའ་འཁོར་རྒྱལ་རིགས་དཀར་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །རྗེ་རིགས་སེར་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །དམངས་རིགས་སྔོན་པོའི་སྡེ་ཚོགས་ལ་གསོལ་ལོ་།མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བྲམ་ཟེ་དམར་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གདོལ་

p. 441

པ་ནག་པོའི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གཉན་དང་ས་བདག་གི་སྡེ་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཀླུ་དང་བཙན་གྱི་འཁོར་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ལྟ་བ་མཚོ་སྨན་གྱི་འཁོར་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྨན་དང་ཡུལ་ལྷའི་འཁོར་ཚོགས་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། སྦྱིན་ནོ། །འཁོར་དང་ཡང་འཁོར་ཐམས་ཅད་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཉེས་རབ་ཀྱི་ཕུད། དགྱེས་རབ་ཀྱི་མཆོད་པ་དམ་པ་མཛོད། མཉེས་ཤིང་ཚིམས་དགའ་ཞིང་མགུ་ནས་བདག་ཅག་དཔོན་སློབ་བསྲུང་བྱར་གྱུར་པ་རྣམས་ལ། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་གྱིས་ཤིག །རྒྱབ་ཀྱི་རྟེན་ས་དང་། མདུན་གྱི་འཁར་བ་གྱིས་ཤིག །བྲོས་པའི་ར་བ་དང་གབ་པའི་སྐུང་ས་གྱིས་ཤིག །འགྲོ་ན་སྐྱེལ་བསུ་དང་འདུག་ན་རྒྱབ་རྟེན་གྱིས་ཤིག །ནད་གདོན་བར་དུ་གཅོད་པ་

p. 442

ཐམས་ཅད་ཞི་བར་མཛོད་ཅིག །ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞི་བར་མཛོད་ཅིག །མི་ནད་ཕྱུགས་ནད་ཐམས་ཅད་ཞི་བར་མཛོད་ཅིག །མིའི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་ཐམས་ཅད་རྒྱུན་ཆོད་ཅིག །དཔལ་དང་འབྱོར་པ་མངའ་ཐང་རྒྱས་པར་མཛོད་ཅིག །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །རྨིག་ཟླུམ་རྔོག་ཆགས་ཀྱི་དངོས་གྲུབ་སྩོལ་ཅིག ། མི་འཕེན་རྟ་བྲག་གི་དངོས་གྲུབ་སྩོལ་ཅིག །ཀླུ་གཡང་མི་ལ་ཕོབ་ཅིག །བཙན་ཕྱུག་དར་གསུམ་གྱི་དངོས་གྲུབ་སྩོལ་ཅིག །བང་མཛོད་འབྲུའི་དངོས་གྲུབ་སྩོལ་ཅིག །དར་རས་ཟབ་ཀྱི་དངོས་གྲུབ་སྩོལ་ཅིག །རིན་ཆེན་གསེར་དངུལ་གྱི་དངོས་གྲུབ་སྩོལ་ཅིག །སྲ་བརྟན་གོ་ཆའི་དངོས་གྲུབ་སྩོལ་ཅིག །ལྷབ་ལྷུབ་གྲོས་ཀྱི་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །རྒྱལ་བློན་ཡུལ་འཁོར་དབང་དུ་སྡུས་ཤིག །ཕྱིའི་དགྲ་བགེགས་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱི་རུ་མ་ཤོར་ཅིག །དམག་སྣ་དང་ཇག་སྣ་ཟློག་ཅིག །དགྲ་དང་རྐུན་སྣ་ཟློག་ཅིག །བསམ་ངན་སྦྱོར་རྩུབ་ཟློག་ཅིག །གོད་ཁ་གཅན་སྣ་ཟློག་ཅིག །མི་ཁ་གླེང་གཞི་ཟློག་ཅིག །གྱོད་སྣ་བྱུར་སྣ་ཟློག་ཅིག །རྒྱལ་

p. 443

པོའི་བཀའ་ཆད་ཟློག་ཅིག །རྒྱལ་འགོང་གི་གནོད་པ་ཟློག་ཅིག །མ་ཉེས་ཁ་ཡོག་ཟློག་ཅིག །དེ་ལེན་དེ་ཉེས་ཟློག་ཅིག །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཅི་རེ་ཁྱོད་ལ་རེའོ། །ལྷ་རུ་ཁྱོད་བསྟེན་ནོ། །རྒྱལ་མཚན་བཞིན་དུ་ཁྱོད་ཕྱིར་རོ། །མཐུ་དང་ནུས་པ་ཅི་འདུག་བལྟའོ། །དེ་ལྟར་མཆོད་དང་བསྟོད་ཀྱང་རེ་བའི་དོན་མ་བསྒྲུབས་ན། དགེ་བསྙེན་ཁྱོད་ལ་མཐུ་དང་ནུས་རྩལ་མི་འདུག་ཅེས་འཇིག་རྟེན་ཀུན་གྱིས་སྨོད། སྔོན་སློབ་དཔོན་པདྨའི་བཀའ་བསྒོས་པའི་དམ་ཚིག་ལ་འགལ་ལོ། །དེ་བས་ན་ལེ་ལོ་བཏང་སྙོམས་མ་མཛད་པར། བདག་གི་བཅོལ་བའི་ཕྲིན་ལས་འདི་དག་མྱུར་དུ་སྒྲུབས་ཤིག །ཨོཾ་ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། སརྦ་སིདྡྷི་ཧཱུྃ། དེ་ནས་གསོལ་ཀ་གཏོར་མ་གསོ་བྲན་བྱས་ཏེ་ཐུགས་དམ་བསྐང་བའི་རིམ་པ་འདི་ལྟར་རོ།། ཧཱུྃ། འཇིག་རྟེན་འདས་དང་མ་འདས་མཚམས། །རྒྱ་མཚོ་ཆེན་པོ་དྭངས་བའི་ནང་། །འཇམ་དཔལ་ཐུགས་ལས་སྤྲུལ་པའི་

p. 444

སྲས། །དགེ་བསྙེན་ཆེན་པོའི་ཡང་རྗེ་སྟེ། །ནཱ་ག་རཀཱའི་ཐུགས་དམ་བསྐང་། །དེ་ཉིད་ཞི་བ་ནོར་ལྷའི་ཚུལ། །མི་མགོན་དཀར་པོའི་ཐུགས་དམ་བསྐང་། །དེ་ཡི་བཀའ་འཁོར་ཀླུ་ཆེན་བརྒྱད། །བཙུན་མོ་སྲས་བཅས་ཐུགས་དམ་བསྐང་། །གནས་ཆེན་དེ་ཝི་ཀོ་ཊི་ན། །གནས་བཅས་གཏེར་གྱི་སྲུང་མ་མཆོག །དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་། །གནས་བརྒྱད་མཚན་བརྒྱད་ལྡན་པ་ཡི། །བསྟན་སྲུང་ཆེན་པོའི་ཐུགས་དམ་བསྐང་། །དེ་ཡི་བཀའ་འཁོར་ཀླུ་བདུད་ནི། །འབོ་རང་ནག་པོའི་ཐུགས་དམ་བསྐང་། །རྒྱ་གར་གྲོང་ཁྱེར་སྒྲ་སྒྲོགས་དང་། །སོག་གི་ཆུ་ལ་གནས་བཅས་པའི། །རྡོ་རྗེ་རྒྱལ་པོའི་ཐུགས་དམ་བསྐང་། །ཀླུ་མོ་ན་ར་སེང་ཧ་དང་། །ཀླུ་ཆེན་མིང་སྲིང་ཐུགས་དམ་བསྐང་། །བར་བློན་ཆེན་པོ་དྲག་རྩལ་ཅན། །དགེ་བསྙེན་ཆེན་པའི་ཐུགས་དམ་བསྐང་། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །གཡས་པས་སྦྲུལ་ཞགས་གཡོན་ནད་རྐྱལ། །ཆིབས་སུ་སྦལ་པ་གྲོ་མོ་ཆིབས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །སྤྲུལ་པ་མི་ནག་རྟ་རུ་ནུག །གཡས་པས་མདུང་དར་ནག་པོ་ཕྱར། །ནག་ཕྱོགས་ལྷ་འདྲེ་

p. 445

དབང་དུ་སྡུད། །གཡོན་པས་རུ་མཚོན་དཀར་པོ་ཕྱར། །དཀར་ཕྱོགས་ལྷ་སྲིན་བྲན་དུ་ཁོལ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཡང་གཅིག་སྤྲུལ་པ་འགྱེད་ཙམ་ན། །བནྡེ་ཆེན་པོ་གསེར་ཞྭ་ཅན། །གཡས་པས་མདུང་དར་ནག་པོ་ཕྱར། །གཡོན་པས་རུ་མཚོན་ནག་པོ་ཕྱར། །རི་བོང་ནག་པོ་དིལ་མགོ་ཙམ། །ཆིབས་ནས་དགྲ་ལ་ཡེ་འདྲོགས་གཏོང་། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །དགེ་བསྙེན་སྤྲུལ་པ་འགྱེད་ཙམ་ན། །སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ། །དབུ་ལ་པད་ཞྭ་སེར་པོ་གྱོན། །ཕྱག་གཡས་མདུང་དར་དཀར་པོ་ཕྱར། །གཡོན་པས་སྦྲུལ་ཞགས་ནག་པོ་འཛིན། །ཆིབས་སུ་རྟ་ནག་རྟིང་དཀར་ཆིབས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །གཉན་གྱི་སྤྲུལ་པ་འགྱེད་ཙམ་ན། །མི་དཀར་ཉ་ཡི་མགོ་བོ་ཅན། །ཆིབས་སུ་ཉ་ཆེན་དཀར་པོ་ཆིབས། །ཆུ་བོ་ཆུ་མདོ་ཀུན་ལ་རྒྱུགས། །ཕྱག་གཡས་ཉ་ཡི་ཕྱག་མཚན་ཕྱར། །གཡོན་པས་ཉ་མགོའི་དབྱུག་ཏོ་འཛིན། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །གནོད་སྦྱིན་སྤྲུལ་པ་འགྱེད་ཙམ་ན། །ཚོང་དཔོན་སྐྱེས་བུ་ཆ་བྱད་ཅན། །སྤྲུལ་པ་ཕྲུག་སྔོན་ན་

p. 446

བཟའ་གསོལ། །དབུ་ལ་རས་དཀར་ཐོད་ཅན་བཅིངས། །གསེར་གཡུ་བྱི་རུའི་རྒྱན་ཆ་མཛེས། །ཕྱག་ན་ནོར་བུ་ནེའུ་ལེ་བསྣམས། །ཆིབས་སུ་སྔོན་པོ་ཆུ་རིས་ཆིབས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཀླུ་བཙན་སྤྲུལ་པ་འགྱེད་ཙམ་ན། །མི་དམར་རྟ་དམར་དམག་ཆས་ཅན། །སྦྲུལ་མགོ་དྲུག་གི་གདེངས་ཀ་ལ། །སྦྲུལ་གྱི་མཇུག་མ་རྐེད་ལ་དཀྲིས། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཕྲོ། །གནམ་ལྕགས་ཐོག་སེར་དྲག་ཏུ་འབེབས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །ཡུམ་གཅིག་ཀླུ་མོ་གསེར་གྱི་མདོག ། ཕྱག་གཡས་ནོར་བུ་བེ་ཅོན་བསྣམས། །གཡོན་པས་གསེར་གྱི་པདྨ་འཛིན། །སྐུ་སྨད་མཚོ་ཡི་ནང་དུ་ནུབ། །མཚོ་སྨན་མཛེས་སྡུག་འཁོར་གྱི་ཚོགས། །སྙན་པའི་གླུ་ལེན་བྲོ་ཡང་འཁྲབ། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །བློན་པོ་མི་བོ་ཆེ་ཡི་གཟུགས། །ཐོད་པ་དཀར་པོའི་འོད་ཟེར་འཕྲོ། །དཔྲ་བར་ཟླ་བའི་གཟུགས་ཀྱིས་མཛེས། །ཕྱག་གཉིས་ཐུགས་ཀར་རྒྱལ་མཚན་འཛིན། །སྦལ་པ་སྦྲུལ་གྱི་མཇུག་ཅན་འཛིན། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། །འཁོར་ནི་རྒྱལ་རིགས་རྗེའུ་རིགས། །དམངས་རིགས་

p. 447

གདོལ་པ་བྲམ་ཟེ་སོགས། །ཀུན་གྱི་ཐུགས་དམ་བསྐང་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་རྣམས། །ཚེ་རབས་ལྔ་བརྒྱ་ཚུན་ཆད་ནས། །ཀླུ་གཉན་ཐུགས་དང་ཅི་འགལ་བ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཕ་མྱེས་སྔ་རབས་མན་ཆད་ནས། །བུ་ཚ་ཕྱི་རབས་ཡན་ཆོད་ཀྱི། །ཁྱེད་ཅག་ཐུགས་དང་འགལ་བའི་ལས། །གང་མཆིས་དེ་དག་མཐོལ་ལོ་བཤགས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཀླུ་དང་ས་བདག་ལས་གྱུར་པའི། །ནད་ཀུན་སྐད་ཅིག་ཉིད་ལ་སོལ། །པ་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ས་མཱ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་སརྦ་ནཱ་ག་ནཱ་གི །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཞེས་དགེ་བསྙེན་བསྐང་གསོལ་གཉིས་ཀ་རཱ་ག་ཨ་སྱས་སྦྱར་བའོ། །བླ་མ་མཐར་ཕྱིན་ཞེས་བྱས་ཡི་གེ་བྲིས། །མངྒ་ལཾ།། ༈ ཞེས་དེ་ནས་བར་བློན་ཆེན་པོའི་གཏོར་འབུལ་ནི། ཞི་བ་བྱེད་ན་དཀར་གཏོར་བཤམས། ཨོཾ་ཨ་ཀ་རོ་ཡིས་བྱིན་གྱིས་རླབས། །དྲག་པོ་བྱེད་ན་དམར་གཏོར་བཤམས། །དེ་ལ་དགྲ་བགེགས་བཀུག་བྱས་ནས། །ངོ་བོ་དགྲ་བགེགས་ཤ་ཁྲག་ལ། །རྣམ་པ་བདུད་རྩིར་བསམས་ལ་འབུལ། །ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མ་

p. 448

དྲོས་གཟི་ཆེན་དམ་ལ་བཏགས་པའི་ཚེ། །དགེ་བསྙེན་བར་བློན་ཆེན་པོ་ཁྱོད་ཉིད་ཀྱིས། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །གུ་རུས་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫ་ས་བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། །དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་། །སྐུ་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །བོད་ཁམས་ས་གཞི་ཞབས་ཀྱིས་བཅགས་པའི་ཚེ། །ལྕི་ཆུ་རྒྱལ་བའི་ཡངས་རྫོང་དབེན་གནས་སུ། །།དགེ་བསྙེན་ཁྱོད་ལ་དབང་བསྐུར་དམ་ཚིག་ཕོག །སྤྱི་བོར་དབང་རྟགས་རྡོ་རྗེ་བཞག་ནས་ཀྱང་། །དམ་ཚིག་བདུད་རྩི་ལྕེ་ལ་བཞག་ནས་ནི། །གནས་དང་གཏེར་གྱི་སྲུང་མར་བཀའ་བསྒོས་ཚེ། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །གུ་རུའི་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་

p. 449

དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད། །ལྷོ་ནུབ་སྲིན་པོ་འདུལ་དུ་བྱོན་དགོངས་དུས། །ཆུ་བོ་ལོ་ཧི་ཏ་ཡི་ཀླུང་འགྲམ་དུ། །ཁྱེད་ཅག་ཀླུ་རིགས་ཐམས་ཅད་དེར་འཚོགས་ནས། །མ་འོངས་སློབ་དཔོན་པདྨའི་བརྒྱུད་འཛིན་ལ། །གནོད་པའི་དགྲ་བོ་བསྒྲལ་བའི་དམ་བཅའ་ཕུལ། །གུ་རུའི་གཏེར་རིགས་བརྒྱ་དང་རྩ་བརྒྱད་མཛད། །སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ། །གུ་རུའི་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ། །སེམས་དཔའ་ཆེན་པོ་རང་བྱུང་རྡོ་རྗེ་ཡིས། །སོག་གི་ཆུ་ལ་དགེ་ཟམ་བཙུགས་དགོངས་

p. 450

དུས། །ཁྱེད་ཅིག་བར་བློན་རྣམས་ཀྱིས་མ་བཟོད་ནས། །ས་གཡོས་རི་འགུལ་འབྲུག་སྒྲ་ཐོག་སེར་ཕབ། །དེ་ཚེ་སེམས་དཔའ་ཐུགས་རྗེ་དྲག་པོར་ཁྲོས། །སྲ་མཁྲེགས་བྲག་ལ་་ཕྱག་གིས་ལྕགས་ཐག་བཏབ། །ལྟ་བས་ཟིལ་གྱིས་མནན་ནས་དམ་ལ་བཏགས། །དེ་ཚེ་བསྟན་པ་བསྲུང་བར་ཁས་བླངས་ཤིང་། །ཀླུ་ཟོག་དུང་དཀར་རྭ་ཅོ་ཅན་སོགས་ཕུལ། །སངས་རྒྱས་བསྟན་པ་བསྲུང་བར་མི་ཆད་དམ། །གུ་རུའི་རྗེས་འཇུག་སྐྱོང་བར་མ་ཆད་དམ། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། །དེ་འོག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །མི་འགྱུར་རྡོ་རྗེ་རོལ་པ་རྩལ་ཉིད་ཀྱིས། །གནམ་ཆོས་ཐུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཁྱེད་ཅག་འཇིག་རྟེན་ལྷ་འདྲེ་ཐམས་ཅད་ཀྱིས། །རང་རང་གཟུགས་བསྟན་སྲོག་གི་སྙིང་པོ་ཕུལ། །གནམ་ཆོས་བསྟན་པ་བསྲུང་བའི་ཆད་ཐོ་བྱས། །གནམ་ཆོས་གཏེར་བློན་ཆོས་ཀྱི་བདག་པོ་ལ། །ཉམས་དང་རྨི་ལམ་

p. 451

གཟུགས་དང་སྤྲུལ་པ་བསྟན། །གྲྭ་སློབ་བརྒྱུད་པར་བཅས་པ་ཐམས་ཅད་ལ། །གནོད་འཚེ་སྤང་ཞིང་སྡོང་གྲོགས་བྱའོ་ཞེས། །ཁ་ཙམ་མིན་པར་སྙིང་ནས་ཐ་ཚིག་ཕུལ། །ཁྱེད་ཅག་འཇིག་རྟེན་གཙང་མ་རིས་ཀྱི་ལྷ། །ལྷ་ངག་ནམ་ཡང་རྫུན་པ་མི་མངའ་བས། །དམ་རྫས་བཀའ་ཡི་གཏོར་མ་འདི་ལོངས་ལ། །གནོད་འཚེ་འཁུ་ལྡོག་ནམ་ཡང་མ་བྱེད་པར། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཞི་བ་ཡིན་ན་གནས་པའི་ཕྱོགས་སུ་ཕུལ། །དྲག་པོ་ཡིན་ན་གནོད་པའི་ཕྱོགས་སུ་ཕུལ། །འདི་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེ་བྲིས། །མངྒ་ལཾ།། །།

p. 452

དགེ་བསྙེན་བར་བློན་གསོལ་བསྡུས་ནི། །བྷཾ་ལས་རིན་ཆེན་སྣོད་ཡངས་པར། །གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རློབས། །ཟག་མེད་བདེ་བ་བསྐྱེད་པ་འདི། །ཀླུ་ཡི་དགེ་བསྙེན་དམ་ཚིག་ཅན། །འབོ་རང་ཡབ་ཡུམ་བློན་འཁོར་བཅས། །འཁོར་དང་བཅས་པ་ཐམས་ཅད་ལ། །འབུལ་ལོ་བཞེས་ནས་ཚིམ་གྱུར་ཅིག །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །ཨོཾ་ནཱ་ག་ཅི་ཅི་འབེ་འབེ་སྭཱ་ཧཱ། ཨོཾ་ནཱ་ག་ཨུ་པ་སི་ཀཱ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། རཱག་ཨ་སྱས་མཛད་པའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུ།།

བར་བློན་ཆེན་པོའི་མདུན་བསྐྱེད་གསལ་བ།

p. 453

བར་བློན་ཆེན་པོའི་མདུན་བསྐྱེད་གསལ་བར་བཞུགས་སོ།། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ རང་ཉིད་པདྨ་འབྱུང་གནས་དཀར། །རྡོ་རྗེ་གཡས་ལ་བྷན་གཡོན། །ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད། །སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས། །དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ༔ དེ་མཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་འཕྲོས་པས་རྔ་ཡབ་ནས། །རང་འདྲ་དཔག་མེད་སྤྱན་དྲངས་ཐིམ། །བྱིན་རླབས་གཟི་བརྗིད་འོད་དུ་འབར། །དེ་ཡི་ངང་ལས་སྔགས་འདི་བཟླ། །ཨོྃ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྒྱ་རྩ་བཟླ། ཨོཾ་བཛྲ་ཨརྒྱུ་སོགས། ཤབྡ་ཨ་མྲྀ་ཏ་བ་ལི་རཀྟ་ལ་ཁཱ་ཧི། ཧཱུྃ། སྐྱེ་རྒ་ན་འཆི་སྐྱོན་གྱིས་མ་གོས་པའི། །ཕ་མེད་མ་མེད་པདྨའི་སྦུབ་ལས་འཁྲུངས། །རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ། །པད་འབྱུང་བྷནྡྲ་འཛིན་ལ་ཕྱག་འཚལ་བསྟོད། །

p. 454

ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝས་སྦྱངས། རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་རྒྱ་མཚོ་ཆེན་པོ་འཁྱིལ་བའི་དབུས་སུ་ནོར་བུ་རིན་པོ་ཆེའི་གྲམ་ལྟར་བརྡལ་བའི་ཁྲོད་དུ་ཡི་གེ་ཕུཡོངས་སུ་གྱུར་པ་ལས། བར་བློན་ཆེན་པོ་རྡོ་རྗེ་དབང་དྲག་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞི་འཛུམ་བཞད་པའི་ཉམས་དང་ལྡན་པའི་ཞལ་གཅིག་ཕྱག་གཉིས། གཡས་སྦ་ལྕག་དཀར་པོའི་རྩེ་མོར་ནོར་བུ་རིན་ཆེན་འབར་བ་དར་གྱི་ཅོད་པན་འཕུལ་བ་ནམ་མཁར་ཕྱར་བ། གཡོན་པས་གཟི་མཆོང་གསེར་ལས་གྲུབ་པའི་བུམ་པའི་ནང་དུ་ཚེ་བཅུད་འབྱུང་བའི་དྭངས་མ་དགོས་འདོད་ལོངས་སྤྱོད་ཀྱི་ཟས་སྐོམ་ཕུན་སུམ་ཚོགས་པ་དང་། ཅང་ཤེས་དཀར་པོའི་སྲབ་སྐྱོགས་ཁ་ལོ་བསྒྱུར་བ་རྣམ་པ་འདོད་པའི་ལོངས་སྤྱོད་ཆར་ལྟར་འབེབས་པ། སྐུ་ལ་དར་དཀར་གྱི་ན་བཟའ་གསོལ་བ་ལ་མེ་ཏོག་པདྨའི་ཕྲེང་བ་བཀོད་པ་གོང་བ་ལ་སྟག་ལག་བཀྲ་བ། སྐ་རགས་ལ་རིན་པོ་ཆེ་བཻཌཱུརྱ་སྔོན་པོའི་སྟེང་དུ་གསེར་གྱི་གའུ་ལ་མུ་ཏིག་གི་ཟར་བུས་བརྒྱན་པ། ཞབས་ལ་སྲག་ལྷམ་སྔོན་པོ་གསོལ་བ་ལ། གསེར་གྱི་སྐུད་པས་མཛེས་ཤིང་ནོར་བུ་རིན་པོ་ཆེས་སྤྲས་པ། དབུ་ལ་དཔའ་བོ་རྟགས་ཅན་གྱི་

p. 455

དབུ་ཞྭ་ལ་དར་ཐོད་དམར་པོས་སྤྲས་ཤིང་གཡི་དཀར་པགས་པས་ཁ་འདྲིལ་བྱས་པ་གསོལ་ཞིང་སྣང་སྲིད་ཁ་ལོར་བསྒྱུར་བ། ཆིབས་སུ་འཕྲུལ་ལྡན་གྱི་ཅང་ཤེས་དཀར་པོ་རྔོག་དང་རྔ་མ་གཡུ་ལས་གྲུབ་པ། སྒ་སྲབ་རིན་པོ་ཆེ་གསེར་ལས་གྲུབ་པ་མཛེས་ཤིང་ལྟ་ན་སྡུག་པའི་ཆ་བྱ་ཅན་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་བར་སྣང་སུ་འགྲོས་མགྱོགས་སྲིད་པའི་རླུང་བཞིན་དུ་ཡུད་ཡུད་བརྒྱུགས་ནས་སྒྲུབ་པ་པོ་ལ་གང་བཅོལ་དངོས་གྲུབ་ཀྱི་ལས་ཐམས་ཅད་སྐད་ཅིག་ཏུ་སྒྲུབ་པར་བྱེད་པ། སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་ཐོགས་ནས་ཉེས་བྱེད་ཀྱི་དགྲ་བོ་རྡུལ་དུ་རླག་པར་བྱེད་པ། མཆན་ཁུང་ཕྲག་པ་ལ་དར་དཀར་གྱི་རུ་མཚོན་དང་རྒྱལ་མཚན་ཕྱར་བས་སངས་རྒྱས་ཀྱི་བསྟན་པ་དང་སྔགས་འཆང་སྒྲུབ་པ་པོ་ལ་སྲིད་ཞིའི་བདེ་ལེགས་ཡོན་ཏན་ཐམས་ཅད་འཕེལ་བར་བྱེད་པ་ཞིག་ཏུ་གྱུར། དེའི་གཡས་སུ་གཡག་ཁམས་པ་རྭ་ཅོ་གཡུ་ལས་འཚེར་བ་བརྒྱ། གཡོན་དུ་སྦལ་པ་སྦྲུལ་དང་རྟ་སྔོན། རི་བོང་ནག་པོ་བརྒྱ། རྒྱབ་ཏུ་བརྗེ་སེར་པོ་བུད་མེད་ཉ་དང་ལྕོང་མོ་སྔོན་མོ་བརྒྱ། མདུན་དུ་མོ་བཙུན་སྔོན་མོ་རིན་པོ་ཆེའི་རྒྱན་དང་། རྒྱ་མཚོ་ཆེན་པོ་གཡས་སུ་འཁྱིལ་བ་ལ་རིན་པོ་

p. 456

ཆེའི་ཕྲ་བཏབ་པས་བསྐོར་བ་བརྒྱ། དེ་ཐམས་ཅད་ལྷ་མིའི་ཁྲོམ་འཚོགས་པ་ལྟར་གསལ་བའི་གནས་གསུམ་ཡི་གེ་གསུམ་ཡིག་རེ་རེ་ལས་འོད་ཟེར་འཕྲོས་པས་གནས་ཆེན་དེ་ཝི་ཀོ་། ཊ། རོལ་པའི་མཚོ་བདུན་དང་། མཁར་ཆུ་དཔལ་གྱི་ཕུག་རིང་། མ་དྲོའི་རྒྱ་མཚོ་ཆེན་པོ། ཆུ་བོ་ཆེན་པོ་ལོ་ཧི་ཏའི་འགྲམ། སོག་ཆུ་སྔོན་མོ། ལྕི་ཆུ་རྒྱལ་བའི་ཡངས་རྫོང་གང་ན་བཞུགས་ཀྱང་སྐད་ཅིག་གིས་གནས་འདིར་སྤྱན་དྲངས། བཛྲ་ས་མཱ་ཛ་ཛ༔ ཞེས་བརྗོད་ལ། ཧཱུྃ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །གཞུང་ལྟར་མཆོད་བསྟོད་བྱའོ། །ས་བརྒྱད་ལ་གནས་སེམས་དཔའ་དཀར་པོ་ལ། །གསོལ་མཆོད་བྱས་པས་ཕན་གྲོགས་སྡོང་གྲོགས་བྱས། །ནད་དང་གནོད་པ་དུས་མིན་འཆི་བ་ཀུན། །ཉམ་ངའི་འཚེ་བ་མ་ལུས་ཀུན་བྱང་ཞིང་། །ལོངས་སྤྱོད་དཔལ་ལྡན་ཟས་བཅུད་ཕུན་སུམ་ཚོགས། །ཁ་ཞེ་མེད་པར་རིག་འཛིན་ཐ་ཚིག་ཕུལ། །ཁོ་བོས་སྒྲུབ་པར་འགྱུར་བ་ཐེ་ཚོམ་མེད། །སྐུ་མདོག་ཕྱག་མཚན་གསལ་བའི་ཚད་ཐོ་འདིའི། །ཉམས་དང་རྨི་ལམ་ཞལ་གཟིགས་ལུང་བསྟན་བྱུང་། །ཡུལ་ཕྱོགས་ལྕི་རྒྱུད་འགྲོ་ལ་ཕན་པར་བསམ། །གཏེར་བློན་རཱ་ག་ཨ་སྱ་བདག་གིས་སྦྱར། །དགེ་བས་འགྲོ་རྣམས་བདེ་སྐྱིད་དཔལ་ལ་སྤྱོད། །ཉེས་འགལ་གང་མཆིས་སྲུང་མ་རྣམས་ལ་བཤགས། །དགེའོ། སརྦ་མངྒ་ལཾ།།

ཀླུའི་དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་མཆོད་ཆོག་ཡིད་བཞིན་ནོར་བུའི་འབྱུང་གནས་ཕན་བདེའི་རླབས་ཕྲེང་རབ་ཏུ་གཡོ་བ།

p. 457

ཀླུའི་དགེ་བསྙེན་ཆེན་པོ་རྡོ་རྗེ་བདུད་འཇོམས་ཀྱི་མཆོད་ཆོག་ཡིད་བཞིན་ནོར་བུའི་འབྱུང་གནས་ཕན་བདེའི་རླབས་ཕྲེང་རབ་ཏུ་གཡོ་བ་ཞེས་བྱ་བ་བཞུགས་སོ།།

p. 458

ན་མོ་པདྨ་ཀ་ར་ཡེ། རྒྱལ་བ་པདྨ་འབྱུང་གནས་དང་། །རྒྱལ་སྲས་རང་བྱུང་རྡོ་རྗེ་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དེ་ཡི་བཀའ་ཉན་དམ་ཚིག་ཅན། །དགེ་བསྙེན་ཆེན་པོའི་མཆོད་ཐབས་བྲི། །ཤ་ཁྲག་མ་གི་ཏ་སོགས་ཀྱིས། །དྲི་མ་མེད་པའི་སྣོད་གཙང་དུ། །དཀར་གཏོར་རྩེ་རྒྱལ་སྤྲུལ་གཅུད་པ། །རྩེ་ལ་ནོར་བུ་ཉི་ཟླས་བརྒྱན། །ཐ་མར་ཉ་ལྕོང་སྦལ་སྦྲུལ་བསྐོར། །ཀླུ་སྨན་དཀར་གསུམ་ཕུད་ཀྱིས་བྲན། །རང་ཉིད་པདྨའི་ང་རྒྱལ་གྱིས། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་བླ་མཚོ་མེར་བ་ཐ་མ་རིན་པོ་ཆེའི་བྲག་རི་དང་ལྗོན་

p. 459

ཤིང་མཛེས་པའི་ཕྲེང་བས་བསྐོར་བ། སྟེང་ན་སྤྲིན་ནག་འཇིགས་པའི་བླ་བྲེ་ལ་འབྲུག་སྒྲ་སྒྲོག་ཅིང་གློག་དམར་འཁྱུག་པ། ན་བུན་སྔོན་པོ་དང་འཇའ་ཚོན་སྣ་ལྔའི་ཡོལ་བ་བྲེས་ཤིང་ཆར་གྱི་རྒྱུན་འབེབས་པ། དེའི་དབུས་སུ་རིན་པོ་ཆེའི་སྐུ་མཁར་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེའི་དྲྭ་བ་དང་གཡེལ་ཁ་དང་། དར་སྣ་ཚོགས་ཀྱིས་བ་དན་དང་རྒྱལ་མཚན་དང་འཕན་ཕྱར་བ། འོག་གི་སྒོ་ཆེན་གནམ་ལྕགས་ཀྱི་ཕོག་བུ་དང་སྒོ་ལུང་གིས་བརྒྱན་པ། སྟེང་གི་སྒོ་སུམ་རལ་ལས་ལྷའི་དར་ཆེན་གྱིས་ཤམ་བུ་བརྐྱང་བ། རིན་པོ་ཆེའི་སྒྲོམ་བུ་དཔག་ཏུ་མེད་པ་དང་ལོངས་སྤྱོད་ཀྱི་

p. 460

ཁྱད་པར་དུ་ཉེ་བར་ཕྱུག་པ། དེའི་དབུས་སུ་རིན་པོ་ཆེའི་ཁྲི་དར་ཟབ་སྣ་ཚོགས་ཀྱིས་བཀླུབས་པའི་སྟེང་དུ། པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཕུཡིག་དཀར་སེར་ཡོངས་སུ་གྱུར་པ་ལས། ཀླུའི་དགེ་བསྙེན་ཆེན་པོ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་རབ་ཏུ་དགྱེས་ཤིང་འཛུམ་པ། ཕྱག་གཡས་སྦ་ལྕག་དང་གཡོན་ནོར་བུ་བསྣམས་པ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་དར་ཐོད་ཀྱིས་བརྒྱན་པ་དང་སྐུ་ལ་མེ་ཏྲི་དམར་པོའི་ན་བཟའ་ཟ་འོག་གི་གོང་ལག་ཅན་གསོལ་བ། རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའི་ཆུ་རྟ་སྔོན་པོ་རི་ལོག་ཙམ་ལ་ཆིབས་པ། དེའི་འཁོར་དུ་བློན་པོ་དང་ནང་མི་དམག་སྡེའི་ཚོགས་དང་། མཚོ་སྨན་ཀླུ་མོ་མཛེས་སྡུག་གི་ཚོགས་དང་ཕོ་ཉ་ལས་མཁན་སྤྲུལ་པའི་ཆུ་གནས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གཙོ་བོའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། བསྒོམ་པ་དང་འདྲ་བའི་དགེ་བསྙེན་འཁོར་དང་བཅས་པ་སྤྱན་དྲངས། ཧཱུྃ། མཐིང་མདོག་རྔམ་པའི་ཆུ་གཏེར་ལས། །མཛེས་པའི་རླབས་འཕྲེང་ཀྱི་ལི་ལི། །རྡོ་རྗེ་བྲག་རིའི་ཕོ་བྲང་གདལ། །སྣ་ཚོགས་ལྗོན་

p. 461

ཤིང་ཐིབས་སེ་ཐིབ། །རིན་ཆེན་ས་འཛིན་ལྷུན་ཆགས་པ། །དགེ་བསྙེན་ཞལ་གྱི་དཀྱིལ་འཁོར་བཀྲ། །རིན་ཆེན་མཆོང་བྲག་དམར་པོ་ལ། །ཆུ་སྲིན་རྒྱལ་པོའི་གཟུགས་སུ་སྣང་། །སྐྱེ་འགྲོ་མི་ཡི་འགྲིམ་ལམ་ལ། །ལྟོ་འགྲོ་སྦྲུལ་གྱི་གཟུགས་སུ་སྣང་། །སྟེང་ན་ཆུ་འཛིན་མཐིང་ནག་ལ། །གློག་དམར་འཁྱུག་ཅིང་འབྲུག་སྒྲ་སྒྲོག །ན་བུན་སྔོན་པོའི་ཡོལ་བ་ལ། །འཇའ་ཚོན་སྣ་ལྔའི་ཤམ་བུ་ཅན། །དེ་དབུས་ཡིད་ལས་སྤྲུལ་པ་ཡི། །རིན་ཆེན་ལས་གྲུབ་སྐུ་མཁར་ནས། །ལོངས་སྤྱོད་རྣམ་པ་སྣ་ཚོགས་ལྡན། །འཇའ་ཚོན་གདུགས་ཕུབ་ཀྱི་ལི་ལི། །ཤེལ་གྱི་ཁུ་འཕང་ཤ་ར་ར། །གཡུ་ཡི་ན་བུན་ཐུ་ལུ་ལུ། །ཉ་སྲམ་མང་པོ་ཕྱ་ལ་ལ། །ཆུ་གླང་རྭ་རྩེ་ཁྲ་ལ་ལ། །སྦལ་སྦྲུལ་མང་པོ་ཉི་ལི་ལི། །དེ་འདྲའི་གནས་ཀྱི་ཕོ་བྲང་ནས། །དགེ་བསྙེན་ཆེན་པོ་དབྱི་དོ་ཁྱོད། །ཐུགས་ལ་ཞེ་སྡང་མ་འཆང་ལ། །ལུས་ལ་མཚོན་ཆ་མ་བཏགས་ལ། །ཞི་ཞིང་བྱམས་པའི་སེམས་ཀྱིས་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱོད་ཀྱི་རྫུ་འཕྲུལ་སྟོབས་ཀྱིས་ནི། །བཞུགས་གནས་གཅིག་ཏུ་མ་ངེས་ཏེ། །ཆུ་བོ་ཀུན་དང་ཆུ་

p. 462

ཡི་མདོ། །མཚོ་དང་རྫིང་བུ་ནེའུ་སེང་དང་། །ལྗོན་ཤིང་བྲག་རི་སྐྱེད་མོས་ཚལ། །ཆུ་མིག་ཁྲོན་པ་ལུ་མ་སོགས། །བཞུགས་ནས་གང་དུ་བཞུགས་གྱུར་ཀྱང་། །མཆོད་པ་འབུལ་ཞིང་བཞེས་སླད་དུ། །དགྱེས་ཤིང་ཕན་པའི་སེམས་ཀྱིས་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཀླུ་ཡི་དགེ་བསྙེན་ཆེན་པོ་ཡི། །འཁོར་ན་གནས་པའི་རྫུ་འཕྲུལ་ཅན། །བཙུན་མོ་བློན་པོ་དཔུང་དང་བཅས། །ཀླུ་དང་ས་བདག་སྨན་གྱི་ཚོགས། །དཀོན་མཆོག་གསུམ་གྱི་བཀའ་ཉན་ཞིང་། །དཀར་པོའི་ཕྱོགས་ལ་དགའ་བ་རྣམས། །མཆོད་པ་འབུལ་ཞིང་བཞེས་སླད་དུ། །དགའ་ཞིང་གུས་པའི་སེམས་ཀྱིས་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཧཱུྃ། ཆེན་པོ་དག་ལ་མངོན་པར་འོས་པ་ཡི། །རིན་ཆེན་ཁྲི་མཆོག་རབ་མཛེས་དར་གྱིས་བཀླུབས། །འདམ་སྐྱེས་ནམ་མཁའི་ཐིག་ལེ་གདལ་བའི་སྟེང་། །ཕན་བདེའི་འབྱུང་གནས་སྐྱོང་བའི་ཡི་དམ་ཅན། །དགེ་བསྙེན་ཆེན་པོ་དགྱེས་ཤིང་བཞུགས་སུ་གསོལ། །རང་རང་འོས་ཤིང་འཚམས་པའི་གདན་སྟེང་དུ། །བཙུན་མོ་བློན་པོ་

p. 463

འཁོར་གཡོག་བཅས་པ་རྣམས། །རབ་ཏུ་དགའ་ཞིང་གུས་པའི་སེམས་ཀྱིས་ནི། །ཕན་པའི་སེམས་ཀྱིས་བརྟན་པར་བཞུགས་སུ་གསོལ། །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསིལ་བ་ཚལ་དུ་ཀླུ་སྲིན་ཐམས་ཅད་བཏུལ། །མལ་དྲོའི་ནང་དུ་ཀླུ་རིགས་ཐམས་ཅད་བཏུལ། །དེ་རྗེས་གྲངས་མེད་སྤྲུལ་པའི་རྫུ་འཕྲུལ་གྱིས། །བོད་ཡུལ་ཀླུ་དང་ས་བདག་ཐམས་ཅད་བཏུལ། །དེ་རྗེས་ལོ་ཧི་ཏ་ཡི་ཀླུང་འགྲམ་དུ། །བོད་ཡུལ་ས་བདག་ཀླུ་གཉན་ཐམས་ཅད་ཀྱིས། །བསྟན་པ་སྲུང་བར་ཁས་བླངས་སྲོག་སྙིང་ཕུལ། །དེ་རྗེས་སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །བསྟན་སྲུང་དགེ་བསྙེན་ཆེན་པོ་རྩིས་ལ་ཕབ། །སྔོན་གྱི་དམ་ཚིག་རྗེས་སུ་དྲན་མཛོད་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལས་ལས་གྲུབ་པའི་དགེ་བསྙེན་ཆེན་པོའི་འཁོར། །རིག་འཛིན་རྒྱལ་བའི་ཞལ་ཡང་མ་མཐོང་ཞིང་། །རྫུ་འཕྲུལ་སྟོབས་ཀྱིས་ཆོ་འཕྲུལ་ཅིར་ཡང་སྟོན། །ཆུ་བོ་ཆུ་མདོ་ཀུན་ཏུ་རྒྱུ་བ་རྣམས། །དཀོན་མཆོག་གསུམ་གྱི་བདེན་པའི་བཀའ་ལ་

p. 464

ཉོན། །རང་གི་ལུས་ལ་གནོད་པའི་དཔེ་ལོངས་ལ། །སེམས་ཅན་གཞན་ལ་གནོད་པར་མ་བྱེད་ཅིག །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ས་མ་ཡ་མ་ནུ་སྨ་ར་ཡ་ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། གང་དག་དཀོན་མཆོག་གསུམ་ལ་མི་མངོན་ཞིང་། །ཕན་གནོད་རྒྱུ་འབྲས་མི་ཤེས་ནག་པོའི་རིགས། །མཆོད་པ་དག་ལ་དགའ་བའི་སེམས་མེད་པ། །ཇི་ལྟར་བྱས་ཀྱང་གནོད་འཚེའི་རང་བཞིན་ཅན། །ཀླུ་ཐིལ་ཀླུ་སྲིན་འབྱུང་པོའི་རིགས་རྣམས་ཀྱང་། །འདི་རུ་མ་གནོད་གཞན་དུ་མྱུར་དུ་དེངས། །ཨོཾ་ནཱ་ག་ར་ཛཱ་ཏྲི་ཕྲལ་ཤག །ནོར་སན་ཚ་ཚ་ཐ། བཅོམ་ལྡན་མི་བསྐྱོད་རྒྱལ་པོའི་ཐུགས་རྗེའི་ཆུས། །ཀླུ་ཡི་སྒྲིབ་གཉིས་བག་ཆགས་ཀུན་བྱང་ནས། །གཏི་མུག་ཕྲག་དོག་ལ་སོགས་དུག་རྣམས་ཞི། །མྱུར་དུ་བྱང་ཆུབ་མངོན་དུ་བྱེད་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་སོགས་བཟླ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་པ་ནས། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཛཱ་ཏི་ལ་སོགས་ཀླུ་སྨན་སྣ་ཚོགས་པ། །ཏིང་འཛིན་སྔགས་ཀྱིས་བྱིན་རླབས་ཕུལ་བ་ཡིས། །ཀླུ་ཡི་ནད་རྣམས་མ་ལུས་ཞི་གྱུར་ཅིག །ཉམས་ཞིང་རྒུད་པ་ཐམས་ཅད་

p. 465

སོར་ཆུད་དེ། །དཔལ་དང་གཟི་བརྗིད་མཐུ་སྟོབས་རབ་རྒྱས་ནས། །བདེ་སྐྱིད་དགེ་ལེགས་དཔལ་ལ་ལོངས་སྤྱོད་ཤོག །ཨོཾ་ནཱ་ག་ར་ཙ་བུདྡྷ་བྷ་ག་ཝན། ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་ཧ་ཧུ་ཧུ། ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ། ཧཱུྃ་ལས་རིན་ཆེན་སྣོད་དུ་ཨོ་ཡིག་ལས། །སྣ་ཚོགས་མཆོད་སྤྲིན་ཀླུ་དབང་མགུ་བྱེད་པ། །རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཟག་མེད་བདེ་བ་བསྐྱེད་པ་ཉིད་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨོ། དཀར་གསུམ་མཆོད་ཡོན་ཀླུ་ཤིང་མེ་ཏོག་རྒྱས། །བཟང་ཤིང་དུད་སྤྲིན་རིན་ཆེན་སྣ་ཚོགས་པ། །རྒྱ་ཇའི་དྲི་བསུང་མངར་གསུམ་རོ་བརྒྱ་པ། །ཡིད་འོང་སྒྲ་དང་འདོད་ཡོན་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །སྣ་ཚོགས་ཆུ་གནས་གཟུགས་དང་ཤེལ་ཚིགས་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝ་ར་ཨབྷཾ་སོགས། ཨོ། ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །རོ་བརྒྱ་ལྡན་པའི་ཞལ་ཟས་ཤེལ་གྱི་མདོག །ཀླུ་རྣམས་མགུ་ཞིང་རྒྱས་པ་སྐྱེད་བྱེད་གྱུར། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །

p. 466

འབྱམས་ཀླས་འཇིགས་ཀུན་བྲལ་ཕྱག་འཚལ་ལོ། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀླུ་བདུད་དགེ་བསྙེན་དབྱི་དོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འབུལ་བ་འདི་བཞེས་ལ། །ཡུལ་ཕྱོགས་འདི་རུ་ལོ་ལེགས་འཁྲུག་པ་ཞི། །བདེ་སྐྱིད་ཡུལ་ལྷ་ལྟར་བུ་འབྱོར་བར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །ཀླུ་ནད་གཉན་ནད་ཆུ་ཡི་གནོད་པ་དང་། །དགྲ་གྱོད་རྒྱལ་པོའི་འཇིགས་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་རྒྱས། །ཆོས་སྲིད་སྙན་གྲགས་དར་ཞིང་རྒྱས་པར་མཛོད། །རྒྱལ་བློན་འབངས་འཁོར་ཡུལ་ཁམས་ཐམས་ཅད་དང་། །འབྲུ་ནོར་ཇ་དར་དབང་དུ་འདུ་བར་མཛོད། །བདག་ལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །གང་ན་འདུག་ཀྱང་རྡུལ་དུ་བརླག་པར་མཛོད། །ཧཱུྃ། དགེ་བསྙེན་ཆེན་པོ་མཐུ་བོ་ཆེ། །ཞལ་བཟང་ཟླ་བ་རྒྱས་པ་འདྲ། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །སྐུ་ལ་ན་བཟའ་མི་ཏྲི་ལ། །ཟ་འོག་དམར་པོས་གོང་ལག་བྱས། །ཕྱག་གཡས་སྦ་ལྕག་

p. 467

དཀར་པོ་ལ། །དར་ཚོན་སྣ་ལྔའི་འཕན་ཕྲན་དང་། །རིན་ཆེན་སྣ་ལྔའི་ལྕག་འབྲས་བཏགས། །ཕྱག་གཡོན་ཡིད་བཞིན་ནོར་བུ་བསྣམས། །དགོས་འདོད་སྣ་ཚོགས་ཆར་ལྟར་འབེབས། །ཤིན་ཏུ་རྔམ་པའི་གཟི་བརྗིད་འབར། །འོད་ཟེར་ཉི་མ་ཤར་བ་འདྲ། །ལས་ལས་གྲུབ་པའི་ཆུ་རྟ་ནི། །སྔོན་པོ་རི་ལོག་ཙམ་ལ་ཆིབས། །རྔ་རྔོག་གསེབས་ནས་སྦལ་སྦྲུལ་འཕྲོ། །གོང་སྨད་གློ་ནན་སྦྲུལ་ལས་བྱས། །གསེར་སྲབ་གཡུ་མཐུར་སྟག་ས་ཅན། །སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར། །ཀླུ་ཡི་དགེ་བསྙེན་དམ་ཚིག་ཅན། །རྡོ་རྗེ་བདུད་འཇོམས་ཞེས་སུ་གྲགས། །དགེ་བསྙེན་དབྱི་དོ་ཁྱོད་ལ་བསྟོད། །ཧཱུྃ། ཡང་གཅིག་སྤྲུལ་པ་མཛད་ཙམ་ན། །ཚོང་དཔོན་སྐྱེས་བུ་རྫུ་འཕྲུལ་ཅན། །ཞལ་རས་བརྗིད་ཅིང་འཛུམ་པའི་ཞལ། །དབུ་ལ་རས་དཀར་ཐོད་ཆེན་བཅིངས། །སྐུ་ལ་ཕྲུག་སྔོན་ན་བཟའ་གསོལ། །གསེར་གཡུ་བྱི་རུའི་སྙན་ཆ་མཛེས། །ཕྱག་ན་ཡིད་། བཞིན་ནོར་བུ་དང་། །ཐམ་ཁ་ལྡེ་མིག་མང་པོ་བསྣམས། །དངོས་གྲུབ་སྣ་ཚོགས་གཏེར་སྒོ་འབྱེད། །འཁོར་དང་ལོངས་སྤྱོད་ཐམས་ཅད་ནི། །གནོད་གནས་དབང་པོ་ཉིད་དང་

p. 468

མཚུངས། །གནས་པོ་ཆེན་པོ་ཁྱོད་ལ་བསྟོད། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །ཧཱུྃ། ཁྱོད་ཀྱི་འཁོར་དང་ཕོ་ཉ་ནི། །མཚོ་སྨན་ཀླུ་མོ་མང་པོ་ནི། །ཀླུ་ལེན་བྲོ་རྡུང་ཁྲིགས་སེ་ཁྲིག །ཀླུ་བདུད་ཀླུ་བཙན་མང་པོའི་ཚོགས། །ཆོ་འཕྲུལ་སྣ་ཚོགས་ཟངས་སེ་ཟང་། །སྤྲུལ་པའི་ཉ་ཆེན་སྦྲུལ་ཆེན་རྣམས། །ཁ་རླངས་ན་བུན་ཐིབས་སེ་ཐིབ། །སྤྲུལ་པའི་ཆུ་གླང་གཡག་རྒོད་རྣམས། །རུ་རྩད་ངར་སྒྲ་དི་རི་རི། །འཁོར་ཚོགས་སྤྲུལ་པ་ཐམས་ཅད་ལ། །བདག་གིས་རབ་ཏུ་བསྟོད་པར་བགྱི། །ཧཱུྃ། དགེ་བསྙེན་ཀླུ་བདུད་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་ཚུར་གསོན་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཕ་མྱེས་སྔ་རབས་མན་ཆད་ནས། །ད་ལྟའི་དུས་འདི་ཡན་ཆད་དུ། །ཐུགས་དང་འགལ་བར་གྱུར་པ་ཡི། །ས་གཉན་བརྐོས་དང་རྡོ་གཉན་རློག །ཤིང་གཉན་བཅད་དང་ཐབ་གཞོབ་བྱས། །མནའ་གཉན་བརྐྱལ་ལམ་གཏད་ཁྲམ་བྱས། །གཟིར་ནན་དྲག་ལས་ཐུབ་ཐུབ་བྱས། །ཞིང་མུ་བཅད་དམ་ཁང་ལས་བྱས། །མཆོད་པའི་ཕུད་ཉམས་འབག་བཙོག་བྱས། །དེ་སོགས་ཐུགས་དང་འགལ་བ་རྣམས། །

p. 469

རབ་ཏུ་འགྱོད་པས་མཐོལ་ཞིང་བཤགས། །ཞི་ཞིང་བྱམས་པའི་ཐུགས་ཀྱིས་ནི། །བཟོད་པ་དམ་པ་མཛད་དུ་གསོལ། །ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ཨོཾ་བཛྲ་སཏྭ་ས་མ་ཡ། ཞེས་སོགས་ཡིག་བརྒྱ་བརྗོད། དེ་ནས་ལས་ལ་བསྐུལ་ན། ཐུན་གཏོར་ལ་དགྲ་བོ་བཀུག་གཞུག་བྱས་ནས་དེའི་ཤ་ཁྲག་ཏུ་དམིགས་ལ་འབུལ་བ་ནི། ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཉིད། །ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་དགོངས་ཚེ། །ཀླུ་ཡི་རྒྱལ་པོ་འཛིན་ཤེས་གཏོང་མི་ཤེས། །རྒྱལ་རིགས་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས། །གདོལ་པ་ནག་པོ་སློབ་དཔོན་དྲུང་དུ་བྱུང་། །གཞན་ཡང་བོད་ཀྱི་ས་བདག་ཀླུ་གཉན་དང་། །ལྷ་འདྲེ་གཅིག་ཀྱང་མ་ལུས་དེར་འཚོགས་ནས། །མ་འོངས་སློབ་དཔོན་པདྨའི་རྗེས་འཇུག་ལ། །གནོད་པའི་དགྲ་བོ་བསྒྲལ་བར་མ་ཆད་དམ། །ང་ནི་སློབ་དཔོན་པདྨའི་བཀའ་བརྒྱུད་ཡིན། །ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་ཡིན་པས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཡིད་ལ་མནག་པའི་དགྲ་བོ་ད་སྒྲོལ་ཅིག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་

p. 470

སོ། །ཧཱུྃ། དགེ་བསྙེན་ཀླུ་བདུད་ནག་པོ་ནི། །ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ། །སྐུ་མདོག་མཐིང་ནག་མུན་པའི་མདོག །ལུས་ནི་གཞུ་འདོམ་བརྒྱ་ཡི་ཚད། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །ཞལ་གདངས་མཆེ་གཙིགས་ལྡང་མིག་བསྒྲད། །མིག་ནས་ཁྲག་གི་ཆར་པ་འབེབས། །ཁ་ནས་ནད་རླངས་སྔོན་དམར་འཚུབ། །སྙིང་ལ་གདུག་པའི་ན་བུན་གཏིབས། །སྣ་ནས་སེར་སྤྲིན་ཁོལ་ཞིང་འཕྱུར། །བུ་ག་དགུ་ནས་འབྲུག་སྒྲ་སྒྲོག །རྣ་བའི་ཁུང་ནས་ཐོག་རྒོད་འཕྲོ། །བ་སྤུ་ཐོག་ཟེར་ཚྭ་ཚྭ་འཕྲོ། །རྐང་ཞབས་ནད་ཀྱི་རླུང་དམར་ལྡང་། །འོག་སྒོ་སྦལ་སྦྲུལ་ཕོ་ཉ་འཕྲོ། །ཕྱག་གཡས་ནད་ཀྱི་གཡབ་མོ་རྡེབ། །གཡོན་པས་གློག་གི་ཞགས་པ་འཛིན། །སྐུ་སྨད་སྦྲུལ་མཇུག་ན་བུན་ཁོལ། །ཆིབས་སུ་བྲག་ནག་རྟིང་དཀར་ཆིབས། །འབྲུག་སྒྲ་ལྡིར་ཞིང་གློག་དམར་འཁྱུག །གནམ་ལྕགས་ཐོག་སེར་དྲག་ཏུ་འབེབས། །།འཁོར་དུ་ཀླུ་དམག་འབུམ་གྱིས་བསྐོར། །སྦྲུལ་ནག་འཁྱུག་དང་ཤིགས་སེ་ཤིག །གཡག་ནག་ངར་སྒྲ་འུ་རུ་རུ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །ཆོས་ཆོས་སྡང་བའི་དགྲ་ལ་ཆོས། །དམིགས་པའི་དགྲ་བོ་རྡུལ་དུ་རློགས། །

p. 471

གག་ལྷོག་མཛེ་དང་གྲི་འཐབ་ཀྱིས། །དགྲ་བོའི་བདུན་རྒྱུད་རྩོད་ནས་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་དམིགས་པའི་ཕྱོགས་སུ་བསྐྱལ་ལོ། །མཆོད་པའི་དུས་གཏོར་མ་ཆུར་བསྐུར་རོ། །།ཧཱུྃ། དགེ་བསྙེན་ཀླུ་བདུད་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མས་ཚིམས་མཛོད་ལ། །རང་རང་གནས་སུ་བདེ་བར་གཤེགས། །རྒྱུན་དུ་སྤྱན་དང་གྲོགས་ལྟ་བུར། །བརྩེ་བའི་སེམས་ཀྱིས་ཁ་འཛིན་མཛོད། །།ཨོ་ནཱ་ག་རུ་ཊ་མ་ཧཱ་ཨུ་པ་སི་ཀ་ས་པཱ་རི་ཝ་ར་འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ཞེས་སོགས་བྱའོ། །ཞེས་པ་འདི་ནི་ཀླུ་ཐེབས་བཟང་པོའི་དུས་ཉིན་པར། དགེ་སློང་ཨ་རཱ་གས་བྲིས་པའོ། །འདི་ལ་ཉེས་པ་གང་མཆིས་དགེ་བསྙེན་ཉིད་ལ་བཤགས། དགེ་བས་དགེ་ལེགས་དཔལ་ལ་སྤྱོད་པར་ཤོག །ནཱ་ག་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ན་བུན་དགེ་བསྙེན་གྱི་གསོལ་མཆོད་བདུད་རྩིའི་གཏེར་བུམ།

p. 472
p. 473

ན་བུན་དགེ་བསྙེན་གྱི་གསོལ་མཆོད་བདུད་རྩིའི་གཏེར་བུམ་བཞུགས་སོ།

p. 474

གུ་རུ་དྷེ་ཝ་ཌཱཀྐི་ཧཱུྃ། པད་འབྱུང་དྲེགས་པ་ཀུན་འདུལ་ལ། །རབ་ཏུ་དད་པས་ཕྱག་འཚལ་ལོ། །དེ་ཡི་བཀའ་སྡོད་མཐུ་རྩལ་ཅན། །ན་བུན་དགེ་བསྙེན་མཆོད་པའི་ཐབས། །གཞི་དཀར་འབྲུ་ཡིས་པད་འདབ་བརྒྱད། །དེ་སྟེང་རིན་ཆེན་སྣོད་ནང་དུ། །དཀར་གཏོར་རྩེ་རྒྱལ་གཅིག་ལ་ནི། །འདབ་མ་ཆེན་པོ་བརྒྱད་བཏགས་ཏེ། །མདུན་གྱི་འདབ་སྟོང་རིལ་བུ་ནི། །གཉིས་ནི་རྩིག་མར་བཞག་པར་བྱ། །གཏོར་མ་དེ་ལ་ཀླུ་སྨན་བཏབ། །འོ་མ་ཞོ་དང་ཇ་ཆང་ཕུད། །ཕྱེ་མར་བཟང་ཤིང་དུད་པ་བཏང་། །མདའ་དར་དར་སྣ་དཀར་དམར་བརྒྱན། །རྟེན་པའི་རྫ་ས་སུ་བཅངས་ན་ལེགས། །དེ་ལ་སྲོག་སྔགས་ཤོག་དྲིལ་དང་། །སྐུ་གཟུགས་ཙ་ཀ་ལི་ཡང་བཏགས། །དེ་ནས་འདི་སྐད་བརྗོད་པར་བྱ། །རང་ཉིད་པདྨ་

p. 475

འབྱུང་གནས་སྐུར་གསལ་བའི། །མདུན་དུ་བླ་མཚོ་ཤེལ་བྲག་ལྗོན་པའི་ཚལ། །སྟེང་ན་སྤྲིན་ནག་འཁྲིགས་ཤིང་འབྲུག་སྒྲ་སྒྲོག ། ན་བུན་སྐྱི་བུན་འཐིབ་ཅིང་སྦྱང་ཆར་འབེབས། །ལོངས་སྤྱོད་འདོད་དགུ་གཅལ་དུ་བཀྲམ་པའི་དབུས། །ཨ་ར་ན་ཡི་ཡི་གེ་ལས་བྱུང་བའི། །ཀླུ་བཙན་འབར་བ་རྡོ་རྗེ་ཡེ་ཤེས་རྩལ། །མི་དཀར་དཔའ་བརྗིད་དར་དཀར་བེར་ཆེན་གསོལ། །དེ་ཡི་ནང་ན་དར་དམར་ཐོད་ཁ་མནབས། །དབུ་སྐྲ་ཐོར་ཚུགས་དར་དཀར་ལ་ཐོད་བཅིངས། །ཐོར་ཚུགས་རྩེ་ལ་དབང་རྟགས་ནོར་བུས་བརྒྱན། །སྙན་གོང་གཡས་གཡོན་སྦྲུལ་གྱི་གདེངས་ཀ་

p. 476

འཕྱོ། །འཕྲུལ་གྱི་རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །ཕྱག་གཡས་ནོར་བུ་དར་མར་རུ་དར་ཕྱར། །གཡོན་པས་གསེར་མདོག་དར་གྱིས་ལྕིབ་པ་ཡི། །ག་འུ་དང་བཅས་ཞགས་པ་ཕྱག་ན་འཛིན། །ཕྱོགས་བཞིར་དེ་ཡི་བཀའ་བློན་མཆེད་སྡེ་བཞི། །ཤར་དུ་གཉན་ཆེན་དཀར་པོ་ལུག་ལ་ཞོན། །ལྷོ་རུ་གནོད་སྦྱིན་ལྗང་ཁུ་ཕ་བང་ཆིབས། །ནུབ་ཏུ་བཙན་རྒོད་དམར་པོ་རྭ་སྐྱེས་ཞོན། །བྱང་དུ་ཀླུ་ནག་སྦལ་ཞོན་སྤྲུལ་ཆེན་ཁྲིད། །གཞན་ཡང་མ་མོ་ནག་མོ་བྱ་ནག་དང་། །གནོད་སྦྱིན་ནག་པོ་མགོ་ཐུར་མེ་དཔུང་འབར། །སྨན་མོ་གླང་ཆེན་ཞོན་དང་མི་མ་ཡིན། །ཆོམ་རྐུན་རིགས་ཅན་སེར་པོ་གཡག་ལ་ཞོན། །ཀུན་ཀྱང་སྤྲིན་ནག་འཁྲིགས་པའི་དབུས་ན་བཞུགས། །གཙོ་བོའི་ཐུགས་ཀར་ཨ་ར་ན་གསུམ་དང་། །འཁོར་རྣམས་མིང་ཡིག་དང་པོས་མཚན་པ་ལས། །འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཧཱུྃ། རྒྱལ་བས་ལུང་བསྟན་གདོང་དམར་བོད་ཀྱི་ཡུལ། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཁ་བའི་ལྗོངས། །སྒང་དྲུག་སྒང་མཆོག་མདོ་ཁམས་ཟལ་མོ་སྒང་། །སྒང་དྲུག་ཆུ་མཆོག་ལྷོ་ཟླ་ངང་མོའི་ཆུ། །བླ་མཚོ་ནག་པོ་འཇིགས་རུང་རླབས་

