← Search

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

མཁས་གྲུབ་ཀརྨ་ཆགས་མེད།

དྲག་པོའི་རྫ་འཛབ་དང་ཆུང་སྲི་རྫ་འཛབ་དང་རྒྱལ་པོ་རྫ་འཛབ་དང་མགོན་པོའི་རྫ་འཛབ་ཅེས་ཀྱང་བྱ་བའི་ཟིན་བྲིས་ཆུང་སྲི་ཚར་གཅོད།

p. 1

དྲག་པོའི་རྫ་འཛབ་དང་ཆུང་སྲི་རྫ་འཛབ་དང་རྒྱལ་པོ་རྫ་འཛབ་དང་མགོན་པོའི་རྫ་འཛབ་ཅེས་ཀྱང་བྱ་བའི་ཟིན་བྲིས་ཆུང་སྲི་ཚར་གཅོད་བཞུགས་སོ། །

p. 2

ན་མོ་གུ་རུ་ཀྲོ་དྷ་ནཱ་ཐ་ཡེ། །པད་འབྱུང་ཁྲོ་རྒྱལ་མགོན་པོའི་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་འགྲོ་ལ་ཕན་པའི་དྲག་པོའི་རྫ་འཛབ་གབ་སྦས་གསལ་ཏེ་བཀོད། །ཁྲོ་རྒྱལ་དཔལ་མགོན་བཀའ་གནོངས་བྱིན་གྱིས་རློབས། །སློབ་དཔོན་པདྨ་དང་ནི་ཧཱུཾ་ཀ་རས། །རྡོ་རྗེ་འབར་བའི་རྒྱུད་ནས་བཏུས་པ་ཡི། །རྫ་འཛབ་རྒྱ་གཞུང་དུམ་དུམ་ཁྲིག་གཉིས་པོ། །ཚིག་ཉུང་དོན་མང་འཁྲུགས་ཆེ་ལག་ལེན་དཀའ། །དེ་ཕྱིར་སྔགས་པ་ཕལ་གྱིས་མ་རྟོགས་ནས། །བཅའ་ལུགས་འཁྲུལ་ཏེ་རྫ་མའི་ཁ་ལེབ་ཀྱི། །རྡོ་ལེབ་དེ་ལ་ལིངྒ་བྲི་བ་དང་། །ལིང་ཚེ་ཕྱི་ནང་འཁྲུགས་ནས་ཅི་བྱུང་བྱེད། །འདོན་ལུགས་འཁྲུལ་ནས་གཞུང་ཚིག་ཉུང་ངུ་དང་། །

p. 3

དྲག་པོ་ལྕགས་འདུལ་བསྐུལ་འདོན་རྡོ་འཛུལ་དང་། །རྫ་མ་བཅག་ཅིང་སྦྱིན་སྲེག་ལོགས་ཁ་སབ། །གདོན་ཆེན་གཟུགས་རྣམས་བསྡུ་ནས་རི་ལ་བསྐྱལ། །དེ་སོགས་གཞུང་དང་འགལ་བ་བྱེད་མཁན་མང་། །འཁྲུལ་མེད་གཞུང་དང་མཐུན་པ་འདི་ལྟ་སྟེ། །སྟ་གོན་བསྙེན་སྒྲུབ་ལས་སྦྱོར་གསུམ་ཡིན་ནོ། ༈ །དང་པོ་འཇིམ་པའི་ར་བ་གྲུ་བཞི་པ། །འདོམ་གང་བར་མེད་ནང་དུ་ས་གཙང་བཀང་། །ལེགས་པར་བཅག་པའི་དབུས་སུ་འཇིམ་པ་ཡི། །ར་བ་གྲུ་གསུམ་རྩེ་མོ་རྒྱབ་ཕྱོགས་བསྟན། །དེ་མདུན་འཇིམ་ར་གྲུ་གསུམ་རྩེ་མདུན་བསྟན། །འཇིམ་ར་དེ་རྣམས་ཕྱི་ནག་ནང་དམར་བྱ། །གྲུ་གསུམ་དབུས་མའི་ནང་གི་ཟུར་ག་སུམ་དུ། །རྡོ་བ་ཁུ་ཚུར་ཙམ་པ་གསུམ་ལ་ནི། །ཁྲག་གིས་ཁ་མིག་བྲིས་པ་སྐྱེད་པའི་ཚུལ། །དེ་སྟེང་བྱིས་སྒྲའི་སྦྱང་རོ་

p. 4

བཞག་པའམ། །མེད་ན་རྫ་མ་ནག་པོ་གཅིག་བཙུགས་ལ། །དེ་ནང་རོ་སོལ་ལམ་སོལ་བས་གྲུ་གསུམ་བྲི། །དེ་ནང་འབྲུ་སྣའམ་ཟན་གཙང་ལ་བྱས་པའི། །ངར་མི་ཆུང་སྲི་བྱི་བའི་མགོ་ཅན་བཞག །གཞན་ཡང་ཟན་གྱི་ལིངྒ་ཆེ་བ་གཅིག །ཤོག་གུའམ་ནི་གྲོ་ག་ལ་བྲིས་པའི། །བསྲེག་རྒྱུའི་ལིངྒ་མནན་རྒྱུའི་ལིངྒ་གཉིས། །ལྟེབ་ལ་ཁྱི་སྤུ་ར་བལ་སྐུད་པས་བཅིངས་ལ་བཅུག །རྡོ་རྗེ་རྒྱ་གྲམ་བྲིས་པའི་རྡོ་ལེབ་ཀྱིས། །རྫ་མའི་ཁ་བཅད་རླུང་ནི་མི་ཐར་བྱ། །རྟ་རྔའི་འགུག་ག་རྫ་མའི་སྐེ་ལ་བཀོན། །ཤིང་ནག་འཕར་ཆུང་བཀུག་པ་དེ་ལ་བཏགས། །རྫ་མའི་རྒྱབ་ཀྱི་གྲུ་གསུམ་གསུམ་པོ་ལ། །འགྲུབ་ན་གནོད་བྱེད་ཆུང་སྲི་ཁུག་ཛཞེས། །ཡི་གེ་སྙིང་ཁར་བཅུག་པའི་ངར་མི་ནི། །སྲེ་མོང་མགོ་ཅན་རྨོང་རྩེའི་མགོ་ཅན་དང་། །ངར་མའི་བྱི་བའི་མགོ་ཅན་དང་ནི་གསུམ་པོ་བཞག །དེ་རྒྱབ་སོལ་བའི་ཕྱེ་མ་མཎྜལ་ལ། །དེ་ཉིད་ལིང་རྩེ་དགུ་རུ་བཅད་པ་ཡི། །དབུས་དང་ཕྱོགས་མཚམས་ལིང་རྩེའི་ནང་བརྒྱད་ལ། །ངར་མི་སྲེ་མོང་མགོ་ཅན་རེ་རེ་བཞག །དབུས་སུ་གང་བདེར་གཅིག་དང་དགུ་ཡིན་ནོ། །དེ་རྒྱབ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས། །མདུན་རྒྱབ་གཉིས་སུ་བྱས་པའི་ཕྱོགས་བཅུ་རུ། །རྡོ་རྗེ་རྒྱ་གྲམ་བྲིས་པའི་རྡོ་ལེབ་བཅུ། །ཕུར་ཆུང་བཅུ་ཡིས་བཀར་ནས་རྡོ་འཛུལ་བཙུགས། །རེ་རེའི་ཞབས་སུ་བུད་མེད་ནུ་ཞོའམ། །མེད་ན་ལག་པ་བཀྲུས་པའི་ཁྲུས་ཆུས་སྦྲུས། །ཟན་ལ་བྱིས་སྦའི་ཏིལ་ཆུང་ཕོ་གུ་དང་། །རིལ་ཚེ་སྐྱ་ག་གོ་ཕྲུག་སྲེ་མོང་དང་། །ཁྱི་གུ་དང་ནི་སྦལ་ནག་ལག་བཅུ་པ། །

p. 5

སྦྲུལ་ནག་མགོ་དགུ་པ་རྣམས་འཛུལ་ཞབས་བཀོད། །རྙེད་ན་དེ་དག་ཤ་ཁྲག་སྤུ་ཡང་སྦྱར། །དེ་རྒྱབ་གདོན་ཆེན་བཅོ་ལྔའི་འཇིམ་གཟུགས་ནི། །སྐེམ་བྱེད་བྱི་བའི་མགོ་ཅན་ནག་པོ་ཤར། །བརྗེད་བྱེད་མི་ལུས་ཝ་ཡི་མགོ་ཅན་དམར། །ཛ་མི་ཀ་ནི་རྟ་ཡི་མགོ་ཅན་དམར། །གཉའ་ལག་ཅན་ནི་བྱ་གླག་མགོ་ཅན་སྔོ། །དེ་གསུམ་ལྷོ་ཕྱོགས་གཡས་ངོས་དེ་རུ་བཀོད། །ཁུ་ཚུར་ཅན་ནི་བྱ་རོག་མགོ་ཅན་ནག །མི་ནག་ཞེ་སྡང་སྦྲུལ་གྱི་མགོ་ཅན་དཀར། །བཞིན་རྒྱུན་པོ་ཞེས་འུག་པའི་མགོ་ཅན་སེར། །མིག་འཕྱང་པོ་ཞེས་པ་ཝང་མགོ་ཅན་ན། །སྲུལ་པོ་ཕག་མགོ་ཅན་ནི་ནག་པོ་སྟེ། །དེ་ལྔ་ནུབ་ཕྱོགས་རྒྱབ་ངོས་དེ་རུ་བཀོད། །རི་དྭགས་རྒྱལ་ནི་ཤྭ་བའི་མགོ་ཅན་སེར། །མི་དགའ་བྱེད་ནི་བྱི་བའི་མགོ་ཅན་ནག །དེ་གཉིས་བྱང་སྟེ་གཡོན་གྱི་ཕྱོགས་སུ་བཀོད། །འཇོམས་པ་གླང་མགོ་ཅན་སེར་བྱང་ཤར་མཚམས། །ནམ་གྲུ་ཁྱི་མགོ་ཅན་སེར་ནུབ་བྱང་མཚམས། །བསེན་མོ་བུད་མེད་ནག་མོའི་གཟུགས་ཅན་ནི། །ཤར་ལྷོ་ལྷོ་ནུབ་གཉིས་པོ་གང་བདེར་བཀོད། །རྒྱས་པར་འགྲུབ་ན་གདོན་ཆེན་བཅོ་ལྔ་ཡི། །སྙིང་ཁར་ཏྲི་དང་རང་རང་མིང་ཡིག་བཅུག །དེ་རྒྱབ་རྩང་དམར་མཐོ་གང་ཉི་ཤུ་བརྒྱད། །སྲིན་མོ་འགྲོས་སུ་ལོགས་རེར་བདུན་རེ་བཙུགས། །དེ་དང་མཉམ་པའི་སྐྱེར་པའི་ཕུར་ཆུང་ནི། །གཞུ་ཆུང་མཛུབ་གང་མདའ་ཆུང་དང་སྦྱར་བ། །ཕྱོགས་མཚམས་བརྒྱད་དུ་བཀར་བའི་ཚུལ་གྱིས་བཀོད། །དེ་བཞིན་རྟ་རྔའི་འགུག་ག་འཕར་ཆུང་བརྒྱད། །དེ་རྣམས་འཇིམ་ར་གྲུ་བཞི་རྩེ་ལ་བཙུགས། །རང་

p. 6

ངོས་ཤར་དུ་བརྩི་བའི་ལྷོ་ནུབ་ཟུར། །རུ་ཏྲའི་མགོ་དང་རྐང་ལག་ཕྱོགས་བཞིར་བཀོད། །གཞོང་ཆེའམ་ནི་སྡེར་ནང་ཤིང་ནག་ཆ་བཅིང་ལ། །དེ་སྟེང་ངར་མི་མཐོ་ཚད་བྱིས་པའམ། །མ་ཡི་གོས་དུམ་དཀྲིས་ལ་བསྙལ་ལ་བཞག །དེ་དང་མཉམ་དུ་བྱིས་པའི་མ་དེ་ཡི། །ཆངས་བུ་དགུའམ་གང་འཛོམ་བླུགས་བྱས་ལ། །སྟེགས་བུའི་ནང་མའི་ཕྱི་ཡི་ལྷོ་ངོས་བཞག །རྫ་མའི་སྟེང་དུ་འཇིམ་པ་གྲུ་གསུམ་པ། །བང་རིམ་གསུམ་ལྡན་རྩང་དམར་མཐོ་གང་པ། །དགུ་བཙུགས་རྩང་ལ་ཤ་ཁྲག་ལིང་ཆུང་བརྒྱན། །དེ་སྟེང་ཨོཾ་བཅིང་སྟེང་དུ་གཏོར་ཟློག་ནི། །གུ་དྲག་རྟ་མགྲིན་ཕུར་པ་མགོན་པོ་སོགས། །རང་གིས་གང་ཤེས་གཞུང་ལྟར་བཅས་ལ་བཞག །དེ་ལ་མདའ་དར་རྒོད་སོགས་བྱ་ཆེན་སྤྲོ། །གཤོག་དར་ཞེས་པ་འཕྲུ་དར་ཡོད་ན་བཙུགས། །བསྐང་རྫས་ཐམས་ཅད་ཡོད་ན་ལེགས་པར་བཙུགས། །གཞན་ཡང་ཕུགས་གཏོར་ཚོགས་དང་གཏོར་འབུལ་སོགས། །རིམ་གྲོ་སྤྱི་ཡི་ལུགས་ལྟར་ཚང་བར་བྱ། །མནན་ཐོད་ཁྱི་གུ་བྱི་ལ་རིལ་ཚེ་དང་། །ཕག་ཕྲུག་ལ་སོགས་ཆུང་གསུམ་ཐོད་པ་གཅིག །ཤ་མེད་གཙང་མ་དཀར་པོ་བྱས་པ་ཡི། །ཐོད་པར་རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །དཔྲལ་བར་གཡུང་དྲུང་རྣ་ལྟག་ཁྲམ་བྲི་འམ། །མཚུལ་བར་རཾ་བྲི་ཁ་ནང་ཤོག་གུ་ལ། །ཆུང་སྲི་ཟ་འདྲེ་བྲུབ་བོ་མནན་ནོ་བྲི། །འགྲམ་པ་གཡས་ལ་ཆུང་སྲི་ཁ་ཐཾ་བྲི། །འགྲམ་པ་གཡོན་ལ་ཤི་ཁ་ཆོད་ཅིག་བྲི། །དུར་རྡོའམ་ནི་གཡའ་མ་གང་རྙེད་ལ། །རྡོ་རྗེ་རྒྱ་གྲམ་བྲིས་པ་ཁྱི་རའི་སྐུད་པས་བཅིང་། །སྔགས་འདི་ཤོག་དྲིལ་ཐོད་པའི་ཀླད་ཁུང་

p. 7

བཅུག །ཨོཾ་ཆུང་སྲི་ཁ་ཐམ་མཱ་ར་ཡ་ཟད། ཆིང་ཆིང་ཐམ་ཐམ། དུལ་དུལ་ནན་ནན་ཛ་ཛཿ ཆུང་སྲི་ཁ་ཐཾ་རྦད་ཆིང་ཆིང་ཐམ་ཐམ་དུལ་ནན། ཞེས་པ་བྲིས་བཅུག་ཐོད་པ་ཚོན་སྐུད་བཅིང་། །ཕོ་ཤིང་མོ་ཤིང་སྟེང་འོག་ཐེམ་བྱས་ལ། །རྫ་མའི་དྲུང་དུ་རྡོ་ལེབ་མནན་ལ་བཞག །དེ་ནི་སྟ་གོན་བཅའ་ཚོགས་རྒྱས་པའོ། ༈ །དེ་བས་བསྡུ་ན་ནམ་མཁའ་འཕྲུ་དེར་སྤྲོ། །བསྐང་འབྲས་རྣམས་ནི་མེད་ཀྱང་ཆོག་པའོ། །དེ་བས་བསྡུ་ན་མདའ་ཆུང་གཞུ་ཆུང་དང་། འགུག་ག་ལ་སོགས་གཅིག་གིས་ཆོག་པ་སྟེ། །གདོན་ཆེན་བཅོ་ལྔ་མེད་ཀྱང་ཆོག་པ་ཡིན། །སྲེ་མོང་མགོ་ཅན་ངར་མི་དགུ་མི་དགོས། །དེ་མིན་སྔར་ལྟར་བཅའ་བ་བསྡུས་པ་ཡིན། །དེ་ནས་སྐྱབས་སེམས་དཀར་བགེགས་ལས་བྱང་འདོན། །ཚོགས་ལ་ཆུང་སྲི་བཀུག་གཞུག་བྱས་ནས་ཀྱང་། །དེ་ཡི་ཤ་ཁྲག་ཚོགས་ཀྱི་འཁོར་ལོ་བསྐོར། ཚོགས་ནི་བཀྱག་དུས་བུད་མེད་དེ་ཡིས་བཀྱག །རྣམ་ཤེས་སྤར་ནས་ནམ་མཁའི་ལྷ་ལ་བསྟིམ། །ལུས་དང་ལུས་གདོན་ཚོགས་འཁོར་དབྱེར་མེད་པ། །ཡི་དམ་ཆོས་སྐྱོང་ཞལ་དུ་བསྟབ་པར་བྱ། །ཚོགས་ཕུད་ཕུལ་ནས་བར་པས་བསྐང་བ་གསོ། །ལས་བྱང་བསྐང་བ་རྒྱས་བསྡུས་ཅི་ལྕོགས་འདོན། ཚོགས་ཀྱིས་བསྒྲལ་ཆོག་ཆུང་སྲི་བཀུག་ལ་བསྒྲལ། །ཞལ་བསྟབ་བཟློག་པར་གསོ་ལ་ལྷ་གང་ཡིན། །སོ་སོའི་གཞུང་ལྟར་འདོན་ཅིང་ཚར་བའི་རྗེས། །གསེར་སྐྱེམས་གཏོར་ཞིང་དཀར་གཏོར་བྲན་བྱས་ལ། །ཧཱུྃ་ལས་རིན་ཆེན་སྣོད་

p. 8

ཆེན་ནང་། །འབྲུ་བཅུད་སྙིང་པོ་ཛ་གད་མཚོ། །འདོད་ཡོན་ལྔ་ཡི་རྦ་རླབས་འཁྲུགས། །རིན་ཆེན་གསེར་གཡུའི་དམ་རྫས་ཅན། །།དཀར་གསུམ་བདུད་རྩིའི་གཏོར་མ་མཆོད། །སྣང་སྲིད་ལྷ་འདྲེའི་མཐུན་རྫས་འདིས། །འཇིག་རྟེན་མཐུ་ཆེན་ཐམས་ཅད་བརྔན། །ཕྱོགས་མཚམས་སྟེང་འོག་གནས་པ་དང་། །ས་ཆ་ཡུལ་རིས་འདིར་གནས་པའི་། །ལྷ་ཀླུ་གཞི་བདག་གཉན་པོ་རྣམས། །གསེར་སྐྱེམས་གཏོར་མ་འདི་བཞེས་ལ། །བདག་གི་དྲག་པོའི་རྫ་འཛབ་ལ། །རུ་ང་ཕྲག་དོག་མ་མཛད་ཅིག །བདག་གི་ཁ་ཚེའཛིན་སྡོང་གྲོགས་དང་། །ཆུང་སྲི་འདུལ་བའི་མཐུ་དཔུང་མཛོད། །སྔོན་ཚེ་སློབ་དཔོན་པདྨ་ཡི། །བཀའ་དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཛ་གད་རཏྣ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཀའ་བསྒོ། ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྲས། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཅས། །ཡེ་ཤེས་སྤྱན་ལྡན་སྲུང་མ་རྣམས། །མཁྱེན་པའི་ཐུགས་ཀྱིས་དགོངས་སུ་གསོལ། །མངོན་ཤེས་

p. 9

སྤྱན་གྱིས་གཟིགས་སུ་གསོལ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་གཤེགས་ལ། །རྣལ་འབྱོར་བདག་གི་མཐུ་དཔུང་མཛོད། །ཉེར་སྤྱོད་ལྔ་ཡི་མཆོད་པ་འབུལ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །སྨན་གཏོར་རཀྟའི་མཆོད་པ་འབུལ། །དུག་ལྔ་དུག་གསུམ་མཆོད་པར་བཞེས། །དགྲ་བགེགས་འབྱུང་པོ་མཆོད་པར་བཞེས། །ཆུང་སྲི་རྨོངས་འདྲེ་མཆོད་པར་བཞེས། །ལན་ཆགས་ཆུང་བདུད་མཆོད་པར་བཞེས། །སྒབ་སྲི་རབས་འདྲེ་ཚར་ཆོད་ཅིག །དགོངས་ཤིག་གཟིགས་ཤིག་སྲུང་མའི་ཚོགས། །དམ་་ཉམས་ཆུང་སྲི་ལས་ངན་འདིས། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །མི་དགེ་བཅུ་པོ་སྤྱད་སྤྱད་ནས། །ཞེ་སྡང་དུག་ལྔ་རབ་ཏུ་རྒྱས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བསད་པའི་ཤ་ནི་སྟོང་གསུམ་ཙམ། །བསད་པའི་ཁྲག་ནི་རྒྱ་མཚོ་ཙམ། །སངས་རྒྱས་བསྟན་ལ་གནོད་པ་བསྐྱལ། །དམ་ཚིག་གཉན་པོ་ཁྱད་དུ་བསད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྡོ་རྗེའི་མཆེད་ལ་དགྲ་རུ་བཟུང་། །དེ་ཕྱིར་ལས་ངན་དམ་སྲིར་སྐྱེས། །འགྲོ་བ་ཡོངས་ཀྱི་སྲོག་ལ་གནོད། །ཁྱད་པར་བྱིས་སྦ་ཆུང་ལ་འཚེ། །ཡོན་

p. 10

བདག་འདི་ཡི་སྲི་སྒབ་འཕྲོག །དེ་ནས་བསྒྲལ་བའི་ཞིང་དུ་གྱུར། །དམ་ཉམས་ཆུང་སྲི་འདུལ་བའི་ཕྱིར། །ཁྲོ་བོ་ཁྲོ་མོ་བསྟན་སྲུང་ཚོགས། །སྲ་བརྟན་རྡོ་རྗེའི་གོ་ཆ་གྱོན། །རྣོ་དབལ་མཚོན་ཆ་ཕྱག་ན་ཕྱིར། །མ་གཡེལ་མ་གཡེལ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་མཁྱེན་དཔང་གསོལ་ལོ། །ཧཱུཾ། རང་ཉིད་ཡི་དམ་ལྷར་གསལ་བའི། །མདུན་དུ་མ་ཏྲཾ་རུ་ཏྲ་ལ། །འགྲོ་དྲུག་དུག་ལྔ་ཀུན་ཐིམ་ནས། །བསྒྲལ་ཞིང་དུག་ལྔ་རྒྱས་པ་ལ། །བདག་ཉིད་དཔལ་གྱི་སྐུ་ལུས་ལས། །མཚོན་ཆའི་ཆར་བབ་རུ་ཏྲ་བསྒྲལ། །ཕུང་པོ་ཁྲོལ་གྱིས་ཞིག་པ་ལས། །ཕྱི་ལྟར་རུ་ཏྲའི་གཡང་གཞི་ལ། །བར་དུ་དུར་ཁྲོད་འདྲེ་སྲིན་གནས། །ནང་ལྟར་དྲག་པོའི་ཕོ་བྲང་གནས། །རྩང་རྣམས་སྲིན་མོ་ཉི་ཤུ་བརྒྱད། །མདའ་གཞུ་གིང་ཕོ་གིང་མོའི་ཚོགས། །འཆོར་མེད་འགག་ལ་འགུག་ག་བཙུགས། །ཆུང་སྲི་བྲོས་ཀྱང་ཐར་ས་མེད། །དེ་ནང་གདོན་ཆེན་བཅོ་ལྔ་དང་། །རི་རབ་གནམ་རྡོའི་འཛུལ་འོག་ན། །ཆུང་སྲི་ཐམས་ཅད་དངོས་སུ་གསལ། །ལིང་ཚེ་བརྒྱད་པོ་དབུས་དང་དགུར། །ཆུང་སྲི་སྲེ་མོང་མགོ་ཅན་དགུ། །དེ་ནང་གྲུ་གསུམ་གསུམ་པོ་

p. 11

ན། །རྨོང་ཚེ་བྱི་བ་སྲེ་མོང་མགོ །རྫ་མ་དམྱལ་ཟངས་མུན་པའི་གླིང་། །ཁྲོ་ཆུ་ཁོལ་མའི་དབུས་ཉིད་དུ། །ཏྲི་ཡིག་ཡོངས་སུ་གྱུར་པ་ལས། །ཆུང་བདུད་བྱི་བའི་མགོ་ཅན་དང་། །ལིངྒ་ཆུང་སྲི་སྐེམ་ཞིང་རེད། །ཤི་མིག་སྐྱ་གཟིང་འདར་ཞིང་བསྔང་། །ཡན་ལག་ལྕགས་སུ་བཅུག་པ་གསལ། །ཅེས་བསྐྱེད་རྫ་མ་ཁ་ཕྱེ་ལ། ཧཱུྃ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས། །ཆོས་ཉིད་རྒྱུ་འབྲས་བསླུ་མེད་དང་། །མ་ཧཱ་ཀཱ་ལའི་བདེན་པའི་མཐུས། །གནོད་བྱེད་ཆུང་སྲི་ཆུང་བདུད་རྣམས། །ལིངྒ་འདི་ལ་མྱུར་དུ་ཁུག །ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཕྱོགས་བཅུའི་གདོན་ཚོགས་ཚར་གཅོད་ཕྱིར། །དབང་བཅུའི་ལས་ལ་ཁྲོ་བཅུ་སྤྲུལ། །ཕར་ཕྱིན་བཅུ་ལ་ཁྲོ་མོ་སྤྲུལ། །ཡང་སྤྲུལ་ཁྲ་ཐབས་ཉི་ཤུ་སྤྲུལ། །ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་བཅས། །ཆུང་སྲི་འདུལ་བའི་གྲོགས་ལ་བྱོན། །ཧཱུཾ། ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཁྲོ་མོ་རྡོ་རྗེ་སྙེམས་མ་སྟེ། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་

p. 12

ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། ཤར་ལྷོའི་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཁྲོ་མོ་རྡོ་རྗེ་སྡེར་མ་སྟེ། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ལྷོའི་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུཾ། ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཁྲོ་མོ་རྡོ་རྗེ་དུར་ཁྲོད་བདག །སྤྲུལ་པ་ཤ་བ་འུག་པའི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་

p. 13

མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་ཐཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོ་ཧཱུྃ། ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཁྲོ་མོ་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ནུབ་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་དཔལ། །ཁྲོ་མོ་རྡོ་རྗེ་གཏུམ་མོ་སྟེ། །སྤྲུལ་པ་བྱི་ལ་པུ་ཤུད་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་ཕྱོགས་གནོད་བྱེད་ཆུང་

p. 14

སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །།སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །ཁྲོ་མོ་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་བྱང་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛ་།ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུཾ། བྱང་ཕྱོགས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཁྲོ་མོ་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཕྱོགས་གནོད་བྱེད་

p. 15

ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ། །ཁྲོ་མོ་ཁམས་གསུམ་གསོད་བྱེད་མ། །སྤྲུལ་པ་དོམ་དང་སྲེ་མོང་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཤར་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུྃ། སྟེང་ཕྱོགས་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྒྲིག་བུའི་མགོ །ཁྱོད་ཀྱི་ཐུགས་དམ་

p. 16

དུས་ལ་བབ། །སྟེང་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བི། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུྃ། འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །ཁྲོ་མོ་རྡོ་རྗེ་བསྐུལ་བྱེད་མ། །སྤྲུལ་པ་དྲེད་དང་བྱི་བའི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །འོག་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག་་ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤོ་ཧཱུྃ་།སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྙིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཨོཾ་བཛྲ་ཀྲོ་དྷ་གནོད་བྱེད་ཆུང་སྲིའི་ལུས་ངག་ཡིད་གསུམ་བླ་ཤ་རེ་མ་ཏིས་འགྲིམ་འགྲིམ། ཤ་མ་རུ་ཏི་ཁུག་

p. 17

ལིང་མྱོག་ལིང་། ཤ་ལིང་རྩ་མུན་ཏྲ་ཛཿཧཱུྃ་བཾ་ཧོཿ ཞེས་བཀུག་ལ་རང་དབང་མེད་པར་བཅུག་ནས་ཐིམ་པར་བསམ་མོ།། ཀྱཻ། སྔོན་གྱི་བསྐལ་པ་གྲངས་མེད་དེར། །ཡབ་ནི་སོག་སྐྱ་དེ་བ་དང་། །ཡུམ་ནི་སྲས་མོ་རྒྱལ་མོ་གཉིས། །དེ་གཉིས་འཚོགས་ཤིང་བཤོས་པ་ལས། །ལྷ་བུ་མི་བདུན་སྲིད་པ་ལ། །སྲིན་པོ་གདུག་བྱེད་རྒྱལ་པོ་དེ། །ཆུང་སྲི་སྤུན་དགུར་བརྫུས་ནས་ནི། །ལ་ལ་ཁུ་ཚུར་བཅང་བར་བསད། །ལ་ལ་རྐུ་ཐོབས་བཅིང་བར་བསད། །ལ་ལ་བླུན་ཞིང་ཁ་མཆུ་འོང་བར་བསད། །ལ་ལ་ནུ་ཞོ་སྐྱུག་པར་བསད་། །ལ་ལ་འགྲང་ཤིང་འཁྲུ་བར་བསད། །ལ་ལ་འགུལ་པ་འགག་པར་བསད། །དེ་ལྟར་གདུག་པའི་སེམས་ནི་མེ་ལྟར་འབར། །ངན་པའི་ཞེ་ལྡང་ཆུ་ལྟར་ཁོལ། །དུས་དང་བསྐལ་པ་དེ་ཙམ་ནི། །ཡབ་ནི་སོག་སྐྱ་དེ་བ་ཡིས། །ངུས་སམ་མ་ངུས་ན། །མཆི་མ་ཁྲག་ཏུ་བྱུང་། །འཆོས་སམ་མ་འཆོས་ན། །རལ་གྲི་སོ་ལ་འཆོས། །ཐང་ཀ་ལྷ་ལ་བྱས་། །ཡུས་རྡོ་སྲིད་ལ་བཅིངས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །བདག་གི་མགོན་དང་སྐྱོབས་ལ་བྱོན། །ཕྱོགས་བཅུ་ནམ་མཁའི་ཁམས་བོས་སོ། །བཅོམ་

p. 18

ལྡན་མགོན་པོའི་ཞལ་ན་རེ། །དེ་ཡི་མགོན་སྐྱབས་ང་ཡོད་ཟེར། །སྔོན་ཚེ་ཞལ་གྱིས་བཞེས་པའི་ལྷ། །ཁྲོ་རྒྱལ་དཔལ་ལྡན་མགོན་པོའི་ཚོགས། །འཁོར་གྱི་དམག་ཚོགས་མང་པོ་དང་། །སྤྲུལ་པའི་འཕྲོ་འདུ་མང་པོ་དང་། །མ་མོ་མཁའ་འགྲོའི་ཚོགས་བཅས་རྣམས། །གནོད་བྱེད་རྨོངས་འདྲེ་ཆུང་སྲིའི་གཤེད་དུ་ཆེ། །སྲུང་མ་ལྷ་ཡི་ཕོ་ཉ་ཆོས། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་ལྷ་ཡི་བྱིན་རླབས་དང་། །ཁྲོ་རྒྱལ་རྣམས་ཀྱི་མཐུ་སྟོབས་དང་། །མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས། །གནོད་བྱེད་ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །སྒབ་འདྲེ་འདུལ་བའི་ཕྲིན་ལས་མཛོད། །རབས་འདྲེ་འདུལ་བའི་ཕྲིན་ལས་མཛོད། །གསོན་འདྲེ་འདུལ་བའི་ཕྲིན་ལས་མཛོད། །མི་ལ་ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །ཡི་དམ་གང་འདོད་ཀྱི་སྔགས་ཤམ་ལ་སྦྱར་ཏེ། །འགུ་དྲག་ཡིན་ན་འདི་ལྟར་རོ། །ཨོཾ་ཨཱཿཧཱུྃ་ཨརྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ། ཡཀཱ་ཧཱུཾ་རཀྵ་ཧཱུྃ། ཨ་ཡ་མ་དུ་རུ་ཙ་ཤ་ན། སརྦ་ན་ཏྲི་ནི་ཧཱུྃ་ཛཿ ནི་ཏྲི་ནི་ཧཱུྃ་ཛཿ ཤན་ཏཱི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ དམ་སྲི་ཆུང་སྲིའི་སྲོག་ལ་མཱ་ར་ཡ་ཧཱུྃ་ཛནན། རྫ་མ་ནང་གི་ཆུང་སྲིའི་

p. 19

སྙིང་གར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་སྤུ་གྲི་ལྟར་རྣ་བ་གཡོན་དུ་དྲག་ཏུ་འཁོར་བའི་བླ་སྲོག་སྟོབས་ནུས་ཤ་ཁྲག་ཐམས་ཅད་དམར་ཉི་ལི་ལི་གཏུབ་པར་བསྒོམ་སྟེ།་གནོད་བྱེད་ཆུང་སྲིའི་སྙིང་ནང་གནམ་ལྕགས་ཀྱི། འཁོར་ལོ་རྩིབས་བརྒྱད་སྤུ་གྲི་ལྟར་རྣོ་བ། །གཡོན་དུ་འཁོར་བས་བླ་སྲོག་གཏུབ། །སེམས་ཉིད་ཨ་ཡིག་གྱུར་པ་འོག་ཕྱོགས་ཀྱི། །འཇིག་རྟེན་ཁམས་སུ་མངོན་པར་སངས་རྒྱས་ཤོག །སྔགས་རིང་དེ་ཐུན་རེ་ལ་རབ་ལྔ་བརྒྱ་འབྲིང་སུམ་བརྒྱ་ཐ་མ་བརྒྱ་བཟླས་ལ། ཐུན་ལ་མཆིལ་མ་མ་སོང་བར་ཕུ་བཏབ་ནས། ཧཱུྃ་ཛཿ ཐུན་རྫས་གནམ་ལྕགས་མེ་ཡི་ཐོག་སེར་ནི། །གར་ཕོག་རླག་བྱེད་དུག་རླངས་ཁྲོ་ཆུའི་ངད། །ཆུང་སྲིའི་སྟེང་དུ་དྲག་པོའི་སེར་ལྟར་བབས། །ལུས་ངག་ཡིད་གསུམ་བྱ་སྒོ་མེས་བསྲེགས་ལྟར། །སྲེག་གཏུབ་ཐལ་བ་རྡུལ་ཕྲན་བཞིན་དུ་རྨོགས་། །གོང་གི་སྔགས་ཤམ་དུ་འདི་བརྗོད་ཅིང་ཐུན་གྱིས་བྲབ་བོ། །ཧེ་ཧེ་རཾ་རཾ༔ ཧེ་ཏྲི་རཾ་རཾ༔ ཏྲི་རཾ་རཾ༔ ཀུ་ཀུ་རཾ་རཾ༔ མུ་མུ་རཾ་རཾ༔ དགྲ་བགེགས་རཾ་རཾ༔ ཧ་ཧ་རཾ་རཾ༔ ཡཾ་ཡཾ་རཾ་རཾ༔ ཁཾ་ཁཾ་རཾ་རཾ༔ སཾ་སཾ་རཾ་རཾ༔ སག་ཏ་རཾ་རཾ༔ ཀ་ཀ་རཾ་རཾ༔ ང་ང་རཾ་རཾ༔ བ་བ་རཾ་རཾ༔ ཨ་ཨ་རཾ་རཾ༔ ཆུང་སྲི་གནོད་བྱེད་མཱ་ར་ཡ་རཾ་རཾ༔ བྱིས་སྔའི་གདོན་ཆེན་

p. 20

བཅོ་ལྔའི་གདུག་པ་མཱ་ར་ཡ་རཾ་རཾ༔ གནོད་བྱེད་འབྱུང་པོ་དམ་སྲི་མཱ་ར་ཡ་རཾ་རཾ༔ ཆུང་སྲི་རྨང་སྲི་མངལ་སྲི་སྒབ་སྲི་རྨང་འདྲེ་གནོད་བྱེད་མཱ་ར་ཡ་རཾ་རཾ༔ ཞེས་ཐུན་བྲབ་ཚར་ནས་རྫ་མ་ཁ་ལེབ་བྱ། ས་གྲུ་གསུམ་རི་རབ་རྩང་བཙུགས་པ་དེས་མནན་ལ་བཞག་གོ །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་། །སླར་ཡང་སྔོན་ལྟར་ལས་བྱང་ཚར་གཅིག་བཏང་། སྲོད་ཐུན་དཀར་གཏོར་གཞི་བདག་ལ་བསྔོ་དུས། །ཡོན་བདག་རིགས་རྒྱུད་འཕེལ་བའི་ཕྲིན་ལས་བཅོལ། །འབུལ་གཏོར་དམར་གཏོར་ལ་ཆུང་སྲི་བཀུག་གཞུག་བྱ། །རང་གི་ཆོས་སྐྱོང་རྣམས་ལ་སྤྱི་ལྟར་འབུལ། །ཟབ་མདོ་བདུད་བཟློག་སྟོང་ཉིད་བསྒོམ་ལ་ཉལ། །ཕྱིར་ནངས་སྔར་ཉིན་ལྟར་དུ་ཐམས་ཅད་འདོན། །དེ་ཡན་རྫ་འཛབ་བསྙེན་པའི་རིམ་པའོ། །དེ་ལྟར་ཞག་གྲངས་གསུམ་ལྔ་བདུན་དགུ་སོགས། །འཆི་གྲངས་ཇི་ལྟར་མང་བཞིན་ཞག་མང་བྱ། །སྔ་དྲོ་ཕྱི་དྲོ་མཚན་མོ་ཐུན་གསུམ་དུས། །དཀར་གཏོར་གསེར་སྐྱེམས་ནས་བཟུང་རྫ་འཛབ་གཞུང་། །ཚར་རེ་བཏང་ཞིང་སྔགས་དེ་བརྒྱ་རེ་བཟླས། །བསད་སྔགས་ཚར་རེས་ཐུན་བརྒྱབ་དེ་ལྟར་བྱ། །རྨི་ལམ་བྱིས་སྦ་རི་བོང་སྲེ་མོང་དང་། །ཁྱི་གུ་སྲེག་པ་ལ་སོགས་ཆུང་གསུམ་དང་། །ཁྱི་དང་བུད་མེད་བརྗེ་ལ་སོགས་པ། །མནན་དང་བཀྱིག་དང་ཁ་བཅིང་བསད་དང་མནན། །དེ་འདྲ་རྨིས་ན་རྫ་འཛབ་འགྲུབ་པའི་རྟགས། །རྟགས་མཚན་ངེས་ཤེས་བྱུང་ན་ལས་ལ་སྦྱར། །རྟགས་མཚན་གསལ་ན་ཞག་གྲངས་ཉུང་ཡང་ཆོག །ཚུར་ལ་རྒོལ་བ་རྨིས་

p. 21

ན་བསྐྱེད་རིམ་དང་། །སྟོང་ཉིད་ལྟ་བའི་རྫོང་བཅའ་ཡང་ན་ནི། །གསུང་རབ་བཀླག་སོགས་རྒྱབ་རྟེན་གང་འགྲུབ་བྱ། །དེ་ནི་སྒྲུབ་པའི་གནད་འགག་གསལ་བའོ། ༈ །དེ་ནས་ལས་ལ་སྦྱར་ལུགས་འདི་ལྟར་རོ། །ལིང་ཆུང་སྤུར་མ་བརྒྱ་དང་བཅོ་ལྔ་དང་། །ཤ་དུམ་གང་མང་གལ་ཏེ་རྙེད་ན་ནི། །ལུག་གི་ཚང་རའི་ཤ་ཚིལ་ར་ཕག་ཤ །འབྲུ་ནག་གང་འཛོམ་སྲེག་རྫོས་སྡེར་གང་བཞག། །དཀར་གཏོར་གཅིག་དང་དམར་གཏོར་ལྷ་གྲངས་དང་། །མེ་ལྷའི་གཏོར་ཆུང་ཟུར་གསུམ་གཉིས་ཀྱང་བཅའ། །ལས་བྱང་རྫ་འཛབ་ཡན་ཆོད་ཚར་གཅིག་འདོན། །དཀར་གཏོར་གསེར་སྐྱེམས་ཕུལ་ལ་བཀའ་བསྒོ་བྱ། །བུ་ཚ་ཤི་བའི་ཕ་མ་གཉིས་པོ་དེ། །མདུན་དུ་ཉལ་བཅུག་རྣམ་ཤེས་ནམ་མཁར་སྤར། །ཡི་དམ་ལྷ་ཡི་ཐུགས་ཀར་རེ་ཞིག་བསྟིམ། །ཆད་མདོ་བརྟན་སྐྱོང་སྤུ་གྲི་སྨྱོ་ཁ་དང་། །ཞིང་སྐྱོང་མ་ནིང་རྟ་མགྲིན་ལ་སོགས་པ། །ཆོས་སྐྱོང་གཏོར་མ་འཇུག་ནས་རིམ་པ་ལྟར། །འདོན་ཅིང་ཡོན་བདག་གཉིས་ལ་བརྒྱབ་པར་བྱ། །ལྷ་ཡི་གསོལ་འཕྲོ་གཏོར་མ་མེའི་ཕུང་པོ། །བརྒྱབ་པས་ལུས་གདོན་ཆུང་སྲི་ལུས་དང་བཅས། །བྱ་སྒྲོ་མེ་ལ་སྲེག་པ་ལྟ་བུར་བསྒོམ། དེ་ནས་གཏོར་ཟློག་རྣམ་རྒྱལ་འབར་བ་སོགས། །གང་ཡིན་བསྐུལ་པ་བཏོན་ནས་སྟེང་དུ་བརྫོག །དེ་ནས་རྣམ་ཤེས་མར་ཕབ་སྲུང་འཁོར་བསྒོམ། །དེ་ནི་ཆུང་སྲིར་གཏོར་ཟློག་བརྒྱབ་པ་ཡིན། །དེ་ནས་རྩང་དང་མདའ་གཞུ་འགུག་ག་བསྡུ། །ངར་མི་སྲེ་མོང་མགོ་ཅན་དགུ་པོ་སྣོད་གཅིག་བསྡུ། །དེ་ནས་སྲེ་མོང་མགོ་སོགས་

p. 22

གསུམ་པོ་དེ། །སྡེར་གཅིག་ནང་དུ་བསྡུ་ལ་སོ་སོར་བཞག །དེ་ནས་ཐོ་བ་ཐོགས་ལ་ཁྲོ་བཅུའི་བསྐུལ། །སྔགས་ཆས་གྱོན་ལ་རང་ཉིད་གཟི་བྱིན་བསྐྱེད། །ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །དབུ་ནི་སྲིད་པའི་རྩེ་ལ་སླེབས། །ཞབས་ནི་དམྱལ་ཁམས་གནས་སུ་བསྒད། །ཉི་ཟླ་ལྟེ་བའི་ཐད་ནས་འཆར། །ལྷ་ཆེན་བརྒྱད་པོ་ང་ཡི་གཡོག །ཀླུ་ཆེན་བརྒྱད་ནི་རྒྱན་དུ་བྱས། །ཁམས་གསུམ་སྲིད་གསུམ་ང་ཡི་ཟས། །ང་ཡི་ཐུགས་ལས་སྤྲུལ་པ་ནི། །ཁྲོ་རྒྱལ་བཅུ་ཡིས་ཕྱོགས་བཅུ་གང་། །སྟོང་གསུམ་ཧཱུཾ་སྒྲ་དི་རི་རི། །རི་རབ་གཡོ་ཞིང་རྒྱ་མཚོ་ཁོལ། །སྟོང་གསུམ་འཇིག་རྟེན་ཁྱོམ་ཞིང་རྡེབ། །ཡེ་ཤེས་མེ་རིས་ནམ་མཁའ་ཁྱབ། །སྤྲུལ་པའི་ཁྱུང་གིས་བུ་ཡུག་འཚུབ། །རྡོ་རྗེའི་སེར་བ་རླུང་ལྟར་འཚུབ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །ནམ་མཁའི་སྤྲིན་ཕུང་བཞིན་དུ་གཏིབས། །གང་གིས་ཞི་བས་མི་འདུལ་བ། །ཤིན་ཏུ་མ་རུངས་གདུག་པ་ཅན། །དྲག་པོའི་ཐབས་ཀྱིས་ཐུལ་གསུངས་ནས། །བཀའ་ཡིས་གནང་སྟེ་བདག་ལ་ཐིམ། །བདག་ཉིད་མཐུ་སྟོབས་མཚུངས་མེད་གྱུར། །ཅེས་ཆེ་བའི་ང་རྒྱལ་བསྐྱེད་ལ། ཧཱུྃ། ཤར་ཕྱོགས་དྲི་ཟ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །

p. 23

ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དྲི་ཟ་ལས་གྱུར་ཆུང་སྲི་དང་། །ཤར་ནས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་བྷི་ཛ་ཡ་ཧཱུྃ། ཤར་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཤར་གྱི་རྫ་འཛབ་བརྡུང་། ཀུན་ལ་དེས་འགྲེས་སོ། །དེ་ནས་ཕྱོགས་ཀྱི་གདོན་ཆེན་རྣམས་ཀྱང་བརྡུང་། ཧཱུྃ། ཤར་ལྷོ་མེ་ལྷ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མེ་ལྷ་ལས་གྱུར་ཆུང་སྲི་དང་། །ཤར་ལྷོའི་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ཤར་ལྷོ་མཚམས་ཀྱི་ཆུང་སྲི་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཧཱུྃ། །ལྷོ་ཕྱོགས་གཤིན་རྗེ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །གཤིན་རྗེ་ལས་གྱུར་ཆུང་སྲི་དང་། །ལྷོ་ཕྱོགས་གནོད་བྱེད་

p. 24

ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། ལྷོ་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧཱུྃ། ལྷོ་ནུབ་སྲིན་པོ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྲིན་པོ་ལས་གྱུར་ཆུང་སྲི་དང་། །ལྷོ་ནུབ་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལེ་ཧཱུཾ། ལྷོ་ནུབ་ཀྱི་ཆུང་སྲི་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ། ནུབ་ཕྱོགས་ཀླུ་གདོན་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་རྟ་མགྲིན་དཔལ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཀླུ་དབང་ལས་གྱུར་ཆུང་སྲི་དང་། །ནུབ་ཕྱོགས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་

p. 25

དམ་དུས་ལ་བབ། རླུང་ལྷ་ལས་གྱུར་ཆུང་སྲི་དང་། །ནུབ་བྱང་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཙི་ཏ་ཧཱུཾ། ནུབ་བྱང་གི་ཆུང་སྲི་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཧཱུྃ། བྱང་ཕྱོགས་གནོད་སྦྱིན་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །གནོད་སྦྱིན་ལས་གྱུར་ཆུང་སྲི་དང་། །བྱང་ཕྱོགས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། བྱང་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་ཚིནྡྷ་ཚིན་ཧཱུྃ་ཕཊ༔ ཧཱུྃ། བྱང་ཤར་བགེགས་ཚོགས་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །ཁྱེད་ཀྱི་

p. 26

ཐུགས་དམ་དུས་ལ་བབ། །བགེགས་ལས་གྱུར་པའི་ཆུང་སྲི་དང་། །བྱང་ཤར་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུྃ། བྱང་ཤར་གྱི་ཆུང་སྲི་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ། སྟེང་ཕྱོགས་ལྷ་གདོན་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ལྷ་གདོན་ལས་གྱུར་ཆུང་སྲི་དང་། །སྟེང་ནས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུཾ། །སྟེང་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ། འོག་ཕྱོགས་ས་བདག་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ས་བདག་ལས་གྱུར་ཆུང་སྲི་དང་། །འོག་ཕྱོགས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་

p. 27

ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། འོག་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་སྤོ་ཊ་སྤོ་ཊ་ཧཱུྃ་ཕཊ༔ ཅེས་རྡོ་ལེབ་བཅུ་པོ་བཅག་གོ །དེ་ནི་ཆུང་སྲི་རྡུང་ཕྱིར་ཆུང་རྡུང་ཟེར། དེ་ནས་མནན་རྒྱུའི་ཤོག་ལིང་རྫ་མ་ནང་ནས་བཏོན། །ཆུང་གསུམ་ཐོད་པའི་ཀླད་ཁུང་ནང་ན་བཅུག །གོ་གསུམ་ཐལ་བའི་འཇིམ་པས་ཁུང་རྣམས་བཅད། །ཕོ་ཤིང་མོ་ཤིང་ཐེམ་བར་མཆུ་དེ་བཅིངས། །སྔོ་དམར་ཐག་པས་བཅིངས་ལ་རེ་བས་དྲིལ། །ཡུགས་སྐྲའམ་ནི་ཁྱི་རའི་སྐུད་པས་བཅིངས། །སྐྱེར་ཕུར་སོར་བཞི་པ་གཅིག་ཀླད་ཁུང་བཅུག །དེ་ནས་མནན་པའི་ཁྱད་པར་འདི་ལྟ་སྟེ། །ཟླ་སྡིབ་ཁོག་ནས་ཤི་འམ་སྐད་མེད་ཤི། །མ་ཡི་སྟན་མང་འོག་ཏུ་མནན་པར་བྱ། །དབུགས་ནི་ལྷབ་ལྷབ་ཤི་ན་སྔས་འོག་མནན། །ཙོག་ཐུབ་ཤི་ན་མ་ཡི་ཉལ་འོག་མནན། །འགྲོ་ཐུབ་ཤི་ན་ཕྱི་སྒོའི་ཐེམ་འོག་མནན། །གོག་ཐུབ་ཤི་ན་ར་བའམ་སྐས་ཀྱི་འོག །ཕུ་རྒྱུག་མདའ་རྒྱུག་ཤི་ན་ཕྱི་སྒོ་ཡི། །ཐེམ་རྒྱབ་གོམ་པ་བདུན་གྱི་ལམ་དཀྱིལ་མནན། །ཅུང་ཟད་རྒྱུག་ཐུབ་ཤི་ན་རྟ་བྲེའུ་ཞབས། །རྟ་འཚོ་ཐུབ་དུས་ཤི་ན་ལམ་རྒྱ་གྲམ། །དེ་དག་གར་མནན་ས་དེར་ལྟོ་འཕྱེ་བརྩི། །དབྱར་གསུམ་ཤར་གྱུ་སྟོན་གསུམ་ལྷོ་རུ་གྱུ། །དགུན་གསུམ་ནུབ་དང་དཔྱིད་གསུམ་བྱང་ཕྱོགས་སུ། །སྔགས་པས་ཁ་རྒྱུ་ས་ལ་སྐག་ལེ་བརྒྱབ། །དེ་ནས་ཅི་བདེར་གྲུ་གསུམ་གྲུ་གང་ནོ། །དེ་ནང་ཐོད་པ་ཁ་ནི་ཐུར་བསྟན་

p. 28

བཞག །དེ་ནས་འགུགས་གཞུག་ལན་གསུམ་བྱས་ནས་ཀྱང་། །ས་ཡིས་ནུབ་པར་བཀབ་སྟེང་དུར་རྡོ་ལ། །རྒྱ་གྲམ་བྲིས་པས་མནན་སྟེང་མེ་ཆུ་བླུགས། །ས་རིམ་དགུ་ལ་རྒྱ་གྲམ་བྲི་ཞིང་མནན། །ཧཱུྃ། དམ་སྲི་ཆུང་སྲི་ཆུང་བདུད་ཁྱོད། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ད་ལྟ་སེམས་ཅན་ཡོངས་ལ་འཚེ།། །ཞེ་སྡང་སེམས་ཀྱིས་མི་མནན་ཏེ། །བྱམས་དང་སྙིང་རྗེས་མནན་པར་བྱ། །མ་འོངས་བྱམས་པའི་བསྟན་པ་ལ། །ལོང་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་བར་སྟེང་དུ་མ་ལྡང་ཞིག །མནན་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་སྐྱེད་ཅིག །མནན་ནོ་རི་རབ་འོག་ཏུ་མནན། །རྒྱ་མཚོ་ཆེན་པོའི་ཞབས་སུ་མནན། །ཆུ་སྲིན་ཆེན་པོའི་གྲེ་བར་བྲུབ། །ཁྲུབ་བོ་མནན་ནོ་མ་ལྡང་ཞིག །ཨོཾ་ལཾ་ཧཱུཾ་ལཾ་ཧཱུཾ་བྷ་ཡ་ནན། ཞེས་བརྗོད་རྐང་པ་གཡོན་པས་རྒྱ་གྲམ་མནན། །ལེགས་པརས་བཅགས་མི་མངོན་པར་བྱས་ནས། །ཐུགས་སྒྲུབ་བམ་ནི་ཡི་དམ་གང་རུང་གི །རྟ་བྲོ་བརྡུང་ལ་ཕྱི་མཚམས་ཁྱུང་ནག་གིས། །ཁ་ཕྱིར་གྱུས་བཅད་ཕྱི་མིག་མི་ལྟ་ལོག །དེ་ནི་ཆུང་སྲི་མནན་པས་སྲི་མནན་ཟེར། །དེ་ནས་རྫ་འཛབ་བླུག་ལུགས་འདི་ལྟ་སྟེ། །རྫ་མའི་ནང་གི་བསྲེག་རྒྱུའི་ལིངྒ་དེ། །ཚུར་བླངས་ཟན་ལིང་བརྒྱ་རྩའི་ནང་དུ་བཞག །རྫི་མའི་ཟན་ལིང་བྱི་བའི་མགོ་ཅན་

p. 29

གཉིས། །ཚུར་བླངས་སྡེར་མ་གཅིག་ཏུ་སོ་སོར་བཞག །རྡོ་ལེབ་གཅིག་ལ་སོལ་བས་ཟུར་གསུམ་བྲི། །དཀྱིལ་དུ་ཡི་གེ་རཾ་བྲིས་རྫ་མར་བཞག །རྡོ་ལེབ་སྟེང་དེར་ཚེར་མ་གྲུ་གསུམ་བརྩེགས། །རྫ་མའི་ཁ་ནང་མེ་ཧོམ་གྲུ་གསུམ་བསྒོམ། །རྫ་མའི་ཕྱི་ནས་ཤིང་ནགས་མགལ་པ་གསུམ། །གྲུ་གསུམ་ཚུལ་དུ་བྲིས་ནས་བཞག་པར་བྱ། །རྩང་དང་མདའ་གཞུ་འགུག་ག་ཐམས་ཅད་ནི། །མེ་ཧོ་གསེབ་ཏུ་ཐམས་ཅད་བླུག་པར་བྱ། །གྲུ་གསུམ་རྩང་ཐུར་བཙུགས་པའི་ས་དེ་ཡང་། །མེ་ཧོམ་དེ་ཡི་དབུས་སུ་བཞག་པར་བྱ། །རང་གི་གཡོན་ངོས་གཞི་མ་ནག་པོའི་སྟེང་། །གཡང་གཞིའི་སྟེང་དུ་ལིང་ཆུང་བརྒྱ་རྩ་བཤམས། །ཤ་དུམ་ར་ཤ་ལུག་གི་ཚང་རའི་དུམ། །གྲོ་སྲན་བྲ་བོ་གང་འཛོམ་སྡེར་མ་གང་། །ཆུ་ཆང་ཁྲག་གསུམ་བསྲེས་པ་བྷན་དྷ་གང་། །ཚིལ་མར་བསྲེས་པའི་སྲོ་རྡོག་ཆེན་པོ་གཅིག །ཡམ་ཤིང་འདྲ་བའི་ཚེར་དུམ་བཅུ་ཙམ་གཅིག །མདའ་དར་ནག་པོ་གཏོར་ཆུང་ཟུར་གསུམ་གཉིས། །དེ་རྣམས་འཛོམས་བྱས་རང་ཉིད་སྔགས་ཆས་གྱོན། །གདོང་དང་མཁུར་ཚོས་ཁྲག་གིས་ཐིག་ལེ་བྱ། །ལིངྒ་ལ་སོགས་རྫས་རྣམས་ཐམས་ཅད་ལ། །ཆང་རྒོད་དམ་ནི་ཆུ་གཙང་དག་གིས་བྲན། །ཡོད་ན་དགང་གཟར་མེད་ན་དེ་ཡི་ཚབ། །ཕྱེ་ཁག་ཕུད་སྐྱོགས་ལྕགས་ཁེམ་ལ་སོགས་ལ། །ཤིང་གི་ཡུ་བ་རིང་པོ་སྐུད་པས་བསྡམ། །ལྔ་སེར་དང་ནི་མཁའ་འགྲོ་རྒྱུ་ལྡོག་ལ། །རང་ཉིད་གདོང་མ་ཐུག་པར་ཁ་རྒྱུས་ལ། །མ་ཚར་བར་དུ་ངག་བཅད་དམ་པར་བྱ། །ན་མོ་དཀོན་མཆོག་གསུམ་དང་

p. 30

རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་ཆུང་སྲི་ཐམས་ཅད་གཟུགས་ལིང་འདི་ལ་ཁུག་ཅིག ཛཿཧཱུྃ་བཾ་ཧོཿ ཞེས་པས་བཀུག་གཞུག་ལན་བརྒྱའམ་དགུ་བྱའོ། །དེ་ནས་ཕུར་པ་ཐོགས་ལ། ཧཱུྃ། བདག་ཉིད་དཔལ་ཆེན་ཧེ་རུ་ཀའི། །ཕྱག་གཡས་སོར་མོ་ཁྲག་འཐུང་ལྔ། །གཡོན་སོར་ཀྲོ་དྷི་ཤྭ་རི་ལྔ། །གཉིས་མེད་སྤྲུལ་སྲས་ཀཱི་ལ་ཡ། །སྐུ་སྟོད་ཁྲོ་ཆེན་འབར་བའི་ཞལ། །སྐེད་པ་ཆུ་སྲིན་རྔམ་ཞལ་ཅན། །སྐུ་སྨད་ལྕགས་ཕུར་མེ་དཔུང་འབར། །ཕྱར་བ་ཙམ་གྱིས་ཁམས་གསུམ་བསྔངས། །བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར། །བཏབ་ན་ལྷ་ཡང་རླག་པར་བྱེད། །གཡས་སུ་བསྒྲིལ་བས་ཕོ་རྒྱུད་འདུལ། །གཡོན་དུ་བསྒྲིལ་བས་མོ་རྒྱུད་འདུལ། །ཀླད་ལ་བསྐོར་བས་སྲུང་བར་བྱེད། །སྐེད་ལ་བསྐོར་བས་ཟློག་པར་བྱེད། །སྲས་མཆོག་བཛྲ་ཀཱི་ལ་ཡ། །རྒྱལ་བ་ཀུན་གྱིས་བྱིན་བརླབ་ཅིང་། །གདུག་པ་འདུལ་བར་རབ་བསྔགས་ཤིང་། །ཁྲོ་རྒྱལ་ཀུན་གྱི་སྟོབས་འདུས་པས། །གང་ལ་བཏབ་ཀྱང་རླག་པར་བྱེད། །གནོད་བྱེད་ཆུང་སྲི་ལས་ངན་ཁྱོད། །ལུས་ཀྱི་སྟོབས་ནུས་བརླག་པའི་ཕྱིར། །དཔྲལ་བའི་དཀྱིལ་དུ་ཀཱི་ལ་ཡ། །ངག་གི་ནུས་པ་བཅོམ་པའི་

p. 31

ཕྱིར། །ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ། །ཡིད་ཀྱི་རྣམ་ཤེས་རྒྱུན་གཅོད་ཕྱིར། །སྙིང་གི་དཀྱིལ་དུ་ཀཱི་ལ་ཡ། །སྤྲུལ་པའི་སྐྱེ་རྒྱུད་གཅོད་པའི་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །གནོད་འཚེའི་ལས་རྣམས་རྒྱུན་གཅོད་ཕྱིར། །གསང་བའི་གནས་སུ་ཀཱི་ལ་ཡ། །བསྙབ་ཅིང་བཟུང་ལ་རྒྱུན་གཅོད་ཕྱིར། །ལག་པ་གཉིས་ལ་ཀཱི་ལ་ཡ། །ཆུང་སྲི་འོང་བ་རྒྱུན་གཅོད་ཕྱིར། །རྐང་པ་གཉིས་ལ་ཀཱི་ལ་ཡ། །མཐོང་བའི་མིག་དབང་རྒྱུན་གཅོད་ཕྱིར། །མིག་འབྲས་གཉིས་ལ་ཀཱི་ལ་ཡ། །བླ་སྲོག་ཏྲི་ལ་ཀཱི་ལ་ཡ། །ཆུང་སྲི་སྲོག་གི་རྒྱུན་གཅོད་ནས། །རྣམ་ཤེས་ཨ་ཡིག་དཀར་པོ་དེ། །ཕུར་པའི་ཁོང་གསེང་ནས་བརྒྱུད་དེ། །བདེ་ཆེན་ཞིང་དུ་རྒྱང་གིས་སོང་། །བླ་མེད་བྱང་ཆུབ་གོ་འཕང་ཐོབ། །ཆུང་སྲིའི་མཐུ་སྟོབས་གཟི་བརྗིད་རྣམས། །ཀྲྀ་ཡིག་བཀྲག་མདངས་གཟི་བརྗིད་ཅན། །བདག་ལ་ཐིམ་པས་ཚེ་བསོད་རྒྱས། །ཆུང་སྲིའི་བླ་སྲོག་ངོ་བོ་དེ། །ཏྲི་ཡིག་འོད་དང་བཅས་པ་དེ། །ཕུར་པའི་རྩེ་མོས་ནག་ཐུམ་བསད། །ཐལ་བ་རྡུལ་དུ་བརླག་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཕུར་བུས་བཏབ། གྲི་རྣོན་

p. 32

པོ་ཐོགས་ལ། ཧཱུཾ། ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད། །ཐབས་ཀྱི་ངོ་བོ་རལ་གྲིའི་གཟུགས། །ཡུ་བ་ཨོཾ་ལ་ཆང་ཟུང་ཧཱུྃ། །སྙི་རྩ་ཏྲ་ལ་སྐེད་པ་ཧྲཱིཿ །རྩེ་མོ་ཨཱཡི་ངོ་བོ་སྟེ། །ཤེས་རབ་ཆེན་པོའི་མེ་ལྕེ་འཕྲོས། །འཁོར་བའི་སྐྱེ་རྒྱུད་མ་རིག་ཆོད། །དུག་ལྔ་ཡེ་ཤེས་ལྔ་རུ་ཆོད། །ང་བདག་ཆོས་ཉིད་ངང་དུ་གཅོད། །བཏབ་ན་ཁམས་གསུམ་རླག་པར་བྱེད། །འབྱུང་པོ་ཕོ་གཏུབ་གཡས་སུ་གཏུབས། །འབྱུང་མོ་མོ་གཏུབ་གཡོན་དུ་གཏུབས། །གནོད་བྱེད་ཆུང་སྲིའི་མགོ་ལུས་གཏུབས། །ཨོཾ་ཡ་མཱནྟ་ཀ་བཛྲ་ཏིཀ་ཀ་མ་ལ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཤོག་ལིང་རྐང་མཐིལ་གཡོན་ནས་གཏུབས། དེ་ནས་སྲེག་རྫས་མེ་ཐབ་ཐམས་ཅད་བདུད་རྩིས་བྲན་བྱས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། ཐབ་དང་སྲེག་རྫས་མི་དམིགས་སྟོང་ཉིད་ལས། །ལྕགས་དང་ཐོད་སྣོད་ནང་དུ་ཆུང་སྲི་ཡི། །ཤ་ཁྲག་ལས་གྲུབ་བདུད་རྩིའི་རང་བཞིན་གྱུར། །ཨོཾ་ཨཱསརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། མེ་ཐབ་དྲག་པོའི་ཐབ་ཁུང་གྲུ་གསུམ་དབུས། །པད་ཉིར་རཾ་ལས་དྲག་པོའི་མེ་ལྷ་ནི། །མདོག་ནག་ཞལ་གཅིག་ཨག་ཚོམ་དྲང་སྲོང་ཆས། །ཕྱག་གཉིས་ཐུགས་ཀར་བསྒང་ཕྲེང་རིལ་བ་

p. 33

འཛིན། །ར་སྐྱེས་ཆིབས་པའི་ཐུགས་ཀར་རཾ་གྱིས་མཚན། །དེ་ནས་མེ་རུ་སྦར་ལ། ཧཱུྃ། སྔོན་ཚེ་ལྷ་མོ་བལ་བཟའ་ཁྲི་བཙུན་ལ། །སྲས་གཅིག་བལྟམས་པ་ནད་མང་བར་ཆད་མང་། །དེ་ཚེ་སློབ་དཔོན་པདྨ་འབྱུང་གནས་དང་། །བལ་པོ་སློབ་དཔོན་ཧཱུཾ་ཆེན་ཀཱ་ར་ཡིས། །རྡོ་རྗེ་འབར་བའི་རྒྱུད་ཆེན་ལ་བརྟེན་ནས། །རྫ་འཛབ་འདི་མཛད་རྒྱལ་བུའི་བར་ཆད་ཞི། །སྔོན་གྱི་ལུང་བཞིན་ད་ལྟ་དུག་ཤིང་བརྩེགས། །གོས་དཀར་ལྷ་མོའི་ངོ་བོ་མེ་དཔུང་འབར། །འབྲུ་སྣ་ཤ་སྣ་ལིངྒ་ངར་མི་སྲེག །བསྲེག་གཞིས་སྲེག་གཞི་ངན་པ་བསྒྱུར་དུ་གསོལ། །སྒྲོན་མེས་སྒྲོན་མེ་ངན་པ་བསྒྱུར་དུ་གསོལ། །གཟིག་མོས་ས་མིག་ངན་པ་བསྒྱུར་དུ་གསོལ། །དུད་པས་དུད་པ་ངན་པ་བསྒྱུར་དུ་གསོལ། །རྡོ་ཁྲིས་རྡོ་ཁྲི་ངན་པ་བསྒྱུར་དུ་གསོལ། །ཤིང་ཁྲིས་ཤིང་ཁྲི་ངན་པ་བསྒྱུར་དུ་གསོལ། །སྔགས་པའི་དུར་བོན་ངན་པ་བསྒྱུར་དུ་གསོལ། །ཨོཾ་ཨག་ནེ་ཛྭ་ལ་རཾ་རཾ། ཧཱུྃ། འཇིག་རྟེན་སྲིད་པའི་ཤར་ལྷོའི་ཕྱོགས་དག་ནས། །གྲུབ་པའི་དྲང་སྲོང་མེ་ལྷ་གཟི་བརྗིད་ཅན། །སྔོན་ཚེ་ཉིད་ཀྱིས་དམ་བཅས་མནའ་དོར་བ། །མེ་ཡིས་མཆོད་སྦྱིན་བྱེད་ཚེ་མེ་ལ་

p. 34

གནས། །ལྷ་རྣམས་ཞལ་དང་མེ་ནི་དབྱེར་མེད་པ། །བྱིན་གྱིས་བརླབས་ནས་ལྷ་རྣམས་མཉེས་མཛད་པ། །ཁྱོད་ཀྱིས་དམ་བཅས་ཐུགས་དམ་དེ་ལགས་ན། །དེང་འདིར་བདག་གིས་མེ་མཆོད་བརྩམ་ལགས་ཀྱིས། །དམ་ཚིག་དབང་གིས་མྱུར་དུ་འདིར་བྱོན་ལ། །མེ་དཔུང་འདི་དང་དབྱེར་མེད་བཞུགས་མཛོད་ལ། །གནོད་བྱེད་ཆུང་སྲིའི་ཤ་ཁྲག་སྲེག་རྫས་རྣམས། །ཁྲོ་རྒྱལ་མགོན་པོ་རྣམས་ཀྱི་ཞལ་དུ་བསྟབ། །དམ་བཅས་བཞིན་དུ་ལས་མཛོད་དྲང་སྲོང་མཆོག །ཨག་ཡེ་ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དབང་ལྷས་དབང་བསྐུར་དོན་གྲུབ་དབུ་རྒྱན་གྱུར། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །སྨན་གཏོར་རཀྟ་ཆུང་སྲིའི་ཤ་ཁྲག་རུས། །མེ་ལྷ་དྲང་སྲོང་ཁྱོད་ལ་མཆོད་པ་འབུལ། །བཞེས་ནས་ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡ་ཨནྣཾ།། སོགས་བརྗོད་ལ་འབྲུ་སྣ་བཏབ། ཨོཾ་ཨག་ཡེ་བྷོ་དྷི་བྷིཀྵ་ཡེ་ཆུང་སྲིའི་གཟི་བརྗིད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཚེར་མ་གསུམ་འབུལ། ཨོཾ་ཨག་ཡེ་ཆུང་སྲིའི་འབྱོར་པ་མངའ་ཐང་མཱ་ར་ཡ་ཕཊ༔ ཅེས་སྲོ་རྡག་དེ་མེ་ལ་ལན་གསུམ་ཐིགས་འཇུག་སྔགས་གསུམ་རེའོ། །ཨོཾ་ཨག་ཡེ་བཛྲ་མ་ཧཱ་བ་ལ་ཡེ་ཆུང་སྲིའི་སྟོབས་ནུས་པ་མཱ་ར་ཡ་ཕཊ། འབྲུ་ནག་

p. 35

འབུལ་ལ། ཨོཾ་ཨག་ཡེ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི། ཞེས་སྔགས་དེ་རྣམས་གསུམ་རེ་བགྲང་ངོ་། །དེ་ནས་ཧོམ་གཟར་རམ་ཕྱེ་ཁག་ཏུ་ལིང་ཆུང་རེ་ཤོག་ལིང་དུམ་བུ་རེ་བཞག་པ་ལག་པ་གཡོན་གྱིས་བཟུང་། ལག་པ་གཡས་ཕུད་སྐྱོགས་སམ་ཁེམ་གྱི་ཁྲག་ཆུ་དང་བསྲེས་ལ་ཁེམ་གང་བླུགས་ལ་ཁ་སྦྱར་ནས་བཟུང་ཞིང་ལན་བདུན་རེ་མེར་འབུལ་ལོ། །ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིས་དབང་བསྒྱུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷ་དེ་ཉིད་མེ་ཡི་རང་བཞིན་གྱུར། །མེ་དཔུང་དབུས་སུ་གྲུ་གསུམ་གཉིས་བརྩེགས་སྟེང་། །པད་ཉི་རོ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལས། །ཁྲོ་རྒྱལ་ཡཀཱ་མེ་དབལ་སྐུ་མདོག་དམར། །རབ་ཁྲོས་རྡོ་རྗེའི་མེ་ཞགས་ཐོ་བ་བསྣམས། །དུར་ཁྲོད་ཆས་རྫོགས་ཁམས་གསུམ་ཟིལ་གྱིས་གནོན། །ཕྱི་ཡི་ཟུར་གསུམ་མཐིང་ནག་ཧཱུྃ་ཡིག་ལས། །དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། །རྡོ་སྤྱི་རྗེ་ཁྲག་འཐུང་རྡོ་རྗེ་རོ་ལངས་ཏེ། །སྐུ་གསུང་ཐུགས་ཀྱི་རང་བཞིན་མགོན་པོ་གསུམ། །མཐིང་ནག་རབ་ཁྲོས་གྲི་གུག་ཐོད་ཁྲག་འཛིན། །དུར་ཁྲོད་ཆས་རྫོགས་པད་ཉི་རོ་སྟེང་

p. 36

འགྱིང་། །དེ་རྒྱབ་ཟུར་གསུམ་དེ་ཡི་ལོགས་གསུམ་ན། །ཆུང་སྲིའི་རྒྱལ་པོ་སྲེ་མོང་བྱི་བ་དང་། །རྨོང་རྩེའི་མགོ་ཅན་གསུམ་དང་གཙོ་འཁོར་བདུན། །ལྷ་རྣམས་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །གདོན་གསུམ་སྙིང་ཁའི་ཧྲཱི་ཡིག་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར། །ཧཱུྃ། རྣལ་འབྱོར་བདག་གིས་དད་པ་དམ་ཚིག་གིས། །ཆུང་སྲི་འདུལ་བྱེད་ལྷ་རྣམས་སྤྱན་འདྲེན་ན། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཁྲོ་རྒྱལ་ཡཀཱ་མེ་དབལ་གཤེགས་སུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །དཔལ་ལྡན་མགོན་པོ་མཆེད་གསུམ་གཤེགས་སུ་གསོལ། །གནོད་བྱེད་ཆུང་སྲིའི་རྒྱལ་པོ་ཆེན་པོ་ཡང་། །རང་གཤེད་རང་ལ་འབེབས་ཕྱིར་འདིར་ཁུག་ཅིག །མགོན་པོ་ཁྲོ་རྒྱལ་འདིར་ནི་བྱོན་པ་ལེགས། །གྲུ་གསུམ་མེ་དཔུང་ཀློང་དུ་བཞུགས་ནས་ཀྱང་། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་ཛཝཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན།་དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །དབང་རྟགས་རྡོ་རྗེ་རྩེ་ལྔས་དབུ་གཙུག་རྒྱན། །ཁྲག་གི་མཆོད་ཡོན་དུག་ཆུའི་ཞབས་

p. 37

བསིལ་དང་། །དུག་གི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང་། །རྐང་ཆེན་མར་མེ་ཤ་ཁྲག་ཞལ་ཟས་དང་། །ཐོད་པའི་རྔ་སྒྲ་སྨན་རཀ་གཏོར་མ་སོགས། །མཆོད་པ་འབུལ་ལོ་ཆུང་སྲི་ཚར་ཆོད་ཅིག །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་ཨནྡྷཾ་སོགས། ཤཐཱ་སརྦ་པཱུ་ཙ་པྲ་ཏིཙྪ་ཨཱཧཱུཾ། དེ་ནས་སྔགས་རེ་ཚེར་མང་ཁྲག་གིས་སྦགས་པ་རེ་སྤྲད་ལ་མེར་འབུལ་ཞིང་། ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་བྷོ་དྷི་བྷིཀྵ་ཡེ་ཆུང་སྲིའི་གཟི་བརྗིད་མཱ་ར་ཡ་ཕཊ༔ ཅེས་ལན་བདུན་ཕུལ། དེ་ནས་སྲོ་རྡག་དེ་མེ་ལ་བསྲོ་ལ། ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་ཨག་ཡེ་ཆུང་སྲིའི་འབྱོར་པ་མཱ་ར་ཡ་།་ཕཊ༔ ཅེས་དེ་མ་ཟད་བར་དུ་བྱའོ། །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་བཛྲ་མ་ཧཱ་བ་ལ་ཡེ་ཆུང་སྲིའི་སྟོབས་ནུས་མཱ་ར་ཡ་ཕཊ༔ ཅེས་འབྲུ་ནག་མ་ཟད་བར་དུ་འབུལ། དེ་ནས་གོང་ལྟར་ལིངྒ་ཤ་དུམ་ཤོག་ལིང་རྣམས། །རེ་རེ་ནས་དགང་གཟར་དུ་བླུག །ཁྲག་ཆུ་བླུག་ལ་རེ་རེ་བཞིན་འབུལ་ལོ། །ཡང་གལ་ཏེ་ཁྲག་གིས་ལིངྒ་ཐམས་ཅད་བྲན་ཅིང་སྦགས་ནས། ལག་པ་གཙང་མས་རེ་རེ་ནས་འཕང་ན་ཡང་དགང་གཟར་མི་དགོས་སོ། །དེ་ཡང་ལག་གིས་འཕེན་པ་དྲག་ལས་ཧ་ཅང་རྩུབ་པར་ཡང་བཤད་དོ། །ཧཱུྃ། ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག །ཡཀྵ་མེ་དབལ་ཞལ་ཕྱེས་ཤིག །རྡོ་རྗེ་རོ་ལངས་ཞལ་ཕྱེས་ཤིག །རྡོ་རྗེ་ཁྲག་འཐུང་

p. 38

ཞལ་ཕྱེས་ཤིག །མ་ཧཱ་ཀཱ་ལ་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །གློག་དམར་ཙམ་གྱི་ལྗགས་བརྐྱངས་ལ། །ཆུང་སྲིའི་ཤ་ཁྲག་མཆོད་པར་བཞེས། །ཞལ་ནས་མེ་དཔུང་ཆེར་འབར་ནས། །ཆུང་སྲིའི་དུག་ལྔ་གདུག་རྩུབ་བསྲེག །རྣམ་ཤེས་ཐུགས་དབུས་ཆོས་སྐུར་བསྟིམ། །དགྲ་བགེགས་ལོག་འདྲེན་གནོད་བྱེད་དང་། །ཆུང་སྲི་འབར་བའི་མེ་ལ་བསྲེག །བྱི་བ་སྲེ་མོང་རྨོང་རྩེའི་མགོ །ཆུང་སྲིའི་རྒྱལ་པོ་ཁ་གདོང་ལ། །ཆུང་སྲི་རང་ཤ་རང་གིས་ཟོ། །།ཆུང་སྲི་རང་ཁྲག་རང་གིས་འཐུང་། །ཆུང་སྲི་རང་སྲོག་རང་གིས་ཆོད། །ཆུང་སྲི་རང་གཤེད་རང་ལ་བསྐོར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧེ་ཧེ་རཾ་རཾ། ཧེ་ཏྲི་རཾ་རཾ།་ཏྲི་ཀུ་ཀུ་རཾ་རཾ། མུ་མུ་རཾ་རཾ། ཆུང་སྲི་གནོད་བྱེད་རཾ་རཾ། ཧ་ཧ་རཾ་རཾ། ཡཾ་ཡཾ་རཾ་རཾ། ཁཾ་ཁཾ་རཾ་རཾ། ས་ག་ཏ་རཾ་རཾ། ཀ་ཀ་རཾ་རཾ། ང་ང་རཾ་རཾ། བ་བ་རཾ་རཾ། །ཨ་ཨ་རཾ་རཾ། ཆུང་སྲི་གནོད་བྱེད་མཱ་ར་ཡ་རཾ་རཾ། གནོད་བྱེད་རྒྱལ་འགོང་མཱ་ར་ཡ་རཾ་རཾ། དམ་སྲི་འགོང་འདྲེ་མཱ་ར་ཡ་ཛྭ་ལ་རཾ་རཾ། གསོན་འདྲེ་དམེ་མོ་མཱ་ར་ཡ་ཛྭ་ལ་རཾ་རཾ།

p. 39

ཆུང་སྲིའི་མི་ལ་ཙཀྲ་མཱ་ར་ཡ་ཛྭ་ལ་རཾ་རཾ།་ཞེས་ལན་གཅིག་བརྗོད་ནས་སྔགས་འདི་དང་ལིངྒ་རེ་སྤྲད་ལ་འཕངས། ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ། ཡཀྵ་ཧཱུཾ། རཀྟ་ཧཱུཾ། ཨོཾ་ཕཊ༔ ཨོཾ་དཾ་མཾ་དཾ་སྲི་མཾ་མཾ་རཾ་རཾ་ཧེ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཛྭ་ལ་རཾ་རཾ། ཞེས་བརྒྱ་དང་བརྒྱད་འབུལ་ལོ། །ལྷག་མ་མེད་པར་འབུལ་ལོ། །སྔགས་དང་ལིངྒ་མང་ཉུང་མེད་ན་ཟབ་བོ། །ཞེས་མང་ཡང་བཟང་ངོ་། །དེ་ནས་ངར་མི་སྔར་གྱི་སྲེ་མོང་མགོ་ཅན་སོགས་རྣམས་རེ་རེ་བཞིན་མེའི་ནང་དུ་འཕང་སྟེ། ཧཱུྃ་ཛཿ ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ་པོ་ཡི། །ཆུང་སྲི་སྲེ་མོང་མགོ་ཅན་དགུ་པོ་དེ། །ཆུང་སྲིའི་རྒྱལ་པོ་སྲེ་མོང་མགོ་ཅན་དང་། །བྱི་བ་རྨོང་རྩེའི་མགོ་ཅན་གསུམ་པོ་ཡི། །ཁ་རུ་འཕང་བས་ཁྱུར་མིད་ཟོས་པར་གྱུར། །ཨོཾ་དཾ་མཾ་དཾ་སྲི་མཾ་མཾ་རཾ་རཾ་ཧེ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཛྭ་ལ་རཾ་རཾ། ཞེས་སྔགས་རེ་སྤྲད་ལ་ལན་དགུ་འཕང་། ཧཱུྃ་ཛཿ ཆུང་སྲི་རྒྱལ་པོ་མགོ་བརྙན་ཅན་གསུམ་ནི། །བྱིས་པའི་སྦང་རོའི་ལིང་ག་འདི་ལ་ཐིམ། །དེ་ཡང་རྫ་མ་ནང་གི་ངར་མི་ནི། །བྱི་བའི་མགོ་ཅན་དེ་ཉིད་ཡོངས་གྱུར་པས། །དུར་སྲི་མི་རྒན་མགོ་སེ་ཤ་སྐམ་པ། །ལུས་རིད་ལྟོ་བ་ཆེ་ཞིང་ཁ་གདང་བ། །དེ་ཡི་ཁ་རུ་ལིངྒ་དེ་ཚུད་ཅིང་། །གྱུར་མིད་

p. 40

བྱས་ནས་དུར་སྲིའི་ཁ་བསྡམ་པ། །དུར་སྲི་མི་རྒན་དཔལ་ལྡན་མགོན་པོ་ཡི། །ཞལ་དུ་འཕངས་བས་གྱུར་མིད་གསོལ་བར་གྱུར། །ༀ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ གནོད་བྱེད་ཆུང་སྲི་དུར་སྲི་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཟན་ལིང་བྱི་མགོ་ཅན་གཉིས་འཕང་། །སྤྲོ་ན་སྐབས་འདིར་མེ་ཞགས་བརྒྱབ་པ་ནི། །སྦྲང་སྐམ་སླ་ངར་བརྗོས་ལ་ཞིབ་བཏགས་བྱས། །མཚམས་གཅོད་ཚིགས་བཅད་བརྗོད་ཅིང་སུམ་བྷ་སོགས། །དྲག་སྔགས་བརྗོད་ཅིང་ཡོན་བདག་མོ་དེ་ལ། །མེ་ལྕགས་བརྒྱབ་ཅིང་མ་བྱས་ན་ཡང་ཆོག །དེ་ནས་གཏོར་ཆུང་ཟུར་གསུམ་ཆེ་བ་བྲན། ཨ་ཡིག་ལས་བྱུང་བྷནྡའི་སྣོད་མཆོག་ཏུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །རི་རབ་འཕང་ཙམ་རྒྱ་མཚོའི་གཏིང་ལྡན་འདི། །ཟག་མེད་བདུད་རྩི་ཟད་མེད་ལོངས་སྤྱོད་འདི། །ཁྲོ་བོ་མེ་དབལ་མགོན་པོའི་ཚོགས་ལ་འབུལ། །བདག་དང་ཡོན་བདག་འདི་ལ་གནོད་བྱེད་པའི། །དམ་སྲི་ཆུང་སྲི་སྒབ་འདྲེ་རྨོང་འདྲེ་རྣམས། །བསད་དང་མནན་དང་སྲེག་དང་གཟིར་བ་དང་། །དྲག་པོའི་ལས་ཀྱིས་ཚར་གཅོད་ཕྲིན་ལས་མཛོད། །ཨོཾ་བཛྲ་ཡཀཱ་མ་ཧཱ་ཀཱ་ལ་ཨི་དཾ་བྷ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་མེར་ཕུལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །

p. 41

མཐུ་སྟོབས་བདག་པོར་དབང་བསྐུར་བ། །གསང་བའི་བདག་པོ་གོས་སྔོན་ཅན། །དེ་ཡི་ཕྲིན་ལས་སྤྲུལ་པ་ནི། །ཁྲོ་བོ་གནོད་བྱེད་མེ་ཡི་དབལ། །སྨུག་ནག་ཁྲོ་གཏུམ་མེ་ལྟར་འབར། །དམ་འདས་ལྷ་སྲིན་གསོད་ལ་དགའ། །ཕྱག་གཡས་དམ་ཚིག་རྡོ་རྗེ་གསོར། །གཡོན་པས་ཐོ་བ་མེ་ཞགས་བསྣམས། །ཕྱོགས་བཅུའི་ཁྲོ་རྒྱལ་ཐམས་ཅད་ཀྱིས། །འབྱུང་པོའི་སྙིང་ཁྲག་འཐུང་བའི་ཕྱིར། །ཁྱོད་ལ་དབང་བསྐུར་མཐུ་རྩལ་བྱིན། །ཡཀྵ་མེ་དབལ་ཁྱོད་ལ་བསྟོད། །བཛྲ་ཡཀཱ་ཁྱོད་ལ་བསྟོད། །ཀྲོ་དྷ་ཡཀཱ་ཁྱོད་ལ་བསྟོད། །ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །ཧཱུཾ། དཔལ་ལྡན་ཡེ་ཤེས་མགོན་པོ་ཡི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །མ་ཧཱ་ཀཱ་ལ་མཆེད་གསུམ་ནི། །མདོག་ནག་གཟུགས་ཐུང་ལྟོ་བ་འཕྱང་། །ཉ་གྲི་ཐོད་པ་ལག་ན་ཐོགས། །དུར་ཁྲོད་ཆས་གསོལ་རོ་སྟེང་འགྱིང་། །སངས་རྒྱས་བསྟན་པ་སྲུང་བ་དང་། །དམ་སྲི་ཆུང་སྲི་འདུལ་ལོ་ཞེས། །ཉིད་ཀྱིས་དམ་བཅས་ཁས་བླངས་པ། །མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད། །རྡོ་རྗེ་རོ་ལངས་ཁྱོད་ལ་བསྟོད་། །རྡོ་རྗེ་ཁྲག་འཐུང་ཁྱོད་ལ་བསྟོད། །རྣལ་འབྱོར་དགྲ་ལྷ་ཁྱོད་ལ་

p. 42

བསྟོད། །གཙུག་ལག་ཁང་སྲུང་ཁྱོད་ལ་བསྟོད། །སངས་རྒྱས་བསྟན་སྲུང་ཁྱོད་ལ་བསྟོད། །ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །མེ་ཞགས་འདི་རུ་བྱས་ཀྱང་རུང་། །དེ་ནས་འབྲུ་སྣ་ལ་སོགས་ཀྱིས། །ལྷག་མ་ཅི་འདུག་མེ་ལ་བབ། །མེད་ན་ནས་འབྲུ་ཅུང་ཟད་བཏབ། །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་ཨདྷཾ་སོགས། ཧཱུྃ། ཡཀཱ་མེ་དབལ་ལྷ་སྲིན་གཤེད། །མ་ཧཱ་ཀཱ་ལས་བསྟན་དགྲ་འདུལ། །མཐུ་དང་ནུས་པ་བསམ་མི་ཁྱབ། །མཆོད་ཅིང་བསྟོད་དོ་ཕྱག་ཀྱང་འཚལ། །འགལ་འཁྲུལ་ལྷག་ཆད་བཟོད་པར་གསོལ། །ཡེ་ཤེས་ལྷ་བཞི་རང་གནས་གཤེགས། །དམ་ཚིག་རང་ཐིམ་མི་དམིགས་གྱུར། །ཀྲོ་དྷ་ཀཱ་ལ་བཛྲ་མུཿ མེ་ལྷ་མེ་ཡི་ཀློང་ནས་བཞེངས། །བཀའ་དྲིན་ཆེའོ་དྲང་སྲོང་ཆེ། །དམ་རྫས་བདུད་རྩི་གཏོར་མ་དང་། །གཏང་རཀ་མཆོད་པ་བཞེས་སུ་གསོལ། །ཨོཾ་ཨག་ཡེ་ཨི་དམ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨགྷཾ་སོགས། ཚངས་པའི་སྲས་པོ་མཐུ་བོ་ཆེ། །རིག་སྔགས་ཀུན་གྱི་སྡོང་གྲོགས་མཛོད། །ཨག་ནེ་རཱ་ཛ་ཁྱོད་ལ་བསྟོད། །འགལ་འཁྲུལ་བྱུང་ན་བཟོད་པར་བཞེས། །ཤར་ལྷོའི་ཕྱོགས་སུ་བཛྲ་མུཿ །མེ་ལྷ་ཡེ་ཤེས་རང་གནས་གཤེགས། །དམ་ཚིག་

p. 43

མི་དམིགས་སྟོང་ཉིད་གྱུར། །དེ་ནས་ཐབ་གསུར་མ་བྱུང་བར། །ས་རློན་ལྟ་བུས་མེ་བསད་ལ། །ཐལ་བ་སྣོད་ཀྱི་ནང་དུ་བསྡུ། །གལ་ཏེ་བྱིས་པ་གསོན་པོ་ཡི། །རིམ་གྲོ་རྫ་འཛབ་ཡིན་ན་ནི། །བྱིས་སྦའི་དུར་ལོས་འདི་ལྟར་རོ། །བྱིས་སྦ་རྫ་མ་དེ་ཡི་ནང་། །བཅུག་གམ་ཡང་ན་བཅུག་སྟངས་བྱ། །ཐལ་བ་མ་ཡི་པང་དུ་བཞག །དེ་ནས་བྱིས་སྦ་ཡར་བཏོན་ལ། །སྔར་གྱི་སྡེར་མར་ཆ་ཡི་སྟེང་། །ངར་མི་ཆངས་བུ་ཡོད་པ་ཡི། །སྟེང་དུ་མ་བུ་ཁྲུས་བྱས་ལ། །བུ་ནི་མ་ཡི་པང་དུ་བཞག །མི་དང་གླུད་གཉིས་དེ་བརྗེའོ། །ཞེས་བརྗོད་ངར་མི་རྫ་མར་བླུག །དེ་སྟེང་སྦྱིན་སྲེག་ཐལ་བ་བླུག །སྔར་གྱི་རྡོ་ལེབ་དེས་ཁ་བཅད། །དེ་ནས་གཡའ་ལེབ་ཆག་དུམ་དང་། །འཇིམ་གཟུགས་ལ་སོགས་ཉལ་ཉིལ་ཀུན། །སྐྱེ་སྣོད་བླུག་ལ་མུན་རུབ་དུས། །ཆུང་དུར་ནང་དུ་བསྐྱལ་བར་བྱ། །དེ་ནུབ་མེ་ཞི་མ་ཐུབ་ན། །ཕྱི་ནང་བསྐྱལ་ཡང་འགལ་བ་མེད། །ཆུང་སྲི་བསྐྱལ་བའི་གདམས་པའོ། །གདན་དཀར་སྟེང་དུ་མ་བུ་བཞག །ཚེ་འགུགས་གྱེར་ལ་སྲུང་ཡང་བཙུགས། །ཕྱེ་མར་བྱས་ལ་སྦྱིན་པར་བྱ། །བཀྲ་ཤིས་གང་ཤེས་རྒྱས་པར་བརྗོད། །བྱིས་སྦའི་ཆུང་རྡུང་ཡིན་ནའང་། །མ་ལ་ཁྲུས་བྱས་རྫ་མ་སོགས། །བསྐྱལ་ལུགས་ལ་སོགས་དེ་དང་འདྲ་། །ཕ་མ་ལ་སོགས་ཡིན་ན་ནི། །མེ་ཞགས་རྒྱབ་པར་མི་བྱའོ། །བྱིས་སྦའི་རིམ་གྲོ་ཡིན་ན་ནི། །བྱིས་སྦ་ལོ་གཅིག་ལི་ཐོག་ལ། །མེ་ཞགས་རྒྱབ་པར་མི་བྱའོ། །དེ་མིན་ཐམས་ཅད་བྱེད་ལུགས་གཅིག །ཆུང་སྲི་ཆེན་པོ་ཞུགས་

p. 44

པའམ། །ཟླ་སྡིབ་མངལ་ནས་ཤི་བའམ། །ལོ་བརྒྱད་མན་ཆད་གང་ཤི་ཡང་། །ཆུང་རྡུང་འདི་བས་ཟབ་པ་མེད། །ཧ་ཅང་དོ་གལ་མི་ཆེ་ན། །མནན་པ་མ་བྱས་ནའང་ཆོག །དེ་བས་དོ་གལ་ཆུང་བ་ན། །མནན་པ་གཏོར་རྒྱབ་གཉིས་ཀ་བསྐྱུར། །ཤོག་ལིང་མི་དགོས་ཟན་ལིང་ཆོག །གཞན་རྣམས་གོང་ལྟར་འདྲ་བ་བྱ། །བྱིས་སྦ་ན་ཚ་མང་བ་ལ། །རིམ་གྲོ་འདི་བས་ཟབ་པ་མེད། །འོན་ཀྱང་ས་ཕྱོགས་འདི་དག་ཏུ། །གསོན་པོ་བྱིས་སྦའི་རིམ་གྲོ་ལ། །རྫ་འཛབ་བྱེད་མཁན་མེད་པའི་ཕྱིར། །བླུན་པོའི་རྣམ་རྟོག་བྱེད་དོགས་ཡོད། །དཔེར་ན་རྡོར་གཅོད་ཞུ་དག་དཔེ། །རྒྱ་གཞུང་ཁ་དམ་གོ་དཀའ་བས། །སྔོན་གྱི་སྔགས་རྒན་ཕལ་ཆེར་ཡང་། །ཅི་བྱ་གཏོལ་མེད་འོལ་ཚོད་བྱེད། །ཁ་སབ་ཆུ་རྩི་བསྡུ་བསྡུ་བྱེད། །སུས་ཀྱང་མི་འཕྲོད་ཚང་མི་ཐུབ། །མི་བྱེད་ཐབས་མེད་འདི་དྲག་ཆེ། །ཕན་ཐོགས་སྔོན་ལ་སྒྲུག་ལ་ཐུག །བྱིས་སྦྲ་འཆི་མང་རྒྱུན་དུ་མཁོ། །འོན་ཀྱང་ཇི་བཞིན་ཤེས་པ་ཉུང་། །ཤེས་ཀྱང་ཁ་སབ་འཕྲོད་མི་ཐུབ། །དེ་ཕྱིར་བལྟས་ཆོག་འདོན་འགྲིགས་འདི། །རྒྱ་གཞུང་གཉིས་ཀྱི་དགོངས་པ་ཡིན། །ཁ་སབ་གང་དགོས་ལེགས་པར་སབ། །དམིགས་པ་ཐམས་ཅད་གྱེར་བསྒོམ་གྱིས། །ཁ་གསལ་དོན་འདུས་ཁྱེར་བདེ་བ། །འདི་ཚུལ་ལག་ལེན་མཁན་རྣམས་ལ། །རིན་ཆེན་གསར་བས་འཕངས་པ་འདི། །སྔགས་པ་མང་པོས་ཡང་ཡང་བསྐུལ། །ཁྱད་པར་རྟག་ལ་མགོན་ཞེས་པས། །འཕྲལ་དུ་བསྐུལ་བས་རྐྱེན་བྱས་ཏེ། །རྫ་འཛབ་རྒྱ་གཞུང་རྙིང་པ་དང་། །རྒྱ་ནག་གཏོ་མཛོད་སྲི་མནན་

p. 45

དང་། །གུར་དྲག་ཆུང་སྲི་མནན་པ་སོགས། །དགོངས་འདུས་སྲི་འདུལ་ལྕགས་འདུལ་རྣམས། །དེ་དག་ཀུན་གྱི་བཅུད་བསྡུས་ནས། །ཀུན་གྱི་དོན་བསྡུས་ཟབ་པར་བཀོད། །འདི་ལ་འགལ་འཁྲུལ་ཆ་མཆིས་སོགས། །སྨྲ་འོས་གསལ་བཀོད་ཉེས་མཆིས་ན། །མེ་དབལ་མགོན་པོའི་ཚོགས་ལ་བཤགས། །འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག ༈ ཀྱེ་མ་ཐོབ་དཀའི་མི་ལུས་མཆོག །སྐྱེས་མ་ཐག་འཆི་སྙིང་རེ་རྗེ། །འདི་བྲིས་དགེ་བས་འདི་ཉིད་ལ། །འབྲེལ་ཐོགས་བྱིས་སྦེ་ཐམས་ཅད་ནི། །དུས་མིན་འཆི་བ་མེད་པ་དང་། །ཕ་མ་དེ་དག་མཛའ་བ་དང་། །བྲལ་བའི་སྡུག་བསྔལ་ཞི་བ་དང་། །སྔགས་པ་དེ་དག་ཞལ་དྲོ་ནས། །འགྲོ་དོན་རྒྱ་ཆེན་འབྱུང་བ་དང་། །ཆུང་སྲིའི་གནོད་པ་རྒྱུན་ཆད་དེ། །བྱང་ཆུབ་སེམས་མཆོག་ལྡན་པ་དང་། །ཡོན་མཆོད་བྱིས་སྦ་སྲི་དང་བཅས། །ཀུན་ཀྱང་ནམ་ཞིག་ཚེ་འཕོས་ཚེ། །བདེ་ཆེན་ཞིང་ཁམས་བགྲོད་པར་ཤོག །དེ་སྐད་སྨྲ་བའི་རྣལ་འབྱོར་པ། །སྔགས་ནག་འདི་ཚུལ་ཆེར་གོམས་པ། ༧ རཱ་ག་ཨ་སྱ་ཞེས་བྱ་བས། །ཇི་སྲིད་མིར་སྐྱེའི་སྲིད་པ་འདིར། །མ་རྫོགས་བར་དུ་འདི་མ་རྫོགས། །བཀྲ་ཤིས་དགེ་ལེགས་འཕེལ་གྱུར་ཅིག །དགེ་འདིས་མཐུ་ཡིས་དུས་མིན་འཆི་བཟློག་ནས། །མཁའ་མཉམ་འགྲོ་བ་བདེ་སྐྱིད་འབྱུང་གྱུར་ཅིག །དགེའོ། །དགེའོ། །དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འགྲེས་བྱང་།

p. 46
p. 47

ཧཱུྃ། སྡང་བའི་དགྲ་དང་གནོད་པའི་བགེགས། །དམ་སྲི་ཆུང་སྲི་བསེན་མོ་རྣམས། །ལུས་སེམས་གཏན་དུ་བྱང་བུ་བྲིས། །གབ་ཏུ་མེད་པར་སྲོག་ཡིག་བཀོད། སྙོན་དུ་མེད་པར་མིང་རུས་བཏབ། །བྲོས་སུ་མེད་པར་ཕོ་ཉས་བཀུག །འགུལ་དུ་མེད་པར་ཕྱག་རྒྱས་བཅིངས། །དམ་ཉམས་ཆུང་སྲི་བསེན་མོ་རྣམས། །ཁུག་ཅིག་ཕོབ་ཅིག་གཟུགས་ལ་བསྟིམ།།

སྒོ་མ་བཞིའི་བསྐུལ་པ་འཛབ་ཁུང་ཁ་བསྲུང་།

p. 48
p. 49

སྒོ་མ་བཞིའི་བསྐུལ་པ་འཛབ་ཁུང་ཁ་བསྲུང་བཞུགས་སོ༔ ཧཱུྃ༔ ང་ནི་གསང་བ་འདུས་པ་སྟེ༔ གདོང་མོ་བཞི་ཡི་དུས་ལ་བབ༔ འཛབ་ཁུང་ཤར་གྱི་སྒོ་བསྲུང་སྟེ༔ དཀར་མོ་སེང་གདོང་ཁྲོས་མ་མོ༔ གཡས་པས་འགུགས་པའི་ལྕགས་ཀྱུ་བསྣམས༔ གཡོན་པས་འཆིང་སྡོམས་ཞགས་པ་བསྣམས༔ འཁོར་ཡང་སེང་གདོང་བསམ་མི་ཁྱབ༔ འཛབ་ཁུང་ཤར་གྱི་ཁ་བསྲུང་ལ༔ དགྲ་བགེགས་མ་བཏང་ཤོ་ར་རེ༔ སེང་གདོང་མ་ཡི་དུས་ལ་བབ༔ འཛོབ་ཁུང་བྱང་གི་ཁ་བསྲུང་ནི༔ དམར་མོ་དྲེད་གྱི་གདོང་པ་ཅན༔ གཡས་པས་འགུགས་པའི་ལྕགས་ཀྱུ་བསྣམས༔ གཡོན་པས་འཆིང་སྡོམས་ཞགས་པ་བསྣམས༔ འཁོར་ཡང་དྲེད་གདོང་བསམ་མི་ཁྱབ༔ འཛབ་ཁུང་བྱང་གི་ཁ་བསྲུང་ལ༔ དགྲ་བགེགས་མ་བཏང་ཤོ་ར་རེ༔ དྲེད་གདོང་མ་ཡི་དུས་ལ་བབ༔ འཛབ་ཁུང་ནུབ་ཀྱི་ཁ་བསྲུང་ནི༔ སྲིན་མོ་ཟ་བྱེད་སྤྱང་གདོང་མ༔ གཡས་པས་འགུགས་པའི་ལྕགས་ཀྱུ་བསྣམས༔ གཡོན་པས་འཆིང་སྡོམས་ཞགས་པ་བསྣམས༔ འཁོར་ཡང་སྤྱང་གདོང་བསམ་མི་ཁྱབ༔ འཛབ་ཁུང་ནུབ་ཀྱི་ཁ་བསྲུང་ལ༔ དགྲ་བགེགས་མ་བཏང་ཤོ་ར་རེ༔

p. 50

སྤྱང་གདོང་མ་ཡི་དུས་ལ་བབ༔ འཛབ་ཁུང་ལྷོ་ཡི་ཁ་བསྲུང་ནི༔ སྨུག་ནག་སྟག་གདོང་དགྲ་བགེགས་ཤ་ཟ་མ༔ གཡས་པས་འགུགས་པའི་ལྕགས་ཀྱུ་བསྣམས༔ གཡོན་པས་འཆིང་སྡོམས་ཞགས་པ་བསྣམས༔ འཁོར་ཡང་སྟག་གདོང་བསམ་མི་ཁྱབ༔ འཛབ་ཁུང་ལྷོ་ཡི་ཁ་བསྲུང་ལ༔ དགྲ་བགེགས་མ་བཏང་ཤོ་ར་རེ༔ སྟག་གདོང་མ་ཡི་དུས་ལ་བབ༔ ཁ་བསྲུང་ཆེན་མོ་མཆེད་བཞི་ཡང་༔ གསང་འདུས་སྤྱན་སྔར་ཁས་བླངས་བཞིན༔ འཛབ་ཁུང་འདི་ཡི་ཁ་བསྲུང་ལ༔ དགྲ་བགེགས་མ་བཏང་ཤོ་ར་རེ༔ མ་ཤོར་དབྱིངས་སུ་འགྲུབ་པར་མཛོད༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟ་འདྲེ་ཁ་ཕྲལ་བསྡུས་པ།

p. 51

ཟ་འདྲེ་ཁ་ཕྲལ་བསྡུས་པ་བཞུགས་པའི་དབུ་ཕྱོགས་སོ། །ན་མོ་མ་ཧཱ་ཀྲོ་དྷ་ཡེ། ལྷ་གཞུང་ཕུགས་གཏོར་ཚོགས་དང་གཏོར་འབུལ་དང་སྔོན་འགྲོ་ལ་སོགས་སྤྱི་ལྟར་ཤེས་བྱས་ནས། །རྒྱས་པར་ཟ་འདྲེའི་ལིངྒ་སྤྱི་ལྟར་རམ། །བསྡུ་ན་བྱང་བུར་ཏྲི་ཛ་ཁུག་སོགས་བྲིས། །རྡེལ་དཀར་བཅུ་གསུམ་རྡེའུ་ནག་པོ་དགུ། །དེ་རྣམས་སྒྲོ་བ་བུག་རྡོལ་མེད་པར་བླུག །དེ་ཀུན་བྲན་ལ་དེ་ནས་འདོན་བསྒོམ་སྦྲགས། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཁྲག་འཐུང་རིགས་ལྔ་ཁྲོ་བཅུ་ཁྲ་ཐབས་དང་བཅས་པ་སྐད་ཅིག་ལ་སྤྱན་དྲངས་ནས་ནམ་མཁའ་ས་གཞི་བར་སྣང་གང་ནས་བཞུགས་པར་གྱུར། ཕཊ། སྐད་ཅིག་གིས་རུ་ཏྲའི་ཕོ་བ་ལས་གྲུབ་པའི་གཤེད་སྒྲོ་རླུང་ཐུབ། སྐལ་པའི་མུན་ནག་འཐིབས་པའི་ནང་དུ། ལིངྒ་ཀྲྀ་ལྗང་སྔོན་ལས་འོད་ཟེར་འཕྲོས་ནས་ཟ་འདྲེ་ཤི་གཤེད། གསོན་བདུད་གཤིན་ལྕགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་བ་ལྟར་རང་དབང་མེད་པར་བསྡུས་ནས་མིང་བྱང་ལིངྒ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་གནོད་བྱེད་དེའི་ཕུང་ཁམས་སྐྱེ་མཆེད་ཚང་བ། ཤ་སྔོ་ཧམ་སྐྱ་བ། རིད་པ། མིག་ནས་ཁྲག་གི་མཆི་མ་འཛག་པ། ལག་གཡོན་མྱ་

p. 52

ངན་གྱི་ཕྱག་རྒྱ་དང་། གཡས་པས་སྐུ་འབལ་ཞིང་བྲང་བརྡུང་བ་ཁ་ནས་སྨྲེ་སྔགས་ཀྱི་ཆོ་ངེས་འདེབས་པ། རྐང་ལག་ལྕགས་སྒྲོག་གིས་བསྡམ་པ། མགོན་སྐྱབས་ཀྱི་ལྷ་སྲུང་ཐམས་ཅད་དང་བྲལ་ནས་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར། བདག་མདུན་ལས་སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཐིམ་པར་གྱུར། ན་མོ། རྩ་བརྒྱུད་ཀྱི་བླ་མ། ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་བདེན་པ་དང་། ཡེ་ཤེས་ཀྱི་ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཟ་བྱེད་ཕ་བཅུ། གསོད་བྱེད་མ་བཅུ་རྣམས་ཀྱི་བདེན་པའི་མཐུས། ཚེ་ལས་འདས་པ་རྗེ་མོ་དང་པོ་ནད་ཀྱི་སྣ་འདྲེན་པ།་བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ཀྱིས་སྲོག་གཅོད་པ།། འཆི་ཁ་དབུགས་སྡུད་ཅིང་ཕུང་པོ་བདག་ཏུ་བཟུང་བ། གཤིན་པོ་གནས་མི་བདེ་ཞིང་གསོན་པོ་བཀྲ་མི་ཤིས་པར་བྱེད་པ། དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པའི་རིགས་དང་། དྲི་ཟ་ཁྱབ་བྱེད་ཀྱི་རིགས་དང་། དྲི་ཟ་པི་ཤ་པརྣའི་རིགས་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། གནོད་སྦྱིན་ཝ་ར་ཧི་ཏི་ཀུན་ཏུ་རྟོགས་འདོད་ཀྱི་རིགས་དང་། ཡི་དྭགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་དང་། ཤ་ཟ་དང་འབྱུང་པོའི་རིགས་ཟ་འདྲེ་

p. 53

ཤི་སྲི་རྒེ་གང་ཡིན་པ་ཐམས་ཅད་ལིངྒ་མིང་བྱང་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ལན་གསུམ་བྱ། ཁྲོ་བོ་བཅུའི་སྤྲུལ་པ་འགྱེད་ཅིང་ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ རྔམ་པའི་ང་རོ་ཁྲོ་བོའི་སྐུར་ཕྱུང་སྟེ༔ དྲག་ཤུལ་མི་བཟད་ཕོ་ཉའི་སྐུར་བསྟན་པ༔ གཏུམ་ཆེན་རབ་འཇིགས་ཁྲོ་བོ་ཆེན་པོ་བར༔ རྣམ་པར་རྒྱལ་དང་དབྱུག་སྔོན་ཅན༔ གཤིན་རྗེ་གཤེད་དང་མི་གཡོ་མགོན༔ རྟ་མགྲིན་རྒྱལ་དང་འདོད་པའི་རྒྱལ༔ བདུད་རྩི་འཁྱིལ་དང་ཁམས་གསུམ་རྒྱལ༔ ཧཱུྃ་ཀཱ་ར་དང་སྟོབས་པོ་ཆེ༔ ཕོ་ཉ་ཟ་གསོད་ཉི་ཤུ་བཅས༔ གཤེད་པོ་ལས་ངན་འདིར་ཁུག་ཅིག༔ ཕོ་ཉ་མང་པོ་ནམ་མཁའི་མཐའ་ལྟར་ཁྱབ༔ འགུགས་བྱེད་མང་པོས་ནམ་མཁའི་མཐའ་ནས་ཁུག༔ ཟ་བྱེད་མང་པོས་ཁྱི་སྤྱང་ཚོགས་ལྟར་རོལ༔ གསོད་བྱེད་མང་པོས་བྱ་ཁྲ་ཚོགས་ལྟར་འཇུམ༔ འཛིན་བྱེད་མང་པོས་ཆུ་སྲིན་སོ་ལྟར་ཟུངས༔ སྡོམ་བྱེད་མང་པོས་ཕྱག་རྒྱས་ཚོགས་ལྟར་སྡོམས༔ ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་ཕྱུངས་བའི་དུས་ལ་བབ༔ དོ་ནུབ་ལྷ་ཚོགས་བྱིན་མ་ཆུང་༔ བླ་མཆོད་

p. 54

བྱ་ར་མིག་མ་རྡོལ༔ གིང་བདུད་ཤན་པ་རྩལ་མ་ཞན༔ ཆོས་སྐྱོང་སྲུང་མ་མཐུ་མ་ཆུང་༔ མངག་པའི་ཕོ་ཉ་བང་མ་བུལ༔ ཡུངས་ཀར་ཐུན་ཟོར་ངར་མ་ཞེན༔ འཇིག་རྟེན་འདི་་ནས་ཚེ་འདས་ཀྱི༔ གསོན་བདུད་གཤིན་ལྕགས་བྱས་པ་དང་༔ ཟ་འདྲེ་ཤི་གཤེད་བྱས་པ་དང་༔ སྲོག་གཅོད་དབུགས་ལེན་བྱས་པ་དང་༔ བསྒྲེན་འདྲེ་དར་སྲི་བྱས་པ་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་སྐེ་ནས་ཐོགས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ དྲིལ་བུ་ཅན་གྱིས་དབང་དུ་སྡུས༔ ཐོ་བ་ཅན་གྱིས་སྤྱི་ནས་ཆོམས༔ གཤོག་པ་ཅན་གྱིས་མཐའ་ནས་ཆོམས༔ སྡེར་མོ་ཅན་གྱིས་གློ་སྙིང་ཕྱུངས༔ མཆུ་ཐོ་ཅན་གྱིས་མིག་གཉིས་བྲུས༔ མ་ཐོགས་མྱུར་དུ་ཁུག་ལ་ཤོག༔ གཤེད་གཞི་ནག་པོ་འདི་ཡི་སྟེང་དུ་ཁུག༔ གྲུ་གསུམ་འབར་བའི་ནང་དུ་ཁུག༔ གཤེད་སྒྲོ་ནག་པོའི་ནང་དུ་ཁུག༔ གཤེད་ཀྱི་ཀ་ཆའི་རྩ་རུ་ཁུག༔ གཤེད་འབྲེང་གཉེན་པོས་ཡན་ལག་སྡོམས༔ དེ་ནས་གཤེད་སྒྲོ་སེ་ཆིངས་མདུད་དུ་བཅིངས༔ སྒྲོ་མཆུ་མཆོད་གཡོག་པས་ལག་པས་བཟུང་༔ ལག་གཡོན་སྟ་རེ་འཕྲག་ཏུ་བཀལ༔ ཟོར་བ་བཟུང་། གཤེད་འགུགས་རྒྱས་པ་ལོག་ནས་བྱུང་བ་ལྟར་སྦྱར༔ ཞེས་གསུངས་པ་གཤེད་ཕུད་

p. 55

ནས་གཤེད་འགུགས་དེ་ཡིན་མཆན་བུའོ།། ༈་བཛྲ་ཧཱུྃ་བྷོ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ སརྦ་ན་ཏྲི་ནི་ཧཱུཾ་ཛ་ཤན་ཏྲི་ནི་ཧཱུྃ་ཛཿ དུན་ཏྲི་ནི་ཧཱུྃ་ཛཿ ཛ་ཏྲི་ནི་ཧཱུྃ་ཛཿ ཧཱུྃ་ཧཱུྃ་ཛ་ཛ་ཛ་ཧུར་ཐུམ་ཛ་ཛ་་་ཟ་འདྲེ་ཤི་གཤེད་ས་མ་ཡ་ཛ་ཛ་ཛཿ ༈ ཧཱུྃ་ཧཱུྃ་མ་ཧཱ་ཀྲོ་ཏ་བི་ཤྭ་ཙཀྲ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ གཤེད་པོ་མི་ཟན་མཱ་ར་ཡ་ཁ་ཐཾ་ཁ་ཐཾ༔ དུལ་དུལ་མཱ་ར་ཡ༔ རྦད་རྦད༔ ༈ ཨོཾ་སརྦ་ཛ་ཏྲི་ཧཱུྃ་ཛཿ དྲྀ་ཏྲི་ནི་ཧཱུྃ་ཛཿ ས་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ གན་ཁྲི་ནི་ཧཱུྃ་ཛཿ གནོད་བྱེད་ཟ་འདྲེ་ཤི་གཤེད་ཧུར་ཐུམ་ཤག་ཚལ་མཱ་ར་ཡ་རྦད་རྦད༔ ཛཿཧཱུྃ་བཾ་ཧོཿ ཞེས་གསུངས་པ་གཤེད་ཕུད་ནས་གཤེད་འགུགས་དེ་གསུངས་ནས་ཁ་བསྒྱུར་བྱ་ཆོག་ཞལ་རྒྱུན་ཆགས་མེད་ནས་འདུག༔ །ཧཱུྃ༔ དཔལ་ཆེན་ཐུགས་ལས་སྤྲུལ་པ་ནི༔ སོགས་ནས། གཟུགས་དང་བྱང་བུ་འདི་ལ་ཁུག༔ ཞེས་རིམ་བཞིན་ཁ་སྒྱུར་འགྲེའོ། ཧ་ཌཱཀྐི་ནི་སོགས་ནས། ནི་ཏྲ་ཛ༔ཧཱུྃ་བཾ་ཧོཿ བར་འདོན། དུས་དྲུག་བསྐུལ་བཏོན་ཀྱང་ཆོག །གོང་གནོན་ཡི་དམ་གང་ཡིན་བསྒྲལ་ལས་ནས་ཕུར་གདབ་དང་ཞལ་བསྟབ་བྱ་དགོས་གསུངས་སོ། །གོང་འདི་རཱ་ག་ཨ་སྱས་མཛད་པ་ཡིན་མཆན་བུའོ།། །།

ཆུང་བརྡུང་དཔའ་བོ་ལྷ་ལྔ།

p. 56
p. 57

ཆུང་བརྡུང་དཔའ་བོ་ལྷ་ལྔ་བཞུགས་སོ།།

p. 58

ཆུང་སྲི་འདུལ་བའི་དོན་ལ། ལས་བྱང་གཞན་དང་སྦྱར་བའོ། །རྫ་འཛབ་འགུགས་ལས་སྐབས་སུ་ལྷ་ལྔ་ལས་ལ་བཅོལ་བ་ནི། དང་པོ་དཀར་གཏོར་གསེར་སྐྱེམས་མཆོད། །གཟུ་དཔང་འགུགས་ལས་བྱ་བ་ནི། །བདེན་པ་བརྡར་ལ་འདི་སྐད་དོ། །ཀྱཻ། ང་ནི་འདུལ་བྱེད་ཁྲོ་བོ་ཡིན། །འདུལ་བྱེད་ཁྲོ་བོ་ཁྲོས་པ་ཡི། །སྤྲུལ་པའི་ལྷ་དམག་ལས་ལ་འགྱེད། །མགོན་གྱི་ལྷ་ལྔ་ལས་བཅོལ་ལོ། །ལྷ་ལྔས་འགུགས་པར་བསམས་ལ་འདི་སྐད་དོ། །ཀྱཻ། དང་པོ་སྲུང་མ་མཐུ་བོ་ཆེ། །གང་ལྟར་དགོས་པའི་དམ་ཚིག་ཅན། །དགྲ་བླ་གཉན་པོ་མཐུ་སྟོབས་ཅན། །དུང་གི་མི་ཕོ་དཀར་པོ་ཡི། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །

p. 59

དབུ་ལ་དུང་རྨོག་དཀར་པོ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རལ་གྲི་ཡ་ཚ་དཀར་ལྟར་འཁྲུགས། །ཆིབས་སུ་དགྲ་བླ་རྟ་དཀར་ཆིབས། །ཁྱོད་ལ་ལས་བཅོལ་ལས་མ་ཞན། །ཆུང་སྲི་དམ་ཉམས་མི་ཟན་འདི། །ཁྱོད་དགྲ་བླའི་རྒྱལ་པོས་ཁུག་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ཀྱཻ། ཕ་ལྷ་གཉན་པོ་དྲག་རྩལ་ཅན། །བསེ་ཡི་མི་ཕོ་སྨུག་པོ་ལ། །སྐུ་ལ་བསེ་ཁྲབ་སྨུག་པོ་གསོལ། །དབུ་ལ་བསེ་རྨོག་སྨུག་པོ་གསོལ། །ཕྱག་ན་བསེ་ཡི་མདུང་རིང་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་ཕོ་ལྷ་རྟ་

p. 60

དཀར་ཆིབས། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱོད་ལ་བཅོལ་བའི་ལེ་གུ་དེ། །ཆུང་སྲི་མི་ཟན་འདི་ཡིས་ཁྱེར། །ཁྱོད་ལ་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་དེ་ངན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཕོ་ལྷ་ལས་མཁན་ཁྱོད་ཀྱིས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་མྱུར་དུ་ཁུག །ཀྱི། ཡུལ་ལྷ་གཉན་པོ་སྲུང་མ་དམ་ཚིག་ཅན། །མཆོང་གི་མི་ཕོ་སྨུག་པོ་ལ། །སྐུ་ལ་མཆོང་ཁྲབ་སྨུག་པོ་གསོལ། །དབུ་ལ་མཆོང་གི་རྨོག་མོ་གསོལ། །ཕྱག་ན་མཆོང་གི་རལ་གྲི་བསྣམས། །རལ་གྲི་ཡ་མཚན་གློག་ལྟར་འཁྱུགས། །ཆིབས་སུ་མཆོང་རྟ་སྨུག་པོ་ཆིབས། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱོད་ལ་བཅོལ་བའི་ལེ་གུ་དེ། །ཆུང་སྲི་མི་ཟན་འདི་ཡིས་ཁྱེར། །ཁྱོད་འདི་ལ་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་མ་ཞན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཡུལ་ལྷ་ལས་མཁན་ཁྱོད་ཀྱིས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་མྱུར་དུ་ཁུག །ཀྱཻ། མ་ལྷ་གཉན་པོ་མཐུ་སྟོབས་ཆེ། །དུང་གི་བུད་མེད་དཀར་མོ་ལ། །གཡུ་ཡི་ལན་ཕྲན་སི་ལི་ལི། །སྐུ་ལ་དར་དཀར་གོ་ཟུ་ལ། །མཆོང་གི་ཐིག་

p. 61

ལེས་བརྒྱན་པ་གསོལ། །ཕྱག་ན་མཆོང་གི་བེར་ག་བསྣམས། །ཆིབས་སུ་སྨན་ཤ་ཡུ་མོ་ཆིབས་སུ་ཆིབས། །གཡུ་བྱ་ཁུ་བྱུག་ཕོ་ཉར་འགྱེད། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱོད་ལ་བཅོལ་བའི་ལེ་གུ་དེ། །ཆུང་སྲི་མི་ཟན་འདི་ཡིས་ཁྱེར། །ཁྱོད་འདི་ལ་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་རེ་ཞན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཁྱོད་མ་ལྷ་གཉན་པོས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་ཁུག །ཀྱཻ། ཞང་ལྷ་གཉན་པོ་དམ་ཚིག་ཅན། །གསེར་གྱི་མི་ཕོ་སྨུག་པོ་ལ། །དབུ་ལ་གསེར་རྨོག་སེར་པོ་གསོལ། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རལ་གྲི་ཡ་ཚ་གློག་ལྟར་འཁྱུགས། །ཕ་ཝང་སེར་པོ་རྟ་རུ་ཞོན། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱེད་ལ་བཅོལ་བའི་ལེ་གུ་དེ། །།ཆུང་སྲི་མི་ཟན་འདི་ཡིས་ཁྱེར་། །ཁྱོད་འདི་ཡི་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་རེ་ངན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཁྱོད་ཞང་ལྷའི་ཁམས་ནས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་ཁུག །ཅེས་ལྷ་ལྔ་རེ་རེའི་ཐུགས་ཀྱི་སྤྲུལ་པ་ལ། བུས་ངོར་རེ་

p. 62

འཕྲོས་པས་ཆུང་སྲི་རང་དབང་མེད་པར་བཀུག་པར་བསམ་ལ་འདི་སྐད་དོ། །ཀྱཻ། ལྷ་ལྔ་ཐུགས་རྗེ་སྤྲུལ་པ་ལས། །དགྲ་བླ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འཆུག་པའི་ལས་མཁན་ནི། །དུང་གི་བུ་སྦ་གྲུ་ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ན་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་ཤར་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ཚེལ་མྱུར་དུ་བསྟིམ། ཀྱཻ། ཕོ་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །བསེ་ཡི་བུ་སྦ་གྲུ་ཚད་གཅིག །གཡས་པས་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུལ་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་ལྷོ་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག་ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །འཛབ་ཁུང་འདི་རུ་ཁྱེར་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ།

p. 63

ཡུལ་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །མཆོང་གི་བུ་སྦ་གྲུ་ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་ནུབ་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྟ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ། མ་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །དུང་གི་བུ་སྦ་གྲུ་ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་བྱང་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྗོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ། ཞང་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །གསེར་གྱི་བུ་སྦ་གྲུ་

p. 64

ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་དབུས་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ། ལྷ་ལྔ་སྤྲུལ་པའི་ལྷ་ཚོགས་རྣམས། །གནོད་བྱེད་ཆུང་སྲིའི་ཤ་ཁྲག་རྔམ་ཟས་གྱིས། །བདག་ཉིད་དཔལ་ཆེན་ཐུགས་ཀ་ནས། །ཡུམ་ཆེན་ལྔ་ཡི་སྤྲུལ་པའི་ཚོགས་།ཆུང་སྲི་འགུགས་པའི་ལས་མཁན་གྱིས། །ཆུང་སྲི་དམ་ཉམས་ཁུག་ལ་ཤོག །ལིངྒ་འདི་ལ་ཁུག་ལ་ཤོག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །གཟུགས་བྱང་འདི་ལ་དྲག་ཏུ་ཕོབ། ཐ་ཏྲི་ཛཿ ༈ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོ་མ་ཉེས་པའི་ལྕེ་སྲིད་པ་ནི། དཀར་གཏོར་དང་གསེར་སྐྱེམས་འབུལ་ལ་འདི་སྐད་དོ། །ཀྱཻ། ཚངས་པ་དང་ནི་། བརྒྱ་བྱིན་དང་། །དྲང་སྲོང་གྲུལ་བུམ་གཤིན་རྗེ་དང་། །བདེན་བྲལ་ཀླུ་དང་རླུང་ལྷ་དང་། །གནོད་བྱེད་བདེ་ལྡན་ས་བདག་དང་། །མཐོ་སྲིད་པའི་རྩེ་མོ་མན་ཆད་དང་། །

p. 65

དམའ་ན་རག་དམྱལ་ཁམས་ཡན་ཆད་ཀྱི། །གནས་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །དོ་ནུབ་འདི་རུ་མ་བྱོན་ཡར་ལ་བཞུགས། །ལིངྒ་འདི་ལ་མ་འཇུག་ཅིག །ལིངྒའི་གཟུགས་ལ་མ་རྟེན་ཅིག །ལིངྒའི་དབུགས་ལ་མ་རྒྱུ་ཞིག །ད་ནི་དྲག་པོའི་ལས་བྱེད་པས། །སོ་སོ་རང་རང་གནས་སུ་བྱེར། །ལིངྒའི་ནང་དུ་ཞུགས་ན་ང་མ་ལེན། །མནན་བསྲེགས་འཕང་གསུམ་བྱས་ན་ང་མ་ལེན། །མཚོན་དང་རྩང་ཕུར་ཟུག་ན་ང་མ་ལེན། །ངན་དགུ་ཐུན་གྱིས་ཕོག་ན་ང་མ་ལེན། །དེ་བས་སོ་སོ་རང་རང་གནས་སུ་དེངས། ། དེ་ལ་སོགས་པའི་དབྱིན་སེལ་བྱའོ། །བདེར་གཤེགས་འདུས་པའི་བསད་ལས། ལས་བཞི་ལས་བཏུས་པ་མངའ་བདག་ཉང་གི་གཏེར་མ་ལས་ཅན་གཅིག་དང་འཕྲད་པར་ཤོག །དགེའོ། ཨཾ༔ ཆུང་སྲི་འདུལ་དོན་ཁྲོ་བཅུ་བཞུགས་སོ། །ཁྲོ་བོ་བཅུའི་སྤྲུལ་པ་འགྱེད་པ་ནི། ཧཱུྃ། དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ལས། །ཁྲོ་བོ་ཁྲོ་མོ་ཕྱོགས་བཅུར་འགྱེད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །དང་པོ་གསོན་པོའི་སྲོག་གཅོད་བྱས། །བར་དུ་གཤིན་པོའི་གཟུགས་འཛིན་ནས། །ཐ་མ་མཐོ་རིས་ཐར་ལམ་བཀག །ཉེ་འབྲེལ་གསོན་པོའི་ཚེ་སྲོག་གཅོད། །དཀོར་ནོར་འཁོར་རིས་ཐམས་ཅད་

p. 66

ལ། །བར་ཆད་བགེགས་བྱེད་གནོད་པ་བསྐྱལ། །ཆུང་སྲི་དབུགས་ལེན་ཟ་འདྲེ་དེ། །ཆུང་སྲི་དམ་ཉམས་བསྒྲལ་བའི་གནས། །གྲུ་གསུམ་ཧོ་ཁུང་འབར་བ་འདིར། །གཟུགས་ཀྱི་ལིངྒ་འདི་ལ་ཁུག །སྟེང་གི་ཕྱོགས་ནས་གཤེད་འགུགས་པ། །ཧཱུྃ་མཛད་སྔོ་ནག་རྡོ་རྗེ་བསྣམས། །གཡོན་པས་སྡིགས་མཛུབ་དྲིལ་བུ་བསྣམས། །ཆུང་སྲི་མི་ཟན་ལས་ངན་འདི། །དྲིལ་བུས་བསྡུས་ལ་རྡོ་རྗེས་བརྡུངས། །འཁྲུལ་འཁོར་ལིངྒ་འདི་ལ་ཁུག །ཤར་གྱི་ཕྱོགས་ནས་གཤེད་འགུགས་པ། །རྣམ་རྒྱལ་དཀར་པོ་རྡོ་རྗེ་བསྣམས། །གཡོན་པས་སྡིགས་མཛུབ་ལྕགས་ཀྱུ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ལྕགས་ཀྱུས་ཟུངས་ལ་རྡོ་རྗེས་རྒྱོབས། །བརྡུངས་དུས་ཆུང་སྲི་དབུགས་ལེན་རྡུལ་དུ་རློགས། །ཞེས་ཁ་བསྒྱུར་དགོས་སོ། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ཤར་ལྷོ་མཚམས་ནས་གཤེད་འགུགས་པ། །དབྱུག་སྔོན་སྔོ་སྐྱ་དབྱུག་ཐོ་འཛིན། །གཡོན་པས་སྡིགས་མཛུབ་མེ་དཔུང་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །རྡོ་རྗེས་བརྡུང་ལ་མེ་ཡིས་སྲེགས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ལྷོ་ཡི་ཕྱོགས་ནས་གཤེད་འགུགས་པ། །གཤིན་རྗེ་

p. 67

སྔོ་ནག་བེ་ཅོན་བསྣམས། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ཞགས་པས་ཆིངས་ལ་བེ་ཅོན་རྒྱོབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ལྷོ་ནུབ་མཚམས་ནས་གཤེད་འགུགས་པ། །མི་གཡོ་ལྗང་ནག་རལ་གྲི་འཛིན། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ཞགས་པས་ཆིངས་ལ་རལ་གྲིས་གསེས། །ཆུང་སྲི་དབུགས་ལེན་རྡུལ་དུ་རློགས། །ནུབ་ཀྱི་ཕྱོགས་ནས་གཤེད་འགུགས་པ། །རྟ་མགྲིན་དམར་པོ་པདྨ་བསྣམས། །གཡོན་པས་སྡིགས་མཛུབ་ལྕགས་སྒྲོག་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ལྕགས་སྒྲོག་སྡོམས་ལ་པདྨས་རློབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ནུབ་བྱང་མཚམས་ནས་གཤེད་འགུགས་པ། །འདོད་རྒྱལ་དམར་ནག་ཏྲི་ཤུལ་བསྣམས། །གཡོན་པས་སྡིགས་མཛུབ་བ་དན་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །བ་དན་གཡོབ་ལ་ཏྲི་ཤུས་གཏུབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །བྱང་གི་ཕྱོགས་ནས་གཤེད་འགུགས་པ། །བདུད་རྩི་ལྗང་ནག་རྒྱ་གྲམ་བསྣམས། །གཡོན་པས་སྡིགས་

p. 68

མཛུབ་དྲིལ་བུ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །དྲིལ་བུས་དབང་སྡུས་རྒྱ་གྲམ་རྒྱོབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །བྱང་ཤར་མཚམས་ནས་གཤེད་འགུགས་པ། །ཁམས་གསུམ་རྣམ་རྒྱལ་འཁོར་ལོ་བསྣམས། །གཡོན་པས་སྡིགས་མཛུབ་རྔ་ཡབ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །རྔ་ཡབ་གཡོབ་ལ་འཁོར་ལོ་བསྐོར། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །འོག་གི་ཕྱོགས་ནས་གཤེད་འགུགས་པ། །སྟོབས་ཆེན་དུད་ཁ་གཏུན་ཤིང་བསྣམས། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ཞགས་པས་ཆིངས་ལ་གཏུན་ཤིང་རྒྱོབས། །ཆུང་སྲི་དབུག་ལེན་ཁུག་ལ་ཤོག །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུས། །ཆུང་སྲི་མི་ཟན་ལས་ངན་འདི། །ཁུག་ཅིག་དྲོངས་ཤིག་ཨཾ་ཀུ་ཤ །རིངས་བར་ཁུག་ལ་མྱུར་དུ་སྒྲོལ། །དེ་ཡི་ཤ་ཟོ་ཁྲག་ལ་འཐུང་། །འགུག་གཞུག་བྱའོ། ཧཱུྃ། ཡུལ་གྱི་མིང་ནི་དམུ་ཡུལ་ནས། །ཆུང་སྲི་རོ་ལངས་འགོང་པོ་དེས། །འགྲོ་བ་མི་ལ་བདུད་དུ་བབ། ཧཱུཾ། བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །འགྲོ་བ་མི་ལ་

p. 69

ཕན་གདགས་ཕྱིར། །ཕྱག་མཚན་རྡོ་རྗེ་འཁོར་ལོ་འདི། །ཆུང་སྲི་རོ་ལངས་འགོང་པོའི་སྙིང་ལ་རྒྱབ། །རོ་ལངས་དུག་གསུམ་རྩད་ནས་བཅད། །ཆུང་སྲི་གནོད་བྱེད་གདུག་པ་རྡུལ་དུ་རློགས། །གསོན་བདུད་གཤིན་ལྕག་ཆུང་སྲི་འདི། །ལས་མཁན་སྟོབས་ཀྱིས་ཁྲིད་ལ་ཤོག །ཆུང་སྲི་དབུགས་ལེན་ཤི་གཤེད་འདི། །མཐུ་རྩལ་སྟོབས་ཀྱིས་ཁུག་ལ་ཤོག །རྟ་རྐུན་དེ་ནི་བརྒྱ་ཡོད་ཀྱང་། །སྒྲོག་འཁྲོལ་དེ་ནི་གཅིག་བས་མེད། །རྟ་རྐུན་སྒྲོག་འཁྲོལ་ཁུག་ལ་ཤོག །ཇག་པ་དེ་ནི་བརྒྱ་ཡོད་ཀྱང་། །ཇག་དཔོན་མནའ་ཟན་གཅིག་ལས་མེད། །ཇག་དཔོནམནའ་ཟན་ཁུག་ལ་ཤོག །རྐུན་མ་དེ་ནི་བརྒྱ་ཡོད་ཀྱང་། །ནང་དབྱེན་རྐུན་མ་གཅིག་ལས་མེད། །ནང་དབྱེན་རྐུན་མ་ཁུག་ལ་ཤོག །མི་གསོད་དེ་ནི་བརྒྱ་ཡོད་ཀྱང་། །ལག་དམར་དེ་ནི་གཅིག་ལས་མེད། །སྲོག་གཅོད་ཟ་འདྲེ་བརྒྱ་ཡོད་ཀྱང་། །དབུགས་ལེན་ཤི་གཤེད་གཅིག་ལས་མེད། །ཉ་མོ་ལྕགས་ཀྱུས་བཟུང་བ་བཞིན། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །སྤྱང་མོ་ཞགས་ལ་ཟིན་པ་བཞིན། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ཤ་བ་ཁྱི་ཡིས་དེད་པ་བཞིན། །

p. 70

ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །བྱིའུ་ཁྲ་ཡིས་དེད་པ་བཞིན། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །སྦྲང་བུ་ཤ་ལ་འདུས་པ་ལྟར། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །རྡུང་ཤ་ལག་པ་འདི་ཡིས་ཁུག །ལས་ཀྱི་མེ་ལོང་འདི་ཡིས་ཁུག །གཤེད་རྡོ་དཀར་ནག་འདི་ཡིས་ཁུག་ལ་ཤོག། །གཤེད་གཞི་ནག་པོ་འདི་ཡིས་ཁུག །གཡང་གཞི་དཀར་ནག་་འདི་ཡིས་ཁུག །ཧོ་ཁུང་གྲུ་གསུམ་འདི་ཡི་ནང་དུ་ཁུག །ལྷ་ང་བྱི་ལིང་འདི་ཡི་ནང་དུ་ཁུག །འཕྲུལ་འཁོར་ལིངྒ་འདི་ལ་ཁུག །གཤེད་རྟ་ཁ་ཆེ་འདི་ཡིས་ཁུག །རྔ་ཡབ་ནག་པོ་འདི་ཡི་ཁ་ལ་ཁུག །གཤེད་ལྕགས་ནག་པོ་འདི་ཡི་ཁ་ལ་ཁུག །གཤེད་ར་རྒྱ་བོ་འདི་ཡིས་ཁུག །གཤེད་ལུག་གདོང་བཀྲ་འདི་ཡིས་ཁུག །ཕག་སྤྲུལ་བྱ་ཡི་ཐོད་པའི་ནང་། །ཆུང་སྲི་མི་ཟན་གསོད་པར་བྱེད། །དེ་བས་མ་ཐོགས་མྱུར་དུ་ཁུག །འགུག་གཞུག་དྲག་ཏུ་བྱས་ལ། །ལིང་ལ་ཡང་ཡང་བསྟིམ་མོ། །ཧཱུཾ། ཆུང་སྲི་དམ་ཉམས་ལས་ངན་འདི། །མཐོ་ནམ་མཁའི་དབྱིངས་ན་མ་བྲོས་ཤིག །ནམ་མཁའི་དབྱིངས་ན་བྲོས་པ་ན། །སྟོང་གསུམ་རྡོ་རྗེ་ནམ་མཁའི་དབྱིངས། །ནམ་མཁའི་དབྱིངས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་

p. 71

ལས་ངན་འདི། །བར་སྣང་ཁམས་སུ་མ་བྲོས་ཤིག །བར་སྣང་ཁམས་སུ་བྲོས་ཙ་ན། །ཀུན་ཏུ་བཟང་མོ་ང་ཡི་བཀའ། །བར་སྣང་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །ས་གཞི་ཁམས་སུ་མ་བྲོས་ཤིག སངས་རྒྱས་སྤྱན་མ་ང་ཡི་བཀའ། །ས་ཡི་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །ཆུ་ཡི་ཁམས་ན་མ་བྲོས་ཤིག ཆུ་ཡི་ཁམས་སུ་བྲོས་ཙ་ན། །མཱ་མ་ཀཱི་ཡང་ང་ཡི་བཀའ། །ཆུ་ཡི་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །མེ་ཡི་ཁམས་ན་མ་བྲོས་ཤིག མེ་ཡི་ཁམས་སུ་བྲོས་ཙ་ན། །གོས་དཀར་མོ་ཡང་ང་ཡི་བཀའ། །མེ་ཡི་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །རླུང་གི་ཁམས་ན་མ་བྲོས་ཤིག །རླུང་གི་ཁམས་ན་བྲོས་པ་ན། །དམ་ཚིག་སྒྲོལ་མ་ང་ཡི་བཀའ། །རླུང་གི་ཁམས་ནས་ཁུག་ལ་ཤོག །ཧཱུྃ། ཨེ་ཀ་ཙ་ཏི་བཀའ་ཉན་མ། །ཡེ་ཤེས་སྒོ་མ་ཁྱེད་བཞི་ཡི། །གསོན་བདུད་གཤིན་ལྕགས་ཆུང་སྲི་འདི། །གང་ན་འདུག་ཀྱང་ཁུག་ལ་ཤོག །མགོ་བོ་ས་ལ་ཐོབ་ལ་ཤོག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །

p. 72

ཞགས་པ་ཅན་གྱིས་མགྲིན་པ་སྡོམས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་ཆིངས། དྲིལ་བུ་ཅན་གྱིས་དབང་དུ་སྡུས། །ཐོ་བ་ཅན་གྱིས་མགོ་ནས་རྡུངས། །གཤོག་པ་ཅན་གྱིས་ཀླད་ནས་ཆུམ། །སྡེར་མོ་ཅན་གྱིས་མཐའ་ནས་བསྡུས། །ཆུང་སྲི་ཤི་གཤེད་ལས་ངན་འདི། །ད་ལྟ་ཉིད་དུ་མྱུར་དུ་ཁུག །མྱུར་དུ་སྒྲོལ་ལ་རྡུལ་དུ་རློགས། །ཞེས་འགུག་གཞུག་དྲག་ཏུ་བྱས། །གཟུགས་ལ་ཡང་ཡང་བསྟིམ་མོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟ་འདྲེ་ཁ་ཕྲལ་གྱི་ཆོ་ག་དྲག་པོ་ལྕགས་འདུལ་དཀར་ནག་གི་ཕྱག་ལེན་བསྡུས་པའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།

p. 73

ཟ་འདྲེ་ཁ་ཕྲལ་གྱི་ཆོ་ག་དྲག་པོ་ལྕགས་འདུལ་དཀར་ནག་གི་ཕྱག་ལེན་བསྡུས་པའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།

p. 74

ན་མོ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཡེ། ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་སྡེ་དང་། །སྦྱོང་རྒྱུད་གཙུག་དགུ་ལ་སོགས་རྒྱུད་འགྲེལ་དང་། །ཉི་ཟླ་ཁ་སྦྱོར་ལ་སོགས་རྒྱུད་གཞུང་ནས། །འཆི་ཁ་དབུགས་སྡུད་ཤི་ནས་ཕུང་པོ་བདག །བར་དོའི་སྐབས་སུ་ཉེ་དུ་མཐུན་པོར་སྤྲུལ། །ཡང་ན་ཐར་པའི་ཞིང་དུ་འགྲོ་བའི་ཚེ། །རྗེས་ནས་འབོད་ཅིང་ཡར་ལ་འགྲོ་མི་འཇུག །སྐྱེ་གནས་ངན་པ་བཟང་པོར་གོ་བ་དང་། །བཟང་པོ་ངན་པར་མཐོང་བའི་ཆོ་འཕྲུལ་སྟོན། །ལྕགས་བླུག་བཞིན་དུ་ཐར་དུ་མི་འཇུག་པས། །ཟ་འདྲེ་གཤིན་ལྕགས་ཞེས་ནི་བྱ་བ་ཡིན། །ཚེ་འདས་གཟུགས་སུ་སྤྲུལ་ནས་གསོན་པོར་གནོད། །ཚེ་འདས་ཡིན་ཟེར་ནད་པ་སྨྱོན་པར་འབབ། །སྔར་གྱི་ལོ་རྒྱུས་ཏིག་ཏིག་གསལ་པོར་སྨྲ། །ཡང་ན་ཤི་བའི་སྲི་ཞུགས་ན་ཚ་

p. 75

བརྒྱུད། །དེ་ཕྱིར་ཟ་འདྲེ་གསོན་བདུད་ཅེས་བྱའོ། །དེ་དག་འདུལ་ཐབས་སློབ་དཔོན་པདྨ་ཡིས། །མཛད་པའི་དྲག་པོ་ལྕགས་འདུལ་དཀར་ནག་དང་། །བི་མ་ལ་ཡིས་མཛད་པའི་གཤེད་འདུལ་གཉིས། །གྲགས་ཆེ་ནའང་ཕྱག་ལེན་ཇི་ལྟ་བར། །གཞུང་ནས་བཤད་པའི་འདུལ་ཆས་འཛོམ་པར་དཀའ། །ལ་ལས་ཅི་དྲན་བྱེད་ལ་བློ་གཏད་མེད། །འདི་ཡི་ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར། །ཟབ་ཅིང་ཚིག་ཉུང་ལག་ཏུ་བླང་བདེར་བརྗོད། །ལྷ་གཞུང་ལུགས་གཏོར་ཚོགས་དང་གཏོར་འབུལ་དང་། །སྔོན་འགྲོ་ལ་སོགས་སྤྱི་ལྟར་ཤེས་བྱས་ནས། །མདུན་དུ་ཨོཾ་སོགས་ཁྲིའུ་ཁ་ཡི་སྟེང་། །རྒྱས་པར་གཏོར་ཟློག་གང་རུང་བཅའ་སྲོལ་སྣང་། །བསྡུ་ན་ལྕགས་འགུ་ལ་སོགས་སྣོད་ཀྱི་ནང་། །དམར་གཏོར་ཆེ་བ་གཅིག་ལ་ཆུང་བ་བཅུ་ཡིས་བསྐོར། །གཙོ་

p. 76

བོར་རྩང་བདུན་འཁོར་ལ་གསུམ་རེ་བཙུགས། །ཡི་དམ་དང་ནི་ཁྲོ་བཅུའི་གཏོར་མ་ཡིན། །དེ་འོག་ཧོམ་ཁུང་རྩང་ནི་ཉེར་གཅིག་བསྐོར། །དེ་ནི་ཤི་སྲི་བྲུབ་པའི་སྲི་ཁུང་ཟེར། །ལྷ་གཞུང་ཚར་རྗེས་མདུན་དུ་ཕྱིར་ནག་བཏིང་། །རི་སྣ་གསུམ་ནས་རྡོ་བླང་སྒྱེད་པུའི་ཚུལ། །དེ་སྟེང་ལྷ་ང་གཙང་སྦུབས་རང་ལ་བསྟན། །དེ་ནས་ཁྲག་གམ་བཙག་གིས་དགུ་ལིང་སོགས། །སྐྱེར་པའི་བྱང་བུ་བདུན་ནམ་དགུ་ལ་ནི། །ཟ་འདྲེ་ཁུག་སོགས་དཔེའུ་རིས་ལྟར་བྲིས། །རྒྱས་པར་ཟ་འདྲེའི་ལིང་ག་སྤྱི་ལྟར་རམ། །བསྡུ་ན་བྱང་བུ་ཏྲི་ཛབྷཁུག་སོགས་བྲི། །ཤུག་པ་ལ་སོགས་བཟང་ཤིང་སམ་བུ་ཏྲར། །གཅིག་ལ་ནི་ཁུག་གཅིག་ལ་མིང་རུས་བྲིས། །ཁ་སྦྱར་སྐུད་པས་བཅིང་པ་དེ་ལ་ནི། །ཚེ་འདས་ལུས་ལ་འབྱར་བའི་རྫས་གཅིག་བཏགས། །དེ་དང་ཟ་འདྲེའི་ལིངྒ་མཉམ་དུ་བཅིང་། །རྡེལ་དཀར་བཅུ་གསུམ་རྡེའུ་ནག་པོ་དགུ། །དེ་རྣམས་སྒྲོ་བ་བུག་རྡོལ་མེད་པར་བཅུག །སླ་ངའི་སྟེང་དུ་གྲི་གསུམ་གྲུ་གསུམ་བྲིས། །འདུལ་ཆས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཁ་ཊཾ་གྲི་གུག་དགྲ་སྟ་སོག་ལེ་དང་། །སྟ་རེ་བྲེང་པ་ཟོར་བ་ཐོ་བ་དང་། །གཡང་གཞི་ཤ་ལག་རྔ་མ་ནག་པོ་དང་། །མདའ་གཞུ་གྲི་མདུང་ཕུར་པ་ཐུན་རྫས་བཤམས། །དེ་ཀུན་བྲན་ལ་དེ་ནས་འདོན་སྒོམ་སྦྲགས། ཨོཾ་སྲ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་ཡི་དམ་ཁྲོ་བོའི་སྐུར་གསལ་བའི་མདུན་དུ། །སྐད་ཅིག་གིས་བདུད་པོ་མ་ཏྲཾ་རུ་ཏྲ་གན་རྐྱལ་དུ་གནས་པ་ལ། ཁམས་གསུམ་གྱི་སེམས་

p. 77

ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་ལྔ་ཐམས་ཅད་ཐིམ་པལ། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཁ་ཊ་ལ་སོགས་མཚོན་ཆའི་ཆར་བབ་པས། རུ་ཏྲའི་ཕུང་པོ་ཁྲོལ་གྱིས་ཞིག་པ་ལས་བྱུང་བའི་འདུལ་ཆས་རྣམས་རྣོ་ངར་ནུས་པ་དང་ལྡན་པར་གྱུར། །ཨེ་ཡཾ་རཾ་བཾ་ལཾ་སུཾ། ཧཱུྃ། གཤིན་པོ་ཚེ་ལས་འདས་པ་ཡི། །གཤེད་པོ་ལས་ངན་མི་ཟན་ལ། །མི་ཤ་གཤེད་ལ་དབབ་པའི་ཕྱིར། །གནོད་བྱེད་རུ་ཏྲ་བསྒྲལ་བ་ལ། །ཁོ་རང་རང་གཤེད་རང་ལས་བྱུང་། །རུ་ཏྲ་བསྒྲལ་བའི་ཕོ་བ་ལ། །དེ་ལ་གཤེད་སྒྲོ་ནག་པོ་བྱས། །རུ་ཏྲ་བསྒྲལ་བའི་རྒྱུ་མ་ལ། །དེ་ལ་གཤེད་འབྲེང་མཉེན་མོ་བྱས། །རུ་ཏྲ་བསྒྲལ་བའི་མཁལ་མ་ལ། །དེ་ལ་གཤེད་རྡོ་ནག་པོ་བྱས། །རུ་ཏྲ་བསྒྲལ་བའི་མཆིན་པ་ལ། །དེ་ལ་གཤེད་ལྕགས་ནག་པོ་བྱས། །རུ་ཏྲ་བསྒྲལ་བའི་བྲང་རུས་ལ། །དེ་ལ་བྲུབ་ཁུང་གྲུ་གསུམ་བྱས། །རུ་ཏྲའི་རྐང་མགུལ་ལག་མགུལ་ལ། །དེ་ལ་དཀྱིལ་འཁོར་གྲུ་བཞི་བྱས། །རུ་ཏྲའི་རལ་པ་ནག་པོ་ལ། །གཤེད་པོ་གཡབ་པའི་རྔ་མ་བྱས། །རུ་ཏྲའི་མགོ་ཡི་པགས་པ་ལ། །དེ་ལ་གཤེད་སླང་ནག་པོ་བྱས། །རུ་ཏྲའི་མགོ་ཡི་རུས་པ་ལ། །

p. 78

གཤེད་པོ་རྡུང་བའི་ཐོ་བ་བྱས། །རུ་ཏྲའི་འགྲམ་པ་གཡས་གཡོན་ལ། །དེ་ལ་གཤེད་གཞུ་དཀར་ནག་བྱས། །རུ་ཏྲའི་མ་མགལ་རུས་པ་ལ། །གཤེད་པོ་འགུགས་པའི་ལྕགས་ཀྱུ་བྱས། །རུ་ཏྲའི་ཁ་ནས་ལྕེ་ཕྱུང་བ། །དེ་ལ་གཅོད་པའི་རལ་གྲི་བྱས། །རུ་ཏྲ་བསྒྲལ་བའི་སྒལ་རུས་ལ། །དེ་ལ་གཤེད་མདུང་མཚམས་རིང་བྱས། །རུ་ཏྲའི་གཞུང་པ་དཀར་པོ་ལ། །དེ་ལ་གཤེད་མདའ་ལྟོང་དམར་བྱས། །རུ་ཏྲའི་ཁ་ནས་སོ་བྱུང་བས། །དེ་ལ་གཤེད་མདའ་རྣོན་པོ་བྱས། །རུ་ཏྲའི་དལ་རྩིབ་གཡས་གཡོན་ལ། །དེ་ལ་གཤེད་གཞུ་མཆོག་དཀར་བྱས། །རུ་ཏྲ་བསྒྲལ་བའི་རྒྱུས་པ་ལ། །དེ་ལ་གཞུ་རྒྱུད་འགེང་མ་བྱས། །རུ་ཏྲའི་མཆོག་ཕུར་བཞི་པོ་ལ། །དེ་ལ་འདེབས་པའི་ཕུར་པ་བྱས། །རུ་ཏྲའི་ཁོག་ནས་སྙིང་ཕྱུང་བས། །དེ་ལ་དཔལ་གྱི་གཏོར་མ་བྱས། །རུ་ཏྲ་བསྒྲལ་བའི་ཤ་ཁྲག་ལ། །དེ་ལ་དཔལ་གྱི་གཏོར་རྒྱན་བྱས། །ཧ་ཧོ་ཧྲཱིཡིས་བྱིན་གྱིས་བརླབ། །ཁ་དོག་དྲི་རོ་ནུས་པར་ལྡན། །འདུལ་བྱེད་ཡེ་ཤེས་ཁྲོ་བོའི་ཚོགས། །མཉེས་བྱེད་མཆོད་པའི་སྤྲིན་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧོ། ཞེས་འདུལ་ཆས་བྱིན་རླབས་ནས། སྔོན་བྱུང་གི་ལུང་ཁུངས་དང་འདུལ་བྱེད་གཉེན་པོའི་ལྷ་

p. 79

སྤྱན་འདྲེན་པ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཁྲག་འཐུང་རིགས་ལྔ་ཁྲོ་བཅུ་ཁྲ་ཐབས་དང་བཅས་པ་སྐད་ཅིག་ལ་སྤྱན་དྲངས་ནམ་མཁའ་ས་གཞི་བར་སྣང་གང་ནས་བཞུགས་པར་གྱུར། ཧཱུྃ། དང་པོ་ཆོས་དབྱིངས་སྟོང་པ་ལ། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །ནང་བཅུད་སེམས་ཅན་མི་རྣམས་ལ། །ཕན་པར་བྱེད་པའི་ལྷ་གཅིག་བྱུང་། །གནོད་པར་བྱེད་པའི་འདྲེ་གཅིག་བྱུང་། །གནོད་བྱེད་མ་ཏྲཾ་རུ་ཏྲ་བྱུང་། །གནོད་བྱེད་མ་ཏྲཾ་རུ་ཏྲ་དེས། །གསོན་པོའི་དུས་སུ་བདུད་དུ་བྱས། །ཚེ་འདས་སྲོག་ལ་བར་ཆད་བྱས། །ཤི་བའི་དུས་སུ་གཤེད་ཀྱང་བྱས། །དགེ་བའི་ལས་ལ་བར་ཆད་བྱས། །རང་དབང་མེད་པར་ཐམས་ཅད་བསྐོར། །གསོན་པོ་རྣམས་ལ་བདུད་དུ་འཇུག །འགྲོ་བ་རིགས་དྲུག་ཐམས་ཅད་ལ། །ནད་དང་མཚོན་གྱི་བསྐལ་པ་འདེབས། །དེ་འདྲའི་མ་ཏྲཾ་རུ་ཏྲ་དེ། །འདུལ་བར་བྱེད་པའི་གཉེན་པོ་ནི། །འགྲོ་བ་རིགས་དྲུག་བསོད་ནམས་ལས། །དུས་གསུམ་སངས་རྒྱས་ཐུགས་རྗེ་ཡིས། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །རུ་ཏྲ་བསྒྲལ་བའི་གཉེན་པོར་སྤྲུལ། །དེ་ཚེ་དཔལ་ཆེན་

p. 80

ཧེ་རུ་ཀས། །ཕྱག་མཚན་ཁ་ཊཾ་རྩེ་གསུམ་དེས། །རུ་ཏྲའི་སྙིང་གི་དཀྱིལ་དུ་བརྒྱབ། །རུ་ཏྲའི་དུག་གསུམ་རྩད་ནས་བཅད། །མ་ཏྲཾ་རུ་ཏྲ་སྡིག་ཅན་དེ། །སྔོན་ཚེ་བསྐལ་པ་དང་པོ་ལ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀར། །སྤྲུལ་ནས་དུར་ཁྲོད་ཆེན་པོ་མཛད། །བསྒྲལ་ནས་དུར་ཁྲོད་ཆེན་པོ་སྤྲུལ། ཧཱུྃ། །མ་ཏྲི་བྱ་བའི་སྡིག་ཅན་ཁྱོད། །གཏི་མུག་བྱུང་ཡང་ཁྱོད་ལས་བྱུང་། །གཏི་མུག་གནས་ཀྱང་ཁྱོད་ལ་གནས། །ཁྲོ་རྒྱལ་བུདྡྷ་ཧེ་རུ་ཀ །གཏི་མུག་འདུལ་ཕྱིར་གཤེགས་སུ་གསོལ། །མ་ཏྲ་བྱ་བའི་སྡིག་ཅན་ཁྱོད། །ཞེ་སྡང་བྱུང་ཡང་ཁྱོད་ལས་བྱུང་། །ཞེ་སྡང་གནས་ཀྱང་ཁྱོད་ལ་གནས། །ཁྲོ་རྒྱལ་བཛྲ་ཧེ་རུ་ཀ །ཞེ་སྡང་འདུལ་ཕྱིར་གཤེགས་སུ་གསོལ། །མ་ཏྲ་བྱ་བའི་སྡིག་ཅན་ཁྱོད། །ང་རྒྱལ་བྱུང་ཡང་ཁྱོད་ལས་བྱུང་། །ང་རྒྱལ་གནས་ཀྱང་ཁྱོད་ལ་གནས། །ཁྲོ་རྒྱལ་རཏྭཱ་ཧེ་རུ་ཀ །ང་རྒྱལ་འདུལ་ཕྱིར་གཤེགས་སུ་གསོལ། །མ་ཏྲི་བྱ་བའི་སྡིག་ཅན་ཁྱོད། །འདོད་ཆགས་བྱུང་ཡང་ཁྱོད་ལས་བྱུང་། །འདོད་ཆགས་གནས་ཀྱང་ཁྱོད་ལ་གནས། །ཁྲོ་རྒྱལ་པདྨ་ཧེ་རུ་ཀ །འདོད་ཆགས་འདུལ་ཕྱིར་གཤེགས་སུ་གསོལ། །མ་ཏྲ་བྱ་བའི་སྡིག་

p. 81

ཅན་ཁྱོད། །ཕྲག་དོག་བྱུང་ཡང་ཁྱོད་ལས་བྱུང་། །ཕྲག་དོག་གནས་ཀྱང་ཁྱོད་ལ་གནས། །ཁྲོ་རྒྱལ་ཀརྨ་ཧེ་རུ་ཀ །ཕྲག་དོག་འདུལ་ཕྱིར་གཤེགས་སུ་གསོལ། །མ་ཏྲ་བྱ་བའི་སྡིག་ཅན་ཁྱོད། །མི་དགེ་བཅུ་པོ་ཁྱོད་ལས་བྱུང་། །མི་དགེ་གནས་ཀྱང་ཁྱོད་ལ་གནས། །འདུལ་བྱེད་ཁྲོ་བཅུ་ཁྲ་ཐབས་ཚོགས། །མི་དགེ་རྒྱུ་ལ་བྱུང་བ་ཡིས། །ཤི་གཤེད་འདུལ་ཕྱིར་གཤེགས་སུ་གསོལ། །ལོག་འདྲེན་བསྣོལ་བའི་གདན་ལ་བཞུགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་བ་ཀ །ཆེ་བའི་ལྷ་རྣམས་ང་ཡི་འཁོར། །ཕྱོགས་བཅུའི་དྲེགས་པ་འདུལ་བའི་ཕྱིར། །ཕྱོགས་བཅུར་ཁྲོ་བོའི་སྤྲུལ་པ་འགྱེད། །སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ལྷ་གདོན་བསྣོལ་བའི་གདན་སྟེང་ན། །ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར། །ལྷ་གདོན་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན་། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །

p. 82

ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །དྲི་ཟ་བསྣོལ་བའི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ། །དྲི་ཟ་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་ལྷམ་འདི་བཞེས་ལ། །གང་ལ་བྱེ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །གཤིན་རྗེ་བསྣོལ་བའི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །གྲུལ་བུམ་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ཀླུ་གཉན་བསྣོལ་བའི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དཔལ། །ཀླུ་གདོན་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫ་ས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་

p. 83

གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །གནོད་སྦྱིན་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ། ཤར་ལྷོ་འཁོར་ལོའི་རྩིབས་སྟེང་དུ། །མེ་ལྷ་བསྣོལ་བའི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན། །མེ་ལྷ་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ། །སྲིན་པོ་བསྣོལ་བའི་གདན་སྟེང་

p. 84

ལ། །ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན། །སྲིན་པོ་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ། ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ། །རླུང་ལྷ་བསྣོལ་བའི་གདན་སྟེང་དུ། །ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ། །རླུང་ལྷ་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ། །དབང་ལྡན་བསྣོལ་བའི་གདན་སྟེང་དུ། །ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ། །དབང་ལྡན་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་

p. 85

ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། འོག་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ས་བདག་བསྣོལ་བའི་གདན་སྟེང་དུ། །།ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ས་བདག་འདུལ་ལ་ཕྱག་འཚལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་མཁྱེན། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡེ་ཤེས་ཁྲོ་རྒྱལ་བཅུ་རྣམས་ཀྱང་། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཁྲོ་གཉེར་མཆེ་བ་རབ་ཏུ་གཙིགས། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །སྐུ་སྨད་སྟག་གི་ཤམ་ཐབས་མཛད། །དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན། །གཡོན་པས་འགུགས་པའི་ལྕགས་ཀྱུ་ཡིས། །དགྲ་བགེགས་སྙིང་ནས་བཟུང་ནས་ཀྱང་། །གཡས་པས་རྡོ་རྗེ་ཐོད་པ་ཡིས། །དགྲ་བགེགས་རྡུལ་དུ་རླག་པར་བྱེད། །རང་འདྲའི་སྤྲུལ་པའི་ཚོགས་དང་བཅས། །ཧཱུྃ་གི་སྒྲ་སྒྲོག་དི་རི་རི། །ཕཊ་ཀྱི་སྒྲ་སྒྲོག་ཁྲ་ལ་ལ། །དམ་རྫས་གཏོར་མ་འདི་བཞེས་ལ། །གང་ལ་བྱ་བ་ཁྱོད་

p. 86

ཀྱིས་ཤེས། །ཟ་འདྲེ་གསོན་བདུད་གཤིན་ལྕགས་འདི། །དབང་དུ་སྡུས་ལ་རྡུལ་དུ་རློགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ས་མ་ཡ་བྷ་ལིརྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྟེང་གི་གཏོར་ཆེན་བསྔོས་ནས། གཤེད་སྒྲོ་ཁ་ཕྱེས་ནས་ལིང་ག་བྱང་བུ་བྲན། ཕཊ༔ སྐད་ཅིག་གིས་རུ་ཏྲའི་ཕོ་བ་ལས་གྲུབ་པའི་གཤེད་སྒྲོ་རླུང་ཐུབ་བསྐལ་པའི་མུན་ནག་འཐིབས་པའི་ནང་དུ། ལིངྒ་ཀྲྀ་ཏྲི་ལྗང་སྔོན་ལས་འོད་ཟེར་འཕྲོས་པས་ཟ་འདྲེ་ཤི་གཤེད་གསོན་བདུད་གཤིན་ལྕགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་བ་བཞིན་དུ་རང་དབང་མེད་པར་བསྡུས་ནས་མིང་བྱང་ལིངྒ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་གནོད་བྱེད་དེའི་ཕུང་། ཁམས་སྐྱེ་མཆེད་ཚང་བ་ཤ་སྔོ་བ། ཧཾ་པ། སྐྱ་ལ་རིད་པ། མིག་ནས་ཁྲག་གི་མཆི་མ་འཛག་པ། ལག་གཡོན་མྱ་ངན་གྱི་ཕྱག་རྒྱ་དང་གཡས་པས་སྐུ་འབལ་ཞིང་བྲང་བརྡུང་བ། ཁ་ནས་སྨྲེ་སྔགས་ཀྱི་ཆོ་ངེས་འདེབས་པ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། མགོན་སྐྱབས་བྱེད་པའི་ལྷ་སྲུང་ཐམས་ཅད་དང་བྲལ་བ། འདར་ཕྲི་ལི་ལི་བྱེད་པ་

p. 87

ཞིག་ཏུ་གྱུར། བདག་མདུན་གྱི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས་རང་དབང་མེད་པར་བཀུགས་ནས་ལིངྒ་ལ་ཐིམ་པར་གྱུར། ན་མོ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཡེ་ཤེས་ཀྱི་ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཟ་བྱེད་ཕ་བཅུ། གསོད་བྱེད་མ་བཅུ་རྣམས་ཀྱི་བདེན་པའི་མཐུས། ཚེ་ལས་འདས་པ་རྗེ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ།་ཐ་མ་ནད་ཀྱིས་སྲོག་གཅོད་པ། ཤི་ཁ་དབུགས་སྡུད་ཅིང་ཕུང་པོ་བདག་ཏུ་བཟུང་བ། གཤིན་པོ་གནས་མི་བདེ་ཞིང་གསོན་པོ་བཀྲ་མི་ཤིས་པར་བྱེད་པ། དྲི་ཟ་འཆི་ཁ་བར་མའི་སེམས་ལ་ཉེ་བར་འཇུག་པའི་རིགས་དང་། དྲི་ཟ་ཁྱབ་བྱེད་ཀྱི་རིགས་དང་། དྲི་ཟ་པི་ཤ་ཙ་ཎའི་རིགས་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། གནོད་སྦྱིན་ཝ་ར་ཧ་ཏི་ཀུན་ཏུ་རྟོགས་འདོད་ཀྱི་རིགས་དང་། ཡི་དྭགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་དང་། ཤ་ཟ་འབྱུང་པོའི་རིགས་ཟ་འདྲེ་ཤི་གཤེད་གང་ཡིན་པ་ཐམས་ཅད་ལིང་མིང་བྱང་འདི་ལ་ཁུག་ཅིག །ཛཿཧཱུྃ་བོ་ཧོཿ ཞེས་བཀུག་གཞུག་ལན་གསུམ་བྱས་ནས། ཁྲོ་བོའི་སྤྲུལ་པ་འགྱེད་ཅིང་ཕོ་ཉ་བསྐུལ་བ་ནི། ཧཱུྃ།

p. 88

བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རྔམ་པའི་ང་རོས་ཁྲོ་བོའི་སྐུར་ཕྱུངས་ཏེ། །དྲག་ཤུལ་མི་བཟད་ཕོ་ཉའི་སྐུར་སྟོན་པ། །གཏུམ་ཆེན་རབ་འཇིགས་ཁྲོ་བོ་ཆེན་པོ་བཅུ། །རྣམ་པར་རྒྱལ་དང་དབྱུག་སྔོན་ཅན། །གཤིན་རྗེའི་གཤེད་དང་མི་གཡོ་མགོན། །རྟ་མགྲིན་རྒྱལ་དང་འདོད་པའི་རྒྱལ། །བདུད་རྩི་འཁྱིལ་དང་ཁམས་གསུམ་རྒྱལ། །ཧཱུྃ་ཀ་ར་དང་སྟོབས་པོ་ཆེ། །ཕོ་ཉ་ཟ་གསོད་ཉི་ཤུར་བཅས། །གཤེད་པོ་ལས་ངན་འདིར་ཁུག་ཅིག །ཕོ་ཉ་མང་པོ་ནམ་མཁའི་མཁའ་ལྟར་ཁྱབ། །འགུགས་བྱེད་མང་པོས་ནམ་མཁའི་མཐའ་ནས་ཁུག །ཟ་བྱེད་མང་པོས་ཁྱི་སྤྱང་ཚོགས་ལྟར་རོལ། །གསོད་བྱེད་མང་པོས་བྱ་ཁྲའི་ཚོགས་ལྟར་འཇུམ། །འཛིན་བྱེད་མང་པོས་ཆུ་སྲིན་སོ་ལྟར་ཟུང་། །སྡོམ་བྱེད་མང་པོས་ཕྱག་རྒྱའི་ཚོགས་ལྟར་སྡོམས། །ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་འགྱེད་པའི་དུས་ལ་བབ། །མཐུ་རྩལ་འབྱུང་བའི་དུས་ལ་བབ། །དོ་ནུབ་ལྷ་ཚོགས་བྱིན་མ་ཆུང་། །བླ་མཆོད་བྱ་ར་མིག་མ་རྡོལ། །གིང་བདུད་ཤུན་པ་རྩལ་མ་ཞེན། །ཆོས་སྐྱོང་སྲུང་མ་མཐུ་མ་ཆུང་། །མངག་པའི་ཕོ་ཉ་བང་མ་བུལ། །ཡུངས་ཀར་ཐུན་

p. 89

ཟོར་ངར་མ་ཞན། །འཇིག་རྟེན་འདི་ནས་ཚེ་འདས་ཀྱི། །གསོན་བདུད་གཤིན་ལྕགས་བྱས་པ་དང་། །ཟ་འདྲེ་ཤི་གཤེད་བྱས་པ་དང་། །སྲོག་གཅོད་དབུགས་ལེན་བྱས་པ་དང་། །བསྒྲེན་འདྲེ་དར་སྲི་བྱེད་པ་རྣམས། །ལྕགས་ཀྱུ་ཅིན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་སྐེ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་དབང་དུ་སྡུས། །ཐོ་བ་ཅན་གྱིས་སྤྱི་ནས་ཆོམས། །གཤོག་པ་ཅན་གྱིས་མཐའ་ནས་ཆུམས། །སྡེར་མོ་ཅན་གྱིས་གློ་སྙིང་ཕྱུངས། །མཆུ་ཐོ་ཅན་གྱིས་མིག་གཉིས་བྲུས། །མ་ཐོགས་མྱུར་དུ་ཁུག་ལ་ཤོག །གཤེད་གཞི་ནག་པོའི་སྟེང་དུ་ཁུག །གྲུ་གསུམ་འབར་བའི་ནང་དུ་ཁུག །གཤེད་སྒྲོ་ནག་པོའི་ནང་དུ་ཁུག །གཤེད་ཀྱི་ཀ་ཆའི་རྩ་རུ་ཁུག །གཤེད་འབྲེང་མཉེན་མོས་ཡན་ལག་སྡོམས། །དེ་ནས་གཤེད་སྒྲོ་སེ་ཆིང་མདུད་དུ་བཅིངས། སྒྲོ་མཆུ་མཆོད་གཡོག་པ་ཡི་ལག་གཡས་བཟུང་། ལག་གཡོན་ལྟ་རེ་ཕྲག་བཀོལ་ཟོར་བ་བཟུང་། གཤེད་འགུགས་རྒྱས་པར་ལོགས་ནས་འབྱུང་ལྟར་སྦྱར། ཤར་དུ་ལན་གཅིག་བརྡབ་རྗེས་སླ་ངར་བྱོ། །ཁུག་པའི་བྱང་བུ་ཧོ་ཁུང་ནང་དུ་བཅུག །མ་ཁུག་བྱང་བུ་སླར་ཡང་གཤེད་སྒྲོར་བཅུག །ཚེ་འདས་བྱང་བུ་མཆོད་གཞིའི་

p. 90

སྟེང་དུ་བཞག །ཕོ་གཤེད་བྱང་བུ་སྤྲུབ་པ་ཁུག་རྟགས་ཡིན། །མོ་གཤེད་བྱང་བུ་གན་རྐྱལ་ཁུག་རྟགས་ཡིན། །ཕྱོགས་བཞི་དབུས་ལྔར་བརྡབ་ཀྱང་མ་ཁུག་ན། དེ་ནས་འོག་གི་ཟ་གསོད་ཉི་ཤུ་བརྡབ། དེས་མ་ཁུག་ན་གཤེད་ནི་ལས་འདས་ཏེ། ལྕགས་རི་ནག་པོའི་རྒྱབ་སོང་བཀུག་མི་དགོས། ཟ་གསོད་ཉི་ཤུའི་བསྐུལ་པ་འདི་ལྟ་སྟེ།་ཧཱུྃ། སྟེང་གི་ཕྱོགས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་བུའི་ལུས་ལ་ཕག་གི་མགོ །སྟེང་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་སྲི་ཤི་སྲི་ཁུག་ལ་ཤོག །བྷྱོ༔ སྟེང་གི་ཕྱོགས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན་། །བུད་མེད་ལུས་ལ་སྒྲིག་བུའི་མགོ །སྟེང་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཞེས་སྒྲོ་བ་བརྡབ་ལ་ཡང་བྱོ་བཅུག །བྱང་བུ་ཐམས་ཅད་ཁུག་ན་སྒྲོ་བ་མི་རྡེབ་རང་གར་འདོན་པ་ཡིན།་ཧཱུཾ། ཤར་གྱི་ཕྱོགས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་

p. 91

ལ་སྟག་གི་མགོ །ཤར་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་སྲི་ཤི་སྲི་ཁུག་ལ་ཤོག །བྷྱོ༔ ཤར་གྱི་ཕྱོགས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་བྱ་རྒོད་མགོ །ཤར་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨོཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཧཱུྃ། ཤར་ལྷོ་མཚམས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་གཡག་གི་མགོ །ཤར་ལྷོ་མཚམས་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག་གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བྷྱོ༔ ཤར་ལྷོ་མཚམས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་བྱ་

p. 92

རོག་མགོ །ཤར་ལྷོ་མཚམས་ནས་འགུགས་པའི་ལས་མཛོད་ཅིག །བཀུགས་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཧཱུྃ། ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་ཤ་བའི་མགོ །ལྷོ་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲི་ཤི་སྲི་ཁུག་ལ་ཤོག །སྦྱོ༔ ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་འུག་པའི་མགོ །ལྷོ་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཧཱུྃ། ལྷོ་ནུབ་མཚམས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་གཟིག་གི་མགོ །ལྷོ་ནུབ་མཚམས་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་

p. 93

ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བྷྱོ༔ ལྷོ་ནུབ་མཚམས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་ཁྭ་ཏའི་མགོ །ལྷོ་ནུབ་མཚམས་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཧཱུྃ། ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་མོ། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་བྱི་ལའི་མགོ །ནུབ་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བྷྱོ༔ ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་པུ་ཤུད་མགོ །ནུབ་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཧཱུྃ། ནུབ་

p. 94

བྱང་མཚམས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་སྤྱང་ཀིའི་མགོ །ནུབ་བྱང་མཚམས་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བྷྱོ༔ ནུབ་བྱང་མཚམས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །།བུད་མེད་ལུས་ལ་ཁྲ་ཡི་མགོ །ནུབ་བྱང་མཚམས་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཧཱུྃ། བྱང་གི་ཕྱོགས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་སེངྒེའི་མགོ་།བྱང་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བྷྱོ༔ བྱང་གི་ཕྱོགས་ཀྱི་ཕོ་ཉ་མོ། །

p. 95

འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་ཕ་ཝཾ་མགོ །བྱང་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ ཧཱུྃ། བྱང་ཤར་མཚམས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་དོམ་གྱི་མགོ །བྱང་ཤར་མཚམས་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བྷྱོ༔ བྱང་ཤར་མཚམས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་སྲེ་མོང་མགོ །བྱང་ཤར་མཚམས་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛ། ཏྲི་ཡཾ་ཛ་ཛཿ ཧཱུྃ། འོག་གི་ཕྱོགས་ཀྱི་ཕོ་ཉ་ནི། །འདི་ལྟར་ཟ་བྱེད་ཡ་མཚན་ཅན། །སྐྱེས་པའི་ལུས་ལ་དྲེད་ཀྱི་མགོ །འོག་ནས་འགུགས་པའི་ལས་མཛོད་ཅིག །གཤེད་པོ་

p. 96

ལས་ངན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གཞོན་སྲི་དར་སྲི་ཁུག་ལ་ཤོག །ནད་འདྲེ་ཤི་སྲི་ཁུག་ལ་ཤོག །བྷྱོ༔ འོག་གི་ཕྱོགས་ཀྱི་ཕོ་ཉ་མོ། །འདི་ལྟར་གསོད་བྱེད་ཡ་མཚན་ཅན། །བུད་མེད་ལུས་ལ་བྱི་ལའི་མགོ །འོག་ནས་འགུགས་པའི་ལས་མཛོད་ཅིག །བཀུག་ནས་བསྒྲལ་བའི་ལས་མཛོད་ཅིག །བཛྲ་ཧཱུྃ་བྷྱོ༔ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཏྲི་ཡཾ་ཛ་ཛཿ དེ་ནས་ཟ་འདྲེ་ཤི་གཤེད་རྣམས་དང་ཚེ་འདས་འབྲལ་བ་མེད་པ་དེ་སོ་སོར་ཕྱེས་པར་བསྒོམ་ཞིང་རྡེའུ་དཀར་པོ་རེ་རེ་ནས་ཡར་གཞིའི་ཐོག་ཏུ་བཞག །ནག་པོ་རེ་རེ་ནས་མར་ཧོ་ཁུང་ནང་དུ་འཕེན་བཅུག་ཅིང་། ཧཱུྃ། དུག་གསུམ་གཤེད་དུ་ཆེ་བ་སྟེ། །སྟོབས་ཆེན་ཡེ་ཤེས་མེ་སྒྲོན་གྱིས། །མ་རིག་འཁྲུལ་པའི་གཤེད་དང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །གཤེད་པོ་མི་ཟན་ལས་ངན་འདི། །གུ་གུལ་སྦྱར་བའི་དུད་པ་ཡིས་། །ཕོ་ལྷ་སྲོག་ལྷ་གཤེད་དང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ།། །ཁྱི་ལུད་ནག་པོའི་དུད་པ་འདིས། །མ་ལྷ་མ་སྨན་གཤེད་དང་

p. 97

དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །ལྷམ་བཀྲད་སྲེག་པའི་དུད་པ་འདིས། །ཡུལ་ལྷ་འཁོར་བའི་གཤེད་དང་དབྱེ་། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །ཐང་ཕྲོམ་སྦྲག་པའི་དུད་པ་ཡིས། །སྐྱོབ་པར་བྱེད་པའི་གཤེད་དང་དབྱེ། དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །སྤོས་དུད་སྦྱར་བའི་དུད་པ་འདིས། །དཀོན་མཆོག་གསུམ་གྱི་ལྷ་དང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །ཞེ་སྡང་མེ་ལྟར་འབར་བའི་གཤེད། །བྱམས་པ་ཐུགས་རྗེ་ཆེན་པོ་ཡིས། །དམྱལ་བ་ཚ་གྲངས་གཤེད་དང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲུལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །འདོད་ཆགས་ཆུ་ལྟར་འཁྲུགས་པའི་གཤེད། །སྦྱིན་པ་རྒྱ་ཆེན་བཏང་བ་ཡིས། །ཡི་དྭགས་བཀྲེས་སྐོམ་གཤེད་དང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །གཏི་མུག་མུན་ལྟར་འཐིབས་པའི་གཤེད། །རང་རིག་ཡེ་ཤེས་སྒྲོན་མེ་ཡིས། །བྱོལ་སོང་གླེན་ལྐུག་གཤེད་དང་དབྱེ། །

p. 98

དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །ཕྲག་དོག་རླུང་ལྟར་འཚུབ་པའི་གཤེད། །།མཉམ་ཉིད་བདེ་བ་ཆེན་པོ་ཡིས། །ལྷ་མིན་འཐབ་རྩོད་གཤེད་དང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །ང་རྒྱལ་མེ་ལྟར་འབར་བའི་གཤེད། །དགའ་བ་བཏང་སྙོམས་བག་ཡངས་ཀྱིས། །རྣམ་རྟོག་འཁྲུལ་པའི་གཤེད་དང་དབྱེ། །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །ཚེ་ལས་འདས་པ་ཆེ་གེ་འདི། །ཟ་འདྲེ་དང་ཕྲོལ་ཅིག །ཤི་གཤེད་དང་ཕྲོལ་ཅིག །སྲོག་གཅོད་དང་ཕྲོལ་ཅིག །དབུགས་ལེན་དང་ཕྲོལ་ཅིག །གསོན་གྱི་བདུད་བྱེད་པ་དང་ཕྲོལ་ཅིག །གཤིན་གྱི་ལྕགས་བྱེད་པ་དང་ཕྲོལ་ཅིག །གཤེད་པོ་མི་ཟན་ལས་ངན་དང་ཕྲོལ་ཅིག །དབྱེའོ་དབྱེའོ་གཤེད་དང་དབྱེ། །ཕྲལ་ལོ་ཕྲལ་ལོ་གཤེད་དང་ཕྲལ། །ཚེ་འདས་རིགས་ཀྱི་བུ་འདི་ལ། །གནོད་པར་བྱེད་པའི་གཤེད་མ་འདི། །སྐད་ཅིག་ཉིད་ལ་ཕྲལ་བར་གྱིས། །ཤག་ཤག་དྲ་མ་ནི་དུ་ཤག ཕྱེ་ཕྱེ་ཡ་མ་ཕྱེ་ཕྱེ། །ཞེས་ཚེ་འདས་དང་གཤེད་དབྱེ་ཚར་ནས་ལས་ཀྱི་ལ་ཡོག་གིས་བརྡ་དང་། གཤེད་འགུགས་ཅིང་གསོད་པ་ནི། ཉེ་དུ་

p. 99

སེམས་བརྩེ་བ་ཐམས་ཅད་འདུས་ལ། ཕོ་རྣམས་ཀྱིས་འདུལ་ཆས་མདའ། གཞུ། མདུང་། གྲི། སྣ་རེ། ཐོ་བ་བཟུང་། མོ་རྣམས་ཀྱིས་བརྡུང་ཤ་ལག་པ། རྔ་མ་ནག་པོ། ཟོར་བ། བྲེང་པ། གཡང་གཞི་རྣམས་བཟུང་ལ། ཐམས་ཅད་ལངས་ཏེ་སླ་ང་ལ་བསྐོར་ནས་ལིངྒ་ལ་བརྡེག་པའི་ཚུལ་བྱ་ཞིང་། ཧཱུྃ། གསོན་པོའི་དུས་སུ་བདུད་བྱེད་ཅིང་། །གཤིན་པོའི་དུས་སུ་ལྕགས་བྱེད་པའི། །གསོན་བདུད་གཤིན་ལྕགས་འབྱུང་པོ་འདི། །ལ་ཡོགས་གཤེད་པོ་དེད་ལ་ཤོག །གནས་པའི་ལ་ཡོག་གླང་ལ་ཞོན། །དེ་ཡི་ལ་ཡོག་རྟ་ལ་ཞོན། །གནས་པའི་ལ་ཡོག་བྱ་ལ་ཞོན། །དེ་ཡི་ལ་ཡོག་གླང་ལ་ཞོན། །ལ་ཡོགས་གཤེད་པོ་དེད་ལ་ཤོག །གསོན་བདུད་གཤིན་ལྕགས་ལས་ངན་འདི། །ཤ་བ་གདོས་ལ་བསྐྱོན་པ་བཞིན། །ལ་ཡོགས་གཤེད་པོ་དེད་ལ་ཤོག །ལུག་ཁྱུར་སྤྱང་ཀི་ཞུགས་པ་བཞིན། །ལ་ཡོགས་གཤེད་པོ་དེད་ལ་ཤོག །སྐྱ་ཁྲས་བྱིས་ཆུང་དེད་པ་བཞིན། །ལ་ཡོགས་གཤེད་པོ་དེད་ལ་ཤོག །ཝ་མོ་གལ་ལ་གཟིར་བ་བཞིན། །ལ་ཡོགས་གཤེད་པོ་དེད་ལ་ཤོག །ཕུག་རོན་ཧོར་པས་དེད་པ་བཞིན། །ལ་ཡོགས་གཤེད་པོ་དེད་ལ་ཤོག །སྤྲང་རྒན་ཁྱི་ཡིས་དེད་པ་བཞིན། །ལ་

p. 100

ཡོགས་གཤེད་པོ་དེད་ལ་ཤོག །ཉ་མོ་ལྕགས་ཀྱུས་ཟིན་པ་བཞིན། །།ལ་ཡོགས་གཤེད་པོ་དེད་ལ་ཤོག །མི་གསོད་བཙོན་དུ་བཟུང་བ་བཞིན། །ལ་ཡོགས་གཤེད་པོ་དེད་ལ་ཤོག །གཤེད་པོ་ལས་ངན་སྡིག་ཅན་འདི། །རྟ་རྐུན་པ་ལ་བརྒྱ་ཡོད་ཀྱང་། །སྒྲོག་བཀྲོལ་བ་ལ་གཅིག་ལས་མེད། །རྐུན་མ་བྱེད་པ་བརྒྱ་ཡོད་ཀྱང་། །ནང་རྐུན་པ་ལ་གཅིག་ལས་མེད། །ཇག་པ་བྱེད་པ་བརྒྱ་ཡོད་ཀྱང་། །ཇག་དཔོན་དེ་ལ་གཅིག་ལས་མེད། །མི་གསོད་པ་ལ་བརྒྱ་ཡོད་ཀྱང་། །ལག་དམར་པ་ལ་གཅིག་ཀྱང་མེད། །སྲོག་གཅོད་པ་ལ་བརྒྱ་ཡོད་ཀྱང་། །དབུགས་ལེན་པ་ལ་གཅིག་ཀྱང་མེད། །དམ་ཉམས་དབུགས་ལེན་ཁུག་ལ་ཤོག །ཤི་གཤེད་ཟ་བདུད་ཁུག་ལ་ཤོག །ཧཱུྃ། དང་པོ་གཤེད་བྱུང་གང་ནས་བྱུང་། །དང་པོ་ཞེ་སྡང་ཕ་ཡིས་བསྐྱེད། །ཞེ་སྡང་སྲིན་པོ་སྦྲུལ་མགོ་བྱུང་། །གསོད་པའི་མཚོན་ཆ་སྣ་ཚོགས་ཐོགས། །གཤེད་དུ་དེ་བས་ཆེ་བ་མེད། །སྲི་རུ་དེ་བས་ཟ་བ་མེད། །དེ་ནས་དྲི་ཟ་ལྟེ་བར་འཁོར། །འགོགས་པའི་གཤིན་རྗེ་ཕག་མགོ་བྱུང་། །གསོད་པའི་མཚོན་ཆ་སྣ་ཚོགས་ཐོགས། །གཤེད་དུ་དེ་བས་ཆེ་བ་མེད། །སྲི་རུ་དེ་བས་ཟ་

p. 101

བ་མེད། །དེ་ནས་འདོད་ཆགས་མངལ་ནས་བྱུང་། །།འདོད་ཆགས་བདུད་རྗེ་གླང་མགོ་བྱུང་། །གསོད་པའི་མཚོན་ཆ་སྣ་ཚོགས་ཐོགས། །གཤེད་དུ་དེ་བས་ཆེ་བ་མེད། །།སྲི་རུ་དེ་བས་ཟ་བ་མེད། །འཁོར་བའི་རྒྱ་མཚོའི་གཏི་མུག་འཐིབས། །འཕན་ལེན་གཉིས་ཀྱིས་ཉིན་མཚན་སྦྱར། །ཕུང་པོ་རྣམ་ལྔ་གཤེད་དུ་ཆེ། །རྣམ་ཤེས་ཚོགས་བརྒྱུད་སྲི་རུ་ཟ།་་།དབང་པོ་རྣམ་ལྔས་འབྱུང་བ་གྲུབ། །འཚོ་བྱེད་སྨན་པ་རྒྱུ་མར་ཐལ། །ཞེ་སྡང་སྦྲུལ་གྱི་སྤྲུལ་པ་ལས། །ཕོ་སྲི་རལ་ཆེན་མེ་འབར་བྱུང་། །འདོད་ཆགས་བྱ་ཡི་སྤྲུལ་པ་ལས། །མོ་སྲི་ཤུ་ཕུད་ཐུལ་དགུ་བྱུང་། །གཏི་མུག་ཕག་གི་སྤྲུལ་པ་ལས། །ཆུང་སྲི་ཡིད་འཕྲོག་མུན་འཐིབས་བྱུང་།་་།དཔལ་ཆེན་ཧེ་རུའི་ཐུགས་ཀ་ནས། །སྤྲུལ་པའི་འོད་ཟེར་སྣ་ཚོགས་འཕྲོས། །ཧཱུཾ། ཤར་ཕྱོགས་འོད་དང་ཟེར་ནང་ནས། །སྤྲུལ་པ་འོད་ཀྱི་སེང་གེ་ལ། །ཟ་བྱེད་སྤྱང་མོའི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་རྡོ་རྗེ་གསོར། །གཡོན་པ་བརྒྱ་ན་ལྕགས་ཀྱུ་བསྣམས། །གཡོན་གྱི་ལྕགས་ཀྱུ་མི་བཟད་པས། །གཤེད་པོ་མི་ཟན་ལས་ངན་འདི། །དྲོངས་ཤིག་

p. 102

ཁུག་ཅིག་ཨཾ་ཀུ་ཤ་ཛཿ །གཡས་ཀྱི་རྡོ་རྗེ་མི་བཟད་པས། །གཤེད་པོ་མི་ཟན་ལས་ངན་གྱི། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཧཱུྃ། ལྷོ་ཕྱོགས་འོད་དང་ཟེར་ནང་ནས། །ཟ་བྱེད་སྟག་མོ་ཆེན་མོ་ལ། །ཁྲོ་རྔམ་འབྲུག་གི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་རལ་གྲི་གདེངས། །གཡོན་པ་བརྒྱ་ན་ཞགས་པ་ཐོགས་། །གཡས་ཀྱི་རལ་གྲི་མི་བཟད་པས། །གཤེད་པོ་མི་ཟན་དུམ་བུར་གཏུབས། །གཡོན་གྱི་ཞགས་པ་མི་བཟད་པ། །གཤེད་པོ་མི་ཟན་ཆིངས་ལ་ཤོག །ཆིངས་ཤིག་སྡོམས་ཤིག་པ་ཤ་ཧཱུཾ། །ཧཱུཾ། ནུབ་ཕྱོགས་འོད་དང་ཟེར་ནང་ནས། །ཁྲོ་རྔམ་ཆེན་མོ་ཕག་མགོ་ལ། །གདུག་བྱེད་སྦྲུལ་གྱི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་དགྲ་སྟ་ཐོགས། །གཡོན་པ་བརྒྱ་ན་ལྕགས་སྒྲོག་བསྣམས། །གཡས་ཀྱི་དགྲ་ལྟ་མི་བཟད་པས། །གཤེད་པོ་མགོ་ལུས་ཚལ་པར་ཁོས། །གཡོན་གྱི་ལྕགས་སྒྲོག་མི་བཟད་པས། །གཤེད་པོ་མི་ཟན་དབང་པོ་སྡོམས། །དབང་པོ་སྡོམས་ཤིག་སྤོ་ཊ་བོ། །ཧཱུཾ། བྱང་ཕྱོགས་འོད་དང་ཟེར་ནང་ནས། །གསོད་བྱེད་སྤྱང་མོ་ཆེན་མོ་ལ། །

p. 103

རྔམ་བྱེད་བྱེད་ཀྱི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་ཐོ་བ་ཐོགས། །གཡོན་པ་བརྒྱ་ན་དྲིལ་བུ་བསྣམས། །གཡས་ཀྱི་ཐོ་བ་མི་བཟད་པས། །གཤེད་པོ་མི་ཟན་ལས་ངན་བརྡུང་། །གཡོན་གྱི་དྲིལ་བུ་མི་བཟད་པས། །གཤེད་པོ་མི་ཟན་མྱོས་སུ་ཆུག །གཡས་ནས་དྲོངས་ཤིག་གནེ་ཧོ། །རུས་པ་དཀར་གྱི་ཕ་ཚན་གྱིས། །གཡས་ན་བྲེང་ཞགས་ནག་པོ་ཐོགས། །གཡོན་པས་དགྲ་སྟ་སྔོན་པོ་ཕྱར། གཤེད་པོ་མི་ཟན་ལས་ངན་ཁྱོད། །ཞགས་པས་ཆིངས་ལ་སྟ་རེས་།གཏུབས་། །ཤ་ཁྲག་འབྲེལ་བའི་ཚ་ཞང་གིས། །གཡས་ན་རལ་གྲི་ངར་མ་ཐོགས། །གཡོན་ན་ལྕགས་ཀྱི་ཐོ་ཆེན་བསྣམས། །གཤེད་པོ་མི་ཟན་ལས་ངན་འདི། །རལ་གྲིས་གཏུབས་ལ་ཐོ་བས་རྡུངས། །ཟ་མ་མོ་ལས་བྱུང་བ་ཡི། །རལ་ནག་བསྙིལ་པའི་མོན་མོ་ཡིས། །གཡས་ན་རྔ་ནག་གཡབ་མོས་འདེབས། །གཡོན་ན་སྟག་ནག་སོག་ལེས་འདེབས། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་ཁུག་ལ་ཤོག །ཡིད་ལ་མནག་པའི་བུ་སྲིང་གིས། །གཡས་ན་རྔ་ནག་གཡབ་མོས་འདེབས། །གཡོན་ན་མེ་

p. 104

ལོང་གཡབ་མོ་ཡིས། །གཤིན་པོ་ཚེ་ལས་འདས་པ་ཡི། །བླ་ཡིད་སེམས་གསུམ་ཁུག་ལ་ཤོག །མི་བཟང་གཤེད་དང་བྲལ་བར་བྱ། །གཤེད་པོ་མི་ཟན་ལས་ངན་འདི། །མཐུ་རྩལ་ཅན་གྱིས་ཁུག་ལ་ཤོག །མྱུར་མགྱོགས་ཅན་གྱིས་ཁུག་ལ་ཤོག །སྡུག་ཡུས་ཅན་གྱིས་ཁུག་ལ་ཤོག །དཔལ་རྩལ་ཅན་གྱིས་ཁུག་ལ་ཤོག །ཧཱུྃ། དཔལ་ཆེན་བཛྲ་ཐུགས་ཀ་ནས། །སྤྲུལ་པའི་འོད་ཟེར་སྣ་ཚོགས་འཕྲོས། །ཤར་ཕྱོགས་འོད་དང་ཟེར་ནང་ནས། །ཤེལ་གྱི་སེང་གེ་ཆེན་པོ་ལ། །གསོད་བྱེད་སྟག་གི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་རྔ་ནག་གཡབ་མོ་འདེབས། །གཡོན་པ་བརྒྱ་ན་རྡུང་ཤ་ལག་པ་བསྣམས། །གཡས་ཀྱི་རྔ་ནག་གཡབ་མོ་ཡིས། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་དེད་ལ་ཤོག །གཡོན་གྱི་རྡུང་ཤ་ལག་པ་འདིས། །གཤེད་པོ་མི་ཟན་ལས་ངན་འདི། །ཐལ་བ་རྡུལ་དུ་བརླག་པར་གྱིས། །ཧཱུཾ། ལྷོ་ཕྱོགས་འོད་དང་ཟེར་ནང་ནས། །སྟོབས་ཆེན་བ་གླང་ཆེན་པོ་ལ། །ཁྲོ་བྱེད་དོམ་གྱི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་རྔ་ནག་གཡབ་མོ་འདེབས། །

p. 105

གཡོན་པ་བརྒྱ་ན་རྡུང་ཤ་ལག་པ་བསྣམས། །གཡས་ཀྱི་རྔ་ནག་གཡབ་མོ་ཡིས། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་དེད་ལ་ཤོག །གཡོན་གྱི་རྡུང་ཤ་ལག་པ་འདིས། །གཤེད་པོ་མི་ཟན་ལས་ངན་འདི། །ཐལ་བ་རྡུལ་དུ་བརླག་པར་གྱིས། །ཧཱུཾ། ནུབ་ཕྱོགས་འོད་དང་ཟེར་ནང་ནས། །རྔམ་བྱེད་ཆུ་སྲིན་ཆེན་པོ་ལ། །ཁྲོ་གཏུམ་ཕག་གི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་རྔ་ནག་གཡབ་མོ་འདེབས། །གཡོན་པ་བརྒྱ་ན་རྡུང་ཤ་ལག་པ་འདིས། །གཡས་ཀྱི་རྔ་ནག་གཡབ་མོ་ཡིས། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་དེད་ལ་ཤོག །གཡོན་གྱི་རྡུང་ཤ་ལག་པ་འདིས། །གཤེད་པོ་མི་ཟན་ལས་ངན་འདི། །ཐལ་བ་རྡུལ་དུ་བརླག་པར་གྱིས། །ཧཱུཾ། །བྱང་ཕྱོགས་འོད་དང་ཟེར་ནང་ནས། །གསོད་བྱེད་སྤྱང་མོ་ཆེན་མོ་ལ། །མཁའ་ལྡིང་ཁྱུང་གི་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་རྔ་ནག་གཡབ་མོ་ཐོགས། །གཡོན་པ་བརྒྱ་ན་རྡུང་ཤ་ལག་པ་བསྣམས། །གཡས་ཀྱི་རྔ་ནག་གཡབ་མོ་ཡིས། །གཤེད་པོ་མི་ཟན་ལས་ངན་

p. 106

འདི། །ལ་ཡོགས་དུས་ཀྱི་དེད་ལ་ཤོག །གཡོན་པ་བརྒྱ་ན་རྡུང་ཤ་ལག་པ་འདིས། །གཤེད་པོ་མི་ཟན་ལས་ངན་འདི། །ཐལ་བ་རྡུལ་དུ་བརླག་པར་གྱིས། །ཧཱུཾ། དབུས་ཕྱོགས་འོད་དང་ཟེར་ནང་ནས། །ཤང་ཤང་ལྡིང་བྱེད་ཆེན་པོ་ལ། །རྔམ་བྱེད་དྲེད་མོང་མགོ་ཅན་ཞོན། །མགོ་བརྒྱ་མ་དང་ལག་བརྒྱ་མ། །གཡས་པ་བརྒྱ་ན་རི་རབ་བསྣམས། །གཡོན་པ་བརྒྱ་ན་ཕུར་པ་འདྲིལ། །གཤེད་པོ་མི་ཟན་ལས་ངན་འདི། །ཕུར་པས་ཐོབ་ལ་རི་བོས་ནོན། །བསད་ཅིང་མནན་པའི་དུས་ལ་བབ། །ཧཱུྃ། གཤེད་ཀྱི་རྔ་མ་ནག་པོ་འདིས། །གཤེད་པོ་མི་ཟན་ཁུག་ལ་ཤོག །གཤེད་ཀྱི་ལྕགས་ཀྱུ་འབར་བ་འདིས། །གཤེད་པོ་ལས་ངན་སྙིང་ནས་ཟུང་། །གཤེད་མདུང་མཚམས་རིང་སྲིང་མོའི་རྐང་། །གཤེད་པོ་མི་ཟན་སྙིང་ལ་རྒྱོབ། །གཤེད་ཀྱི་གཞུ་མོ་ད་ཁུག་ལ། །གཤེད་མདའ་ལྟོང་དམར་སྒྲོ་བཞི་ལ། །གཤེད་མདེལ་གནམ་ལྕགས་ཐོག་མདེལ་བཙུགས། །གཤེད་པོ་མི་ཟན་ལས་ངན་གྱི། །དཔྲལ་བའི་དཀྱིལ་དུ་མདའ་མོ་རྒྱོབ། །གཤེད་པོ་གསོད་པའི་རལ་གྲི་འདི། །སྤུ་གྲི་བརྡར་བ་རྔམ་པ་འདྲ། །གཤེད་པོ་ལས་ངན་སྡིག་ཅན་

p. 107

གྱི། །ལུས་པོ་དུམ་བུ་སྟོང་དུ་གཏུབས། །གཤེད་པོ་གསོད་པའི་ཕུར་པ་འདི། །རྣོ་ངར་དྲག་པོའི་ངར་དང་ལྡན། །གཤེད་པོའི་ལུས་ངག་སེམས་ལ་རྒྱོབ། །གཤེད་པོ་ནུས་པ་མེད་པར་གྱིས། །གཤེད་པོ་རྡུང་བའི་ཐོ་བ་འདིས། གནམ་ནས་བབ་པའི་ཐོག་དང་འདྲ། །གང་ལ་ཕོག་ཀྱང་རྡུལ་དུ་བརླག །གཤེད་པོ་ལས་ངན་མགོ་ལ་རྒྱོབ། །གཤེད་ཀྱི་རྡུང་ཤ་ལག་པ་འདིས། །གཤེད་པོ་རང་གཤེད་རང་ལ་ཕོབ། །མེད་ཅིང་བརླག་པར་འགྱུར་བར་གྱིས། །གཤེད་གཞི་དཀར་ནག་བསྡུས་པ་འདིས། །གསོན་བདུད་གཤིན་ལྕགས་ལས་ངན་འདི། །ཐལ་བ་བཞིན་དུ་རྡུལ་དུ་རློགས། །དོ་ནུབ་ལྷ་ཚོགས་མཐུ་མ་ཆུང་། །ཆོས་སྐྱོང་སྲུང་མ་རྩལ་མ་ཞན། །དགྲ་བགེགས་དམ་སྲི་ད་ཐུལ་ཅིག །སརྦ་ནི་ཏྲི་ནི་ཧཱུྃ་ཛཿ ཤན་ཏྲི་ནི་ཧཱུྃ་ཛཿ དུན་ཏྲི་ནི་ཧཱུྃ་ཛཿ ཛཏྲི་ནི་ཧཱུྃ་ཛཿ གྲུཾ་གྲུཾ་གྲུཾ༔ ཛཿཛཿཛཿ ཟ་འདྲེ་ཤི་གཤེད་ས་མ་ཡ་ཛ་ཛཿ དེ་ནས་འདུལ་ཆས་རྣམས་སླ་ངའི་ནང་གི་ལིང་ག་ལ་རྒྱབ་བཅུག །དེ་ནས་མི་བཅུ་ཙམ་གྱིས་བསྐོར་ལ་འདུལ་ཆས་རྣམས་བཟུང་ལ་རྒྱབ་སྟངས་བྱ། གཅིག་ལས་མེད་ན་ཕྱོགས་ནས་བསྐོར་ཞིང་བྱ། དམིགས་པ་ནི་ཁྲོ་བོ་བཅུའི་ལྷ་ཚོགས་ལས་སྤྲུལ་བ་ནམ་མཁའ་དང་མཉམ་པ་

p. 108

འཕྲོས་པས་གཤེད་པོ་བསྒྲལ་བར་བསམ་ཞིང་གསལ་བ་གསུམ་གྱི་སྒོ་ནས་ང་རྒྱལ་བརྟན་པོས་འདི་སྐད་དོ། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །ཁྲོ་བོ་བཅུ་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད། །སྣང་སྲིད་ཐམས་ཅད་དུར་ཁྲོད་གཞལ་ཡས་ཁང་། །གཟུགས་སྣང་ཐམས་ཅད་བཛྲ་ཧེ་རུ་ཀ །ཁམས་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། །བཟའ་བཏུང་ཐམས་ཅད་དམར་ཆེན་ཚོགས། །ཧཱུཾ། ང་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཤར་གྱི་ཕྱོགས་ནས་གཤེད་འདུལ་བ། །རྣམ་རྒྱལ་དཀར་པོ་རྡོ་རྗེ་འཛིན། །གཡོན་པས་སྡིགས་མཛུབ་ལྕགས་ཀྱུ་འཛིན་། །གཤེད་པོ་མི་ཟན་ལས་ངན་འདི། །ལྕགས་ཀྱུས་ཟུངས་ལ་རྡོ་རྗེས་ཐོབ། །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཤར་ཕྱོགས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུཾ། ལྷོ་ཡི་ཕྱོགས་ནས་གཤེད་འདུལ་བ། །གཤིན་རྗེ་སྔོན་པོ་བེ་ཅོན་འཛིན། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །གཤེད་པོ་མི་ཟན་ལས་ངན་འདི། །ཞགས་པས་ཆིངས་ལ་བེ་ཅོན་རྒྱོབས། །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་

p. 109

དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། ལྷོ་ཕྱོགས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧཱུྃ། ནུབ་ཀྱི་ཕྱོགས་ནས་གཤེད་འདུལ་བ། །རྟ་མགྲིན་དམར་པོ་པདྨ་འཛིན། །གཡོན་པས་སྡིགས་མཛུབ་ལྕགས་སྒྲོག་འཛིན། །གཤེད་པོ་མི་ཟན་ལས་ངན་འདི། །པདྨས་རྒྱོབ་ལ་ལྕགས་སྒྲོག་སྡོམས། །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུཾ། ནུབ་ཕྱོགས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧཱུཾ། བྱང་གི་ཕྱོགས་ནས་གཤེད་འདུལ་བ། །བདུད་རྩི་ལྗང་ནག་རྒྱ་གྲམ་འཛིན། །གཡོན་པས་སྡིགས་མཛུབ་དྲིལ་བུ་འཛིན། །གཤེད་པོ་མི་ཟན་ལས་ངན་འདི། །དྲིལ་བུས་ཐོབ་ལ་རྒྱ་གྲམ་རྒྱོབས། །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། བྱང་ཕྱོགས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཧཱུཾ། ཤར་ལྷོ་མཚམས་ནས་གཤེད་འདུལ་བ། །དབྱུག་སྔོན་སྔོ་སྐྱ་དབྱུག་ཏོ་འཛིན། །གཡོན་པས་སྡིགས་མཛུབ་མེ་འབར་འཛིན། །གཤེད་པོ་མི་ཟན་

p. 110

ལས་ངན་འདི། །ལ་ཡོགས་དུས་ཀྱི་སྒྲོལ་ལ་ཤོག །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ཤར་ལྷོ་མཚམས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ། ཧཱུཾ། ལྷོ་ནུབ་མཚམས་ནས་གཤེད་འདུལ་བ། །མི་གཡོ་ལྗང་ནག་རལ་གྲི་འཛིན། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་སྒྲོལ་ལ་ཤོག །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལེ་ཧཱུཾ། ལྷོ་ནུབ་མཚམས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུཾ། ནུབ་བྱང་མཚམས་ནས་གཤེད་འདུལ་བ། །འདོད་རྒྱལ་དམར་སྐྱ་ཏྲི་ཤུལ་འཛིན། །གཡོན་པས་སྡིགས་མཛུབ་བ་དན་འཛིན། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་སྒྲོལ་ལ་ཤོག །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཙི་ཏ་ཧཱུཾ། ནུབ་བྱང་མཚམས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཧཱུཾ། བྱང་ཤར་མཚམས་ནས་གཤེད་

p. 111

འདུལ་བ། །ཁམས་གསུམ་རྣམ་རྒྱལ་འཁོར་ལོ་འཛིན། །གཡོན་པས་སྡིགས་མཛུབ་རྔ་གཡབ་འཛིན། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་སྒྲོལ་ལ་ཤོག །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུྃ། བྱང་ཤར་མཚམས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུྃ། སྟེང་གི་ཕྱོགས་ནས་གཤེད་འདུལ་བ། །ཧཱུྃ་མཛད་སྔོ་ནག་རྡོ་རྗེ་འཛིན། །གཡོན་པས་སྡིགས་མཛུབ་དྲིལ་བུ་འཛིན། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་སྒྲོལ་ལ་ཤོག །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ། སྟེང་ཕྱོགས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ། ཧཱུྃ། འོག་གི་ཕྱོགས་ནས་གཤེད་འདུལ་བ། །སྟོབས་ཆེན་དུད་ཁ་གཏུན་ཤིང་འཛིན། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན་། །གཤེད་པོ་མི་ཟན་ལས་ངན་འདི། །ལ་ཡོགས་དུས་ཀྱི་སྒྲོལ་ལ་ཤོག །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་

p. 112

མ་ཧཱ་བ་ལ་ཧཱུཾ། འོག་ཕྱོགས་ཀྱི་ཟ་འདྲེ་ཤི་གཤེད་ཐམས་ཅད་སྤོ་ཊ་སྤོ་ཊ་ཧཱུྃ་ཕཊ། ཧཱུྃ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ། །གཤེད་པོ་མི་ཟན་ལས་ངན་འདི། །ལྕགས་ཀྱུ་ཅན་གྱིས་ཁུག་ལ་ཤོག །དྲོངས་ཤིག་ཁུག་ཅིག་ཨཾ་ཀུ་ཤ །ཁུག་ཅིག་ཁུག་ཅིག་ཛ་ཛཿ །ཞགས་པ་ཅན་གྱིས་ཆིངས་ལ་ཤོག །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །ཆིངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ། །ལྕགས་སྒྲོག་ཅན་གྱིས་སྡོམས་ལ་ཤོག །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྡོམས་ཤིག་སྡོམ་ཤིག་ཐཾ་ཐཾ། །དྲིལ་བུ་ཅན་གྱིས་རྡུལ་དུ་རློགས། །མྱོས་པར་གྱིས་ཤིག་གནེ་ཧོཿ དྲན་པ་སྟོར་ཅིག་ཧོ་ཧོཿ ཧཱུྃ་ཧཱུྃ་མ་ཧཱ་ཀྲོ་དྷ་བྷི་ཤྭ་ཙཀྲ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། གཤེད་པོ་མི་ཟན་མཱ་ར་ཡ་ཁ་ཐཾ་ཁ་ཐཾ་དུལ་དུལ་མཱ་ར་ཡ་རྦད། དེ་ནས་འདུལ་ཆས་རྣམས་སླ་ངའི་མཐའ་བསྐོར་དུ་བཞག། །སྔགས་པ་རང་གིས་ཕུར་བུ་ཐོགས་ལ། བསྲུང་ཕྱིར་ཀླད་ལ་ལན་གསུམ་བསྐོར།་ཟློག་ཕྱིར་སྐེད་ལ་ལན་གསུམ་བསྐོར། ཕོ་རྒྱུད་འདུལ་ཕྱིར་གཡས་སུ་འཆམ་རྔམ་བྱ། མོ་རྒྱུད་འདུལ་ཕྱིར་གཡོན་དུ་འཆམ་རྔམ་བྱ། དེ་ནས་འདྲིལ་ཞིང་འདེབས་པ་སྟེ། སྔགས་པ་མང་ན་ཀུན་གྱིས་ཕུར་སྐོར་བྱས་ལ། མཆོད་གཡོག་པ་ལ་གཏད་ནས། འདྲིལ་ཞིང་འདེབས་པ་གྲྭ་སའི་ཕྱག་ལེན་ཡིན།

p. 113

ཧཱུྃ། ལྕགས་སམ་དྲག་པོའི་ཤིང་རྣམས་ལ། །མངོན་སྤྱོད་དྲག་པོའི་ཕུར་པ་བྱས། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །རྩེ་མོ་ཟུར་གསུམ་དབལ་དང་ལྡན། །ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར། །རྒྱ་མདུད་ཁ་ནས་གློག་སྟོང་འཁྱུགས། །དབུ་ནི་སུམ་ཅུ་རྩ་གསུམ་གཞལ་ཡས་ཁང་། །སྐེད་པ་རྒྱ་མདུད་གླིང་བཞི་མི་ཡི་ཡུལ། །རྩེ་མོ་ཟུར་གསུམ་ངན་སོང་གསུམ་གྱི་གནས། །དབུ་ནི་རྒྱ་མདུད་གཞལ་ཡས་ཁང་། །བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་བཞུགས། །སྦྱོར་སྒྲོལ་འདྲེན་པའི་ཕྲིན་ལས་མཛོད། །སྐེད་པ་རྒྱ་མདུད་གླིང་བཞི་མི་ཡི་ཡུལ། །རྟག་ཆད་གཉིས་ཀྱི་མཐའ་འཛིན་ཅིང་། །ཕྱི་ནང་བསྟན་པའི་སྒོར་ཞུགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྒྲུབ། །རྩེ་མོ་ངན་སོང་གསུམ་གྱི་གནས། །བདག་འཛིན་གདུག་པའི་རང་དབང་གིས། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །།སྡུག་བསྔལ་རྣམ་པ་སྣ་ཚོགས་སྤྱོད། །སྲིད་པའི་ཕུར་བུ་ཆེན་པོ་འདི། །སྟོང་གསུམ་འཇིག་རྟེན་ཀུན་གྱི་བདག །མཐོ་རིས་ངན་སོང་ཀུན་གྱི་ལམ། །ཁྱོད་ནི་སྲིད་པ་ཀུན་གྱི་ཡབ། །ཁྱོད་ནི་ཟློག་བྱེད་

p. 114

ཆེན་པོ་ཡིན། །ཁྱོད་ནི་འབྱུང་བ་ཀུན་གྱི་རྗེ། །ཁྱོད་ནི་འགྲོ་བ་ཀུན་གྱི་ལམ། །ཁྱོད་ནི་དྲེགས་པ་ཀུན་གྱི་གཙོ། །ཁྱོད་ནི་ངན་སྔགས་ཀུན་གྱི་རྒྱུ། །ཁྱོད་ནི་འགྲོ་དྲུག་ཀུན་གྱི་གནས། །ཁྱོད་ཀྱི་ཆ་ལ་ཐམས་ཅད་བརྟེན། །།ཁྱོད་ཀྱི་འཁོར་དུ་ཐམས་ཅད་འདུས། །ཁྱོད་ཀྱིས་དྲེགས་པ་ཐམས་ཅད་འདུལ། །ཁྱོད་ཀྱིས་ངན་སོང་ཐམས་ཅད་བསྒྲལ། །དྲེགས་པ་ལྷ་སྲིན་ཐམས་ཅད་ཀྱང་། །ཁྱོད་ཀྱི་སྐུ་ཡི་ཆ་ལ་བརྟེན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །དམ་ལ་མ་འདའ་ཕྲིན་ལས་མཛོད། །སྲིད་པའི་ཕུར་བུ་བདག་གིས་བསྒྲུབ། །ཟས་སུ་ཉམས་པའི་ཤ་ལ་ཟ། །སྐོམ་དུ་ཉམས་པའི་ཁྲག་ལ་འཐུང་། །ཀཱི་ལ་ཡ་ཡི་སྒྲ་སྒྲོགས་པ། །དམ་ཉམས་རྣམས་ཀྱི་ཀླད་པ་འགེམ། །སྲིད་པའི་ཕུར་བུ་བདག་གིས་བསྒྲུབ། །བསྟན་པ་བཤིག་པའི་དགྲ་བོ་དང་། །བར་ཆད་བྱེད་པའི་བདུད་བགེགས་ལ། །སྲིད་པའི་ཕུར་བུས་ཀཱི་ལ་ཡ། །ཟ་འདྲེ་གསོན་བདུད་གཤིན་ལྕགས་རྣམས། །ལུས་ངག་ཡིད་གསུམ་ཐལ་བར་རློགས། །སཏྭ་ས་མ་ཡ་ཧཱུྃ། མཱ་ར་ཡ་ཕཊ། དྲན་པ་ཉམས་སུ་གཞུག་པའི་ཕྱིར། །དཀར་ནག་

p. 115

མཚམས་ཀྱི་སྙིང་ལ་གདབ། །ཞེ་སྡང་བྱུང་ཡང་ཁྱོད་ལས་བྱུང་། །ཞེ་སྡང་གནས་ཀྱང་ཁྱོད་ལ་གནས། །ཙིཏྟ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ། སྐྱེ་རྒྱུད་རྩད་ནས་བཅད་པའི་ཕྱིར། །ཕྱེད་ཙམ་ལྟེ་བར་གདབ་པར་བྱ། །གཏི་མུག་བྱུང་ཡང་ཁྱོད་ལས་བྱུང་། །གཏི་མུག་གནས་ཀྱང་ཁྱོད་ལ་གནས། །མ་ཐ་མ་ཐ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ཚེ་ར་ཡ་ཕཊ། སྐྱེ་རྒྱུད་རྩད་ནས་བཅད་པའི་ཕྱིར། །མཚན་མ་ཉིད་ལ་གདབ་པར་བྱ། །འདོད་ཆགས་བྱུང་ཡང་ཁྱོད་ལས་བྱུང་། །འདོད་ཆགས་གནས་ཀྱང་ཁྱོད་ལ་གནས། །སུ་རུ་སུ་རུ། མུ་རུ་མུ་རུ། བཛྲ་ཀཱི་ལི་ཀཱི་ལ་ཡ་ཟ་འདྲེ་མཱ་ར་ཡ་ཕཊ། སྐྱུག་ཅིང་སྨྲ་བ་མེད་པའི་ཕྱིར། །ངག་གི་ལྕེ་ལ་གདབ་པར་བྱ། །ང་རྒྱལ་བྱུང་ཡང་ཁྱོད་ལས་བྱུང་། །ང་རྒྱལ་གནས་ཀྱང་ཁྱོད་ལ་གནས། །ཛྭ་ལ་ཛྭ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ། །འོན་ལོང་ཤེས་པ་ཕྲལ་བའི་ཕྱིར། །མིག་གི་དཀྱིལ་དུ་གདབ་པར་བྱ། །ཕྲག་དོག་བྱུང་ཡང་ཁྱོད་ལས་བྱུང་། །ཕྲག་དོག་གནས་ཀྱང་ཁྱོད་ལ་གནས། །ཚིནྡྷ་ཚིནྡྷ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཟ་འདྲེ་མཱ་ར་ཡ་ཕཊ། ཞ་གྲུམ་ཡན་ལག་བརྡུང་བའི་ཕྱིར། །ལོང་བུ་གཡས་དང་གཡོན་

p. 116

ལ་གདབ། །བྷིནྡྷ་བྷིནྡྷ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཟ་འདྲེ་མཱ་ར་ཡ་ཕཊ། དེ་ནས་ཐུན་རྡེག་ཅིང་། ཧཱུྃ། གསེར་ཕྱེ་དུག་དང་སྦྱར་བ་འདི། །མཁར་བའི་ནང་དུ་བཤན་བཤན་ནས། །གཤེད་པོ་མི་ཟན་ལས་ངན་འདིའི། །ལྟ་བའི་མིག་ལ་ཤན་ཤན་རྦད། །དངུལ་ཕྱེ་དུག་དང་སྦྱར་བ་འདི། །མཁར་བའི་ནང་དུ་བཤན་བཤན་ནས། །གཤེད་པོ་མི་ཟན་ལས་ངན་གྱི། །ཉན་པའི་རྣ་བར་ཤན་ཤན་རྦད། །ཟངས་ཕྱེ་དུག་དང་སྦྱར་བ་འདི། །མཁར་བའི་ནང་དུ་བཤན་བཤན་ནས། །གཤེད་པོ་མི་ཟན་ལས་ངན་གྱི། །སྣོམ་པའི་སྣ་ལ་ཤན་ཤན་རྦད། །ལྕགས་ཕྱེ་དུག་དང་སྦྱར་བ་འདི། །མཁར་བའི་ནང་དུ་བཤན་བཤན་ནས། །གཤེད་པོ་མི་ཟན་ལས་ངན་གྱི། །སྨྲ་བའི་ལྕེ་ལ་ཤན་ཤན་ཆད། །རྡོ་ཕྱེ་དུག་དང་སྦྱར་བ་འདི། །མཁར་བའི་ནང་དུ་བཤན་བཤན་ནས།། །གཤེད་པོ་མི་ཟན་ལས་ངན་གྱི། །བསམ་པའི་སྙིང་ལ་ཤན་ཤན་རྦད། ཡུངས་ཀར་དབང་གི་རྒྱལ་པོ་འདི། །མཁར་བའི་ནང་དུ་བཤན་བཤན་ནས། །གཤེད་པོ་མི་ཟན་ལས་ངན་གྱི། །འགྲོ་བའི་རྐང་ལ་ཤན་ཤན་རྦད། །ཁྲག་ཐུན་ནག་པོ་སྦྱར་བ་འདི། །མཁར་བའི་ནང་དུ་བཤན་བཤན་

p. 117

ནས། །གཤེད་པོ་མི་ཟན་ལས་ངན་གྱི། །ནག་པོའི་རྩ་ལ་ཤན་ཤན་རྦད། །གཤེད་པོ་མི་ཟན་ལས་ངན་འདི། །ཐལ་བ་རྡུལ་དུ་བརླག་པར་གྱིས། །ཨོཾ་སརྦ་ཛ་ཏྲི་ནི་ཧཱུྃ་ཛཿ ཎི་ཏྲི་ནི་ཧཱུྃ་ཛཿ ཤན་ཏཱི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ གན་ཏྲི་ནི་ཧཱུྃ་ཛཿ དེ་ནས་ལིང་རོ་བཙོན་དུ་བཟུང་བ་ནི། སླ་ངའི་གོང་གི་ལིང་ག་བྱང་བུ་རྣམས་ཧོམ་ཁུང་ནང་དུ་བཅུག་ལ། །ལྷོ་ཕཊ། ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ་སྒོ་མེད་པ། །ནག་ལ་ཁ་རུབ་པ། གཏིང་ཟབ་པ། ཕྱི་ན་ཞེ་སྡང་གི་མེ་འབར་བ། ནང་དུ་འདོད་ཆགས་ཀྱི་རྒྱ་མཚོ་༔ ཁོལ་བ། བར་དུ་གཏི་མུག་གི་མུན་པ་འཐིབས་པ། ང་རྒྱལ་གྱི་བྲག་རི་ཉིལ་བ། ཕྲག་དོག་གི་རླུང་དམར་འཚུབ་པ། ནད་དང་མཚོན་གྱི་ཆར་པ་འབེབས་པ། ཁྲོ་ཚོགས་སྐར་ལྟར་འཁྲུགས་པ། ཁྲོ་མོ་སྤྲིན་ལྟར་འཁྲིགས་པ། ཕོ་ཉ་ལས་མཁན་གློག་ལྟར་འཁྱུགས་པ། མཚོན་ཆ་སྣ་ཚོགས་ཐོག་ལྟར་འཕེན་པ། འཆི་བདག་གཤིན་རྗེའི་བཤའ་ར། །བདུད་ཀྱི་བཙོན་ཁང་ནག་པོ། ཕྱི་རུ་འབྲོས་པའི་ཡུལ་མེད་པ། ནང་དུ་གབ་པའི་གནས་མེད་པ། ཐ་མར་ལྕགས་རི་ནག་པོ་རིམ་པ་དགུས་བསྐོར་བ་དེའི་ནང་དུ་ཟ་འདྲེ་ཤི་སྲི་

p. 118

ཐམས་ཅད་ཚུད་པར་གྱུར། སླ་ང་སྟེང་ནས་འགེབ་སྟངས་དགུ་བྱ་ཞིང་། ཧཱུྃ། མ་རིག་གཤེད་དུ་ཆེ་བ་ལས། །རང་རིག་ཡེ་ཤེས་ཐབས་ཀྱིས་བསད། །གཉིས་མེད་ཤེས་རབ་ཐུགས་རྗེས་བཟུང་། །དེ་ཡང་གཤེད་ཀྱི་ཐ་ཚིག་ཡིན། །དུག་གསུམ་གཤེད་དུ་ཆེ་བ་ལ། །སྐུ་གསུང་ཐུགས་ཀྱི་རལ་གྲིས་བསད། །འཁྲུལ་པ་མེད་པར་ཐུགས་རྗེས་བཟུང་། །དེ་ཡང་༈ གཤེད་ཀྱི་ཐ་ཚིག་ཡིན། །དུག་ལྔ་འཁོར་བའི་མཐའ་ངན་འདི། །མཐོ་རིས་ཐར་པའི་གཤེད་དུ་ཆེ། །བསམ་པ་དྲག་པོའི་མེ་ལ་བསྲེག །ཐུགས་རྗེ་གཉིས་མེད་ཤུགས་ཀྱིས་བློབསྒྲལ། །དེ་ཡང་གཤེད་ཀྱི་ཐ་ཚིག་ཡིན། །བདག་འཛིན་དུག་གི་སྡོང་པོ་འདི། །གཉིས་མེད་འབྲལ་གྱི་སྟ་རེས་བཅད། །ཡེ་ཤེས་རོལ་པའི་སྟོབས་ཀྱིས་གཞོམ། །དེ་ཡང་གཤེད་ཀྱི་ཐ་ཚིག་ཡིན།། །རང་ཐོག་དགྲ་རུ་ལང་བ་ལས། །དབང་པོ་རྣམ་ལྔ་བདུད་དུ་ཆེ། །རྣམ་ཤེས་ཚོགས་བརྒྱད་འདྲེ་རུ་ཟ། །འདུ་བ་རྣམ་བཞི་འདྲེ་རུ་ཟ། །ཕུང་པོ་རྣམ་ལྔ་བདུད་དུ་ཆེ། །ལུས་སེམས་བར་དུ་གཅོད་པ་འདི། །ཀུན་ཏུ་བཟང་པོའི་བྱིན་རླབས་ཀྱི། །ཐུགས་རྗེས་ཐབས་ཀྱིས་བསྒྲལ་བར་བྱ། །སླ་ང་བྱེད་ལིང་འོག་ཏུ་ཆུག །རྫུ་

p. 119

འཕྲུལ་སྟོབས་ཀྱིས་མནན་པར་བྱ། །གང་ལ་བྱ་བ་རྡུལ་དུ་རློགས། །ཧཱུྃ་ཧཱུྃ་མ་ཧཱ་ཀྲོ་ཏ་བྷི་ཤྭ་ཙཀྲ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། སརྦ་ཛ་ནི་ཏྲི་ཧཱུྃ་ཛཿ ག་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཕ་ཏྲི་ག་ཏྲི་ནི་ཧཱུྃ་ཛཿ ཤན་ཏཱི་སུ་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནག་ཏྲི་གྲུམ་གྲུམ་ཧཱུྃ་ཛཿ སརྦ་ནི་ཏྲི་ནི་ཧཱུྃ་ཛཿ ཤན་ཏཱི་ནི་ཧཱུྃ་ཛཿ སུ་ཏྲི་ནི་ཧཱུྃ་ཛཿ ཟ་འདྲེ་ཤི་གཤེད་ཀྱི་སྙིང་ལ་མཱ་ར་ཡ་རྦད་ནན། དེ་ནས་སྔགས་དང་དམིགས་པས་བསད་པ་ནི། ཧཱུཾ། བྲུབ་ཁུང་ནང་དུ་ཟ་འདྲེ་མགོ་ཐུར་གནས། །བདག་མདུན་ཐུགས་ལས་ཛཡིག་དམར་ནག་འཕྲོས། །ཁོ་ཡི་སྣ་བུག་གཤང་ལམ་གཉིས་ནས་ཞུགས། །སྙིང་ཁར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས། །རྣོ་ངར་ལྡན་པས་གཡས་གཡོན་དྲག་ཏུ་འཁོར། །བླ་སྲོག་དོན་སྙིང་ནང་ཁྲོལ་ཐམས་བཉྩཅད་གཏུབས། །ཁོ་ལ་ན་ཚ་ཟུག་གཟེར་མི་སྐྱེ་བར། །བདེ་བ་སྐྱེས་ནས་དྲན་མེད་བརྒྱལ་བར་གྱུར། །ཕྱིན་ཆད་གནོད་པའི་ནུས་སྟོབས་མེད་པར་གྱུར། །ༀ་ཤྲཱི་བཛྲ་ཀྲོ་ཏ་སརྦ་ས་མ་ཡ་ཟ་འདྲེ་ཤི་གཤེད་ཀྱི་སྲོག་ལ་ཏྲིག་ནན་ཨེ་ཧུར་ཐུམ་ཛ་མཱ་ར་ཡ་རྦད། རབ་ལ་དུས་དྲུག་འབྲིང་ལ་དུས་བཞི་དང་། །ཐ་མ་དུས་གསུམ་སྔགས་དམིགས་འདི་ལ་འབད། །སྐབས་འདིར་འདུལ་དཀར་བླ་གླུད་

p. 120

རྒྱས་པར་གཏོང་། །འདུལ་གཞུང་དཀར་ནག་གཉིས་པོ་ཚང་བ་དང་། །རབ་ཀྱི་དུས་གསུམ་འབྲིང་གི་དུས་གཉིས་དང་། །ཐ་མ་ཉིན་ཚར་ཆག་ཏུ་མི་རུང་སྟེ། །འདི་སྐབས་བསྐང་བ་མདོས་དང་གཏོར་ཚོགས་ལས། །འདི་ཉིད་ཁོ་ནར་རྟགས་ཐོན་འབད་བྱས་ན། །ཤི་གསོན་གཉིས་ཀར་ཕན་པའི་གནད་ཆེན་ཡོད། །རྟགས་ནི་ཉམས་སམ་རྨི་ལམ་བཟུང་བ་སྟེ། །མི་ཁྱི་གཅན་གཟན་དུད་འགྲོ་བསད་དམ་མནན། །བཀྱིག་དང་ལྕགས་བླུག་མཆུ་བཅིངས་ལ་སོགས་འབྱུང་། །ཞག་ནི་གསུམ་ལྔ་བདུན་དགུ་འབྱོར་པ་བསྟུན། །ཚེ་འདས་ལོ་བརྒྱད་ལོན་ནས་ང་དགུ་ཚུན། །ཤི་ལ་འདུལ་དཀར་འདུལ་ནག་གཉིས་ཀ་ཟབ། །རྒས་སྲི་བརྡུང་ན་གཞོན་ལ་བབ་པའི་ཕྱིར། །དྲུག་ཅུ་ཕན་འདས་འདུལ་ནག་མི་བྱའོ། །དེ་ཡང་ལྕེབ་སོགས་ཤི་ལུགས་ངན་ན་བྱ། ༈ །ཞག་གྲངས་ཐེམ་ནས་མཐའ་སྡུད་རིམ་པ་ནི། །མདུན་དུ་གཞི་ནག་སྟེང་དུ་རྡོ་གསུམ་དང་། །སླ་ང་གྲི་གསུམ་ལ་སོགས་སྔོན་ལྟར་བཤམས། །དེ་ནས་ཧོམ་ཁུང་ནང་གི་ལིང་ག་བྱོ། །གཟའ་དང་མཁའ་འགྲོ་གདོང་ནི་མ་ཐུག་ཕྱོགས། །གོང་གི་ཁྲོ་བཅུའི་གཏོར་འབུལ་དེ་ཉིད་ཀྱིས། །རེ་རེ་བཞིན་དུ་ལིང་གའི་སྟེང་དུ་རྒྱོབ། །དེ་ནས་ལིངྒ་བརྒྱད་ཀྱི་བྱང་བུ་རྣམས། །དུམ་བུར་གཏུབས་པའི་དུམ་བུ་རེ་རེ་དང་། །ཟན་ལིང་སྤར་མ་མང་པོ་བྱས་པའམ། །ཡང་ན་ཆེ་བ་གཅིག་བྱས་དུམ་བུར་གཏུབས། །།ཁྲག་ཐིགས་སྦག་ཅིང་ཤ་དུམ་རེ་རེ་གླན། །ཧོམ་ཁུང་རྙིང་པ་དེ་ཉིད་མདུན་བཞག་ལ། །དེ་སྟེང་གྲུ་གསུམ་ཤིང་བརྩེགས་ཚེར་མས་བསྐང་། །མེ་ཧོམ་ལིང་རོ་གཉིས་ཀ་

p. 121

བྲན་བྱས་ལ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷནྡྷའི་སྣོད་ནང་དུ། །ཟ་འདྲེ་ཤི་གཤེད་བསྒྲལ་བའི་ཤ་ཁྲག་ལས། །གྲུབ་པའི་སྲེག་རྫས་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃ༔ ཨེ་ལས་གནམ་ལྕགས་ཁང་སྒྲོམ་མེ་འབར་བ། །དྲག་པོའི་ཐབ་ཁུང་ཡངས་ཤིང་རྒྱ་ཆེའི་དབུས། །པད་ཉིའི་སྟེང་དུ་ཧཱུྃ་ལས་སྨེ་བརྩེགས་ནི། །ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རྡོ་རྗེ་རལ་གྲི་སྦྲུལ་ཞགས་དང་། །གཡོན་གསུམ་དགྲ་སྟ་ཁ་ཊཾ་བུམ་པ་བསྣམས། །ཁྲོ་ཆས་ཡོངས་རྫོགས་ཞབས་བཞི་འདོར་ཐབས་ཀྱིས། །ཉི་མ་ཟླ་བ་ཕོ་བདུད་མོ་བདུད་མནན། །བསྐལ་པའི་མེ་དཔུང་དབུས་བཞུགས་ཞལ་གདངས་བས། །གནོད་བྱེད་ཟ་འདྲེའི་ཤ་ཁྲག་ཆེམ་ཆེམ་གསོལ། །དམ་ཡེ་དབྱེར་མེད་དོན་གྲུབ་དབུ་རྒྱན་གསལ། །ཧཱུཾ། ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས། །ཁྲོ་རྒྱལ་ཆེན་པོའི་སྐུ་བཞེངས་འཚལ། །པདྨ་གསུང་གི་དཀྱིལ་འཁོར་ནས། །ཡེ་ཤེས་ལུས་ཅན་རྣམ་དག་སྐུ། །སྨེ་བ་བརྩེགས་པ་གཤེགས་སུ་གསོལ། །སྲེག་བླུགས་འབུལ་ཕྱིར་དགྱེས་པར་བཞུགས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་

p. 122

བསྒྲད། །སྟག་དང་སྦྲུལ་གྱི་རྒྱན་གྱིས་བརྒྱན། །ལོངས་སྐུའི་ཆས་ལྡན་ཁྲོ་བོ་ཁྱོད། །མཚན་དང་དཔེ་བྱད་འོད་དུ་འབར། །གཟུགས་སྣང་གཟུགས་ཀྱི་དྲི་མ་བྲལ། །བཙོག་དང་མི་གཙང་དྲི་མ་རྣམས། །ཁྱོད་ཀྱི་གསུང་གིས་འཇོམས་པར་བྱེད། །སྟོབས་ལྡན་ཞལ་གདངས་མཆེ་གཙིགས་པའི། །ཞལ་དུ་གསོན་བདུད་གཤིན་ལྕགས་བཞེས། །ངག་སྒྲིབ་མ་ལུས་འཇོམ་མཛད་པ། །མི་བསླུ་བདེན་པའི་དྲག་སྔགས་ཀྱིས། །སྔགས་སྒྲོག་ངག་གི་དྲི་མ་བཅོམ། །བདག་མེད་སེང་གེའི་སྒྲ་སྒྲོགས་པའི། །ཞལ་དུ་ཟ་འདྲེ་ཤི་གཤེད་བསྟབ། །གཟུང་འཛིན་རྣམ་རྟོག་འཇོམ་བྱེད་པའི། །གཉིས་མེད་ཡེ་ཤེས་སྤྲོས་བྲལ་ཐུགས། །ཟབ་ཅིང་གཏིང་མཐའ་ཡངས་པ་ནི། །སྟོབས་ཆེན་ཐུགས་ཀྱི་ཀློང་དུ་བསྟིམ། ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །དམ་ཚིག་ཉམས་དང་འཆལ་པ་ཡི། །གྲོགས་ངན་དྲི་མས་གོས་པའི་ཚེ། །ཁྲོ་ཆེན་སྐུ་གསུང་ཐུགས་དྲན་པས། །སྐད་ཅིག་ཉིད་ལ་སྒྲོལ་བར་བྱེད་། །མེ་ཡི་མཆོད་པ་འདི་བཞེས་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །རོ་གྲིབ་དམེ་གྲིབ་གདོན་གྲིབ་ལས། །བརྩེ་བའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཨོཾ་

p. 123

བྷུར་ཁུང་མ་ཧཱ་པྲ་མ་ཎ་ཡེ་བྷུར་རྩི་བྷུར་ཀི་བི་མ་ལེ་ཨུ་ཙུཥཱ་ཀྲོ་དྷ་ཧཱུྃ་ཕཊ། ཟ་འདྲེ་ཤི་གཤེད་ཐམས་ཅད་ཨག་ཡེ་མཱ་ར་ཡ་ཛྭ་ལ་རཾ་རཾ། སྔགས་དེས་ལིང་ག་ཤ་དུམ་འབུལ། །སུམ་བརྒྱ་ཕུལ་ན་གནོད་པ་མི་ནུས་གསུངས། །འབྲིང་དུ་བརྒྱ་རྩ་ཐ་མ་ཚེ་འདས་ཀྱི། །ལོ་གྲངས་ཙམ་དུ་ཕུལ་ན་ཆོག་པ་སྟེ། །ལོང་སྐབས་མེད་ན་སྔགས་ཐུང་འདི་ཉིད་ཀྱི། །ཨགེ་ལ་སོགས་ཤཾ་བུ་བཏགས་ལ་འབུལ། །ཨོཾ་བྷར་ཁུང་དྷིས་སྭ་ཧཱ། གཏོར་རྒྱབ་བྱས་ན་གཏོར་མ་ཟ་ཁྱིར་བྱིན། །དེ་མིན་རྩང་དང་ལིང་རོ་ཐམས་ཅད་བསྲེག། །ཨནྡྷཾ་སོགས་སྔགས་དང་རོལ་མོས་མཆོད། །དེ་ནས་གཏོར་ཆུང་ཟུར་གསུམ་གཅིག་བཤམས་བྲན། ཧཱུྃ། སྔོན་ཚེ་ཁྲོ་མཆོག་གཞོན་ནུའི་སྐུ། །ལྟ་ལོག་བསྒྲལ་ཕྱིར་གནས་སུ་ཕྱིན། །རུ་ཏྲ་ཐར་པ་ནག་པོའི་ཡུམ་ལ་གཟིགས། །ཐར་པ་ནག་པོར་སྤྲུལ་ཏེ་སྙོམས་པར་ཞུགས། །སྲས་མཆོག་ཁྲོ་རྒྱལ་སྨེ་བ་བརྩེགས་པར་འཁྲུངས། །རང་བྱུང་རྡོ་རྗེ་གཞོན་ནུ་ཉིད་དང་མཚུངས། །སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །དབུ་སྐྲ་རལ་པ་དམར་སེར་གྱེན་དུ་འཁྱིལ་། །གཡས་ཞལ་དཀར་བས་ཁམས་གསུམ་དབང་དུ་སྡུད། །གཡོན་ཞལ་དམར་བས་སྲིད་གསུམ་ཟིལ་གྱིས་གནོན། །དབུས་ཞལ་མཐིང་བས་དྲག་པོའི་ཕྲིན་ལས་

p. 124

མཛད། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས། །གདུག་པ་ཐམས་ཅད་འདུལ་བའི་རྟགས། །ཕྱག་དྲུག་གཡོན་གྱི་དང་པོ་ན། །དགྲ་སཱུ་འབར་བ་ནམ་མཁར་ཕྱར། །དགྲ་བགེགས་རྩད་ནས་གཅོད་པའི་རྟགས། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཤེས་རབ་རལ་གྲི་བསྣམས་པ་ནི། །སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། །ཏྲི་ཤུ་རྩེ་གསུམ་འབར་བ་བསྣམས། །ཉོན་མོངས་རྩད་ནས་གཅོད་པའི་རྟགས། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །སྦྲུལ་ཞགས་ནག་པོ་བསྣམས་པ་ནི། །ཀླུ་གདོན་མ་ལུས་འདུལ་བའི་རྟགས། །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བུམ་པ་བདུད་རྩིས་གང་བ་བསྣམས། །དུག་ལྔའི་ཕྱེ་མ་འཁྲུ་བའི་རྟགས། ཞབས་གཡས་ཉི་མའི་གདན་ལ་བརྐྱང་། །ཕོ་བདུད་ཟིལ་གྱིས་གནོན་པའི་རྟགས། །ཞབས་གཡོན་ཟླ་བའི་གདན་ལ་བཞུགས། །མོ་བདུད་ཟིལ་གྱིས་གནོན་པའི་རྟགས། །ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བསྒྲད། །དོན་གཉིས་ཐམས་ཅད་འགྲུབ་པའི་རྟགས། །སྐུ་ལ་ཡེ་ཤེས་མེ་དཔུང་འབར། །དུག་ལྔའི་ནད་གདོན་ཐམས་ཅད་

p. 125

བསྲེགས། །རྟགས་བཅུ་ཡོན་ཏན་ལྡན་ལ་ཕྱག་འཚལ་བསྟོད། །དུག་གསུམ་རུ་ཏྲ་ཐར་པ་ནག་པོ་བསྒྲལ། །བུ་ཡིས་ཕ་བསད་སྨེ་བ་བརྩེགས་པར་གྲགས། །དེ་ལྟར་ནལ་དང་སྨེ་གྲིབ་སྐྱོན་མ་གོས། །གཞན་གྱིས་མི་གཙང་སྒྲིབ་པ་ཐམས་ཅད་འཇོམས། །སྡིག་དང་ཉོན་མོངས་འཇོམ་པའི་སྟོབས་པོ་ཆེ། །དམ་རྫ་ས་མེ་མཆོད་གཏོར་མ་འདི་བཞེས་ལ། །རོ་གྲིབ་མི་གཙང་དྲི་མ་དག་པར་མཛོད། །ཟ་འདྲེ་ཤི་གཤེད་འདུལ་བའི་ལས་མཛོད་ཅིག །ཨོཾ་བྷར་ཁུང་རི་ལི་ཤུ་ཐར། ཤ་ཧུར་ཤི་བི་མ་ལེ་ཨུ་ཙུཥཱ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊསྭཱ་ཧཱ། ཟ་འདྲེའི་ཤ་ཁྲག་མ་ཧཱ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། ཁྲོ་བཅུའི་ནང་ནས་འོག་ཕྱོགས་ཁྲོ་བོ་སྟེ། །བཅོམ་ལྡན་སྨེ་བ་བརྩེགས་པ་མཐུ་བོ་ཆེ། །ཁྱོད་ལ་མཆོད་ཅིང་བསྟོད་དེ་ཉེས་ཚོགས་བཤགས། །རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ། །བཛྲ་མུཿ ཡེ་ཤེ་ས་གཤེགས་ཤིང་དམ་ཚིག་རང་ལ་བསྡུ། །སོལ་རོ་བསྡུས་ཏེ་སླ་ང་སྒྲུབ་པའི་སྟེང་། །ཁྲོ་བཅུའི་གཏོར་སྣོད་སྦུབ་སྟེ་རྐང་པས་བརྫིས། །ཧཱུཾ། ཁྲོ་བཅུའི་ལྷ་ཚོགས་འཁོར་བཅས་ཀྱིས། །ཟ་འདྲེ་ཤི་གཤེད་སྡིག་ཅན་ཁྱོད། །ཆུ་སྲིན་གྲེ་བའི་ཁ་རུ་བརྫངས། །གྲི་ཐོད་ཡོངས་ཀྱིས་

p. 126

བསྐོར་ལ་བཞག །རྒྱ་མཚོ་ཆེན་པོའི་སྟེང་དུ་བསྐྱུར། །རོལ་མཚོ་བདུན་གྱིས་བསྐོར་ལ་བཞག །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །མཚོན་ཆ་ཡོངས་ཀྱིས་བསྐོར་ལ་བཞག །ཁྲོ་བོ་ཆེན་པོའི་ཞབས་སུ་མནན། །ནག་པོ་སྟོང་གིས་བསྐོར་ལ་བཞག །མེ་དཔུང་ཆེན་པོའི་ནང་དུ་བསྐྱུར། །ཡེ་ཤེས་མེ་ཡིས་བསྐོར་ལ་བཞག །ཨ་ཝ་གླང་མགོའི་ཞལ་དུ་བསྟབ། །འབྱུང་བ་རིམ་དགུའི་ཞབས་སུ་མནན། །ས་རིམ་དགུ་ཡི་ཞབས་སུ་བྲུབ། །གསེར་གྱི་ས་གཞིའི་འོག་ཏུ་མནན། །རི་རབ་ཆེན་པོའི་ཞབས་སུ་མནན། །བྱམས་མགོན་བསྟན་པ་མ་བྱུང་བར། །ནམ་ཡང་སྟེང་དུ་མ་ལྡང་ཞིག །སྟེང་དུ་ཁྲོ་བོའི་བྲོ་ར་བཅའ། །ནམ་ཡང་ཐར་བར་མ་བྱེད་ཅིག །ཨོཾ་ལོཀྟི་པ་ལ་ནན། ས་ག་པ་ཤ་ནན་། ན་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙ་ར་ཙིར་ཙ་ར། ཐཾ་རུ་ལུ་པཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ། རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར་ནན། གནོད་བྱེད་ཙི་དུ་སོད། ལུས་ཤིག་ལྷུར་གཏུབ། ཧ་ལ་པ་ཏི་ནན། འཁོར་བ་དུལ། གནོད་བྱེད་ཀ་ཝ་ཙི་རླག་རླག །ཟ་འདྲེ་ཤི་གཤེདུ་ཕོ་མོ་མཱ་ར་ཡ་ནན། ཨོཾ་ལཾ་ཧཱུཾ་ལཾ། སྟམྦྷ་ཡ་ནན་མཱ་ར་ཡ་ནན།

p. 127

རྦད་ནན། ཆིངས་ཤིག །དེ་ནས་ཧོམ་ཁུང་ཆག་བཅུག་སོལ་རོ་བསྡུས། །མ་ཎི་བརྒྱ་མཁར་ཚ་ཁང་མཆོད་རྟེན་འོག །རྒྱ་གྲམ་ལམ་མམ་ས་ནོན་ཆེ་སར་བླུག །དེ་ཡིས་མནན་སྲེག་འཕང་གསུམ་མཐའ་སྡུད་རྫོགས། །ཡོན་བདག་གལ་ཆེན་སྙིང་དང་འདྲ་བ་ལ། །བཅའ་ཏི་ནག་པོ་མ་ཧཱ་བ་ལ་སོགས། །མནན་པ་རྒྱས་པ་གཞན་ནས་འབྱུང་ལྟར་ཏེ། །སྤྱི་འཚམས་ལ་ནི་འདི་ཡིས་ཆོག་པ་ཡིན། །འདི་ལྟར་གཞུང་བཞིན་ལེགས་པར་བྱས་པ་ནི། །ལས་ཀྱི་རྣམ་སྨིན་དྲག་པོ་མ་གཏོགས་པའི། །ཤི་འཕྲོ་ཆོད་པར་ཐེ་ཚོམ་མེད་པ་ཡིན། །ཨོ་རྒྱན་གྱིས་མཛ་དྲག་པོའི་ལྕགས་འདུལ་དང་། །བི་མ་མི་ཏྲས་མཛད་པའི་གཤེད་འདུལ་གཉིས། །མཁས་བླུན་མང་པོའི་ཕྱག་ལེན་མཐོང་ཞིང་ཐོས། །ཆུང་དུས་རང་གིས་འགའ་ཞིག་བཅའ་ཡང་མྱོང་། །ན་ཚ་དྲག་པོ་བྱུང་བའི་སྲུང་རིམ་འགའ། །བྱས་ཚེ་ཕན་ཐོགས་བྱུང་བའི་མྱོང་བའང་ཡོད། དེ་ཕྱིར་མ་འོངས་གཤིན་གསོན་མང་པོ་དང་། །སྔགས་ཆུང་གསར་བུ་འགའ་ལ་ཕན་པའི་ཕྱིར། །སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་ཤིང་སྨྲས། །སྦྱིན་པ་དད་པ་གཉིས་ཀྱིས་རེས་མོས་བྲིས། །འགལ་འཁྲུལ་མཆིས་ན་ཁྲོ་བོ་བཅུ་ལ་བཤགས། །དགེ་བས་གཤིན་པོ་ཐམས་ཅད་གནས་བདེ་ཞིང་། །གསོན་པོ་ཐམས་ཅད་བཀྲ་ཤིས་བདེ་ལེགས་འཕེལ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཤེད་འགུག

p. 128
p. 129

དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་ཕོ་ཉས་གཤེད་པོ་བཀུག་པར་བསམས་ལ་འདི་སྐད་དོ།། ཀྱཻ། དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །མ་ཚོགས་མཁའ་འགྲོ་གཟུ་དང་དཔང་། ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །སྟེང་གི་ལྷ་རྣམས་གཟུ་དང་དཔང་། །འོག་གི་ཀླུ་རྣམས་གཟུ་དང་དཔང་། །བར་གྱི་གཉན་རྣམས་གཟུ་དང་དཔང་། །ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་། །སྣང་སྲིད་སྡེ་བརྒྱད་གཟུ་དང་དཔང་། །སྣང་སྲིད་ལྷ་འདྲེ་གཟུ་དང་དཔང་། །གཟུ་བོ་རྣམས་ཀྱིས་གཟུ་མཛོད་ཅིག །དཔང་པོ་རྣམས་ཀྱིས་དཔང་མཛོད་ཅིག །ཀྱེ་དོ་ནུབ་ལས་ངན་གཤེད་པོ་འདི། །ནམ་གྱི་ཕར་མ་ཚུར་ཕྱེད་ལ། །གཤེད་པོ་འགུགས་པའི་དུས་ལ་བབས། །ལས་ངན་གཤེད་པོ་མི་འགུག་རྒྱུ། །འདི་ཡིས་མ་བྱས་ལས་ལ་གཅིག་ཀྱང་མེད། །སངས་རྒྱས་བསྟན་པ་འདི་ཡིས་བཤིགས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །དགེ་འདུན་འདུས་པའི་དཀོར་ཡང་འཕྲོག །རྒྱལ་ཁམས་ཡོངས་སུ་ཕུང་བར་བྱས། །མ་ཤི་བ་ཡི་སྲོག་བདག་བྱས། །ཤི་བ་རྣམས་ཀྱི་སྲོག་གཅོད་བྱས། །ཕོ་གཤེད་དར་མས་གཡས་

p. 130

ནས་འཇུས། །མོ་གཤེད་དར་མས་གཡོན་ནས་འཇུས། །ཆུང་གཤེད་མ་པང་གཏོང་དུ་བཅུག །ཁྱིམ་སྒོ་ལམ་སྲང་འདི་དག་ན། །ཕུག་གི་ལྷ་ལ་བསྒྲོན་འདྲེ་བྱས། །བར་གྱི་མི་ལ་ཟ་འདྲེ་བྱས། །སྒོ་ཡི་ནོར་ལ་དབུལ་འདྲེ་བྱས། །དེ་བས་གཤེད་པོ་འགུགས་ཀྱང་རན། །དེ་བས་གཤེད་པོ་བཀར་ཡང་རན། །གཤེད་པོ་དམ་ཉམས་སྙིང་མེད་འདི། །སྟེང་ནམ་མཁའི་ཁམས་སུ་མ་འབྲོས་ཤིག །ནམ་མཁའི་ཁམས་སུ་བྲོས་པ་ན། །གནམ་སྨན་རྒྱལ་མོ་གཤེད་འདུལ་མཁན། །དོ་ནུབ་གཤེད་པོ་ཁུག་ལ་ཤོག །བར་སྣང་དབྱིངས་སུ་སྒྱོམ་འབྲོས་ཤིག །བར་སྣང་དབྱིངས་སུ་བྲོས་པ་ན། །གཉན་ཆེན་གདོང་དགུ་གཤེད་འདུལ་མཁན། །དོ་ནུབ་གཤེད་པོ་ཁུག་ལ་ཤོག །རི་རབ་རྩེ་ལ་མ་འབྲོས་ཤིག །རི་རབ་རྩེ་ལ་བྲོས་པ་ན། །ས་བདག་རྒྱལ་པོ་གཤེད་འདུལ་མཁན། །དོ་ནུབ་གཤེད་པོ་ཁུག་ལ་ཤོག །ཆུ་བོའི་གཞུང་དུ་མ་འབྲོས་ཤིག །ཆུ་བོའི་གཞུང་དུ་བྲོས་པ་ན། །ཀླུ་སྨན་མ་བུ་གཤེད་འདུལ་མཁན། །དོ་ནུབ་གཤེད་པོ་ཁུག་ལ་ཤོག །ཤར་གྱི་ཕྱོགས་སུ་མ་འབྲོས་ཤིག །ཤར་གྱི་ཕྱོགས་སུ་བྲོས་པ་ན། །ཤར་ཤིང་ཁམས་རྒྱལ་མོ་གཤེད་འདུལ་

p. 131

མཁན། །དོ་ནུབ་གཤེད་པོ་ཁུག་ལ་ཤོག །ལྷོ་ཡི་ཕྱོགས་སུ་མ་འབྲོས་ཤིག །ལྷོ་ཡི་ཕྱོགས་སུ་བྲོས་པ་ན། །ལྷོ་མེ་ཁམས་རྒྱལ་མོ་གཤེད་འདུལ་མཁན། །དོ་ནུབ་གཤེད་པོ་ཁུག་ལ་ཤོག །ནུབ་ཀྱི་ཕྱོགས་སུ་མ་འབྲོས་ཤིག །ནུབ་ཀྱི་ཕྱོགས་སུ་བྲོས་པ་ན། །ནུབ་ལྕགས་ཁམས་རྒྱལ་མོ་གཤེད་འདུལ་མཁན། །དོ་ནུབ་གཤེད་པོ་ཁུག་ཤུལ་ཤོག །བྱང་གི་ཕྱོགས་སུ་མ་འབྲོས་ཤིག །བྱང་གི་ཕྱོགས་སུ་བྲོས་པ་ན། །བྱང་ཆུ་ཁམས་རྒྱལ་མོ་གཤེད་འདུལ་མཁན། །དོ་ནུབ་གཤེད་པོ་ཁུག་ལ་ཤོག །གཤེད་པོ་མི་ཟན་སྙིང་སྟོང་འདི། །བྱུང་ཡང་འབྱུང་བ་ལྔ་ལས་བྱུང་། །འབྱུང་བ་ལྔ་ཡིས་ཁུག་ལ་ཤོག །དེ་ནས་བདེན་པ་བདར་ཞིང་འགུགས་གཞུག་དྲག་ཏུ་བྱའོ། །