p. 477

ཕྲེང་གཡོ། །རྫོང་བརྒྱད་རྫོང་མཆོག་ཆམ་གྱི་ན་བུན་རྫོང་། །རིན་ཆེན་བྲག་རི་སྦྲུལ་གྱི་གདེངས་ཁ་འདྲ། །ལྗོན་ཤིང་སྣ་ཚོགས་ནགས་ཚལ་ཡིད་འོང་ཚལ། །བྱིན་གྱིས་བརླབས་པའི་གནས་མཆོག་དམ་པ་ན། །ཀླུ་བཙན་དགེ་བསྙེན་ཆེན་པོ་ཡེ་ཤེས་རྩལ། །འཁོར་བཅས་མཆོད་ཕྱིར་བདག་གིས་སྤྱན་འདྲེན་ན། །སྐད་ཅིག་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །དགའ་ཞིང་གུས་པའི་སེམས་དང་བཅས་ཏེ་བྱོན། །ཡིད་སྤྲུལ་ལྗོན་ཤིང་དྲི་བསིལ་སྐྱེད་མོས་ཚལ། །གཙོ་འཁོར་འཚམས་པའི་གདན་ལ་དགྱེས་པར་བཞུགས་། །དམ་ལ་བཞག་པ་ནི། སྔོན་ཚེ་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །ན་བུན་རྫོང་དུ་ཟླ་གསུམ་ཧཱུྃ་བསྒྲུབ་ཅིང་། །དྲེགས་པའི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། །དེ་ཚེ་ཀླུ་བཙན་དམར་པོ་སྲོག་འཕྲོག་ཁྱོད། །དམ་ལ་བཏགས་ནས་བཀའ་ཡི་སྲུང་མར་བསྐོས། །སྔོན་གྱི་ཁས་བླངས་དམ་ལས་མ་འདའ་བར། །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་བ་ཡི། །ཕྲིན་ལས་མ་ལུས་མྱུར་དུ་འགྲུབ་པར་མཛོད། །ཨོ་རྡོ་རྗེའི་ཀ་ཀླུ་ཁ་ཀླུ་རཀྟ་ན་ན་ཧཱུྃ། ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་ཧོ། ས་མ་

p. 478

ཡ་ཧཱུྃ། མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །ཧཱུྃ་ཡིག་ལས་བྱུང་རིན་ཆེན་སྣོད་ནང་དུ། །ཁཾ་ཡིག་ལས་བྱུང་བདུད་རྩིའི་གཏོར་མ་དང་། །མཐུན་རྫས་ལོངས་སྤྱོད་འཛད་མེད་གཏེར་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ། འོ་ཞོའི་མཆོད་ཡོན་ཤང་དྲིལ་དཀར་དང་དམར། །སྤོས་དཀར་ནཱ་གི་ཙནྡན་དཀར་དམར་སྤོས། །མེ་ཤེལ་ཆུ་ཤེལ་རིན་ཆེན་བཻཌཱུར་འོད། །རྒྱུ་ཇའི་དྲི་ཆབ་དཀར་གསུམ་མངར་གསུམ་ཟས། །པི་ཝང་གླིང་བུ་ཏིང་ཏིང་ཤག་པའི་སྒྲ། །སྦྲུལ་སྦྲུལ་ཆུ་རྟ་ཆུ་གནས་སྣ་ཚོགས་གཟུགས། །ཡིད་འོང་སྙན་པའི་དབྱངས་དང་རོལ་མོའི་སྒྲ། །ཕྱེ་མར་ཤུན་གསུར་བསྲེགས་པའི་དྲི་ངད་ལྡན། །བ་དཀར་ར་དཀར་འོ་མ་སྦྲང་རྩིའི་རོ། །བལ་ཚོན་དར་ཚོན་དར་རས་སྔོ་དམར་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །ཛཱ་ཏི་པུ་ཤེལ་རྩེ་དང་དབང་ལག་སོགས། །ཀླུ་སྨན་རྣམ་པ་སྣ་ཚོགས་མཆོད་པ་འབུལ། །ཁྱད་པར་གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཟག་མེད་བདེ་སྐྱིད་ཟད་མེད་ནམ་མཁའི་མཛོད། །ན་བུན་དགེ་བསྙེན་རྡོ་རྗེ་ཡེ་ཤེས་རྩལ། །འཁོར་དང་སྤྲུལ་པ་ཡང་སྤྲུལ་

p. 479

བཅས་ལ་འབུལ། །རབ་ཏུ་དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །ཨོ་རྡོ་རྗེ་ཀ་ཀླུ་ཁ་ཀླུ་རཀྟ་ན་ན་ཧཱུྃ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་སྡོད་ན་བུན་དགེ་བསྙེན་ཆེ། གསང་མཚན་རྡོ་རྗེ་ཡེ་ཤེས་རྩལ། །ཀླུ་བཙན་དམར་པོ་སྲོག་འཕྲོག་སྟེ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །དར་དམར་བེར་སྟེང་བེར་དཀར་གསོལ། །དར་དཀར་ལ་ཐོད་གདེངས་ཀས་བརྒྱན། །དབང་རྟགས་ནོར་བུ་གཙུག་ན་མཛེས། །ཕྱག་གཡས་མདུང་དར་ནོར་བུ་འཛིན། །གཡོན་པས་གའུ་ཞགས་པ་འཛིན། །དར་བེར་དཀར་དམར་བརྩེགས་མ་གསོལ། །ཅང་ཤེས་དུང་མདོག་འཕུར་ཤེས་ཆིབས། །དགེ་བསྙེན་ཆེན་པོ་ཁྱོད་ལ་བསྟོད། །ཁྱེད་ནི་འདོད་དགུར་བསྒྱུར་བའི་གཟུགས། །མི་དཀར་བྱ་རྒོད་རྟ་དམར་དང་། །རྐང་པ་གྱོལ་དང་ཨ་ཙ་ར། །སྤྲུལ་པ་འཁོར་དང་བཅས་ལ་བསྟོད། །གཉན་གྱི་ལུག་ཞོན་ཤར་ན་གནས། །གནོད་སྦྱིན་ཕ་ཝང་ཞོན་པ་ལྷོ། །རྟ་ཞོན་བཙན་ནི་ནུབ་ན་སྟེ། །ཀླུ་ནག་སྦལ་ཞོན་སྤྲུལ་

p. 480

ཁྲིད་བྱང་། །མ་མོ་ནག་མོ་བྱ་ནག་དང་། །གནོད་སྦྱིན་སྤྱི་བོ་གཙུག་གིས་འགྲོ། །གླང་ཆེན་ཆིབས་པའི་སྨན་མོ་དང་། །གཡག་ཞོན་ཆོམ་རྐུན་ལ་སོགས་པ། །འཁོར་དང་བཅས་ལ་བདག་གིས་བསྟོད། །ཕྲིན་ལས་བཅོལ་བ་ནི། མཆོད་གཏོར་བཟང་པོ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད་། །ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་སྤེལ། །བཙའ་སད་སེར་བ་མ་གཏོང་ཞིག །མི་ནད་ཕྱུགས་ནད་ཞི་བར་མཛོད། །ཕྱི་ནང་འཁྲུག་རྩོད་ཞི་བར་མཛོད། །ཀླུ་ནད་ཞ་གྲུམ་རྐང་འབམ་སོགས། །ཀླུ་ཡི་ནད་རྣམས་ཞི་བར་མཛོད། །རིམས་ཡམས་གག་པ་ལྷོག་པ་སོགས། །གཉན་གྱི་ནད་རྣམས་ཞི་བར་མཛོད། །རྨ་གཡང་དངོས་གྲུབ་ཆར་ལྟར་ཟཕོབ་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །མི་འཕེན་རྟ་ཧྲག་ཁས་བཙན་པ། །དྲག་པོ་བཙན་གྱི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཤགས་པ་ནི། ཧཱུྃ། ཀླུ་བཙན་རྡོ་རྗེ་ཡེ་ཤེས་རྩལ། །འཁོར་དང་སྤྲུལ་པ་སྡེ་ཚོགས་བཅས། །ཁྱེད་

p. 481

ནི་ཡིད་ཀྱི་མངོན་ཤེས་ལྡན། །བདག་ནི་མ་རིག་རྨོངས་པས་བསྒྲིབས། །ཕ་མྱེས་སྔ་རབས་མན་ཆོད་ནས། །བུ་ཚ་ཕྱི་རབས་ཡན་ཆོད་ཀྱིས། །ས་གཉན་རྐོས་དང་རྡོ་གཉན་རློག །ཤིང་གཉན་བཅད་དང་རི་མེ་ཤོར། །རི་དྭགས་ཆུ་གནས་བསད་པ་དང་། །ཐབ་གཞོབ་འཁོན་དང་བཙོག་ནལ་སོགས། །མནའ་གཉན་སྐྱེལ་ལེན་དཔང་པོ་བྱས། །དེ་སོགས་ཐུགས་དང་འགལ་བ་རྣམས། །རབ་ཏུ་འགྱོད་པས་མཐོལ་ལོ་བཤགས། །བཟོད་པར་བཞེས་ནས་ཁ་འཛིན་མཛོད། །ཨོ་ས་མ་ཡ། ས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཀླུ་ནག་འཁོར་བཅས་བ་ཡུ་བ་ཧཱུྃ། ཨོབཛྲ་སཏཱ་ས་མ་ཡ་སོགས། ནས། ས་ཏྭ་ཨཱ་དེ་ནས་བསྙེན་པ་བྱ་འདོད་ན། །ཀླུ་བཙན་ཐུགས་ཀར་ཨ་རི་ན། །དེ་མཐར་སྔགས་ཕྲེང་གཡས་སུ་འཁོར། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །བསྐུལ་བས་སྔོན་གྱི་དམ་ཚིག་བསྐུལ། །གང་འདོད་ཕྲིན་ལས་བསྒྲུབ་པར་དམིགས། །སྲོག་སྔགས་འདི་གསུམ་གང་རུང་བཟླ། །ཨོ་རྡོ་རྗེ་ཀ་ཀླུ་ཁ་ཀླུ་རཀྟ་ན་ན་ཧཱུྃ། ཞེས་སམ། ཨོཾ་ཀླུ་ནག་འཁོར་བཅས་བ་ཡུ་བ་ཧཱུྃ། ཞེས་སམ། ཁ་ཐོག་ཐོག་ཤ་རི་ཧཱུྃ། ཞེས་གང་མོས་བཟླའོ། ༈ དེ་ནས་བསང་མཆོད་

p. 482

འབུལ་འདོད་ན། །མཆོད་པ་བྱས་ལ་བསང་དུད་བཏང་། །ཀྱཻ། བསང་གི་རྒྱུ་བྱུང་གང་ནས་བྱུང་། །ཀུན་བཟང་ཡུམ་གྱི་མཁའ་ཀློང་ནས། །རྒྱལ་ཡུམ་ལྔ་ཡི་རྣམ་འཕྲུལ་ལས། །འབྱུང་བ་ཆེན་པོ་ལྔ་རུ་སྲིད། །འབྱུང་བའི་དྭངས་མ་ཤིང་དུ་འཁྲུངས། །ཞི་བའི་ལས་གྲུབ་བ་ལུ་དཀར། །རྒྱས་པའི་ལས་གྲུབ་སྟག་པ་སྟེ། །དབང་གི་ལས་གྲུབ་ཙནྡན་དམར། །གཡུ་ལོ་ཤུག་པ་སྣ་ཚོགས་འགྲུབ། །ཀླུ་ཤིང་འོམ་བུ་ཀླུ་ཡི་སྨན། །ཉ་བྲིད་ཀླུ་གཉན་དགའ་བའི་ཤིང་། །སྤེན་མ་དངོས་གྲུབ་གཡུང་དྲུང་ཤིང་། །ཐང་ལོ་ཀླུ་གཉན་ཀླུ་ནད་སེལ། །མཁན་དཀར་བསངས་ཤིང་ཡ་མཚན་ལྡན། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྣ་ཚོགས་བསྲེགས། །གསུར་གྱི་དུད་པ་སྤྲིན་ལྟར་འཐིབས། །དུད་པའི་ཟེར་མ་རེ་རེ་ལ། །འདོད་ཡོན་སྣ་ཚོགས་ཆར་དུ་འབེབས། །དྲི་མ་སྣ་ལ་སྣོམ་ཙམ་གྱིས། །ཀླུ་ཡི་ནད་རྣམས་ཐམས་ཅད་ཞི། །འདི་འདྲའི་ཡ་མཚན་བསང་མཆོད་འདི། །ཀུན་ཏུ་བཟང་པོ་ལ་སོགས་པའི། །རྒྱལ་བ་ཀུན་གྱི་ཆོས་སྐུ་བསང་། །ཐུབ་ཆེན་གངས་ཆེན་མཚོ་ལ་སོགས། །སངས་རྒྱས་ལོངས་སྐུ་ཐམས་ཅད་བསང་། །བསྐལ་བཟང་སངས་

p. 483

རྒྱས་སྟོང་ལ་སོགས། །རྒྱལ་བ་ཀུན་གྱི་སྤྲུལ་སྐུ་བསང་། དགའ་རབ་ཤྲཱི་སེང་པདྨ་འབྱུང་། །གྲུབ་ཆེན་བརྒྱད་ཅུ་རྩ་ལྔ་བསང་། །རྗེ་འབངས་ཉི་ཤུ་རྩ་ལྔ་བསང་། །བོད་ཀྱི་རིག་འཛིན་ཐམས་ཅད་བསང་། །བཀའ་དགོངས་ཕུར་གསུམ་གྲོ་ལོད་སོགས། །ཐེག་པ་དགུ་ཡི་ལྷ་ཚོགས་བསང་། །མ་ནིང་མ་གཟའ་དམ་གསུམ་སོགས། །བཀའ་སྲུང་དམ་ཅན་རྒྱ་མཚོ་བསང་། །བརྟན་མ་མགུར་ལྷ་ལ་སོགས་པའི། །བོད་ཀྱི་སྲུང་མ་ཐམས་ཅད་བསང་། །སྐུ་རྒྱལ་དུང་སྣ་ལ་སོགས་པའི། །མདོ་ཁམས་སྒང་གི་གཞི་བདག་བསང་། །ཁྱད་པར་བསང་ཞིང་མཆོད་པ་ནི། །ན་བུན་དགེ་བསྙེན་ཆེན་པོ་བསང་། །ཀླུ་བཙན་དམར་པོ་སྲོག་འཕྲོག་བསང་། །རྡོ་རྗེ་ཡེ་ཤེས་རྩལ་ལྡན་བསང་། །༔ སྤྲུལ་པའི་མི་ཕོ་དཀར་པོ་བསང་། །དུང་གི་བྱ་རྒོད་འཕུར་སྐྱེན་བསང་། །བཙན་རྟ་དམར་པོ་རྒྱུག་སྐྱེས་བསང་། །ཨ་ཙ་ར་ནི་མགོ་སེ་བསང་། །རྐང་པ་འཐིང་པའི་མི་ཕོ་བསང་། །ཤར་གཉན་དཀར་པོ་ལུག་ཞོན་བསང་། །གནོད་སྦྱིན་ཕ་ཝང་ཞོན་པ་བསང་། །ནུབ་ཀྱི་བཙན་དམར་རྟ་ཞོན་བསང་། །བྱང་གི་ཀླུ་ནག་སྦལ་ཞོན་བསང་། །མ་མོ་

p. 484

བྱ་ནག་གནོད་སྦྱིན་བསང་། །སྨན་མོ་ཆོམ་རྐུན་ཐམས་ཅད་བསང་། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །གནས་བདག་གཞི་བདག་ཐམས་ཅད་བསང་། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཉམས་དང་རླུགས་པ་སངས་གྱུར་ཅིག །ཕོག་ཐུགས་འགྲམ་འཁྲུག་ཞི་གྱུར་ཅིག །མི་ནད་ཕྱུགས་ནད་ཞི་གྱུར་ཅིག །བཙའ་སད་སེར་གསུམ་ཞི་གྱུར་ཅིག །འཐབ་རྩོད་འཁྲུག་ལོང་ཞི་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད་། །ཅེས་པ་འདི་ནི། རཱ་ག་ཨ་སྱས་སྒྲུབ་ཕུག་མཚོ་ཁ་དེར་གནས་འབྲེལ་མཛད་པས་ཉམས་དང་རྨི་ལམ་ཆོ་འཕྲུལ་འགའ་ཞིག་བྱུང་བ་ལ་བརྟེན་ནས་མཛད་པས་ཕུད་འབུལ་དུས་དང་དཀར་གཏོར་འབུལ་དུས་དང་། བསང་ལ་ཡང་ལེགས་སོ། །བརྒྱུད་འཛིན་མི་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་

p. 485

ལེན། །ཕྲུ་ཧཱུྃ་གཡང་ཧཱུྃ་བདེ་ལེགས་སྐྱིད་པ་ཧཱུྃ། །མགྲོན་རྣམས་རང་རང་གནས་སུ་གཤེགས། །གཏན་དུ་ཕ་ཁུ་སྤུན་བཞིན་དུ། །གཏན་དུ་ཁ་འཛིན་སྡོང་གྲོགས་མཛོད། །སརྦ་གཙྪ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀ་བསྟོད་ན་བུན་དགེ་བསྙེན་གསོལ་མཆོད།

p. 486
p. 487

ན་བུན་དགེ་བསྙེན་གསོལ་མཆོད་བཞུགས་སོ། །ཀ་ཡེ་གསོན་དང་རྡོ་རྗེ་ཡེ་ཤེས་རྩལ། །ཁ་བ་ཅན་གྱི་གནས་མཆོག་ན་བུན་འདི། །ག་ནས་བྱས་ཀྱང་གཏེར་སྲུང་ཁྱོད་ཡིན་། པས། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་སྤྱན་འདྲེན་དབྱངས་འདི་གསན་ལགས་སམ། །ཆ་ལུགས་མི་དཀར་རྟ་དཀར་གདེངས་ཀ་ཅན། །ཇ་ཆང་ཕུད་དང་དཀར་གསུམ་མཆོད་པ་འབུལ། །ཉ་རྒྱས་ཟླ་བའི་འོད་ལྟར་གཟི་བརྗིད་འབར། །ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱོད་ཡིན་པས། །ཐ་མལ་འདྲེ་ངན་རྣམས་དང་མ་སྡོངས་ལ། །ད་་ནི་རྣལ་འབྱོར་བདག་གི་སྲུང་མ་མཛོད། །ན་ཚ་ཤི་ཆད་གོད་ཁ་མ་བཏང་ཞིག །པ་དེ་པུ་དེའི་ཆོ་འཕྲུལ་མ་སྟོན་ལ། །ཕ་རོལ་གནོད་པར་བྱེད་པའི་དགྲ་དང་བགེགས། །བ་མོར་ཉི་ཟེར་ཕོག་ལྟར་ཞི་བར་མཛོད། །མ་གྱུར་འགྲོ་ཀུན་ཆུ་ཡི་འཇིགས་ལས་སྐྱོབས། །རྩྭ་ཁ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཚྭ་ཁ་ཚོང་དུས་འགྲིམ་དུས་ཁ་འཛིན་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་ཉན་པ། །ཝ་ལེར་སྣང་སྲིད་གཟིགས་པའི་དགེ་བསྙེན་ཁྱོད། །ཞྭ་ལྟར་པད་འབྱུང་བསྟན་འཛིན་གཙུག་ཏུ་ཁུར། །ཟ་བྱེད་ཀླུ་བཙན་དམར་པོ་སྲོག་

p. 488

འཕྲོག་ཁྱོད། །འ་འུར་འབྲུག་སྒྲ་སྤྲིན་ནག་ཆར་རྒྱུན་བཅས། །ཡ་མཚན་མཛེས་པའི་བཙུན་མོ་མཚོ་སྨན་སོགས། །ར་ཅན་སྟོང་གི་འཁོར་ཚོགས་དང་བཅས་པའི། །ལ་ཆེན་དགེ་བསྙེན་འཁོར་བཅས་མཆོད་ཅིང་བསྟོད། །ཤ་ཚ་སྙིང་ཉེའི་ཕ་ཁུ་སྤུན་ཟླ་ལྟར། །ས་ཆ་གང་དུ་འདུག་ཀྱང་སྡོང་གྲོགས་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ནས། །ཨ་ལ་ལ་ཞེས་ངོ་མཚར་དངོས་གྲུབ་སྩོལ། །ཨོ་རྡོ་རྗེ་ཀ་ཀླུ་ཁ་ཀླུ་རཀྟ་ན་ན་ཧཱུྃ། སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ ༧ དགེ་སློང་རཱ་ག་ཨ་སྱས་མཚོ་ཁ་དེར་གནས་འབྲེལ་ཞག་འགའ་བྱས་དུས་སུ། །དངོས་སམ་རྨི་ལམ་དུ་གནས་བདག་དེ་ཡི་རྟགས་དང་ཆོ་འཕྲུལ་འགའ་ཞིག་བྱུང་བ་ལ་བརྟེན་ནས་བྲིས་པའོ། །འདི་བསངས་དང་། དཀར་གཏོར་མཇུག་ཏུ་འདོན་ནམ། འཕྲལ་དུ་ཇ་ཕུད་ཆང་ཕུད་འོ་ཕུད་ལ་བསྔོས་ཏེ་འདོན་རུང་། མངྒ་ལཾ།། །།

མཁར་ནག་གསོལ་ཀ

p. 489

དེ་ནས་མཁར་ནག་གསོལ་ཀ་ནི༔ ཧཱུྃ༔ གཉན་ཆེན་མཁར་ནག་རྡོ་རྗེ་རྒྱལ༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་ན་ནོར་བུ་སྦྲུལ་ཞགས་འཛིན༔ སྟོབས་ཆེན་གླང་པོའི་སྟེང་ན་བཞུགས༔ འཇིགས་བྱེད་སེང་གེའི་ཚྭ་ཚྭ་འཕྲོ༔ སྦྲུལ་མགོ་ཉིས་བརྒྱའི་གདེངས་ཀ་ཅན༔ ཞལ་གདངས་ལྗགས་འདྲིལ་འཇིགས་པའི་གཟུགས༔ སྐུ་སྨད་དུག་སྦྲུལ་ནག་པོར་འཁྱིལ༔ ཁ་ནས་མེ་འབར་གློག་ལྟར་འཁྱུགས༔ གསོད་བྱེད་མེ་ཡི་སྤུ་གྲི་ཁྱོད༔ མཚོ་ཆེན་བརྒྱད་ནས་གཤེགས་སུ་གསོལ༔ ཡུམ་གཅིག་ལྕམ་མོ་ན་ར་སེང་༔ སྲས་ཆེན་སྤྲུལ་པའི་ཀླུ་བདུད་དང་༔ ལྕམ་སྲིང་ནང་བློན་རིགས་ལྡན་བདག༔ བར་བློན་ཀླུ་བདུད་འབོ་རང་དང་ནག་མདོངས་ཀླུ་བདུད་འབུམ་གྱིས་བསྐོར༔ དེ་ལྟར་འཁོར་བཅས་གཤེགས་ཙམ་ན༔ དགྲ་སྲོག་དམར་པོ་ཧད་ཧད་གཏོང་༔ གཉེ་ཐང་སོག་ཆུ་རུ་ངོམ་ཟླ༔ ཆུ་ཆེན་བཅོ་བརྒྱད་གནས་ནས་སྤྱོན༔ དགྱེས་ཚུལ་བཞུགས་ལ་གུས་པས་བསྟོད༔ དུག་རིགས་མ་གཏོགས་མེ་ཏོག་རྣམས༔ ལྕགས་རིགས་མ་གཏོགས་རིན་ཆེན་རྣམས༔ ཚེར་ནག་མ་གཏོགས་ཤིང་རིགས་རྣམས༔ གོ་འབྲས་མ་གཏོགས་ཤིང་ཐོག་

p. 490

རྣམས༔ དངོས་སམ་ཡིད་ཀྱིས་སྤྲུལ་ནས་མཆོད༔ གཏོར་མ་བདུད་རྩིའི་ལོངས་སྤྱོད་འདིས༔ འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག༔ བདག་ཅག་འཁོར་དང་བཅས་པ་ལ༔ རྒྱལ་འགོང་དམ་སྲིའི་གནོད་པ་སྲུངས༔ ཀླུ་ཡི་ནད་རྣམས་ཞི་བ་དང་༔ ཀླུ་གཡང་ཕྱུགས་དར་དངོས་གྲུབ་སྩོལ༔ བདག་ལ་དགོས་པའི་དུས་བྱུང་ཚེ༔ ཆར་པ་ཆེན་པོ་མྱུར་དུ་ཕོབ༔ གྲུ་ལོག་ཆུ་ཡི་གནོད་པ་ཟློག༔ ནང་འཁྲུག་གོད་ཁ་ཞི་བར་མཛོད༔ ལོ་ནད་བཙའ་སད་སེར་བ་ཟློག༔ བདག་ལ་སྡང་བའི་དགྲ་བོ་ལ༔ སྨྱོ་འབོག་མཛེ་དང་རིམས་ནད་ཐོངས༔ བསམ་ངན་དུག་གིས་དགྲ་བོ་དམིགས༔ རེག་པའི་ལག་དུག་དགྲ་ལ་སྙོབས༔ མཐོང་བའི་མིག་དུག་དགྲ་ལ་ལྟོས༔ ཁ་རླངས་དུག་ནས་དགྲ་ལ་ཐོངས༔ མཆེ་བའི་དུག་གིས་དགྲ་བོ་ཐོ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཙ་ཧཱུྃ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ སརྦ་པུཙྪ་ཁཱ་ཧི༔ ཨོཾ་ནཱ་ག་རཱ་ཙ་བཛྲ་རྭ་ཙ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་ཨ་རཱ་གས་བཀོལ་ཏེ་བྲིས་སོ། །མངྒ་ལཾ།། །།

དབའ་ནག་དགེ་བསྙེན་ཀ་བསྟོད།

p. 491

ཀ་ཡེ་གསོན་དང་དབའ་ནག་དགེ་བསྙེན་ཁྱོད། །ཁ་བ་ཅན་གྱི་གནས་མཆོག་སྐྱི་འབྱམས་འདིར། །ག་ནས་བསམས་ཀྱང་གཏེར་སྲུང་ཁྱོད་ཡིན་པས། །ང་ཡི་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་སྤྱན་འདྲེན་རོལ་མོ་གསན་ལགས་སམ། །ཆ་ལུགས་མི་སྔོན་ཉ་ཡི་མགོ་བོ་ཅན། །ཇ་ཆང་ཕུད་དང་དཀར་གསུམ་གཏོར་མས་མཆོད། །ཉ་རྒྱས་ཟླ་ལྟར་དགེ་ལེགས་འཕེལ་བར་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཆེན་པོ་ཁྱོད། །ཐ་མལ་ལྷ་འདྲེ་གཞན་གྱི་དོ་ཟླ་མིན། །ད་ནི་བདག་གིས་སྲུང་མར་ཁྱོད་འཚོ་བརྟེན་གྱིས། །ན་ཚ་དགྲ་རྐུན་གོད་ཁ་མེད་པར་མཛོད། །པ་དེ་པུ་དེའི་ཆོ་འཕྲུལ་མི་སྟོན་ཡང་། །ཕ་རོལ་དགྲ་དགེགས་འཇོམས་ལ་མཐུ་རྩལ་ཆེ། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་ལྟར་བྱམས་པའི་ཐུགས་ཀྱིས་དད་ལྡན་སྐྱོངས། །ཙ་ཁ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུ་བའི་ནད་ཀུན་ཞི་བར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་སྲིད་གསུམ་གཟིགས་པའི་སྲུང་མ་ཁྱོད། །ཞྭ་ལྟར་རྒྱལ་བའི་བསྟན་པ་སྤྱི་བོར་ཁུར། །ཟ་བྱེད་ལྷ་བཙན་དྲེགས་པའི་འཁོར་དང་བཅས། །འ་

p. 492

རེ་འུ་རེའི་འབྲུག་སྒྲ་ཐོག་སེར་འབེབས། །ཡ་མཚན་མཛེས་པའི་བཙུན་མོ་ཀླུ་མོ་སོགས། །ར་ཆེན་འབུམ་གྱི་འཁོར་གྱིས་ཡོངས་བསྐོར་བའི། །ལ་ཆེན་སྲུང་མར་བརྟེན་ཅིང་མཆོད་། པ་འབུལ། །ཤ་ཚ་སྙིང་རྗེའི་ཕ་ཁུ་སྤུན་ཟླ་ལྟར། །ས་ཆ་གང་དུ་འདུག་ཀྱང་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ཏེ། །ཨ་ལ་ལ་ཞེས་ངོ་མཚར་དངོས་གྲུབ་སྩོལ། །ཞེས་པ་དཀར་གཏོར་ཅིག་ཨོཾ་ཨཱ༔ཧཱུྃ་གིས་བྱིན་གྱིས་བརླབས་ལ་བསང་གི་གཤམ་དུ་འབུལ། ༧ རཱ་ག་ཨ་སྱས་དགེ་བསྙེན་ཞལ་གཟིགས་དུས་གནས་བདག་ལ་བསྟོད་པའོ། །མངྒ་ལཾ།། །།

ཀླུ་བདུད་དགེ་བསྙེན་འབོ་རང་གི་གསོལ་ཀ་ཀླུ་ཆོག

p. 493

ཀླུ་བདུད་དགེ་བསྙེན་འབོ་རང་གི་གསོལ་ཀ་ཀླུ་ཆོག་བཞུགས་སོ།

p. 494

ན་མོ་པདྨ་ཀཱ་ར་ཡེ༔ ཀླུ་བདུད་མཆོད་ཕྱིར་ཕྱག་ལེན་ལྟར༔ མཆོད་གཏོར་བཤམས་ལ་རང་ཉིད་ཀྱང་༔ ཡི་དམ་བསྒོམས་ལ་བསྙེན་པ་བྱ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། མདུན་དུ་པཾ་ལས་བླ་མཚོ་ནག་པོ་ནི༔ ནེའུ་སིང་ལྗོན་ཤིང་བྲག་རིས་རབ་ཏུ་བསྐོར༔ དེ་ནང་ཧཱུྃ་ལས་རིན་ཆེན་གཞལ་ཡས་ཁང་༔ ལྷ་མིའི་འདོད་ཡོན་རྣམ་པ་སྣ་ཚོགས་ལྡན༔ དེ་དབུས་པད་ཟླ་ཕུ་ཡིག་འཕྲོ་འདུ་ལས༔ ཀླུ་བདུད་དགེ་བསྙེན་ཆེན་པོ་རྔམ་ཞིང་བརྗིད༔ དཀར་སྨུག་ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ དབུ་ལ་གསེར་ཞུ་སྐུ་ལ་མེ་ཏྲི་གསོལ༔ ཕྱག་

p. 495

གཡས་སྦ་ལྕག་གཡོན་པས་ནོར་བུ་བསྣམས༔ སྦྲུལ་གྱིས་བརྒྱན་པའི་ཅང་ཤེས་སྔོན་པོ་ཆིབས༔ སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་བསམ་མི་ཁྱབ༔ ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར༔ སྤྱན་འདྲེན་ནི༔ ཧཱུྃ༔་ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་༔ མཚོ་དང་རྫིང་བུ་ཆུ་མིག་ནེའུ་སིང་དང་༔ ཁྱད་པར་དགེ་བསྙེན་ཁྱོད་ཀྱི་བཞུགས་པའི་ས༔ ཀྱང་རང་འབོ་རང་ཤང་རང་རྡོ་བཟེ་དང་༔ དབྱི་དོ་གཡོ་རྫོང་ལ་སོགས་གནས་མཆོག་ནས༔ ཀླུ་བདུད་དགེ་བསྙེན་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ནཱ་ག་ཀ་ལ་ས་མ་ཡ་ཛ་ཛ༔ ཛ༔ཧཱུྃ་བཾ་ཧོ༔

p. 496

ཧཱུྃ༔ ནོར་དབྱིག་རིན་ཆེན་སྣ་ཚོགས་བརྩེགས་པའི་ཁྲི༔ དབང་པོའི་གཞུ་འདྲ་དར་ཟབ་དུ་མ་བཀླུབ༔ འདམ་སྐྱེས་ནམ་མཁའི་ཐིག་ལེ་བདལ་བའི་སྟེང༔ ཀླུ་རྒྱལ་དགེ་བསྙེན་ལྟའཁོར་བཅས་བཞུགས་སུ་གསོལ༔ ཨོཾ་ནཱ་ག་ཀཱ་ལ་ཏིཥྛ་ལྷན༔ ཧཱུྃ༔ གསང་བའི་བདག་དང་རྡོ་རྗེ་གྲོ་ལོད་དང་༔ པཀི་དང་ནི་རང་བྱུང་རྒྱལ་བ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་དྲན་མཛོད་ལ༔ རྒྱལ་བསྟན་སྲུང་ཞིང་རྣལ་འབྱོར་ཕྲིན་ལས་སྒྲུབས༔ ཨོཾ་ནཱ་ག་ཀ་ལ་ས་མཱ་ཡ། ཧཱུྃ༔ ཀླུ་བདུད་ཆེན་པོ་ཀླུ་བཙན་ཡོངས་ཀྱི་རྗེ༔ བསྟན་པའི་བཀའ་སྲུང་དགྲ་བོའི་གཤེད་མ་སྟེ༔ གསང་སྔགས་བཀའ་ཡི་ཕོ་ཉ་མཐུ་བོ་ཆེ༔ དགེ་བསྙེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཨོཾ་ནཱ་ག་ཀཱ་ལ་ན་མོ་ཧཱུྃ༔ ཨོཾ༔ ལས་རིན་ཆེན་སྣོད་དུ་མཆོད་པའི་རྫས༔ རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད༔ མཁོ་དགུ་ལོངས་སྤྱོད་འདོད་དགུའི་དཔལ་དུ་གྱུར༔ ཨོཾ་བཛྲ་སྤ་ར་ཎ་ཁཾ༔ དེ་ནས་མཆོད་པ་ནི། ཨོཾ༔ འོ་ཞོའི་མཆོད་ཡོན་ཡན་ལག་བརྒྱད་ལྡན་ཆབ༔ རབ་མཛེས་བྱུང་བའི་སྙན་དང་ཡིད་འཕྲོག་དྲི༔ མུན་སེལ་རིན་ཆེན་འོ་ཆང་རྒྱུ་ཇའི་དྲི༔ རོ་བརྒྱ་ལྡན་དང་རྣ་བར་སིལ་བྱེད་སྒྲ༔ སྣ་

p. 497

ཚོགས་ཆུ་གནས་གཟུགས་བརྙན་ཡིད་འོང་བ༔ ཡིད་རབ་དྭངས་བའི་བསྟོད་དབྱངས་དྲི་ཟའི་གླུ༔ ནཱ་ག་གེ་སར་ཀླུ་རྒྱལ་དགའ་བྱེ་དྲི༔ དཀར་གསུམ་མངར་གསུམ་ཀླུ་དབང་མགུ་བའི་ཟས༔ སྣ་ཚོགས་དར་ཟབ་བལ་ཚོན་ཡིད་མཛེས་པ༔ སྣ་ཚོགས་ཀླུ་ནོར་གཏེར་གྱུར་ཤེལ་ཚིགས་དང་བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན༔ ཀླུ་བདུད་དགེ་བསྙེན་འཁོར་དང་བཅས་ལ་འབུལ༔ ཨོཾ་ནཱ་ག་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྱུ་སོགས། པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཨ་རུ་ར་སོགས་ཀླུ་སྨན་སྣ་ཚོགས་དང་༔ ཏིང་འཛིན་སྔགས་ཀྱིས་བྱིན་རླབས་ཕུལ་བའི་མཐུས༔ མཆོག་གསུམ་བདེན་པས་ཁྱོད་ཀྱི་གནས་རྣམས་སུ༔ སྨན་གྱི་ཆར་བབ་ཀླུ་ནད་ཀུན་ཞི་ནས༔ ཀླུ་རྒྱལ་འཁོར་བཅས་གཟི་མདངས་ལྡན་གྱུར་ཅིག༔ ཏདྱ་ཐཱ༔ བྷེ་ཥ་ཚེ་བྷེ་ཥ་ཚེ་མ་ཧཱ་བྷི་ཥ་ཛུ་རཱ་ཛ་ས་མུཏྤ་ཏེ་སྭཱ་ཧཱ༔ ཞེས་ལན་གསུམ། སྐྱབས་མཆོག་རིན་ཆེན་གསུམ་གྱི་བདེན་པའི་མཐུས༔ ཀླུ་ཡི་སྒྲིབ་གསུམ་བག་ཆགས་ཀུན་བྱང་ཞིང་༔ བྱམས་དང་སྙིང་རྗེའི་བསམ་པས་རྒྱུད་བརླན་ནས༔ རིང་པོར་མི་ཐོགས་མངོན་པར་བྱང་ཆུབ་ཤོག༔ ན་མོ༔ རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་

p. 498

ཀ་ནི། །རོ་ཙ་ནི་སོགས། ལན་གསུམ་བརྗོད། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༔ སོགས། འདི་ནི་སངས་རྒྱས་བསྟན་པ་ཡིན༔ དེ་ནས་གཏོར་མ་བྲན་ལ་ཧཱུྃ་ལས་རིན་ཆེན་སྣོད་དུ་ཨོ་ཡིག་ལས༔ རོ་བརྒྱ་ལྡན་པའི་ཞལ་ཟས་ཤེལ་གྱི་མདོག༔ ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས༔ ཟག་མེད་བདེ་བ་བསྐྱེད་པ་ཉིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ནཱ་ག་ཀ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཀླུ་བདུད་དགེ་བསྙེན་འཁོར་དང་བཅས་པ་ཡིས༔ གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་༔ བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པ་ལ༔ ཆོམ་རྐུན་དགྲ་དང་རྒྱལ་པོའི་འཇིགས་པ་དང་༔ ནད་གདོན་དུས་མིན་འཆི་ཀུན་ཞི་བར་མཛོད༔ མངའ་ཐང་ལོངས་སྤྱོད་འབྲུ་དང་ནོར་ཕྱུགས་དང་༔ བསོད་ནམས་འབྱོར་པ་དཔལ་རྣམས་རྒྱས་པར་མཛོད༔ ཕ་རོལ་དགྲ་དང་རྒྱལ་བློན་ཡུལ་ཁམས་དང་༔ འདོད་དགུའི་ལོངས་སྤྱོད་དབང་དུ་འདུ་བར་མཛོད༔ བདག་ལ་གནོད་པའི་སེམས་འཚང་དགྲ་དང་བགེགས༔ གང་ན་འདུག་ཀྱང་མྱུར་དུ་བརླག་པར་མཛོད༔ ཕན་བདེའི་འབྱུང་གནས་རྒྱལ་བསྟན་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་

p. 499

དང་༔ འཇིག་རྟེན་བདེ་ཞིང་ལོ་ལེགས་འཁྲུག་པ་ཞི༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་ཕྲིན་ལས་མཛོད༔ ཅེས་སོགས་འདོད་གསོལ་གང་དགོས་བྱ༔ ཡང་གལ་ཏེ་གནོད་པ་་ཡོད་ན་འདི་སྦྱར་མེད་ན་འདི་མི་དགོས་སོ༔ ཁྱད་པོར་རྗེ་་ལ༔ གནོད་སེམས་གདུག་སེམས་འཚེ་བའི་བསམ་པ་སྤང་༔ ཀུ་རེ་རྐྱལ་ཁ་རེ་འདོད་མ་བྱེད་ཅིག༔ གལ་ཏེ་སྔོན་ཆེད་གནོད་པ་བྱས་གྱུར་ན༔ བཟུང་བ་ཐོངས་ལ་བཅིངས་པ་མྱུར་དུ་ཁྲོལ༔་བསྡམས་པ་ཀློད་ལ་མནན་པ་མྱུར་དུ་ཁྱོག༔ མནར་མེད་མེ་ཡི་འཇིགས་པ་དྲན་གྱིས་ལ༔ ཕྱིན་ཆད་ནམ་ཡང་གནོད་པ་མ་བྱེད་ཅིག༔ ཅེས་བརྗོད་དོ༔ བསྟོད་པ་ནི༔ ཧཱུྃ༔ རྡོ་རྗེ་འཛིན་གྱི་བཀའ་སྡོད་ཆེ༔ རྒྱ་གྷཾ་ཝའི་བཀའ་ཉན་པ༔ ནཱ་ག་རཀཱའི་བཀའ་འབངས་ཏེ༔ པདྨ་འབྱུང་གནས་ཕོ་ཉ་ཆེ༔ སྐྱེས་མཆོག་པཀཱིའི་བཀའ་སྐྱོང་བ༔ ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད༔ རྒྱས་པར་སྤྲོ་ན། ཧཱུྃ༔ ཀླུ་བདུད་དགེ་བསྙེན་མཐུ་བོ་ཆེ༔ སྐུ་མདོག་དཀར་སྨུག་མདངས་དང་ལྡན༔ ཞལ་བཟང་ཟླ་བ་ཉ་བ་འདྲ༔ སྤྱན་མིག་སྐར་ཆེན་ཤར་བ་འདྲ༔ དབུ་ལ་གསེར་ཞུ་ཅེ་རེ་རེ༔ སྐུ་ལ་དུར་སྨྲིག་ལྷུབས་སེ་ལྷུབ༔ ཕྱག་གཡས་སྦ་ལྕག་པུན་ནེ་པུན༔

p. 500

གཡོན་ན་ནོར་བུ་རྩེ་རེ་རེ༔ ཆིབས་སུ་ཆུ་རྟ་པྲིངས་སེ་སྲིང་༔ སེང་ལྡེང་སྒ་སྟན་ཝངས་སེ་ཝང་༔ ཕྲ་མན་ཡོབ་ཆེན་སི་ལི་ལི༔ གསེར་སྲབ་གཡུ་མཐུར་ཁྱུགས་སེ་ཁྱུག༔ སྤྲུལ་གྱི་གོང་སྨད་ཁྲིགས་སེ་ཁྲིག༔ སྦལ་སྦྲུལ་མང་པོ་ཉི་ལི་ལི༔ རྟ་ནག་གཡག་ནག་རྩེ་རེ་རེ༔ ཆུ་གླང་ཆུ་འབྲི་འདུ་རུ་རུ༔ སྤྲིན་དང་ན་བུན་ཐིབས་སེ་ཐིབ༔ གློག་དང་འབྲུག་སྒྲ་ཆེམས་སེ་ཆེམ༔ ཆར་དང་ཁུ་འཕང་སི་ལི་ལི༔ དགེ་བསྙེན་འཁོར་དང་བཅས་པ་ལ༔ རབ་ཏུ་གུས་པས་བདག་གིས་བསྟོད༔ བསང་ནི་གཞན་དུ་ཤེས་སོ༔ གསོལ་ཁའི་གཏོར་མ་གོང་ལྟར་བྱིན་གྱིས་བརླབས༔ གཏོར་མ་ལག་ཏུ་བཏེག་ལ༔ ཧོ་དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་དགེ་བསྙེན་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ཀླུ་བདུད་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ཀླུ་བཙན་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ཀླུ་གཉན་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ཀླུ་སྲིན་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔

p. 501

འབུལ་ལོ༔ སྦྱིན་ནོ༔ གཏེར་བདག་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ནོར་ལྷ་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ དཀོར་སྲུང་ཆེན་པོ་ལ་གསོལ་ལོ༔ མཆོད་དོ་འདྲེན་ནོ༔ འབུལ་ལོ༔་སྦྱིན་ནོ༔ དགྲ་བླ་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ཡུལ་ལྷ་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ཚོང་དཔོན་ཆེན་པོ་ལ། ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ ཆོས་སྐྱོང་ཆེན་པོ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ བཙུན་མོ་ཀླུ་སྨན་འཁོར་དང་བཅས་པ་ལ་གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ འཁོར་དང་ཡང་འཁོར་ཐམས་ཅད་ལ་གསོལ་ལོ༔ མཆོད་དོ། འདྲེན་ནོ༔ འབུལ་ལོ༔ སྦྱིན་ནོ༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ་སྡང་བའི་དགྲ་སོད་གནོད་པའི་བགེགས་

p. 502

ཐུལ༔ བར་ཆད་ཀྱི་རྐྱེན་བཟློག༔ ཉིན་གྱི་དུས་སུ་བྱ་ར་གྱིས༔ མཚན་གྱི་དུས་སུ་མེལ་ཚེ་གྱིས༔ མདུན་གྱི་འཁར་བ་དང་རྒྱབ་ཀྱི་རྟེན་ས་གྱིས༔ ཚེ་དང་བསོད་ནམས་སྤེལ༔ དཔལ་དང་གྲགས་པ་སྒྲུབས༔ འཁོར་དང་ལོངས་སྤྱོད་སྤེལ༔ བསམ་པའི་དོན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག༔ ཅེས་ད་ནམ་མཁའ་ལ་གཏོར༔ གཏོར་མ་དངོས་གྲུབ་ཏུ་རོལ་བའམ༔ ཡང་ན་ཆུ་ལ་གཤེགས་སོ༔ ཡང་ན་དྲག་པོའི་ཕྱིར་རྦད་ན༔ གཏོར་མ་མན་ངག་ལྟར་བྱིན་བརླབས་བྱས་ལ༔ ཧཱུྃ༔ ཀླུ་བདུད་ནག་པོ་མཐུ་བོ་ཆེ༔ ཤིན་ཏུ་དྲག་ཏུ་ཁྲོས་ཙ་ན༔ སྐུ་མདོག་མཐིང་ནག་མུན་པའི་མདོག༔ ལུས་ནི་གཞུ་འདོམ་བརྒྱ་ཡི་ཚད༔ སྦྲུལ་མགོ་དགུ་ཡི་གདེངས་ཀ་ལ༔ དུག་གི་སྤྲིན་ནག་ཐིབས་སེ་ཐིབ༔ སྡང་མིག་དམར་ཐབས་བསྒྲད་པ་ལ༔ ཁྲག་གི་ཆར་པ་སི་ལི་ལི༔ ཁ་གདངས་མཆེ་བ་གཙིགས་པ་ལ༔ ནད་རླངས་དམར་པོ་ཕྱུ་རུ་རུ༔ སྣ་ནས་སྤྲིན་ནག་འཕྱུར་བ་ལ༔ སེར་བ་དྲག་པོ་ཤ་ར་ར༔ སྙིང་ལ་གདུག་པའི་མུན་ནག་འཐིབས༔ དགྲ་བོ་མ་བརྗེད་ཤོ་ར་རེ༔ བུ་ག་དགུ་ནས་འབྲུག་སྒྲ་སྒྲོག༔ འུར་སྒྲ་ཐུག་ཆོམ་ཆེམས་སེ་ཆེམ༔ རྣ་བའི་ཁུང་ནས་ཐོག་རྒོད་འཕྲོ༔

p. 503

འཁྱུག་དང་ཚྭ་ཚྭ་ཐུ་ལུ་ལུ༔ བ་སྤུའི་གསེབས་ནས་ཐོག་སེར་འཕྲོ༔ གནམ་ལྕགས་ཚྭ་ཚྭ་ཐུ་ལུ་ལུ༔ རྐང་ཞབས་ནད་ཀྱི་རླུང་ཆེན་ལྡང་༔ རླུང་དམར་འཚུབ་མ་ཀྱི་ལི་ལི༔ འོག་སྒོ་སྦལ་སྦྲུལ་ཕོ་ཉ་འཕྲོ༔ སྦལ་སྦྲུལ་སྡོམ་སྡིག་ཉི་ལི་ལི༔ ཕྱག་གཡས་སྦྲུལ་ནག་ཞགས་པ་བསྣམས༔ བདུད་ཞགས་ནག་པོ་སྒ་ར་ར༔ གཡོན་ན་ནད་ཀྱི་རྐྱལ་པ་བསྣམས༔ ནད་རླངས་སྔོ་དམར་ཚུབས་སེ་ཚུབ༔ ཆིབས་སུ་བྲ་ནག་རྟིང་དཀར་བཅིབ༔ རྔ་རྔོག་སྦལ་སྦྲུལ་ཤིགས་སེ་ཤིག༔ བདུད་རྟ་རྒྱུག་འདུར་ཁྲ་ལ་ལ༔ འཁོར་དུ་སྡེ་བརྒྱད་དུ་མས་བསྐོར་ཆོ་འཕྲུལ་སྣ་ཚོགས་ཟིངས་སེ་ཟིང་༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཆོས་ཆོས་སྡང་བའི་དགྲ་ལ་ཆོས༔ མཐུ་དང་རྫུ་འཕྲུལ་ཅི་འདུག་ལྟ༔ རྟགས་དང་ཆོ་འཕྲུལ་དུ་མ་སྟོན༔ ལྟས་ངན་མི་རུངས་སྣ་ཚོགས་ཐོངས༔ ཐོག་དང་སེར་བ་གནམ་རྡོ་རྒྱོབས༔ གག་ལྷོག་མཛེ་དང་གཉན་ནད་ཐོངས༔ རིམས་དང་འཁྲུག་པ་གྲི་རྒོད་ཀྱིས༔ སྡང་བའི་དགྲ་བོ་ལས་ངན་འདི༔ ཐོག་མདའ་གྲི་དབབ་ཁ་རུ་སོད༔ དགེ་བསྙེན་ཆེན་པོའི་དུས་ལ་བབ༔ བཅོལ་བའི་ཕྲིན་

p. 504

ལས་འགྲུབ་པར་མཛོད༔ ཅེས་དྲག་ཏུ་བསྐུལ་ནས་གཏོར་མ་གཟའ་རྒྱུ་བ་དང་བསྟུན་ནས་དགྲ་ཕྱོགས་སུ་འཕང་༔ འདི་ཤིན་ཏུ་གཉན་པས་བསྟན་པ་སྤྱིའི་ཕྱིར་མ་གཏོགས་རང་དོན་ལྟར་ཆེར་བསྐུལ་ན་དགེ་བསྙེན་འཁྲུགས་ནས་རང་ལ་གནོད་པས་བཅོལ་ཤེས་པར་བྱའོ༔ ཀླུ་ཐེབས་དང་བསྟུན་ནས་ཀླུའི་གསོལ་ཁ་བྱས་ན། གནོད་འཚེ་ཞི་བ་དང་ལོངས་སྤྱོད་འཕེལ་བ་དང་ཀླུ་ལས་གྱུར་པའི་ནད་ཐམས་ཅད་ཞི་བ་དང་༔ གཞན་ཡང་ཕན་ཡོན་ཀླུ་མཆོད་སྤྱི་ལྟར་ཤེས་པར་བྱའོ༔ ཞེས་པ་འདི་ནི་སྙིགས་དུས་སུ་སྐྱེས་ཤིང་དགེ་སྦྱོར་གྱི་རྟགས་ཙམ་འཆང་ཞིང་བསྐྱེད་རྫོགས་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་ཨ་རཱ་གས་ཕན་པའི་གདམས་པ་ཁོ་ནས་སྦྱར་བའོ༔ མངྒ་ལཾ།། །། ༈ ཆུ་བདག་ལ་དཀར་གཏོར་བསྔོ་བ་ནི། ཧཱུྃ་ལས་རིན་ཆེན་སྣོད་ཡངས་པར། །གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །ཟག་མེད་བདེ་བ་བསྐྱེད་པ་འདི། །ཀླུ་ཡི་དགེ་བསྙེན་དམ་ཚིག་ཅན། །འབོ་རང་ཡབ་ཡུམ་བློན་འབངས་བཅས། །འཁོར་དང་སྤྲུལ་པ་བཅས་པ་ལ། །འབུལ་ལོ་མཉེས་ཤིང་ཚིམས་ནས་ཀྱང་། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །ཨོཾ་ནཱ་ག་ཅི་ཅི་འབི་འབི་སྭཱ་ཧཱ། ཨོཾ་ནཱ་ག་ཨུ་པ་སི་ཀ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་རཱ་གས་སོ།། །།

ཇོ་བོ་གཟེ་རྒྱལ་གྱི་གསོལ་ཁ་སྒྲུབ་ཐབས་དང་བཅས་པ་ཁ་བ་ཅན་གྱི་མངའ་གསོལ་ཆེན་མོ།

p. 505

ཇོ་བོ་གཟེ་རྒྱལ་གྱི་གསོལ་ཁ། སྒྲུབ་ཐབས་དང་བཅས་པ་ཁ་བ་ཅན་གྱི་མངའ་གསོལ་ཆེན་མོ་བཞུགས་སོ། །

p. 506

ན་མོ་པདྨ་ཀཱ་ར་ཡེ། པད་འབྱུང་ཟིལ་གནོན་ལྷ་ལ་ཕྱག་འཚལ་ལོ། །དེ་ཡི་བཀའ་སྲུང་གཟེ་རྒྱལ་མཆེད་གསུམ་པོ། །སྲུང་མར་བརྟེན་ཅིང་མཆོད་པའི་མན་ངག་ནི། །ཕྱིང་དཀར་སྟེང་དུ་ནས་ཀྱིས་འདབ་བཞི་བྲི། །སྣོད་གཙང་ནང་དུ་བཤོས་བུ་རི་ཡི་དབྱིབས། །གཡག་ལུག་ར་གསུམ་ཕྱེ་མར་ཟས་ཕུད་བཤམས། །ངེས་པར་རྒྱུན་དུ་སྲུང་མར་བརྟེན་པ་ནི། །ལེབ་མོ་བྱ་རྒོད་སྒྲོ་ཅན་མདའ་ལ་ནི། །དར་ཚོན་སྟག་རས་གཟིག་གི་རི་མོ་དང་། །མེ་ལོང་གཡུ་སོགས་རིན་པོ་ཆེ་ཡིས་བརྒྱན། །ལུག་སྙིང་ནང་དུ་སྲོག་སྔགས་རྣམས། །གསེར་དངུལ་མཚལ་གྱིས་བྲིས་ལ་བཅུག །རས་དཀར་བཏུམ་ལ་མདའ་མགུལ་བཏགས། །དར་དཀར་དག་ལ་སྲོག་སྔགས་དང་། །རྟ་མགོ་ལུག་མགོའི་གཟུགས་བྲིས་བཏགས། དེ་ནི་གཞི་

p. 507

ལ་རྟག་ཏུ་འཆང་། །བྱེས་ལ་སག་དག་ནང་སོགས་བཞག །ལུས་དང་གྲིབ་བཞིན་སྡོང་གྲོགས་བྱེད། །དེ་ནི་བཅའ་ཚོགས་རྒྱས་པ་སྟེ། །བསྡུ་ན་དཀར་གཏོར་རྩེ་གསུམ་གཅིག །མཐའ་ལ་རྟ་མགོ་ལུག་མགོའི་གཟུགས། །མཐེབ་སྐྱུ་དང་བཅས་མཐའ་བསྐོར་ལ། །བསངས་དང་འབྲེལ་ན་བསང་རྫས་བཤམས། །དེ་ནས་གྱེར་སྒོམ་སྦྲགས་བྱས་ཏེ། །རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ས་རྣམ་དག་སྐྱེ་མེད་ཀུན་བཟང་ཀློང་༔ སྐྱེ་བའི་ཆོ་འཕྲུལ་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཐུགས་སྲོག་ཧཱུྃལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཕྲོས་པས་བཀའ་སྡོད་འཁོར་བཅས་སྤྱན་དྲངས་

p. 508

གྱུར༔ ཧཱུྃ༔ རྡོ་རྗེ་གདན་གྱི་བྱང་ཕྱོགས་གདོང་དམར་ཡུལ༔ ཁ་བ་ཅན་ལྗོངས་ཐུགས་རྗེ་ཆེན་པོའི་ཞིང་༔ མངོན་དགའ་ཞིང་མཚུངས་མདོ་སྟོད་ལྕི་ཡི་ལ༔ རིན་ཆེན་ཤེལ་གྱི་རི་བོ་ལྷུན་མཐུག་པ༔ འབྲུག་སྒྲོག་གློག་འབྱིན་ཆུ་འཛིན་སྨུག་པོ་འཐིབས༔ སྤང་ལྗོངས་ནེའུ་སེང་མེ་ཏོག་ཚལ་ཆེན་རྒྱས༔ རི་དྭགས་གཅན་གཟན་མང་པོ་བག་ཡངས་རྒྱུ༔ རྨ་གཡང་དངོས་གྲུབ་ཆགས་པའི་གནས་མཆོག་ནས༔ སྨོན་སྐྱེས་གངས་ཞུར་མཆེད་གསུམ་འཁོར་དང་བཅས༔ བདག་གིས་གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ནོ༔ གློག་དམར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ སྔོན་ཚེ་དཔལ་ཆེན་པདྨ་ཐོད་ཕྲེང་གིས་ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ བསྟན་དང་བསྟན་འཛིན་དབུ་འཕང་མཐོ་བ་དང་༔ བདག་གིས་ཅི་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཐོག་གཉན་ཐོག་ཧེ་ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ས་མ་ཡ་སྭོ༔ ས་མ་ཡ་ཧོ༔ བྷཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་༔ ཨོཾ་ལས་མཆོད་རྫས་འདོད་ཡོན་

p. 509

ལོངས་སྤྱོད་གཏེར༔ ཟད་མེད་ནམ་མཁའ་མཛོད་དུ་གྱུར་པ་ཡིས༔ འོ་ཞོའི་མཆོད་ཡོན་ཡན་ལག་བརྒྱད་ལྡན་དང་༔ རྣམ་བཀྲའི་མེ་ཏོག་བཟང་ཤིང་སྣ་ཚོགས་སྤོས༔ རིན་ཆེན་འོད་འབར་རྒྱ་ཇའི་དྲི་ཆབ་དང་༔ ཕྱེ་མར་ཤ་ཐུད་སྣ་ཚོགས་ཞལ་ཟས་སྤོས༔ ཏིང་ཏིང་ཤག་དང་རྔ་དྲིལ་རོལ་མོའི་སྒྲ༔ གཡག་ལུག་ར་ཡི་གཟུགས་དང་བསྟོད་དབྱངས་སྒྲ༔ སྤོས་དཀར་ཕྱེ་མར་གསུར་དང་གསེར་སྐྱེམས་བཅུད༔ རེག་འཇམ་དར་ཚོན་སྟག་གཟིག་སྤུ་ཤུན་སོགས༔ སྨྱུག་མ་ཚིགས་བདུན་ལྷ་མདའ་ལེབ་མ་ལ༔ རྒོད་སྒྲོ་སྲོག་སྙིང་མཐུན་པའི་རྫས་ཀྱིས་བརྒྱན༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ ཇོ་བོ་སྨོན་སྐྱེས་མཆེད་གསུམ་འཁོར་བཅས་ལ༔ འབུལ་ལོ་རབ་ཏུ་མཉེས་ཤིང་ཚིམས་གྱུར་ཅིག༔ ཁྱད་པར་གཏོར་མ་ཟག་མེད་བདུད་རྩིའི་མཚོ༔ ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་འདི༔ ཧ་ཧོ་ཧྲཱིདང་ཨོཾ་ཨཱཿཧཱུྃ་རྣམས་ཀྱིས༔ ཟག་མེད་ལོངས་སྤྱོད་གཏེར་དུ་བྱིན་རླབས་ཏེ༔ ཇོ་བོ་སྨོན་སྐྱེས་གང་ཞུར་མཆེད་གསུམ་གྱི༔ འཁོར་དང་ཡང་འཁོར་བཅས་ལ་འབུལ་ལགས་ན༔ རབ་ཏུ་མཉེས་ཤིང་དགྱེས་པར་རོལ་ནས་ཀྱང་༔ འཁོར་བཅས་རབ་ཏུ་

p. 510

མགུ་ཞིང་ཚིམས་གྱུར་ཅིག༔ ཨོཾ་ཨ་ཀཱ་རོ་སོགས། ཐོག་གཉེན་ཐོག་ཧེ་ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཀ་ཡེ་གསོན་དང་སྨོན་སྐྱེས་མཆེད་གསུམ་པོ༔ ཁ་བ་ཅན་ལྗོངས་ལྷ་སྐལ་རྫུ་འཕྲུལ་ཅན༔ ག་ནས་བསམས་ཀྱང་ཁྱེད་ཅག་མཐུ་རྩལ་ཅན༔ ང་ཡིས་སྲུང་མར་རྟག་ཏུ་ཁྱོད་བརྟེན་པས༔ ཅ་ལེ་ཅོ་ལེའི་གདུག་རྩུབ་མ་སྟོན་པར༔ ཆ་ལུགས་གཏེར་བདག་ནོར་ལྷའི་ཚུལ་གྱིས་ནི༔ ཇ་དར་རྨ་གཡང་དངོས་གྲུབ་སྣ་ཚོགས་སྩོལ༔ ཉ་རྒྱས་ཟླ་བ་ལྟ་བུའི་གཟི་བརྗིད་ཅན༔ ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱེད་རྣམས་ཀྱིས༔ ཐ་ན་གཅན་གཟན་ཆོམ་རྐུན་ཡན་ཆོད་སྲུངས༔ ད་ནི་མ་གཡེལ་སྐུ་ཤུགས་ཕྱུང་མཛོད་ལ༔ ན་ཚ་དགྲ་འདྲེའི་གནོད་པ་ཞི་བར་མཛོད༔ པ་གཏུམ་དྲག་རྩ་ལ་ལྡན་པ་ཁྱེད་རྣམས་ཀྱིས༔ ཕ་རོལ་དགྲ་དང་བགེགས་ཀྱི་དམག་ཚོགས་ཟློག༔ བ་གླང་རྟ་ཕྱུགས་རྐང་འགྲོ་འཕེལ་བར་མཛོད༔ མ་གཅིག་བུ་གཅིག་ལྟ་བུར་བྱམས་པས་སྐྱོངས༔ ཙ་ཁ་ལོ་ཐོག་ལེགས་ཤིང་རྒྱས་པ་དང་༔ ཚ་རྡུང་མ་བཏང་ཆར་ཆུ་དུས་འབེབས་སོགས༔ ཛ་ཡེ་པདྨ་འབྱུང་གནས་བཀའ་བསྒོས་