དྲག་པོ་ལྕགས་འདུལ་གྱི་ཆ་ལག་ལོ་རྒྱུས་གཟིར་དམིགས་ལིངྒའི་གབ་པ་མངོན་ཕྱུང་གསལ་བའི་མེ་ལོང་།

p. 132
p. 133

དྲག་པོ་ལྕགས་འདུལ་གྱི་ཆ་ལག་ལོ་རྒྱུས་གཟིར་དམིགས་ལིངྒའི་གབ་པ་མངོན་ཕྱུང་གསལ་བའི་མེ་ལོང་བཞུགས་སོ།།

p. 134

གུ་རུ་ཤྲཱི་བཛྲ་ཀུ་མ་ར་ལ་ན་མོ། བླ་མ་དང་ཡི་དམ་དབྱེར་མེད་ལ། གུས་པས་ཕྱག་འཚལ་དྲག་པོ་ལྕགས་འདུལ་གྱི། །སྔོན་བྱུང་ལོ་རྒྱུས་མདོར་བསྡུས་ཤིག་བརྗོད་ན། །སྔོན་ཚེ་སློབ་དཔོན་པདྨ་བོད་བཞུགས་སྐབས། །མ་ཞང་ཁྲོམ་སྐྱེས་ནས་ནི་ཤི་བའི་དུས། །དྲག་པོ་ལྕགས་འདུལ་སྐོར་རྣམས་མཛད་པ་སྟེ། །དེ་རྗེས་གཤེད་ཀྱི་དུར་སྒྲོམ་སྐོར་རྣམས་ནི། །ལྷོ་བྲག་མཁར་དུ་གཏེར་དུ་སྦས་པ་སྟེ། །གཙང་སྒོམ་རྡོ་རྗེ་སྒྲས་ནས་བཏོན་པ་ཡིན། །དེ་ནས་རིམ་བརྒྱུད་དར་སྲོལ་ཆེ་བར་བཤད། །དེ་ཉིད་ཉམས་སུ་ལེན་པའི་སྔགས་པ་རྣམས། །ཆོས་ཉིད་བདེན་པའི་དོན་ནི་མཐོང་

p. 135

བ་དང་། །བསྙེན་དང་སྒྲུབ་པ་ཚད་དུ་བསྐྱལ་བ་དང་། །ཡི་དམ་ལྷ་ཡི་ཞལ་ནི་མཐོང་བ་དང་། །ནུས་མཐུ་ཐོགས་པ་མེད་པར་དགོས་པར་གསུངས། །དེ་མ་ཡིན་ཀྱང་བླ་མ་ཆོས་བརྒྱུད་བཟང་། །སྲུང་མ་བཟང་ལ་གདམས་ངག་ཁོང་དུ་ཆུད། །ལུང་དང་དབང་བཞི་རྫོགས་པར་ཐོབ་པ་དང་། །ཕྲིན་ལས་ལག་ཁྲིད་མཁས་པར་བྱ་འོ་གསུངས། །དེ་མ་ཡིན་པའི་གང་ཟག་ཡི་གེ་ཙམ། །ཤེས་ལ་བསྟན་ནས་འདི་ཉིད་ཉམས་བླངས་པས་།ཚེ་འདིར་ནད་མང་བར་ཆད་འབྱུང་བ་དང་། །ཕྱི་མར་རུ་ཏྲར་སྐྱེ་བའི་རྒྱུར་འགྱུར་གསུངས། །དེ་ཕྱིར་དབང་ལུང་བསྙེན་སྒྲུབ་ལག་ལེན་

p. 136

རྣམས། །སྔགས་པ་ཐོབ་མི་འདྲེས་པ་གལ་ཆེ་གདའ། །དེ་ལ་འདུལ་གཞུང་འདོན་ཚེ་བདག་བསྐྱེད་ཀྱང་། །གཞུང་ལ་རྡོ་རྗེ་གཞོན་ནུ་སྒོམ་གསུངས་དང་། །གཉེན་པོའི་ལྷ་ཡིན་རྡོ་རྗེ་གཞོན་ནུ་བསྒོམ། །དེ་ཡང་ལྕགས་འདུལ་གཞུང་ནི་ཐོན་པའི་མཐར། །སྔགས་དང་དམིགས་པའི་བསད་དམིགས་ཚར་བའི་རྗེས། །བྲུབ་ཁུང་ཁ་བཅད་ཕུར་པ་གདབ་ནས་ནི། །སྐད་ཅིག་ཕུར་པ་རྡོ་རྗེ་གཞོན་ནུ་ནི། །ཞོལ་གསུམ་ཕྱག་དྲུག་སྐུ་སྨད་གནམ་ལྕགས་ཀྱི། །ཕུར་པ་ཟུར་གསུམ་ཟ་འདྲེའི་སྙིང་དཀྱིལ་བཏབ། །དབང་ཆེན་གསེར་གྱི་ས་གཞི་འཛེར་བར་གྱུར༔ །རྩང་རྣམས་ཁྲོ་བོ་ཁྲོ་མོའི་དམག་ཚོགས་ཀྱིས། །ཟ་འདྲེ་ཤི་གཤེད་གང་ཡང་དབང་མེད་དུ། །འབྲོས་དབང་མེད་པར་བསད་པའི་ལས་མཛད་གྱུར། །ཨོཾ་བཛྲ་ཀཱི་ལི་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ། གནོད་བྱེད་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་གྱི་སྲོག་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་མཱ་ར་ཡ་ན་ཤ་ཡ་སྣུམ་བྷ་ཡ་བྷནྡྷ་ཡ་ཧཱུྃ་ཕཊ། ཡི་དམ་དྲག་སྔགས་ཟ་འདྲེ་གཟེར་སྔགས་འདི། །མང་ཉུང་སྐབས་ལ་བསྟུན་པའི་བཟླས་པ་བྱ། །ཐུན་བར་ཀུན་ཏུ་དམིགས་པ་འདི་ཉིད་བཟུང་། །ལྕགས་འདུལ་གཞུང་དུ་ཐུབ་པ་ནག་པོ་སྟེ། །ཡི་དམ་གང་ཡིན་

p. 137

བསྒོམ་སྲོལ་ཡོད་པའི་ཕྱིར། །དྲག་པོ་ཕྲིན་ལས་སྒྲུབ་པའི་ལྷ། །འབྲེལ་ནི་ཆེ་ཕྱིར་རྡོ་རྗེ་གཞོན་ནུ་བྱས། ༈ །ཟ་འདྲེ་སྔགས་དང་དམིགས་པས་གཟིར་བ་ཡི། །དཔལ་གྱི་དུས་ནི་དྲུག་ནི་འདི་ལྟ་སྟེ། །ཐོ་རངས་སྟག་མོ་གཟན་ནི་ཚོལ་བའི་དུས། །དྲོ་ཆེན་རུ་སྦྲུལ་དང་ཀ་དགྱེ་བའི་དུས། །ཉིན་ཕྱེད་སྲིན་མོ་ལྟོ་ལ་གོལ་བའི་དུས། །དགོང་ཀ་སྲིན་མོ་རལ་པ་གསིགས་པའི་དུས། །སྲོད་ནི་ལྷ་ཡི་ཁྲོམ་དུས་བྱེད་པའི་དུས། །དགྲ་བོ་ནམ་ཕྱེད་བླ་ནི་འཁྱམས་པའི་དུས། །དེ་དུས་འགུགས་གཞུག་གཟིར་སྔགས་དུས་ཡིན་ནོ། །དྲག་པོ་ལྕགས་འདུལ་མན་ངག་ཟབ་མོ་ལས། །ཟ་འདྲེ་ཤི་གཤེད་ལིངྒ་བྲི་ཐབས་ནི། །ཕོ་ལིང་ཤ་བའི་ལྟེ་བར་བསྐོར་བར་བྱ། །མོ་ལིང་ཕག་གི་ལྟེ་བར་བསྐོར་བ་སྟེ། །ཆུང་ལིང་བྱི་བའི་ལྟེ་བར་བསྐོར་བའོ། །ཕོ་ལིང་ཤ་བའི་ལྟེ་བར་མི་བྲི་རྒྱུས། །ཕོ་སྲི་ཤ་བའི་མགོ་ཅན་རྭ་ཅོ་ཅན། །མོ་ལིང་ཕག་གི་ལྟེ་བར་མི་བྲི་རྒྱུས། །མོ་སྲི་གཏི་མུག་ཕག་གི་མགོ་ཅན་ཡིན། །ཆུང་ལིང་བྱི་བའི་ལྟེ་བར་མི་བྲི་རྒྱུས། །བྱི་ལ་རང་ཕུང་རང་གིས་ཟ་བ་ཡིན། །དེ་ཕྱིར་བྱི་བའི་ལྟོ་བར་བྲི་བ་ཡིན། །གྲི་དུར་སྤྲེལ་དམར་ལྟོ་བར་བསྐོར་བ་སྟེ། །སྤྲེལ་དམར་དག་གི་ལྟེ་བར་

p. 138

མི་བྲི་རྒྱུས། །མེ་སྤྲེལ་དམར་པོ་དག་ནི་གྲི་བདུད་ཡིན། །རབས་དུར་ཆུ་སྲིན་ལྟེ་བར་བྲི་བ་སྟེ། །ཆུ་སྲིན་དག་གི་ལྟོ་བར་མི་བྲི་རྒྱུས། །ཆུ་འདྲེ་ནག་པོ་དེ་ནི་རབས་ཆད་ཡིན། །ཡང་ཟླན་གཤིན་པོའི་ལོ་སྙིང་མགོ་བརྙན་བྱ། །དེ་འདྲའི་ལིངྒ་ལྕགས་སྒྲོག་བཅུག་པ་བྲི། །དེ་ཡི་སྙིང་ཁར་གྲུ་གསུམ་བྲིས་པའི་ནང་། །ཏྲི་ཛ་དྲི་རྨི། ཕོ་དུར་སྙིང་ཁར་བྲི། མ་ཏྲི་ཤི་རྨི། མོ་དུར་སྙིང་ཁར་བྲི། ཛ་ལ་ཏྲི་ཛ་ནན། ཆུང་དུར་སྙིང་ཁར་བྲི། རཀྵ་ཏུན་རྨི་བྷོ་ཛ། གྲི་དུར་སྙིང་ཁར་བྲི། རྨི་ཏྲ་ཛ་རྨི། རབས་དུར་སྙིང་ཁར་བྲི། ཞེས་པ་ས་བོན་ཡིན་ནོ་བརྩེགས་མར་བྲི། །དེ་རྒྱབ་མུ་ཁྱུད་གཅིག་གིས་བསྐོར་བ་ལ། །ཡིག་མགོ་ཕྱི་རུ་བསྟན་པ་འདི་ཉིད་བྲི། །ཨོཾ་ན་མོ་རཏྣ་ཙི་ཏྲ་ཙ་ཏྲ་ཧཱུྃ་དུ་རྦད་ཆད་ཛ་ཛཿ དུར་སྲི་ཐུ་མྱོག་མྱོག་རྦད་ཆོད་ནན་། ཟ་འདྲེ་ཤི་གཤེད་ཁུག་ཅེས་བྲི། དེ་རྒྱབ་མུ་ཁྱུད་གཅིག་བསྐོར་ལ། །ཡང་ན་ཡིག་མགོ་ཕྱིར་བསྟན་འདི་ཉིད་བྲི། །གནོད་བྱེད་ཟ་འདྲེ་ཤི་གཤེད་འདི་གར་གནས་ཀྱང་འདིར་ཁུག་ཅིག །ཟུངས་ཤིག་ཆིངས་ཤིག །དོམས་ཤིག །དེ་རྒྱབ་ལིངྒའི་ཕྱི་རོལ་མུ་ཁྱུད་ཀྱི་རྒྱ་ལམ་དུ་ནི་ཡིག་མགོ་ཕྱིར་བསྟན་པ། ཙ་ཏྲི་ར་ཙ་སྲོག་ལ་ནན། ཏྲི་ཐུམ་མྱོག་ཆད་སོད།

p. 139

དུམ་བུ་དུམ་བུ་རྦད་རྦད་སོད་སོད་ཛཿཛཿཏྲིག །ཁ་ལ་ཛཿ ར་ཙ་རྦད་ནན་ནན། ཟ་འདྲེ་ཤི་གཤེད་ཁུག་ནན། དེ་རྒྱབ་ཛ་ཁྲམ་འདི་འདྲ་འཁོར་བར་བྲི། ཛྫ། ཛྫ་ཅེས་བྲི་ལྟོ་བར་སུ་ཏྲི་ཛ་ཛཿ མིག་གཉིས་ལོང་དང་རྣ་བར་འོན་གཉིས་དང་། །ཡན་ལག་བཞི་ལ་ཛ༔ཧཱུྃ་བཾ་ཧོ༔དང་། །ཞ་བཞི་རྐང་ཞབས་གཉིས་སུ་ཡཾ་གཉིས་དང་། །སྤྱི་བོར་ནན་དང་འདོམས་བར་ཕཊ་གཅིག་བྲི། །གཟུགས་ནི་སྔོ་སྐྱ་ཡན་ལག་ཕྲ་སྐེམ་བྱས། །དེ་ཡང་ཞིབ་པར་གཟས་ཀྱི་གཟའ་ཡི་གཟུགས། །མུག་དུར་པུ་ཤུད་སྨུག་དུར་བྲ་བ་དང་། །ཐབས་གྲི་བྲག་བྱ། རང་མལ་དུ་ཤི་བ་གཡག །མ་བུ་སྦྲེལ་འདྲེས་ཤི་བ་རི་བོང་དང་། །གྲི་ཤ་ཤ་བ་ཤི་སྲི་མཛོ་མོ་དང་། །ཆུར་ཤི་ཆུ་བྱ་རབས་ཆད་མཛོ་དང་ནི། །རྒན་དུར་རྣམས་ནི་སྤྲེལ་གྱི་མགོ་ཅན་བྲི། །ལིངྒ་དག་ལ་བསྐོར་རྒྱུའི་སྔགས་རྣམས་ནི། །ཕོ་ལིང་ཕྲག་གཡས་མོ་ལིང་ཕྲག་པ་གཡོན། །ཆུང་ལིང་སྤྱི་བོར་དགྲ་ལིང་རྐང་མཐིལ་ནས། །སྔགས་མགོ་བཟུང་ནས་བསྐོར་བར་བྲིས་པའོ། །མེ་གཡུག་རླུང་ཕྱིར་ཚོན་སྐུད་བཅིངས་ལ་བཞག །དེ་ནས་བྱང་བུ་ཤིང་ནི་དག་ལ་ཡང་། །ཕོ་ལ་ཕོ་ཤིང་སྟག་པའམ་སྐྱེར་ཤུག །མོ་ཤིང་གླང་མ་ལྕང་མ་དང་། །

p. 140

བྱིས་སྦ་ལོ་བདུན་བར་ནས་ཉི་ཤུའི་བར། །བུ་ཤིང་ཚར་བུ་དཔེ་རིས་ཕྱག་ལེན་ལྟར། །ཁྲག་གིས་ཡི་གེ་བྲི་བར་བྱ་བའོ། །དེ་རྣམས་ལིངྒ་བྲི་ལུགས་རྒྱས་པ་ཡིན། །དེ་ནས་བསྡུས་པ་བྱེད་ན་འདི་ལྟར་རོ། །ཐམས་ཅད་ཤི་སྲི་ཤ་བའི་མགོ་ཅན་གྱིས། །སྙིང་ཀར་རྨི་ཏྲི་དུ་དང་ཡན་ལག་བཞི། །ཛ་ཧཱུཾ་བཾ་ཧོ་ཞ་བཞི་བྲིས་པ་དང་། །སྤྱི་བོར་ནན་དང་རྣ་བར་འོན་དང་ནི། །རྐང་ཞབས་ཡཾ་དང་སྔོ་སྐྱ་རིད་སྐམ་བྲི། །དེ་ཡི་ཕྱི་རོལ་འདི་ཉིད་བསྐོར་ལ་བྲིས། །གནོད་བྱེད་ཟ་འདྲེ་ཤི་གཤེད་ཐམས་ཅད་ཁུག་ཅིག །མཱ་ར་ཡ་ཏྲིག་ནན། ཞེས་པའི་ཡིག་མགོ་ཕྱི་རུ་བསྟན་ལ་བྲིས། །དེ་ཡི་ཕྱི་རོལ་ཛ་ཁྲོ་འཁོར་བར་བྲིས། །གལ་ནི་གང་ཆེས་ཤིང་བྱུང་ལྔ་ཡིས་ཆོག །ལིངྒ་བྱང་བུ་བརྡབ་དུས་དམིགས་པ་ཡང་། །རང་ཉིང་ཡི་དམ་ང་རྒྱལ་དང་ལྡན་པས། །གཤེད་སྒྲོ་མི་ལྤགས་གཡང་གཞི་དམིགས་བྱས་ལ། །ཁ་ན་རྡོ་རྗེའི་ཞགས་པས་བཅིང་བཟུང་སྟེ། །ནམ་མཁའི་ཁམས་སུ་གཡུགས་པས་ཟ་འདྲེ་རྣམས། །མགོ་ཡུ་འཁོར་ནས་བསམ་པ་འཁྲུགས་ཤིང་མྱོས། །བརྒྱལ་ལམ་འབོག་ནས་དྲན་མེད་དུ་གྱུར་ནས། །འོག་ནས་ལྕགས་སྲེག་ས་གཞིའི་སྟེང་བརྡབས་པས། །སྙིང་ནི་དུམ་བུ་བརྒྱ་སྟོང་དུ་གས་

p. 141

ནས། །ཤ་ཁྲག་དམར་ཉིལ་རུས་པ་སྐྱ་སི་ལི། །གཞོབ་ནི་ཐུལ་ཐུལ་བཏང་བར་དམིགས་པའོ། དེ་ནས་གཤེད་བྱང་མ་ཁུག་གབ་པས་བརྟག་པ་ནི། །ཟ་འདྲེ་མ་ཁུག་རས་སམ་ཐག་ཕྲུག་དང་། །ལྭ་བ་དུམ་བུ་རྣམས་ལ་གབ་པ་ཡིན། །ཤི་གཤེད་མ་ཁུག་གྲུ་གུའམ་སྣལ་མ་ནི། །དཀར་ནག་སྟོང་སྐུད་དམར་དང་དཀར་ལ་གབ། །སྲོག་གཅོད་སྐྱི་མོ་དུམ་བུའམ་ཤོག་བུ་ནང་སྨན་ཡོད་ན་གབ། དབུགས་ལེན་མ་ཁུག་ན། དར་རས་དཀར་དམར་དང་། སྔོན་པོའམ་ལྭ་བ་ནག་གམ་སྔོ་ལ་གབ། མདངས་འཕྲོག་མ་ཁུག་ན། ཚིལ་དང་མར་བཅད་འཕྲོ་ལ་གབ། ཆེ་སྲི་མ་ཁུག་ན། ཨ་ལོང་ངམ་ལྕགས་མིག་དོད་པ་བཙའ་ཁྲོ་ལ་གབ། ཆུང་སྲི་མ་ཁུག་ན། གྲི་ཡུ་ངན་པ་ཡི་གྲི་བཙའ་ཁྲོ་ལ་གབ། རྒན་སྲི་མ་ཁུག་ན་སེམས་ཅན་མདོག་ཡོད་དམ། རྫས་ནི་འོད་ཅན་དག་ལ་གབ་པ་འོང་། གཞོན་སྲི་མ་ཁུག་ན། གཡང་ཁུག་ནང་ལ་བསྡུས་པའི་དར་དཀར་དམར་རམ། ཡང་ན་རི་མོ་ཅན་གྲ་འཕྲོ་སག་རི་སྤྱིན་ཏི་ལ་གབ། ཅེས་གསུངས་ལོ་རྒྱུས་གཟིར་དམིགས་མན་ངག །ལིངྒ་བྲི་ཐབས་ལྡེ་མིག་གབ་སྦས་རྣམས། །གུ་རུས་བསྒྲིགས་པའི་དྲག་པོ་ལྕགས་འདུལ་

p. 142

ལ། །མི་གསལ་གབ་པ་བསམ་པ་རྣམ་དག་གིས། །ལེགས་བཀོད་སྒྲུབ་པ་སྔགས་འཆང་དེ་ཡིས་བྲིས། །དགེ་བས་རུ་ཏྲ་དྲག་པོ་ཚར་བཅད་ནས། །བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞལ་ཤེས་ཟིན་བྲིས།

p. 143

གུ་རུ་ཀྲོ་དྷ་ཡེ། ལྷ་གཞུང་ཚར་ནས་མདུན་དུ་ཨོཾ་སོགས་ཁྲིའི་སྟེང་། །གཏོར་ཟློག་རྒྱས་བསྡུས་གང་རུང་བཅས་ནས་བཞག །དེ་འོག་ཧོམ་ཁུང་རྩང་ནི་ཉེར་གཅིག །དེ་ནི་ཤི་སྲི་བྲུབ་པའི་བྲུབ་ཁུང་ཡིན། །ལྷ་གཞུང་ཚར་དུས་མདུན་དུ་ཕྱར་ནག་སྟེང་། །རི་སྣ་གསུམ་ནས་རྡོ་བླངས་སྐྱེད་པུའི་ཚུལ། །དེ་སྟེང་སླ་ངར་ཙང་སྒྲུབ་རང་ལ་བསྟན་། །དེ་ནང་ཁྲག་གམ་ཙག་གིས་དགུ་ལིང་བྱ། །སྐྱེར་པའི་བྱང་བུ་དགུ་དང་ལྔ་བདུན་སོགས། །ཟ་འདྲེ་ཕུང་སྲི་སོགས་དཔེའུ་རིས་ལྟར་བྲིས། །རྒྱས་པར་ཟ་འདྲེའི་ལིངྒ་རྒྱས་པར་བྲི། །བསྡུ་ན་བྱང་བུ་ཏྲི་དགུ་ཛ་སྤྲོད་བྲི། །ཤུག་པ་ལ་སོགས་བཟང་ཤིང་ས་བུ་རྟར། །གཅིག་ལ་རྨི་ཁུག་གཅིག་ལ་མིང་རུས་བྲིས། །ཁ་སྦྱོར་སྐུད་པས་བཅིངས་པ་དེ་ལ་ནི། །ཚེ་འདས་ལུས་ལ་འབྱར་བའི་རྫ་ས་ཤིག་བཏགས། །དེ་ཉིད་འདྲེན་ནི་ལིང་ག་མཉམ་དུ་བཅིང་། །རྡེལ་དཀར་བཅུ་གསུམ་རྡེལ་ནག་དགུ་དང་ནི། །དེ་རྣམས་གཤེད་སྒྲོ་བུག་རྡོལ་མེད་པར་བླུག །སྟ་རེ་ཐོ་བ་བྲེང་པ་ཟོར་བ་དང་། །གཡང་གཞི་ཤ་ལག་རྔ་མ་ནག་པོ་དང་། །མདའ་གཞུ་གྲི་མདུང་ཕུར་པ་ཐུན་རྫས་བཤམས། །དེ་ཀུན་བྲན་ལ་དེ་ནས་འདོན་སྒོམ་

p. 144

སྦྲགས། །གཤེད་སྒྲོ་འབྲེང་པས་སེ་ཆིངས་མདུད་དུ་བྱས། །སྒྲོ་མཆུ་མཆོད་གཡོག་ལག་པ་གཡས་པས་བཟུང་། །ལག་གཡོན་ཟོར་བཟུང་སྟ་རེ་ཕྲག་ལ་གཟར། །ཤར་དུ་ལན་གཅིག་བརྡབས་པས་སླ་ངར་བྱོས། །བཀུག་པའི་བྱང་བུ་ཧོམ་ཁུང་ནང་དུ་འཕེན། །མ་ཁུག་བྱང་བུ་སྒྲོ་བ་ནང་དུ་བཅུག །ཚེ་འདས་བྱང་བུ་མཆོད་གཞིའི་འོག་ཏུ་བཞགོ །ཕོ་གཤེད་བྱང་བུ་སྦུབ་ན་ཁུག་རྟོགས་ཡིན། །མོ་གཤེད་བྱང་བུ་གན་རྐྱལ་ཁུག་རྟགས་ཡིན། །ཕྱོགས་བཞི་དབུས་ལྔར་བརྡབ་ཀྱང་མ་ཁུག་ན། །དེ་ནས་འོག་གི་ཟ་གསོད་ཉི་ཤུ་བརྡབ། །དེས་ཀྱང་མ་ཁུག་གཤེད་ཀྱང་ལ་འདས་ན། །ལྕགས་རི་ནག་པོའི་རྒྱབ་སོང་བཀུག་མི་དགོས། །བྱང་བུ་ཐམས་ཅད་ཁུག་ནས་ནི། །སྒོ་བ་མི་རྡེབ་རང་གར་འདོན་པ་ཡིན། །དེ་ནས་ཟ་འདྲེ་གཤེད་རྣམས་ཚེ་འདས་འབྲེལ། །འབྲེལ་བ་མེད་པར་སོ་སོར་དབྱེ་བར་བསྒོམ། །རྡེལ་དཀར་རེ་རེ་བླུགས་ནས་ཡར་ལ་གཞི་ཐོག་བཞག །ནག་པོ་རེ་རེ་བླངས་ནས་ཧོམ་ཁུང་ནང་དུ་འཕེན་། །ཧཱུྃ། དུག་གསུམ་གཤེད་དུ་ཆེ་བ་ལས་སོགས། ཚེ་འདས་གཤེད་ཀྱི་དབྱེ་བ་ཚར་ནས། དེ་ནས་བརྒྱད་པ་གཤེད་ལ་ཡོགས་ཀྱིས་བསད་པ་ནི། ཉེ་དུ་སེམས་བརྩེ་བ་

p. 145

ཐམས་ཅད་འདུས་ལ། ཕོ་གྲལ་གཡས་མོ་གྲལ་གཡོན་དུ་བྱས་ལ། ཕོ་རྣམས་འདུལ་ཆས་སྟ་རེ་ཐོ་བ། གྲི། མདའ་གཞུ་རྣམས་བཟུང་། མོ་རྣམས་ཀྱིས་ཟོར་བ་བྲེང་བ་གཡང་གཞི། ཤ་ལག་རྣམས་བཟུང་། སླ་ང་བསྐོར་ལ་ཐམས་ཅད་ལག་ནས་འདེབས་ཚུལ་བྱ། དེ་ནས་འདུལ་ཆས་སླ་ངའི་མཐོའ་སྐོར་ལ་བཞག །ཐུན་རྣམས་རྡེབ་པ་ལ་ནི། ཧཱུྃ། གསེར་ཕྱེ་དུག་དང་སྦྱར་བ་འདི། །སོགས། དེ་ནས་རང་ཉིད་ཡི་དམ་གང་ཡིན་དུ་གསལ་གདབ་ལ། ཕུར་པ་འདྲིལ་ཞིང་། ཚེ་ལུང་ཁྲུས་ལུང་གི་དགོངས་པས་བསྒྲལ་བར་བྱའོ། །བསྲེགས་མནན་ལ་སོགས་མཐའ་རྒྱས་བསྟན་པར་བྱ། ༈ འདིར་ལྕགས་འདུལ་གྱི་ཞལ་ཤེས་ཟིན་བྲིས་ཉུང་ངུ་ཡོད། རྩ་གསུམ་ལྷ་དང་དབྱེར་མེད་པའི། །དྲིན་ཆེན་ཆོས་རྗེའི་ཞབས་པད་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྔགས་འཆང་ཀུན་ལ་ཕན་པའི་ཕྱིར། །བདག་གིས་ཞུ་བ་འདི་སྐད་ཕུལ། །དྲག་པོ་ལྕགས་འདུལ་འདུལ་ནག་གི །ཕྱག་ལེན་གཞུང་དང་ཡིག་ཆུང་ལས། །ལེགས་པར་གསལ་ཡང་སྔགས་འཆང་ནི། །གསར་བུའི་ཕྱག་ལེན་མ་མཐོང་བར། །མ་ཤེས་ཐེ་ཚོམ་བྱུང་བ་ལ། །ལེགས་པར་ཞུས་པས་འདི་

p. 146

སྐད་ཅེས། །ཞལ་ནས་དངོས་སུ་བཀའ་སྩལ་ཏོ། །ཞག་དང་ཚར་གྲངས་མང་ཉུང་ནི། །གཞུང་དུ་གསལ་ལྟར་འདོན་བྱས་ལ། །རྒྱས་བསྡུས་མེད་པར་ཚང་བར་འདོན། །ཕྱག་ལེན་དང་པོ་དབུ་འཛུགས་ཉིན། །གཤེད་ལིང་བྱང་བུ་རྡེལ་ནག་སོགས། །བསྒྲལ་རྗེས་ཧོམ་ཁུང་ནང་དུ་བཅུག །རྡེལ་དཀར་ཚེ་འདས་བྱང་བུ་ནི། །མཆོད་གཞིར་བཞག་སོགས་གཞུང་ལྟར་ཡིན། །དེ་རྗེས་སྒྲུབ་པ་གྲོལ་ཁ་ཚུན། །ཚར་གྲངས་ཇི་ལྟར་འདོན་ན་ཡང་། །ཟན་ལ་བཅས་པའི་ལིངྒ་ནི། །སྒོ་བར་བཅུག་ལ་རྡེབ་པ་དང་། །སླ་ངར་བྱོས་ཤིང་ཧོ་ཁུང་དུ། །བཅུག་ལ་སླ་ངས་འགེབ་བཏང་བྱ། །དང་པོ་ཉིན་ནས་གྲོལ་ཁ་ཚུན། །ཐུན་རྫས་རྒྱབ་པར་རྒྱུན་དུ་དགོས། །ཧཾ་ཁུང་ནང་གི་གཤེད་ལིང་རྣམས། །ཚུར་ལེན་སྒྲོ་བར་བཅུག་མི་རུང་། །རྒྱུན་དུ་ཟན་ལིང་བསྒྲལ་བས་ཆོག །རྡེའུ་དཀར་ནག་དང་པོས་ཆོག །གཞུང་དུ་གསལ་བ་མ་གཏོགས་པའི། །ཞལ་ཤེས་གབ་སྐུང་མེད་དོ་ཞེས། །ཞལ་ནས་གསུངས་པ་ཡི་གེར་བཀོད་། །ཅེས་ལྕགས་མོ་ཕག་གི་ལོར་བྱ་ཟླ་བའི་ཚེས་བཅོ་བརྒྱད་ལ་རཱ་ག་ཨ་སྱ་མཇལ་དུས། ༧ བདག་བརྩོན་འགྲུས་རྒྱ་མཚོས་ཞུས་པའི་ཡི་གེ་ཡིན། མངྒ་ལཾ།། །།

གཤེད་སྐྱེར་བྱང་ལ་བརྟག་པ།

p. 147

ད་ནི་གཤེད་སྐྱེར་བྱང་ལ་བརྟག་པ་ནི༔ ཟ་འདྲེ་མ་ཁུག་ན༔ དར་རས་ཐེར་ཕྲུག་ལྭ་བ་དུམ་བུ་ལ་གབ༔ ཤི་གཤེད་མ་ཁུག་ན༔ གྲུ་གུའམ་སྣལ་མ་དཀར་ནག་སྟོང་སྐུད་དཀར་དམར་ལ་གབ། སྲོག་གཅོད་མ་ཁུག་ན༔ སྐྱི་མོ་དུམ་བུའམ་ཤོག་གུ་ནང་དུ་སྨན་ཐུམ་ཡོད་པ་ལ་གབ༔ དབུགས་ལེན་མ་ཁུག་ན༔ དར་རས་དཀར་དམར་སྔོན་པོའམ་ལྭ་བ་ནག་པོ་སྔོན་པོ་ལ་གབ༔ མདངས་འཕྲོག་ཁུག་ན༔ ཚིལ་ལམ་མར་བཅད་འཕྲོ་ལ་གབ༔ ཆེ་སྲི་མ་ཁུག་ན༔ ཨ་ལོང་ངམ་ལྕགས་མིག་དོད་པའི་བཙའ་ཁྲོ་་ལ་གབ༔ ཆུང་སྲི་མ་ཁུག་ན༔ གྲི་ཡུ་བ་ངན་པའི་བཙའ་ཁྲོ་ལ་གབ༔ རྒན་སྲི་མ་ཁུག་ན༔ སེམས་ཅན་མདོག་ཡོད་པའི་རྫས་འོད་ཅན་ལ་གབ༔ གཞོན་སྲི་མ་ཁུག་ན༔ གཡང་ཁུག་ནང་བསྡུས་པའི་དར་དཀར་རམ་རི་མོ་ཅན་ནམ། གྲ་འཕྲོའམ་སག་ཏི་སྤྱིན་ཐི་ལ་གབ༔ ༈ ལི་ཞག་གསུམ་དང་བདུན་ནས། ཁོན་ཞག་བདུན་ནས། དྲ་ཟླ་བ་གསུམ་ནས་རྒྱང་ལོག་ཡོད་བུད་མེད་ལ་ངན༔ ཁོན་ཟླ་བ་གཅིག་རྒྱང་ལོག་ཡོད་ཕ་ཁུ་དང་བུ་སྲིན་ལ་ངན༔ ཁཾ་ཟླ་བ་གསུམ་ནས་རྒྱང་ལོག་ཡོད་རྟ་སྦྲུལ་བྱ་སྤྲེལ་ལོ་པར་ངན༔ གིན་ཟླ་བ་གཉིས་ནས་

p. 148

ལོག་པར་འདུག༔ ཟིན་ཟླ་བ་དྲུག་ནས་ལོག་ཕ་ཁུ་ལ་ངན༔ ཟོན་ཟླ་བ་དྲུག་ནས་ལོག་རྒན་རབས་ལ་ངན༔ ཞུས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སློབ་དཔོན་པདྨས་མཛད་པའི་དྲག་པོ་ལྕགས་འདུལ་ལས་འདུལ་དཀར་བླ་གླུད་གཏང་བ་ཟས་གཏད་ཡར་གྱི་ཆོ་ག་འདོན་བསྒྲིགས་བལྟས་ཆོག་ཏུ་བཀོད་པ།

p. 149

སློབ་དཔོན་པདྨས་མཛད་པའི་དྲག་པོ་ལྕགས་འདུལ་ལས་འདུལ་དཀར་བླ་གླུད་གཏང་བ་ཟས་གཏད་ཡར་གྱི་ཆོ་ག་འདོན་བསྒྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །

p. 150

ན་མོ་བུདྡྷ་བོ་དྷི་སཏྭ་ཡ། སློབ་དཔོན་པདྨས་མཛད་པའི་བླ་གླུད་དང་། །བཙད་པོ་ཁྲིའུ་སྲོང་ལྡེ་བཙན་སྐུ་རིང་ལ། །རྒྱ་གར་ཡུལ་གྱི་མཁས་པ་པཎྜི་ཏ། །ཤྲཱི་ཨིནྡྲ་བོ་དྷི་ཞེས་ཀྱང་བྱ། །ཤཱཀྱ་པྲ་བྷ་དྷ་ན་ཤཱི་ལ་དང་། །བེ་རོ་ཙཱ་ན་ལ་སོགས་ལོཙྪ་བ། །རྣམས་ཀྱིས་མདོ་སྡེ་དུ་མའི་དོན་བསྡུས་ཏེ། །ཚེ་འདས་ཟས་གཏད་རྒྱས་པར་མཛད་པ་གཉིས། །གབ་སྤྱད་ཕྱག་ལེན་མ་འཁྲུལ་ཁྱེར་བདེར་བཀོད། །མདུན་དུ་ཕྱིང་པ་ལ་སོགས་གཞི་དཀར་སྟེང་། །རབ་ལ་རྡུལ་ཚོན་ལ་སོགས་དཀྱིལ་འཁོར་བྲི། །བསྡུས་ན་འབྲུ་ཡི་ཚོམ་བུ་འདབ་དྲུག་སྟེང་། །ནས་སམ་སྐྱུར་བ་ཐང་ཕྱེ་བཀང་བའམ། །ཡང་ན་འཇིམ་པ་ཟླུམ་པོ་བཞག་པའི་སྟེང་། །ཕོ་ལ་མདའ་དང་མོ་ལ་འཕང་ཞིག་བཙུགས། །ཡང་ན་སྨྱུག་རྒོད་ཡང་ན་ཤིང་ཐུར་ཆོག །དེ་

p. 151

ལ་མིང་བྱང་ས་འབུ་ཏྲི་དེ་བཏགས། །ཕྲེང་བ་མདོ་འཛིན་ནོར་གཡུ་ལ་སོགས་པ། །ཚེ་འདས་ལུས་ལ་འབྱར་བའི་རྫས་ཤིག་དགོས། །རས་དཀར་དུམ་ཞིག་གདུགས་ཀྱི་ཚུལ་དུ་བཀབ། །གོང་དེར་དཀོན་མཆོག་མཆོད་པའི་ལྷ་བཤོས་གཅིག །ཕྱི་རྒྱུད་པ་ལ་བསྔོ་བའི་དཀར་གཏོར་གཅིག །རིགས་དྲུག་སྤྱི་ལ་བསྔོ་བའི་ལྕོག་རྡོག་གཅིག །ཚེ་འདས་ཉིད་ལ་འབྲང་རྒྱས་གྲུ་བཞི་པ། །རྩེ་ལ་ཁྱུང་གཟུགས་བཟོས་སམ་པར་བཏབ་བཙུགས། །གཡས་གཡོན་རྟ་ལུག་གཟུགས་བརྙན་གཉིས་ཀྱང་བཞག །དེ་གསུམ་སྡེར་སོགས་གཙང་མའི་སྣོད་དུ་བཞག །སྣོད་གཙང་ནང་དུ་བླ་གླུད་ངར་མི་གཅིག །དེ་ཡི་གཡས་གཡོན་ལུག་དང་ར་ཡི་གཟུགས། །དེ་མཐར་ཆངས་བུ་གཙང་མ་མང་ཞིག་བསྐོར། །ལྕོག་རྡོག་ཆངས་བུ་ཏིང་ལོ་བཅུ་རེའང་བཅའ། །མིང་བྱང་

p. 152

མདུན་དུ་མར་མེ་ཕྱེ་མར་དང་། །འདོད་ཡོན་ཟས་སྣ་ཅི་འཛུམ་བཤམས་པ་དང་། །གོས་སྦྱིན་བཏང་རྒྱུའི་གོས་སམ་ལ་དུམ་བལ། །དེ་དག་བཤམས་ཤིང་བྲན་ནས་འདོན་བསྒོམ་སྦྲག །སྐད་ཅིག་གིས་རང་ཉིད་ཡི་དམ་གནས་འགྱུར་ནས། རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་དྲིལ་བུ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། སེང་གེའི་ཁྲི་ལ་བཞུགས་པ་ཡེ་ནས་དམ་ཡེ་དབྱེར་མེད་པའི་ཐུགས་ཀར་ཟླ་བའི་གདན་ལ་ཨོྃ་གྱི་མཐར། ཨོཾ་ཨཱ་ཛི་ན་ཛིག་ཧཱུྃ་ཞེས་བསྐོར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་སྲིད་པ་གསུམ་གར་གནས་ཀྱང་རང་དབང་མེད་པར་བཀུག་ནས་མིང་བྱང་ལ་ཐིམ་པས་ཚེ་འདས་དངོས་སུ་གྱུར། འདིར་བདེན་སྟོབས་བརྗོད་ལ་ལན་གསུམ་བཀུག །ཚེ་འདས་ཀྱི་བླ་ཚེ་དེ་ཡང་ལུས་དང་གྲིབ་མ་བཞིན་དུ་དེར་འོང་བ་དང་། ཤ་བའི་རྗེས་སུ་ཁྱི་འོང་བ་ལྟར། བླ་འཁྱེར་བྱེད་པའི་ལྷ་འདྲེ་གནོད་བྱེད་ཐམས་ཅད་ཀྱང་རྗེས་སུ་འོང་ནས་ཀྱང་མདུན་དུ་མགྲོན་ལྟར་འཚོགས་ནས་བདག་གི་བཀའ་ཉན་པར་གྱུར། ཧཱུྃ། ང་ནི་རྣམ་པར་སྣང་མཛད་ཡིན། །ནམ་མཁའ་སྟོང་པ་མཛོད་དུ་བཅས། །བར་སྣང་

p. 153

སྟོང་པ་ལམ་དུ་བསྲང་། །སྲིད་པ་ཆགས་འཇིག་ང་ཡི་ལུས། །ང་ལས་མ་བྱུང་ཅི་ཡང་མེད། །རྒྱལ་ཆེན་རིགས་བཞི་ང་ཡི་བྲན། །ལྷ་སྲིན་སྡེ་བརྒྱད་ང་ཡི་གཡོག །ང་ལས་མ་བྱུང་ཅི་ཡང་མེད། །སྐྱེ་བ་རྣམ་བཞི་ང་ལས་བྱུང་། །འགྲོ་བ་རིགས་དྲུག་སོ་སོར་འགྲོ། །རིགས་ཀྱི་བུ་ཁྱོད་ཚུར་ཉོན་དང་། །ཚེ་ལས་འདས་པ་ཚུར་ཉོན་དང་། །འཇིག་རྟེན་སྲིད་པའི་ཆོས་བཞི་ལས། །སྐྱེས་པའི་ཐ་མ་འཆི་བར་སྲིད། །འདུས་པའི་ཐ་མར་འབྲལ་བར་སྲིད། །སྐྱེ་འཆི་ལོ་རྒྱུས་དེ་ལས་བྱུང་། །སྐྱེ་ཤིའི་འདུ་འབྲལ་བྱུང་། །རི་གཟར་ཁ་ནས་ཆུ་འབབ་བཞིན། །སྐད་ཅིག་སྡོད་པའི་དབང་ཡང་མེད། །ཉོན་མོངས་སེམས་ཅན་སྙིང་རེ་རྗེ། །ལས་ཀྱི་རྒྱ་མཚོ་གཏིང་རེ་ཟབ། །ཚེ་འཕོས་མི་ལུས་སྣང་བ་ཡལ། །ལས་ཀྱི་དབང་གིས་འཁོར་བར་འཁྱམས། །ལུས་ཀྱི་སྒྱུ་མའི་ཕུང་པོ་ཞིག །སེམས་ཀྱི་མེ་ཏོག་ཡལ་ཏེ་སོང་། །དགེ་སྡིག་ལུས་དང་འགྲོགས་ཏེ་བསམ་དུ་མེད། །སྐྱེ་གནས་ལྟུང་བ་བཞི་པོ་གར་སྐྱེས་ཀྱང་། །དཀོན་མཆོག་གསུམ་གྱིས་བྱིན་བརླབས་པས། །ཚེ་འདས་གནས་འདིར་མྱུར་དུ་ཤོག །ཐོགས་མེད་སེམས་དང་བཅས་ཏེ་

p. 154

ཤོག །ཆུ་བུར་མིག་གིས་མ་མཐོང་ཡང་། །འཕགས་པའི་སྤྱན་གྱིས་ས་ལེར་གཟིགས། །གང་ཟག་མཐུ་ཡིས་མ་ཁུག་ཀྱང་། །འཕགས་པའི་ཐུགས་རྗེས་འགུག་ཏུ་གསོལ། །རྫུན་གྱི་ཚིག་གིས་བསླུ་ནས་མི་ཉན་ཡང་། །བདེན་པའི་ཚིག་ལ་ཀུན་ཀྱང་ཉོན། །ཀྱེ་མ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །མི་ལུས་འཇིག་རྟེན་གནས་རབ་འདིར། །མྱ་ངན་འདས་པའི་ཁང་ཕུག་ནས། །དྲི་ཞིམ་སྤོས་ཀྱིས་ཆག་ཆག་གདབ། །ཆགས་པའི་གདན་ནི་བཤམས་ནས་ཀྱང་། །བཀྲ་ཤིས་ལྷ་ཡི་ལོངས་སྤྱོད་ལ། །སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །ཚེ་འདས་རྒྱལ་བའི་སྲས་པོ་ཁྱོད། །དམ་ཚིག་རྗེས་སུ་དྲན་གྱིས་ལ། །སློབ་མའི་ཚུལ་དུ་གཤེགས་སུ་གསོལ། །ཞལ་ཟས་བཤོས་སྐྱེམས་སྣ་ཚོགས་ལ། །མགྲོན་གྱི་ཚུལ་དུ་གཤེགས་སུ་གསོལ། །ཀྱེ་མ་གསུང་སྙན་འདི་ལ་སྐད་ཅིག་ཉོན། །ཐུགས་རྗེའི་ལྕགས་ཀྱུ་འདི་ལ་འཇུས། །ཤེས་རབ་གསལ་བའི་སྒྲོན་མེ་འདི་ལ་ལྟོས། །རྫུ་འཕྲུལ་སྐད་ཅིག་མྱུར་བའི་སེམས་དང་འགྲོག །བརྩོན་འགྲུས་གོ་ཆ་བརྟན་པའི་སེམས་ཐོབ་ལ། །མིང་གཞིའི་རྒྱུ་མའི་ཕུང་པོ་ལ། །དྲན་པའི་སེམས་ཀྱིས་དབང་གྱིས་ལ། །དེང་

p. 155

འདིར་བསྔོས་པའི་གནས་འདིར་མྱུར་དུ་ཤོག །གདུགས་ཕུབ་འདི་ལ་བསིལ་གྲིབ་གྱིས། །འཕན་ཕྲན་འདི་ནི་སྐུ་ཡི་ཚད། །འཕན་ཤིང་འདི་ནི་སྐུ་ཡི་རྟེན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར། །རིན་ཆེན་འབར་བའི་གདན་མཆོག་ལ། །ཚེ་འདས་ཁྱོད་ཉིད་བཞུགས་སུ་གསོལ། །ཧཱུྃ་ཨ་ཀར་ཤ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། །ཨོཾ་ཨཱ་མུ་ཀ་སིདྡྷི་ཧཱུཾ། དེ་ནས་ཆངས་བུ་ཏིང་ལོ་ངར་མི་ཐམས་ཅད་དང་མགྲོན་བཞིའི་མཆོད་པ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་དཔག་ཏུ་མེད་པའི་ནང་དུ། མཆོད་པའི་སྤྲིན་ཕུང་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། མགྲོན་བཞི་སོ་སོའི་སྤྱན་ལམ་དུ་གང་ལ་གང་འདོད་ཀྱི་ལོངས་སྤྱོད་རྒྱ་ཆེ་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ན་མོ། བླ་ན་མེད་པའི་དཀོན་མཆོག་གསུམ། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས། །ཐུགས་རྗེའི་མངའ་བདག་སེམས་དཔའི་ཚོགས། །ཉན་ཐོས་རང་རྒྱལ་ཐམས་ཅད་ལ། །ཞལ་ཟས་ལ་སོགས་མཆོད་སྤྲིན་འབུལ། །ཐུགས་རྗེས་ཚེ་འདས་བསྐྱབ་ཏུ་གསོལ། །གཤེད་དང་བྲལ་ཞིང་ཟས་བསྔོ་ཐོབ། །

p. 156

མཐོ་རིས་ཐར་ལམ་བགྲོད་པ་དང་། །བདག་དང་ཡོན་བདག་བར་ཆད་ཞི། །ཡུན་རིང་འཚོ་བར་བྱིན་གྱིས་རློབས། །ཕྱི་ནང་ཆོས་སྐྱོང་སྲུང་མ་དང་། །དཔལ་མགོན་བདུན་ཅུ་རྩ་ལྔ་ལ། །དཀར་གཏོར་རྒྱན་ལྡན་མཆོད་གཏོར་འབུལ། བདག་གི་མགོན་དང་སྡོང་གྲོགས་མཛོད། །འགྲོ་བ་རིགས་དྲུག་སེམས་ཅན་ལ། །ལྕོག་ཟླུམ་འདོད་ཡོན་རྒྱ་མཚོར་དམིགས། །སོ་སོར་གང་འདོད་མཆོད་སྦྱིན་བསྔོས། །དེ་ལྟར་མཆོད་སྦྱིན་བསོད་ནམས་དེས། །ཚེ་འདས་ཐར་ལམ་ཐོབ་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། །ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། དེ་ནས་ཆངས་བུ་ལྕོག་རྡོག་ཏིང་ལོ་རེ་རེ་ཆབ་ཀྱིས་བྲན་ལ་རིམ་བཞིན་འདི་ལྟར་བརྗོད། ཧཱུྃ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །བདེན་པའི་ཚིག་ལ་མི་ཉན་གང་ཡང་མེད།། སངས་རྒྱས་བཀའ་ལ་མི་ཉན་གང་ཡང་མེད། །དེ་བས་ཁྱོད་ཀྱང་བདེན་པའི་བཀའ་ལ་ཉོན། །ཧཱུྃ། ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །བདུད་དང་ལྕགས་སུ་བབ་པ་ཁྱོད། །

p. 157

ཁྱོད་ཀྱང་སངས་རྒྱས་བཀའ་ལ་ཉོན། །ཁྱོད་ཀྱང་བདེན་པའི་ཚིག་ལ་ཉོན། །དྲི་ཟ་འཆི་ཁའི་སེམས་འཇུག་དང་། །དྲི་ཟའི་ཁྱབ་བྱེད་པི་ཤ་ཙ་ན་དང་། །སྨྲ་འདོད་ལ་སོགས་གནོད་སྦྱིན་རིགས། །ཝ་ར་ཧི་ཏ་ཀུན་དུ་རྟོགས་འདོད་དང་། །ཤ་ཟ་འབྱུང་པོའི་རིགས་གྱུར་པའི། །བྱེ་བ་དུང་ཕྱུར་དཔག་མེད་པ། །གཤིན་པོ་ཐར་པའི་གེགས་བྱེད་པ། །ཚེ་འདས་གཟུགས་བཟུང་གསོན་པོར་གནོད། །ཟ་འདྲེའི་རིགས་གྱུར་ཐམས་ཅད་དང་། །ཡི་དྭགས་གཤིན་རྗེའི་ཆད་པ་ཞེས། །འཇིགས་པའི་གཟུགས་སུ་སྤྲུལ་བྱས་ནས། །ཚེ་འདས་དམྱལ་བར་ཁྲིད་བྱེད་བགེགས། །གལ་ཏེ་མཐོ་རིས་སྐྱེས་ན་ཡང་། །ཚེ་ཐུང་ནད་མང་བྱེད་པའི་བགེགས། །གནོད་བྱེད་ལན་ཆགས་ཐམས་ཅད་ལ། །འདི་གསོན་གྱི་བླ་གླུད་མ་ཡིན་ཏེ། །གཤིན་གྱི་བླ་གླད་འདི་ལོངས་ལ། །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །འདི་ནི་བཟུང་བ་ཐོང་ལ་བཅིངས་བ་ཁྲོལ། བསྡམས་པ་ཀློད་ལ་མནན་པ་ཁྱོག །ཚེ་འདས་འདི་ནི་བཏང་དུ་གསོལ། །ཨོཾ་སརྦ་བྷུ་ཏ་གན་དྷར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཆངས་བུ་ལྕོག་རྡོག་ཏིང་ལོ་རྣམས་མིང་བྱང་གཡས་གཡོན་དུ་

p. 158

ལན་གསུམ་རེ་བསྐོར་ལ། སྣོད་གཙང་གཅིག་ཏུ་བླུག་གོ །དེ་བཞིན་འོག་མ་ཀུན་ལ་འགྲེ། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་ཞེ་སྡང་ལས་ཀྱི་དབང་བཙན་ནས། །དམྱལ་བའི་གནས་ན་འདུག་པ་སྲིད། །དམྱལ་བའི་དེད་དཔོན་ཆེན་པོ་ནི། །རཀྟ་གླང་གི་མགོ་བོ་ཅན། །གཏི་མུག་ཕག་གི་མགོ་བོ་ཅན། །ཞེ་སྡང་སྦྲུལ་གྱི་མགོ་བོ་ཅན། །འདོད་ཆགས་བྱ་ཡི་མགོ་བོ་ཅན། །ང་རྒྱལ་ཁྱི་ཡི་མགོ་བོ་ཅན། །ཁྱོད་ཀྱི་ལག་ན་བླ་འདུག་སྲིད། །གསོན་གྱི་བླ་གླུད་མ་ཡིན་ཏེ། །གཤིན་གྱི་བླ་གླུད་ཆ་གཅིག་འབུལ། །ལས་ངན་འདི་ནི་བཏང་དུ་གསོལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་མན་ན་ར་ཀ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གོང་ལྟར་སྐོར་ལ་བླུག །ཧཱུྃ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ཁྱོད་ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་སེར་སྣ་

p. 159

ལས་ཀྱི་དབང་བཙན་པས། །ཡི་དྭགས་གནས་སུ་འདུག་པ་ཡིན། །ཡི་དྭགས་གནས་སུ་འདུག་པ་ན། །ཁྱོད་ཀྱི་ལུས་ནི་ཤི་བ་ཡིན། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །སེར་སྣ་དག་གིས་ཁྱོད་རེ་བསླུས། །སེར་སྣ་དག་གིས་ཁྱོད་རེ་བཅིང་། །སེར་སྣ་འཇུར་གེགས་རྣམ་སྨིན་གྱིས། །ད་ལྟ་ཡི་དྭགས་གནས་ན་འདུག །ཡི་དྭགས་རྒྱལ་མོ་ཁ་འབར་མ། །ཁ་འབར་མ་དང་འཇུར་གེགས་མ། །ཡི་དྭགས་ནང་གི་སྒྲིབ་པ་ཅན། །ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན། །ལ་ལས་ཟོས་ཀྱང་འགྲང་པ་མེད། །ལ་ལས་ཟོས་ཀྱང་དུག་ཏུ་མཐོང་། །ལ་ལས་ཟས་ལ་ཟ་དབང་མེད། །ལ་ལས་སྐོམ་ལ་མེ་དཔུང་མཐོང་། །ལ་ལས་རྣག་ཁྲག་དག་ཏུ་མཐོང་། །ལ་ལས་ཟས་ལ་མེ་དཔུང་མཐོང་། །སྐོམ་དུ་དེ་ནི་འཐུང་དབང་མེད། །དེ་འདྲའི་སྡུག་བསྔལ་བསམ་མི་ཁྱབ། །དེ་རང་གིས་བྱས་པའི་རྣམ་སྨིན་ཡིན། །དེ་བས་འགྱོད་པ་དྲག་པོ་སྐྱེས། །གཤེད་མ་ཁྱོད་ལ་གླུད་གཅིག་འབུལ། །གསོན་གྱི་བླ་གླུད་མ་ཡིན་ཏེ། །ཚེ་འདས་བླ་གླུད་འདི་འབུལ་ལོ། །ཚེ་འདས་འདི་ལ་བདུད་མ་བྱེད། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་

p. 160

པ་གློད་ལ་མནན་པ་ཁྱོག །བདེ་བར་ཐོངས་ལ་ཡང་བར་ཞོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་པྲ་ཏ་ཀ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ཁྱོད་ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་ནི་གཏི་མུག་ལས་ཀྱི་དབང་བཙན་པས། །གཏི་མུག་དབང་གིས་ཁྱོད་རེ་བསླུས། །གཏི་མུག་ལས་ཀྱིས་ཁྱོད་རེ་བཅིངས། །གཏི་མུག་ལས་ཀྱི་རྣམ་སྨིན་གྱིས། །ད་ལྟ་བྱོལ་སོང་གནས་སུ་འདུག །བྱོལ་སོང་དེད་དཔོན་གདུག་རྩུབ་ཆེ། །ཀླུ་ཆེན་བརྒྱད་པོ་འདི་ལྟ་སྟེ། །དགའ་བོ་འཇོག་པོ་པདྨ་དང་། །ནོར་རྒྱས་དང་ནི་དུང་སྐྱོང་དང་། །ཀླུ་ཆེན་བརྒྱད་པོ་རིགས་བཞི་སོགས། །ཀླུ་བདུད་དང་ནི་མཚོ་སྨན་དང་། །གཉན་དང་ས་བདག་ལ་སོགས་པ། །ཁྱོད་ཀྱི་ལག་ན་བླ་འདུག་སྲིད། །ཀླུ་རིགས་རྣམས་ལ་གླུད་འདི་འབུལ། །གསོན་གྱི་བླ་གླུད་མ་ཡིན་ཏེ། །ཚེ་ལས་འདས་པའི་བླ་གླུད་དང་། །དཀར་གསུམ་མངར་གསུམ་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་

p. 161

མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་ནཱ་ག་ཏིདྨ་ཀ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཕྲག་དོག་བྱས་པའི་རྣམ་སྨིན་གྱིས། །ཁྱོད་ད་ལྟ་ལྷ་མིན་གནས་ན་འདུག །ཕྲག་དོག་དབང་གིས་ཁྱོད་རེ་བསླུས། །ཕྲག་དོག་ལས་ལ་གྲུབ་པ་ཡིན། །ལྷ་མིན་རྒྱལ་པོ་ཐགས་བཟང་རིས། །གཤིན་རྗེ་གཤེད་དང་སྟོབས་ཆེན་གྱི་།ཁྱོད་ཀྱི་ལག་ན་བླ་འདུག་ན། །གསོན་པོའི་བླ་གླུད་མ་ཡིན་ཏེ། །ཚེ་འདས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་སརྦ་ཨ་སུ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ལེ་ལོ་གཡེང་བའི་དབང་བཙན་ནས། །ལྷ་ཡི་གནས་སུ་འདུག་པ་

p. 162

སྲིད། །ལྷ་ཡི་གནས་ན་འདུག་པ་ན། །ལེ་ལོ་གཡེང་བས་ཁྱོད་བསླུས་ཏེ། །སྐྱེ་མཆེད་རིགས་བཞིའི་ལྷ་རྣམས་དང་། །གཞན་འཕྲུལ་དབང་བྱེད་ལྷ་རྣམས་དང་། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་། །སུམ་ཅུ་རྩ་གསུམ་ལྷ་རྣམས་དང་། །ད་ལྟ་ལྷ་ཡི་གནས་སུ་སྐྱེས། །ལྷ་མིན་འཁྲུག་པས་ཁྱོད་རེ་བསླུས། །ང་རྒྱལ་དབང་གིས་ཁྱོད་རེ་བཅིངས། །ལེ་ལོ་གཡེང་བས་ཁྱོད་རེ་བསླུས། །ངན་སོང་གསུམ་དུ་ལྟུང་ལ་ཁད། །ལྷ་བས་བདུད་དུ་གྱུར་པ་སྲིད། །ལྷ་བས་བདུད་དུ་གྱུར་པ་ན། །གསོན་གྱི་བླ་གླུད་མ་ཡིན་པ། །ཚེ་འདས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་བྱེད་ཅིག །ཨོཾ་སརྦ་ལོ་ཀ་དེ་ཝ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་འདོད་ཆགས་ལས་ཀྱི་དབང་བཙན་ནས། །མི་ཡི་གནས་སུ་འདུག་པ་སྲིད། །མི་ཡི་ཡུལ་དུ་འདུག་པ་ན། །འདོད་ཆགས་

p. 163

དབང་གིས་ཁྱོད་རེ་བསླུས། །འདོད་ཆགས་དབང་གིས་ཁྱོད་རེ་བཅིངས། །འདོད་ཆགས་དབང་གི་རྣམ་སྨིན་གྱིས། །ད་ལྟ་མི་ཡི་གནས་སུ་སྐྱེས། །ལྷ་སྲིན་སྡེ་བརྒྱད་གདུག་པ་ཆེ། །ཀླུ་དང་མ་མོ་གཤིན་རྗེ་དང་། །གཟའ་དང་བདུད་དང་བཙན་རྣམས་དང་། །ཡུལ་ལྷ་སྨན་དང་སྡེ་བརྒྱད་སོགས། །སྐྱེ་འགྲོ་མི་ཡི་སྲོག་ལ་འཇབ། །ཁྱོད་ཀྱི་ལག་ན་བླ་འདུག་སྲིད། །ཁྱོད་ཀྱི་ལག་ན་བླ་འདུག་ན། །གསོན་གྱི་བླ་གླུད་མ་ཡིན་པ། །ཚེ་འདས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོགས། །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ། བཀའ་ལ་ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་ནི་ཚེ་ལས་འདས་པ་ཡིན། །ཁྱོད་ལས་ངན་སྤྱད་པའི་རྣམ་སྨིན་གྱིས། །འགྲོ་བ་རིགས་དྲུག་གནས་ན་འདུག །ཁྱོད་ང་རྒྱལ་ལས་ཀྱི་དབང་བཙན་ནས། །ཁྱོད་རྒྱལ་པོའི་ལག་ཏུ་བླ་འདུག་པས། །རྒྱལ་པོའི་ལག་ཏུ་བླ་འདུག་ན། །སྲོག་བདག་དུང་གི་ཐོར་ཚུགས་ཅན། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་བྱེད། །པེ་

p. 164

ཀར་རྒྱལ་པོ་ཤིང་བྱ་ཅན། །ཁྱོད་ཆོས་འཁོར་ཡོངས་ཀྱི་སྲུང་མར་བསྐོས། །ཙིའུ་དམར་འགོང་པོ་སྤུན་དགུ་དང་། །རྒྱལ་འགོང་དམ་སྲི་ཐམས་ཅད་ནི། །སྐྱེ་འགྲོ་ཀུན་གྱི་བདུད་དུ་བབ། །ལན་ཆགས་བྲལ་ཞིང་གླུད་འདི་ལོངས། །གསོན་གྱི་བླ་གླུད་མ་ཡིན་པ། །ཚེ་འདིས་བླ་གླུད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམ་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག །ཨོཾ་ར་ཙ་གིང་ཀ་ར་སརྦ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །ཁྱོད་བདུད་ཀྱི་ལག་ན་འདུག་ཀྱང་སྲིད། །བདུད་ཀྱི་ལག་ན་འདུག་པ་ན། །བདུད་པོ་རེ་སྡེ་མགོ་ཉག་དང་། །ནག་པོ་བཀྲག་མེད་ཁམས་པ་མི་ཟན་དང་། །ཡབ་རྗེ་ནག་པོ་ལ་སོགས་མཆེད་བརྒྱད་དང་། །ལྕམ་དྲལ་བཅུ་གཉིས་མ་བདུད་རྒྱལ་མོ་དང་། །ཀོང་བཙུན་དེ་མོ་བརྟན་མ་བཅུ་གཉིས་སོགས། །དམ་སྲི་འགོང་པོ་ལ་སོགས་འཁོར་བཅས་རྣམས། །ཚེ་འདས་བླ་གླད་འདི་བཞེས་ལ། །ཚེ་འདས་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཚེ་འདས་འདི་ལ་གནོད་པ་མ་བྱེད་

p. 165

ཅིག །ཨོཾ་སརྦ་རུ་ཏྲ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་བཙན་གྱི་ལག་ན་འདུག་པ་སྲིད། །བཙན་ཡུལ་རྒྱལ་པོ་འཁོར་དང་བཅས། །བཙན་རྒྱལ་སྟག་ཤ་ཚོང་དཔོན་རྡོ་རྗེ་ལེགས་པ་སྟེ། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །ཤར་ཕྱོགས་གངས་རི་དཀར་གྱི་བཙན། །ལྷོ་ཕྱོགས་བཻཌཱུར་སྔོན་པོའི་བཙན། །ནུབ་ཕྱོགས་གཡའ་རི་དམར་པོའི་བཙན། །བྱང་ཕྱོགས་ཨིནྡ་ལྗང་གུའི་བཙན། །དབུས་གཙང་ཕུ་བཙན་མདའ་ཡི་བཙན། །ཉིན་རི་སྲིབ་རི་བར་གྱི་བཙན། །རི་བོ་སྟོང་གི་བཙན་དང་ནི། །ཕུ་བཙན་ཀློང་རྗེ་བཙན་པོ་ནི། །ས་བཙན་བྱེ་བའི་ཕག་ཐོད་དང་། །མ་བཙན་སྐྱེས་བུ་ལུང་བཙན་དང་། །འཇིག་རྟེན་ཁམས་ཀྱི་བཙན་རྣམས་དང་། །མ་ལུས་འཁོར་དང་བཅས་པ་ལ། །སྣང་སྲིད་ལྷ་འདྲེ་མ་ལུས་དང་། །འགྲོ་བ་རིགས་དྲུག་ཐམས་ཅད་ལ། །གླུད་དང་གསེར་སྐྱེམས་དམ་པ་དང་། ལོངས་སྤྱོད་རྒྱན་དང་ལྡན་པ་ནི། །ཚེ་ལས་འདས་པ་འདི་བཞེས་ཉིད། །ལན་ཆགས་གླུད་གཏོར་འདི་བཞེས་ལ། །བདུད་དང་ལྕགས་སུ་མ་བྱེད་ཅིག །ཚེ་འདས་བཟུང་བ་

p. 166

ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །བདེ་བར་ཐོངས་ལ་ཡངེས་བར་ཞོག །ཚེ་ལས་འདས་པའི་བདུད་མ་བྱེད། །ཨོཾ་སརྦ་ཤུ་ལ་ཨི་དཾ་བྷ་ལི་ཏ་ཁ་། ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། གསོན་བདུད་གཤིན་ལྕགས་འབྱུང་པོའི་ཚོགས། །བླ་གླུད་མཆོད་སྦྱིན་འདི་བཞེས་ལ། །ལན་ཆགས་བུ་ལོན་བྲལ་བར་ཤོག །གསོན་པོ་ཚེ་ཡི་བདུད་དཔུང་ཤིག །གཤིན་གྱི་དུས་སུ་ལྕགས་མ་བྱེད། །གསོན་བདུད་གཤིན་ལྕགས་བྱེད་པ་འདི། །ཀུན་གྱིས་བསྡོང་ཡ་མ་བྱེད་ཅིག །རྒྱབ་རྟེན་དཔུང་གཉེན་མ་བྱེད་ཅིག །སརྦ་བྷ་ཏ་གཙཱ། ཞེས་བརྗོད་གཞུང་ཆུའི་ནང་དུ་བསྐུར། །འབྲོག་པ་སོགས་ཀྱིས་ར་ལུག་དངོས་སུ་བསྔོ། །ཚེ་ཐར་བཏང་བས་དབུལ་པོར་སྦྱིན་སྲོལ་ཡོད། །མེད་ན་ར་ལུག་གཟུགས་དང་ངར་མི་བྲན། །ཧཱུྃ། ང་ནི་ཆེ་མཆོག་ཧེ་རུ་ཀ །བར་སྣང་ཡངས་པའི་བང་མཛོད་དུ། །མང་དུ་བྱུང་སྟེ་ཆགས་འཇིག་བསྲང་། །ཀྱེ་དང་པོ་གླུད་བྱུང་གང་ནས་བྱུང་། །།གླུད་བྱུང་དང་པོ་འདི་ལྟར་བྱུང་། །ཀྱེ་ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བྲག་ཆེན་མོན་བྲག་སྔོན་པོའི་ནང་། །མོན་ལུག་བླ་སྒང་ཉལ་བ་གཟིགས། །མོན་རྗེ་རྒྱལ་པོ་དེར་འཛིན་དེས། །

p. 167

དར་དཀར་ཡུག་གཅིག་ཁས་ཀྱིས་བཟུང་། །ཕྱི་ལ་བལྟས་པས་མཆོག་ཏུ་བཟུང་། །ནང་དུ་བལྟས་པས་ལུགས་སུ་གསོལ། །དཀའ་བས་མ་རྙེད་མི་ལས་བཙལ། །སྲ་བ་དེ་ནི་བྲག་ལ་བརྐོས། །མོན་གྱི་ལུ་གུ་ལ་སོགས་པ། །རྒྱ་ཡི་རྒྱལ་པོས་མིང་བཏགས་པ། །རྒྱ་ཡི་མོན་པ་ལ་སོགས་པ། །བོད་པ་རྣམས་ཀྱིས་མིང་བཏགས་པ། །མོན་ལུག་བླ་སྒང་ལ་སོགས་པ། །གཉན་པ་དེ་ནི་བདུད་གཉན་དང་། །ཆེ་ཞིང་བཙན་པ་རྒྱལ་པོ་ལགས། །རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། །རྒྱ་ནག་གཙུག་ལག་རྒྱལ་པོ་ཨ་དང་། །སྟག་གཟིག་ནོར་གྱི་རྒྱལ་པོ་དང་། །གེ་སར་དམག་གི་རྒྱལ་པོ་དང་། །རྒྱལ་པོའི་ཡུལ་ཕྱོགས་ཕ་ཀི་ན། །རྒྱལ་པོ་ཐོད་བཟུང་བོད་ཀྱི་ཡུལ་རྒྱལ་ནི། །།དུང་གི་མི་ཕོ་དཀར་པོ་ནི། །སྤྱན་བཟང་གཡུ་ཡི་སྨིན་མ་ཅན། །རྒྱལ་པོ་གཤེགས་པ་གནམ་དུ་གཤེགས། །ཀོང་ཡུལ་བྲག་དམར་ལོགས་སུ་གཤེགས། །ཆོས་འཁོར་རྒྱལ་པོ་དབུས་སུ་གཤེགས་།བསམ་ཡས་དབུ་ཡི་མངའ་གསོལ་བ། །གནམ་ལྷ་དབང་ཕྱུག་གསོལ་དུ་འབུལ། །བཙན་ལ་ཡས་དང་ཕུད་འཇལ་ལོ། །ཚེ་འདས་བླ་ལུག་འདི་ཡི་གླུད། །ཤར་

p. 168

བཙན་མི་དཀར་རྟ་དཀར་ཅན། །སྐྱེས་བུ་དཀར་པོ་དུང་གི་བཙན། །ཉི་མ་ལྷོ་ཡི་ལྷོ་བཙན་ནི། །མི་སྔོན་རྟ་སྔོན་གཡུ་ཡི་བཙན། །ཉི་མ་ནུབ་བཙན་ཟངས་ཀྱི་མདོག །བྱི་རུའི་མི་དམར་རྟ་དམར་ཅན། །ཉི་མ་བྱང་བཙན་སེར་པོ་ནི། །གསེར་གྱི་མི་སེར་རྟ་སེར་ཅན། །གསེར་གྱི་བོ་དཀར་སྐྱེས་གཅིག་པོ། །དབུས་བཙན་མི་སྤྲ་རྟ་རུ་སྤྲ། །བཙན་བདུད་གཉན་སོགས་འཁོར་གྱིས་བསྐོར། །གཤིན་ཚེ་འདས་བླ་འདི་ལུག་གིས་བསླུ། །གཤིན་ར་རྒྱ་བོ་ར་འདི་བཀར། །ལྕགས་ཀྱི་ཕ་ནི་མོན་པ་འདྲ། །མ་ནི་བོག་ཡིན་སྲིན་མོའི་ཚོགས། །དེ་གཉིས་སྲིད་ཅིང་སྤྲུལ་པ་ལ། །བརྟན་མ་བཅུ་གཉིས་བུ་རུ་བལྟམས། །བརྟན་མ་བཅུ་གཉིས་ཕྱག་ཏུ་གླུད་འབུལ་ལོ། །གཤིན་ཚེ་འདིས་བློ་འདི་ལུག་གིས་བསླུ། །གཤིན་ར་རྒྱ་བོ་ར་འདི་བཀར། །ནམ་མཁའ་དབྱིངས་ཀྱི་འཇིག་རྟེན་ཁམས། །ཐོགས་པ་མེད་པར་རྒྱུག་པ་རྣམས། །ཚེ་ལས་འདས་པའི་བླ་འདི་ལུག་གིས་བསླུ། །ས་བདག་ལག་ནས་བླ་འདི་ལུག་གིས་བསླུ། །བསླུ་ནི་སེམས་ཀྱི་བླ་ལྟར་བསླུ། །ཉོ་ནི་རིན་ཆེན་གསེར་ལྟར་ཉོ། །ལྷ་གཉན་གངས་དཀར་རྩེ་ལ་གཤེགས། །ཀླུ་གཉན་རྒྱ་མཚོའི་

p. 169

གཏིང་དུ་གཤེགས། །རྒྱལ་པོ་ཆོས་འཁོར་གླིང་དུ་གཤེགས། །བདུད་གཉན་བྲག་ནག་ལོགས་སུ་གཤེགས། །ཚེ་ཡི་གཤེད་མ་ལྕགས་ར་འདི་ཡིས་བཀར། །དང་པོ་གསོན་པོའི་བདུད་ལ་བབ། །ཐ་མ་གཤེད་ཀྱི་ལྕགས་སུ་མི་འབབས་པར། །བླ་གླུད་གཤེད་ར་གཤེད་ལུག་འབུལ། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །བདེ་བར་ཐོངས་ལ་ཡངས་པར་ཞོག །འབང་ཀ་མེད་ན་བཀའ་རྒྱ་བཅུ་གཅིག་ཡོད། །མཁར་ནི་འོམ་བུ་གླང་མཁར་གཤེགས། །བསོད་རྩི་རྩོད་ན་ཁྱོད་དབང་མེད། །གླུད་དང་སྤྲ་ལ་དེང་དབང་གི །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་འདི་ར་ཡིས་བཀར། །མོན་ལུག་བླ་སྒང་ལྕགས་ར་འདི། །གསོན་གྱི་བླ་གླུད་མ་ཡིན་ཏེ། །དོ་ནུབ་གཤིན་གྱི་བླ་གླུད་ལགས། །བཟུང་བ་ཐོང་ལ་བཅིངས་པ་ཁྲོལ། །རྒྱལ་བ་ང་ཡི་བཀའ་ལ་ཉོན། །བདུད་པོ་ནག་པོ་བཀྲག་མེད་ལགས། །གཅེར་བུ་མགོན་མེད་འཆི་བ་ཕྲེང་ཐོགས་ཡིན། །གཅོད་པ་སྟར་ཐོགས་ཟེད་པ་སྐྱོགས་ཐོགས་ཡིན། །ཤོར་བ་གཞུ་ཐོགས་རེ་སྡེ་མགོ་ཉག་ཡིན། །ཆིབས་སུ་ཆིབས་པ་མི་ནག་ཟངས་གཡག་

p. 170

ཆིབས། །རྟ་ནག་ཆིབས་ཤིང་རི་ཁྱི་སྔོན་མོ་ཁྲིད། །སྔ་ཞགས་མདའ་འཕེན་ཕྱི་ཞགས་དུག་ལྟར་སྒོངས། །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་ནི་ར་ཡིས་བཀར། །གླད་དང་ཁལ་ལོངས་ཤིག །ཀྱཻ། བཙན་གྱི་སྐྱེས་པོ་གནམ་གྱི་རྔ་ཡབ་ཅན། །བཙན་གྱི་ཁྱི་མོ་ས་ཡི་ཆགས་མོ་བཙུན། །ཡབ་ཀྱི་བཙན་གསོལ་གནམ་བཙན་མཐིང་ཡུམ་རྗེ། །རྗེ་ལ་བཙན་གསོལ་ས་ཡི་ཕྱི་མོ་བཙུན། །སྲས་ནི་བཙན་སྡེ་སྟོང་ཁམས་སྲིད། །ཡ་བ་སྐྱ་གཅིག་རོལ་པ་སྐྱ་བདུན་བཙན། །ཁམས་པ་སྐྱ་བདུན་བྲག་བཙན་རོལ་པ་དང་། །ས་བཙན་གངས་མཚོ་ཆུ་བཙན་ར་ཆེན་དང་། །ཤིང་བཙན་གཅིག་ལ་རྡོ་བཙན་བྱུག་པ་དང་། །ས་བཙན་ཉི་རྡོལ་སྤྲིན་བཙན་འཆིང་གཏུམ་རྗེ། །ཤར་བཙན་མི་སེར་རྟ་སེར་ཉི་མ་ཁ། །ལྷོ་བཙན་མི་སྔོན་རྟ་སྔོན་གཡུ་ཡི་གདོང་། །ནུབ་བཙན་མི་ནག་རྟ་ནག་ལྭ་ནག་ཅན། །བྱང་བཙན་མི་སྨུག་རྟ་སྨུག་ཕོད་དཀར་ཅན། །བཙན་སྡེ་ཁ་བཞི་བཙན་གྱི་རྒྱལ་པོ་བ། །སྐྱེས་བུ་ལུང་བཙན་བཙན་གྱི་རྗེ་བོ་བ། །གླང་རྗེ་བཙན་པོ་བཙན་གྱི་བློན་པོ་པ། །བྱི་བ་ཕག་ཐོད་སྐྱེས་བུ་ཕྱག་བརྙན་པ། །སྤྱི་བཙན་གྲི་ཕག་བླ་རྗེའི་

p. 171

ཕྱག་བརྙན་པ། །ནུབ་བཙན་ཉུལ་པོ་བྱ་ཡི་ཕྱག་བརྙན་པ། །མ་བདུད་དཔོན་སློབ་ཕྱག་བརྙན་སྐར་མདའ་འཁྲུགས། །ཉུལ་བ་ཉུལ་བ་གསོད་པ་གྲི་ལྟར་འབེབས། །འཁྱུག་བདས་བྲེང་འཁྱིལ་དོན་དམ་ལུག་གིས་བསླུས། །གཤེད་མ་ལྕགས་ནི་ར་ཡིས་བསླུ། །གླུད་དང་ཁལ་ལོངས་ཤིག །ཚེ་འདས་འདི་ལ་གནོད་པ་མ་བྱེད་ཅིག་སྣམ་བདུད་རྒྱལ་མོ་གོ་ཟུ་ལེབ་ཆུང་གསོལ། །དེ་ཡི་བཀའ་ཉན་ཤར་གྱི་གངས་དཀར་སྨན། །ལྷོ་ཡི་སྐྱི་འཐིང་ཡ་མ་སྐྱོང་། །ནུབ་ཀྱི་ཁུག་ཆོས་དབྱར་མོ་བསིལ། །བྱང་གི་ཏིང་ཏིང་ཏིང་མོ་བཙུན། །རང་གི་ཆས་བདེ་བྲག་གསུམ་བློ་བདེ་མ། །བ་ལམ་གྱི་ནི་དྲེལ་སྣ་མོ། །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་འདི་ར་ཡིས་བཀར་། །ཚེ་འདས་ལ་གནོད་པ་མ་བྱེད་ཅིག །གླུད་དང་ཁལ་ལོངས་ཤིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ས་བདག་ཆེན་པོ་རུ་བཞི་ནི། །དབུས་ཀྱི་ས་བདག་པ་ཏི་ལ། །གཙང་བཙན་གཙང་ཀུན་འཁོར་བ་དང་། །ཧོ་བན་དང་ནི་ཐེ་སེ་དང་། །བེའུ་སྣ་ཡི་ལག་ཆེན་དང་། །ས་བདག་ཀླུ་གཉན་ཆེན་པོ་

p. 172

དང་། །འཛམ་གླིང་མཐུ་ཆེན་དབང་སྒྱུར་བ། །ཡེ་ཤེས་ཤུག་དང་བསམ་པ་ཙམ་གྱིས་ནི། །ནམ་མཁའི་ཁམས་ལ་ཐོགས་པ་མེད་པར་གྱུར། །དོན་དམ་བླ་འདི་ལུག་གིས་བསླུ། །གཤེད་མ་ལྕགས་འདི་ར་ཡིས་བཀར། །ཚེ་འདས་འདི་ལ་མ་གནོད་ཅིག །བླ་འཛིན་མཆེད་སྡེ་བཞི་རྣམས་ནི། །མཚམས་བཞིར་གནས་པའི་གཤེད་པོ་ནི། །ལུས་པོ་མི་ཡི་ལུས་པོ་ལ། །ཁྱི་འབྲུག་གླང་གི་མགོ་བོ་ཅན། །ལྟོ་འཕྱེ་སྦྲུལ་གྱི་མཇུག་མ་ཅན། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །གཤིན་ལྕགས་གསོན་བདུད་བྱེད་པ་རྣམས། །བླ་གླུད་ངར་མི་ཆངས་བུ་ལོངས། །ཁྱེད་ཅག་འདོད་པ་ཚིམ་གྱུར་ཅིག །ཚེ་འདས་བླ་ཡིད་གསུམ་པོ་ལ། །སྦྲུལ་གྱི་མཇུག་མས་མ་འཁྱུད་ཅིག །ལག་པ་སྡེར་མོས་མ་འཇུ་ཞིག །བླ་གླུད་བཟང་པོ་འདི་ཁྱེར་ཅིག །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །གླུད་དང་ངར་མི་ཆངས་བུ་བཞེས། །ལྕགས་རི་ནག་པོའི་རྒྱབ་ཏུ་སོང་། གླིང་བར་མུན་པའི་ནང་དུ་སོང་། །སྡེ་བརྒྱད་གཞན་རྣམས་རང་གནས་གཤེགས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །བདག་ཉིད་རྣམ་སྣང་ཐུགས་ཀ་ནས། །སྤྲུལ་པའི་

p. 173

ཁྲོ་ཚོགས་དཔག་མེད་ཀྱིས། །བགེགས་རྣམས་བསྐད་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ངར་མི་ར་ལུག་གཟུགས། སྤར་ཁ་གང་ལ་ཤི་བའི་འདྲེ་ལྔ་བདུད་གཅོད་གནས་པའི་ཕྱོགས། །ཡང་ན་ཚེ་འདས་དེ་ཉིད་ཀྱི། །ལོ་བདུད་ཕྱོགས་སུ་འབུལ་རྒྱུ་བསྐུར། །སུམྦྷ་ནི་བརྗོད་ནས་ལྕག་བྲབ། དེ་ནས་སྲུང་བའི་འཁོར་ལོ་བསྒོམས་བྱས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། དེ་ནས་ཚེ་ལས་འདས་པའི་རྣམ་ཤེས་དང་། ཚེ་འདས་གཟུགས་བཟུང་བའི་བླ་གཉིས་པོ་མདུན་དུ་སྤྱན་དྲངས་དམིགས་ཤིང་ཟས་གཏད་པ། བྷཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཧཱུྃ། སྲིད་རྩེ་མི་སྣང་སྟོང་པ་ལས། །མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །ཚེ་འདས་གཤིན་གྱི་བླ་དེ་ནི། །སྐྱེ་བའི་ཆོ་འཕྲུལ་དེར་སྐྱེ་ནས། །ཡོན་ཏན་སྲུང་མའི་ཚོགས་རྣམས་ཀྱིས། །ཡིད་འོང་སྤྲིན་ལྟར་གཏིབས་ལ་བྱོན། །སྐད་ཅིག་ད་ལྟ་མྱུར་བར་བྱོན། །བང་ཡང་གློག་བས་མྱུར་བར་བྱོན། །ཀྱེ་གསོན་ཅིག་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ། །ངན་སོང་འཁོར་བའི་གནས་ནས་འདོན་པ་ལ། །བླ་མེད་དཀྱིལ་འཁོར་རྩ་ནས་བཞེངས་པའི་ཕྱིར། །ཚེ་འཕོས་འདས་པའི་བུ་ཁྱོད་

p. 174

ཅུང་ཚུར་གསོན། །སྐྱེ་ཤིའི་མཚམས་ནས་དབུ་ཡར་ཁྱོག །ཡོད་མེད་མཚམས་ནས་ཞལ་ཚུར་སྟོན། །ཁྱོད་སྣང་སྲིད་མཚམས་ནས་སྙོན་ཚུར་གསོན། །ཁྱོད་མདང་གསུམ་མོར་གཟིམ་འོག་མིན་དགའ་ལྡན་གནས། །ད་ནངས་ཡར་བཞེངས་དཀྱིལ་འཁོར་ལྷ་ཡི་འགྲམ། །དཀྱིལ་འཁོར་བླ་མའི་མདུན་ནས་ཡར་ཡར་བཞེངས། །ཁྱོད་གཅིག་པུར་ཤི་བ་མ་ལགས་ཏེ། །སྔོན་གྱི་མེ་ཏོག་ཟླ་མཛེས་ཇི་བཞིན་དུ། །འཕང་བཙུན་འདས་པ་ཁྱོད་ཀྱང་དེ་བཞིན་བཞེངས། །བཀྲ་ཤིས་བུམ་པ་འདི་ལ་བརྟེན་ཏེ་བཞེངས། །ན་བཟའ་མཛེས་སྡུག་འདི་ལ་བརྟེན་ཏེ་བཞེངས། །བླ་བྲེ་གདུགས་ཕུལ་འདི་ལ་བརྟེན་ཏེ་བཞེངས། །འཕན་ཕྲན་ལུས་ཚད་འདི་ལ་བརྟེན་ཏེ་བཞེངས། །མཚན་བཟང་ཐུགས་རྟེན་འདི་ལ་བརྟེན་ཏེ་བཞེངས་། །ཀྱེ་མ་ཉོན་མོངས་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་སུ་ཡུན་རེ་རིང་། །ལས་ཀྱི་རྒྱ་མཚོ་གཏིང་རེ་ཟབ། །སྲིད་པའི་འཁོར་ལོ་དབང་རེ་ཆེ། །ལོག་པའི་རྣམ་ཤེས་ཁ་རེ་དྲག །འཁྲུལ་པའི་བག་ཆགས་སྤངས་རེ་དཀའ། །དམྱལ་བའི་སྡུག་བསྔལ་ཡུན་རེ་ཚ། །ལུས་བརྗེས་ཕུང་པོ་ཉོན་རེ་མོངས། །ཐུགས་རྗེས་དྲངས་པའི་དུས་ལ་

p. 175

བབ། །ཐར་ལམ་དབྱེ་བའི་དུས་ལ་བབ། །སྒྲིབ་པ་སྦྱོང་བའི་དུས་ལ་བབ། །བསོད་ནམས་བསྐྱེད་པའི་དུས་ལ་བབ། །ལོངས་སྤྱོད་སྟེར་བའི་དུས་ལ་བབ། །གཤིན་གསོན་འཇལ་བའི་དུས་ལ་བབ། །དུས་ལ་བབ་ཀྱི་ཚེ་འདས་ཁྱོད། །བཀའ་དང་དམ་ལ་མ་འདའ་བར། །འབོད་པའི་གནས་འདིར་མྱུར་དུ་ཤོག །འཁོར་བའི་གནས་སུ་ཟླཡུན་རིང་པས། །།ཐུགས་རྗེའི་ལྕགས་ཀྱུ་དྲན་པར་གྱིས། །ལས་ཀྱི་རྒྱ་མཚོ་གཏིང་ཟབ་ལ། །བརྩོན་འགྲུས་གྲུ་གཟིངས་དྲན་པར་གྱིས། །སྲིད་པའི་འཁོར་ལོ་དབང་ཆེན་ལ། །རྟེན་འབྲེལ་སྒྱུ་མ་དྲན་པར་གྱིས། །ལོག་པའི་རྣམ་ཤེས་ཁེ་དྲག་ལ། །བཀའ་དང་དམ་ཚིག་དྲན་པར་གྱིས། །འཁྲུལ་པའི་བག་ཆགས་སྤང་དཀའ་ལ། །ཆོས་ཉིད་བདེན་པ་དྲན་པར་གྱིས། །དམྱལ་བའི་སྡུག་བསྔལ་མི་བཟོད་ལ། །ཚད་མེད་ཆོ་ག་དྲན་པར་གྱིས། །རྒྱུ་དྲུག་གནས་སུ་འཁོར་བ་ལ། །ཕ་རོལ་ཕྱིན་དྲུག་དྲན་པར་གྱིས། །མི་དགེ་བཅུ་པོའི་སྡིག་བགྱིས་ལ། །དགེ་བ་བཅུ་པོ་དྲན་པར་གྱིས། །ལུས་བརྗེས་ཕུང་པོ་ཉོན་མོངས་ལ། །ལྷ་ལུས་བདེ་བ་དྲན་པར་གྱིས། །དེ་ལྟར་སྤྱོད་དང་སྐྱེས་བུ་ཁྱོད། །སྤྱོད་ཡུལ་དག་

p. 176

པའི་ཞིང་ཁམས་དང་། །རང་དབང་རྒྱལ་བའི་ཏིང་འཛིན་གྱིས། །བགྲོད་པའི་གནས་འདིར་བྱོན་པར་ཤོག །ནྲྀ་ཛཿཧཱུྃ་བཾ་ཧོཿ བྱང་གདན་གཤེད་གཞི་དཀར་པོ་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་སྲས་དྲི་མེད་གྲགས་པ་ཞེས་བྱ་བ། །ཉན་ཐོས་ལྷ་ཡི་དབང་པོའི་དབུས་སུ་ནི། །གདན་མེད་དེ་དག་ཐང་ལ་བཞུགས་པ་ལ། །ཉན་ཐོས་ལྷ་ཡི་སེམས་ཡིད་མ་བདེ་ཚེ། །རྫུ་འཕྲུལ་དག་གིས་ཀུན་ལ་གདན་བཏིང་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །འཇམ་ཞིང་བདེ་བའི་གདན་ལ་བཞུགས་སུ་གསོལ། །ནི་ཛཏིཥྛ་ལྷན། དེ་ནས་བུམ་པ་ཡོད་ན་མེ་ལོང་ལ་ཁྲུས་གསོལ། མེད་ན་རྔ་ཡབ་ཀྱིས་ཆུ་གཙང་བྲན་ཞིང་། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་བུ་དོན་གྲུབ་དམ་པ་དེ་ལ་ནི། །ལྷ་རྣམས་ཀུན་གྱིས་སྐུ་ཁྲུས་གསོལ་བ་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །ཡན་ལག་བརྒྱད་ལྡན་ཆུ་ཡིས་ཁྲུས་གསོལ་བས། །ཉོན་མོངས་བག་ཆགས་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་ནས་རས་སམ་གདུགས་ཀྱི་ཚུལ་དུ་བསྔོ་བ་ནི། །འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །ཁྱེའུ་བསམ་དུ་མེད་པ་ཞེས་བྱ་

p. 177

བ། །ལས་ཀྱི་དབང་གིས་ལྷ་ཡི་ཁ་ཟས་དང་། །རྒྱན་བཅས་བོར་ནས་ཐང་ལ་འཁྱམས་པ་ལ། །ལྷ་ཡི་དབང་པོ་ཚངས་པ་དྲི་མེད་ཀྱིས། །བྱིན་རླབས་དར་གྱི་ལྡིང་ཁང་ཕུབ་པ་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །དར་ཟབ་ལྡིང་ཁང་རྒྱན་དང་བཅས་པ་འདི། །ཚེ་འདས་ཚ་གྲང་སེལ་ལ་སྐྱབས་གྱུར་ཅིག །ཨོཾ་བཛྲ་ཚ་ཊ་རྒྱ།ཀ་པྲ་ཏིཥྛ་སྭཱ་ཧཱ། དེ་ནས་མིང་བྱང་མདུན་དུ་མར་མེ་བལྟམས་ལ། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་བུ་གསེར་གྱི་ལག་པས་ཚོགས་བསགས་ལྟར། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །ཡེ་ཤེས་གསལ་བའི་སྒྲོན་མེ་འདི་བལྟམས་པས། །མ་རིག་མུན་པའི་སྡུག་བསྔལ་བྱང་གྱུར་ཅིག །ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧཱུཾ། དེ་ནས་ཇ་ཆང་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བ། །རྒྱལ་བུ་དགེ་མཐོང་ཞེས་བྱ་ཚེ་འདས་ནས། །ལྕམ་སྲིང་ལྷ་མོ་བདེ་ལྡན་མས། །ལུས་སེམས་གདུང་བའི་ཁོག་ནས་མཆི་མ་བྱུང་། །འབྲས་ཆང་དྭངས་བ་བདུད་རྩི་བཅུད་གྱུར་སྐྱེམས། །རྒྱལ་བུ་དགེ་མཐོང་དེ་ལ་བསྔོས་པ་བཞིན། །བརྩེ་ཞིང་འབྲེལ་པའི་བུ་སྲིང་དག་གིས་ནི། །སྲི་ཞུ་གུས་པའི་ཡིད་ཀྱིས་སེམས་

p. 178

བསྐྱེད་ནས། །ཡིད་ལ་དམིགས་པའི་བདུད་རྩི་སྨན་སྐྱོགས་འདིས། །རབ་ཏུ་གདུང་བའི་ཤུགས་ཀྱིས་སྦྱོར་བའི་སྐྱེམས། །སྔོན་གྱི་ལས་ཀྱིས་གྲུབ་པའི་བསོད་ནམས་དང་། །འཕྲལ་དུ་རྒྱུ་རྐྱེན་འཚོགས་པའི་རྟེན་འབྲེལ་མཐུས། །མཆུ་ལ་རེག་པས་སྒོ་དྲུག་དབང་པོ་གསལ། །ལྕེ་ལ་རེག་པས་ཤེས་རབ་དབང་པོ་རྣོ། །སྐྱིད་པར་བསྒྲིམ་པས་བརྩོན་འགྲུས་བར་ཆད་སེལ། །ཚིམ་པར་གསོལ་བས་སྒྲིབ་པ་རྣམ་གཉིས་བྱང་། །བཏུང་བས་རྟག་ཏུ་མི་འཛད་ལོངས་སྤྱོད་ཅིང་། །བདུད་རྩི་བཅུད་དང་ལྡན་པའི་སྐྱེམས་བཟང་དང་། །རྒྱ་ཇ་རོ་མཆོག་བརྒྱ་དང་ལྡན་པ་འདི། །ཚེ་འདས་ཁྱེད་ལ་སྐོམ་གྱི་སྐལ་དུ་བསྔོ། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། དེ་ནས་ཕྱེ་མར་བསྔོ་བ་ནི། ཀྱེ་མ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་ལ་བསྔོས་པའི་ཟས་མཆོག་དམ་པ་འདི། །སྔོན་ཚེ་འདས་པའི་སྔོན་རོལ་ནས། །འབྱུང་བ་ལྔ་ལས་གྲུབ་པའི་ཟས། །མ་ག་ཏ་ཡི་ཡིད་བཞིན་ལོངས་སྤྱོད་བཞིན། །མི་འཛད་གཏེར་དང་རྟག་ཏུ་ལྡན་པ་དང་། །ཟད་པ་མེད་ཅིང་ལོངས་སྤྱོད་འབྱུང་བར་ཤོག །སཾ་བྷ་ར༴ སོགས། མར་ཐུད་འོ་ཞོ་ཆུར་བ་ཤིང་ཐོག་བསྔོ་བ་ནི། །

p. 179

བྱམས་པའི་རྒྱུད་ལ་བསྔོས་པའི་དཀར་གསུམ་འདི། །བྱང་ཆུབ་སེམས་གསུམ་གྱུར་ཏེ་ལོངས་སྤྱོད་པས། །འདོད་དགུ་འདོད་པའི་ཡོན་ཏན་དགུ་དང་ལྡན། །ཟད་པ་མེད་པའི་བདུད་རྩི་བསྔོ་བར་བྱ། །རང་གི་བློ་དང་ལྡན་པས་མཁས་པས་བཟོས། །ལྷ་ཡི་ལོངས་སྤྱོད་དག་པ་དཔེ་བླངས་ནས། །ཚུལ་ཁྲིམས་གཙང་མའི་ཞལ་ཟས་དམ་པ་འདི། །ཕ་རོལ་ཕྱིན་པའི་ཡོན་ཏན་དྲུག་དང་ལྡན། །དཀར་དམར་ཤ་ཐུད་རྣམ་པ་སྣ་ཚོགས་ཀྱིས། །སྦྱིན་པས་ཡོན་ཏན་ཐམས་ཅད་རྫོགས་གྱུར་ཅིག །ཟག་མེད་ཡོན་ཏན་གཏེར་དང་ལྡན་པར་བསྔོ། །ཞོ་དང་འོ་མ་སྐྱེས་བུ་ཀུན་གྱི་གསོས། །དཀར་བའི་མདོག་ལ་རོ་མཆོག་ཀུན་དང་ལྡན། །སྡུག་བསྔལ་ཉམ་ཐག་ཉོན་མོངས་ཀུན་གྱི་རྩི། །ཡིད་ལ་བསམ་པའི་ལོངས་སྤྱོད་འབྱུང་བར་ཤོག །ནམ་མཁའ་མི་འཛད་ཤིང་ཏོག་དྲི་ཞིམ་འདི། །རིན་ཆེན་འབྲུ་དང་ཡིད་བཞིན་ནོར་རྫས་རྣམས། །ཁ་མངར་བསམ་པའི་ལོངས་སྤྱོད་གཅལ་དུ་བཀྲམ། །ནམ་མཁའི་ཆར་བཞིན་འབབ་པས་འབྲེལ་མེད་ཅིང་། །ཇི་ལྟར་འདོད་པའི་ཡོན་ཏན་འབྱུང་བ་ལྟར། །ཚེ་འདས་ཁྱོད་ལ་ཟས་ཀྱི་སྐལ་དུ་བསྔོ། །སཾ་བྷ་ར་

p. 180

སོགས། བར་དོའི་སེམས་ཅན་དྲི་ཡིས་ཚིམས་པ་ཡིན་པས། ཟས་སྣའི་གསུར་དུད་བྱས་ལ། དེ་རིང་ཕན་ཆད་རིགས་ཀྱི་བུ་ཁྱོད་ལ། །ཉོན་མོངས་འཁོར་བའི་བདུད་ཀྱིས་བསླུས་པ་ན། །དཀོན་མཆོག་གསུམ་གྱི་ཐུགས་རྗེས་སྐྱོབས་པར་ཤོག །བཀྲེས་སྐོམ་ཚ་གྲང་དག་གིས་ཉན་པ་ལ། །ལས་ཀྱིས་འབྲེལ་བའི་ཉེ་དྲུང་བརྩེ་བ་ཡིས། །ཟད་མེད་རིན་ཆེན་གཏེར་དུ་བསྔོས་པ་འདི། །ལྷ་ཡི་རྒྱལ་སྲིད་མཆོག་དང་མི་འབྲལ་ཤོག །སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་བྱིན་རླབས་ཀྱིས། །གང་དུ་ལུས་བླངས་སྐྱེ་གནས་ཐམས་ཅད་དུ། །རྟག་ཏུ་དཀོན་། མཆོག་གསུམ་པོ་མཆོད་པ་དང་། །རྣམ་དག་ཐེག་ཆེན་ས་ལ་བློ་སྦྱངས་ཏེ། །རྒྱལ་བ་འོད་དཔག་མེད་པའི་ཞལ་མཐོང་ནས། །སྒྲིབ་པ་གཉིས་སྤངས་ཆོས་ཉིད་དོན་རྟོགས་ནས། །ཡེ་ཤེས་ལྔ་ལྡན་མངོན་པར་སངས་རྒྱས་ཤོག །ས་ཕྱོགས་འདིར་ཡང་རྟག་ཏུ་བཀྲ་ཤིས་ཤོག །ཞིང་འདིར་བདེ་བར་འདུག་པའི་གསོན་པོ་ཀུན། །འཇིག་རྟེན་འདིར་ཡང་བཙན་ཕྱུག་འཕན་དར་ཤོག །ཕྱི་མ་བྱང་ཆུབ་དམ་པ་ཐོབ་པར་ཤོག །དེ་རིང་ཕན་ཆད་རིགས་ཀྱི་བུ་ཁྱོད་ལ། །བཀྲེས་སྐོམ་སྡུག་བསྔལ་རྟག་ཏུ་མེད་པར་ཤོག །གསོན་གཤིན་ལས་

p. 181

འཕྲོ་མཐུན་པའི་ཉེ་འབྲེལ་གྱིས། །བཤོས་བཟང་ལོངས་སྤྱོད་བསྔོས་པ་འདི་རྣམས་ཀྱང་། །སྔགས་མཁན་དགོངས་པ་དག་པའི་མཐུ་སྟོབས་ཀྱིས། །ལོངས་སྤྱོད་ཞལ་ཟས་ཕུན་སུམ་ཚོགས་པར་ཤོག །སཾ་བྷ་ར་སོགས། དེ་ནས་འབྲང་རྒྱས་དང་མར་ཁྱུང་བསྔོ་བ་ནི། གསོན་ཅིག་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ། །རྣ་བའི་སྒོ་ནས་ཡུད་ཙམ་ཚུར་ཉོན་དང་། །མོའུ་འགལ་མ་ཡང་ལས་ཀྱི་རྣམ་སྨིན་གྱིས། །ཡི་དྭགས་ལུས་བླངས་བཀྲེས་སྐོམ་གདུངས་བ་ལ། །མོ་འགལ་བུ་ཡིས་སྲི་ཞུ་ཇི་བཞིན་དུ། །དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་ལས། །བྱིན་གྱིས་བརླབས་པའི་ཞལ་ཟས་བཟང་པོ་འདི། །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་བཞིན། །ཉེ་དྲུང་བརྩེ་བས་བསྔོས་པའི་འབྲང་རྒྱས་ཁྱུང་། །ཞལ་ཟས་མཆོག་བཀྲམ་བཤོས་གཙང་སུམ་བརྩེགས་འདི། །དབྱིབས་ལེགས་མདོག་བཟང་གངས་རིའི་ལྷུན་པོ་འདྲ། །བྱང་ཆུབ་སེམས་ལྡན་མར་གྱིས་བསྐུས་པ་འདི། །རི་བོ་ལ༔ གངས་ལ་ཉི་མ་ཤར་བ་འདྲ། །སྣ་ཚོགས་རྒྱན་གྱིས་བཤོས་ལ་བརྒྱན་པ་འདི། །དགུ་ཐིག་གཞུང་ལྟར་སྐར་འཚོགས་བཀྲ་བ་བཞིན། །རི་རབ་ལྷུན་པོའི་དབྱིབས་ལ་དཔེ་བླངས་