p. 511

བཞིན༔ ཝ་ལེར་ཡིད་ཀྱི་མངོན་ཤེས་ལྡན་ཁྱོད་རྣམས༔ ཞ་ལྟར་བདག་གི་གཙུག་ཏུ་བཀུར་བའི་ཚེ༔ ཟ་འཐུང་ཕུད་ཀྱིས་མཆོད་པ་འབུལ་ལགས་ན༔ འ་རེ་འུ་རེའི་སྙན་དང་གྲགས་པ་སྤེལ༔ ཡ་མཚན་ཆེ་བའི་དངོས་གྲུབ་བདག་ལ་བྱིན༔ ར་ཙ་བློན་འབངས་ཡུལ་འཁོར་ལ་སོགས་པ༔ ལ་ཆེན་སྣང་སྲིད་དགོས་འདོད་དབང་དུ་བསྡུས༔ ཤ་ཁྲག་གཏོར་མས་མཆོད་ཅིང་ཆད་པའི་ཚེ༔ ས་ཆེན་རི་ཆེན་གཡོ་བའི་དམག་དཔུང་གིས༔ ཧ་ཧའི་གད་མོ་དང་བཅས་དགྲ་བགེགས་ཆོམ༔ ཨ་ལ་ལ་ཧོ་ངོ་མཚར་རྒྱལ་ཁ་བྱིན༔ ཞེས་། རྒྱུན་ཁྱེར་བྱའོ༔ དེ་ལ་བསྙེན་པ་བྱ་བའི་རིམ་པ་ནི༔ ཆེ་བ་རྡོ་རྗེ་དཔལ་འབར་དབུས་སུ་ནི༔ ཐུགས་ཀར་ཟླ་སྟེང་པ་ཎི་ཡི་གེ་དཀར་པོ་ལས༔ ཨོཾ་ཐོག་ཀླུ་ཐོག་རྗེ་ས་མ་ཡ་ཛ་ཛ༔ གཡས་བསྐོར་བསྒོམ་ཞིང་གཡས་སུ་ནི༔ འབྲིང་བ་རྡོ་རྗེ་དབང་ཕྱུག་ཐུགས་ཀ་རུ༔ ན་ཡིག་དཀར་པོའི་སྔགས་འདི་གཡས་སུ་བསྐོར༔ ཨོཾ་ཐོག་གཉན་ཐོག་ཧེ་ས་མ་ཡ་ཛ༔ གཡོན་དུ་རྡོ་རྗེ་དཔལ་བརྩེགས་ཐུགས་ཀ་རུ༔ ཡི་གེ་དམར་སེར་ཐ་མར་སྔགས་ཀྱིས་བསྐོར༔ ཨོཾ་ཐོག་བཙན་ཐོག་ཧེ་ས་མ་ཡ་ཛ༔ རང་ཉིད་པདྨ་འབྱུང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ མཆེད་གསུམ་བཀའ་ཉན་གསུང་སྡོད་ཅིང་༔ ཅི་བཅོལ་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ་ཞིང་༔ ཨོཾ་ཐོག་གཉན་

p. 512

ཐོག་ཧེ༔ ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་མ་ཡ་ཛ་ཛ༔ ཞེས་པའི་བསྙེན་པ་ཅི་ནུས་བཟླ༔ དེ་ནས་ལས་ཚོགས་ཕྲིན་ལས་བསྒྲུབ་འདོད་ན༔ རྩ་སྔགས་གསུམ་འབྲེལ་བའི་མཐར་ཤམ་བུ་འདི་ལྟར་བཟླ༔ ཚེ་རིང་བར་འདོད་ན༔་ཨ་ཡུསིདྡྷི་ཧཱུྃ༔ མཆེད་གསུམ་ཐུགས་ཀར་འོད་ཟེར་ཕྱོགས་བཅུར་འཕྲོས༔ འཇིག་རྟེན་ཁམས་ཀྱི་ཚེ་ཡི་དངོས་གྲུབ་དང་༔ རྩི་བཅུད་འབྱུང་བའི་ནུས་པ་ཡོན་ཏན་རྣམས༔ བསྡུས་ནས་བསྲུང་བྱར་ཐིམ་པར་བསམ༔ བཀྲ་ཤིས་བདེ་སྐྱིད་འདོད་ན༔ རྩ་སྔགས་ཤམ་དུ༔ མངྒ་ལཾ་སརྦ་སིདྡྷི་ཧཱུྃ༔ མཆེད་གསུམ་འོད་ཀྱིས་འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་བཀྲ་ཤིས་རྣམས་བསྡུས་ནས་བདག་ལ་ཐིམ་པར་བསམ༔ སྙན་གྲགས་འདོད་ན་རྩ་སྔགས་ཤམ་དུ༔ ཀཱིརྟི་སརྦ་སིདྡྷི་ཧཱུྃ༔ ཇོ་བོ་འཁོར་དང་བཅས་པས་ཕྱོགས་བཅུ་ཡི༔ སྙན་གྲགས་ཐམས་ཅད་འབྲུག་ལྟར་སྒྲོག་པར་བསམ༔ བཙན་ཞིང་སྟོབས་ཆེ་བར་འདོད་ན༔ མ་ཧཱ་བྷ་ལ་སརྦ་སིདྡྷི་ཧཱུྃ༔ ཟོའཁོར་ལྷ་དམག་འབུམ་དང་བཅས་པའི་རྒྱབ་རྟེན་དཔུང་རོགས་མཛད་པར་བསམ༔ རྟ་ནོར་ལུག་སོགས་འཕེལ་ཞིང་རྒྱས་པར་འདོད་ན༔ བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་གཏོར་འབུལ་བྱེད་འདོད་ན༔ ཞི་བར་དཀར་གཏོར་བདུད་རྩིར་བྱིན་གྱིས་བརླབས༔ དྲག་པོ་བྱེད་ན་ཟུར་གསུམ་ཤ་གཙང་རྒྱན༔ དེ་ནས་བསྟོད་བསྐུལ་བྱའོ༔ ཧཱུྃ་ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཁམས་ཀྱི་སེང་གེ་བྲག་གི་སྒྲུབ་གནས་

p. 513

སུ༔ གུ་རུ་དྲག་པོ་རིགས་ལྔའི་སྐུ་སྤྲུལ་ནས༔ སྨོན་སྐྱེས་མཆེད་གསུམ་ལ་སོགས་ཁམས་ཕྱོགས་ཀྱི༔ ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པའི་ཚེ༔ དེ་ཚེ་ཁྱེད་ཅག་སྨོན་སྐྱེས་མཆེད་གསུམ་པོར༔ རྡོ་རྗེ་དབང་གྲགས་རྡོ་རྗེ་དབང་ཕྱུག་དང་༔ རྡོ་རྗེ་དཔལ་བརྩེགས་ཞེས་བྱར་གསང་མཚན་བཏགས༔་ངག་ཏུ་དམ་རྫས་བདུད་རྩི་ཐིགས་པ་བླུད༔ དམ་ཚིག་བསྲུང་བའི་དངོས་གྲུབ་ཐོབ་པར་བྱ༔ དམ་ལས་འདས་ན་ངག་ཏུ་བྱིན་གྱིས་བརླབས༔ སྤྱི་བོར་དབང་རྟགས་དམ་ཚིག་རྡོ་རྗེ་བཞག༔ དམ་ཚིག་བསྲུངས་ན་ཐར་པ་ཐོབ་ལུང་བསྟན༔ དམ་འདས་ལུས་སྲོག་འཚིག་པའི་དམོད་པ་བོར༔ དེ་ཚེ་བསྟན་པ་སྲུང་བའི་ཐ་ཚིག་ཕུལ༔ དམ་ལྡན་རྣལ་འབྱོར་སྐྱོང་བར་ཁས་ཀྱང་བླངས༔ སྔོན་གྱི་ཁས་བླངས་དམ་བཅའ་མ་བརྗེད་པར༔ དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དམ་ལྡན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་དང་གདོན་དང་དགྲ་ཡི་འཚེ་བ་ཟློག་ཚེ་དང་བསོད་ནམས་ཆོས་སྲིད་བསྟན་པ་སྤེལ༔ སྡང་ཞིང་གདུག་པའི་སེམས་འཆང་དགྲ་དང་བགེགས༔ གང་ན་འདུག་ཀྱང་ཐལ་བ་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་

p. 514

བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་ཙམ་མོ༔ རྒྱས་པར་སྤྲོ་ན༔ ཧཱུྃ༔ བསྟན་སྲུང་ཆེན་པོ་རྡོ་རྗེ་དབང་དྲག་ནི༔ སྟོན་ཟླའི་མདོག་ཅན་ཁྲོ་འཛུམ་འགྱིང་བག་ཅན༔ དབུ་ལ་དུང་རྨོག་དར་འཕྲུ་ཉི་ཟླས་བརྒྱན༔ སྐུ་ལ་བེར་དཀར་དུང་ཁྲབ་དགྲ་སྣ་བསྣམས༔ མུ་ཏིག་སྐད་བཅིངས་སྟག་རལ་གཟིག་ཤུབས་བཀྲ༔ ཕྱག་གཉིས་སྦ་ལྕག་མདུང་དར་དཀར་པོ་ཕྱར༔ རྫུ་འཕྲུལ་དུང་རྟ་རག་དཀར་གཡུ་རྔོག་ཆིབས༔ དཀར་པོའི་ཕྱོགས་སྐྱོང་བྱང་ཆུབ་སེམས་དང་ལྡན༔ གཡུ་འབྲུག་སྔོན་མོའི་སྟེང་ན་འཁྱུག་ཅིང་ངར༔ གཡས་ན་སེང་འགྱིང་གཡོན་ན་རྒྱ་སྟག་རྒྱུགས༔ གཡོན་ན་ཁྲ་ལྡིང་རྒྱབ་ན་ལྷ་གཡག་འདུར༔ ཕུ་ལ་ཀུ་འདེབས་སྐྱ་མི་འབུམ་དང་བཅས༔ མདའ་ན་གཡབ་མདོར་ཇག་ཆེན་སྟོང་དང་བཅས༔ ཕོ་ཉ་ལྷ་དམག་བྱེ་བ་འབུམ་དང་བཅས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ བར་ཆད་ཀུན་སེལ་དངོས་གྲུབ་ཐམས་ཅད་སྩོལ༔ གདན་གྱི་རྐུང་ཕུད་དགྲ་ཡི་དམག་དཔུང་ཆོམ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀའ་སྲུང་མཐུ་ཆེན་རྡོ་རྗེ་དབང་ཕྱུག་ནི༔ སྐུ་མདོག་དཀར་དམར་གསེར་རྨོག་རྒོད་འཕྲུ་

p. 515

ཅན༔ དར་བེར་སྟེང་དུ་གསེར་ཁྲབ་སུམ་བརྩེགས་གསོལ༔ གཡུ་ཡི་ཁྲབ་ཤམ་བྱི་རུའི་ཁྲབ་སྒྲོག་བཅིངས༔ ཕྱག་གཉིས་རལ་གྲི་དངུལ་མདུང་དར་དཀར་ཕྱར༔ སྟག་རལ་གཟིག་ཤུབས་བཏགས་ནས་རྫུ་འཕྲུལ་གྱིས༔ གྲོ་སྨུག་ངོ་སེར་ཆིབས་ནས་རླུང་ལྟར་མགྱོགས༔ སྟོང་གསུམ་དགྲ་ཡི་འཁོར་ཚོགས་བཅས་པ་དང་༔ གཉན་དམག་འབུམ་དང་ཕོ་ཉ་བྱེ་བ་བཅས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ འཇིག་རྟེན་མི་རྣམས་ཀུན་ལ་མགོན་སྐྱབས་མཛོད༔ བར་ཆད་དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཀའ་ཡི་སྲུང་མ་རྡོ་རྗེ་དཔལ་འབར་ནི༔ གསེར་མདོག་དབུ་ལ་ལྕགས་རྨོག་རྒོད་འཕྲོས་བརྒྱན༔ དར་སྔོན་བེར་སྟེང་མུ་ལེའི་ཆེམས་ཁྲབ་ལ༔ སྤུ་གྲིའི་ཤམ་བཏགས་དངུལ་གྱི་སྐེ་རགས་བཅིངས༔ ཕྱག་ན་རལ་གྲི་མདུང་དར་དཀར་པོ་ཕྱར༔ འཁོར་གསུམ་བསྐོར་ནས་རྐྱང་བུ་ཁ་དཀར་ཆིབས༔ བྱ་རྒོད་ལྡིང་ཞིང་གཡོན་ན་བྱ་ཁྲ་འཛུམས༔ གཡས་ན་སེང་གེ་འགྱིང་ཞིང་དགྲ་བླས་བསྐོར༔ ཀླུ་དམག་འབུམ་གྱི་འཁོར་དང་བཅས་པ་རྣམས༔ འདིར་

p. 516

གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ མཐུན་རྐྱེན་ཀུན་སྒྲུབས་འགལ་རྐྱེན་བར་ཆད་སོལ༔ སྡང་དགྲ་གནོད་བྱེད་འདུལ་ལ་རྩལ་མ་ཞན༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྕམ་གཅིག་ལྷ་ལྕམ་གློག་མ་འཕྲུལ་ཞེས་མ༔ འདོད་དགུ་བསྒྱུར་བའི་གཟུགས་འཆང་འཕྲུལ་མོ་ཆེ༔ བཙུན་མོ་གཡུ་མཚོ་ཆེ་ཆུང་བདག་མོ་ནི༔ གཡུ་དང་བྱི་རུའི་བུད་མེད་རྒྱན་ཆ་ལ༔ ཆིབས་སུ་ཆུ་རྟ་དང་ནི་ཁྲུང་ཁྲུང་ཆིབས༔ ཕྱག་ན་མདའ་དར་དངུལ་དཀར་མེ་ལོང་འཛིན༔ མཚོ་སྨན་སུམ་བརྒྱ་དྲུག་ཅུ་བཅས་པ་རྣམས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ རྨ་གཡང་དངོས་གྲུབ་ཆུ་བོའི་རྒྱུན་བཞིན་སྩོལ༔ ཀླུ་གཡང་མི་ལ་འབེབས་པའི་ཕྲིན་ལས་མཛོད༔ ཀྱཻ༔ ཇོ་བོའི་བཀའ་སྡོད་ཕྱོགས་བཞིའི་བཀའ་བློན་བཞི༔ དབྱི་རྒྱལ་རིན་ཆེན་སྤེ་ནེ་རི་བཀྲ་དང་༔ ཀ་རྒྱལ་མོ་ནོམ་ཇོ་བོ་རྐེད་རྒྱལ་བཞི༔ རེ་རེའི་འཁོར་ཡང་ཁྲི་ཕྲག་འབུམ་རེ་བཅས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཁ་འཛིན་སྡོང་གྲོགས་དཔའ་ཡ་དཔུང་རོགས་མཛོད༔ ཕྱོགས་བཞིའི་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ གཞན་ཡང་ཇོ་བོའི་

p. 517

བཀའ་ཉན་ཕོ་ཉའི་ཚོགས༔ ཀླུ་ཡི་རྒྱལ་པོ་དྲག་པོ་བདུད་འདུལ་ནི༔ གོ་རྟ་སྤོ་ལོ་ཅན་གྱི་བཙན་དམག་དང་༔་འཁྱིལ་པ་སྤུན་བདུན་ཧས་པ་རྟ་མགོ་དང་༔ ཆུ་ཁྲི་ཕག་སྟག་རི་རྒོད་བྲག་ནག་དང་༔ ནག་པོ་སོར་འཕྱང་ངང་འཛངས་འཕྱོར་མགོ་དང་༔ ར་ར་དུག་མཚོ་ལ་སོགས་འཁོར་གྱི་ཚོགས༔ ཀུན་ཀྱང་ལུས་ཀྱི་སྤྲུལ་པ་བསམ་མི་ཁྱབ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ སྔོན་ཚེ་པདྨ་འབྱུང་གནས་བཀའ་བསྒོས་བཞིན༔ ཀུན་ཀྱང་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཀུན་ཀྱང་རང་རང་དངོས་གྲུབ་གང་ཡིན་སྩོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཐོག་གཉན་ཐོག་ཧོ༔ ཐོག་ཀླུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པཱ་རི་ཝཱ་ར་གནོད་བྱེད་དགྲ་བགེགས་ཀྱི་སྙིང་ལ་མཱ་ར་ཡ་ཛ་ཛ༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་བརྗོད་ལ་གཏོར་མ་གནས་ཕྱོགས་ལ་འབུལ༔ ཐག་རིང་འགྲོ་ན་ཕྱོགས་སུ་འབུལ་བཅོལ་དམ་གང་དགོས་དྲག་ཏུ་བྱ། བཀའ་སྲུང་སྒྲུབ་མཆོད་ལས་བྱང་འདི། ༧ རཱ་ག་ཨ་སྱས་མདུན་ལུང་ནང་དུ་སྦྱར། །འགལ་འཁྲུལ་མཆིས་ན་བཀའ་སྲུང་ཉིད་ལ་བཤགས། །དགེ་བས་ཡུལ་ཕྱོགས་རྒྱལ་ཁམས་ལ། །བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད།།

སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་གསོལ་མཆོད་ཕན་བདེའི་ཆུ་གཏེར།

p. 518
p. 519

སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་གསོལ་མཆོད་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །

p. 520

ན་མོ་པདྨ་ཀཱ་ར་ཡེ། པདྨའི་བཀའ་ཉན་དམ་ཚིག་ཅན། །དགེ་བསྙེན་ཆེན་པོའི་གསོལ་ཁ་བྲི། །མཆོད་གཏོར་དཔེའུ་ཆུང་བཞིན་བཤམས་ནས། །རང་ཉིད་ལྷའི་ང་རྒྱལ་གྱིས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་གསེར་གྱི་སྤང་ལྗོངས་གཡུ་ཡི་ནེའུ་སིང་མཆོང་གི་རྫ་སྨུག་ཤེལ་གྱི་བྲག་རིའི་གཏམས་པའི་དབུས་སུ། ཧཱུྃ་ལས་རིན་པོ་ཆེའི་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། གསེར་གྱི་ཁྲི་རིན་པོ་ཆེའི་མཛེས་རྒྱན་དུ་མས་སྤྲས་ཤིང་ཟ་འོག་གི་འབོལ་སྟན་བརྡལ་བའི་སྟེང་དུ། ལྷའི་དགེ་བསྙེན་ཆེན་པོ་ངོམ་རྒྱལ་མཚོ་བཀྲ་ཞལ་རས་ཟླ་རྒྱས་ལྟ་བུར་

p. 521

བརྗིད་ཅིང་འཛུམ་པ། སྤྲིན་དཀར་ལྡིང་བ་ལྟ་བུའི་དུང་རྨོག་ལ་གོས་མན་དར་གྱིས་འཕུར་ལྕེ་གཡོ་བ། དར་དཀར་གྱི་ན་བཟའ་དང་གངས་རི་སྤུངས་པ་ལྟ་བུའི་ཤེལ་ཁྲབ་ཀླུབ་པ། ཕྱག་གཡས་ན་ལྷ་གནས་སྙོག་པ་ལྟ་བུའི་དར་མདུང་དཀར་པོ་ཕྱར་ཞིང་། གཡོན་ན་ཡིད་བཞིན་གྱི་ནོར་བུ་བསྣམས་པ། གསེར་གྱི་ཉ་བོ་ཆེ་ལྟ་བུའི་སྟག་གདོང་གཡས་ན་འཁྱུག་ཅིང་གློག་དང་མཚུངས་པའི་གཟིག་ཤུབས་དང་རལ་གྲི་གཡོན་ན་འཕྱང་བ། དུང་གི་སྒ་སྲབ་ཀྱིས་གཡོགས་པའི་ཅང་ཤེས་དཀར་པོ་རླུང་གི་ཤུགས་ཅན་ལ་ཆིབས་པའོ།། དེའི་མདུན་དུ་སྨན་ཤ་ལ་གནས་

p. 522

པའི་བཙུན་མོ་རི་ཕྱུག་མ་མཛེས་སྡུག་མཚུངས་པ་མེད་པ། མཆོང་འོད་ཀྱི་ཁ་དོག་འཆང་ཞིང་དར་དཀར་གྱི་ན་བཟའ་འཇའ་ཚོན་གྱི་ཆ་ག་ཅན་ལ་འབྲུག་ཐོང་སྔོན་མོ་སྐུ་རེགས་བགྱིས་པ། གཡས་བདུད་རྩིའི་བུམ་པ་དང་འདོད་ཡོན་ལྔས་གང་བའི་གཞོང་པ་བསྣམས་པ། རིན་ཆེན་སྣ་ཚོགས་དང་གཡུའི་རྒྱན་གྱིས་བཀླུབས་ཤིང་ཆགས་པའི་མདངས་ཀྱིས་གཙོ་བོ་ལ་གཟིགས་པ། གཡས་སུ་ལྷ་བཙན་སྨུག་ནག་བསྲེའི་ཁྲབ་རྨོག་དང་འཁོར་གསུམ་ཅན། བྲ་ནག་རྟིང་དཀར་ལ་ཞོན་ནས་ཐོག་མདའ་དགྲ་ལ་འཕེན་པ། གཡོན་དུ་མཚལ་བུ་རྟིང་དཀར་ལ་གནས་པའི་ཀླུ་བཙན་མཆེད་དགུ་བསྲེ་ཁྲབ་དང་བསྲེ་རྨོག་དམར་པོ་གསོལ་ཞིང་མདུང་ཞགས་འཕེན་པས་དགྲ་བོའི་ཆེ་ཉམ་པར་བྱེད་པ། རྒྱབ་ཏུ་རྟ་སྔོན་པོ་ལ་གནས་པའི་གཡུ་རྒོད་སྔོན་པོ་གཡུའི་ཞུབ་ཅན་དང་སྨན་རྐྱལ་ཐོགས་པ། གཡས་ཟུར་དུ་གསེར་ཁྲི་ལ་གནས་པའི་ཕོ་བ་རྟ་ཕྱི་དམར་སྨུག་གཟིག་ཐུལ་སྦ་ཞུ་གསོལ་བ། སྐུ་ལས་ཐོག་ཟེར་གྱི་ཚྭ་ཚྭ་འཕྲོ་ཞིང་རྔ་ཤང་བསྣམས་པ། གཡོན་ཟུར་དུ་དུང་གི་ཅང་ཤེས་ལ་གནས་པའི་སོ་རྒྱལ་རབ་དཀར་དར་དང་འཁོར་གསུམ་གྱིས་བརྒྱན་ཅིང་ཕྱག་ན་ལྡེ་མིག་གི་ཆུན་པོ་ཆག་ཤིང་བསྣམས་པ།

p. 523

རྒྱབ་གཡས་སུ་རྟ་རག་པ་ལ་གནས་པའི་ཕྱའུ་གཡང་དཀར་ཕྱིང་དཀར་དང་རྒོད་ཞུ་མནབས་ཤིང་། གཡོན་མདའ་དར་དང་གཡས་འཕྲུལ་གྱི་ཇུ་ཐིག་གཡུགས་པས་སྲིད་པ་གསུམ་གསལ་བ། རྒྱབ་གཡོན་རྟ་ངང་པ་རྔོག་སྔོན་ལ་གནས་པའི་གསེར་རྒོད་སེར་པོ་གསེར་གྱི་ཞུབ་ཅན་རལ་གྲི་དང་མདུང་དར་བསྣམས་པ། གཙོ་བོའི་དྲུང་གི་གཡོན་ལོགས་སུ་ཐུགས་ཀྱི་དགྱེས་སྡེ་མོ་ཡ་རྒྱལ་རབ་མཛེས་རིན་པོ་ཆེ་དུ་མས་སྤྲས་ཤིང་། དར་དཀར་གྱི་ལའུ་གསོལ་བ་མདའ་དར་དང་བ་དན་མེ་ལོང་བསྣམས་ནས་རྐྱང་བུ་ཁ་དཀར་ལ་ཆིབས་པ། མདུན་གཡས་སུ་ཀླུ་བདུད་དར་དཀར་གཡས་ཆུ་གྲི་དང་གཡོན་སྦྲུལ་ཞགས་ཐོགས་ནས་ཆུ་རྟ་སྔོན་པོ་ལ་ཞོན་པ་སྦྲུལ་གྱི་གདེངས་ཀ་འཕྱོ་ཞིང་སྦྲུལ་མཇུག་སྐེད་ལ་དཀྲིས་པ། མདུན་གཡོན་དུ་བདུད་རྟ་ནག་པོ་ལ་གནས་པའི་ཀླུ་བདུད་མགར་བ་ནག་པོ་སྦྲུལ་ནག་གི་རལ་པ་སྤྲུགས་པས་བར་སྣང་ཁྱབ་ཅིང་། བདུད་ཀྱི་བེར་ནག་གསོལ་བ། སྦྲུལ་ནག་གི་ཞགས་པས་དགྲ་བོ་བཅིངས་བའོ། །དེ་དག་གི་འཁོར་དུ་གངས་རི་ཉིལ་བ་ལྟ་བུའི་ལྷ་དམག །རྒྱ་མཚོ་ལྷུད་པ་ལྟ་བུའི་ཀླུ་དམག །བུ་ཡུག་འཚུབ་པ་ལྟ་བུའི་གཉན་

p. 524

དམག །མུན་པ་འཐིབས་པ་ལྟ་བུའི་བདུད་དམག །རླུང་དམར་འཚུབ་པ་ལྟ་བུའི་བཙན་དམག །གཞན་ཡང་མགྱོགས་བྱེད་སྤྲུལ་པའི་ཁྲ་གླག་མང་པོ་ཀླད་ན་ལྡིང་བ། རྔམ་བྱེད་འཇིགས་པའི་གཅན་གཟན་མང་པོ་ཕྱི་ན་འབྲང་བ། མཛེས་སྡུག་དཀོར་ནོར་རི་དྭགས་མང་པོ་ཟུར་ན་ཁྲིད་པ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་དཀར་ཕྱོགས་སྐྱོང་བ་འཁོར་བཅས་སྤྱན་དྲངས། རོལ་མོ་ཐམས་ཅད་བསྒྲགས་སྤོས་དུད་བཏང་། མདའ་དར་གཡབ་མདུང་དར་ཕྱར་དུང་འབུད་དབྱངས་སྙན་པོས། ཧཱུྃ། བཀྲ་ཤིས་སྐལ་ལྡན་བོད་ཀྱི་ཡུལ། །ས་གཙང་ཆུ་གཙང་ངོམ་གྱི་ཡུལ། །ས་འཛིན་རི་རྒྱལ་མཚོ་བཀྲ་ནི། །ལྷ་གནས་ཀླུ་ཡི་རྒྱན་ཆ་ཅན། །ཤེལ་བྲག་ངང་དཀར་ཅེ་རེ་རེ། །མཆོང་གི་རྫ་སྨུག་ཐིབས་སེ་ཐིབ། །རྩེ་ལ་འདབ་ཆགས་སྣ་ཚོགས་ལྡིང་། །རྒོད་གླག་གཤོག་སྒྲ་ཁྲིགས་སེ་ཁྲིག །གསེར་གྱི་ཉི་མ་ཀྱི་ལི་ལི། །དུང་གི་ཟླ་བ་སྒ་ར་ར། །སྐར་ཕྲན་ཚོམ་བུ་སྤུངས་སེ་སྤུང་། །ལྷོ་སྤྲིན་སྨུག་པོ་ཕྱུ་རུ་རུ། །ལྷ་གནས་དབུས་ཀྱི་ཕོ་བྲང་གི །ཀླུ་གནས་གབ་གསང་མཚོ་ནག་ལ། །གཡུ་ཡི་ན་བུན་ཕྱུ་རུ་རུ། །

p. 525

ཤེལ་གྱི་ཆར་པ་སི་ལི་ལི། །དུང་གི་ཁུ་འཕང་ཁྲ་ལ་ལ། །གཡུ་འབྲུག་སྔོན་པོ་ལྡི་རི་རི། །གློག་འོད་དམར་པོ་སྐེམས་སེ་སྐེམ། །སྤྲུལ་པའི་ཐོག་མདའ་ཤ་ར་ར། །ཟུར་ལ་གཅན་གཟན་མང་པོ་རྔམས། །སྟག་གཟིག་དོམ་དྲེད་འཕར་སྤྱང་རྣམས། །རྒྱུག་མཆོངས་རྩལ་དང་ལིངས་སེ་ལིང་། །ཞོལ་དུ་རི་དྭགས་མང་པོ་གནས། །ཤ་དགོ་རྣ་གསུམ་རྒྱུག་དང་སྤྲེངས་སེ་སྤུང་། །གནས་མཆོག་དེ་འདྲའི་གཞལ་ཡས་ནས། །ངོམ་རྒྱལ་མཚོ་བཀྲ་གཤེགས་སུ་གསོལ། །ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །རྒྱལ་མོ་རི་ཕྱུག་གཤེགས་སུ་གསོལ། །ལྷ་བཙན་མཚལ་རྩེ་གཤེགས་སུ་གསོལ། །གོ་ཆོ་མཆེད་དགུ་གཤེགས་སུ་གསོལ། །གཡུ་རྒོད་སྔོན་པོ་གཤེགས་སུ་གསོལ། །ཕོ་བ་རྟ་ཕྱི་ཤིགས་སུ་གསོལ། །སོ་རྒྱལ་དོན་འགྲུབ་གཤེགས་སུ་གསོལ། །ཕྱའུ་གཡང་དཀར་གཤེགས་སུ་གསོལ། །གསེར་རྒོད་སེར་པོ་གཤེགས་སུ་གསོལ། །ཡར་རྒྱལ་གཉན་པོ་གཤེགས་སུ་གསོལ། །སྒོ་སྲུང་ར་དཀར་གཤེགས་སུ་གསོལ། །ཀླུ་བདུད་མགར་ནག་གཤེགས་སུ་གསོལ། །སྤྲུལ་པ་ཡང་སྤྲུལ་གཤེགས་སུ་གསོལ། །འཁོར་ཚོགས་མ་ལུས་

p. 526

གཤེགས་སུ་གསོལ། །ཨོ་དེ་ཝ་ཙིཏྟ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་འཁོར་བཅས་འུར་གྱིས་བྱོན་པར་དམིགས། རྟ་བདུན་ཟིལ་གྱིས་གནོན་པའི་གཟི་འོད་ཅན། སྣ་ཚོགས་རིན་ཆེན་བརྩེགས་པའི་མི་དམན་ཁྲི། །དབང་པོའི་གཞུ་འདྲའི་ཟ་འོག་བཀླུབས་པའི་སྟེང་། །དཀར་ཕྱོགས་སྐྱོང་མཛད་འཁོར་བཅས་བཞུགས་སུ་གསོལ། །ཨོ་དེ་ཝ་ཙིཏྟ་ས་པཱ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། གཙོ་འཁོར་འཚམས་པའི་གདན་ལ་བཞུགས་པར་བསམ། །ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཡུལ་ནི་བལ་བོད་སོ་མཚམས་ན། །སློབ་དཔོན་པདྨ་འབྱུང་གནས་ལ། །མེ་ཏོག་ཕུལ་ནས་དམ་བཅས་པ། །མིང་ནི་རྡོ་རྗེའི་མཚན་ཅན་ལ། །འཁོར་ནི་སུམ་བརྒྱ་དྲུག་ཅུས་བསྐོར། །སྲོག་སྙིང་ཕུལ་ནས་ཟཁས་བླངས་པ། །ཆོས་ཀྱི་བསྟན་པ་བསྲུང་བ་དང་། །དཀར་ཕྱོགས་སྐྱོང་བའི་དམ་བཅས་པའི། །དམ་ཚིག་གཉན་པོ་དྲན་མཛོད་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས་། །ཨོ་དེ་ཝ་ཙིཏྟ་ས་མ་ཡ་ཧཱུྃ། སྤྱི་བོར་རྡོ་རྗེ་བཞག་པས་སྔོན་གྱི་དམ་ཚིག་དྲན་ནས་ཅི་བསྒོ་བའི་ལས་སྒྲུབ་བོ་ཟེར་བར་བསམ། ཧཱུྃ། ཡུལ་ལྷ་ངོམ་རྒྱལ་མཚོ་བཀྲ་ནི། །ཡབ་ནི་དཀར་པོ་ལྷ་

p. 527

ཡི་རྒྱལ་པོ་སྟེ། །དཀར་པོའི་ཕྱོགས་སྐྱོང་ཁྱེད་ལ་ཕྱག་འཚལ་བསྟོད། །ཡུམ་ནི་སྔོན་པོ་ཀླུ་ཡི་བཙུན་མོ་སྟེ། །ཀླུ་ཡི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་ཀླུས་སྤྲུལ་སྲས་རིན་ཆེན་དབང་པོ་སྟེ། །ཡུལ་ལྷའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་ངག་གིས་ཕྱག་བྱ། དེ་ནས་མཆོད་པ་བྱིན་གྱིས་བརླབས་པ་ནི། བསྡུ་ན། ཨ་མྲྀ་ཏ་ལན་གསུམ་གྱིས་བསངས། སྭ་བྷཱ་ཝས་སྦྱངས། ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་སྣ་བདུན་འདོད་ཡོན་ལྔ་རྒྱལ་སྲིད་བདུན་བཀྲ་ཤིས་རྫས་རྟགས་བརྒྱད་རིན་༡། ཆེན་སྣ་ཚོགས་དར་སྣ་ཚོགས་འབྲུ་སྣ་ཚོགས་སྨན་སྣ་ཚོགས། གོ་མཚོན་མདའ་མདུང་དར་འཕན་ལ་སོགས་ས་དང་བར་སྣང་གང་བར་གྱུར། ཨོཾ་བཛྲ་སྤ་ར་ཎ་ཁཾ་ཨོཾ་ཨཱཙྪཱཧཱུྃ། མཆོད་གཡོན་མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་ནམ་མཁའ་བཀང་སྟེ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཨརྒྷཾ་སོགས། གཟུགས་སྡུག་སྒྲ་སྙན་དྲི་ཞིམ་རོ་མངར་དང་། །སྲབ་འཇམ་ན་བཟའ་ཕྱོགས་ཀུན་བཀང་སྟེ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །རཱུ་པ་སོགས། འཁོར་ལོ་ནོར་བུ་

p. 528

བཙུན་མོ་བློན་པོ་མཆོག །གླང་པོ་རྟ་མཆོག་དམག་དཔོན་དམ་པ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཙཀྲ་མ་ཎི་སྟི་པུ་རུ་ཥ་ཧ་ཏི་རུ་རཾ་ག་ཋད་པྲ་ཏིཙྪ་སྭཱ་ཧཱ༔ རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་དཔལ་བེ་རྒྱལ་མཚན་འཁོར་ལོ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །མངྒ་ལཾ་སོགས། ཡུངས་ཀར་དཱར་བ་གི་ཝཾ་བིལ་བ་ཞོ། །མེ་ལོང་ལི་ཁྲི་དུང་རྣམས་ཁྱོད་ལ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །མངྒ་ལཾ༔ རིན་ཆེན་དར་འབྲུ་སྨན་སྣ་གོ་མཚོན་དང་། །མདའ་དར་རུ་མཚོན་ཤེལ་ཚིགས་ཤ་སྣ་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །སརྦ་པུ་ཙ༔ གཡག་ལུག་བྱ་ར་རྟ་དང་གླང་པོ་དང་། །རི་དྭགས་གཅན་གཟན་ཆུ་གནས་གཟུགས་རྣམས་འབུལ། །དགེ་བསྙེན་འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །སརྦ་རཱུ་པ་༴ ཞེས་འབུལ། དེ་ནས་བསང་བྱེད་ན་རྒྱས་པར་དུ་བའི་ལྷ་མོ་བསྐྱེད། བསྡུ་ན་བསང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་དུད་པའི་སྣ་ལ་སྤོས་ངད་ལྡན་པར་བསམ། ཀྱེ། བསང་གྱི་རྒྱུད་བྱུང་གང་ནས་བྱུང་། །བསང་གི་རྒྱུད་བྱུང་གནམ་ནས་བྱུང་། །ཕ་

p. 529

གནམ་ལ་འབྲུག་ཆེན་ལྡར་མ་ལྡིར། །མ་ས་ལ་གློག་ཆེན་གྱ་མ་གྱུ། །བུ་རྟ་རྒོད་གངས་ཀྱི་ཐིགས་པ་ཡིན། །མ་ཕམ་གཡུ་མཚོའི་ཁ་ཞག་ཡིན། །བཟང་དྲུག་སྨན་གྱི་ནུས་པ་ཡིན། །དྲི་ཞིམ་སྤོས་ཀྱི་ངད་པ་ཡིན། །ཕྱེ་མར་འོ་སྐོལ་གསུར་གྱིས་མཆོད། །གསེར་ལོ་འབར་བའི་སྟག་པ་དང་། །གཡུ་ལོ་འབར་བའི་ཤུག་པ་དང་། །དུང་ལོ་འབར་བའི་བ་ལུ་དང་། །མཁན་པ་སྤོས་དཀར་ཨ་ག་རུ། །ཤིང་བདུད་རྩི་ཅན་གྱི་དུད་པ་ཡིས། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །བཙུན་མོ་རྒྱལ་མོ་རི་ཕྱུག་བསང་། །ལྷ་བཙན་མཚལ་ཅོ་གཉེན་པོ་བསང་། །ཡོ་རྒྱལ་གོ་ཆོ་སྤུན་དགུ་བསང་། །ནང་བློན་གཡུ་རྒོད་སྔོན་པོ་བསང་། །ཨ་མྱེ་ཕོ་བ་རྟ་ཕྱི་བསང་། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་། །མོ་མ་ཕྱའུ་གཡང་དཀར་བསང་། །ཕྱི་བློན་གསེར་སྒོ་སེར་པོ་བསང་། །བཟང་བྱེད་གཉན་པོ་ཡ་རྒྱལ་བསང་། །སྒོ་སྲུང་ར་དཀར་གཉན་པོ་བསང་། །ལས་མཁན་ཀླུ་བདུད་མགར་ནག་བསང་། །སྤྲུལ་པ་ཡང་སྤྲུལ་བཅས་པ་བསང་། །འཁོར་དང་ཡང་འཁོར་ཐམས་ཅད་བསང་། །དེ་རྣམས་བསང་བའི་ཡོན་ཏན་གྱི། །འཁོར་

p. 530

སྲུང་རྐྱེན་བཟློག་བར་ཆད་སོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །དེ་ནས་གཏོར་མ་བྲན་ལ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། བྷྱོ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཁཾ་ཞུ་བ་ལས་བྱུང་བའི་ལྷའི་བདུད་རྩི་ཁ་དོག་ཤེལ་བཅག་པ་ལྟ་བུ། རོ་སྦྲང་རྩི་ལྟ་བུ་ཟག་མེད་ཀྱི་བདེ་བ་སྐྱིད་པས་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་དེ་ཝ་ཙིཏྟ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་བ་ལི་ཏ་སྭཱ་ཧཱ༔ བར་ལན་གསུམ། ཨོཾ་ཨ་རུ་ཧཱུྃ་སྭཱ་ཧཱ༔ སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་ཞལ་དུ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་ཧཱུྃ་སྭཱ་ཧཱ༔ ཨོཾ་ཨ་ཀཱ་རོ་སོགས་། འཁོར་ཐམས་ཅད་ཡང་འགྲེས་སོ། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་ཀྱི། །མཆོད་སྦྱིན་གཏོར་མ་འདི་སོགས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། ཧཱུྃ། སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །མགྱོགས་པ་རླུང་གི་རྟ་ལ་ཞོན། །བཙན་པོ་ཤེལ་གྱི་གོ་ཁྲབ་གྱོན། །དབུ་ཡི་དུང་རྨོག་དཀར་པོ་ལ། །གོས་མན་དར་འཕྲུ་རླུང་ལྟར་འཚུབ། །སྟག་དོང་གཡས་ལ་གཟིག་ཤུབས་གཡོན། །ཡ་ཚ་དཀར་ཕྲན་གློག་ལྟར་འཁྱུགས། །ཕྱག་གཡས་མདུང་དར་དཀར་པོ་བསྣམས། །རང་གི་ཕྱོགས་རྣམས་

p. 531

རྒྱལ་མཛད་ཅིང་། །མི་མཐུན་ཕྱོགས་ཀུན་ཟློག་པར་མཛོད། །མང་དུ་འདུས་ན་མཁས་དབང་ཆེ། །ཉུང་དུ་འདུས་ན་ཁས་བཙན་པོ། །ངོམ་གྱི་ལུང་པ་དར་མཛད་པའི། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །ཡུལ་ནི་ཡུལ་པའི་རྒྱལ་པོ་ཡིན། །ཡུལ་པའི་མགོན་བྱེད་ཆེན་པོ་སྟེ། །སྲུང་ནི་སངས་རྒྱས་བསྟན་པ་སྲུངས། །ངོམ་ཆུ་རྒྱུད་ལ་གནས་པའི་མགོན་མཛད་པའི། །ངོམ་རྒྱལ་མཚོ་བཀྲ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། རེས་འགའ་སྤྲུལ་པ་མཛད་ཙ་ན། །མི་དཀར་རྟ་དཀར་བཅུ་གསུམ་གྱིས། །བ་དན་དཀར་པོ་རླུང་ལྟར་འཚུབ། །རང་འདྲ་སུམ་བརྒྱ་དྲུག་ཅུས་བསྐོར། །དཔའ་བོ་གོ་མཚོན་ཆས་དང་ལྡན། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །སྐུ་བསྲོ་ཆོ་སྒྲ་དི་རི་རི། །རྡོ་རྗེའི་མཚན་ཅན་ཁྱོད་ལ་བསྟོད། །ཧཱུྃ། ཡང་གཅིག་སྤྲུལ་པ་མཛད་ཙ་ན། །སྐུ་ནི་གཤིན་རྗེའི་རྒྱལ་པོར་སྤྲུལ། །ན་བཟའ་སྟག་ཐུལ་ཁྲ་བོ་མནབས། །དབུ་ལ་དུང་གི་ལ་ཐོད་ལ། །འོད་ཟེར་ཟིལ་གནོན་ཉི་ཟླ་ཤར། །ནད་རྣམས་སེལ་བ་བདུད་རྩི་སྨན། །དྲི་ཞིམ་ངད་པ་སངས་སེ་སང་། །ཡུལ་གྱི་ནད་རྣམས་སེལ་བར་བྱེད། །ཕྱག་ན་རྔ་ཤང་སྒྲ་ཆེན་

p. 532

བསྣམས་། །དགྲ་བགེགས་ཀླད་པ་འགེམ་པར་བྱེད། །།གཉན་གྱི་དེད་དཔོན་ཆེན་པོ་སྟེ། །སྐྱེས་བུ་ངོམ་རྒྱལ་ཁྱོད་ལ་བསྟོད། །ཚེ་དང་བསོད་ནམས་འཕེལ་བ་དང་། །ཆེ་བཙན་གྲགས་པའི་དངོས་གྲུབ་སྩོལ། །བྷྱོ༔ བཙུན་མོ་རྒྱལ་མོ་རི་ཕྱུག་ནི། །མཆོང་གི་བུད་མེད་སྨུག་པོ་ལ། །རིན་ཆེན་གཡུ་ཡི་རྒྱན་ཆ་ཅན། །མུ་མེན་ཤེལ་གྱི་ཅོད་པན་ཅན། །ན་བཟའ་ལེའུ་ཁྲ་བོ་ལ། །འོད་དཀར་གསལ་བའི་རི་མོ་ཅན། །གཡུ་འབྲུག་སྔོན་པོའི་སྐེ་རགས་ཅན། །འཇའ་ཚོན་སྣ་ལྔའི་ཆ་ག་ཅན། །ཕྱག་ན་བདུད་རྩིའི་འདོད་ཡོན་བསྣམས། །རྐང་འགྲོའི་བེའུ་ལུག་འབྲས་དྲུག་སྨིན། །རྒྱལ་མོ་རི་ཕྱུགས་ཁྱོད་ལ་བསྟོད། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །གཡས་ཀྱི་ཕྱོགས་ཀྱི་མདའ་ར་བ། །ལྷ་བཙན་གཉན་པོ་མཚལ་རྩེ་ནི། །ཆིབས་སུ་བྲག་ནག་རྟིང་དཀར་ཆིབས། །སྐུ་ལ་བསྲེ་ཁྲབ་སྨུག་པོ་གསོལ། །རྒོད་འཕྲུ་དར་འཕྲུ་རླུང་ལྟར་འཚུབ། །བཙན་བྱ་འུག་པ་ཀླད་ལ་ལྡིང་། །དགྲ་ཡི་མིག་གི་འབྲས་བུ་ཕྱུང་། །བྲག་བཙན་དམག་ཚོགས་སྐར་ལྟར་འཁྲུགས། །མགོན་བྱེད་ལྷ་ཡི་དམག་ཚོགས་ཀྱིས། །

p. 533

དྲེགས་བྱེད་ཐོག་གི་མདའ་གཞུ་བསྣམས། །བ་དན་མདུང་མོ་ཕྱག་ན་ཐོགས། །ལྷ་བཙན་འཁོར་བཅས་མཆོད་ཅིང་བསྟོད། །དགྲ་བགེགས་འདུལ་བའི་སྡོང་གྲོགས་མཛོད། །གཡོན་གྱི་ཕྱོགས་ཀྱི་མདུང་ར་བ། །ཡོ་རྒྱལ་གོ་ཆོ་སྤུན་དགུ་ནི། །སྐྱེས་བུ་དར་མ་ཆས་བཟང་ལ། །བསྲེ་ཁྲབ་འོད་འབར་སྐུ་ལ་གསོལ། །དབུ་ལ་བསྲེ་རྨོག་ཟུར་གསུམ་ལ། །དར་འཕྲུ་རྒོད་འཕྲུ་རླུང་ལྟར་འཚུབ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཡ་ཚ་སྐར་ཕྲན་གློག་ལྟར་འཁྱུགས། །བཙན་ཞགས་དམར་པོ་སྒ་ར་ར། །བཙན་གྱི་མདའ་འཕེན་ཤ་ར་ར། །བཙན་མདུང་དམར་པོ་ལྡེམས་སེ་ལྡེམ། །བ་དན་དམར་པོ་རླུང་ལྟར་འཚུབ། །ཀླུ་བཙན་འཁོར་བཅས་མཆོད་ཅིང་བསྟོད། །བསམ་པ་ཡིད་བཞིན་བསྒྲུབ་ཏུ་གསོལ། །ནང་བློན་གཡུ་རྒོད་སྔོན་པོ་ནི། །གཡུ་ཡི་གོ་ཁྲབ་སྐུ་ལ་གསོལ། །ཕྱག་ན་རྣོ་བའི་མཚོན་ཆ་བསྣམས། །ཆིབས་སུ་རྟ་སྔོན་རྔོག་ནག་ཆིབས། །ནད་ཀྱི་རྣམས་འཇོམས་བྱེད་བདུད་རྩི་སྨན། །སྨན་གྱི་མངའ་བདག་ཆེན་པོ་མཛད། །གཡུ་རྒོད་ཁྱོད་ལ་མཆོད་ཅིང་བསྟོད། །ནད་རིགས་ཐམས་ཅད་བསལ་དུ་གསོལ། །ཧཱུྃ། བླ་

p. 534

མཆོད་ཕོ་བ་རྟ་བརྫུ་ནི། །ཐུགས་ནི་ཞི་བའི་སྡེ་འཁོར་སྐྱོང་། །སྐུ་ནི་ཁྲོ་གཏུམ་བརྗིད་པའི་སྐུ། །ན་བཟའ་གཟིག་ཐུལ་ཁྲ་བོ་ལ། །དབྱི་སྲམ་གཉིས་ཀྱི་གོང་ཤམ་ཅན། །དབུ་ལ་ཤེལ་གྱི་སྦ་ཞུ་ཀྱི་ལི་ལི། །ཐོག་འབྲུག་གློག་གི་འོད་ཟེར་འཕྲོ། །ཕྱག་ན་རྔ་ཤང་སྒྲ་ཆེན་བསྣམས། །གདུག་པ་དབལ་གྱི་ཚྭ་ཚྭ་འཕྲོ། །རྟ་བརྫུ་ཁྱོད་ལ་མཆོད་ཅིང་བསྟོད། །བདག་གི་དགོན་འཁོར་དར་བར་མཛོད། །མཛོད་འཛིན་སོ་རྒྱལ་དོན་གྲུབ་ནི། །མི་དཀར་རྟ་དཀར་ཆས་དང་ལྡན། །སྟག་དོང་གཡས་ལ་གཟིག་ཤུབས་གཡོན། །བ་དན་རྒྱུདཀར་པོ་རླུང་ལྟར་འཚུབ། །རྫུ་འཕྲུལ་ལྡེ་མིག་ཆག་ཤིང་བསྣམས། །ནང་ནོར་སྣ་དགུ་སྤེལ་བར་བྱེད། །སོ་རྒྱལ་འཁོར་བཅས་མཆོད་ཅིང་བསྟོད། །འདོད་དགུ་ཕུན་ཚོགས་དངོས་གྲུབ་སྩོལ། །ཧཱུྃ། མོ་མ་ཕྱའུ་གཡང་དཀར་ནི། །སྐུ་ལ་ལེབ་ཕྱིང་དཀར་པོ་གསོལ། །དབུ་ལ་རྒོད་ཞུ་དཀར་པོ་མནབས། །ཕྱག་གཡས་འཕྲུལ་གྱི་ཇུ་ཐིག་བསྣམས་།གཡོན་པས་མདའ་དར་མེ་ལོང་འཛིན། །ཁམས་གསུམ་གསལ་བའི་སྒྲོན་མེ་ཅན། །ཕྱའུ་ཁྱོད་ལ་མཆོད་ཅིང་བསྟོད། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཕྱི་

p. 535

བློན་གསེར་རྒོད་སེར་པོ་ནི། །ཆིབས་སུ་ངང་པ་རྔོག་སྔོན་ཆིབས། །གསེར་གྱི་གོ་ཁྲབ་སྐུ་ལ་གསོལ། །ཕྱག་ན་རྣོ་བའི་མཚོན་ཆ་བསྣམས། །གསེར་རྒོད་་འཁོར་བཅས་མཆོད་ཅིང་བསྟོད། །གཏམ་རླུང་རྒྱལ་ཁའི་དངོས་གྲུབ་སྩོལ། །བཟང་བྱེད་གཉན་པོ་ཡ་རྒྱལ་ནི། །མོ་བཙུན་ཆས་བཟང་རྒྱས་པའི་གཟུགས། །སྐུ་ལ་དར་དཀར་ལའུ་གསོལ། །གསེར་གཡུ་རིན་ཆེན་མཛེས་པས་བརྒྱན། །ཕྱག་ན་མདའ་མདུང་མེ་ལོང་བསྣམས། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཡ་རྒྱལ་འཁོར་བཅས་མཆོད་ཅིང་བསྟོད། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །སྒོ་སྲུང་ར་དཀར་གཉན་པོ་ནི། །ཀླུ་བདུད་ནག་པོ་ཞི་བའི་སྐུ། །ཆིབས་སུ་སྔོན་པོ་གཡུ་རྔོག་ཆིབས། །ཕྱག་ན་རྣོ་བའི་མཚོན་ཆ་བསྣམས། །ནད་ཡམས་ཐོག་སེར་བཟློག་མཛད་ཅིང་། །མི་ནོར་ཞིང་འབྲུ་འཕེལ་བར་མཛོད། །ར་དཀར་འཁོར་བཅས་མཆོད་ཅིང་བསྟོད། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །ཧཱུྃ། ལས་མཁན་ཀླུ་བདུད་མགར་ནག་ནི། །མི་ནག་རྟ་ནག་སྦྲུལ་ཞགས་འཛིན། །ཕྱི་ཡི་དགྲ་བགེགས་བཅིངས་པར་མཛོད། །མགར་ནག་འཁོར་

p. 536

བཅས་མཆོད་ཅིང་བསྟོད། །དགྲ་རྐུན་ཇག་གསུམ་བཅིངས་བར་མཛོད། །གཞན་ཡང་ལྷ་ཀླུ་བདུད་དང་བཙན། །འཁོར་དང་ཡང་འཁོར་ཐམས་ཅད་ལ། །མཆོད་ཅིང་བསྟོད་དོ་ཕྱག་ཀྱང་འཚལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཅེས་བསྟོད། དེ་ནས་གསོལ་ཁ་བྱེད་ན་གཏོར་མ་སྔར་ལྟར་བྱིན་བརླབས་བྱས་ལ། དམ་རྫས་བརྒྱན་དང་ལྡན་པའི་གཏོར་མ་རྒྱ་ཆེན་པོ་འདི་སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བཙུན་མོ་རྒྱལ་མོ་རི་ཕྱུག་མ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ལྷ་བཙན་གཉན་པོ་མཚལ་རྩེ་ལ། །གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཀླུ་བཙན་གོ་ཆོ་སྤུན་དགུ་ལ། །གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ནང་བློན་གཡུ་རྒོད་སྔོན་པོ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཨ་མྱེ་ཕོ་བ་རྟ་ཕྱི་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མཛོད་འཛིན་སོ་རྒྱལ་དོན་གྲུབ་

p. 537

ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །མོ་མ་ཕྱའུ་གཡང་དཀར་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །ཕྱི་བློན་གསེར་རྒོད་སེར་པོ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །བཟང་བྱེད་གཉེན་པོ་ཡ་རྒྱལ་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྒོ་སྲུང་ར་དཀར་གཉན་པོ་ལ། །གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། ནོ། །ལས་མཁན་ཀླུ་བདུད་མགར་ནག་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །སྤྲུལ་པ་ཡང་སྤྲུལ་ཐམས་ཅད་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འཁོར་དང་ཡང་འཁོར་ཐམས་ཅད་ལ། གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །འོ་སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། སྔོན་ཚེ་དམ་བཅས་པ་མ་བསྒྲུབས་ན་ངོམ་རྒྱལ་བསྟན་པ་ལ་དོན་མེད་ཅེས་པ་ནས། མཛོད་ཅིག །

p. 538

གི་བར་བརྗོད། བསྐང་བ་བྱེད་ན་མཆོད་པ་བྱིན་བརླབས་བྱས་ལ། ཧཱུྃ། ངོམ་རྒྱལ་འཁོར་བཅས་ཚུར་གསོན་དང་། །ཁྱོད་ཀྱི་ཐུགས་དམ་གཉན་པོ་དང་། །དོ་ནུབ་རྣལ་འབྱོར་བདག་གིས་བསྐང་། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །དོ་ནུབ་སྔ་མའི་གཏོང་རག་བཏང་། །དོ་ནུབ་ཕྱི་མའི་ཞུ་དོན་འབུལ། །དོ་ནུབ་ད་ལྟའི་གཉེར་ཟས་འདྲེན། །དོ་ནུབ་གྲོགས་ཀྱི་མནའ་ཐོ་བྱེད། །མཚོ་བཀྲ་འཁོར་བཅས་ཁྱེད་རྣམས་ཀྱི། །ཟན་གཡང་ཤམ་པོའི་ཐུགས་དམ་བསྐང་། །འབྲས་ལུག་གེལ་པས་ཐུགས་དམ་བསྐང་། །ཟན་ར་བརྗིད་པའི་ཐུགས་དམ་བསྐང་། །ཕྱེ་མར་ཕུད་རྒོད་ཐུགས་དམ་བསྐང་། །ངོམ་རྒྱལ་མཚོ་བཀྲ་ཐུགས་དམ་བསྐང་། །བཙུན་མོ་རི་ཕྱུག་ཐུགས་དམ་བསྐང་། །ལྷ་བཙན་མཚལ་རྩེ་ཐུགས་དམ་བསྐང་། །གོ་ཆོ་མཆེད་དགུ་ཐུགས་དམ་བསྐང་། །གཡུ་རྒོད་སྔོན་པོ་ཐུགས་དམ་བསྐང་། །ཕོ་བ་རྟ་ཕྱིའི་ཐུགས་དམ་བསྐང་། །སོ་རྒྱལ་དོན་འགྲུབ་ཐུགས་དམ་བསྐང་། །ཕྱའུ་གཡང་དཀར་ཐུགས་དམ་བསྐང་། །གསེར་སྒོང་སེར་པོའི་ཐུགས་དམ་བསྐང་། །ཡ་རྒྱལ་གཉེན་པོའི་ཐུགས་དམ་བསྐང་། །སྒོ་སྲུང་ར་དཀར་ཐུགས་དམ་བསྐང་། །ཀླུ་

p. 539

བདུད་མགར་ནག་ཐུགས་དམ་བསྐང་། །སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་། །འཁོར་དང་ཡང་འཁོར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཐུགས་དང་འགལ་བ་བསྐང་གྱུར་ཅིག །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་ཞི་བར་མཛོད། །ཅེས་བདག་གཞན་གྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམས་ལ་ཡིག་བརྒྱ་བཟླས་པས་ཁོང་རྣམས་ཀྱི་སྒྲིབ་པ་དང་ཉམས་གྲིབ་དག་པར་བསམ། ཨོཾ༔ དྲག་བསྐུལ་དགྲ་ཆོས་ལྟར་བྱེད་ན། གཏོར་མ་དཔེའུ་རིས་ལྟར་བཤམས། བཀུག་གཞུག་བྱས་ལ་ལྷ་དང་ཕྲལ་བའི་ཤ་ཁྲག་རུས་པ་དམིགས་ལ་མན་ངག་ལྟར་འབུལ། བྷྱོ༔ སངས་རྒྱས་ཆོས་ལ་དགྲ་བྱུང་ན། །ཆོས་སྐྱོང་སྲུང་མའི་དམག་ཚོགས་རེམ། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །ལྷ་དང་སྲུང་མའི་དམག་ཚོགས་རེམ། །ཡུལ་ཕྱོགས་འདི་རུ་དགྲ་བྱུང་ན། །ཡུལ་ལྷ་དགྲ་བླ་གཉེན་པོ་རེམ། །དམ་ཉམས་སྡང་བའི་དགྲ་བོ་འདིས། །དཀོན་མཆོག་གསུམ་གྱི་བསྟན་པ་བཤིགས། །ལྷ་དང་སྲུང་མ་ཁྱད་དུ་བསད། །ལྷ་འདྲེ་ཡོངས་ལ་དོ་རུ་བསྡོས། །རྣལ་འབྱོར་བདག་ལ་དགྲ་རུ་ལངས། །དེ་ཕྱིར་བསྒྲལ་བའི་ཞིང་དུ་གྱུར། །བྷྱོ༔ ངོམ་རྒྱལ་མཚོ་བཀྲ་དགྲ་ལ་

p. 540

ཆོས། །མགྱོགས་པའི་དུང་རྟ་མྱུར་དུ་བསྟོད། །དུང་ཁྲབ་དཀར་པོ་སྐུ་ལ་མནབས། །མདུང་དར་དཀར་པོ་ཕྱག་ན་བསྣམས། །སྡང་བའི་དགྲ་ལ་ཞེ་སྡང་བསྐྱེད། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །རྒྱལ་མོ་རི་ཕྱུག་དགྲ་ལ་ཆོས། །མགྱོགས་པའི་སྨན་ཤ་ཡུ་མོ་བསྟོད། །ཕྱག་ན་རྣོ་བའི་མཚོན་ཆ་ཐོགས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །མདའ་དར་ལྷ་བཙན་མཚལ་རྩེ་ཆོས། །མགྱོགས་པའི་བྲ་ནག་རྟིང་དཀར་སྟོད། །བསྲེ་ཡི་རྨོག་ཁྲབ་སྐུ་ཊྛེལ་མནབས། །ཐོག་གི་མདའ་གཞུ་ཕྱག་བསྐང་ཐོགས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །མདུང་ར་གོ་ཆོ་སྤུན་དགུ་ཆོས། །མགྱོགས་པའི་མཚལ་བུ་རྟིང་དཀར་བསྟོད། །བསྲེ་ཁྲབ་འོད་འབར་སྐུ་ལ་མནབས། །བཙན་མདུང་དམར་པོ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ནང་བློན་གཡུ་རྒོད་སྔོན་པོ་ཆོས། །སྔོན་པོ་གཡུ་རྔོག་ཆིབས་སུ་ཆིབས། །གཡུ་ཡི་གོ་ཁྲབ་སྐུ་ལ་མནབས། །རྣོ་བའི་མཚོན་ཆ་ཕྱག་ན་

p. 541

བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ཨ་མྱེ་ཕོ་བ་རྟ་ཕྱི་ཆོས། །སྤྲུལ་པའི་ཐོག་ཟོར་དམར་པོ་འཕོང་། །དགྲ་བོའི་ཡུལ་མཁར་མྱུར་དུ་རློགས། །མཛོད་འཛིན་སོ་རྒྱལ་དོན་གྲུབ་ཆོས། །མགྱོགས་པའི་དུང་རྟ་དཀར་པོ་བསྟོད། །སྟག་དོང་གཟིག་ཤུབས་སྐྱེད་ལ་བསྐོར། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མི་མཐུ་རྩལ་ཅན། །མོ་མ་སེའུ་གཡང་དཀར་ཆོས། །མགྱོགས་པའི་རག་པ་རྟིང་དཀར་སྟོད་། །ཕྱག་ན་འཕྲུལ་གྱི་ཇུ་ཐིག་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ཕྱི་བློན་གསེར་གྱི་མི་ཕོ་ཆོས། །མགྱོགས་པའི་ངང་པ་རྔོག་སྔོན་བསྟོད། །གསེར་གྱི་གོ་ཁྲབ་སྐུ་ལ་གསོལ། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །སྒོ་སྲུང་ར་དཀར་གཉེན་པོ་ཆོས། །མགྱོགས་པའི་ཆུ་རྟ་སྔོན་པོ་བསྟོད། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མ་གཡེལ་སྲུང་མ་མཐུ་རྩལ་

p. 542

ཅན་། །ལས་མཁན་མགར་ནག་དགྲ་ལ་ཆོས། །མགྱོགས་པའི་བདུད་རྟ་ནག་པོ་བསྟོད། །དར་ནག་བེར་ཆེན་སྐུ་ལ་གསོལ། །སྦྲུལ་ནག་ཞགས་པ་ལག་ན་ཐོགས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །བྷྱོ༔ བར་གྱི་ཡུལ་ལྷ་མཚོ་བཀྲ་ནི། །སྤྲུལ་པ་འཁོར་གྱི་དམག་ཚོགས་རྣམས། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །སྐུ་བསྲོ་ཆ་སྒྲ་དི་རི་རི། །ལྷ་དམག་གངས་རི་ཉིལ་བ་འདྲ། །ཀླུ་དམག་རྒྱ་མཚོ་ལྷུད་པ་འདྲ། །གཉན་དམག་བུ་ཡུག་འཚུབ་པ་འདྲ། །བཙན་དམག་རླུང་དམར་འཚུབ་པ་འདྲ། །བདུད་དམག་མུན་པ་འཐིབས་པ་འདྲ། །ཀུན་ཀྱང་མཐུ་རྩལ་སྟོབས་དང་ལྡན། །དྲག་པོའི་བྷྱོ་སྒྲ་དི་རི་རི། །ཆ་ལ་དགའ་ཞིང་དར་ལ་འདུ། །ཀུ་ལ་དགའ་ཞིང་བློ་ལ་དགྱེས། །ཁྱུང་སེང་རྟ་གླང་བྱ་རིགས་དང་། །གཅན་སྤྱང་བྱ་རིགས་སྣ་ཚོགས་ཆིབས། །དར་སྟན་སྒ་སྲབ་གོང་སྨད་ལ། །སྦྲུལ་དང་གསེར་དངུལ་ཕྲ་ཡིས་མཛེས། །སྐུ་ལ་གསེར་དངུལ་བསེ་ལྕགས་ཁྲབ། །སྟག་གཟིག་དོམ་གྱི་ཡང་ཤམ་ཅན། །དབུ་ཡི་རྨོག་མོ་དཀར་པོ་ལ། །རིན་པོ་ཆེ་ཡི་གཙུག་ཕུད་ཅན། །གཡས་ཀྱི་སྟག་རལ་ཁྲ་བོ་ལ། །ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས། །

p. 543

གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །སྤྲུལ་པའི་ལྷ་གཞུ་གློག་ལྟར་འཁྱུགས། །གཡོན་གྱི་གཟིག་ཤུབས་ཟངས་བཀྲ་ལ། །ཤང་ལང་རལ་གྲི་མེ་ལྟར་འབར། །སྐུ་ཡི་བསྲེ་ཁྲབ་སྣ་ཚོགས་ལ། །སྤྲུལ་པའི་ཚྭ་ཚྭ་མེ་སྟག་འཕྲོ། །དབུ་ཡི་རྒོད་འཕྲུ་ལྡེམ་པ་ལ། །སྣ་ཚོགས་བ་དན་མེ་ལྟར་འཚུབ། །རེ་རེའི་འཁོར་ལ་གཉན་ཕྲན་འབུམ། མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །དགྲ་ཇག་ཆོམ་རྐུན་ཐམས་ཅད་ཟློག །སྡང་བའི་དགྲ་བོ་ལས་ངན་འདི། །དམག་དང་ཇག་རྒྱུག་ཤོར་བའི་ཚེ། །སྲུང་མ་རྣམས་ཀྱིས་ཤོལ་ཐོབ་ཅིག །དགྲ་ལ་རྨུ་གབ་སྣ་ཚོགས་ཕོབ། །གཏམ་སྙན་རྒྱལ་ཁ་བདག་ལ་བྱིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ལོ། །བསྐུལ་འདི་ཤིན་ཏུ་གཉེན་པས་བསྟན་པ་དང་སེམས་ཅན་གྱི་དོན་དུ་མ་གཏོགས་རང་འདོད་ཆུང་ངུ་ལ་བསྐུལ་ན། ལྷ་སྲིན་འཁྲུགས་ནས་རང་ལ་བཀྲ་མི་ཤིས་པ་འབྱུང་བས་བཙའ་ཤེས་པར་བྱའོ། །དེ་ནས། ཨོཾ་མ་འབྱོར་པ་དང་སོགས་བཤགས་པ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་སོགས་དང་། །རང་གི་གནས་སུ་གཤེགས་ནས་ཀྱང་། །སོགས་བྱ། འདི་ཡི་མན་ངག་རྣམས་ཐུགས་ལ་གབ་བོ། །འདི་བྲིས་ཉེས་བཤགས་དགེ་

p. 544

བ་བྱང་ཆུབ་བསྔོ། །ཞེས་པ་འདི་བདག་རཱ་གའི་མིང་ཅན་གྱིས་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་བྲིས་པའོ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ངོམ་རྒྱལ་འཕྲིན་བཅོལ།

p. 545

ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་དུ། ད་ལྟ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། མཐོ་སར་ཉིན་གྱི་བྱ་ར་གྱིས་ཤིག །དམའ་སར་མཚན་གྱི་མེལ་ཚེ་གྱིས་ཤིག །འཇིགས་སར་ལམ་གྱིས་སྐྱེལ་མ་གྱིས་ཤིག །ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག །ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག །དམག་ལ་འགྲོ་ལ་དམག་དཔོན་གྱིས་ཤིག །རྒྱབ་ཀྱི་རྟེན་ས་གྱིས་ཤིག །མདུན་གྱི་འཁར་བ་གྱིས་ཤིག །ཕོ་ཉ་དང་མངའ་གཞུག་གྱིས་ཤིག །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཅིག །ལོག་པར་ལྟ་བ་སྒྲོལ་ཅིག །བར་ཆད་བཟློག་ཅིག །རྣལ་འབྱོར་པ་མི་ནོར་འཁོར་དང་བཅས་པའི་སྲུང་མ་གྱིས་ཤིག །ཡུལ་མཁར་ཁྱིམ་དང་བཅས་པའི་བདག་པོ་གྱིས་ཤིག །ཁྱེད་འབྱོར་ལྡན་ནོར་གྱི་བདག་པོ་ཡིན་པས་ནོར་ཕྱུགས་པར་གྱིས་ཤིག །གནས་པ་ཚེ་ཡི་བདག་པོ་ཡིན་པས་ཚེ་རིང་བར་གྱིས་ཤིག །བཀྲ་ཤིས་རིགས་རྒྱུད་ཀྱི་བདག་པོ་ཡིན་པས་རིགས་རྒྱུད་ཆོས་བརྒྱུད་སྤེལ་ཅིག །དྲག་པོ་མཐུ་ཡི་བདག་པོ་ཡིན་པས་མཐུ་ཆེ་བར་གྱིས་ཤིག །རྟ་ལ་དར་ཐོག་ཅིག །ཁྲོམ་དུ་དུང་བུས་ཤིག །འགྱེལ་

p. 546

ན་སློངས་ཤིག །བརྗོད་ན་བསྐུལ་ཅིག །དགྲ་བྱུང་ན་བྱ་ཐོངས་ཤིག །དུག་བྱུང་ན་རྩི་སྨན་ཐོངས་ཤིག །མཉམ་གཉིས་ཀྱི་རྒྱན་འགྱེད་ན་རྒྱན་གྱི་རྣོ་མགྱོགས་རེའོ། །རྒྱུན་ཁ་ཁྱོད་ཀྱིས་ཟུངས་ཤིག །མཉམ་གཉིས་ཀྱི་དཔལ་འདྲེན་ན་དཔའ་བའི་རུ་དར་རེའོ། །དཔའ་ཁ་ཁྱོད་ཀྱིས་བསྟོད་ཅིག །ནང་གི་དངོས་གྲུབ་ཕྱི་རུ་མ་བཏང་ཞིག །ཕྱི་ཡི་དགྲ་བགེགས་ནང་དུ་མ་བཏང་ཞིག །གཞན་ཡང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་སྟེང་གི་མི་ལ་ན་ཚ་མ་བཏང་ཞིག །འོག་གི་ཕྱུགས་ལ་གོད་ཟག་མ་བཏང་ཞིག །ཁ་སྨྲས་དང་གླེང་བརྗོད་མ་བཏང་ཞིག །དེ་ལན་དང་དེ་ཉེས་མ་བཏང་ཞིག །མི་མང་སར་སྨ་མ་འབེབས་ཤིག །བྱ་མང་སར་སྤུ་མ་བཏོག་ཅིག །རང་བས་གཞན་པས་བརྙས་སུ་མ་བཅུག་ཅིག །བཀའ་དང་བསྟན་པ་སྲུངས་ཤིག །དགྱེས་པའི་ཞལ་སྟོན་ཅིག །སྒྲུབ་པའི་རྟགས་ཕྱུང་ཅིག །འདོད་པའི་དོན་སྒྲུབས་ཤིག །བཅོལ་བའི་ཕྲིན་ལས་མཛོད་ཅིག །འཁོར་དང་ལོངས་སྤྱོད་སྤེལ་ཅིག །སྙན་པ་དང་གྲགས་པ་སྒྲོགས་ཤིག །ལེགས་པ་ཆོས་ཤིག །ཉེས་པ་སྲུབ་ཅིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །

p. 547

བདག་ལ་གཡང་ཅན་གྱི་ནོར་སྐྱོལ་ཅིག །བརྗིད་ཅན་གྱི་གོས་བཀོན་ཅིག །བཅུད་ཅན་གྱི་ཟས་སྡུས་ཤིག །གཞུ་གང་ལས་དཔངས་མ་མཐོ་ཞིག །འབེན་གང་ལས་རྒྱང་མ་རིངས་ཤིག །བདག་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིག །དེ་ལྟར་མཛད་ན་ཁྱེད་ལ་བརྔན་པ་དང་། གཏང་རག་གཉན་པོ་བཏང་ངོ་། །བདག་ཀྱང་ཅི་ནུས་ཀྱིས་ཁྱོད་མཆོད་དོ། །ཅི་རེ་ཁྱེད་ལ་རེའོ། །རྒྱལ་མཚན་བཞིན་ཁྱེད་ཕྱར་རོ། །རེ་བའི་དོན་སྒྲུབ་ལ་སུན་མ་ཕྱུངས་ཤིག །ཇི་ལྟར་མཆོད་ཅིང་ཐུགས་དམ་ཡང་བདག་གི་རེ་བའི་དོན་མ་བསྒྲུབས་ན་ངོམ་རྒྱལ་བསྟན་པ་ལ་དོན་མ་མཆིས་པས། སྙིང་ནས་སྙིང་གི་གྲོགས་སུ་སོམ་ལ་བཅོལ་བའི་ཕྲིན་ལས་ཡིད་བཞིན་དུ་སྒྲུབས་ཤིག །རྣལ་འབྱོར་པའི་སྐུ་ཚེ་སྲིངས་ཤིག །ཕྱི་ནང་གི་བར་ཆད་བཟློག་ཅིག །མཐུན་རྐྱེན་གྱི་ཕྲིན་ལས་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །

བསྟན་སྲུང་ལྷ་ཡི་དགེ་བསྙེན་ཆེན་པོ་རྡོ་རྗེའི་མཚན་ཅན་གྱི་མཆོད་ཆོག་ཡིད་བཞིན་བསམ་འཕེལ།

p. 548
p. 549

བསྟན་སྲུང་ལྷ་ཡི་དགེ་བསྙེན་ཆེན་པོ་རྡོ་རྗེའི་མཚན་ཅན་གྱི་མཆོད་ཆོག་ཡིད་བཞིན་བསམ་འཕེལ་ཞེས་བྱ་བ་བཞུགས་སོ། །

p. 550

མདུན་དུ་རིན་ཆེན་ལས་གྲུབ་ཁང་བཟང་དབུས། །བསྟན་པའི་སྲུང་མ་ངོམ་རྒྱལ་མཚོ་བཀྲ་ནི། །དཀར་གསལ་ཞལ་གཅིག་ཕྱག་གཉིས་བརྗིད་ཅིང་རྔམས། །ལྷ་ཡི་ན་བཟའ་དུང་རྨོག་ཤེལ་ཁྲབ་བཀླུབས། །གཡས་གཡོན་དར་དཀར་བ་དན་ནོར་བུ་བསྣམས། །སྟག་རལ་གཟིག་ཤུབས་ཐོག་ནས་དུང་རྟ་ཆིབས། །བཙུན་མོ་འབངས་འཁོར་དང་བཅས་གསལ་བ་ཡི། །ཐུགས་ཀའི་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། བསྐལ་བཟང་རྒྱལ་བ་བཞི་པ་ཤཱཀ་ཐུབ་ཀྱི། །བསྟན་པ་རིན་ཆེན་བསྲུང་བར་དམ་བཅས་པའི། །ཆོས་སྐྱོང་ཆེན་པོ་རྡོ་རྗེའི་

p. 551

མཚན་ཅན་ཁྱོད། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཁྱེད་ཀྱི་བཞུགས་གནས་གཅིག་ཏུ་མ་ངེས་ཏེ། །འདོད་དགུ་འབྱུང་བ་བལ་བོད་གཉིས་ཀྱི་མཚམས། །གཙུག་ལག་ཆོས་ཀྱི་འབྱུང་གནས་དབུ་རུའི་མཐིལ། །རང་བཞིན་གར་བཞུགས་གནས་ནས་གཤེགས་སུ་གསོལ། །རྒྱུན་གྱི་བཞུགས་གནས་མདོ་ཁམས་ཡུལ་གྱི་དབུས། །ཤེལ་གྱིས་ལྷུན་པོ་སྤང་ལྗོངས་ལྗོན་པས་མཛེས། །ཆུ་འཛིན་རབ་འཁྲུགས་འབྲུག་སྒྲ་གློག་འོད་འཁྱུགས། །གཞལ་ཡས་ཁང་མཆོག་དབུས་ནས་གཤེགས་སུ་གསོལ། །ཡུམ་དང་དགྱེས་སྡེ་སྒོ་སྲུང་ཕྱི་ཡི་བདག །

p. 552

གཡས་གཡོན་རུ་འདྲེན་ཕྱི་དང་ནང་གི་བློན། །བང་མཛོད་གཉེར་ཁ་བ་དང་སྒོ་སྐྱོང་ཆེ། །ལས་བྱེད་ཡོང་འཁོར་བཅས་པ་གཤེགིས་སུ་གསོལ། །ཧཱུྃ། རྟ་བདུན་ཟིལ་གྱིས་གནོན་པའི་གཟི་འོད་ཅན། །སྣ་ཚོགས་རིན་ཆེན་བརྩེགས་པའི་མི་དམན་ཁྲི། །དབང་པོའི་གཞུ་འདྲ་ཟ་འོག་གདལ་བའི་སྟེང་། །བཀའ་ཡི་སྲུང་མ་འཁོར་བཅས་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར། །ཧཱུྃ། ལྷ་དབང་ཀླུ་དབང་བཤོས་པ་འཕྲུལ་གྱི་སྲས། །འཇིག་རྟེན་སྐྱོང་བ་ཆེན་པོ་ཡུལ་གྱི་དཔལ། །མཐུ་ཆེན་རྩལ་གྲགས་དབང་ཕྱུག་ཆེར་ལྡན་པ། །མགོན་གྱུར་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། །སྔོན་ཚེ་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །བལ་བོད་མཚམས་སུ་སྲོག་གི་སྙིང་པོ་ཕུལ། །དེ་རྗེས་རང་བྱུང་རཏྭཱའི་སྤྱན་སྔ་རུ། །རང་གི་ཁས་བླངས་དམ་ཚིག་དྲན་མཛོད་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཧཱུྃ། སྲུང་མ་ལྷ་ཡི་དགེ་བསྙེན་འཁོར་བཅས་ལ། །རྩི་མར་འོ་མར་སྦྱར་བའི་མཆོད་ཡོན་དང་། །ཡན་ལག་བརྒྱད་དང་ལྡན་པའི་ཁྲུས་ཆབ་དང་། །རབ་

p. 553

མཛེས་མེ་ཏོག་ཕུལ་བྱུང་དྲི་ལྡན་པ། །མུན་སེལ་སྒྲོན་མེ་ཙནྡན་སྦྱར་བའི་ཆབ། །བཅུད་ལྡན་ཞལ་ཟས་སྙན་པའི་རོལ་མོ་འབུལ། །ཁྱུ་མཆོག་ར་སྐྱེས་ལུག་གཡག་མཛེས་པའི་གཟུགས། །རྔ་དུང་ཆ་ལང་དྲིལ་བུ་སྙན་པའི་དབྱངས། །དྲི་བསུང་ངད་ལྡན་བཟང་ཤིང་སྣ་ཚོགས་སྤོས། །དཀར་མངར་ཤ་ཐུད་ཇ་ཆང་རོ་ལྡན་ཟས། །རྣམ་བཀྲའི་དར་ཟབ་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་རིན་པོ་ཆེ་ཡང་ཁྱེད་ལ་འབུལ། །འཁོར་དང་བཅས་པ་མཉེས་ཤིང་ཚིམ་གྱུར་ཅིག །ཧཱུྃ་ལས་དངུལ་གྱི་སྣོད་མཆོག་རྒྱ་ཆེ་བར། །ཨོཾ་ཨཱཿཧཱུྃ་གིས་འབྲུ་གསུམ་ཞུ་བ་ལས། །གཏོར་མ་ལྷ་ཡི་བདུད་རྩི་ཤེལ་གྱི་མདོག །སྦྲང་རྩིའི་རོ་ལྡན་ཟག་མེད་བདེ་སྐྱིད་འདི། །ངོམ་རྒྱལ་མཚོ་བཀྲ་ཁྱེད་ལ་འབུལ་གྱིས་བཞེས་། །ཡུམ་ཆེན་གཉིས་དང་དེ་བཞིན་མཆེད་ཡུམ་ཟུང་། །ཁ་ལོས་སྒྱུར་བ་གཉིས་དང་རུ་འདྲེན་གཉིས། །མཛོད་སྲུང་སྒོ་སྐྱོང་ལས་མཁན་ལ་སོགས་པ། །འཁོར་དང་བཅས་ལ་འབུལ་གྱིས་བཞེས་ནས་ཀྱང་། །སྐུ་གསུང་ཐུགས་རྣམས་མཉེས་ཤིང་ཚིམ་གྱུར་ཅིག །ཨ་ཀཱ་རོ༔ ཨོཾ་དེ་ཝ་ཙིཏྟ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། རྒྱལ་

p. 554

བའི་བསྟན་སྐྱོང་ཡུལ་གྱི་མགོན་བྱེད་པ། །སྟོན་ཟླའི་མདོག་ཅན་ཁྲོ་འཛུམ་བརྗིད་པའི་ཞལ། །དབུ་ལ་ཕོད་དཀར་ལྡེམ་པའི་དུང་རྨོག་དང་། །སྐུ་ལ་སྣ་ཚོགས་དར་གྱི་ན་བཟའ་སྟེ། །གངས་རི་བྱེ་བའི་གཟི་ཅན་ཤེལ་གྱི་ཁྲབ། །སྟག་རལ་གཟིག་ཤུབས་མཆོག་དཀར་གཞུ་མོ་བཀྲ། །ཕྱག་གཡས་དར་དཀར་རུ་མཚོན་ནམ་མཁར་བསྒྲེངས། །གཡོན་པས་རིན་ཆེན་དགོས་འདོད་ཆར་དུ་འབེབས། །རླུང་ལྟར་མགྱོགས་པའི་དུང་རྟ་གཡུ་རྔོག་ཆིབས། །བསྟན་སྲུང་དམ་ཚིག་ཅན་ལ་བདག་བསྟོད་དོ། །ཁྱེད་ཀྱི་དགྱེས་སྐྱེད་མཚར་སྡུག་ཡུམ་ཆེན་གཉིས། །དར་ཟབ་རིན་ཆེན་དུ་མའི་རྣམ་པར་བརྒྱན། །བདུད་རྩི་འདོད་ཡོན་མདའ་དར་མེ་ལོང་དང་། །སྨན་ཤ་རྐྱང་བུ་ཆིབས་མཛད་གཉིས་ལ་བསྟོད། །དགོན་གནས་སྲུང་མཛད་ཁྲོ་འཛུམ་སྟག་ལྤགས་གསོལ། །སྣང་སྲིད་གསལ་མཛད་ལི་ཕྱིན་རྒོད་ཞུས་བརྒྱན། །ཁ་ལོས་སྒྱུར་བ་གསེར་གཡུའི་གོ་ཁྲབ་ཅན། །མཆོད་གནས་བློན་པོར་བཅས་ལ་བདག་བསྟོད་དོ། །གཡས་ནས་གནམ་ལྕགས་འབེབས་བྱེད་བྲ་ནག་ཆིབས། །གཡོན་ནས་རུ་འདྲེན་དགུ་ནི་མཚལ་བུ་ཞོན། །ཀུན་ཀྱང་བསེ་ཁྲབ་རྨོག་ཞུ་དམག་ཆས་

p. 555

རྫོགས། །གདུག་པ་འདུལ་མཛད་རྣམས་ལ་བདག་བསྟོད་དོ། །དཀོར་མཛོད་སྐྱོངས་བ་དུང་མདོག་ཅང་ཤེས་ཆིབས། །སྒོ་སྲུང་ཀླུ་ཆེན་སྔོན་པོ་གཡུ་རྔོག་ཞོན། །གདུག་པའི་ལས་མཁན་ནག་པོ་རྟ་ནག་ཅན། །ཡང་འཁོར་སྤྲུལ་པར་བཅས་ལ་བདག་བསྟོད་དོ། །ཁྱེད་ཅག་འཁོར་བཅས་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ནད་གདོན་དགྲ་དང་དུས་མིན་འཆི་བའི་རྐྱེན། །ཐམས་ཅད་ཞི་ཞིང་མེད་པར་མཛད་དུ་གསོལ། །ཚེ་དང་བསོད་ནམས་ལོངས་སྤྱོད་སྙན་དང་གྲགས། །ཡར་ངོའི་ཟླ་བཞིན་འཕེལ་བའི་ཕྲིན་ལས་མཛོད། །རྒྱལ་བློན་ཡུལ་ཁམས་མངའ་རིས་འདོད་དགུའི་ཚོགས། །མ་ཐོགས་མྱུར་དུ་དབང་དུ་འདུ་བར་མཛོད། །བདག་ལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །ད་ལྟ་ཉིད་དུ་ཐལ་བ་རྡུལ་དུ་རློགས། །སྔོན་གྱི་དམ་ཚིག་གཉེན་ལས་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨ་ཀཱ་རོ༔ ཧཱུྃ། དམ་རྫས་རྨད་དུ་བྱུང་བའི་གཏོར་མ་དང་། །བདུད་རྩི་སྨན་དང་སྣ་ཚོགས་ཟས་ཀྱི་ཕུད། །རིན་ཆེན་འབྲུ་སྨན་དར་ཟབ་སྣ་ཚོགས་ཀྱིས། །སྲུང་མ་ངོམ་རྒྱལ་

p. 556

མཚོ་བཀྲ་གསོལ་ཞིང་མཆོད། །སྐབས་གསུམ་དབང་པོའི་གཞུ་མོ་ཟིལ་གནོན་པའི། །མཛེས་པའི་སྐུ་ལ་སྣ་ཚོགས་རྒྱན་གྱིས་སྤྱས། །དྲི་ཟའི་དབྱངས་ལྡན་སྙན་པའི་གླུ་སྒྲ་ཅན་། །དགྱེས་བསྐྱེད་ཡུམ་ཆེན་གཉིས་ལ་གསོལ་ཞིང་མཆོད། །ལྷ་མིན་བདག་པོའི་དཔུང་ཡང་ཕམ་བྱེད་པའི། །སྲ་བའི་གོ་དང་རྣོ་བའི་མཚོན་ཆ་འཆང་། །རླུང་བས་མགྱོགས་པ་འཕྲུལ་གྱི་བཞོན་པ་ཅན། །གཡས་གཡོན་རུ་འདྲེན་གཉིས་ལ་གསོལ་ཞིང་མཆོད། །རིན་ཆེན་གསེར་གཡུའི་གོ་ཆེས་རབ་སྨྲས་ཤིང་། །རྫུ་འཕྲུལ་རྟ་ཡི་སྟེང་ན་བརྗིད་པའི་སྐུ། །འདོད་པའི་དོན་ཀུན་ཡིད་བཞིན་སྒྲུབ་བྱེད་པ། །ཕྱི་ནང་བློན་པོ་གཉིས་ལ་གསོལ་ཞིང་མཆོད། །གཙུག་ལག་དཀོར་ནོར་སྲུང་ཞིང་རྒྱས་པ་དང་། །བསྟན་དགྲའི་ལྷ་དང་སྲུང་མ་ཕམ་བྱེད་ཅིང་། །སྣང་སྲིད་མ་ལུས་གསལ་བར་སྟོན་མཛད་པའི། །མཆོད་གནས་ཚུལ་བཟུང་གཉིས་ལ་གསོལ་ཞིང་མཆོད། །རྣམ་ཐོས་བུ་ཡི་དཔལ་འབྱོར་ཇི་བཞིན་དུ་། །དར་ཟབ་གསེར་དངུལ་རིན་ཆེན་སྣ་ཚོགས་དབྱིག །མི་བཟད་ནམ་མཁའི་མཛོད་ལྟར་སྤེལ་མཛད་པ། །རིན་ཆེན་མཆོག་འཆང་ཁྱོད་ལ་གསོལ་ཞིང་མཆོད། །བང་མཛོད་

p. 557

འབྲུ་ཡི་དངོས་གྲུབ་སྤེལ་མཛད་ཅིང་། །གནོད་པའི་དགྲ་བགེགས་མ་ལུས་འཆིང་མཛད་པ། །དྲག་ཤུལ་རྫུ་འཕྲུལ་ཐོག་མེད་མཐུ་སྟོབས་ཅན། །སྒོ་བ་ལས་་མཁན་གཉིས་ལ་གསོལ་ཞིང་མཆོད། །སྔར་བྱས་གཏང་རག་ཕྱི་བྱེད་ཞུ་སྐྱེམས་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་ཆེན་པོ་འདི། །འཁོར་དང་བཅས་པ་དགྱེས་པར་བཞུགས་སུ་གསོལ། །དེ་ལྟར་ཁྱོད་ལ་གསོལ་མཆོད་བྱས་པའི་མཐུས། །ནད་གདོན་དགྲ་སོགས་འཇིགས་པ་ཞི་བ་དང་། །ཚེ་དང་བསོད་ནམས་ཡར་ངོའི་ཟླ་བཞིན་རྒྱས། །རྒྱལ་བློན་ཡུལ་༡། ཁམས་སྣང་བ་དབང་སྡུད་ཅིང་། །གནོད་པའི་དགྲ་བགེགས་རྡུལ་དུ་བརླག་པ་སོགས། །བདག་གིས་བསམ་པའི་འདོད་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །བསྐང་བ་ནི། ཧཱུྃ། པདྨ་ཐོད་ཕྲེང་བཀའ་ཡི་ཕོ་ཉ་བ། །སངས་རྒྱས་བསྟན་པ་སྲུང་བྱེད་དམ་ཚིག་ཅན། །ངོམ་རྒྱལ་མཚོ་བཀྲ་འཁོར་དང་བཅས་པ་ཡི། །ཐུགས་དམ་གཉེན་པོ་རྣལ་འབྱོར་བདག་གིས་བསྐང་། །རབ་མཛེས་སྤུ་གཞོལ་མཛེས་པའི་གཡག་ལུག་དང་། །མདའ་མོ་རྒོད་སྒོ་དར་སྣའི་ཅོད་པན་འཆང་། །སྣ་ཚོགས་གོ་མཚོན་

p. 558

དར་མདུང་སྐུ་གཟུགས་སོགས། །མི་འབྲལ་རྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རིན་ཆེན་སྣ་ཚོགས་སྟག་རས་གཟིག་རིས་དང། །དཀར་གསུམ་མངར་གསུམ་འབྲུ་སྣ་ཞུན་མར་དང་། །བདུད་རྩི་བྷ་ལིང་ཛ་གད་སྐྱེམས་ཕུད་སོགས། །མཆོད་ཅིང་བསྒྲུབ་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟོགས་བརྒྱད་དང་རིན་ཆེན་བདུན། །འདབ་ཆགས་རི་དྭགས་གཡུང་དྭགས་ཆུ་གནས་ཚོགས། །མཐུན་རྫས་རྣམ་པ་དུ་མས་ཐུགས་དམ་བསྐང་། །བདག་ཅག་འཁོར་བཅས་བག་མེད་དབང་གྱུར་ཅིང་། །མངོན་ཤེས་མི་ལྡན་སྐྱོན་ཡོན་མ་ཕྱེད་པས། །ཁྱེད་ཅག་འཁོར་བཅས་ཐུགས་དང་ཅི་འགལ་བ། །བཟོད་པར་གསོལ་ལོ་དངོས་གྲུབ་བསྩལ་དུ་གསོལ། །དེ་ལྟར་ཁྱེད་ཅག་ཐུགས་དམ་བསྐངས་གྱུར་ནས། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །ཡམས་ནད་རིམས་ནད་དུས་མིན་འཆི་བ་དང་། །བར་ཆད་བགེགས་ཀྱི་གནོད་པ་བཟློག་ཏུ་གསོལ། །དགྲ་ཇག་ཆོམ་རྐུན་རྒྱལ་པོའི་འཇིགས་པ་དང་། །སད་སེར་མུ་གེ་ལོ་ནད་གོད་ཁ་དང་། །མི་ཁ་སྟབས་བསྣོལ་ཁ་སྨྲས་གླེང་གཞི་སོགས། །ལྟས་

p. 559

ངན་ཕུང་ཐལ་སྣ་ཚོགས་བཟློག་ཏུ་གསོལ། །མདོར་ན་བླ་མེད་བྱང་ཆུབ་སྒྲུབ་པ་ལ། །ལམ་ལ་བར་དུ་གཅོད་པའི་མི་མཐུན་ཕྱོགས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་རྣམས་ཀྱི། །བསམ་སྦྱོར་ངན་པ་ཟློག་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་བསྐང་བའོ། །དེ་ནས་བསྐུལ་པ་ནི། ཧཱུྃ། ངོམ་རྒྱལ་མཚོ་བཀྲ་མཐུ་བོ་ཆེ། །སྐུ་མདོག་གངས་རི་སྤུངས་པ་འདྲ། །སྐུ་ལ་ཤེལ་ཁྲབ་འོད་འབར་གསོལ། །ཕྱག་ན་བ་དན་དཀར་པོ་བསྣམས། །ལྷ་དམག་འབུམ་གྱི་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྲོས་པའི་ཚུལ་དུ་བཞེངས་པའི་ཚེ། །གཤིན་རྗེའི་རྒྱལ་པོ་འཇིགས་པའི་གཟུགས། །སྟག་ལྤགས་ཁྲ་བོ་སྐུ་ལ་གསོལ། །གློག་དམར་འཁྱུགས་ཤིང་འབྲུག་སྒྲ་འདིར། །གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོ། །གཉན་རིགས་འབུམ་གྱི་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྱེད་ཀྱི་འཁོར་ཚོགས་མི་བསྲུན་པ། །མ་མོ་བདུད་བཙན་ལྷ་དང་ཀླུ། །གནོད་སྦྱིན་གཉན་དང་དྲི་ཟའི་

p. 560

ཚོགས། །ཡང་འཁོར་བྱེ་བ་འབུམ་དང་བཅས། །རྫུ་འཕྲུལ་འདོད་དགུར་བསྒྱུར་བའི་གཟུགས། །གློག་ལྟར་འཁྱུག་ཅིང་རླུང་ལྟར་འཚུབ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ཡང་རྣམ་སྲས་རྟ་སྔོན་ཅན་གྱི་དཀྱིལ་འཁོར་གྱི་ལྷོ་ནུབ་ཀྱི་གྲར་བཞུགས་པའི་གནོད་སྦྱིན་རྣ་བོ་ཆེ། ནོར་རྩེའི་འཁོར་ལྷོ་ཕྱོགས་ཀྱི་ཤན་པ་གྲི་ཐོགས། གནོད་སྦྱིན་ཤན་པ་དམར་ནག་གི་འཁོར་ལྷ་ཚོགས། གཤིན་རྗེ་གཟིག་མགོ་ཅན། དམ་ཅན་གྱི་འཁོར་དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུའི་ནང་ནས་གཅིག །བལ་བོད་མཚམས་ཀྱི་དགེ་བསྙེན་རྡོ་རྗེའི་མཚན་ཅན། བོད་དབུ་རུ་ལྷ་སའི་ཕྱོགས་སུ་རྡོ་རྗེའི་དཔལ་བརྟེན། མདོ་ཁམས་ཕྱོགས་སུ་ངོམ་རྒྱལ་མཚོ་བཀྲ་ཞེས་སུ་བྱ་སྟེ། ཨོ་རྒྱན་རིན་པོ་ཆེའི་བཀའི་བསྟན་སྲུང་ལྷ་ཡི་དགེ་བསྙེན་ཆེན་པོའི་མཆོད་ཆོག་སློབ་དཔོན་པདྨས་མཛད་པའི་བསང་ཡིག་དང་རྨིས་ལྟས་ཀྱི་མཚན་མ་མང་དུ་བྱུང་བ་ལ་བརྟེན་ནས། ཀརྨ་ཨ་རཱ་གས་སྦྱར་བའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྐྱེས་བུ་ཆེན་པོ་གཏམ་རྒྱལ་མདོ་ཟོ་འཁོར་དང་བཅས་པའི་གསོལ་མཆོད།

p. 561

སྐྱེས་བུ་ཆེན་པོ་གཏམ་རྒྱལ་མདོ་ཟོ་འཁོར་དང་བཅས་པའི་གསོལ་མཆོད་བཞུགས་སོ། །

p. 562

ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ། གུ་དྲག་དྲེགས་པའི་སྲོག་དབང་ལས། །ཆོས་སྤྱོད་ཆོས་སྒོར་ཞུགས་པས་ཀྱང་། །ཡུལ་དེ་གནས་པའི་ཡུལ་ལྷ་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཁ་མཆོད་པ་བྱས་ན་ཤིས། །གསུང་ཕྱིར་ཡུལ་ལྷ་མཆོད་པའི་ཐབས། །རྒྱས་པར་གཏོར་མ་རིན་ཆེན་དབྱིབས། །སྡེ་བརྒྱད་མཐུན་རྫས་བཤོས་བུས་བསྐོར། །གཡག་ལུག་ར་གསུམ་བྱ་རྟ་གླང་། །བསང་རྫས་མདའ་དར་བཅས་པ་བཤམས། །འབྲིང་དུ་དཀར་གཏོར་བཟང་བ་གཅིག །མཐའ་མ་མཐེབ་སྐྱུ་བརྒྱད་ཀྱིས་བསྐོར། །བསྡུ་ན་དཀར་གཏོར་གཅིག་གིས་ཆོག །རང་ཉིད་པད་འབྱུང་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་འཁོར་བཅས་ཀུན། །མདུན་དུ་སྤྱན་དྲངས་བཞུགས་པར་དམིགས། །ཧཱུྃ། རྒྱལ་བ་ཤཱཀྱ་ཐུབ་པ་

p. 563

ཡི། །ལུང་བསྟན་བྱང་ཕྱོགས་གངས་རིའི་ལྗོངས། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་མཆོག །མངོན་པར་དགའ་བའི་ཞིང་མཚུངས་པའི། །ཤར་ཕྱོགས་མདོ་ཁམས་གླིང་ཁྲིའི་བར། །ངོམ་དུ་རུང་བའི་ཡུལ་གྱི་སྟོད། །རི་རྒྱལ་དགུང་དུ་རྩེ་མཐོ་བ། །དགུན་གསུམ་དཀར་པོ་དུང་གི་མདོག །དཔྱིད་གསུམ་དམར་པོ་མཆོང་གི་མདོག །དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །སྟོན་གསུམ་སེར་པོ་གསེར་གྱི་མདོག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །ལྗོན་ཤིང་སྣ་ཚོགས་ལོ་འདབ་རྒྱས། །སྤང་ལྗོངས་ནེའུ་སིང་མེ་ཏོག་བཀྲ། །བདུད་རྩིའི་ཆུ་

p. 564

མིག་བརྒྱ་རྩས་བསྐོར། །སྤྲིན་དང་ན་བུན་བླ་བྲེ་བྲིས། །ཉི་ཟླ་དཀར་གསུམ་འོད་མདངས་ལས། །འབྲུག་སྒྲ་ལྡིར་ཞིང་གློག་འོད་འཁྱུག །ཤེལ་གྱི་ཆར་རྒྱུན་སི་ལི་ལི། །དུང་གི་ཁུ་འཕང་ཤ་ར་ར། །བྱ་རིགས་གཤོག་ལྡིང་ཁྲིགས་སེ་ཁྲིག །གཅན་གཟན་ངར་སྐད་འུ་རུ་རུ། །རི་དྭགས་རྩེ་སྒྱུ་སྤྲེངས་སེ་སྤྲེང་། །འཇའ་ཚོན་སྣ་ལྔ་ཀྱི་ལི་ལི། །འབྱོར་ལྡན་གྲོང་ཁྱེར་ཕྲེང་བས་བསྐོར། །མི་ནོར་སྣ་དགུ་ཀྱི་ལི་ལི། །རི་བྲན་ཀུན་གྱིས་མཐའ་ནས་བསྐོར། །རྒྱལ་ཆེན་བློན་པོས་བསྐོར་བ་འདྲ། །སྤང་རི་བཞི་ཡིས་ཕྱོགས་བཞི་བསྐོར། །བྱ་རྒོད་དཔུང་པའི་རི་བོ་འདྲ། །གཉན་གྱི་དམག་དཔོན་ཡིན་པའི་ཕྱིར། །ཞལ་ནི་རྨ་གཉན་སྤོམ་ར་བསྟེན། །ཕྱི་ནི་ས་འཛིན་ལྷུན་རེ་ཆགས། །ནང་ན་རིན་ཆེན་སྐུ་མཁར་ཏེ། །འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ། །དེ་འདྲའི་ཕོ་བྲང་དམ་པ་ནས། །རང་རང་སོ་སོའི་བཞུགས་གནས་ནས། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །མཆེད་འཁོར་སྲས་དང་བཙུན་མོ་དང་། །བློན་པོ་སྡེ་རིགས་འཁོར་ཚོགས་བཅས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །སྐད་ཅིག་ཉིད་ལ་

p. 565

འདིར་བྱོན་ཅིག །ཡིད་སྤྲུལ་གཙོ་འཁོར་འཚམས་པ་ཡི། །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །སྔོན་ཚེ་པདྨ་འབྱུང་གནས་དང་། །རང་བྱུང་ཞབས་དང་མཁའ་སྤྱོད་པའི། །སྤྱན་སྔར་ཁས་བླང་དམ་བཅས་པའི། །ཡུལ་ཕྱོགས་བདེ་ཞིང་སྐྱིད་པ་དང་། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །ཨོ་རྒྱལ་པ་གཏམ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་ཧོ། ས་མ་ཡ་ཧཱུྃ། ཧཱུྃ། སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །སྲས་དང་བཙུན་མོ་མཆེད་ཟླ་དང་། །བློན་པོ་འཁོར་གཡོག་དཔུང་དང་བཅས། །སྡེ་རིགས་རྒྱབ་རྟེན་བཅས་པ་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །དངོས་སུ་ཅི་འབྱོར་གཙང་མར་བཤམས། །ཡིད་ཀྱིས་ནམ་མཁའ་གང་བར་སྤྲུལ། །ཟག་མེད་མཆོད་པ་རྒྱ་མཚོས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་སྣ་བདུན་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་འཇམ་འདོད་ཡོན་མཆོད། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་རིན་ཆེན་

p. 566

སྣ་བདུན་འབུལ། །གདུགས་བཟང་གསེར་ཉེ་པདྨ་དུང་། །གཏེར་བུམ་དཔལ་བེའུ་འཁོར་ལོ་སོགས། །རྒྱལ་མཚན་བཀྲ་ཤིས་རྟགས་བརྒྱད་འབུལ། །ཡུངས་ཀར་དཱར་བ་བིལ་བ་དང་། །གི་ཝང་ལི་ཁྲི་དུང་དཀར་དང་། །མེ་ལོང་ཞོ་སྟེ་རྫ་ས་བརྒྱད་འབུལ། །གསེར་དངུལ་མུ་མེན་མུ་ཏིག་གཡུ། །ཤེལ་དང་བྱི་རུ་སྤོས་ཤེལ་དུང་། །རིན་ཆེན་སྣ་ཚོགས་མཆོད་པ་འབུལ། །ནས་འབྲས་གྲོ་སྲན་སོ་བ་དང་། །ཏིལ་དང་ཁྲི་སོགས་འབྲུ་སྣ་འབུལ། །རྒྱ་མཚོ་སྦུ་བ་ཛཱ་ཏི་དང་། །ཞོ་ཤ་ལ་སོགས་སྨན་སྣ་འབུལ། །དཀར་གསུམ་མངར་གསུམ་ཤ་ཐུད་དང་། །ཁུར་བ་ལ་སོགས་ཟས་སྣ་འབུལ། །ཇ་ཕུད་ཆང་ཕུད་འོ་ཞོའི་ཕུད། །གསེར་སྐྱེམས་གཡུ་སྔོན་སྐྱེམས་ཕུད་མཆོད། །དར་ཚོན་བལ་ཚོན་ཤེལ་ཚིགས་སོགས། །རང་རང་ཡིད་མཐུན་ལོངས་སྤྱོད་མཆོད། །མདའ་དར་ཤིང་རིས་མདུང་དར་སོགས། །སྤྱན་གཟིགས་སྣ་ཚོགས་རྟེན་དུ་འབུལ། །ཁྲབ་རྨོག་ཕུབ་དང་འཁོར་གསུམ་སོགས། །དགྲ་བླའི་གོ་མཚོན་སྣ་དགུ་འབུལ། །གཡག་ལུག་བྱ་རིགས་རྟ་གླང་སོགས། །མཐུན་པའི་གཟུགས་འགྲོས་སྣ་ཚོགས་འབུལ། །རི་དྭགས་གཡུང་དྭགས་གཅན་

p. 567

གཟན་སོགས། །མཐུན་པའི་དཀོར་ནོར་སྣ་ཚོགས་འབུལ། །ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཁཾ་ལས་གཏོར་མ་བདུད་རྩིའི་མཚོ། །ཁ་དོག་རོ་བཅུད་ཕུན་སུམ་ཚོགས། །ཧ་ཧོ་ཧཱིཝཡིས་བྱིན་གྱིས་བརླབས། །ཟག་མེད་བདེ་བ་བསྐྱེད་པའི་རྫསཾ། །གཏོར་མ་འདི་འབུལ་དགྱེས་པར་བཞེས། །ཐམས་ཅད་མཉེས་ཞིང་ཚིམ་གྱུར་ཅིག །ཉམས་རྒུད་རྨུགས་པ་སངས་གྱུར་ནས། །མཐུ་སྟོབས་གཟི་བརྗིད་ལྡན་གྱུར་ཅིག །འཁོན་འདྲེས་འགྲམ་འཁྲུག་ཕོག་ཐུག་ཞི། །བྱམས་པའི་སེམས་དང་ལྡན་གྱུར་ཅིག །དགའ་མགུ་ཡི་རང་ལྡན་གྱུར་ནས། །བདག་གི་བསམ་པ་འགྲུབ་པར་མཛོད། །ཧཱུྃ། སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །སྐུ་མདོག་དཀར་ལ་སྨུག་པའི་མདངས། །ཞལ་ནི་ཁྲོ་རྒྱུའཛུམ་གཟི་བརྗིད་འབར། །དབུ་སྐྲ་རལ་པས་སོག་འདབ་ཁེབས། །གཞི་བདག་ཀུན་གྱི་རྒྱལ་པོ་སྟེ། །དབུ་ལ་ལ་ཐོད་དཀར་པོ་གསོལ། །ལྗང་སྔོན་དར་བེར་སྐུ་ལ་གསོལ། །གསེར་སྐད་རིན་ཆེན་སྐྱེད་ལ་བཅིངས། །ཞབས་ལ་སག་ཏིའི་ལྷམ་ཆེན་གསོལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་དང་། །སྦ་ལྕག་རིན་ཆེན་ལྕགས་འབྲས་ཅན། །

p. 568

དར་ཚོན་སྣ་ལྔས་བརྒྱན་པ་ཕྱར། །ཁམས་གསུམ་མ་ལུས་དབང་དུ་སྡུད། །གཡོན་པས་དངུལ་དཀར་དྲིལ་བུ་འཁྲོལ། །སྙན་དང་གྲགས་པ་ཕྱོགས་བཅུར་སྒྲོག །ཆིབས་སུ་རྟ་ནག་རི་ལོག་ཙམ། །སྟག་སྒྲ་གསེར་སྲབ་གཡུ་མཐུར་ཅན། །ཆིབས་ནས་སྲིད་གསུམ་ཟིལ་གྱིས་གནོན། །བརྒྱ་འཚོགས་སྟོང་འཚོགས་དབུས་ནས་འགྱིངས། །ཁྲི་འགྲོ་སྟོང་འགྲོའི་སྣ་ལ་རྒྱུགས། །མང་པོ་འདུས་ན་འདུས་དབང་ཆེ། །ཉུང་ངུ་འདུས་ན་ཁས་བཙན་པོ། །གཏམ་སྙན་རྒྱལ་ཁ་ཐོབ་པའི་ལྷ། །ངོམ་ཡུལ་སྟོད་ཀྱི་ཕོ་ལྷ་བ། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ནུབ་བོ་གཏམ་རྒྱལ་མདོ་ཆུང་ནི། །སྐུ་མདོག་དམར་སྨུག་རལ་པ་ཅན། །ན་བཟའ་དམར་སྨུག་རལ་གུ་ལ། །སྟག་གི་གོང་ལག་སྲམ་སྐོར་ཅན། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །ཕྱག་གཡས་སྨྲ་མཁན་ཕ་ཝང་དང་། །གཡོན་པས་བྱིའུ་མིག་དམར་འཛིན། །རྟ་ལྗང་གསེར་སྲབ་གཡུ་མཐུར་ཅན། །ཆིབས་ནས་ཕྱོགས་བཅུ་ཀུན་ཏུ་རྒྱུགས། །སྤྲུལ་པ་སྦལ་པ་སྲེ་མོང་འགྱེད། །གཏམ་དང་ཤག་ཁ་རྒྱལ་

p. 569

བའི་ལྷ། །སྐྱེས་བུ་གཏམ་རྒྱལ་མདོ་ཆུང་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཧེ་ཧེ་གྲོ་གྲོ་མཛོད། པུ་ཙ་བ་ལཾ་ཏ་ཁཱ་ཧི། ཧཱུྃ། མཆེད་ཟླ་རྨིས་ཚོ་གཉེན་པོ་ནི། །སྐུ་མདོག་སྔོན་པོ་རལ་པ་ཅན། །རས་དཀར་བེར་ཆེན་སྐུ་ལ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་གཡས་རྔ་ཤང་ནམ་མཁར་འཁྲོལ། །གཡོན་པས་དཔལ་བེའུ་ཐུགས་ཀར་འཛིན། །ཆིབས་སུ་རྟ་སྔོན་རི་ལོག་ཙམ། །རྟ་རྔོག་སྦྲུལ་ལས་བྱས་པ་ཆིབས། །སྐྱེས་བུ་རྨིས་ཚོ་གཉེན་པོ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ར་མ་ར་ལ་ཕཊ་པཱུ་ཙ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། ཤར་གྱི་ཕྱོགས་ཀྱི་བཀའ་སྡོད་ནི། །གླང་ཆེན་ཇག་ལ་འཇོང་འདྲའི་རི། །ནོར་ཕྱུགས་སྤེལ་བའི་གཡང་རི་སྟེ། །སྤ་སྒོ་གླང་ཆེན་འགྱིང་འདྲའི་རི། །སྐུ་མདོག་དཀར་སྨུག་ཁྲོ་འཛུམ་ཞལ། །སྦོམ་ཐུང་གསུས་འཕྱང་གནོད་སྦྱིན་གཟུགས། །མཐིང་མདོག་ཕྲུག་གི་ན་བཟའ་ལ། །སྟག་གཟིག་གོང་ལག་སྲམ་སྐོར་ཅན། །ཕྱག་གཡས་ས་ཡི་སྙིང་པོ་དང་། །གཡོན་པས་ཚར་ལྗང་ལྕག་ཚན་

p. 570

དང་། །ཆིབས་སུ་གླང་ཆེན་འགྱིང་བ་ཆིབས། །གཉན་གཅིག་སྤར་སྒོ་གླང་ཆེན་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོ་བྷུ་མི་པ་ཏི་ཧས་ཏི་བ་ལིཾ་ཏ་པུ་ཙ་ཁཱ་ཧི། ཧཱུྃ། ལྷོ་ཡི་བཀའ་སྡོད་ཟངས་རྡོ་ནི། །སྐུ་མདོག་དཀར་ལ་སྨུག་པའི་མདངས། །དབུ་ལ་ཕྱིང་ཞྭ་ནག་པོ་གསོལ། །སྐུ་ལ་དར་སྔོན་བེར་ཆེན་གསོལ། །གསེར་གྱི་མེ་ཏོག་པདྨ་རིས། །དེ་སྟེང་དར་དཀར་བེར་ཆེན་དང་། །དེ་སྟེང་དར་ནག་བེར་ཆེན་གསོལ། །ཕྱག་གཡས་ལྕག་ཚན་དར་ཆེན་བཏགས། །གཡོན་པས་མེ་ལོང་ཐུགས་ཀར་འཛིན། །ཆིབས་སུ་རྟ་ནག་རྔམ་པ་ཆིབས། །སྔ་ཤར་སྨན་གྱི་སྒྲོ་བ་དང་། །ཕྱི་ཤར་གཡང་གི་གལ་སྟ་བཀལ། །ཡུལ་ལྷ་ཟངས་རྡོ་གཉན་པོ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོ་སུག་ལྷོ་མར་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། ནུབ་ཀྱི་བཀའ་སྡོད་དབྱི་བྲོ་ནི། །མི་ནག་སྟག་ལྤགས་ན་བཟའ་ཅན། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །ཕྱག་ན་མདའ་དར་དྲིལ་བུ་འཛིན། །ཆིབས་སུ་རྟ་དཀར་གཡུ་རྔོག་ཆིབས། །གཉན་ཆེན་དབྱི་བྲོ་

p. 571

ཆེ་ཆུང་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ད་གདན་དམར་དམར་སྭཱ་ཧཱ། བ་ལིཾ་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། བྱང་གི་བཀའ་སྡོད་རྫ་ཁྲ་ཡུ། །མི་ནག་རྔམ་བརྗིད་བེར་ཆེན་ལྗང་། །གཡས་པས་ཐོག་མདའ་རྦབ་རྒོད་འཕེན། །གཡོན་པས་སྦྲུལ་གྱི་ཞགས་པ་འདེབས། །ཆིབས་སུ་རྟ་སྔོན་ཆུ་རིས་ཆིབས། །གཉན་ཆེན་རྫ་རི་ཁྲ་ཡུ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཁྲ་ཡུ་ཡུ་ཙིར་ཙིར་ཚུག༔ བ་ལི་ཏ་པུ་ཙ་ཁཱ་ཧི༔ ཧཱུྃ། །སྨན་བཙུན་རྒྱལ་མོ་བུ་དཔང་ནི། །མོ་བཙུན་བགྲེས་གཞོན་བར་མ་གསུམ། །དར་ཟབ་གསེར་གཡུ་མུ་ཏིག་བརྒྱན། །མཛེས་སྡུག་ལང་ཚོ་ཕུན་སུམ་ཚོགས། །གསུམ་ཁས་དར་ཡུག་དཀར་པོ་འཐེན། །ཧ་ཧ་ཧི་ཧི་སྒྲ་སྒྲོག་ཅིང་། །སྨན་ཕྲན་མང་པོའི་འཁོར་དང་བཅས། །སྨན་གྱི་བྲོ་རྡུང་སྒ་ར་ར། །འཇའ་ཚོན་གུར་ཕུབ་ཀྱི་ལི་ལི། །དྲི་ཞིམ་སྤོས་ངད་ཕྱི་སངས་སེ་སང་། །སྦ་གླིང་སྨྱུག་གླིང་ཀྱུ་རུ་རུ། །རྒྱལ་མོ་བུ་དཔང་སྤུན་གསུམ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨ་སྙིང་

p. 572

དཀར་སྭཱ་ཧཱ། ཨི་དཾ་བ་ལི་ཏ་པུ་ཙ་ཁཱ་ཧི། ཧཱུྃ། མཛོད་འཛིན་ཕྱག་གཙང་ལྟས་ཆེན་ནི། །མི་གཞོན་མཛེས་ཤིང་ཡིད་དུ་འོང་། །རལ་པ་ཁམས་སིག་སོག་འདབ་ཁེབས།། སྐུ་ལ་ཕྲུག་དཀར་རལ་གུ་གསོལ། །འཇའ་ཚོན་སྣ་ལྔའི་མུ་ཁྱུད་ཅན། །གཟིག་ལྤགས་ཁྲ་བོའི་གོང་ལག་ལ། །གཡི་སྲམ་ལྤགས་པས་མུ་རན་བྱས། །དཀར་པོའི་ཕྱོགས་ལ་ཤིན་ཏུ་དགའ། །ཆོས་བྱེད་རྣམས་ལ་ཁ་འཛིན་བྱེད། །རང་འདྲའི་མི་གཞོན་མང་པོས་བསྐོར། །ཕྱུག་ཅིང་ལོངས་སྤྱོད་བསམ་མི་ཁྱབ། །ལྟས་ཆེན་ལྟས་ཆུང་འཁོར་དང་བཅས། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོ་ལ་ཀེ་རི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་པུ་ཙ་ཁཱ་ཧི། ཧཱུྃ། རྒྱལ་བསྟན་སྤྱི་འབྱམས་རྫ་དམར་ནི། །སྐུ་མདོག་དམར་མོ་དགེ་བསྙེན་གཟུགས། །དབུ་ལ་སག་ཞུ་དམར་པོ་གསོལ། །དར་དམར་ངུར་སྨྲིག་ན་བཟའ་གསོལ། །བཙན་བྱ་དམར་པོ་ཀླད་ལ་ལྡིང་། །ཕྱག་གཡས་ཟངས་གྲི་དམར་པོ་འཛིན། །གཡོན་པས་མདུང་དར་དམར་པོ་སྦྱར། །ཆིབས་སུ་མཚལ་བུ་རྟིང་དཀར་ཆིབས། །སྤྲུལ་པ་སྟག་མོ་གྲུས་མ་འགྱེད། །དགེ་བསྙེན་སྤྱི་འབྱམས་རྫ་

p. 573

དམར་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཧེ་རྗེ་ཧུན་རྗེ་ཐོག་དང་དབྱེར་མེད་ལ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། ཞི་བ་ལྷོ་ཡི་ལས་མཁན་ནི། །སེང་གེ་སྤུན་གསུམ་དཀར་སྔོ་དམར། །གསུམ་ཀ་དར་དཀར་ན་བཟའ་ཅན། །གཡས་གསུམ་རྡོ་རྗེ་རལ་གྲི་མདུང་། གཡོན་གསུམ་བུམ་ཞགས་མདའ་གཞུ་འཛིན། །ཀུན་གྱི་རྟ་དཀར་གཡུ་རྔོག་ཆིབས། །སེང་གེ་སྟག་དང་དྲེད་མོང་སྤྲུལ། །བེ་ཏི་གློ་གར་དབུ་སྐྲ་དཀར། །དུག་པོ་དཀར་པོའི་ན་བཟའ་ཅན། །ཇོ་འཁོར་དུང་གི་ཕྲེང་བ་འཛིན། །སྤྲུལ་པ་ལུག་དཀར་མང་པོ་འགྱེད། །སེང་གེ་སྤུན་གསུམ་སེ་ཏི་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཨོཾ་མི་བྷུ་པ་ཧེ་གནམ་ཀ་ལི་ནི་ཀེ་ཡེ་ས་རི་ནི་ཐི་ཧེ། ཨི་དཾ་བ་ལི་ཏ་པཱུ་ཙ་ཁཱ་ཧི། ཧཱུྃ། དྲག་པོ་བཙན་གྱི་ལས་མཁན་ནི། །མི་དམར་ཁ་ཤོ་འཇིགས་པ་ལ། །མིག་སྔོ་རྒྱ་བོ་ཨོག་ཚོམ་ཅན། །རྒྱུ་ཆོས་གསོལ་ལ་སྲམ་སྐོར་ཅན། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །ཕྱག་གཡས་བཙན་གྲི་དམར་པོ་ཕྱར། །གཡོན་པས་བཙན་གྱི་ཤོ་

p. 574

རྡེལ་ཐོགས། །སྐེ་ལ་མེ་ལོང་ཟུར་གསུམ་བཏགས། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །རེས་འགའ་རི་ཝང་འཕུར་ཤེས་ཆིབས། །བཙན་རྒོད་དཀྱིལ་རི་ཆེ་ཆུང་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཧ་ངེ་ཧ་ངེང་སྐུ་དང་མ་ཧོ༔ ཧུ་ཡ་ཧུ་ཡ་ཧེ་ཛི་ཧེ་ཛི་ཧ་ཧ་ཐོག༔ ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི༔ ཧཱུྃ། གཞན་ཡང་གཏམ་རྒྱལ་མདོ་ཟོ་ཡི། །འཁོར་ལྔ་སྡེ་རིགས་གཏོགས་པ་ཡི། །དབའ་སྟོད་བཙན་དང་དབའ་སྨད་བདུད། །སྤོར་མོ་མདོ་སོགས་སྔོན་པོ་ཀླུ། །ལུང་ཕུ་བྲག་དམར་རྫོང་དམར་སོགས། །དམར་པོ་བཙན་གྱི་སྡེ་ཚོགས་དང་། །གཏམ་གྱི་སྐག་ནག་གོང་སྔོན་ལ། །ཁྲ་བོ་གཉན་གྱི་སྡེ་ཚོགས་དང་། །བོན་པོ་ཐོ་ཁོར་རྔ་ཁུར་སོགས། །ཕྱུ་དང་དམུ་ཡི་སྡེ་ཚོགས་དང་། །གཞན་ཡང་ངོམ་ཡུལ་སྟོད་ཕྱོགས་འདིར། །གཉུག་མར་གནས་པ་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །སརྦ་བྷཱུ་མི་པ་ཏི་བ་ལི་ཏ་པཱ་ཙ་ཁཱ་ཧི། ཧཱུྃ། གཏམ་རྒྱལ་མདོ་ཟོ་ཡུལ་ལྷའི་ཚོགས། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཆར་ཆུ་དུས་སུ་འབེབས་པ་དང་། །ལོ་

p. 575

ལེགས་འབྲུ་རྣམས་འཕེལ་བ་དང་། །ཕྱི་ནང་འཁྲུག་རྩོད་མེད་པར་མཛོད། །དགྲ་རྐུན་གཅན་གཟན་འཚེ་བ་སྲུངས། །རྟ་ཕྱུགས་གོད་ཁ་མེད་པར་མཛོད། །བཙའ་སད་སེར་གསུམ་མ་བཏང་ཞིག །ཕ་རོལ་དགྲ་ཡི་གནོད་པ་ཟློག །རང་ཡུལ་དར་ཞིང་རྒྱས་པར་མཛོད། །ཕོག་ཐུགས་འགྲམ་འཁྲུག་གང་ཤོར་བཤགས། །གསེར་མཁར་རི་ལ་བརྟན་པར་བཞུགས། །རྟག་ཏུ་ཕ་ཁུ་སྤུན་ཟླ་ལྟར། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །རྨ་གཡང་ཁུ་ཡེ་གཡང་དུ་ལེན། །ཕྱུ་ཧཱུྃ། གཡང་ཧཱུྃ། བདེ་ལེགས་སྐྱིད་པ་ཧཱུྃ། ཆར་འབོད་དུས་རཱ་ག་ཨ་སྱས་སྨྲས་པ་འདིར་ཉེ་གནས་ཀུན་དགས་ཡི་གེར་བཀོད་པ་ལ། ཉེས་འགལ་བཤགས་ཤིང་དགེ་བས་ཡུལ་ཕྱོགས་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ། བཀྲ་ཤིས།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དགེ་བསྙེན་རྟ་འདྲའི་གསོལ་མཆོད་ཚན་གསུམ།

p. 576
p. 577

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དགེ་བསྙེན་རྟ་འདྲའི་གསོལ་མཆོད་ནི༔ རང་ཉིད་པདྨ་འབྱུང་གནས་བསྒོམ༔ ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིས༔ ཡུལ་ལྷ་སྤྱན་དྲངས་མདུན་བཞུགས་པས༔ ཅི་བཅོལ་ལས་རྣམས་བསྒྲུབ་པར་དམིགས༔ ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་ཞིང་ཁམས་མཆོག༔ གདོང་དམར་ཡུལ་གྱི་དཀྱིལ་སྨད་ན༔ ངོམ་དུ་རུང་བའི་ཡུལ་གྱི་རྩེ༔ གསེར་ལྡན་ཆུ་བོ་འབབ་པའི་དྲུང་༔ རིན་ཆེན་ཤེལ་གྱི་རི་བོ་ནི༔ རྟ་མཆོག་རིན་ཆེན་འདྲ་བ་ལ༔ ལྗོན་ཤིང་སྤང་ལྗོངས་མེ་ཏོག་བརྒྱན༔ དེ་འདྲ་གནས་ཀྱི་མངའ་བདག་ནི༔ དགེ་བསྙེན་རྟ་འདྲ་ཞེས་བྱ་བ༔ མི་ནི་དཀར་པོ་མཛེས་པའི་ཞལ༔ ཞྭ་དཀར་ཕྲུག་དཀར་རས་གུ་གསོལ༔་སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར༔ ཅང་ཤེས་རྟ་མཆོག་དམར་པོ་ཆིབས༔ རྒོད་མ་དམར་མོ་རོལ་དུ་ཁྲིད༔ རྟེའུ་ཆུང་ལྗང་གུ་ཕྱི་ན་འབྲངས༔ ཁྲབ་ཆེན་རྐྱ་རྐང་འདྲེས་མའི་ཚོགས༔ ཉི་ཤུ་ཙམ་གྱི་འཁོར་གྱིས་བསྐོར༔ འདིར་གཤེགས་བསངས་དང་མཆོད་པ་བཞེས༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ན་ཚ་གོད་ཁ་མ་བཏང་ཞིག༔ ལོ་ཕྱུགས་རྐང་འགྲོས་འཕེལ་བར་མཛོད༔ གཞི་

p. 578

བྱེས་ལམ་གསུམ་གར་འགྲོ་ཡང་༔ སྐྱེལ་བསུ་སྡོང་གྲོགས་མེལ་ཚེ་མཛོད༔ བསམ་པ་ཡིད་བཞིན་འགྲུབ་པ་སོགས་ཇི་ལྟར་འདོད་པའི་དོན་རྣམས་ཀུན༔ མ་ཐོགས་མྱུར་དུ་འགྲུབ་པར་མཛོད༔ མཐུ་རྩལ་ཅི་གདའ་ད་ལྟའོ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཤ་ཤ་ན་ཤ་སྭཱ་ཧཱ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་གཏོར་མ་བསྔོ་བར་བྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་དགུང་ལོ་བཅུ་གཉིས་ལ་ཐུགས་རྗེ་ཆེན་པོ་དཔལ་རྣོ་བཀྲའི་དཀྱིལ་འཁོར་ཞལ་ཕྱེས་དུས་ལྷ་སྲིན་དང་གཞི་བདག་མང་པོའི་རང་གཟུགས་དངོས་སུ་བསྟན་ནས་སྲོག་སྙིང་ཕུལ་ནས༔ སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཁས་བླངས་སོ། །དེ་ལྟར་སྲོག་སྙིང་ཕུལ་བ་དེ་ནི། ཨོཾ་ཤ་ཤ་ན་ཤ་སྭ་ཧྭ༔ འདི་ཡིན་ལ། སྤྲུལ་སྐུའི་གཟིགས་པ་དང་བསྟུན་ནས་འདོན་བྱ་བསྡུས་པ་འདི། བདག་ཨ་རཱ་གས་སྦྱར་བ་མངྒ་ལཾ། སྔགས་འཆང་ཨོ་རྒྱན་སོགས་ལ་ཕན་ཕྱིར་རོ།། །།

p. 579

ཀྱཻ། རྫ་རི་དཀར་པོ་དུང་རྟ་འདྲ། །དེ་ལ་མཆོང་གི་རྟ་གཟུགས་བཀྲ། །དེ་ལ་གནས་པའི་ཟོ་དོར་ནི། །རྟ་འདྲ་གཉན་པོ་ཞེས་སུ་གྲགས། །དུང་གི་མི་ཕོ་དཀར་པོ་ལ། །དབུ་ལ་ཞྭ་དཀར་མཛེས་པར་གསོལ། །སྐུ་ལ་ཕྲུག་དཀར་ན་བཟའ་ཅན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །རྒོད་མ་དམར་མོ་རོལ་དུ་ཁྲིད། །རྟེའུ་ཆུང་ལྗང་གུ་ཕྱི་ན་འབྲངས། །འཁོར་ནི་སྐྱ་མི་རྐང་ཐང་སོགས། །ཁྲབ་ཆེན་ཉི་ཤུ་ཙམ་གྱིས་བསྐོར། །འཁོར་དང་བཅས་པ་མ་ལུས་ལ། ། འབྲུ་སྣ་ཕྱེ་མར་ཕུད་ཀྱིས་མཆོད། །བཟང་ཤིང་སྣ་ཚོགས་དུད་པས་བསང་། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད། །ཨ་རཱ་གས་འཕྲལ་དུ་བྲིས་སོ།། །།རྟ་འདྲ་ནི། ཧཱུྃ། ས་འཛིན་དུང་མདོག་ཅང་ཤེས་དབྱིབས་ཅན་ནས། །རྟ་འདྲ་ཞེས་གྲགས་དགེ་བསྙེན་མཐུ་རྩལ་ཅན། །མི་དཀར་ཆས་བཟང་འཁོར་གསུམ་ཞྭ་དཀར་།ཆིབས་སུ་ཅང་ཤེས་རྟ་མཆོག་དམར་པོ་ཆིབས། །རྒོད་མ་དམར་མོ་རྟེའུ་ལྗང་འབྲང་བ་ཁྲིད། །ཁྲབ་ཅན་སྐྱ་རྐང་འདྲེས་པ་ཉི་ཤུའི་བསྐོར། །འཁོར་བཅས་འདིར་

p. 580

གཤེགས་ཡིད་སྤྲུལ་གདན་ལ་བཞུགས། །དཀར་གསུམ་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །པདྨ་ཐོད་ཕྲེང་རིག་འཛིན་སྤྱན་སྔར་རུ། །ཞལ་བཞེས་བཞིན་དུ་རྣལ་འབྱོར་བདག་ཅག་གི །ཇི་ལྟར་འདོད་པའི་དོན་རྣམས་མ་ལུས་པ། །མྱུར་དུ་འགྲུབ་པའི་ཕྲིན་ལས་མ་གཡེལ་ཅིག །ཨོཾ་ཤ་ཤ་ན་ཤ་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀརྨ་ཨ་རཱ་གས་སོ།། །།