p. 182

ནས། །ནམ་འཕང་མཐོ་ཞིང་ཁ་ཁྱེར་ཡངས་པ་ལ། །རྩེ་མོ་ལ་ནི་ཡིད་བཞིན་ལྗོན་ཤིང་ལྡན། །རྩ་བ་ལ་ནི་བདུད་རྩིའི་རྒྱ་མཚོ་འཁྱིལ། །ལོགས་བཞི་ལ་ནི་ནམ་ཟླ་དུས་བཞི་འཆར། །ཟུར་བཞི་ལ་ནི་བདུད་རྩིའི་ཆུ་མིག་འབབ། །བདུད་རྩི་ལ་ནི་ཡིད་བཞིན་དགོས་འདོད་འབྱུང་། །ཁ་ཟུར་ལ་ནི་ཉི་ཟླ་གཟའ་སྐར་འཕྲོ། །ཡིད་བཞིན་ལྗོན་ཤིང་དེ་ཡི་རྩེ་མོ་ན། །དེ་ཡི་ནམ་མཁར་བྱ་ཁྱུང་གསེར་མིག་ལྡིང་། །སྔ་དྲོ་ཚུར་བལྟས་གསོན་པོའི་གཡང་ཡང་སྐྱབས། །ཕྱི་དྲོ་ཕར་བལྟས་གཤིན་གྱི་མགོན་སྐྱབས་བྱེད། །གཤོག་པ་གཡས་བརྐྱང་མཐོ་རིས་ཐར་ལམ་འབྱེད། །གཤོག་པ་གཡོན་བརྐྱང་ངན་སོང་སྒོ་གསུམ་གཅོད། །སྡེར་མོ་མཆུ་ཡིས་ལོག་འདྲེན་གཤེད་མ་འདུལ། །བྱིལ་ནི་མངོན་ཤེས་འཕྲུལ་གྱི་བྱིལ། །འདབ་ཆགས་གཞན་ལས་ཁྱད་པར་འཕགས། །བྱིའུ་ཁོག་སྟོད་ཡན་ཆད་ལ། །འབྲོག་མོ་གྲུ་གུའི་གཡང་ཡོད་དོ། །བྱིའུ་ཁོག་སྨད་མན་ཆད་ལ། །ཡུལ་མོ་གྲུ་གུའི་གཡང་ཡོད་དོ། །བྱིའུ་སྤྱི་གཙུག་སྟེང་ན་ནི། །དགོས་འདོད་འབྱུང་བའི་ནོར་བུ་ལ། །སྣ་ཚོགས་རིན་ཆེན་ཆར་དུ་འབེབས། །ཨོག་དཀྱིལ་འཕྲུལ་གྱི་བང་མཛོད་ནས། །

p. 183

བཟའ་བཏུང་ལོངས་སྤྱོད་ཟད་མི་ཤེས། །བྱིའུ་ཆུང་འདི་ཡི་སྙིང་ཁ་ལ། །མཚུན་དང་དགྲ་བླའི་གཡང་ཡོད་དོ། །མགོ་ལ་ལྷ་ཡི་དཔལ་ཡོད་དོ། །མཇུག་མ་དག་གི་རྩེ་མོ་ན། །ཙནྡན་ཁོལ་མ་བཅུ་ཡི་གཡང་ཡོད་དོ། །གཤོག་པ་གཡས་ཀྱི་རྩེ་ཤེད་ན། །གོ་ཁྲབ་བཙན་པོའི་གཡང་ཡོད་དོ། །གཤོག་པ་གཡོན་གྱི་རྩེ་ཤེད་ན། །མཚོན་ཆ་རྣོ་བའི་གཡང་ཡོད་དོ། །མངོན་ཤེས་རྫུ་འཕྲུལ་བྱ་འདི་ཡིས། །གཤིན་གསོན་དབྱེ་བའི་ཡོན་ཏན་དང་། །ཕུག་ཡང་བརླན་པ་ཐམས་ཅད་ཀུན། །གསོན་པོ་ཤུལ་འདུག་ཐམས་ཅད་ཀྱི། །འཕན་དར་འཛོམ་པའི་གཡང་དུ་ལེན། །འདི་འདྲའི་མཁའ་ལྡིང་རྒྱལ་པོ་འདིའི།་་།གཤིན་གྱི་མགོན་དང་སྐྱབས་མཛོད་ཅིག །སཾ་བྷ་ར་སོགས། ཚེ་འདས་ཀྱི་གོས་གསར་པ་ཡོད་དམ། གོས་སྦྱིན་གཏོང་རྒྱུའི་གོས། མེད་ན་ལྭ་བ་བལ་དུམ་རས་སོགས་ཅུང་ཟད་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བའི། །ལྷ་ཡི་ན་བཟའ་པཉྩ་ལི་ཀ་དང་། །མཐོང་མཛེས་རེག་ན་འཇམ་པ་གོས་ཀྱི་མཆོག །གྲང་བའི་སྐྱབས་གྱུར་ཚ་བའི་བསིལ་གྲིབ་མཆོག །དབུ་ཞྭ་རིན་ཆེན་དབུ་རྒྱན་མཆོག་ཏུ་གྱུར། །ལྷམ་གྱིས་འཇིག་རྟེན་སྟོང་གསུམ་ཟིལ་

p. 184

མནན་ཏེ། །སྐུ་རེགས་བཅིངས་པས་ཐམས་ཅད་དབང་དུ་སྡུས། །མནབས་ཤིང་རེག་པས་དུག་ལྔའི་སྐྱོན་སྦྱང་སྟེ། །བསྐལ་པ་བྱེ་བར་ཟད་མེད་སྤྱོད་པ་དང་། །ལྷ་ཡི་ན་བཟའ་དག་དང་མི་འབྲལ་ཤོག །སཾ་བྷ་ར་སོགས། ཧོར་སོག་པོ་སོགས་འབྲོག་པ་འགའ་ཞིག་གིས། རྟ་སྒ་བཅས་བྱས་པ་ཚེ་འདས་ལ་བསྔོས་ནས་དེ་ལ་དོ་མ་གཏད་པ་ཟེར། རྟ་ཡི་རྣ་མཆོག་བར་དུ་བྱང་བུ་ཡུད་ཙམ་བཟུང་། དེ་ལ་བྱ་རུ་བཅིང་པ་ཟེར། རྟ་དེ་ཡོན་ལ་འབུལ་སྲོལ་ཡོད་འདུག །ཡུལ་པ་ལ་སོགས་ཀྱིས་རྟ་གཏད་སྲོལ་མེད་པས་འབྲང་རྒྱས་འགྲམ་དུ་བཅས་པའི་གཟུགས་བརྙན་དེ། རྟ་དངོས་སུ་བསྒོམས་ནས་བསྔོ་བ་ནི། འདས་པའི་དུས་ན་ངོ་མཚར་རྨད་བྱུང་བའི། །དཀོན་མཆོག་གསུམ་གྱི་ཐུགས་རྗེས་བྱིན་བརླབས་པས། །དགེ་བ་བཅུ་པོ་བསགས་པའི་ནུས་མཐུ་ཡིས། །རྟ་མཆོག་ཁྱོད་ཀྱི་ནུས་མཐུ་འདི་ལྟ་སྟེ། །དགོས་པའི་དོན་འགྲུབ་འཇིགས་པ་ཀུན་ལས་གྲོལ། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །བདེ་ལྡན་ལུས་ལ་སྤུ་ནི་གྲངས་མེད་ལྟར། །ཕྱུགས་ནོར་སྐྱིད་སྐྱེན་ཕུན་སུམ་གྲངས་མེད་ཤོག །རྣ་བ་གཤིབས་པས་ཐབས་དང་ཤེས་རབ་མཚོན། །མིག་གིས་གཟུགས་རྣམས་ཐམས་ཅད་སོ་སོར་མཐོང་། །འཚེར་བའི་སྐད་ཀྱིས་ལས་ངན་གདུག་པ་

p. 185

འདུལ། །རྩལ་ལྡན་གཞན་གྱི་སྟོབས་རྣམས་ཟིལ་གྱིས་གནོན། །འཇིགས་པའི་ཡུལ་ལ་མགྱོགས་པའི་ཤུགས་ཀྱིས་བསྒྲོད། །རྫུ་འཕྲུལ་རྐང་བཞིས་ངན་སོང་གནས་རྣམས་སྤང་། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་བསམ་པས་ཕྱིན། །ཡིད་བཞིན་རྫུ་འཕྲུལ་ཞིང་དང་ལྡན་གྱུར་ཏེ། །ཞིང་ཁམས་བདེ་བ་ཅན་དུ་ཕྱིན་པར་ཤོག །སཾ་བྷ་ར་སོགས། ཧོར་སོགས་འབྲོག་པ་རྣམས་ཀྱིས་ལུག་ཚེ་འདས་ལ་བསྔོས་པ་ནི། ཚེ་ཐར་བྱས་ཏེ་དབུལ་པོ་ལ་སྦྱིན་སྲོལ་ཡོད་འདུག་ཀྱང་འབྲང་རྒྱས་རྩ་བའི་ལུག་གི་གཟུགས་དངོས་སུ་དམིགས་ལ་བསྔོ་བ་ནི། འདས་པའི་དུས་སུ་ངོ་མཚར་རྨད་བྱུང་བའི། །འདི་ནས་ཚེ་འཕོས་ལུས་བརྗེས་ཚེ་འདས་ཁྱོད། །ཉེ་དྲུང་བརྩེ་བས་གཏད་པའི་ལུག་འདི་ནི། །དཀའ་ཞིང་དཀོན་པའི་ཡུལ་ནས་ཆེད་དུ་བཙལ། །མི་ལ་བྱིན་ཕྱིར་ཕྱུགས་ལ་རྔམ་མ་བྱས། །བལ་ཚོན་རྣོན་པོས་ཁོག་པའི་ཁ་མ་ཕྱེས། །ཞེ་སྡང་ཤན་པས་ཁོག་པའི་སྲོག་མ་བཅད། །ལྷ་སྤོས་གཙང་མས་མཚན་མའི་རྟོག་པ་སྤངས། །སྔགས་དང་ཕྱག་རྒྱས་ངན་སོང་རྟོག་པ་སྦྱངས། །རྨོངས་པའི་ཡིད་ནི་ཤེས་རབ་སྒྲོན་མེས་བསལ། །བླུན་པོའི་རྣ་བར་དམ་ཆོས་བདུད་རྩི་བླུགས། །ཨརྱ་ཛམ་

p. 186

བྷ་ལ་ཡི་ཐུགས་རྗེ་ཡིས། །འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། །རྣམ་དག་སྒྲིབ་མེད་འཕྲུལ་གྱི་མེ་ལོང་གིས། །ཐེག་ཆེན་ཆོས་ལམ་དྲང་པོར་མཐོང་བར་ཤོག །སྐྱོན་བྲལ་རྣ་བའི་དབང་པོ་གསལ་བར་ཤོག །སོ་སོའི་སྐད་ཀྱི་བྱེ་བྲག་ཤེས་གྱུར་ནས། །དགེ་བཅུའི་ཆོས་ནི་མ་ལུས་ཐོབ་པར་ཤོག །དབྱངས་སྙན་པ་ཡི་འབའ་སྐད་འདི་ཉིད་ཀྱིས། །འདས་པའི་བཤེས་གཉེན་དགེ་བའི་བཀྲ་ཤིས་ཤོག །བྱང་ཆུབ་དམ་པའི་རྗེས་སུ་དྲན་པར་ཤོག །སཾ་བྷ་ར་སོགས། ཚེ་འདས་ཀྱི་རྣམ་ཤེས་ལམ་བསྟན་པ་ནི། ཧོ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །འདི་ནས་ནུབ་ཕྱོགས་བདེ་ཆེན་ན། །མགོན་པོ་སྤྱན་རས་གཟིགས་དབང་དང་། །སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །བྱང་ཆུབ་སེམས་དཔའ་འཁོར་དང་བཅས། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཞིང་དེའི་ཡོན་ཏན་བརྗོད་ལས་འདས། །སུ་ཞིག་དེ་ཡི་མཚན་འཛིན་པ། །མོས་ཤིང་གུས་པས་མཆོག་སྐྱེད་ན། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །དེ་ཕྱིར་ཁྱོད་ཀྱིས་མོས་གུས་ཆེན་པོ་བསྐྱེད། །ང་ནི་རྣམ་པར་སྣང་མཛད་དེ། །ཁྱོད་ནི་ལམ་མཆོག་འདྲེན་པ་ཡིན། །འདི་དང་ཞིང་

p. 187

དེའི་བར་ལམ་དུ། །ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །ཁྱེད་ཀྱི་ཟླ་གྲོགས་ང་ཡིན་ཟེར། །འོ་དོད་ལྷང་ལྷང་འབོད་པ་དེ། །དེ་ལ་སྐད་ལེན་མ་བྱེད་ཅིག །དེ་ལ་ཕྱི་མིག་མ་ལྟ་ཞིག །ཉེ་འཁོར་ཡུལ་ལ་མ་ཆགས་ཤིག །སྡུག་བསྔལ་སེམས་ལ་མ་འཕྲེང་ཞིག །བདེ་བ་ཅན་གྱི་ཞིང་དུ་བཞུད། །ཀྱེ་མ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །འདི་ནས་ངེས་པར་ནུབ་ཕྱོགས་འཇིག་རྟེན་ཁམས། །བདེ་བ་ཅན་ཞེས་བྱ་བ་ན། །བཅོམ་ལྡན་སྣང་བ་མཐའ་ཡས་ཞེས་བྱ་བ། །བྱང་ཆུབ་སེམས་དཔའི་ཚོགས་བཅས་དང་། །འཕགས་པའི་དགེ་འདུན་དཔག་ཏུ་མེད་པས་བསྐོར། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར། །རིགས་ཀྱི་བུ་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་དེར་སོང་ཞིག །གླང་ཆེན་གྱི་ལྟ་སྟངས་ཀྱིས་ལྟོས་ཤིག །ཞིང་ཁམས་དེ་ཡིད་ལ་དྲན་པའི་ངང་ནས། རིག་པ་མ་འཁྲུལ་བར་སྐད་ཅིག་ལ་མདའ་འཕང་བ་ལྟར་བཞུད་ཅིག །རྩེ་གཅིག་ཏུ་བཞུད་ཅིག །བདེ་ཆེན་གཏན་གྱི་ཞིང་ཁམས་དམ་པ་དེ་ཟུངས་ཤིག །ཚེ་འདས་ཀྱི་རྣམ་པར་ཤེས་པ་བྱ་རྒོད་ཀྱིས་ནམ་འཕང་བཅད་པ་བཞིན་དུ། བདེ་བ་ཅན་ན་ཏ་ལེར་སོང་བར་བསྒོམས་ལ། །

p. 188

ཕཊ༔ ཕཊ་དྲག་པོ་གཅིག་བརྗོད་ལ་མིང་བྱང་ལ་ཐེ་ཕག་བརྒྱག་མིང་ཡིག་སྣོག་སམ་བྱང་བུ་བསྲེག་རུང་དམིགས་མེད་དུ་བཞག །དེ་ནས་ཚེ་འདས་ཀྱི་བླ་ཕ་མཚུན་གྱི་གྲལ་དུ་བསྐྱལ་བ་ནི། ཚེ་ལས་འདས་པ་ཆེ་གེའི་བླ། །སྣང་སྲིད་ལྷ་འདྲེའི་ལག་ནས་བསླུ། །མཚུན་ཡུལ་ཕ་མཚུན་གྲལ་དུ་བཙུད། །མཆོད་པས་ཚིམས་ནས་དགའ་ཞིང་མགུ། །མཐུ་སྟོབས་གཟི་བརྗིད་ལྡན་གྱུར་ནས། །གསོན་པོའི་མགོན་སྐྱབས་ནུས་པར་ཤོག །དུར་ས་མི་དམིགས་ཆོས་ཀྱི་དབྱིངས། །ཆོས་ཉིད་སྟོང་པའི་ཀློང་དུ་གཤེགས། །ཆོས་སྐུའི་ཞིང་དུ་རྟེན་ཆོས་ཤིག །བཛྲ་མུ་དྷརྨ་ཀཱ་ཡ༔ བྱང་བུ་བླ་རྡེལ་དཀར་པོ་དེ་རྣམས་དང་། །འདོད་ཡོན་ནང་གི་ཕྱེ་མར་ཚུམ་ཞིག་བཅས། །ཐག་ཉེ་ན་ནི་དུར་གྱི་ནང་དུ་བཏབ། །རིང་ན་ཁང་པའི་སྟེང་དུ་ཡར་ལ་བཏབ། །འབྲོག་པ་ཡིན་ན་གུང་ནས་ཡར་ལ་ནི། །གོམ་པ་བཅུ་གསུམ་འཇལ་བའི་ས་ལ་མཆོད། །འདོད་ཡོན་རྣམས་ནི་འབྲོག་པས་ཟ་སྲོལ་ཡོད། །ཡུལ་པས་སྤྲང་པོ་ཁྱི་འཁྱམས་སོགས་ལ་སྦྱིན། །ལོ་བརྒྱད་མན་ཆད་ཤི་ན་ཆུང་བརྡུང་དགོས། །ལོ་བརྒྱད་ལོན་ནས་ང་དགུའི་བར་ཤི་ན། །དྲག་པོའི་ལྕགས་འདུལ་དཀར་ནག་གཉིས་ཀ་དགོས། །དྲུག་ཅུ་ལོན་ནས་བཀྲ་ལ་ཐེ་བའི་ཕྱིར། །འདུལ་ནག་མི་བྱ་འདུལ་དཀར་འདི་ཉིད་བྱ། །དེ་ཡང་གཤེད་སྒྲོ་རྡེབ་ཅིང་གཤེད་བཀུག་ནས། །གཤེད་ཕུད་བྱ་ཚུལ་ལོག་ཏུ་གསལ་བ་ལྟར། །འདུལ་དཀར་འདི་ཉིད་

p. 189

འབད་ན་ཕན་ཆེ་བ། །གལ་ཏེ་འདི་ཉིད་ཚན་ཆེར་མ་གྲུབ་ཀྱང་། །ཚར་གྲངས་བདུན་ལྔ་གསུམ་མམ་ཅི་འགྲུབ་ཀྱང་། །ཟ་འདྲེ་ཁ་ཕྲལ་ཤི་གསོན་གཉིས་ཀར་ཕན། །སློབ་དཔོན་པདྨས་མཛད་པའི་ལྕགས་འདུལ་གྱི། །འདུལ་དཀར་བླ་གླུད་བཏང་བའི་ཆོ་ག་དང་། །ཟས་གཏད་རྒྱས་པའི་དོན་ནི་ཅུང་ཞིག་བསྡུས། །ལམ་སྟོན་ལ་སོགས་ཁ་བསྐང་འདོན་འགྲིགས་སུ། །རཱ་ག་ཨ་སྱས་སྨྲས་ཤིང་བསྒྲིགས་པ་ལྟར་། །དགེ་ཚུལ་པདྨ་དད་པས་ཡི་གེར་བཀོད། །འགལ་བ་མཆིས་ན་འཁོར་འདས་ལྷ་ལ་བཤགས། །དགེ་བས་གཤིན་པོ་ཐར་ལམ་ཐོབ་པར་ཤོག །གསོན་པོ་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཤོག། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྲུང་བཞི་བཀོད་པའི་ཆོ་ག

p. 190
p. 191

སྲུང་བཞི་བཀོད་པའི་ཆོ་ག་བཞུགས་སོ། །ན་མོ་མཉྫཤྲཱི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལས། །མ་ཧཱ་གསེར་གྱི་རུས་སྦལ་སྤྲུལ། །མགོ་བོ་ལྷོ་ལ་མཇུག་མ་བྱང་། །གཞོགས་གཡས་ཤར་ལ་གཞོགས་གཡོན་ནུབ། །རྐང་ལག་མཚམས་བཞིར་བརྐྱངས་པ་ལས། །ཤིང་སོགས་སྲུང་བའི་ཆོ་ག་ནི། །ཤར་དུ་སྣ་རེ་བཙུགས་ལ་བཞག །ཀྱཻ། ཤར་ན་ཤིང་གི་བསྐལ་པ་དར། །ཤིང་ཁམས་རྒྱལ་པོ་སྤར་ཁ་ཟིན། །ལོ་ཡི་རྒྱལ་པོ་སྟག་ཡོས་གཉིས། །གཟའ་དང་སྐར་མ་ཤིང་གི་ཁམས། །ཤར་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ཤར་གྱི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་སྐུ་ཡི་སྤྲུལ་པ་ལས། །ལྕགས་ཀྱི་སྟ་རེ་ངར་མ་འདིས། །ཤར་ཕྱོགས་ཤིང་གི་གདུག་པ་སྲུངས། །ཤིང་དགྲ་ལྕགས་ཀྱི་སྟ་རེས་ཆོད། །ཤར་ཤིང་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། དེ་ནས་ལྷོ་རུ་ཆུ་སྐྱོགས་གང་། །བཞག་ལ་འདི་ལྟར་ཁྱེར་ཅིག་སྦྲགས། ཀྱཻ། ལྷོ་ནས་མེ་ཡི་བསྐལ་པ་དར། །

p. 192

མེ་ཁམས་རྒྱལ་པོ་སྤར་ཁ་ལི། །ལོ་ཡི་རྒྱལ་པོ་རྟ་སྦྲུལ་གཉིས། །གཟའ་དང་སྐར་མ་མེ་ཡི་ཁམས། །ལྷོ་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས་། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ལྷོ་ཡི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་གསུང་གི་སྤྲུལ་པ་ལས། །བསིལ་བྱེད་ཆུ་ཡི་ཞགས་པ་འདིས། །ལྷོ་ཕྱོགས་མེ་ཡི་གདུག་པ་སྲུངས། །མེ་དགྲ་ཆུ་ཡིས་ཞི་བར་མཛོད། །ལྷོ་མེ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། ནུབ་ཏུ་མེ་དཔུང་བཞག་བྱས་ལ། །ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་བསྐལ་པ་དར། །ལྕགས་ཁམས་རྒྱལ་པོ་སྤར་ཁ་དཱ། །ལོ་ཡི་རྒྱལ་པོ་བྱ་སྤྲེལ་གཉིས། །གཟའ་དང་སྐར་མ་ལྕགས་ཀྱི་ཁམས། །ནུབ་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ནུབ་ཀྱི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་

p. 193

དཔལ་ཐུགས་ཀྱི་སྤྲུལ་པ་ལས། །མེ་ཡི་མཚལ་བྱ་དམར་པོ་འདིས། །ནུབ་ཕྱོགས་ལྕགས་ཀྱི་གདུག་པ་སྲུངས། །ནུབ་ཕྱོགས་ལྕགས་དགྲ་མེ་ཡིས་ཐུལ། །ནུབ་ལྕགས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏེ་སྭཱ་ཧཱ། བྱང་དུ་ས་ནི་བཞག་བྱས་ལ། ཀྱཻ། བྱང་ན་ཆུ་ཡི་བསྐལ་པ་དར། །ཆུ་ཁམས་རྒྱལ་པོ་སྤར་ཁ་ཁཾ། །ལོ་ཡི་རྒྱལ་པོ་བྱི་ཕག་གཉིས། །གཟའ་དང་སྐར་མ་ཆུ་ཡི་ཁམས། །བྱང་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །བྱང་གི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ལས། །སེར་པོ་ས་ཡི་དཀྱིལ་འཁོར་འདིས། །བྱང་ཕྱོགས་ཆུ་ཡི་གདུག་པ་སྲུངས། །བྱང་ཕྱོགས་ཆུ་དགྲ་ས་ཡིས་ཐུལ། །བྱང་ཆུ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། མཚམས་བཞིར་དྲག་ཤིང་འཛུགས་བྱས་ལ།། ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །རྐང་ལག་མཚམས་བཞིར་བརྐྱངས་

p. 194

བ་ལས། །མཚམས་བཞི་སྤར་ཁ་ཁེན་ཁོན་གིན་ཟོན་བཞི། །ལོ་བློན་ཁྱི་འབྲུག་གླང་ལུག་བཞི། །གཟའ་དང་སྐར་མ་ས་ཡི་ཁམས། །མཚམས་བཞིའི་ས་བདག་ཀླུ་གཉན་དང་། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །མཚམས་བཞི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ལས། །ཤེལ་གྱི་བྱ་ཁྱུང་ལྗང་ཁུ་ཡིས། །མཚམས་བཞི་ས་ཡི་གདུག་པ་སྲུངས། །ས་དགྲ་ཤིང་གིས་ཞི་བར་མཛོད། །དབུས་དང་མཚམས་བཞི་ས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། མན་ངག་ལ་གལ་ཆེན་ཤི་སྒབ་གཅོད་པ་ལ་འབུམ་ཆེན་སྡེ་ལྔ་ཕྱོགས་བཞི་དབུས་ལྔར་འདོན་དགོས་པས། ཡུམ་ཆེན་གྱི་འབུམ་དབུས་སུ་འདོན། ཕལ་པོ་ཆེ་སྐུ་ཡི་འབུམ་ཤར་དུ། དཀོན་བརྩེགས་ཡོན་ཏན་གྱི་འབུམ་ལྷོ། མྱ་ངན་འདས་མདོ་གསུང་གི་འབུམ་ནུབ། ལང་ཀར་གཤེགས་པ་ཕྲིན་ལས་ཀྱི་འབུམ་བྱང་། འབུམ་ཆུང་སྡེ་ལྔ་ནི། ཤེར་སྙིང་དབུས་སུ། བཟང་སྤྱོད་ཤར། ལྟུང་བཤགས་ལྷོ། འདའ་ཀ་ཡེ་ཤེས་ནུབ། རྣམ་འཇོམས་བྱང་དུ་འདོན་པར་བྱ་དགོས་སོ། །ཞེས་ཨ་རཱ་གས་བྲིས་པ་མངྒ་ལཾ།། །།

སྲུང་བཞི་བཙུགས་པའི་ལྷན་ཐབས་བྱིན་རླབས་གཞུང་ཚིག་གསལ་ལྟར་དོན་གྱིས་ཐོབ་པ་ཞར་བྱུང་དུ་བསྟན་པའི་འདོན་ཆ།

p. 195

དེ་ནས་སྲུང་བཞི་བཙུགས་པའི་ལྷན་ཐབས་བྱིན་རླབས་གཞུང་ཚིག་གསལ་ལྟར་དོན་གྱིས་ཐོབ་པ་ཞར་བྱུང་དུ་བསྟན་པའི་འདོན་ཆ་ནི། སྲུང་བཞི་ཇི་བཞིན་བཀོད་པ་དེ་དག་བསངས། སྭ་བྷ་ཝ༔ སྟོང་པའི་ངང་ལས་རང་ཉིད་འཇམ་དཔལ་ལྷའི། །དཔྲལ་བའི་ཨོཾ་ལས་ཙོ་དཀར་ཤར་དུ་འཕྲོས། །མགྲིན་པའི་ཨཱ༔ ལས་ཁཾ་སྔོན་ལྷོ་རུ་འཕྲོས། །ལྟེ་བའི་སཱ་ལས་རཾ་དམར་ནུབ་ཏུ་འཕྲོས། གསང་བའི་ཧཱ་ལས་ལཾ་སེར་བྱང་དུ་འཕྲོས། །ཐུགས་ཀའི་ཧཱུྃ་ལས་ཤཾ་ལྗང་མཚམས་བཞིར་འཕྲོས། །ཕྱོགས་མཚམས་སྲུང་བཞི་འབྱུང་བའི་རྫས་ལ་ཐིམ། །དེ་དག་ཡོངས་གྱུར་ཤར་དུ་ལྕགས་སྟག་དཀར། །ལྷོ་རུ་ཆུ་འབྲུག་སྔོན་པོ་ནུབ་ཕྱོགས་སུ། །མེ་བྱ་དམར་པོ་བྱང་དུ་རུས་སྦལ་སེར། །མཚམས་བཞིར་ཤིང་གི་བྱ་ཁྱུང་ལྗང་གུ་རྣམས། །ངོ་བོ་འཇམ་དཔལ་སྐུ་གསུང་ཐུགས་ཡོན་འཕྲིན། །རྣམ་པ་སོ་སོའི་གཟུགས་སུ་སྐུར་བཞེངས་ནས། །འབྱུང་བ་ལྔ་ཡི་གདུག་རྩུབ་འདུལ་བྱེད་ཅིང་། །འབྱུང་ལྔའི་རྒྱལ་པོ་ཞལ་གཡོལ་སྤྱན་སྒྲིབ་པའི། །ནུས་པ་ཐོགས་པ་མེད་པ་དང་ལྡན་གྱུར། །ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། དུར་མི་སོད། སྙིང་མགོ་ལ་ཆོད། གཉན་མགོ་ལ་ཆོད། ཁ་ལ་ཛཿ ཀཾ་ཤཾ་

p. 196

ཏྲི་རྦད་ཕཊ་སྭཱ་ཧཱ། ཞེས་འཇམ་དཔལ་ནག་པོའི་རྩ་སྔགས་དང་། ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ནས། དངོས་གཞི་ཆོ་ག་འདི་ལྟར་གྱེར་རོ། །ན་མོ་མཉྫའི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལ། །མ་ཧཱ་གསེར་གྱི་རུས་སྦལ་སྲིད། །མགོ་བོ་ལྷོ་ལ་མཇུག་མ་བྱང་། །གཞོགས་གཡས་ཤར་ལ་གཞོགས་གཡོན་ནུབ། །རྐང་ལག་མཚམས་བཞིར་བརྐྱངས་བ་ལ། །ཤར་ན་ཤིང་གི་བསྐལ་པ་དར། །ཤིང་ཁམས་རྒྱལ་པོ་སྤར་ཁ་ཟིན། །ལོ་ཡི་རྒྱལ་པོ་སྟག་ཡོས་གཉིས། །གཟའ་དང་སྐར་མ་ཤིང་གི་ཁམས། །ཤར་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ཤར་གྱི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་སྐུ་ཡི་སྤྲུལ་པ་ནི། །ལྕགས་ཀྱི་དབལ་སྟག་དཀར་པོ་འདིས། །ཤར་ཕྱོགས་ཤིང་གི་གདུག་པ་སྲུངས། །ཤིང་དགྲ་ལྕགས་ཀྱིས་གཅོད་པར་གྱིས། །ཤར་ཤིང་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་

p. 197

ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཞེས་སྣ་རེ་ཤར་དུ་བཙུགས། ཀྱི། ལྷོ་ན་མེ་ཡི་བསྐལ་པ་དར། །མེ་ཁམས་རྒྱལ་པོ་སྤར་ཁ་ལི། །ལོ་ཡི་རྒྱལ་པོ་རྟ་སྦྲུལ་གཉིས། །གཟའ་དང་སྐར་མ་མེ་ཡི་ཁམས། །ལྷོ་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་།། །མིའུ་ཤི་བའི་རོ་སྤུར་འདི། །ལྷོ་ཡི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་གསུང་གི་སྤྲུལ་པ་ནི། །བསིལ་བྱེད་ཆུ་ཡི་གཡུ་འབྲུག་འདིས། །ལྷོ་ཕྱོགས་མེ་ཁམས་གདུག་པ་སྲུངས། །མེ་དགྲ་ཆུ་ཡིས་གཅོད་པར་གྱིས། །ལྷོ་མེ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་ཁཾ་ཁཾ་ཡེ་སྭཱ་ཧཱ། ཞེས་ཆུ་སྐྱོགས་གང་ལྷོར་བཞག །ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་བསྐལ་པ་དར། །ལྕགས་ཁམས་རྒྱལ་པོ་སྤར་ཁ་དྭ། །ལོ་ཡི་རྒྱལ་པོ་བྱ་སྤྲེལ་གཉིས། །གཟའ་དང་སྐར་མ་ལྕགས་ཀྱི་ཁམས། །ནུབ་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་

p. 198

དང་། །མིའུ་ཤི་བའི་རོ་སྤུར་འདི། །ནུབ་ཀྱི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ནི། །མེ་ཡི་མཚལ་བྱ་དམར་པོ་འདིས། །ནུབ་ཕྱོགས་ལྕགས་ཀྱི་གདུག་པ་སྲུངས། །ལྕགས་དགྲ་མེ་ཡིས་གཅོད་པར་གྱིས། །ནུབ་ལྕགས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཞེས་ནུབ་ཏུ་སོལ་མེ་བཞག །ཀྱཻ། བྱང་ན་ཆུ་ཡི་བསྐལ་པ་དར། །ཆུ་ཁམས་རྒྱལ་པོ་སྤར་ཁ་ཁཾ། །ལོ་ཡི་རྒྱལ་པོ་བྱི་ཕག་གཉིས། །གཟའ་དང་སྐར་མ་ཆུ་ཡི་ཁམས། །བྱང་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །བྱང་གི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །།འཇམ་དཔལ་ཕྲིན་ལས་སྤྲུལ་པ་ནི༔ །ས་ཡི་རུས་སྦལ་སེར་པོ་འདིས། །བྱང་ཕྱོགས་ཆུ་ཁམས་གདུག་པ་སྲུངས། །ས་འཇམ་དཔལ་སེར་པོས་ཆུ་ཆོད་ཅིག །བྱང་ཆུ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་

p. 199

ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་སུ་སུ་ཡེ་སྭཱ་ཧཱ། ཞེས་ས་བྲེ་གང་བྱུང་དུ་བཞག །ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །རྐང་ལག་མཚམས་བཞིར་བརྐྱངས་བ་ལས། །མཚམས་བཞིར་ས་ཡི་བསྐལ་པ་དར། །སྤར་ཁ་ཁེན་ཁོན་གིན་ཟོན་དང་། །ལོ་བློན་ཁྱི་འབྲུག་གླང་ལུག་བཞི། །གཟའ་དང་སྐར་མ་ས་ཡི་ཁམས། །མཚམས་བཞི་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །མཚམས་བཞི་དག་ཏུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ནི། །ཤིང་གི་བྱ་ཁྱུང་རྒྱལ་པོ་བཞིས། །མཚམས་བཞི་ས་ཡི་གདུག་པ་སྲུངས། །ས་དགྲ་ཤིང་གིས་ཐུབ་པར་གྱིས། །དབུས་དང་མཚམས་བཞིའི་ས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། ཞེས་ཤིང་མགལ་རེ་མཚམས་བཞིར་འཛུགས་སྲུང་བཞི་བཀོད་པའི་ཆོ་ག་སློབ་དཔོན་དུ་ཧར་ནག་པོས་མཛད་པ་རྫོགས་སོ།། །།

རོ་ལམ་གསེར་སྐྱེམས་ཕན་བདེ་འདོད་དགུ་རྒྱ་མཚོ།

p. 200
p. 201

རོ་ལམ་གསེར་སྐྱེམས་ཕན་བདེ་འདོད་དགུ་རྒྱ་མཚོ་མ་བཞུགས་སོ། །

p. 202

རོ་ལམ་གསེར་སྐྱེམས་འདི་ལ་ཆང་ངམ་ཇ་ཕུད་འོ་མ་དཀར་གཏོར་སོགས་གང་འཛོམས་ལ་འབྲུ་སྣ་བཏབ་ལ། གསེར་སྐྱེམས་རྣམས་བརྡར། ཡོད་ན་གཡུ་དུང་སོགས་ཀྱི་ཕྱེ་མར་བཏབ་ལ་ཕྱོགས་ཐམས་ཅད་ལ་མཆོད་པར་བྱའོ།། ཧཱུྃ། རང་ཉིད་དྲན་རྫོགས་དམ་ཡེ་དབྱེར་མེད་པའི། །རོ་དང་དུར་དང་ས་རྐོ་རྡོ་སློག་སོགས། །ངན་པ་ཐམས་ཅད་འཇོམས་ཤིང་ཐུལ་བའི་ལྷ། །འཇམ་དཔལ་ནག་པོ་ཤིན་ཏུ་ཁྲོས་པའི་སྐུ། །ཕྱག་གཡས་བེ་ཅོན་གཡོན་པས་སྡིགས་མཛུབ་བསྒྲེང་། །དུར་ཁྲོད་ཆས་རྫོགས་སྐུ་ལས་མེ་དཔུང་འབར། །སྐུ་ཡིས་ནམ་མཁའི་བར་སྣང་ཁྱབ་པ་ལ། ཞབས་ཀྱིས་ས་གཞི་ངན་སོང་གསུམ་པོ་མནན། །

p. 203

ༀ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བཟླས། ཀྱཻ། སྣང་ཞིང་སྲིད་པའི་ས་བདག་ཐམས་ཅད་དང་། །གནམ་ས་བར་གྱི་ལྷ་འདྲེ་ཐམས་ཅད་ཉོན། །ཧཱུཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །ཁཾ་ལས་བྱུང་བའི་ཟག་མེད་བདུད་རྩིའི་མཚོ། །འབྲུ་ཡི་སྙིང་ཁུ་བདུད་རྩི་ཆང་གི་ཕུད། །དཔག་བསམ་ཤིང་གི་ཁུ་བ་ཡུ་མར་ཇ། །མེ་ཏོག་རྩི་ཐོག་སྙིང་ཁུ་འོ་ཞོ་མར། །སྟོང་གསུམ་སེམས་ཅན་ཀུན་གྱི་ཟས་ཀྱི་མཆོག །གསེར་ཕྱེ་དངུལ་ཕྱེ་བརྡར་བ་རིན་ཆེན་མཆོག །མཚོ་ར་གཡུ་དང་བ་ལེ་དུང་ལ་སོགས། །རིན་ཆེན་ཕྱེ་མ་ལྷ་ཀླུ་མི་ཡི་ནོར། །འབྲུ་མཆོག་ས་ལུ་

p. 204

གྲོ་དང་འཕེལ་ཆེན་ནས། །འདི་དག་འཛམ་བུ་གླིང་གི་ནོར་གྱི་མཆོག །གཅིག་ཏུ་སྦྱར་ནས་གསེར་སྐྱེམས་མཚན་གསོལ་ནས། །ཨོཾ་ཨཱཧཱུཾ་དང་ཧ་ཧོ་ཧཱིཝརྣམས་ཀྱིས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་རླབས་པའི། །སྣང་སྲིད་ལྷ་འདྲེ་ས་བདག་རྣམས་ལ་འབུལ། །ཁྱེད་ཅག་ཐོགས་མེད་ཡིད་ཀྱི་མངོན་ཤེས་དང་། །རྫུ་འཕྲུལ་མྱུར་མགྱོགས་ཤུགས་ཀྱིས་མཆོད་པ་བཞེས། །བདག་དང་ཡོན་བདག་རྣམས་ལ་བདེ་ལེགས་སྩོལ། །ཧཱུྃ། སྟོང་གསུམ་གླིང་བཞི་ས་ཡི་དཀྱིལ་འཁོར་འདིར། །གནས་ཤིང་བརྟན་བཅས་ཕྱོགས་ལ་དབང་བའི་ལྷ། །ཤར་ཕྱོགས་ཤིང་ཁམས་བུ་མོ་ལྗང་གུ་ཟིན། །ཤར་སྟོད་སྟག་ལྔ་ཤར་སྨད་ཡོས་བུ་ལྔ། །སྨིན་དྲུག་ལ་སོགས་ཤིང་གི་སྐར་མ་བདུན། །ཤར་གྱི་གཟའ་བདུད་འབར་བ་ར་ཙ་དང་། །གླང་པོའི་གདོང་དང་བརྒྱ་བྱིན་ལ་སོགས་པ། །ཤར་ན་གནས་དང་ཤར་ནས་རྒྱུ་བ་ཡི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབས་བྱ་བ་ངན་པ་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་

p. 205

རུ་ང་ཕྲག་དོག་མ་མཛད་པར། །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྲོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་མཛོད། །ཧཱུཾ། ཤར་ལྷོ་རླུང་ཁམས་བུད་མེད་སྨྱོན་མ་ཟོན། །འབྲུག་ལྔ་ས་སྐར་སྐག་དང་གཟའ་ཆེན་པོ། །རཱ་ཧུ་ལ་དང་མེ་ལྷ་ར་གདོང་སོགས། །ཤར་ལྷོར་གནས་དང་ཤར་ལྷོར་རྒྱུ་བ་རྣམས། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབས་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྱོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་མཛོད། །ཧཱུྃ། ལྷོ་ཕྱོགས་མེ་ཁམས་བུད་མེད་དམར་མོ་ལི། །ལྷོ་སྟོད་སྦྲུལ་ལྔ་ལྷོ་སྨད་རྟ་ལྔ་དང་། །མཆུ་སོགས་ལྷོ་ཕྱོགས་མེ་ཡི་སྐར་མ་བདུན། །གཟའ་ཆེན་ཁྱབ་འཇུག་ཕྱོགས་སྐྱོང་གཤིན་རྗེ་དང་། །ཞིང་སྐྱོང་མ་ཧེའི་གདོང་ཅན་ལ་སོགས་པ། །ལྷོ་ན་གནས་དང་ལྷོ་ནས་རྒྱུ་བ་ཡི། །སྣང་སྲིད་ལྷ་འདྲེ་གཉན་པོ་ཁྱེད་རྣམས་ལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་

p. 206

ལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབ་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྱོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་མཛོད། །ཧཱུྃ། ལྷོ་ནུབ་ས་ཁམས་རྒན་མོ་ཁོན་མ་དང་། །ལུག་ལྔ་སྐར་མ་ས་ག་སྲིན་པོ་དང་། །ཞིང་སྐྱོང་ཤ་ཟའི་གདོང་དང་གཟའ་བདུད་ནི། །བྷི་ཏྲི་པ་ཏྲ་ལ་སོགས་ལྷོ་ནུབ་ན། །གནས་དང་ལྷོ་ནུབ་རྒྱུ་བ་ཐམས་ཅད་ལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབས་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྱོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་མཛོད། །ཧཱུཾ། ནུབ་ཕྱོགས་ལྕགས་ཁམས་སྐྱེས་བུ་དཀར་པོ་དྭ། །ནུབ་སྟོད་སྤྲེལ་ལྔ་ནུབ་སྨད་བྱ་ལྔ་དང་། །ལྷ་མཚམས་ལ་སོགས་ལྕགས་ཀྱི་སྐར་མ་བདུན། །དུ་བ་མཇུག་རིང་ཆུ་བདག་ཝ་རུ་ཎ། །

p. 207

ཆུ་སྲིན་གདོང་ཅན་ལ་སོགས་ནུབ་ཕྱོགས་ན། །གནས་དང་ནུབ་ནས་རྒྱུ་བ་ཐམས་ཅད་ལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབས་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྱོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་མཛོད། །ཧཱུྃ། ནུབ་བྱང་གནམ་ཁྱི་ལེན་པ་རྒན་པོ་དང་། །ཁྱི་ལྔ་གྲོ་བཞིན་སྲིན་པོ་རེ་ཏི་དང་། །བ་ཡ་བེ་དང་ཤ་བའི་གདོང་ཅན་དང་། །ནུབ་བྱང་གནས་དང་ནུབ་བྱང་རྒྱུ་བ་རྣམས། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབས་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྱོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་མཛོད། །ཧཱུྃ། བྱང་ཕྱོགས་ཆུ་ཁམས་བྱིས་སྦ་སྔོན་པོ་ཁམས། །བྱང་སྟོད་ཕག་ལྔ་བྱང་

p. 208

སྨད་བྱི་བ་ལྔ། །མོན་གྲེ་ལ་སོགས་ཆུ་ཡི་སྐར་མ་བདུན། །གནོད་སྦྱིན་རྟ་གདོང་ཧ་ལི་ཀ་ལ་སོགས། །བྱང་ན་གནས་དང་བྱང་ནས་རྒྱུ་བ་རྣམས། །གསེར་སྐྱེམས་འབྲུ་སྣའི་མཆོད་པ་འདི་བཞེས་ལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབས་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྱོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་མཛོད། །ཧཱུྃ། བྱང་ཤར་རི་ཡི་བནྡེ་སེར་པོ་།གིང་། །གླང་ལྔ་བྲ་ཉེ་བགེགས་དང་འབྱུང་པོ་ཆེ། །ཨི་ཤྭ་ན་དང་དབང་ལྡན་གླང་པོའི་གདོང་། །སྒྲ་གཅན་ལ་སོགས་གཟའ་དང་འབྱུང་པོའི་ཚོགས། །བྱང་ཤར་རྒྱུ་དང་བྱང་ཤར་གནས་པ་རྣམས། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ལས་ཐབས་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱེད་ལ་བསྟན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །རིན་ཆེན་གཏེར་གྱི་ས་དཔལ་བཟང་པོ་སྤྲོད། །གསོན་གཤིན་ཡུལ་ཁམས་དགེ་བའི་སྡོང་གྲོགས་

p. 209

མཛོད། །ཧཱུྃ། ལོ་ལ་འཁོར་ཞིང་ཕྱོགས་ལ་དབང་བ་ཡི། །ཐེ་སེ་རྒྱལ་པོ་ཐེ་ཁྱིམ་བཙུན་མོ་དང་། །ཧང་ཕན་ཡུམ་རྒན་ཏེ་སོ་སྲས་བུ་དང་། །ཙང་ཀུན་འཕྱེ་བོ་ཙང་ཀུན་བློན་པོ་དང་། །རྩིས་མཁན་སེ་བ་བླ་མཁྱེན་སྔ་ཕྱི་གཉིས། །སྐུ་སྲུང་སེ་ཤར་ཤན་པ་མི་གསོད་དང་། །སེ་ལོ་ས་འཕྱག་སེའུ་གདན་འདིང་དང་། །སེ་འུ་རྟ་ཁྲིད་སེ་བ་རང་རྟ་དང་། །ཧོ་པཎ་བྱ་ར་སེ་བྱི་ནོར་སྲུང་དང་། །སེ་བ་དུས་འཛིན་དཀར་ཤམ་བུ་མོ་དང་། །མོག་པ་སྦལ་ཏེ་ཧལ་ཁྱི་རོ་ཟན་སོགས། །ལོ་ལ་འཁོར་བའི་ས་བདག་ཁྱེད་རྣམས་ཀྱིས། །འབྲུ་སྣ་གསེར་སྐྱེམས་མཆོད་པ་འདི་འབུལ་བཞེས། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །གལ་ཏེ་ཁྱེད་ཅག་སྟེང་དུ་ཁྱེར་བྱུང་ན། །མཐུ་ཆེན་ཁྱེད་ལ་བསྔོ་བ་མ་ཡིན་ཏེ། །ངེད་ཅག་མངོན་ཤེས་མི་ལྡན་འཁྲུལ་པའི་དབང་། །བཟོད་པར་བཞེས་ལ་དགེ་བའི་སྡོང་གྲོགས་མཛོད། །ཧཱུྃ། ཟླ་བ་ལ་འཁོར་ཕྱོགས་ལ་དབང་བ་ཡི། །འབྲུག་ལྷ་ག་པ་ཐེ་སེ་གྲུལ་བུ་དང་། །ཟླ་ཀླུངས་བྱི་ལམ་ཕག་མགོ་ཟླ་དངོས་ལྷ། །ས་སྨན་ས་རྒྱལ་ལྷ་མོ་བརྟན་མ་དང་། །ས་བདག་རྒན་རྒོན་ལྔ་ཟེར་དམར་པོ་དང་། །བྱི་ལམ་

p. 210

སྔོན་མོ་གནམ་ཐེལ་སེར་ནག་དང་། །གཉན་འཕར་མགོ་དགུ་ས་བདག་ལྟོ་འཕྱེ་དང་། །ལྷ་ལྔ་གྲུལ་བུམ་གནམ་ཁྱི་ནག་པོ་དང་། །ཧལ་ཁྱི་ལ་སོགས་ཟླ་བའི་ས་བདག་རྣམས། །འབྲུ་སྣ་སྐྱེམས་ཕུད་མཆོད་པ་འདི་འབུལ་བཞེས། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ཁྱེད་ཅག་ཕྱོགས་སུ་གལ་ཏེ་ཁྱེར་བྱུང་ན། །སྟོབས་ཆེན་ཁྱེད་ལ་བསྡོ་བ་མ་ཡིན་ཏེ། །བདག་ཅག་མ་རིག་འཁྲུལ་པས་སྒྲིབ་པ་ལ། །བཟོད་པར་བཞེས་ལ་ཀོ་ལོང་མ་མཛད་ཅིག །ཧཱུྃ། ཞག་གི་དམག་མི་སུམ་བརྒྱ་དྲུག་ཅུ་ལ། །དབང་བའི་ལོ་དང་སྤར་ཁ་གཟའ་སྐར་དང་། །ཁྲ་ཚ་ཟིན་ཕུང་གཟའ་ཡི་བུ་བཞི་སོགས། །དུས་ཚོད་མཚོན་ཆའི་བདག་པོ་སྤར་སྨེ་ལོ། །ཀླུ་བརྒྱད་རྣལ་འབྱོར་མ་བརྒྱད་བིཏྟི་དང་། །གསེར་མཛོད་སེར་པོ་གཡུ་མཛོད་སྔོན་པོ་སོགས། །ཞག་དང་ཟ་མ་དུས་ཚོད་བདག་པོ་རྣམས། །འབྲུ་སྣ་སྐྱེམས་ཕུད་མཆོད་པ་འདི་འབུལ་བཞེས། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག །ཁྱེད་ཅག་ཐོག་ཏུ་མི་རུང་ལས་བྱེད་ཀྱང་། །ཁྱེད་ཅག་རྣམས་ལ་བརྙས་ནས་འགྲས་བཙུགས་མིན། །མ་རིག་མ་ཤེས་འཁྲུལ་པ་བཟོད་པར་བཞེས། །བདག་དང་ཡོན་བདག་དགེ་

p. 211

བའི་སྡོང་གྲོགས་མཛོད། །ཧཱུྃ། ཕྱོགས་བཞི་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི། །ཤར་གྱི་སྟག་སྐྱ་ལྷོ་ཡི་འབྲུག་སྔོན་དང་། །ནུབ་ཀྱི་བྱ་དམར་བྱང་གི་རུས་སྦལ་རྒྱལ། །བྱང་ཤར་མེ་གླང་ལྷོ་ནུབ་རྡོ་ལུག་དང་། །ནུབ་བྱང་གནམ་ཁྱི་ཤར་ལྷོར་ར་གན་འབྲུག །བར་སྣང་གསེར་སྤྲེལ་གནམ་ཁྱི་བྱ་ཁྱུང་དཀར། །གངས་རི་གཡའ་རི་བྲག་རི་སྤང་གི་རི། །མཚོ་དང་གདེང་ཀ་ཆུ་མིག་གད་བྲག་ཕུག །དེ་དག་ལ་གནས་ས་བདག་ཀླུ་གཉན་དང་། །སྲིད་པས་བསྐོས་པའི་མཐུ་རྩལ་དྲག་ཤུལ་ཅན། །ཁ་དོག་ལྡན་ཞིང་འོད་དང་གཟི་བརྗིད་ལྡན། །སྡེ་ཆེན་སྟོབས་ཆེན་ཕ་རོལ་དཔུང་འཇོམས་པ། །ཁྱེད་ཅག་ཀུན་ལ་འབྲུ་སྣ་གསེར་སྐྱེམས་འབུལ། །རོ་དང་ཐལ་སོལ་དཀར་རྩིའི་ལམ་ཕྱེས་ཤིག་དམའ་དམའ་དབུ་ཚུམ་མཐོ་བ་ཞབས་ཡར་སྐུམས། །བར་མ་སྐུ་གཟུར་སྤྱན་གཡོར་ཐུ་བ་སྡུས། །ཐབ་གཞོབ་རོ་དུར་བྱ་བ་ཅི་བྱས་ཀྱང་། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །མ་ཤེས་དབང་གིས་ཕོག་ཐུག་བྱུང་ན་ཡང་། །བྲག་ཆེན་མ་རལ་མཚོ་ཆེན་མ་ལྷུད་ཅིག །གངས་ཆེན་མ་ཉིལ་ཆུ་ཆེན་མ་འབྲུབ་ཅིག །ཤིང་ཆེན་མ་ཆག་སྐར་མདའ་མ་

p. 212

ལྟུང་ཞིག །གློག་ལྕེ་མ་བརྐྱངས་སེར་བ་མ་འབེབས་ཤིག །གནམ་གྱི་བྱ་ཁྱུང་གཤོག་པ་མ་རྡེབས་ཤིག །གཡུ་འབྲུག་སྔོན་མོས་རྐན་སྒྲ་མ་རྡེབས་ཤིག །གསེར་སྦལ་གསེར་སྤྲེལ་གར་ནི་མ་བྱེད་ཅིག །མཆོང་ཉ་དུང་ཉ་རྔ་མ་མ་གཡུགས་ཤིག །ཁམ་པ་གཡག་གི་རྭ་ནི་མ་བརྡར་ཅིག །བཙན་གྱི་ཤ་བ་རྒྱ་བོ་མ་རྒྱུགས་ཤིག །ནག་པོ་ཕག་གི་སྣ་རླུང་མ་སྦྱད་ཅིག །སྦྲུལ་ནག་གདུག་པའི་དུག་ལྕེ་མ་སྐྱོངས་ཤིག །གླང་བུ་སྟག་རིས་ས་ནི་མ་གཏོར་ཅིག །གདུག་པའི་ཕྱག་བརྙན་མ་བཏང་བདུད་མ་འབེབས། །བཙན་གྱི་རྐྱ་འཁྲུགས་མ་བཏང་གཤེད་མ་འབེབས། །སོ་སོར་བཅོས་སོ་ཞི་བ་བདེ་ལེགས་མཛོད། །ར་ལ་ཕོག་ཀྱང་རུ་གཡུགས་མ་རྡུངས་ཤིག །རྨིག་པའི་ཚིགས་ལ་ཕོག་ཀྱང་མ་འཕྲ་ཤིག །སྤུ་ཡི་གྲྭ་ལ་ཕོག་ཀྱང་མ་སྤྲུགས་ཤིག །སྤྱན་ལ་ཕོག་ཀྱང་སྡང་མིག་མ་བསྐྲད་ཅིག །ལྗགས་ལ་ཕོག་ཀྱང་ངར་ལྕེ་མ་སྐྱོངས་ཤིག །ས་ལ་མ་འགས་རྡོ་ལ་མ་འགྱེལ་ཅིག །རོ་ལ་མ་སྐྲག་གཞོབ་ལ་མ་སྔངས་ཤིག །གཡས་སུ་གཟུར་ལ་གཡོན་དུ་བྱེར་བར་མཛོད། །ཐད་དུ་བྱོལ་ལ་རང་རང་གནས་སུ་བཅོས། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་

p. 213

དང་། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་བདེན་པ་དང་། །ཉན་ཐོས་ཆེན་པོ་བརྒྱད་ཀྱི་བདེན་པའི་མཐུས། །དེ་རིང་ཉི་མ་དགེ་ཞིང་རྒྱུ་སྐར་བཟང་། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེན་པོ་སྟེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད་པ་ཡིན། །བདེན་པ་དེ་ཡིས་ཆོ་ག་འདི་འགྲུབ་ཤོག །ནི་ཀ་ནི་ཨ་བྱི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བརྗོད་དོ། །ཞེས་པ་འཚོ་མཛད་གྲག་ལུ་དང་། དབོན་མོ་ཏིང་དཀར་མ་གཉིས་ཀྱིས་དཀར་རྩི་ཐལ་སོལ་དུས་གཅིག་ལ་བསྐྱལ་དགོས་བྱུང་དུས་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བ་སྟེ་ཕྱི་རབས་འགྲོ་བ་མང་པོ་ལ་ཕན་ཐོགས་རྒྱ་ཆེན་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།

རོ་ལམ་གསེར་སྐྱེམས།

p. 214
p. 215

རོ་ལམ་གསེར་སྐྱེམས་བཞུགས་སོ། །རཾ་ཡཾ་ཁཾ། ཨོཾ་ཨཱཧཱུཾ། དཀོན་མཆོག་གསུམ་དང་འཇམ་དཔལ་འབྱུང་ལྔའི་ལྷ། །ལོ་འཁོར་ཟླ་འཁོར་ཞག་དུས་ས་བདག་དང་། །ཁྱད་པར་རོ་ལ་ཀོ་ལོང་སྡོམ་པའི་རིགས། །ཧལ་ཁྱི་ནག་པོ་ཀཱ་ལ་རོ་གཟན་དང་། །རྒྱལ་པོ་མཚོན་ཐོགས་ལ་སོགས་གཤིན་ལྷ་དགུ། །དེ་རིང་རྒྱུ་བའི་དུས་ལྷ་ཐམས་ཅད་ལ། །གསེར་སྐྱེམས་འབྲུ་སྨན་བདུད་རྩིའི་མཆོད་པ་འབུལ། །ཕུང་པོ་འགུལ་བསྐྱོད་ཤེད་དང་དུར་འདེབས་ལ། །རུ་ང་ཕྲག་དོག་སྡང་སེམས་མ་མཛད་ཅིག །ཞི་ཞིང་བྱམས་པའི་སེམས་དང་རབ་ལྡན་མཛོད། །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ། ཨ་རཱ་གས་སོ།། །།

གནམ་ཆོས་ལས་བྱུང་བའི་ས་ཡི་སྙིང་པོ་དང་བརྟན་མ་སྦྲག་སྒྲུབ་ཀྱི་ལྷན་ཐབས་ས་ཆོག་རྒྱ་དཀར་ནག་གི་དོན་ཤིན་ཏུ་བསྡུས་པ།

p. 216
p. 217

གནམ་ཆོས་ལས་བྱུང་བའི་ས་ཡི་སྙིང་པོ་དང་བརྟན་མ་སྦྲག་སྒྲུབ་ཀྱི་ལྷན་ཐབས་ས་ཆོག་རྒྱ་དཀར་ནག་གི་དོན་ཤིན་ཏུ་བསྡུས་པ་བཞུགས་སོ།

p. 218

ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ། །སྒྲོ་བ་ནང་དུ་ནས་ནི་སྡེར་གང་བླུག །ཤ་ནི་ལག་པ་ཆེ་ཆུང་གང་རུང་ཞིག །སྐག་ལེ་འབྲེང་པ་ཡོས་བཀྲ་ཚ་རུ་གཅིག །མདའ་དར་དུང་རྡོག་རིན་ཆེན་གང་འཛོམ་དང་། །དཀར་གཏོར་གཉིས་དང་གསེར་དངུལ་མཆིག་གི་གཟུགས། །དངོས་སམ་ཟན་ལ་བྱས་པའི་ལུག་གཅིག་དང་། །འབྲུ་སྣ་ཕྱེ་མར་ཡོས་བཀྲ་དང་། །ཇ་ཆང་ཕུད་སོགས་ཚང་བར་བསགས། །ཡོན་བདག་ཉིད་དང་མཆོད་གཡོག་མདུན་དུ་འདུག །ཧོཿ ས་རྒོད་འདི་འདྲ་འདུལ་བ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། །གསེར་གྱི་གཡུང་དྲུང་ཉི་མ་ཙམ། །གསེར་གྱི་པདྨ་འདབ་བརྒྱད་དང་། །གདུགས་དང་ཤིང་རྟ་དར་དམར་ཐོད། །མཆིལ་ལྷམ་

p. 219

གསེར་ཁྲབ་ཤེལ་སྒོང་དང་། །གསེར་གྱི་ཕ་བོང་ཆག་ཤིང་དང་། །དངུལ་རྟ་གསེར་གྱི་སྒ་སྲབ་ཅན། །གསེར་གཡུ་ཉི་མ་ཟླ་བ་ཙམ་། །སྟག་གཟིག་ལྤགས་པ་མ་ཉམས་པ། །རྒོད་སྒྲོའི་མདའ་ལ་དར་སྣ་ལྔ། །སྐག་ལེ་འབྲེང་སྒྲོ་ས་ཤ་སོགས། །ཡོ་བྱད་ཐམས་ཅད་ཚང་ལགས་སམ། །ཚང་ལགས། བརྗོད་བཅུག །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི་། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་

p. 220

མཆོད་པའི་སྤྲིན། །ས་རིན་གཏོར་མ་འདོད་ཡོན་བཅས། །ཟད་མེད་གྱུར་ཅིག་པཱུ་ཛ་ཧོཿ །ཨོཾ་ཨཱཿཧཱུྃ། ལན་གསུམ། རང་ཉིད་ས་སྙིང་སྐུ་མདོག་དཀར། །བྱང་ཆུབ་སེམས་དཔའི་ཆ་བྱད་ཅན། །གཡས་པས་མྱུ་གུ་གཡོན་དྲིལ་བུ། །ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས། །མདུན་དུ་ས་ཡི་ལྷ་མོ་ནི། །སྐུ་མདོག་སེར་མོ་སྐུ་སྟོད་མངོན། །ཕྱག་གཉིས་ནོར་བུ་བུམ་པ་འཛིན། །བྱང་ཆུབ་སེམས་མའི་ཆ་བྱད་ཅན། །ས་བདག་ཚོགས་ཀྱིས་བསྐོར་བ་ཡི། །གནས་གསུམ་འབྲུ་གསུམ་ཐུགས་ཀ་ཡི། །ས་བོན་འོད་ཀྱིས་སྤྱན་དྲངས་གྱུར། །ཧཱུྃ། སྲིད་པ་ཆགས་ནས་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་དང་། །ལྟོ་འཕྱེ་ལ་སོགས་ས་བདག་ཚོགས། །ཁྱད་པར་ཡུལ་དང་ས་སྐོར་འདིར། །ས་ཡི་བདག་པོ་ཐམས་ཅད་ཀུན། །ཞི་ཞིང་བྱམས་པའི་སེམས་ཀྱིས་ནི། །སྐད་ཅིག་ཉིད་ལ་འདིར་གཤེགས་ལ། །བདེན་པའི་ཚིག་ལ་གསན་ཕྱིར་བཞུགས། །པྲི་ཐི་དེ་ཝི་སརྦ་བྷུ་མི་པ་ཏི་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ཨགྷཾ་སོགས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ས་བཅུ་ལམ་ལྔ་ཕར་ཕྱིན་བཅུ། །དཀའ་སྤྱད་མཐར་ཕྱིན་དཔང་

p. 221

པོ་སྟེ། །བདུད་དཔུང་འདུལ་བའི་མཐུ་བོ་ཆེ། །ས་ཡི་ལྷ་མོར་ཕྱག་འཚལ་བསྟོད། །ས་བདག་ཐམས་ཅད་དགོངས་སུ་གསོལ། །མདའ་དར་ལ་སོགས་ཡོ་བྱད་རྣམས། །ཐམས་ཅད་མ་ཚང་མེད་པ་འདི། །ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཡིན། །སྔོན་ཚེ་བསྐལ་པ་དང་པོ་ལ། །ས་ཡི་ལྷ་མོ་བརྟན་མ་ལ། །ས་འདི་ཉོས་ན་གནང་ངམ་ཞུས། །འབྲུ་སྣ་རིན་ཆེན་ཤེལ་ཚིགས་ཀྱིས། །ཉོས་ནས་མི་ཡིས་དབང་བར་བྱེད། །དེ་སྐད་ལྷ་མོས་ཞལ་གྱིས་བཞེས། །ས་རིན་གསེར་མཆིག་གཡུ་མཚིག་ཕུལ། །ས་ཡི་ལྷ་མོ་རབ་ཏུ་མཉེས། །དེ་བཞིན་གསེར་མཆིག་གཡུ་མཆིག་འབུལ། །ས་འདི་གནང་བར་མཛད་དུ་གསོལ། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །འབྲུ་སྣ་ཕྱེ་མར་ཇ་ཆང་ཕུད། །མཆོད་པ་དཔག་མེད་སྤྲུལ་ཏེ་ཕུལ། །ས་ཡི་ལྷ་མོ་བརྟན་མ་དང་། །ས་བདག་རྡོ་བདག་ཤིང་བདག་དང་། །ཆུ་བདག་བྲག་བདག་ལམ་བདག་དང་། །ཉིན་སྲིབ་ཕུ་མདའ་གཡས་གླུ་གཡོན་དང་། །ཕ་རི་ཚུར་རི་ལ་གནས་པའི། །ཡུལ་ལྷ་ས་བདག་ཀླུ་གཉན་ལ། །དངོས་སུ་ཇི་ལྟར་འབྱོར་པ་དང་། །ཡིད་ཀྱིས་དཔག་ཏུ་མེད་པར་སྤྲུལ། །གསེར་སྲང་བརྒྱ་

p. 222

སྟོང་ཁྲི་འབུམ་འཇལ། །གཡུ་བཟང་བརྒྱ་སྟོང་ཁྲི་འབུམ་འཇལ། །དུང་རྡོག་བརྒྱ་སྟོང་ཁྲི་འབུམ་འཇལ། །ནས་ཁལ་བརྒྱ་སྟོང་ཁྲི་འབུམ་འཇལ། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །ཕྱེ་མར་འོ་སྐོལ་ཇ་ཆང་ཕུད། །གསེར་སྐྱེམས་གཡུ་སྔོན་དར་ཟབ་དང། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཏིང་ངེ་འཛིན་གྱིས་བྱིན་བརླབས་ནས། །རྟ་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །ས་དང་རྡོ་ལ་རིན་ཚབ་འབུལ། །བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ། །ས་འདིར་བྱ་བ་གང་བསྒྲུབ་ཀྱང་། །ས་ལ་ངའི་ས་མ་ཟེར་ཅིག །རྡོ་ལ་ངའི་རྡོ་མ་ཟེར་ཅིག །ཤིང་ལ་ངའི་ཤིང་མ་ཟེར་ཅིག །ཆུ་ལ་ངའི་ཆུ་མ་ཟེར་ཅིག །ཕོག་ཐུག་འགལ་བ་ཅི་བྱུང་ཡང་། །བཟོད་པ་དམ་པ་མཛད་དུ་གསོལ། །ཁྲི་ཐི་དྷེ་ཝི་སརྦ་བྷུ་མི་པ་ཏི་མ་ཧཱ་པཱུ་ཛ་ཧོ། དེ་ནས་ལུག་ཤ་ལག་པའི་ལག་སྣའི་སྨེན་བུ་དང་། བརྩོན་དྲུག་ལག་ངར་རྩེ་མོ་ཕྱེ་མར་ཡོས་བཀྲ་ལག་གཡོན་དུ་ཐོགས་བཅུག་ལ། ཧོཿ བདག་དང་ཡོན་གྱི་བདག་པོ་ཡི། །ཕ་ཝཾ་གི་ནི་འཛུལ་ཁུང་ཕྱེས། །ལྷ་དང་མི་ཡི་འཕྲང་ལམ་སོལ། །གཏམ་ངན་སྡུག་གི་རྨེན་བུ་སྐྱུར། །སྡུག་གི་ཁུ་རུ་ངན་པ་ཕོག །བར་ཆད་འདྲེ་སྲིན་བྱུར་གསུམ་རྣམས། །གོམ་

p. 223

དགུའི་ས་ན་མར་བཀར་རོ། །ཞེས་གོམ་དགུའི་སར་མར་འཕང་། བརྩོན་དྲུག་གསུམ་དང་ཕྱེ་མར་ལག་གཡས་སུ་ཐོགས་ལ། ཕོ་ལྷ་དགྲ་ལྷ་ཡུལ་ལྷ་དང་། །ཕ་མེས་བཀྲ་མཚུན་ཟོ་དོར་སོགས་།མགོན་ཞིང་བཀྲ་ཤིས་བྱེད་པའི་ལྷ། །ཡར་ལ་གོམ་པ་བཅུ་གསུམ་སོར། །ཡར་ལ་བཅོས་སོ་ངོ་སོ་བསྟོད། །ཅེས་ཡར་ལ་གོམ་པ་བཅུ་གསུམ་ས་ན་ཕུལ། དེ་ནས་དཀར་གཏོར་བྲན། ཧཱུྃ་ལས་རིན་ཆེན་སྣོད་ཡངས་པར། །གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །ཟག་མེད་བདུད་རྩིའི་རྒྱ་མཚོ་འདི། །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །ས་ཡི་ལྷ་མོ་བརྟན་མ་དང་། །ལྟོ་འཕྱེ་ས་འཛིན་ལག་པ་ཆེ། །ཐེ་སེ་སྤྲེལ་ཁོག་ས་སྨན་དང་། །ས་ལ་དབང་བའི་ལྷ་ཀུན་དང་། །ཁྱད་པར་ཡུལ་ཕྱོགས་འདི་ཡི་བདག །རི་བདག་ཆུ་བདག་རྡོ་ཡི་བདག །ཤིང་བདག་བྲག་བདག་ཀུན་ལ་འབུལ། །ཁྱད་པར་ས་སྐོར་ས་མིག་འདིར། །གཉུག་མར་གནས་པ་ཀུན་ལ་འབུལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ས་འདི་གནང་བར་མཛད་དུ་གསོལ། །པྲི་ཐི་དྷེ་ཝི་སརྦ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན། དེ་ནས་ཚ་རུ་ཕྱོགས་ཀུན་ཕྱར་ནས་ས་མིག་ལ་བརྡབ་བཅུག་

p. 224

ཅིང་། ཧཱུྃ། ས་རྒོད་གཡང་གཞིས་མནན་པ་ནི། །སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱིས། །ཀྲི་ཎ་ས་རའི་པགས་པ་ཞིག །ས་ལ་ཞལ་ཁེབས་བྱས་པ་ཡིས། །ལྷ་མོ་དགའ་ནས་དངོས་གྲུབ་ཕུལ། །དེ་རྗེས་མཁས་པ་ལི་ཁྱུང་གིས། །སྟག་དང་ལུག་གི་གཡང་གཞི་ཡིས། །གནམ་ས་བར་སྣང་ལྷ་ཀླུ་བཅོས། །ཁྱི་ར་ཕག་གསུམ་གཡང་གཞི་ཡིས། །ས་འདྲེ་ས་སྲིན་མནན་པ་ལྟར། །དེ་རིང་ལུག་གི་གཡང་གཞི་འདིས། །གནམ་ས་གཉིས་ལ་ཞལ་ཁེབས་གསོལ། །ཕྱོགས་མཚམས་བརྒྱད་དུ་བསྟན་པ་ཡིས། །ཕྱོགས་མཚམས་ས་བདག་ཞལ་གཡོར་རོ། །དེ་ནས་འབྲེང་པ་ཕྱོགས་བཞིར་ཞགས་ལན་གསུམ་རེ་འཕེན་བཅུག་ཅིང་། ཧཱུྃ། ལས་འབྲེང་ཞགས་པ་འདོམ་དགུ་འདི། །གཡས་གཡོན་མདུན་དུ་ཐང་གསུམ་གཡུགས། །སྔོན་ཚེ་ཕྱ་དམུ་གཙུག་གསུམ་གྱིས། །དམུ་ཐག་དྲངས་བ་དེ་བཞིན་དུ། །ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་ཀྱིས། །དམུ་ཐག་དྲངས་བའི་རྟེན་འབྲེལ་ཤོག །དེ་ནས་སྒྲོ་བ་ཕྱོགས་མཚམས་སུ་བསྟན་ཅིང་ས་མིག་ཏུ་རྡུང་བཅུག་ལ། ཧཱུྃ། ས་སྒོ་ནང་དུ་འབྲུ་སྣ་དང་། །རིན་ཆེན་སྣ་ལྔ་ཟས་སྣ་བཅུག །ཀླད་ལ་གཡུགས་ཤིང་ས་ལ་བརྡབ། །ས་བདག་འཁོན་དང་

p. 225

སྙིང་འགྲམ་ཞི། །ཕྱོགས་མཚམས་ཀུན་ཏུ་བསྟན་པ་ཡིས། །ས་སྒྲོན་སུམ་བརྒྱ་དྲུག་ཅུའི་ཚོགས། །མཆིས་ན་ཟ་ཁ་དགྲ་ལ་སྟོན། །དེ་ནས་མདའ་དར་བཟུང་ལ། །ཧཱུྃ༔ ས་མདའ་དཔག་བསམ་ལྗོན་པའི་ཤིང་། །ཚིགས་གསུམ་ཕྱུ་དམུ་གཙུག་གསུམ་བླ། །སྟོང་ཁས་མི་གྲངས་སྐག་ལས་ཐར། །དར་བཏགས་མི་ནོར་དར་རྒྱས་ཆེ། །བལ་བཏགས་ལོངས་སྤྱོད་སྤྲིན་བས་འཐུག །རིན་ཆེན་སྣ་ཚོགས་བཏགས་པ་ཡིས། །དགོས་འདོད་ཆར་བཞིན་འབེབས་པར་ཤོག །ཅེས་བརྗོད་ལ་མདའ་དར་ལག་གཡོན་དུ་གཏད། གཡས་པས་འཇོར་རམ་ཕུར་པ་ཐོགས་ལ། ཧཱུྃ། ལྕོག་རོ་ཞར་མ་ལ་སོགས་པའི། །ལྕགས་ཀྱི་རལ་པས་ས་འདྲེ་བསད། །དེ་བཞིན་ས་མདའ་ས་སྐག་འདི། །ལྷ་ཀླུ་གཉན་ལ་མི་འདེབས་ཏེ། །བཀའ་དང་དམ་ལ་མི་གནས་པའི། །ས་འདྲེ་ས་སྲིའི་སྐེད་ལ་འཛེར། །ཨོཾ་བཛྲ་ག་རུ་ཊ་མཱ་ར་ཡ་ཧཱུྃ་ཕཊ༔ ཚེས་བཅུ་གཉིས་ཡིན་ན་ས་རྐོ་མི་རུང་། ཐེ་སེ་སྤྲེལ་ཁོག་རྒྱུ་བས་ཕྱིར་ནངས་རྐོ་ཆོག །ལྟོ་འཕྱེ་ཨ་བརྩིས་ཏེ་ས་ལ་སྐག་ལེ་རྒྱབ་དུས། དཔྱིད་གསུམ་བྱུང་། དབྱར་གསུམ་ཤར། སྟོན་གསུམ་ལྷོ། དགུན་གསུམ་ནུབ་ཏུ་ཁ་གྲུ་ལ་སྐག་ལེ་ལན་ལྔ་བརྒྱབ་བོ། །དེ་ནས་ཅི་བདེར་བརྐོ་ཆོག ༈ །དེ་ནས་མན་ངག་སྲུང་བའི་ཐབས་བསྟན་པ་ས་

p. 226

མཐོ་གང་མན་ཆད། གྲུ་གང་ཡན་ཆད་ཟླུམ་པོའམ། གྲུ་བཞིའི་རྣམ་པ་བརྐོས་བྱས་ནས། དེ་ནས་སྨོན་ལམ་གདབ་པ་ནི། ས་སྤར་གང་བླངས་ནས་ཡར་ལ་གོམ་པ་བཅུ་གསུམ་མཚམས་སུ་བཞག་ནས། འདི་ཁྱུང་གཅིག་ཡིན། ཟེར་ནས། ཡར་གྱི་གནམ་སྒོ་ཆོད་ཅིག ལྟ་ཡང་ས་སྤར་གང་བླངས་ནས་མར་ལ་གོམ་པ་བཅུ་གསུམ་མཚམས་སུ་བཞག་ལ། འདི་ཕག་གཅིག་ཡིན། མར་གྱི་ས་སྒོ་ཆོད་ཅིག །ཟེར་ནས་ཡང་ས་སྤར་གང་གཡོན་དང་གཡས་སུ་སྤུངས་ནས། འདི་གཡས་ཀྱི་སྟག་དང་གཡོན་གྱི་འབྲུག་གྱིས། འདྲེ་སྲིན་བྱུར་གསུམ་ཁ་ཁོག་ཚུར་ལ་མ་ལྡང་ཞིག། །དེ་ནས་རྟེན་འབྲེལ་སྙིང་པོ་བརྗོད་ལ་ནས་གཏོར་རོ།་་་སྦྲུལ་ཤད་ནས་འདི་བར་མཆན། དེ་ནས་ས་མིག་ཡིན་མིན་རྟེན་འབྲེལ་བརྟག་པ་ནི། དུང་རྡོག་དང་ཤེལ་བཟུང་ལ། ཧཱུྃ། སྔོན་གྱི་ས་མཁན་ཐམས་ཅད་ཀྱིས། །ས་མིག་ནོར་གྱིས་བསླུས་པ་ལྟར། །དུང་རྒོང་གས་ཆག་སེལ་མེད་འདི། །འཇམ་དབྱངས་རིགས་ལྔའི་བདེན་པའི་མཐུས། །ས་མིག་གར་ཡིན་སྟེང་དུ་ཕོབ་། །ནམ་མཁར་འཕང་ལ་གར་བབ་ལྟོས། དེ་ནས་རྡོ་རུས་བཟང་བ་གཉིས་ཀྱིས་ས་མིག་ཏུ་དུང་བརྡུང་བ་ནི། ཡར་རྡོ་མར་རྡོ་གནམ་དང་ས། །རྟེན་འབྲེལ་རིན་པོ་ཆེ་ཡི་དུང་། །ས་མིག་བབ་ཕྱིར་རྡུང་བ་འདི། །ཕྱོགས་མཚམས་སྟེང་འོག་མ་ཡར་ཅིག །གཉན་པོའི་སྤྱན་ལ་ཕོག་དོགས་ཡོད། །རྨོངས་གཉན་ཡོད་ཕྱིར་མ་རྩིང་ལ། །ཕྱོགས་སུ་འགྲོ་དོག་མ་ཞིབ་ཅིག །མི་

p. 227

ནོར་འཛོམ་ཕྱིར་རྩིང་ཞིབ་འདྲེས། །མི་ཡི་རྟེན་འབྲེལ་འབྱུང་བར་ཤོག །རྟེན་འབྲེལ་སྙིང་པོ་བརྗོད་ལ་བརྡུང་ངོ་། །དུང་ཕྱེ་ལག་ཏུ་བཟུང་བཅུག་ལ། ཧོཿ ས་མིག་དུང་བརྡུང་ཕྱེ་མ་འདི། །ལྷ་ལ་ཕོག་ན་ལྷ་བས་གཙང་། །ཀླུ་ལ་ཕོག་ན་ཀླུ་བས་ཕྱུག །གཉན་ལ་ཕོག་ན་གཉན་བས་བཙན། །བཙན་ལ་ཕོག་ན་བཙན་བས་དྲག །དམུ་ལ་ཕོག་ན་དམུ་བས་ཕྱུག །གནམ་ལ་ཕོག་ན་དགུང་བས་མཐོ། །ས་ལ་ཕོག་ན་ས་བས་བརྟན། །བྲག་ཕོག་མི་སྲོག་བྲག་བས་ས། །ཤིང་ཕོག་མི་གྲངས་ཤིང་བས་མང་། །ཆུ་ཕོག་མི་མཐའ་ཆུ་བས་རིང་། །རླུང་ཕོག་གཏམ་སྙན་རླུང་བས་མགྱོགས། །བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །ཅེས་སྟེང་རྡོ་གོམ་པ་བཅུ་གསུམ་སོ་ནས་ཡར་བཞག །དུར་ས་ཁང་ས་གང་ཡིན་གྱི་ས་མིག་ཏུ་དུང་ཕྱེ་གཏོར་བཅུག །འོག་རྡོ་གོམ་པ་དགུའི་སོ་ནས་མར་བཞག །རྡོ་གཉིས་གས་སམ་ཆག་ན་ཕ་དང་མ་ལ་ངན། དུང་བརྡུང་དུས་ཡར་འཕར་ན་བཟང་། གཡས་གཡོན་ཡར་ན་ནོར་ཕྱུག །མར་ཡར་ན་ངན། ངན་ན་རིམ་གྲོ་རིགས་པས་ལྟ་བརྟགས། དེ་ནས་ལུག་དངོས་སམ་ཟན་གྱི་གཟུགས་བྲན་ལ་བཟུང་བཅུག །ཀྱཻ། དེ་རིང་ས་ལུག་བལ་ཆེན་འདི། །གནམ་ལུག་ས་ལུག་ཚོགས་པའི་བུ། །གཡུ་རུས་གནམ་གང་ལྷ་རྣམས་

p. 228

བཅོས། །རྒྱབ་བལ་བར་སྣང་གཉན་རྣམས་བཅོས། །རྐང་བཞིས་ས་ཡི་ལྷ་རྣམས་བཅོས། །དབང་པོས་འབྱུང་ལྔའི་ལྷ་རྣམས་བཅོས། །ལྷུ་ཡིས་ལོ་སྐོར་ལྷ་རྣམས་བཅོས། །ལྷུ་བརྒྱད་ལྷ་སྲིན་སྡེ་བརྒྱད་བཅོས། །སྒལ་ཚིགས་རྒྱུ་སྐར་ཉེར་བརྒྱད་བཅོས། །ནང་ཆ་བུ་དགུས་སྨེ་བ་བཅོས། །རྨིག་བཞིས་ས་བདུད་ས་སྲིན་ནོན། །ལྷ་ལུག་བལ་ཆེན་འདི་འབུལ་བས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །ཅེས་ཕུལ་ལོ། །ཧོཿ བདག་དང་ཡོན་བདག་འཁོར་བཅས་རྣམས། །ཚེ་བསྲིང་དཔལ་བསྐྱེད་བདེ་སྐྱིད་ཕྱིར། །ས་ཆ་འདི་རུ་ལས་བསྒྲུབ་ཕྱིར། །ས་རྒོད་ཕབ་པར་བྱ་བ་ནི། །མདའ་དར་བལ་ཚོན་ཤེལ་ཚིགས་དང་། །ཕྱི་བ་གཡུ་འབྲུག་སྦལ་པ་བཀོད། །སྔོན་ཚེ་ཀླུ་རྒྱལ་གྲྭ་པ་སོགས། །སྤྲུལ་ཟཔའི་ས་མཁན་ཐམས་ཅད་ཀྱིས། །ཕྱི་བ་གཡུ་འབྲུག་བྱི་བ་དང་། །།སྦལ་པ་གྲུམ་པ་རིན་ཆེན་ལྔ། །ཤེལ་ཚིགས་ས་ཡི་ཤུལ་མ་བཏང་། །རིམ་པ་བཅུ་གསུམ་ཡན་ཆད་ཀྱི། །ཅི་ཡོད་ངས་ཤེས་ཟེར་བ་ལྟར། །དེ་རིང་སྤྲུལ་པའི་ས་མཁན་གྱིས། །ས་འདི་བཀའ་ཡིས་གནང་བ་ལགས། །འཇམ་དབྱངས་ཚངས་པ་རྣམ་རྒྱལ་མ། །ཀླུ་རྒྱལ་སྦྲུལ་མགོ་བདུན་པ་

p. 229

དང་། །བྲམ་ཟེ་སེར་སྐྱས་གཏན་ལ་ཕབ། །ཀོང་རྩེ་ཇི་གང་གྱི་རྩེ་དང་། །ཡེ་ཤེས་འཕྲུལ་གྱི་རྒྱལ་པོ་བཞི། །མཁས་པ་ཀུན་དགའ་འབུམ་སེང་དང་། །ཟླ་བ་རྡོ་རྗེ་རྒྱལ་པོ་དང་། །ཐོད་ཅན་བཞི་དང་དྲང་བཞི་དང་། །མ་ཧཱ་ཡ་ན་དུ་ཧར་ནག །ཐོར་ཅོག་ཅན་དང་སྟོབས་པོ་ཆེ། །ཧཱུྃ་ནམ་ཤིང་ཐོད་ཨུ་ཇོ་དང་། །དར་ཆེན་ཐིག་ལེ་ཨ་ཏྲ་བྷོ། །ཁྲི་མ་ཧཱ་ཡ་ན་ཁྲ་མོ་དང་། །ཧཱུྃ་ཆེན་པད་དྲི་ཨང་ཇོ་དང་། །ལིང་ཇོ་ལ་སོགས་ལོ་ཙཱ་བ། །བོད་ཀྱི་ཆོས་རྒྱལ་མེས་དབོན་གསུམ། །སྟག་ཀླུ་གསང་བྱམས་རྒྱལ་མཚན་བཞི། །ཁྱུང་རྒོད་ནམ་མཁའ་ལྡིང་དང་ནི། །སྨད་པའི་རྒྱལ་མཚན་ཅོག་རོ་ཞེས། །ཡང་ར་མེ་ཀྱེ་ཡེ་མཁྱེན་ཆེ། །ཁྱུང་དམར་གཙང་སྲོང་མ་ག་ཡུམ། །ཁྱུང་གཤོག་ཡུ་ཆུང་གཉའ་སེང་དང་། །མཁས་སེང་དྲག་སེང་བེར་སྔོན་ཅན། །ཟླ་བ་ནག་པོ་རྡོ་རྗེ་འབར། །དེ་སོགས་སྔོན་གྱི་ས་མཁན་རྣམས། །ཞལ་འཆམས་འདི་རུ་ས་ཡོད་གསུངས། །བཀའ་གནང་གཏན་ལ་དེ་ཚོས་ཕབ། །བདག་ནི་ས་མཁན་མ་ཡིན་ཞིང་། །ས་ལ་ཞལ་ལྕེ་འདེབས་པའང་མིན། །དེ་རིང་ས་སྐོར་འདི་ཉིད་ནི། །རྐུས་པ་མིན་ལ་འཕྲོག་པ་

p. 230

མིན། །ས་འདི་རིན་གྱིས་ཉོས་པ་ཡིན། །དེ་ཕྱིར་འདི་རུ་ཅི་བྱས་ཀྱང་། །ཀོ་ལོང་རུ་ང་མ་བྱེད་ཅིག །སྲུང་བཞི་གླང་དམར་འབྲུག་སེང་དང་། །རྡོ་ལུག་གནམ་ཁྱི་གསེར་སྤྲེལ་སོགས། །ཀོ་ལོང་ཆེ་བའི་ས་བདག་དང་། །འདིར་གནས་ས་བདག་ཀླུ་གཉན་ལ། །ལུས་ཀྱི་གུས་བཏུད་ངག་གི་བྱོལ། །ཡིད་ཀྱི་གཡོ་སྒྱུ་མེད་པར་དམིགས། །ཟས་ནོར་རིན་ཆེན་ས་རིན་ཕུལ། །གོ་བའི་གཏམ་དང་བདེན་ཚིག་སྨྲས། །གལ་ཏེ་སྐུ་ལུས་ཐུགས་སྤྱན་ལ། །ཕོག་ནས་རུ་ང་ཕྲག་དོག་དང་། །ཕོག་ཀྱང་རུ་གཡུག་འཕྲ་ཁ་དང་། །སྡང་མིག་སྤྲུག་སིལ་མ་མཛད་ཅིག །གདུབ་རྩུབ་བསམ་ངན་ཀུན་སྤོངས་ལ། །ས་འདིར་བསམ་པ་ཀུན་འགྲུབ་མཛོད། །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལམ་བྷ་ལ་མ་ཡེ་མན་ཏྲ་ཡ་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་སྣ་རིན་ཆེན་ཕྱེ་མར་ས་མདའ་འམ་ལྕགས་ཕུར་མལ་དུ་བླུག །དེ་ནས་ཕྱེ་མར་ཟས་སྣའི་ལྷག་མ་བཅུག་ལ། ཧོཿ ས་བཀྲ་དེ་ནི་ཟས་ཀྱི་བཀྲ། །ས་ཕྱུག་དེ་ནི་ཟས་ཀྱི་ཕྱུག །ཁུ་ཡེ་ཁུ་ལྡན་ཁུ་སྤྱོད་དོ། །ས་གཡང་དེ་ནི་ཟས་ཀྱི་ལེན། །ཕྱྭ་སྐོར་དེ་ནི་ཀྱི་ལི་ལི། །གཡང་སྐོར་དེ་ནི་སྒ་ར་ར། །ཁུ་ཡེ་ཁུ་ལྡན་གཡང་དུ་ལེན། །ཕྲུ་ཁུག་གཡང་ལེན་མི་གཡང་།

p. 231

ལེན། །ཚེ་གཡང་ཟས་གཡང་ནོར་གཡང་ལེན། །ས་རྒྱལ་ལོ། །ཕྱེ་མར་འགྱེད་ལ་ཟའོ། ཧོཿ ས་ཡི་ལྷ་མོ་ལ་སོགས་པ། །ས་བདག་ཐམས་ཅད་ཐུགས་དགྱེས་ནས། །ས་འདིར་གནང་གི་ཅི་དགར་སྤྱོད། །ཅེས་གསུངས་ཡར་ལ་སྤོས་ནས་བཞུགས། །ས་ཡི་ལྷ་མོ་ས་ལ་ཐིམ། །ས་ཡང་གསེར་གྱི་ཕུང་པོར་གྱུར། །སྤྱན་དྲངས་མགྲོན་རྣམས་རང་གནས་གཤེགས། །སརྦ་བྷུ་མི་པ་ཏི་ས་མིག་ན་བཀྲ་ཤིས་བརྗོད། མཆོད་རྟེན་ལྷ་ཁང་ཚྭ་ཁང་རྒྱ་མཁར་ཁང་པ། གསས་མཁར་གསར་བརྩེགས། ལྷ་ཐོ་ཆོས་སྐྱོང་རྟེན་ཁང་ཆེ་དུར་ཆུང་དུར། ཐལ་སོལ་དཀར་རྩི། ས་བདག་སྙིང་གཏེར་ཆེན་པོ་ཚ་ཚ་མང་པོའམ། ས་ལེན་པ་ཀུན་ལ་འདི་གལ་ཆེ། རྒྱ་དཀར་ནག་ས་འདེབས་ཆེན་མོ་གསར་རྙིང་གི་ས་ཆོག་ཀུན་གྱི་དོན་འདུས་པ་ཚིག་ཉུང་ཁྱེར་བདེ་རཱ་ག་ཨ་སྱས་བྲིས་ཕྱི་རབས་སྔགས་ཆུང་པ་ཀུན་ལ་ཕན་པར་གྱུར་ཅིག །ས་རྒྱལ་ལོ། ཕྱེ་མར་ཟའོ། བཀྲ་ཤིས་དགེའོ། ༈ དེ་ནས་ཤ་ལག་བཟུང་ལ། ཧཱུྃ། གཡང་མོ་ལུག་གི་ལག་གཡས་འདི། ལག་པ་མ་ཟེར་ལེགས་པ་ཟེར། །བུག་པ་མ་ཡིན་དཔུང་པ་ཡིན། །སོག་པ་མ་ཡིན་བསོགས་པ་ཡིན། །ལག་ངར་མ་ཡིན་ལྷ་ངར་ཡིན། །ལག་པ་གྱེན་ལ་བསྟན་པ་ཡིན། །

p. 232

སྐྱིད་ཀྱི་གནམ་སྒོ་འབྱེད་པར་ཤོག །ལག་པ་ཐུར་དུ་བསྟན་པ་ཡིས། །མར་གྱི་ས་སྒོ་ཆོད་པར་ཤོག །དུང་དུང་འབུད་པ་བརྡུང་བ་ཡིས། །ཤི་སྒབ་ངན་པ་ད་ཆོད་ཅིག །དེ་ནས་ཟོར་བ་ཐོགས་ལ་འདི་སྐད་དོ།། ཀྱཻ། ས་སྲིན་བྲེགས་པའི་རྒྱ་ཟོར་འདི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར། །འཕྱར་ཞིང་ཕྱོགས་མཚམས་ས་སྒྲོན་ཚོགས། །སུམ་བརྒྱ་དྲུག་ཅུ་ཅི་མཆིས་རྣམས། །བྲེགས་ནས་ས་སྒྲོ་རླུང་ཐུབ་ནང་། །བླུགས་ནས་བྲུབ་ཅིང་མར་བསྒྱུར་རོ། །ཤར་ཕྱོགས་སྤྲེལ་དམར་ལག་རྡུམ་དང་། །ལྷོ་ཕྱོགས་དོམ་བུ་མདའ་ཁུར་སྒྲོན། །ནུབ་ཕྱོགས་དུར་མོང་མཚོན་རྐུན་དང་། །བྱང་ཕྱོགས་ཤ་བ་གྲི་མདུང་དང་། །ཤར་ལྷོ་མ་ཡམ་རྒྱལ་མོ་དང་། །ལྷོ་ནུབ་རྡོ་ལུག་གྲོ་མོ་དང་། །ནུབ་བྱང་ཤེལ་མའི་གླུ་ལེན་དང་། །བྱང་ཤར་དུར་ཕག་ཁྲ་མོ་དང་། །རི་སྒྲོན་གཤིན་རྗེའི་མཆེ་བ་དང་། །ས་སྒྲོན་གད་པ་མདུང་ཐུང་དང་། །ཆུ་སྒྲོན་རྔ་བའི་རླབས་མོ་ཅན། །བྲག་སྒྲོན་ཤིང་གི་ཨོག་ཙོམ་ཅན། །ལམ་སྒྲོན་གད་པའི་སྨིན་མ་ཅན། །ཤིང་ནགས་རེ་བའི་གཡབ་མོ་ཅན། །རླུང་ན་གོང་བུ་མདའ་སྟོང་སོགས། །ཕྱོགས་བཞི་མཚམས་

p. 233

བརྒྱད་སྟེང་འོག་དབུས། །མ་ལུས་ས་ན་གནས་པ་ཡི། །ས་འདྲེ་ས་སྲིན་ས་སྒྲོན་ཚོགས། །ཐམས་ཅད་རྒྱ་ཟོར་འགུགས་མོ་འདིས། །ཁྲེགས་ཤིང་བྲུབ་པས་ཞི་གྱུར་ཅིག །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སརྦ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ༄༅། དུར་རྡོའི་སྔས་སྟན་བཞག་པ་དང་དམུ་ཐག་འཐེན་པ་བཞུགས་སོ། །དེ་ནས་བརྟན་རྡོ་བཞི་སྔས་སྟན་བཞག་བྱས་ནས། ཨ་མོ་ལེབ་ཀྱི་རྡོ་ལེབ་འདི། །བཀྲ་ཤིས་བདེ་སྐྱིད་འབྱུང་བའི་གཞི། །ཡར་གསུམ་སྔོན་འདི་དཀོན་མཆོག་གསུམ། །མར་གསུམ་སྟན་མང་ངན་སོང་སྒོ་མོ་གཅོད། །གཡས་གཡོན་རྡོ་འདི་ཐབས་ཤེས་ཀྱི། །ཟུང་འཇུག་ཚེ་འདས་གྲོགས་སུ་མཛོད། །ལྷ་བཙུན་དགྲ་ལྷའི་སྡོང་གྲོགས་མཛོད། །དེ་ནས་དམུ་ཐག་འཐེན་བཅུག་ལ་འདི་སྐད་དོ།། ཀྱཻ། སུམ་ཅུ་རྩ་གསུམ་ལྷ་གནས་ལ། །ལྷ་ཆེན་ཚངས་པ་བརྒྱ་བྱིན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །གནམ་གྱི་འཇུ་ཐག་དཀར་པོ་ཡར་ལ་འཐེན། །རི་རབ་ཕྱོགས་བཞིར་ཀླུ་མངའ་མཛད་པ། །རྒྱལ་ཆེན་སྡེ་བཞིའི་དམུ་ཐག་ཡར་ལ་འཐེན། །བསྲུང་ཞིང་སྐྱབས་པར་མཛད་དུ་གསོལ། །དགྲ་ལྷ་དུང་ཁྱུང་དཀར་པོ་ཡི། །ཚེ་དང་སྲོག་གི་དམུ་ཐག་ཡར་

p. 234

ལ་འཐེན། །མི་མངོན་ནམ་མཁའི་དབྱིངས་དཀྱིལ་ནས། །ཨ་ཕྱི་གནམ་གྱི་གུང་རྒྱལ་མ། །འཐེན་ཐག་དཀར་པོ་ཡར་ལ་འཐེན། །འཇུ་ཐག་དཀར་པོ་ཡར་ལ་འཐེན། །དེ་རིང་བརྟན་ཕུར་ས་ལ་བཙུགས། །དེ་རིང་དམུ་ཐག་དཀར་པོ་ཡར་ལ་འཐེན། །དེ་རིང་བརྟན་ཕུར་ཡར་ལ་འཐེན། །དེ་རིང་བཀྲ་ཤིས་ཕུན་སུམ་ཚོགས། །ཡིད་ཀྱི་འབྱོར་ལྡན་འགྲུབ་པར་ཤོག །དུར་མིག་ལ་བཀྲ་ཤིས་འདི་སྐད་དོ།། ཀྱཻ། དེ་རིང་ཡོན་གྱི་བདག་པོ་འཁོར་བཅས་ལ། །ཕ་མྱེས་རྒྱུད་པའི་བཀྲ་ཤིས་ཤོག །མ་ཕྱི་གཡང་གི་བཀྲ་ཤིས་ཤོག །ས་གཞི་མ་ཡི་བཀྲ་ཤིས་ཤོག །རུས་པ་བུ་ཡི་བཀྲ་ཤིས་ཤོག །ས་རུས་མ་བུའི་བཀྲ་ཤིས་ཤོག །ས་མིག་བཟང་པོའི་བཀྲ་ཤིས་ཤོག །ནང་མཛོད་མི་ཡི་བཀྲ་ཤིས་ཤོག །བང་མཛོད་ཟས་ཀྱི་བཀྲ་ཤིས་ཤོག །ཕྱི་མཛོད་ནོར་གྱི་བཀྲ་ཤིས་ཤོག །རྒྱབ་རི་ལྷ་ཡི་བཀྲ་ཤིས་ཤོག །མདུན་རི་དཔལ་གྱི་བཀྲ་ཤིས་ཤོག །གཡས་གསུམ་ཕོ་ལ་བཀྲ་ཤིས་ཤོག་གཡོན་གསུམ་མོ་ལ་བཀྲ་ཤིས་ཤོག །དེ་ལྟར་བཀྲ་ཤིས་གནས་མལ་བཅུ་གསུམ་འདིས། །མི་རབས་བཅུ་གསུམ་བརྟན་འཛུགས་ཤོག །དེ་དག་མཐར་ཕྱིན་རྒྱས་གྱུར་

p. 235

ཅིག །བཙན་ཕྱུག་དར་གསུམ་འཛོམ་པར་ཤོག །ས་ཡི་ལྷ་མོ་བརྟན་མ་ནི། །དཔྱིད་གསུམ་བྱི་བ་བྱ་སྦྲུལ་གནས། །དབྱར་གསུམ་སྟག་རྟ་སྤྲེལ་ལ་གནས། །སྟོན་གསུམ་ཕག་ལུག་ཡོས་ལ་གནས། །དགུན་གསུམ་ཁྱི་འབྲུག་གླང་ལ་གནས། །ལས་ཐབས་ནག་དང་ས་ཁ་འབྱེད། །སྨྲ་རོ་སྤྲེའུ་རོ་བཏང་ན། །ཀོ་ལོང་ལས་བྱེད་མི་ལ་སྡོམས། །ཉམས་ན་ཉི་ཁྲི་བརྒྱད་སྟོང་འདོན། །ཨ་རཱ་གས་མཛད་པའོ། ༈ །དེ་ནས་དུར་ཁ་བཅད་པ་ནི། །ཀྱཻ། ཉི་མ་ལྷོ་ཡི་དུར་ཁ་རྟ་ཡིས་བཅད། །ལྷོ་ཡི་དུར་ཁ་ཆོས་ཀྱིས་བཅད། །ལྷོ་ཡི་དུར་ཁ་གསེར་གྱིས་འཛེར། །ལྷོ་ཡི་དུར་ཁ་ཟོར་བས་དགྲ། །ལྷོ་ནུབ་དུར་ཁ་ལུག་གིས་བཅད། ལྷོ་ནུབ་དུར་ཁ་ཆོས་ཀྱིས་བཅད། །ལྷོ་ནུབ་དུར་ཁ་གསེར་གྱིས་བཅད། །ལྷོ་ནུབ་དུར་ཁ་ཟོར་བས་དགྲ། །ནུབ་ཀྱི་དུར་ཁ་སྤྲེལ་གྱིས་བཅད། །ནུབ་ཀྱི་དུར་ཁ་ཆོས་ཀྱིས་བཅད། །ནུབ་ཀྱི་དུར་ཁ་གསེར་གྱིས་བཅད། །ནུབ་ཀྱི་དུར་ཁ་ཟོར་བས་དགྲ། །ནུབ་བྱང་དུར་ཁ་ཁྱི་ཡིས་བཅད། །ནུབ་བྱང་དུར་ཁ་ཆོས་ཀྱིས་བཅད། །ནུབ་བྱང་དུར་ཁ་གསེར་གྱིས་བཅད། །ནུབ་བྱང་དུར་ཁ་ཟོར་བས་དགྲ། །ཤར་གྱི་དུར་ཁ་བོང་བུས་བཅད། །ཤར་གྱི་དུར་ཁ་ཆོས་ཀྱིས་བཅད། །ཤར་གྱི་དུར་ཁ་གསེར་གྱིས་

p. 236

བཅད་། །ཤར་གྱི་དུར་ཁ་ཟོར་བས་དགྲ། །ཤར་ལྷོའི་དུར་ཁ་དྲེལ་གྱིས་བཅད། །ཤར་ལྷོའི་དུར་ཁ་ཆོས་ཀྱིས་བཅད། །ཤར་ལྷོའི་དུར་ཁ་གསེར་གྱིས་བཅད། །ཤར་ལྷོའི་དུར་ཁ་ཟོར་བས་དགྲ། །བྱང་གི་དུར་ཁ་ཕག་གིས་བཅད། །བྱང་གི་དུར་ཁ་ཆོས་ཀྱིས་བཅད། །བྱང་གི་དུར་ཁ་གསེར་གྱིས་བཅད། །བྱང་གི་དུར་ཁ་ཟོར་བས་དགྲ། །བྱང་ཤར་དུར་ཁ་གླང་གིས་བཅད། །བྱང་ཤར་དུར་ཁ་ཆོས་ཀྱིས་བཅད། །བྱང་ཤར་དུར་ཁ་གསེར་གྱིས་བཅད། །བྱང་ཤར་དུར་ཁ་ཟོར་བས་དགྲ། །ཀྱཻ། བོན་གྱིས་སྨྲས་པའི་དུར་ཁ་བཅད། །ཡས་དང་ཐལ་གྱིས་དུར་ཁ་བཅད། །དུར་ཁ་བཅད་པའི་ཡོན་ཏན་གྱིས། །ཤི་ཁ་ཆོད་ལ་རལ་ཁ་བྲུབས། །གཤིན་པོ་མཐོ་རིས་སྐྱེ་བར་ཤོག །གསོན་པོ་ཚེ་དང་ལྡན་པར་ཤོག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྦྱིན་བདག་ལོ་བརྒྱ་ཐུབ་པར་ཤོག །གཞན་ཡང་བཀྲ་ཤིས་གང་ཤིས་བརྗོད། །དེ་ལྟར་བརྗོད་ལ་ཕྱོགས་བཞི་མཚམས་བརྒྱད་སེམས་ཅན་གང་ཡིན། ཁྲིད་པའི་ཐོད་པ་བརྒྱད་དང་། ཕྱག་རྒྱ་བརྒྱད་གང་བབ་དུར་ཐོག་བཞག །ཆོས་ཅན་དབུ་སྡེབ་དང་། གསེར་རམ་གསེར་མཆོད་ཟོ་བ་ཐག་པ་རྣམས་བཟུང་ལ་འགྱིང་། ཟོར་བས་རི་མོ་བཞི་ཁྲམ་རིས་

p. 237

ཕྱོགས་བཞི་ལ་བྱེད་ཅིང་ཁ་བཤད་བྱ། དེ་ནས་ཡས་ཐག་རྣམས་བོན་པོ་བཟུང་། དུར་ཁ་ཆོད་པར་ངེས་ཡོད། རྒྱ་ནག་གཏོ་འགྱུར་ལས་ཁོལ་དུ་ཕྱུང་། དགེའོ། །རྫོགས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་འདེབས་ཁ་འཕང་།

p. 238
p. 239

ས་འདེབས་ཁ་འཕང་ཡོད་ལགས་སོ། །ཡོས་བཀྲ་བླུགས་ལ་གསེར་སྲང་བརྒྱ་ཨེ་ཡོད་ཟེར་ལ། ཡོད་ཟེར་བཅུག་ལ། མི་འདིའི་ཁྲག་དུར་འདིའི་ལྕེ་ཏེ་བརྩི་བའི་ས་རིན་ལ། གསེར་སྲང་བརྒྱ་ཨེ་ཡོད། སྟོང་ཨེ་ཡོད། ཁྲི་ཕྲག་ཨེ་ཡིན། འབུམ་ཨེ་ཡིན། བྱེ་བ་ཨེ་ཡིན། ས་ཡ་ཨེ་ཡིན། ནས་འདོད་ཁ་མ་བཅད་པའི་ནས་ཁལ་བརྒྱ་ཨེ་ཡིན། དངུལ་སྲང་བརྒྱ་ཨེ་ཡིན། སྟོང་ཨེ་ཡིན། ཁྲི་ཕྲག་ཨེ་ཡིན། འབུམ་ཨེ་ཡིན། །བྱེ་བ་ཨེ་ཡིན། ས་ཡ་ཨེ་ཡིན། གསེར་ཉི་མ་ཙམ་ཨེ་ཡིན། དངུལ་ཟླ་བ་ཙམ་ཨེ་ཡིན། དུང་ལུག་གུ་ཙམ་ཨེ་ཡིན། གཡུ་ཕུག་རོན་ཙམ་ཨེ་ཡིན། ས་ལ་ས་རིན་འཇལ། རྡོ་ལ་རྡོ་རིན་འཇལ། བ་ཁྲི་བརྒྱ་ཨེ་ཡིན། བེལ་ཁྲི་སྟོང་ཨེ་ཡིན། ལུག་དཀར་མོ་བརྒྱ་ཨེ་ཡིན། ནག་པོ་སྟོང་ཨེ་ཡིན། འབྲི་དཀར་མོ་བརྒྱ་ཨེ་ཡིན། ནག་མོ་སྟོང་ཨེ་ཡིན།་ར་དཀར་མོ་བརྒྱ་ཨེ་ཡིན། ནག་མོ་སྟོང་ཨེ་ཡིན། བྱ་དཀར་མོ་བརྒྱ་ཨེ་ཡིན། ནག་མོ་སྟོང་ཨེ་ཡིན། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །ནག་མོ་ཟ་ལེ་འབྲི་བརྒྱ་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱ་འབུལ། །གྲོ་བོ་ཀུ་རུ་རྟ་བརྒྱ་འབུལ། ཕྱག་འཚལ་ཡོན་འབུལ་དཔལ་

p. 240

བསྐྱེད་པས། །ས་ལ་ངའི་ས་མ་ཟེར། །རྡོ་ལ་ངའི་རྡོ་མ་ཟེར། །རིན་པོ་ཆེའི་ས་ལ་ཀོ་ལོང་མ་མཛད་ཅིག །ས་འདི་ཡག་པའི་གཟུ་དཔང་། །མངྒ་ལཾ།