རྟ་རྣའི་ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྒྱལ་པོའི་མཆོད་བསྟོད།

p. 581

རྟ་རྣའི་ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྒྱལ་པོའི་མཆོད་བསྟོད་ཅེས་བྱ་བ་བཞུགས་སོ། །ན་མོ་པྲ་ཝ་ཀཱ་ར་ཡེ། རྨེ་རྒྱལ་རྟ་རྣ་མཆོད་པ་ནི། །དཀར་གཏོར་བཤམས་ལ་ཕུད་ཀྱིས་བྲན། །རང་ཉིད་ཡི་དམ་ཏིང་འཛིན་གྱིས། །གྱེར་སྒོམ་སྦྲགས་ལ་འདི་སྐད་དོ། །ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་སྤང་ལྗོངས་དང་། །ཤེལ་བྲག་རིན་ཆེན་གཞལ་ཡས་ཁང་གི་དབུས། །དགེ་བསྙེན་ལྷ་བཙན་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་དཀར་དམར་མདངས་ལྡན་འོད་ཟེར་འཕྲོ། །ཞལ་ནི་མཛེས་འཛུམ་ལྟ་བས་ཆོག་མི་ཤིས། །དབུ་ལ་ཤེལ་རྨོག་དར་གྱི་ལྡེམ་འཕྲུ་བཙུགས། །སྐུ་ལ་བེར་དཀར་གོང་གར་རྡོ་རྗེ་རིས། །ཐོང་ཀ་རྨ་བྱ་ཕྲག་པར་གཡུང་དྲུང་རིས། །ཆ་ག་གཡུང་དྲུང་མེ་ཏོག་ཆོ་ལོ་རིས། །དེ་རྒྱབ་གི་ཐུལ་པ་སྐུ་ལ་གསོལ། །ཕྲག་གོང་གསེར་དང་ཉི་མ་ཟླ་བས་བརྒྱན། །མགྲིན་པར་ནོར་བུ་འབར་བས་མགུལ་རྒྱན་འཕྱངས། །ཕྱག་གཡས་མདུང་དར་དཀར་པོ་དར་ཚོན་རྒྱན། །གཡོན་པས་འཆི་མེད་བདུད་རྩིའི་བུམ་པ་འཛིན། །སྟག་རལ་གཟིག་ཤུབས་དཔའ་བོའི་ཆས་དང་ལྡན། །ཆིབས་སུ་རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །དར་སྟན་

p. 582

གཡུ་སྒ་གསེར་སྲབ་གཡུ་མཐུར་བརྒྱན། །ལྷ་དམག་འབུམ་གྱི་འཁོར་དང་བཅས་པ་གསལ། །གཙོ་བོའི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །ཐུགས་དབུས་ཨཱཡིག་དཀར་དམར་མདངས་ལྡན་ལས། །འོད་འཕྲོས་འཁོར་བཅས་མདུན་དུ་སྤྱན་དྲངས་གྱུར། །ཞེས་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཧཱུྃ། འཁོར་ལོ་སྡོམ་པའི་གསུང་གི་གནས་ཆེན་པོ་། །ས་སྤྱོད་ཀཉྩི་ཞེས་བྱའི་གནས་ལག་སྟེ། །རྨེ་རྒྱལ་རྟ་རྣ་ཞེས་བྱའི་ཤེལ་བྲག་ན། །གཉུག་མར་གནས་པའི་ལྷ་བཙན་རྒྱལ་པོ་ནི། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །སྔོན་ཚེ་ཧེ་རུ་ཀ་དང་པདྨ་འབྱུང་། །ཡེ་ཤེས་བརྩེགས་སོགས་བཀའ་བརྒྱུད་བླ་མ་ཡི། །སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བསྟན་པའི་གཙུག་ལག་ཆོས་འཁོར་སྐྱོང་བ་དང་། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོ་དེ་ཝ་ཤུ་ལ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་སྟེ། ས་མ་ཡ་ཧོ༔ བྷཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་པ། །

p. 583

ཨོ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་ཡིས། །འོ་ཞོའི་མཆོད་ཡོན་སྤོས་བཟང་སྦྱར་བའི་ཆུ། །རྣམ་བཀྲའི་མེ་ཏོག་བཟང་ཤིང་སྣ་ཚོགས་སྤོས། །རིན་ཆེན་འོད་འབར་རྒྱ་ཇའི་དྲི་ཆབ་དང་། །དཀར་གསུམ་མངར་གསུམ་ཟས་ཕུད་སྣ་ཚོགས་བཤོས། །སྙན་པའི་བསྟོད་དབྱངས་དྲིལ་བུ་ཏིང་ཏིང་ཤག །གཡག་ལུག་ར་དང་རི་དྭགས་གཟུགས་རྒྱུའགྲོས་དང་། །དར་ཟབ་སྨན་སྣ་འབྲུ་སྣ་རིན་པོ་ཆེ། །དར་མདུང་དཀར་པོ་མདའ་དར་བེར་ཆེན་དཀར། །གྲོ་སྐྱ་གཡུ་རྔོག་ལ་སོགས་མཐུན་པའི་རྫས། །གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །རྟ་རྣའི་གནས་བདག་ལྷ་བཙན་འཁོར་བཅས་ལ། །འབུལ་ལོ་དགྱེས་པ་ཆེན་པོར་བཞེས་ནས་ཀྱང་། །འཁོར་དང་བཅས་པ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཨ་ཀཱ་རོ༴ ཨོཾ་དེ་ཝ་ཤུ་ལ་ར་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨབྷཾ་སོགས། དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། ས་སྤྱོད་གསུང་གི་འཁོར་ལོའི་གནས། །ཀིཉྩ་ཞེས་བྱའི་གནས་ལག་སྟེ། །རྟ་རྣ་བདེ་མཆོག་ཕོ་བྲང་གི །སྐྱོང་བྱེད་ཞིང་སྐྱོང་ཁྱོད་ལ་བསྟོད། །ས་འཛིན་ཅང་ཤེས་དབྱིབས་འཆང་

p. 584

བའི། །སྒྲ་འཛིན་ལ་ནི་གནས་བཅས་ཤིང་། །ལེགས་ཉེས་ཀུན་གྱིས་སྟངས་འཛིན་པའི། །ལྷ་བཙན་རྒྱལ་པོ་ཁྱོད་ལ་བསྟོད། །རིག་འཛིན་གོང་མ་ཐམས་ཅད་ཀྱིས། །དམ་ལ་བཏགས་ཤིང་བཀའ་ལ་གནས། །གཙུག་ལག་དགེ་འདུན་སྲུང་མ་མཛད། །བསྟན་སྲུང་ཆེན་པོ་ཁྱོད་ལ་བསྟོད། །འཁོར་ནི་ལྷ་སྲིན་སྡེ་བརྒྱད་ཚོགས། །ལྷ་དམག་འབུམ་གྱི་འཁོར་དང་བཅས། །ཀུན་ཀྱང་རྫུ་འཕྲུལ་བསམ་མི་ཁྱབ། །འཁོར་དང་ཡང་འཁོར་བཅས་ལ་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ། །གཙུག་ལག་ཆོས་འཁོར་བཅས་པ་འདི། །དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །སྣང་སྲིད་དབང་དུ་འདུ་བ་དང་། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །དུས་མི་འཆི་བའི་རྐྱེན་ངན་དང་། །མི་ནད་ཕྱུགས་ནད་ཐམས་ཅད་ཟློག །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །མཐུ་རྩལ་ཅི་འདུག་ད་ལྟའོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་

p. 585

མཛོད། །ཅེས་བརྗོད་གཏོར་མ་འབུལ་བ་ནི། །རྒྱུན་དུ་དཀར་གཏོར་གསོས་ནས་འདོན། །བསང་དང་སྦྲེལ་ན་བསང་ནང་འབུལ། །མཆོད་པ་བྱས་ནས་འདི་སྐད་དོ།། ཧཱུྃ། བསྟན་པ་གསལ་བར་བྱེད་པའི་ཡུལ། །ཀི་གནས་ལག་རྟ་རྣ་ཡི། །ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྗེ། །བེར་དཀར་དུང་ཐུལ་ཤེལ་རྨོག་གསོལ། །དར་མདུང་ཕྱར་ཞིང་འཁོར་གསུམ་བསྐོར། །རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །ཚེ་སྲིངས་དཔལ་སྐྱེད་བསམ་པ་སྒྲུབས། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་རྣལ་འབྱོར་པ་རཱ་ག་ཨ་སྱས་དགོན་དམར་དགེ་བཤེས་དང་། དགེ་འདུན་སྤྱི་ལ་ཕན་ཕྱིར་ཞུན་མར་ངོགས་སུ་བྲིས་པ་སརྦ་མངྒ་ལཾ། ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྨོན་སྐྱེས་མཆེད་གསུམ་བསྐང་གསོལ།

p. 586
p. 587

ན་མོ་པྲ་ཝ་ཀཱ་ར་ཡེ། ཨོ་རྒྱན་རྗེ་ལ་ཕྱག་འཚལ་ནས། །སྨོན་སྐྱེས་མཆེད་གསུམ་བསྐང་གསོལ་བྲི། །བཀའ་གསང་སྩོལ་ལ་བར་ཆད་སོལ། །གཞུང་ལྟར་མཆོད་གཏོར་བཤམས་བྱས་ལ། །ལས་གཞུང་མཚམས་སུ་འདི་སྐད་དོ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ། ཨོཾ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཤ་སྣ་སྨན་སྣ་ཕྱེ་མར་དྲི་བཟང་གཡག་ལུག་ར་གསུམ་ལ་སོགས་མཆོད་རྫས་བསྐང་རྫས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ་ཨ་ཀཱ་རོ་མུ་ཨོ་ཐོག་གཉན་ཐོག་ཧེ་ཐོག་ལུ་ཐོག་རྗེ་ཐོག་བཙན་ཐོག་དཀར་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་གྷི་སྙན་ས་མ་ཡ་རཀྵནྟ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཉྩ་སརྦ་ཀརྨ་ཨ་མོ་ག་སྭཱ་ཧཱ། ལན་གསུམ། ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་ཉན་བསྟན་སྲུང་མཐུ་བོ་ཆེ། །སྨོན་སྐྱེས་རྡོ་རྗེ་དབང་གྲགས་ནི། །སྐུ་མདོག་གངས་ལ་ཉི་ཤར་འདྲ། །ལི་ཕྲན་སྨུག་པོའི་ལ་ཐོད་བཅིངས། །ཤེལ་དཀར་མེ་ཏོག་ཚོམ་བུས་བརྒྱན། །དར་དཀར་བེར་ཆེན་སྐུ་ལ་གསོལ། །ཕྱག་གཡས་ཉི་ཟླའི་

p. 588

སྒྲོན་མེ་ཐོགས། །གཡོན་པས་དངུལ་མདུང་དར་དཀར་གསོལ། །རིག་དཀར་གཡུ་རྔོག་ཆིབས་སུ་བཅིབས། །ཀླད་ན་དུང་གི་བྱ་རྒོད་ལྡིང་། །དུང་སེང་དཀར་པོ་གཡས་ན་འགྱིངས་། །གཡོན་ན་དུང་གི་བྱ་ཁྲ་འཇུམས། །ལྷ་དམག་འབུམ་གྱི་འཁོར་དང་བཅས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྨོན་སྐྱེས་རྡོ་རྗེ་དབང་ཕྱུག་ནི། །སྐུ་མདོག་དཀར་གསལ་མཛེས་པ་ལ། །དར་དཀར་ལ་ཐོད་དབུ་ལ་བཅིངས། །རིན་ཆེན་མུ་མེན་ཚོམ་བུས་བརྒྱན། །སྐུ་ལ་དུང་བེར་དཀར་པོ་གསོལ། །ཕྱག་གཡས་སྦ་ལྕག་དཀར་པོ་དང་། །གཡོན་པས་དངུལ་མདུང་དར་དཀར་ཕྱིར། །རྫུ་འཕྲུལ་གྲོ་སྨུག་གདོང་སེ་ཆིབས། །ཀླད་ན་དུང་གི་ཐང་དཀར་ལྡིང་། །གཡས་ན་གཡུ་འབྲུག་སྔོན་མོ་འགྱིངས་། །གཡོན་ན་དུང་ཁྲ་དཀར་པོ་འཇུམས། །གཉན་དམག་འབུམ་གྱི་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྨོན་སྐྱེས་རྡོ་རྗེ་དཔལ་འབར་ནི། སྐུ་མདོག་དཀར་སེར་འོད་ཟེར་འབར། །དར་དམར་ལ་ཐོད་དབུ་ལ་བཅིངས། །མཛེས་པ་གཡུ་ཡི་ཚོམ་བུས་བརྒྱན། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །ཕྱག་གཡས་ཡ་ཚ་སྐར་

p. 589

ཕྲན་དང་། །གཡོན་པས་དངུལ་མདུང་རུ་མཚོན་ཕྱིར། །རྐྱང་བུ་ཁ་དཀར་ཆིབས་སུ་བཅིབ། །ཀླད་ན་དུང་གི་ཁྲུང་ཁྲུང་ལྡིང་། །གཡས་ན་དུང་གི་སྟག་མོ་འགྱིངས། །གཡོན་ན་གཡུ་ཁྲ་སྔོན་མོ་འཛུམས། །ཀླུ་དམག་འབུམ་གྱི་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྲིང་གཅིག་ལྷ་ལྕམ་གློག་མ་འཕུལ། །སྐུ་མདོག་དཀར་གསལ་གློག་འོད་འཁྱུག །དབུ་ལ་ཤེལ་གཡུ་བྱི་རུས་བརྒྱན། །རིན་ཆེན་མུ་མེན་ཕྲེང་བ་འཕྱང་། །དར་ཚོན་སྣ་ལྔའི་ན་བཟའ་ལ། །རིན་ཆེན་སྣ་ལྔའི་ཚོམ་བུས་སྤྲས། །འཇའ་ཚོན་རི་མོ་ཁྱུགས་སེ་ཁྱུག །གསེར་དངུལ་ཕྱག་གདུབ་སྒ་ར་ར། །དུང་གླིང་དཀར་པོ་སྐྱུ་རུ་རུ། །ཕྱག་གཡས་མདའ་དར་དཀར་པོ་དང་། །གཡོན་ན་ཚེ་ཡི་ལ་བུམ་པ་བསྣམས། །གནམ་རྟ་གྱི་ལིང་ཆིབས་སུ་ཆིབས། །ཀླད་ན་བྱ་རྒྱལ་ཁུ་བྱུག་གྲགས། །དུང་གི་ཅོ་ག་གཡས་ན་འགྱུར། །གཡུ་ཡི་ནེ་ཚོ་གཡོན་ན་གྲགས། །ལྷ་སྨན་འབུམ་གྱིས་བསྐོར་བ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བཙུན་མོ་གཡུ་མཚོ་ཆེ་ཆུང་ནི། །སྐུ་མདོག་དཀར་མོ་འཛུམ་མདངས་ཅན། །དབུ་ལ་གསེར་གཡུ་ཤེལ་

p. 590

གྱིས་བརྒྱན། །སྐུ་ལ་དར་དཀར་ན་བཟའ་ལ། །འཇའ་ཚོན་སྣ་ལྔའི་རི་མོ་འཁྱུག །དངུལ་དཀར་མེ་ལོང་མཛེས་པས་བརྒྱན། །གསེར་དངུལ་ཕྱག་གདུབ་སྒ་ར་ར། །སྙན་པའི་ཀླུ་ལེན་ཀྱུ་རུ་རུ། །ཕྱག་གཡས་མདའ་དར་མེ་ལོང་དང་། །གཡོན་གྱི་ཕྱག་ན་བུམ་པ་བསྣམས། །ངང་པ་ངུར་པས་སྐད་སྙན་སྒྲོག །ཆུ་རྟ་སྔོན་པོ་ཆིབས་སུ་ཆིབས། །མཚོ་སྨན་འབུམ་གྱིས་བསྐོར་བ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །གཡས་ཀྱི་བཀའ་ཉན་མདའ་ར་བ། །ཀླུ་རྒྱལ་དྲག་པོ་བདུད་འདུལ་ནི། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །ཁྲོ་གཏུམ་རྔམས་བརྗིད་སྟོབས་དང་ལྡན། །དབུ་ལ་སྟག་ཐོད་ཁྲ་བོ་བཅིངས། །གནམ་ལྕགས་གོ་ཁྲབ་སྐུ་ལ་གསོལ། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །ཕྱག་གཡས་རལ་གྲི་གློག་འོད་འཁྱུགས། །གཡོན་པས་ཐོག་མདའ་དམར་པོ་བསྣམས། །བ་དན་ལྕེ་བརྒྱད་མཆན་དུ་བསྒྲེངས། །ཁྲ་བོ་སྟག་ཆས་ཆིབས་སུ་ཆིབས། །ཁྲོ་གཏུམ་དྲག་པོའི་དམག་གིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །གཡོན་གྱི་བཀའ་ཉན་མདུང་ར་བ། །སྐྱེན་གྱི་བཙན་རྒོད་དམར་པོ་ནི། །སྐུ་

p. 591

མདོག་དམར་པོ་ཁྲོས་པའི་གཟུགས། །དབུ་ལ་མཚལ་ཐོད་དམར་པོ་བཅིངས། །བསེ་ཁྲབ་སྨུག་པོ་སྐུ་ལ་གསོལ། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །གཡས་པས་གནམ་ལྕགས་རལ་གྲི་དང་། །གཡོན་པས་ཤེལ་མདུང་ལྕེ་བརྒྱད་བསྣམས། །རག་པ་སྟག་ལ་ཆིབས་སུ་ཆིབས། །སྤྲུལ་པ་ལྕགས་ཀྱི་མཆིལ་པ་ལ། །ལྕགས་ཀྱི་མི་རྟ་དམག་གིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཕྱོགས་བཞིའི་བཀའ་བློན་བཞི་པོ་ནི། །ཤར་གྱི་དབྱི་རྒྱལ་རིན་ཆེན་དང་། །ལྷོ་ཡི་སྤེ་ནེ་རི་བཀྲ་དང་། །ནུབ་ཀྱི་སྐ་རྒྱལ་མོ་ནོམ་དང་། །བྱང་གི་ཇོ་བོ་སྐེད་རྒྱལ་བཞི། །བཙུན་མོ་སྲས་དང་བློན་པོ་འབངས། །གོ་ཁྲབ་བཙན་ཞིང་ན་བཟའ་མཛེས། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས་། །བ་དན་རུ་མཚོན་ལྷབས་སེ་ལྷབ། །ཆིབས་སུ་རྒྱན་ལྡན་སྣ་ཚོགས་ཆིབས། །སྟག་གཟིག་དོམ་དྲེད་ཕྱི་ནས་འགྲོ། །རྒོད་གླག་བྱ་ཁྲ་ཀླད་ན་འཇུམས། །རང་རང་དམག་ཚོགས་འབུམ་གྱིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །གཞན་ཡང་བཀའ་ཉན་ཕོ་ཉའི་ཚོགས། །བཙན་རྒོད་ཧར་པོ་སྟག་མགོ་དང་། །སྣ་ཁྲིད་མཆིལ་

p. 592

པ་སྤུན་བདུན་དང་། །ཕོ་ཉ་དགུ་ཁྲི་ཕག་སྟག་དང་། །རི་རྒོད་བྲག་ནག་སོ་ཕྱར་དང་། །ཇོ་བོ་དང་འཛངས་མཚོ་མགོ་དང་། །ཕྱག་ཚང་མུན་པ་ནག་པོ་དང་། །ལས་མཁན་གཤིན་རྗེ་དམར་ཟེ་སོགས། །སྒོ་སྲུང་ཕོ་ཉ་བྲན་གཡོག་བཅས། །ལུས་ཀྱིས་སྤྲུལ་བསྒྱུར་བསམ་མི་ཁྱབ། །ཡང་སྤྲུལ་ཕོ་ཉ་བྱེ་བ་འབུམ། །རྫུ་འཕྲུལ་དཔའ་རྩལ་སྟོབས་དང་ལྡན། །ཀུ་བསྭོ་ཆ་སྒྲ་དི་རི་རི། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །བ་དན་རུ་མཚོན་ལྷབས་སེ་ལྷབ། །དཀར་དམར་དར་དཔྱངས་པུ་རུ་རུ། །བཞོན་པ་སྣ་ཚོགས་ཆིབས་སུ་ཆིབས། །དཀར་ཕྱོགས་ལྷ་འདྲེ་འབུམ་གྱིས་བསྐོར། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་དམ་རྫས་ནི། །འབྲས་བཤོས་རྩེ་གསུམ་ཤ་མར་བརྒྱན། །དཀར་གསུམ་མངར་གསུམ་ཕྱེ་མར་དང་། །འབྲུ་སྨན་དྲི་བཟང་དུད་པ་དང་། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །ལྷ་མདའ་ལེབ་མ་ཚིགས་བདུན་ལ། །རྒོད་སྒྲོ་སྲོག་སྔགས་མཐུན་རྫས་དང་། །རིན་ཆེན་དར་ཚོན་སྟག་གཟིག་རས། །བཀྲ་ཤིས་འགྲུབ་པའི་རྫས་རྟགས་བརྒྱད། །རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས། །མཐུན་རྫས་མ་

p. 593

ཚང་མེད་པ་དང་། །རང་རང་མཐུན་པའི་དམ་རྫས་རྣམས། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ས་དང་བར་སྣང་ཁྱོན་བཀང་བ། །སྨོན་སྐྱེས་གང་ཞུར་མཆེད་དང་ལྕམ། །ཡུམ་དང་བློན་པོ་འཁོར་དང་བཅས། །ཀུན་གྱི་ཐུགས་དམ་བསྐང་གྱུར་ཅིག །སེང་གེ་བྲག་གི་སྒྲུབ་གནས་སུ། །དྲག་པོ་པདྨའི་སྤྱན་སྔ་རུ། །རང་རྟག་སྲོག་སྙིང་ཕུལ་ནས་ནི། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉན་ལ་མ་འདའ་བར། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །སྐྱེ་འགྲོ་དབང་དུ་འདུ་བ་དང་། །དགྲ་བགེགས་གཞོམ་པའི་ཕྲིན་ལས་མཛོད། །རྨ་གཡང་ནོར་གྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །དགྲ་སྣ་ཇོག་སྣ་རྐུན་སྣ་ཟློག །བཙན་སྣ་གོད་སྣ་སྙིང་སྟོང་ཟློག །མི་ཁ་གླེང་བཞི་ངན་པ་ཟློག །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་སོགས། །ཡིད་ལ་རེ་བའི་འབྲས་བུ་དེ། །ད་ལྟ་ཉིད་དུ་འགྲུབ་

p. 594

པར་མཛོད། །མཐུ་དང་ནུས་པ་ཅི་འདུག་ལྟ། །རྟགས་དང་མཚན་མ་དངོས་སུ་སྟོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་བཀའ་སྲུང་བསྐང་གསོལ་འདི། །སློབ་བུ་པདྨ་མཐར་ཕྱིན་གྱིས། །ཡང་ཡང་ནན་གྱིས་བསྐུལ་བའི་ཕྱིར། །འགྲུབ་སྦྱོར་ལྡན་པའི་སྔ་དྲོ་ལ། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །བྲིས་ལ་འགལ་འཁྲུལ་མཆིས་པ་ན། །སྲུང་མ་ཉིད་ལ་མཐོལ་བཤགས་ཤིང་། །དགེ་ལེགས་བྱང་ཆུབ་སྒྲུབ་པ་ཡི། །ས་ལམ་བར་ཆད་མེད་པ་དང་། །ཕྱི་རབས་རྗེས་འཇུག་བུ་སློབ་ལ། །ཕན་ཞིང་བཀྲ་ཤིས་དགེ་ལེགས་ཤོག །སརྦ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྨོན་སྐྱེས་མཆེད་གསུམ་ཀ་བསྟོད།

p. 595

སྨོན་སྐྱེས་མཆེད་གསུམ་ཀ་བསྟོད། ཀ་ཡེ་གསོན་དང་སྨོན་སྐྱེས་མཆེད་གསུམ་པོ། །ཁ་བ་ཅན་ལྗོངས་མདོ་ཁམས་ཤར་ཕྱོགས་སུ། །ག་ནས་བསམས་ཀྱང་ཁྱེད་ནི་མཐུ་རྩལ་ལྡན། །ང་ཡིས་སྲུང་མར་རྟག་ཏུ་ཁྱེད་བརྟེན་གྱིས། །ཅ་ལེ་ཅོ་ལེའི་གདུག་རྩུབ་མ་སྟོན་པར། །ཆ་ལུགས་གཏེར་བདག་ནོར་ལྷའི་ཚུལ་གྱིས་ནི། །ཇ་དར་རྨ་གཡང་ལོངས་སྤྱོད་དངོས་གྲུབ་སྩོལ། །ཉ་རྒྱས་ཟླ་བ་ལྟ་བུའི་གཟི་བརྗིད་ཅན། །ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱེད་གསུམ་གྱིས། །ཐ་ན་གཅན་གཟན་གནོད་པ་ཐམས་ཅད་ཟློག །ད་ནི་མ་གཡེལ་སྐུ་ཤུགས་ཕྱུང་མཛོད་ལ། །ན་ཚ་དགྲ་འདྲེའི་གནོད་པ་ཐམས་ཅད་ཟློག །པ་གཏུམ་དྲག་རྩལ་ལྡན་པ་ཁྱེད་རྣམས་ཀྱིས། །ཕ་རོལ་དགྲ་དང་བགེགས་ཀྱི་དམག་དཔུང་ཟློག །བ་གླང་རྟ་ཕྱུགས་རྐང་འགྲོས་འཕེལ་བ་དང་། །མ་གཅིག་བུ་གཅིག་ལྟ་བུར་བྱམས་པས་སྐྱོངས། །ཙ་ཁ་ལོ་ཏོག་འཕེལ་ཞིང་རྒྱས་པའི་ཕྱིར། །ཚ་གདུང་མ་བཏང་ཆར་ཆུ་དུས་སུ་འབེབས། །ཛ་ཡེ་པད་འབྱུང་བཀའ་བསྒོས་བཞིན་དུ་མཛོད། །ཝ་ལེར་ཡིད་ཀྱི་མངོན་ཤེས་ལྡན་ཁྱེད་རྣམས། །ཞྭ་ལྟར་བདག་གིས་གཙུག་ཏུ་བཀུར་བ་དང་། །ཟ་འཐུང་ཕུད་

p. 596

ཀྱིས་མཆོད་པ་འབུལ་ལགས་ན། །འ་རེ་འུར་རེའི་སྙན་དང་གྲགས་པ་དང་། །ཡ་མཚན་ཆེ་བའི་དངོས་གྲུབ་སྣ་ཚོགས་བྱིན། །ར་ཙ་བློན་འབངས་ཡུལ་འཁོར་ལ་སོགས་པ། །ལ་ཆེན་སྣང་སྲིད་དགོས་འདོད་དབང་དུ་སྡུས། །ཤ་ཁྲག་གཏོར་མས་མཆོད་ཅིང་རྦད་པའི་ཚེ། །ས་ཆེན་རི་བཅས་གཡོ་བའི་དམག་གི་དཔུང་། །ཧ་ཧའི་གད་མོ་དང་བཅས་དགྲ་བགེགས་ཆོམས། །ཨ་ལ་ལ་ཞེས་ངོ་མཚར་རྒྱལ་ཁ་བྱིན། །ཞེས་བརྗོད། དེ་ནི་རྒྱུན་ཁྱེར་དུ་བྱའོ། །ཞེས་ཨ་རཱ་གས་གཟེ་རྒྱལ་མདུན་ལུང་དུ་བྲིས་པའོ། །མངྒ་ལཾ།། །།

བཙན་རྒོད་འོད་ཟེར་བཀྲ་ཤིས་ཀྱི་ཀ་བསྟོད།

p. 597

བཙན་རྒོད་འོད་ཟེར་བཀྲ་ཤིས་ཀྱི་ཀ་བསྟོད་ནི། ཀྱཻ། ཀ་ཡེ་གསོན་དང་འོད་ཟེར་བཀྲ་ཤིས་རྒྱལ། །ཁ་དོག་དམར་ལ་སྐྱེས་བུ་བཙན་གྱི་ཆས། །ག་ཤལ་རིན་ཆེན་ཕྲེང་བ་མང་པོས་བརྒྱན། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོའི་སྤྱན་འདྲེན་ནོ། །ཆ་ལུགས་བཙན་ལ་མཛེས་ཤིང་རྒྱན་དང་ལྡན། །ཇ་ཆང་ཕུད་དང་བསང་གི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་དགྱེས་པའི་འཛུམ་དང་ལྡན། །ཏ་ལུག་ནོར་ལ་གོད་ཁ་མེད་པ་དང་། །ཐ་ན་འཕར་སྤྱང་གནོད་པ་ཡན་ཆད་སྲུངས། །ད་ནི་བདག་ཅག་ཡོན་མཆོད་ཁ་འཛིན་མཛོད།། །ན་ཚ་ཤི་ཆད་ཡམས་ནད་མ་བཏང་ཞིག །པ་དེ་པུ་དེའི་ཆོ་འཕྲུལ་མ་སྟོན་ལ། །ཕ་རོལ་གནོད་པར་བྱེད་པའི་དགྲ་དང་བགེགས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་རྒན་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཙ་ཁ་ལོ་ཐོག་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུ་བའི་ནད་རིམས་ཞི་བར་མཛོད། །ཛ་ཡེ་རྒྱལ་བ་པད་འབྱུང་བཀའ་བཞིན་དུ། །ཝ་ལེར་མངོན་ཤེས་ལྡན་པའི་བཙན་རྒོད་ཁྱོད། །ཞྭ་ལྟར་བསྟན་དང་བསྟན་འཛིན་སྤྱི་བོར་བཀུར། །ཟ་བྱེད་ཟངས་ཀྱི་མཆེ་བ་གཙིགས་པ་

p. 598

པོ། འ་འུར་འབྲུག་སེར་ཆར་དྲག་རླུང་འཚུབ་བཅས། །ཡ་མཚན་མཛེས་པའི་རྒྱན་དང་ན་བཟས་བཀླུབས། །རྭ་ཅོ་བཞིན་དུ་ཤེས་རྒྱུད་གྱོང་ན་ཡང་། །ལ་ཆེན་རཱ་ག་ཨ་སྱས་བསྙེན་པོ། །ཤ་ཕུད་ཕྱེ་མར་གཡུ་ཤུག་དུད་པས་བསང་། །ས་ཚེ་གར་འགྲོ་གར་འདུག་ཁ་འཛིན་མཛོད། །ཧ་ཧྭ་ཧི་ཧི་དགྱེས་པའི་གད་མོར་བཅས། །ཨ་ལ་ལ་ཧོ་རྨ་གཡང་དངོས་དྲུབ་སྩོལ། །ཞེས་པ་སྣ་ལུང་བྲག་གི་ཀ་བསྟོད་རིན་ཆེན་ཕྲེང་བ་འདི་སྦྲུལ་ནག་ཐུར་དུ་འཆང་འདྲའི་ཚལ་དུ་རཱ་གས་བྲིས་པ་ལ་མ་རྟོགས་ལོག་རྟོག་མཆིས་ན་ཡུལ་ལྷ་རང་ལ་བཤགས་པར་བགྱིའོ། །མངྒ་ལཾ།། །།

གནས་བདག་ཡ་རྒྱལ་གྱི་གསོལ་མཆོད།

p. 599

གནས་བདག་ཡ་རྒྱལ་གྱི་གསོལ་མཆོད་ནི། ཨོཾ་ཀཱ་རོ་སོགས། ཀྱེ། ཀ་ཡེ་གསོན་དང་ཡ་རྒྱལ་ཏ་རེ་ཁྱོད། །ཁ་བ་ཅན་ལྗོངས་གནས་མཆོག་རཏྣ་ཡི། །ག་ནས་བྱས་ཀྱང་གནས་བདག་ཁྱོད་ཡིན་པས། །ང་ཡི་སྲུང་མར་བརྟེན་ཕྱིར་ཁྱོད་འབོད་ན། །ཅ་ཅོའི་སྤྱན་འདྲེན་རོལ་མོ་གསན་ལགས་སམ། །ཆ་ལུགས་ན་ཆུང་བཞིན་མཛེས་རྐྱང་ལ་ཆིབས། །ཇ་ཆང་ཕྱེ་མར་གཏོར་མ་བསང་མཆོད་བཞེས། །ཉ་རྒྱས་ཟླ་ལྟར་གཟི་བརྗིད་འོད་འབར་མ། །ཏ་ཐཱ་ག་ཏའི་བསྟན་པ་བསྲུང་མཛད་མ། །ཐ་མལ་སྐྱེ་བོའི་གནོད་འཚེ་ཐམས་ཅད་ཟློག །ད་ནི་མ་ཡེངས་རཏྣའི་གནས་འདིར་སྲུངས། །ན་ཚ་དགྲ་གྱོད་གནོད་པ་ཞི་བར་མཛོད། །པ་ར་ག་ཏའི་ཏིང་འཛིན་འཕེལ་བ་སོགས། །ཕ་གཅིག་རྒྱལ་བའི་དབང་པོས་བཀའ་བསྒོས་ལྟར། །བ་མོར་ཉི་ཟེར་ཕོག་ལྟར་འགལ་རྐྱེན་སོལ། །མ་རྒན་འགྲོ་རྣམས་བདེ་ཞིང་སྐྱིད་པའི་ཕྱིར། །ཙ་ཁ་ལོ་ཏོག་ལེགས་པའི་ཆར་ཆུ་ཕོབ། །ཚ་རིགས་ཐན་པའི་གནོད་པ་མ་བཏང་ཞིག །ཛ་དར་རིན་ཆེན་དུ་མའི་རྒྱན་ཆ་ཅན། །ཝ་ལེར་ཡིད་ཀྱི་མངོན་ཤེས་ལྡན་པ་མོ། །ཞྭ་ལྟར་གནས་དང་སྐུ་གདུང་གཙུག་ན་བཀུར། །ཟ་བྱེད་ལྷ་

p. 600

སྲིན་མང་པོའི་འཁོར་དང་བཅས། །འ་འུར་འབྲུག་སྒྲ་ཐོག་སེར་དང་བཅས་ཏེ། །ཡ་མ་ར་ཙ་ལྟ་བུས་དགྲ་བགེགས་སྒྲོལ། །ར་ལུག་ནོར་ཕྱུགས་རྐང་འགྲོ་འཕེལ་བ་དང་། །ལ་ཆེན་རྨ་གཡང་སྟོབས་འབྱོར་འཕེལ་པར་མཛོད། །ཤ་ཟ་མ་མོ་མཁའ་འགྲོ་སྨན་མོའི་ཚོགས། །ས་ཆེ་ཡུལ་འཁོར་དབང་དུ་འདུ་བ་དང་། །ཧ་ཧིའི་གད་མོ་དང་བཅས་དགྲ་བགེགས་སྒོལ། །ཨ་ལ་ལ་ཤེས་གནས་འདི་དར་རྒྱས་མཛོད། །ཨོཾ་ཏ་རེ་ཏུ་རེ་སོ་སྭཱ་ཧཱ། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨགྷཾ་སོགས། ཡ་རྒྱལ་གྱི་སྔགས་འདི་མི་འགྱུར་རྡོ་རྗེའི་དགོངས་གཏེར་ཡིན་པས། རཏྟའི་གནས་བདག་ནི་ཡ་རྒྱལ་ཡིན་པས། ཀ་བསྟོད་འདི། ཨ་རཱ་གས་སྦྱར་བའོ།། །།

མོ་ལའི་བསྟོད་གསོལ།

p. 601

དགེ་སློང་རཱ་ག་ཨ་སྱས་མཛད་པའི་མོ་ལའི་བསྟོད་གསོལ་ནི། ཀ་ཡེ་གསོན་དང་རྡོ་རྗེ་ངང་དཀར་རྩལ། །ཁ་བ་ཅན་ལྗོངས་སྨར་ཤོད་གོ་འཇོ་ཡི། །ག་ན་གནས་ཀྱང་གནས་བདག་ཁྱེད་ཡིན་པས། །ང་ཡི་བཀའ་སྡོད་ཕོ་ཉ་ཁྱོད་ཡིན་པས། །ཅ་ཅོའི་དབྱངས་དང་རོལ་མོའི་སྤྱན་འདྲེན་ནོ། །ཆ་ལུགས་མི་དཀར་རྟ་དཀར་སྦ་ལྕག་བསྣམས། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་བ་ལྟ་བུའི་གཟི་བརྗིད་ཅན། །ཏ་ཐཱ་ག་ཏའི་བསྟན་སྲུང་ཁྱེད་ཡིན་པས། །ཐ་མ་འདྲེ་ངན་བཞིན་དུ་མ་སྡོང་བར། །ད་ནི་བདག་ཅག་རྣམས་ཀྱི་ཁ་འཛིན་མཛོད། །ན་ཚ་ཤི་ཆད་གོད་ཁ་ཐམས་ཅད་ཟློག །པ་དེ་པུ་དེའི་ཕྲག་དོག་མ་མཛད་པར། །ཕ་རོལ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བ་མོར་ཉི་མས་ཟེར་ཕོག་ལྟར་མེད་པར་མཛོད། །མ་གྱུར་འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །ཙ་ཁ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུ་བའི་ནད་རིགས་མེད་པར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་མངོན་ཤེས་ལྡན་པ་ལྷ་ཁྱེད་ཀྱིས། །ཞ་ལྟར་བསྟན་དང་བསྟན་འཛིན་སྤྱི་བོར་ཁུར། །ཟ་བྱེད་བཙན་བདུད་དྲེགས་པའི་འཁོར་ཚོགས་

p. 602

རྣམས། །འ་འུར་འབྲུག་སྒྲ་ཐོག་སེར་དྲག་པོར་བཅས། །ཡ་མཚན་སྨན་བཙུན་སྤོམ་ར་གཉན་པོ་སོགས། །ར་ཅན་ཁྲི་ཡི་འཁོར་དང་བཅས་པ་ཡི། །ལ་ཅན་སྨར་ཤོད་གཞི་བདག་ཐམས་ཅད་བསང་། །ཤ་ཚ་སྙིང་རྗེ་ཕ་ཁུ་སྤུན་ཟླ་ལྟར། །ས་ཆ་གར་འགྲོ་གར་འདུག་བསུ་སྐྱལ་མཛོད། །ཧ་ཧ་དགྱེས་པའི་གད་མོའི་འཛུམ་མདངས་བཅས། །ཨ་ལ་ལ་ཧོ་ཡ་མཚན་དངོས་གྲུབ་སྩོལ། །ཨོཾ་དྷེ་ཝ་ཙཀྲ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རིག་སྔགས་པ་དགེ་སློང་རཱ་ག་ཨ་སྱས་རྔམ་སྟག་ལོར་མགོ་ཟླ་བའི་ཚེས་བཞིའི་ཐུན་སྐབས་གཅིག་ལ་བྲིས་སོ།། །།

དགེ་བསྙེན་རྡོ་རྗེ་བདུད་འདུལ་གསོལ་མཆོད།

p. 603

དགེ་བསྙེན་རྡོ་རྗེ་བདུད་འདུལ་གསོལ་མཆོད་བཞུགས་སོ། ། ༈ །ན་མོ་གུ་རུ་པྲ་ཝ་ཀཱ་ར་ཡེ། སྣང་སྲིད་ཟིལ་གནོན་སྙིགས་དུས་སྐྱབས། །པདྨ་འབྱུང་གནས་ཞབས་ལ་འདུད། །དེ་ལ་བཀའ་གནང་དམ་ཚིག་ཅན། །དགེ་རྒྱལ་ཙམ་པོ་མཆོད་འདོད་ན། །སྣོད་གཙང་ནང་དུ་དཀར་གཏོར་བཤམས། །རྒྱས་པར་གཡག་ལུག་ར་གསུམ་དང་། །ཕྱེ་མར་ཇ་ཆང་འོ་ཞོ་དང་། །བསང་དང་འབྲེལ་ན་བསང་རྫས་བཤམས། །བསྡུ་ན་དཀར་གཏོར་གཅིག་གིས་ཆོག །མ་འཛོམས་ན་འང་མར་གཙང་བྲན། །གྱེར་སྒོམ་སྦྲགས་ལ་འདི་སྐད་དོ། །སྐྱབས་གནས་དཀོན་མཆོག་ཀུན་འདུས་སྐུ། །ཨོ་རྒྱན་རྗེ་ལ་སྐྱབས་སུ་མཆི། །འགྲོ་བ་བདེ་སྐྱིད་ལྡན་པའི་ཕྱིར། །བདག་གིས་ལྷ་དང་སྲུང་མ་མཆོད། །ཆོས་ཀུན་ཡེ་ནས་རྫོགས་པ་ཆེ། །དེ་ཡི་རང་མདངས་སྐད་ཅིག་གིས། །དྲན་རྫོགས་དམ་ཡེ་དབྱེར་མེད་པའི། །པདྨ་འབྱུང་གནས་སྐུ་མདོག་དཀར། །རྡོ་རྗེ་བྷནྡྷ་ཁ་ཊཾ་འཛིན། །པད་ཞྭ་ཟབ་བེར་ཆོས་གོས་གསོལ། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་འབར། །ཐུགས་ཀའི་ཧཱུྃལས་འོད་འཕྲོས་པས། །དགེ་བསྙེན་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །ཐུགས་རྗེ་ཆེན་པོས་བྱིན་རླབས་

p. 604

པའི། །ཁ་བ་ཅན་ལྗོངས་བོད་ཀྱི་ཡུལ། །མདོ་ཁམས་གླིང་ཁྲི་བར་མ་ཡི། །སྨར་ཁམས་ཀེ་རུའི་སྒང་ཁྲི་ནས། །རྨ་གཡང་ཆགས་པ་གླེ་ཡི་ཡུལ། །ཁོལ་དུ་ཆགས་པ་དགེ་ཡི་ལུང་། །རིན་ཆེན་ས་འཛིན་ལྷུན་ཆགས་པ། །རྩེ་མོ་དགུང་སྔོན་སྙེགས་པ་འདྲ། །སྤྲིན་དང་ན་བུན་བླ་རེ་འདྲ། །སྤང་ལྗོངས་གསེར་གཡུའི་མཎྜལ་འདྲ། །རྫ་བྲག་རིན་ཆེན་སྤུངས་པ་འདྲ། །འབྲུག་སྒྲ་གློག་འོད་ཆར་རྒྱུན་འབེབས། །སྟེང་ན་བྱ་རིགས་གཤོག་གདིངས་འཁྲིགས། །ལོགས་ན་གཅན་གཟན་ངར་སྐད་སྒྲོག །རི་དྭགས་རྩེ་རྒྱུག་རང་སྒྲ་འབྱིན། །ཤེལ་གྱི་ཆུ་མིག་ཤ་ར་ར། །གཡུ་ཡི་ནེའུ་སིང་ཀྱི་ལི་ལི། །གཙང་པོའི་ཆུ་འབབ་འགྱ་མ་འགྱུར། །ཆུ་གནས་སྣ་ཚོགས་རྐྱལ་ཞིང་འཕྱོ། །དེ་འདྲའི་གནས་མཆོག་ཡ་མཚན་ན།། །རང་སྣང་རིན་ཆེན་གཞལ་ཡས་ཁང་། །འདོད་ཡོན་ལོངས་སྤྱོད་ཕུན་སུམ་ཚོགས། །རིན་ཆེན་དར་ཟབ་ཁྲི་སྟེང་ན། །དགེ་རྒྱལ་ཙམ་པོ་ཞེས་གྲགས་པའི། །།སྐྱེས་བུ་རྡོ་རྗེ་བདུད་འདུལ་ནི། །མཆོད་པའི་གནས་འདིར་གཤེཔ།ས་སུ་གསོལ། །ནང་བློན་བཞི་པོ་གཤེགས་སུ་གསོལ། །བར་བློན་བཞི་པོ་གཤེགས་སུ་གསོལ། །ཕྱི་བློན་བཞི་པོ་

p. 605

གཤེགས་སུ་གསོལ། །སྒོ་སྲུང་བཞི་པོ་གཤེགས་སུ་གསོལ། །བཙུན་མོ་སྲས་བཅས་གཤེགས་སུ་གསོལ། །ཕྱག་བརྙན་རྗེ་འུ་ལ་སོགས་པའི། །འཁོར་དང་བཅས་པ་གནས་འདིར་བྱོན།། །ཡིད་ལས་སྤྲུལ་པ་རིན་ཆེན་ཁྲི། །དར་ཟབ་འབོལ་སྟན་བརྡོལ་བའི་སྟེང་། །གཙོ་དང་འཁོར་དང་བཅས་པ་རྣམས། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །སློབ་དཔོན་པདྨ་བྱོན་པའི་ཚེ། །བཀའ་དང་དམ་ལ་བཏགས་ནས་ཀྱང་། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །ངག་ཏུ་དམ་རྫས་བདུད་རྩི་སྦྱིན། །སྤྱི་ཐོ་བོར་དམ་ཚིག་རྡོ་རྗེ་བཞག །གསང་མཚན་རྡོ་རྗེ་བདུད་འདུལ་ནི། །བསྟན་དང་རྣལ་འབྱོར་སྐྱོང་བར་བྱེད། །སྔོན་གྱི་ཐུགས་དམ་དེ་དགོངས་ལ། །བདག་གིས་གང་བཅོལ་ལས་སྒྲུབས་ཤིག །ཨོཾ་ཨཱཔུ་རུ་ཥ་བཛྲ་རུ་ཊ་མཱ་ར་ཡ་ཧཱུྃ་ཛ༔ ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་ཧཱུྃ། ཧཱུྃ། དགེ་བསྙེན་ཆེན་པོ་དྲག་རྩལ་ཅན། །དགེ་རྒྱལ་ཙམ་པོ་འཁོར་བཅས་ལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་

p. 606

གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འབྲུ་སྣ་སྨན་སྣ་རིན་ཆེན་ལྔ། །དར་ཟབ་བལ་ཚོན་གཡག་ལུག་དང་། །དཀར་གསུམ་མངར་གསུམ་ཟས་སྣའི་ཕུད། །ཕྱེ་མར་ཇ་ཆང་ཕུད་རྒོད་དང་། །མཆོད་སྤྲིན་ནམ་མཁའ་གང་བར་འབུལ། །ཁྱད་པར་ཧཱུྃ་ལས་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་དུ་ནི། །འབྲུ་གསུམ་ཞུ་བས་གཏོར་མ་ནི། །ཁ་དོག་དྲི་རོ་ནུས་པར་བཅས། །ཟག་མེད་ཡེ་ཤེས་བདུད་རྩིས་མཆོད། །ཧ་ཧོ་ཧཱིཝཡིས་བྱིན་བརླབས་པས། །དགེ་རྒྱལ་ཙམ་པོ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་སུ་གསོལ། །རབ་ཏུ་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཨཱཔུ་རུ་ཥ་བཛྲ་རུ་ཊ་མཱ་ར་ཡ་ཧཱུྃ་ཛ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་བརྗོད། ཨཧཱུྃ། ནས་ཤབྷ་རཱུ་པ་གནྡྷེ་ར་ས་པནེ་སརྦ་པཱུ་ཛ་ཨཱཿཧཱུྃ། ཧཱུྃ། དགེ་རྒྱལ་སྐྱེས་བུ་དམ་ཚིག་ཅན། །དགེ་རྒྱལ་ཙམ་པོ་ཞེས་སུ་གྲགས། །གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། །སྟོན་ཀའི་མདོག་ཅན་བརྗིད་པའི་ཞལ། །རིན་ཆེན་སྲོག་ཞུ་འབར་བ་མནབས། །སྐུ་ལ་ཟ་འོག་བེར་ཆེན་དང་། །དར་དཀར་གོ་ཟུ་མཛེས་པ་ལ། །མེ་ཏོག་

p. 607

དམར་པོ་ཚོམ་བུ་རིས། །ཕྱག་གཡས་གསེར་གྱི་རྡོ་རྗེ་གསོར། །གཡོན་པས་མདུང་དར་དཀར་པོ་ཕྱར། །སྟག་རལ་གཟིག་ཤུབས་ཆོ་ལོ་རིས། །རྫུ་འཕྲུལ་ངང་པ་གཡུ་རྔོག་ཆིབས། །གསེར་གཡུ་སྒ་བཀྲ་དར་ཟབ་སྟན། །གཡུ་མཐུར་མུ་ཏིག་གོང་སྨད་ཅན། །གསེར་སྲབ་ཀྱིས་བརྒྱན་རླུང་བས་མགྱོགས། །ཅང་ཤེས་སྔོན་པོ་ཆུ་རིས་ཅན་། །མཚལ་བུ་རྟིང་དཀར་རོལ་དུ་ཁྲིད། །བླ་བྱ་ཐང་དཀར་ཀླད་ན་ལྡིང་། །ལྷ་གཡག་ཉི་ཁྲི་གཡས་སུ་འགྱིང་། །སྟག་གཟིག་ཉི་ཁྲི་གཡོན་ནས་ངར། །ལྕགས་སྤྱང་ཉི་ཁྲི་དགྲ་ལ་འགྱེད། །རི་དྭགས་ཉི་ཁྲི་རྗེས་སུ་འབྲང་། །ཡུལ་ལྷ་འབུམ་གྱི་འཁོར་གྱིས་བསྐོར། །སྐྱེས་བུ་རྡོ་རྗེ་བདུད་འདུལ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ནང་བློན་ར་ཙ་གཡག་སྙིང་ནི། །ཟབ་བེར་གསོལ་ཞིང་དབུ་ཞུ་སླག །ཆིབས་སུ་མཚལ་བཀྲ་བསེ་སྟན་མཛེས། །འཁོར་གསུམ་བསྐོར་ཞིང་དར་མདུང་ཕྱར། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །དགེ་ཡི་རེ་ཁྲུ་རྫ་ནག་ནི། །མི་ནག་རྟ་ནག་བེར་མདུང་གསོལ། །རལ་གྲི་བ་དན་ཁྲ་

p. 608

བོ་ཕྱར། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །གཉེན་པོ་ཞུག་གི་ཤེལ་དཀར་ནི། །མི་དཀར་ངང་པ་གཡུ་རྔོག་ཆིབས། །བྱ་རྒོད་རྒྱལ་མཚན་བ་དན་འཛིན། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཞུག་གི་ཤེལ་ནག་བེར་ནག་གྱོན། །བྲ་ནག་ཆིབས་ཤིང་དར་སྔོན་ཕྱིར། །འཁོར་གསུམ་བསྐོར་ཞིང་རྔམ་བརྗིད་ཅན། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བར་བློན་འཛི་རྒྱལ་བྲ་དྲུག་ནི། །སེང་གདོང་བ་དན་དཀར་པོ་ཕྱར། །དར་དཀར་བེར་ཆེན་འཁོར་གསུམ་ཅན། །ངང་པ་གཡུ་རྔོག་མཆེད་ཟླ་བརྒྱད། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཕྲོམ་དཀར་ཅད་ཞུ་འཕྲུ་དཀར་ཅན། །རག་དཀར་ཆིབས་ནས་དར་དཀར་ཕྱར། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཕྲོམ་ནག་མི་ནག་བེར་ནག་ཅན། །སྟག་གི་རྒྱལ་མཚན་མདུང་དར་ཕྱར། །འཁོར་གསུམ་བསྐོར་ནས་རྟ་ནག་ཞོན། །གསོལ་ལོ་མཆོད་དོ་ངོ་སོ་

p. 609

བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བྱིལ་ཚུ་འབྲི་རྫི་དུང་གི་མདོག །དར་དཀར་ར་ག་ལ་ཐོད་ཅན། །ཕྱག་ན་མདུང་དར་སྦ་གླིང་བསྣམས། །མཚལ་བུ་ཆིབས་ཤིང་འཁོར་གསུམ་བསྐོར། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ཕྱི་བློན་ལྕེ་རྒྱལ་རྫ་བཀྲ་ནི། །མི་དམར་ལྕགས་ཁྲབ་འཁོར་གསུམ་ཅན། །དར་ཁྲ་ཕྱུར་ཞིང་ཁམས་པ་ཆིབས། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །ལྟེ་རྒྱལ་མགོ་ནི་སྐུ་མདོག་དམར། །ཞྭ་སྨུག་དར་འཕྲུ་ཁྲ་བོ་ཅན། །བྱ་རྒོད་ཐུལ་གྱོན་དར་ཁྲ་ཕྱིར། །འཁོར་གསུམ་བཏགས་ནས་མཚལ་བུ་ཆིབས། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །འབོ་རྒྱལ་མི་དཀར་རྟ་དཀར་ཅན། །འཁོར་གསུམ་བསྐོར་ནས་དར་དཀར་ཕྱར། །ངང་པ་རྔོག་ནག་ཆིབས་པ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་།ཐུགས་དམ་བསྐང་གྱུར་ཅིག །སྐུ་ལ་སྒྲ་ཆེམས་ལྡེམ་མཚོ་ནི། །མི་དཀར་བེར་དཀར་མདུང་ཁྲ་ཕྱར། །མཚལ་བུ་ཆིབས་ནས་རྟ་སྔོན་ཁྲིད། །གསོལ་ལོ་མཆོད་དོ་ངོ་སོ་

p. 610

བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །རིན་ཆེན་གཞལ་ཡས་སྒོ་བཞི་ན། །དཀར་སྔོ་དམར་བའི་མི་ཕོ་ནི། །མདོག་མཚུངས་རྟ་དང་མདུང་དར་ཅན། །སྒོ་བ་མཆེད་། བཞི་ཁྱེད་རྣམས་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །བཙུན་མོ་མཛེས་སྡུག་སྨན་མོའི་ཚོགས། །སྲས་དང་ཕོ་ཉ་མངག་གཞུག་དང་། །རྟ་གཡག་འབྲི་དང་རི་དྭགས་དང་། །གཅན་གཟན་བྱ་རིགས་རྫི་བོའི་ཚོགས། །འཁོར་དང་སྡེ་རིས་བཅས་པ་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །སྐྱེས་བུ་དགེ་རྒྱལ་ཙམ་པོ་ནི། །འཁོར་དང་བཅས་པ་མ་ལུས་པ། །སྔར་བྱས་ལས་ཀྱི་གཏང་རག་བཏང་། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ། །ཕོག་ཐུག་འགྲམ་འཁྲུག་གང་ཤོར་བཅོལ། །བྱིང་འཐིབས་རྨུགས་པ་ཡོད་ན་བསང་། །བཀྲ་མདངས་གཟི་བརྗིད་ངོ་སོ་བསྟོད། །སོ་སོའི་མཐུན་རྫས་མཆོད་པས་བརྔན། །ཞལ་ཟས་ཕུད་རྒོད་གཙང་མ་གསོལ། །།འགལ་འཁྲུལ་ཉམས་ཆག་ཡོད་ན་བསྐང་། །ཐུགས་དང་འགལ་བ་ཡོད་ན་བཤགས། །ཁྱེད་རྣམས་ཡུལ་ཕྱོགས་འདིར་གནས་ལྷ། །ངེད་ཀྱང་

p. 611

འདི་ན་གནས་པ་ཡི། །མིས་ཀྱང་ལྷ་ལ་མཆོད་པ་འབུལ། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །མི་ནད་ཕྱུགས་ནད་དལ་ཁ་ཆིངས། །ཕྱི་ནང་འཁྲུག་རྩོད་ཞི་ཞིང་སྒྱུར། །ཚེ་སྲིངས་ནད་གདོན་བར་ཆད་སོལ། །མངའ་ཐང་རྒྱུད་སྲིངས་ལོང་སྤྱོད་སྤེལ། །རྩྭ་ཁ་ལོ་ཏོག་ལེགས་པར་མཛོད། །སད་སེར་བཙའ་དང་མུ་གེ་ཟློག །རྟ་ལུག་ནོར་ཕྱུགས་སྒབ་རྣམས་སྤེལ། །དམག་རིག་གཡུལ་ལས་རྒྱལ་ཁ་བྱིན། །ས་ཕྱོགས་གར་འགྲོ་སྐྱེལ་བསུ་མཛོད། །གང་དུ་འདུག་ཀྱང་རྒྱབ་རྟེན་མཛོད། །གོད་ཁ་གཅན་གཟན་དགྲ་རྐུན་ཆིངས། །མངོན་ཤེས་སྤྱན་གྱིས་རྒྱུན་དུ་གཟིགས། །ཟས་ཀྱི་ངོ་གཅིག་ཁྱོད་ཀྱིས་གྱིས། །ཁྱོད་ཀྱིས་གཞུང་འདི་མི་ཉམས་སྲུངས་་།སློབ་དཔོན་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་ལས་མ་འདའ་བར། །སངས་རྒྱས་བསྟན་པ་སྲུང་བ་དང་། །དམ་ལྡན་སྔགས་འཆང་བུ་བཞིན་སྐྱོང་། །མཐུ་རྩལ་ནུས་པ་ཇི་སྲིད་ལྟར། །རྟགས་དང་མཚན་མ་མྱུར་དུ་སྟོན། །ཁྱོད་རྣམས་འཇིག་རྟེན་མྱུར་མགྱོགས་ལྷ། །བཅོལ་བའི་ཕྲིན་ལས་མ་གཡེལ་བར། །རང་རང་གནས་སུ་གཤེགས་

p. 612

སུ་གསོལ། །བྱམས་པའི་སེམས་དང་ལྡན་པར་མཛོད། །སརྦ་བྷུ་མི་པ་ཏི་གཙཱ། ཞེས་པ་སིབ་ཀྱི་ལུང་པ་རུ། །ཕེབས་མ་ཐག་ཏུ་ཡུད་ཙམ་ཞིག །ཐུམ་པ་འདྲ་བའི་ཉམས་སྣང་ལ། །མི་དཀར་རྟ་དཀར་འཁོར་གསུམ་ཅན། །ཆོས་བཟང་དེ་ཡི་མདོག་འདྲ་བའི། །ཕུ་ནས་བདག་གི་དྲུང་དུ་རྒྱུགས། །ཡུད་ཙམ་ཞིག་ནས་འབྲོང་པའི་དཔོན། །བཀྲ་ཤིས་དབང་གྲགས་སླེབས་བྱུང་བས། །ཡུལ་ལྷའི་བསང་ཞིག་བྱེད་དགོས་གསུང་། །མི་ལྷ་གཉིས་ཀས་བསྐུལ་བར་གོ །དེ་ཕྱིར་རཱ་ག་ཨ་སྱས་བྲིས་པའོ། །དགེ་ལེགས་འཕེལ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྩམ་གཉན་རྨི་ཏིའི་བསྟོད་གསོལ།

p. 613

རྩམ་གཉན་རྨི་ཏིའི་བསྟོད་གསོལ་བཞུགས་སོ། །བཙན་ཐབས་བཤོས་བུ་ཟུར་གསུམ་དཔལ་བཤོས་གྲུ་བཞི་ཕྱེ་མར་ཆང་ཕུད་ཡོས་བཀྲ་མཆོད་རྫས་རྒྱ་ཆེན་མང་བས་འདི་སྐོར། ཀྱཻ། ཡུལ་ནི་སཾ་ཕུའི་ལྷ་ཡུལ་ན། །སྤྲིན་དང་ན་བུན་ནང་ཤེད་ནས། །མཐིང་བྲང་སྔོན་པོ་ཟངས་སེ་ཟང་། །གཡུ་མཚོ་དུང་མཚོ་མེ་རེ་རེ། །གཡུ་ཡི་ན་བུན་ཐུ་ལུ་ལུ། །དུང་གི་ཁུ་ཕང་ཤ་ར་ར། །གཡུ་ཡི་ཆར་པ་སི་ལི་ལི། །འདབ་ཆགས་སྐད་སྙན་ཏི་རི་རི། །རི་དྭགས་ཤ་སྐོ་སངས་སེ་སང་། །གཅན་གཟན་གཡི་སྤྱང་ཞུངས་སེ་ཞུང་། །གནས་ཡུལ་དེ་ན་བཞུགས་པ་ནི། །ཡུལ་ལྷ་རྩམ་གཉན་རྨི་ཏི་ནི། །སྐུ་མདོག་དཀར་པོ་དུང་འོད་འབར། །སྐུ་ལ་ན་བཟའ་དམར་སྨུག་གསོལ། །དབུ་ལ་སག་ཞུ་ཁྲ་བོ་མནབས། །ཕྱག་གཡས་དར་མདུང་ཁྲ་བོ་སྦྱར། །ཆིབས་སུ་མཚལ་རྟ་རྟིང་དཀར་ཆིབས། །འཁོར་ཡང་ཉིད་འདྲ་བརྒྱད་ཀྱིས་བསྐོར། །ཕུད་ཀྱི་མཆོད་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་སྲུང་བར་མཛོད། །རྣལ་འབྱོར་༈ བདག་གི་སྡོང་གྲོགས་མཛོད། །ཀྱཻ། དེ་ཡི་བློན་པོ་བསྲོ་རང་ནི། །སྐུ་མདོག་དམར་པོ་འོད་དུ་འབར། །སྐུ་ལ་ཟབ་འོག་བེར་ཧྲཱིལ་གསོལ། །གཡས་ན་ལྕགས་གྲི་ནག་པོ་

p. 614

ཡིས། །དགྲ་བོའི་སྤྱི་ཡི་གཏིང་དུ་གཤེད། །གཡོན་པས་ལྕགས་ཀྱུའི་དགྲ་སྙིང་དྲོངས། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ལྷ་རྟ་གྲོ་ཞུར་རོལ་དུ་ཁྲིད། །ཕུད་ཀྱི་མཆོད་གཏོར་འདི་བཞེས་ལ། །སངས་རྒྱས་ཆོས་ཀྱི་བསྟན་པ་སྲུངས། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །སྡང་བའི་དགྲ་བོ་མ་ཤོར་ཁུག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་།ཀྱཻ། དེ་རིང་ནམ་མཁའ་ཐམས་ཅད་དར་གྱིས་ཁེངས། །ས་གཞི་ཐམས་ཅད་དམག་གིས་ཁེངས། །ཐོག་སེར་ཆར་པ་དགྲ་ལ་ཕོབ། །སྤྲུལ་པ་སྣ་ཚོགས་དགྲ་ལ་ཐོངས་། །བརྒྱ་བྱིན་རི་བྱིན་ཕོ་ཉ་དང་། །བདུད་བཙན་རྣམས་ཀྱི་སྡང་དགྲ་སོད། །མཚོན་ཆ་སྣ་ཚོགས་དགྲ་ལ་རྒྱོབས། །ཁམས་གསུམ་ཟིལ་གྱིས་དབང་དུ་སྡུས། །དགྲ་བོ་ཐམས་ཅད་ཆམ་ལ་ཕོབ། །སྡང་བར་བྱེད་པའི་དགྲ་བགེགས་རྣམས། །ཐལ་བ་རྡུལ་དུ་བརླག་པར་མཛོད། །གཤའ་སེར་ཐོག་གསུམ་སྣ་མ་འདྲེན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསང་གཏོར་བསྔོས་མཆོད་པ་གང་ཡང་རུང་དེ་སྐད་རཱ་ག་ཨ་སྱས་སྨྲས་སོ། །རྩམ་གཉན་རྨི་ཏིའི་མཆོད་བསྟོད་རྫོགས་སོ།། །།