མི་རབས་བཅུ་གསུམ་གྱི་རྟེན་དུར་དཀར་རྩི་སྐུང་ཐབས་གཞུང་རྣམས་དང་རུས་མཁར་རིན་ཆེན་ཕྲེང་བའི་དོན་བསྡུས།

p. 241

མི་རབས་བཅུ་གསུམ་གྱི་རྟེན་དུར་དཀར་རྩི་སྐུང་ཐབས་གཞུང་རྣམས་དང་རུས་མཁར་རིན་ཆེན་ཕྲེང་བའི་དོན་བསྡུས་ཡོད།

p. 242

ན་མོ་མཉྫ་ཤི་ཡེ། ས་ཡི་རྒྱ་གཞུང་བྱེ་མ་ལག་ཁྲིད་ལས། །དུར་ས་འདེབས་པའི་ཆོ་ག་བསྟན་པ་ནི། །རུས་པར་ཁྲུས་བྱས་དྲི་བཟང་གདབ། །བགེགས་བསྐྲད་བྱས་ལ་བུམ་པར་བླུག །བླ་རྡོ་ཁམས་ལྔ་རིམ་པ་བཞིན། །འབྱུང་བ་ལྔ་ཡི་ཡིག་འབྲུ་དང་། །སྔགས་ལྔ་ཤམ་བུ་བཅས་པ་བྲི། །བླ་བྱང་ཤུག་པའི་བྱང་བུ་ལ། །ཉི་ཟླ་ཨཱ་ལི་ཀཱ་ལིས་མཚན། །ཕོ་ལ་གུར་གུམ་མོ་ལ་གི་ཝཾ་བྱུག །རང་མདོག་དར་དྲིལ་བུམ་པར་གཞུག །གསུངས་པའི་ཕྱག་ལེན་མཐོང་བ་བརྒྱུད་པ་ནི། །རྫ་ཡི་བུམ་པ་འོ་མས་ཕབ། །ཤར་དུ་སྟག་སྐྱ་ལྷོ་རུ་འབྲུག་སྔོན་དང་། །ནུབ་ཏུ་བྱ་དམར་བྱང་དུ་རུས་སྦལ་བྲི། །བར་མཚམས་རྣམས་སུ་བཀྲ་ཤིས་རྟགས་བརྒྱད་དང་། །ཁ་ལེབ་འཁོར་ལོ་ཞབས་ལ་པདྨ་བྲི། །ཤུག་པའི་བྱང་ལེབ་ལོགས་ལ་ཉི་མ་

p. 243

དང་། །ལོགས་གཅིག་རྩེ་ལ་ཟླ་བ་དེ་འོག་ཏུ། །གསལ་བྱེད་སུམ་ཅུའི་སྔགས་ནི་བྲིས་པ་ཡི། །ཕོ་ལ་གུར་གུམ་མོ་ལ་གི་ཝཾ་བྱུག །དེ་འོག་དབྱངས་ཡིག་བཅུ་དྲུག་བྲི་བར་བྱ། །ཤོག་དྲི་ལ་གཅིག་ལ་རྟེན་འབྲེལ་སྙིང་པོ་དང་། །ཚེ་དཔག་དང་ནི་ཛམ་ལྷའི་སྙིང་པོ་བྲི། །དེ་མཐར་འབྱུང་བ་ལྔ་ཡི་སྔགས་འདི་བྲི། །ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཨོཾ་མ་མ་སུ་སུ་ཏཾ་ཏཾ་ཡེ་སྭཱ་ཧཱ། ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཨོཾ་མ་མ་ཁང་ཁང་ཡེ་སྭཱ་ཧཱ། ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། གཙུག་ལག་འབྱུང་བའི་ལྷས་སྲུངས་ཤིག་སྐྱོབས་ཤིག །ཤོག་དྲིལ་དེ་ཡིས་བྱང་བུར་དྲིལ། །དེ་རྒྱབ་སྲོག་གི་འབྱུང་བ་ཡི། །ཁ་དོག་གང་ཡིན་དར་གྱིས་དྲིལ། །དེ་ནི་བུམ་པའི་སྲོག་ཤིང་བྱ། །དེ་ནས་ཚེ་འདས་

p. 244

རུས་པ་དེ། །ས་རྡོ་སོལ་བ་ལེགས་པར་བསལ། །དེ་ནས་མེ་ལོང་ངོས་ལ་ཁྲུས་གསོལ་བྱ། །དྲི་བཟང་དུད་པས་རུས་པ་བདུག །སུམ་བྷ་ནི་ཡིས་བགེགས་བསྐྲད་དེ། །ལུས་ཀྱི་ཆགས་རིམ་ཇི་བཞིན་དུ། །བུམ་པའི་ནང་དུ་བླུག་པར་བྱ། །དེ་ནང་བླ་རྡོ་བཞག་པ་ནི། །ཤིང་ཁམས་པ་ལ་གཡུ་རྡོག་གཅིག །མེ་ལ་མཆོང་ངམ་དམར་པོ་གཅིག །ལྕགས་ཁམས་ཤེལ་དཀར་ཆུ་མུ་མེན། །ས་ཁམས་པ་ལ་གསེར་ཐིག་བཞག །གཞན་ཡང་ལྕགས་ནི་མ་གཏོགས་པའི། །རིན་ཆེན་སྣ་ཚོགས་གང་འཛོམ་དང་། །འབྲུ་ནག་མེད་པའི་འབྲུ་སྣ་དང་། །དུག་རིགས་མེད་པའི་སྨན་སྣ་དང་། །དྲི་མ་མེད་པའི་དར་ཚོན་བཅུག །རྨང་ངམ་ལ་ཆས་ཁ་དམ་སྦྱར། །ཆུ་དང་འབུ་སྲིན་མི་འགྲོ་བྱ། །གཟའ་སྐར་བཟང་དུས་ས་མིག་ཏུ། །རྒྱས་པར་གྲུབ་ན་ས་འབེབ་བྱ། །བསྡུ་ན་དཀར་གཏོར་བསྔོ་བ་དང་། །ཡོས་བཀྲ་གཏོར་བ་ཙམ་གྱིས་ཆོག །ཐེ་སེ་སྤྲེལ་ཁོག་རྒྱུ་བའི་ཕྱིར། །ཚེས་ནི་བཅུ་གཉིས་ལ་མི་རུང་། །ས་ནི་བརྐོ་དུས་ལྟོ་འཕྱེ་རྩི། །དཔྱིད་གསུམ་བྱང་དུ་ཁ་གྲུ་བརྐོ། །དགུན་གསུམ་ནུབ་ཏུ་ཁ་གྲུ་བརྐོ། །དབྱར་གསུམ་ཤར་དུ་ཁ་གྱུ་བརྐོ། །སྟོན་གསུམ་ལྷོ་རུ་ཁ་གྲུ་བརྐོ། །དཔྱིད་གསུམ་མེ་ཏོག་རྒྱས་དུས་བཟང་། །ཁྲུ་གང་སོར་དོ་ཕན་གནོད་ཆུང་། །ཁྲུ་གང་སོར་བཞི་ཙམ་དུ་བརྐོ། །སྟག་ནི་ཤར་དང་འབྲུག་ནི་ལྷོ། །བྱ་ནི་ནུབ་དང་རུས་སྦལ་བྱང་། །ཕྱོགས་ནི་མ་ལོགས་བུམ་པ་བཞག །ངང་པ་སེར་པོ་ཁྲི་ཐུབ་ཞེས། །གྲོ་བས་བཏུམ་པར་བྱ་བའམ། །ཤུག་གུ་འབུམ་ཐུབ་ཤུག་ཤུན་ལྕིབ། །ཕོ་རོག་སྟོང་

p. 245

ཐུབ་སོལ་བས་ལྕིབ། །མི་བཙའ་མི་རུལ་འབུ་མི་ཞུགས། །ནང་བཟང་གོད་ཁ་ཉུང་བ་ཡིན། །དེ་ནི་བཞག་ལུགས་རབ་ཡིན་ཏེ། །འབྲིང་ནི་སྨོན་རྫི་འུ་སྨྱུག་འདོང་སོགས། །ནང་དུ་འབྲུ་སྣ་རིན་ཆེན་དང་། །དཀར་རྩི་བཞག་ལ་སྔགས་སོགས་མེད། །ཐ་མ་འབྲོག་པ་རྣམས་ཀྱི་ལུགས། །སྤང་གྲས་དོང་བརྐོས་རྫ་སར་བླུག །གས་མཚམས་སྦྱར་བར་མི་མངོན་བྱ། །ས་ལྕགས་མ་བུ་སྤྲད་པ་ཟེར། །རྒྱས་བསྡུས་དེ་ལྟར་གང་བྱེད་ཀྱང་། །དང་ཁ་མི་བཀབ་འདི་ཉིད་འདོན། །འཕགས་པ་འཇམ་དཔལ་རིགས་ལྔ་དང་། །འབྱུང་བ་ལྔ་ཡི་ལྷ་ཚོགས་ལ། །བདག་དང་ཡོན་བདག་སྐྱབས་སུ་མཆི། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །འཇམ་དཔལ་གསེར་མདོག་ཞལ་གཅིག་པ། །ཕྱག་གཉིས་རལ་གྲི་པོ་སྟི་འཛིན། །མཚན་སྤྲས་དར་དང་རིན་ཆེན་བརྒྱན། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས། །ཐུགས་ཀའི་དྷིཡིག་འོད་ཟེར་ལས། །མཆོད་པའི་སྤྲིན་ཕུང་དཔག་མེད་འཕྲོས། །ས་བདག་ཡུལ་ལྷ་མཆོད་པར་གྱུར། །ཧཱུྃ། ས་འདིར་གནས་པའི་ས་བདག་དང་། །རྒྱབ་རི་མདུན་རི་གཡས་གཡོན་ལ། །གནས་པའི་ལྷ་ཀླུ་མཐུ་ཆེན་རྣམས། །ཚེ་འདས་མིའུ་རིན་ཆེན་འདི། །དང་པོ་སྐྱེས་ཀྱང་ས་སྟེང་སྐྱེས། །མ་ཤི་གསོན་ཚེ་ས་ལ་བརྟེན། །ཤི་བས་

p. 246

ཕུང་པོ་ས་ལ་ཐིམ། །འབྱུང་བཞིའི་གཡར་པོ་སོ་སོར་གཏད། །འདི་ནི་སྲིད་པའི་ལུགས་ཡིན་པས། །ཀོ་ལོང་རུ་ང་མ་མཛད་པར། །ས་མིག་མི་བརྐུ་མི་འཕྲོག་སྟེ། །ས་རིན་མཆོད་པ་སྣ་ཚོགས་འབུལ། །གསེར་སྐྱེམས་ཇ་ཕུད་འོ་ཕུད་མཆོད། །འབྲུ་སྣ་རིན་ཆེན་སྣ་ཚོགས་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཏིང་ངེ་འཛིན་གྱིས་བྱིན་རླབས་ནས། །རྟ་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །ས་བདག་རྣམས་ལ་ས་རིན་འབུལ། །ས་འདི་བདག་ལ་གནང་བ་དང་། །ས་གཡང་དངོས་གྲུབ་བདག་ལ་སྩོལ། །ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་པལླཔཱུ་ཛ་ཧོཿ ཁཱ་ཧི།་ཧཱུཾ་ལས་གཏེར་གྱི་བུམ་པའི་ནང་། །འདོད་ཡོན་སྣ་ཚོགས་གང་བ་ལ། །ཚེ་འདས་བླ་དང་ཕ་མཚུན་རྣམས། །བདེ་སྐྱིད་ལོངས་སྤྱོད་ལྡན་པར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། རུས་པ་དཀར་པོའི་རྟེན་དུང་འདི། །རྐང་མཛུབ་གཉིས་ལ་ཚིགས་བཅུ་གསུམ། །མི་རབས་བཅུ་གསུམ་བར་དག་ཏུ། །མི་ཡི་རྐང་པ་ཚུགས་པར་གྱིས། །རྗེ་ངར་རུས་པས་དགྲ་འདྲེ་གནོན། །བླ་རུས་ས་ལྕགས་མ་བུ་སྤྱད། །བུ་ཚ་བླ་དྲག་སྐྱེ་བར་ཤོག །སྒལ་ཚིགས་མཆོག་མ་ཆུ་ཡི་མཁར། །མི་མཐའ་ཆུ་

p. 247

བས་རིང་བར་ཤོག །དེ་སྟེང་སྒལ་ཚིགས་མེ་ཡིན་ཏེ། །དབང་ཐང་མེ་ལྟར་འབར་བར་ཤོག །དེ་སྟེང་སྒལ་ཚིགས་ས་ཡི་མཁར། །དབང་ཐང་ས་ལྟར་རྒྱས་པར་མཛོད། །དེ་གོང་སྒལ་ཚིགས་ཤིང་གི་མཁར། །མི་གྲངས་ཤིང་བས་མང་བར་ཤོག །དེ་འོག་སྒལ་ཚིགས་ལྕགས་ཀྱི་ཁམས། །མི་སྲོག་ལྕགས་བས་སྲ་བར་ཤོག །དེ་གོང་སྒལ་ཚིགས་རླུང་གི་མཁར། །ཁྲི་འཕང་རླུང་བས་མཐོ་བར་ཤོག །དེ་གོང་སྒལ་ཚིགས་ཕ་སྤུན་ནོན། །ཕ་སྤུན་གོང་དུ་མ་ཤོར་ཅིག །དེ་གོང་སྒལ་ཚིགས་ཕ་མཚུན་བཞུགས། །ཕ་མཚུན་དགྲ་ལ་མ་ཕྱོགས་ཤིག །དེ་གོང་སྒལ་ཚིགས་ལེ་གུ་གནས། །ལེ་གུ་ལྷ་ལ་གནས་པར་ཤོག །དེ་གོང་སྒལ་ཚིགས་མ་མཚུན་གནས། །མ་མཚུན་གནས་ཡུལ་བདེ་བར་ཤོག །དེ་གོང་སྒལ་ཚིགས་དགྲ་བླའི་མཁར། །དགྲ་བླས་དགྲ་སྲི་ཐུབ་པར་མཛོད། །དེ་གོང་སྒལ་ཚིགས་ཡུལ་འདྲེ་ཕུད། །སྐག་སྲི་ཡུལ་འདྲེ་བུད་པར་ཤོག །དེ་གོང་སྒལ་ཚིགས་ཚེ་རིང་མཁར། །མི་ཚེ་མཐའ་རུ་ཕྱིན་པར་ཤོག །དེ་གོང་སྒལ་ཚིགས་གྲོགས་ཀྱི་མཁར། །ལོངས་སྤྱོད་ནོར་གྱི་རུ་མ་ཚུགས། །དེ་གོང་སྒལ་ཚིགས་མི་གྲངས་

p. 248

བསྐྱེད། །མི་གྲངས་མཐའ་ནས་རྒྱས་པར་ཤོག །དེ་གོང་སྒལ་ཚིགས་སྲིན་པོ་འདུལ། །སྲིན་པོའི་གྲོང་ཁྱེར་འཇོམས་པར་ཤོག །དེ་གོང་སྒལ་ཚིགས་རྨང་འདྲེ་འདུལ། །རྨང་འདྲེ་རྩད་ནས་ཐུལ་བར་ཤོག །དེ་གོང་སྒལ་ཚིགས་སྒང་དྲུག་རྒྱས། །མི་ནོར་སྒང་དྲུག་རྒྱས་པར་ཤོག །དེ་གོང་སྒལ་ཚིགས་འགག་པ་ཁྲོལ། །མི་གྲངས་མཁར་བུ་མཐོ་བར་ཤོག །དེ་གོང་སྒལ་ཚིགས་རྟག་བདུད་ཐུལ། །དེ་གོང་སྒལ་ཚིགས་ཀླུ་གཡང་ཕོབ། །དེ་གོང་སྒལ་ཚིགས་ས་གཡང་ཕོབ། །དེ་གོང་སྒལ་ཚིགས་དམུ་གཡང་ཕོབ། །དེ་གོང་སྒལ་ཚིགས་ལུག་གཡང་ཕོབ། །དེ་གོང་སྒལ་ཚིགས་རྟ་གཡང་ཕོབ། །དེ་གོང་སྒལ་ཚིགས་ཟས་གཡང་ཕོབ། །དེ་གོང་སྒལ་ཚིགས་ཕ་ཆོས་མཁར། །ཕ་མཚན་ཆོས་སྲིད་མཐོ་བར་ཤོག །ཉི་ཤུ་རྩ་བརྒྱད་ལྷ་ཡི་མཁར། །ལྷ་མི་སྐྱབས་འོག་ཚུད་པར་ཤོག །རྐེད་ཚིགས་བཞི་པོ་ཐར་ལམ་སྐས། །ཚེ་འདས་ཐར་ལམ་ཐོབ་པར་ཤོག །ཀླད་ཕོར་བདེ་ཆེན་དུང་གི་གུར། །མི་ནོར་རྒྱས་ཤིང་བདེ་བར་ཤོག །ལག་སོར་གཡས་རྒྱུད་ཆེ་རྒྱུད་འཕེལ། །ལག་ངར་གཡོན་པས་ཆུང་རྒྱུད་འཕེལ། །དཔུང་རུས་དགྲ་འདྲེ་དཔུང་གིས་ཐུལ། །

p. 249

སོག་མགུལ་ཕྲ་བས་ཕྱི་དགྲ་ཐུལ། །སོག་སྤྲུལ་དྲང་བས་དམུ་ཐག་སྐྱོངས། །སོག་པའི་མེ་ལོང་ལྷ་ཞལ་དཀར། །སོག་ཀ་ཡངས་པ་བསྐྱེད་འཕང་མཐོ། །ལག་ཚིགས་གཡོན་པས་མོ་དཔལ་བསྐྱེད། །ལག་པ་གཡོན་པས་ཆུང་རྒྱུད་སྐྱེད། །དཔུང་རུས་གཡོན་པས་ཆ་ལག་རྒྱས། །སོག་མགུལ་གཡོན་པས་དགྲ་འདྲེ་བརྡུང་། །སོག་སྒང་དཀར་པོས་དགྲ་འདྲེ་ཐུལ། །མན་རུས་རྒྱ་ཟོར་ཤི་སྒབ་གཅོད། །རུས་པ་དཀར་པོ་འབྱུང་བ་ལྕགས། །དེ་རིང་ས་ལྕགས་མ་བུ་སྤྲད། །ས་ལྕགས་མ་བུ་སྤྲོད་པ་དེ། །ཡོན་བདག་མི་གྲངས་འཕེལ་བ་དང་། །ཤི་སྒབ་དུར་སྒོ་ཆོད་པར་ཤོག །ན་ཚ་གོད་རྐྱེན་མེད་པ་དང་། །ལྷ་སྒོ་གཡང་སྒོ་བྱེ་བར་ཤོག །ཤི་སྒོ་གོད་སྒོ་ཆོད་པར་ཤོག །དཔལ་སྒོ་སྲིད་སྒོ་བྱེ་བར་ཤོག །མི་ནོར་བསྟན་པ་མཐའ་རྒྱས་ཤིང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །རུས་པ་འདི་ཡི་ཕྱི་རྒྱུད་ལ། །ཕ་མེས་གཡང་གི་བཀྲ་ཤིས་ཤོག །མ་ཕྱི་མཚུན་གྱི་བཀྲ་ཤིས་ཤོག །ས་གཞི་མ་ཡིན་བཀྲ་ཤིས་ཤོག །རུས་པ་བུ་ཡིན་བཀྲ་ཤིས་ཤོག །མ་བུ་འབྲེལ་བའི་བཀྲ་ཤིས་ཤོག །ས་མིག་བཟང་པོའི་བཀྲ་ཤིས་ཤོག །བང་

p. 250

མཛོད་མི་ཡི་བཀྲ་ཤིས་ཤོག །འབྲུ་མཛོད་ཟས་ཀྱི་བཀྲ་ཤིས་ཤོག །ཕྱི་མཛོད་ནོར་གྱི་བཀྲ་ཤིས་ཤོག །རྒྱབ་རི་ལྷ་རིའི་བཀྲ་ཤིས་ཤོག །མདུན་རི་དཔལ་གྱི་བཀྲ་ཤིས་ཤོག །གཡས་གསུམ་ཕོ་ལ་བཀྲ་ཤིས་ཤོག །གཡོན་གསུམ་མོ་ལ་བཀྲ་ཤིས་ཤོག །དེ་ལྟར་བཀྲ་ཤིས་བཅུ་གསུམ་འདིའི། །མི་རབས་བཅུ་གསུམ་གྱི་བར་དུ་བརྟན་ཅིང་མཐའ་རུ་ཕྱིན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་བཀྲ་ཤིས་གང་ཤེས་བརྗོད། །གཞོན་དུར་ཡིན་ན་ཤི་སྒབ་གཅོད་པའི་ཕྱིར། །སྤར་ཁ་གང་གི་ཐོག་ཏུ་ཤི་བ་ཡི། །སྤར་ཁའི་ཕྱག་རྒྱ་བྲིས་པས་སྟེང་ན་བཀབ། །དེ་ནས་ས་ཡིས་ལེགས་པར་དབྱིབས་བྱེད་དེ། །ལེགས་པར་བཅག་ལ་སྤང་གི་གྲས་མཚམས་བསྒྲིགས། །རྩྭ་ཕྱེ་བཏབ་ལ་སྡུད་མོས་ལེགས་པར་བསྡུས། །འཕྲལ་དུ་མི་གཞན་གྱིས་ཀྱང་མི་མངོན་བྱ། །ས་དཔལ་བཟང་ཞིང་ལྷ་འདྲེ་འཇམ་པའི་སར། །དེ་ལྟར་དཀར་རྩི་ལེགས་པར་བཏབ་བྱས་ན། །ཚེ་འདས་དེ་ཡི་མི་རྒྱུད་རུས་དང་རིགས། །མི་རབས་བཅུ་གསུམ་བར་དུ་བཙན་ཕྱུག་དར། །དེ་ནི་འཇམ་དཔལ་དབྱངས་ཀྱི་དགོངས་པ་ཡིན། །བྱེ་མ་ལག་ཁྲིད་རུས་མཁར་རིན་ཆེན་ཕྲེང་། །གཞན་ཡང་ས་གཞུང་གདམས་པ་མང་པོའི་བཅུད། །སྔོན་གྱི་ས་མཁན་མཁས་པའི་ཕྱག་ཁྲིད་རྣམས། །གཅིག་བསྡུས་གོ་བདེ་ཉུང་འདུས་ཁྱེར་བདེ་འདི། །ཨ་ནུ་སྔགས་འཆང་བཛྲ་མིང་ཅན་གྱིས། །དར་དཀར་མཎྜལ་

p. 251

དང་བཅས་ཞུས་པའི་ངོར། །མ་འོངས་འགྲོ་ལ་ཕན་པའི་སེམས་བསྐྱེད་ནས། །སྙིགས་དུས་ཧྭ་ཤང་རཱ་གའི་མིང་ཅན་གྱིས། །ངག་ནས་སྨྲས་པ་ཅི་བཞིན་གླེང་རིགས་ཀྱི། །དགེ་བཤེས་པདྨ་དད་པས་ཡི་གེར་བཀོད། །འགལ་འཁྲུལ་བྱུང་ན་འབྱུང་བའི་ལྷ་ལ་བཤགས། །དགེ་བས་མ་འོངས་འགྲོ་བ་དཔག་མེད་ལ། །བཀྲ་ཤིས་བདེ་ལེགས་རྒྱ་ཆེན་འབྱུང་བར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཀར་རྩི་འདེབས་པའི་ལག་ལེན་དགེ་ལེགས་གཏེར་ཆེན།

p. 252
p. 253

དཀར་རྩི་འདེབས་པའི་ལག་ལེན་དགེ་ལེགས་གཏེར་ཆེན་ཞེས་བྱ་བ་བཞུགས་སོ།

p. 254

ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ནི། །རྒྱལ་སྲས་གཞོན་ནུའི་རོལ་པ་ཅན། །སྨྲ་བའི་ཉི་མ་ལ་བཏུད་ནས། །དཀར་རྩི་བཞག་པའི་ལག་ལེན་བྲི། །དེ་ཡང་མཐོང་བརྒྱུད་ཕྱག་ལེན་ནི། །རྫ་ཡི་བུམ་པ་ཡོད་ན་རབ། །མེད་ན་གང་ཡོད་སྣོད་གསར་ཏེ། །གས་ཆག་མེད་པར་འོ་མས་ཕབ། །ཚོན་རྩི་དཀར་པོ་བྱུག་པའི་ཕྱི། །ཤར་དུ་སྟག་དང་ལྷོ་རུ་འབྲུག །ནུབ་ཏུ་བྱ་དམར་བྱང་རུ་སྦལ། །མཚམས་སུ་གདུགས་སོགས་བཀྲ་ཤིས་བརྒྱད། །བྲིས་ལ་ནང་དུ་གུ་གུལ་བདུག །དེ་ནས་དབུས་སུ་སྲོག་ཤིང་ནི། །ཕོ་ལ་ཤུག་པ་མོ་གླང་མ།་།མགོ་མཇུག་མ་ལོག་འཛེར་མེད་པ། །གྲུ་བཞི་གཞོག་པའི་རྩེ་མོ་ནི། །གྲུ་བཞི་ཉིད་དུ་བཅད་པ་ལ། །གུར་གུམ་བྱུགས་ཏེ་སེར་པོ་བྱ། །རྩེ་སྟོད་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། །ཐོ་བརྩེགས་

p. 255

ཕྱོགས་བཞིར་ཐུར་དུ་འབྲི། །འབྱོར་བསྟུན་གསེར་དངུལ་མཚལ་སྣག་གིས། །རྟེན་འབྲེལ་སྙིང་པོ་དབྱངས་གསལ་དང་། །ཨོྃ་ཀྱི་ཧི་རཱ་ཛ་སྭཱ་ཧཱ། ཨོཾ་པྲི་ཐི་ཝཱི་དེ་ཝཱི་སྭཱ་ཧཱ། ཞེས་པ་ས་སྙིང་བརྟན་མའི་སྔགས། །དེ་ཙམ་མེད་དུ་མི་རུང་ཞིང་། །གཞན་ཡང་ཚེ་ནི་རིང་འདོད་ན། །ཚེ་དཔག་གཟུངས་དང་ཕྱུག་པོར་འདོད། །ཛཾ་ལྷ་ནོར་རྒྱུན་གཟུངས་སྔགས་དང་། །སྟོབས་ཆེན་འདོད་ན་སྟོབས་པོ་ཆེ། །ནད་སོགས་ཞི་འདོད་སྨན་བླའི་གཟུངས། །རྩུབ་འཁྲུག་ཞི་ཕྱིར་སྣང་བརྒྱད་གཟུངས། །དེ་དག་སོ་སོར་ཤོག་དྲིལ་བྲིས། །མཇུག་ནས་སྲོག་ཤིང་ལ་དཀྲིས་ཏེ། །ཕོ་ལ་ཡིག་ངོ་ཕྱི་ལ་བསྟན། །གཡས་བསྐོར་དག་ཏུ་དཀྲི་བར་བྱ། །མོ་ལ་ཡིག་ངོ་ནང་དུ་བསྟན། །གཡོན་སྐོར་དག་ཏུ་དཀྲི་བར་བྱ། །ཀུན་ཀྱང་ཡི་གེ་དབུ་ཅན་

p. 256

ནོ། །དེ་རྒྱབ་ཚེ་འདས་དེ་ཉིད་ཀྱི། །ལུས་ཀྱི་འབྱུང་བའི་མདོག་མཐུན་པའི། །དར་གྱིས་བཏུམས་ལ་ཚོན་སྐུད་ནི། །སྣ་ལྔས་དམ་དུ་བཅིང་བར་བྱ། །བུམ་པའི་དབུས་སུ་སྲོག་ཤིང་འཛུགས། །དེ་ཚེ་སྔགས་འདི་ཕྲེང་སྐོར་བཟླ། །ཨོཾ་ཨ་མྲྀ་ཏེ་ཨ་ད་སྭཱ་ཧཱ། དེ་ནས་ལུས་ཀྱི་ཆགས་རིམ་ལྟར། །རྐང་པར་དཔྱི་སྒལ་རྩིབ་མ་དང་། །ལག་སྐེ་དང་ནི་མགོ་རུས་བཞག། །དུག་རིགས་མིན་པའི་སྨན་སྣ་དང་། །འབྲུ་ནག་མིན་པའི་འབྲུ་སྣ་དང་། །ལྕགས་དང་ར་གན་ཁྲོ་ནག་གསུམ། །མ་གཏོགས་རིན་ཆེན་སྣ་ཚོགས་བླུགས། །ཤིང་ངམ་གཡམ་པར་འཁོར་རྩི་བས་བརྒྱད། །བྲིས་པས་ཁ་བཅད་ལ་ཆས་སྦྱར། །ནང་དུ་རླུང་ནི་མི་འགྲོ་བྱ། །ཞབས་སུ་པདྨ་འདབ་བརྒྱད་བྲི། །གཡང་སྐྱབས་དབུས་སུ་དེ་ཉིད་བཞག །གཡང་སྐྱབས་ཚར་གྲངས་ཅི་འགྲུབ་འདོན། །དེ་ཡིས་མི་གཡང་མི་ཉམས་གནད། །བཀྲ་རྒན་མི་ཚེ་སྐྱིད་པ་ཡི། །དཀར་རྩི་རྒྱུན་དུ་མཛོད་ཕུག་བཞག །དྲུག་ཅུ་ཡར་ལ་འདས་པའི་མི། །ལོ་གསུམ་ཙམ་ཞིག་བཞག་པར་བྱ། །བཞི་བཅུ་ཡན་ཆད་ལྔ་བཅུའི་བར། །ཡུན་རིང་མི་བཞག་ས་མིག་བྱ། །གཞོན་ནུ་ཉིད་དུ་ཤི་བ་ལ། །དཀར་རྩི་བྱེད་པའི་བབ་ཐོབ་མེད། །དར་མ་རྒན་པོ་གང་ཡང་རུང་། །རུས་པ་སྲ་སྲ་དཀར་རྩི་བྱ། །སྙི་སྙིའི་རུས་པ་ཐམས་ཅད་ནི། །བསྡུས་ནས་གཟུངས་ཆུས་བྲན་བྱས་ཏེ། །ཉེ་དུ་མིན་ཅིང་སྡིག་མེད་པ། །གཙང་མ་ཞིག་གིས་ཞིབ་པར་བཏུལ། །ཆུ་ལ་སྦྱངས་ཏེ་ཕུག་རོན་གྱི། །དོང་རུས་མདོག་ལྟར་དཀར་བ་དེ། །ས་སྤྱིན་འཛིམ་པ་ཚོད་དང་བསྲེས། །

p. 257

རྩ་རིག་བཟླས་ཤིང་སཱཙྪ་བཏབ། །ཐམས་ཅད་མདུན་དུ་བསྒྲིགས་བྱས་ནས། །ཚོན་རྩི་དཀར་པོ་བྱུག་པར་བྱ། །མཆོད་རྟེན་སོ་སོའི་དབུས་ཉིད་དུ། །ཀུན་རིག་དཀྱིལ་འཁོར་རེ་རེར་བསྒོམ་་་་ཚ་སྒྲུབ་འདི་རང་རང་གི་ཕྱག་ལེན་ལྟར་བྱ། །ཆོ་ག་མཆོད་བསྟོད་རྩ་རིག་བསྙེན། །འོད་ཞུ་མཆོད་རྟེན་རྣམ་པར་གྱུར། །རབ་ཏུ་གནས་པ་ལེགས་བྱས་ལ། །དེ་ཡང་ས་ཕུག་བྲག་ཕུག་དང་། །བསྐོར་བ་མི་འགྲོ་ཆུ་ཐུབ་སར། །དཀར་གཏོར་ཕུལ་་་་་་གཞི་བདག་ལ། བཞུགས་སུ་གསོལ། །དེ་ཡང་ས་དགྲ་མེད་པ་དང་། །གནས་བདག་ངན་པ་མེད་པར་གཅེས། །ཐལ་སོལ་ས་ནོན་ཆོད་ཆེ་བ། །གྲོང་ཐག་ཉེ་བ་ཞིག་ཏུ་བླུག །འཕྲལ་གྱི་བཟང་ངན་དེ་དབང་ཆེ། །དཀར་རྩི་རྒྱབ་རི་ཡང་རི་བཟང་། །འཇམ་ཞིང་ས་དཔལ་བཟང་སར་སྦ། །མི་རབས་བཅུ་གསུམ་བར་དག་ཏུ། །ཕན་བདེ་འབྱུང་བའི་གཏན་དུར་ཡིན། །ཚེ་འདས་བླ་ཡང་དེ་ལ་གནས། །ལྟོ་འཕྱེ་བརྟགས་དང་གནས་གཞིའི་བདག །གཏོར་མ་དང་ནི་སྐྱེམས་ཕུད་ཕུལ། །ས་བསླང་ལ་སོགས་ཞིབ་པར་བྱ། །འབྲུ་སྣ་མཆོད་ཅིང་འདི་སྐད་བརྗོད། །འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁྱེན་རབ་འཇམ་པའི་དབྱངས་ལ་ཕྱག་འཚལ་སྤྱི་ལོ། །ས་བདག་ལྟོ་འཕྱེ་ཆེན་པོ་དང་། །ལྷ་མོ་བརྟན་མས་གཙོར་བྱས་པའི། །ས་བདག་ཐམས་ཅད་གསན་དུ་གསོལ། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ས་

p. 258

བདག་ཀླུ་གཉན་ཐམས་ཅད་གསོན། །སྲིད་པའི་འཇིག་རྟེན་ཆགས་ནས་ནི། །རྐང་གཉིས་འགྲོ་བ་མི་རྣམས་ནི། །སྐྱེས་ཀྱང་ས་ཡི་སྟེང་དུ་སྐྱེས། །འཆི་ཡང་ས་ཡི་སྟེང་དུ་འཆི། །ཕུང་པོའི་དུར་ཡང་ས་ལ་འདེབས། །མཁྱེན་རབ་འཕགས་པ་འཇམ་དབྱངས་ཀྱིས། །ས་ལ་བཟང་ངན་ཡོད་པར་གསུངས། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ས་བཟང་དངོས་གྲུབ་ཞུ་འདོད་པས། །འཇམ་པའི་དབྱངས་ཀྱི་བཀའ་དང་ནི། །འཕྲུལ་གྱི་མི་བཞིའི་ལུང་གིས་ནི། །ས་འདིར་ས་བཀྲ་བཟང་ཞེས་གསུངས། །དེ་ཕྱིར་ས་བདག་ཁྱེད་རྣམས་ཀྱིས། །འཇམ་དབྱངས་བཀའ་དེ་མ་བཅག་པ། །ས་བཀྲའི་དངོས་གྲུབ་ཅི་ཡོད་པ། །དེ་རིང་བདག་ཅག་རྣམས་ལ་བྱིན། །འབྲུ་མཆོག་སྔོན་མོ་འཕེལ་ཆེན་འདི། །བྱ་ཁྱུང་རྒྱལ་པོའི་མགུལ་ནས་བྱུང་། །ཐུགས་རྗེ་ཆེན་པོའི་ཕྱག་གིས་གནང་། །དབུ་ནག་མི་ཡི་ལོངས་སྤྱོད་ཡིན། །ས་ཡོན་འབྲུ་མཆོག་འདི་འབུལ་ལོ། །ས་འདི་གནང་ལ་བཀྲ་ཤིས་མཛོད། །གནོད་བྱེད་ས་འདྲེ་ས་སྲིན་རྣམས། །དྲག་པོ་ཤིང་གི་ཕུར་བུས་བསྒྲལ། །བྷཾ་ལས་རིན་པོ་ཆེ་ཡི་སྣོད། །ཕྱི་ནི་གཏེར་གྱི་བུམ་པ་ལ། །ནང་ནི་རིན་ཆེན་གཞལ་

p. 259

ཡས་ཁང་། །དེ་ནང་ཚེ་ལས་འདས་པ་ཡི། །ཕ་མཚུན་རུས་བུ་དཀར་པོ་འདི། །ཡིད་བཞིན་ནོར་བུར་བྱིན་བརླབས་ནས། །རིན་ཆེན་ས་ཡི་གཏེར་དུ་སྦས། །ས་ཡི་ལྷ་མོའི་མཁའ་ཕྱེས་ཤིག །རུས་བུ་དཀར་པོ་ལྕགས་ཀྱི་ཁམས། །དེ་རིང་ས་ལྕགས་མ་བུ་སྤྱད། །སྒལ་ཚིགས་རུས་པ་བཅུ་དྲུག་འདི། །མི་རབས་བཅུ་དྲུག་བརྟན་ཕུར་བཙུགས། །དཔྱི་ཡི་རུས་པ་སྒོར་མོ་འདི། །མི་ནོར་སྤྱི་ཡི་གཡང་རྟེན་བཙུགས། །མ་མཁལ་རྒྱ་ཟོར་འདྲ་བ་འདིས། །ན་སྒབ་ཤི་སྒབ་ཐམས་ཅད་ཆོད། །སྲིད་པའི་སྨོན་མི་དབུ་ནག་དང་། །མི་མཆོག་རྒྱལ་བུ་མཐིང་གེ་སོགས། །སྐྱེས་མཚུན་གཉན་པོ་ཐམས་ཅད་ཀྱང་། །གཡང་རྟེན་འདི་ལ་བརྟན་པར་བཞུགས། །མཛངས་མ་འཕྲུལ་དང་ཁྲི་དོ་ཆེ། །མི་འུ་གདུང་དྲུག་ཕ་མཚུན་ཀུན། །གཡང་རྟེན་འདི་ལ་བརྟན་པར་བཞུགས། །ཁྱད་པར་ཚེ་འདས་འདི་དག་གི །ཕ་མྱེས་རྒྱུད་ཀྱི་ཕ་མཚུན་དང་། །མ་མྱེས་རྒྱུད་ཀྱི་མ་མཚུན་ཀུན། །ཚེ་འདས་འདི་ཡི་བླ་དང་བཅས། །ས་བཀྲ་བཟང་པོ་འདིར་བཞུགས་ལ། །ས་ཡི་དཔལ་ལ་ལོངས་སྤྱོད་མཛོད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །

p. 260

ཆོས་ཉིད་རྣམ་པར་དག་པ་དང་། །ཀུན་རྫོབ་རྟེན་འབྲེལ་བདེན་སྟོབས་ཀྱིས། །ཕ་མཚུན་མ་མཚུན་ཚེ་འདས་བླ། །བདེ་སྐྱིད་དཔལ་འབྱོར་རབ་རྒྱས་ནས། །གསོན་ལ་མགོན་སྐྱབས་ནུས་པར་ཤོག །དཀར་རྩི་བུམ་གཏེར་འདི་སྦས་པས། །གཤིན་པོ་ཚེ་འདས་བླ་དགའ་ཞིང་། །གསོན་པོ་བཙན་ཕྱུག་འཛོམ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཤོག །འཕགས་པ་འཇམ་དཔལ་བཀའ་བདེན་ཅིང་། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དང་། །འབྱུང་བའི་རྟེན་འབྲེལ་མཐུ་བཙན་པས། །ས་ལྕགས་མ་བུ་འདི་སྤྱད་པས། །གསོན་པོ་ཚེ་རིང་ནད་མེད་ཤོག །གཟའ་སྐར་དུས་ཚེས་བདེན་པ་ཡིས། །བཀྲ་ཤིས་ཐམས་ཅད་འབྱུང་བར་ཤོག །མི་ཤེས་རྨོངས་པའི་དབང་གྱུར་པས། །གཟའ་སྐར་དུས་ཚོད་ངན་པ་དང་། །ས་དགྲ་གདུག་པ་ཡོད་སྲིད་ན། །འཇམ་དབྱངས་བདེན་པའི་བྱིན་རླབས་ཀྱིས། །ཞི་ཞིང་བདེ་ལེགས་འབྱུང་གྱུར་ཅིག །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ༔ ཞེས་དང་། ཤིས་བརྗོད་མེ་ཏོག་གཏོར་ཞིང་། ཕྱོགས་བཞི་དབུས་ལྔའི་བཀྲ་ཤིས་པ། །རྒྱལ་བ་རིགས་ལྔའི་བཀྲ་ཤིས་ཤོག །ལུས་ཀྱི་གནས་བརྒྱད་བཀྲ་ཤིས་པ། །བཀྲ་ཤིས་

p. 261

རྟགས་བརྒྱད་བཀྲ་ཤིས་ཤོག །རྫས་བརྒྱད་རྟེན་འབྲེལ་བཀྲ་ཤིས་པ། །བཀྲ་ཤིས་རྫས་བརྒྱད་བཀྲ་ཤིས་ཤོག །དཔལ་དང་འབྱོར་བའི་བཀྲ་ཤིས་པ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་ཤོག །ཕྱོགས་བཞི་ས་ཡི་བཀྲ་ཤིས་པ། །སྟག་འབྲུགཾ་བྱ་སྦལ་བཀྲ་ཤིས་ཤོག །ཨོཾ་ཡེ་དྷརྨཱ་སོགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྟན་བཞུགས་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །སྨྲས་པ། འབྲུ་རྗེ་རྒྱལ་པོ་མ་ཎིའི་མཚན། །དགུང་དུ་གཤེགས་པས་རྐྱེན་བྱས་ཏེ། །གནས་ཆེན་རི་བོ་མཛོ་ཞོལ་ནས། །ལྷོ་ཟླ་དགའ་མ་འགྲིམ་རོལ་དབུས། །སྤྱི་འབྱམས་གནས་དང་ཉེ་བའི་སར། །ཕྱི་རབས་སྔགས་འཆང་མང་པོ་ལ། །ཕན་ཕྱིར་རཱ་ག་ཨ་སྱ་ཡིས། །སྦྱོང་རྒྱུད་ཐུགས་རྗེ་ཆེན་པོའི་གཞུང་། །རྒྱ་ནག་ས་གཞུང་དོན་བསྡུས་ཏེ། །ངག་ནས་ཇི་ལྟར་སྨྲས་པ་བཞིན། །དགེ་སློང་པདྨས་དད་པས་བྲིས། །ཕྱིན་ཆད་འདི་དང་འབྲེལ་ཚད་ཀྱི། །ཡོན་མཆོད་བཀྲ་ཤིས་ཕུན་ཚོགས་ཤོག །ཅེས་གྲུབ་དབང་རིན་པོ་ཆེས་མཛད་པ་འདི་གཞུང་དང་ཟིན་བྲིས་སོ་སོར་སྣང་ཞིང་ཡི་གེའང་མ་དག་པ་རྒྱུན་འབྱམས་པས་ཞུ་དག་དང་བཅས་དཀྱུས་གཅིག་ཏུ་བློ་གྲོས་རྒྱལ་མཚན་གྱིས་བཀོད་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག ༈ ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨ་ཡུཛྙཱ་ན་སུ་བི་ནི་ལྕི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་

p. 262

ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎེ་པུཎྱེ། མ་ཧཱ་པུཎྱ་ཨ་པ་རི་མི་ཏ་པུཎྱ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐུ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྟ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་བེ་ཤ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། སྟོབས་པོ་ཆེའི་གཟུངས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷ་ན་ས་ཡ་ཛ་ཊི་ལམྦོ་དྷ་ར་ཨུ་ཙུཥྛ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། སྨན་གཟུངས། ཏདྱ་ཐཱ། ཨོཾ་བྷི་ཥ་ཛེ་བྷི་ཥ་ཛེ་མ་ཧཱ་བྷེ་ཥ་ཛོ་རཱ་ཛཱ་ས་མུཏྤ་ཏེ་སྭཱ་ཧཱ། སྣང་བརྒྱད། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ། རྟེན་འབྲེལ་སྙིང་པོ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་སྭཱ་ཧཱ། དབྱངས་གསལ་བྱེད། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རྀ་ལྀ་ལྀ་ཨེ་ཨེ་ཨོཾ་ཨོཾ་ཨོཾ་ཨཱ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

མེ་དུར་གྱི་རྣམ་དབྱེ་དང་བཅོས་ཕྲན་འགའ་ཞིག

p. 263

མེ་དུར་གྱི་རྣམ་དབྱེ་དང་བཅོས་ཕྲན་འགའ་ཞིག་བཞུགས་སོ།

p. 264

ན་མོ་ཨཱརྱ་མཉྫུ་ཤྲཱི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །མེ་དུར་རྣམ་དབྱེ་ཅུང་ཟད་བྲི། །རྣམ་ཤེས་བྲལ་བའི་ཕུང་པོ་དང་། །སྒྲིབ་སྦྱངས་ཞི་བའི་སྦྱིན་སྲེག་ནི། །གསར་རྙིང་རྒྱུད་སྡེ་ཀུན་ནས་གསུངས། །དེ་བྱས་གཤིན་པོའི་སྒྲིབ་པ་སྦྱངས། །རུས་པའི་ཆ་ཤས་སཱཙྪ་བཏབ། །ཞི་བའི་སྦྱིན་སྲེག་རྒྱས་པ་དང་། །སཱཙྪ་མང་དུ་བཏབ་པ་དེ། །རིམ་གྲོ་ཀུན་གྱི་མཆོག་ཡིན་པས། །གསོན་པོ་ཀུན་ལ་ཕན་པ་ཆེ། རུས་པ་མཐོ་ཐོག་དཀར་རྩི་བྱ། །གཡང་ཆེན་ཡིན་ན་ཁྱིམ་དུ་འཚོ། །མི་གཡང་ནོར་གཡང་དེ་ལ་འཁོར། །ཕ་མཚུན་མཆོད་པའི་རྟེན་རྫས་ཡིན། །

p. 265

གཞན་རྣམས་ས་དཔལ་བཟང་སར་སྦས། །མི་རབས་བཅུ་གསུམ་བརྟན་ཕུར་ཡིན། །ཐལ་སོལ་ཆོད་ལ་དམ་པ་དང་། །དཔལ་ཁ་གྲོགས་ཐག་ཉེ་བར་བཏབ། །དངོས་གྲུབ་ལོ་གསུམ་ཚུན་ལ་འོང་། །ས་ཆོད་ཆེ་བས་ཤི་ཁ་ཆད། །དེ་ལྟར་བྱས་ན་ལེགས་པ་ཡིན། །།རྒྱ་གར་ཡུལ་གྱི་མདོ་རྒྱུད་ལ། །མཛེ་རོ་མ་གཏོགས་གང་དང་གོང་། །བསྲེག་ཏུ་མི་རུང་ཞིག་ཀྱང་མེད། །མདོ་རྒྱུད་རྣམས་ཀྱི་ཐོད་པ་ནས། །ནག་རྩིས་ཀུན་རྫོབ་བྱིས་པའི་ཆོས། །འོན་ཀྱང་ནག་རྩིས་གྲགས་ཆེ་བའི། །མེ་ནི་ཚུད་དམ་མི་ཚུད་ཅེས། །ཐམས་ཅད་སྐྲག་ཅིང་ཡ་ང་བས། །ཕལ་ཆེར་ཅལ་

p. 266

སྒྲོག་རྗེས་སུ་རྒྱུག །ལི་རོ་མེ་ལ་བསྲེག་པ་དང་། །ཟོན་རོ་རླུང་དུར་བྱས་པ་གཉིས། །ཉེས་དམིགས་འདྲ་སྟེ་བྱེད་མཁན་མེད། །ལི་རོ་མེ་ལ་བསྲེག་པ་དང་། །ཁོན་རོ་གནམ་གྱིས་མཐོང་བ་གཉིས། །ཁྱད་པར་མེད་དེ་རྩིས་པ་ཚོས། །གནམ་གྱིས་མཐོང་བ་མི་རུང་ཞེས། །དེ་སྔ་སྨྲ་བ་མ་ཐོས་སོ། །ལི་རོ་མེ་ལ་བསྲེག་པ་དང་། །གིན་རོ་རི་ལ་བསྐྱལ་བ་དང་། །ཁེན་རོ་དོང་དུ་སྦས་པ་རྣམས། །ཉེས་དམིགས་འདྲ་སྟེ་ཐོས་མཁན་མེད། །དྭ་ལི་ཁོན་གསུམ་མེ་མི་འདོད། །ཟེར་བའི་གནའ་གཏམ་ཀུན་གྱིས་ཐོས། །རྩིས་མཁན་རྣམས་ཀྱང་དེ་རྗེས་འབྲང་། །འབྱུང་བ་སྤར་ཁའི་དུར་བརྒྱད་རྣམས། །དར་སྲོལ་ཆུང་ཕྱིར་འདིར་མི་སྨྲ། །ས་གླང་གིན་ལ་ཤི་བའི་རོ། །རི་ལ་བསྐྱལ་ན་མི་རུང་ངོ་། །ས་ལུག་ཁོན་ཤི་སར་མི་སྦ། །ས་འབྲུག་ཟོན་ཤི་བྱར་མི་གཟན། །མེ་ཡི་རྟ་སྦྲུལ་ལི་ཤི་དང་། །ལྕགས་ཀྱི་བྱ་སྤྲེལ་དྭ་ཤི་བ། །མེ་ལ་བསྲེག་ཏུ་མི་རུང་ངོ་། །དེ་ཡང་ཞིབ་པར་བརྩི་བ་ནི། །གཤིན་པོའི་སྲོག་ལུས་དབང་ཐང་དང་། །རླུང་རྟ་བླ་དང་བླ་གཟའ་དང་། །རུས་ཁམས་ཁམས་དང་བཅས་པ་དང་། །སྲོག་ལུས་དབང་ཐང་སྨེ་བ་དང་། །འབྱུང་བ་མེ་དང་འཐབ་བྱས་ལ། །

p. 267

རྡེའུ་དཀར་ནག་སོ་སོར་བརྩི། །དཀར་པོ་མང་ན་བསྲེག་ཏུ་རུང་། །ནག་པོ་མང་ན་མི་རུང་ངོ་། །དེ་ཡང་ཞིབ་པར་བརྩི་བ་ནི། །གཤིན་ཐང་ལྔ་བཅུ་ཕལ་ཆེར་བརྒྱབ། །གནམ་ལོ་ལོག་མེན་སྤར་ཁ་དང་། །ཟླ་བ་ཉི་མ་དུས་ཚོད་དང་། །གཟའ་དང་སྐར་མ་ཐམས་ཅད་ཀྱི། །སྲོག་ལུས་དབང་ཐང་བཞི་པོ་ཉིད། །འབྱུང་བ་མེ་ཉིད་འཐབ་པར་བྱ་། །རུས་ཁམས་ཉིད་དང་མེ་ཉིད་འཐབ། །དར་གུད་བསྐོར་ལུགས་གཞུང་བཞིན་ལ། །སྲོག་ནི་བརྗེ་གདོས་བདག་བརྩི། །ལུས་ཀྱི་ས་མཁན་རོ་ཁུར་བརྩི། །དབང་ཐང་མནའ་མ་ཟས་རྗེ་བརྩི། །རླུང་རྟ་ཞང་པོ་ལྷ་གསོལ་བརྩི། །སོ་སོར་བཟང་ངན་བརྟག་པར་བྱ། །ཡང་ན་རྡེལ་རྣམས་ཐམས་ཅད་ཀྱི། །དཀར་ནག་སོ་སོར་བགྲངས་བྱས་ལ། །དཀར་པོ་མང་ན་བསྲེག་པར་རུང་། །ནག་པོ་མང་ན་མི་རུང་ངོ་། །ཁྲ་བོ་བྱུང་ན་བཅོས་ཀྱིས་ཐུབ། །དེ་ལྟར་དཔེ་ནི་རུང་མི་རུང་། །བཅོས་ཀྱིས་ཐུབ་སམ་མི་ཐུབ་པ། །སྦྱིན་བདག་རྣམས་ལ་ལུང་བསྟན་བྱ། །སྔགས་འཆང་ར་ལོད་ཅེས་བྱ་བས། །བསྐུལ་ཕྱིར་སྙིགས་དུས་རྩིས་མཁན་པ། །རཱ་ག་ཨ་སྱས་བྲིས་པ་ཡིན། རྩིས་པ་འགའ་ལ་ཕན་པར་ཤོག །། ༈ །རོ་

p. 268

བསྲེག་མི་རུང་བ་རྣམས་ཀྱི་བཅོས་བཞུགས། ན་མོ་མཉྫཤཱི་ཡེ། ལི་ལ་ཤི་བའི་ཕུང་པོ་དེ། །མེ་ལ་བསྲེག་པར་འདོད་པ་ན། །བཅོས་ཀ་འདི་བཞིན་བྱེད་པ་ཡིན། །རྟ་སྦྲུལ་ལི་ལ་ཤི་བ་ཡང་། །བསྲེགས་པའི་ཉེས་སྐྱོན་མ་བྱུང་བ། །ཁོ་བོའི་མིག་གིས་མངོན་སུམ་མཐོང་། །ནམ་སྲོད་ཕག་གི་དུས་ཚོད་ལ། །ཕག་ལོ་པ་གཅིག་ཆུ་ལེན་འགྲོ། །ཆུ་ཆེན་ནང་ནས་ཆུ་སྐྱོགས་དགུ། །བླངས་ལ་རྐྱལ་པའི་ནང་དུ་ཁུར། །མགོ་རུམ་གཏུམ་ནས་ཆུ་ནང་ནས། །ཆུ་རྡོ་ལག་མགོ་ཙམ་ཞིག་བླང་། །གནམ་མ་མཐོང་བར་ཁྱེར་འོང་སྟེ། །ཁྱིམ་དུ་ཕྱིན་ནས་རྡོ་དེ་ལ། །སྤར་ཁ་ཁཾ་གྱི་ཕྱག་རྒྱ་དང་། །ཆུ་ཞེས་བྱ་བ་དགུ་བྲིས་ལ། །རྡོ་དེ་སྤུར་ཁང་ཞབས་སུ་སྦས། །གྲོད་པ་གཅིག་གི་ངོས་དེ་ལ། །སྤར་ཁ་ཁཾ་གྱི་ཕྱག་རྒྱུ་དང་། །ཕག་དང་བྱི་བའི་གཟུགས་གཉིས་བྲི། །ཆུ་དེས་གྲོད་པ་བཀང་བྱས་ལ། །ཤིང་ནི་རིང་པོའི་རྩེ་ལ་བཏགས། །སྤུར་ཁང་རྩེ་ལ་ཕྱར་བྱས་ལ། །ཁབ་ཀྱི་རྩེ་མོས་ཅུང་ཟད་ཕུག །ཆུ་ཡི་ཐིགས་པ་རྒྱུན་མི་ཆད། །མེ་ཡི་ནང་དུ་འགྲོ་བར་བྱ། །སྤར་ཁ་ལི་ཡི་བཟློག་སྔགས་འདི། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །ཨོཾ་ཁུ་ལ་ཤག་ཟློག །འདི་ནི་རྩིས་མཁན་རྒན་པོ་ཡི། །སྙན་

p. 269

བརྒྱུད་ཡིན་གྱི་ཡི་གེ་མེད། །ད་རེས་གཞན་ལ་ཕན་ཕྱིར་དུ། །རཱ་ག་ཨ་སྱ་ཞེས་བྱས་སྦྱར། །སྤྱི། ཡང་རྒྱ་ནག་གཏོ་མཛོད་རྒྱུད་ནས་གསུངས་པ་ཡི། །བསྲེག་ཏུ་མི་རུང་པ་ཡི་རོ། །བསྲེག་ན་བཅོས་ཀ་འདི་བཞིན་བྱ། །ཤར་ཕྱོགས་དྭ་ཡི་ཕྱག་རྒྱ་དང་། །མི་ལུས་སྤྲེལ་མགོ་སྟ་རེ་ཐོགས། །ལྕགས་ནི་རྒྱ་གང་བཞག་པར་བྱ། །ལྷོ་ཕྱོགས་ཁཾ་གྱི་ཕྱག་རྒྱ་དང་། །མི་ལུས་ཕག་མགོ་ཆུ་འཁྱིལ་དང་། །ཆུ་ནི་སླ་ང་གང་ནི་གཏོར། །ནུབ་ཏུ་ལི་ཡི་ཕྱག་རྒྱ་དང་། །སྦྲུལ་གྱི་མགོ་ཅན་མེ་འབར་བ། །མེ་ནི་རྒྱ་གང་ནུབ་ཏུ་གཏོར། །བྱང་དུ་ཁེན་གྱི་ཕྱག་རྒྱ་དང་། །མི་སེར་ལུག་གི་མགོ་ཅན་གཞུག །ས་ནི་རྒྱ་མ་གང་དང་ནི། །སཱཙྪ་བཅུ་གསུམ་བྱང་དུ་གཏོར། །མཚམས་བཞི་ཟིན་གྱི་ཕྱག་རྒྱ་དང་། །མི་ལུས་སྟག་གི་མགོ་ཅན་བཞག །སྐྱེར་པ་སྟག་པ་ཤུག་པ་སོགས། །ཕོ་ཤིང་རྩེ་མོ་མ་ཉམས་པ། །རེ་རེ་མཚམས་བཞིར་འཕེན་པར་བྱ། །ངར་མི་བརྒྱད་དང་ཆངས་བུ་བརྒྱད། །གོང་གི་རྫས་དང་དུས་མཉམ་དུ། །ཕྱོགས་མཚམས་བརྒྱད་དུ་འཕེན་པར་བྱ། །མདུང་ངམ་ཀ་ར་རིང་པོའི་རྩེར། །ཚེར་ལྕགས་བྲ་མ་གཅིག་བཅིངས་ལ། །གདུང་ཁང་ཉེ་ལོགས་

p. 270

བཙུགས་ཏེ་བཞག །གོང་གི་ལོ་གཟུགས་བཞག་པ་དང་། །སྤར་ཁའི་ཕྱག་རྒྱ་བརྒྱད་པོ་ནི། །རང་རང་ཁ་དོག་གཞུང་བཞིན་བྱ། །འདོན་རྒྱུ་སྣང་བརྒྱད་ཁོ་ན་ཡིན། །འབྱུང་བ་གོ་ཤུལྡོག་གཏོ་ཞེས་བྱ། །ཆུ་ཡི་ལྷ་མོའི་སྔགས་འདི་ཡང་། །བརྒྱའམ་ཉེར་གཅིག་བཟླས་པར་བྱ། །ཨོཾ་མ་མ་ཆར་ཆུར་ཡང་ཡང་སང་སང་སྭཱ་ཧཱ། ཨོཾ་མ་མ་ཁང་ཁང་ཡེ་སྭཱ་ཧཱ། དྭ་ཐོག་ཡིན་ན། ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཞེས་བཟླའོ། །དེ་ལྟར་གཞུང་ནས་བཤད་པ་དང་། །མན་ངག་སྙན་དུ་བརྒྱུད་པ་གཉིས། །རཱ་ག་ཨ་སྱས་ཡི་གེར་བཀོད། །འགྲོ་ལ་ཕན་ཐོགས་རྒྱ་ཆེན་ཤོག སརྦ་མངྒ་ལཾ།། ༈ །ཡང་སྤར་ཁ་ལི་ཐོག་དང་དྭ་ཐོག་གཉིས་ཤི་བའི་རོ་མི་བསྲེག་ཁ་མེད་བྱུང་ན། ར་སྔོན་པོ་གཅིག་ལ་རྭ་གཡས་སུ་མདའ་དར། གཡོན་དུ་མདུང་དར་བཏགས། རྒྱབ་ཏུ་ལྷམ་དང་ཆུ་དྲོད་བཀལ། ནིས་བར་མེ་རུ་བཙུགས་སྐུད་པས་བསྡོམས། མེ་སྦར་ལག་པས་བཟུང་ཞིང་མེ་སྦར་འདོན། ཐེ་ཚོམ་མེད་པར་ཉེས་པ་གྲོལ་བ་ཁྱུང་པོ་དཀར་རུའི། ཕྱུ་བོན་ཕ་བ་སོགས་མཁས་པ་མང་པོའི་གསུང་རྒྱུན་ལགས་སོ། །སྤྱི། ཡང་མི་དུ་ཤི་ཞིང་ཤི་སྒབ་མ་ཆོད་ན། ཧལ་ཁྱི་ནག་པོ་ལ་གཏད་པའི་གདམས་པ་ནི།

p. 271

ཁྱི་ནག་པོ་ཞིག་གི་མགོ་ལ་བྱ་ཤ་ཟན་མང་པོའི་སྒྲོ་བཙུགས། ཕག་ཤ་སྦྲུལ་ཤ་ཁམ་ས་གསུམ་བསྲེས་ལ་སྦྲུལ་གྱི་གཟུགས་བྱས་ལ་ཁྱི་དེ་ལ་བཀལ། མི་ལྕགས་ཁྱི་ལོ་པ་ཞིག་གི་གོས་ལ་འབྲུག་གཟུགས་ཤིག་བྲིས། ལྕགས་ཐག་གིས་ཁྱི་དེ་ཁྲིད་ཅིང་མདོ་གཅིག་འདོན། ས་བདག་སྤྱི་ལ་སྣང་བརྒྱད་འདོན་ཅིང་ཤེལ་ཚིགས་གཏོར། མདའ་དར་བཟུང་ལ་རོ་ཡི་སྣ་ཁྲིད། དཔྱད་མཁན་ཡོན་བདག་གི་སྲུང་བ་བྱའོ། །གདམས་པ་ཟབ་མོ་ཆབ་མདོ་དགོན་ནས་ཞུས་གསུངས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྤར་ཁ་དྭ་ལི་གཉིས་ལ་མེར་བསྲེགས་ན་སྒྲིབ་བཅོས།

p. 272
p. 273

སྤར་ཁ་དྭ་ལི་གཉིས་ལ་མེ་འབར་ན། །ར་སྔོན་པོ་གཅིག་གི་མགུལ་དུ་ཆུ་གྲོད་གཅིག་བཏགས། རྒྱབ་ཏུ་རེ་བའི་གལ་ཏའི་ནང་མི་གྲངས་ཀྱི་གླུད་བཀལ། རྭ་གཡས་པ་ལ་ཕོ་ཤིང་གི་ཕོ་ཏང་དང་། ནམ་མཁའ་དམར་པོ་བཏགས། རཱ་གཡོན་ལ་མོ་ཤི་ང་གི་མོ་ཏང་དང། ནམ་མཁའ་དཀར་པོ་བཏགས། དཔྲལ་བར་གྲི་གཅིག་བཅིངས། ལག་ཏུ་མེའི་དཔལ་འབར་དར་སྣ་ཚོགས། གཡུ་ཞྭའམ་སྐེ་རགས་དཀར་གཏོར། ཤེལ་ཚིགས་གླུད་ཡས་སྣ་ཚོགས་བསགས་ལ་འདི་སྐད་གྱེར་རོ།། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །འབྱུང་བ་ལྔ་ལ་དགྲ་དར་ན། །ལི་འབྱུང་བ་མེ་ལ་མེ་འབར་ན། །མེ་ཡི་སྐྱོན་ཟུར་མ་མཛད་ཅིག །དུ་འབྱུང་བ་ལྕགས་ལ་མེ་སྦར་ན། །མེ་ཡི་རང་གཤེད་མ་འབེབ་ཅིག །མེ་ཡི་རང་དགྲ་མ་མཛད་ཅིག །འབྱུང་བ་མེ་ལྕགས་སྤར་ཁ་རྣམས། །རང་རང་སྐྱོན་ཟུར་མ་འབེབ་ཅིག །མེ་གཅིག་ལྕགས་ལ་མི་གནོད་པར། །ས་ནང་ལྕགས་དང་རི་རྩེའི་མེ། །མེ་ལྕགས་བསྡེབས་ནས་འགྲོ་དོན་བྱེད། །དཔེར་ན་ལྕགས་ལ་སྨན་བཞིན་ནོ། །རང་རང་སྐྱོན་ཟུར་མ་མཛད་ཅིག །ཁྱད་པར་མེ་དང་ལྕགས་ལ་ནི། གནས་པའི་སྤར་ཁ་ས་བདག་རྣམས། །རང་རང་གནས་སུ་ད་གཤེགས་ཤིག །ཁྱད་པར་ས་

p. 274

ལ་གནས་པའི་ས་ཁམས་རྣམས། །གསེར་སྦལ་སེར་པོའི་གནམ་ལམ་ཡིན། །ས་ཡང་ཁྱོན་ཤོང་ཆེ་བ་བཞིན། །ཡོན་བདག་སྐྱོན་ཟུར་མ་མཛད་ཅིག །རྭ་སྔོན་འདི་ནི་ལྷ་རྭ་ཡིན། །རྭ་འདི་ཀླུ་ཡི་རྭ་ཡང་ཡིན། །ས་བདག་བཅོས་པའི་རྭ་སྔོན་ལ། །རྭ་གཡས་ནམ་མཁའ་དམར་པོ་དང་། །ཕོ་ཏང་རྒྱན་ཅན་དར་སྣ་འདི། །སྤར་ཁ་ལི་ལ་བརྔན་དུ་འབུལ།་།རཱ་གཡོན་ནམ་མཁའ་དཀར་པོ་དང་། །མོ་ཏང་རྒྱན་ཅན་དེར་སྣ་འདི། །སྤར་ཁ་དྭ་ལ་བརྔན་དུ་འབུལ། །དཔྲལ་བར་མཚོན་ཆ་བཏགས་པ་དང་། །རྒྱབ་ཏུ་མི་གྲངས་གླུད་བཀལ་འདི། །ཁྱད་པར་དྭ་ལི་གཉིས་ལ་འབུལ། །དར་ཟབ་རྣམ་པ་སྣ་ཚོགས་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །མེ་ལྕགས་གཉིས་ལ་ཡོན་དུ་འབུལ། །གསལ་བར་འབར་བ་མེ་ཡི་ཁམས། །དེ་ཡང་ཀུན་ལ་བྱམས་པ་ཡིན། །ཕྲག་དོག་རུ་ང་མ་མཛད་ཅིག །མེ་ལ་མེ་འབར་གསལ་ཞིང་དྲོ། །དེ་ཡང་སྐྱོན་ཟུར་མ་མཛད་ཅིག །མེ་ལྕགས་བསྡེབས་ནས་འགྲོ་དོན་བྱེད། །དེ་ཡང་སྐྱོན་ཟུར་མ་མཛད་ཅིག །ཡུལ་ཁམས་གསལ་ཞིང་འབར་བ་ལ། །དེ་ལྟར་ཞི་ཞིང་གསལ་བར་མཛོད། །ཉི་

p. 275

མ་ལྷོ་ཕྱོགས་ཕ་ཀི་ན། །རྟ་སྦྲུལ་གཉིས་ཀྱང་མ་འཁྲུགས་ཤིག །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བྱ་སྤྲེལ་གཉིས་ཀྱང་མ་འཁྲུགས་ཤིག །ཉི་མ་བྱང་ཕྱོགས་ཕ་ཀི་ན། །བྱི་ཕག་གཉིས་ཀྱང་མ་འཁྲུགས་ཤིག །ཉི་མ་ཤར་ཕྱོགས་ཕ་ཀི་ན། །སྟག་ཡོས་གཉིས་ཀྱང་མ་འཁྲུགས་ཤིག །ཉི་མ་མཚམས་བཞི་ཕ་ཀི་ན། །ཁྱི་འབྲུག་གླང་ལུག་མ་འཁྲུགས་ཤིག །མཚམས་བཞི་ས་ཁམས་མ་འཁྲུགས་ཤིག །འཁྲུགས་པ་བྱུང་ན་རྒྱན་གྱིས་བཅོས། །འགྲམ་པ་བྱུང་ན་རྒྱན་གྱིས་བཅོས། །ཉེས་པ་བྱུང་ན་མདོས་ཀྱིས་བཅོས། །མ་འཁྲུགས་མ་འགྲམ་མེ་ལྕགས་གཉིས། །ཁྱེད་ལ་ལོངས་སྤྱོད་རྒྱན་འབུལ་གྱིས། །ཁྱེད་ཀྱི་ཐུགས་སེམས་ཞི་གྱུར་ཅིག །ཞི་བའི་མེ་རུ་འབར་ནས་ཀྱང་། །སྔར་གྱི་གདུག་སེམས་ཞི་བ་དང་། །བྱམས་པའི་སེམས་དང་ལྡན་པར་མཛོད། །ཅེས་པ་འདི་ནི་སྤར་ཁ་དྭ་ལིའི་ཐོག་ཏུ་ཤི་བའི་རོ། ཅི་ནས་ཀྱང་བསྲེགས་ན་བཅོས་འདི་ལྟར་བྱས་པས་ཐུབ་བོ། །རཱ་ག་ཨ་སྱས་ཀོང་ཙེའི་ལུགས་འདྲ་མིན་དོན་བསྡུས་ནས་བྲིས་པ་སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བླ་སྤོ་ཤིང་བྱང་དཔེའུ་རིས།

p. 276
p. 277

རི་མོ་ཡོད།

p. 278

ཨོཾཝགཤྭརིམཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾབཛྲཔཱཎིཧཱུཾ། ཧྲཱིཿབྷྲཱུཾ། ཨོཾཧཱུྃཏྲཱཾ་ཧྲཱིཿཨཱཿ ཨཨཱཨིཨཱི་ཨུ་ཨཱུཨེཨཻ་ཨོཾ་ཨཽༀཨ། ཀཁགགྷང་། ཙཚཛཛྷཉ། ཊཋཌཌྷ་ཎ། ཏཐདདྷན། པཕབབྷམ། ཡརལཝ། ཤཥསཧཀྵ། ཨོཡེདྷརྨཱཧེཏུཔྲཝཱཧེཏུནྟེཥཱནྟཐཱ གཏོཧྱབདཏ། ཏེཥཉྩཡོནིརོདྷཨེཝཾབཱདཱིམཧཱཤྲམཎསྭཱཧཱ། ཨོཾཨཀནིནིཀནིཨབྷིལམཎྜལམདྷལམཡེསྭཱཧཱ། བྷཱམིཔཏིསཱཧཱ། སརྦདཱམངྒལཾ།། དམིགསཡུལ་ཆྒེམོའི། བླ་རྟེན་འདི་ལ་བརྟན་ཆོས་ཤིག་ཏིཥྛ་བཛྲ།

དུར་གྱི་སྤོ་ཆོག་གསལ་བའི་མེ་ལོང་།

p. 279

དུར་གྱི་སྤོ་ཆོག་གསལ་བའི་མེ་ལོང་ཞེས་བྱ་བཞུགས་པའི་དབུ་ཕྱོགས་ལགས་སོ།

p. 280

ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱི་རབས་འགྲོ་ལ་ཕན་པའི་ཕྱིར། །དུར་གྱི་སྤོ་ཆོག་གསལ་བཀོད་འདི། །འཇམ་དབྱངས་རིགས་ལྔས་བཀའ་གནང་སྩོལ། །དུར་ས་མ་འཕག་མ་ཡག་དང་། གཞན་གྱི་དུར་རོགས་མ་ཚུད་ཅིང་། གསོན་པོས་ཕྲག་དོག་བྱུང་བ་སོགས། གལ་ཆེན་དུར་ས་སྤོ་དགོས་བྱུང་བ་ན། །བླ་བྱང་གསལ་ཤིང་བཟང་པོ་ལ། །ཤིང་བྱང་རྩེ་ལ་ནོར་བུ་དང་། །དེ་འོག་ཉི་ཟླ་སྐར་གསུམ་བྲི། །དེ་འོག་བུམ་པ་དེ་འོག་ལྗོན་ཤིང་དང་། དེ་འོག་པདྨ་འདབ་བརྒྱད་བྲི། རྒྱབ་ཏུ་རིགས་གསུམ་མགོན་པོའི་སྙིང་པོ་དང་། ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲི། །རྒྱས་པར་ཤིང་བྱང་དཔེའུ་རིས་ལྟར་བྲིས། །དེ་ནི་དུར་གྱི་སྟེང་དུ་བཙུགས་ལ་བྲན། །དང་པོ་ཕ་མཚུན་བཀྲ་མཚུན་བྱུང་ཚུལ་ནི། །

p. 281

ཀྱཻ། དང་པོ་སྲིད་པའི་སྔོན་རོལ་དུ། །འབྱུང་བ་ཆགས་པའི་གཞི་མ་ལ། །རྫིང་རློན་ངེད་ཀྱི་དཀྱིལ་དུ་ནི། །འབྱུང་བ་ཆུ་ཡི་དཀྱིལ་འཁོར་ཆགས། །ཆུ་ཡི་རྒྱ་མཚོའི་དཀྱིལ་འཁོར་དུ། །དབང་ཆེན་གསེར་གྱི་ས་གཞི་སྲིད། །དབང་ཆེན་གསེར་གྱི་ས་གཞི་འདི། །ལྷ་དང་མི་ཡི་བསོད་ནམས་ལས། །རང་བཞིན་ལྷུན་གྲུབ་ས་གཞི་འཁྲུངས། །རི་རབ་རྫིང་གི་གཞི་སྟེང་ན། །ལྷ་གནས་གྲུབ་པའི་ཕོ་བྲང་སྲིད། །འོད་གསལ་ལྷ་ཡི་གདུང་རྒྱུད་ལ། །གླིང་བཞི་མི་རྣམས་སོ་སོར་སྲིད། །ཤར་ཕྱོགས་གླིང་ནི་ལུས་འཕགས་གླིང་། །སྒོ་ང་ལས་སྐྱེས་མ་རྣམས་

p. 282

སྲིད། །ལྷོ་ཕྱོགས་གླིང་ནི་འཛམ་བུ་གླིང་། །མངལ་ལས་སྐྱེས་པའི་སེམས་ཅན་སྲིད། །ནུབ་ཕྱོགས་གླིང་ནི་བ་གླང་སྤྱོད། །དྲོད་གཤེར་ལས་སྐྱེས་སེམས་ཅན་སྲིད། །བྱང་། ཕྱོགས་གླིང་ནི་སྒྲ་མི་སྙན། །བརྫུས་ཏེ་སྐྱེས་པའི་སེམས་ཅན་སྲིད། །སྐྱེ་གནས་བཞི་ཡི་སེམས་ཅན་རྣམས། །མི་དང་ལྷན་ཅིག་སྐྱེས་པ་ལ། །ལྷ་སྲུང་གཉེན་པོའི་མཚན་གསོལ་བ། །དེ་ལ་མཚུན་ཞེས་གྲགས་པ་ཡིན། །ཤར་ཕྱོགས་སྒོང་སྐྱེས་ནུབ་ཕྱོགས་དྲོད་ལས་སྐྱེས། །བྱང་ཕྱོགས་བརྫུས་ལས་སྐྱེས་པའི་མི་གསུམ་ཡང་། །སྔོན་གྱི་སྦྱིན་པའི་འབྲས་བུ་མ་ཟད་པས། །ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས་ན་ཡང་། །སྦྱིན་བཏང་འབྲས་བུའི་འཕྲོ་ནི་ཆད་པའི་དུས། །བླ་ཤིང་ཆག་སྐམ་བླ་གནས་སེམས་ཅན་ཤི། །དེ་དུས་ཤི་བསམ་སྡུག་བསྔལ་དཔག་མེད་ཡོད། །འབྱུང་ལྔའི་ལུས་བརྗེས་ཚེ་དུས་བྱས་པ་རྣམས། །རྟེན་འབྲེལ་ས་འདི་དར་སྲོལ་ཡོད་མི་སྲིད། །ལྷོ་ཕྱོགས་འཛམ་བུ་གླིང་གི་མངལ་སྐྱེས་རྣམས། །སྔོན་བསགས་སྦྱིན་བཏང་འབྲས་བུ་ཡོད་མེད་རྣམས། །བསོད་ནམས་བཙན་དྲག་ཁས་ཉན་ཕྱུག་དབུལ་མང་། །ལུས་ཀྱི་བདེ་སྐྱིད་ན་ཚ་དཀོན་མོད་དང་། །ཚེ་ཡི་རིང་

p. 283

ཐུང་ལ་སོགས་ཁོད་མི་སྙོམས། །དགྲ་རྐུན་ཇག་གསུམ་ཚེ་ལ་བར་ཆད་མང་། །དེ་རུ་སྐྱེས་པའི་མི་རྣམས་ཤི་བའི་ཚེ། །རྟེན་འབྲེལ་ས་ལ་འདེབས་སྲོལ་ཡོད་སྲིད་པས། །དང་པོ་ས་ལ་བཏབ་པའི་དུས། །བླ་ཡིད་ས་ལ་ཆགས་པ་ཡིན། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །མ་ཡི་ལྷུམས་སུ་ཞུགས་པའི་ཚེ། །མ་ལྷ་རྩེ་དཀར་ཞེས་ཀྱང་བྱ། །ཡུམ་གྱི་ལྷུམས་སུ་བཙས་པའི་ཚེ། །ཚེ་རྫི་སྲོག་སྐྱོབ་ཅེས་ཀྱང་བྱ། །ལུས་པོ་ན་རུ་རྫོགས་པའི་དུས། །ཕ་ལྷ་མ་རྫི་ཞེས་ཀྱང་བྱ། །སྐྱེས་བུས་དགྲ་ལ་རྒོལ་བའི་ཚེ། །དགྲ་ལྷ་གཉན་པོ་མཚན་དུ་གསོལ། །ཚེ་ལྷ་མགོན་དང་སྤྱོད་པའི་ཚེ། །ཚེ་སྲོག་གཉན་པོ་མཚན་དུ་གསོལ། །མི་ཡི་ཟས་ནོར་སྤེལ་བའི་ཚེ། །ནོར་ལྷ་རྨ་གཡང་ཞེས་སུ་གསོལ། །ལུས་ཀྱི་འཁོར་སྲུང་བྱེད་པའི་ཚེ། །ལུས་ལྷ་འཚོ་བྱེད་ཅེས་སུ་གསོལ། །ལུས་ཀྱི་འབྱུང་བཞི་ཞིག་པའི་ཚེ། །ཕ་མཚུན་གཉན་པོ་ཞེས་སུ་གསོལ། །བཀྲ་མཚུན་གཉན་པོ་ཞེས་སུ་གསོལ། །ལྷ་མཚུན་གཉན་པོ་ཞེས་སུ་གསོལ། །བུ་རྒྱུད་སྤེལ་བའི་རྩ་དཀར་ཡིན། །བུ་དང་ཚ་བོ་ཡང་ཚ་ལ། །མི་རབས་གསུམ་གྱི་ལྷ་སྲུང་ཡིན། །མི་

p. 284

རབས་དགུ་ཡི་ཕྲག་ལྷ་ཡིན། །མི་ནོར་སྤེལ་བའི་རྨ་གཡང་ཡིན། །འབྲས་དྲུག་སྤེལ་བའི་གྲོགས་ལྷ་ཡིན། །བྱེས་སུ་ཆས་པའི་བྱེས་ལྷ་ཡིན། །མི་ནོར་བཀྲག་མདངས་རྒྱས་པ་ཡིན། །སྤུ་མཚུན་སྐྱེད་པའི་དགྲ་བླ་ཡིན། །བུ་རྒྱུད་མི་རྒྱུད་འཚོ་རྫི་ཡིན། །ཕ་མཚུན་མ་མཚུན་མགོན་བྱེད་གཉེན་པོ་ཡིན། །ཀྱཻ། སྲིད་པ་དེ་ལ་དཔེ་བླངས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་འདས་རྒེ་མིང་སྨོས་དང་། །འབྱུང་བ་བཞི་ཡི་ལུས་པོ་འགྱེལ། །ཚེ་ཡི་འདུ་བྱེད་ཞིག་པ་ལ། །རྗེས་ཤུལ་གསོན་པོ་བཀྲ་ཤིས་ཕྱིར། །སྔགས་འཆང་བདག་ཉིད་བྱོན་ནས་ནི། །ང་ནི་སྟོན་པ་རྩིས་མཁས་ལ། །དགོས་པའི་ཡོ་བྱད་མང་པོ་བསགས། །གཤེད་ཁ་འདྲེ་ཁ་ལས་དང་ཕྲལ། །གཏད་ཡོར་ཚོགས་བསགས་མང་པོ་བྱས་། །རྗེས་ཤུལ་མི་རྣམས་བཀྲ་ཤིས་དང་། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །ཚེ་འདས་མཐོ་རིས་ཐར་ལམ་གྱི། །བར་ཆད་ཐམས་ཅད་སེལ་བ་དང་། །བླ་ཡིད་སེམས་གསུམ་བདེ་བའི་ཕྱིར། །བཀྲ་ཤིས་ས་ལ་བཏབ་པ་ཡིན་ན་ཡང་། །དུར་ས་འདི་ལ་སྲོག་ལུས་དབང་ཐང་ལ། །དགྲ་འཕྲད་བར་ཆད་འདུག་པས་རོགས་མ་ཚུད། །དེ་ཕྱིར་

p. 285

སྤོ་དགོས་བྱུང་བ་ཡིན། ཟེར་བའམ། །དུར་ས་འདི་ལ་རོགས་ཚུད་ཀྱང་། །གསོན་པོས་བླུན་རྨོངས་ཕྲག་དོག་བྱས་ནས་ཀྱང་། །དུར་ས་འདི་རུ་ཆགས་མ་བཅུག །དེ་དོན་སྤོ་དགོས་བྱུང་འདུག་པས། །ཟེར་བའི་ཚིག་ཁ་བསྒྱུར། དུར་ས་དེ་ཉིད་མ་ཡག་ནས། །བླ་ཡིད་སེམས་གསུམ་མ་བདེ་མ་ཆགས་པས། །གསོན་ལ་འཁོར་ནས་གསོན་གྱིས་མ་ཆགས་ནས། །མི་ལ་ན་ཚ་ཕྱུགས་ལ་གོད་ཁ་དང་། །འཕྲལ་རྐྱེན་མང་དུ་བྱུང་བ་ལ། །བླ་ཡིད་འདི་རུ་མ་གནས་པར། །བླ་ཡིད་བདེ་བར་སྤོས་ན་བཟང་འདུག་པས། །ཡུལ་པའི་ཁང་ཁྱིམ་མ་བདེ་སྤོ་བ་བཞིན། །དེ་རིང་དུར་སའི་བླ་ཡིད་སྤྲོ་བར་བྱ། །འབྲོག་པའི་མཚེར་ས་མ་བཟང་སྤོ་བ་བཞིན། །དེ་རིང་དུར་སའི་བླ་ཡིད་སྤྲོ་བར་བྱ། །འབྲོག་པ་མཚེར་ས་བཟང་ཡང་རུ་རོགས་མ་ཚུད་ནས། །འཁོན་ཐབས་ཆགས་སྡང་སྤངས་ཕྱིར་གང་བདེར་སྤོ་བ་བཞིན། །དེ་རིང་དུར་ས་འདི་ཡི་བླ་ཡིད་སྤྲོ་བར་བྱ། །དོན་གྱི་བླ་ཡིད་ནི་བྱང་བུ་ལ་བསྟིམ་ཞིང་། དུར་ས་ཡག་ཀྱང་དུར་རོགས་མི་ཚུད་དོན། །སྲོག་ལུས་དབང་ཐང་འབྱུང་བའི་དགྲ་བྱུང་ནས། །དུར་རོགས་མི་ཚུད་ཟེར་བ་དེ་ཡི་དོན། །དགྲ་འཕྲད་དགྲ་ལ་བྱོལ་བ་

p. 286

བཞིན། །བླ་ཡིད་བླ་བྱང་ནོར་བུ་འདི་ལ་སྤྲོ། །དགོས་འདོད་ཅི་བསམ་ལྷུན་གྱིས་གྲུབ་པར་ཤོག །དུར་རོགས་དབང་ཐང་གྲོགས་ནི་བཟང་གྱུར་ཀྱང་། །གསོན་པོས་བླུན་རྨོངས་ཕྲག་དོག་བྱས་ནས་ཀྱང་། །དུར་སའི་བླ་ཡིད་ཆགས་པར་མ་བཅུག་པས། །བླུན་རྨོངས་ཕྲག་དོག་གདུག་པ་ཞི་བའི་ཕྱིར། །བླ་བྱང་འདི་ལ་སྤོ་ཙམ་བརྡའ་མཚོན་བྱ། །དུར་སའི་བླ་ཡིད་མ་འཁྲུགས་བརྟན་པར་བཞུགས། །ས་རྡོ་སྤོ་བས་ས་གླུད་རྡོ་གླུད་ཡིན། །དེ་བས་བློ་ཡིད་མ་འཁྲུགས་བརྟན་པར་བཞུགས། །གསོན་གྱི་མགོན་སྐྱབས་མ་འཁྲུགས་ཤིག །དེ་ནས་དུར་ས་ངན་པ་སྤོ་བ་ལ་འདི་འདོན། དུར་ས་ཤིན་ཏུ་མ་ཡོག་སྤྲོ་དགོས་དོན། །ལྷ་འདྲེའི་ལམ་སྲང་གཉན་པོ་ཐུག་གྱུར་ན། །དུར་སའི་བླ་ཡིད་བླ་བྱང་ཉི་ཟླར་སྤོ། །ས་བདག་དུར་གྱི་རྒྱུ་སྲང་ཐུག་གྱུར་ན། །དུར་སའི་བླ་ཡིད་བུམ་པ་འདི་ལ་སྤོ། །ལྗོན་ཤིང་འདམ་དང་རློན་ཚད་ཐུག་གྱུར་ན། །དེ་ཕྱིར་གསོན་པོ་ཇེ་ངན་ཇེ་ཆུང་འགྲོ། །དེ་བས་དུར་སའི་བླ་ཡིད་ལྗོན་ཤིང་འདི་ལ་སྤོ། །བཙན་བདུད་ཀླུ་ཡི་གནས་སུ་ཐུག་གྱུར་ན། །འཕྲལ་རྐྱེན་མི་དགེ་སྣ་ཚོགས་འབྱུང་བས་ན། །དུར་སའི་བླ་ཡིད་བླ་བྱང་འདི་ལ་སྤོ། །ཕ་མཚུན་མ་མཚུན་

p. 287

ལྷ་མཚུན་གསུམ། །ཉི་ཟླ་སྐར་གསུམ་འདི་ལ་སྤོ། །ཚེ་ཡི་བུམ་པར་རྟེན་ཆོས་ལ། །པདྨ་འདབ་བརྒྱད་གདན་ལ་བཞུགས། །དེ་ནས་ས་འདྲེ་ས་སྲིན་དུར་གྱི་འདྲེ་སྲིན་རྣམས་ལ་ངར་མི་ཆངས་བུ་ཏིང་ལོ་གཅིག་བཤམས་ལ། བླ་གླུད་ལ་ངར་མི་གཅིག་གི་གཡས་གཡོན་དུ་བླ་ལུག་བླ་ར་ཆངས་བུ་ཏིང་ལོ་མར་མེ་གཅིག་བཤམས་ལ། དང་པོ་ས་འདྲེ་ས་སྲིན་དུར་འདྲེ་བཀར་བ་ནི། རང་ཉིད་བྱ་ཁྱུང་དུ་བསྒོམས་ལ། བདེན་སྟོབས་ལན་གསུམ་བརྗོད་ལ་འདི་སྐད་དོ། །རང་སེམས་ཁྲོ་ལས་ཡེ་ཤེས་བྱ་ཁྱུང་ནི། །དམར་ནག་མེ་ཡི་གཤོག་རྩལ་མཆུ་སྡེར་བསྒྲད། །རལ་གྲི་གཤོག་པ་ཆུ་གྲིའི་རྐང་པ་ཅན་། །ཡེ་ནས་དམ་ཡེ་དབྱེར་མེད་ཉིད་དུ་གསལ། །བདེན་སྟོབས་ནི། ཧཱུྃ། དཀོན་མཆོག་རྩ་གསུམ་བདེན་པ་དང་། །བྱ་ཁྱུང་རྒྱལ་པོའི་མཐུ་སྟོབས་ཀྱིས། །ས་འདྲེ་ས་སྲིན་དུར་སྲི་དུར་འདྲེ་རྣམས། །སྐད་ཅིག་ངར་མི་འདི་ལ་མྱུར་དུ་ཁུག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད། ཨོཾ་ཨ་ཀཱ་རོ་སོགས། ཧཱུྃ། བཀའ་དང་དམ་ལ་མི་གནས་གདུག་པ་ཅན་། །ནག་པོའི་ཕྱོགས་གྱུར་ཀླུ་སྲིན་ས་སྲིན་དང་། །བྲག་སྲིན་ལ་སོགས་དུར་འདྲེ་དུར་སྲི་རྣམས། །མཆོད་སྦྱིན་གླུད་གཏོར་ངར་མི་འདི་ཁྱེར་ལ། །འདི་རུ་མ་འཚེ་མྱུར་བ་ཉིད་

p. 288

དུ་དེངས། །ཁྲོ་ག་རུ་ཊ་སོ་མ་ཡ་ཕཊ༔ བགེགས་བསྐྲད། གླུད་གཏོར་ཚེ་འདས་ལོ་བདུད་སྟེང་དུ་དོར། དེ་ནས་མཚམས་བཅད་སྲུང་འཁོར་བསྒོམ། དེ་ནས་བུམ་པའི་རྔ་ཡབ་ཀྱིས་ཁྲུས་ཆུ་གཏོར་ལ་ཁྲུས་བྱ་བ་ནི། ཧཱུྃ༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུ། །དུག་ལྔ་དུག་གསུམ་སྒྲིབ་པ་ལ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བླ་གླུད་བྲན་ལ།་ཧཱུྃ། ཚེ་འདས་བླ་ཡིད་འདི་དག་ལ། །འཁོར་ཞིང་འཁྲི་བའི་བླ་ཁྱེར་རྣམས། །ལྷ་སྲིན་སྡེ་བརྒྱད་གང་ཡིན་རྣམས། །གསོན་གྱི་བླ་གླུད་མ་ཡིན་ཏེ། །གཤིན་གྱི་བླ་ལུག་བླ་ར་གླུད་རྣམས་འབུལ། །ཚེ་འདས་བླ་ཡིད་སེམས་གསུམ་ལ། །མ་འཁོར་མ་འཁྲི་མ་འབྲང་ལ། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སོགས། བཟླས་ལ་ཚེ་འདས་ལོ་བདུད་ཕྱོགས་སམ་ཆུ་ལ་དོར། སྟེང་འོག་ཕྱོགས་མཚམས་བྱ་ཁྱུང་གིས་གང་བར་གྱུར། བཛྲ་རཀྵ་རཀྟ། མཚམས་བཅད་སྲུང་འཁོར་བྱས། ཡང་ཕྱེ་མར་ཇ་ཆང་འོ་ཞོ་ཤ་ཐུད་རྣམས་ཕོར་བ་ནང་དུ་བཞག །དར་རས་སྣམ་བུ་སོགས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་དང་ཕ་མཚུན་མ་མཚུན་བཀྲ་མཚུན་སོགས་ལ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ། ཧཱུྃ། ཕ་མཚུན་མ་མཚུན་བཀྲ་མཚུན་དང་། །

p. 289

ཚེ་འདས་བླ་ཡིད་སེམས་གསུམ་ལ། །འབྲུ་ཡི་བཅུད་བསྡུས་སྐྱེམས་ཕུད་ཆང་། །སྐོམ་གྱི་སྡུག་བསྔལ་སེལ་ཕྱིར་འབུལ། །ཤིང་ཁུ་བཅུད་བསྡུས་ཡུ་མར་ཇ། །དབང་པོའི་ཡུལ་རྣམས་ཚིམ་པའི་ཕྱིར། །ཞོ་ནི་སྐྱུར་མཆོག་ཡིད་དུ་འོང་། །ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །འོ་མ་མདངས་ལྡན་བཏུང་བའི་མཆོག །ལུས་ཀྱི་བཅུད་རྣམས་གསོ་བའི་ཕྱིར། །མཚུན་དང་བླ་ཡིད་རྣམས་ལ་འབུལ། །ཤ་མར་ཐུད་ནི་ཟས་ཀྱི་མཆོག །བཀྲེས་པའི་སྡུག་བསྔལ་སེལ་ཕྱིར་འབུལ། །འབྲུ་མཆོག་བཏག་པའི་ཕྱེ་མར་འདི། །མེ་ལ་བསྲེགས་ལ་གསུར་གྱིས་མཆོད། །མཚུན་དང་བླ་ཡིད་སེམས་གསུམ་ཚིམ། །བཀྲེས་སྐོམ་སྡུག་བསྔལ་ཞི་བར་ཤོག །གསུར་གྱི་དྲི་མའི་དུད་པ་འདིས། །ཕ་མཚུན་མ་མཚུན་དགྲ་བླ་དང་། །བླ་ཡིད་སེམས་གསུམ་རྣམས་ལ་འབུལ། །དུག་གསུམ་རང་སར་དག་པར་ཤོག །དར་རས་སྣམ་ཕྱིང་གོས་ཀྱི་མཆོག །ཚ་གྲང་སྡུག་བསྔལ་ཞི་བར་ཤོག །ཅེས་གསུར་ཆེན་པོ་བྱས་ལ་འདི་སྐད་དོ། །འོ་ཚེ་འདས་བླ་ཡིད་སེམས་གསུམ་ལ། །གནམ་བགོས་པའི་སྐལ་པ་སྤྱི་བོ་གང་ཡོད། །ས་བགོས་པའི་སྐལ་པ་རྐང་མཐིལ་གང་

p. 290

ཡོད་། ཁྱོད་ཀྱི་རྗེས་སུ་ཡོད་པའི་བུ་དང་ཚ་བོ་རྣམས་ཀྱིས། ཡར་བླ་མ་དགེ་འདུན་ལ་ཚོགས་མཆོད་རྒྱ་ཆེན་པོ་ཕུལ། ཕྱིར་ལོང་སྤྲང་ལ་སྦྱིན་པ་བཏང་། ཡུལ་མི་ཁྱིམ་མཚེས་ལ་ཕ་ཤི་ཆོས་སྟོན་བྱས། ང་ས་མཁན་གྱིས་ཁྱོད་འདུག་སའི་ས་སྒོ་བཟང་པོ་ལ་ཡང་འདེབས། གཤེད་ཁ་འདྲེ་ཁ་ཡང་ཕྲལ། གཏད་ཡར་དང་ཚོགས་བསགས་མང་པོ་ཡང་བྱས། །ང་སྟོན་པ་རྩིས་མཁན་ལ་ཡོན་བཟང་པོ་ཡང་ཕུལ། དགོས་པའི་ཡས་སྟགས་བཟང་པོ་ཡང་བསགས། དེ་ཕྱིར་ཁྱོད་དུར་ས་སྤོ་བ་ལ་ཀོ་ལོང་རུ་ང་ཕྲག་དོག་ཡང་མ་བྱེད་ཅིག །ལ་ཁ་ལ་བཙན་དང་རྟ་མ་རྒྱུག་ཅིག །ལུང་ཁུང་ན་བདུད་དང་ཤོ་མ་འགྱེད་ཅིག །ལྷ་སྲིན་མང་པོ་འཚོགས་དུས་སུ་ཁ་རྒྱལ་དང་ཆོ་ལོ་མ་རྩོད་ཅིག །ལྷ་འདྲེ་དང་བང་ཁ་མ་འགྱེད་མ་ཅིག །བུ་ཚ་བོ་ལྷུག་ལ་མ་བཞག་ཅིག །མནའ་མ་མི་ཁ་ལ་མ་རྒྱག །བེའུ་ལུག་ཚོགས་པོར་མ་འཕེན། ཁྱོད་མ་ཤི་གསོན་པོའི་དུས་སུ་ཡང་ཁས་དྲག་དབང་ཆེན་ཡིན་པས། །ད་ཤི་བའི་དུས་ན་ཡང་། བླ་དྲག་གི་གཞུང་བཟང་གཤིན་པོ་ཁྱོད་ཀྱི་ཆོས་བྱེད་པའི་སྡོང་གྲོགས་གྱིས། དགྲ་བཏུལ་བའི་དཔུང་རོགས་གྱིས། ཟོག་བསོགས་པའི་རུ་མ་གྱིས། སྡེ་

p. 291

སྐྱོང་བའི་སྲིད་འཛིན་གྱིས། གཞི་ལ་འདུག་ན་ཁ་འཛིན་གྱིས། བྱེས་སུ་འགྲོ་དུས་དགྲ་ལྷ་གྱིས་ཤིག །དེ་ནས་བསྲེག་དུར་ཡིན་ན་ཐལ་སོལ་བསྡུས་ལ་སྣོད་དུ་བླུག ས་རྡོ་ཡང་བསྡུས་ནས་ཁྱེར་མ་རག་བྱས་ནས། དམར་དུར་ཡིན་ན་མཆོད་རྡོ་དང་། ས་སྙིང་ཅི་ཡོད་བླངས་ལ་དུར་ཐོག་ནས་ས་ཡང་རིམ་པར་བརྐོས་ནས་སྣོད་དུ་བླུག །དེ་ནས་ཚེ་འདས་ཀྱི་བླ་གདན་འདྲེན་ནས་ཕ་མཚུན་གྱི་ཡུལ་ལ་བསྐྱལ་བ་ནི་འདི་སྐད་དོ།། ཧཱུྃ། སྲིད་རྩེ་མི་སྣང་སྟོང་པ་ལ། །མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །ཚེ་འདས་གཤིན་པོའི་བླ་དེ་ནི། །སྐྱེ་བའི་ཆོ་འཕྲུལ་དེར་སྐྱེས་ནས། །ཡོན་ཏན་སྲུང་མའི་ཚོགས་རྣམས་ཀྱིས། །ཡིད་ཀྱི་སྤྲིན་ལྟར་གཏིབས་ནས་ཀྱང་། །སྐད་ཅིག་ད་ལྟ་མྱུར་བར་བྱོན། །བང་ཡང་གློག་བས་མྱུར་བར་བྱོན། །ཅེས་བརྗོད་ལ། །འོ་ཚེ་འདས་སྒེའི་བླ་འདི་ནི། །སྣང་སྲིད་ལྷ་འདྲེའི་ལག་ནས་བསླུས། །མཚུན་ཡུལ་ཕ་མཚུན་གྲལ་དུ་བཅུག །མཆོད་པས་ཚིམས་ནས་དགའ་ཞིང་མགུ། །མཐུ་སྟོབས་གཟི་བརྗིད་ལྡན་གྱུར་ཅིག གསོན་པོའི་མགོན་སྐྱབས་ནུས་པར་ཤོག །དུར་ས་མི་དམིགས་ཆོས་ཀྱི་དབྱིངས། །ཆོས་ཉིད་སྟོང་པའི་ཀློང་དུ་གཤེགས། །ཆོས་སྐུའི་ཀློང་དེར་རྟེན་ཆོས་ཤིག །བཛྲ་མུཿ

p. 292

དྷརྨ་ཀཱ་ཡ། ཅེས་བརྗོད་ལ་ཁྱེར་རོ། །ཐལ་སོལ་ཡིན་ན་གསེར་སྐྱེམས་མཆོད་ནས་ཁྱེར། ༈ དེ་ནས་སྤོ་སར་ཕྱིན་ནས་ས་འབེབས་སམ། ཡང་ན་ས་སློངས་བྱས་ནས། བླ་བྱང་དཀྱིལ་དུ་བཙུགས་ལ་ཐལ་སོལ་ལམ། ས་རྡོ་ས་སྙིང་སོགས་བླུགས་ལ་འདི་སྐད་དོ། །འོ་ཚེ་འདས་ཁྱོད་ཀྱི་སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་མེད་པའི་དུར་ས་འདེབས། བཀྲ་རྒན་བཀྲ་ཤིས་པའི་དུར་ས་ལ་བཏབ་པས་བཀྲ་ཡང་ཤིས་སོ། །གནམ་ལ་ཉི་ཟླ་གཟའ་སྐར་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །ས་ལ་རྩེ་འཛིན་དང་འདེབས་ལེན་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །གཤིན་པོ་ལ་དགེ་ཞིང་ཆོས་དང་སྟོན་མོ་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །རྗེས་ཤུལ་ཁ་རྗེ་དབང་ཐང་བསོད་ནམས་དར་རྒྱས་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །དེ་ནས་སྦས་ཚར་ནས་འབྲུ་འཐོར་ཕ་མཚུན་མ་མཚུན་གང་ཡིན་ཁ་བསྒྱུར་ཤེས་པར་བྱས་ལ་འདི་སྐད་དོ།། ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །བཙན་བདུད་གཉིས་ཀྱི་ལ་ཁ་ན། །བཙན་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་

p. 293

ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །ལྷ་བདུད་གཉིས་ཀྱི་ལ་ཁ་ན། །བདུད་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །མ་བདུད་གཉིས་ཀྱི་ལ་ཁ་ན། །སྨན་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །གཟའ་བདུད་གཉིས་ཀྱི་ལ་ཁ་ན། །གཟའ་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །སྲིན་བདུད་གཉིས་ཀྱི་ལ་ཁ་ན། །སྲིན་དང་

p. 294

ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །དམུ་བདུད་གཉིས་ཀྱི་ལ་ཁ་ན། །དམུ་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །ཐེའུ་རང་ནལ་གྱི་ལ་ཁ་དེར། །ཐེའུ་རང་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་ཕྲག་ལྷ་གསུམ། །ལྷ་ཡི་ཁྲི་འཕང་མི་དམའ་སྟེ། །གལ་ཏེ་དམའི་ན་གྱེན་དུ་བསྟོད། །མཁར་ལྷ་ཁྱིམ་ལྷ་ཞིང་ལྷ་གསུམ། །ལྷ་ཡི་ཁྲི་འཕང་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་

p. 295

བསྟོད། །ཕ་དང་མྱེས་པོ་ཡང་མྱེས་གསུམ། །ཕ་མཚུན་དགྲ་བླ་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །མ་དང་ཕྱི་མོ་ཡང་ཕྱི་གསུམ། །མ་མཚུན་ཁྲི་འཕང་མི་དམའ་སྟེ། གལ་ཏེ་དམའ་ན་གྱེན་དུ་བསྟོད། །རྟ་ལྷ་ལུག་ལྷ་འབྲི་ལྷ་གསུམ། །གཡང་གི་ཁྲི་འཕང་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །ཚེ་ལྷ་སྲོག་ལྷ་ཡུལ་ལྷ་གསུམ། །འགོ་བའི་ཁྲི་འཕང་མི་དམའ་ཏེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཁ་རྗེ་དབང་ཐང་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །ཅེས་བརྗོད་མི་དམིགས་པར་བཞག་གོ །ཞེས་ཡོན་བདག་དུར་ས་མ་ཡག་སྤོ་དགོས་བྱུང་ནས་དུར་གྱི་སྤོ་ཆོག་མེད་པས་ཅི་བྱེད་ཆ་མ་ཆོད་ནས་བསང་དང་སྣང་བརྒྱད་ཉེས་པ་ཀུན་སེལ་སོགས་བརྗོད། དེ་ནས་སྤོས་པས་དེ་ནུབ་འོག་རྟ་གཅིག་ལ་ནད་ཅིག་ཕོག་འདུག་པས། །དེ་ལ་ཇི་ལྟར་བྱས་ཀྱང་མ་ཕན་པར་དེ་ནུབ་རྨི་ལམ་སྐབས་སུ་རལ་པ་ཐོར་ཅོག་དར་དཀར་གྱིས་བཅིང་པ་རས་བཟའ་དཀར་པོ་མནབས་པ་ཞིག་དང་མཇལ། རྣལ་འབྱོར་པ་ཁྱོད་སུ་ཡིན་གང་ནས་བྱོན་ཞུས་པས། ང་ནི་མཁས་པ་དུ་ཧར་ནག་པོ་སྟེ། རྒྱ་ནག་ཡུལ་ནས་བྱོན་པའི་རྣལ་འབྱོར་པ་ཡིན་གསུངས། ཁྱེད་ཀྱིས་རྟ་འདི་ལ་བྱིན་རླབས་ཞིག་མཛོད་ཞུས་པས་བྱིན་རླབས་བྱས་པས་ཕན་པ་མི་འདུག དུར་འདྲེ་

p. 296

མ་བཀར་བའི་གནོད་པ་རེད་དོ་གསུངས། ལགས་སོ་དུར་ས་སྤོ་བ་ལ་ཅི་འདྲ་དགོས་པ་ཡིན་ཞུས་པས། དུར་ལ་གཤིན་གྱི་བླ་ཡིད་འཁོར་བ་ཡིན། །བླ་ཡིད་དེ་ལ་དུར་འདྲེ་བླ་ཁྱེར་འཁོར། །དེ་ཕྱིར་དུར་སྤོ་བླ་ཡིད་སྤོ་བ་ཡིན། །བླ་ཡིད་བླ་བྱང་སྟེང་ནས་སྤྲོ་བ་ཡིན། །དང་པོ་དུར་འདྲེ་གཏོ་གླུད་བཏང་ནས་བཀར། །དེ་ནས་ཁྲུས་གསོལ་བླ་གླུད་ངར་མི་དང་། །བླ་ལུག་བླ་ར་བཏང་ལ་བླ་ཁྱེར་ལྷ་འདྲེ་བཀར། མཚུན་དང་ཚེ་འདས་བླ་ཡིད་ལ། ཟས་བསྔོས་ཕྱེ་མར་འོ་ཞོ་ཤ་ཐུད་སོགས་བསྔོ་བར་བྱ། གསུར་གྱིས་དྲི་ཟ་ཚིམས་ནས་སྤོ་བ་ཡིན། །དེ་ཕྱིར་རྟ་ལ་དུར་འདྲེ་ས་སྲི་ལངས། །གླུད་གཏོར་བཏང་ནས་དུར་འདྲེ་བཀར་ན་ཕན། །གསུངས་པའི་རྨི་ལམ་དེ་འདྲ་བྱུང་བ་ལ། །བདག་གིས་རྒྱུད་ནས་དུར་འདྲེས་བཀར་ཐབས་བྱས། །བགེགས་བསྐྲད་བྱས་པས་དེ་མ་ཐག་ཏུ་ནི། །རྟ་ཡིས་སྤྲུག་སིལ་བྱས་ནས་ཕན་པར་གྱུར། །དེ་ཕྱིར་བདག་ཀྱང་ངོ་མཚར་སྐྱེས་ནས་ནི། །དེ་ཡི་སྤོ་ཆོག་ཨ་རྙེད་བསམ་པ་ལ། །མ་རྙེད་དཔེ་རྒྱུད་ཀུན་ནས་བསྒྲིག་དགོས་བསམ། །དེ་ཡི་ངང་དུ་ལོ་མང་སོང་བའི་དུས། །མེད་པོ་གཅིག་གི་མི་རྒན་ཤི་ནས་འདུག །ཁྱོད་ཀྱིས་དགེ་བ་གྱིས་ལ་དུར་ས་གཅིག་ཏུ་ནི། །ཤི་འཕྲོ་ཆད་དང་སྤྲང་ཟས་རག་པ་ཞིག །འཕེན་རོགས་གྱིས་ཟེར་དགེ་བ་བྱས་ནས་ནི། །དུར་ས་ཡག་པོ་ཞིག་ལ་དུར་རོགས་བྱས་ནས་བཞག །དུར་རོགས་དེ་ཡི་གསོན་པོ་བླུན་རྨོངས་ཀྱིས། །ཕྲག་དོག་བྱས་ནས་དུར་སར་ཆགས་མ་བཅུག །དེ་ཕྱིར་དུར་དེ་སྤོ་དགོས་བྱུང་བ་ལ། །དེ་ལ་བརྟེན་ནས་འདི་ཉིད་བསྒྲིགས་པ་

p. 297

ཡིན། །ཁོ་བོས་ཉམས་སྣང་རྨི་ལམ་ལ་བསྟེན་ནས། །ཕྱི་རབས་སྔགས་གསར་ཡོན་བདག་རྐྱེན་ཆེ་འགས། །ཅི་བྱེད་མ་ཚོར་ཨེ་ཕན་སྙམ་འགའ་ལ། །སྤོ་ཆོག་རཱ་ག་ཨ་སྱ་བདག་གིས་བསྒྲིགས། །རང་བཟོ་བརྩམས་ཆོས་སོགས་ནི་མ་ཡིན་ཏེ། །ཚིག་དོན་འདི་ནི་རྒྱལ་བས་གསུངས་པ་བཞིན། །འདི་ནི་མཚུན་བཅོས་བཀྲ་རྒན་གཡང་ལེན་དང་། །མོའུ་འགལ་བུའི་མ་བླའི་ལོ་རྒྱུས་དང་། །བླ་གླུད་བཏང་ཐབས་དུར་འདྲེ་བཀར་ཐབས་དང་། །ཚེ་འདས་བླ་ཡིད་ཕ་མཚུན་བྲལ་སྐྱེལ་དང་། །བླ་གླུད་ཟས་བ།ཏད་སོགས་ཀྱི་དོན་བསྡུས་ཡིན། །རང་བཟོས་བརྩམས་ཆོས་མ་འདྲེས་རྒྱལ་བའི་གསུང་། །འདི་ཉིད་དགེ་བས་ཡོན་མཆོད་མང་པོ་ལ། །ཕན་ཐོགས་རྒྱ་ཆེན་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ། ཨེཀ་པཱིཙྪ་རཱ་ཛ་དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དུར་གྱི་སྤོ་ཆོག

p. 298
p. 299

ཀྱཻ། བཀྲ་ཤིས་དུར་གྱི་ས་གནས་འདིར། །མཐོ་ན་བུ་རྫི་མ་ཕོག་ཅིང་། །དམའ་ན་ཕྱུག་པོའི་ལྷས་ཁྱིམ་མ་མནན་པ། །བར་མ་བཙོག་ནལ་མ་ཕོག་ཅིང་། །ས་རྒོད་ཕུགས་ཀྱིས་མ་ཕོག་པ། །གནམ་འཁོར་ལོ་རྩིབས་བརྒྱད་གདུགས་ཀྱི་འོག །ས་པདྨ་འདབ་བརྒྱད་གདན་སྟེང་ན། །བར་བཀྲ་ཤིས་རྫས་བརྒྱད་བསྐོར་བའི་དབུས། །འོག་ས་བཀྲ་ཤིས་ནགས་མའི་རྫོང་། །ངོ་མཚར་རྨད་དུ་བྱུང་བའི་གནས། །བརྩིགས་པའི་མཁར་དང་སྡོད་ཉམས་དགའ། །ཟ་འོག་གུར་དང་ནེའུ་སིང་གདན། །ཙནྡན་མེ་དང་ཟ་འོག་ཆུ། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་འཛོམ་པ་དང་། །ཕ་མེས་དུར་ས་གནས་འདིར་བདེ། །ལྟོ་འགྲོས་ན་ཞིམ་དགུ་མངར་བཅུ་གསོལ། །ཞལ་སྐྱེམས་ན་ཇ་དང་ཆང་ལ་གསོལ། །ཕྱག་དལ་ན་ཤེལ་དཀར་ཕྲེང་བ་བསྒྲུང་། །སྤྱན་དལ་ན་བེའུ་ལུག་འཚོ་སྐྱོང་མཛོད། །ཐུགས་དལ་ན་བུ་སྲིང་ཚ་བོ་སྐྱོངས། །ཀྱཻ། དེ་རིང་རུས་ཆེན་ཁམས་ཀྱི་དུར་། །དཔའ་བ་ཡི་ནི་དཔུང་བསྐྱོར་མཛོད། །རུས་ཆེན་དྲུག་གི་དཔའ་དུར་དང་། །འཕེལ་དུར་དཔལ་དུར་བཀྲ་ཤིས་དུར། །གཡང་ཆོག་དུར་དང་སྐྱོང་ཕྱུག་དུར། །ཕུན་

p. 300

སུམ་ཚོགས་པའི་དུར་ལ་སོགས། །དེ་དག་དུར་ས་འདི་རུ་བྱོན། །ཡིག་ཚང་ཅན་གྱི་དུར་དེར་བྱོན། །མཛངས་པ་ཅན་གྱི་དུར་དེར་བྱོན། །དཔའ་རྩལ་ཅན་གྱི་དུར་དེར་བྱོན། །བཀྲ་དུར་མཚོན་དུར་མཚན་སྐྱེས་དུར། །མི་རྒྱུད་དལ་བའི་གཡང་ཆེན་དུར། །དེ་རིང་འདི་ཞེས་བྱ་བ་ཡི། །དཀར་རྩི་འདི་དང་མཐུན་པ་ཡི། །དཔལ་དང་དཔུང་དང་ཕྱུག་རོགས་མཛོད། །ལ་ལས་གཡང་གི་གཞི་མ་ཚུགས། །ལ་ལས་ཕྱུགས་ཀྱི་རུ་མ་མཛོད། །ལ་ལས་བཙན་གྱི་རྩེ་ས་ཟུང་། །ལ་ལས་ཡིག་ཚང་རྒྱལ་ཁ་ཟུང་། །ལ་ལས་བཟང་གི་བཟང་རོགས་མཛོད། །དཀར་དུར་ལེགས་པའི་སྡོང་གྲོགས་མཛོད། །དཀར་དུར་འབྱུང་བ་ཚུལ་ལ་འདེབས། །མི་མཐའ་ཆུ་བས་རིང་བར་ཤོག །དཀར་དུར་འབྱུང་བ་ཤིང་ལ་འདེབས་། །ལོ་འདབ་ཕྱོགས་བཅུར་རྒྱས་པར་ཤོག །དཀར་དུར་འབྱུང་བ་མེ་ལ་འདེབས། །མི་མཐའ་མེ་ལས་དྲོ་བར་ཤོག །དཀར་དུར་འབྱུང་བ་ས་ལ་འདེབས། །རི་རབ་བཞིན་དུ་བརྟན་པར་ཤོག །དཀར་དུར་འབྱུང་བ་ལྕགས་ལ་འདེབས། །མི་སྲོག་ལྕགས་བས་སྲ་བར་ཤོག །དཀར་དུར་ས་མིག་འདི་བཏབ་པས། །རུས་ཆེན་མི་རྒྱུད་འཕེལ་

p. 301

བར་ཤོག །རིན་ཆེན་སྣ་ལྔ་ཕུལ་བ་ཡིས། །དཀོར་ནོར་ལོངས་སྤྱོད་འཕེལ་བར་ཤོག །མདངས་ལྡན་མེ་ཏོག་ཕུལ་བ་ཡིས། །མི་བཀྲག་མདངས་དང་ལྡན་པར་ཤོག །ཁམས་ལྔའི་རྟེན་ལ་འབྲུ་སྣ་ལྔ། །ཕུལ་བས་ཁམས་ལྔའི་དགྲ་ཞི་ནས། །འབྲུ་སྣ་ལྔ་ཡི་བང་མཛོད་རྒྱས་པར་ཤོག །སྨན་སྣ་དར་སྣ་རིན་ཆེན་རྣམས། །བུམ་པར་བླག་ལ་གཏེར་དུ་སྦས། །མི་ཟད་གཏེར་ལ་སྤྱོད་པར་ཤོག །ཀྱཻ། ས་ཡི་མཐོང་ཁ་ཕྱེས་ཙམ་ན། །ས་ཡི་ལྷ་མོ་བརྟན་མ་ཡི། །སྐུ་སྟོད་ས་སྟེང་མངོན་པ་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །རིན་ཆེན་ཕྱེ་མ་ཕུལ་བ་ཡིས། །རིན་ཆེན་གཏེར་ལ་སྤྱོད་པར་ཤོག །བདུད་རྩིའི་ཆུ་རྒྱུན་ཕུལ་བ་ཡིས། །མི་མཐའ་ཆུ་བས་རིང་བར་ཤོག །ལྷ་ཤིང་བདུད་རྩི་ཕུལ་བ་ཡིས། །ལྗོན་ཤིང་བཞིན་དུ་རྒྱས་པར་ཤོག །དམར་པོའི་མེ་འདི་ཕུལ་བ་ཡིས། །མི་སྒབ་མེ་བས་དྲོ་བར་ཤོག །རིན་ཆེན་ས་འདི་ཕུལ་བ་ཡིས། །རི་རབ་བཞིན་དུ་བརྟན་པར་ཤོག །རིན་ཆེན་རྡོ་འདི་ཕུལ་བ་ཡིས། །རྡོ་རྗེའི་བྲག་བཞིན་བརྟན་པར་ཤོག །མར་དང་མར་ཁུ་ཕུལ་བ་ཡིས། །མི་ལུས་མར་བས་སྣུམ་པར་ཤོག །ཕྱེ་

p. 302

ཕུད་དུང་ཕྱེ་ཕུལ་བ་ཡིས། །ལྷ་ཞལ་དུང་ལྟར་དཀར་བར་ཤོག །ཅེས་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།

དུར་ས་སྤོ་ཐབས་བསྡུས་པ།

p. 303

དུར་ས་སྤོ་ཐབས་བསྡུས་པ་བཞུགས་པའི་དབུ་ཕྱོགས་དགེ།

p. 304

ན་མོ་མཉྫ་ཤྲཱི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དུར་ས་སྤོ་ཐབས་མདོར་བསྡུས་བརྗོད། །དཀར་གཏོར་འབྲུ་སྣ་རིན་ཆེན་དང་། །ཤེལ་ཚིགས་བཟའ་བཏུང་ཕུད་རྒོད་བཤམས། །གླུད་གཏོར་ཆངས་བུ་མཐེབ་སྐྱུ་དང་། །འབྲུ་སྣ་ཤེལ་ཚིགས་སྣོད་གཞན་བཤམས། །གཞན་ཡང་དུར་སྲི་བཅོས་པ་ཡི། །ས་ཆས་ཡོ་བྱད་ཚང་བར་བྱ། །དུར་སའི་སྟེང་དུ་ཆས་ཀུན་བཤམས། །རང་ཉིད་འཇམ་དཔལ་དབྱངས་སུ་བསྒོམ། །སྙིང་པོ་ལན་མང་བཟླས་ནས་སུ། །ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །གཏོར་མ་ལྷ་རྫས་བདུད་རྩིའི་མཚོ། །རིན་ཆེན་འབྲུ་སྨན་འདོད་ཡོན་ཚོགས། །ཤེལ་ཚིགས་རྐང་འགྲོས་ནོར་ཕྱུགས་སྤྱང་། །གསེར་སྐྱེམས་

p. 305

བཏུང་བའི་ཚོགས་དང་བཅས། །གླུད་གཏོར་ཡས་སྟགས་འདོད་ཡོན་ལྔ། །ཟག་མེད་བདུད་རྩིའི་རྒྱ་མཚོ་གྱུར། །ཨོཾ་ཨ་ཀཱ་རོ་སོགས། ལན་གསུམ། ཀྱཻ། བླ་མེད་དཀོན་མཆོག་གསུམ་པོ་དང་། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ། །དེ་རིང་ཉི་མ་ཐམས་ཅད་དགེ་རྒྱུ་སྐར་བཟང་ལ་དུས་ཚོད་ཤིས། །དགྲ་བཅོམ་ཟག་ཟད་སངས་རྒྱས་རྣམས། །སྒྱུ་འཕྲུལ་བྱིན་རླབས་ཆེ་བའི་མཐུས། །ལས་འདི་བསྒྲུབ་ལ་དགེ་བར་མཛོད། །ཀྱཻ། མིའུ་རིན་ཆེན་སྒྲེ་ཞེས་བྱ་བའི། །བླ་ཡིད་ཡིད་ཀྱི་གཟུགས་ཅན་ཁྱོད། །ས་འདིར་བླ་རྟེན་བཅས་པ་

p. 306

ལ། །འབྱུང་བའི་གཅོད་འདྲལ་བབ་པདང་། །ས་ལྕགས་མ་བུ་མ་འཕྲོད་པས། །གཤིན་བླ་ཁྱོད་ཉིད་མ་བདེ་ན། །གསོན་པོ་དག་ཀྱང་མི་ཤིས་པས། །ས་ཡི་གནས་སྤྱོད་བསྐྱོད་རེ་རན། །འབྱུང་བ་བཞི་ཡི་ལྷ་རྣམས་དང་། །ཁྱད་པར་ཡུལ་འདིར་གནས་པ་ཡི། །ལྷ་ཀླུ་གཞི་བདག་གཉན་པོ་དང་། །ས་དམིགས་འདི་གནས་གཞི་བདག་ལ། །གཏོར་མ་འབྲུ་སྣ་ཤེལ་ཚིགས་དང་། །གསེར་སྐྱེམས་འདོད་ཡོན་མཆོད་འབུལ་གྱིས། །ལས་འདི་བསྒྲུབ་ལ་ཕྲག་མ་དོག །འབྱུང་བའི་གཅོད་འདྲལ་ཞི་བ་དང་། །རུ་ང་གནོད་པ་མེད་པར་མཛོད། །ཨོཾ་སརྦ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། སྐབས་འདིར་དུར་སྲི་གཅོད་ཐབས་གཞན་ནས་འབྱུང་ལྟར་བྱ་ཞིང་། བསྡུས་ན་འདི་ལྟར་བྱ་ཞིང་། ཀྱཻ། ང་ནི་འཇམ་དཔལ་གཞོན་ནུའི་སྐུ། །ཉོན་ཅིག་འདིར་གནས་དུར་སྲིའི་ཚོགས། །གླུད་གཏོར་ཡས་སྟགས་འདོད་ཡོན་ལྔ། །འདི་ལོངས་གནོད་འཚེ་མ་བྱེད་ཅིག །མིའུ་རིན་ཆེན་ཞེས་བྱ་བའི། །བླ་རྟེན་གཞན་དུ་སྤོ་བ་ལ། །ཀོ་ལོང་རུ་ང་མ་མཛད་ལ། །ཕྲག་དོག་གདུག་རྩུབ་མ་བྱེད་ཅིག །བླ་རྟེན་རྗེས་སུ་མ་འབྲང་ལ། །

p. 307

གཤིན་བླ་དག་ལ་མ་འཁྲི་ཞིག་་།གཤིན་གྱི་བླ་ལ་མ་འཚེ་ལ། །གསོན་ལ་གནོད་པ་མ་བྱེད་ཅིག །འཕགས་པ་འཇམ་དཔལ་བཀའ་མ་བཅག །གལ་ཏེ་བཀའ་ལས་འདས་གྱུར་ན། །གཤིན་རྗེ་གཤེད་པོ་ཁྲོས་ནས་སུ། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །དེ་བས་བག་ཡོད་གནས་པར་གྱིས། །སརྦ་བྷུ་ཏ་བིགྷཱན་བྷ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གླུད་ཡས་ཕྱིར་དོར། ཀྱཻ། ད་ནི་བླ་རྟེན་གནས་ནས་བསྐྱོད། །བླ་ཡིད་དག་ཀྱང་སྤོ་རེ་རན། །རིགས་ཀྱི་བུ་ཁྱོད་ཚུར་གསོན་ཅིག །འབྱོན་ཞིང་བཞུགས་པའི་གནས་ས་ནི། །བླ་རི་བཀྲ་ཤིས་རི་ཡི་རྒྱལ། །གནམ་ལ་འཁོར་ལོ་རྩིབས་བརྒྱད་དང་། །ས་ལ་པདྨ་འདབ་མ་བརྒྱད། །ལོགས་ལ་བཀྲ་ཤིས་རྟགས་བརྒྱད་ཚང་། །བར་མཚམས་ལྗོན་ཤིང་མེ་ཏོག་བཀྲ། །བཀྲ་ཤིས་ཆུ་རྒྱུན་རྟེན་བྱེད་བྲག །དཔྱད་ལེགས་ཡོན་ཏན་ཀུན་ལྡན་པའི། །རྗེ་ཞེས་བྱའི་ས་རུ་གཤེགས། །གཤེགས་ནས་བླ་རྟེན་རུས་བུམ་དང་། །ལྷན་ཅིག་བརྟེན་ཆོས་གནས་པར་མཛོད། །གནས་འདིར་དངོས་གྲུབ་ས་གྲོགས་ཡིན། །འགྲོ་བ་སེམས་ཅན་ཀུན་གྱི་མ། །ཀུན་ཀྱང་ས་ལས་འབྱུང་བ་

p. 308

སྟེ། །གླིང་བཞི་རི་རབ་ས་ལ་བརྟེན། །རྩི་ཤིང་ལོ་ཏོག་ས་ལས་སྐྱེས། །རིན་པོ་ཆེ་ཡང་ས་ལས་འབྱུང་། །རླུང་ཡང་སར་འཚུབ་ཆུ་ཡང་སར། །གྲུབ་ཅིང་མེ་ཡང་ས་ལས་སྐྱེ། །ས་འདི་ཡོན་ཏན་ཀུན་གྱི་གཞི། །སྔོན་ཚེ་ཆོས་རྒྱལ་ཚོགས་རྣམས་ཀྱིས། །བེམ་པོ་ས་ལ་བརྩིགས་པ་དང་། །དེ་རིང་བདག་གིས་ས་ནང་ལ། །སྤྱན་འདྲེན་གཤེགས་ཤིང་བཞུགས་དུས་བབ། །བོད་རྣམས་རྣ་བ་སར་དབང་བའི། །དུར་འདེབས་རྒྱུ་སྦྱོར་སྦྱིན་བདག་གིས། །ཤུལ་དུ་ལུས་རྣམས་ཡོན་ཏན་ཀུན། །གསེར་ལྟར་བཟང་བ་ཉིད་གྱུར་ཅིག ཀྱཻ། མིའུ་བླ་ཡིད་ཚུར་ཉོན་ཅིག །ད་ནི་ཡུལ་དང་ས་དམིགས་འདིར། །ས་ལ་རྨི་ཞེས་བྱའི་སར། །སྐུ་བསྐྱོད་རྟེན་ལ་བརྟན་ཆོས་མཛོད། །ས་འདིའི་ཡུལ་ལྷ་གཉེན་པོ་རྣམས། །ཁྱོད་ཀྱི་ཕོ་ལྷ་སྐྱོབ་བྱེད་ཡིན། །ཡུལ་ལྷ་ཕོ་ལྷ་བདག་གིས་གསོལ། །ཚེ་འདས་བླ་ཡིད་ཁྱོད་ཀྱིས་ནི། །གསོན་པོ་རྣམས་ལ་མ་ལྡང་ཞིག །སྙིང་དང་འདྲ་བ་མ་ཁྲིད་ཅིག །ཤི་ཁ་ཆོད་ལ་རལ་ཁ་སྲུབས། །གསོན་པོ་ཉིད་ལ་མང་མ་ཟེར། །གཤིན་པོའི་བླ་ལ་ཉུང་མ་ཟེར། །གསོན་གཤིན་ལག་པ་མ་སྦྲེལ་ཅིག །ཤི་མིག་གསོན་ལ་མ་ལྟ་

p. 309

ཞིག །ན་སྒབ་ཤི་སྒབ་ཁྱོད་ཀྱིས་ཆོད། །དུར་ས་གཉན་པོ་ཐུབ་པར་སྲུངས། གསོན་པོའི་གྲལ་ལ་མ་སྙེགས་ཤིག །གཤིན་གྲལ་གཉན་པོ་ཐོབ་པར་གྱིས། །དུར་ཁྲོད་རི་ཡུལ་འདི་ཉིད་དུ། །གཤིན་པོ་ཁྱོད་ཀྱི་གནས་གྱིས་ལ། །བླ་རྟེན་རུས་བུམ་འདི་དག་ལ། །ལྷན་ཅིག་བརྟན་ཆོས་མ་གཡོས་པར། །གསོན་གཤིན་གཉན་ལ་མ་འགྲིམ་ཞིག །བདག་ཉིད་དཔྱད་མཁན་རྒྱལ་པོ་དང་། །ཡོན་བདག་ཕ་མཚུན་མི་ནོར་ལ། །མ་གནོད་མ་འཚེ་མ་ལྡང་ཞིག །འཕགས་པ་འཇམ་དཔལ་གཞོན་ནུ་དང་། །རྣལ་འབྱོར་བདག་གི་བཀའ་མ་བཅག །གལ་ཏེ་བཀའ་ལས་འདས་གྱུར་ན། །དམ་ཚིག་ཆད་པས་བརླག་པར་འགྱུར། །དེ་བས་རྒྱལ་བའི་བཀའ་ལ་ཉོན། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོར་ཆེན་པོའི་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །

p. 310

ལེགས་པར་སྨྲ་འདི་ཁྱོད་ཀྱིས་སྤྱོད། །བདེན་པའི་བདེན་ཚིག་འདི་བརྗོད་པ། །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་བགྲོད་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །ཁྱོད་ལ་སྡིག་པར་མ་གྱུར་ཅིག །ཅེས་བརྗོད་དཀར་གཏོར་ལ་སོགས་པ། །རྒྱབ་རིའི་ངོས་ནས་ཡར་ལ་ཕུལ། །སྣང་བརྒྱད་སྔགས་དང་འཇམ་དབྱངས་སྔགས། །འབྱུང་ལྔའི་སྔགས་དང་རྣམ་འཇོམས་སྔགས། །ཅི་མང་བརྗོད་ཅིང་ས་བསྡུ་བ་བྱ། །གང་སྤོའི་ས་རུ་ས་འབེབས་དང་། །རུས་མཁར་སྣང་བརྒྱད་ལ་སོགས་འདོན། །ཞེས་པ་དོན་གཉེར་འགའ་ཡི་ངོར། །སྔགས་འཆང་རཱ་ག་ཨ་སྱས་བྲིས། །དགེ་བས་ལས་ཅན་བཀྲ་ཤིས་ཤོག །དགེ་བར་གྱུར་ཅིག་སྐྱེ་དགུ་ལའོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྤར་ཁ་བརྒྱད་ཀྱི་དུར་ཁ་གཅོད་ཐབས།

p. 311

སྤར་ཁ་བརྒྱད་ཀྱི་དུར་ཁ་གཅོད་ཐབས་བཞུགས་སོ། །དཀར་དམར་གྱི་དུར་གདབ་གང་ལ་ཡང་དུར་ཁ་རྒྱས་འདེབས་ཀྱི་དུར་ཁ་གཅོད་པ་འདི་གལ་ཆེ། དེ་ཡང་བྱང་བུ་བརྒྱད་ལ་སྤར་ཁའི་ཕྱག་རྒྱ་བརྒྱད་བྲི་ཞིང་། སཱཙྪ་བརྒྱད། ཕྱོགས་བཞི་མཚམས་བརྒྱད་མ་ནོར་བར་བཙུགས་ཤིང་བཞག་ལ། ཀྱཻ། ཤར་ཕྱོགས་ཤིང་གི་མཁར་ནང་ནས། །བསྐལ་པ་དྲུག་ཁྲི་དྲུག་འབུམ་ལ། །ཤིང་གིས་དུར་ཁ་བཅད་པ་བཞིན། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །དུར་ཁ་ཕྱག་རྒྱ་འདི་ཡིས་ཆོད། །གཤེད་ཁ་ཕྱག་རྒྱ་འདི་ཡིས་ཆོད། །དུར་ཁ་གཤེད་ཁ་ངན་པ་བསྒྱུར། །ཕྱིན་ཆད་གཤེད་སྲི་མ་ལྡང་ཞིག །ཀྱཻ། ལྷོ་ཕྱོགས་མེ་ཡི་མཁར་ནང་ནས། །བསྐལ་པ་དྲུག་ཁྲི་དྲུག་འབུམ་ལ། །མེ་ཡིས་དུར་ཁ་བཅད་པ་བཞིན། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །དུར་ཁ་ཕྱག་རྒྱ་འདི་ཡིས་ཆོད། །གཤེད་ཁ་ཕྱག་རྒྱ་འདི་ཡིས་ཆོད། །དུར་ཁ་གཤེད་ཁ་ངན་པ་བསྒྱུར། །ཕྱིན་ཆད་གཤེད་སྲི་མ་ལྡང་ཞིག །ཀྱི། ནུབ་ཕྱོགས་ལྕགས་ཀྱི་མཁར་ནང་ནས། །བསྐལ་པ་དྲུག་ཁྲི་དྲུག་འབུམ་ལ། །ལྕགས་ཀྱིས་དུར་ཁ་བཅད་པ་བཞིན། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །དུར་ཁ་ཕྱག་རྒྱ་འདི་ཡིས་ཆོད། །གཤེད་ཁ་

p. 312

ཕྱག་རྒྱ་འདི་ཡིས་ཆོད། །དུར་ཁ་གཤེད་ཁ་ངན་པ་བསྒྱུར། །ཕྱིན་ཆད་གཤེད་སྲི་མ་ལྡང་ཞིག །ཀྱཻ། བྱང་ཕྱོགས་ཆུ་ཡི་མཁར་ནང་ནས། །བསྐལ་པ་དྲུག་ཁྲི་དྲུག་འབུམ་ལ། །ཆུ་ཡིས་དུར་ཁ་བཅད་པ་བཞིན། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །དུར་ཁ་ཕྱག་རྒྱ་འདི་ཡིས་ཆོད། །གཤེད་ཁ་ཕྱག་རྒྱ་འདི་ཡིས་ཆོད། །དུར་ཁ་གཤེད་ཁ་ངན་པ་བསྒྱུར། །ཕྱིན་ཆད་གཤེད་སྲི་མ་ལྡང་ཞིག །ཀྱཻ། དབུས་ཕྱོགས་ས་ཡི་མཁར་ནང་ནས། །བསྐལ་པ་དྲུག་ཁྲི་དྲུག་འབུམ་ལ། །ས་ཡིས་དུར་ཁ་བཅད་པ་བཞིན། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །དུར་ཁ་ཕྱག་རྒྱ་འདི་ཡིས་ཆོད། །གཤེད་ཁ་ཕྱག་རྒྱ་འདི་ཡིས་ཆོད། །དུར་སྲི་གཤེད་སྲི་ངན་པ་རྒྱུན་ཆོད་ཅིག །ཕྱིན་ཆད་དུར་སྲི་གཤེད་སྲི་མ་བ་ལྡང་ཞིག །ཅེས་པ་འདི་ཡང་ཚར་དགུའམ་བཅུ་གསུམ་འདོན་དགོས་པར་བཤད་དོ། །ཀོང་ཙེའི་ལུགས་ནས་ཨ་རྭགས་བྲིས་པའོ། །དགེའོ།། ཤིང་བྱང་བརྒྱད་པོ་འདི་ཡིས་འགྲེས་སོ།། ཟིན། ཤར། ཟོན། ཤར་ལྷོ། ཁོན། ལྷོ་ནུབ། དྭ། ནུབ། ཁེན། ནུབ་བྱང་། བྱང་། གིན། བྱང་ཤར།

དུར་སྲི་ཚར་གཅོད།

p. 313

འདིར་དུར་ཁ་ཕབ་པ། དུར་ས་གཅོད་པ། དུར་སྤོ་བ། དཀར་རྩི་བསྡུ་བ་རྣམས་ལ་མཁོ་བའི་དུར་སྲི་ཚར་གཅོད་ཡོད། ༈ ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ད་ནི་དུར་སྤོ་དང་དཀར་རྩི་བསྡུ་བ་སོགས་ལ་སྤར་ཁ་གང་ཡིན་ཕྱག་རྒྱ་དང་། ནོར་སྐལ་གང་ཡིན་གྱི་གཟུགས། སྤར་ཁའི་གཟུགས་སྤྱོན་ནམ་མཁའ་དང་ཕོ་ཐང་ཕག་ཐོད་དང་སྦལ་ནག་ངར་མི་ཆངས་བུ་ཕྱེ་མར་ཡོས་བཀྲ་དཀར་གཏོར་གསུར་དུད་བཏང་ལ་འདི་སྐད་དོ། །ཀྱཻ། ཕ་ནི་དུར་སྲི་ནག་པོ་ཡིན། །མ་ནི་དུར་སྲི་མགོ་དགུ་ཡིན། །ཕ་མ་དེ་གཉིས་བཤོས་པ་ལས། །བུ་ནི་དུར་སྲི་སྤུན་དགུ་བྱུང་། །ཆེ་བ་དུར་སྲི་ལག་པ་ཅན། །ལག་པས་ཡར་ལ་མ་བསྙབ་ཅིག །དུར་སྲི་ཡར་ལ་མ་བཀྱག་ཅིག །དེ་འོག་མི་ལུས་ཁྱི་མགོ་ཅན། །དུར་ཁྱི་ཡར་ལ་མ་ཟུག་ཅིག །དེ་འོག་མི་ལུས་ཕག་མགོ་ཅན། །མི་གྲངས་ཡར་ལ་མ་རྒྱུག་ཅིག །དེ་འོག་མི་ལུས་རྟ་མགོ་ཅན། །དུར་སྲི་རྟའི་དོ་མ་ཆས་ཤིག །དེ་འོག་མི་ལུས་གླང་མགོ་ཅན། །དུར་གླང་དེ་ནི་མཆིས་མཐུན་གྱིས། །གདུག་པ་ཡར་ལ་མ་སྟོན་ཅིག །དེ་འོག་དུར་སྲི་སྦལ་མགོ་ཅན། །དུར་སྦལ་ཡར་ལ་མ་འཁུན་ཅིག །ཆུང་བ་མི་ལུས་སྦྲུལ་མགོ་ཅན། །གདུག་པའི་དུག་ལྕེ་མ་

p. 314

བརྐྱང་ཞིག །དེ་ལྟར་དུར་སྲི་སྤུན་དགུ་ཡི། །དུར་ཁ་ཡར་ལ་མ་ལང་ཞིག །ཏིང་ཏིང་དེ་ནས་ཆོས་སྤང་གྱིས། །དུར་སྐས་ཡར་ལ་མ་བཙུགས་ཅིག །ས་རིམ་པ་དགུ་ཡི་འོག་རོལ་ན། །ཤེལ་ཚིགས་ནག་པོས་མར་ལ་བསྐལ། །ས་ཡི་སྦལ་པ་བརྒྱད་རྣམས་ཀྱིས། །དུར་སྒོ་ཡར་ལ་མ་ཕྱེ་ཞིག །གཏིང་གཟི་དེ་ནི་ཆེན་པོ་ཡིས། །དུར་གྱི་ཆོ་འཕྲུལ་མ་བཏང་ཞིག །མཐུ་ཆེན་བདག་གིས་མཐུས་པར་ནོན། །དུར་གྱི་རོ་ཟན་དཔོན་ལ་མ་འཇབ་ཅིག །དུར་འདྲེ་ནག་པོ་རྒྱུན་ཆོད་ཅིག །དེ་ལྟར་དུར་འདྲེ་སྤུན་དགུ་ལ། །ཡས་སྟགས་སྣ་ཚོགས་འདི་འབུལ་བས། །དུར་སྒོ་ངན་པ་མར་ཆོད་ཅིག །འཚེར་རྩུབ་ངན་པ་མར་ལ་བསྒྱུར། །དུར་སྲི་ནག་པོའི་ཁ་ཆོད་དོ། །དུར་སྲི་སྤུན་དགུ་དེ་དག་གིས། །མགོ་བོ་ཡར་ལ་མ་བརྐྱང་ཞིག །དུར་སྒོ་ཡར་ལ་མ་ཕྱེ་ཞིག །དུར་སས་ཡར་ལ་མ་བཙུགས་ཤིག །དུར་སྲི་ཡན་ལག་མ་བརྐྱང་ཞིག །དེ་ལྟར་དུར་སྲི་སྤུན་དགུ་ལ། །དུར་ཕག་དེ་ནི་ནག་པོ་དང་། །གླུད་ཀྱི་ངར་མི་ཆངས་བུ་དང་། །ཐོད་རུས་རྣམ་པ་སྣ་ཚོགས་དང། །སྦལ་ནག་འདི་ཡིས་དུར་ཁ་ཆོད། །འཚེར་རྩུབ་ཐམས་ཅད་མར་ལ་བསྒྱུར། །

p. 315

སྐག་རྣམས་ཐམས་ཅད་མར་ལ་བསྒྱུར། །ཤི་བདུད་ཐམས་ཅད་མར་ལ་བསྒྱུར། །ཤི་ཁ་ཐམས་ཅད་བསྒྱུར་དུ་གསོལ། །གཤེད་མི་ཐམས་ཅད་བསྒྱུར་དུ་གསོལ། །ས་ཡི་དུར་སྒོ་མར་ལ་ཆོད། །ས་སྒོ་དེ་ནི་མ་ཕྱེ་ཞིག །ཤི་སྒོ་ངན་པ་ཐམས་ཅད་བསྒྱུར་དུ་གསོལ། །ཅེས་བརྗོད་དུར་ཁ་ཕབ་པ་རྫོགས་པ་ཡིན། དུར་ཁ་གཅོད་དང་མི་ཤི་དུར་ས་སྤོ་བ་ལྷདཀར་རྩི་བསྡུ་བ་རྣམས་ལ་འདི་མེད་ཐབས་མེད། །འདི་མེད་དཀར་རྩི་བསྡུ་དང་དུར་ས་སྤོ། །རང་གང་བསྡུ་སྤོ་བྱས་ན་དུར་ཁ་ལངས། །དུར་སྲི་ལངས་ན་ཕན་ལས་གནོད་པ་ཆེ། །དེ་ཕྱིར་བསྡུ་དང་སྤོ་བ་གང་བྱེད་ན། །འདི་ལ་ནན་ཏན་བྱེད་པ་གལ་ཆེའོ། །ནམ་མཁའ་ཕོ་ཐང་སྔས་ཀྱི་མགོ་ལ་བཙུགས། །ངར་མི་ཕག་ཐོད་རུས་སྦལ་ཞབས་ལ་གནོན། །དཀར་གཏོར་དུར་གྱི་གཡས་སུ་ཕུལ་ལ་ཞོག །ཕྱེ་མར་དུར་གྱི་ཐོག་ཏུ་ཕུལ་བ་ཡིན། །ཡོས་བཀྲ་གཡོས་གཡོན་མདུན་རྒྱབ་གར་ཡང་འཐོར། །དེ་ལྟར་ལྷག་ཆད་མེད་པར་བྲིས་པ་འདིས། །ཕྱི་རབས་ཡོན་མཆོད་འགའ་ལ་ཕན་ཐོགས་ཤོག །དེ་ཕྱིར་རཱ་ག་ཨ་སྱས་ཐུན་མཚམས་བྲིས། །འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ། མ་དག་པ་འདྲ་ཡང་མ་དཔེ་གཅིག་ལས་མ་རྙེད་པས་རྗེས་ནས་ཞུ་དག་ལེགས་པོར་གནང་བར་ཐུགས་རྗེ་ཆེ།

དུར་ཁ་བཅད་པ།

p. 316
p. 317

དེ་ནས་དུར་ཁ་གཅོད་ན་དུད་འགྲོ་དགོས། ལི་རྟ། ཁོན་ལུག །དྭ་ར། ཁེན་ཁྱི། ཁཾ་ཕག །གིན་གླང་། ཟིན་དྲེལ། ཟོན་མཛོ། ཐོད་པ་ལ་དགྲ་གཤེད་སྤར་ཁའི་ཕྱག་རྒྱ་བྲི། སྔགས་བཅས་བཏགས་ལ་ཕོ་ལ་གཡས་བསྐོར། མོ་ལ་གཡོན་བསྐོར་གསུམ་བྱས་ཏེ། དུར་ཐོག་ལོགས་དམན་ཕྱོགས་ལ་བསྟན། ཧཱུྃ། བཅོམ་ལྡན་འཕགས་པ་འཇམ་དཔལ་གྱི། །ཐུགས་རྗེས་སྒྱུ་འཕྲུལ་རོལ་པ་ལས། །ཐབས་ཀྱི་རྟེན་འབྲེལ་རྩིས་ཀྱིས་བཅོས། །སྤུར་ཁའི་ནོར་ལ་མཚན་ཉིད་ཚང་། །ཕྱག་རྒྱ་སྔགས་དང་རྫས་ཀྱིས་བརྒྱན། །གཤིན་པོ་ཁྱོད་ཀྱི་དུར་ཁ་བཅད། །གཤེད་འདི་མ་འབེབས་སྒོ་ནོར་འདི་བརྫང་། །དུར་ཁ་བཅད་པའི་བླ་ནོར་འདིས། །གཤེད་ཀྱི་དུར་ཚང་འགྲོ་བ་ཡི། །དུར་སྒོ་བྱེ་བ་བཅོ་བརྒྱད་ཡོད། །དུར་མལ་འདི་རུ་དུར་ཁ་བཅད། །ན་ཤི་དུར་གསུམ་འདི་ཡིས་ཆོད། །གནས་ཀྱི་འདྲེ་དང་ལུས་ཀྱི་གདོན། །སྔ་མའི་རྐྱེན་དང་ཕྱི་མའི་བགེགས། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །ཐམས་ཅད་འདི་ཡིས་ཆོད་པ་ཡིན། །སྦྱིན་བདག་བསམ་པ་འགྲུབ་པ་ཡིན། །འདི་ནི་རྫུ་འཕྲུལ་རྩིས་ཀྱི་ལུགས། །བྱང་ཆུབ་སེམས་དཔའ་སྣ་ཚོགས་ཐབས། །རྒྱུ་རྐྱེན་ཀུན་བྲལ་དོན་དམ་ཆོས། །སྐྱེ་མེད་ཆོས་ཉིད་

p. 318

རྟོགས་པའི་ཆེད། །མ་བཅོས་སྤྲོས་མེད་དོན་ལ་ལྟོས། །ཨོཾ་ཨ་ར་པ་ཙ་ན་དྷཱི། །མངྒ་ལཾ།།

གཤིན་རྩིས་རོ་རེག་ཤོག་བཀྲའི་དོན་བསྡུས།

p. 319

གཤིན་རྩིས་རོ་རེག་ཤོག་བཀྲའི་དོན་བསྡུས་བཞུགས་སོ། །ན་མོ་ཨརྱ་མཉྫ་ཤྲཱི་ཡེ། འབྱུང་བ་ལྔ་དང་བརྒྱད་ཀྱི་དུར། །རོ་རེག་དཀར་ནག་ཤོག་བཀྲ་ཡི། །དོན་བསྡུས་གོ་བདེར་འདིར་བརྗོད་ན། །ཆུང་དུར་ཆུ་ལ་འདེབས་པ་དང་། །རླུང་དུར་བར་སྣང་ཁྲི་བརྩིགས་ནས། །དར་ཟབ་བཀབ་སྟེ་བཞག་པ་དང་། །དེ་ཚོ་རྒྱ་ལ་དར་མོད་ཀྱི། །བོད་དུ་མ་དར་བཤད་མི་དགོས། །མེ་དུར་ཞེས་པ་བསྲེག་པ་སྟེ། །སྤར་ཁ་ལི་དང་དྭར་ཤི་བ། །ཁྱད་པར་བྱ་སྤྲེལ་རྟ་སྦྲུལ་ལོ། །དྭ་ལིར་ཤི་བ་བསྲེག་མི་རུང་། །མེའི་རྟ་སྦྲུལ་ལྕགས་ཀྱི་བྱ་སྤྲེལ་བཞི། །དྭ་ལི་ཤི་ན་ཤིན་ཏུ་ཐུ། །མཛེ་རིགས་ལྷོག་པ་འགོས་ནད་རིགས། །ཤི་བ་རྣམས་ནི་བསྲེག་མི་རུང་། །སྨེ་བ་དཀར་གསུམ་དམར་གཉིས་ཏེ། །ཤི་བ་མ་བསྲེགས་ན་ནི་ལེགས། །རྨེ་ཡུགས་རོ་ཡང་མ་བསྲེགས་ན་ནི་ལེགས། །གསོན་པོ་དྭ་ལིའི་ཐོག་འདུག་ཅིང་། །དེ་ཉིད་བྱོལ་བས་ཆོག་པ་ཡིན། །གིན་གི་ཐོག་ཏུ་ཤི་བ་ན། །ཁྱད་པར་མཚམས་བཞི་ལ་སོགས་ནི། །གིན་ཤི་རི་ཡི་མགུལ་མི་སྐྱལ། །ཁོན་གྱི་ཐོག་ཏུ་ཤི་བ་དང་། །ཁྱད་པར་མཚམས་བཞི་ལོ་པ་ནི། །ཁོན་ལ་ཤི་བ་དོང་མི་བཅུག །ཟིན་དང་ཟོན་ལ་ཤི་བ་

p. 320

དང་། སྟག་ཡོས་བྱ་སྤྲེལ་ཟིན་ཤི་བ། །སྒྲོལ་བུའི་ནང་དུ་བཅུག་མི་རུང་། །ལྷོག་རོ་རྨེ་རོ་རྨུགས་རོ་དང་། །མནའ་ཟོས་བྱད་ཁས་ཤི་བའི་རོ། །ཁྱིམ་དུ་བཞག་པར་མི་རུང་ངོ་། །ས་འབྲུག་ཟོན་ལ་ཤི་བ་སོགས། །རླུང་དུར་མི་རུང་གསུངས་པའི་ཕྱིར། །བྱ་ལ་བྱིན་ཀྱང་རུང་བ་རྣམས། །རྡོ་བརྩེགས་བྱེད་པ་གལ་ཆེའོ། །ལོང་བ་ལྐུགས་པ་ཞྭ་བོ་དང་། །རྐང་ལག་ཆག་བརྒྱང་རིང་བསྲིང་བྱ། །མིག་བྲུས་ལོང་བ་དེ་བས་བསྲིང་། །རྨེ་རོ་མུག་རོ་མཚེ་མའི་རོ། །དུར་གྲལ་མི་ཚུད་ཁོལ་དུར་བཞག །ལྕེབས་ནས་ཤི་དང་རྨང་་གྲིས་ཤི། །དུག་དང་ལོ་མང་གཅོང་ནད་ཤི། །ཆུ་ཡིས་བཅད་པའི་ཕར་ཁར་བསྐྱལ། །མཚོན་གྲི་རྟ་གྲི་རྦབ་གྲི་དང་། །གཏིབ་གྲིར་ཤི་དང་བཙན་ཐབས་ཀྱིས། །ཤི་ན་གཉའ་གནོན་བཟང་བ་གཅེས་། །ཤི་ལུགས་འཇམ་དང་ན་སོ་རྒན། །རིམ་བཞིན་དུར་ས་མཐོ་སར་བྱ། །བཀྲ་རྒན་གཡང་ཅན་མི་ཚེར་སྐྱིད། །གནད་གཅོད་འཇམ་པོས་ཤི་བ་ན། །རོ་ཡང་ཡུན་རིང་མི་ཕུད་ཅིང་། །དཀར་རྩི་མཛོད་ཕུག་བཞག་ནས་ཀྱང་། །གཡང་སྐྱབས་མཚུན་བཅོས་བྱ་བ་ཡིན། །སྤར་ཁ་རང་ཐོག་ཤི་བ་དང་། །བདུན་ཟུར་ཐོག་ཏུ་ཤི་བ་ནི། །འགྲམས་དང་

p. 321

འཁྲུག་མིན་མཚུན་བཅོས་བྱ། ༈ །ད་ནི་རོ་ཡི་དྲངས་ཕྱོགས་ནི། །སྤར་ཁ་གང་ཐོག་ཤི་བ་ཡི། །སྤར་ཁ་དེ་ཡི་དགྲ་ཐོག་གི །ཕྱོགས་སུ་ཁྱེར་ན་ན་ཚ་འོང་། །སྤར་ཁ་དེ་ཡི་མ་ཐོག་གི་།ཕྱོགས་སུ་ཁྱེར་ལ་འཇམ་པར་བཤད། །གནམ་ལོ་སྐྱེས་སྨེ་འཕུར་བྱས་ལ། །སྨེ་བ་དགུ་པོ་གར་བབས་ལ། །གཅིག་དཀར་ཐོག་ཏུ་བྱིས་སྦའི་རོ། །གཉིས་ཟླནག་ཐོག་ཏུ་སྔགས་པའི་རོ། །གསུམ་མཐིང་ཐོག་ཏུ་རབས་ཆད་རོ། །བཞི་ལྗང་ཐོག་ཏུ་མཛེ་རོ་དང་། །ལྔ་སེར་སྟེང་དུ་བན་དེའི་རོ། །དྲུག་དཀར་སྟེང་དུ་རྒྱལ་པོའི་རོ། །བདུན་དམར་སྟེང་དུ་གྲི་ཡི་རོ། །བརྒྱད་དཀར་སྟེང་དུ་རྨེ་བཙོག་རོ། །དགུ་དམར་སྟེང་དུ་གཡང་ཅན་རོ། །ཁྱེར་ན་ས་བདག་འཁྲུགས་པས་ངན། །གལ་ཏེ་མི་ཁྱེར་ཁ་མེད་ན། །ས་བདག་འཁྲུགས་བཅོས་རྒྱས་པར་བྱ། །ལོ་ཟླ་ཞག་དུས་ཕྱོགས་གཙང་ས། །ཁྱད་པར་ཐེ་སེ་ཧལ་ཁྱི་འཛེམ། །གཟའ་དང་པི་ལིང་རྒྱུ་བའི་གདོང་། །ས་གཉན་ཤིང་གཉན་བྲག་གཉན་དང་། །རི་རྒྱལ་གཉན་པས་གསས་མཁར་དང་། །གཏད་ནས་མི་ཁྱེར་ཅུང་ཟད་གཟུར། །ཡོན་བདག་ལོ་ཁ་མང་དྲགས་པས། །ལོ་སྙིང་སྟེང་དུ་ཁྱེར་དགོས་ན། །ཕྱོགས་ཀྱི་ལོ་རྒན་

p. 322

དྲུག་ཅུ་རྩིས། །དཔེར་ན་ཤར་ཕྱོགས་སྟག་ཡིན་པས། །ས་མལ་ཁང་པར་ཐིག་གདབ་སྟེ། །དེ་ལ་དུམ་བུ་ལྔ་བགོས་ལ། །བྱང་ཤར་མཚམས་ནས་མགོ་བཟུང་སྟེ། །ཤིང་སྟག་མེ་སྟག་ས་སྟག་དང་། །ལྕགས་སྟག་ཆུ་སྟག་ལྔ་ཡིན་པས། །ཡོན་བདག་སྟག་ནས་གང་ཡིན་པས། །སྟེང་དུ་མི་ཁྱེར་ཅུང་ཞིག་གཟུར། །དེ་མིན་ལོ་སྐོར་གཞན་ལའང་འགྲེས། །འདི་ནི་མཁས་པའི་ཁྱད་ཆོས་ཡིན། །ལོ་ཟླ་ཞག་དུས་ཀུན་བརྩིས་པས། །ཐམས་ཅད་ཚང་བའི་ཕྱོགས་མ་རྙེད། །ལོ་ཟླ་ཐེ་སེ་ཧལ་ཁྱི་དང་། །ཉི་ནག་ཆེ་ཆུང་ཟིན་ཕུང་སོགས། །ཆེ་རིམ་རྣམས་ནི་རྩིས་བྱས་ཤིང་། །ཆུང་ཞིབ་རྣམས་ནི་བཅས་པས་ཐུབ། །སྣང་བརྒྱད་ཧོ་ཡི་ཕྱག་རྒྱ་དང་། །མདོས་སམ་འཁྲུགས་བཅོས་ཉུང་ངུར་འདོན། །མདའ་དར་ཐུབ་པའི་སྐུ་དང་ནི། །རྨ་བྱའི་མདངས་དང་མེ་ལོང་དང་། །དཀར་གཏོར་རོ་ཡི་སྣ་ལ་ཁྱེར། །ས་བདག་གང་ཡིན་རང་རང་གཟུགས། །བཅའ་འམ་བྲིས་པས་སྒྲིབ་པར་བཤད། །རོ་ཁུར་ཞེས་བྱ་སྤང་མི་རྣམས། །ལོ་སྙིང་གཅིག་དང་སྤར་ཁ་གཅིག །དེ་ཡིས་ཁུར་ན་ཤིན་ཏུ་ངན། །སྨེ་བ་དཀར་གསུམ་ཡིན་པ་ཡི། །བདུན་དམར་སྟེང་ཤི་རོ་མི་ཁུར། །ཞིབ་པར་རྩིས་ན་རོ་ཁུར་

p. 323

ཉིད། །རྩིས་བྱས་གཤིན་པོ་དེ་ཉིད་དང་། །སྲོག་ལུས་དབང་ཐང་རླུང་རྟ་འཐབ། །ཚུར་ལ་བཅད་ན་མི་རུང་སྟེ། །ཕར་ལ་ཆོད་ན་བཟང་བ་ཡིན། །མི་རུང་བཞིན་དུ་ཁུར་དགོས་ན། །གཤིན་པོའི་རྟ་སྦྲུལ་ལོ་ཡིན་ན། །དང་པོ་ཆུ་ལྕག་བྲབ་པར་བྱ། །གཤིན་པོ་མཚམས་བཞི་ལོ་ཡིན་ན། །ཚེར་མ་ཅན་གྱི་ཤིང་གིས་བྲབ། །གཤིན་པོ་བྱ་སྤྲེལ་ལོ་ཡིན་ན། །དང་པོ་མེ་ལྕག་བྲབ་པར་བྱ། །གཤིན་པོ་བྱི་ཕག་ལོ་ཡིན་ན། །དང་པོ་ས་ནི་སྤར་གང་བཏབ། །གཤིན་པོ་སྟག་ཡོས་ལོ་ཡིན་ན། །ལྕགས་སྣ་སྟེ་རེ་སོགས་ཀྱིས་བྲབ། །དེ་ནས་རེག་པའི་ཉེས་སྐྱོན་སེལ། །སྤར་ཁ་མཐུན་ཡང་ཁུར་དགོས་ན། །ཁྱི་རའི་རིལ་མ་རིལ་ལུད་སོགས། །སེམས་ཅན་གང་རུང་ཞིག་པང་ལ། །དེ་ཡིས་རོ་ལ་རྒྱབ་ནས་བསྐུལ། །དེ་ནས་རག་པས་ཐུབ་པ་ཡིན། །དགུ་གཅིག་དགུ་གཉིས་དགུ་གསུམ་ནས། །བརྒྱད་ཅུ་རྩ་གཅིག་བར་དག་གི །དགུ་མཚམས་ཤི་ན་རོ་མང་འབྱུང་། །རོ་དེ་ཁ་གདངས་སོ་གཙིགས་ཤིང་། །མིག་བལྟས་ལག་པ་གཉིས་པོ་བསྣོལ། །ལག་གཡོན་ཟེད་ཅིང་ལག་གཡས་ཀྱིས། །མཛུབ་མོ་གུག་གུག་བྱས་ནས་ཀྱང་། །མགོ་བོ་བྱང་ཤར་མཚམས་བསྟན་ན། །རྗེས་

p. 324

སུ་རོ་གཅིག་ངེས་པར་འོང་། །འགྲམས་དང་འཁྱག་དང་དགུ་མིག་དང་། །ཤི་སྐར་སྨིན་དྲུག་ལ་སོགས་ངན། །དེ་ལྟར་རོ་ཡི་པྲ་བརྟགས་ངན། །རིམ་གྲོ་རྒྱ་ཆེན་ལུང་བརྒྱབ་ཅིང་། །འདུལ་གཟབ་བཅའ་ཏི་ནག་པོས་མནན། །ཕྱོགས་དང་སྐར་མ་ལ་སོགས་པ། །སྐྱོན་མེད་གཙང་མ་མ་རྙེད་ཅིང་། །རྩིས་བྱས་མང་ན་འགྲིག་མ་ཐུབ། །ཐེ་ཚོམ་སྐྱེད་ཅིང་ཕུད་དགོས་ན། །རྒྱས་པར་འཛོམ་ན་སྤོམ་གཏའ་བཅིངས། །མ་འཛོམ་རྒྱ་ནག་གཏོ་མཛོད་ལུགས། །མི་རུང་བ་རྣམས་རུང་བའི་གཏོ། །ཤར་ཕྱོགས་སྟག་ཡོས་གཉིས་ཀྱི་སྟེང་། །གྲི་གཉིས་བསྣོལ་ལ་སོ་འདྲེན་བཞག །ལྷོ་ཕྱོགས་རྟ་སྦྲུལ་གཉིས་ཀྱི་སྟེང་། །ཆུ་ཕོར་དགུ་རེ་བསྒྲིག་པར་བྱ། །ནུབ་ཕྱོགས་བྱ་སྤྲེལ་གཉིས་ཀྱི་སྟེང་། །མེ་ཁྲོལ་ཚུམ་བུ་དགུ་རེ་བསྒྲིགས། །བྱང་ཕྱོགས་བྱི་ཕག་གཉིས་ཀྱི་སྟེང་། །ས་ཕུང་ཆུང་ངུ་དགུ་རེ་སྤུངས། །མཚམས་བཞི་ཁྱི་འབྲུག་གླང་ལུག་སྟེ། །ཚེར་ལྕག་ཤིང་ནི་གང་རུང་བ། །རྩེ་མོ་མ་ཉམས་ཆག་རེ་བཅིངས། །སྣང་བརྒྱད་སྔགས་ནི་ཚར་བརྒྱ་དང་། །རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད། །ཕྱོགས་བཞིར་ཐོ་བཞི་བྱས་པའི་རྩར། །ཤར་དུ་སྟག་དང་ལྷོ་རུ་འབྲུག །ནུབ་ཏུ་བྱ་དང་བྱང་དུ་རུ་

p. 325

སྦལ་དང་། །སྲུང་བཞིའི་གཟུགས་ནི་ཟན་བཅས་བཞག །འདི་ནི་ཐུབ་ཆོད་ཀུན་དྲིལ་གཏོ། །མི་རུང་བ་ཀུན་ཐུབ་པར་བཤད། །བྱིས་སྦ་ཤི་བའི་ཆུང་སྲི་དང་། །གཞོན་ནུ་ཤི་བའི་གཞོན་སྲི་དང་། །ཤི་ལུགས་བཙན་ཐུག་གྲི་ཤི་རིགས། །དར་མ་ཤི་བའི་དར་སྲི་རྣམས། །གཤེད་ཕྲལ་མགོ་བརྡུང་ཤིན་ཏུ་ཟབ། །རྒས་ནས་འཇམ་པོར་ཤི་བ་ལ། །ཟ་འདྲེ་ཁ་ཕྲལ་གཤེད་གཏོ་ཙམ། །རྒྱས་ཀྱི་མགོ་བརྡུང་མི་བྱ་སྟེ། །རྒས་སྲི་བརྡུང་བས་གཞོན་ལ་འབབ། །སྐྱེས་ནས་མི་འཆི་མི་སྲིད་པའི། །རྒན་སྲི་ཞུགས་ན་ལེགས་པ་ཡིན། །འདི་དོན་ཤིན་ཏུ་གལ་ཆེ་ཡང་། །ཀུན་གྱིས་ཤེས་པ་མི་འདུག་གོ །དེ་ལྟར་རོ་རེག་བྱེད་པ་དང་། །རོ་འདྲེན་པ་ཡི་ཕྱོགས་དང་དུས། །སྔོན་གྱི་སྔགས་རྒན་མཁན་རྣམས་ཀྱི།ཕྱག་ལེན་མཐོང་བ་བརྒྱུད་པ་དང་། །རོ་རེག་ཤོག་བཀྲ་རྒྱས་བསྡུས་ཀྱི། །དོན་བསྡུས་རཱ་ག་ཨ་སྱ་ཡིས། །ངག་ནས་ཇི་ལྟར་སྨྲས་པ་ལྟར། །དགེ་སློང་པདྨ་ཐབས་མཁས་ཀྱིས་།ཤིན་ཏུ་མགྱོགས་པར་བྲིས་པ་འདི། །ཕྱི་རབས་རྐང་གཉིས་མི་རྣམས་ལ། །ཕན་ཐོགས་རྒྱ་ཆེར་འབྱུང་བར་ཤོག །

སྤར་ཁ་དགུ་མིག་བཅོས།

p. 326
p. 327

སྤར་ཁ་དགུ་མིག་བཅོས་དང་། བརྒྱད་ཅུ་གྱ་གཅིག་དང་ཅི་བྱེད་ཀྱང་ཆོག་པའི་བཅོས་ཐབས་ཡིད་བཞིན་བསམ་འཕེལ་དགོས་འདོད་ཀུན་འབྱུང་བཞུགས་སོ། །སྤར་ཁའི་དགུ་མིག་གཏོ་བཅོས་ལ། སྤར་ཁ་དུར་འདོན་གྱི་གཅིག་དགུ་མིག་གཏོ་ལ། གཡང་གཞི་དཀར་པོའི་སྟེང་ནས་ཀྱི་ཚོམ་བུ་དགུ་བཀོད། ཚ་ཚ་མར་མེ་ལྷ་བཤོས་དགུ་རེས་བསྐོར། དབུས་སུ་ཐུབ་པའི་སྐུ་བཞག་དེ་ནི་ཡར་གཏོ་ཡིན། མར་གཏོ་ལ་གཞི་ནག་པོའི་སྟེང་དུ་འབྲུ་ནག་ཚོམ་བུ་དགུ་བཀོད། སྟེང་དུ་གླང་མའི་སྣལ་ཆུ་དགུ། ངར་མི་དགུ། བཤོས་བུ་དགུ། ཟུར་གསུམ་དགུ། ཕྱིང་པའི་སྐྱ་མི་དགུ། མགལ་པ་དགུ་བཞག་བསྲེག་དང་སྐྱུར་བ་ཅི་བྱེད་ཀྱང་རུང་དེ་ནི་བཅོས་ཡིན། ཀྱཻ། འགྲོ་བའི་མགོན་པོ་འཕགས་པ་འཇམ་དཔལ་དང་། །གཞི་མ་གསེར་མདོག་སྤྲུལ་པའི་སྐུ། །གབ་རྩེ་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི་ཉིད་ལ། །དང་པོ་རང་གི་སྐག་ནས་ད་ཐོན་ཅིག །གཉིས་པ་འཆི་བའི་སྐག་ནས་ད་ཐོན་ཅིག །གསུམ་པ་སུམ་ཟུར་སྐག་ནས་ད་ཐོན་ཅིག །བཞི་པ་བཞི་གཤེད་སྐག་ནས་ད་ཐོན་ཅིག །ལྔ་པ་བྱེ་བྲལ་སྐག་ནས་ད་ཐོན་ཅིག །དྲུག་པ་དྲུག་འགྲམས་སྐག་ནས་ད་ཐོན་ཅིག །བདུན་པ་བདུན་ཟུར་སྐག་ནས་ད་ཐོན་ཅིག །བརྒྱད་པ་སྤར་བརྒྱད་ཀྱི་སྐག་ནས་ད་ཐོན་ཅིག །དགུ་

p. 328

པ་དགུ་མིག་སྐག་ནས་ད་ཐོན་ཅིག །བཅུ་པ་གཤེད་ཆུའི་སྐག་ནས་ད་ཐོན་ཅིག །བཅུ་གཅིག་པ་ལན་གྲངས་སྐག་ནས་ད་ཐོན་ཅིག །བཅུ་གཉིས་པ་ལོའི་སྐག་ནས་ད་ཐོན་ཅིག །གནམ་ལོ་རྒྱལ་པོའི་སྐག་ནས་ད་ཐོན་ཅིག །ཟླ་བ་བློན་པོའི་སྐག་ནས་ད་ཐོན་ཅིག །ཞག་དམག་མིའི་སྐག་ནས་ད་ཐོན་ཅིག །དུས་ཚོད་མཚོན་ཆའི་སྐག་ནས་ད་ཐོན་ཅིག །དགུ་མིག་སྐག་ནས་ད་ཐོན་ཅིག །དུར་མིག་སྐག་ནས་ད་ཐོན་ཅིག །རུས་མིག་གི་སྐག་ནས་ད་ཐོན་ཅིག །ཤི་སྒོ་ཆོད་ཅིག །གཤེད་སྒོ་ཆོད་ཅིག །དུར་སྒོ་ཆོད་ཅིག །གཅིག་དཀར་གཉིས་ནག་གསུམ་མཐིང་བཞི་ལྗང་ལྔ་སེར་དྲུག་དཀར་བདུན་དམར་བརྒྱད་དཀར་དགུ་དམར་སྨེ་བ་དགུ་དགུ་བརྒྱད་ཅུ་གྱ་གཅིག །ལོ་བཅུ་གཉིས་སྤར་ཁ་བརྒྱད་ལོ་རྒན་དྲུག་ཅུའི་སྐག་དང་བགེགས་ངན་པ་ཐམས་ཅད་ལས་ཐར་བར་གྱུར་ཅིག །འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ཡར་གཏོ་ཡར་ཕུལ། མར་གཏོ་རོ་དང་མཉམ་དུ་མར་ཁྱེར་དུར་ཐོག་ཏུ་ཕུལ་ལམ་རོ་བསྲེགས་ན་མཉམ་དུ་བསྲེག་ཡང་རུང་སྒྱུར་ཡང་གང་བདེ་བྱེད་ཆོག །ཚར་དགུ་བཏོན་ལ་ཕུལ་བས་འཐུས་སོ། །སརྦ་མངྒ་ལཾ།། །།

སྲིད་པ་ཧུའི་ཕྱག་རྒྱའི་རྒྱབ་ཡིག

p. 329

སྲིད་པ་ཧུའི་ཕྱག་རྒྱའི་རྒྱབ་ཡིག་བསྒྲག་པ་ནི། ཀྱཻ། ཤར་ཕྱོགས་འབྱུང་བ་ཤིང་གི་ལྷ། །ལྷོ་ཕྱོགས་འབྱུང་བ་མེ་ཡི་ལྷ། །ནུབ་ཕྱོགས་འབྱུང་བ་ལྕགས་ཀྱི་ལྷ། །བྱང་ཕྱོགས་འབྱུང་བ་ཆུ་ཡི་ལྷ། །མཚམས་བཞིར་འབྱུང་བ་ས་ཡི་ལྷ་སྟེ། །རུ་སྦལ་འབྱུང་བའི་ལྷ་ལྔ། ལོ་རྒྱལ་པོ། ཟླ་བ་བློན་པོ། ཞག་དམག་མི། དུས་ཚོད་མཚོན་ཆ། སྤར་ཁ་ལོ་སྐོར། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། དཔལ་མགོན་བདུན་ཅུ་རྩ་ལྔ། རྣལ་འབྱོར་མ་བརྒྱད། གཟའ་ཚེས་རྒྱུ་བ། བྱི་ལིང་། ལྔ་སེར། འཕར་བ་གོང་རྒྱུག །གནམ་ཁྱི། ཧལ་ཁྱི། ཟིན་ཕུང་། ཁྲ་ཚ། སྒྲ་གཅན་ལ་སོགས་པའི་དེ་རིང་གི་ཉི་མ་འདི་ལ་འཁོར་ཞིང་འབྱུང་བ་ལྔ་ཡི་ལྷ་ཚོགས་ཐམས་ཅད་གཏའ་ཆེན་འདི་ལ་བཞུགས་ཤིག། བདག་ཅག་རྒྱུ་སྦྱོར་ཡོན་བདག་ལ་མ་ལྟ་ཞིག །མ་ཚོལ་ཅིག །དེ་རིང་རྒྱ་མ་ཁྲོ་ཞིག །སྤར་ཁ་མ་ཆགས་ཤིག །ལོ་མ་གནོད་ཅིག །ཟླ་བ་མ་འཁྲུགས་ཤིག །ཞག་མ་རྐུ་ཞིག །དུས་ཚོད་མ་འགྱུར་ཅིག །དར་རྒུད་མ་ལོག་ཅིག །བདུད་དུ་མ་འབེབས་ཤིག །ས་མ་འགྱུར་ཞིག །རུ་ང་དང་ཕྲག་དོག་མ་བྱེད་ཅིག །ཀོ་ལོང་མ་སྡོམས་ཤིག །ཞི་བ་དང་།

p. 330

བདེ་ལེགས་སུ་གྱུར་ཅིག །ཏདྱ་ཐཱ། ཨོཾ་ཧ་ལ་ཧ་ལ་སྭཱ་ཧཱ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ་སྭཱ་ཧཱ། ཨ་ཏི་མ་ག་ཏི་པ་ཡེ་སྭཱ་ཧཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི། ཨ་བྱི་ལ་མན་ལ་མནྟ་ཡེ་སྭཱ་ཧཱ། ཨོཾ་ཨ་དིམ་བ་དིམ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ན་ཀྵ་ཏི་པ་ཏ་ཏ་ཐཱ་མུ་ཧུ་དུར་ཏི་ནཀྵ་ཏ་ནི་མེ་པ་སྨི་ཏ་ནི་བྷ་ག་ཝནྟ་སྭཱ་ཧཱ། ཨོཾ་ཡེ་དྷརྨ་སོགས་ཚང་བར་བརྗོད། ཨོཾ་ཝཀྐི་ཤྭ་རི་མཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་བཛྲ་པཱ་ཎི་ཧཱུཾ། ཨོཾ་མ་ཧཱ་དེ་ཝ་སིདྡྷ་ནཾ་སྭཱ་ཧཱ། ཏདྱ་ཐཱ། ཙི་ལི་ཙི་ལི། མི་ལི་མི་ལི། ཀུ་རུ་ཀུ་རུ། དོན་དུ་དོན་དུ། བྷ་རི་ཤ་ནམ་སྭཱ་ཧཱ། མ་མ་རཾ་རཾ་ཡེ་སྭཱ་ཧྭ་། མ་མ་ཡཾ་ཡཾ་ཡེ་སྭཱ་ཧཱ། མ་མ་ཁཾ་ཁཾ་སྭཱ་ཧཱ། མ་མ་ཀ་ར་ཀ་ར་སྭཱ་ཧཱ། མ་མ་ལཾ་ལཾ་སྭཱ་ཧཱ། མོ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་ལས་འགྲུབ་མ་ཚར་གྱི་བར་དུ་ཕྱག་རྒྱ་མི་བསྒུལ་བར་བཞག །གཞན་གྱི་ལུས་གྲིབ་ཕོག་ཏུ་མི་འཇུག་གོ །མངྒ་ལཾ།། །།

སྲིད་པ་ཧུ་ཡི་ཕྱག་བཙུགས།

p. 331

སྲིད་པ་ཧུ་ཡི་ཕྱག་བཙུགས་ལ། ཧཱུྃ། སྲིད་པའི་བདག་པོར་མཚན་གསོལ་བ། །གཟའ་རྒོད་ཁྲ་ཚ་བྱ་རོག་མཚན། །ས་རྒྱལ་ནག་པོ་ཆེན་པོ་སྟེ། །ཁ་ཅིག་གཅེར་བུ་ལག་སྡུམ་ཟེར། །ལ་ལས་བྱ་མ་ཁུང་རྒྱལ་ཟེར། །གྱི་ལིང་འཕར་མ་ཞེས་ཀྱང་ཟེར། །དབང་ཆེན་ཁྲ་ཚ་བྱ་རོག་ཟེར། །སྲིད་པའི་ཉུལ་ལེ་ཆེན་པོ་ཡིན། །ལུས་ནི་མི་གཟུགས་མཐེ་བོང་ཙམ། །བྱི་བ་ཙམ་གྱི་རྟ་ལ་ཞོན། །ལག་ན་ཉེས་པའི་རུ་དར་ཕྱར། །འཁོར་ནི་གཉན་པོ་རྩེ་ལྔས་བསྐོར། །བསྐོར་ནི་ཕྱོགས་བཞི་མཚམས་བརྒྱད་བསྐོར། །རྒྱུག་ནི་བར་སྣང་ཁམས་སུ་རྒྱུག །རྐང་གཉིས་མི་ལ་གློ་བུར་གཏོང་། །རྐང་བཞི་ཕྱུགས་ལ་རྐང་གཟུགས་བྱེད། །བསམ་པ་ཙམ་གྱིས་གནས་སུ་ཕྱིན། །མཆོད་ན་དཔལ་དང་གྲོགས་ཀྱང་བྱེད། །ཁྱོད་ལ་འགྲས་པའི་སེམས་ཅན་རྣམས། །ཡག་ཏུ་མི་སྟེར་ཉེས་སུ་སྟེར། །གནམ་ལོ་གང་བྱུང་ཟུར་འགྲིམས་ལ། །ད་ནི་བདག་གིས་ཁྱོད་མཆོད་ན། །འདོད་པའི་དམ་རྫས་སྣ་ཚོགས་འདིས། །ཁྲ་ཚ་སྤྱན་གསུམ་ཐུགས་དམ་དགྱེས་པར་མཛོད། །གཉེན་པོ་རྩེ་དགུའི་ཐུགས་དམ་དགྱེས་པར་མཛོད། །དཔལ་དང་གྲགས་པའི་དངོས་གྲུབ་སྩོལ། །

p. 332

བསམ་པ་སྒྲུབས་ལ་རེ་བ་སྐོངས། བདག་གིས་ལས་བཅོལ་ཕྲིན་ལས་སྒྲུབས། །ཞེས་གཏོར་མ་མདོས་ཕུལ་ཕྱོགས་སུ་ཕུལ། ཞེས་པ་༧ རཱ་ག་ཨ་སྱས་བྲིས་པ་འགྲོ་ཕན་རྒྱ་ཆེན་པོར་ཤོག །སརྦ་མངྒ་ལཾ།། །།

སྒོམ་འཆིང་ལྷན་ཐབས།

p. 333

སྒོམ་འཆིང་ལྷན་ཐབས་ནི། སངས་རྒྱས་ཆོས་དང་ཚོགས་ལན་གསུམ། ཨོཾ་སྭ་བྷ་ཝས་སྦྱངས། པཾ་ལས་པདྨ་ཨ་ལས་ཟླ་བ་ཡི། །སྟེང་དུ་རང་རིག་ཡི་གེ་དྷི། །སོ་སོར་ཚེག་དྲག་ལྡན་པ་ལས། །འོད་འཕྲོས་འཕགས་པའི་ཚོགས་རྣམས་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ལས། །རང་ཉིད་འཇམ་དཔལ་གཞོན་ནུར་གྱུར། །སྐུ་མདོག་སེར་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་ཤེས་རབ་ཀྱི། །རལ་གྲི་ཕྱར་བ་གཡོན་མེ་ཏོག །ཨུཏྤལ་འདབ་མ་སྙན་ཕྱེ་སྟེ། །སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་མོ་ཀྲུང་བཞུགས་པ། །དར་དང་རིན་ཆེན་རྒྱན་སྤྲས་པའི། །དཔྲལ་བར་ཨོཾ་དང་མགྲིན་པར་ཨཱ། །ཐུགས་ཀར་ཧཱུྃ་མཚན་འོད་འཕྲོས་པས། །སེམས་ཅན་ཡོངས་ཀྱི་མ་རིག་བསལ། །དོན་བྱས་པར་བསམ་ལ་བཟླས་པ་ནི། །ན་མོ་མཉྫ་ཤི་ཀུ་མ་ར་བུ་ཏ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ་ཤུདྡྷེ། བུ་ཤུདྡྷེ་ཤོ་དྷ་ཡ་ཤོ་དྷ་ཡ། ཨ་མ་ལེ་བི་མ་ལེ། ཛ་ཡ་ཛ་ཏི་རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨ་ར་པ་ཙ་ན་དྷི། ཅུང་ཟད་བཟླས་སོ།། ༈ ད་ནི་སྤྱི་ཡི་བཅོས་ཐབས་བསྟན། ན་མོ་ཨརྱ་མཉྫཤྲཱི་ཡེ། གང་དག་གསོན་གཤིན་བྱ་བའི་

p. 334

ལས། །གཡོ་འགུལ་རྔམ་ཆེན་གང་བྱས་རུང་། །མི་ནོར་ཟས་གཡང་མི་ཉམས་ཤིང་། །ལོ་ཟླ་ཞག་དུས་གཟའ་སྐར་མ། །ས་བདག་ངན་གནོད་མི་འབྱུང་ཞིང་། །བཀྲ་ཤིས་བདེ་ལེགས་འབྱུང་བའི་གནད། །སྒམ་ཆིངས་ཟབ་མོ་འདི་ལྟར་བསྟན། །རིན་ཆེན་བདར་བའི་བག་ཟན་ལ། །རི་རབ་སྟེང་དུ་རུས་སྦལ་སྐྱོན། །རུས་སྦལ་སྟེང་དུ་གནམ་ལོ་བསྐྱོན། །ནས་སྲན་བྲེ་རེའི་བཀང་བྱས་ལ། །ནས་སྟེང་སྲན་མ་འོག་ཏུ་བརྩེགས། །དེ་ཡི་དབུས་སུ་གཟུགས་དེ་བཞག །མཐའ་ལ་ལོ་སྐོར་བཅུ་གཉིས་སྐོར། །སྤར་སྨེ་གཟའ་སྐར་ས་བདག་གི །གྲངས་མཚུངས་མཐེབ་སྐྱུས་མཐའ་ལ་བསྐོར། །ཟས་སྨན་འབྲུ་དར་དེ་རུ་བསགས། །མར་ཐུད་དཀར་མོ་ལག་གཡས་རྣམས། །དར་སྣ་ལྔ་ཡང་དེ་ལ་ཟླུའདོགས། །སྒམ་གྱི་ནང་དུ་དཀྲིག་ལྕགས་སོ། །རབ་ན་ཁཊཾ་འབྲིང་མདུང་སོ། །ཐ་མ་མདེལ་ལྕགས་གང་རྙེད་རྣམས། །གནམ་ལོར་ཁ་བསྟན་བཅུག་བྱས་ལ། །ཕྱུགས་རྫིའི་འུར་ཐག་གིས་བཅིངས་ལ། །དཀྲིག་ལྕགས་ཤར་བསྟན་ལས་དབུས་སམ། །ཡང་ན་དྲུག་དཀར་སྟེང་དུ་བཞག །གཞོགས་སུ་རྟ་ཡི་སྒ་སྲབ་དང་། །སྦ་ལྕག་རྫ་ལུང་རྩྭའི་ཆུན་པོ། །གཉའ་ཤིང་ཡོན་བདག་ལོ་ཁྲམ་བཏབ། །སོལ་བ་དུམ་བུ་དང་བཅས་བཞག །ལོགས་སུ་ཟོར་བ་རལ་གྲི་གཉིས། །རྒྱ་གྲམ་བསྣོལ་མར་བྱས་ལ་གཟུགས། །དེ་གཉིས་རྔ་མ་ནག་པོས་བརྒྱན། །མདའ་དར་ཡོན་བདག་ཁམས་མཐུན་ནམ། །ཡང་ན་ལེ་བརྒན་དམར་པོ་གཟུགས། །སྟེང་ནས་བརྒྱད་སྟོང་ཐུབ་པའི་སྐུ། །སཱཙྪ་རབ་གནས་ཅན་

p. 335

གྱིས་མནན། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་ཅིང་། །རང་ཉིད་འཇམ་དཔལ་ལྷ་རུ་བསྐྱེད། །ཡོ་བྱད་ནུས་པའི་དཔུང་ལྡན་དམིགས། །ཡོན་བདག་ཁྲོམ་ཚོགས་སྐྱབས་འོག་འཇུག །ཁྲོམ་ལ་གནོད་བྱེད་བཅིངས་བར་བསམ། །དེ་ཡི་ངང་ནས་འདི་སྐད་གྱེར། །ན་མོ་དཀོན་མཆོག་རྣམ་གསུམ་དང་། །འཕགས་པ་རིགས་གསུམ་མགོན་པོ་ཡི། །བཀའ་ཡི་བདེན་པ་ཆེན་པོ་དང་། །མ་ཧཱ་གསེར་གྱི་རུས་སྦལ་ཆེའི། །བཀའ་ཡི་བདེན་པའི་རྟེན་འབྲེལ་གྱིས། །རྫས་ཀྱི་བདེན་པ་ཆེན་པོ་ཡིས། །མཐུ་དང་ནུས་པའི་བྱིན་རླབས་ཀྱིས། །ས་བདག་མཐུ་ཆེན་ཁྱེད་རྣམས་ཀུན། །ཟོསྙན་གསོན་ཆུང་བ་རྣམས་ཉོན་ཅིག །མ་ཧཱ་གསེར་གྱི་རུས་སྦལ་གསོན། །འབྱུང་ལྔའི་སྐྱབས་ལ་གཤེགས་སུ་གསོལ། །ཀྱཻ། ཉི་མ་ཤར་ཕྱོགས་ཕ་ཀི་ན། །འབྱུང་བ་ཤིང་གི་པའི་ལྷ་མོ་དྲུག །གོས་སུ་ཤིང་གི་ལོ་མ་གྱོན། །ཕྱག་ན་ཤིང་གི་འབྲས་བུ་བསྣམས། །གཟའ་སྐར་ཐམས་ཅད་བྲན་དུ་འཁོར། །ས་བདག་ཐམས་ཅད་མཉེས་པར་མཛོད། །འབྱུང་བ་ས་ཡི་བདུད་བྱེད་པ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རྩིས་མཁན་བདག་གི་མགོན་སྐྱབས་མཛོད། །དེ་རིང་ཡོན་བདག་ཤིས་པར་མཛོད། །ཀྱཻ། ཉི་མ་ལྷོ་

p. 336

ཕྱོགས་ཕ་ཀི་ན། །འབྱུང་བ་མེ་ཡི་ལྷ་མོ་དྲུག །གོས་སུ་མེ་དར་དམར་པོ་གྱོན། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །གཟའ་སྐར་ཐམས་ཅད་བྲན་དུ་འཁོར། །ས་བདག་ཐམས་ཅད་མཉེས་པར་མཛོད། །འབྱུང་བ་ལྕགས་ཀྱི་བདུད་བྱེད་པ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རྩིས་མཁན་བདག་གི་མགོན་སྐྱབས་མཛོད། །དེ་རིང་ཡོན་བདག་ཤིས་པར་མཛོད། །ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །འབྱུང་བ་ལྕགས་ཀྱི་ལྷ་མོ་དྲུག །གོས་སུ་ལྕགས་ཀྱི་གོ་ཁྲབ་གྱོན། །ཕྱག་ན་ལྕགས་ཀྱི་ཕུར་བུ་བསྣམས། །གཟའ་སྐར་ཐམས་ཅད་བྲན་དུ་འཁོར། །ས་བདག་ཐམས་ཅད་མཉེས་པར་མཛོད། །འབྱུང་བ་ཤིང་གི་བདུད་མ་བྱེད། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རྩིས་མཁན་བདག་༈ གི་མགོན་སྐྱབས་མཛོད། །དེ་རིང་ཡོན་བདག་ཤིས་པར་མཛོད། །ཀྱཻ། ཉི་མ་བྱང་ཕྱོགས་ཕ་ཀི་ན། །འབྱུང་བ་ཆུ་ཡི་ལྷ་མོ་དྲུག །གོས་སུ་ཆུ་བེར་སྔོན་པོ་གྱོན། །ཕྱག་ན་ཆུ་ཡི་བུམ་པ་བསྣམས། །གཟའ་སྐར་ཐམས་ཅད་བྲན་དུ་འཁོར།་་།ས་བདག་ཐམས་ཅད་མཉེས་པར་མཛོད། །འབྱུང་བ་མེ་ཡི་བདུད་བྱེད་པ། །གསེར་སྐྱེམས་མཆོད་པ་འདི་

p. 337

བཞེས་ལ། །རྩིས་མཁན་བདག་གི་མགོན་སྐྱབས་མཛོད། །དེ་རིང་ཡོན་བདག་ཤིས་པར་མཛོད། །ཀྱཻ། ཉི་མ་ཕྱོགས་མཚམས་ཕ་ཀི་ན། །འབྱུང་བ་ས་ཡི་ལྷ་མོ་བཞི། །གོས་སུ་གསེར་གྱི་ན་བཟའ་གསོལ། །ཕྱག་ན་གསེར་གྱི་མཆོད་རྟེན་བསྣམས། །གཟའ་སྐར་ཐམས་ཅད་བྲན་དུ་འཁོར། །ས་བདག་ཐམས་ཅད་མཉེས་པར་མཛོད། །འབྱུང་བ་ཆུ་ཡི་བདུད་བྱེད་པ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རྩིས་མཁན་བདག་གི་མགོན་སྐྱབས་མཛོད། །དེ་རིང་ཡོན་བདག་ཤིས་པར་མཛོད། །ཀྱི། ཐེ་སེ་རྒྱལ་པོ་ལ་སོགས་ཏེ། །ལོ་ཡི་ས་བདག་གནོད་པ་སྲུངས། །ལི་ལ་སོགས་པ་སྤར་བརྒྱད་ཀྱི། །གནོད་པ་ལས་ནི་སྲུང་བར་མཛོད། །གཅིག་དཀར་ལ་སོགས་སྨེ་འི་དགུ་ཡི། །གནོད་པ་ལས་ནི་བསྲུང་བར་མཛོད། འབྲུག་ལྷ་ག་པ་ལ་སོགས་པའི། །ཟླ་འཁོར་ས་བདག་གནོད་པ་སྲུངས། །གསེར་མཛོད་སེར་པོ་ལ་སོགས་པ། །ཞག་གི་ས་བདག་གནོད་པ་སྲུངས། །གཡུ་མཛོད་སྔོན་པོ་ལ་སོགས་ཏེ། །དུས་ཚོད་ས་བདག་གནོད་པ་སྲུངས། །རྗེ་བློན་བཅུ་བཞིའི་གནོད་པ་སྲུངས། །གཉེན་པོ་ཟླ་བའི་ས་བདག་

p. 338

དང་། །དྲག་པོ་ཞིག་གི་ས་བདག་དང་། །རྣོན་པོ་དུས་ཚོད་ས་བདག་གི །གནོད་པ་སྲུང་ཞིང་སྐྱོབ་པར་མཛོད། །གནམ་ཁྱིས་སྲིད་ལ་གནོད་པ་སྲུངས། །ཝང་གིན་བག་མར་ཀོ་ལོང་སྡོམས། །ཧལ་ཁྱིས་རོ་ལ་ཀོ་ལོང་སྡོམས། །དེ་དག་གནོད་པ་བསྲུང་དུ་གསོལ། །གཟའ་སྐར་ངན་པའི་གནོད་པ་སྲུངས། །ཉི་མ་ཚེས་གྲངས་ངན་པའི་གནོད་པ་སྲུངས། །སྨེ་དགུའི་གནོད་པ་ཐུབ་པར་གྱིས། །ས་བདག་ཆེན་པོར་སྤོ་མི་འཇུག །ཁྲོམ་རྣམས་མ་འཚུབ་མ་སྤོ་ཞིག །ཁྲོམ་རྣམས་མ་འགུལ་མ་འགྱུར་ཞིག །ས་བདག་ཁྱེད་རྣམས་མ་ཁྲོ་ཞིག་ས་ཡི་རྒྱལ་མོ་མ་ཁྲོ་ཞིག །དུས་ཚོད་རྣོན་པོ་མ་ཁྲོ་ཞིག །དར་རྒུད་དག་ཀྱང་མ་རལ་ཞིག །ཕས་གནམ་སྔོན་མོ་མ་འཕྱོ་ཞིག །མས་ས་གྲོ་མོ་མ་རལ་ཞིག །གཡང་ཁ་མ་རིལ་ནོར་མ་གནོད། །ངན་པའི་རུ་ཡང་མ་སྡིགས་ཤིག །གནམ་ས་བདུད་དུ་མ་འབེབས་ཤིག །ཁྲོམ་ཁ་ལེགས་པར་བསྒྱུར་དུ་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། གནམ་སྔོན་སྟེང་ནས་ཁ་ཆར་དང་། །བུ་ཡུག་མ་འཚུབ་ས་གྲོའི་སྟེང་། །རླུང་དམར་རླུང་ནག་མ་འཚུབ་ཅིག །གཏོ་མཁན་བདག་གི་

p. 339

མགོན་སྐྱབས་མཛོད། །ཡོན་བདག་འདིར་ཚོགས་ཤིས་པར་མཛོད། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་དང་། །སྣང་བརྒྱད་གཟའ་ཡུམ་བཀྲ་ཤིས་བརྩེགས། །དག་པ་གསེར་གྱི་མདོ་ཐིག་སྒྲོགས་། །དེ་ཡིས་ཉེས་ཀུན་སེལ་བར་འགྱུར། ༈ སྒམ་ཆིངས་བཀྲོལ་བ་བཞུགས། ཀྱཻ། ད་ནི་གཏའ་ཆེན་དཀྲོལ་ཡང་འཚལ། །ད་ནི་ཚོགས་ཆེན་བཤིགས་ཀྱང་འཚལ། །ལྷ་སྲིན་སྡེ་བརྒྱད་དགྱེས་ཀྱང་འཚལ། །གཏའ་ཆེན་དེ་ནི་མ་བཀྲོལ་ན། །བགེགས་ཆེན་དེ་ནི་འདུས་འཚོགས་པ། །འཚོགས་ཆེན་དེ་ནི་མ་བཤིགས་ན། །ས་བདག་ཀླུ་གཉན་མ་དགྱེས་ནས། །འཁོར་ལ་རྐྱེན་རྣམས་འབྱུང་གྱུར་བས། །ད་ནི་རྟ་ཆེན་བཀྲོལ་ཀྱང་འཚལ། སྟེང་གི་ལྷ་བརྒྱད་ལ། གསེར་སྐྱེམས་མཆོད་པ་འབུལ། ཞོ་མར་འོ་སྐོལ་འབུལ། འོག་གི་ས་བདག་ཀླུ་གཉན་ལ། གསེར་སྐྱེམས་མཆོད་པ་འབུལ། ཞོ་མར་འོ་སྐོལ་འབུལ། གཤེགས་སོ་ཤ་ར་ར། ཐེ་སེ་རྒྱལ་པོ་ཐེ་ཁྱིམ་བཙུན་མོ་དང་། ཙང་ཀུན་བློན་པོ་སེ་བ་བླ་མཁྱེན་ལ་སོགས་པའི་ས་བདག་རྣམས་ལ། གསེར་སྐྱེམས་མཆོད་པ་འབུལ། ཞོ་མར་འོ་སྐོལ་འབུལ། གཤེགས་སོ་ཤ་ར་ར། ཟླ་བ་ལ་འཁོར་བའི་ས་བདག་ལ། གསེར་

p. 340

སྐྱེམས་མཆོད་པ་འབུལ། ཤ་ཕུད་ཆང་ཕུད་དང་། འོ་སྐོལ་མཆོད་པ་འབུལ། །གཤེགས་སོ་ཤ་ར་ར། ཞག་དང་དུས་ཚོད་ལ་དབང་བའི་ས་བདག་ལ། གསེར་སྐྱེམས་མཆོད་པ་འབུལ། ཤ་ཕུད་ཆང་ཕུད་དང་། འོ་སྐོལ་མཆོད་པ་འབུལ། གཤེགས་སོ་ཤ་ར་ར། སྤར་ཁ་བརྒྱད་དང་སྨེ་བ་དགུ། ལོ་སྐོར་བཅུ་གཉིས་ལོ་རྒན་དྲུག་ཅུའི་ས་བདག་རྣམས་ལ། གསེར་སྐྱེམས་མཆོད་པ་འབུལ། ཤ་ཕུད་ཆང་ཕུད་དང་། འོ་སྐོལ་མཆོད་པ་འབུལ། གཤེགས་སོ་ཤ་ར་ར། ལྷ་བརྒྱད་ཀླུ་བརྒྱད་དང་། རྒྱུ་སྐར་ཉེར་བརྒྱད་འབྱུང་བ་ལྔ་ཡི་བདག་པོ་རྣམས། ལྷ་བཙན་ཀླུ་བཙན་ཡུལ་ལྷ་གཉན་པོ་དང་། ཀླུ་གཉན་ས་བདག་དང་། ལྷོ་བདུད་ཀླུ་བདུད་དང་། ཡུལ་ལྷ་ཟོ་དོར་གཞི་བདག་རྣམས། གསེར་སྐྱེམས་མཆོད་པ་འབུལ། ཤ་ཕུད་ཆང་ཕུད་དང་། འོ་སྐོལ་མཆོད་པ་འབུལ། བཞུད་དེ་སི་ལི་ལི། བསྐྱོད་འཚལ་དེ་ནི་སི་ལི་ལི། ཁྱེད་རྣམས་འདི་རུ་མ་བཞུགས་ཤིག །འདི་རུ་གནས་པ་མ་མཆིས་སོ། །རང་རང་གནས་སུ་གཤེགས་སོ་འཚལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པས་བཀའ་སྒོ། སྒམ་ཆིངས་ཟབ་མོའི་ལྷན་ཐབས་སུ་ཨ་རཱ་གས་སོ། །སྣང་བརྒྱད་

p. 341

སོགས་བཀྲ་ཤིས་བརྗོད། ཉེས་པ་གང་བྱས་ངེས་པར་ཐུབ། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྤོམ་གཏའ་དང་སྒམ་ཆིངས།

p. 342
p. 343

རཱ་ག་ཨ་སྱས་མཛད་པའི་སྤོམ་གཏའ་དང་སྒམ་ཆིངས་བཞུགས་སོ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། ཀོང་ཙེ་བྱང་ཆུབ་སེམས་དཔའི་ལུགས་ཀྱི་སྤོམ་གཏའ་སྡོམ་ཚུལ་ནི། མཁར་ལས་སྟོན་མོ་ལྟད་མོ་སོགས་གང་བྱེད་ན། ངན་ཆེ་བའི་ཁས་ལེན་གཏོ་འདི་བྱའོ། །ཤིང་གང་ཡང་རུང་བའི་ཤིང་ཆེན་ལ། ༈ ༀ་བཅིངས་པའི་ཁར་ཤིང་གི་སྒམ་ཆུང་ནང་འབྲུ་དཀར་བྲེ་གང་འབྲུ་ནག་བྲེ་གང་བཀྲམ་པའི་ནང་ཟན་གྱི་རུ་སྦལ་གྱི་གཟུགས་གན་རྐྱལ་གྱི་སྟེང་གནམ་ལོའི་གཟུགས་སྨེ་དགུ་སྤར་བརྒྱདལོ་བཅུ་གཉིས་གཟུགས་སམ་གཏོར་མ། ཟན་ཆད་གྲངས་མང་ཆངས་བུ་སོགས་བཞག །གཟེ་བརྒྱབ་ཕྱུགས་རྫིའི་བུར་ཐག་གིས་དཀྲིས་ལ་བཞག །དེ་སྟེང་ཐུབ་སྐུ་མདོ་བརྒྱད་སྟོང་པའམ་བཀའ་འདུས་པུ་ཏི། མཆོད་རྟེན་ནམ་གཟུངས་ལྡན་བཞག །ཨོཾ་གྱི་འོག་ཏུ་ཨུར་ནོན་གྱི་དངོས་པོ་སཱཙྪ་འབྱུང་ལྷའི་མདོག་ཅན་ཕྱོགས་མ་ནོར་བ་བཀོད་་་་མཆན་ཡིན་པ་འདྲ། ཕྱོགས་ཀྱི་ལྷ་བཞི་དང་མཚམས་ལྷའི་ལོག་གནོན་གྱི་སྐུ་བྲིས་པ། ཤར་གྱི་སྟག་སྐྱ་བོ། ལྷོ་ཡི་གཡུ་འབྲུག་སྔོན་མོ། ནུབ་ཀྱི་བྱ་དམར་མོ། བྱང་གི་རུ་སྦལ་རྒྱ་བོ་སྟེ་ཕྱོགས་ཀྱི་ལྷ་བཞི་བཀོད། སེ་བ་མགོ་ལིང་། སྐྱེར་ཚེར། མགལ་པ། ས་མདའ་དང་གནམ་མདའ། བྲེ་དང་སྲང་། རྩྭ་ཆུན། གྲོད་པའི་ནང་དུ་ཆུ་སྣ་དགུ་བླུག་བཅུག །ཁ་དགུ་མིག་སྤྲོ་དགུ་བྲིས། ལྷམ་གཡོན་པ། ཤྭ། བལ་ཚོན་སྣ་ལྔ། ཙག་ཐོག་ཕུད་པའི་མདོག་གི་བླ་དར་བཏགས། མི་ཁའི་རྫས་སྣ་ཚོགས་ལྡུམ་ནང་དུ་བླུགས། དེ་རྣམས་ཤི་ང་རིང་བ་ཐོག་རྩེའི་ཚད་ཙམ་ལ་བཏགས་ནས། ཕྱོགས་ཆེན་ཡོད་པའི་

p. 344

ཕྱོགས་སུ་བཙུགས། མཁར་ལས་ཚན་ཆེན་མིན་ན་ལོ་དེའི་སྤར་ཁ་དང་། ཐེ་སེ་རྒྱལ་པོའི་ཕྱོགས་སུ་བཙུགས་པ་ལེགས་སོ། །བཤོས་བུ་དང་འབྲང་རྒྱས་ཀོང་ཙེའི་བཤོས་བུ་དང་ཇ་ཆང་ཕུད་ཚྭ་དང་ནས་དཀར། གཞན་ལོ་གང་བྱེད་ཀྱི་ཕུད་རྣམས། སྤོམ་གཏའ་སྡོམ་པའི། སྟོན་མོའི་སར་འཛུགས་ལ་བཞག །སྔགས་འཆང་རྒྱལ་པོས་མདའ་དར་སྣ་ལྔ་ཐོགས་ལ། ཡོན་བདག་རྗེས་ཟློས་བྱེད་དུ་གཞུག་ནས་འདི་སྐད་དོ། །ཀྱི། གནམ་སྔོན་པོ་ཡང་གསོན་ཅིག །ས་གྲོ་མོ་ཡང་གསོན་ཅིག །གངས་རི་དཀར་པོ་ཡང་གསོན་ཅིག །སྲིབ་རི་ནག་པོ་ཡང་གསོན་ཅིག །ལོ་རྒྱལ་པོ་ཡང་གསོན་ཅིག །ཟླ་བ་བློན་པོ་ཡང་གསོན་ཅིག །ཞག་དམག་མི་ཡང་གསོན་ཅིག །དུས་ཚོད་མཚོན་ཆ་ཡང་གསོན་ཅིག །ཕྱོགས་ཀྱི་ལྷ་བཅུ་གཉིས་ཡང་གསོན་ཅིག །ཀོ་ལོང་སྡོམ་པའི་ལྷ་དགུ་ཡང་གསོན་ཅིག །གཟའ་དང་རྒྱུ་སྐར་དང་། དེ་རིང་གི་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ཀྱང་གསོན་ཅིག །སྤར་ཁ་བརྒྱད་དང་སྨེ་བ་དགུ་ཡང་གསོན་ཅིག །གནམ་སྔོན་པོས་མར་ཕུབ། །ས་གྲོ་མོའི་ཡར་སྟེང་། བར་ན་རྫུ་འཕྲུལ་གྱི་སྐར་མ་འོཆར།་འདི་ན་མི་གནས་པ་མེད། འདི་ན་མི་སྲིད་པ་མེད། འདི་ན་མི་འབྱུང་བ་མེད། གཏོ་མཁན་རྒྱལ་པོས་མི་ཐུབ་པ་ཐུབ་པར་

p. 345

བྱས། མི་ཆོད་པ་ཆོད་པར་བྱས། ང་གཏོ་མི་རྒྱལ་པོའི་མི་ཐུབ་པ་མེད། མི་ཆོད་པ་མེད། ངན་ཆེན་ཁས་བླངས། དུག་ཆེན་སོས་བླངས། ང་གཏོ་མཁན་རྒྱལ་པོས་ཁས་བླངས་པ་བཞིན་དུ། སྤོམ་གཏའ་ཁྱོད་ཀྱིས་ཐུབ་པར་གྱིས། མི་ཐུབ་པ་ཐུབ་པར་གྱིས་ཤིག །ངན་ཆེན་ཁས་ལོངས་ཤིག །དུག་ཆེན་སོས་ལོངས་ཤིག །ཤིང་ཆེན་བཙུགས་པ་འདིས་གཏོ་མི་འགྱུར་བར་ཁས་ལོངས་ཤིག །ཤིང་སྐྱེར་ཚེར་འདིས་ཕ་སྤུན་ལ་མི་གནོད་པར་ཁས་ལོངས་ཤིག །རྩྭ་ཆུན་འདིས་ཕྱུགས་ལ་གོད་ཁ་མེད་པར་ཁས་ལོངས་ཤིག །ལྷམ་གཡོན་པ་འདིས་བུད་མེད་ལ་མི་གནོད་པར་ཁས་ལོངས་ཤིག །གནམ་མདའ་དང་ས་མདའ་འདིས་གནམ་སའི་བྱུར་ཐུབ་པར་གྱིས་ཤིག །མདའ་ལི་དམར་ལྟོང་བཟང་འདིས་སྐྱེས་པའི་སྲོག་མི་འགྱུར་བར་ཁས་ལོངས་ཤིག །ལྷ་བཞི་རྒྱང་འཕེན་ནམ་མཁའ་འདིས་འགོ་བའི་ལྷ་ལྔ་མི་འགྱུར་བར་ཁས་ལོངས་ཤིག །བྲེ་སྟོང་དང་སྲང་སྟོང་འདིས་འཇལ་བ་ནང་དུ་མི་འཇུག་པར་ཁས་ལོངས་ཤིག །གྲོད་པ་གཡས་སུ་བཏགས་པ་འདིས་ནོར་གཡང་དང་ཟས་གཡང་ཕྱིར་མི་འཆོར་བར་ཁས་ལོངས་ཤིག །ཁ་དགུ་མིག་དགུ་བྲིས་

p. 346

པ་འདིས་བརྒྱ་ཁ་མང་གིས་གླེང་བ་དང་། སྟོང་མིག་མང་གིས་མི་བལྟ་བར་ཁས་ལོངས་ཤིག །ནང་གི་ངར་གླུད་དགུ་པོ་འདིས། ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མི་བསྐྱོན་བར། གླུད་ཅིག་འབྱུང་བ་ལྔ་ལ་འབུལ། འབྱུང་བ་ལྔ་མི་འཁྲུགས་པར་ཁས་ལོངས་ཤིག །རྩེ་ལ་བླ་དར་འཕྱར་བ་འདིས།་ཡོན་བདག་མི་བོར་བར་ཁས་ལོངས་ཤིག །ཐུབ་ཆོད་ཀྱི་གཏོ་འདིས་ཡོན་མཆོད་རྣམས་བཀྲ་ཤིས་པར་ཤོག་ཅིག །ཅེས་གསེར་སྐྱེམས་དང་ཕུད་གཏོར་རོ། །བཀྲ་ཤིས་པའི་མདོ་དང་། དག་པ་གསེར་ཐིག་དང་། སྣང་བརྒྱད་མདོས་དང་མདོ་བཅས་འདོན། ལས་ཟིན་ནས་སྤོམ་གཏའ་བཀྲོལ་བའི་དུས་ཕུད་དང་འབྲུ་སྣ་ཡོས་བཀྲ་གཏོར་ཅིང་འདོན་བྱ་ཟུར་གསལ་ལྟར་གྱིས་བཀྲོལ། རྨ་བྱའི་མདངས་ཀྱིས་ཐེ་སེ་ཐུབ། མེ་ལོང་གིས་བཙུན་མོ་ཐུབ། གཟུགས་མོའི་བྱི་ཐུར་གྱིས་སློབ་དཔོན་ཐུབ། ལྕགས་ཀྱིས་སེ་བས་རང་རྟ་ཐུབ། མདའ་དར་གྱིས་བློན་པོ་ཐུབ། སྟག་གཟིག་ལྤགས་པས་གནམ་ཁྱི་ཐུབ། མཚོན་སྐུད་སྣ་ལྔའི་གྲུ་གུས་ནད་བདུད་ཐུབ།་ལུག་གི་གཡང་གཞིས་ཧལ་ཁྱི་ཐུབ། མགྲོན་བུ་བུ་མས་ས་བདག་སྤྱི་རྣམས་ཐུབ། རུ་སྦལ་ཁོག་པས་གཏམ་ངན་ཕྱི་ཐུབ། ཤཱཀྱ་ཐུབ་པའི་སྐུ་ཡིས་ས་བདག་ཐམས་ཅད་དང་ངན་པ་ཐམས་ཅད་ཐུབ་པས་འདི་རྣམས་སྤོམ་གཏའ་ལ། བཏགས་པའི་དགོས་པ་གལ་ཆེ་བར་ཡོད་དོ། །དེ་རྣམས་རེ་རེས་ཀྱང་རང་གི་ཉེས་པ་ཐུབ་པ་ཡིན། སྤོམ་

p. 347

གཏའི་ཕྱག་ལེན་ཟབ་བོ། །ཞེས་པ་འདི་ཡང་རཱ་ག་ཨ་སྱས་མཛད་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་རྒྱང་འབོད་བྱ་བ་སྟེ་ཐུགས་རྗེ་གནད་ནས་བསྐུལ་བའི་གདམས་པ།

p. 348
p. 349

ཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་རྒྱང་འབོད་བྱ་བ་སྟེ་ཐུགས་རྗེ་གནད་ནས་བསྐུལ་བའི་གདམས་པ་བཞུགས་སོ།། ཨོཾ་མ་ཎི་པདྨེ་ཧཱུཾ། ལྷ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཁྱེད་ཉིན་མཚན་དུས་དྲུག་སེམས་ཅན་ཀུན། །དུས་རྒྱུན་དུ་སོ་སོར་གཟིགས་ལགས་ན། །ད་ང་ལ་མི་གཟིགས་ཅི་མ་དགོངས། །ད་ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱེད་རྡོ་རྗེའི་སྙན་གྱིས་དུས་རྟག་ཏུ། །མ་འགྲོ་དྲུག་སེམས་ཅན་ཅི་སྨྲས་སྐད། །དེ་མ་འདྲེས་སོ་སོར་གསན་ལགས་ན། །ངེད་གསོལ་འདེབས་མ་ཎི་འདི་ཙམ་བཏོན། །ད་ང་ལ་ཞལ་སྟོན་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱེད་ཡིད་ལ་དྲན་པའི་བྱིན་རླབས་ཀྱིས། །དགྲ་ནད་གདོན་འཇིགས་པ་ཀུན་སྐྱོབས་ན། །མི་བདག་གིས་ཁྱེད་དྲན་ཡིག་དྲུག་བཟླས། །དགྲ་མེ་ཆུ་དུག་མཚོན་ནད་དང་གདོན། །ད་སྐྱོབ་པར་མཛོད་ཅིག་ཐུགས་རྗེ་ཅན། །ཨོཾ་མ་ཎི་པདྨེ་ཧཱུཾ། སྔགས་ཡིག་དྲུག་བྱེ་བ་གཅིག་བཟླས་ན། །སྡིག་མཚམས་མེད་ལྔ་ཡང་དག་གསུངས་ན། །མི་ངས་ནི་བྱེ་བ་འགའ་རེ་ཐོན། །ཚེ་ཐོག་མེད་ནས་བསགས་སྡིག་སྒྲིབ་

p. 350

ཀུན། །ད་ལྷག་མ་མེད་པར་སྦྱོང་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། ལར་སངས་རྒྱས་གངྒའི་བྱེ་སྙེད་ལ། །དུས་རྟག་ཏུ་མཆོད་ཅིང་ཕྱག་འཚལ་བས། །ལྷ་ཁྱོད་ཀྱི་མཚན་བརྗོད་ཕྱག་འཚལ་བ། །དེ་བསོད་ནམས་ཆེ་བར་གསུངས་ལགས་ཕྱིར། །ལྷ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུཾ། དགྲ་དམག་ཇག་ཁྲམ་རྐུན་ཤན་པའི་ཚོགས། །དེས་གསོད་ཕྱིར་ས་གཞི་གང་ན་ཡང་། །ལྷ་ཁྱེད་ལ་གསོལ་བཏབ་སྐྱོབས་གསུངས་ན། །དུས་སྙིགས་མའི་འཇིགས་སྐྲག་སྡུག་བསྔལ་ལས། །ད་སྐྱོབས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། གཞན་སྲུང་བ་རིམ་གྲོ་ཅི་བྱས་ཀྱང་། །སྔགས་ཡིག་དྲུག་རྐྱེན་ཟློག་ལྷག་གསུངས་ན། །ངས་རྒྱུན་དུ་ཡིག་དྲུག་ཐུགས་དམ་བྱས། །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། སྔགས་ཡི་གེ་འབྲུ་དྲུག་རྡོ་རྗེའི་སྒྲ། །གནས་རིགས་དྲུག་སྐྱེ་སྒོ་གཅོད་ལགས་ན། །མི་བདག་དང་ཕ་མ་སེམས་ཅན་ཀུན། །ད་རིགས་དྲུག་སྐྱེ་སྒོ་ཐམས་ཅད་རྣམས། །ད་གཅོད་པར་མཛོད་ཅིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། ལས་རྒྱུ་འབྲས་བཅོས་སུ་

p. 351

མེད་ལགས་ན། །ཁྱེད་ཐུགས་རྗེ་ཆེ་བས་སུ་ལ་ཕན། །ཁྱེད་ལས་ལ་མངའ་བའི་སྟོབས་མངའ་ན། །ལས་ངན་པའི་རྒྱུ་འབྲས་ཞི་མཛོད་ལ། །ལས་བཟང་པོའི་འབྲས་བུ་སྨིན་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ། དུས་ནམ་ཞིག་ཚེ་ཟད་འཆི་བའི་ཚེ། །སྐྱབས་གཞན་ན་མེད་དོ་སྤྱན་རས་གཟིགས། །འགག་བར་དོའི་འཕྲང་ནས་ཐུགས་རྗེས་བྷཟུངས། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །བདག་འདྲེན་པར་མཛོད་ཅིག་ཐུགས་རྗེ་ཅན། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞིང་དེ་རུ་མེ་ཏོག་པདྨའི་སྟེང་། །ལུས་བརྫུས་སྐྱེས་སྤྲུལ་པའི་སྐུ་ཐོབ་ནས། །ལྷ་འོད་དཔག་མེད་པའི་ཞལ་མཐོང་ནས། །ལམ་ས་བཅུ་ཅིག་ཆར་བགྲོད་པ་ཞིག །ལྷ་ཐུགས་རྗེ་ཆེན་པོ་ཁྱེད་རང་མཁྱེན། །ཨོཾ་མ་ཎི་པདྨེ་ཧཱུྃ། ལྷ་ཁྱེད་ལ་འབྲེལ་པ་སུས་བཞག་པ། །ཞིང་དེ་རུ་འདྲེན་པའི་སྨོན་ལམ་དང་། །སྔོན་འོད་དཔག་མེད་པའི་སྤྱན་སྔ་རུ། །ཁྱེད་ཞལ་བཞེས་དམ་བཅའ་མ་གཡེལ་བར། །ད་ཐུགས་རྗེའི་ཐུགས་དམ་དུས་ལ་བབ། །ཨོཾ་མ་ཎི་པདྨེ་ཧཱུཾ། མགོན་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །མི་བདག་གིས་དགེ་བ་ཅི་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །

p. 352

དུས་ནམ་ཞིག་ཚེ་འཕོས་གྱུར་མ་ཐག །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་ནི་ལྷ་གདོང་དཀར་པོའི་རིགས་དགེ་རྒྱལ་སྐུ་མཆེད་སྲས་བཅས། ཐམས་ཅད་ཀྱིས། ངག་འདོན་དུ་གསོལ་བ་འདེབས་པའི་ཕྱིར། དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས། ཕུལ་བ་དགེ་ལེགས་འཕེལ།། །།

འཕགས་པ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་གསོལ་འདེབས།

p. 353

འཕགས་པ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་གསོལ་འདེབས་ནི། ན་མོ་ལོ་ཀི་ཤྭ་ར་ཡེ། འོད་དཔག་མེད་སོགས་བཅོམ་ལྡན་འདས། །བྱེ་བ་ཕྲག་ནི་བཅུ་གཅིག་དྲུང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི། །སེམས་དཔའ་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་གཅིག་ཀྱང་མ་ལུས་པ། །སངས་རྒྱས་ས་རུ་མ་བཀོད་པར། །རང་དོན་བསམ་པ་མི་མཛད་པའི། །སེམས་དཔའ་ཆེན་པོ་དེ་ལ་འདུད། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །གཅིག་ཀྱང་མ་ལུས་དྲངས་མཛད་ནས། །འཁོར་བ་ལན་གསུམ་སྟོང་མཛད་ལོ་པའི། །འཁོར་བ་དོང་སྤྲུགས་དེ་ལ་འདུད། །སེམས་ཅན་ཟད་པའི་དུས་མེད་པས། །སྔོན་གྱི་དམ་བཅའ་ཉམས་གྱུར་ཏེ། །སྐུ་ལུས་བརྒྱ་སྟོང་དུ་མར་གས། །བཟོད་པའི་སྟོབས་ཅན་ཁྱོད་ཕྱག་འཚལ། །རིགས་ཀྱི་བདག་པོས་བྱིན་རླབས་ཏེ། །ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ། །ནམ་མཁའ་ཇི་སྲིད་འགྲོ་དོན་མཛད། །ནམ་མཁའི་རྒྱལ་པོ་ཁྱེད་ཕྱག་འཚལ། །གང་གཱའི་བྱེ་སྙེད་འཇིག་རྟེན་དུ། །ཕྱག་སྟོང་འཁོར་ལོས་སྒྱུར་རྒྱལ་སྟོང་། །སྤྱན་སྟོང་བསྐལ་བཟང་སངས་རྒྱས་སྟོང་། །སྤྲུལ་མཛད་ཁྱེད་ལ་ཕྱག་འཚལ་

p. 354

བསྟོད། །རྒྱལ་བ་རྒྱལ་སྲས་ཐམས་ཅད་ཀུན། །དང་པོ་སྤྲུལ་གཞི་ཁྱེད་ལས་སྤྲུལ། །ཐ་མར་ཁྱེད་ཀྱི་ཐུགས་ཀར་ཐིམ། །དེ་ཕྱིར་རྒྱལ་བ་རྒྱ་མཚོར་གྲགས། །བདག་དང་བདག་གི་རྗེས་འཇུག་དང་། །དེ་ལས་འབྲེལ་ཐོགས་འགྲོ་བ་ཀུན། །རེ་ས་གཞན་མེད་ཁྱེད་རང་ཤེས། །ཞེས་འཇའ་ཚོན་ལུགས་ཀྱི་ཕྱག་སྟོང་སྤྱན་སྟོང་གི་དྲན་རྫོགས་ཐུན་རེ་རྒྱུན་དུ་བྱས་པས། ཉམས་དང་རྨི་ལམ་གྱི་མཚམས་སུ། སྐུའི་རྣམ་པ་ནི་གསལ་པོར་མ་མཐོང་ཡང་། མདུན་ན་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་ཞིག་བཞུགས་ནས་ཡོད་དོ། །རང་ཉིད་ཀྱང་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་དངོས་ཡིན་ནོ། །བདག་མདུན་གཉིས་ཀྱི་ཐུགས་ཀར་ཧཱུྃཡིག་ལ་ཡིག་དྲུག་གམ་གཟུངས་རིང་བསྐོར་ནས་འཁོར་ཞིང་ཡོད་དོ། །སྙམ་པའི་སྣང་བ་གཅིག་ལ་བརྟེན་ནས། ཨ་རཱ་གས་བྲིས་པའོ།།

སྨྱུང་ཆོག

p. 355

དཀར་ཕྱོགས་དང་། ངག་བཅད་འཐོར་ཡན་དང་། གདན་གཅིག་དུས་འདི་འདོན་ནོ། །དེ་མིན་སུས་འདོན་ནའང་མགོའི་སྡོམ་ལུང་སྐྱུར་དགོས། འདི་མེད་ན་དཀར་ཕྱོགས་དང་ངག་བཅད་གོ་ཆོད་པོ་ཞིག་མི་འོང་བས་ག་ལ་ཆེ། ངག་བཅད་ཉིན་པར་ཁ་གྲག་མི་རུང་བས་འདི་ཡིད་འདོན་བྱ། ངག་བཅད་ཉིན་པར་ཕྱག་བསྐོར་ཡང་མི་རུང་བར་བཤད། སྒོམ་གྱིས་སྡོད་ལ་ཡིག་ཆུང་སྐྱུར་ལ་ཡིག་ཆེན་རྣམས་འདོན་པར་གྱིས།།

p. 356

སྤྱན་རས་གཟིགས་དབང་དགེ་སློང་དཔལ་མོ་དང་། །ཡེ་ཤེས་བཟང་པོ་ཟླ་བ་གཞོན་ནུ་དང་། །པེ་ཉ་པ་དང་བྱང་སེམས་ཟླ་རྒྱལ་ཞབས། །ཉི་ཕུག་པ་དང་སྤུ་སྟོན་རྡོ་རྗེ་རྒྱལ། །ཞང་སྟོན་དགྲ་འཇིགས་མཁན་པོ་རྩེ་འདུལ་བ། །བདེ་བ་ཅན་པ་མཁས་པ་ཆུ་བཟང་བ། །ཤེས་རིབ་འབུམ་པ་རྒྱལ་སྲས་རིན་པོ་ཆེ། །དཀོན་མཆོག་བཟང་པོ་བླ་མ་ངག་དབང་བ། །བྱང་ཆུབ་སེང་གེ་མཁན་ཆེན་སྙག་ཕུ་པ། །བསོད་ནམས་དར་དང་འཇམ་དཔལ་བཟང་པོ་དང་། །སངས་རྒྱས་མཉན་པ་མི་བསྐྱོད་རྡོ་རྗེའི་ཞབས། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་དང་། །

p. 357

ཆོས་ཀྱི་དབང་ཕྱུག་ངག་གི་དབང་ཕྱུག་དང་། །སྤྲུལ་སྐུ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་དང་། ༈ ཀརྨ་ཆགས་མེད་པདྨ་ཀུན་དགའ་དང་། །ཕྲིན་ལས་དབང་འབྱུང་ཤེས་རབ་གྲགས་པའི་དཔལ། །ཀརྨ་ཚངས་དབྱངས་བསྟན་འཛིན་ཕྲིན་ལས་རྗེ། །ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཞབས། །དྲིན་ཆེན་རྩ་བའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་ལོ་ཀེ་ཤྭ་ར་ཡ། དཀར་ཕྱོགས་བསྲུང་ངམ་ངག་བཅད་བསྲུང་ཡང་རུང་སྟེ། གཞི་དཀར་པོའི་སྟེང་དུ་ནས་ཀྱིས་པདྨ་འདབ་བརྒྱད་བྲི། བུམ་པ་ཁ་རྒྱན་ཅན་དང་མར་མེ་ཡོན་ཆབ་འཛོམ་ན་བཤམ།

p. 358

གཏོར་མ་ཟླུམ་པོ་ཞིག་གམ། མེད་ན་མར་རམ་ཐུད་དུམ་བུ་བཞག །བུམ་པ་མ་འཛོམས་ན་སྣོད་གང་བདེ་རུ་ཆུ་གཙང་མ་བཤམ། ཡན་ལག་ལྔ་ཁྲུས་བྱ། ཆབ་བླང་། ཐང་ཀ་སོགས་རྟེན་ཡོད་ན་བཤམ། མེད་ན་ཡང་ནམ་མཁར་བླ་མ་སྤྱན་རས་གཟིགས་བཞུགས་ཡོད་པར་བསྒོམས་ལ་ཕྱག་གསུམ་འཚལ། ཐུགས་རྗེ་ཆེན་པོའི་དྲུང་དུ་གསོ་སྦྱོང་གི་སྡོམ་པ་ཞུ་བསམ་པར་བྱས་ལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་བླངས་པ་དེ་བཞིན་

p. 359

དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླངས་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུག་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་བརྗོད་དོ། །ཨོཾ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར་མ་ཧཱ་ཤུདྡྷ་སཏཱ། པདྨ་བི་བྷུ་ཏི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མན་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཉེར་གཅིག་བརྗོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་

p. 360

མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཐོབ་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་རིན་ཆེན་གཞིར། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །གཞལ་མེད་ཁང་པ་ཡིད་འོང་བར། །བདག་ཉིད་ཐུགས་རྗེ་ཆེན་པོ་རུ། །རྣམ་པར་གསལ་བའི་ཐུགས་ཀ་ན། །ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི། །སྟེང་དུ་ཧཱུྃཡིས་མཚན་པར་གྱུར། །དེ་ནས་མདུན་གྱི་ནམ་མཁར་ནི། །རིན་ཆེན་ཁྲི་དང་ཆུ་སྐྱེས་མཆོག །འབུམ་ཕྲག་འདབ་ལྡན་དེའི་སྟེང་དུ། །ཟླ་བའི་དཀྱིལ་འཁོར་བཅས་པའི་སྟེང་། །རང་གི་ཐུགས་ཀའི་ཧཱིཙཡིག་ལས། །འོད་འཕྲོས་དཔལ་ལྡན་བླ་མ་དང་། །ཐུགས་རྗེ་ཆེན་པོ་དབྱེར་མེད་ལ། །རིགས་བཞིའི་སངས་རྒྱས་བྱང་སེམས་ཀྱིས། །བསྐོར་བ་སྤྱན་དྲངས་བཞུགས་པར་གྱུར།། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་

p. 361

ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར་། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བདག་གི་སྙིང་གའི་ས་བོན་ལས། །འཕྲོས་པའི་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་སོགས། །འཛིན་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུཥྛ་ཨཱཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཊཿཧཱུྃ། ཨོཾ་བཛྲ་ནེ་ཝི་དྱ་ཨཱཧཱུཾ། ཨོཾ་བཛྲ་ཤབྡ་ཨཱཧཱུཾ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་ནི་མ་རིག་དབང་གྱུར་པས། །སྡོམ་པ་གསུམ་དང་འགལ་བ་རྣམས། །རབ་ཏུ་འགྱོད་པས་བཤགས་པར་བགྱི། །གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་

p. 362

གང་གྱུར་པ། །སྐྲག་པས་རྨི་འདྲར་བཤགས་བགྱིད་ཅིང་། །དེང་ནས་བརྩམ་སྟེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང་། །འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །ནམ་ཡང་བདེ་མེད་མ་གྱུར་ཅིག །བཏང་སྙོམས་ཆེན་པོར་གནས་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོཉཧཾ། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨརྨ་ཀོཉཧཾ། གཟུང་དང་འཛིན་པས་བསྡུས་པ་ཡི། །ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་པདྨ་དང་། །ཟླ་བའི་དཀྱིལ་འཁོར་ཉ་གང་བའི། །སྟེང་དུ་རང་སེམས་ཧྲཱིདཀར་ལས། །འོད་འཕྲོས་སེམས་ཅན་དོན་བྱས་ནས། །ཚུར་འདུས་ཧྲཱི༔ཡིག་པདྨ་ནི། །གསེར་མདོག་འབར་བ་ཧིས་མཚན་གྱུར། །སླར་ཡང་དེ་ལས་ལྕགས་ཀྱུ་དང་། །ཞགས་པ་ལྟ་བུའི་འོད་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སྤྱན་དྲངས་དེ་ལ་ཐིམ་པ་ཡིས། །སྐད་ཅིག་ཉིད་ལ་པདྨ་ནི། །ཧིདང་བཅས་པ་ཡོངས་གྱུར་ལས། །བདག་

p. 363

ཉིད་འཕགས་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ལང་ཚོ་ཅན། །བཅུ་གཅིག་ཞལ་གྱི་རྩ་ཞལ་དཀར། །གཡས་ལྗང་གཡོན་དམར་དེ་ཡི་སྟེང་། །དབུས་ལྗང་གཡས་དམར་གཡོན་དཀར་བ། །དེ་སྟེང་དབུས་དམར་གཡས་དཀར་ཞིང་། །གཡོན་ལྗང་བ་རྣམས་ཞི་ཞལ་ཅན། །དེ་སྟེང་ཁྲོ་ཞལ་ནག་པོ་ནི། །སྤྱན་གསུམ་མཆེ་གཙིགས་ཁྲོ་གཉེར་ཅན། །དེ་ཡི་སྟེང་ན་ཞི་ཞལ་ནི། །དམར་པོ་གཙུག་ཏོར་ལྡན་པ་ཉིད། །རྒྱན་སྤངས་མགུལ་བཅས་རྣམ་པར་གསལ། །རྩ་བའི་ཕྱག་བརྒྱད་དང་པོ་གཉིས། །ཐུགས་ཀར་ཐལ་སྦྱར་གཡས་གཉིས་པས། །བགྲང་ཕྲེང་གསུམ་པས་མཆོག་སྦྱིན་མཛད། །བཞི་པས་འཁོར་ལོ་འཛིན་པ་སྟེ། །གཡོན་གྱི་གཉིས་པས་པདྨ་དང་། །གསུམ་པས་སྤྱི་བླུགས་བཞི་པ་ཡིས། །མདའ་གཞུ་ཡོངས་སུ་འཛིན་པའོ། །དེ་ལྷག་ཕྱག་ནི་དགུ་བརྒྱ་དང་། །དགུ་བཅུ་རྩ་གཉིས་མཆོག་སྦྱིན་མཛད། །དེ་ལྟར་སྟོང་ཕྲག་ཕྱག་ཀླུ་རྣམས་ཀྱི། །མཐིལ་དུ་སྤྱན་རེ་ལྡན་པའོ། །ནོར་བུ་རིན་ཆེན་རྒྱན་འཕྱང་ཞིང་། །སྐུ་སྟོད་ནུ་མ་གཡོན་པ་ནི། །རི་དྭགས་ལྤགས་པས་ཡོངས་བཀབ་པ། །ཀ་ཤིའི་རས་ཀྱི་ཤམ་

p. 364

ཐབས་ཅན། །ཡིད་འོང་དར་གྱི་ཅོད་པན་འཛིན། །འོད་ཟེར་དཀར་པོ་འཕྲོ་བར་གྱུར། །དེ་ཡི་ཐུགས་ཀར་ཟླ་བའི་སྟེང་། །ཧྲཱི༔ཡིག་དཀར་པོའི་འོད་ཟེར་གྱིས། །པོ་ཏ་ལ་ནས་སྤྱན་རས་གཟིགས། །འཁོར་དང་བཅས་པ་སྤྱན་དྲངས་གྱུར། །ཨོཾ་བཛྲ་ཨརྒྱུ་པུཎྜེ་དྷུ་པེ་ཨཱ་ལོ་ཀེ་གནེ་ནེ་ཝི་དྱ་ཤརྡ་ཨཱཿཧཱུྃ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་གྱུར། །དེ་ནས་རང་ཉིད་གནས་གསུམ་དུ། །ཡི་གེ་གསུམ་གྱིས་མཚན་པར་གྱུར། །ཨོཾ་ཨཱཿཧཱུྃ། སླར་ཡང་ཧྲཱིལས་འོད་འཕྲོས་པས། །དེ་བཞིན་གཤེགས་པ་ལྔ་བྱོན་ཏེ། །དེ་དག་རྣམས་ཀྱི་ཐུགས་ཀ་ནས། །ཡེ་ཤེས་བདུད་རྩི་འཛིན་པ་ཡི། །ཡུམ་བཞི་འཕྲོས་ནས་བདག་ཉིད་ལ། །མངོན་པར་དབང་བསྐུར་ཆུ་ཡི་ལྷག །སྟེང་དུ་ལུད་པས་སྤྱི་གཙུག་ཏུ། བླ་མའི་ངོ་བོ་འོད་དཔག་མེད། །དཔྲལ་བར་མི་བསྐྱོད་རྣ་གཡས་སུ། །རིན་འབྱུང་རྣ་གཡོན་དོན་གྲུབ་ཉིད། །ལྟག་པར་རྣམ་པར་སྣང་མཛད་དེ། །རིགས་བདག་རྣམས་ཀྱིས་དབུ་

p. 365

བརྒྱན་གྱུར། །རང་གི་ཐུགས་ཀར་པད་ཟླའི་སྟེང་། །ཡེ་ཤེས་སེམས་དཔའི་ངོ་བོ་ཉིད། །ཐུགས་རྗེ་ཆེན་པོ་ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་ངེ་འཛིན། །སེམས་དཔའ་ཧཱི༔ཡིག་དཀར་པོ་ལས། །འོད་འཕྲོས་འགྲོ་བའི་སྒྲིབ་སྦྱངས་ནས། །ཐུགས་རྗེ་ཆེན་པོའི་སྐུར་གྱུར་པས། །ཚུར་འདུས་ཧྲུལ་ཐིམ་པར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བེ་རོ་ཙ་ན་བྷུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡ་ཏེ་སམྱཀཾ་བུདྡྷ་ཡ། ན་མསརྦ་ཏ་ཐཱ་ག་ཏེ་ཨརྟ་ཏེ་རཿ སམྱཀཾ་བུདྡྷེ་བྷྱ༔ ན་མཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། ཞེས་གཟུངས་རིང་དེ་གསུམ་བདུན་ཉེར་གཅིག་ཅི་འགྲུབ་བཟླས། ཨོཾ་དྷ་ར། མན་ཆད་ཅི་འགྲུབ་སྒྱུ་བཟླའོ། །ཨོཾ་སྭ་བྷ་ཝས་སྦྱངས། ཆོས་རྣམས་ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་རང་ཉིད་ཀྱི། །ཐུགས་ཀའི་ཧཱུྃལས་ཧཱུྃ་ཡིག་ནི། །མདུན་དུ་འཕྲོས་ནས་ཞུ་བ་

p. 366

ལས། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ལྡན་པའི་དབུས། །རིན་ཆེན་ཁྲི་དང་ཟླ་བའི་སྟེང་། །སྣ་ཚོགས་པདྨ་འདབ་བརྒྱད་ཀྱི། །ལྟེ་བར་ཧཱུྃལས་རང་འདྲ་བའི། །ཐུགས་རྗེ་ཆེན་པོའི་རྣམ་པར་གསལ། །སྟེང་དུ་ཧཱུྃ་ལས་འོད་དཔག་མེད། །དམར་པོ་ཏིང་འཛིན་ཕྱག་རྒྱ་ཅན། །ཤར་དུ་ཧཱུཾ་ལས་མི་བསྐྱོད་པ། །སྔོན་པོ་ས་གནོན་ཕྱག་རྒྱ་ཅན། །ལྷོ་རུ་ཏཱཾ་ལས་རིན་འབྱུང་ནི། །སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །ནུབ་ཏུ་ཨོཾ་ལས་རྣམ་སྣང་མཛད། །དཀར་པོ་བྱང་ཆུབ་མཆོག་གི་ཚུལ། །བྱང་དུ་ཨཱལས་དོན་གྲུབ་ནི། །ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །གནས་གསུམ་མཚན་པའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་རྣམས། །སྤྱན་དྲངས་ཐིམ་པས་གཉིས་མེད་གྱུར། །ཛཿཧཱུྃ་བཾ་ཧོཿ ཡན་ལག་བདུན་པ་འབུལ་བ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་

p. 367

མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །བདག་གི་སྙིང་གའི་ས་བོན་ལས། །འཕྲོས་པའི་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་སོགས། །འཛིན་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུཊྚེ་ཨཱཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཧཱུཾ། ཨོཾ་བཛྲ་ནེ་ཝི་དྱ་ཨཱཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཧཱུཾ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་ནི་དུག་གསུམ་དབང་གྱུར་པས། །སྡོམ་པ་གསུམ་དང་འགལ་བ་རྣམས། །རབ་ཏུ་འགྱོད་པས་བཤགས་པར་བགྱི། །གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་བཤགས་

p. 368

བགྱིད་ཅིང་། །དེང་ནས་ཙམ་སྟེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང་། །འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས་། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེར་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །བུམ་པ་མེད་ན་འདི་སྐྱུར། བུམ་པ་ཡོད་ན། །རང་དང་མདུན་དུ་བཞུགས་པ་ཡི། །ཐུགས་རྗེ་ཆེན་པོའི་ཕྱག་མཛུབ་ལས། །ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨརྱ་ཛྙཱ་ན་སཱ་ག་ར་བེ་རོ་ཙ་ན་བྷུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སམྱཀཾ་བུདྡྷ་ཡ། ན་མསརྦ་ཏ་ཐཱ་ག་ཏེ་བྷུ༔ ཨདྷ་ཏེ་བྷུ༔ སམྱཀཾ་བུདྡྷེ་བྷུ༔ ན་མཿཨཱརྱ་ཨ་ཝ་ལོ་ཀི་

p. 369

ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ། ཝ་རེ་ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། གཟུངས་རིང་དེ་བརྒྱ་རྩ་བརྒྱད་བཟླས། དེ་ནས་བདག་བསྐྱེད་ཡེ་ཤེས་པ། །མདུན་བསྐྱེད་གཙོ་བོར་ཐིམ་གྱུར་ནས། །རང་གི་སྤྱི་བོར་དགེ་སློང་མ། །དཔལ་མོ་བཞུགས་ནས་ངོ་ཆེན་མཛད། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ་བྷིཀྵ་ཤི་ན་ཏེ་སྟོཏྟ་ན་མཿ བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དགེ་སློང་མ་དཔལ་མོས་བསྟོད་པ་ཞེས་བྱ་བ། ཨོཾ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་ཁྱུ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་བྱས་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་

p. 370

བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་འཇམ་ཞིང་གཞོན་པ་པོ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་

p. 371

འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེག་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་། །སྐྱེ་བ་འདི་དང་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དགེ་སློང་མ་དཔལ་མོས་ལི་ཁ་ར་ཤིང་འཕེལ་དུ་བསྟོད་པ་རྫོགས་ངསོ།། །།བསྟན་པ་བསྟན་འཛིན་ཡུན་རིང་གནས་པ་དང་། །བདག་སོགས་འགྲོ་རྣམས་བྱང་ཆུབ་སེམས་འབྱོངས་ཤིང་། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་རབ་ཐོབ་ནས། །ཀུན་

p. 372

མཁྱེན་ཤེས་རབ་རྟོགས་པར་བྱིན་གྱིས་རློབས། །དེ་ནས་གཏོར་མ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོཉཧཾ༔ ཨོཾ་ཨཱཧཱུཾ། ཁ་དོག་དྲི་རོ་ནུས་པ་རྣམས། །ཕུན་ཚོགས་ལྡན་པའི་གཏོར་མ་འདི། །འཕགས་པ་སྤྱན་རས་གཟིགས་དབང་དང་། །རྒྱལ་བ་སྲས་བཅས་རྣམས་ལ་འབུལ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱ༔ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། ཨོཾ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་བཟང་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །སྤྱན་རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །དེ་ནས་ཡིད་ཀྱིས་སྤྱན་རས་གཟིགས་ལ་ཁྲུས་གསོལ་བར་བསྒོམ་ཞིང་། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་རབ་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །བཅོམ་ལྡན་བདག་ལ་དགོངས་སུ་

p. 373

གསོལ། །བདག་ཅག་བྱིང་རྒོད་དབང་དུ། །ཏིང་འཛིན་མི་གསལ་སྔགས་ཉམས་དང་། །གཙང་སྦྲ་ཆུང་སོགས་བཟོད་པར་གསོལ། །ཨོཾ་པདྨ་སཏཱ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲིདྷོ་མེ་བྷ་ཝ། སུ་ཏོཏྟོ་མེ་བྷ་ཝ། སུ་པོཁྱོམེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། །ཙིཏྟཾ་ཤི་ཡཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། པདྨ་མཱ་མེ་མུཉྩ། པདྨ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ དེ་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། མདུན་གྱི་ནམ་མཁར་འཕགས་པ་མཆོག །ཡི་གེ་དྲུག་པ་བྱོན་གྱུར་པའི། །ཕྱག་ནས་བབ་པའི་བདུད་རྩི་ཡིས། །ཁྲུས་བྱས་སྒྲིབ་གསུམ་དག་གྱུར་ཅིག །ལྷ་ཡང་སྤྱི་བོར་ཐིམ་པར་གྱུར། །ཐུགས་རྗེ་ཕྱག་ན་པདྨ་ཡིས། །ཡིད་ཀྱི་པདྨ་ཁ་བྱེ་ནས། །རི་བོ་ཏ་ལར་གཤེགས་ནས་ཀྱང་། །ཚུར་བྱོན་ཐུགས་རྗེ་ཆེན་པོ་མུ། །ཞེས་བརྗོད་པས་མདུན་བསྐྱེད་གཤེགས་པར་བསམ། བདག་བསྐྱེད་ཞལ་གཅིག་ཕྱག་གཉིས་པ། །ཐུགས་རྗེ་ཆེན་པོར་གསལ་བར་གྱུར། །དགེ་བ་དའི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་

p. 374

ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བྱ་གྲག་ཟླ་བ་དང་། ཆོ་འཕྲུལ་གྱི་ཟླ་བ་སྟེ། འབུམ་འགྱུར་གྱི་ཟླ་བ་ཡིན་པས་བཟང་། དཀར་ཕྱོགས་དང་སྨྱུང་གནས་ཀྱི་དུས་ཉིན་རེ་ཚར་གསུམ་རེ་འདོན། དེ་ལ་སྡོམ་ལུང་ཞོགས་པ་གཅིག་གིས་ཆོག །ཚེས་གཅིག་ནས་བཅོ་ལྔའི་བར་དུ་བསྲུང་། བཅུ་དྲུག་ཉིན་སྡོམ་ལུང་སྐྱུར་དེ་མིན་ཚར་གཅིག་འདོན། དེ་ལ་ཞག་བཅོ་ལྔ་ལ་ཆོ་ག་ཚར་གསུམ་རེ་དང་གཟུངས་འདོན་པ་བཅུ་གཅིག་ཞལ་གྱི་བསྙེན་པ་ཚང་བ་ཡིན། བཅུ་གཅིག་ཞལ་གྱི་གཟུངས་ཀྱི་ཕན་ཡོན་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་པ་ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཅིང་བྱང་བར་འགྱུར་རོ། །མཚམས་མེད་པ་ལྔ་པོ་དག་ཀྱང་མ་ལུས་པར་བྱང་བར་བགྱིད་པར་འགྱུར་ལྟོན༔ ཇི་སྐད་དུ་བཤད་པ་བཞིན་དུ་ནན་ཏན་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བགྱིའོ། །སུ་ཞིག་བདག་གི་སླད་དུ་ཚེས་བཅུ་བཞིའམ་བཅོ་ལྔ་ལ་སྨྱུང་བར་བགྱིས་ན། དེ་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ། །ནངས་པར་སྔ་བར་ལངས་ནས་བརྒྱ་རྩ་བརྒྱད་བཏོན་ན་ཚེ་འདི་ཉིད་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེ་ན། བྲོ་ནད་མ་མཆིས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་བ་དང་། དེའི་

p. 375

སྒྲིབ་པ་མི་འཚལ་བར་ནོར་དང་འབྲུ་དང་དབྱིགས་རྣམས་རྙེད་པར་འགྱུར་བ་དང་། དགྲ་ཐམས་ཅད་འགུག་ཅིང་མཐུན་པར་འགྱུར་བ་དང་། རྒྱལ་པོའི་ཚོགས་རྣམས་གསོང་པོར་སྨྲ་བར་སེམས་པར་འགྱུར་བ་དང་། ལུས་ལ་དུག་གིས་མི་ཚུགས་པ་དང་། རིམས་ཀྱིས་མི་ཚུགས་པ་དང་། མཚོན་ཆས་མི་ཚུགས་པར་འགྱུར་བ་དང་། ཆབ་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། དུག་གིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། དུས་ལ་མ་བབ་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་ཡིན་ནོ། །གཞན་ཡང་ཡོན་ཏན་བཞི་པོ་ཡོངས་སུ་འཛིན་པར་འགྱུར་ཏེ། འགུམ་པའི་ཚེ་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་བ་དང་། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། ཡ་ང་བ་མ་སྤངས་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང་། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ལགས་སོ། །ཞེས་གསུངས་སོ། །ཆོས་འདིའི་བརྒྱུད་རིམ་གྱི་གསོལ་འདེབས་བྱ་འདོད་ན། སྤྱན་རས་གཟིགས་དབང་སོགས། ༧ ཞེས་པ་འདི་རྗེ་དཀོན་མཆོག་ཡན་ལག་གིས་མཛད་པའི་སྨྱུང་ཆོག་སོར་བཞག་སྟེ་གབ་འཁྲུགས་བསལ་ནས་གོ་བདེ་ཞིང་ཡི་གེ་ཤེས་ཚད་ཀྱིས་འདོན་ཆོག་པར། རཱ་ག་ཨ་སྱས་བསྒྲིགས་པ་སྟེ་གཞུང་སོར་བཞག་ཡིན་གྱི་རང་བཟོ་ཅུང་ཟད་ཀྱང་མེད་པས་ཡིད་ཆེས་པར་གྱིས། ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་

ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འཁོར་བ་དོང་སྤྲུགས།

p. 376
p. 377

ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འཁོར་བ་དོང་སྤྲུགས་བཞུགས་སོ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བ་མ་ལུས་སངས་རྒྱས་ཐོབ་པའི་ཕྱིར། །བདག་གིས་ཐུགས་རྗེ་ཆེན་པོ་བསྒྲུབ་པར་བྱ། །ཨོཾ་སྭ་བྷ་ཝ༔ སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་། །རང་སེམས་ཧྲཱིལས་འོད་འཕྲོས་རྒྱལ་བ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་འཛུམ་མཛེས་སྤྱན་གཉིས་འགྲོ་ལ་གཟིགས། །རིན་ཆེན་དབུ་རྒྱན་དར་གྱི་ཅོད་པན་ཅན། །ཕྱག་བཞི་དང་པོའི་ཐུགས་ཀར་ཐལ་མོ་སྦྱར། །གཡས་འོག་ཤེལ་ཕྲེང་གཡོན་འོག་པད་དཀར་འཛིན། །རི་དྭགས་པགས་པས་ནུ་མ་གཡོན་བཀབ་ཅིང་། །སྣ་ཚོགས་དར་གྱི་ན་ལུ་བཟའ་རིན་ཆེན་བརྒྱན། །རྡོ་རྗེ་སྐྱིལ་ཀྲུང་འོད་ཟེར་འཕྲོ་བར་བསྒོམ། །དེ་ཡི་སྤྱི་བོར་ཨོཾ་དཀར་མགྲིན་པ་ནི། །ཨཱཡིག་དམར་པོ་ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་དབུས་སུ་ཧྲཱི༔ཡིག་དཀར་པོས་མཚན། །དེ་ལས་འོད་འཕྲོས་པོ་ཏ་ལ་གནས་ནས། །ཡེ་ཤེས་སེམས་དཔའ་ནམ་མཁར་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔དམ་ཡེ་དབྱེར་

p. 378

མེད་ཅིང་། །དབང་ལྷས་དབང་བསྐུར་འོད་དཔག་དབུ་རྒྱན་གྱུར། །ཨོཾ་ལོ་ཀི་ཤྭ་རི་ཨནྡྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། ཐུགས་ཀའི་ཧྲཱིལ་ཡིག་དྲུག་འཁོར་བ་ལས། །འོད་འཕྲོས་ཕྱོགས་ཀློབཅུའི་སངས་རྒྱས་ཐམས་ཅད་མཆོད། །བྱིན་རླབས་ཐམས་ཅད་རང་ལ་སིབ་སིབ་ཐིམ། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱང་། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །།ཡིག་དྲུག་འུར་འུར་ཆེམ་ཆེམ་བཟླས་པར་གྱུར། །གཟུགས་སུ་གྱུར་ཚད་ཐུགས་རྗེ་ཆེན་པོའི་སྐུ། །སྒྲ་རུ་གྲག་ཚད་ཡི་གེ་དྲུག་པའི་སྒྲ། །།ཡིད་ལ་དྲན་ཚད་ཤར་གྲོལ་ཆོས་ཀྱི་སྐུ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླས་སོ། །འདི་ལྟར་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་སོགས། །དུས་གསུམ་བསགས་པའི་དགེ་བ་ཅི་མཆིས་པ། །འགྲོ་ཀུན་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྔོ། །དེ་ཡི་དགེ་བས་བདག་ཀྱང་འཆི་འཕོས་ཚེ། །བདེ་བ་ཅན་གྱི་ཞིང་དུ་བརྫུས་སྐྱེས་ནས། །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཅིང་། །ས་

p. 379

བཅུ་ཐོབ་ནས་ཕྱོགས་བཅུའི་ཞིང་རྣམས་སུ། སྤྲུལ་པ་དུ་མས་འགྲོ་བ་འདྲེན་པར་ཤོག །ཅེས་པ་ཨ་མཆོད་གཟུར་སྐྱབས་ཀྱི་ཐུགས་དམ་བྱ་ཕྱིར། ༧ ཨ་རཱ་གས་སྦྱར་བའོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་དབང་ཆོག་བསྡུས་པ།

p. 380
p. 381

དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་དབང་ཆོག་བསྡུས་པ་བཞུགས་སོ། །

p. 382

ན་མོ་ལོ་ཀི་ཤྭ་ར་ཡེ། སྨྱུང་ཆོག་རྒྱས་པ་ནི་གཞན་དུ་གསལ། འདིར་གློ་བུར་མགྱོགས་དབང་བསྐུར་ན། ཕྱོགས་མདོག་གི་པདྨ་འདབ་བཞིའམ་ཚོམ་བུ་ལྔ་བཀོད། བུམ་པ་དྲུག་གམ་གཉིས། དབང་གཏོར་ལ་སྐུ་བཙུགས་པ་དང་པོ་ཏི་བཤམས། སྤྲོ་ན་དབུ་རྒྱན་དང་དར་དཔྱངས་བཤམ་མོ། །རྒྱས་པར་ན་བདག་མདུན་སོགས་སྨྱུང་ཆོག་ལྟར་རྒྱས་པར་བྱ། བསྡུ་ན་སྐྱབས་སེམས་སོགས་སྤྱིའི་སྔོན་དུ་སོང་བས་འཐུས་ལ་རྣམ་ལྔ་བཤམས་ལ། བདག་གིས་སེམས་ཅན་ཀུན་དོན་དུ། །བཅོམ་ལྡན་བཅུ་གཅིག་ཞལ་བསྒྲུབ་སྟེ། །འགྲོ་བ་ཀུན་ཀྱང་བཅོམ་ལྡན་འདས། །འཕགས་མཆོག་གོ་འཕང་ལ་བཀོད་བྱ། །རང་ཉིད་བཅོམ་ལྡན་སྤྱན་རས་གཟིགས། །

p. 383

གསལ་བའི་ཐུགས་ཀར་པདྨ་དང་། །ཟླ་བའི་སྟེང་དུ་ཡི་གེ་ཧཱུ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་བཅུ་གཅིག་ཞལ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །སྤྱན་དྲངས་མདུན་དུ་བཞུགས་པ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བྷནྡྷ་ནཾ་ཀཱ་རོ་མཱི། ཞེས་ཕྱག་འཚལ་བར་མོས་ནས། སྙིང་གི་ས་བོན་ལས་འཕྲོས་པའི། །མེ་ཏོག་ལ་སོགས་རང་མིང་གི །མཆོད་རྫས་འཛིན་པའི་ལྷ་མོ་ཡིས། །རིན་ཆེན་བདུན་ལ་སོགས་པས་མཆོད། །སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་པུཥཱ་

p. 384

སོགས། བདག་དང་མཁའ་མཉམ་སེམས་ཅན་གྱི། །མི་དགེའི་ལས་ཀུན་མཐོལ་ཞིང་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །རྒྱལ་ཀུན་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དགེ་ཀུན་རྫོགས་པའི་བྱང་ཆུབ་བསྔོ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཚོགས་རྟེན་རང་བཞིན་གནས་སུ་གཤེགས། །སེམས་ཅན་བདེ་ལྡན་སྡུག་བསྔལ་དང་། །བྲལ་ཞིང་བདེ་ལས་ཉམས་མེད་པ། །ཀུན་ལ་སྙོམས་པའི་བཏང་སྙོམས་གྱུར། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ཆོས་རྣམས་ཐམས་ཅད་དངོས་མེད་པ། །རང་བཞིན་དག་པའི་སྟོང་པ་ཉིད། །དེ་ཡི་ངང་ལས་མ་གཡོས་བཞིན། །སྙིང་རྗེས་བྱང་ཆུབ་སེམས་བསྐུལ་བ། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །རང་ལྷའི་ས་བོན་ཡི་གེ་ཧྲཱིཿ །དཀར་པོ་འོད་ཟེར་འབར་བ་གསལ། །པདྨའི་ཕྱག་རྒྱས། དེ་ལས་འོད་འཕྲོས་སེམས་ཅན་ཁམས། །སྦྱངས་ཏེ་སྤྱན་རས་གཟིགས་བྱས་དང་། །འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །ཕྱག་སྟོང་སྤྱན་སྟོང་རྣམ་པར་དྲངས། །ཀུན་ཀྱང་འོད་

p. 385

ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱུར་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏོདྦྷ་ཝ་སྭཱ་ཧཱ། དེ་དག་ཡོངས་སུ་གྱུར་པ་ལས། །རང་ཉིད་བཅོམ་ལྡན་བཅུ་གཅིག་ཞལ། །སྐུ་མདོག་དཀར་པོ་མཚན་དཔེ་ལྡན། །ཕྱག་སྟོང་སྤྱན་སྟོང་རྩ་ཕྱག་བརྒྱད། །ཐལ་སྦྱར་པད་ཕྲེང་ལ་སོགས་འཛིན། །ན་བཟའི་ཤམ་ཐབས་སོགས་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། །པདྨ་ཟླ་བའི་གདན་སྟེང་དུ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས། །དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །ཧཱི༔ཡིག་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ཨོཾ་ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །རྒྱལ་བ་རིགས་ལྔས་དབུ་རྒྱན་གྱུར། །སླར་ཡང་ཧཱུྃཡིག་འོད་ཟེར་གྱིས། །པོ་ཊ་ལ་ནས་བཅུ་གཅིག་ཞལ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་པུངྒེ་སོགས། ཛཿཧཱུྃ་བཾ་ཧོརང་ཉིད་ལ། །དགུག་གཞུག་བཅིང་དང་མཉེས་གྱུར་པས། །ཐུགས་ཀའི་པད་

p. 386

ཟླར་ཡེ་ཤེས་སེམས། །ཐུགས་རྗེ་ཆེན་པོ་ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས། །ཡིག་དཀར་པོར་འོད་འཕྲོས་པས། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །དེ་ནས་རང་ཉིད་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃལས་སྤྲུལ་པ་ཡི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུལླེ་སོགས། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །གཟུངས་ཅུང་ཟད་བཟླའོ། །མདུན་བསྐྱེད་རྟེན་སྐུ་ཙཀླུ་གཏོར་མའི་རྩེར། མཎྜལ་ལྷ་མོ་ལྔ་བསྐྱེད་དེ། ཨོཾ་རྒྱ་གྷི་ཝ་ཧཱུྃ་ཕཊ། རིམ་གྱིས་ཐམས་ཅད་སྟོང་པ་ལས། །ཧཱུྃ་ལས་གཞལ་ཡས་ཁང་པ་ནི། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི། །སྒོ་བཞིར་ཐེམ་སྐས་ལྡན་པ་ཡི། །ཕྱི་ཁྱམས་མཚོ་དང་རྫིང་བུ་ནི། །ཆུ་བྱ་སྣ་ཚོགས་བཅས་པ་དང་། །དཔག་བསམ་ཤིང་དང་བུམ་པ་བཟང་། །མེ་ཏོག་སྣ་ཚོགས་ཀྱིས་ཁྱབ་པ། །རྡོ་རྗེའི་ར་བ་འོད་ཟེར་གྱི། །ཕྲེང་བས་ཀུན་ནས་བསྐོར་བ་ཡི། །དབུས་སུ་སེང་ཁྲི་པད་སྟེང་དང་། །བུམ་པ་བྷྲཱུཾ་

p. 387

ལས་གཞལ་ཡས་ཁང་། །བཅུད་ནི་བོ་ལས་བདུད་རྩིའི་མཚོ། །དེ་ནང་པཾ་ལས་པད་སྡོང་དང་། །ཟླ་བའི་དཀྱིལ་འཁོར་གདན་གྱི་སྟེང་། །མདུན་བུམ་ཧྲཱིལས་རང་འདྲ་བའི། །ཐུགས་རྗེ་ཆེན་པོའི་རྣམ་པར་གསལ། །དེ་ཡི་ཕྱོགས་བཞིར་སངས་རྒྱས་བཞི། །མི་བསྐྱོད་རིན་འབྱུང་རྣམ་སྣང་མཛད། །དོན་གྲུབ་མཐིང་སེར་དམར་ལྗང་དང་། །ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །ས་གནོན་མཆོག་སྦྱིན་བྱང་ཆུབ་མཆོག །སྐྱབས་སྦྱིན་མཉམ་བཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །མཎྜལ་དབུས་སུ་པད་ཟླའི་སྟེང་། །དབུས་དམར་ཤར་དཀར་ལྷོ་སེར་དང་། །ནུབ་མཐིང་བྱང་ལྗང་ལྷ་མོ་ལྔ། །རང་མདོག་རིན་ཆེན་བུམ་པ་འཛིན། །དར་དང་རིན་ཆེན་བུམ་པ་འཛིན། །ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་སྡིགས་འཛུབ་ཁྲོ་ཆས་རྫོགས། །གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་། །ཧྲཱི༔ཡིག་འོད་ཟེར་གྱིས་བསྐུལ་བས། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །

p. 388

ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །རང་རང་རིགས་བདག་དབུ་རྒྱན་གྱུར། །སླར་ཡང་ཧཱུྃཡིག་འོད་ཟེར་གྱིས། །པོ་ཊ་ལ་ནས་བཅུ་གཅིག་ཞལ། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་བཛྲ་པུལླེ་སོགས། ཛཿཧཱུྃ་བཾ་ཧོདམ་ཚིག་པར། །དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །ཐུགས་ཀར་པད་ཟླར་ཡེ་ཤེས་སེམས། །ཐུགས་རྗེ་ཆེན་པོ་ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས། །ཧཱི༔ཡིག་དཀར་པོར་འོད་འཕྲོས་པས། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །མདུན་གྱི་ཐུགས་རྗེ་ཆེན་པོ་ནི། །ཕྱག་མཛུབ་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་གྱུར། །ལས་བུམ་ཁྲོ་བོས་བར་ཆད་བགེགས། །ཐམས་ཅད་མ་ལུས་བཟློག་པར་བསམ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མཿཨཱརྱ་ཛྙཱ་ན་སཱ་ག་ར་བེ་རོ་ཙ་ན། བྷཱུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྡ་ཏེ་སམྱཀཾ་བུདྡྷཱ་ཡ། །ན་མསརྦ་ཏ་ཐཱ་ག་ཏེ་བྷ། ཨརྟ་ཏེ་བྷུ། སཾ་མྱཀཾ་བུདྡྷེ་བྷུ། ན་མཨརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ་བོ་དྷི་སཏྭ་ཡ། མ་ཧཱ་སཾཏཱ་ཡ། མ་ཧཱ་ཀ་རུ་

p. 389

ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར་དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི། །ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། ཞེས་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་ནས་གཟུངས་ཐུང་དང་མ་ཎི་བརྒྱ་རྩ་བཟླས། རྒྱས་པར་ན་གཟུངས་རིང་རྒྱས་པ་ཞིག་བཟླས་སོ། །ལས་བུམ་ནི། ཨོཾ་རྒྱ་གྲི་ཝ་ཧཱུྃ་ཕཊ། བརྒྱ་རྩ་བཟླས། ཨོཾ་བཛྲ་སྤ་ར་ཎ་ཁཾ། ཞེས་བརྗོད་པས་བྱིན་རླབས། རྒྱས་པར་ན་རབ་འབྱམས་མ་སོགས་གང་འདོད། བསྡུ་ན། ཨོཾ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨནྡྷཾ་སོགས། གཏོར་མ། ཨོཾ་ཨཱཿཧཱུྃ་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། མྱུར་དུ་ཐོབ་པར་མཛད་དུ་གསོལ། །བསྡུ་ན། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས། དེ་ནས་རྒྱས་པར་བདག་འཇུག་བླང་། བསྡུ་ན་མི་དགོས། དེ་

p. 390

ནས་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱས། བགེགས་གཏོར་བཏང་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་ཕུལ་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་བསྐུར་བ་ལ། ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན། ཞལ་བཅུ་གཅིག་པ་ཇི་ལྟར་བྱུང་ཚུལ། དེའི་གཟུངས་དང་རྒྱུད་ཇི་ལྟར་གསུངས་ཚུལ། དེའི་མན་ངག་གང་ལས་བརྒྱུད་པ། ཕན་ཡོན་དགོས་ཆེད་བསྟན་པ་དང་ས་བཅད་གསུམ་ལས། དང་པོ་ནི་སྔོན་བསྐལ་པ་མང་པོའི་གོང་དུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། སངས་རྒྱས་བློའོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི་དྲུང་དུ་འགྲོ་དོན་བྱེད་པར་སེམས་བསྐྱེད་དེ། བདག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་དུས་གསུམ་གྱི་སངས་རྒྱས་ཀྱི་མཛད་པ་དང་། རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དུ་སྤྲུལ་ནས། སེམས་ཅན་གཅིག་ཀྱང་མ་ལུས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་བྱའོ། །དེ་ལ་མ་འཁོད་བར་དུ་རང་ཞི་བདེ་བའི་བློ་བྱུང་ན། ངའི་མགོ་ཨརྫ་ཀའི་རྡོག་པོ་བཞིན་དུ་ཚལ་པ་བཅུར་འགས་པར་གྱུར་ཅིག །ལུས་དུམ་བུ་སྟོང་དུ་འགས་

p. 391

པར་གྱུར་ཅིག །ཅེས་སྨོན་ལམ་བཏབ། སངས་རྒྱས་རྣམས་ཀྱིས་ལེགས་སོ་གསུངས་ནས། སྤྲུལ་པ་དཔག་ཏུ་མེད་པས་གང་ལ་གང་འདུལ་དུ་སྤྲུལ་ནས། འགྲོ་བ་རིགས་དྲུག་གི་དོན་བྱས་ཏེ་གནས་ལན་གསུམ་སྟོངས་པར་མཛད་ནས་དྲངས་པས། རི་རབ་ཀྱི་རྩེར་བྱོན་ཏེ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས། སེམས་ཅན་གྱི་ཁམས་ལ་སྐྱེ་བྲི་མེད་པའི་སྟེང་དུ་དུས་སྙིགས་མར་སོང་བ་སེམས་ཅན་རྣམས་ཉོན་མོངས་པ་ཧྲག་འདུག་པས། བདག་གིས་ལན་གསུམ་རིགས་དྲུག་གི་སེམས་ཅན་སྟོངས་པར་དྲངས་ཀྱང་སེམས་ཅན་ཉུང་དུ་མ་སོང་། འཁོར་བ་མ་སྟོངས་པར་འདུག །སེམས་ཅན་གྱི་དོན་མི་འགྲུབ་པར་འདུག་པས་ད་རེས་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་ས་ལ་གནས་པར་བྱའོ་དགོངས་པས། །དམ་བཅའ་ཉམས་པས་དབུ་ཚལ་པ་བཅུར་གས་སོ། །སྐུ་ལུས་དུམ་བུ་སྟོང་དུ་གས་ཏེ་ན་ཚ་མ་བཟོད་ནས། སངས་རྒྱས་རྣམས་ལ་གསོལ་བ་བཏབ་པས། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་བྱོན་ནས། སངས་རྒྱས་འོད་དཔག་མེད་ཀྱིས་སྐུའི་དུམ་བུ་རྣམས་སྙེ་མའི་ཆུན་པོ་ལྟ་བུར་བསྡུས་ནས། དབུ་ཚལ་པ་བཅུར་སོང་བ་ཞལ་དགུར་བྱིན་གྱིས་བརླབས། ཞི་

p. 392

བས་མི་ཐུལ་བ་ལ་ཕྱག་རྡོར་གྱི་ཞལ་བསྣན་ཏེ་བཅུ། དེ་སྟེང་རིགས་འོད་དཔག་མེད་ཀྱི་ཞལ་བཞག་པ་དང་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། དེ་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་བཀའ་བསྩལ་པ་དང་། སྤྱན་རས་གཟིགས་ཀྱིས་སྨྲས་པ། བདག་གིས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲུབ་པར་འགྱུར་ན། །བདག་ལག་པ་སྟོང་མིག་སྟོང་དང་ལྡན་པར་གྱུར་ལ། ལག་པ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་གྱུར་ཅིག མིག་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་གྱུར་ལ། གང་ལ་གང་འདུལ་གྱི་འགྲོ་དོན་བྱེད་པར་གྱུར་ཅིག །ཅེས་གསུངས་པས་སྐད་ཅིག་དེ་ཉིད་ལ་ཕྱག་སྟོང་གི་མཐིལ་དུ་སྤྱན་སྟོང་ཡོད་པའི་བཅུ་གཅིག་ཞལ་དུ་གྱུར་ཏོ། །དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་དབྱངས་གཅིག་དང་ཚིག་གཅིག་ཏུ་ཞལ་བཅུ་གཅིག་པའི་གཟུངས་འདི་ཡང་གསུངས་ཤིང་བྱིན་གྱིས་བརླབས་སོ། །དེ་ནས་སྤྱན་རས་གཟིགས་དེ་སྤྲུལ་པ་དཔག་ཏུ་མེད་པས་འགྲོ་བའི་དོན་མཛད་དོ། །རྒྱུད་སྡེ་རྣམས་གསུང་བ་པོ་དང་། ཉན་པའི་འཁོར་དང་། བཀའ་བསྡུ་བ་པོ་དང་། དེ་འཛིན་ཅིང་གཞན་ལ་སྟོན་པ་པོ་རྣམས་

p. 393

ཐུགས་རྒྱུད་གཅིག་སྟེ་ལྷ་དེ་ཉིད་དམ། སྟོན་པ་པོ་དེ་ཉིད་ཀྱི་སྤྲུལ་པར་བཤད་པ་དང་མཐུན་པར། བསྐལ་པ་གང་གཱའི་ཀླུང་བཅུ་བྱེ་མ་སྙེད་ཀྱི་སྔ་རོལ་ལས་ཆེས་སྔ་རོལ་དུ། སངས་རྒྱས་མནྡ་རའི་དྲི་ཞེས་བྱ་བ་བྱོན་པས་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པའི་ཚེ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཁྱིམ་བདག་དྲག་པོ་ཞེས་བྱ་བས་གཟུངས་འདི་བཟུང་སྟེ། སེམས་ཅན་དཔག་ཏུ་མེད་པ་བསྐལ་པ་ཁྲིའི་འཁོར་བ་ཕྱིར་བསྙིལ་ལོ། །དེ་ནས་བསྐལ་པ་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་ཡང་སྔ་རོལ་ན་སངས་རྒྱས་པདྨ་བརྒྱའི་སྤྱན་བཅུ་གཅིག་ཆགས་པའི་དུས་འཛོམ་པའི་ཚེ། འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པས། དེར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དྲང་སྲོང་གཅིག་ཡོད་པས་གཟུངས་འདི་ཐོས་མ་ཐག་ཏུ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མངོན་དུ་གྱུར་ཏེ། དེ་རྗེས་བསྐལ་པ་གངྒཱ་ཀླུང་གཅིག་གི་བྱེ་མ་སྙེད་ཀྱི་སྔ་རོལ་ན། སངས་རྒྱས་ཐོགས་མེད་པདྨའི་སྤྱན་གཙུག་ཏོར་ཡོན་ཏན་རབ་རྒྱས་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་བཅུ་གཅིག་ཞལ་གྱི་གཟུངས་འདི་གསུངས་པས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་དྲང་སྲོང་གི་བདག་པོ་བྱེ་བ་

p. 394

གཅིག་ཡོད་པ་དེས། རིག་སྔགས་འདི་བསྒྲུབས་པས་ཕྱོགས་བཅུའི་སངས་རྒྱས་ཞལ་མཐོང་ཞིང་། སྐྱེ་མེད་ཆོས་ལ་བཟོད་པ་ཐོབ་ཚུལ་བསྟན་ཏོ། །དེ་རྗེས་བསྐལ་པ་བྱེ་བ་ཕྲག་བརྒྱའི་སྔ་རོལ་ན། སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བྱོན་ཏེ། དེས་ཞལ་བཅུ་གཅིག་པའི་གཟུངས་འདི་གསུངས་པས། དེ་འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་གསན་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྤྱན་རས་གཟིགས་ཉིད་ལ་འགྲོ་བ་འདྲེན་པའི་དབང་བསྐུར་ནས། འཕགས་པ་སྤྱན་རས་གཟིགས་ཁྱེད་ལ་སྔོན་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་འགྲོ་བ་འདྲེན་པའི་དབང་བསྐུར་བ་ཐོབ་པ་དེའི་རྣམ་པར་སྨིན་པས་སངས་རྒྱས་ཀྱི་ཞིང་རབ་ཏུ་མང་པོར་འཕགས་པ་སྤྱན་རས་གཟིགས་ཁྱེད་ཀྱི་སྤྲུལ་པ་ཡང་དང་ཡང་དུ་འབྱུང་ཞིང་མ་འོངས་ཕྱི་མའི་དུས་ན་མི་མཇེད་ཀྱི་འཇིག་རྟེན་ཁམས་ན་འདྲེན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བྱོན་ཏེ། མི་ཡུལ་ལས་ཁྱད་པར་ཕྲེ་ཏ་ཡི་དྭགས་ཀྱི་རིགས་བྱང་ཕྱོགས་ཁ་བ་ཅན་ན། མི་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་འདུན་འཕེལ་ཞིང་། ཞལ་བཅུ་གཅིག་ལ་ཕྱག་སྟོང་དང་ལྡན་པའི་སྐུ་རང་བྱོན་དུ་འབྱུང་བར་ལུང་བསྟན་ཏེ། དེའི་ཚེ་བཅུ་

p. 395

གཅིག་ཞལ་གྱི་སྐུ་ལ་དད་འདུན་བྱེད་པ་དང་མཚན་ནས་བརྗོད་པ་དང་། གཟུངས་སྔགས་འདི་འདོན་པ་རྣམས་འཇིག་རྟེན་ན་གང་འདོད་པའི་དོན་ཐམས་ཅད་འགྲུབ་ཅིང་། ཕྱི་མ་ཡེ་ཤེས་གཉིས་ཐོབ་པར་ལུང་བསྟན་ཏེ། དེ་དག་ནི་རྒྱས་པར་པདྨ་དྲྭ་བ་ཅན་གྱི་རྒྱུད་ཆེན་པོ་ལས་གསུངས་ཤིང་། བསྟན་པ་འདི་ལ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་མ་ལ་ཡ་ཙནྡན་གྱི་ཚལ་ཆེན་པོ་ན་བཞུགས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ཉིད་ཀྱི་ཐུབ་པའི་དབང་པོ་བཞག་སྟེ། བཅུ་གཅིག་ཞལ་གྱི་གཟུངས་དང་། པདྨ་དྲ་བ་ཅན་གྱི་རྒྱུད་ལ་སོགས་པ་དང་། ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལ་སོགས་པ་བཤད་དོ། །དེར་ཐུབ་པས་ཀྱང་ལེགས་སོ་བརྗོད་ཅིང་བྱིན་གྱིས་བརླབས་སོ། དེ་དག་ནི་བྱ་སྤྱོད་ཀྱི་རྒྱུད་ཡིན་ཅིང་། རྣལ་འབྱོར་རྒྱུད། པདྨ་ཅོད་པན་གྱི་རྒྱུད་ནི། བཅོམ་ལྡན་འདས་ལྷ་ཡུལ་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་བཞུགས་པའི་ཚེ། སྐུའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཆོད་ཅིང་ཚུར་འདུས་པས། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་སྐུར་བཅོམ་ལྡན་འདས་ཉིད་བཞེངས་ཏེ། དེར་ཡང་སྤྱན་རས་གཟིགས་བྱང་

p. 396

ཆུབ་སེམས་དཔའི་སྐུར་སྤྲུལ་ནས་བཞུགས་པས་ཞུས་པ་ལ་བརྟེན་ནས། བཅུ་གཅིག་ཞལ་འདིའི་གཟུངས་དང་། བསྡུས་པ་ཡི་གེ་དྲུག་པ་དང་། ལས་ཚོགས་མཐའ་ཡས་པ་གསུངས་སོ། །དེས་ལྷའི་ངོ་བོ་ཇི་ལྟར་བྱོན་ཚུལ་དང་། གཟུངས་དང་རྒྱུད་གསུངས་ཚུལ་སོང་ནས། དོན་གཉིས་པ་མན་ངག་གང་ལས་བརྒྱུད་པ་ནི། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དང་། རྒྱལ་པོ་ཨིན་དྲ་བྷུ་ཏིའི་མཚན་ཐོག་མ་རིགས་རིམ་པར་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་ཆེ་འབྲིང་ཆུང་གསུམ་ལས། འབྲིང་པོ་ཕྱིས་གྲུབ་པ་ཐོབ་ནས་གྲུབ་ཆེན་ལྭ་བ་པ་ཞེས་གྲགས་པ། དེའི་ལྕམ་སྲིང་ལེགས་སྨི་ཀཱ་རའམ། ལྷ་མོ་ཆེན་མོ་ལཀྵི་ར་ཞེས་བྱ་བ་དེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚན་ལྡན་མར་གྲགས་པས། ཕྱོགས་ཀྱི་རྒྱལ་པོ་ཐམས་ཅད་ཀྱིས་བསླང་བ་ལས། གཅིག་ལ་བྱིན་ན་གཞན་རྣམས་དགྲ་ལངས་དོགས་ནས་ཡབ་ཡུམ་གྱི་བཀའ་གནང་ནས་རབ་ཏུ་བྱུང་བའི་མཚན་དགེ་སློང་མ་དཔལ་མོ་བྱ་བ་དེ། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ་ལས། ཀླུ་ནད་མཛེ་བྱུང་སྟེ། ཀྱེ་མ་འཕགས་པ་ཐུགས་རྗེ་ཆེན་པོ་ནི། སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྐྱོབ་པར་མཛད་

p. 397

པ་ཡིན་པས་བདག་ཅིའི་ཕྱིར་མི་སྙམ་སྙམས་ཏེ། ཇོ་མོ་དཔལ་གྱི་སྙིང་པོ་ལ་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་སྒྲུབ་ཐབས་དབང་ལུང་ཞུས་ནས་ཁ་སར་པཱ་ཎི་རང་བྱོན་གྱི་ལྷ་ཁང་དུ་བསྙེན་པ་མཛད་དུ་བྱོན་པས། དཀོར་གཉེར་གྱིས་ལྷ་ཁང་ནང་ན་འགྲོ་མ་བཅུག །སྒོ་མདུན་དུ་བསྡད་པས་ཁྱོད་མཛེ་མོ་ཞིག་ལྷ་ཁང་སྒོ་རྩར་འདུག་པ་དགེ་འདུན་པ་དང་། ལྷ་ཁང་མཇལ་མི་རྣམས་སྡུག་ལོག་ཟེར་ནས་འདུག་མ་བཅུག་པས། ལྷ་ཁང་གི་རྒྱབ་ངོས་སུ་རྩྭའི་སྤྱིལ་པོ་བྱས་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས། འགྲུབ་ནས་ལྷ་ཁང་གི་སྒོར་ཡང་དགེ་སློང་མ་ཡོད་པ་དངོས་སུ་གྱུར་ནས་གྲུབ་པ་ཐོབ་པར་ཤེས་སོ། །མཛེ་ཡང་ཕན། དེའི་ཚེ་མུ་སྟེགས་ཀྱི་པཎྜི་ཏ་གྲུབ་པ་ཐོབ་པ་གཅིག་གིས་དགེ་སློང་མ་དེ་བཀའ་ཕབ་པའི་ཕྱིར་འོང་བས། རྡོ་རྗེ་ཕག་མོ་དངོས་སུ་གྱུར་ནས། མུ་སྟེགས་ཀྱི་ལྷ་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་དྲག་པོ་རྣམས་ཞབས་ཀྱིས་མནན་པའི་སྟེང་དུ་གར་མཛད་པར་མཐོང་ནས། ཁོང་དངོས་སུ་འགྲོ་མ་ཕོད་པས་དུག་སྦྲུལ་དུ་སྤྲུལ་ནས་སོང་བ་དང་། དབུའི་སྟེང་དུ་ཕག་ཞལ་ཡོད་པས་དུག་སྦྲུལ་གྱུར་མིད་བྱས། གསང་བ་ནས་བཏོན་ཏེ་དམ་ལ་

p. 398

བཏགས་པ་དང་། སློབ་དཔོན་པདྨ་འབྱུང་གནས་དབང་ཞུར་བྱོན་པས། ཡི་གེ་ཧཱུྃ་ཡིག་ཏུ་བསྡུས་ནས་ཤངས་སུ་རྔུབ་ནས་སྐུའི་རྩ་གནས་ཐམས་ཅད་དུ་དབང་ཐམས་ཅད་བསྐུར་ཏེ།། གསང་བའི་པད་མོར་བཏོན་པས། དབང་དེའི་བྱིན་རླབས་ཀྱིས་ཨོ་རྒྱན་ཉིད་སྐད་ཅིག་ལ་འོག་མིན་དུ་འཕངས་ནས་རྡོ་རྗེ་འཆང་ཆེན་པོ་ལས་བརྒྱུད་པ་ཐམས་ཅད་ཀྱི་དབང་ལུང་ཐོབ་པར་གསུངས་ཀྱང་། དགེ་སློང་མ་ཡིན་པར་ལ་ལས་བཞེད། ལ་ལ་དག་གཞན་དུ་འདོད་པར་སྣང་། གང་ལྟར་ཡེ་ཤེས་ཀྱི་ཌཱཀྐི་དངོས་ཡིན་པ་ལ། འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ལི་ཁ་ར་ཤིང་འཕེལ་ཞེས་བྱ་བའི་མདུན་དུ་པོ་བསྟོད་དང་། སྨྱུང་ཆོག་སྒྲུབ་ཐབས་རྣམས་མཛད་དེ། དབང་ལུང་སྤྱན་རས་གཟིགས་ཉིད་ལ་ཞུས་ཤིང་། པཎྜི་ཏ་ཡེ་ཤེས་བཟང་པོ་ལ་གནང་ངོ་། །དེ་ནས་ཕྱིས་རྒྱ་གར་གྲུབ་ཆེན་འཕགས་ཚང་པ་དང་མཉམ་དུ་གཤེགས་པས། མི་རྣམས་ཀྱིས་དགེ་སློང་མའི་བསྲུང་བྱ་ཉམས་སོ་ཞེས་གྲགས་པ་བྱུང་ཞིང་སྐུར་པ་བཏབ། མིའམ་ཁྲོམ་ཆེན་པོའི་ཚོགས་སར་ཕྱག་གཡས་གྲི་གུག་གིས་ཉིད་ཀྱི་དབུ་བཅད་ནས། ཕྱག་གཡོན་ཁཊ་གི་རྩེར་བསྐྱོན་ནས་གར་མཛད་

p. 399

ཅིང་། དབུ་བཅད་མཚམས་ནས་བདུད་རྩི་འོ་མའི་རྒྱུན་བབས་ཏེ། སྐུ་ལུས་དེ་མ་བཞག་པར་འཇའ་ལུས་མཁའ་སྤྱོད་དུ་ཐམས་ཅད་ཀྱིས་མཐོང་བར་དངོས་སུ་བྱོན་པས། ཕག་མོ་དབུ་བཅད་མ་ཞེས་གྲགས་སོ། །དེ་ཡང་འདིའི་བརྒྱུད་པ་ནི་སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། ཡེ་ཤེས་བཟང་པོ། ཟླ་བ་གཞོན་ནུ། ཇོ་བོ་ཨ་ཏི་ཤ་ལྷ་བླ་མ་བྱང་ཆུབ་འོད། པེ་ཉ་བ། བྱང་སེམས་ཟླ་བ་རྒྱལ་མཚན། ཉི་ཕུག་པ། སྤུ་སྟོན་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས་པ། མཁན་པོ་རྩི་འདུལ་བ། མཁན་པོ་བདེ་བ་ཅན་པ། མཁན་པོ་ཆུ་བཟང་བ། རིན་པོ་ཆེ་ཤེས་འབུམ། རྒྱལ་སྲས་ཐོགས་མེད་པ། བླ་མ་ངག་དབང་བ། ཆོས་རྗེ་བྱང་ཆུབ་སེང་གེ །ཇོ་ལྡན་མཁན་ཆེན་བསོད་ནམས་བཟང་པོ། འཕགས་ཆུང་བསོད་ནམས་དར། བན་སྒར་འཇམ་དཔལ་བཟང་པོ། སངས་རྒྱས་མཉན་པ། གྲུབ་ཐོབ་མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །ན་ལེ་བ་རྒྱལ་མཚན་དཔལ་བཟང་། སྟག་ལུང་ངག་དབང་རྣམ་རྒྱལ། འབྲུག་ཆེན་ཀརྨ་བསྟན་འཕེལ། དེ་ལ་བདག་རཱ་ག་ཨ་སྱས་ཆུང་དུས་དབང་ལུང་གཉིས་ཀ་ཐོབ་

p. 400

པར་འདུག་ལ། ཡང་ན་འཇམ་དཔལ་བཟང་པོ་ནས་བླ་མ་བསོད་ནམས་དཔལ་འབྱོར། བླ་མ་དགེ་འདུན་རྒྱ་མཚོ། བླ་མ་བློ་གྲོས་རྒྱལ་པོ། བླ་མ་དགེ་འདུན་རྒྱལ་མཚན། རིན་པོ་ཆེ་ཀརྨ་དོན་ཡོད། དེས་བདག་རཱ་ག་ཨ་སྱ་ལ་ལན་གཉིས་གནང་སྟེ། དེ་ནི་བྱ་རྒྱུད་དཔལ་མོ་སོར་བཞག་ཡིན་མོད་ཀྱི། ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་འདི་བྱ་རྒྱུད་ཡིན་ཀྱང་། བྱ་རྒྱུད་བླ་མེད་ལྟར་བཀྲལ་བ་རྗེ་སྲོང་བཙན་སྒམ་པོའི་ཐུགས་དམ། འཇའ་ཚོན་སྙིང་པོ་དང་། གཏེར་བཞེད་སྙིང་པོའི་གཏེར་མ་དང་། མི་འགྱུར་རྡོ་རྗེའི་གནམ་ཆོས་སོགས་ནས། ཕྱག་སྟོང་སྤྱན་སྟོང་ལ་རྒྱས་འབྲིང་བསྡུས་གསུམ། བཅུ་གཅིག་ཞལ་སོགས་འབྱུང་བའམ་བདག་གིས་ཐོབ་སྟེ། ལྷའི་ལོ་རྒྱུས་དང་གཟུངས་ནི་འདྲ་བ་ཡིན་ནོ་། །དོན་གསུམ་པ་ཕན་ཡོན་དགོས་ཆེད་ནི། ཞལ་བཅུ་གཅིག་པའི་གཟུངས་ལས། ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཅིང་བྱང་བར་འགྱུར་རོ། །མཚམས་མེད་པ་ལྔ་དག་མ་ལུས་པར་བྱང་བར་བགྱིད་པར་འགྱུར། ཞེས་པ་དང་། ལན་བདུན་བཟླས་བརྗོད་བགྱིས་ན། ལས་ཀྱི་སྒྲིབ་པ་བྱང་བར་བགྱིད་དོ། །ཞེས་དང་།

p. 401

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་པདྨ་དྲྭ་བ་ཅན་ལས། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག །གྲངས་སྙེད་ཞལ་ནས་གསུངས་པ་ཡི། །རིག་སྔགས་སྙིང་པོ་གདང་བཅུ་གཅིག །མཐུ་ཆེན་ཐོབ་པ་མེད་པ་སྟེ། །འགྲོ་ལ་བརྟེན་ཅིང་བདེ་བ་དང་། །ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང་། །བཀྲ་མི་ཤིས་ཀུན་བཟློག་བྱེད་ཅིང་། །རྨི་ལམ་མཚན་མ་ངན་ཀུན་སེལ། །དུས་མིན་འཆི་དང་ངན་སེམས་ཟློག །རྟག་ཏུ་དཔལ་དང་སེམས་བདེ་ཐོབ། །མྱ་ངན་སྡུག་བསྔལ་ཐམས་ཅད་སེལ། །རྩོད་འཁྲུག་ཐམས་ཅད་ཞི་བ་དང་། །བདུད་དང་གདོན་བགེགས་ཞི་བར་གྱུར། །འཇིག་རྟེན་སློབ་པ་ཀུན་གྲུབ་ཅིང་། །བདུད་དང་བར་ཆད་མཚོན་ཆ་དང་། །དབྱུག་དང་སྡིག་པས་བཅིངས་པ་དང་། །བཙོན་རར་བཅུག་དང་མཚོན་ཆའི་ཚལ། །གསོད་སར་ཁྲིད་དང་ཡན་ལག་བཅད། །མིག་འབྲུ་མཚོན་གྱིས་བཅད་པ་དང་། །ཆུ་དང་མེ་དང་རླུང་ས་གཡོས། །དུག་དང་བྱད་སྟེམས་རོ་ལངས་དང་། །ཆོམ་ཀུན་མི་མ་ཡིན་ཀུན་གནོན། །སྔོན་གྱི་ལས་དྲགས་ཡོད་པ་དང་། །རིག་སྔགས་འདི་ཡིས་སྲུང་བ་དང་། །ལེན་དང་འཇིག་རྟེན་འབྲི་བ་དང་། །ཀློག་དང་

p. 402

ཁ་ཏོན་བཤད་སོགས་རྣམས། །བརྩོན་ལ་འཇིག་རྟེན་ལྷར་བཅས་དང་། །བདུད་དང་ཚངས་པ་དགེ་སྦྱོང་དང་། །བྲམ་ཟེ་བཅས་པས་གནོད་པ་མེད། །སྔོན་གྱི་ལས་དྲགས་ཡོད་པ་ཡང་། །བྱང་ཞིང་སྲབ་སྟེ་མེད་པར་འགྱུར། །ངན་པའི་དངོས་པོ་འདི་ལགས་པས། །རིག་ནས་མངོན་སུམ་ཡིད་ཆེས་པར། །རྣམ་པར་རྟོག་པ་མེད་ཀྱིས་བླངས། །དེ་སླར་སྐྱོབ་པ་སྐྱོབ་པ་དང་། །གསུངས་དབུགས་འབྱིན་དང་དཔལ་མགོན་དང་། །གླིང་དང་ཁང་ཁྱིམ་འདི་ཉིད་ཡིན། །ཉེ་རིང་ས་ཕྱོགས་ཇི་སྲིད་བར། །མཚམས་བཅད་ནས་ནི་རིག་སྔགས་དང་། །འབྱུང་པོ་རྣམས་ཀྱི་འཚེ་བ་མེད། །གང་གིས་སངས་རྒྱས་ཕྱག་འཚལ་མཆོད། །སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས། །མངོན་པར་དགའ་ཞིང་གཟུངས་སྔགས་འདི། །ཉི་ཤུ་རྩ་གཅིག་བརྗོད་པ་ལ། །ཕྱོགས་བཅུའི་སངས་རྒྱས་མ་ལུས་པ། །མཚུངས་པར་ཡིད་རང་ལེགས་པར་སྦྱིན། །རྩ་བ་བཞི་དང་མཚམས་མེད་ལྔ། །མ་ལུས་སྡིག་ཀུན་བྱང་བར་གྱུར། །གནོད་སྦྱིན་སྲིན་པོ་སོགས་སྣང་ཡང་། །བཟུང་ནས་བྱམས་པའི་སྙིང་རྗེའི་སེམས། །དང་བ་བསྐྱེད་ནས་བླ་མེད་ཀྱི། །བྱང་ཆུབ་སེམས་མཆོག་ས་ལ་

p. 403

འགོད། །གངྒཱའི་ཀླུང་བརྒྱ་སངས་རྒྱས་ཀྱི། །མཚན་ནས་བརྗོད་ཅིང་སྟོན་པ་དང་། །རིགས་ཀྱི་བུའམ་བུ་མོ་གང་། །གང་གིས་མི་བརྗེད་དྲན་བྱེད་ཅིང་། །རིག་སྔགས་རྒྱུན་དུ་བརྗོད་ན་མེད། །མྱུར་དུ་མཆོག་དགའི་ས་ཐོབ་ཅིང་། །ལག་པའི་མཐིལ་ནས་མཐོང་བ་ལྟར། །བླ་མེད་བྱང་ཆུབ་མྱུར་དུ་འབྱུང་། །ཞེས་དང་། པདྨ་ཅོད་པན་གྱི་རྒྱུད་ལས་ཀྱང་། གཟུངས་སྔགས་འདི་གསུངས་ནས། སྔགས་འདི་འདོན་པར་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ལན་གཅིག་བརྗོད་པ་དྲན་ཅིང་ཡིད་ལ་བྱས་སམ། ལུས་ལ་བཅིངས་ན་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་ལས་འབྱང་ཞིང་། སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་། མི་ཁོམ་བརྒྱད་སྡུག་བསྔལ་དང་བཅས་པར་མི་འགྱུར་རོ། །ཨོཾ་རཀྵ་རཀྟ་ཞེས་པས་ཀྱང་སྲུང་བར་བྱའོ། །ཞེས་དང་། དེ་རྣམས་བསྡུས་པའི་སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སོ། །འདི་ནི་རིགས་གསུམ་གྱི་བདག་པོར་གྱུར་ཏེ། ཕན་ཡོན་ནི་དེའོ། །ཆོས་སྐུ་དང་གཟུགས་སྐུ་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་

p. 404

ཕན་ཡོན་མཐའ་ཡས་པ་དང་ལྡན་པའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད་ཅིག །ཁྱེད་ནི་མགོན་པོ་ཐུགས་རྗེ་ཅན། །ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱིས། །ཐམས་ཅད་མ་ལུས་སྒྲོལ་མཛད་དང་། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །གསུམ། ད་ཡང་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི་། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ་མམ་གཅིག །དེ་ནས་རྒྱས་པར་ནི་མི་ཉུང་ན་བུམ་པ་ལན་ལྔ་འགྲིམ། བསྡུ་ན་ལྔ་ཁ་བཏོན་ལ་དུས་གཅིག་ལ་འགྲིམ་སྟེ། དང་པོ་བུམ་ཆུ་གཏོར་ཞིང་། ཨོཾ་རྒྱ་གྲི་ཝ་ཧཱུཾ་

p. 405

ཕཊ༔ ཅེས་བགེགས་བསྐྲད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ཡི་གེ་ཧིདཀར་པོ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས། པདྨ་གསེར་མདོག་ཧཱིས་མཚན་པར་གྱུར། སླར་ཡང་དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྟ་བུ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་སྤྱན་དྲངས་ནས་ཐིམ་པས། འོད་དུ་ཞུ་བ་ལས། ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་ལ་འཚེར་བ། །བཅུ་གཅིག་གི་འོག་མ་དཀར་པོ་ལྗང་དམར་བའི་ཞལ་གསུམ། དེ་སྟེང་ལྗང་དམར་དཀར་བའི་ཞལ་གསུམ། དེ་སྟེང་དམར་དཀར་ལྗང་བའི་ཞལ་རྣམས་ཞི་ཞིང་མཛེས་པ། དེ་སྟེང་ཁྲོ་ཞལ་ནག་པོ་སྤྱན་གསུམ་མཆེ་བ་གཙིགས་པ། དེ་སྟེང་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ་རྒྱན་སྤངས་མགུལ་པ་དང་བཅས་པའོ། །རྩ་ཕྱག་བརྒྱད་ཀྱི་དང་པོ་གཉིས་།ཐུགས་ཀར་ཐལ་མོ་སྦྱར། གཉིས་པ་གཉིས་བསྒྲང་ཕྲེང་པདྨ། གསུམ་པ་གཉིས་མཆོག་སྦྱིན་དང་སྤྱི་བླུགས། བཞི་པ་གཉིས་འཁོར་ལོ་དང་མདའ་གཞུ་འཛིན་པ། ལྷག་མ་ཕྱག་

p. 406

དགུ་བཅུ་རྩ་གཉིས་མཆོག་སྦྱིན་མཛད་པ། དེ་ལྟར་ཕྱག་སྟོང་གི་མཐིལ་དུ་སྤྱན་རེ་རེས་མཚན་ཅིང་། དར་གྱི་སྟོད་གཡོགས་དང་དར་དཔྱངས་ཀ་ཤི་ཀའི་རས་ཀྱི་ཤམ་ཐབས་རི་དྭགས་ཀྲི་ཥཱ་ས་རིའི་པགས་པས་ནུ་མ་གཡོན་བཀབ་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་དང་ཕྱག་གདུབ་ཞབས་གདུབ་སྐེ་རགས་དོ་ཤལ་ཅན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། འོད་ཟེར་དཀར་པོ་འཕྲོ་བའི། དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀའི་དབུས་སུ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས་པས་པོ་ཊ་ལ་ནས་བསྒོམ་པ་ལྟ་བུའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིང་། རྒྱས་པར་གཟུངས། བསྡུ་ན། ཨོཾ་ལོ་ཀི་ཤྭ་རི། བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱ། ཞེས་རོལ་མོ་དང་སྤོས་བཏང་། རྡོ་རྗེ་སྤྱི་བོར་བཞག་ཚུལ་བྱ་ཞིང་། བརྟན་པར་བྱ་སྟེ། ཡང་ན་ནས་གཏོར། ཏིཥྛབཛྲ། དེ་ནས་བུམ་པ་ཐོགས་ལ། དེ་བུམ་པའི་དབང་བསྐུར་བས་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་།་དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པར་སྒོམས་ཤིག །ཇི་ལྟར་སོགས། པདྨ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མི་མང་ན་

p. 407

བུམ་ཆུ་གཏོར། ཉུང་ན་འགྲིམ་ཞིང་བླུད། འོ་དེས་ཉོན་མོངས་པ་འདོད་ཆགས་ཀྱི་དྲི་མ་དག །ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་འོད་དཔག་མེད་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །འདི་དག་གི་མཚམས་སུ་བཀྲ་ཤིས་འདོད་ན་གང་མོས་བྱའོ། །ད་མདུན་གྱི་དཀྱིལ་འཁོར་དབུས་འདི་ནི་པདྨ་འདབ་མ་བཞིའི་ལྟེ་བ་དང་འདབ་མ་ལ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་དབུས་སུ་ལྷ་མོ་དཀར་མོ་ཕྱག་ན་བྱི་རུའི་བུམ་པ་བསྣམས་པ་དང་། ཤར་དུ་དཀར་མོ་ཤེལ་གྱི་བུམ་པ་བསྣམས་པ། ལྷོར་སེར་མོ་གསེར་གྱི་བུམ་པ་བསྣམས་པ། ནུབ་ཏུ་མཐིང་ག་ལྕགས་ཀྱི་བུམ་པ་བསྣམས་པ། བྱང་དུ་ལྗང་མོ་གཡུའི་བུམ་པ་བསྣམས་པ། ལྔ་ཀ་ཡང་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ཐམས་ཅད་ཌཱ་མ་རུ་འཁྲོལ་ཞིང་གཡོན་བུམ་པ་ཅན། རིགས་བདག་སོ་སོའི་དེ་བཞིན་གཤེགས་པས་དབུ་བརྒྱན་པ་གསལ་ཐོབ་ལ། དེ་ནས་མཎྜལ་དབུས་ཀྱི་ལྷ་མོ་དམར་མོ་ལས། མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་བྱོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་གི་

p. 408

དབུས་སུ་ཐིག་ལེ་དམར་པོ་གཅིག་ཏུ་སྒོམས་ཤིག །ཇི་ལྟར་སོགས། པདྨ་ཨ་བྷི་ཥིཉྩ་ཧཱུྃ། དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། ཉོན་མོངས་པ་ལྔ་ལས་འདོད་ཆགས་ཀྱི་དྲི་མ་དག །ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་འོད་དཔག་མེད། བསྡུ་ན་འདིར་གོང་མ་ལ་སྦྱར་ནས་ཇི་ལྟར་སོགས་མི་དགོས། འདིའི་རྗེས་སུ་དབང་དོན་བཤད་དོ། །བཀྲ་ཤིས་ཀྱང་འདིར་བྱའོ། །ཡང་མཎྜལ་ཤར་གྱི་ལྷ་མོ་ལས་ལྷ་མོ་དཀར་མོ་གཅིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ཀྱི་འཚོག་མ་ནས་ཞུགས། སྙིང་གི་མདུན་དུ་ཐིམ་ཐིག་ལེ་དཀར་པོ་གཅིག་ཏུ་གྱུར་པར་སྒོམས་ཤིག་ཇི་ལྟར་སོགས། བུམ་པ་ཚང་མ་སྟེ་ཐོད་པ་དངོས་སུ་བཞག་ཅིང་། བུདྡྷ་ཨ་བྷི་ཥིཉྩ་ཨོ། བཀྲ་ཤིས། དེས་སྒོ་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ཉོན་མོངས་པ་ལྔ་ལས་གཏི་མུག་གི་དྲི་མ་དག །ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ།

p. 409

སངས་རྒྱས་ལྔ་ལས་རྣམ་པར་སྣང་མཛད་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །ཡང་མཎྜལ་ལྷོའི་ལྷ་མོ་སེར་མོ་ལས། མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས། རང་གི་རྣ་ལྟག་གཡས་ནས་ཞུགས། སྙིང་གི་གནས་སུ་ཐིག་ལེ་སེར་པོ་གཅིག་ཏུ་གྱུར་པར་སྒོམས་ཤིག །ཇི་ལྟར་སོགས། རཏྣ་ཨ་བྷི་ཥིཉྩནྟཾ། དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དེས་ཉོན་མོངས་པ་ལྔ་ལས་ང་རྒྱལ་གྱི་དྲི་མ་དག །ཕུང་པོ་ལྔ་ལས་ཚོར་བའི་ཕུང་པོ་གནས་འགྱུར༔ ཡེ་ཤེས་ལྔ་ལས་མཉམ་ཉིད་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་རིན་ཆེན་འབྱུང་ལྡན་གྱི་ས་བོན་རྒྱུད་ལ་བཞག་པའོ། །ཡང་མཎྜལ་ནུབ་ཀྱི་ལྷ་མོ་མཐིང་ཁ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་གི་ལྟག་པ་ནས་ཞུགས། སྙིང་གའི་རྒྱབ་ཏུ་ཐིག་ལེ་མཐིང་ཁར་གྱུར་པ་སྒོམས་ཤིག །ཇི་ལྟར་སོགས། ལྟག་པར་བཞག །བཛྲ་ཨཨ་བྷི་ཥིཉྩ་ཧཱུྃ། དེས་སྒོ་གསུམ་གྱི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། དེས་ཉོན་མོངས་པ་ལྔ་ལས་ཞེ་སྡང་གི་དྲི་མ་དག །ཕུང་པོ་ལྔ་

p. 410

ལས་རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར། ཡེ་ཤེས་ལྔ་ལས་ཆོས་དབྱིངས་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་མི་བསྐྱོད་པའི་བག་ཆགས་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །མཎྜལ་བྱང་གི་ལྷ་མོ་ལྗང་མོ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་གི་རྣ་ལྟག་གཡོན་ནས་ཞུགས། སྙིང་གའི་གཡོན་དུ་ཐིག་ལེ་ལྗང་གུ་གཅིག་ཏུ་གྱུར་པར་སྒོམས་ཤིག །ཇི་ལྟར་སོགས། བུམ་པརྣ་ལྟག་གཡོན་དུ་བཞག་ལ། ཀརྨ་ཨ་བྷི་ཥིཉྩ་ཨཱ། དེས་སྒོ་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསྒོམས། དེས་ཉོན་མོངས་པ་ལྔ་ལས་ཕྲག་དོག་གི་དྲི་མ་དག །ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་བྱ་གྲུབ་ཡེ་ཤེས་ཐོབ། སངས་རྒྱས་ལྔ་ལས་དོན་ཡོད་གྲུབ་པའི་བག་ཆགས་ཀྱི་ས་བོན་རྒྱུད་ལ་བཞག་པའོ། །དེ་ནས་སྙིང་ཁའི་ཐིག་ལེ་རྣམས་ལ་ཤེས་པ་གཏད་ལ་མཉམ་པར་བཞག་པའི་ཐིག་ལེ་རྣམས་འོད་དུ་ཞུ་ནས། དབུས་ཀྱི་ཐིག་ལེ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་ཕུང་པོ་གཅིག་ཏུ་བསྒོམ། དེའི་ངང་ལ་མཉམ་པར་བཞག་པས། དེ་ནས་འོད་དེ་ཡོངས་སུ་གྱུར་པ་ལས། ཧྲཱི༔ ཚེག་དྲག་དང་

p. 411

བཅས་པ་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས། སྔར་སྨོས་པའི་བཅུ་གཅིག་ཞལ་གྱི་སྐུ་ཡོངས་སུ་རྫོགས་པར་ཝལ་གྱིས་སྒོམས་ཤིག །བླ་མས་ཀྱང་བསྒོམ། དེ་ཡང་ཆུ་དང་ཅོད་པན་དར་དཔྱངས་དབང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པས། བུམ་པ་ཆུའི་དབང་དེ་སོང་ནས། ད་མདུན་གྱི་གཙོ་བོ་རྣམས་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་དང་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་དབང་བསྐུར་བར་སྒོམས་ཤིག །སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་དབང་འདི་ཁྱོད་ཀྱིས་ལོངས། །རཏྣ་མུ་གུ་ཏྲ་ཨ་བྷི་ཥིཉྩ་ཧཱུཾ། རིན་ཆེན་མཛེས་པའི་མེ་ཏོག་སོགས། །མཛེས་ཤིང་ཡིད་འོང་སོགས། བསྡུ་ན་འདི་གསུམ་མི་དགོས་ཏེ། གཞུང་ན་མེད་མོད། དེས་བུམ་པའི་དབང་འཁོར་བཅས་སོང་ནས། གཉིས་པ་སྔགས་ཀྱི་རྗེས་གནང་གི་དོན་དུ་སློབ་དཔོན་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་རེ་ཕུལ་བར་བསྒོམས་ལ། འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཐུགས་རྗེས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སྔགས་ཀྱི་དངོས་གྲུབ་བསྩལ་དུ་

p. 412

གསོལ། གསུམ་བརྗོད། དེ་ནས་ངེད་སློབ་དཔོན་དང་ཁྱེད་རང་སློབ་མ་རྣམས་བཅུ་གཅིག་ཞལ་དུ་གསལ་བའི་སྙིང་གར། ཟླ་བའི་སྟེང་དུ་ཧྲཱིལ་སྔགས་ཀྱིས་བསྐོར་བར་བསྒོམ། དེ་ནས་བླ་མའི་ཐུགས་ཀའི་སྔགས་ལས་སྔགས་ཕྲེང་བྱུང་ནས། སློབ་མ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་བསྐོར་བར་བསྒོམ་ཞིང་གཟུངས་འདིའི་རྗེས་ཟློས་མཛོད། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཨཱརྱ་ཛྙཱ་ན་ས་ག་ར།་བེ་རོ་ཙ་ན་བྷུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷ་ཡ། ན་མསརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨདྷ་ཏེ་བྷྱ༔ སཾམྱཀཾ་བུདྡྷེ་བྷྱ༔ ན་མཨཱརྱ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། ཝིཊྚེ། ཙ་ལེ་ཙ་་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ། ཝ་རེ་ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། །རབ་ཚར་གསུམ། བསྡུ་ན་ཚར་གཅིག་དང་གཟུངས་ཐུང་གཉིས་སམ་ཡིག་དྲུག་གཉིས་རྗེས་ཟློས་བཅུག །ད་མེ་ཏོག་གི་ཕྲེང་བ་སྔགས་ཕྲེང་དུ་བྱས་ཏེ་སྤྱི་བོར་བཅིངས་བར་བསྒོམ། ཉུང་ན་རྡོ་རྗེ་མེ་ཏོག་ཡང་ན་ནས་མེ་ཏོག་གཏོར་ལ། བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡིས། །བྱིན་གྱིས་

p. 413

རླབས་པར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་རིག་སྔགས་ཀྱི། བྱིན་རླབས་ནུས་པ་ཐམས་ཅད་སློབ་མ་འདི་རྣམས་ལ་འཇུག་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། འོ་དེས་སྔགས་ཀྱི་བཟླས་ལུང་སྦྱིན་པ་བྱ་བ་རིག་གཏད་ཀྱི་དབང་དེ་སོང་། རྒྱས་པར་སྤྲོ་ན་ཡུངས་ཀར་དུརླ་ལ་སོགས་བཀྲ་ཤིས་རྫས་བརྒྱད་འགྲིམ། བསྡུ་ན་མི་དགོས་ཏེ། གཞུང་ན་མེད་དོ། །དེས་དངོས་གཞི་སོང་ནས་དབང་གི་མཐའ་བརྟེན་དང་རྗེས་གནང་གཉིས་ལས། འདི་བྱ་རྒྱུད་ཡིན་པས་བྱ་རྒྱུད་ལ་སངས་རྒྱས་ཀྱི་རྣམ་ཐར་དང་མཐུན་པར་བཀྲ་ཤིས་པའི་རྫས་བརྒྱད་ཀྱི་མཐའ་བརྟེན་པར་བཤད་པའི་ཕྱིར། ཞེས་དབང་ཙཀ་ལྟར་བསྐུར་རོ། །གསུམ་པ་རྗེས་གནང་ནི་སྤྱན་རས་གཟིགས་ཀྱི་སྐུ་པོ་ཏི་གཏད་ལ་ཞེས་གསུངས་པས། པོ་ཏི་ལག་ཏུ་གཏད་ཅིང་སྐུ་སྤྱི་བོར་བཞག་པས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པའི་དབང་ཐོབ་པར་སྒོམས་ཤིག །ཉུང་ན་པོ་ཏི་ལག་ཏུ་གཏད། མང་ན་བླ་མཆན་ལྟ་བུའི་འགྲིམ་ཆོག་སྟེ། གླེགས་བམ་ཕྱིར་ནས་བརྗོད། ད་ཁྱེད་རང་རྣམས་ཀྱིས་

p. 414

ཕྱིན་ཆད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་འདིའི་དབང་བསྐུར་གྱིས་ཤིག །འདིའི་ཆོས་རྒྱས་པར་ཤོད་ཅིག །དེ་ནས་གཏོར་མ་ཙཀྲི་ཅན་བཟུང་ནས། འདིའི་རང་གཞུང་ལས་གཏོར་མ་གསུངས་པ་ནི་གསལ་བར་མེད་ཀྱང་། སྐུ་གཏད་པར་བཤད་པ་དང་། གསང་སྔགས་རྙིང་མའི་བཅུ་གཅིག་ཞལ་ཕྱག་སྟོང་ཅན་གྱི་གཏོར་དབང་ཡང་གསུངས་ལ། །གསར་མ་གཅིག་ཤེས་ཀུན་གྲོལ་ནས་བྱ་རྒྱུད་ལ་ཡང་གཏོར་དབང་བྱ་རུང་བར་བྱས་པ་དང་། གསར་མའི་སྨན་བླ་དང་ཐུབ་པ་གནས་བཅུ་སོགས་བྱ་རྒྱུད་སོར་བཞག་རྣམས་ལ་ཡང་གཏོར་མའི་བྱིན་རླབས་གསུངས་པས། འདིར་གཏོར་མའི་བྱིན་རླབས་ཀྱི་ཆེད་དུ། གཏོར་མ་སྐུ་ཙཀྲི་དང་བཅས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཆི་ལི་ལི་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསྒོམ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་དང་། མགོན་པོ་སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། པཎྜི་ཏ་ཟླ་བ་བཟང་པོ། ཇོ་བོ་རྗེ་ཨ་ཏི་ཤ །ལྷ་བླ་མ་ཡེ་ཤེས་འོད།

p. 415

པེ་ཉ་པ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་སོགས་པ་གསར་མ་བརྒྱུད་པའི་བླ་མ་རྣམས་དང་། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་སྲོང་བཙན་སྒམ་པོ། སློབ་དཔོན་པདྨ་འབྱུང་གནས། ཇོ་མོ་མཁར་ཆེན་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ། རྙིང་མ་བརྒྱུད་པ་རྣམས་དང་། ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ནམ་མཁའ་རྒྱལ་པོ། ངན་སོང་རང་གྲོལ། ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ནད་གདོན་སྡིག་སྒྲིབ་བཀྲ་མི་ཤིས་པའི་ཕྱོགས་རིས་ཐམས་ཅད་ཞི་བར་མཛད་དུ་གསོལ། བསོད་ནམས་དང་ཡེ་ཤེས་བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འཕེལ་བར་མཛད་དུ་གསོལ། འཁོར་བ་ངན་སོང་གི་སྐྱེ་སྒོ་ངན་པ་ཐམས་ཅད་ཆོད་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་མཛད་དུ་གསོལ། །ན་མོ་རཏྣ་སོགས། གཟུངས་བརྗོད་ཅིང་འགྲིམ། དེ་ནས། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་

p. 416

ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གཏོར་རོ། །གོང་དུ་ཡང་འོད་དཔག་མེད་པའི་གསུང་སྐུ། ཡོན་ཏན་ཐུགས་ཕྲིན་ལས། ཞེས་བཀྲ་ཤིས་གང་རུང་བསྐུར་བ་བྱས་ཀྱང་རུང་ངོ་། །འོ་དེ་རྣམས་ཀྱི་དོན་དུ་སྔགས་རྗེས་གནང་གི་བཟླ་བ་ལ་དབང་། སྐུ་ཙཀཱི་དང་པོ་ཏི་གཏད་ཅིང་གཞན་དོན་གྱིས་ཤིག་པས། གཞན་དོན་བྱེད་པ་ལ་དབང་བ་ཡིན་པས། དེ་ལྟར་གཞན་གྱི་དོན་བསྒྲུབ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་སོགས། །དེ་ནས་རྗེས་ཆོག་བྱ་བ་ནི། མཆོད་པ་གཤེགས་གསོལ། ཨོཾ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨབྷཾ་སོགས། དུས་གསུམ་བདེ་བར་གཤེགས་པ་སོགས། མ་འབྱོར་པ་དང་སོགས། བདག་མདུན་བུམ་པའི་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་རྟེན་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དམ་ཚིག་པ་རང་ལ་ཐིམ་ཞིང་། དེ་ཡང་ཐུགས་ཀའི་ཧྲཱིལ་ཐིམ། །དྷིཡང་མི་དམིགས་སྟོང་པ་ཉིད། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །

p. 417

འདི་ནི་གནས་བརྟན་ཆེན་པོ་ཀུ་ལའི་མཁན་ཆེན་བསོད་ནམས་བཟང་པོས་མཛད་པའི་དབང་ངེས་པར་ཐོབ་པས། དབང་ཆོག་དེ་ཉིད་ལ་གཞིར་བྱས་ཏེ་ལོ་རྒྱུས་དང་ཕྱག་ལེན་རྒྱས་བསྡུས་གང་བྱས་རུང་ཞིང་། ཁྱེར་བདེ་བར་རྭ་ག་ཨ་སྱས་བཀོད་པ་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བརྒྱུད་རིམ།

p. 418
p. 419

འདིའི་བརྒྱུད་པ་ནི། སྤྱན་རས་གཟིགས། དགེ་སློང་མ་དཔལ་མོ། ཡེ་ཤེས་བཟང་པོ། ཟླ་བ་གཞོན་ནུ། ཇོ་བོ་རྗེ་ཨ་ཏི་ཤ །ལྷ་བླ་མ་བྱང་ཆུབ་འོད།་པེ་ཉ་་པ། བྱང་སེམས་ཟླ་བ་རྒྱལ་མཚན། ཉི་ཕུག་པ། སྲུང་སྟོན་རྡོ་རྗེ་རྒྱལ་པོ། ཞང་སྟོན་དགྲ་འཇིགས། མཁན་རྩི་འདུལ་བ། མཁན་བདེ་བ་ཅན་པ། མཁན་པོ་ཆུ་བཟང་བ། རིན་པོ་ཆེ་ཤེས་རབ་འབུམ། རྒྱལ་སྲས་ཐོགས་མེད་པ། བླ་མ་དཀོན་མཆོག་བཟང་པོ། བླ་མ་ངག་དབང་པ། ཆོས་རྗེ་བྱང་ཆུབ་སེང་གེ །ཇོ་ལྡན་མཁན་ཆེན་བསོད་ནམས་བཟང་པོ། འཆགས་ཆུང་བསོད་དར། བན་སྒར་འཇམ་དཔལ་བཟང་པོ། སངས་རྒྱས་མཉན་པ་གྲུབ་ཐོབ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །བ་ལེ་བ་རྒྱལ་མཚན་དཔལ་བཟང་། སྟག་ལུང་ངག་དབང་རྣམ་རྒྱལ། འབྲུག་ཆེན་ཀརྨ་བསྟན་འཕེལ། དེས་བདག་རཱ་ག་ཨ་སྱ་ཆུང་དུས་དབང་ལུང་གཉིས་ཀ་ཐོབ་པར་འདུག་ལ། ཡང་ན་འཇམ་དཔལ་བཟང་པོ་ནས། བླ་མ་བསོད་ནམས་དཔལ་འབྱོར། བླ་མ་དགེ་འདུན་རྒྱ་མཚོ། བླ་མ་བློ་གྲོས་རྒྱལ་པོ། བླ་མ་དགེ་འདུན་རྒྱལ་མཚན། རིག་འཛིན་ཀརྨ་དོན་

p. 420

ཡོད་། དེས་བདག་རཱ་ག་ཨ་སྱ་ལ་ལན་གཉིས་གནང་སྟེ། ཡང་ལུང་རྒྱུན་ནི། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ལུང་རིགས་ཉི་མ། སྒྲུབབརྒྱུད་བསྟན་པ་རྣམ་རྒྱལ། རཱ་ག་ཨ་སྱ་ལའོ།། །།

འཕགས་པ་སྤྱན་རས་གཟིགས་མ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་སྨྱུང་གནས་ཀྱི་ཕན་ཡོན་མདོར་བསྡུས།

p. 421

འཕགས་པ་སྤྱན་རས་གཟིགས་མ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་སྨྱུང་གནས་ཀྱི་ཕན་ཡོན་མདོར་བསྡུས་བི་ཛ་ཧ་ར།

p. 422

ན་མོ་ལོ་ཀི་ཤྭ་ར་ཡེ། ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །མཚན་ཙམ་ཐོས་པས་འཁོར་བ་དང་། །ངན་སོང་ངན་འགྲོའི་རྒྱུན་གཅོད་ཅིང་། །གདན་གཅིག་སྨྱུང་གནས་ཕན་ཡོན་བཤད། །དེ་ཡང་། རྒྱ་གར་གྱི་གྲུབ་ཐོབ་ལྭ་བ་པའི་ཞལ་ནས། ཁྲོམ་པ་མང་པོ་འཚོགས་པའི་ནང་ནས་གསུངས་པ་ལ། གདན་གཅིག་དང་སྨྱུང་གནས་འདི་ཕན་ཡོན་ཆེ་གསུངས། བུད་མེད་གཅིག་གི་དོན་དུ་མི་རྟ་དྲུག་གི་སྲོག་བཅད་དེ་གདན་གཅིག་སྨྱུང་གནས་དགུ་ཐོན་པ་ལས། །དེ་སྐྱེ་བ་འཕོས་ནས་དགེ་བཤེས་གཅིག་ཏུ་སྐྱེས་སོ། །ཡང་རྔོན་པ་ཞིག་གིས་གདན་གཅིག་གི་སྨྱུང་གནས་བཞི་བཅུ་ཞེ་དྲུག་ཐོན་པས། དེའི་སྐྱེ་བ་འཕོས་

p. 423

ནས་ཕྱུག་པོ་ལོངས་སྤྱོད་ཅན་ཞིག་ཏུ་སྐྱེས་སོ། །ཡང་ཤན་པ་ཞིག་གིས་སྨྱུང་གནས་བརྒྱད་ཐོན་པ་ལས་དེད་དཔོན་ཞིག་ཏུ་སྐྱེས་སོ། །ཡང་གདན་གཅིག་པ་ལ་ཤ་ཟ་འདོད་པས་ཕོ་རོག་ཞིག་བཅོམ་ནས་ཤ་ཟོས་པས། དེ་ཚེ་འཕོས་ནས་རང་ཤ་རང་གིས་ཟ་བའི་སྡུག་བསྔལ་ཅན་དུ་སྐྱེས་སོ། ཡང་སྨྱུང་གནས་བ་ལ་མི་ཞིག་གིས་དེ་རིང་ཁྱེད་ཀྱི་སྨྱུང་གནས་གཅིག་བསྒྱུར། ང་ཡི་བང་ཆེན་ཞིག་ཏུ་བཏང་དགོས་བྱས་ནས་ཕོ་ཉ་བྱེད་དུ་བཅོལ་བས། དེའི་རྣམ་པར་སྨིན་པས་སེམས་ཅན་སྡུག་བསྔལ་ཞེ་འཕང་ཅན་གྱི་ལུས་བརྒྱ་བླང་སྟེ་བསྐལ་པ་གྲངས་མེད་དུ་མུན་པ་ཆེན་པོའི་ནང་དུ་སྐྱེས་སོ། །གཞན་དུ་

p. 424

གནས་སྐབས་མེད་དོ། །བཀྲེས་སྐོམ་འདོད་པའི་དབང་གི་ཚེ་སྐྱེས་སོ། །དེའི་ཕན་ཡོན་ལ་བསམ་གྱིས་མི་ཁྱབ་སྟེ། ཉེས་དམིགས་ལ་འཛེམ་པ་གལ་ཆེའོ། །གྲུབ་ཆེན་ཉི་མ་སྦས་པའི་ཞལ་ནས། བུད་མེད་ཞིག་གིས་རང་རྒྱུད་ཅིག་སྲོག་བཅད་པས་ལག་ཉེས་ཤོར་བ་དང་། དུད་འགྲོ་མང་པོ་ལག་ཉེས་ལ་སོང་ནས་བཤས། བླ་མ་ཞིག་ལྟུང་བ་ཕབ་སྟེ། ཕྱིས་འགྱོད་པ་དྲག་པོ་སྐྱེས་ནས་སྨྱུང་གནས་མོ་རང་གིས་བརྒྱ་དང་བརྒྱད་ཐོན་པས་མོ་ལུས་བོར་ཏེ། ལྷོ་ཕྱོགས་དཔལ་ལྡན་གྱི་རི་ལ་འགྲོ་དོན་ནུས་པའི་བླ་མ་བསོད་ནམས་འབྱུང་གནས་ཞེས་པ་ཞིག་ཏུ་སྐྱེས་སོ། །ཡང་སྐྱེས་པ་ཞིག་གིས་སྨྱུང་གནས་སྡོད་ཚེ་ཟ་རྒྱུ་དེ་མི་ཞིག་ལ་རྐུར་ཤོར། དེ་ལ་བུད་མེད་ཞིག་གིས་དྲོ་དྲངས། དྲོ་ཁྱེར་མི་དེ་ཡི་དྭགས་མཁའ་ལ་རྒྱུ་བའི་རིགས་སུ་སྐྱེས་སོ། །སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དགོས་གསུངས། དྲོ་དྲངས་མི་དེ་ཕྱུག་པོ་ཞིག་གི་བུར་སྐྱེས་སོ། །ཡང་བུད་མེད་ཞིག་གིས་སྨྱུང་གནས་ཉི་ཤུ་རྩ་ལྔ་བསྲུངས་བས་ཕྱིས་མོ་ལུས་སྤངས་ནས་དགེ་བཤེས་ཆོས་ལ་སྤྱོད་པ་ལོངས་སྤྱོད་དང་ལྡན་པ་ཞིག་ཏུ་སྐྱེས་སོ། །བླ་མ་ར་ལོ་ཙཱ་བའི་ཞལ་ནས། གྲོང་ཆོག་ཞིག་གི་གྲལ་ནས་དཔོན་སློབ་རྣམ་པ་ལྔ་བཅུ་ཙམ་བཞུགས་

p. 425

པར་ཁོང་བཞད་པ་ཞིག་མཛད་པ་ལ། སློབ་དཔོན་སྙིང་རྗེ་བས་ཕྱག་འཚལ་ནས་བླ་མ་རིན་པོ་ཆེ་བཞད་པའི་རྒྱུ་རྐྱེན་ཅི་ལགས་ཞུས་པ་ཆོས་འདི་རྒྱུ་ཆུང་ལ་ཕན་ཡོན་ཆེ་བ་འདི་ལྟར་སྣང་གསུངས། ངའི་ཉེ་བ་མོ་ཞིག་གིས་ཉལ་ས་མ་ནོན་པའི་ཕོ་མོ་ལྔ་ཙམ་ཉེས་པ་ལས། མོས་ཞེ་ཐག་པའི་སྒོ་ནས་གདན་གཅིག་སྨྱུང་གནས་ལྔ་བཅུ་དང་ཉ་སྟོང་བརྒྱད་སོགས་ལ་སྨྱུང་གནས་དྲུག་ཐོན་པས་ཤི་ནས། བྱང་ཤམ་བྷ་ལར་འདྲེན་སྟོན་པ་ཞིག་ཏུ་སྐྱེ་བར་སྣང་གསུངས། འགྱོད་པ་ལ་རག་ལས། ཡང་མི་ཞིག་གིས་ཕ་མ་ཤི་ནས་ཆོས་བྱེད་རྒྱུ་མེད་པས་སྡུག་བསྔལ་ཤིན་ཏུ་ཆེ་སྟེ། བླ་མ་རིན་པོ་ཆེ་ཐོགས་མེད་པས་དགོངས་ཏེ། མི་ཁྱོད་ཀྱིས་ཕ་མའི་དྲིན་ལན་བསག་བསམ་ན། གདན་གཅིག་ཏུ་སྨྱུང་གནས་གྱིས་གསུངས། མི་དེས་ལགས་སོ་ཞུས་ནས་གདན་གཅིག་ལོ་ལྔ་ལ་བྱས་ཕ་མའི་དྲིན་ལན་སོད་ནས་ཐར་པ་ཐོབ།་ཁོ་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ངོ་མཚར་ཆེ་གསུངས། བླ་མ་སངས་རྒྱས་དཔལ་བས་སློབ་དཔོན་ཞིག་གི་དཀོར་ལ་རློམ་སེམས་འཕྲོག་བྱས་དཀོར་སྦྱོང་ལ་སྨྱུང་གནས་བརྒྱ་དང་དྲུག་བཏོན་པས་འགྲོ་དོན་ནུས་པ་ཞིག་འབྱུང་གསུངས། དེ་ལ་བུད་མེད་ཞིག་གིས་ཞབས་ཏོག་བྱས་

p. 426

པས། ཕྱིས་དེས་མིའི་ལུས་གནས་ཐོབ་བོ། །ཡང་བུད་མེད་ཞིག་གིས་རྟོལ་ལེ་མང་པོ་བླངས་ཏེ་བསད། །གདན་གཅིག་སྨྱུང་གནས་རང་གིས་བསྲུངས་བ་དང་རོགས་བསྲུང་དུ་བཅོལ་བ་བཅས་དྲུག་ཅུ་ཐོན་པས་ཐར་པ་ཐོབ་བོ། །ཡང་རྒྱལ་སྲས་པའི་གྲྭ་པ་ཞིག་གིས་རྐུ་མ་མི་ཞིག་བསད་པས་བླ་མས་ལུང་བསྟན་མཛད་ནས། གདན་གཅིག་སྨྱུང་གནས་ངོ་ལྐོག་མེད་པར་བཞི་བཅུ་ཞེ་བརྒྱད་ཐོན་པས་སྡིག་པ་དག་ནས་མཉམ་དུ་སངས་རྒྱས་སོ་གསུངས། ཡང་བླ་མ་སྟག་སྒོམ་པའི་གྲྭ་པ་ཞིག་གིས་གྲོགས་མཆེད་ཅིག་བསད་པས་སྙིང་རུས་བྱས་ནས་གདན་གཅིག་བརྒྱ་དང་གསུམ་བསྲུངས། བླ་མ་སྨར་ཚངས་བ་ལ་ཆོས་སྡེ་སྐྱེ་བ་འཕོས་ནས་འགྲོ་དོན་ནུས་པ་ཞིག་ཏུ་སྐྱེས་སོ། །ཡང་བདེ་གཤེགས་རིན་པོ་ཆེའི་ཞལ་ནས་ཀྱང་གྲྭ་པ་ཀུན་འདུས་ལ། ངས་རྨི་ལམ་ལེགས་པོ་ཞིག་བསོད་ནམས་གྲགས་པ་ལ་རྨིས་གསུངས། ཅི་ལགས་ཞུས་པས། ཁྱོད་ངན་སོང་དུ་འགྲོ་བསམ་པ་ལ་འགྱུར་ལྡོག་མི་སྣང་བ་ལེགས་གསུངས།་གྲྭ་པ་དེ་ལ་གདན་གཅིག་བརྒྱ་ལུང་ཕོག་པས་བརྒྱད་ཅུ་རྩ་བཞི་ཐོན་ནས་ཤི་སྟེ། བལ་པོ་སྟོད་དུ་དགོན་པ་ཞིག་ཏུ་སྐྱེས་སོ། །ནུས་པ་ཆེ་སྔགས་ལ་མཁས་གསུངས། ཆོས་རྗེ་ཀརྨ་པཀཱི་ལ། རྒྱ་ནག་ཡུལ་

p. 427

དུ་བླའི་མ་མིང་ཐོབ་བླའི་མ་ཡོན་ཏན་མེད་པ་ཤི་གསོན་མེད་ཀྱི་ཟས་ཟ་བ་ཞིག་ཆོས་རྗེ་མཇལ་དུ་བྱུང་བ་ལ། བློས་མ་ཐེང་བ་འཇིག་རྟེན་ཆོས་བརྒྱད་ཁེ་གྲགས་ཀྱི་འཆིང་བ་ཞིག་རེད་ཚེ། འོ་བརྒྱལ་ཁུར་བར་སྣང་བས་ངའི་ཁ་ལ་ཉོན་དང་ཐར་པ་ཐོབ་འོང་གསུངས། གུས་པའི་སྒོ་ནས་ཕྱག་བྱས་ནས་ཐུགས་རྗེས་བཟུང་དུ་གསོལ། ཞུས་པས་ཆོས་མང་དུ་གནང་། སྒོམ་བསྟན་ཀྱང་རྟེན་འབྲེལ་མ་འགྲིགས། དེ་ནས་ཁོ་རང་གི་གདན་གཅིག་བརྒྱ་དང་མི་ལ་བརྒྱ་བྱེད་དུ་བཅུག་ནས་ཉིས་བརྒྱ་ཐོན་པས་ཤི་གསོན་མེད་པ་འདྲེན་པའི་སྟོབས་ལྡན་ཞིག་བྱུང་གསུངས། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། མ་ཀིའི་གྲོང་བར་གྱི་སྒོམ་པ་དེ་བཤད་པ་ལ་དགའ། ལྷ་མཐོང་འདྲེ་མཐོང་བྱེད་པ་འཆི་བ་སྐད་ཅིག་ཡུད་ཙམ་ཡང་མི་དྲན་པ་ཚེ་འདིའི་བྱ་བ་སྒྲུབ་པ་ཞིག་འདུག་སྟེ། ངན་སོང་འགྲོ་བར་འདུག་གསུངས་པས་སྒོམ་པས་ཐོས་ཚེ་ཉ་བྱེ་ཚན་དུ་ཐོན་པ་ལྟ་བུའི་སྡུག་བསྔལ་བྱས་ཏེ། བླ་མ་ལ་ཞུས་ནས་གདན་གཅིག་སུམ་ཅུ་སོ་བརྒྱད་བསྲུངས། བླ་མ་འགའ་རེ་ལ་དྲོ་ཚོགས་སོགས་དྲངས་པས་སྐྱེ་བ་འཕོས་ནས་འབྲེལ་བ་གང་ཡོད་ཤར་ཕྱོགས་མངོན་དགའི་ཞིང་དུ་སྐྱེས་སོ། །ཡང་མི་ཞིག་གིས་གདན་གཅིག་

p. 428

བསྲུང་སྟེ་ཆད་ལྟོགས་སྙོམས་པས་ཤི་ལ་ཁད་བྱུང་བ་བུད་མེད་ཅིག་གིས་ཆང་བླུད་པས་མི་ཐམས་ཅད་ཀྱིས་ཆང་ནི་ཉེས་པ་ཆེ་བས་ཆད་པ་གཅོད་དགོས་ཟེར་བས།་སངས་རྒྱས་ཀྱིས་གསན་ནས་ཆང་ནི་ཉེས་པ་ཆེ་སྟེ། ད་ལན་ཆོས་བྱེད་པའི་རྟེན་ཡིན་པས་ཉེས་ཆུང་གསུངས། དགེ་སློང་མ་དཔལ་མོའི་ཞལ་ནས་གདན་གཅིག་ཅེས་བྱ་བ་ནི་གདན་ཐོག་གཅིག་ཏུ་བསྡད་ནས་ཕྱག་དང་སྐོར་བ་བྱེད་པ་ཡིན། ཟས་གཅིག་པོ་མ་གཏོགས་དུས་མ་ཡིན་པའི་ཁ་ཟས་སྤངས། སེམས་རྩེ་གཅིག་པོ་མ་གཏོགས་པར་ཐེ་ཚོམ་དང་སོམ་ཉི་སྤོངས། དེའི་ངང་ལ་གདན་གཅིག་མཛོད་དང་རིན་པོ་ཆེ་སྣ་བདུན་གྱིས་འཛམ་བུ་གླིང་གང་བ་ལ་ལོངས་སྤྱོད་པ་བས་དགའ་གསུངས། ཆོས་འདི་ལ་ཁ་ཐོ་ལག་འབད་བྱེད་མི་དུ་ཡོད་ཀྱི་མཐུན་རྐྱེན་དང་། མི་རོགས་དན་བྱེད་པ་མི་རྣམས་ཕ་མའི་དྲིན་ལན་སོད། ཐར་པ་ཐོབ་དཔལ་དང་ལྡན་ལོངས་སྤྱོད་འཕེལ་ལྷ་འདྲེས་སྡོང་གྲོགས་བྱེད་པ་ཡིན། ཀུན་གྱི་ཡིད་དུ་འོང་། ལུས་ལ་ནད་མེད། དུས་མ་ཡིན་པར་མི་འཆི་། མི་ནོར་ཟས་གསུམ་འཕེལ། བསམ་དོན་ཆོས་བཞིན་ཏུ་འགྲུབ། འབྲེལ་པ་གང་ཡོད་འདྲེན། སེམས་ཆོས་དང་འདྲེས། སྒྲིབ་པ་བྱང་། ཚོགས་གཉིས་རྫོགས། ཙཱ་རི་

p. 429

སོགས་གནས་ཆེན་རྣམས་ཀྱི་བསྐོར་བའི་ཉམས་ལེན་བས་དགའ། མཐར་ཐུག་དགྲ་བཅོམ་པའི་འབྲས་བུ་ཐོབ། ཡོན་ཏན་བཅོ་ལྔ་པོ་དེ་ལེན་བསམ་ན་གལ་ཆེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་ནས། བསམ་པ་བཟང་ན་ཅི་དང་ཅི་བྱས་ཆོས་སུ་འགྲོ་བར་སྣང་གསུངས། བཤགས་པ་ཤེས་ན་མཚམས་མེད་པ་ལྔ་བྱས་ཀྱང་འདག་གསུངས། བསྔོ་ཤེས་ན་ཚེ་འདས་ལ་བསྔོས་ཀྱང་ཐོབ། ལར་མི་སེམས་བཟང་ཞིག་གིས་ཆོས་བྱས་ན་མི་སྡེ་ཐམས་ཅད་གྲོལ་བར་སྣང་གསུངས། མི་ངན་ཞིག་གིས་སྡིག་པ་བྱས་ན། དེ་རྣ་བས་ཐོས་ཚད་ངན་སོང་དུ་འགྲོ་བར་ཡང་སྣང་གསུངས། དེ་ལྟར་བསམ་པ་དང་སེམས་བསྐྱེད་ལ་རག་ལས། དེ་ལྟར་བསམ་པ་གལ་ཆེའོ། །བླ་མ་ཟླ་བ་རྒྱལ་མཚན་དཔོན་གཡོག་གཉིས་སྐྱེས་དྲངས་འོག་མིན་གྲོང་གསེབ་ཏུ་བྱོན་ཚེ། བུད་མེད་ཞིག་གིས་འདིར་བཞུགས་ཟེར་ནས་ནང་དུ་སོང་ནས་བུད་མེད་ནད་མ་ཞིག་ཡོད་པ་ལ་ཕན་དུ་རེ་ནས། ནང་དུ་གདན་དྲངས་བསྙེན་བཀུར་ཕུན་སུམ་ཚོགས་པས་བཤོས་དྲངས་བྱས་ཏེ། བུད་མེད་དེ་སྐྲ་ལིང་ནས་མིག་གྱེན་ལ་བལྟ་མི་ནུས་པ་ཞིག་གྲ་མལ་དུ་ཉལ་འདུག་པ་ལ་བྱིན་རླབས་མཛད་ནས། ན་ཚ་བྱ་བ་སྔོན་གྱི་མི་དགེ་བའི་

p. 430

ལས་ཀྱི་རྣམ་སྨིན་ཡིན། བཟོད་པར་གསོལ་གསུངས་ནས་ཆོས་གསུངས་བསྔོ་བ་སྨོན་ལམ་མཛད་པས། མོས་གུས་དང་དད་པ་སྐྱེས་ཏེ་གདོང་མཆི་མས་གང་ནས་བླ་མ་ལགས། བདག་སྔོན་གྱི་ལས་ཁོ་ན་མ་ཟད་ཀྱི་སྟེང་དུ། ད་ལྟ་ཡང་སྡིག་པ་དཔག་ཏུ་མེད་པ་བྱས་པ་ཡོད་ལགས། སྡིག་པ་བཤགས་པ་ཞུ་ལགས་ཟེར་བ་ལ། དུས་ད་ལྟའི་སྡིག་པ་ཐམས་ཅད་མིང་ནས་སྨོས་ལ་བཤགས་པ་གྱིས་གསུངས། བུད་མེད་བདག་ནི་ཡུལ་འདི་ནས་སྐྱེས་པ་རང་ཡིན་ལགས། ཚོང་དཔོན་ཞིག་གི་གནས་སུ་ཆུང་མར་ཕྱིན་ནས་རང་རྒྱུད་ཞིག་ཡོད་པ་ལོ་བདུན་ལོན་པར། ཚོང་དཔོན་དེ་བལ་ཡུལ་དུ་ཚོང་ལ་སོང་། ལོ་གསུམ་གྱི་བར་དུ་མ་བྱུང་བས། དེའི་ཤུལ་དུ་རང་རེ་ཞིག་སྡུག་པས་གཞན་གྱི་རྐྱེན་དབང་དུ་སོང་བས། སྐྱེས་པ་ཞིག་དང་འགྲོགས་ནས་རང་རྒྱུད་གཅིག་བྱུང་བ་བསད། ལོངས་སྤྱོད་རྣམས་ཀྱང་བྱེད་མེད་དུ་བཏང་། དེའི་རྐྱེན་ལ་བླ་མཆོད་ཀྱང་བསད། དེ་ནས་ཚོང་དཔོན་འོང་ཞིང་ཡོད་ཟེར་བ་རྣ་བས་ཐོས་ཀྱང་། ཚོང་དཔོན་དེའི་བུས་མ་ལ་ན་རེ། ང་ཡི་ཕ་དེ་འོང་ན་མ་ཁྱོད་ལ་ཅི་འདྲ་ཞིག་འོང་ཟེར་བས། ངས་ཅི་བྱས་ཟེར་ནས། མ་དེས་རྡོག་ཐོ་ཞིག་བརྒྱབས་པས། བུ་ཡི་མཆིན་ཁར་

p. 431

ཕོག་བུ་དེ་ཤི་སོང་བ་ལ། ང་ཡི་བུ་དེ་གཟའ་ཕོག་ནས་ཤི་བྱས་པས། གྲོང་ཚོ་དེ་ལ་ངུ་འབོད་སྨྲེ་སྔགས་མང་པོ་བྱས། དེ་ནས་ཚོང་དཔོན་དཔོན་གཡོག་རྣམས་ནི་ནོར་ཐརྫས་མང་པོ་དང་བཅས་ཏེ་སླེབས་ཡོངས་པ་ལ། ང་ཡི་གཡོག་མོ་ཞིག་གིས་ཚོང་དཔོན་ལ་སྔར་གྱི་ལོ་རྒྱུས་རྣམས་བཤད་པས། ཚོང་དཔོན་སེམས་ཕྲག་དོག་སྐྱེས་ནས་ཁྲོས་ཏེ། ནངས་པར་བུད་མེད་སྦྲུམ་མ་ཁྱོད་ཀྱིས་མིག་དེ་རྐོ་ཟེར་བ་ལ། བདག་སྐྲག་ནས་དེའི་ནུབ་མོ་ཆང་ལ་དུག་བཏབ་ནས་ཚོང་དཔོན་དཔོན་གཡོག་བཅུ་གཉིས་ཁྱིམ་མཚེས་ཕོ་མོ་གཉིས་བླ་མཆོད་གསུམ་དང་བཅས། དེ་རྣམས་ལ་དུག་བླུད་པས་ནམ་ལངས་ཙ་ན་ཐམས་ཅད་སྨྲ་མི་ཤེས་པར་སོང་ནས་ཤི་སྟེ། བདག་བྲོས་པས་ཐར། ཕ་མེས་རྣམས་ཀྱང་བརླག་ཏུ་སོང་། དེ་ལྟ་བུའི་སྡིག་པ་འདི་དཔག་ཏུ་མེད་པ་བྱས་ལགས་ཟེར་བས། བྱང་ཆུབ་སེམས་དཔའ་དེ་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ནས་སྤྱན་ཆབ་མང་དུ་བྱུང་བས་བཤུམ་སྟེ། འདི་ཡིས་སྡིག་པ་འདི་ཙམ་བྱས་འདུག་པས། ཇི་ལྟར་བྱས་ན་འདག་དགོངས་ནས། འཕགས་པ་སྤྱན་རས་གཟིགས་ཀྱི་སྨྱུང་གནས་མཛད་པ་ཡིན་པས། སྨྱུང་གནས་ཚར་གཅིག་བྱས་ན་ངན་སོང་དུ་མི་འགྲོ་གསུངས་པ་ཡིན་

p. 432

པས། ད་འདི་ལ་སྨྱུང་གནས་དང་གདན་གཅིག་བཀའ་ལུང་གནང་དགོས་གསུངས་ནས་གནང་སྟེ། ད་ཁྱོད་ཀྱིས་གང་འགྲུབ་འགྲུབ་ལ། འབད་རྩོལ་གྱིས་གསུངས། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་ནད་ལ་ཕན་པ་དང་། སྨྱུང་གནས་ཧྲཱིལ་པོ་གཉིས་གདན་གཅིག་ལྔ་དང་བདུན་འགྲུབ་ནས་ཤིའོ། །དེའི་དུས་སྔར་གྱི་ཉེ་གནས་དགེ་སློང་དེས་ན་རེ། སྔར་རང་རེ་དཔོན་སློབ་དུས་ཀྱི་བུད་མེད་སྡིག་མོ་ཆེ་དེ་ནམ་ཙམ་ན་ཐར་ཅི་འདྲ་བ་ཞིག་ཏུ་སྐྱེས་སོང་ཞུས་ཙ་ན། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་ཞལ་འཛུམ་པ་མཛད་ནས། འཕགས་པ་ཞལ་བཅུ་གཅིག་པའི་སྨྱུང་གནས་དང་གདན་གཅིག་ལ་ཕན་ཡོན་དང་བྱིན་རླབས་ཤིན་ཏུ་ཆེ་བ་སྣང་བས་བསྒྲུབ་ནུས་པ་ཉུང་། བསྒྲུབ་ནུས་ན་བུད་མེད་དེ་སྡིག་མོ་ཆེ་༈ ཡིན་ཏེ། སྨྱུང་གནས་ཧྲཱིལ་པོ་གཉིས་གདན་གཅིག་ལྔ་དང་བདུན་བྱས་པས། མོ་ནི་རྒྱ་གར་ཤར་ཕྱོགས་བྲམ་ཟེ་འབྱོར་པ་དང་ལྡན་པ་ཞིག་གི་བུར་སྐྱེས་འདུག །སྔོན་སྨྱུང་གནས་སྡོད་ཆེ་ལྟོགས་པ་དང་སྐོམ་པས། ཟན་རྡོག་པོ་གཅིག་དང་། ཆང་ཕོར་གང་འཐུང་བས་གསོ་སྦྱོང་དང་འགལ་ནས་ད་ལྟ་རོ་ཤིན་ཏུ་ངན་པའི་ཤེས་པ་མཐོ་དམན་ཅན་གཅིག་ཏུ་སྐྱེས་གདའ་སྟེ། འོད་

p. 433

དཔག་མེད་པ་ཡི་དམ་བྱེད་པ་གདའ་གསུངས། དེ་ནས་ཚེ་དུས་བྱས་ནས་བདེ་བ་ཅན་ཏུ་སྐྱེ་བར་གདའ་གསུངས། སྨྱུང་གནས་གདན་གཅིག་རེ་རེ་ཚར་ནའང་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །ཞེས་གསུངས་སོ། །སྨྱུང་གནས་གདན་གཅིག་ལན་གཅིག་བྱས་པའི་བསོད་ནམས་ཀྱིས་ནི་བསྐལ་པ་སྟོང་གི་སྡིག་སྒྲིབ་དག་པར་འགྱུར་རོ། །ཕ་རོལ་ཕྱིན་དྲུག་གི་ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་བོ། །མཚམས་མེད་ལྔའི་ལས་ཀྱང་བྱང་བར་འགྱུར་རོ། །ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །བུད་མེད་ཀྱིས་སྨྱུང་གནས་བྱས་ན་ཤི་འཕོས་ནས་བྱང་ཆུབ་སེམས་དཔའི་ལུས་ཐོབ་བོ། །འཁོར་བ་ལས་ཕྱིར་མི་ལྡོག་གོ །དུད་འགྲོ་ཕོ་མོ་འཆི་བའི་ཚེ། གཟུངས་སྔགས་བརྗོད་ནས་ཕུ་བཏབ་ན་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནོར་འབའ་འབུ་ས་སྲིན་སྲོག་ཆགས་གང་ཤིའི་རྣ་ལམ་དུ་བརྗོད་ན་བྱང་ཆུབ་ཐོབ་པར་འགྱུར་རོ། །སྨྱུང་གནས་གདན་གཅིག་བྱས་པས་ལུས་ཀྱི་སྒྲིབ་པ་དག །སྨྱུང་གནས་གདན་གཅིག་བྱས་པས་ཡི་དྭགས་སུ་མི་སྐྱེ། སྨྲ་བཅད་བྱས་པས་དུད་འགྲོར་མི་སྐྱེ། སེམས་མ་ཡེངས་པས་དམྱལ་བར་མི་སྐྱེ། དེ་ལྟར་མཛོད་དང་ངན་སོང་གསུམ་ལས་ཐར་བར་འགྱུར་

p. 434

རོ། །ཞེས་གསུངས་སོ། །སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ་སྐྱེ་བར་ཤོག །ཤུ་བྷཾ།། ༈ ངོར་པ་ཚུལ་ཁྲིམས་རིན་ཆེན་གྱི་སྨྱུང་གནས་ཕན་ཡོན་ནི། དེ་ལྟ་བུའི་ཚུལ་གྱི་སྨྱུང་གནས་ལན་གཅིག་བགྱིས་པས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་ཏེ། ཞལ་བཅུ་གཅིག་པའི་རྒྱུད་ལས། སུ་ཞིག་བདག་གི་སླད་དུ། ཚེས་བཅུ་བཞི་འམ། བཅོ་ལྔར་སྨྱུང་བར་གནས་པར་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་ལགས་སོ། །བཅོམ་ལྡན་བདག་གི་མིང་འཛིན་པ་ནི་དོན་ཆེ་སྟེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མིང་འཛིན་པ་བས་ཀྱང་ལྷག་ལགས་སོ། །ཞེས་དང་། གཟུངས་འདི་ལན་གཅིག་བཟླས་པས་ཀྱང་ཉན་ཐོས་ཀྱི་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར་ལ། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་བྱང་བར་འགྱུར་ན། ཇི་སྐད་བཤད་པ་བཞིན་དུ་ནན་ཏན་བགྱིད་པ་ལྟ་ཅི་སྨོས། དེ་དག་གིས་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་སྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིད་པ་དང་། བསྒྲུབས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བསམ་པ་ཐམས་ཅད་ཡིད་

p. 435

བཞིན་དུ་ཡོངས་སུ་རྫོགས་པར་བགྱིའོ། །ཞེས་དང་། གཞན་ཡང་སྐྱེ་བ་དམན་པ་བུད་མེད་ཀྱིས་ཀྱང་སྨྱུང་བར་གནས་པ་ལན་གཅིག་བྱས་ན། ཤི་འཕོས་ནས་བྱང་ཆུབ་སེམས་དཔའ་འམ། སྐྱེས་པའི་ལུས་ཅན་ཐོབ་ནས། འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ་དང་། དུད་འགྲོ་འཆི་འཕོ་བའི་ཚེ་གཟུངས་འདི་ལན་གཅིག་བཟླས་ནས་རྣ་བར་བཏབ་ན་ངེས་པར་བདེ་བ་ཅན་དུ་སྐྱེ་བ་དང་། དུད་འགྲོ་འཆི་བའི་ཚེ་གཟུངས་འདི་རྣ་བར་བཏབ་ན། མིའི་འཇིག་རྟེན་དུ་སྐྱེས་པའི་ལུས་བླངས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བག་ཆགས་འཇོག་པར་གསུངས་ལ། དེ་བཞིན་དུ། ལུས་སྨྱུང་བར་གནས་པས་ལུས་ཀྱི་སྒྲིབ་པ་འདག །ངག་སྨྲ་བ་བཅད་པས་ངག་གི་སྒྲིབ་པ་འདག །གཟུངས་ཡིད་ཀྱིས་བཟླས་པས་ཡིད་ཀྱི་སྒྲིབ་པ་འདག་གོ །འདིའི་བསྒོམ་བཟླས་ཚུལ་བཞིན་དུ་བྱས་ཏེ། ཉིན་རེ་བཞིན་གཟུངས་འདི་བརྒྱ་རྩ་བརྒྱད་བཏོན་ན། ཚེ་འདི་ཉིད་ལ་ཡོན་ཏན་བཅུ་ཡོངས་སུ་འཛིན་པར་འགྱུར་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། རྟག་པར་ལུས་ལ་བྲོ་ནད་མ་མཆིས་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་བ་དང་། དེས་སྒྲིམ་མི་འཚལ་

p. 436

བར་ནོར་དང་འབྲུ་དང་དབྱིག་རྣམས་རྙེད་པར་འགྱུར་བ་དང་། དགྲ་ཐམས་ཅད་ཁུག་ཅིང་ཐུལ་བར་འགྱུར་བ་དང་། རྒྱལ་པོའི་ཚོགས་རྣམས་གསོང་པོར་སྨྲ་བར་སེམས་པར་འགྱུར་བ་དང་། ལུས་ལ་དུག་གིས་མི་ཚུགས་པ་དང་། དབྱིག་དུག་གིས་མི་ཚུགས་པ་དང་། རིམས་ཀྱིས་མི་ཚུགས་པར་འགྱུར་བ་དང་། མཚོན་ཆས་མི་ཚུགས་པར་འགྱུར་བ་དང་། ཆབ་ཀྱིས་འགུམས་པའི་དུས་བགྱིད་པར་མི་འགྱུར་བ་དང་། ཞུགས་ཀྱིས་འགུམས་པའི་དུས་བགྱིད་པར་མི་འགྱུར་བ་དང་། དུས་མ་ལགས་པར་འགུམས་པའི་དུས་བགྱིད་པར་མི་འགྱུར་བ་ལགས་སོ། །གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་ཡང་འགུམས་པའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དང་། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། ཡ་ང་བ་མ་སྤངས་འབར་འགུམས་པའི་དུས་བགྱིད་པར་མི་འགྱུར་བ་དང་། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་ལགས་སོ། །ཞེས་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་སོ། །གཞན་ནམ་སྨྱུང་བར་གནས་པ་བྱེད་པའི་སྦྱིན་བདག་གི་སྨྱུང་གནས་ཀྱི་གཡོག་བྱས་པས་ཀྱང་། བསོད་ནམས་ཤིན་ཏུ་ཆེ་

p. 437

བ་ཐོབ་སྟེ། སྨྱུང་གནས་བྱས་པའི་ནངས་པར་སྔ་དྲོ་དེ་དག་ལ་བཤོས་དྲངས་ན། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་དྲངས་པ་དང་བསོད་ནམས་མཉམ་པ་དང་། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པ་དང་བསོད་ནམས་མཉམ་པས། སྦྱིན་པའི་བདག་པོ་དེ་ཡང་ངན་སོང་དུ་མི་སྐྱེ་ཞིང་། བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་བ་དང་། སྐྱེ་བ་ཐམས་ཅད་དུ་མི་ཟད་པའི་གཏེར་དང་འཕྲད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བར་གསུངས་ལ། སྔོན་དུས་མ་ཇོ་ཆོས་སྐྱིད་ཅེས་བྱ་བས་སྨྱུང་གནས་པ་ལ་གདན་ནོན་མང་དུ་བྱས་པས། མོ་ཤི་བའི་དུས་སུ་རུས་པ་དུར་ཁྲོད་དུ་བསྐྱལ་བ་བྱ་རོག་གིས་རུས་པའི་དུམ་བུ་ཁྱེར་བ་རིང་བསྲེལ་དུ་སོང་བའི་ལོ་རྒྱུས་ལ་སོགས་པ་ཕན་ཡོན་བཤད་ཀྱིས་མི་ལང་བ་རྣམས་ལ་བསམས་ནས་སྨྱུང་བར་གནས་པའི་ལམ་ཉམས་སུ་ལེན་པ་ལ་ཤིན་ཏུ་བརྩོན་པར་བྱའོ། །དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་མི་ཟབ་པ་འགའ་ཡང་མེད་ཅིང་། གསང་སྔགས་བླ་མེད་ཀྱི་ལམ་ནི་ཆེས་ཆེར་ཟབ་མོད་ཀྱི། གང་ཟག་མཆོག་སེམས་ཅན་གྱི་དོན་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་ཆེས་

p. 438

རིངས་པའི་གང་ཟག་རྣམས་ཀྱི་ཉེ་ལམ་དུ་རྣལ་འབྱོར་བླ་མེད་ཀྱི་ལམ་སྟོན་པ་ཡིན་ལ། དེ་ལས་གཞན་པའི་བླ་མེད་ཀྱི་སྤྱད་པ་སྤྱོད་མི་ནུས་པ་ལ་ནི་ཉེས་པར་འགྱུར་བའི་སྐབས་ཀྱང་བཤད་ཀྱི༔ ཆོས་འདི་ནི་གང་ཟག་རབ་འབྲིང་ཐ་གསུམ་གང་གིས་ཉམས་སུ་བླངས་ཀྱང་ཕན་ཡོན་ཆེན་པོ་འབྱིན་པ་ཞིག་སྟེ། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་པས། དམ་པའི་ཆོས་འདི་མཐོང་བ་དང་ཐོས་པ་དང་རེག་པ་དང་སྒོར་ཞུགས་པ་ཐམས་ཅད་ངན་སོང་ལས་གྲོལ་བའི་རྒྱུ་བྱེད་པར་གསུངས་པས། ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་འདི་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་ཐབས་ཡིན་པས། ཐམས་ཅད་ཀྱིས་འདི་ལ་བསླབ་པར་བྱའོ། །ཞེས་གསུངས། དེས་ན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་ཆོས་འདི་སྟོན་ཐུབ་པར་བྱ་སྟེ། དེའང་འདིའི་གྲངས་བསྙེན་དང་སྒྲུབ་བསྙེན་ཚད་དུ་འཁྱོལ་བའི་གང་ཟག་གིས་ཆོས་འདི་གཞན་ལ་བསྟན་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། འདིའི་བསྙེན་པ་འཁྱོལ་བ་ཙམ་གྱིས་མི་དེ་ནི་རི་མཐོན་པོའི་རྩེར་ཕྱིན་ན། དེ་མཐོང་བའི་སེམས་ཅན་ཐམས་ཅད་ངན་སོང་དུ་མི་སྐྱེ། དེས་ཆུར་བརྒལ་ན། ཆུ་དེ་ལ་གནས་པའི་སེམས་

p. 439

ཅན་ཐམས་ཅད་དང་། ཆུ་དེ་འཐུང་པ་ཐམས་ཅད་ངན་སོང་དུ་མི་སྐྱེ། དེའི་གྲིབ་མ་ཕོག་པ་དང་། ལུས་ལ་རེག་པ་དང་། མིག་གིས་མཐོང་བ་རྣམས་ཀྱང་ངན་སོང་དུ་མི་སྐྱེ་བར་གསུངས་ན། དེས་ཆོས་བསྟན་ན་ཕན་ཡོན་ཆེན་པོ་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་མདོ་ལས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས། །དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་བ་བས་སངས་རྒྱས་ཀྱི་ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་སེམས་ཅན་ལ་བསྟན་ན་བསོད་ནམས་ཆེ་བར་གསུངས་པ་དག་ཀྱང་དྲན་པར་བྱས་ནས། འདི་ལྟ་བུའི་ཆོས་ཟབ་མོ་གཞན་ལ་སྟོན་པའི་རྫུན་པ་ནམ་ཡང་མི་སྡོད་པར་བགྱི་བ་ཡང་རིགས་སོ། །བསྙེན་གནས་བསྲུངས་བའི་ཕན་ཡོན་ནི། བརྒྱ་བྱིན་གྱིས་སྨྲས་པ། ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོ་ཤི་ཀ་ཁྱོད་དེ་སྐད་མ་ཟེར་ཅིག །ཟླ་བ་ཡར་གྱི་ཚེས་བརྒྱད་དང་། ཆོ་འཕྲུལ་གྱི་ནི་ཟླ་བ་ལ། བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་

p. 440

འགྱུར། །ཞེས་གསུངས་སོ།། ཨོཾ༔ བསྙེན་གནས་བསྲུངས་བའི་ཕན་ཡོན་ནི། དེ་ནས་སྤྱན་རས་གཟིགས་ཀྱི་དབང་པོས་གསོལ་པ། བཅོམ་ལྡན་འདས་སྐུའི་རྣམ་པ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྒྱས་པ་ལ་དབུ་འབུམ་ཕྱག་བྱེ་བའམ། དེ་ནས་བསྡུས་པ་ལ་དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་། དེ་ནས་བསྡུས་པ་ལ་ཞལ་བཅུ་གཅིག་པ་ཕྱག་བཞི་བཅུ་རྩ་དྲུག་པའོ། །དེ་ནས་བསྡུས་པ་ལ་ཞལ་བཅུ་གཅིག་ཕྱག་བརྒྱད་པའོ། །དེ་ནས་བསྡུས་པ་ལ་ཞོལ་གསུམ་པ་ཕྱག་དྲུག་པའོ། །དེ་ནས་བསྡུས་པ་ལ་ཞལ་ཀློགཅིག་ཕྱག་བཞི་པའོ། །དེ་ནས་བསྡུས་པ་ལ་ཞལ་གཅིག་ཕྱག་གཉིས་པའོ། །སྐུ་རྒྱས་བསྡུས་བདུན་ཡོད། དཔེར་ན་གླིང་ཆེན་བཞིར་ཆུའི་ཐིགས་པའམ། སེམས་ཅན་ཐམས་ཅད་ཀྱི་བ་སྤུའམ། རྩི་ཤིང་ལོ་འདབ་བམ། ས་ཡི་རྡུལ་སྙེད་ནི་ངས་བསྒྲང་བར་ནུས་ཀྱི། སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བསྒྲང་བར་མི་ནུས་སོ། །དཔེར་ན་སྐྱེས་བུ་ལ་ལ་ཞིག་གིས་ཁང་པ། དཔག་ཚད་བརྒྱ་པ། དཔངས་སུ་དཔག་ཚད་བརྒྱ་བྱས་ནས། ཏིལ་གྱི་འབྲུ་ཡིས་གང་བར་བྱས་ན། དེའི་འབྲུ་རེ་རེ་ནས་བསྒྲུང་བར་ནུས་ཀྱི་ཡི་གེ་

p. 441

དྲུག་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བསྒྲང་བར་མི་ནུས་སོ། །གླིང་བཞིར་འབྲུ་སྲན་སྣ་ལྔས་གང་བར་ན། འབྲུ་རེ་རེ་ནས་བསྒྲང་བར་ནུས་ཀྱི། །ཡི་གེ་དྲུག་ཟཔའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བསྒྲུང་བར་མི་ནུས་སོ། །འབྲི་བར་བྱེད་ན་ཡང་རང་གི་ཁྲག་ལ་སྣག་ཚ་བྱས། པགས་པ་བཤུས་ཏེ་ཤོག་བུ་བྱས། རུས་པ་བཙོས་ཏེ་སྨྱུ་གུ་བགྱིས་ཀྱང་། བདག་གི་ལུས་ལ་སྐྱོ་བ་མ་མཆིས་གསུངས་སོ།། ༈ རྩ་བའི་བླ་མ་མཆེད་གྲོགས་དགེ་འདུན་སྡེ། །དེ་ལ་ཁ་ཙམ་མིན་པའི་དད་གུས་ཀྱིས། །ཇ་མ་ཐབ་གཡོག་ཆུ་ལེན་ཤིང་ཝཱ་ཐུ་དང་། །རྔོ་བཏགས་ཚོང་དང་འགྲོ་འདུག་ལ་སོགས་པ། །བྱས་ཚད་རང་གི་སྒྲིབ་སྦྱོང་མཆོག་ཏུ་འགྱུར། །དེ་བཞིན་སྨྱུང་གནས་སྒྲུབ་པ་འགྲུབ་དང་མཚུངས། །ཕན་ཡོན་རྒྱ་གར་རྒྱ་ནག་བསྐོར་དང་མཉམ། །ཕྱི་རབས་གྲྭ་པ་རྣམས་ཀྱིས་ཡིད་ལ་ཞོག །བླ་མ་དང་ནི་གྲྭ་མང་ཆག་ཕྱི་ལ། །སངས་རྒྱས་བསྟན་ལ་ཨེ་ཕན་ཁོ་ན་ཡི། །ཁ་ཙམ་མིན་པའི་བསམ་པ་བཟང་བ་དེས། །ཆོས་སྐྱོང་རྣམས་དང་དམ་ཚིག་གཅིག་གྱུར་ཏེ། །ཆོས་སྐྱོང་གང་གིའང་བསྙེན་སྒྲུབ་མ་བྱས་ཀྱང་། །མགོན་པོའི་བླ་རྟགས་བྱ་རོག་དངོས་སུ་འཁོར། །ཤ་དུམ་སྒྱུ་གུ་བྱིན་པ་

p. 442

ལག་ནས་ལེན། །རཱ་ག་ཨ་སྱས་སྨྲས་སོ།། དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བསྔོ་བ།

p. 443

བསྔོ་བ་ནི། འདི་ལྟ་བུའི་དགེ་བའི་རྩ་བ་འདི་གཞིར་བཞག་རང་གཞན་རྣམས་ཀྱིས་དུས་གསུམ་བསགས་དང་གསོག་འགྱུར་གྱི་དགེ་རྩ་གཅིག་ཏུ་བསྡུས་པ་ནམ་མཁས་གར་ཁྱབ་ཀྱི་ཨ་མ་་་བསྔོ་ཡུལ། སེམས་ཅན་སྣང་ཞིང་སྲིད་པ་རིགས་དྲུག་གི་སྡུག་བསྔལ་་་བསྔོ་རྒྱུའི། ཅན་ཐམས་ཅད་རྒྱུ་འབྲས་གཉིས་དང་བྲལ་ཏེ་མཐའ་གཉིས་ལ་མི་གནས་པ་རྣམ་གྲོལ་གཏན་གྱི་བདེ་བ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མཆོག་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དུ་རྒྱལ་་་་་བསྔོ་བའི་ཚུལ། སྲས་བཅས་རྣམས་ཀྱིས་འཁོར་གསུམ་ཡོངས་སུ་དག་པས་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །བསོད་ནམས་འདི་ཡིས་སོགས། སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།།