སྨུག་པོ་ལྷ་རྩེའི་གཏོར་བསྔོས།

p. 615

སྨུག་པོ་ལྷ་རྩེའི་གཏོར་བསྔོས་ནི། ཀ་ཡེ་གསོན་དང་དགེ་བསྙེན་མཆེད་གསུམ་པོ། །ཁ་བ་ཅན་དུ་བྲག་ནག་བདུད་ཀྱི་རྫོང་། །ག་ནས་བྱས་ཀྱང་གནས་བདག་ཁྱོད་ཡིན་པས་། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོའི་སྤྱན་འདྲེན་ནོ། །ཆ་ལུགས་ལྷ་བདུད་ཀླུ་ཡི་གཟུགས་ཅན་ལ། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་དགེ་ལེགས་རྒྱས་པ་དང་། །རྟ་ནོར་ལུག་སོགས་གོད་ཁ་ཞི་བར་མཛོད། །ཐ་ན་བྲན་གཡོག་སྒོ་ཁྱི་ཡན་ཆད་ལ། །ད་ནི་ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །ན་ཚ་ཤི་ཆད་གོད་ཁ་བཟློག་པར་མཛོད། །པ་དེ་པུ་དེའི་ཕྱི་ནང་འཁྲུག་རྩོད་དང་། །ཕ་རོལ་དགྲ་ཇག་ཆོམ་རྐུན་གཅན་གཟན་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་གྱུར་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཙ་ཁ་ལོ་ཏོག་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུས་པའི་ནད་རིགས་མེད་པར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་ཏུ། །ཝ་ལེར་མངོན་ཤེས་ལྡན་པ་མཆེད་གསུམ་པོ། །ཞྭ་ལྟར་ཆོས་བྱེད་སྤྱི་བོར་ཁུར་བར་མཛོད། །ཟ་བྱེད་ལྷ་བཙན་ཀླུ་ཡི་འཁོར་ཚོགས་

p. 616

རྣམས། །འ་འུར་འབྲུག་སྒྲ་ཐོག་སེར་དྲག་པོར་བཅས། །ཡ་མ་ར་ཙ་ལྟ་བུའི་གཏུམ་དྲག་ཅན། །ར་ཅན་སྟོང་གི་འཁོར་ཚོགས་དང་བཅས་པ། །ལ་ཆེན་དགེ་བསྙེན་མཆེད་གསུམ་འཁོར་བཅས་ལ། །ཤ་ཆང་གཏོར་མའི་མཆོད་པ་འདི་བཞེས་ལ། །ས་ཆ་གར་འགྲོ་གར་འདུག་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་རྒྱངས་འཛུམ་ཞལ་ཅན། །ཨ་ལ་ལ་ཧོ་གང་འདོད་དངོས་གྲུབ་སྩོལ། །ཨ་རཱ་གས་སོ།། །།

རྒྱ་རུང་གནས་སྲུང་།

p. 617

ཀྱེ། མདོ་ཁམས་རྒྱ་རོང་དཔལ་གྱི་གནས་སྲུང་ནི། །སྔགས་ཀྱི་སྲུང་མ་དང་རྩལ་མ་ཡི་ཚོགས། །སྨན་མོ་རིན་ཆེན་སྣ་ཚོགས་རྒྱན་སྤྲས་པ། །འཁོར་དང་ཡང་འཁོར་བཅས་པ་ཐམས་ཅད་ལ། །བདུད་རྩི་གསེར་སྐྱེམས་གཏོར་མའི་མཆོད་པ་འབུལ། །བདག་ཅག་སློབ་དཔོན་འཁོར་དང་བཅས་པ་ལོ། །ནད་ཡམས་འཁྲུག་རྩོད་ཉེར་འཚེ་ཀུན་ཞི་ཞིང་། །རིག་འཛིན་བླ་མའི་བཀའ་དམ་མ་གཡེལ་བ། །བསྟན་པ་མཐའ་རྒྱས་ཕྲིན་ལས་གོང་འཕེལ་མཛོད། །ཀྱཻ། ས་ཡུལ་འདི་རུ་གནས་པ་ཡི། །ལྷ་གཉན་ཀླུ་གཉན་བཙན་གཉན་དང་། །ཡུལ་ལྷ་གཉན་དང་ནགས་ཚལ་གཉན། །ཡུལ་ལྷ་གཉན་དང་མཐུ་ཆེན་བཞུགས་པ་རྣམས། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །འཁོར་འདི་གནོད་པ་མ་བྱེད་ཅིག །སྔ་མ་ལེགས་པའི་གཏང་རག་གཏོང་། །ཕྱི་མ་ལེགས་པའི་ཞུ་སྐྱེམས་འབུལ། །ད་བཅོལ་ལས་ཀྱི་གཉེར་ཟས་འདི། །བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ། །༧རཱ་ག་ཨ་སྱས་སོ།། །།

ཡུལ་ལྷ་དབྱི་བྲོ་མཆོད་པར་བྱེད་པའི་ཐབས།

p. 618
p. 619

ཡུལ་ལྷ་དབྱི་བྲོ་མཆོད་པར་བྱེད་པའི་ཐབས་བཞུགས་སོ།། ༈ ན་མོ་པྲ་ཝ་ཀཱ་ར་ཡེ། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཡུལ་ལྷ་དབྱི་བྲོ་མཆོད་པར་བྱ་བའི་ཐབས། །གཏོར་མ་ཟུར་གསུམ་ཁྲག་སྤང་ཤ་མར་བརྒྱན། །འབྲུ་སྣ་དཀར་གསུམ་ཇ་ཆང་ཕུད་རྒོད་བཤམས། །བསྡུ་ན་ལྕོག་རྡོག་གཅིག་ལ་བསྔོ་ཡང་ཆོག །རང་ཉིད་པདྨ་འབྱུང་གནས་གསལ་བ་ཡིས། ཐུགས་ཀའི་འོད་འཕྲོས་སྤྱན་དྲངས་མདུན་བཞུགས་བསམ། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །ཐུགས་རྗེ་ཆེན་པོས་བྱིན་རླབས་པའི། །གངས་ཅན་ཤར་ཕྱོགས་མདོ་ཁམས་ལྗོངས། །རྨ་གཡང་ཆགས་པ་ངོམ་ཡུལ་སྟོད། །བྱ་རྒོད་ཕུང་པོ་འདྲ་བའི་རི། །རྩེ་ནི་ཟུར་གསུམ་དགུང་ན་ཉུག །ཞལ་ནི་ནོར་ལྷའི་ཕྱོགས་སུ་གཟིགས། །རིན་ཆེན་བྲག་གི་ཟུར་ཕུད་ཅན། །སྤྲིན་དཀར་ལྡིང་བའི་ཅོད་པན་ཅན། །ལྗོན་ཤིང་ནེའུ་སིང་སྐྱིད་མོས་ཚལ། །གྲོང་ཁྱེར་ཕྲེང་བས་ཀུན་ནས་བསྐོར། །དེ་དབུས་ཡིད་ལས་གྲུབ་པ་ཡི། །རིན་ཆེན་ལས་གྲུབ་སྐུ་མཁར་ནི། །གཉན་ཆེན་དབྱི་བྲོ་འཁོར་དང་བཅས། །མཆོད་པས་གནས་འདིར་སྤྱན་འདྲེན་ན། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །གཙོ་འཁོར་འཚམས་པའི་གདན་

p. 620

ལ་བཞུགས། །སྔོན་ཚེ་པདྨ་འབྱུང་གནས་དང་། །གྲུབ་ཆེན་གོང་འོག་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དྲན་མཛོད་ལ། །ཡུལ་ཕྱོགས་བདེ་སྐྱིད་ལྡན་པ་དང་། །བདག་གི་ཅི་བསམ་འགྲུབ་པར་མཛོད། །བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་ཧོ༔ ཧཱུྃ། གཉན་ཆེན་དབྱི་བྲོ་འཁོར་བཅས་ལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གཡག་ལུག་ར་གསུམ་བྱ་རྟ་གླང་། །དར་ཟབ་འབྲུ་སྣ་རིན་ཆེན་ལྔ། །དཀར་གསུམ་མངར་གསུམ་ཇ་ཆང་ཕུད། །ཀླུ་སྨན་ཤེལ་ཚིགས་ཕྱེ་མར་གསུར། །ཟད་མེད་མཆོད་པའི་སྤྲིན་ཕུང་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །འཁོན་འགྲས་འགྲམ་འཁྲུག་ཞི་བར་མཛོད། །ཉམས་རྒུད་རྨུགས་པ་སངས་གྱུར་ཅིག །གཟི་བརྗིད་མཐུ་སྟོབས་རྒྱས་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་སརྦ་པཱུ་ཙ་པྲ་ཏིཙྪ་སྭཱ་ཧཱ། ཨ་ཀཱ་རོ་སོགས། ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཁཾ་ལས་གཏོར་མ་བདུད་རྩིའི་མཚོ། །ཁ་

p. 621

དོག་རོ་བཅུད་ཕུན་སུམ་ཚོགས། །ཟག་མེད་བདེ་བ་བསྐྱེད་པའི་རྫས། །ཧ་ཧོ་ཧྲཱིཡིས་བྱིན་གྱིས་བརླབས། །ཟད་མེད་ལོངས་སྤྱོད་རྒྱ་ཆེན་འདི། །ཡུལ་ལྷ་གཉན་ཆེན་དབྱི་བྲོ་ནི། །མཆེད་ཟླ་སྲས་དང་བཙུན་མོ་དང་། །བློན་པོ་འཁོར་དང་ཡང་འཁོར་བཅས། །ཐམས་ཅད་ཀུན་ལ་འབུལ་ལགས་ཀྱིས། །དགྱེས་པ་ཆེན་པོས་བཞེས་སུ་གསོལ། །དྭ་གདན་དམར་སྭཱ་ཧཱ། ངེས་པ་ས་རི་ཝི་རེ། ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ། ཧཱུྃ། ཡུལ་ལྷ་གཉན་ཆེན་དབྱི་བྲོ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ཁྲོ་འཛུམ་བཞད་པའི་ཉམས་དང་ལྡན། །དབུ་ལ་སྟག་ཞུ་ཁྲ་བོ་གསོལ། །སྟག་ལྤགས་ཁྲ་བོས་ཤམ་ཐབས་ཅན། །འཇའ་ཚོན་སྣ་ལྔའི་ཆ་ག་ཅན།། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །ཕྱག་གཡས་རྡོ་རྗེ་མདའ་དར་ཕྱར། །གཡོན་པས་དྲིལ་བུ་ཐུགས་ཀར་འཁྲོལ། །ཆིབས་སུ་དུང་རྟ་གཡུ་རྔོག་ཆིབས། །མཆེད་དང་སྲས་དང་བློན་པོའི་ཚོགས། །ཆ་ལུགས་རང་འདྲ་བཅུ་གཉིས་བསྐོར། །བཙུན་མོ་ལྕམ་སོགས་སྨན་གྱི་འཁོར། །དར་ཟབ་གསེར་གཡུ་མུ་ཏིག་བརྒྱན། །གླུ་ལེན་བྲོ་

p. 622

བརྡུང་གར་སྟབས་འཁྱུགས། །འཁོར་དང་ཡང་འཁོར་སྟོང་ཕྲག་རྣམས། །སྐྱ་མི་དང་ནི་རྐང་ཐང་ཚོགས། །ཀུ་བསྲོ་ཆོ་སྒྲ་དི་རི་རི། །ཡུལ་ལྷ་དབྱི་བྲོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །ཁྱེད་ནི་ཡུལ་འདིར་གནས་པའི་ལྷ། །བདག་ཅག་ཡུལ་འདིར་འདུག་པའི་མི། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད་།གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །ཕྱི་ནང་འཁྲུག་རྩོད་ཞི་བར་མཛོད། །མི་ནད་ཕྱུགས་ནད་ཞི་བར་མཛོད། །དབྱར་དང་དཔྱིད་ལ་ཆར་ཆེན་ཕོབ། །སྟོན་དུས་སད་དང་སེར་བ་ཁོག །དགྲ་རྐུན་ཇག་པ་བྱུང་བའི་ཚེ། །ར་མདའ་རྗེས་གཅོད་མ་གཡེལ་ཅིག །གོད་ཁ་གཅན་གཟན་གནོད་པ་ཟློག །ཡུལ་མི་དར་ཞིང་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །འབག་བཙོག་མཆོད་པ་དམན་པ་དང་། །ཕོག་ཐུག་ཉེས་པ་གང་བྱུང་བཤགས། །ཡུལ་ལྷ་མ་འབྲོས་མ་འཁྱམས་ལ། །བླ་རི་གསེར་མཁར་ཉིད་ལ་བཞུགས། །ཕ་དང་ཁུ་བོ་སྤུན་ཟླ་ལྟར། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །མི་འཕེན་

p. 623

རྟ་ཧྲག་བཙན་ཕྱུག་ལྡན། །ཡུལ་ལྷ་གཉན་པོའི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དུ་གདན་དམར་སྭཱ་ཧཱ། སརྦ་སིདྡྷི་ཧཱུྃ། རྟོགས་ལྡན་སྟོབས་བཅུ་བཏང་ནས་གསེར་མཁར་བརྫོགས་བཙུག་ནས་ཆར་པ་ཕབ་རྗེས་སུ་གསས་མཁར་བསྟོད་དུས། རཱ་ག་ཨ་སྱས་སྨྲས་སོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དགེ་བསྙེན་རྨོ་བིལ་གྱི་གསོལ་མཆོད།

p. 624
p. 625

དགེ་བསྙེན་རྨོ་བིལ་གྱི་གསོལ་མཆོད་བཞུགས་པའི་དབུ་ཕྱོགས་ལགས་སོ།།

p. 626

ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ། རྡོ་རྗེ་གྲོ་ལོད་ཞབས་ལ་ཕྱག་འཚལ་ལོ། །དགེ་བསྙེན་རྨོ་བིལ་མཆོད་པར་བྱེད་པའི་ཐབས། །བཙན་བཤོས་ཟུར་གསུམ་ཁྲག་སྤངས་ཤ་གཙང་བརྒྱན། །ཕྱེ་མར་ཇ་ཆང་ཕུད་སོགས་འཛོམས་ན་བཤམས། །མེད་ན་གཏོར་ཆུང་ཟུར་གསུམ་དུམ་པའི་འཐུས། །རང་ཉིད་པད་འབྱུང་ཞི་དྲག་གང་རུང་བསྐྱེད། །འཇིག་རྟེན་པ་ལ་དམ་ཚིག་བསྐྱེད་མི་དགོས། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་ཡིས། །འཁོར་བཅས་སྤྱན་དྲངས་མདུན་ཏུ་བཞུགས་པར་དམིགས། །འདི་ཉིད་འདོན་བསྒོམས་བྱས་པས་ཆོག་པ་ཡིན། །ཧཱུྃ། གདོང་དམར་ཡུལ་གྱི་ཤར་ཕྱོགས་མདོ་ཁམས་ལྗོངས། །ས་ལ་གཡང་ཆགས་ངོམ་དུ་རུང་བའི་སྟོད། །རྡོ་རྗེའི་བྲག་སྟེང་ལུང་

p. 627

པའི་ཕུ་སྟོད་ན། །སོག་པོ་ཚོང་ལས་ཆས་པ་འདྲ་བའི་རི། །བྲག་དམར་རྔམས་བརྗིད་གནམ་དུ་ཟངས་སེ་ཟང་། །ལྗོན་ཤིང་སྣ་ཚོགས་ནགས་ཚལ་ཐིབས་སེ་ཐིབ། །སྤང་ལྗོངས་ནེའུ་སིང་མེ་ཏོག་ཡ་ལ་ལ། །གཅན་གཟན་སྣ་ཚོགས་ངར་སྐད་འུ་རུ་རུ། །རི་དྭགས་སྣ་ཚོགས་རྩེ་ཀྱུ་སྤྲེངས་སེ་སྤྲེང་། །བྱ་རིགས་སྣ་ཚོགས་གཤོག་གདང་ཁྲིགས་སེ་ཁྲིག །བཙན་བྱ་འུག་པས་ཧཱུྃ་སྒྲ་དི་རི་རི། །ཕྱི་ནི་བྲག་དམར་ནང་ནི་ཟངས་ཀྱི་མཁར། །ལོངས་སྤྱོད་བཀོད་པ་ཕུན་སུམ་ཚོགས་པ་ནས། །དགེ་བསྙེན་རྨོ་བིལ་འཁོར་བཅས་སྤྱན་འདྲེན་ན། །སྐད་ཅིག་ཉིད་ལ་

p. 628

གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །རྣལ་འབྱོར་བདག་གི་བསམ་པ་འགྲུབ་པར་མཛོད། །བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛ༔ཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ས་མ་ཡ་ཧོ༔ ཧཱུྃ། དགེ་བསྙེན་རྨོ་བིལ་འཁོར་བཅས་མཆོད་པའི་རྫས། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །གཟུགས་སྒྲ་དྲི་རོག་རེག་བྱ་ཕུན་སུམ་ཚོགས། །བདུད་རྩི་གསེར་སྐྱེམས་ཇ་ཕུད་ཕྱེ་མར་གསུར། །འབྲུ་སྣ་སྨན་སྣ་རིན་ཆེན་སྣ་ཚོགས་དང་། །དར་ཚོན་བལ་ཚོན་ཤེལ་ཚིགས་ཟས་སྣའི་ཕུད། །གཡག་ལུག་བྱ་རིགས་རི་དྭགས་གཡུང་དྭགས་གཟུགས། །མདའ་དར་ཤིང་རིས་ལ་སོགས་མཆོད་པ་འབུལ། །འཁོར་བཅས་རབ་ཏུ་མཉེས་ཤིང་ཚིམ་གྱུར་ཅིག །ཁྱད་པར་ཧཱུྃ་ལས་རིན་ཆེན་སྣོད་མཆོག་ཏུ། །གཏོར་མ་སོ་སོའི་ཡིད་མཐུན་ལོངས་སྤྱོད་ཚོགས་། །ཧ་ཧོ་ཧིཡིས་བྱིན་གྱིས་བརླབས་བྱས་ཏེ། །དགེ་བསྙེན་རྨོ་བིལ་བཙུན་མོ་སྲས་དང་བཅས། །འཁོར་དང་ཡང་འཁོར་བཅས་པ་ཀུན་ལ་འབུལ། །ཐམས་ཅད་དགའ་

p. 629

མགུ་ཡི་རང་ལྡན་གྱུར་ཅིག །ཨ་ལི་ཤེས་སེ་ཤེས་སེ་རེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨབྷཾ་སོགས། ཧཱུྃ། དགེ་བསྙེན་ཆེན་པོ་རྨོ་བིལ་ནི། །སྐུ་མདོག་དམར་སྨུག་འཇིགས་པ་ལ། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །རྣོ་དབལ་མཆེ་བཞི་རབ་ཏུ་གཙིགས། །དབུ་སྐྲ་རལ་པ་སྤྲིན་ལྟར་གཏིབས། །སྐུ་ལ་ཕྲུག་དམར་ན་བཟའ་གསོལ། །སྟག་གཟིག་ལྤགས་པའི་གོང་ཤམ་ཅན། །དབྱི་སྲམ་ལྤགས་པའི་མུ་རན་ཅན། །དར་ཚོན་སྣ་ལྔའི་འཇའ་རིས་བཀྲ། །སྟག་རིས་གཟིག་ཤུབས་སྐྱེད་ལ་བསྐོར། །བཙན་རྟ་དམར་པོ་འཕུར་ཤེས་ཆིབས། །ཕྱག་གཡས་མདུང་དར་དམར་པོ་ཕྱར། །གཡོན་པས་གཞོང་པ་ཟས་སྣས་བཀང་། །སྤྲུལ་པ་བན་དེ་ཆས་བཟང་དང་། །བུ་ཆུང་རལ་པ་ཅན་དུ་སྤྲུལ། །བཙུན་མོ་ལྕམ་དང་སྨན་གྱིས་འཁོར། །དར་ཟབ་གསེར་གཡུས་ལུས་ལ་བརྒྱན། །སྦ་གླིང་སྨྱུག་གླིང་རྩེ་བྲོ་འཁྲབ། །འཁོར་དུ་ཡུལ་ལྷ་བརྒྱ་ཕྲག་༈་རྣམས། །སྐྱ་མའི་ཚོགས་དང་རྐང་ཐང་ཚོགས། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །ཀི་བསྲོ་ཆ་སྒྲ་དི་རི་རི། །བཙན་རྒོད་རྨོ་བིལ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ངོ་སོ་

p. 630

བསྟོད། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །རྨུགས་དང་རྒུད་པ་སང་གྱུར་ཅིག །བཀྲག་མདངས་གཟི་བརྗིད་རྒྱས་གྱུར་ཅིག །ཕོག་ཐུག་འཁོན་འགྲས་ཞི་གྱུར་ཅིག ། ཡུལ་ལྷ་ཁྱོད་ལ་མཆོད་པའི་མཐུས། །ཡུལ་ཕྱོགས་བདེ་ཞིང་སྐྱིད་པ་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་ཆར་འབོད་དུས་རྟོགས་ལྡན་སྟོབས་བཅུ་གསས་མཁར་བརྫོགས་སུ་བཏང་བས། འབྲུག་གློག་ཐོག་འཚུབ་པ་དང་བཅས་ཆར་དྲག་བབ་ཅིང་ཆར་བསླང་འཁྲིགས། གསས་མཁར་བསྟོད་དུས་འདོན་རྒྱུ་རཱ་ག་ཨ་སྱས་སྨྲས་པ་ལྟར། ཉེ་གནས་ཀུན་དགས་ཡི་གེར་བྲིས་པ་ལ། ཉེས་འགལ་མཆིས་ནི་བཤགས་ཤིང་དགེ་བས་ཡུལ་ཕྱོགས་བཀྲ་ཤིས་བདེ་ལེགས་སུ་གྱུར་ཅིག །འདི་བསང་གི་ཞོར་ལ་འདོན་ན་ཁུ་ཡེའི་གོང་དུ་འདོན། རང་ཁྱིམ་དུ་འདོན་ན། སརྦ་བྷུ་ཏ་གཙྪ། ཞེས་སེལ་གོལ་བརྡབས་པས། རང་གནས་སུ་གཤེགས་པར་བསམ་ལ་གཏོར་མ་རིའི་ཕྱོགས་སུ་ཕུལ་ལོ། །གཏོར་མ་མེད་ཀྱང་ཇ་ཕུད་ཆང་ཕུད་ལ་བསྔོ་ནས་མཆོད་ཆོག །འདི་སྟོ་སྟོད་སྨད་ན་འདུག་པའི་མིས་མཆོད་ན་བཀྲ་ཤིས་སོ། །སརྦ་མངྒ་ལཾ།། །།

སྒོ་སྲུང་ར་དཀར་གྱི་གསོལ་མཆོད།

p. 631

སྒོ་སྲུང་ར་དཀར་གྱི་གསོལ་མཆོད་བཞུགས་ལགས་སོ། །གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །གནས་བདག་སྒོ་སྲུང་ར་དཀར་མཆོད་པའི་ཐབས། །དཀར་གཏོར་ཀླུ་སྨན་བཏབ་པ་གཅིག་བཤམས་ཏེ། །རང་ཉིད་པད་འབྱུང་ལ་སོགས་ཡི་དམ་བསྒོམ། །ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས་བྱས་ནས། །ཀྱཻ། མདོ་ཁམས་ཤར་ཕྱོགས་ངོམ་དུ་རུང་བའི་སྟོད། །ནོར་བུ་འབར་བ་འདྲ་བའི་རིན་ཆེན་བྲག །ལྗོན་ཤིང་ནེའུ་སིང་ཆུ་མིག་སྤང་ལྗོངས་བཀྲ། །དེ་དབུས་རིན་ཆེན་ལས་གྲུབ་སྐུ་མཁར་ནས། །ཀླུ་བདུད་དགེ་བསྙེན་ཆེན་པོ་དམ་ཚིག་ཅན། །།སྒོ་སྲུང་ར་དཀར་གཉན་པོ་སྤྱན་འདྲེན་ན། །ཞི་ལྟ་ཞིང་བྱམས་པའི་ཐུགས་ཀྱིས་གཤེགས་སུ་གསོལ། །ཡིད་སྤྲུལ་དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །བདག་གི་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །ཨོཾ་ནཱ་ག་ར་ཙ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧོ༔ ཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྱི་རྣམ་སྤྲུལ་པའི། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །དཀར་གསུམ་མངར་གསུམ་དར་ཟབ་ཀླུ་སྨན་དང་། །དམ་

p. 632

རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་འདི། །ར་དཀར་གཉན་པོ་འཁོར་དང་བཅས་ལ་འབུལ། །རྒྱབ་རྟེན་ངོམ་རྒྱལ་མཚོ་བཀྲ་རི་ཕྱུག་མ། །མགར་ནག་འཇམ་རྒྱལ་ག་ཡ་བཙོས་རུ་མ། །གཉན་གྱི་ཕ་བོང་ར་དཀར་ལ་སོགས་འདིར། །གནས་པའི་ཡུལ་ལྷ་གཞི་བདག་ཀུན་ལ་འབུལ། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ནཱ་ག་ར་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བསྟོད་པ་ནི། ཧཱུྃ། ཀླུ་བདུད་དགེ་བསྙེན་ར་དཀར་ནི། །སྐུ་མདོག་སྔོན་པོ་འཛུམ་པའི་ཉམས། །སྐུ་ལ་དར་སྔོན་བེར་ཆེན་གསོལ། །ཕྱག་ན་ཐོ་བ་འབིག་གྲི་འཛིན། །སྦྲུལ་སྔོན་ལྤགས་པས་སྟོད་ཁེབས་ཅན། །དབུ་ལ་མཐིང་གཞུ་གདུགས་ཐེབས་གསོལ། །ཆིབས་སུ་སྔོན་པོ་རྔོག་ནག་ཆིབས། །འཁོར་ནི་བྱིསྦ་མང་པོ་ཡི། །ལྷུང་བཟེད་སྟག་གྲི་ལག་ན་ཐོགས། །སྤྲུལ་པ་སྦྲུལ་དཀར་སྤྱང་ཉི་འགྱེད། །གསོལ་ལོ་མཆོད་དོ་ངོ་སོ་བསྟོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །ཡུལ་ལྷ་མ་འབྲོས་མ་འཁྱམས་པར། །རང་གནས་རི་ལ་བརྟན་པར་བཞུགས། །ས་ཐོ་ལྷུད་ལྷུད་ཕཊ་བྱ་བ་འཇིག་འཇིག་སརྦ་སིདྡྷི་སྭཱ་ཧཱ། ཞེས་རྟོགས་ལྡན་ཕྲིན་ལས་ཀྱིས་བསྐུལ་ཕྱིར་རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ། །

གཡུ་འབྲུག་དགོངས་ཀྱི་གསོལ་མཆོད།

p. 633

གཡུ་འབྲུག་དགོངས་ཀྱི་གསོལ་མཆོད་བཞུགས་སོ། །ཀྱཻ། ཡུལ་འདིར་མ་ཧཱ་བྷྱོ་ཊའི་ལྗོངས། །གནས་བདག་མོ་ལྷ་ངང་དཀར་གྱི། །བཀའ་སྡོད་བྲན་གཡོག་ཚུལ་གནས་པ། །ཡུལ་བདག་སྔགས་པའི་ཚུལ་འཆང་བ། །མི་ནག་རལ་པ་འཇིགས་སུ་རུང་། །སྐུ་ལ་དར་བེར་ནག་པོ་གསོལ། ཕྱག་ན་བྷནྡྷ་ཕུར་པ་བསྣམས། །ཁྱེད་ལ་མཆོད་སྤྲིན་འབུལ་བ་ནི། །ཕྱེ་མར་ཇ་ཆང་དཀར་འོ་ཞོ། །ཤུག་པ་བལ་བུ་ཨ་ཀ་རུ། །དུད་པའི་མཆོད་སྤྲིན་དཔག་ཡས་པ། །ནམ་མཁའི་བར་སྣང་ཁྱབ་པར་འབུལ། །བཞེས་ནས་བདག་ཅག་ཡོན་མཆོད་ལ། །ཁ་འཛིན་རྒྱབ་རྟེན་མ་གཡེལ་བར། །མཐུན་རྐྱེན་བསོད་ནམས་མངའ་ཐང་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མི་མཐུན་སྡང་དགྲ་གདོན་བགེགས་རྣམས། །རྡུལ་ཕྲན་བཟློག་པའི་ཕྲིན་ལས་མཛོད། །ཟས་ནོར་སྣང་སྲིད་དབང་དུ་བསྡུས། །དགྲ་འདྲེ་གདོན་གསུམ་ཚར་ཆོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འདི་ཡང་དགེ་སློང་རཱ་ག་ཨ་སྱས་མཛད་པའོ། །

ཡུལ་ལྷ་མཆོད་པའི་ཆོ་ག

p. 634
p. 635

ཡུལ་ལྷ་མཆོད་པའི་ཆོ་ག་བཞུགས་པའི་དབུ་ཕྱོགས་ལགས་སོ། །ན་མོ་པདྨ་ཀ་ར་ཡེ། རྡོ་རྗེ་དྲག་པོ་རྩལ་ལ་གུས་བཏུད་ནས། །ཡུལ་ལྷ་མཆོད་པའི་ཆོ་ག་བྲི་བར་བྱ། །དེ་ཡང་གུ་རུ་དྲག་པོའི་དྲེགས་པའི་སྲོག་དབང་ལས། ཆོས་སྤྱོད་ཆོས་སྒོར་ཞུགས་ནས་ཀྱང་། །ཡུལ་འདིར་གནས་པའི་གཞི་བདག་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། །གསོལ་ཀ་མཆོད་པ་བྱས་ན་ཤིས། །ཞེས་གསུངས་པ་དང་། དཀྱིལ་འཁོར་ལས་རིམ་ཐམས་ཅད་ཀྱི་ཐོག་མར་གནས་བདག་ལ་གཏོར་མ་འབུལ་གསུངས་པས། རྒྱུད་བརྟག་གཉིས་ལས། འབྱུང་པོ་ཐམས་ཅད་ལ་གཏོར་མ་འབུལ་ཚུལ་སྔགས་ཕན་ཡོན་དང་བཅས་པ་རྒྱས་པར་གསུངས་པ་དང་། དཔལ་གསང་བ་འདུས་པའི་རྒྱུད་རྩ་འགྲེལ་རྣམས་ལས། འཇིག་རྟེན་པའི་ལྷ་བྲན་མཐའ་དག་སྒྲུབ་པའི་སྔགས་ལ་མན་ངག་བཤད་པ་དང་། ཁྲོས་མ་ནག་མོ་ལྷ་ལྔའི་ལས་ཚོགས་ལས། འཇིག་རྟེན་པའི་ལྷ་རྒོད་བརྟེན་ཅིང་སྒྲུབ་པའི་ཐབས་གསུངས་པ་དང་། མ་གཅིག་གིས་གཅོད་སྒོ་འབྱེད་བདུན་མར་འཇིག་རྟེན་པའི་གཞི་བདག་གི་དངོས་གྲུབ་སྒྲུབ་པའི་ཐབས་གསུངས་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། གཞི་དཀར་པོ་ལ་ནས་ཀྱིས་པདྨ་འདབ་བརྒྱད་བྱ། དེའི་སྟེང་ན་སྣོད་གཙང་མར་དཀར་གཏོར་རྩེ་བརྒྱད་མཐེབ་སྐྱུས་བསྐོར་བ། གཡག་ལུག་ར་བཅས་ཕྱེ་མར་ཕུད་རྒོད། མདའ་རྒོད་སྒྲོ་མ་གཅིག་ལ་དར་དཀར་པོ་བཏགས་པ་རྣམས་བཤམས། བསྡུ་ན་དཀར་གཏོར་གཅིག་ལ་བརྟེན་ནོ། །རང་ཡི་དམ་གང་རུང་ངམ།

p. 636

ཁྱད་པར་གུ་རུ་ཞི་དྲག་མཆོག་ཏུ་ཤིས་པས། དེའི་ཏིང་འཛིན་ལྡན་པས། ཨོཾ་སྭ་བྷ་ཝས་སྦྱངས། མདུན་དུ་ཤེལ་བྲག་རིན་ཆེན་ཁང་བཟང་དབུས། །ལྷ་ཡི་དགེ་བསྙེན་ནོར་གྱི་བདག་པོ་ནི། །ཀུནྡའི་མདོག་ཅན་ཅང་ཤེས་དཀར་པོ་ཆིབས། །ཞལ་ནི་བརྗིད་མཛེས་དབུ་ལ་དུང་རྨོག་གསོལ། །ལྷ་ཡི་ན་བཟའ་སྟག་རལ་གཟིག་ཤུབས་བཀྲ། །གཡས་པས་བ་དན་གཡོན་པས་སྲབ་སྐྱོགས་བསྒྱུར། །སྨན་དང་བཙན་བདུད་ཡུལ་ལྷ་དུ་མས་བསྐོར། །ཐུགས་ཀའི་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། རྒྱལ་བས་ལུང་བསྟན་གདོང་དམར་བོད་ཀྱི་ཡུལ་།ཐུགས་རྗེ་ཆེན་པོས་བྱིན་རླབས་གངས་ཅན་ལྗོངས། །གྲུབ་ཐོབ་ཀཱིརྟི་ཤྲཱིའི་གདན་གྱི་དྲུང་། །ཤེལ་གྱི་ལྷུན་པོ་དགུང་དུ་རྩེ་མཐོ་བ། །ཆུ་འཛིན་སྔོན་པོའི་བླ་བྲེ་སྟེང་དུ་འཁྲིགས། །དབྱར་སྐྱེས་མགྲིན་རྔ་སྒྲོག་ཅིང་གློག་འོད་འཁྱུགས། །དུས་མིན་གནམ་ལྕགས་ཀིང་ཀང་དྲག་པོ་འབེབས། །སྐད་སྙན་འདབ་ཆགས་སྣ་ཚོགས་ལྡིང་ཞིང་འཇུམ། །དཔལ་བརྗིད་གཅན་གཟན་སྣ་ཚོགས་འགྱིང་ཞིང་རྔམས། །མཛེས་སྡུག་རི་དྭགས་སྣ་ཚོགས་རྩེ་ཞིང་རྒྱུགས། །བླ་མཚོ་རྔམས་བརྗིད་གཡུ་ཡི་ན་བུན་འཐུལ། །དེ་ལྟར་ཡིད་འོང་

p. 637

མཛེས་པའི་གནས་མཆོག་དབུས། །བཀོད་ལེགས་ཡིད་ལས་གྲུབ་པའི་ཕོ་བྲང་ནས། །གཉན་པོ་ནོར་གྱི་བདག་པོ་ཞེས་གྲགས་པའི། །ཡུལ་ལྷ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ཁྱོད་ཀྱི་བཀའ་ཉན་བཙན་བདུད་སྨན་གྱི་ཚོགས། །ཡིད་ཀྱི་གཟུགས་འཆང་མ་ལུས་ཐམས་ཅད་ཀྱང་། །བདག་གིས་མཆོད་པ་འབུལ་ཞིང་བཞེས་སུ་གསོལ། །བྱམས་པའི་སེམས་ཀྱིས་མ་ཐོགས་མྱུར་དུ་བྱོན། །ཨོ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ། ཏིང་འཛིན་དང་ལྡན་ཡིད་ལས་སྤྲུལ་པ་ཡི། །རིན་ཆེན་སྣ་ལྔ་ལས་གྲུབ་མུ་མེན་ཁྲི། །དབང་པོའི་གཞུ་ལྟར་རབ་བཀྲ་དར་ཟབ་གདན། །གཉན་པོ་ནོར་བདག་འཁོར་དང་བཅས་པ་རྣམས། །གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་ལ། །ཇི་སྲིད་བདག་གིས་མཆོད་པ་བགྱིས་ཀྱི་བར། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ཏིཥྛ་ལྷན། ཧཱུྃ། སྔོན་ཚེ་འདས་དུས་བསྟན་པའི་ཐོག་མ་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བོད་ཁམས་ས་གཞི་བྱིན་གྱིས་བརླབས་

p. 638

པའི་ཚེ། །སྐུ་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །བོད་ཁམས་ས་གཞི་ཏིལ་ཙམ་མ་ལུས་པ། །ཞབས་ཀྱིས་བཅགས་ཤིང་ལྷ་སྲིན་དམ་ལ་བཏགས། །འབྱུང་པོ་རྣམས་ལ་དམ་ཆོས་འཁོར་ལོ་བསྐོར། །དེ་ཚེ་གཉན་པོ་ནོར་བདག་ཁྱེད་ཉིད་ཀྱིས། །ཇི་ལྟར་ཁས་བླངས་དམ་ལས་མ་འདའ་བར། །རྣལ་འབྱོར་བདག་གི་ཕྲིན་ལས་མྱུར་དུ་སྒྲུབས། །ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། །སློབ་དཔོན་པདྨའི་བཀའ་ཉན་དྲག་ཤུལ་ཅན། །མཐུ་སྟོབས་རྫུ་འཕྲུལ་སྣ་ཚོགས་ཐོགས་པ་མེད། །འདོད་རྒུར་སྒྱུར་བས་ལུས་ཅན་ཅིར་ཡང་སྟོན། །ལྷ་ཡི་དགེ་བསྙེན་ཁྱོད་ལ་ཕྱག་འཚལ་བསྟོད། །མཆོད་ན་མགོན་བྱེད་རྦད་ན་དགྲ་བགེགས་སྒྲོལ། །སྣ་ཚོགས་ཡིད་ཀྱི་ལུས་ཅན་རྫུ་འཕྲུལ་ཅན། །ལྷ་ཀླུ་བདུད་རྩི་སྨན་སོགས་འཁོར་གྱི་ཚོགས། །ཡུལ་ལྷ་མགོན་བྱེད་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་ལས་རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ། །ཨོ་ཡིག་ལས་བྱུང་མཆོད་རྫ་ས་སྣ་ཚོགས་པ། །སྐྱ་མ་མཁན་གྱིས་སྒྱུ་མའི་ཆོ་འཕྲུལ་བཞིན། །དངོས་པོ་དམན་ཡང་ཡིད་ཀྱིས་དཔག་མེད་སྤྲུལ། །དྭངས་ཤིང་ཐོགས་མེད་ནམ་མཁའི་མཐའ་ཁྱབ་པ། །རྒྱུན་མི་

p. 639

འཆད་པ་འཛད་མེད་ནམ་མཁའི་མཛོད། །ཅི་འདོད་འབྱུང་བ་ཡིད་བཞིན་རིན་ཆེན་གཏེར། །དགེ་བསྙེན་འཁོར་བཅས་མཁོ་དགུའི་དཔལ་དུ་གྱུར། །ཨོཾ་བཛྲ་སྤུ་ར་ཎ་ཁཾ། ཧཱུྃ། སྲུང་མ་དགེ་བསྙེན་ནོར་བདག་འཁོར་བཅས་ལ། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫ་ས་རྟགས་བརྒྱད་དང་རིན་ཆེན་བདུན། །དར་ཟབ་འབྲུ་སྨན་རིན་ཆེན་སྣ་ཚོགས་དང་། །སྟག་རས་གཟིག་རས་གོ་མཚོན་དར་མདུང་འཕེན། །དཀར་གསུམ་མངར་གསུམ་ཀླུ་སྨན་ཇ་ཆང་ཕུད། །ཞིབ་མར་ཤ་ཐུད་ཁུ་བ་སྤྱོད་ཀྱི་ཚོགས་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །འཁོར་དང་བཅས་པ་མཉེས་ཤིང་ཚིམས་གྱུར་ནས། །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག ། ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་པཱདྷཾ་སོགས། ཨོཾ་སྭ་བྷ་ཝས་སྦྱངས། ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཡིག་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་བཱ་སུ་པཱ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་གཉན་པོ་ནོར་བདག་འཁོར་

p. 640

དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་དཔའ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། བཅོམ་ལྡན་འདས་དཔལ་ཆེན་དྲག་པོ་ཐོད་ཕྲེང་གིས། །སྲོག་སྙིང་དབང་དུ་བསྡུས་ནས་དམ་ལ་བཏགས། །རྒྱལ་བའི་བསྟན་པ་སྲུང་བར་དམ་བཅས་པས། །དམ་ཅན་ནོར་གྱི་བདག་པོ་ཁྱོད་ལ་བསྟོད། །རང་གི་ལས་ཀྱི་རྫུ་འཕྲུལ་ཤུགས་ཀྱིས་ནི། །ཡུད་ཙམ་གཅིག་གིས་འཛམ་གླིང་ཀུན་ཉུལ་ཞིང་། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ནོར་བདག་འཇིག་རྟེན་སྐྱོང་བ་ཁྱོད་ལ་བསྟོད། །རྒྱུན་གྱི་བཞུགས་གནས་ཤེལ་བྲག་ལྷུན་ཆགས་པ། །བཀོད་ལེགས་གཞལ་ཡས་ཁང་ལ་རྟེན་བཅས་ནས། །ཡུལ་ཕྱོགས་སྐྱོང་ཞིང་སྲུང་བར་མཛད་པ་ཡི། །ཡུལ་ལྷ་ནོར་བདག་ཁྱོད་ལ་བདག་བསྟོད་དོ། །བདག་གིས་ཡིད་ལ་མནག་པའི་དགྲ་བོ་ལ། །མི་བཟད་འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །ཕ་རོལ་གཞོམ་ཞིང་རང་ཕྱོགས་སྲུང་མཛད་པ། །དགྲ་བླ་ནོར་བདག་ཁྱོད་ལ་

p. 641

བདག་བསྟོད་དོ། །ཁྱོད་ནི་ཡིད་བཞིན་དགོས་འདོད་ཀུན་འབྱུང་ལྟར། །རྨ་གཡང་ནོར་གྱི་དངོས་གྲུབ་བདག་པོ་སྟེ། །དེ་ཕྱིར་ནོར་གྱི་བདག་པོ་ཞེས་སུ་གྲགས། །ནོར་ལྷ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །།འཁོར་གྱི་སྨན་མོ་མཛེས་སྡུག་ཡིད་འཕྲོག་ཚོགས། །མ་རུངས་བདུད་བཙན་སྲོག་ལ་རྔམ་པའི་ཚོགས། །ཀླུ་གཉན་ས་བདག་ལ་སོགས་མི་གཟུགས་ཅན། །མ་ལུས་འཁོར་དང་བཅས་ལ་བདག་བསྟོད་དོ། །ཁྱེད་ཅག་འཁོར་བཅས་མཆོད་པ་འདི་བཞེས་ལ། །ནད་གདོན་དུས་མིན་འཆི་དང་མཚན་མ་ངན། །བཙའ་སད་མུ་གེ་ཡམས་ནད་ཐམས་ཅད་དང་། །དགྲ་རྐུན་སེར་བའི་གནོད་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དང་། །ལོ་ཐོག་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ནད་མེད་འཁྲུག་པ་ཞི་ཞིང་དམ་ཆོས་འཕེལ། །མཁོ་དགུའི་ལོངས་སྤྱོད་དབང་དུ་འདུ་བར་མཛོད། །ཧོར་སོགས་དགྲ་ཇག་ཆོམ་རྐུན་འཚེ་བ་སོགས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག་པར་མཛོད། །བདག་ལ་གནོད་པའི་སེམས་འཆང་དགྲ་དང་བགེགས། །གང་ཡིན་ཁྱོད་ཤེས་མྱུར་དུ་ཐལ་བར་རློགས། །

p. 642

རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །།ཡུལ་ཕྱོགས་ཀུན་ནས་དགེ་ཞིང་སྐྱིད་པ་དང་། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བསྟོད་དོ། །ཐུགས་ཀར་ཟླ་བའི་གདན་ལ་བི་ཡིག་མཐར། །ཨོཾ་ཨཱཿབཱ་སུ་པཱ་ཏི་ལོ་ཀ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་བསྟོད་པར་བསམ་ལ་ཅི་འགྲུབ་བཟླ། དེ་ནས་བསང་དང་སྦྲེལ་ན། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་ཀུན་བཟང་ཀློང་ནས་བྱུང་། །ཀུན་བཟང་ཡུམ་ལྔའི་མཁའ་ཀློང་ནས། །འབྱུང་བ་ཆེན་པོ་ལྔ་རུ་བྱུང་། །དེ་ལ་སྟོང་གསུམ་འཇིག་རྟེན་བྱུང་། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །འོད་ཟེར་བྱེ་བ་ཕྲག་བརྒྱ་འཕྲོས། །སྟོང་གསུམ་འཇིག་རྟེན་རྣམས་སུ་ཐིམ། །དེ་ལ་བྱང་ཆུབ་ཤིང་རྣམས་བྱུང་། །འཆི་མེད་བདུད་རྩི་ཐིག་པ་ལས། །རྩི་བཅུད་སྨན་དང་ཤིང་རྣམས་བྱུང་། །ཤིང་རྩི་དགུ་ཡི་དུད་པ་དང་། །ཕྱེ་མར་ཇ་ཆང་ཕུད་རྒོད་ཀྱིས། །བླ་མེད་འཕགས་པ་དཀོན་མཆོག་གསུམ། །སེམས་ཅན་ཀུན་གྱི་མགོན་བྱེད་བསང་། །ཁྱད་པར་འཕགས་མཆོག་སྤྱན་རས་གཟིགས། །ཁ་བ་ཅན་གྱི་མགོན་བྱེད་བསང་། །པད་འབྱུང་རྡོ་རྗེ་གྲོ་ལོད་རྩལ། །ལྷ་འདྲེ་ཡོངས་

p. 643

ཀྱི་སྐྱབས་གནས་བསང་། །ཡུལ་གྱི་ཡུལ་ལྷ་གཉན་པོ་སོགས། །སྲིད་པ་ཆགས་པའི་ལྷ་རྒན་བསང་། །གཉན་པོ་ནོར་བདག་ཆེན་པོ་བསང་། །འཁོར་དུ་གཏོགས་པའི་སྨན་མོ་བསང་། །དཀར་པོ་ལྷ་ཡི་འཁོར་ཚོགས་བསང་། །དམར་པོ་བཙན་གྱི་འཁོར་ཚོགས་བསང་། །ནག་པོ་བདུད་ཀྱི་འཁོར་ཚོགས་བསང་། །སྔོན་པོ་ཀླུ་ཡི་འཁོར་ཚོགས་བསང་། །ཁྲ་བོ་གཉན་གྱི་འཁོར་ཚོགས་བསང་། །གཞན་ཡང་འཁོར་དང་ཡང་འཁོར་སོགས། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །འདི་ལྟར་བསང་བའི་ཡོན་ཏན་གྱིས། །འཁོན་པ་བསྡུམ་ལ་འགྲས་པ་སྦྱངས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་གསོལ་ཁ་སྤྲོ་ན། ཧཱུྃ། ལྷ་ཡི་དགེ་བསྙེན་ཆེན་པོ་དྲག་རྩལ་ཅན། །གཉན་པོ་ནོར་བདག་འཁོར་དང་བཅས་པ་ཡི། །གཟི་བརྗིད་བསྐྱེད་ཕྱིར་གསོལ་ཁའི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ལྷོ་སྤྲིན་གཏིབས་འདྲ་སྤུ་ཡི་གོས་གྱོན་ཞིང་། །འདམ་བུའི་ཚལ་བཞིན་སྤུ་ཞོལ་ས་ལ་

p. 644

བཤལ། །གནམ་ལྕགས་རྡོ་རྗེའི་རྭ་དང་གློག་གི་ལྕེ། །འབྲུག་གི་སྒྲ་འབྱིན་ཉི་ཟླའི་སྡང་མིག་ཅན། །གཡག་དཀར་དར་གྱི་ཅོད་པན་གཡོ་བ་ཡི། །གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །གངས་རིའི་དུམ་བུ་མཚར་འདྲ་མངར་བའི་ལུས། །འཁྱིལ་བའི་རྭ་ལ་རྒྱ་མཚོ་ཆུ་རིས་བཀྲ། །དར་གྱི་ཅོད་པན་ལྟ་བུའི་སྙན་གཡོ་ཞིང་། །འཛམ་བུ་ཆུ་གསེར་མིག་ལྡན་འབའ་སྒྲ་ཅན། །ལུག་བཟང་མཚལ་ཐིག་དར་གྱིས་བརྒྱན་པ་འདི། །གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །གནམ་ལྕགས་ལྡན་པའི་རྭ་གཉིས་གཙུག་ན་མཛེས། །ཆུ་རྒྱུན་ལྟ་བུར་རིང་བའི་ཨོག་ཞོལ་འཕྱོ། །སེར་སྤྲིན་རྒོད་དུ་འཁྲུགས་འདྲའི་སྤུ་ཞོལ་བརྗིད། །ལྷང་ལྷང་སྙན་པའི་སྒྲ་འབྱིན་འགྱིང་བ་འཁྲབ། །ར་སྐྱེས་དར་དང་རྔ་མས་བརྒྱན་པ་འདི། །གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །དངོས་སུ་འབྱོར་དང་ཏིང་འཛིན་ཡིད་ལས་སྤྲུལ། །རྟེན་འབྲེལ་ཙམ་དུ་གཟུགས་བརྙན་འབུལ་ལ་བསྟོད། །མངོན་སུམ་ལས་ཀྱང་ཡོན་ཏན་ཆེ་བར་དམིགས། །བརྒྱ་སྟོང་ཁྲི་འབུམ་འཇིག་རྟེན་ཁྱབ་པར་སྤྲུལ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །

p. 645

གཉན་པོ་ནོར་བདག་འཁོར་དང་བཅས་ལ་འབུལ། །སྔར་བྱས་གཏང་རག་ཕྱི་བྱེད་ཞུ་སྐྱེམས་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་འདི་འབུལ་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་རྣམས། །གཞི་བྱེས་ལམ་གསུམ་གར་འགྲོ་གར་སྡོད་ཀྱང་། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་ཅིག །ཅེས་བཅོལ་གཏམ་གང་དགོས་བྱའོ། །དེ་ནས་ལས་ལ་སྦྱར་ན་གཏོར་མ་ཟུར་གསུམ་ཤ་ཁྲག་ལིངྒས་བརྒྱན་པའམ། དེ་ཙམ་དྲག་པོ་མི་དགོས་ན། དཀར་གཏོར་གཅིག་ལ་བཀུག་གཞུག་བྱས། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས། ཧཱུྃ། ལྷ་བཙན་དྲག་པོ་གཉན་པོ་ནོར་གྱི་བདག །མ་རུངས་མི་སྲུན་སྡེ་བརྒྱད་འཁོར་དང་བཅས། །ཐོག་མེད་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །རིང་པར་འདིར་བྱོན་བཀའ་ཡི་གཏོར་མ་ལོངས། །སྔོན་ཚེ་ཆུ་བོ་ལོ་ཧི་ཏ་ཡི་འགྲམ། །སློབ་དཔོན་ཆེན་པོ་པདྨ་བཞུགས་པའི་དྲུང་། །བོད་ཡུལ་ལྷ་འདྲེ་གཅིག་ཀྱང་མ་ལུས་པ་། །ཐམས་ཅད་མ་ལུས་དེ་རུ་འདུས་ནས་ཀྱང་། །མ་འོངས་སློབ་དཔོན་ཁྱེད་ཀྱི་རྗེས་འཇུག་ལ། །གནོད་ཅིང་འཚེ་བའི་དགྲ་བོ་སུ་འདུག་པ། །ཐམས་ཅད་ངེད་ཅག་རྣམས་ཀྱིས་སྒྲོལ་ལོ་ཞེས། །ལྷ་འདྲེ་ཀུན་གྱིས་དམ་བཅའ་ཕུལ་བའི་

p. 646

ཚེ། །ནོར་བདག་ཁྱེད་ཀྱིས་དམ་བཅའ་དྲན་མཛོད་ལ། །བདག་ལ་སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །བདག་ནི་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་རྣམས་དམ་ལ་བཏགས་པའི་ལྷ་འདྲེ་ཡིན། །འདི་ནི་དམ་རྫས་བརྒྱན་པའི་གཏོར་མ་ཡིན། །དེ་བས་དམ་ལ་མ་འདའ་ཕྲིན་ལས་མཛོད། །ཀརྨ་ཨ་རཱ་གས་སྔོན་ཟླ་བའི་ཚེས་གསུམ་ལ་རྫོགས་པར་སྦྱར་བའི་བླ་མ་གྲགས་པ་དབང་ལྡན་དང་། སྔགས་བཙུན་ཀརྨ་ཡང་དག་སོགས་ཀྱིས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རོ། །དགེ་བས་ཡུལ་ཕྱོགས་དགེ་ཞིང་ལོ་ལེགས་ཤོག ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡུལ་ལྷ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་།

p. 647

ཡུལ་ལྷ་མཆོད་པའི་ཆོ་ག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨ་ཀ་ར་ཡེ། རྡོ་རྗེ་དྲག་པོ་རྩལ་ལ་གུས་བཏུད་ནས། །ཡུལ་ལྷ་མཆོད་པའི་ཆོ་ག་བྲི་བར་བྱ། །དེ་ཡང་གུ་རུ་དྲག་པོའི་དྲེགས་པའི་སྲོག་བདག་གི་ཆོས་སྤྱོད་ཀྱི་ཆོས་སྒོར་ཞུགས་པས་ཀྱང་། ཡུལ་འདིར་གནས་པའི་གཞི་བདག་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ལ། གསོལ་ཀ་མཆོད་པ་བྱས་ན་ལེགས་ཞེས་གསུངས་པ་དང་། དཀྱིལ་འཁོར་ལས་རིམ་ཐམས་ཅད་ཀྱི་ཐོག་མར་གནས་བདག་ལ་གཏོར་མ་འབུལ་ཞེས་གསུངས་པས། རྒྱུད་བརྟག་གཉིས་ལས། འབྱུང་པོ་ཐམས་ཅད་ལ་གཏོར་མ་འབུལ། ཞེས་གསུངས་པ་དང་། ཚུལ་སྔགས་ཀྱི་ཕན་ཡོན་དང་བཅས་པ་རྒྱས་པར་གསུངས་པ་དང་། དཔལ་གསང་བ་འདུས་པའི་རྒྱུད་རྩ་འགྲེལ་རྣམས་ལས། འཇིག་རྟེན་པའི་ལྷ་བྲན་ཐམས་ཅད་བརྟེན་ཅིང་སྒྲུབ་པའི་ཐབས་གསུངས་པ་དང་། ཁྲོས་མ་ལྷ་ལྔའི་ལས་ཚོགས་ལས། འཇིག་རྟེན་པའི་ལྷ་རྒོད་བརྟེན་ཅིང་སྒྲུབ་པའི་ཐབས་གསུངས་པ་དང་། མ་གཅིག་གཅོད་སྒོ་འབྱེད་བདུན་མར་འཇིག་རྟེན་པའི་གཞི་བདག་གི་དངོས་གྲུབ་སྒྲུབ་པའི་ཐབས་གསུངས་པ་དེ་རྣམས་ཀྱི་རྗེས་སུ་འབྲངས་ནས། གཞི་དཀར་པོའི་སྟེང་དུ་ནས་ཀྱི་པདྨ་འདབ་བརྒྱད་བྱ། དེའི་སྟེང་དུ་སྣོད་གཙང་མར་དཀར་གཏོར་རྩེ་རྒྱལ་ཅན་བཤོས་བུ་ལྔ་དང་མཐེབ་སྒྱུ་དུ་མས་བསྐོར་བ། གཡག་ལུག་ར་བཅས་ཕྱེ་མར་ཕུད་རྒོད། མདའ་རྒོད་སྒྲོ་མ་གཅིག་ལ་དར་དཀར་པོ་བཏགས་པ་རྣམས་བཤམས། བསྡུ་ན་

p. 648

དཀར་གཏོར་གཅིག་ལ་བརྟེན་ནོ། །རང་ཡི་དམ་གང་རུང་ངམ། ཁྱད་པར་གུ་རུ་ཞི་དྲག་ནི་མཆོག་ཏུ་ཤིས་ལ། དེའི་ཏིང་འཛིན་ལྡན་པས་འདི་སྐད་དོ། །ཨོཾ་སྭ་བྷ་ཝས་སྦྱངས། མདུན་དུ་ཤེལ་བྲག་རིན་ཆེན་ཁང་བཟང་དབུས། །ལྷ་ཡི་དམག་དཔོན་མངར་རྒྱལ་རིག་ཕྲོམ་ནི། །སྐུ་མདོག་དཀར་པོ་ཀུནྡའི་མདངས་དང་ལྡན། །ཞལ་རས་མཛེས་འཛུམ་དབུ་ལ་དུང་རྨོག་གསོལ། །སྐུ་ལ་དུང་ཁྲབ་སྟག་རིལ་གཟིག་ཤུབས་བཀྲ། །ཕྱག་གཡས་སྦ་ལྕག་དཀར་པོ་མཁའ་ལ་འཕྱར། །གཡོན་པས་མདུང་དར་ཕྲག་ལ་བཀལ། །ཆིབས་སུ་ཤེལ་གྱི་རྐྱང་ཤེས་གཡུ་རྔོག་ཆིབས། །གཞན་ཡང་ཕྱོགས་ཀྱི་རི་བོ་ཐམས་ཅད་ལ། །གནས་པའི་མཆེད་ལྕམ་ལས་མཁན་བློན་པོ་སོགས། །ཡུལ་ལྷ་གཞི་བདག་དུ་མའི་འཁོར་གྱིས་བསྐོར། །ཐུགས་ཀའི་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། རྒྱལ་བས་ལུང་བསྟན་གདོང་དམར་བོད་ཀྱི་ཡུལ། །ཐུགས་རྗེ་ཆེན་པོས་བྱིན་རླབས་གངས་ཅན་ལྗོངས། །སྒང་བཞིའི་མཆོག་གྱུར་མདོ་ཁམས་ཟལ་མོ་སྒང་། །ལྕི་ཆུ་སྔོན་མོ་དལ་དུ་འདབ་པའི་གཡས། །ཤེལ་གྱི་ལྷུན་པོ་རྩེ་གསུམ་འཕང་རེ་མཐོ། །ཆུ་འཛིན་སྔོན་པོའི་བླ་བྲེ་སྟེང་ན་འཁྲིགས། །དབྱར་སྐྱེས་

p. 649

འབྲུག་སྒྲ་སྒྲོག་ཅིང་གློག་འོད་འཁྱུགས། །སྐད་སྙན་འདབ་ཆགས་སྣ་ཚོགས་ལྡིང་ཞིང་འཛུམ། །དཔལ་བརྗིད་གཅན་གཟན་སྣ་ཚོགས་རྔམས་ཤིང་འགྱིང་། །མཛེས་སྡུག་རི་དྭགས་སྣ་ཚོགས་རྩེ་ཞིང་རྒྱུགས། །རྩེ་ལྐོག་བླ་མཚོ་གཡུ་ཡི་ན་བུན་འཐུལ། །སྐེད་པར་ཆུ་མིག་མང་པོ་ཡོན་ཆབ་འདྲ། །རྩ་བར་རྩི་ཤིང་མཆོད་པའི་ལྷ་མོ་ལྟར། །ལོགས་ལ་ཤིང་སྤང་གསེར་གྱི་མཎྜལ་འདྲ། །དེ་ལྟར་ཡིད་འོང་མཛེས་པའི་གནས་མཆོག་དབུས། །བཀོད་ལེགས་ཡིད་ལས་གྲུབ་པའི་ཕོ་བྲང་ནས། །ལྷ་ཆེན་མངར་རྒྱལ་རག་ཕྲོམ་ཞེས་གྲགས་པའི། །ཡུལ་ལྷ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །བཀའ་ཉན་མཆེད་ལྕམ་ལས་མཁན་བློན་པོ་སོགས། །ཡིད་ཀྱི་གཟུགས་ཅན་མ་ལུས་ཐམས་ཅད་ཀྱང་། །བདག་གིས་མཆོད་པ་འབུལ་ཞིང་བཞེས་སླད་དུ། །བྱམས་པའི་སེམས་ཀྱིས་མ་གཡེལ་མྱུར་དུ་བྱོན། །ཧཱུྃ། ཏིང་འཛིན་དང་ལྡན་ཡིད་ལས་སྤྲུལ་པ་ཡི། །རིན་ཆེན་སྣ་ལྔ་ལས་གྲུབ་མུ་མེན་ཁྲི། །དབང་པོའི་གཞུ་ལྟར་རབོ་བཀྲ་དར་ཟབ་གདན། །མངར་རྒྱལ་རིག་ཕྲོམ་འཁོར་དང་བཅས་པ་རྣམས། །གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་

p. 650

ལ། །ཇི་སྲིད་བདག་གིས་མཆོད་པ་བགྱིས་ཀྱི་བར། །།དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །བདག་གིས་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཧཱུྃ། སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །བོད་ཁམས་ས་གཞི་བྱིན་གྱིས་བརླབས་པའི་ཚེ། །སྐུ་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །ས་ཁུལ་ཏིལ་འབྲུ་ཙམ་ཡང་མ་ལུས་པ། །ཞབས་ཀྱིས་བཅགས་ཤིང་ལྷ་འདྲེ་དམ་ལ་བཏགས། །འབྱུང་པོ་རྣམས་ལ་དམ་ཆོས་འཁོར་ལོ་བསྐོར། །དེ་ཚེ་ལྷ་རྒྱལ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཇི་ལྟར་ཁས་བླངས་དམ་ལས་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས།། །ཧཱུྃ། སློབ་དཔོན་ཆེན་པོ་པདྨའི་བཀའ་ཉན་ཁྱོད། །མཆེད་ལྕམ་ལས་མཁན་བློན་པོ་འཁོར་བཅས་རྣམས། །མཐུ་སྟོབས་རྫུ་འཕྲུལ་དྲག་ཤུལ་ཐོགས་པ་མེད། །འདོད་རྒུར་སྒྱུར་བས་ལུས་ཅན་ཅིར་ཡང་སྟོན། །མཆོད་ན་མགོན་བྱེད་རྦད་ན་དགྲ་བགེགས་སྒྲོལ། །སྣ་ཚོགས་ཡིད་ཀྱི་ལུས་ཅན་རྫུ་འཕྲུལ་ཅན། །ཡུལ་ལྷ་མགོན་བྱེད་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་ལས་རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ། །ཨོཾ་ཡིག་

p. 651

ལས་བྱུང་མཆོད་རྫས་སྣ་ཚོགས་པ། །སྒྱུ་མ་མཁན་གྱིས་སྒྱུ་མའི་ཆོ་འཕྲུལ་བཞིན། །དངོས་པོ་དམན་ཡང་ཡིད་ཀྱིས་དཔག་མེད་སྤྲུལ། །དྭངས་ཤིང་ཐོགས་མེད་ནམ་མཁའི་མཐར་ཁྱབ་པ། །རྒྱུན་མི་འཆད་པ་འཛད་མེད་ནམ་མཁའི་མཛོད། །ལྷ་རྒྱལ་འཁོར་བཅས་མཁོ་དགུའི་དཔལ་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། སྲུང་མ་ལྷ་ཆེན་མངར་རྒྱལ་འཁོར་བཅས་ལ། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །དར་ཟབ་འབྲུ་སྨན་རིན་ཆེན་སྣ་ཚོགས་དང་། །སྟག་རས་གཟིག་རས་གོ་མཚོན་དར་མདུང་འཕེན། །དཀར་གསུམ་མངར་གསུམ་ཀླུ་སྨན་ཇ་ཆང་ཕུད། །ཕྱེ་མར་ཤ་ཐུད་ཁུར་བ་སྤྱོད་ཀྱི་ཚོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །འཁོར་བཅས་ཐམས་ཅད་མཉེས་ཤིང་ཚིམས་གྱུར་ནས། །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག །ཨནྡྷཾ་སོགས་ཀྱིས་མཆོད། ཨོཾ་སྭ་བྷ་ཝས་སྦྱངས། །སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨ་ཡིག་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་

p. 652

ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ཨཱཿཧཱུྃ། ལྷ་ཆེན་མངར་རྒྱལ་རབ་ཕྲོམ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ལྷ་ཡི་དམག་དཔོན་ཆེན་པོ་མངར་རྒྱལ་རག་ཕྲོམ། མཆེད་ཡ་གུག་ཇོ་རྫ་བཀྲ། སྲིང་མོ་རག་ལྕམ་འཕར་མ། ལས་མཁན་དགེ་བསྙེན་མགར་ནག །བློན་པོ་སྟག་ཤྭ་རྔམས་པ་ལ་སོགས་བཀའ་དང་འཁོར་དུ་གཏོགས་པའི་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །ཡོངས་སུ་བཞེས་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་དཔའ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པའི་ཕྲིན་ལས་དམ་པ་མཛོད་ཅིག །ཧཱུྃ། བཅོམ་ལྡན་འདས་དཔལ་ཆེན་དྲག་པོ་ཐོད་ཕྲེང་གིས། །སྲོག་སྙིང་དབང་དུ་བསྡུས་ནས་དམ་ལ་བཏགས། །རྒྱལ་བའི་བསྟན་པ་སྲུང་བར་དམ་བཅས་པས། །དམ་ཅན་མངར་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་ལས་ཀྱི་རྫུ་འཕྲུལ་ཤུགས་ཀྱིས་ནི། །ཡུད་ཙམ་གྱིས་ནི་འཛམ་གླིང་ཀུན་ཉུལ་ཞིང་། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ལྷ་རྒྱལ་འཇིག་རྟེན་སྐྱོང་བ་ཁྱོད་ལ་

p. 653

བསྟོད། །རྒྱུན་གྱི་བཞུགས་གནས་ཤེལ་བྲག་ལྷུན་ཆགས་པ། །བཀོད་ལེགས་གཞལ་ཡས་ཁང་ལ་རྟེན་བཅས་ནས། །ཡུལ་ཕྱོགས་སྐྱོང་ཞིང་སྲུང་བར་མཛད་པ་ཡི། །ཡུལ་ལྷ་མངར་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་རྒྱལ་འཁོར་བཅས་མཐུ་སྟོབས་རྫུ་འཕྲུལ་ཅན། །བདག་གིས་ཡིད་ལ་མནག་པའི་དགྲ་བོ་ལ། །མི་བཟད་འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །ཕ་རོལ་གཞོམ་ཞིང་རང་ཕྱོགས་སྲུང་བྱེད་པ། །དགྲ་བླ་འཁོར་བཅས་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་གྱི་མཆེད་ལྕམ་ལས་མཁན་བློན་པོ་རྣམས་། །མ་རུངས་བདུད་བཙན་ཁྲོ་ལ་རྔམས་པའི་ཚོགས། །ཀླུ་གཉན་ས་བདག་ལ་སོགས་ཡིད་གཟུགས་ཅན། །མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལྷ་རྒྱལ་འཁོར་བཅས་མཆོད་པ་འདི་བཞེས་ལ། །ནད་གདོན་དུས་མིན་འཆི་དང་མཚན་མ་ངན། །བཙའ་སད་མུ་གེ་ཡམས་ནད་ཐམས་ཅད་དང་། །དགྲ་རྐུན་སེར་བའི་གནོད་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དང་། །ལོ་ཐོག་རྐང་འགྲོའི་ཕྱུགས་རྣམས་འཕེལ་བར་མཛོད། །ནད་མེད་འཁྲུག་པ་ཞི་ཞིང་དམ་ཆོས་འཕེལ། །མཁོ་

p. 654

དགུའི་ལོངས་སྤྱོད་དབང་དུ་འདུ་བར་མཛོད། །ཧོར་སོགས་དགྲ་ཇག་ཆོམ་རྐུན་འཚེ་བ་སོགས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག་པར་མཛོད། །བདག་ལ་གནོད་པའི་ཝཱསེམས་འཚང་དགྲ་དང་བགེགས། །གང་ཡིན་ཁྱོད་ཤེས་མྱུར་དུ་ཐལ་བར་རློགས། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །ཡུལ་ཕྱོགས་འདི་རྣམས་སྲུང་ཞིང་སྐྱོང་བ་དང་། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་ཀུན་བཟང་ཀློང་ནས་བྱུང་། །ཀུན་བཟང་ཡུམ་ལྔའི་མཁའ་ཀློང་ནས། །འབྱུང་བ་ཆེན་པོ་ལྔ་རུ་བྱུང་། །དེ་ལ་སྟོང་གསུམ་འཇིག་རྟེན་ཆགས། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །འོད་ཟེར་བྱེ་བ་ཕྲག་བརྒྱ་འཕྲོས། །སྟོང་གསུམ་འཇིག་རྟེན་རྣམས་སུ་ཐིམ། །དེ་ལ་བྱང་ཆུབ་ཤིང་རྣམས་བྱུང་། །འཆི་མེད་བདུད་རྩི་ཐིག་པ་ལས། །རྩི་བཅུད་སྨན་དང་ཤིང་རྣམས་བྱུང་། །ཤིང་རྩི་དགུ་ཡི་དུད་པ་དང་། །ཕྱེ་མར་ཇ་ཆང་ཕུད་རྒོད་ཀྱིས། །བླ་མེད་འཕགས་པ་དཀོན་མཆོག་གསུམ། །སེམས་ཅན་ཀུན་གྱི་མགོན་བྱེད་བསང་། །ཁྱད་པར་མགོན་པོ་སྤྱན་

p. 655

རིས་གཟིགས། །ཁ་བ་ཅན་གྱི་མགོན་བྱེད་བསང་། །པད་འབྱུང་རྡོ་རྗེ་གྲོ་ལོད་རྩལ། །ལྷ་འདྲེ་ཡོངས་ཀྱི་སྐྱབས་གནས་བསང་། །ཡུལ་གྱི་ཡུལ་ལྷ་གཉན་པོ་སོགས། །སྲིད་པ་ཆགས་པའི་ལྷ་རྒན་བསང་། །ལྷ་ཆེན་མངར་རྒྱལ་རབ་ཕྲོམ་བསང་། །མཆེད་ཡ་གུག་ཇོ་རྫ་བཀྲ་བསང་། །སྲིང་མོ་རག་ལྕམ་འཕར་མ་བསང་། །ལས་མཁན་དགེ་བསྙེན་མགར་ནག་བསང་། །བློན་པོ་སྟག་ཤྭ་རྔམས་པ་བསང་། །གཞན་ཡང་འཁོར་དང་ཡང་འཁོར་དང་། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །འདི་ལྟར་བསང་བའི་ཡོན་ཏན་གྱིས། །འཁོན་པ་བསྡུམས་ལ་འགྲས་པ་སྦྱངས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག་བསམ་པ་སྒྲུབ་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་གསོལ་ཁ་སྤྲོ་ན། ཧཱུྃ། ལྷ་རྒྱལ་ཆེན་པོ་འཁོར་བཅས་མཐུ་རྩལ་ཅན། །མངར་རྒྱལ་རག་ཕྲོམ་འཁོར་བཅས་ཐམས་ཅད་ལ། །གཟི་བརྗིད་བསྐྱེད་ཕྱིར་གསོལ་ཁའི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་བསྩལ་

p. 656

དུ་གསོལ། །ལྷོ་སྤྲིན་གཏིབས་འདྲ་སྤུ་ཡི་གོས་གྱོན་ཞིང་། །འདམ་བུའི་ཚལ་བཞིན་སྤྱི་ཞོལ་ས་ལ་བཤལ། །གནམ་ལྕགས་རྡོ་རྗེའི་རྭ་དང་གློག་གི་ལྕེ། །འབྲུག་གི་སྒྲ་འབྱིན་ཉི་ཟླའི་སྡང་མིག་ཅན། །གཡག་དཀར་དར་གྱི་ཅོད་པན་གཡོ་བ་འདི། །ལྷ་ཆེན་མངར་རྒྱལ་འཁོར་དང་བཅས་ལ་འབུལ། །གངས་རིའི་དུམ་བུ་མཚར་འདྲ་མངར་བའི་ལུས། །འཁྱིལ་བའི་རྭ་ལ་རྒྱ་མཚོ་ཆུ་རིས་བཀྲ། །དར་གྱི་ཅོད་པན་ལྟ་བུའི་སྙན་གཡོ་ཞིང་། །འཛམ་བུ་ཆུ་གསེར་མིག་ལྡན་འབའ་སྒྲ་ཅན། །ལུག་བཟང་མཚལ་ཐིག་དར་གྱིས་བརྒྱན་པ་འདི༔་།ལྷ་ཆེན་མངར་རྒྱལ་འཁོར་དང་བཅས་ལ་འབུལ། །གནམ་ལྕགས་ལྡན་པའི་རྭ་གཉིས་གཙུག་ན་མཛེས། །ཆུ་རྒྱུན་ལྟ་བུར་རིང་བའི་ཨོག་ཞོལ་འཕྱོ། །སེར་སྤྲིན་སྒང་འཁྲུགས་འདྲ་བའི་སྤུ་ཞོལ་བརྗིད། །ལྷང་ལྷང་སྙན་པའི་སྒྲ་འབྱིན་འགྱིང་ཞིང་ཁྲབ། །ར་སྐྱེས་དར་དང་རྔ་མས་བརྒྱན་པ་འདི། །ལྷ་ཆེན་མངར་རྒྱལ་འཁོར་དང་བཅས་ལ་འབུལ། །དངོས་སུ་འབྱོར་དང་ཏིང་འཛིན་ཡིད་ལས་སྤྲུལ། །མངོན་སུམ་ལས་ཀྱང་ཡོན་ཏན་ཆེ་བར་དམིགས། །བརྒྱ་སྟོང་ཁྲི་འབུམ་འཇིག་རྟེན་ཁྱབ་པར་འབུལ། །འགྱིང་

p. 657

ཡག་མང་པོ་ངུར་སྒྲ་སྟོངས་སེ་སྟོང་། །གཡང་མོ་ལུག་གི་འབའ་སྒྲ་དི་རི་རི། །ར་སྐྱེས་མང་པོའི་སྲིད་སྒྲ་ཤ་ར་ར། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སྔར་བྱས་གཏང་རག་ཕྱི་བྱེད་ཞུ་སྐྱེམས་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །གཞི་བྱེས་ལམ་གསུམ་གར་འགྲོ་གར་སྡོད་ཀྱང་། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་ཅིག །ལྷ་རྒྱལ་འཁོར་བཅས་མཆོད་པ་འདི་བཞེས་ལ། །ནད་གདོན་དུས་མིན་འཆི་དང་མཚན་མ་ངན། །།ཞེས་སོགས་གོང་ལྟར་ཤེས་སོ། །དེ་ནས་ལས་ལ་བསྐུལ་ན་གཏོར་མ་ཟུར་གསུམ་ཤ་ཁྲག་ལིངྒས་བརྒྱུན་པའམ། དེ་ཙམ་དྲག་པོ་མི་དགོས་ན། དཀར་གཏོར་གཅིག་ལ་བཀུག་གཞུག་བྱ། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་འདི་སྐད་དོ།། ཀྱཻ། ལྷ་ཡི་དམག་དཔོན་མངར་རྒྱལ་རག་ཕྲོམ་ཁྱོད། །མཆེད་ལྕམ་ལས་མཁན་བློན་པོ་འཁོར་དང་བཅས། །ཐོག་མེད་གློག་ལྟར་མྱུར་བའི་རྫུ་འཕྲུལ་ཅན། །རིང་པར་འདིར་བྱོན་བཀའ་ཡི་གཏོར་མ་ལོངས། །སྔོན་ཚེ་ཆུ་བོ་ལོ་ཧི་ཏ་ཡི་འགྲམ། །སློབ་དཔོན་པདྨ་འབྱུང་གནས་བཞུགས་པའི་དྲུང་། །བོད་ཡུལ་ལྷ་འདྲེ་གཅིག་ཀྱང་མ་ལུས་

p. 658

པ། །ཐམས་ཅད་གནས་མཆོག་དེ་རུ་འདུས་ནས་ཀྱང་། །མ་འོངས་སློབ་དཔོན་ཁྱེད་ཀྱི་རྗེས་འཇུག་ལ། །གནོད་ཅིང་འཚེ་བའི་དགྲ་བོ་གང་འདུག་པ། །ཐམས་ཅད་ངེད་ཅག་རྣམས་ཀྱིས་སྒྲོལ་ལོ་ཞེས། །ལྷ་འདྲེ་ཀུན་གྱིས་དམ་བཅའ་ཕུལ་བའི་ཚེ། །ལྷ་རྒྱལ་འཁོར་བཅས་དམ་བཅའ་དྲན་མཛོད་ལ། །བདག་ལ་སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །བདག་ཅག་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན། །ཁྱེད་རྣམས་དམ་ལ་བཏགས་པའི་ལྷ་འདྲེ་ཡིན། །དེ་བས་དམ་ལ་མ་འདའ་ཕྲིན་ལས་མཛོད། །ཅེས་བསྐུལ་ལ་གཏོར་མ་དམིགས་བྱའི་ཕྱོགས་སུ་བསྐྱལ་ལོ། །དེ་ནས་བཟོད་གསོལ་བྱེད་པ་ནི་འདི་སྐད་དོ། །ཀྱཻ། ད་ནི་བཟོད་པར་གསོལ་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །བུ་ཚ་ཕྱིར་རབས་ཡན་ཆད་ཀྱིས། །ལྷ་ཀླུ་གཞི་བདག་ཁྱེད་རྣམས་ལ། །ཐུགས་དང་འགལ་བར་གྱུར་པ་ལས། །ས་གཉན་བརྐོས་དང་ཆུ་གཉན་རྙོག །རྡོ་གཉན་རློག་དང་ཤིང་གཉན་བཅད། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །ཁང་ལས་བྱས་དང་ཞིང་གཉན་རྨོས། །རོ་གཉན་ཁུར་དང་མནའ་གཉན་

p. 659

བསྐྱལ། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །རྨེ་དང་ནལ་དང་རྨུགས་དང་ནི། ཐབ་གཞོབ་མཁོན་དང་ཟས་ངན་ཟོས།། །གཟའ་སྐར་ངན་དང་ཕྱོགས་ངན་སོགས། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །གཏོ་གཉན་ཕུལ་དང་ས་གཉན་ཕབ། །ལྷ་གཉན་བསྒོམས་ཤིང་ཟོར་གཉན་འཕང་། །སྔགས་གཉན་བཟླས་ཤིང་ཐུན་གཉན་འཐོར། །གང་ཡང་བྱས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་བཟོད་པར་གསོལ། །དེ་དག་གནོད་པ་མེད་པར་མཛོད། །ཐུགས་ཞི་བྱང་ཆུབ་སེམས་དང་ལྡན་པར་མཛོད། །བཀྲ་ཤིས་བདེ་ལེགས་འཕེལ་བའི་ཕྲིན་ལས་མཛོད། །ཅེས་ཡིག་བརྒྱ་བཟླས་རྗེས་ཆོག་བྱ། བཀྲ་ཤིས་བརྗོད། ཀརྨ་ཨ་རཱ་གས་མཛད་པ་འདི། ཡི་གེ་འདི་ནི་ཏ་ཡི་མིང་ཅན་ནོ། ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡུལ་གར་འདུག་གི་གསོལ་ཁ་སྤྱི་འགྲོ།

p. 660
p. 661

ཡུལ་གར་འདུག་གི་གསོལ་ཁ་སྤྱི་འགྲོ་ནི། ཀྱེ། སྟོང་གསུམ་སྲིད་པའི་འཇིག་རྟེན་གྱི། །ས་ཕྱོགས་ཡུལ་རིས་འདི་དག་ན། །གནས་པའི་གཞི་བདག་ལྷ་ཀླུ་གཉན། །ཡུལ་ས་གཞི་གནས་བདག་པོ་རྣམས། །འཁོར་དང་བཅས་པ་མ་ལུས་ཀུན། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ནི་རྫུ་འཕྲུལ་སྟོབས་དང་ལྡན། །བར་སྣང་ས་གཞི་ཀུན་གྱི་བདག །ལེགས་ཉེས་ཀུན་གྱི་ཤན་འབྱེད་ཅིང་། །འགྲོ་བ་མི་དང་ལྷན་ཅིག་གནས། །ཁྱད་པར་ཡུལ་རིས་ས་ཕྱོགས་འདིའི། །ཡུལ་སའི་རྒྱལ་པོ་འཁོར་དང་བཅས། །གནས་འདིར་མྱུར་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ༔ ཁྱོད་ལ་མཆོད་པ་འབུལ་བ་ནི། །རིན་ཆེན་འབྲས་ཀྱི་གཡག་ལུག་དང་། །སྦ་སྨྱུག་རིན་ཆེན་མདའ་དར་དང་། །དར་སྣ་ལ་སོགས་མཆོད་པ་འབུལ། །ཕྱེ་མར་མཁན་ཤུག་བལ་བུ་དང་། །ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། །འབྲས་ཀྱི་བཤོས་བུ་རྒྱན་ལྡན་དང་། །བྱ་ཕོ་མཚལ་བུའི་གསུང་སྙན་དང་། །དཀར་གསུམ་མངར་གསུམ་སྨན་མཆོག་རྣམས། །དག་ཅིང་

p. 662

གཙང་མར་བཤམ་པ་ཡི། །མཆོད་པའི་བྱེ་བྲག་བསམ་མི་ཁྱབ། །བདག་གི་བསམ་པ་དག་པ་དང་། །བདེ་གཤེགས་རྣམས་ཀྱི་བྱིན་རླབས་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །།ཁྱོད་ཀྱི་དབང་པོའི་སྤྱོད་ཡུལ་དུ། །ཅི་འདོད་ཡིད་བཞིན་ཚིམས་གྱུར་ཅིག །ཁྱོད་ཀྱི་འདོད་པ་ཚིམས་ནས་ཀྱང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་མ་གཏོང་ཞིག །དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །མཆོད་དོ་བསྟོད་དོ་གཞི་བདག་མཆོད་། །དགྲ་བོ་གསོད་པའི་ཤན་པ་མཛོད། །མི་ནོར་སྲུང་བའི་རྫིའུ་མཛོད། །བུ་ཚ་གསོ་བའི་ལེ་གུ་མཛོད། །སེར་ཆགས་རྣམས་ཀྱི་ཆོས་སྐྱོང་མཛོད། །སྔགས་འཆང་རྣམས་ཀྱི་བསྟན་སྲུང་མཛོད། །ཞང་བློན་རྣམས་ཀྱི་བློ་རོགས་མཛོད། །གཞོན་ནུ་རྣམས་ཀྱི་དགྲ་བླ་མཛོད། །བུ་སྲིང་རྣམས་ཀྱི་རྒྱབ་རྟེན་མཛོད། །ཡུལ་ས་རྣམས་ཀྱི་མཆོད་ལྷ་ཡིན། །གར་མཆོད་རྣམས་ཀྱི་མགོན་སྐྱབས་མཛོད། །མི་ནོར་རྣམས་ཀྱི་རྫིའུ་མཛོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་ལ་ན་ཚའི་སྣ་མ་འདྲེན་། །ཕྱུགས་ལ་གོད་ཁའི་སྣ་

p. 663

མ་འདྲེན་། །ཞིང་ལ་བཙའ་སད་སེར་གསུམ་སྣ་མ་འདྲེན། །བསྐྱབ་པའི་བུ་ཚ་སྐྱོབ་པར་མཛོད། །བཅོལ་བའི་ལེ་གུ་མ་སྟོར་ཅིག །བསྟན་པའི་སྒོ་ང་མ་བཅག་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །བཙན་གྱི་ཕོ་ཉ་མ་འགྱེད་ཅིག །བདུད་ཀྱི་ཞགས་པ་མ་འདེབས་ཤིག །སྔ་ཞགས་མདའ་ལྟར་མ་འཕེན་ཅིག །ཕྱི་ཞགས་གྲུ་ལྟར་མ་བདོག་ཅིག །ཤ་བཟུང་གློག་ལྟར་མ་འཁྱུག་ཅིག །དཀར་པོ་དགེ་བའི་དཔུང་གྲོགས་མཛོད། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །དགྲ་དང་བགེགས་ལ་ཕྲིན་ལས་མཛོད། །དལ་སྣ་ཇག་སྣ་བསྒྱུར་དུ་གསོལ། །།ནད་སྣ་ཡམས་སྣ་བསྒྱུར་དུ་གསོལ། །དགྲ་སྣ་གྱོད་སྣ་བསྒྱུར་དུ་གསོལ། །བདག་དང་ཡོན་བདག་འཁོར་བཅས་རྣམས། །དམག་ལ་འགྲོ་ན་དམག་དཔོན་མཛོད། །དམག་སྣ་སྡང་བའི་དགྲ་ལ་དྲོངས། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །དགྲ་ནོར་མང་པོ་གནང་དུ་ཆོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །རང་སེམས་འདོད་དགུ་ནོར་དང་སྤྱོད། །བྱེས་སུ་འགྲོ་ན་ལམ་ལྷ་མཛོད། །གཞི་ལ་འདུག་ན་ཡུལ་དཔོན་མཛོད། །མཐུ་དཔུང་གདོང་གྲོགས་རྒྱབ་

p. 664

རྟེན་མཛོད། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཡོན་བདག་དྲིན་ལན་ཆུད་མ་གསན། །བདག་དང་ཡོན་བདག་འཁོར་བཅས་ལ། །སྔོན་ནས་སུས་ལ་རྒྱབ་ནས་སྐྱོལ། །ལེགས་ཁ་བྱུང་ལ་རྒྱལ་ཁ་བསྟོད། །ཚེ་དང་བསོད་ནམས་སྤེལ་བར་མཛོད། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །ལོ་ཟླ་ཞགས་དུས་ཟ་མའི་སྐག །ཡེ་འདྲོགས་གློ་བུར་བཟློག་ཏུ་གསོལ། །བསྟན་པ་སྲུང་ཞིང་བསམ་པ་སྒྲུབས། །མཐུན་པའི་སྡོང་གྲོགས་མཛད་དུ་གསོལ། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཅེས་ཡུལ་གར་འདུག་གི་གསོལ་མཆོད་ཨ་རཱ་གས་མཛད་པའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡུལ་གར་འདུག་གི་གསོལ་ཁའི་སྤྲེང་ཟུར་འདེབས།

p. 665

ཡུལ་གར་འདུག་གི་གསོལ་ཁའི་སྤྲེང་ཟུར་འདེབས་བཞུགས་སོ།

p. 666

ན་མོ་པདྨ་ཀཱ་ར་ཡེ། འདི་ལ་དཀར་ཟླུམ་གཅིག་ལ་གཡག་ལུག་ར་གསུམ་བྱ་དང་འབྲང་རྒྱས་རྣམས་དར་ཚོན་རྣམ་ལྔ་དང་བལ་ཚོན་གྱིས་རྒྱན། འབྲུ་སྣ་ཤེལ་ཚིགས་སོགས་གཞུང་བཞིན་འབྱོར་ན་རབས། མ་འབྱོར་ན་དཀར་གཏོར་ལ་གཡག་ལུག་ར་གསུམ་སོགས་གང་འབྱོར་སྤྱི་ལྟར་བྱིན་བརླབས། དེ་ནས་གཞུང་གི། ཀྱཻ། སྟོང་གསུམ་སྲིད་པའི་འཇིག་རྟེན་གྱི། །སོགས་ནས། མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿའི་བར་བརྗོད། ཀྱེ། སྔོན་གྱི་དེ་ནི་གང་གསོལ་ཡང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །ཕུ་རུ་དེ་ནི་ལྷ་གསོལ་ཡང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །མདའ་རུ་དེ་ནི་འདྲེ་

p. 667

བཀར་ཡང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །མཐོ་བ་དེ་ནི་མཁར་བརྩེག་ཀྱང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །དམའ་བ་དེ་ནི་ཁྱིམ་ཕུབ་ཀྱང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །སྡང་བ་དེ་ནི་དགྲ་འདུལ་ཡང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །བྱམས་པ་དེ་ནི་གཉེན་སྐྱོང་ཡང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །དམག་དཔོན་དམག་ལ་འགྲོ་གྱུར་ཀྱང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །ཇག་དཔོན་ཇག་ལ་འགྲོ་གྱུར་ཀྱང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །གྲོས་དཔོན་གྲོས་ལ་འགྲོ་གྱུར་ཀྱང་། །ཡུལ་གྱི་ཡུལ་ལྷ་

p. 668

སྔོན་དུ་གསོལ། །ལེགས་པའི་བྱ་བ་ཅི་བྱེད་ཀྱང་། །ཡུལ་གྱི་ཡུལ་ལྷ་སྔོན་དུ་གསོལ། །གསོལ་ལོ་གསོལ་ལོ་ལྷ་ཡར་གསོལ། །མཆོད་དོ་མཆོད་དོ་ལྷ་ཡར་མཆོད། །བསྟོད་དོ་བསྟོད་དོ་ལྷ་ཡར་བསྟོད། །ཡུལ་ལྷ་གཞི་བདག་ཡར་གསོལ་ལོ། །ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །ལྷ་གཡག་དཀར་པོ་ཞིག་གིས་གསོལ། །དེ་བརྗེས་བར་གྱི་བསྐལ་པ་ལ། །ལྷ་ལུག་དཀར་པོ་ཡིས་ནི་གསོལ། །ལྷ་ར་དཀར་པོ་རྒྱན་གདན་གསོལ། །དེང་སང་བསྐལ་པའི་སྙིགས་མ་ལ། །འབྲས་གཡག་གྲྭ་པ་འདི་ཡིས་གསོལ། །འབྲས་ལུག་དཀར་པོ་འདི་ཡིས་གསོལ། །འབྲས་ར་མདངས་ཅན་འདི་ཡིས་གསོལ། །ཕྱི་ནང་གསང་བའི་མཆོད་པས་གསོལ། །དངོས་སམ་ཡིད་ཀྱིས་སྤྲུལ་ནས་མཆོད། མཆོད་གསོལ་འདོད་དོན་ཞུ་བ་ནི། །བར་ཆད་ཐམས་ཅད་ཞི་ནས་ཀྱང་། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །དེ་ནས། ཀྱཻ། ཁྱོད་ལ་མཆོད་པ་འབུལ་བ་ནི། སོགས་ནས། ཅི་འདོད་ཡིད་བཞིན་ཚིམས་གྱུར་ཅིག །བར་བརྗོད། ཀྱེ། འབྲས་ཀྱི་ལྷ་གཡག་ཤམ་པོ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་

p. 669

པ་ཡིན། །སྤུ་རྩིད་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །རུ་གཡུགས་དགྲ་ལ་བྱས་པ་ཡིན། །འཁྱམས་རྔམས་བགེགས་ལ་བྱས་པ་ཡིན། །འབྲས་ཀྱི་ལྷ་གཡག་དཀར་པོ་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་ལྷ་ལུག་དཀར་པོ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །བལ་སྤུ་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །དཀར་གསུམ་འོ་ཞོ་རྒྱས་པ་འདི། །ལྷ་མི་མང་པོ་འདུ་རྟེན་ཡིན། །འབྲས་ཀྱི་ལྷ་ལུག་བལ་ཆེན་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལོ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་གཡང་ར་ཚེ་རེ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །སྤུ་རྩིད་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །འདི་གཡང་མོ་ནོར་གྱི་རུ་མ་ཡིན། །འབྲས་ཀྱི་ཚེ་རེ་གཡང་དཀར་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་གཉན་བྱ་དམར་པོ་

p. 670

འདི། །རིན་ཆེན་མཚལ་ལས་གྲུབ་པ་ཡིན། །ཨོག་ཞུམ་པདྨ་ཟླུམ་པ་འདྲ། །ཟེ་བ་ཟངས་ཀྱི་སོག་ལེ་འདྲ། །སྐུ་ལུས་ཟླུམ་ལ་བུམ་པ་འདྲ། །མཇུག་མ་རྒྱ་ཟོར་བཀུག་པ་འདྲ་། །འདི་དགུང་སྔོན་དབུས་ནས་ནམ་འཕང་གཅོད། །མི་མགོ་དགུང་བས་མཐོ་བ་ཡིན། །འབྲས་ཀྱི་གཉན་བྱ་དམར་པོ་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་འབྲང་རྒྱས་ཞལ་དཀར་འདི། །འབྲང་རྒྱས་མ་ཡིན་གཡང་རྒྱས་ཡིན། །ཞབས་བརྟན་ས་ལ་བརྟེན་པ་ཡིན། །རྩེ་མོ་རིན་ཆེན་དགུང་དང་མཉམ། །མི་ནོར་དགུང་དང་མཉམ་པ་ཡིན། །ཁ་ཚར་ཟླུམ་པོར་བསྐོར་བ་འདི། །མི་ནོར་རང་ལ་འཁོར་བ་ཡིན། །ཞལ་ཁ་མར་གྱིས་བསྐུས་པ་འདི། །ལྷ་ཞལ་དུང་བས་དཀར་བ་ཡིན། །འདི་ལྷ་དཀོན་མཆོག་མཆོད་པའི་གཡང་ཞལ་ཡིན། །གཉན་ཡུལ་ལྷ་མཉེས་པའི་དམ་རྫས་ཡིན། །ལྷ་མི་འདུ་བའི་གཡང་རྫས་ཡིན། །འབྲས་ཀྱི་གཡང་རྫས་ཞལ་དཀར་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱི། འབྲས་དྲུག་ཆང་གི་གཡང་མཚོ་འདི། །

p. 671

མིག་གིས་མཐོང་བས་དབང་པོ་གསལ། །ལག་ཏུ་བླངས་བས་གདུང་བ་སེལ། །ཞལ་དུ་གསོལ་བས་དྲན་རེག་གསལ། །ལྗགས་ལ་བཏུང་བས་དབང་པོ་ཚིམས་། །འདི་སྔོན་མོ་ནས་ཀྱི་ཁུ་བ་ཡིན། །བདུད་རྩི་ངར་གྱི་བཅུད་དང་ལྡན། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ཡུ་མར་ཇ་ཡི་གཡང་མཚོ་འདི། །ཁུངས་བཙུན་ནག་པོ་རྒྱ་ནས་བྱུང་། །ཁྱུང་དཀར་མཛོ་དང་དྲེལ་ལ་བཀལ། །མེ་ཆུ་དག་པའི་རྫས་དང་སྦྱར། །ཡེ་ཤེས་བདུད་རྩིའི་བཅུད་དང་ལྡན་། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ཞོ་དང་འོ་མའི་གཡང་མཚོ་འདི། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིན། །མིའུ་རིན་ཆེན་འདུ་རྟེན་ཡིན། །འོ་ཞོ་རྒྱ་མཚོ་འཁྱིལ་འདྲ་བ། །ཐུད་དཀར་གངས་རི་སྤུངས་འདྲ་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲུ་སྣ་རིན་ཆེན་སྣ་ལྔ་འདི། །སྤྲེའུ་བྱང་ཆུབ་སེམས་དཔའ་ཡིས། །འཇིག་རྟེན་དབང་ཕྱུག་སྤྱན་སྔར་ཞུས། །པོ་ཊ་ལ་ཡི་གནས་མཆོག་ནས། །འཕགས་པ་

p. 672

སྤྱན་རས་གཟིགས་དབང་གིས། །ཁ་བ་ཅན་གྱི་ཡུལ་དུ་གཏོར། །སེམས་ཅན་ཀུན་གྱི་གསོས་སུ་གྱུར། །སྣ་ཚོགས་འབྲུ་སྣ་རིན་ཆེན་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ལྷ་ཡི་དར་ཟབ་པཉྩ་ལི། །དཀར་སེར་དམར་ལྗང་སྔོ་དང་སྨུག །ཡིད་འོང་སྲབ་ལ་འཇམ་པའི་གོས། །ཁུངས་བཙུན་རྒྱ་དང་ཧོར་ནས་བྱུང་། །འགྲོ་བ་མི་དང་ལྷ་ཡི་རྒྱན། །སྤྲིན་ཕུང་བཞིན་དུ་གཏིབས་པ་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ཡེ་ཤེས་བལ་ཚོན་སྣ་ལྔ་འདི། །རྒྱུ་ནི་བཀྲ་ཤིས་ལུག་ལས་བྱུང་། །ཁ་དོག་སྣ་ཚོགས་མཚོན་གྱིས་བསྒྱུར། །བཟང་ཤིང་སྣ་ཚོགས་རྩེ་ལ་བཏགས། །འབྱུང་བ་རླུང་གིས་བསྐྱོད་པའི་ཚེ། །རིན་པོ་ཆེ་ཡི་སྤྲིན་ཕུང་ལྟར། །འདོད་ཡོན་ཆར་ལྟར་འབེབས་པ་འདི། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱི། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །དཀར་གཏོར་བདུད་རྩིའི་རྒྱ་མཚོ་དང་། །ཕྱེ་མར་གངས་རི་སྤུངས་འདྲ་དང་། །བཟང་ཤིང་སྣ་ཚོགས་ཟས་ཕུད་

p. 673

རྣམས། །བསྲེགས་པའི་དུད་པ་སྤྲིན་ལྟར་གཏིབས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཡུལ་ལྷ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཅེས་དང་། གཞུང་གི །ཁྱོད་ཀྱི་འདོད་པ་ཚིམས་ནས་ཀྱང་། །སོགས་ནས། བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཅེས་སྦྱར། དེ་ནས་གཏོར་མ་བཏེག་ལ། །ཀྱཻ། གངས་རི་དཀར་ལ་འཚེར་བ་འདི། །སྟག་ཆེན་ངར་མི་མཆེ་བ་འདྲ། །འདི་ཡང་ཡུལ་ལྷ་བཞུགས་པའི་གནས། །མ་ཡོ་གནས་དང་བརྟན་པར་བཞུགས། །བྲག་རི་དཀར་ལ་གཟེང་པ་འདི། །འབྲོང་བུ་དར་མའི་རྭ་རྩེ་འདྲ། །འདི་ཡང་ཡུལ་ལྷ་བཞུགས་པའི་གནས། །མ་ཡོ་གནས་དང་བརྟན་པར་བཞུགས། །བྲག་རི་དཀར་ལ་རྔམས་པ། །སྐྱེས་པ་དེར་མིའི་གདོང་པ་འདྲ། །འདི་ཡང་ཡུལ་ལྷ་བཞུགས་པའི་གནས། །མ་ཡོ་གནས་དང་བརྟན་པར་བཞུགས། །སྤང་དང་ནགས་གཉིས་འདྲེས་པ་འདི། །ཅང་ཤེས་རྟ་ཡི་ཟེ་བ་འདྲ། །འདི་ཡང་ཡུལ་ལྷ་བཞུགས་པའི་གནས། །མ་ཡོ་གནས་དང་བརྟན་པར་བཞུགས། །གཡའ་དང་སྤང་གཉིས་འདྲེས་པ་འདི། །ར་ལུག་འབྲི་ཡི་གདོང་པ་

p. 674

འདྲ། །འདི་ཡང་ཡུལ་ལྷ་བཞུགས་པའི་གནས། །མ་ཡོ་གནས་དང་བརྟན་པར་བཞུགས། །དེ་ལྟར་རྟེན་བཅས་བཞུགས་ནས་ཀྱང་། །ཡུལ་ལྷ་གཉན་པོ་ཁྱེད་རྣམས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ཆོས་མཐུན་བསམ་པ་འགྲུབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་། རང་རང་ཇི་ལྟར་ནུས་པ་ཡིས། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཁོ་འཛིན་རྒྱབ་རྟེན་སྡོང་གྲོགས་མཛོད། །སྙན་པ་སྒྲོག་ལ་གྲགས་པ་སྤེལ། །སྐྱེལ་བསུ་མཐུ་རྐྱེན་རོགས་ལྡན་མཛོད། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་གསས་མཁར་རམ་རི་རྩེར་འབུལ། ཡུལ་ལྷ་སྤྱི་ཡི་གསོལ་མཆོད་ཨ་རཱ་གས་མཛད་པའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡུལ་ལྷ་སྤྱི་ཡི་གསོལ་ཀ

p. 675

ཡུལ་ལྷ་སྤྱི་ཡི་གསོལ་ཀ་བཞུགས། །ཀྱི། འབྲས་ཀྱི་ལྷ་གཡག་ཤམ་པོ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །སྤུ་རྩིད་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །རུ་གཡུགས་དགྲ་ལ་བྱས་པ་ཡིན། །འཁྱམས་རྔམས་བགེགས་ལ་བྱས་པ་ཡིན། །འབྲས་ཀྱི་ལྷ་གཡག་དཀར་པོ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་ལྷ་ལུག་དཀར་པོ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །བལ་སྤུ་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །དཀར་གསུམ་འོ་ཞོ་རྒྱས་པ་འདི། །ལྷ་མི་མང་པོ་འདུ་རྟེན་ཡིན། །འབྲས་ཀྱི་ལྷ་ལུག་བལ་ཆེན་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་གཡང་ར་ཚེ་རེ་འདི། །རྩི་ཐོག་སྙིང་པོ་མར་གྱིས་བརྒྱན། །རྨིག་བཞིས་བདུད་བཞི་ནོན་པ་ཡིན། །སྤུ་རྩིད་འཐུག་ལ་རྒྱས་པ་དེ། །མི་ནོར་འཐུག་ལ་རྒྱས་པ་ཡིན། །འདི་གཡང་མོ་ནོར་གྱི་རུ་མ་ཡིན། །འབྲས་ཀྱི་ཚེ་རེ་གཡང་

p. 676

དཀར་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་ཀྱི་གཉན་བྱ་དམར་པོ་འདི། །རིན་ཆེན་མཚལ་ལས་གྲུབ་པ་ཡིན། །ཨོག་ཞུམ་པདྨ་ཟླུམ་པ་འདྲ། །ཟེ་བ་ཟངས་ཀྱི་སོག་ལེ་འདྲ། །སྐུ་ལུས་ཟླུམ་ལ་བུམ་པ་འདྲ། །མཇུག་མ་རྒྱ་ཟོར་བཀུག་པ་འདྲ། །འདི་དགུང་སྔོན་དབུས་ནས་ནམ་འཕང་གཅོད། །མི་མགོ་དགུང་བས་མཐོ་བ་ཡིན། །འབྲས་ཀྱི་གཉན་བྱ་དམར་པོ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། །ཚེའབྲས་ཀྱི་འབྲང་རྒྱས་ཞལ་དཀར་འདི། །འབྲང་རྒྱས་མ་ཡིན་གཡང་རྒྱས་ཡིན། །ཞབས་བརྟན་ས་ལ་བརྟེན་པ་ཡིན། །རྩེ་ནི་རིན་ཆེན་མཁའ་དང་མཉམ། །མི་ནོར་དགུང་དང་མཉམ་པ་ཡིན། །ཁ་ཚར་ཟླུམ་པོར་བསྐོར་བ་འདི། །མི་ནོར་རང་ལ་འཁོར་བ་ཡིན། །ཞལ་ཁ་མར་གྱིས་བསྐུས་པ་འདི། །མི་ནོར་ལྷ་ངོ་གསལ་བ་ཡིན། །འདི་ལྷ་དཀོན་མཆོག་མཆོད་པའི་ཡོ་བྱད་ཡིན། །གཉན་ཡུལ་ལྷ་མཉེས་པའི་དམ་རྫ་ས་ཡིན། །ལྷ་མི་འདུ་བའི་གཡང་རྫས་ཡིན། །འབྲས་ཀྱི་གཡང་རྫ་ས་ཞལ་དཀར་འདི། །ཆེ་གེ་འཁོར་དང་

p. 677

བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འབྲས་དྲུག་ཆང་གི་གཡང་མཚོ་འདི། །མིག་གིས་མཐོང་བས་འཛུམ་གྱིས་འཆོར། །ཞལ་དུ་གསོལ་བས་དྲན་རིགས་གསལ། །ལྗགས་ལ་བཏུང་བས་དབང་པོ་ཚིམ། །འདི་སྔོན་མོ་ནས་ཀྱི་ཁུ་བ་ཡིན། །བདུད་རྩི་ངར་གྱི་བཅུད་དང་ལྡན། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ཞོ་དང་འོ་མའི་གཡང་མཚོ་འདི། །ཡེ་ཤེས་ལྔ་ཡི་བདུད་རྩི་ཡིན། །མིའུ་རིན་ཆེན་འདུ་རྟེན་ཡིན། །འོ་ཞོ་རྒྱ་མཚོ་འཁྱིལ་འདྲ་བ། །ཐུད་དཀར་གངས་རི་སྤུངས་འདྲ་འདི། །ཟི་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱི། འབྲུ་སྣ་རིན་ཆེན་སྣ་ལྔ་འདི། །སྤྲེའུ་བྱང་ཆུབ་སེམས་དཔའ་ཡིས། །འཇིག་རྟེན་དབང་ཕྱུག་སྤྱན་སྔར་ཞུས། །པོ་ཊ་ལ་ཡི་གནས་མཆོག་ནས། །འཕགས་པ་སྤྱན་རས་གཟིགས་དབང་གིས། །ཁ་བ་ཅན་གྱི་ཡུལ་དུ་གཏོར། །སེམས་ཅན་ཀུན་གྱི་གསོས་སུ་གྱུར། །སྣ་ཚོགས་འབྲུ་སྣ་རིན་ཆེན་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་

p. 678

ཅིག །ཀྱཻ། ལྷ་ཡི་དར་ཟབ་པཉྩ་ལི། །དཀར་སེར་དམར་ལྗང་སྔོ་དང་སྨུག །ཡིད་འོང་སྲབ་ལ་འཇམ་པའི་གོས། །ཁུངས་བཙུན་རྒྱ་དང་ཧོར་ནས་བྱུང་། །འགྲོ་བ་མི་དང་། ལྷ་ཡིས་རྒྱན། །སྤྲིན་ཕུང་བཞིན་དུ་གཏིབས་པ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། ཡེ་ཤེས་བལ་ཚོན་སྣ་ལྔ་འདི། །རྒྱུ་ནི་བཀྲ་ཤིས་ལུག་ལས་བྱུང་། །ཁ་དོག་སྣ་ཚོགས་ཚོན་གྱིས་སྒྱུར། །བཟང་ཤིང་སྣ་ཚོགས་རྩེ་ལ་བཏགས། །འབྱུང་བ་རླུང་གིས་བསྐྱོད་པའི་ཚེ། །རིན་པོ་ཆེ་ཡི་སྤྲིན་ཕུང་ལ། །དགོས་འདོད་ཆར་ལྟར་འབབ་པ་འདི། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱཻ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །དཀར་གཏོར་བདུད་རྩིའི་རྒྱ་མཚོ་འདི། །ཕྱེ་མར་གངས་རི་སྤུངས་བ་འདྲ། །བཟང་ཤིང་སྣ་ཚོགས་ཟས་ཕུད་རྣམས། །བསྲེགས་པའི་དུད་པ་སྤྲིན་ལྟར་གཏིབས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཆེ་གེ་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །རང་རང་ཅི་ལྟར་ནུས་པ་ཡིས། །ལས་ཀྱི་དངོས་གྲུབ་བདག་ལ་

p. 679

སྩོལ། །ཁ་འཛིན་རྒྱབ་རྟེན་སྡོང་གྲོགས་མཛོད། །སྙན་པ་སྒྲུབ་ལ་གྲགས་པ་སྒྲོག །སྐྱེལ་བསུ་མཐུ་རྐྱེན་རོགས་ལྡན་མཛོད། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་པ་ཡུལ་ལྷ་སྤྱིའི་གསོལ་མཆོད་དེ། གང་ལ་སྦྱར་དུ་རུང་བ་སྟེ། ཆེ་གེ་ཞེས་པའི་ཚབ་ཏུ། སོ་སོའི་མིང་འཛུད་ཤེས་པར་བྱས་ལ། དཀར་གཏོར་གཡག་ལུག་ར་གསུམ་དང་། འབྲང་རྒྱས་རྣམས་བཅས་ལ། བསང་དང་འབྲེལ་བ་བམ། གསོལ་ཀའི་གཤམ་ལ། བཏགས་ཀྱང་རུང་བའོ། །ཞེསཔ་༧ རཱ་ག་ཨ་སྱས་སྦྱར་ལྟ་བའོ།། ། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡུལ་བཙན་སྤྱི་འགྲོའི་གསོལ་ཁ་བསྡུས་པ།

p. 680
p. 681

ཡུལ་བཙན་སྤྱི་འགྲོའི་གསོལ་ཁ་བསྡུས་པ་བཞུགས་སོ། །བཙན་གསོལ་བྱ་བར་འདོད་ན། བཙན་བཤོས་གཡས་དཀྱུས་རྩེ་དགུ། དཀར་གཏོར་མཐེབ་སྐྱུ། འབྲུ་སྣ་ཕྱེ་མར་གསེར་སྐྱེམས་རྣམས་བཤམས། བྱིན་རླབས་སྤྱི་དང་མཐུན་པར། རང་ཡི་དམ་ལྷར་གསལ་བས་འདི་སྐད་དོ། །ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་རྣམ་པ་དག་བགེགས་བསྒྲལ་བའི་ཤ་ཁྲག་ལོངས་སྤྱོད་ཡེ་ཤེས་ཀྱི་བདུད་རྩིས་རྒྱ་མཚོ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་ཡུལ་བཙན་སོ་སོའི་གནས་ནས་སྤྱན་དྲངས། ཨོཾ་ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ༔ ཀྱཻ། ཕྱོགས་ཕྱོགས་དེ་ཡི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བཙན་ཡུལ་རི་བྲག་དམར་པོ་ནས། །ཡུལ་བཙན་རྒྱལ་པོ་མཐུ་བོ་ཆེ། །ཕལ་ཆེར་སྐུ་མདོག་དམར་པོ་ལ། །སྐུ་ལ་ཟངས་ཁྲབ་དམར་པོ་གསོལ། །དབུ་ལ་ཟངས་ཀྱི་རྨོག་ཞུ་གསོལ། །ཕྱག་ན་བ་དན་ཞགས་པ་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །འཁོར་དུ་བཙན་དམག་འབུམ་

p. 682

སྡེས་བསྐོར། །ཀྱཻ། ཁྱེད་ཀྱི་འཁོར་གྱི་ཕོ་ཉ་ནི། །ལ་བཙན་དང་ནི་ལུང་བཙན་དང་། །བྲག་བཙན་དང་ནི་ཆུ་བཙན་དང་། །གངས་བཙན་དང་ནི་གཡའ་བཙན་དང་། །རླུང་བཙན་དང་ནི་ཤིང་བཙན་དང་། །མི་བཙན་དང་ནི་ས་བཙན་དང་། །འཁོར་དང་བཅས་པ་མ་ལུས་པ། །ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན། །ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ་ཛ་ཀྱེ། ཁྱོད་ལ་མཆོད་པ་འབུལ་བ་ནི། །བཙན་བཤོས་ཤ་ཁྲག་དམར་གྱིས་བརྒྱན། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཕྱེ་མར་གསེར་སྐྱེམས་བདུད་རྩི་སོགས་། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །གསོལ་ལོ་མཆོད་དོ་བཙན་རྒོད་འཁོར་བཅས་མཆོད། །བརྗོན་ནོ་བསང་ངོ་བཙན་རྒོད་འཁོར་བཅས་བརྔན། །ཨོ་ཤུ་ལ་ཏྲི་ས་པཱ་རི་ཝཱ་ར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། སྔོན་ཚེ་རིག་འཛིན་པདྨ་ཐོད་ཕྲེང་གིས། །འཛམ་གླིང་ས་གཞི་ཞབས་ཀྱིས་བཅགས་བྱས་ནས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། །དེ་ཚེ་ཡུལ་འདིའི་བཙན་རྒོད་ཁྱོད་ཉིད་ཀྱང་། །དམ་ལ་མནོས་ཤིང་བཀའ་བཞིན་སྒྲུབ་པར་ཆད། །སྔོན་གྱི་ཐ་ཚིག་གཉེན་ལས་མ་འདའ་

p. 683

བར། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་རིན་ཆེན་སྲུང་བ་དང་། །བདག་ཅག་ཡོན་མཆོད་མི་ནོར་རྟ་ཕྱུགས་ལ། །གནོད་འཚེ་མ་བྱེད་མི་མཐུན་ཕྱོགས་རྣམས་སོལ། །གཞི་བྱེས་ཀུན་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །ལེགས་དང་སྤྱོད་ལ་ཉེས་པ་ཐམས་ཅད་བསྣོལ། །མི་འཕན་རྟ་ཧྲག་བཙན་དྲག་ལྡན་པ་དང་། །བསམ་དོན་སྒྲུབས་ལ་ལོ་ཕྱུགས་ལེགས་པར་མཛོད། །ཡུལ་ཁམས་བདེ་སྐྱིད་དཔལ་འབྱོར་རྒྱས་པ་སོགས། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད་། །ཀྱཻ། སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །རྣལ་འབྱོར་འགལ་རྐྱེན་ཁྱེད་ཀྱིས་ཟློག །མི་མཐུན་རྐྱེན་དང་བར་ཆད་སོལ། །བཙན་གྱི་གློ་བུར་གཟེར་ནད་ཟློག །མི་ནད་ཕྱུགས་ནད་ཞི་བར་མཛོད། །བཙའ་སད་སེར་གསུམ་ཞི་བར་མཛོད། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོག་ལ་

p. 684

བསྡམ་པ་ཀློད། །འབྱུང་བཞིའི་ནད་རྣམས་ཞི་བར་མཛོད། །བཙན་གྱི་ཞགས་པ་མ་འདེབས་ཤིག །འཁོར་འདིར་གནོད་པ་མ་བྱེད་ཅིག །ཕོག་ཐུག་འགྲམ་འཁྲུགས་ཞི་བར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཙན་རྒོད་འཁོར་དང་བཅས་པ་རྣམས། །སོ་སོ་རང་རང་གནས་སུ་དེངས། །ཨོ་ཤུ་ལ་ཏྲི་སརྦ་གཙྪ། ཞེས་བཙན་གསོལ་འདི་ནི་མི་ཕྱུགས་ལ་བཙན་གྱི་གནོད་འཚེ་བྱུང་ཚེ། ཡུལ་ཕྱོགས་སྤྱི་འགྲོ་ཡི་བཙན་གསོལ་ཨ་རཱ་གས་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བཙན་གསོལ་ཡུལ་བཙན་གྱི་གསོལ་མཆོད་སྤྱི་འགྲོ།

p. 685

བཙན་གསོལ་ཡུལ་བཙན་གྱི་གསོལ་མཆོད་སྤྱི་འགྲོ་བཞུགས་སོ།། ༈ བཙན་གསོལ་བྱེད་པར་འདོད་ན། དམར་གཏོར་རྩེ་དགུ་གཡས་དཀྱུས། དཀར་གཏོར་མཐེབ་སྐྱུ་འབྲུ་སྣ་ཕྱེ་མར་གསེར་སྐྱེམས་རྣམས་བཤམས་ལ། བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། རང་ཉིད་ཡི་དམ་གསལ་ལ་འདི་སྐད་དོ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བཙན་ཡུལ་རི་བྲག་དམར་པོ་ནས། །ཡུལ་བཙན་རྒྱལ་པོ་མཐུ་བོ་ཆེ། །ཕལ་ཆེར་སྐུ་མདོག་དམར་པོ་ལ། །སྐུ་ལ་ཟངས་ཁྲབ་དམར་པོ་གསོལ། །དབུ་ལ་ཟངས་ཀྱི་རྨོག་མོ་གསོལ། །ཕྱག་ན་བ་དན་ཞགས་པ་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །བཙན་དམག་འབུམ་གྱི་འཁོར་གྱིས་བསྐོར། །ཀྱི། ཁྱེད་ཀྱི་འཁོར་གྱི་ཕོ་ཉ་བ། །ལ་བཙན་དང་ནི་ལུང་བཙན་དང་། །བྲག་བཙན་དང་ནི་ཆུ་བཙན་དང་། །གངས་བཙན་དང་ནི་གཡའ་བཙན་དང་། །རླུང་བཙན་དང་ནི་ཤིང་བཙན་དང་། །འཁོར་དང་བཅས་པ་མ་ལུས་ལ། །ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན། །ཤུ་ལ་ཏྲི་ས་མ་ཡ་ཛ་ཛ༔ ཀྱཻ། ཁྱེད་ལ་མཆོད་པ་འབུལ་བ་ནི། །བཙན་བཤོས་ཤ་ཁྲག་དམར་གྱིས་མཆོད། །

p. 686

དཀར་གསུམ་མངར་གསུམ་འབྲུ་སྣ་གསེར་སྐྱེམས་སོགས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་ནས་འབུལ། །གསོལ་ལོ་མཆོད་དོ་བཙན་རྒོད་འཁོར་བཅས་མཆོད། །བརྔན་ནོ་བསང་ངོ་བཙན་རྒོད་འཁོར་བཅས་བསང་། །ཀྱཻ། སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་ལྟར། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་འགལ་རྐྱེན་ཁྱེད་ཀྱིས་ཟློག །མི་མཐུན་རྐྱེན་དང་བར་ཆད་སོལ། །བཙན་གྱི་གློ་བུར་གཟེར་ནད་ཟློག །མི་ནད་ཕྱུགས་ནད་ཞི་བར་མཛོད། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །མནན་པ་ཁྱོག་ལ་བསྡམ་པ་ཀློད། །འབྱུང་བཞིའི་ནད་རྣམས་ཞི་བར་མཛོད། །བཙན་གྱི་ཞགས་པ་མ་འདེབས་ཤིག །སོ་སོ་རང་རང་གནས་སུ་གཤེགས། །འཁོར་འདི་གནོད་པ་མ་བྱེད་ཅིག །ཕོག་ཐུག་འགྲམ་འཁྲུགས་ཞི་བར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བཙན་གསོལ་འདི་དེང་སང་མི་ཕྱུགས་ཕལ་ཆེར་ལ། བཙན་གྱི་གནོད་འཚེ་ཆེ་བས་དེ་ལ་ཕན་ཕྱིར་ཡུལ་ཕྱོགས་སྤྱི་འགྲོས་ཀྱི་བཙན་གསོལ་དུ། ༧ རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ།། །།

ཡུལ་གར་འདུག་གི་བཙན་གསོལ་བསྡུས་པ།

p. 687

ཡུལ་གར་འདུག་གི་བཙན་གསོལ་བསྡུས་པ་བཞུགས་སོ།། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཡུལ་ལྷ་བཙན་རྒོད་མཐུ་བོ་ཆེ། །རི་དབྱིབས་རིན་ཆེན་འདྲ་བ་ལ། །རི་མདོག་ཟངས་རི་དམར་པོ་འདྲ། །རི་རྩེ་མདུང་མོ་གཤིབས་པ་འདྲ། །རི་བོ་དེ་ཡི་ནང་ཤེད་ན། །ཡུལ་ལྷ་བཙན་རྒོད་མཐུ་བོ་ཆེ། །སྐུ་མཁར་དམར་པོའི་ནང་ཤེད་ན། །བཙན་རྗེ་མི་དམར་རྟ་རུ་དམར། །སྐུ་མདོག་དམར་པོ་བྱི་རུའི་མདོག །ཕྱག་གཡས་ཟངས་མདུང་དམར་པོ་ཕྱར། །གཡོན་པས་བཙན་ཞགས་དམར་པོ་འཁྱུད། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །འཁོར་དུ་བཙན་དམག་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འཁོར་དང་བཅས་པ་མ་ལུས་པ། །ཤ་ཁྲག་དམར་གྱི་གསུར་མཆོད་དང་། །དཀར་གསུམ་མངར་གསུམ་འབྲུ་སྣ་སྨན། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ། །བསང་ངོ་ཡུལ་བཙན་འཁོར་བཅས་བསང་། །མཆོད་དོ་ཡུལ་བཙན་འཁོར་བཅས་མཆོད། །བརྔན་ནོ་ཡུལ་བཙན་འཁོར་བཅས་བརྔན། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་

p. 688

སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིང་། །རྒྱུ་སྦྱོར་ཡོན་བདག་བར་ཆད་སྲུངས། །མི་ནད་ཕྱུགས་ནད་ཞི་བར་མཛོད། །མི་ནོར་ལོངས་སྤྱོད་འཕེལ་རྒྱས་མཛོད། །ཆེ་བཙན་མཐུ་ཡི་དངོས་གྲུབ་སྩོལ། །བྱི་ཤུ་ར་ཙ་སརྦ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་རཱ་གས་མཛད་པའོ། །སརྦ་མངྒ་ལཾ།། །།

དྲག་པོ་སྤྱི་འདུས་ཀྱི་བསྐུལ་པ་ཆོས་སྐུ་ཞི་བ་མ།

p. 689

དྲག་པོ་སྤྱི་འདུས་ཀྱི་བསྐུལ་པ་ཆོས་སྐུ་ཞི་བ་མ་བཞུགས་པའི་དབུ་ཕྱོགས་ལགས་སོ།

p. 690

ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ། །རིག་འཛིན་ཡི་དམ་ཌཱ་ཀི་ཆོས་སྐྱོང་ཚོགས། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ལ། །ཞལ་གདངས་ལྗགས་འདྲིལ་སྐན་སྒྲ་ཆེམས་སེ་ཆེམ། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །པད་འབྱུང་ཟབ་གཏེར་རྡོ་རྗེ་གྲོ་བོ་ལོད། །སེང་གེ་སྒྲ་སྒྲོག་དམར་ནག་མེ་ཕྲེང་ཅན། །པདྨ་བཛྲ་དགོངས་འདུས་ལྷ་ཡི་ཚོགས། །རྡོ་རྗེ་དྲལ་རྩལ་མེ་དབལ་ལྕགས་སྡིག་སོགས། །རིག་འཛིན་ཁྲོས་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །དགྲ་

p. 691

བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །དྲ་བ་སྡོམ་པའི་ལྷ་ཚོགས་འཁོར་ལོ་ལྔ། །སྐུ་གསུང་ཐུགས་དང་སྙིང་པོ་ཀྱི་རྡོ་རྗེ། །མཱ་ཡཱ་ཐོད་པ་རིགས་འདུས་གུར་གྱི་ལྷ། །གདན་བཞི་ཡབ་ཡུམ་བདུད་རྩི་རྡོ་རྗེ་སེམས། །ཧེ་རུ་ཀ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །ཆེ་མཆོག་དཔལ་དགུ་ཡབ་ཡུམ་སྲས་དང་འཁོར། །ཡང་དག་ཐུགས་མཆོག་འབར་བ་ལྔ་བཅུ་བརྒྱད། །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་བཅས། །ཡེ་ཤེས་འཇིགས་བྱེད་གསང་བདག་ཁྱུང་གི་ཚོགས། །ཡི་དམ་དཔལ་ཆེན་ལྷ་ཚོགས་ཐམས་ཅད་ཀྱིས། །

p. 692

དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །དགྲ་ནག་གདོང་དྲུག་འཇིགས་བྱེད་གཤེད་དམར་ནག །ཚེ་བདག་འཆི་བདག་ཁྲོ་ཆུ་དུག་གདོང་ཅན། །ཀིང་ཀང་དམར་ནག་འཆར་ཁ་ཆོས་ཀྱི་རྒྱལ། །གནམ་ལྕགས་ཕ་ལམ་རྡོ་རྗེ་ཞུན་བྱེད་སོགས། །འཇམ་དཔལ་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །དབང་ཆེན་དམར་ནག་རྟ་ནག་དྲེགས་པའི་ཚོགས། །གསང་བ་ཡེ་ཤེས་ཕག་ཁྲོས་སེང་གདོང་མ། །འཇིགས་བྱེད་ཆེན་མོ་ལས་ཧུར་དྲག་མོའི་ཚོགས། །རི་རབ་སོ་ཊྛིགཉིས་རྡུལ་མཉམ་ཌཱ་ཀི་མ། །གནས་ཡུལ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །རྒྱུད་བདག་དྲག་པོ་རོ་ཟ་གདམས་ངག་རྒྱལ། །བགེགས་དགྲ་སྨེ་བ་བརྩེགས་དང་སྟོབས་པོ་ཆེ། །ཧཱུྃ་མཛད་ཁམས་གསུམ་རྣམ་རྒྱལ་མི་གཡོ་མགོན། །འབྱུང་འདུལ་རྣམ་པར་འཇོམས་དང་འདོད་པའི་རྒྱལ། །ཡེ་ཤེས་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །བྱ་རོག་མཚན་དགུ་སྐུ་ལྔ་ཡབ་དང་ཡུམ། །བྱ་རོག་གདོང་དགུ་རྩ་འཇིབ་ཙཎྜི་

p. 693

ཀ །ནག་པོ་སྟོང་སྡེ་ཤ་ཟ་འབུམ་གྱི་ཚོགས། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ཡི་འཁོར། །དམག་དཔོན་བརྒྱུད་དང་ཁྲབ་ཆེན་བྱེ་བ་འབུམ། །།དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །ལེགས་ལྡན་བེང་དང་ཚོགས་བདག་ཨ་གྷོ་ར། །སྲས་མཆོག་ནག་པོ་ཕྱོགས་བཅུའི་མགོན་པོའི་ཚོགས། །དྲེགས་བྱེད་བེར་ནག་ཡབ་ཡུམ་བཅོ་བརྒྱད་དང་། །དྲེགས་པའི་གཙོ་བོ་སུམ་ཅུ་རྩ་གཉིས་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །མགོན་པོ་ཡིད་བཞིན་ནོར་བུ་ཤིང་ཕུང་ཅན། །ཀེ་ཊ་པཱ་ལ་གནོད་སྦྱིན་མཆེད་སྡེ་བཞི། །ཀེ་ཊ་པཱ་ལ་སྤྲེལ་ཁྲིད་བྱ་གདོང་མ། །དཔལ་མགོན་བདུན་ཅུ་དྲེགས་པ་སྟོང་ཕྲག་ལྔ། །ཐུགས་རྗེ་ཆེན་པོ་དྲག་པོའི་ལྷ་ཚོགས་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །མ་ནིང་སྡེ་ལྔ་སྲོག་བདག་དཔལ་འབར་མ། །ཐུབ་བདག་གློག་ཕྲེང་སྤུ་གྲི་གཅིག་ཤུལ་དང་། །མ་མགོན་སྡེ་བརྒྱད་བདུད་དམག་སྟོང་ས། །ཞང་བློན་ནག་པོ་ཡཀྟ་དྷ་ཛ་སོགས། །བདུད་དམག་བྱེ་བ་འབུམ་འགྱུར་ཚོགས་བཅས་ཀྱིས།། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །རྒྱུད་གུར་ནག་

p. 694

པོ་འབར་བ་ཧཱུྃ་མཛད་ནག །གྲི་གུག་ཁྲོས་པའི་སྲིན་མགོན་གདོང་བཞི་པ། །དུར་ཁྲོད་བདག་པོ་ཡབ་ཡུམ་དབང་ཕྱུག་ཚོགས། །སེང་གདོང་ཡབ་ཡུམ་བམ་རོ་སྡེ་བརྒྱད་བཅས། །བྲག་མགོན་མདུང་འཛིན་ལ་སོགས་མགོན་པོ་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །རང་བྱུང་རྒྱལ་མོ་དུད་པའི་སོལ་བ་མ། །དམག་ཟོར་རྒྱལ་མོ་རེ་ཏི་མཆེད་སྡེ་བཞི། །ཨེ་ཀ་ཙ་ཏི་སྲོག་སྒྲུབ་ཁ་མོ་ཆེ། །སྤྱང་ཞོན་མཆེད་གསུམ་ཌཱ་ཀི་ཟ་བྱེད་གདོང་། །ལྷ་མོའི་རིགས་གྱུར་སྟོང་དང་རྩ་བརྒྱད་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་ཟླུམ་འདི་བཞེས་ཤིག །བ་ལམ་དྲིལ་སྣ་ཁྲི་སྨན་སི་ལི་མ། །སྟག་སྨན་སོར་ལྡེམ་དཔལ་ལྷ་རབ་བརྟན་མ། །ཨ་ཕྱི་མཆེད་ལྔ་ཚེ་རིང་མཆེད་སྡེ་ལྔ། །ཁོ་ལེ་ཐང་ནག་དཔལ་མོ་དྲག་མོ་མཚོ། །འཇིག་རྟེན་ལས་ཀྱི་མ་མོ་མཁའ་འགྲོའི་ཚོགས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །དྲེགས་བྱེད་བསེ་ཡི་སྐྱེས་བུ་མདུང་དམར་ཅན། །ཤན་པ་དམར་ནག་ཡབ་ཡུམ་ལས་མཁན་བརྒྱད། །བེག་རྩེ་ཡམ་ཤུད་གྲི་ཐོགས་ཤན་པའི་འཁོར། །གཙུག་ན་མེ་འབར་རོལ་པ་སྐྱ་བདུན་སོགས། །བསྟན་སྲུང་གནོད་སྦྱིན་དྲག་པོ་ཐམས་

p. 695

ཅད་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །མགར་བ་དམར་ནག་མཆེད་འཁོར་དཔུང་དང་བཅས། །དྲེགས་པ་སུམ་སྦྲེལ་དྲེགས་པ་ལྔ་འདུས་དང་། །འབར་བ་སྤུན་བདུན་ཇག་མེ་སྤྲུག་གི་བཙན། །ལུང་བཙན་གདང་ལྷ་དྲག་པོ་སྙིང་དྲུང་བཙན། །ཞང་བློན་བཙན་རྒོད་འཁོར་དང་བཅས་པ་ཡིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །ཁྱབ་འཇུག་ནག་པོ་གཟའ་བརྒྱད་གདོང་མོ་བཞི། །ཧབ་ཤ་ཧ་ར་ནག་པོ་ངེ་ནེ་མ། །གཞོན་ནུ་གཏུམ་པོ་སྨྱོ་ཁ་རྡོ་རྗེ་རྒྱལ། །ཐང་ལྷ་ཧ་ས་གཏྟཱ་ཏི་པ་ཙ། །བཀའ་སྲུང་གཟའ་ཀླུ་ས་བདག་ཚོགས་རྣམས་ཀྱིས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །སྤུ་གྲི་མཆེད་གསུམ་མཁའ་རི་ལྕམ་དྲལ་གཉིས། །བདུད་པོ་རྡོར་འབར་དགུ་ཐུབ་ཨ་ཙ་ར། །ཚོགས་བདག་དྲག་པོ་རྩ་དུ་མཆེད་སྡེ་དགུ། །ཚེ་རིང་རོ་ལངས་ཁ་ལ་མེ་འབར་དང་། །རྡོ་རྗེ་མོན་པ་ལ་སོགས་སྲུང་མ་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །ལྕེ་སྤྱང་མ་བརྒྱད་དབང་ཕྱུག་ཉི་ཤུ་བརྒྱད། །གྲི་ཐོགས་ཁྲམ་ཐོགས་ཤྭ་ཐོགས་ཤན་པའི་ཚོགས། །ཁྱི་བརྒྱད་སྤྱང་བརྒྱད་འབྲུག་

p. 696

གསུམ་དམུས་ལོང་བརྒྱད། །ཕུར་སྲུང་བཅུ་དྲུག་གིང་ལང་མ་མོ་སོགས། །བཀའ་བརྒྱད་ཕོ་ཉ་བཀའ་སྲུང་ཡོངས་རྫོགས་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག་་ཕྱི་ནང་གསང་བ་ཡང་གསང་སྡེ་བརྒྱད་ཚོགས། །དྲེགས་ཆེན་བཅོ་བརྒྱད་དྲེགས་པ་ཉི་ཤུ་གཅིག །སྡེ་དཔོན་སུམ་ཅུ་སྡེ་འཁོར་དཔུང་དང་བཅས། །རྡོ་རྗེ་དེ་མོ་བརྟན་སྐྱོང་ཡ་མའི་ཚོགས། །དགེ་བསྙེན་ཉེར་གཅིག་དམ་ཅན་རྒྱ་མཚོའི་ཚོགས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །ཧཱུྃ། ད་ལྟ་དུས་ངན་སྙིགས་མའི་སེམས་ཅན་རྣམས། །ཐར་པ་སྒྲུབ་ཀྱང་བར་ཆད་དབང་བཙན་ན། །ཐུགས་རྗེ་མྱུར་མགྱོགས་བྱིན་རླབས་དུས་ལ་བབ། །འཕྲལ་རྐྱེན་ངན་པའི་བར་ཆད་ཐམས་ཅད་ཟློག །དུས་མིན་འཆི་བའི་དབང་དུ་མ་གཏོང་བར། །ཚེ་སྲོག་དབང་ཐང་ཉམས་པ་གསོ་རུ་གསོལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ། །ཁྱད་པར་དྲག་པོ་མཐུ་ཡི་དངོས་གྲུབ་ཞུ། །ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས། །ལྷ་སྲིན་དམ་ལ་བཏགས་པ་རྣམས། །སྔོན་གྱི་དམ་བཅའ་མ་གཡེལ་བར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་

p. 697

བའི་ཕྲིན་ལས་མཛོད། །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་དམ་ལ་བཏགས། །བཀའ་དང་དམ་ལ་མ་འདའ་བར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །མཱ་མ་ཧྲཱིང་ཧྲཱིང་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ༔ འཇིག་རྟེན་འདས་དང་མ་འདས་པའི། སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་གདོན་ལ་སོགས་པ། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་སོགས་ཞི་བར་མཛོད་། །བདག་ཉིད་རྣལ་འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བྷྱོ༔ མདོས་

p. 698

ཟོར་ཤར་ཁྲག་གཏོར་མ་འདིས། །ད་ལྟར་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱུད་ཆད་པ་བྱུང་བ་ཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །བནྡེའི་སྔགས་ཟོར་འདུས་པ་ཟློག ། མུ་སྟེགས་བོན་པོའི་ཛོ་དམར་ཟློག །ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག །རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག །བློན་པོ་ཟླ་བའི་དབང་བཙན་ཟློག །དམག་མི་ཞག་གི་དཔུང་དགྲ་ཟློག །མཚོན་ཆ་དུས་ཀྱི་རྣོ་ངར་ཟློག །སྤར་ཁའི་སྐྱ་མདའ་ཟུག་པ་ཟློག །སྨེ་བ་དུར་དུ་ཚུད་པ་ཟློག །ས་བདག་ཀོ་ལོང་གདུག་རྩུབ་ཟློག །འབྱུང་བའི་དགྲ་གཤེད་འཐབ་པ་ཟློག །གཟའ་སྐར་དུས་ཚེས་ངན་པ་ཟློག །ལོ་ཟླ་ཞག་དུས་བབ་པ་ཟློག །ཁྲམ་དང་བྱེད་དུ་བཅུག་པ་ཟློག །ཧོམ་དང་པར་བུ་བསྐོར་བ་ཟློག །དགྲ་ཆེན་བདུད་དུ་ལངས་བ་ཟློག །ལྟས་ངན་གློ་བུར་ཡེ་འདྲོག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །མི་ཁ་བྲམ་མཆུ་ཐམས་ཅད་ཟློག །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །སྔོན་གུག་ཕྱིས་ནས་དེད་པ་ཟློག །དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག །ནད་སྣ་རིམས་སྣ་ཡམས་སྣ་ཟློག །དགྲ་སྲི་རྨིས་ངན་ཐམས་ཅད་ཟློག །ཆེ་སྲི་ཆུང་སྲི་རྒན་སྲི་ཟློག །གཞོན་སྲི་དར་སྲི་གོད་སྲི་ཟློག །དགྲ་སྲི་

p. 699

མཚོན་སྲི་ནད་སྲི་ཟློག །མདོར་ན་སྲིད་པའི་ཆགས་སྒོ་ཟློག །བདག་ལ་སྡང་བའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་ཡི་སྟེང་དུ་ཟློག །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ། །བར་ཆད་བདུད་ཀྱི་སྟེང་དུ་བྷྱོ། །ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ། །དམ་ཉམས་བྱད་མའི་སྟེང་དུ་བྷྱོ། །ཡ་ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིམ་པ་བདུན་གྱི་ས་འོག་ནས། །ལས་ཀྱི་གཤིན་རྗེ་མཐུ་རྩལ་ཅན། །འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར། །སྟོང་གསུམ་འཇིག་རྟེན་ཁྱབ་པར་ཉུལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །འཆི་བདག་ནག་པོའི་དུས་ལ་བབ། །ཚེ་བདག་ནག་པོའི་དུས་ལ་བབ། སྲོག་བདག་ནག་པོའི་དུས་ལ་བབ། །བྷེ་ཝ་པྲ་ཏིའི་དུས་ལ་བབ། །ཟ་བ་ལྗང་དམར་དུས་ལ་བབ། །ཡ་མ་རྭ་ཙའི་དུས་ལ་བབ། །སྤྱི་གཤེད་དུག་གདོང་དུས་ལ་བབ། །བདག་ཅག་རྣམས་ལ་གནོད་བྱེད་པའི། །བན་བོན་ཤན་པ་མུ་སྟེགས་ཚོགས། །དྲེགས་ཆེན་བཅོ་བརྒྱད་ལྷ་འདྲེ་སྟོང་། །བྱད་མ་འབུམ་དང་བཅས་པ་རྣམས། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །

p. 700

ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བྱེད་པའི། །ལེགས་ཉེས་ཀུན་གྱི་ཤན་འབྱེད་ཅིང་། །བླ་མེད་བཀའ་ཡི་བྱ་ར་བ། །དྲང་སྲོང་འཁོར་བཅས་གཏོར་མ་ལོངས། །སྡང་བ་དགྲ་ཡི་སྟེང་དུ་བྷྱོ། །ཞེས་ཟློག་སྔགས་རྣམས་བརྗོད། དེ་ནས་གཏོར་གཞོང་སྒྲུབ་ལ་རྟ་བྲོ་ནི། ཧྲཱིཿ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དབང་ཆེན་རྔམ་པའི་སྒྲ་སྒྲོག་ཅིང་། །དཔལ་གྱི་རྟ་སྐད་ཙེ་རེ་རེ། །ཁྲོ་བོའི་འབྲུག་སྒྲ་དི་རི་རི། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །བདུད་དང་དམ་སྲི་རྡུལ་དུ་རློགས། ཨོཾ་ཧྲཱིཔདྨན་ཀྲི་ཏ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ཧཱུྃ་ཕཊ༔ རྟ་མགྲིན་གྱི་སྔགས་བརྗོད། ཨོཾ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན༔ ཞེས་དབོན་ཆུང་པདྨ་འགྲོ་དོན་གྱིས་བསྐུལ་ནས་ཤིང་སྦྲུལ་སྨིན་དྲུག་ཟླ་བའི་ཉེར་གསུམ་ཉིན་༧ ཨ་རཱ་གས་སྦྱར་བ་སྟེ། འཐུས་ཆེ་ཕྱིར་རང་གི་ཡང་ཐུགས་དམ་བྱ་བར་སེམས་སོ། །བྷ་ཝནྟུ། བཀྲ་ཤིས། དགེའོ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཡག་ལུག་བྱ་ར་བསྟབ་པ།

p. 701

གཡག་ལུག་བྱ་ར་བསྟབ་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །

p. 702

ན་མོ་མ་ཧཱ་ཀཱ་ལ་ཡ། ལྷ་དང་འཁོན་ཐུགས་སྦྱང་བའི་ཕྱིར། །བསྐང་བ་གཞུང་བཞིན་བཅའ་བྱ་སྟེ། །བྱ་མོ་ནག་མོའི་གཟུགས་བརྙན་དང་། །གཡག་ནག་ལུག་ནག་ར་སྐྱེས་རྣམས། །ཁྲུས་བྱས་དར་སྣ་རྔ་ཚོན་བརྒྱན། །བདུད་རྩིའི་བྲན་ལ་བསྐང་བ་གྱེར། །སྤུ་གྲི་ཀླད་གཟེར་རྒྱུད་དག་ལས། །ཐུགས་དང་འགལ་འཁྲུལ་མཆིས་ན་ཡང་། །བསྐང་དང་བཤགས་པ་འདི་ལྟར་ཏེ། །ཕྱི་རུ་གཡག་དང་ལུག་གིས་བསྐང་། །ཞེས་དང་། གཡག་ལུག་ནག་པོ་མར་གྱིས་བྱུགས། །དར་ནག་རུ་མཚོན་རུ་ལ་བརྒྱན། །ཞེས་དང་། ལྷ་མོའི་རྒྱུད་ལས། དང་པོ་ཤེལ་ནག་གསུམ་གྱིས་བསྐང་། །དེ་ནས་བྱ་མོ་གསུམ་གྱིས་བསྐང་། །ཞེས་སོགས་དང་། སྐྱེས་བུའི་ར་བསྐང་སོགས་རྒྱ་ཆེར་གསུངས་པའི་དོན་ཡིན་ནོ། །གཞན་ཡང་རྙིང་

p. 703

མའི་མདངས་བསྐང་རྣམས་ནས། བསྐང་བ་གྱེར་ཞིང་བྱ་ལུག་རྣམས་བསྟབ་པ་བྱའོ། །ཞེས་གསུངས་སོ། །དང་པོ་རྣམ་འཇོམས་བཟླས་པའི་ཆབ་གཏོར་བས་བཀྲུས་ནས། །བདུད་རྩིས་བྲན་ལ། ཧཱུྃ། འོག་མིན་བརྟན་གཡོ་སྲིད་པའི་ཞིང་ཁམས་དང་། །རྩུབ་འགྱུར་ཚལ་དང་དུར་ཁྲོད་བརྒྱད་རྣམས་ནས། །ཡེ་ཤེས་ལས་དང་འཇིག་རྟེན་མགོན་པོའི་ཚོགས། །ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ། །འོག་མིན་ཆོས་དབྱིངས་བྱང་ཤར་མུ་ལེ་མཚོ། །ཡོངས་འདུའི་ཤིང་དང་རྒྱ་མཚོའི་འགྲམ་རྣམས་ནས། །ཡེ་ཤེས་ལས་དང་འཇིག་རྟེན་མ་མོ་རྣམས། །ཐུགས་དམ་བསྐང་ཕྱིར་གནས་

p. 704

འདིར་གཤེགས་སུ་གསོལ། །འོག་མིན་ཞིང་དང་མ་ལ་ཡ་ཡི་རྩེ། །ཕ་ཝང་ལོང་བུ་རྒྱ་བོད་མདོ་གཙང་ནས། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱའི་ཚོགས། །ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས་སུ་གསོལ། །གཙོ་འཁོར་རང་རང་འཚམས་པའི་གདན་ལ་བཞུགས། །བདག་ཅག་ཡོན་མཆོད་བསྲུང་བྱ་ཐམས་ཅད་ཀྱིས། །ཉེས་ལྟུང་འགལ་འཁྲུལ་བཤགས་ཕྱིར་ཕྱག་འཚལ་བསྟོད། །ལྷ་དང་འཁོན་འགྲས་སྦྱང་ཕྱིར་མཆོད་པ་འབུལ། །ཧཱུྃ། ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །སྲིད་པའི་སེམས་ཅན་རྒྱལ་པོ་ཡ་མཚན་ཅན། །སྤྲིན་ནག་འཁྲུགས་འདྲ་སྤུ་ཡི་གོས་གྱོན་ཅིང་། །སྨིན་མའི་ཚལ་ཆེན་རྒྱས་འདྲའི་སྤུ་རྩིད་བརྗིད། །ཉི་ཟླ་འབར་བའི་སྤྱན་དང་གློག་དམར་ལྕེ། །ཁ་རླངས་གཡུ་དུད་རང་སྒྲ་འབྲུག་ལྟར་ལྡིར། །གནམ་ལྕགས་འབར་འདྲའི་རྭ་དང་རྨིག་བཞི་ལྕགས། །སེར་སྤྲིན་རྒྱས་འདྲའི་ཟིན་སྤུ་རྔ་མ་གཏིབས། །གཅིག་ལས་བརྒྱ་སྟོང་དུ་མའི་སྤྲུལ་པ་ཅན། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་རྫོགས་པ། །འབྱུང་བ་ལྔ་ཡི་བཅུད་ལས་གྲུབ་པ་འདི། །དཔལ་ལྡན་མགོན་པོ་འཁོར་དང་བཅས་ལ་འབུལ། །བདག་ཅག་

p. 705

ཡོན་མཆོད་བསྲུང་བྱ་ཐམས་ཅད་ཀྱིས། །ཆག་ཉམས་འཁོན་འགྲས་གནོད་པ་ཞི་བར་མཛོད། །འདི་ཡི་སྙིང་དང་ཡིད་ཀྱི་དབང་པོ་ཡིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །འདི་ཡི་ལྕེ་དང་ངག་གི་དབང་པོ་ཡིས། །ལས་མགོན་བྱ་རོག་གདོང་ལྔའི་ཐུགས་དམ་བསྐང་། །འདི་ཡི་མགོ་དང་ལུས་ཀྱི་དབང་པོ་ཡིས། །འཇིག་རྟེན་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །འདི་ཡི་དབུགས་དང་མིག་གི་དབང་པོ་ཡིས། །སྦྱོར་དང་སྒྲོལ་བའི་ཡུམ་གྱི་ཐུགས་དམ་བསྐང་། །འདི་ཡི་ཡན་ལག་བཞི་དང་དོན་སྣོད་ལྔས། །ཕྱོགས་བཅུའི་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །འདི་ཡི་ལྷ་དུམ་ལྷུ་ཚོགས་རུས་པ་ཡིས། །དྲེགས་པ་དོན་གཉིས་འཁོར་བཅས་ཐུགས་དམ་བསྐང་། །འདི་ཡི་ཤ་ཁྲག་རུས་པ་རྣམ་གསུམ་གྱིས། །དྲེགས་པ་སྡེ་གསུམ་འཁོར་བཅས་ཐུགས་དམ་བསྐང་། །འདི་ཡི་པགས་པ་རྨིག་བཞི་སྤུ་ཞོལ་གྱིས། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཆག་ཉམས་འཁོན་འགྲས་ཐམས་ཅད་བྱང་གྱུར་ཅིག །བདག་ཅག་སེམས་ཅན་ལགས་པས་འཁྲུལ་པ་བྱུང་། །སྒྱུ་མ་ལགས་པས་གནོང་ཞིང་

p. 706

བཤགས་པར་བགྱི། །ཐུགས་རྗེ་ཆེན་པོས་ཚངས་པར་བསྩལ་དུ་གསོལ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མགོན་པོ་འཁོར་བཅས་ཁྱེད་ལ་སྐྱབས་གསོལ་གྱིས། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མཛད་དུ་གསོལ། །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། གཡག་དེ་གནོད་ཕྱོགས་སམ༔ བྱང་ཕྱོགས་སུ་བརྒྱབ་བོ། ༈ །དེ་ནས་བྱ་གཟུགས་བཀྱག་ལ། བྷྱོ༔ མ་གཅིག་ལྷ་མོ་སྲིད་པའི་རྒྱལ། །རང་བྱུང་གི་ནི་རྒྱལ་མོ་ལ། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ལས་ཀྱི་འབྲེལ་བའི་བྱ་མོ་འབུལ། །ཆོས་ཉིད་སྟོང་པའི་དབྱིངས་རུམ་ནས། །སྲིད་པའི་སྒོ་ང་གཅིག་ཏུ་སྲིད། །སྒོ་ང་རྡོལ་བའི་ནང་ཤེད་ནས། །མ་གཅིག་ལྷ་མོ་ནག་མོ་གསེར་ས། །སྤྱན་གྱི་ཚུལ་དུ་ལྷན་ཅིག་འཁྲུངས། །དེ་ནས་སྐྱེ་བ་བཅུ་གཉིས་ལ། །ལྷ་མོ་བྱ་མོ་འབྲལ་བ་མེད། །མ་འོངས་དུས་མཐའི་བསྐལ་པ་ལ། །མ་གཅིག་དཔལ་ལྡན་ལྷ་མོ་དང་། །བྱ་མོ་ལྷན་ཅིག་རྫོགས་སངས་རྒྱས། །ད་རེས་སྐྱེ་བ་འདི་ཉིད་ལ། །ལྷ་མོའི་བསྐང་བའི་རྫས་སུ་བྱུང་། །བྱ་མོས་རུ་ལུ་རུ་ལུ་ཞེས། །མ་གཅིག་ལྷ་མོའི་རྟག་

p. 707

ཏུ་འདོད། །ལྷ་མོ་མི་བརྗིད་ཐུགས་དམ་བསྐང་། །སྲིད་པའི་མ་མོ་ཐམས་ཅད་ཀྱིས། །ཐུགས་ལ་གཅེས་ཞེས་ཁམས་ལ་ཕན། །སྤྱན་ལ་མཛེས་ཤིང་ཡིད་དུ་འོངས། །མ་ཡི་སྔོན་གྱི་བུ་གཅིག་འདྲ། །རྒྱུ་ནི་འབྱུང་བ་ལྔ་ལས་གྲུབ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །མཁའ་ལྡིང་བྱ་མོ་གསེར་མིག་འདི། །དར་ཚོན་དར་ནག་ལེའུ་བརྒྱན། །གསེར་གཡུ་མུ་མེན་བརྒྱན་དུ་བཏགས། །སྐག་དང་རམ་གྱིས་ཁ་དོག་བསྒྱུར། །སྐུ་མདོག་མུན་པའི་མདོག་འདྲ་ལ། །རིན་ཆེན་དུང་གི་ཕྲེང་བས་བརྒྱན། །རིན་ཆེན་བྱི་རུའི་གདོང་རལ་ནས། །པདྨ་རཱ་གའི་ཟེ་བ་འབར། །ཨོག་ཞོལ་པད་འདབ་འཁྱིལ་འདྲ་ལ། །གསེར་གྱི་ལྷ་མོ་ཨུཏྤལ་རིས། །རྣ་བ་གུ་ལང་རིན་ཆེན་ལ། །རིན་ཆེན་གསེར་གྱི་འཁོར་ལོས་སྤྲས། །སྣ་ནི་རིན་ཆེན་གདུ་གུ་ལ། །མུ་ཏིག་མཛེས་པའི་ལེན་ཚར་འཁྲིགས། །སྤྱན་མིག་དམར་པོ་མཚལ་གྱི་མདོག །ཉི་མ་ཟླ་བའི་འོད་ཟེར་འཕྲོ་།མགུལ་པ་མུ་ཏིག་ཆུན་འཕྱང་རིས། །རྫི་མ་འོད་ཟེར་སྤྲུལ་པ་འགྱེད། །གནམ་ལྕགས་རྡོ་རྗེའི་ཡ་མཆུ་ལ། །མ་མཆུ་པདྨའི་སྦྲ་གུ་ཅན། །དུང་སོ་རིན་ཆེན་ཕྲེང་བ་

p. 708

འཛིན། །གཙུག་ཕུད་ཡེ་ཤེས་འོད་ཟེར་འཕྲོ། །ཨོག་ཞོལ་རིན་ཆེན་འབྲུ་ཡི་གཏེར། །ཡ་མཆུ་ལྕགས་ཀྱུས་བསྟན་དགྲ་འགུགས། །མ་མཆུ་སོག་ལེས་དགྲ་སྲོག་གཅོད། །ལྕགས་དམར་དགྲ་བགེགས་ཤ་ལ་རོལ། །གཤོག་པ་གཡས་པས་ལྷ་ཁམས་འདུལ། །གཤོག་པ་གཡོན་པས་ཀླུ་ཁམས་འདུལ། །མཇུག་སྒྲོ་འཇའ་ལམ་འདོད་ཡོན་འཆར། །བྱི་རུས་རྐང་པ་ལྕགས་ཀྱུའི་སྡེར། །འགྲོ་དྲུག་དག་པའི་ཞིང་དུ་འདྲེན། །སྐུ་སྟོད་རི་རབ་བུམ་པ་ན། །རིན་ཆེན་གུར་ཁང་འཇའ་གུར་ཕུབ། །ཡེ་ཤེས་ལྷ་མོ་བཞུགས་པའི་གནས། །སྐུ་སྨད་གཡུ་ཡི་ལྡིང་ཀ་ན། །སྤུ་རྣམས་དར་གྱིས་འཕུར་མ་གཏིབས། །འཁོར་གྱི་ལྷ་མོ་འདུ་བའི་གནས། །ཐོར་ཚུགས་ལྗོན་ཤིང་བདུད་རྩི་འབབས། །ལྡེམ་ཆེན་རལ་གྲིས་ཕོ་གདོན་འདུལ། །ལྡེམ་ཆུང་སྤུ་གྲིས་མོ་གདོན་འདུལ། །སྤུ་ཕྲན་ཐལ་ཆུང་ཐེའུ་རང་འདུལ། །སྐད་སྙན་རུ་ལུའི་མ་ཚོགས་འབོད། །མཁའ་ལ་འཕུར་ཞིང་སྤྲུལ་པ་འགྱེད། །ངོ་མཚར་བསྐང་བྱ་ནག་མོ་འདི། །མ་གཅིག་རིང་བྱུང་རྒྱལ་མོ་ནི། །མ་མོ་འབུམ་དང་བཅས་ལ་འབུལ། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཆག་ཉམས་འཁོན་རྩུབ་སྦྱང་

p. 709

དུ་གསོལ། །བདག་ཅག་འཁོར་བའི་སེམས་ཅན་རྣམས། །མ་རིག་འཁྲུལ་པས་སྒྲིབ་གྱུར་པས། །མ་གཅིག་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །མ་གཅིག་ལྷ་མོ་ནག་མོ་ལ། །སྐྱབས་སུ་མཆི་བས་བསྐྱབ་ཏུ་གསོལ། །མ་གཅིག་ཐུགས་ཉིད་བྱམས་པའི་ངང་། །བདག་དང་བསྲུང་བྱ་ཐམས་ཅད་ལ། །བུ་ལྟར་བརྩེ་བས་སྲུང་སྐྱོབ་མཛོད། །ཨོཾ་ས་མ་ཡ། ས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལི་ས་པཱ་རི་ཝཱ་ར། ཨོཾ་བཛྲ་ས་ཟ། ཏཱ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། བྱ་གནོད་པའི་ཕྱོགས་སམ་བྱང་ཤར་ངོས་སུ་ཕུལ། ཡང་ན་ནམ་མཁའ་ངོས་སུ་འཕེན་ནོ།། ༈ དེ་ནས་ལུག་ནག་བཟུང་སྲུང་བསྐུལ་ལ་བྲན་ནས། བྷྱོ༔ ཡེ་མེད་སྟོང་པའི་དབྱིངས་རུམ་ནས། །ཕ་མ་མེད་པའི་བུ་མོ་གཉིས། །སྲིད་པ་ཆགས་པའི་སྔོན་ནས་བྱུང་། །སངས་རྒྱས་ཀུན་བས་ཤིན་ཏུ་སྔ། །མིང་ནི་རང་བྱུང་རྒྱལ་མོ་སྟེ། །དཔལ་ལྡན་ལྷ་མོ་དཔོན་གཡོག་ལ། །བསྐང་བའི་དམ་རྫས་འབུལ་བ་ནི། །ཕ་ནི་གནམ་ལུག་ཕལ་ཆེན་ཡིན། །མ་ནི་ས་ལུག་གྲོ་མོ་ཡིན། །དེ་གཉིས་རྫུ་འཕྲུལ་བསྡེབས་པའི་བུ། །སྲིད་

p. 710

པའི་བསྐང་རྫས་ཤེལ་ནག་བྱུང་། །སྐུ་ལུས་མུན་པ་གཏིབས་པ་འདྲ། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །རུ་ཅོ་ཐབས་དང་ཤེས་རབ་ཚུལ། །སྤུ་རྩིད་ཆར་སྤྲིན་འཁྲིགས་པ་འདྲ་། །རྨིག་བཞིས་བདུད་བཞི་ཟིལ་གྱིས་གནོན། །ལུས་ནས་དར་ལོང་པུ་རུ་རུ། །ཁ་རླངས་གཡུ་དུད་ཕྱུ་རུ་རུ། །འབའ་སྐད་ལམ་ལམ་ལྷ་མོ་གཉིས། །སྲིད་པའི་ཤེལ་ནག་གསེར་མིག་འདིས། །རང་བྱུང་རྒྱལ་མོའི་ཐུགས་དམ་བསྐང་། །འདི་ཡི་ཤ་ཡི་ཚོགས་རྣམས་ཀྱིས། །རེ་མ་ཛ་ཡི་ཐུགས་དམ་བསྐང་། །འདི་ཡི་ཁྲག་གི་ཚོགས་རྣམས་ཀྱིས། །རེ་མ་ཇུ་ཡི་ཐུགས་དམ་བསྐང་། །འདི་ཡི་རུས་པའི་ཚོགས་རྣམས་ཀྱིས། །རེ་མ་ཏི་ཡི་ཐུགས་དམ་བསྐང་། །འདི་ཡི་རྒྱུ་མ་ནང་རོལ་གྱིས། །མ་མོ་བདུན་གྱི་ཐུགས་དམ་བསྐང་། །འདི་ཡི་རྐང་ལག་བཞི་པོ་ཡིས། །དུས་བཞི་ལྷ་མོའི་ཐུགས་དམ་བསྐང་། །འདི་ཡི་ཡན་ལག་བཞི་པོ་ཡིས། །དམག་གི་རྒྱལ་མོའི་ཐུགས་དམ་བསྐང་། །འདི་ཡི་སྒལ་ཚིགས་ཉེར་བརྒྱད་ཀྱིས། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །འདི་ཡི་ལྷུ་གཟུགས་བཅུ་གཉིས་ཀྱིས། །བརྟེན་མ་བཅུ་གཉིས་ཐུགས་དམ་བསྐང་། །འདི་ཡི་པགས་པ་སྤྱི་བལ་

p. 711

གྱིས། །མ་མོ་འབུམ་གྱི་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་དང་བསྲུང་བྱ་ཐམས་ཅད་ཀྱིས། །ཚིག་ཉམས་འཁོན་གཅུགས་བྱང་བར་མཛོད། །ཐུགས་དང་འགལ་བ་བཟོད་པར་གསོལ། །མ་རིག་འཁྲུལ་པའི་དབང་གྱུར་པས། །ཉེས་པ་གང་བྱུང་བཟོད་པར་གསོལ། །བདག་དང་བསྲུང་བྱ་འཁོར་བཅས་རྣམས། །མ་གཅིག་ཁྱོད་ལ་སྐྱབས་གསོལ་གྱིས། །མ་ལྟར་བྱམས་པས་སྲུང་སྐྱོབ་མཛོད། །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལི་ས་པཱ་རི་ཝཱ་ར། ཨོཾ་བཛྲ་ས་ཏྭ་ས་མ་ཡ། སོགས་ཡིག་བརྒྱ་བརྗོད། ལུག་དེ་གནོད་པའི་ཕྱོགས་སམ་བྱང་ཤར་རྒྱབ། ༈ དེ་ནས་རི་ལ་བསྲུང་བསྐུལ་བྲན་ནས་བཟུང་ལ། ཧཱུྃ། ཁྲོ་རྒྱལ་པདྨ་དབང་ཆེན་གྱི། །ཐུགས་ལས་སྤྲུལ་པ་དྲེགས་པའི་གཙོ། །སྐྱེས་མཆོག་རྡོ་རྗེ་ལེགས་པ་ལ། །བསྐང་བའི་དམ་རྫས་འབུལ་བ་ནི། །རྫུ་འཕྲུལ་ར་སྐྱེས་ཁམ་པ་འདི། །མིག་གིས་ཉིན་གྱི་བྱ་ར་བྱེད། །རུ་ཅོས་མཚན་གྱི་མེལ་ཚེ་བྱེད། །རྨིག་བཞི་ས་ལ་འཁྲབ་པ་ལ། །སྤུ་རྩིད་ས་ལ་ཤམས་སེ་ཤམ། །ལྕེ་ལ་གློག་འོད་ཀྱུགས་སེ་ཁྱུག །རྭ་ཅོ་གནམ་ལྕགས་ལྡེམས་

p. 712

སེ་ལྡེམ། །ཨོག་ཞོལ་ཤམ་ཤམ་འབའ་སྐད་སྒྲོག །དར་ཚོན་སྣ་ལྔ་རྔ་མས་བརྒྱན། །སྐྱེས་བུ་འཁོར་བཅས་སྤྱན་ལམ་དུ། །མཛེས་སྡུག་ཡིད་འོད་ཐུགས་ལ་གཅེས། །ཁམས་ལ་ཕན་ཅིང་ཡིད་གར་འོང་། །ལས་ཀྱི་འབྲེལ་བའི་མཐུན་རྫ་ས་འདི། །སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང། །མགར་བ་ནག་པོའི་ཐུགས་དམ་བསྐང་། །དམག་དཔོན་ཆེན་པོའི་ཐུགས་དམ་བསྐང་། །ཚོང་དཔོན་ཆེན་པོའི་ཐུགས་དམ་བསྐང་། །ར་ཡི་དབང་པོ་རྣམ་ལྔ་ཡིས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྐྱེས་བུ་རིགས་ལྔའི་ཐུགས་དམ་བསྐང་། །ར་ཡི་རྒྱུ་མ་ནང་རོལ་གྱིས། །ཐིག་ལེ་རྩལ་དང་ཁྱུང་དྲག་རྩལ། །འཛིན་གིང་བཞི་བཅུའི་ཐུགས་དམ་བསྐང་། །ཤ་ཁྲག་རུས་པ་པགས་པ་ཡིས། །ལྷ་བཙན་བདུད་ཀྱི་དགེ་བསྙེན་ཏེ། །སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་། །གཞན་ཡང་དུང་གི་ར་སྐྱེས་དང་། །གཡུ་དང་ལྕགས་ཀྱི་ར་སྐྱེས་སོགས། །སྤུ་སྡུག་ར་སྐྱེས་ཐམས་ཅད་ཀྱིས། །སྐྱེས་བུ་འཁོར་བཅས་ཐུགས་དམ་བསྐང་། །ཕོག་ཐུག་འགྲམ་འཁྲུག་འཁོན་འགྲས་རྣམས། །ཐམས་ཅད་བྱང་ཞིང་དག་གྱུར་ཅིག །ཧཱུྃ། དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་

p. 713

བ། །མ་རིག་དབང་གིས་ཉེས་པ་བྱུང་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང་། །ཁྱོད་ཀྱི་འཁོར་དུ་གཏོགས་པའི་འཇིག་རྟེན་པ། །གདུག་པའི་ཚོགས་ནི་དེ་དག་ཐམས་ཅད་ལ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གིས་རབ་ཏུ་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིས། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ། །ཨོ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝཀ་ཏྭཾ་ཀྲྀ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷ་ཏྲི་ཛ༔ ཛཧཱུྃ་བཾ་ཧོ༔ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ནས། ར་ནུབ་ཕྱོགས་སམ་གནོད་པའི་ཕྱོགས་སུ་རེ་ཞིག་བརྒྱབས་ནས། སེམས་ཅན་དེ་དག་ཚེ་ཐར་བྱ། ལུད་མི་བཀལ། སྤུ་མི་བྲེག་ན་བཟང་། ཞེས་དགོས་པ་ཞིག་བྱུང་བས། ཨ་རཱ་གས་བྲིས་པའོ། །མངྒ་ལཾ།། །། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འོག་དམ་ཅན་རྒྱ་མཚོ་དང་བཅས་པའི་བསྐང་ཐུང་རང་བྱུང་གིས་མཛད་པ་ལས་ཅུང་ཟད་རྒྱས་པར་བྱ་བ།

p. 714
p. 715

འོག་དམ་ཅན་རྒྱ་མཚོ་དང་བཅས་པའི་བསྐང་ཐུང་རང་བྱུང་གིས་མཛད་པ་ལས་ཅུང་ཟད་རྒྱས་པར་བྱ་བ་ནི། བསྐང་གཏོར་ཡོད་ནའམ་མེད་ན་ཕུགས་གཏོར་གསོ་བྲན་བྱས་ལ། ཨོཾ་ཧྲཱིཿཔདྨན་ཀྲྀཏ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ལྷ་མིའི་ལོངས་སྤྱོད་དུ་མས་གང་ཞིང་བསྐང་བའི་རྫས་མ་ཚང་བ་མེད་པ་ངོ་བོ་སྟོང་པ་ལ་རྣམ་པ་སྒྱུ་མ་ལྟ་བུ་ཟག་མེད་ཀྱི་བདེ་ང་གཏར་ཡང་ནའམ་མེད་ན་ཕུགས་བར་གས་བྲན་བྱས་ལ། ཨ་ཙཱཝཔནཱནྟ་ཀྲིཏཱཨཱསུ་བྷཱ་ཝ་བ་བསྐྱེད་པའི་རང་བཞིན་ཅན་དུ་གྱུར། ཨོཾ་སརྦ་དྷརྨཱ་པཱུ་ཙ་པཉྩ་རཏྣ་ཀཱ་ཡ་ཀོ་ཏི་བྷི་བྷ་ཝཀྐ་པྲ་བྷཱ་ཝ་ཤུདྡྷོཉཧཾ། ཨོཾ་སརྦ་དྷརྨཱ་ཨ་བྷི་ཝརྟ་ཧི་ཀོ་ཧ་ཡ་ན། གྷ་མི་སྭ་བྷཱ་ཝ་ཤུདྡྷོཉཧཾ། །ཨོཾ་སརྦ་དུཥྛན་གྲིཉྩ་ཤྲཱིཉྩ་གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ལས་ཀྱི་མགོན་པོའི་ཐུགས་དམ་བསྐང་། །འཇིག་རྟེན་མགོན་པོའི་ཐུགས་དམ་བསྐང་། །སྲས་མཆོག་ནག་པོའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །དབུག་ལེན་ཡབ་ཡུམ་ཐུགས་དམ་བསྐང་། །ཕྱོགས་

p. 716

བཅུའི་མགོན་པོའི་ཐུགས་དམ་བསྐང་། །དྲེགས་པ་དོན་གཉིས་ཐུགས་དམ་བསྐང་། །དྲེགས་པ་རྣམས་གསུམ་ཐུགས་དམ་བསྐང་། །མ་མོ་བདུན་གྱི་ཐུགས་དམ་བསྐང་། །སྲིན་མོ་བཞི་ཡི་ཐུགས་དམ་བསྐང་། །འབར་མ་དགུ་ཡི་ཐུགས་དམ་བསྐང་། །དུས་བཞི་ལྷ་མོའི་ཐུགས་དམ་བསྐང་། །དམག་གི་རྒྱལ་མོའི་ཐུགས་དམ་བསྐང་། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་། །སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་། །བྱ་རོག་མཚན་ཅན་ཐུགས་དམ་བསྐང་། །དུད་སོལ་ལྷ་མོའི་ཐུགས་དམ་བསྐང་། །མྱུར་མཛད་མགོན་པོའི་ཐུགས་དམ་བསྐང་། །མ་ནིང་སྡེ་ལྔའི་ཐུགས་དམ་བསྐང་། །ཏྲཀཱད་ནག་པོའི་ཐུགས་དམ་བསྐང་། །རེ་མ་ཏི་ཡི་ཐུགས་དམ་བསྐང་། །སེང་གདོང་ཡབ་ཡུམ་ཐུགས་དམ་བསྐང་། །སྲིན་མགོན་ཡབ་ཡུམ་ཐུགས་དམ་བསྐང་། །གཉན་མགོན་ཡབ་ཡུམ་ཐུགས་དམ་བསྐང་། །དབང་ཕྱུག་ཡབ་ཡུམ་ཐུགས་དམ་བསྐང་། །བྲག་ལྷ་མགོན་པོའི་ཐུགས་དམ་བསྐང་། །མགོན་པོ་མདུང་འཛིན་ཐུགས་དམ་བསྐང་། །རྟ་ནག་དྲེགས་པའི་ཐུགས་དམ་བསྐང་། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་། །

p. 717

དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །སྔགས་ཀྱི་སྲུང་མའི་ཐུགས་དམ་བསྐང་། །ངས་ནུས་མ་ཡི་ཐུགས་དམ་བསྐང་། །ཁ་མོ་ཆེ་ཡི་ཐུགས་དམ་བསྐང་། །ཚེ་རིང་མཆེད་ལྔའི་ཐུགས་དམ་བསྐང་། །སྔགས་ཀྱི་བདག་པོའི་ཐུགས་དམ་བསྐང་། །ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང་། །ཨ་པར་ཙིཏྟའི་ཐུགས་དམ་བསྐང་། །ཛམ་དཀར་ལྷ་ལྔའི་ཐུགས་དམ་བསྐང་། །སྨུག་འཛིན་དམར་པོའི་ཐུགས་དམ་བསྐང་། །ཛམ་ལྷ་རིགས་དགུའི་ཐུགས་དམ་བསྐང་། །ནོར་རྒྱུན་མཆེད་ལྔའི་ཐུགས་དམ་བསྐང་། །རྒྱལ་ཆེན་རྣམ་སྲས་ཐུགས་དམ་བསྐང་། །མདུང་དམར་ཅན་གྱི་ཐུགས་དམ་བསྐང་། །ལྷ་མོ་དཔལ་གྱི་ཐུགས་དམ་བསྐང་། །རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །མགར་བ་ནག་པོའི་ཐུགས་དམ་བསྐང་། །གཡུ་སྒྲོན་མཆེད་ལྔའི་ཐུགས་དམ་བསྐང་། །ཕག་གདོང་མཆེད་ལྔའི་ཐུགས་དམ་བསྐང་། །ཀུན་འཁྱིལ་མཆེད་གསུམ་ཐུགས་དམ་བསྐང་། །འབྲོག་གནས་མཆེད་ལྔའི་ཐུགས་དམ་བསྐང་། །རེ་མནྟ་ཡི་ཐུགས་དམ་བསྐང་། །ཀུ་བེ་ར་ཡི་ཐུགས་དམ་བསྐང་། །ནོར་ལྷ་མཆེད་བརྒྱད་ཐུགས་དམ་བསྐང་། །གནོད་སྦྱིན་མོ་བརྒྱད་ཐུགས་དམ་བསྐང་། །

p. 718

ཨ་ཕྱི་མཆེད་ལྔའི་ཐུགས་དམ་བསྐང་། །ཇག་པ་མེ་ལེན་ཐུགས་དམ་བསྐང་། །ཤན་པ་དམར་ནག་ཐུགས་དམ་བསྐང་། །རཱ་ཧུ་ལ་ཡི་ཐུགས་དམ་བསྐང་། །དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་། །ལྷ་ཆེན་ཐང་ལྷའི་ཐུགས་དམ་བསྐང་། །ཐང་ལྷ་འབར་གྱི་ཐུགས་དམ་བསྐང་། །རྡོ་རྗེ་རྒྱལ་པོའི་ཐུགས་དམ་བསྐང་། །འབར་བ་སྤུན་བདུན་ཐུགས་དམ་བསྐང་། །སྤུ་གྲི་མཆེད་གསུམ་ཐུགས་དམ་བསྐང་། །ལུང་བཙན་ལྕམ་དྲལ་ཐུགས་དམ་བསྐང་། །རྨ་རྒྱལ་སྤོམ་རའི་ཐུགས་དམ་བསྐང་། །དགེ་བསྙེན་ཉེར་གཅིག་ཐུགས་དམ་བསྐང་། །མ་མགོན་སྡེ་བརྒྱད་ཐུགས་དམ་བསྐང་། །དྲེགས་ཆེན་བཅོ་བརྒྱད་ཐུགས་དམ་བསྐང་། །དྲེགས་པ་ཉི་ཤུའི་ཐུགས་དམ་བསྐང་། །སྡེ་དཔོན་སུམ་ཅུའི་ཐུགས་དམ་བསྐང་། །རྡོ་རྗེ་མཚན་ཅན་ཐུགས་དམ་བསྐང་། །རྡོ་རྗེ་བདུད་འཇོམས་ཐུགས་དམ་བསྐང་། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །།ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དཀྱིལ་འཁོར་གཉན་པོ་དྲལ་ལ་རེ། །ཉེས་བྱས་

p. 719

བསྡེབ་ཏུ་ཤོར་ར་རེ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ནད་ཡམས་མ་བཏང་ཞིག །ཕྱུགས་ལ་གོད་ཡམས་མ་བཏང་ཞིག །ནོར་ལ་གྱ་གྲམ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར། །མི་མཐུན་བར་ཆད་རྐྱེན་རྣམས་ཟློག །འཁོར་རྣམས་བསྲུང་ལ་རྐྱེན་རྣམས་ཟློག །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་དངོས་གྲུབ་སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཁྲོ་བོའི་དྲག་ཤུལ་བཟློག་ཏུ་གསོལ། །ཧེ་རུ་ཀ་ཡི་གཟི་བརྗིད་ཟློག །ཕུར་པའི་བྱད་ཀ་བཟློག་ཏུ་གསོལ། །སྟོབས་པོ་ཆེ་ཡི་ཟིལ་གནོན་ཟློག །ལྷ་རྣམས་ཀུན་ཀྱི་རྩུབ་རིམས་ཟློག །ལྷ་མིན་རྣམས་ཀྱི་དུག་གཟེར་ཟློག །གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག །གཤིན་རྗེ་ཕོ་མོའི་འཁྲུལ་འཁོར་ཟློག །བདུད་དམག་རྣམས་ཀྱི་ཁྲམ་ཁ་ཟློག །མ་མོ་རྣམས་

p. 720

ཀྱི་ཐུན་ཟོར་ཟློག །ཀླུ་ཆེན་རྣམས་ཀྱི་འཆིང་བ་ཟློག །གནོད་སྦྱིན་རྣམས་ཀྱི་གཟེར་ནད་ཟློག །བཙན་གྱི་རྒྱུག་སྲང་བཟློག་ཏུ་གསོལ། །རྒྱལ་པོའི་དབྱིང་སྨྱོ་བཟློག་ཏུ་གསོལ། །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །འབྱུང་པོ་ཡི་དྭགས་རིམས་ནད་ཟློག །ཐེའུ་རང་འགོང་པོ་ལ་སོགས་པའི། །དམ་སྲི་ལོག་འདྲེན་བགེགས་ཚོགས་ཀྱི། །ཕུག་གི་སྲི་ཀུན་ཐམས་ཅད་ཟློག །བལ་མོའི་དུག་མཚོན་བཟློག་ཏུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི། སརྦ་དྷརྨཱ་པཱ་ལ་མ་ཧཱ་མཾ་ས་ལ་ཁ་རཾ་ཁཱ་ཧི། རཀྟ་ཙིཏྟ་བ་སུ་ཏ་ཁ་རཾ་ཁཱ་ཧི། མཉྩམཉྩི་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། ཨ་མྲྀ་ཏ་སུ་ར་ཏ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་ཀི་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། ཨོཾ་ས་མ་ཡ། ཨཱ༔ ས་མ་ཡ། ཧཱུྃ་ས་མ་ཡ། མ་ཧཱ་ཀཱ་ལ་ཀཱ་ལི་སརྦ་དྷརྨཱ་པཱ་ལ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། སོགས་ནས་སཏྭ་ཨཱཿ ཞེས་ཉམས་ཆག་བསྐང་བའི་སྔགས་ཡིག་བརྒྱ་བཟླ། མགོན་པོའི་གཞུང་ལས་ལྷ་གྲངས་དང་བསྟུན། བསྐང་བ་བྱིན་རླབས་སྔགས་ཁྲག་མཚོ་ཁོལ་ཆེན་རྒྱུད་ནས་གསུངས་པ་དང་། ཉམས་ཆག་བསྐང་བའི་སྔགས་གཏོར་ཆོག་སོགས་མན་ངག་ཤིན་ཏུ་ཟབ་བོ། །དོན་གྲུབ་ཀྱིས་བསྐུལ་ནས། འཕྲལ་དུ་༧ཀརྨ་ཨ་རཱ་གས་སྦྱར་བ་འགལ་བ་མཆིས་ན་བཤགས་ཤིང་དགེ་བས་བསྟན་པ་རྒྱས་གྱུར་ཅིག། །།

བཀའ་བརྒྱད་རྩ་རྒྱུད་གསང་འདུས་ལས་ནང་དུ་ཏིང་ངེ་འཛིན་གྱི་བསྐང་བ།

p. 721

བཀའ་བརྒྱད་རྩ་རྒྱུད་གསང་འདུས་ལས། །ནང་དུ་ཏིང་ངེ་འཛིན་གྱི་བསྐང་བ་ནི། ཧཱུྃ༔ རང་ཉིད་ཐུགས་ཀའི་ཧཱུྃ་འཕྲོས་ཏེ༔ སྣོད་ཀྱི་འཇིག་རྟེན་གཞོང་པ་རུ༔ བཅུད་ཀྱི་སེམས་ཅན་འདོད་ཡོན་སྤུངས༔ རིག་པ་ལྷ་མོའི་ཚོགས་སྤྲོས་ཏེ༔ གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་༔ རོ་མཆོག་ལྗགས་ལ་རེག་བྱ་ཆོས་སྣང་སྲིད་བཅུད་ཀྱི་ཐུགས་དམ་བསྐང་༔ འདོད་ཡོན་དབང་པོ་ལྔར་ཐིམ་ནས༔ ལྷ་མཉེས་ཕྲིན་ལས་བསྒྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་བྷིསྭཱ་ཧཱ༔ ལན་གསུམ། ཧཱུྃ༔ བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་༔ དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་༔ དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐང་༔ ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་༔ ལས་ཀྱི་མགོན་པོའི་ཐུགས་དམ་བསྐང་༔ འཇིག་རྟེན་མགོན་པོའི་ཐུགས་དམ་བསྐང་༔ སྲས་མཆོག་མགོན་པོའི་ཐུགས་དམ་བསྐང་༔ དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་༔ དབུག་ལེན་ཡབ་ཡུམ་ཐུགས་དམ་བསྐང་༔ ཕྱོགས་བཅུའི་མགོན་པོའི་ཐུགས་དམ་བསྐང་༔ དྲེགས་པ་དོན་གཉིས་ཐུགས་དམ་བསྐང་༔ དྲེགས་པ་

p. 722

རྣམས་གསུམ་ཐུགས་དམ་བསྐང་༔ མ་མོ་བདུན་གྱི་ཐུགས་དམ་བསྐང་༔ སྲིང་མོ་བཞི་ཡི་ཐུགས་དམ་བསྐང་༔ འབར་མ་དགུ་ཡི་ཐུགས་དམ་བསྐང་༔ དུས་བཞི་ལྷ་མོའི་ཐུགས་དམ་བསྐང་༔ དམག་གི་རྒྱལ་མོའི་ཐུགས་དམ་བསྐང་༔ དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ༔ ཕྱི་ནང་བར་ཆད་བཟློག་ཏུ་གསོལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཞེས་ཀརྨ་པ་མཐོང་བ་དོན་ལྡན་གྱིས་མཛད་པའོ།། ཨོྃ༔ གནམ་ཆོས་ལས་རྩ་གསུམ་སྤྱིའི་བསྐང་བ་བཞུགས་སོ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ༔ བསྐང་བ་བྱ་ཐབས་འདི་ལྟ་སྟེ། ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་སྙན་པའི་དབྱངས༔ སྨན་གཏོར་རཀྟ་གླུ་གར་མས༔ བླ་མ་སྐུ་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་མཚན་བརྒྱད་ཐུགས་དམ་བསྐང་༔ བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ གུ་

p. 723

དྲག་བཀའ་དགོངས་ཕུར་གསུམ་སོགས༔ ཡི་དམ་རྣམས་ཀྱི་ཐུགས་དམ་བསྐང་༔ ཕག་ཁྲོས་སེང་གསུམ་མཚོ་རྒྱལ་སོགས༔ མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས༔ རྗེ་འབངས་རྣམས་ཀྱི་ཐུགས་དམ་བསྐང་༔ མ་ནིང་ཤན་པ་གཟའ་བདུད་སོགས༔ ཆོས་སྐྱོང་བཀའ་སྲུང་ཐུགས་དམ་བསྐང་༔ གནོད་སྦྱིན་འཛམ་ལྷ་ལ་སོགས་པའི༔ ནོར་ལྷ་རྣམས་ཀྱི་ཐུགས་དམ་བསྐང་༔ དེ་རྣམས་ཐུགས་དམ་བསྐངས་ནས་ཀྱང་༔ བདག་གི་བསམ་པ་འགྲུབ་པ་དང་༔ ཞི་རྒྱས་དབང་དྲག་འགྲུབ་པར་མཛོད༔ ཨོཾ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ གུ་རུ་དྷེ་ཝ་ཌཱཀི་ནི༔ སརྦ་དྷརྨ་པཱ་ལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ནས་སཏྭ་ཨཱཿ ཞེས་ཡིག་བརྒྱ་བཟླ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གླུ་ཧྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་ལ་ཨོ་རྒྱན་རིན་པོ་ཆེས་གསུངས་སོ༔ ཞེས་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་ཀཾ་ཚང་ལུགས་ཀྱི་བེར་ཅན་ལྕམ་དྲལ་གནམ་ཆོས་རྙིང་མ་སྤྱི་དང་ཞྭ་དམར་ལུགས་ཀྱི་ཕྱག་བཞི་བཀའ་བརྒྱུད་བསྐང་ཐུང་བཅས་ཚང་མ་གྲྭ་ཚང་སྤྱིའི་རྒྱུན་ཁྱེར་འདོན་བདེར་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རཱ་ག་ཨ་སྱས་གུང་བསྒྲིགས་པའོ།། །།

Pecha page