སྤྱན་རས་གཟིགས་ཀྱི་སྨོན་ལམ་མཐོ་རིས་རྟ་ཕོ།

p. 444
p. 445

སྤྱན་རས་གཟིགས་ཀྱི་སྨོན་ལམ་མཐོ་རིས་རྟ་ཕོ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨ་ཝ་ལོ་ཀི་ཤྭ་ར་ཡ། །དྲི་མེད་སྐྱོན་བྲལ་ཟླ་བ་ཀུནྡའི་མདོག །ཡོན་ཏན་ཀུན་རྫོགས་མཚན་དང་དཔེ་བྱད་ལྡན། །བཅུ་གཅིག་པ་ཡི་རྣམ་གྲངས་ཞལ་མངའ་བ། །མགོན་པོ་བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། །བརྩེ་བའི་སྤྱན་སྟོང་འགྲོ་ལ་རྟག་ཏུ་གཟིགས། །བྱམས་པའི་ཕྱག་སྟོང་འགྲོ་ལ་མཆོག་སྩོལ་མཛད། །དེ་དག་རེ་རེའི་རྣམ་སྤྲུལ་བསམ་འདས་པ། །ཕྱག་སྟོང་སྤྱན་སྟོང་མངའ་ལ་ཕྱག་འཚལ་ལོ། །འགྲོ་དོན་རྒྱུན་ཆད་མེད་ཕྱིར་མཆོག་སྩོལ་མཛད། །བ་སྤུའི་ཁུང་བུ་རེར་ཡང་ཞིང་ཁམས་རེ། །ནམ་མཁས་གར་ཁྱབ་སྐུ་གསུང་ཐུགས་ཀྱིས་ཁྱབ། །འཕགས་པ་ནམ་མཁའི་རྒྱལ་པོ་ལ་ཕྱག་འཚལ། །ཁྱེད་ལ་སྤྱན་མངའ་རྗེ་ཡི་སྤྱན་ལྡན་པས། །འཇིག་རྟེན་ཀུན་ལ་ཉིན་མཚན་དུས་དྲུག་ཏུ། །ཕན་བདགས་སླད་དུ་སོ་སོར་གཟིགས་ལགས་ཀྱང་། །བདག་སོགས་ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཁྱེད་ལ་རྡོ་རྗེའི་སྙན་མཆོག་མངའ་བའི་ཕྱིར། །སྒྲ་སྐད་མ་ལུས་ཀུན་གྱི་རྗེས་ཞུགས་ནས། །མ་འདྲེས་གསལ་བར་སོ་སོར་གསན་ལགས་ཀྱང་། །བདག་གི་ཚིག་

p. 446

འདི་གསོན་ཅིག་སྤྱན་རས་གཟིགས། །སེམས་ཅན་རེ་རེའི་དྲུང་དུ་ཁྱེད་བཞུགས་པས། །སྐལ་མེད་བདག་ནི་མ་རིག་མུན་པས་བསྒྲིབས། །འཕགས་པའི་ཞལ་མཆོག་མཐོང་བའི་སྐབས་མ་མཆིས། །ཡེ་ཤེས་སྒྲོན་མེ་སྩོལ་ཅིག་སྤྱན་རས་གཟིགས། །ཁྱེད་གསུང་ཚངས་དབྱངས་ལྷ་ཡི་རྔ་བོ་ཆེ། །སོ་སོའི་སྐད་དུ་གང་འདུལ་ཆོས་སྟོན་ཀྱང་། །སྐལ་མེད་བདག་གིས་ཐོས་པའི་སྐལ་མ་མཆིས། །ལྷ་ཡི་རྣ་བ་སྩོལ་ཅིག་སྤྱན་རས་གཟིགས། །ཁྱེད་ཀྱི་ཐུགས་ནི་འཁོར་འདས་ཀུན་ལ་ཁྱབ། །ལྷན་སྐྱེས་ཡེ་ཤེས་རང་ལ་དབྱེར་མེད་ཀྱང་། །རྨོངས་པ་བདག་ནི་རང་གིས་རང་ལ་བསྒྲིབས། །རིག་པ་ཡེ་ཤེས་སྩོལ་ཅིག་སྤྱན་རས་གཟིགས། །ཟད་ཕྱིར་ཡོན་ཏན་སློབ་པའི་སློབ་མ་འགར། །དབང་ལུང་མན་ངག་མང་པོ་སྤེལ་ལགས་ཀྱང་། །སེམས་བྲལ་གཡང་ལ་ལྷུང་འདྲ་འབྱུང་བར་དོགས། །དམ་མེད་ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །བླུན་དད་ཅན་གྱི་སློབ་མ་འགའ་ཞིག་གིས། །བླ་མར་བཟུང་ནས་གསོལ་བ་འདེབས་ལགས་ན། །བདག་ནི་མཚན་ཉིད་མི་ལྡན་བྱིན་རླབས་བྲལ། །དད་ལྡན་ཐུགས་རྗེས་ཟུངས་ཤིག་སྤྱན་རིས་གཟིགས། །ཕྱུགས་དང་འདྲ་བའི་

p. 447

སྐྱེ་བོ་མང་པོ་ལ། །དབང་བསྐུར་ཟབ་མོ་མང་པོ་བྱས་ལགས་ཀྱང་། །སྨན་དཔྱད་མ་ཞུ་དུག་ཏུ་སོང་བར་དོགས། །གསང་སྒྲོག་ཉེས་པ་སོལ་ཅིག་སྤྱན་རས་གཟིགས། །དཀོར་སྒྲིབ་སྤང་ཕྱིར་གྲོང་ཆོག་སྒྱུར་སྙམ་ཡང་། །མི་ཤེས་ཟེར་བའི་འགྲིམ་འགྲུལ་མང་ལུགས་ཀྱིས། །དཀོར་གྱི་སྒྲིབ་པ་ཇེ་ཆེར་སོང་བར་དོགས། །དཀོར་སྒྲིབ་ཉེས་པ་སོལ་ཅིག་སྤྱན་རས་གཟིགས། །བདག་ནི་རྩེ་གཅིག་སྒྲུབ་པ་བྱེད་སྙམ་ཡང་། །ནད་མུག་འཁྲུག་རྩོད་རླུང་འཚུབ་ཇེ་ཆེར་ལྡང་། །ལུས་སྲོག་ཆོས་ལ་བར་ཆད་འབྱུང་བར་དོགས་། །འཇིགས་པ་ཀུན་ལས་སྐྱོབས་ཤིག་སྤྱན་རས་གཟིགས། །རྒྱལ་པོའི་བྲན་གཡོག་རྒྱལ་པོས་བསྐྱངས་པ་ལྟར། །བདག་ནི་ཁྱེད་ཀྱི་འབངས་སུ་མཆི་ལགས་ཀྱང་། །འདི་དང་ཕྱི་མའི་བདེ་སྐྱིད་མ་ལུས་པ། །ཐམས་ཅད་ཁྱེད་ལ་རེ་འོ་སྤྱན་རས་གཟིགས། །ཕ་མ་བཤེས་གཉེན་ཁྲིད་པའི་བུ་ཚ་འགས། །ར་མདའ་རྗེས་གཅོད་བདག་ལ་ཞུ་ནས་བྱུང་། །བདག་ནི་བྱམས་དང་སྙིང་རྗེའི་ར་མདའ་ཞན། །གཤིན་རྗེའི་ལག་ནས་དྲོངས་ཤིག་སྤྱན་རས་གཟིགས། །འཇིགས་སྐྲག་འཁྲུལ་པའི་འཕྲང་ལ་འགྲིམ་པ་འགས། །མི་འཇིགས་

p. 448

སྐྱབས་དེ་བདག་ལ་ཞུས་ནས་བྱུང་། །བདག་ནི་ལྷ་མིག་མི་ལྡན་ཁོ་མི་མཐོང་། །བར་དོའི་འཇིགས་པ་སྐྱོབས་ཤིག་སྤྱན་རས་གཟིགས། །རྔམ་ཆེན་སྡིག་དང་ལྡན་པའི་སྐྱེ་བོ་འགས། །དད་པས་ཟས་ནོར་འགའ་རེ་བྱིན་ནས་བྱུང་། །ལྕགས་སྲེག་ས་གཞིར་འཇུ་འཐམ་གསེ་བར་དོགས། །སྡིག་ཅན་ཐུགས་རྗེས་ཟུངས་ཤིག་སྤྱན་རས་གཟིགས། །ཕ་མ་མེ་འོབ་ཚུད་པའི་བུ་ཚ་འགས། །བསིལ་བའི་ཆུ་རྒྱུན་བདག་ལ་ཞུས་ནས་བྱུང་། །བདག་ནི་བྱམས་པའི་སྤྲིན་དང་མི་ལྡན་པས། །ཐུགས་རྗེའི་ཆར་རྒྱུན་ཕོབ་ཅིག་སྤྱན་རས་གཟིགས། །ཕ་མ་འཆག་སྦུད་འཁེང་བའི་བུ་ཚ་འགས། །དྲོད་ཀྱི་མེ་དཔུང་བདག་ལ་ཞུས་ནས་བྱུང་། །བདག་ནི་ཐབས་ཤེས་མེ་ཆ་ངར་དང་བྲལ། །ཐུགས་རྗེའི་མེ་དཔུང་བསྐྱེད་ཅིག་སྤྱན་རས་གཟིགས། །གཉེན་འདུན་པྲ་ཏའི་ཡུལ་དུ་སོང་བ་ལགས། །བརྒྱག་ཕྱེ་བཟའ་བཏུང་བདག་ལ་བསྐུར་ནས་བྱུང་། །བདག་འདྲ་ཞིང་པ་ངན་པས་འཕྲོད་པར་དཀའ་། །བཀྲེས་སྐོམ་དབུལ་ཕོངས་སོལ་ཅིག་སྤྱན་རས་གཟིགས། །ཉེ་དུ་མུན་པའི་གླིང་དུ་སོང་བ་འགས། །ལམ་སྣའི་སྒྲོན་མེ་བདག་ལ་ཞུས་ནས་བྱུང་། །བདག་ནི་ཤེས་

p. 449

རབ་གསལ་བའི་སྒྲོན་མེ་བྲལ། །བླུན་རྨོངས་སྡུག་བསྔལ་སོལ་ཅིག་སྤྱན་རས་གཟིགས། །ཉེ་དུ་མཚོན་ཆའི་ནང་དུ་སོང་བ་འགས། །སྐྱབས་དང་གོ་ཆ་བདག་ལ་ཞུས་ནས་བྱུང་། །བདག་ནི་བཟོད་པའི་གོ་ཆ་མི་ལྡན་པས། །འཐབ་རྩོད་སྡུག་བསྔལ་སོལ་ཅིག་སྤྱན་རས་གཟིགས། །ཆུང་ངུའི་དུས་ནས་མི་བཟད་དཀོར་ལ་འབག །ད་དུང་མ་ཤི་བར་དུ་འདི་ཉིད་ཟ། །ཁྲོ་ཆུ་ཁོལ་མའི་ལོངས་སྤྱོད་འབྱུང་བར་དོགས། །དཀོར་སྒྲིབ་ཉེས་པ་སོལ་ཅིག་སྤྱན་རས་གཟིགས། །སྡོམ་གསུམ་ལྡན་པའི་ང་རྒྱལ་ཆེ་ན་ཡང་། །ཕྲ་ཞིབ་ལྟུང་བའི་ཆར་རྒྱུན་འབེབས་ལུགས་ཀྱིས། །གནས་ངན་སྐྱེ་བ་མང་དུ་ལེན་གྱིས་དོགས། །ཉེས་ལྟུང་དྲི་མ་སོལ་ཅིག་སྤྱན་རས་གཟིགས། །ངན་སོང་སྡུག་བསྔལ་བསམ་ན་སྙིང་རྩ་འདར། །བདག་དང་བདག་ལ་ལྟོས་པའི་འགྲོ་བ་རྣམས། །རེ་ས་གཞན་ན་མེད་དོ་ཁྱེད་རང་ཤེས། །འཁོར་བའི་འདམ་ནས་དྲོངས་ཤིག་སྤྱན་རས་གཟིགས། །ནམ་ཞིག་ཚེ་ཡི་འདུ་བྱེད་ཟད་པའི་ཚེ། །གནད་གཅོད་འཁྲུལ་སྣང་འཇིགས་སྐྲག་མི་འབྱུང་ཞིང་། །སྣང་མཆེད་ཐོབ་གསུམ་སྐུ་གསུམ་ངོ་འཕྲད་ནས། །འོད་གསལ་མ་བུ་སྤྱོད་ཅིག་སྤྱན་རས་

p. 450

གཟིགས་། །ཡིད་ལུས་བར་དོའི་སྣང་བ་ཤར་བའི་ཚེ། །འཇིགས་པའི་དགྲ་དང་ཡ་ངའི་འཕྲང་བསལ་ནས། །མངོན་སུམ་ཞལ་བསྟན་དབང་བསྐུར་བྱིན་གྱིས་རློབས། །བདེ་བ་ཅན་དུ་དྲོངས་ཤིག་སྤྱན་རས་གཟིགས། །སྐྱེས་མ་ཐག་ཏུ་པདྨ་ཁ་བྱེ་ནས། །མགོན་པོ་ཁྱོད་ཀྱི་ཞལ་མཆོག་མཐོང་ནས་ཀྱང་། །སྣ་ཚོགས་མཆོད་པས་རྒྱལ་བ་མཉེས་བྱེད་ཅིང་། །ཐེག་མཆོག་དགའ་སྟོན་སྩོལ་ཅིག་སྤྱན་རས་གཟིགས། །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ཞིང་འདིར་མགོན་པོ་ཁྱེད་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱོད་པ་ཡི། །དངོས་གྲུབ་མཆོག་ཏུ་སྩོལ་ཅིག་སྤྱན་རས་གཟིགས། །དེ་ལྟར་འདོད་དོན་རྣམ་གྲངས་མང་ན་ཡང་། །འབད་མེད་ལྷུན་གྲུབ་ཕྲིན་ལས་མངའ་བའི་ཕྱིར། །ཡིད་བཞིན་ནོར་ལ་གསོལ་བ་བཏབ་པ་ལྟར། །རེ་བ་ཡིད་བཞིན་སྐོངས་ཤིག་སྤྱན་རས་གཟིགས། །ཞེས་པ་འདི་ཡང་ས་ག་ཟླ་བའི་ཡར་ཚེས་ལ་སྨྱུང་ཆོག་དཀར་ཕྱོགས་བྱེད་པའི་དུས་སུ། གཞུང་གི་འདོད་དོན་གསོལ་བ་བཏབ་པ་ལ་དམིགས་ནས་ཨ་རཱ་གས་ཞོགས་ཐུན་ལ་སྦྱར་བའོ།། །།

ཤ་ཡི་ཉེས་དམིགས་དང་གནང་བཀག་གི་ས་མཚམས་དབྱེ་བ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མའི་ཞལ་ལུང་།

p. 451

ཤ་ཡི་ཉེས་དམིགས་དང་གནང་བཀག་གི་ས་མཚམས་དབྱེ་བ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མའི་ཞལ་ལུང་བཞུགས་སོ།།

p. 452

ན་མོ་ལོ་ཀི་ཤྭ་ར་ཡེ། སྙིང་རྗེའི་གཏེར་ཆེན་དེ་ལ་ཕྱག་འཚལ་ནས། །ཤ་ཡི་གནང་བཀག་དབྱེ་བ་གསལ་བཀོད་བྱ། །དེ་ལ་དང་པོ་སྤྱིར་ཤ་ཡི་ཉེས་དམིགས་ནི། ལང་ཀར་གཤེགས་པའི་མདོ་ལས། ཁོ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །ངུ་འབོད་བྱེད་ལ་སོགས་ལ་བརྩོན། །ཅེས་དང་། སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང་། །བཙོ་བརླག་མཁན་དུ་ཡང་ཡང་

p. 453

སྐྱེ། །མཁའ་འགྲོའི་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །འདི་ཡི་མཐའ་མ་དེ་དག་ནི། །སྲིན་པོ་བྱི་ལའི་མངལ་དུ་སྐྱེ། །གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་མདོར་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་དང་། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཞེས་གསུངས་ཏེ། དེ་དག་ནི་ཤ་ཟོས་པ་ཙམ་གྱི་ཉེས་པའོ། །དེ་ཡི་ནང་ནས་ཉིན་ཤ་ཟོས་པ་དང་། བསྔོ་ཤ་དང་རྩི་ཤ་

p. 454

དང་། སེམས་ཅན་རིས་མཐུན་པ་མི་ཡི་ཤ་ཟ་བ་ལ་སོགས་ནི། དེ་བས་ཀྱང་བརྒྱ་སྟོང་ཉེས་པ་ཆེའོ། །དེ་སྐད་དུ། ཡུམ་རྒྱས་པ་ལས། ཉིང་ཤ་ཉིང་གིས་ཟ་བ་ནི་དམྱལ་ཁམས་བཅོ་བརྒྱད་ནས་མི་ཐར་རོ། །ཞེས་དང་། སྟག་ཕྲུག་སེང་སོགས་ཀྱི་དམྱལ་བར་རྩི་ཤ་སོགས་སྡིག་པ་ཆེ་བར་གཟིགས་ཚུལ་དུ་མ་གསུངས་སོ། །ལང་ཀར་གཤེགས་པ་ལས། སྔོན་འདས་པའི་དུས་ན་རྒྱལ་པོ་སེང་གེ་འབངས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཟས་སུ་ཤ་ཟ་ཞིང་མདོ་ངེས་པར་བཏོན་པས་རོ་ལ་སྲེད་ཞིང་ཆགས་པ་ལ་འདུན་པའི་ཕྱིར། མིའི་ཤ་ཡང་ཟོས་པར་གྱུར་ནས། དེའི་ཕྱིར་མཛའ་བོ་དང་བློན་པོ་དང་གཉེན་དང་གཉེན་འདབས་ཀྱི་སྐྱེ་བོའི་ཚོགས་ཀྱིས་སྤངས་བར་གྱུར་ན། གྲོང་ཁྱེར་བ་དང་ཡུལ་གྱི་འགྲོ་བ་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། བདག་གི་སྲིད་ཡུལ་ཡོངས་སུ་བཏང་བའི་ཕྱིར་རབ་ཏུ་ཉོན་མོངས་གྱུར་ཏེ། ཞེས་དང་། རྒྱལ་པོ་རྐང་ཁྲ་ལ་སོགས་པ་ལ་ཡང་སྔོན་ཚེ་རབས་ལ་ཤ་ཟའི་ཉེས་པའི་བག་ཆགས་ཀྱིས་མིའི་དབང་པོར་གྱུར་ཀྱང་ཤ་ཟ་བར་གྱུར་ཏོ། །བློན་པོ་ཆེན་པོ་ཚེ་འདི་ཉིད་ལའང་ཁྱིམ་བདུན་པོའི་ནང་ན་ཤ་ལ་ཤིན་ཏུ་བརྐམ་ཞིང་། མང་བར་བསྟེན་ན་མིའི་ཤ་ཟ་བའི་མཁའ་འགྲོ་མ་དང་། །

p. 455

མཁའ་འགྲོ་མ་མ་རུངས་དག་ཏུ་སྐྱེའོ། །བློན་པོ་ཆེན་པོ་དེ་དག་ཚེ་རྗེས་ནས་ཀྱང་ཤ་ཡི་རོ་ལ་ཆགས་པ་དེ་ཉིད་ཀྱིས་སེང་གེ་དང་སྟག་དང་གཟིག་དང་སྤྱང་ཀི་དང་འཕར་བ་དང་བྱི་ལ་དང་ཝ་དང་འུག་པ་ཤ་མང་པོ་ཟ་བའི་སྐྱེ་གནས་དང་། ཤ་མང་དུ་ཟ་བའི་སྲིན་པོ་ལ་སོགས་ཤིན་ཏུ་གཏུམ་པའི་སྐྱེ་གནས་སུའང་ལྟུང་བར་བྱེད་དོ། །དེར་ལྟུང་བ་རྣམས་མིའི་སྐྱེ་གནས་ཀྱང་ཐོབ་པར་དཀའ་ན། མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཏེ། བློ་གྲོས་ཆེན་པོ་ཤ་ཟ་བའི་ཉེས་པ་ཡང་དེ་དག་ཡིན་ན། བསྙེན་པ་རྣམས་ལྟ་སྨོས་ཀྱང་སྐྱེ་མོད། ཕྱིར་བཟློག་པས་ན་ཡོན་ཏན་ཤིན་ཏུ་མང་ན། བློ་གྲོས་ཆེན་པོ་བྱིས་སྦ་སྐྱེ་བོ་རྣམས་ཀྱི་ཡོན་ཏན་དང་། ཉེས་པ་འདི་དག་དང་། གཞན་ཡང་ཁོང་དུ་མི་ཆུད་དོ། །ཞེས་གསུངས་སོ། །ཁྱད་པར་ཤ་ཆེན་སོགས་ནི་གདོལ་པ་དང་ཤན་པ་རྣམས་ཟའི་འཇིག་རྟེན་གྱི་སྐྱེ་བོ་གཙང་མས་ཟ་བ་མ་ཡིན་ཏེ། ལང་ཀར་གཤེགས་པར། བློ་གྲོས་ཆེན་པོ་བོང་བུ་དང་རྔ་མོང་དང་ཁྱི་དང་གླང་དང་མིའི་ཤ་ལ་སོགས་པ་ནི་འཇིག་རྟེན་གྱིས་བཟའ་བ་མ་ཡིན་ནོ། །འདི་ལྟར་ཤན་པ་དག་རིན་གྱི་ཕྱིར་བཟར་རུང་ངོ་ཞེས་ཟེར་ཞིང་སྲང་གི་དབུས་དག་ཏུ་ཚོང་བར་བྱེད། ཅེས་དང་། སྨེ་ཤ་

p. 456

ཅན་དག་གདོལ་བ་དང་ཉ་པ་ལ་སོགས་པ་ཁྱི་ཤ་ཟ་བའི་སེམས་ཅན་རྒྱང་ནས་མཐོང་བོ་ཡང་། ཁྱི་རྣམས་འཇིགས་པས་ཟུག་སྟེ། ལ་ལ་ནི་བདག་ཅིག་ཀྱང་བསད་དུ་འོང་ངོ་ཞེས་ཤི་ལ་ཐུག་པར་འགྱུར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ། ནམ་མཁའ་དང་ས་དང་ཆུ་ལ་གནས་པའི་འགྲོ་བ་ཤིན་ཏུ་ཕྲ་བ་གཞན་ཡོད་པ་དེ་དག་ཀྱང་། ཤ་ཟ་བ་རྣམས་རྒྱང་ནས་མཐོང་མ་ཐག་ཏུ། སྣ་ཡི་དབང་པོ་རྣོན་པོས་དྲི་ཚོར་ནས། སྲིན་པོ་ལས་མི་དག་མྱུར་དུ་འབྱོལ་བ་བཞིན་ཏེ། ལ་ལས་ནི་ཤི་དོགས་པར་ཡང་འགྱུར་རོ། །ཞེས་དང་། མི་ཤི་བའི་ཤ་བསྲེག་པ་དང་། དེ་མ་ཡིན་པའི་སྲོག་ཆགས་གཞན་གྱི་ཤ་བསྲེག་པ་ཡང་དྲིའི་ཁྱད་པར་གང་ཡང་མེད་དེ་ཤ་གཉིས་ཀ་ཡང་དྲི་མི་ཞིམ་པར་མཚུངས་སོ། །ཞེས་དང་། ཚེ་འདི་ཉིད་ལ་ཡང་དེའི་ཁ་ཤིན་ཏུ་དྲི་མི་ཞིམ་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་དེ་མདོར་བསྡུས་ན། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་ཕ་མའི་ཤ་ཡིན་པ་དང་། ཉེ་དུར་མ་གྱུར་པ་མེད་པས་བུའི་ཤ་ཡིན་པའི་ཕྱིར་དང་། ཁུ་ཆུ་དང་མངལ་ཁྲག་གི་རྒྱུ་ལས་གྲུབ་པའི་ཕྱིར་བཙོག་པའི་ཕྱིར་དང་། ཤི་བའི་རོ་བཙོག་པ་དང་འདྲ་བར་ཤ་ཡང་བཙོག་པའི་ཕྱིར་དང་ལྷས་སྦྱོང་

p. 457

བའི་ཕྱིར་དང་། ཁ་དྲི་མི་ཞིམ་པའི་ཕྱིར་དང་། ཉལ་དུས་སྡུག་བསྔལ་སད་དུས་སྡུག་བསྔལ་རྨི་ལམ་ངན་པར་འགྱུར་བའི་ཕྱིར་དང་། གཅིག་པུར་འདུག་ན་མི་མ་ཡིན་གྱིས་མདངས་འཕྲོག་པ་དང་། གློ་བུར་དུ་འཇིགས་ཤིང་སྐྲག་པ་དང་། ཟས་ཀྱི་ཚོད་མི་ཟིན་ཅིང་ཟོས་པའི་བཅུད་མི་འཇུ་བ་དང་། ལྟོ་ཡི་སྲིན་བུ་བསྐྱེད་པ་དང་། ནད་མང་བ་དང་། །མཛེ་བསྐྱེད་པ་དང་། མི་འཕྲོད་པ་ཡིན་པ་ཡང་མི་ཤེས་པ་སོགས་ཤ་ཟ་ལ་ཉེས་པ་དུ་མ་གསུངས་སོ། །དེ་རྣམས་ནི་སྐྱེ་བོས་ཤ་ཟོས་པའི་ཉེས་པ་ཡིན་ནོ། །དེས་ན་སྐྱེ་བོ་ཡིན་ཡང་ཤ་བཅད་ན་ཕན་ཡོན་ཆེ་སྟེ། ལང་ཀར་གཤེགས་པའི་མདོ་ལས། ཤ་ལ་སོགས་པ་སྤངས་བའི་ཕྱིར། །བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་སར།། དེ་དག་རྣམས་ནི་སྐྱེ་བར་འགྱུར། །ཞེས་གསུངས་སོ། །མདོར་ན་ཁྱིམ་བདུན་བསྟེན་པ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱིས་ཤ་ཟ་བ་ལ་ཉེས་པ་མཐའ་ཡས་པའི་ཕྱིར། ཕྱི་རོལ་མུ་སྟེགས་པས་ཀྱང་ཤ་མི་ཟ་བ་ཡིན་ཏེ། འཕགས་པ་ལང་ཀར་གཤེགས་པ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་མུ་

p. 458

སྟེགས་ཅན་གཞན་ངེས་པར་བཤད་པའི་ཆོས་ཅན་འཇིག་རྟེན་རྒྱང་འཕེན་གྱི་ལྟ་བ་ལ་མངོན་པར་ཞེན་པ་ཡོད་པ་དང་མེད་པའི་ཕྱོགས་ལ་རྟག་པ་དང་ཆད་པར་སྨྲ་བ་རྣམས་ཀྱིས་ཀྱང་། ཤ་འཚལ་བ་བཀག་སྟེ་བདག་ཀྱང་མི་འཚལ་ན། འཇིག་རྟེན་མགོན་པོ་ཁྱེད་ཀྱིས་བསྟན་པ་ཐུགས་རྗེའི་རོ་གཅིག་ཏུ་གྱུར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ལ། རང་ཤ་འཚལ་བ་དང་འཚལ་བ་མི་ལྡོག་པ་ཅིས་འབྱུང་། ཞེས་སོགས་འབྱུང་ངོ་། །དེ་ཡང་རྒྱལ་པོ་རྐང་ཁྲ་ལྟ་བུ་ཤ་ལ་ཆགས་ནས་བསྟན་པ་ལ་མི་འཇུག་པ་རྣམས་རྗེས་སུ་བཟུང་ཕྱིར་དང་། ལྷས་སྦྱིན་ལ་སོགས་པ་ཤ་སྤངས་བ་ཙམ་གྱིས་དག་པར་ལྟ་བའི་ང་རྒྱལ་བཅོམ་པའི་ཆེད་དུ་རྣམ་གསུམ་དག་པའི་ཤ་གནང་སྟེ། འདུལ་བ་ལུང་ལས། ཡ་རབས་རྣམས་ལ་གནང་བའི་ཤ་དང་ཉ་ལ་སོགས་པ་ལྷུང་བཟེད་དུ་འོང་བ་དག་ལ། མིའི་ཤ་སོགས་པ་མ་ཡིན་ནམ་ཞེས་བརྟགས་ཏེ་མ་ཡིན་ན་བཟའོ་ཞེས་དང་། སྟག་གིས་ཟོས་པའི་གོད་ཤ་དང་ཆེད་དུ་བྱས་པ་མི་བཟའ་། ཞེས་གསུངས་སོ། །དེས་ན་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་མ་བཀག་པའང་དགོངས་པ་ཅན་ཏེ། ངེས་དོན་དུ་ཤ་ཐམས་ཅད་བཀག་པ་ཡིན་པར་ཞི་བ་ལྷས་གསུངས་

p. 459

ཤིང་། ལང་ཀར་གཤེགས་པ་ལས། རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཀུན་ཐབས་མེད་པར་རིམ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ་ངས་ཤ་ཟས་ནི་སུ་ལའང་མ་གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤ་ཡི་ཟས་མི་རུང་བར་བཤད་དོ། །ཞེས་དང་། ང་ཡི་འཕགས་པའི་ཉན་ཐོས་རྣམས་ཁ་ཟས་ཐ་མལ་པ་ཡང་མི་ཟ་ན་ཤ་དང་ཁྲག་གི་ཟས་ནི་ལྟ་ཅི་སྨོས། ཞེས་དང་། ང་ནི་སེམས་ཅན་ལ་བུ་གཅིག་ཏུ་འདུ་ཤེས་དང་ལྡན་པ་ཡིན། ཇི་ལྟར་རང་གི་བུ་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། ཞེས་དང་། དེ་བཞིན་དུ་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཀྱང་། རིགས་ཀྱི་བུ་ད་ཕྱིན་ཆད་ང་ཡི་ཉན་ཐོས་རྣམས་ལ་ཤ་ཟ་བར་མི་གནང་ངོ་། །ཡུལ་འཁོར་སྐྱོང་བསོད་སྙོམས་ནི་བུ་ཡི་ཤ་དང་འདྲའོ་ཞེས་བྱ་ན། ཤ་ཟ་བ་ངས་ཅི་ལྟར་གནང་། ཞེས་ངས་བསྟན་ཏོ། །ཞེས་དང་། བསོད་སྙོམས་ཤ་དང་འདྲེས་པ་ཅི་ལྟར་དག་པར་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་ཆུས་བཀྲུས་ཏེ་བཟའ་བར་བྱའོ། །ཞེས་ངས་

p. 460

བསྟན་ཏེ། ཡུལ་དེ་ལྟ་བུ་ན་ཟས་དང་སྐོམ་ཤ་ཡི་ཟས་དང་ཕལ་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤངས་བར་བྱའོ། །སྣོད་གཅིག་ལ་གཅིག་རེག་སྟེ་ཁ་ཟས་དངོས་མ་འདྲེས་པ་ནི་ཉེས་པ་མེད་དོ། །ཤའམ་ཉ་ཤའམ་རིགས་ཀྱི་ཤའམ་རྨིག་པ་སྐམ་པོའི་ཤ་ཡིས་བདག་གཞན་གྱི་འཕགས་པ་རྣམས་ཀྱི་ལྟུང་བྱེད་དུ་འགྱུར་རོ། །ཞེས་ང་ཟེར་རོ། །ཞེས་གསུངས་སོ། །མྱ་ངན་འདས་མདོ་ལས་གསོལ་པ། བཅོམ་ལྡན་འདས་འོ་ན་ཅི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་ངས་རིམ་གྱིས་བསླབ་པའི་གཞི་བསྡོམས་པའི་ཕྱིར་དེའང་ངས་བོར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལ་དགོངས་ཏེ། དོན་ཆད་ཀྱི་མུ་རྒྱུ་དང་ཤ་རྣམ་པ་བཅུ་སྤངས་ཞེས་བཀའ་སྩལ་ལགས། བཀའ་སྩལ་པ། ཚིག་གཞག་པ་དེ་དག་ཀྱང་ཤ་མི་བཟའ་བར་གདམས་པའི་ཕྱིར་བཅད་དོ། །ཞེས་དང་། ལང་གཤེགས་ལས། གང་གི་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་ཟ་ན། །འཇིག་རྟེན་གཉིས་ནི་འཇིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོངས། །

p. 461

མ་རུངས་ངུ་འབོད་ལ་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །ཞེས་དང་། མཐོང་དང་ཐོས་དང་དོགས་པ་ཡི། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་བ་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བ་འོ་ཞེས། །སངས་རྒྱས་རྣམས་ཀྱིས་བཤད་ཅེས་ཟེར། །ཞེས་དང་། །ལང་ཀར་གཤེགས་པ་ལས། མ་འོངས་པ་ན་བ་བསྒུལ་བ་རང་བཟོའི་གླེགས་བམ་བྱེད་པ་འབྱུང་སྟེ་ཤ་ཟ་རུང་ངོ་། །ཞེས་ཟེར་འབྱུང་ཚུལ་ལུང་བསྟན་རྒྱ་ཆེར་གསུངས་སོ། །དེས་ན་ངན་སོང་གི་དགེ་སློང་བརྒྱ་ཕྲག་དུ་མ་ཤ་ཟན་ལྟར་བཟའ་ཞིང་སྡོམ་གསུམ་གང་དང་ཡང་མི་འགལ་ཟེར་བ་འདི་མི་འཐད་ཚུལ་བཀག་པ་རྒྱ་ཆེར་ངོར་ཆེན་ཀུན་དགའ་བཟང་པོས་ཀྱང་བཤད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཞུས་ནས་ཤ་ཐམས་ཅད་བཟའ་མི་རུང་སྟེ། ལང་ཀར་གཤེགས་པ་ལས། བྱང་ཆུབ་སེམས་དཔའ་བྱམས་པར་འདོད་པའི་རྣལ་འབྱོར་ཅན་གྱིས་

p. 462

ཤ་ཐམས་ཅད་མི་བཟའོ་ཞེས་སོགས་རྒྱ་ཆེར་གསུངས་ཏེ་དོན་བསྡུས་ཏེ་བཤད་ན། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པ་དང་། སངས་རྒྱས་ཀྱི་ཆོས་ཐོས་ནས་སྲིན་པོ་རྣམས་ཀྱང་ཤ་སྤངས་ན་ཆོས་འདོད་པའི་མིས་ཅི་ལྟར་བཟའ་སྟེ། འཇིགས་པ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་སྐུར་པ་འདེབས་པར་འགྱུར་བས་ཀྱང་ཤ་མི་བཟའ་བ་སོགས་རྒྱ་ཆེར་གསུངས་ཏེ་མདོར་ན་འཁྲུལ་པ་དང་ནི་བཤེས་གཉེན་དང་། ཁུ་ཆུ་ཁྲག་ལས་འབྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངངས་གྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཞེས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཤ་བཀག་པ་ནི། བྱམས་པ་དང་སྙིང་རྗེ་མེད་པར་འགྱུར་བ་ལ་དགོངས་ཤིང་། དགེ་སློང་ཆོས་སྨྲ་བའི་ནད་གསོ་བའི་ཆེད་དང་། སྙིང་རྗེ་ཆེན་པོ་དང་ལྡན་ནས་དོན་ཆེན་པོ་བསྒྲུབ་པའི་ཆེད་དུ་ཉེས་པ་མེད་པར་གསུངས་ཏེ། ཡེ་ཤེས་ལྡན་གྱི་ལེའུ་ལས་རྒྱལ་པོ་ཡེ་ཤེས་བརྟན་གྱིས་དགེ་སློང་ཆོས་ཀྱི་བློ་གྲོས་ནད་ཀྱིས་ཐེབས་པ་ལ་ཤ་དྲངས་བས་བསོད་ནམས་ཐོབ་ཚུལ་གསུངས་ཤིང་། བསླབ་བཏུས་ལས། ཤ་ཟ་བ་གང་འབྱུང་བ་དེ་ནི་དོན་ཆེན་པོ་བསྒྲུབ་པའི་ཕྱིར་ཉེས་པ་མེད་དོ། །ཞེས་གསུངས་ཤིང་། དོན་

p. 463

ཆེན་པོ་གང་ཞེ་ན། མདོ་དེ་ལས། དགེ་སློང་དེ་ནི་འཆི་བའི་དུས་བགྱིས་ན། །འཛམ་བུ་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་རྩུབ་པར་འགྱུར། །འདི་གསོས་པས་ན་ཏིང་འཛིན་རྣམས་ཀྱང་འཐོབ། །ཅེས་གསུངས་ཤིང་བསླབ་བཏུས་ལས། དེ་ནི་སྙིང་རྗེ་ཆེན་པོ་ལ་མངོན་པར་བརྩོན་པ་སྟེ། དེ་ལ་བྱམས་པ་མེད་དུ་མི་དགོས་པས་ཉེས་པ་མེད་དོ། །ཞེས་སོ། །དེས་ན་ཆེད་དུ་བསད་པ་མ་ཡིན་པར། དགེ་སློང་ཆོས་སྨྲ་བའི་ནད་གསོ་བའི་ཆེད་དུ་ཉེས་པ་མེད་དོ། །དེ་མ་ཡིན་པར་མི་རུང་སྟེ་གོང་གི་ཉེས་དམིགས་ཐམས་ཅད་འབྱུང་ངོ་། །དེ་བཞིན་གསང་སྔགས་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ཀར་ཤ་སྤང་དགོས་པར་གསུངས་ཏེ། དཔུང་བཟང་ལས། ཤ་ཆང་ཀེའུ་གཙོང་དང་སྒོག་པ་དང་། །འབྲུ་མར་ཏིལ་དང་ལ་ཕུད་ཏི་ར་ཎ། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པའི་ཁ་ཟས་དཀར་གསུམ་དང་། །རྩ་བ་སྟོང་པ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་འོ་མ་མར་དག་དང་། །འབྲུ་མར་ཚིག་མ་དར་བ་འོ་ཀོན་དང་། །ཐུག་པ་དག་ནི་བཟའ་བཏུང་ཡིན་པར་གསུངས། །

p. 464

ཞེས་དང་། ·དོན་ཡོད་ཞགས་པ་ལས། གལ་ཏེ་དེ་ཉིད་འགྲོ་འདོད་ན། །ཆང་དང་ཤ་དང་སྐྱུ་འདངས་དང་། །འབྲེས་དང་ཟ་འཕྲོ་སོགས་པ་སྤང་། །ཞེས་དང་། སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །ཞེས་གསུངས་སོ། །བླ་མེད་རྒྱུད་ལས་ཡང་ཤ་བཟའ་མི་རུང་སྟེ། བླ་མ་ལྔ་བཅུ་པར། བླ་མ་ངན་པའི་མཚན་ཉིད་ལ། །སྙིང་རྗེ་མེད་ཅིང་ཁྲོ་ལ་སྡུག །ཅེས་དང་། འཇམ་དཔལ་རང་གི་ལྟ་བ་མདོར་བསྟན་ལས། བརྩེ་མེད་ཤ་ཟ་བ་ལ་གསུངས། ཞེས་གསུངས་པས། ཤ་ཟ་ན་སློབ་དཔོན་གྱི་མཚན་ཉིད་མི་ཚང་ལ། སློབ་དཔོན་མིན་ཡང་བླ་མེད་གསང་སྔགས་ཉམས་སུ་ལེན་པས་ཤ་སྤང་དགོས་ཏེ། དུས་འཁོར་རྩ་རྒྱུད་ཀྱི་ལུང་འགྲེལ་ཆེན་དུ་དྲངས་པ་ལས། ལྷ་དང་རང་འཇིགས་ཕ་མས་དང་། །འདོད་བསྒྲུབ་དོན་དང་བཙོང་ཕྱིར་ཡང་། །གདུལ་དཀའ་སྡིག་པ་བྱེད་རྣམས་ཀྱིས། །གནོད་མིན་པ་ཡི་སེམས་ཅན་བསད། །དེ་ཡི་ཤ་དེ་ཉོ་བ་དང་། །ཟ་འདོད་ཁ་ན་མ་ཐོ་བཅས། །ཞེས་དང་། འཇམ་དཔལ་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། གསོད་པ་ནོར་ལ་བྲིད་པ་དག །བསྐལ་པ་འབུམ་དུ་འཚོད་པ་

p. 465

སྟེ། །ཟ་པོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚོད་པ་ཡིན། །ཞེས་དང་། ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་འགྲོ་བ་ཡིན། །ཅེས་གསུངས་ཤིང་དེ་ལྟར་སྡོམ་པ་གསུམ་ཀ་ལ་ཤ་བཀག་གོ །ཡང་འགའ་ཞིག་གཅོད་ཚོགས་བྱས་ནས་རོ་བཤའ་བའི་ཚེ། མི་ཤ་ཁམ་གང་བཟའ་མི་ཁྲག་ཧུབ་གང་འཐུང་དགོས་ཟེར་ནས་དེ་ལྟར་བྱེད་པས་རྣམ་རྟོག་རོ་སྙོམས་པར་བརྩི་བ་དང་། དེ་བཞིན་དུ་རྟ་མི་ཤ་སོགས་ཚོགས་རྫ་ས་དངོས་སུ་བྱེད་པ་ནི་ཤིན་ཏུ་མི་རུང་སྟེ། དྲན་པ་ཉེར་བཞག་ལས་། སེང་གེ་དག་དང་སྟག་རྣམས་དང་། །ཝ་ལ་སོགས་དང་འགྲོགས་འགྱུར་ལས། །ངས་ནི་བྱམས་པས་གནས་པ་ལས། །རྟོག་པར་རྣམ་པ་ཀུན་ཏུ་སྨད། །ཐར་པའི་ཆོས་དག་འགལ་བའི་ཕྱིར། །མི་རྣམས་སྔངས་བར་འགྱུར་བའི་ཤ །དེའི་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་གསུངས་ཏེ། མི་རྣམས་དངངས་བའི་ཤ་ནི་མི་ཤའོ། ཡང་དགྲ་ནག་གི་རྒྱུད་ལས། སྔགས་ཀྱིས་དུབ་པས་ཁ་ཟས་བཟའ། །ཁ་ན་མ་ཐོ་མེད་རྙེད་སླ། །ཤ་ཆེན་དང་ནི་རྟ་དང་ནི། །གླང་པོ་ཆེ་ཡང་ཁྱད་པར་དུ། །བ་གླང་གི་

p. 466

དང་ཁྱི་དང་ནི། །བོང་བུ་རྔ་མོང་ལྕེ་སྤྱང་ངོ་། །ཞེས་ཆེད་དུ་བསད་པ་མ་ཡིན་པའི་ཤས་ལུས་ཟུངས་རྒྱས་པར་བྱེད་པ་ཇི་ལྟར་གསུངས་ཤེ་ན། དེ་ནི་བདུད་རྩི་དངོས་སུ་བསྒྱུར་ནུས་པའམ། དངོས་སུ་བདུད་རྩིར་མི་བསྒྱུར་ན་རང་ཉིད་ལུས་སྤྲུལ་བསྒྱུར་བྱས་ཏེ་དུར་ཁྲོད་ཀྱི་ལྕེ་སྤྱང་ངམ་སྟག་དང་སེང་གེ་སོགས་སུ་སྤྲུལ་ནས་ཟ་བ་ཡིན་གྱི་དེ་མ་ཡིན་པར་མི་ཤ་སོགས་བཟའ་ན་སྔ་མ་ལས་ཀྱང་ཉེས་པ་བརྒྱ་སྟོང་གིས་ཆེ་སྟེ་སྡོམ་པ་གསུམ་གྱི་ལྟུང་བ་འབྱུང་བའི་ཕྱིར་ཏེ། དུས་འཁོར་འགྲེལ་ཆེན་དུ་བ་སོ་ནི་མུ་ཏིག་གི་འབྲས་བུར་འགྱུར་བ་དང་། ཐོད་པ་ནི་པདྨར་འགྱུར་བ་དང་། ཤ་ནི་པུ་ཏྲ་ཀེ་ཤར་འགྱུར་བ་དང་། ཁྲག་ནི་ཧེ་རུ་ཀར་འགྱུར་བ་དང་། དེ་ལྟར་དངོས་སུ་བསྒྱུར་མི་ནུས་ན་ཟ་མི་རུང་ལ། ཐ་མལ་པས་དེ་བསྐལ་པར་ཡང་བསྒྱུར་མི་ནུས་ལ། བསྒྱུར་མ་ནུས་ན་རང་བཞིན་གྱིས་དག་པའི་བདུད་རྩིར་མི་འགྱུར་ཚུལ་རྒྱ་ཆེར་གསུངས། དེ་བཞིན་དུ་དགོངས་པ་ལུང་སྟོན་ལས་ཀྱང་། ཉ་དང་ཤ་དང་དེ་བཞིན་ཆང་། །གཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླན་པས་ཟ་བྱེད་ཅིང་། །མེད་པར་སྨྲ་བ་ཆོས་སུ་སྒྲོག །ཅེས་པ་ནས། དེ་རྣམས་བདུད་ཀྱི་བྱིན་རླབས་ཀྱིས། །གལ་ཏེ་དངོས་གྲུབ་ཕྲ་

p. 467

འདོད་ན། །དེས་ནི་མངོན་པར་ང་རྒྱལ་བས། །མཁས་པ་སྙམ་དུ་ཤེས་པར་འགྱུར། །ཞེས་དང་། སློབ་དཔོན་ཡེ་ཤེས་གྲགས་པས། དེ་ལྟར་དེ་ཉིད་མི་ཤེས་པས། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང་། །གང་ཞིག་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་མ་དེ་བརླག་འགྱུར། །ཚིག་ཙམ་ལ་ནི་བརྟེན་ནས་སུ། །ཆགས་ཤིང་ཞེན་པའི་སེམས་ཀྱིས་ནི། །བསོད་ནམས་མ་ཡིན་བྱེད་པ་གང་། །དེ་ནི་འོག་ནས་འོག་ཏུ་འགྲོ། །ཞེས་གསུངས་སོ། །དེ་བཞིན་དུ་མུ་སྟེགས་པ་རྣམས་དབང་ཕྱུག་མཆོད་པའི་ཕྱིར་མི་དང་མ་ཧེ་སོགས་བསད་ནས་མཆོད་ན་བསད་པ་དེ་ཡང་ལྷར་སྐྱེ་ལ་ལྷ་དབང་ཕྱུག་དང་ཚངས་པ་དྲག་པོ་ཁྱབ་འཇུག་སོགས་མཉེས་ནས་དངོས་གྲུབ་སྟེར་ཟེར་ནས་དམར་མཆོད་བྱེད་པ་དང་། བན་བོན་རྣམས་ཕྱུགས་གཡག་བསད་ཁྲོ་བོ་བཅའ་བ་དང་། དེ་དང་ཆ་འདྲ་བར་བོད་དུ་ཡང་ཙཱ་རི་རྨ་ཀུང་ལུང་སོགས་སུ་དམར་མཆོད་བཏང་ཟེར་ནས་མང་པོ་བསད་ཤ་ལ་ཚོགས་འཁོར་བྱས་པས་དུད་འགྲོ་དེ་ཐར་པ་ཐོབ་རྟགས་བཙོ་མེད་པར་འཇའ་ཚོན་དུ་ཡལ་བ་དང་། འདིར་ཡང་ཚོགས་བརྒྱ་དང་རིམ་གྲོ་ལ་དམིགས་ནས་སེམས་ཅན་བསད་དེ་ཚོགས་གཏོར་ཤ་ཕུད་ཀྱིས་བྱེད་པ་ནི་མི་

p. 468

རུང་སྟེ། སློབ་དཔོན་དཔའ་བོས། ཕྱུགས་རྣམས་བསད་པས་ཆོས་འགྱུར་ཞིང་། །ལྷ་ཡི་འཇིག་རྟེན་སྐྱེ་བ་དང་། །ལྷ་ཡང་མཉེས་པར་འགྱུར་བ་དག །ཇི་ལྟ་བུར་ནི་གཏད་པར་འགྱུར། །ཕྱུགས་རྣམས་བསད་པར་གྱུར་བ་སྔགས་ཀྱི་མཐུས། །མཐོ་རིས་འགྲོ་ཕྱིར་དེ་བས་དེ་བསད་ན། །ཆོས་སུ་འགྱུར་ཞེས་ཟེར་ན་དེ་ཡང་བརྫུན། །གཞན་གྱིས་བྱས་པ་ཕ་རོལ་སུ་ཞིག་འཐོབ། །ལོག་པར་སྤྱོད་ལ་ཡིད་ནི་མ་བཟློག་ཅིང་། །དགེ་བའི་ལས་ལ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་དག་ལ་བསད་གྱུར་ཀྱང་། །བདག་བྱས་གཞི་མེད་ཇི་ལྟར་མཐོ་རིས་སྐྱེ། །མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་བ་ནི། །བྲམ་ཟེ་བདག་ཉིད་ཆས་སུ་གྱུར་པ་དག །གང་ཕྱིར་ཚུལ་འདི་གང་ནའང་མི་སྣང་བས། །དེ་ཕྱིར་དེ་དག་ཚིག་ནི་སུ་ཞིག་ཉན། །མཚུངས་མེད་མཐུ་དཔུང་རོ་དང་གཟིགས་ལྡན་པའི། །བདུད་རྩི་ཟས་མཆོག་ལྷ་མོས་ཕུལ་བ་དག །ནོར་ནས་ཕྱུགས་བསད་ཤ་ཁྲག་ལ་སོགས་པས། །ལྷ་རྣམས་མགུ་བར་འགྱུར་པ་ག་ལ་སྲིད། །ཅེས་དང་། རིང་གི་ཨ་རལླི་ལས། ཁ་ན་མ་ཐོ་མེད་རྙེད་པས། །གལ་ཏེ་བསད་པར་བྱས་ན་ནི། །དེ་ཚེ་རྣལ་འབྱོར་པས་མི་འགྲུབ། །སེམས་ཅན་

p. 469

སྐྱབས་སེམས་རྣལ་འབྱོར་སོང་། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དུས་འཁོར་ལས། ཡུལ་གང་ན་ཟ་བ་མ་ཡིན་ཞིང་འཚོང་བ་མ་ཡིན་པའི་ཤ་ཆེན་རྣམས་ཟ་བར་གསུངས་པ་རྣམས་ནི་རྣལ་འབྱོར་པ་གྲུབ་པ་ཐོབ་པས་ཡིན་གྱི་སོ་སོའི་སྐྱེ་བོ་ཕལ་པས་མི་རུང་སྟེ་གོང་དུ་ཡང་བཤད་པ་ལྟ་བུའོ། །གྲི་ཐབས་དགུ་དང་རྦབ་ཤ་དང་གཅན་ཐེད་མཁའ་འགྲོ་མི་དགྱེས་པས་ཚོགས་ཤར་མི་རུང་བར་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཚོགས་ཀྱི་རྒྱ་གཞུང་ནས་གསུངས་སོ། །ནད་ངན་པ་ནད་ཡུན་རིང་བའི་ཤ་ངན་མ་ཡིན་པ་ལ་ལས་ཀྱིས་ཤི་བ་རུང་སྟེ། བདེ་མཆོག་སྟོད་འགྲེལ་ལས། གཡུལ་དུ་མཚོན་གྱིས་བསད་པ་ཁ་མནོང་བ་དང་བྲལ་བའམ། ནད་ཀྱིས་ཤི་བའི་ལས་ངན་པས་བསད་པ་སྤངས་ཏེ། ཞེས་རུང་བར་གསུངས་ལ། ཡང་ཚོང་འདུས་ནས་འདིར་བསད་ན་ངས་ཉོ་ཞེས་གསོད་དགུག་བྱེད་བའི་དགུག་ཤ་དང་། ཚོགས་འཁོར་དང་རིམ་གྲོ་ལ་བསྔོས་ནས་བསད་པ་དང་། རིམ་གྲོ་དང་ཚོགས་འཁོར་ཕྱིར་ཤ་ཁྱེར་ཤོག་ཅེས་བརྗོད་པས་བསད་ནས་འོང་བ་ཉོ་བ་རྣམས་མི་རུང་སྟེ། དུས་འཁོར་འགྲེལ་པར། འོ་ན་སྔགས་ཀྱི་ཐེག་པ་འདིར་རྣལ་འབྱོར་པ་རྣམས་ཀྱིས་ཤ་

p. 470

བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ། དེ་ཉིད་རྟག་ཏུ་སྲོག་བཅད་པ་ལས་འབྱུང་སྟེ། སྲོག་གཅོད་པར་མེད་པ་ནི་འགའ་ཞིག་གི་ཚེ་བསྲིང་ངོ་། །གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་ངོ་། །དེའི་ཕྱིར་ཟ་བ་པོ་དང་གསོད་པ་པོ་དག་སྲོག་གཅོད་པར་འགྱུར་རོ། །ཞེས་དང་། རྫས་ཀྱིས་ཉོས་པ་ནི་མ་ཡིན་ཞིང་ཕ་མ་ལ་སོགས་པ་དང་། མཆོད་སྦྱིན་ལ་སོགས་པ་ལ་བསད་པ་ཡང་མ་ཡིན་ཏེ་མཚན་མ་དང་བཅས་པའི་ཤ་བཟའོ། །ཞེས་པ་ནི་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་གསུངས་ཤིང་། གྲུབ་པ་ཐོབ་པའི་རྣལ་འབྱོར་པས་ཀྱང་བསྔོས་ནས་བསད་པ་བཟའ་རུང་བར་གསུངས་སོ། །མདོར་ན་རྣམ་གསུམ་དག་པའི་ཤ་ནི། བདག་ལ་བརྟེན་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག །ཅེས་སྤྱོད་འཇུག་ལས་གསུངས་པ་ལྟར་དུ། རང་གི་ཆེད་དུ་རྣམ་པར་བརྟགས་ནས་ཏེ། །རང་ལ་བསྔོས་ནས་བསད་པ་མ་ཡིན་པ། །དེ་ཤེས་བཞིན་རང་གིས་བླངས་པ་མ་ཡིན་པ། རང་གིས་ཤ་ཁྱེར་ཤོག་ཅེས་བསྐུལ་ནས་དེས་བསད་པའི་རྐྱེན་བྱས་པ་མ་ཡིན་པ། དེ་ལྟ་བུ་ནི་དམ་རྫས་ཅུང་ཟད་བཟའ་བཏུང་རུང་སྟེ། དེ་འདྲ་མ་རྙེད་ན་མི་རུང་སྟེ། དྲན་ཉེ་ལས། རྣམ་

p. 471

གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བླངས་དང་། །མ་བསྐུལ་པ་ཡང་ཡང་མེད་པས། །དེ་བས་ཤ་ནི་མི་བཟའ་འོ། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ་། །ང་དང་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་གསུངས་སོ། །ཟོས་ན་སྔགསཾ་མི་འགྲུབ་སྟེ། ལང་ཀར་གཤེགས་པར། དུར་ཁྲོད་པ་རྣམས་དང་དགོན་པ་ནགས་འདབས་མི་མ་ཡིན་པ་རྒྱུ་བ་བས་མཐའ་ཡི་མལ་སྟན་ལ་གནས་པའི་རྣལ་འབྱོར་ལ་སྤྱོད་པ། བྱམས་པ་ལ་གནས་པ་རྣམས་དང་། རིག་སྔགས་འཆང་བ་རིག་སྔགས་བསྒྲུབ་པར་འདོད་པ་རྣམས་ཀྱིས་རིག་སྔགས་བསྒྲུབ་པ་དང་། ཐར་པ་ལ་བགེགས་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་རྣལ་འབྱོར་བསྒྲུབ་པ་ཐམས་ཅད་ཀྱི་བར་ཆད་བྱེད་པར་འགྱུར་བར་རྗེས་སུ་མཐོང་ནས། བདག་དང་གཞན་གྱིས་ལུས་ཕན་པར་འདོད་པས་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའ་འོ། །ཞེས་གསུངས་སོ། །དེ་ཡང་བླ་མེད་རྒྱུད་དུ་དཀའ་ཐུབ་མི་བྱ་སྟེ། དཀའ་ཐུབ་སྡོམ་པ་མི་ཟད་པས། །ལུས་གདུང་གྱུར་ན་མི་འགྲུབ་སྟེ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བསྟེན་ན་མྱུར་དུ་འགྲུབ་པར་

p. 472

འགྱུར་། །ཞེས་གསུངས་པ་ནི། ཕྱི་རོལ་པས་དཀའ་ཐུབ་རི་ལ་འཕྱངས་པ་དང་མེར་འཇུག་སོགས་ཡིན་གྱི་ཤ་ཆང་སྤངས་པ་ཙམ་དཀའ་ཐུབ་མ་ཡིན་པར་གསུངས་སོ། །ཟླ་བ་གྲགས་པས་རི་ལ་འཕྱང་ཞིང་མེར་འཇུག་པ་ལ་སོགས་པ་མི་བཟད་པ་སྟེ། ཞེས་གསུངས་སོ། །ངོར་ཆེན་པས་ནི་བསད་ཤ་ཡིན་པ་ཙམ་གྱིས་མཆོད་རྫས་དང་བཟའ་བའི་དམ་རྫས་རུང་གསུངས་རང་གི་ཆེད་དུ་མ་ཡིན་པ་ཚོགས་འཁོར་སོགས་དེའི་ཆེད་དུ་མ་བསད་པ་རྣམ་གསུམ་དག་པའི་ཤ་རྙེད་ན་ལྷ་མཆོད་པའི་གཏོར་རྒྱན་དང་ཚོགས་རྫས་བཟའ་བའི་དམ་རྫ་ས་རུང་སྟེ། རྣལ་འབྱོར་གྱི་དབང་ཕྱུག་རལ་པ་གཅིག་མའི་རྒྱུད། དུར་ཁྲོད་ལྷ་མོ་ནག་མོའི་རང་རྒྱུད་སྟེ་རྙིང་མའི་རྒྱུད་གཉིས་དང་། མགོན་པོ་ཕྱག་བཞི་པའི་གསུང་རྒྱུད་ཁྲག་མཚོ་ཁོལ་མ་དང་། ཡུམ་རྩ་འཇིབ་མའི་རྒྱུད་དུག་རླངས་ཁོལ་མ་སྟེ་གསར་མའི་རྒྱུད་གཉིས་དང་བཞི་ལས། བསད་པའི་ཤ་ཁྲག་མཆོད་རྫས་སུ་གསུངས་སོ། །དེ་ལྟར་རྣམ་གསུམ་དག་པའི་ཤ་དེ་ཚོགས་ཤར་ཟ་བ་ཡང་བུ་ཡི་ཤ་ཟ་བ་ལྟར་སེམས་ཅན་དེ་ལ་སྙིང་རྗེ་བསྐྱེད་ཅིང་དེ་ཉིད་ཀྱི་རུས་པ་ལ་གཟུངས་སྔགས་བྱིན་རླབས་ཅན་གདབ་པ་དང་། རྒྱས་ཐེབ་པའི་བསྔོ་སྨོན་གྱིས་རྒྱས་གདབ་ཤིང་ལུས་གསོ་

p. 473

བ་སྨན་གྱི་འདུ་ཤེས་ཀྱིས་རན་ཙམ་ཟ་སྟེ། དྲན་ཉེ་ལས། ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པར་ཡང་། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །ཅེས་གསུངས་སོ། །དེ་ཡང་ཚོགས་ཤེ་གསོག་འཇོག་བྱས་ཏེ་ཡང་ཡང་བཟའ་མི་རུང་སྟེ། དངོས་གྲུབ་ཀྱི་རྫས་གསོག་འཇོག་མེད་པར་རིངས་པར་བཟའ་བར་སྒྲུབ་ཆེན་རྣམས་ནས་གསུངས་སོ། །དེ་ཡང་ཚོགས་ཟན་དང་ཚོགས་ཆང་ཚོགས་ཤ་སོགས་ཚོགས་ལ་ཟས་སྣ་དུ་ཡོད་པ་དེ་མ་བགྲངས་ནས་བཀྲེས་པར་མི་བྱ་སྟེ། ཚིམ་པར་བཟའ་ཞིང་ངོམ་པར་བཏུང་། ཞེས་གསུངས་སོ། །བཟའ་ཆེས་པས་མི་འཇུ་བའང་བཟར་མི་རུང་སྟེ། དུས་འཁོར་ལས། ཁ་ཟས་གང་ཡང་བདེ་བའི་དོན་ཏེ་ཉིན་ཞག་སོ་སོར་དུས་སུ་མ་ཞུ་བའི་རྒྱུར་ཡང་མ་གསུངས་སོ། །ཞེས་དང་། དེའི་འགྲེལ་པར། དེ་བཞིན་དུ་ཁ་ཟས་བྱེད་པ་ནི། འདིར་ཁ་ཟས་ཐམས་ཅད་བདེ་བའི་དོན་ཏེ། གང་ཅུང་ཟད་ཁ་ཟས་བྱེད་པ་དེ་ཐམས་ཅད་ཤིན་ཏུ་ཆུང་བ་བདེ་བར་འགྱུར་ཏེ། དེའི་ཕྱིར་ཉིན་ཞག་སོ་སོའི་དུས་སུ་མ་ཞུ་བའི་རྒྱུར་མི་བྱའོ། །ཞེས་པ་ནི་ཁ་ཟས་ཀྱི་ངེས་པའོ། །ཞེས་གསུངས་སོ། །དེས་ན་མི་ཧ་

p. 474

ཅང་ལྟོ་ཆེ་བ་མ་ཡིན་པ་མ་ཞུ་བའི་ནད་ཡོད་པ་མ་ཡིན་པ་ཞིག་གིས་ཟན་གཅིག་མ་ཟོས་ན་བདེ་བར་ཞུ་བ་ཙམ་ལས་ཆེ་བ་མི་རུང་། ཚོགས་ཤ་གྲོག་སྲིན་རྐང་ལག་ཙམ་ཡན་ཆད་གཅིག་མི་ཟ་བ་མི་རུང་། གྲོག་སྲིན་གྱི་རྐང་ལག་གི་ཚད་ནི་སྐྱེ་བདུན་ཤ་དེ་ཙམ་ཁོང་དུ་སོང་ན་ཕན་ཡོན་འབྱུང་གསུངས་པས་དེ་ཙམ་ཟོས་པས་ཀྱང་ཆོག །གལ་ཏེ་གཏན་ནས་ཚོགས་ཤ་མ་ཟོས་ན་གསང་སྔགས་ཀྱི་རྩ་ལྟུང་བཅུ་གསུམ་པ་ཕོག་སྟེ། དམ་ཚིག་ལ་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པའོ། །ཞེས་དང་། དེའི་འགྲེལ་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་པས་ཀྱང་དེ་རྩ་ལྟུང་དུ་གསུངས་ལ། རང་བྱུང་པས་ཀྱང་དེ་ལྟར་གསུངས་ཤིང་། སྲོང་བཙན་སྒམ་པོས་ཀྱང་བསྙེན་གནས་དུས་ཚོགས་མ་ཟོས་ན་དམ་ཚིག་ཉམས་གསུངས་པ་དང་། ཌོམ་པ་ཀྱང་རྟོག་པ་འཛེམ་བག་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་གསུངས།་ཚོགས་ཀྱི་འདུ་བ་ལས་ཀྱང་བྲམ་ཟེ་ཞིག་ཨོ་རྒྱན་ཡུལ་གྱི་ཚོགས་གྲལ་དུ་ཕྱིན་པས། ཚོགས་ཀྱི་རྫས་ཤ་ཁྲག་ལ་སྐྱུགས་བྲོ་དང་རྣམ་རྟོག་ཤོར་བས་སྣ་ཁྲག་ཕྲུལ་ལེར་ཤི་བའི་ལོ་རྒྱུས་དང་། ཨོ་རྒྱན་རིན་པོ་ཆེས། འདི་ལ་ཐེ་ཚོམ་བྱ་མི་རུང་། །གསུངས་པས་ཐེ་ཚོམ་བྱས་ན་མཁའ་འགྲོའི་

p. 475

བཀའ་ཆད་འབྱུང་རྩ་ལྟུང་གི་ཉེས་པས་ལྟུང་ངོ་། །དེ་ལྟ་བུའི་ཕྱག་ལེན་གྱི་རྒྱུད་བཟང་པོ་དག་ཡོད། རྗེ་རོལ་པའི་རྡོ་རྗེའི་སྐུ་གཞོགས་སུ་དགེ་སློང་སྣམ་སྦྱར་ཅན་ལྔ་བརྒྱ་ཙམ་རྟག་པར་ཡོད་པས། ཤ་དག་རི་དྭགས་ཀྱི་སྤུ་ཙམ་ཡང་སྤྱན་ལམ་དུ་མི་འགྲིམ་པའི་རྣམ་ཐར་མཐར་ཕྱིན་པར་མཛད་པ་ནས་བཟུང་སྟེ། རྗེ་མི་བསྐྱོད་རྡོ་རྗེས་བཙུགས་པའི་ཆོས་སྡེ་ཡང་ཟུར་སོགས་ཕལ་ཆེ་བ་ལ་ཤ་ཡི་ཁྲིམས་དམ་པོ་མཛད་ཅིང་། གྲྭ་ཚང་ཉིན་གླིང་དུ་ཤ་ཁྲིམས་མེད་ཀྱང་ཤ་བཅད་པ་རྣམས་ལ་སྡོར་དཀར་བ་ཞེས་ཐུག་པ་ལོགས་སུ་བཀོལ་བ་དང་། ཡབ་སྲས་རྣམས་དཀར་གྲོ་མ་གཏོགས་ཤ་སྤྱན་ལམ་དུ་མི་འགྲིམ་ཡང་། ཚོགས་འཁོར་དུས་ནི་ཚོགས་ཤ་ཤ་བཅད་ཀུན་གྱིས་གསོལ། ཡབ་སྲས་རྣམས་ཀྱང་དམ་ཚིག་དང་མི་འགལ་བའི་ཆེད་དུ་ཅུང་ཟད་མཆོད་པ་ཡིན་ནོ། །དེས་ན་རབ་ཤ་བཅད་དམ་པར་བྱས་ལ་རྣམ་གསུམ་དག་པའི་ཤ་ཚོགས་འཁོར་གྱི་དུས་དམ་ཚིག་བསྲུང་ཕྱིར་ཆེ་ན་ཤ་ཆང་ཟན་གསུམ་མི་འཇུ་བ་མིན་ཙམ། ཆུང་ན་གྲོག་སྲིན་གྱི་རྐང་ལག་ཙམ་བཟའོ། །འབྲིང་དུ་བསྔོས་ཤ་སྤངས་ནས་དེ་མ་ཡིན་པའི་ཤ་ཟ་བའི་ཚེ་ཚོགས་ཉུང་དུ་བྱས་ལ་བཟའ་འོ། །ཐ་མ་ཡང་ཉིན་ཤ་དང་སེམས་ཅན་རིས་མཐུན་

p. 476

པའི་ཤ་མི་ཤ་སོགས་སྤངས་ལ་བདུད་རྩིར་བྱིན་གྱིས་བརླབས་ནས་ནང་གི་སྦྱིན་སྲེག་ལྟར་ཟོས་ནས་གཟུངས་སྔགས་དང་སངས་རྒྱས་ཀྱི་མཚན་གྱིས་དུད་འགྲོའི་སྒྲིབ་པ་སྦྱང་ཕྱིར་སྙིང་རྗེ་ཆེན་པོ་བསྐྱེད་དོ། །ཞེས་ཤ་དང་ཚོགས་རྫས་ཀྱི་རྣམ་པར་དབྱེ་བ་མདོ་རྒྱུད་གྲུབ་ཐོབ་རྣམས་ཀྱི་གསུང་དང་། གྲྭ་ས་དང་སྒར་ཆེན་གྱི་སྤྱན་ལྟོས་ལྟར། ༧ ཨ་རཱ་གས་བཀོད་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་། དགེ་བས་འདི་ཉིད་མཐོང་ཐོས་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་ནས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་འདྲེན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཤ་ནི་སྙིང་རྗེ་ཅན་གྱིས་བཟའ།

p. 477

ཤ་ནི་སྙིང་རྗེ་ཅན་གྱིས་བཟའ། ཞེས་པའི་དོན་གྱི་མན་ངག་མདོ་སྔགས་གཉིས་ཀྱི་བཅུད་བསྡུས་བཞུགས་སོ།། ན་མོ་ལོ་ཀི་ཤྭ་ར་ཡེ། ལང་ཀར་གཤེགས་པའི་མདོ་ལས་བསྟན་པའི་ཕྱིར། །ཚོགས་ཀྱི་དམ་རྫས་མ་གཏོགས་ཤ་མི་ཟ། །ཤི་ཤ་གོད་ཤ་ཚོང་འདུས་གསུམ་པོའི་ཤ །ཟོས་ཀྱང་འདུལ་པའི་ལུགས་ལ་ཉེས་པ་མེད། །བསད་པའི་ཤ་དང་བསྔོས་ཤ་ཉེས་པ་ཆེ། །འོན་ཀྱང་སྙིང་རྗེའི་དབང་གིས་བཟའ་བ་ནི། །ཤ་དེ་མདུན་བཞག་སྙིང་རྗེ་ཚད་མེད་བསྒོམ། །རླུང་ཞིག་ཚུར་རྔུབ་སྲོག་ཆགས་དེས་གཙོས་པའི། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་རང་ལ་བསྟིམ། །སེམས་ཅན་ཐམས་ཅད་སྡིག་སྡུག་དང་བྲལ་ནས། །རླུང་ཞིག་ཕར་བཏང་རང་གི་དགེ་ཚོགས་རྣམས། །སེམས་ཅན་དེས་གཙོས་སེམས་ཅན་ཀུན་ལ་བསྟིམ། །འགྲོ་ཀུན་བདེ་ལྡན་བྱང་ཆུབ་ཐོབ་པར་བསྒོམ། །དེ་ཡི་ངང་ནས་མཚན་བསྒྲགས་གཟུངས་བཟླ་སྟེ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་སྦྱིན་ལ་ཕྱག་འཚལ་ལོ། །སྲོག་བཅད་པའི་སྡིག་པ་དག །དེ་བཞིན་གཤེགས་པ་དཔལ་བཟང་ལ་ཕྱག་འཚལ་ལོ། །བཤའ་གཏུབ་བྱས་པའི་སྡིག་པ་དག །དེ་བཞིན་གཤེགས་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །བཤའ་གཏུབ་བྱས་པའི་སྡིག་པ་དག་ཅེས་དེ་གསུམ་བོ་དྷི་ས་ཏྭའི་ལྟུང་བཤགས་འགྲེལ་པའོ། །ཨོཾ་ཨཱབྷི་ར་ཧཱུཾ་ཁེ་ཙ་མུ་སྭཱ་ཧཱ། ལན་བདུན་བཟླས་པས་ཤ་ལ་བཏབ་ནས་ཟོས་ན་ཉེས་པ་མི་འབྱུང་སྟེ། དུད་འགྲོ་དེ་ངན་

p. 478

སོང་ལས་ཐར་པ་ཁང་བུ་བརྩེགས་པའི་མདོ་ལས་བཤད་ཅེས་ཇོ་བོ་རྗེས་གསུངས་སོ། །དེ་ཡན་མདོ་ལུགས་སོ།། ༈ སྔགས་ལུགས་ནི། ཀྱེ་མ་ཤ་ཡི་ཆེད་དུ་ཤི་བའི་སེམས་ཅན་ནི། །ཚེ་རབས་མང་པོའི་མ་རྒན་སྙིང་རེ་རྗེ། །ཁྱོད་ཀྱི་ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཕྱིར། །སྒྱུ་འཕྲུལ་ལྷ་ལ་ནང་གི་བསྲེག་བླུགས་འབུལ། །ཅེས་པས་བསྐྱེད། ཨཱཿ རང་ཉིད་སྐད་ཅིག་རྡོ་རྗེ་སེམས་དཔའ་ཡི། །ལྟེ་བའི་མེའམ་རླུང་ནི་ཡེ་ཤེས་མེ། །ལྕེ་ནི་མེ་ལྕེ་ཁ་ནི་ཐབ་ཁུང་ཉིད། །ལག་པ་དགང་གཟར་བླུགས་གཟར་ལྷུན་གྱིས་གྲུབ། །སྙིང་དབུས་ཞི་བའི་སངས་རྒྱས་བཞི་བཅུ་གཉིས། །དུང་ཁང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས། །ཡེ་ནས་དམ་ཡེ་དབྱེར་མེད་གསལ་བ་ལ། །ཞེས་ཐབ་དང་མེ་ལྷ་གསལ་ནས། འབྲུ་གསུམ་གྱིས་བསྲེག་རྫས་བྱིན་གྱིས་བརླབས་ཏེ། ཨོཾ་ཨཱཿཧཱུྃ་ཤ་ཟོས་བཟའ་བཏུང་བདུད་རྩི་བསྲེག་རྫས་འབུལ། །ཤ་ཟོས་སེམས་ཅན་སྒྲིབ་གཉིས་སྦྱང་དུ་གསོལ། །ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཚྭ་ས་ཛྭ་ལ་རཾ་ཁཱ་ཧི། ཤ་ཟོས་སེམས་ཅན་དེའི་སྡིག་སྒྲིབ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གཅིག་དང་། དེ་ནས་ཁམ་བུ་རེ་ཟ་བ་དང་སྔགས་ཡིད་འདོན་རེ་སྤྲད་ནས་ཟོས་ལ། གཟུངས་སྔགས་རྒྱས་པ་

p. 479

དང་། བསྡུ་ན། ཨོཾ་ཀཾ་ཀ་ནི་ཚར་གཅིག་དང་། ཨུཥྞི་ཥ་ཚར་བདུན་གྱིས་ས་གཙང་མ་སྔགས་ལ་རུས་པ་བྲན། དེ་ལྟར་སྦྱིན་སྲེག་བྱས་པའི་དགེ་བ་འདིས། །སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་ཕྱིར་བསྔོ། །དེ་ཡི་དགེ་བས་ཤ་ཟོས་སེམས་ཅན་དེ། །བདེ་བ་ཅན་གྱི་ཞིང་དུ་མྱུར་སྐྱེས་ཤོག །སྔགས་འཆང་ཨ་རཱ་གས་ཐུན་མཚམས་ཤིག་ལ་བྲིས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མ་དཱ་ན་བྱིན་རླབས་བདུད་རྩིའི་ཆུ་རྒྱུན།

p. 480
p. 481

མ་དཱ་ན་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་བཞུགས་སོ། མ་དཱ་ན་ཚོགས་རྫས་སུ་བྱིན་གྱིས་བརླབ་པ་ནི། ཧཱུྃ་ཧྲཱིཿ རང་ཉིད་ཡི་དམ་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི། །ཉེས་ཚོགས་བསྲེགས་གཏོར་བཀྲུས་པ་ལས། །སླར་ཡང་ཨོཾ་ཨཱཿཧཱུྃ་གསུམ་གྱིས། །ཟག་མེད་ནུས་ལྡན་བདུད་རྩིར་གྱུར། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཐུབ་ཆེན་གངས་ཆེན་མཚོ་རྒྱལ་ལ། །འདས་དང་མ་བྱོན་ད་ལྟར་གྱི། །བདེ་གཤེགས་མ་ལུས་འཁོར་གྱིས་བསྐོར། །འདིར་གཤེགས་ཟག་མེད་ཚོགས་ལ་རོལ། །རྣལ་འབྱོར་སྒྲིབ་སྦྱང་དངོས་གྲུབ་སྩོལ། །བདེ་ལྡན་བཀོད་པའི་ཞིང་ཁམས་ནས། །འཆི་མེད་ཆོས་སྐུའི་མངའ་བདག་ལ། །སྐུ་གསུམ་སེམས་དཔའ་རྒྱ་མཚོས་བསྐོར། །འདིར་གཤེགས་ཟག་མེད་ཚོགས་ལ་རོལ། །རྣལ་འབྱོར་ཚེ་ཡི་དངོས་གྲུབ་སྩོལ། །ལྷོ་ནུབ་དཔལ་རིའི་ཕོ་བྲང་ནས། །ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་ལ། །རིག་འཛིན་བྱེ་བ་འབུམ་གྱིས་བསྐོར། །འདིར་གཤེགས་ཟག་མེད་ཚོགས་ལ་རོལ། །སྣང་སྲིད་ལྷ་འདྲེའི་བར་ཆད་སོལ། །རང་ལུས་དཀྱིལ་འཁོར་དག་པ་ནས། །དམ་པ་རིགས་བརྒྱའི་ལྷ་ཚོགས་དང་། །བཀའ་སྲུང་

p. 482

དམ་ཅན་རྒྱ་མཚོ་ལ། །གནས་གསུམ་དཔའ་བོ་མཁའ་འགྲོས་བསྐོར། །འདིར་གཤེགས་ཟག་མེད་ཚོགས་ལ་རོལ། །ཕྱི་ནང་རྐྱེན་ངན་བར་ཆད་སོལ། །སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་ལ། །འབྲེལ་ཐོགས་གུ་རུ་རྒྱ་མཚོས་བསྐོར། །འདིར་གཤེགས་ཟག་མེད་ཚོགས་ལ་རོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །འགྲོ་བ་རིགས་དྲུག་སེམས་ཅན་ཀུན། །དག་པའི་སྣང་བ་ལྷར་གསལ་རྣམས། །འདིར་བྱོན་ཟག་མེད་ཚོགས་ལ་རོལ། །བྱང་ཆུབ་ཆེན་པོའི་འབྲེལ་ཐོབ་ཤོག །ཨ་ལ་ལ་ཧོ། བདུད་རྩིའི་ཟེག་མ་ནམ་མཁར་འཐོར། ཧོཿ ཟག་མེད་བདུད་རྩི་ལོངས་སྤྱོད་འདི། །ཡི་དམ་ལྷ་ཡི་ཕ་འབབ་ལ། །ཐེ་ཚོམ་སོམ་ཉི་མི་བྱ་ཞིང་། །ལྷག་བསམ་དག་པའི་ངང་ལ་རོལ། །ཅེས་ཐེ་ཚོམ་མེད་པའི་ངང་ལ་རོལ་བར་བྱའོ། །ཞེས་མ་དཱ་ན་ཚོགས་རྫས་སུ་བྱིན་གྱིས་བརླབས་པ་འདི་ནི་གྲྭ་པ་ཆང་བཅད་རྣམས་ལ་ལྟུང་བ་མི་འབྱུང་བའི་ཕྱིར་ཀརྨ་ཨ་རཱ་གས་དགེ་ཟིན་དུ་བྲིས་པའོ།། །།

ཆང་གི་ཉེས་པ་བསྟན་པ། དུག་དང་བདུད་རྩིའི་རྣམ་པར་དབྱེ་བ་འཇམ་དབྱངས་བླ་མའི་ཞལ་ལུང་བསྟན་པའི་རྒྱན།

p. 483

ཆང་གི་ཉེས་པ་བསྟན་པ། དུག་དང་བདུད་རྩིའི་རྣམ་པར་དབྱེ་བ་འཇམ་དབྱངས་བླ་མའི་ཞལ་ལུང་བསྟན་པའི་རྒྱན་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས།།

p. 484

ན་མོ་ཤཱཀྱ་མུ་ནེ་ཡེ། །བཅོམ་ལྡན་ཐུབ་དབང་དེ་ལ་ཕྱག་བྱས་ནས། །ཆང་དང་བདུད་རྩིའི་རྣམ་པར་དབྱེ་བ་ནི། །མདོ་སྔགས་དོན་དང་བླ་མའི་ཕྱག་ལེན་བཞིན། །འཁྱོག་བཤད་མེད་པར་དྲང་བའི་ངག་གིས་བརྗོད། །དེ་ལ་དེང་སང་གངས་རིའི་ཁྲོད་འདིར་ཁ་ཅིག་ན་རེ། ཆང་ནི་ཉེས་པ་ཀུན་གྱི་གཞི། །རྩྭ་མཆོག་གང་ཡང་བཏུང་མི་བྱ། །ཞེས་ཚོགས་ཀྱི་དམ་རྫས་ཅུང་ཟད་ཙམ་བཏུང་ཡང་ཚུལ་ཁྲིམས་ལ་ལྷོད་པར་མཐོང་ནས་འཕྱའོ། །འགའ་ཞིག་ན་རེ། ཚོགས་ཆང་བདུད་རྩི་ཡིན་ནོ་ཞེས་འབྱོར་ཚད་བཏུང་ནས་སྐྱུགས་ནས་སའི་འདམ་རྫབ་ཏུ་འགྱེལ་ལོ། །ཁ་ཅིག་ན་རེ།

p. 485

ཚོགས་འཁོར་སོགས་བྱིན་བརླབས་མ་བྱས་ཀྱང་གསང་སྔགས་པ་ཡིན་པ་མ་བཟི་ན་སྐྱོན་མེད་ཟེར་ནས་ཆང་ཁྲིམས་མེད་པར་བཟི་ཁྲིམས་བཅའ་བའི་གྲུབ་མཐའ་བཟུང་ངོ་། །ཁ་ཅིག་ན་རེ། ངེད་ཀྱི་གནས་འདི་ནི་གསང་སྔགས་ཀྱི་ཕོ་བྲང་ཡིན་པས་ནག་ཆང་སོགས་ཁྲིམས་བྱས་པ་མི་ཤེས་པ་ཡིན་ཞེས། སྦང་མས་རྟ་འདྲེད་པ་བྱེད་དོ། །ཁ་ཅིག་ན་རེ། དགོན་པར་ཆང་མ་འཐུང་ན་དེས་ཆོག་པར་བརྩི་ནས་ཕྱི་ལོགས་སུ་སོང་ནས་བཟི་འགྱེལ་བྱེད་དོ། །ཁ་ཅིག་ན་རེ། ངེད་ནི་རྫོགས་ཆེན་པ་ཡིན་པས་བཀའ་བདག་ལ་ཡོད་ཟེར་ནས་ཉིན་མཚན་འཁོར་ཡུག་ཏུ་བཟི་བར་བྱེད་དོ། །ཁ་ཅིག་ན་རེ།

p. 486

ངེད་རྣམས་རབ་བྱུང་ནི་མིན་པས་ཆང་འཐུང་བས་ཉེས་པ་མེད་ཟེར་ནས། སྐྱེ་བོ་ཕལ་པ་དང་སྔགས་པ་དང་ཡོན་ཏན་མཁས་དྲུང་འཚོ་བ་དང་ཨ་མཆོད་སོགས་ཆང་མེད་ཐབས་མེད་པར་བྱེད་དོ། །དེ་ལྟར་སྨྲ་བ་ནི་དེ་རྣམས་ལ་སྙིང་པོ་ཆེར་མ་མཐོང་ནས། །མདོ་རྒྱུད་བླ་མའི་གསུང་དང་ཕྱག་བཞེས་དཔང་དུ་བཞག་སྟེ་རང་འདོད་མེད་པར་སྨྲ་བ་ནི་དེ་ལ་ཆང་ནི་ཉེས་པ་ཐམས་ཅད་འབྱུང་བའི་རྩ་བ་ཡིན་པས། སྐྱེ་བོས་བཏུང་ན་སྡིག་པ་ཡིན་ནོ། །དགེ་བསྙེན་ཡན་རབ་བྱུང་གིས་བཏུང་ན་སྡོམ་པ་ཉམས་ཞེས་བྱའོ། །བྱང་ཆུབ་སེམས་དཔས་བཏུང་ན་བསླབ་པ་ཉམས་ཞེས་བྱའོ། །སྔགས་པས་བཏུང་ན་དམ་ཚིག་ཉམས་ཞེས་བྱའོ། །ཚོགས་འཁོར་དུས་ཐིགས་པ་གཅིག་ཡན་ཆད་ཅིག་མ་བཏུང་ན་དམ་ཚིག་ཉམས་སོ། །གྲུབ་པ་ཐོབ་པ་མིན་པས་བྷན་གང་བས་མང་བའི་ཚོགས་ཆང་བཏུང་ན་ཡང་དམ་ཚིག་ཉམས་སོ། །གྲུབ་པ་ཐོབ་པ་ལ་ནི་བཀག་པ་མེད་དོ། །བིརླཔས་ཡུལ་གྲུ་བཅོ་བརྒྱད་ཀྱི་ཆང་གསོལ་བ་དང་། ཀརྨ་པཀིས་རྒྱ་ནག་རྒྱལ་པོའི་ཆང་མཛོད་ཟད་པར་གསོལ་ཡང་མ་བཟི་བ་ལྟ་བུའོ། །གྲུབ་པ་ཐོབ་ཚད་མི་བཟི་བའི་ངེས་པ་ཡང་མེད་དེ། དགྲ་བཅོམ་པ་ལེགས་འོང་ཆང་གིས་བཟི་ནས་འགྱེལ་ཏེ་རྫུ་འཕྲུལ་

p. 487

སྟོན་རྒྱུ་མ་རྙེད་པ་དང་། མར་པ་ལོ་ཙཱ་ཆང་གིས་བད་ནས་གཟིམ་ཚེ་ཡུམ་གྱིས་ནཱ་རོའི་ཐུགས་དམ་པདྨ་རཱ་ག་སོགས་མི་ལ་ལ་བསྐུར་བ་མ་ཚོར་བ་སོགས་ལོ་རྒྱུས་བསམ་པར་བྱའོ། །དེ་ལྟར་མདོར་བསྡུས་གོ་བདེའི་ཕྱིར་སྔོན་དུ་བརྗོད་ནས། དེ་དག་གི་དོན་རྒྱས་པར་འཆད་པ་ལ། སྤྱིར་ནི་ཆང་སྐྱེ་བོས་འཐུང་ན་ཡང་ཉེས་པ་ཆེ་སྟེ། དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་གསུངས་པ། ཆང་འཐུང་བ་ལ་མངོན་པར་དགའ་བའི་མིས། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །ཞེས་དང་། འབྲུའི་ཆང་དང་། བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། སུམ་ཅུ་རྩ་ལྔ་པོ་དེ་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ཉོན་མོངས་རྒྱས་པར་བྱེད་པ་དང་། འཐབ་པ་དང་རྩོད་པ་སྐྱེད་པ་དང་། དོན་མེད་པ་ལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། ལོངས་སྤྱོད་མ་ཐོབ་པ་མི་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ་པ་ཡོངས་སུ་

p. 488

ཟད་ཅིང་ཡོངས་སུ་གཏུག་པར་འགྱུར་བ་དང་། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། རིགས་ཀྱི་གཙོ་མོ་ལ་བསྙེན་བཀུར་མི་བྱེད་པར་འགྱུར་བ་དང་། སངས་རྒྱས་ལ་མ་གུས་པར་འགྱུར་བ་དང་། ཆོས་ལ་མ་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར་བ་དང་། བསླབ་པ་ཡང་དག་པར་བླངས་བ་ལ་མ་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། བག་མེད་པར་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་དང་། མཛའ་བཤེས་དང་བློན་པོ་དག་གིས་སྤང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་། ཆོས་མ་ཡིན་པ་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤང་བར་འགྱུར་བ་དང་། དེ་མི་མཛའ་བ་དག་དང་

p. 489

གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་མི་འདྲི་བར་སེམས་པ་དང་། བག་མེད་ཉམས་བག་ཏུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། མྱ་ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང་། སྨོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོར་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་པར་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨྱོ་བར་འགྱུར་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་དག་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དྲན་པ་ཉེར་བཞག་ལས་ཀྱང་གསུངས་ཏེ། ཆང་གིས་ཀུན་ཏུ་གཡེང་བའི་མི། །བྱ་དང་མི་བྱ་མི་ཤེས་པར། །མི་དེ་ཕྱུགས་དང་མཚུངས་པ་ཡིན། །དེ་ལྟ་བས་ན་ཆང་དེ་སྤང་། །ཆང་གིས་གཡེང་བའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །གང་གིས་རྟག་ཏུ་གསོན་པས་ན། །རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་ཀུན་གྱི་ཐེམ་སྐས་ཏེ། །

p. 490

མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གི་སྐྱོན་གྱིས་བསྡུས་པ་ནི། །ཡི་དྭགས་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་ནས་ཆང་གི་དུག །དེ་བཞིན་དམྱལ་བའི་ནང་ནས་དམྱལ། །ནད་ཀྱི་ནང་ནས་ནད་མཆོག་ཡིན། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །ཅེས་དང་། ཇི་ལྟར་ཆང་ལ་སུས་བསྟེན་ན། །དེ་ལྟར་མིག་དང་གཟུགས་འཛིན་ཏེ། །ཞགས་པའི་ནང་ན་ཐ་མ་ཡིན། །ཆང་ཞེས་མཁས་པ་རྣམས་ཀྱིས་གསུངས། །ངག་དང་མིག་དང་འགྲོ་བ་ཉིད། །ཚན་པོ་ཆེ་རྣམས་འཁྲུལ་བྱེད་པས། །བློ་གྲོས་རྨོངས་པ་འཁྲུལ་པ་ནི། །ཅི་ཡང་སྒྲུབ་པར་མི་བྱེད་དོ། །ས་ལ་ལྟུང་བའི་མི་དེ་ལ། །བུད་མེད་དེ་ལ་འཕྱ་བར་བྱེད། །འགུལ་པ་མེད་པ་ཤིང་སྐམ་འདྲ། །གཡོ་བ་མེད་པ་ས་ལ་ལྟུང་། །ཆང་འཐུང་པ་ལ་གོམས་པ་ནི། །འཆི་བར་འགྱུར་ཞེས་གྲགས་པར་བྱེད། །ཧ་ལ་ཧ་ལ་དག་བས་ལྷག །འཆི་བ་ལས་ཀྱང་དེ་ལྷག་གོ ། ཞེས་གསུངས་པ་དང་། ལས་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ལས། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། ཚེ་འདི་ལ་ཆང་འཐུང་ནས་མྱོས་པར་བྱས་པ་གང་ཡིན་པ་དེ་ནི་ཤི་

p. 491

འཕོས་ནས་ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཞེས་གསུངས་པ་དང་། ཡང་དྲན་པ་ཉེར་བཞག་གི་མདོ་ལས། ཆང་གིས་འཕྲོག་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བ། །མི་ཤེས་རྣམ་པར་མི་ཤེས་ཤིང་། །ཐམས་ཅད་མི་ཡིས་མི་ཤེས་སོ། །གང་ཞིག་ཚང་ལ་བརྟེན་བྱེད་པ། །སྐྱེ་བོ་རེས་འགའ་དགའ་བྱེད་ཅིང་། །རེས་འགའ་ཡོངས་སུ་གདུང་བྱེད་ལ། །རེས་འགའ་སྡིག་པ་བྱེད་པ་ཡིན། །བློ་ནི་ཤིན་ཏུ་རྨོངས་བྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཅེས་དང་། འཐུང་བའི་ཚེ་ན་ཆང་ཞིམ་སྟེ། །རྣམ་སྨིན་ཚེ་ན་ཤིན་ཏུ་ཚ། །ཀིམ་པ་ཀ་ནགས་ཀིམ་པ་ཀ །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་སྟོན། །མྱོང་ན་བསིལ་བར་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །སྡིག་པའི་ཆོས་རྣམས་བྱེད་པ་ལ། །སེམས་ཡང་བ་དག་དགའ་བར་བྱེད། །ཕྱིས་ནས་རྣམ་སྨིན་ཚ་བ་རུ། །བློ་ངན་ཡོངས་སུ་གདུང་བར་འགྱུར། །ཞེས་གསུངས་པ་སོགས་ཉེས་པ་མཐའ་ཡས་པར་གསུངས་ཏེ། དེ་དག་ནི་སྐྱེ་བོས་ཆང་འཐུང་བའི་ཉེས་པ་ཡིན་ནོ། །དེ་

p. 492

བཞིན་ཡ་རབས་རྒྱལ་པོ་མི་དཔོན། སྨན་པ་སོགས་ཡོན་ཏན་ཤེས་པས་ཀྱང་ཆང་སྤང་བར་བྱ་སྟེ། དྲན་ཉེ་ལས། རྒྱལ་པོ་དང་ནི་བསྟན་བཅོས་མཁས། །ཆང་ནི་སྤང་བར་བྱེད་འགྱུར་ན། །ཐ་མལ་མི་དག་ཆང་འཐུང་བ། །སྨུག་པར་འགྱུར་བ་ཅི་ཞིག་སྨོས། །ཞེས་གསུངས། སྐྱེ་བོ་ཡིན་ཀྱང་ཆང་བཅད་ན། སྐྱོན་དེ་དག་མི་འབྱུང་བའི་ཕན་ཡོན་གྱི། ཁྱད་པར་དྲན་པ་ཉེར་བཞག་ལས། ཆང་འཐུང་བ་ནི་མི་བསྟེན་པས། །མི་དེ་དྲགས་པ་བསྟེན་པ་དང་། །རྨོངས་མེད་བདེན་པར་སྨྲ་བ་སྟེ། །བསྙེན་པའི་བདེ་དང་ལྡན་པར་སྐྱེ། །ཞེས་གསུངས་པས་སྐྱེ་བོས་ཆང་འཐུང་ན་ཉེས་པ་དེ་ཙམ་འབྱུང་། བཅད་ན་ཕན་ཡོན་དེ་ཙམ་འབྱུང་ན་རབ་བྱུང་གིས་འཐུང་བའི་ཉེས་པ་དང་བཅད་པའི་ཕན་ཡོན་དེ་བས་བརྒྱ་སྟོང་གིས་ཆེ་བར་ཤེས་པར་བྱའོ། །དེ་ནས་ཡོངས་རྫོགས་དགེ་བསྙེན་ནམ། ཚངས་སྤྱོད་དགེ་བསྙེན་ཞེས་བྱ་བ་དེང་སང་བནྡེ་དང་དགེ་མར་གྲགས་པས་ཆང་འཐུང་བའི་ཉེས་པ་ནི། གོང་གི་དེ་དག་ཡོད་པའི་སྟེང་ན། དྲན་པ་ཉེ་བར་བཞག་པའི་མདོ་ལས། ཆང་ལ་བསྟེན་པའི་མི་དག་ནི། །།ཆོས་རྣམས་ཀུན་གྱི་སྟ་རེ་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །སྤང་བ་གང་དུ་ཉེ་བར་བསྟན། །ཆང་

p. 493

གིས་འཕྲོག་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བར། །མི་ཤེས་རྣམ་པར་མི་ཤེས་ཤིང་། །ཐམས་ཅད་མི་ཡིས་མི་ཤེས་སོ། །ཞེས་དང་། ཆང་འཐུང་བ་ལ་རྟག་ཏུ་ནི། །ཉེས་དམིགས་སུམ་ཅུ་རྩ་དྲུག་ཡོད། །དེ་བས་ཉེས་དམིགས་སྤང་བ་གང་། །དེ་ཡིས་ཆང་ནི་རྣམ་པར་སྤངས། །རིགས་བཙུན་མཁས་པ་དག་ལ་ནི། །དྲི་མ་ཆེན་པོ་བྱེད་པ་ཡིན། །སྐྱེ་བོ་ཀ་པའི་མེ་ཏོག་གཏོར། །སྤངས་བ་ཁོ་ནར་བྱེད་པ་ཡིན། །ཅེས་དང་། །བློ་དང་དབང་པོ་ཉམས་བྱེད་ཅིང་། །རིན་ཆེན་ཆོས་ནི་ཟད་བྱེད་ལ། །ཚངས་པར་སྤྱོད་པ་འཇིག་བྱེད་པ། །མི་བཟད་ཆང་གི་སྐྱེ་གནས་གཅིག །ཅེས་དང་། འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུ། །སྲེག་བྱེད་ཁོ་ན་ཆང་ཡིན་ནོ། །ཞེས་དང་། ཆང་འཐུང་བ་ཡིས་བསླུས་པ་དག །དེ་ནི་བྱིས་པ་དམན་པ་ཡིན། །མི་བཟད་སེམས་ཅན་དམྱལ་བར་ལྟུང་། །དོན་མེད་ཅི་ཞིག་ཡོངས་སུ་གདུང་། །ཞེས་གསུངས་པ་དང་། །སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་ལས། དཔེར་ན་སངས་རྒྱས་འོད་སྲུང་གི་ཚེ་དགེ་བསྙེན་ཞིག་གིས་ཆང་འཐུང་བའི་རྐྱེན་གྱིས་གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་གཡེམ་པར་

p. 494

བྱས། ཕ་རོལ་པོའི་བྱ་བརྐུས་ནས་བསད། །གཞན་གྱིས་ནི་ཁྱོད་ཅིའི་ཕྱིར་དེ་ལྟར་བྱས་ཞེས་དྲིས་ནས། །བདག་གིས་བྱས་པ་མེད་ཅེས་ཟེར་ཏེ། དེ་ལྟར་ཆང་འཐུང་བས་ཁྲིམས་བཞི་ཆར་ཉམས་པར་བྱས་སོ། །ཆང་འཐུང་ན་མཚམས་མེད་པ་ལྔ་ཡང་བྱེད་པར་འགྱུར་རོ། །དགེ་འདུན་གྱི་དབྱེན་འབའ་ཞིག་བྱེད་མི་ནུས་སོ། །འདི་ཡང་སྔོན་གྱི་ལས་ཀྱིས་གཉེར་བ་ཡིན་མོད་ཀྱིས། འོན་ཀྱང་སྐྱོ་བ་དང་མི་དྲན་པའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །ཞེས་གསུངས་སོ། །དེང་སང་གྲྭ་ས་རྣམས་སུ་ཉེར་ཞེས་གླུམ་ཙིར་བའི་ཆང་དཀར་བསྐོལ་བ་འཐུང་བ་ནི་ཉེས་པ་མེད་པར་བརྩི་ཡང་། དེ་ཉེས་ནི་ཆུང་བ་བས་ཉེས་པ་མེད་པ་ནི་མིན་ཏེ། ཆོས་བརྒྱད་པའི་མདོ་ལས། སངས་རྒྱས་ཀྱིས་བུ་ལ་ཡང་ཆང་དཀར་འཐུང་ན། ཆང་གི་ཉེས་སྐྱོན་ཏེ། །དགེ་བའི་བསོད་ནམས་གྲངས་མེད་པ་གཏེར་རོ། །ཞེས་དང་། འོ་ཅག་ཐམས་ཅད་དང་སེམས་ཅན་ཐམས་ཅད་ལ་ཆང་བཏུང་དུ་བསྟེན་དུ་མི་རུང་ངོ་། །བདག་རང་བཏུང་བ་ནི་སྨོས་ཀྱང་ཅི་དགོས། བདག་ཆང་དཀར་འཐུང་བ་དང་ཕ་རོལ་ལ་བདར་བ་ནི་ལྟུང་བའོ། །ཞེས་གསུངས་སོ། །དེ་བཞིན་དགེ་བསྙེན་ཡན་ཆད་ཀྱིས་ཆང་བཙོས་པ་དང་འཚོང་བ་དང་འདྲེན་པ་ལ་

p. 495

ཡང་ཉེས་པ་ཡོད་དོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། སངས་རྒྱས་ཀྱིས་བུ་སྨྱོ་བའི་ཁུ་བ་བཙོ་བའི་ཆོས་བྱེད་དམ། སྨྱོ་བའི་ཁུ་བ་བཙོ་བའི་རྐྱེན་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བའི་རྐྱེན་བྱེད་དམ་ཆོས་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བའི་ལས་བྱེད་པ་ལ་སོགས་ཏེ། སྨྱོ་བའི་ཁུ་བའི་ཅོར་འཆང་དུ་མི་རུང་ངོ་། །སྨྱོ་བའི་ཁུ་བའི་རྐྱེན་གྱིས་ཁ་ན་མ་ཐོ་བ་སྐྱེས་སོ། །ཞེས་དང་། ལ་ལ་ཞིག་ལུས་དང་ངག་གིས་ཆང་གི་སྣོད་བླངས་ཏེ། ཕ་རོལ་པོ་ལ་བྱིན་ཏེ་བླུད་ན། ཚེ་རབས་ལྔ་བརྒྱར་ལག་པ་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ན། བདག་ཆང་འཐུང་བ་ལ་ལྟ་ཅི་སྨོས་ཀྱང་ཅི་དགོས། ཞེས་གསུངས་སོ། །དེ་བཞིན་དུ་དགེ་བ་བྱས་ནས་ཆང་འཚོང་མ་བྱས་ན་སྡིག་ཆེ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། མར་བཙིར་བ་ནི་བཅུ་པའི་སྡིག་སྤྱི་ལ་འཚང་བའི་གནས་གཅིག་སྡིག་དང་མཉམ། སྤུ་ལ་འཚང་གནས་བཅུ་བཅས་པ། ཆང་འཚོང་མ་ཡི་གནས་བཅུ་བཅས་པ། ཤན་པའི་གནས་གཅིག་སྡིག་མཉམ། ཤན་པའི་གནས་དང་བཅུ་བཅས་པ། རྒྱལ་པོ་གོ་ལ་ས་དག་གི་གནས་མཉམ། ཞེས་གསུངས་ཏེ་སྡིག་པ་བཅུ་འགྱུར་དུ་བཤད་དོ། །དཔེར་ན་རབ་བྱུང་བ་

p. 496

དང་དགེ་ཚུལ་སློང་གིས་ཆང་སྤྱོད་ན་དེ་དག་ལ་བརྒྱ་སྟོང་འགྱུར་བས་སྡིག་ཆེ་ཞིང་། ཆང་སྤངས་ན་ཕན་ཡོན་བརྒྱ་སྟོང་གིས་ཆེ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་ལུང་ནོད་པས་རྩ་མཆོག་གིས་ཀྱང་མི་སྦྱིན་མི་བཏུང་ངོ་ཞེས་དང་། འཕགས་པ་ཉེ་སྦས་ཀྱིས། མཚམས་མེད་པ་ལྔ་དང་། ལྟུང་བ་རིགས་ལྔ་དང་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཆང་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་བཞིན་དུ་ཉེས་པར་སྤྱོད་དོ། །ཞེས་གསུངས་ལ། སློབ་དཔོན་ཡོན་ཏན་འོད་ཀྱིས་ནི། ཆང་ནི་བཅས་པ་ཁོ་ནའོ། །ཞེས་བཅས་པའི་ལྟུང་བར་གསུངས། འདུལ་བ་རྒྱ་ཆེར་འགྲེལ་ལས། ངན་སོང་གི་རྒྱུར་བསྟན་པའི་ཕྱིར་དང་། བག་མེད་པའི་གནས་ཀྱི་གཞི་ཡིན་པའི་ཕྱིར་དང་། གཅིག་ཏུ་ངེས་པར་མ་གནང་བའི་ཕྱིར།་ཞེས་གསུངས་སོ། །མདོ་རྩ་བར་ནད་པས་ཆང་རྩ་མཆོག་གིས་མི་བཏུང་ངོ་། །ཞེས་དང་། ནད་པ་ལ་ཉེས་མེད་དོ། །ཞེས་པ་ནི། ལུས་ལ་བྱུག་པ་དང་། མཁུར་བར་བསྲེལ་བ་ཙམ་སྟེ་ཁོང་པར་མེད་པ་ནི་མ་ཡིན་ནོ། །ནད་པ་ལ་ནི་ཞུན་མར་དང་། འབྲུ་མར་དང་བསྲེས་པ་བཏུང་

p. 497

བར་བྱ་བ་ཉིད་དོ། །ཆང་མ་ཡིན་པར་གྱུར་པ་ཉིད་ལ་ནི་ཉེས་པ་མེད་དོ། །དེ་ནི་བསྐོལ་བ་ལས་འགྲུབ་བོ། །ཞེས་པའི་འགྲེལ་བར། ཞུན་མར་དང་འདྲེས་པ་ནི། མར་བྲེ་གསུམ་ཆང་བྲེ་གསུམ་བཙོས་པ་ཡིན་ནོ། །ཞེས་དང་། མདོ་རྩ་བར། དེ་བསྐོལ་བ་ནི་དེ་ཉིད་ལས་ཉམས་པ་ཡིན་ནོ། །ཞེས་དང་། ཆང་སྐྱོ་ཟན་ཆང་ནི་ཉེས་པ་མེད་པར་མངོན་ཏེ། ཆང་གི་སྲེད་པ་དང་བྲལ་བའི་ཕྱིར་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཚང་གིས་དྲིས་བསྒོས་པ་བཏུང་ངོ་། །ཆང་དང་བཅས་པའི་སྣོད་དུ་དཔྱད་ད་བཞག་པས་བགོ་བར་བྱའོ། །རེག་པ་སྲུང་ངོ་། །ཞེས་གསུངས་ཏེ་བསྐོལ་ལྡབ་ཀྱང་ཤིན་ཏུ་བསྐོལ་ནས་བཟི་བའི་ནུས་པ་མེད་པ་དགོས་ཀྱི་ཅུང་བསྐོལ་བས་མི་ཕན་ནོ། །ནད་པ་མིན་ན་མཁུར་བར་བསྲེལ་བ་ཙམ་ཡང་མི་རུང་སྟེ། མདོ་རྩ་བར། མཁུར་བར་བསྲེལ་བ་དང་ལུས་ལ་བསྐུས་ན་ནི་སྦྱོར་བ་དང་འདྲའོ། །ཞེས་གསུངས་སོ། །དེ་བཞིན་དུ་དགེ་སློང་གིས་གླུམ་ཟ་ན་ཡང་ལྟུང་བ་བཤད་ན། འཐུང་བ་ལྟ་ཅི་སྨོས། དེས་ན་མ་བཟི་བར་འཐུང་ན་སྐྱོན་མེད་པར་བརྩི་བ་མི་འཐད་དོ། །རྩྭའི་རྩེ་མོས་མྱོང་ན་ཡང་སྟོན་པའི་བཀའ་བཅག་པའི་

p. 498

ཉེས་པ་འབྱུང་བ་དང་འཐུང་ཚོད་ཡང་ཟིན་པར་དཀའ་སྟེ། སློབ་དཔོན་ཤཱཀྱ་འོད་ཀྱིས། ཚོད་ཟིན་པར་འཐུང་ན་སེམས་འཁྲུགས་པ་མེད་པའི་ཉེས་པར་མི་འགྱུར་མོད་ཅེ་ན། དེ་མ་ཡིན་ཏེ་མྱོས་པར་འགྱུར་བའི་ཚོད་ཡོངས་སུ་མི་ཤེས་པའི་ཕྱིར་དང་། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། དེ་རིགས་དང་ལྡན་པ་ཡིན་པས་འཐུང་ཙམ་ལ་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་རབ་བྱུང་གིས་ཆང་སྤྱོད་པའི་ཉེས་པ་ནི། མདོ་སྡེ་དྲན་པ་ཉེར་བཞག་ལས། གང་གིས་ཁྱིམ་གྱི་གནས་ནས་བྱུང་སྟེ་སྡོམ་པ་བླང་པས་བསམ་གཏན་གྱི་བདེ་བས་སེམས་བླང་ཞིང་། ཞི་བའི་དགེ་སློང་གི་དགེ་འདུན་གྱི་འཁོར་དུ་ཆང་བྲིམ་སྟེ། ར་རོ་བ་བྱ་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་ཞིང་སེམས་ཅན་དམྱལ་བ་རབ་ཏུ་གདུང་བ་ཆེན་པོ་བྱས་པའི་ཚོར་བ་མྱོང་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཕྲ་སྐམ་གྱིས་ཁ་གདང་བའི་ནང་དུ། ཟངས་ཁུ་འབར་བ་དག་བླུག་གོ །དེ་འཐུང་བས་ན། །དེའི་ཚེ་སླར་མཆུ་སྲེག་གོ །མཆུ་བསྲེགས་ནས་རྐོན་བསྲེག་གོ །རྐན་བསྲེགས་ནས་ལྕེ་སྲེག་གོ །ལྕེ་བསྲེགས་ནས་མིད་པ་དེ་བཞིན་དུ་སྲེལ་ཀླུང་། དེ་བཞིན་དུ་རྒྱུ་མ། དེ་བཞིན་དུ་

p. 499

ཕོ་བ་ལོང་བསྲེགས་ནས་རོ་སྨད་དུ་འབྱུང་བར་འགྱུར་ལ། དེ་ལྟར་ཆང་འཐུང་བ་དེ་ནི། མི་དགེ་བ་མྱོང་བར་འགྱུར་ཏེ། དེ་འོ་དོད་འབོད་ཅིང་ངུ་། འཁྲུག་ཅིང་སྨྲ་སྔགས་འདོན་ནོ། །ཞེས་གསུངས་སོ། །དེས་ན་རབ་ཏུ་བྱུང་ནས་ཆང་འཐུང་བ་ལྟ་ཅི་སྨོས། ཆང་ལ་རེག་པ་དང་སྣོམ་པ་ཡང་མི་རུང་སྟེ། དྲན་ཉེ་ལས། ཆང་འཐུང་རྒྱག་པས་མྱོས་པའི་མི། །སེམས་ཅན་གཏི་མུག་དབང་གྱུར་རྣམས། །གཏི་མུག་ཞགས་པས་མངོན་ནས་སུ། །སྲེད་པའི་རོས་ནི་འཐུང་བར་བྱེད། །གཏི་མུག་ཞགས་པ་ཆང་ཡིན་ཏེ། །འཐུང་ན་གཤིན་རྗེ་བསྐུལ་བར་བྱེད། །མཐོ་རིས་ནས་ནི་དམྱལ་བར་འགྲོ། །དེ་བས་ཆང་ལ་མ་རེག་ཅིག །མཐོང་དང་རེག་དང་མནམ་པ་ལས། །ཆང་གིས་མི་ནི་རྨོངས་པར་བྱེད། །དེ་ལས་ཀུན་ཏུ་ཞགས་པ་ཡིན། །དེ་ནི་རིགས་སྤང་ཡོངས་སུ་སྤང་། །མཐོང་བ་ལས་ནི་ཆགས་པ་སྐྱེ། །རེག་པ་ལས་ནི་དྲི་འབྱུང་ལ། །དྲི་ལས་རོ་ལ་ཆགས་པ་འབྱུང་། །རོ་རྣམས་ཀྱིས་ནི་ཐ་མལ་འགྲོ། །ཇི་ལྟར་ཆང་ལ་ངེས་བསྟེན་ན། །དེ་ལྟར་མིང་དང་གཟུགས་འཇིགས་ཏེ། །ཞགས་པའི་ནང་ནས་ཐ་མ་ཡིན། །ཆང་ཞེས་མཁས་པ་རྣམས་ཀྱིས་གསུངས། །

p. 500

ཞེས་དང་། མདོ་སྡེ་མྱ་ངན་འདས་ཆེན་ལས། སྨྱོ་བའི་ཁུ་བ་ཆང་མི་བཏུང་ཞིང་། དྲི་ཞིམ་པ་ལ་མནམ་པའི་བར་དུ་ཡོངས་སུ་སྤངས་བ་ནི། དགེ་སྦྱོང་གི་ཆོས་ཞེས་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཞུས་ནས་ཀྱང་ཆང་འཐུང་ན་སྔ་མ་ལས་ཉེས་པ་ཆེ་སྟེ། །འཕགས་པ་སོར་ཕྲེང་ཅན་གྱིས་ཞུས་པའི་མདོ་ལས། གང་ཕྱི་བ་དང་མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ལོག་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་ཕྱི་བ་དང་མ་ནིང་དུ་གྱུར་ཏེ། ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ་། །བྱང་ཆུབ་སེམས་དཔའི་བསྒྲུབ་བྱ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་པ་ལ་ཆང་སྤང་དགོས་ཏེ། གདགས་པ་ལས། གང་ཚེ་རྒྱལ་བའི་དབུ་ན་གཙུག་ཏོར་ལྡན། །ལྗགས་ཀྱང་རིང་ཞིང་བསླབ་པར་ག་ལ་འགྱུར། །སྲོག་ཆགས་མ་བསད་མ་བྱིན་མ་བླངས་དང་། །འདོད་ལ་ལོག་པར་མ་བསྐྱེད་རྫུན་མ་བྱས། །ཆང་འཐུང་བ་ཡང་རྟག་ཏུ་སྤངས་བྱས་ནས་། །མང་པོ་གཞན་དག་རྣམས་ཀྱང་དེ་ལ་བཙུད། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རང་ཆང་འཐུང་བ་ལྟ་ཅི་སྨོས། གཞན་ལ་སྦྱིན་ན་ཡང་མ་དག་པའི་སྦྱིན་པ་སྟེ།

p. 501

དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ཆང་དང་དུག་དང་མཚོན་ཆ་དང་། བཤད་ཤ་སྟེར་བ་མ་དག་པའི་སྦྱིན་པར་གསུངས་ཤིང་། སེང་གེས་ཞུས་པ་ལས་ཀྱང་ཆང་སྦྱིན་ན་སྐྱེ་བ་ལྔ་བརྒྱར་ལག་རྡུམ་དུ་སྐྱེའོ། །ཞེས་གསུངས་སོ། །དེས་ན་ཐེག་པ་ཆེ་ཆུང་གང་ལ་ཞུགས་ཀྱང་ཆང་སྤངས་ནས་འབྲས་བུ་ཐོབ་པར་གསུངས་ཏེ། དྲན་པ་ཉེར་བཞག་ལས། མི་གང་དག་གིས་ཆང་སྤངས་པ། །ཆོས་དང་ངང་ཚུལ་མཉམ་པར་བཞག །གང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོའོ། །ཞེས་གསུངས་པ་ལྟར། རྒྱ་གར་རྡོ་རྗེ་གདན་དང་ཤྲཱི་ནཱ་ལེནྡྲ་ལ་སོགས་པའི་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱི་སྡེ་ཐམས་ཅད་ལ་ཆང་ཁྲིམས་དམ་པོ་ཡོད་དོ། །གྲུབ་ཆེན་བིརླ་པ་དང་མེ་ཏྲི་པ་རྣམས་གྲུབ་པ་ཐོབ་ནས་ལྐོག་ཏུ་ཆང་ཅུང་ཟད་གསོལ་བས། གྲུབ་ཐོབ་ཡིན་པར་ཡང་མ་ཤེས་ཏེ། དགེ་འདུན་རྣམས་ཀྱིས་ཆད་པ་བཅད་ནས་ཕུད། སླར་གྲུབ་རྟགས་ཆུ་ལ་ཐོགས་མེད་དུ་གཤེགས་པ་སོགས་མཛད་པས་། གྲུབ་ཐོབ་ཏུ་ཤེས་ནས་བཟོད་གསོལ་བྱས་པས་དགེ་འདུན་གྱི་ནང་དུ་དེ་འདྲ་བྱེད་མི་བྱུང་ན་ད་རུང་ཡང་ཆད་པས་ཆོད་ལ་སུན་ཕྱུངས་ཤིག་ཅེས་བཀའ་གནང་སྐད་དོ། །གསང་

p. 502

སྔགས་བྱ་སྤྱོད་ཉམས་སུ་ལེན་པས་ཆང་སྤང་དགོས་ཏེ། དོན་ཡོད་ཞགས་པའི་རྒྱུད་ལས། ཆང་དང་ཤ་དང་རྐུ་བ་དང་། །འདྲེས་དང་ཟ་འཕྲོ་སོགས་སྤང་དག །ཅེས་དང་། དེ་བཞིན་དུ་བྱ་སྤྱོད་རྒྱུད་ཐམས་ཅད་ནས་བཀག །རྣལ་འབྱོར་རྒྱུད་ཉམས་སུ་ལེན་པས་ཆང་འཐུང་མི་རུང་སྟེ། སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཞེས་སོགས་གསུངས་སོ། །བླ་མེད་རྒྱུད་ལ་ཡང་ཆང་འཐུང་མི་རུང་སྟེ། བླ་མ་ལྔ་བཅུ་པར་བླ་མ་ངན་པའི་མཚན་ཉིད་མ་སྡོམ་པར་གསུངས་ལ། ལྟ་བ་མདོར་བསྟན་ལས། མ་བསྡམས་ཤིན་ཏུ་ཆང་འཐུང་བ། །ཞེས་གསུངས་པས་ཆང་ལ་དགའ་བ་རྡོ་རྗེ་སློབ་དཔོན་མིན་ཀྱང་གསང་སྔགས་བླ་མེད་ཉམས་སུ་ལེན་པས་ཆང་འཐུང་ན་མི་རུང་སྟེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། སྔགས་པ་ཚང་གིས་རྣམ་འགྱུར་ཞིང་། འདོད་པ་ལ་བརྐམ་འཁྲིག་པར་བྱེད། །གར་བྱེད་དེ་བཞིན་རྒོད་པ་དང་། །འཐབ་མོ་ལ་སྤྱོད་རྣམ་པར་འཕྲུལ། །སྨོད་ཅིང་ཉམས་པར་བྱེད་པས་ཀྱང་། །དམྱལ་བ་ངུ་འབོད་དུ་འཚོད་འགྱུར། །རྣལ་འབྱོར་མ་ཀུན་ཁྲོས་པ་དང་། །སྡིག་པས་དམྱལ་བར་འགྲོ་འགྱུར་ཞིང་། །དེ་ལ་ནད་དང་མྱ་ངན་འཇིགས། །རྣམ་འཚེ་འཇིགས་སུ་རུང་བ་

p. 503

འབྱུང་། །བླ་མ་ལ་འཁུ་བླ་མར་སྨད། །སེམས་ཅན་འཁུ་ལ་སྦྱིན་མི་བྱ། །བདུད་རྩི་དང་ནི་དུག་དེ་ཉིད། །དངོས་གྲུབ་བསྒྲུབ་པ་འབྲས་བུ་མེད། །འདི་དག་སྔོན་གྱི་སངས་རྒྱས་ཀྱིས། །སྔགས་པས་སྤངས་བར་བྱ་བར་གསུངས། །ཞེས་དང་། དགོངས་པ་ལུང་སྟོན་ལས། ཉ་དང་ཤ་དང་དེ་བཞིན་ཆང་། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་བླུན་པས་ཟ་བྱེད་ཅིང་། །མེད་པར་སྨྲ་བ་ཆོས་སུ་སྒྲོག །ཅེས་སོགས་ནས། དེ་རྣམས་བདུད་ཀྱི་བྱིན་རླབས་ཀྱིས། །གལ་ཏེ་དངོས་གྲུབ་ཕྲ་འདོད་ནི། །དེས་ནི་མངོན་པར་ང་རྒྱལ་བས། །མཁས་པ་མཉམ་དུ་ཤེས་པར་འབྱུང་། །ཞེས་གསུངས་པ་སོགས་དང་། ཨོ་རྒྱན་རིན་པོ་ཆེས་ཀྱང་། བྱིན་གྱིས་མ་བརླབས་ཤ་ཆང་དག །ཞག་གསུམ་བར་དུ་སྔགས་ཀྱི་ནུས་པ་ཉམས། །ཞེས་གསུངས་སོ། །གསང་འདུས་སོགས་ཀྱི་དབང་ཆོག་ཏུ་ཡང་། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་དང་། དུས་འཁོར་ནས་གསུངས་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔའི་དམ་ཚིག་གི་ཚིགས་སུ་བཅད་པ་ལས། ཆང་འཐུང་མྱོས་པར་བྱེད་པ་སྟེ། །ཡང་ཞིང་བསླབ་པའི་གཞི་ལྔའོ། །ཞེས་སོགས་གསུངས་

p. 504

པས་ཆང་མི་འཐུང་བ་གསང་སྔགས་ཀྱི་དམ་ཚིག་ཡིན་ནོ། །འོ་ན་བདེ་མཆོག་སྙན་བརྒྱུད་སོགས་གསང་སྔགས་ཀྱི་བསྒོམ་སྐོར་ལམ་རིམ་མང་པོ་ནས། སྟོབས་དང་མྱོས་བྱེད་རྟག་ཏུ་བསྟེན། །ཞེས་ཤ་ཆང་བསྟེན་པར་གསུངས་པ་ཅི་ཞེ་ན། དེ་ནི་དུས་རྟག་ཏུ་བག་མེད་དུ་བསྟེན་པ་མ་ཡིན་ཏེ། བསྐྱེད་རིམ་བརྟན་པ་ཆེར་ཐོབ་ནས། སྦྱོར་ལ་དྲོད་ཀྱི་ཡེ་ཤེས་ཅུང་ཟད་སྐྱེས་ནས། ལམ་རྩ་རླུང་གི་ཐིག་ལེ་སྒོམ་པའི་ཚེ་ལུས་ཟུངས་རྒྱས་ཤིང་བྱང་སེམས་འཕེལ་བའི་ཆེད་དུ། ལས་ཀྱིས་ཤི་བའི་ཤ་དང་། ཆང་ལ་བདུད་རྩི་རིལ་བུ་བཏབ། ལག་མཆོད་དམ་ཚོགས་ཀྱི་མཆོད་པར་བྱིན་བརླབས་ནས་ཟ་བའི་རྣལ་འབྱོར་ལྡན་པས། སྨན་བཅུད་ལེན་གྱི་ཟས་ཀྱི་ཚུལ་དུ་ཅུང་ཟད་བསྟེན་ཏེ། ཕལ་པ་ལྟར་འགྲང་ཚད་ནི་བཟའ་བ་མ་ཡིན་ནོ། །དུས་འཁོར་ལས་གསུང་གི་རྡོ་རྗེ་མཆོད་པའི་དོན་ཏེ། ངེས་པར་སྔགས་པ་རྣམས་ལ་མྱོས་བྱེད་གསུངས་པ་ཉིད་མ་ཡིན། ཅེས་དང་། དེའི་འགྲེལ་པར། དེ་བཞིན་དུ་ཆང་གི་བཏུང་བ་ནི་ཅུང་ཟད་ཁ་ཚིམ་པར་བྱེད་པ་སྟེ། བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་པ་སྟེར་བར་བྱེད་པར་མི་འགྱུར་རོ། །ཞེས་གསུངས་

p. 505

སོ། །དེས་ན་གྲུབ་པ་ཐོབ་པ་ནི་མ་གཏོགས་ཏེ། ཚོགས་ཆང་བྷནྡྷ་གང་བས་མང་འཐུང་མི་རུང་། ཚོགས་འཁོར་ཞིག་ལ་གསོག་འཇོག་བྱས་ཏེ་རྗེས་ནས་ཡང་བྷན་གང་སོགས་འཐུང་མི་རུང་། བྷན་གང་སྔར་གྱི་མི་རྣམས་ལུས་ཆེ་བའི་ཕྱིར་ཀ་པཱ་ལ་ཆེ་བས་མི་རུང་། དེའི་ལུས་ཧ་ཅང་ཆེ་བའི་རིགས་མིན་པར་ཚད་ལ། ཀ་པཱ་ལ་དེ་སྨིན་མཚམས་ནས་བྲེག་པའི་ཆད་ལྷག་མ་ཡིན་པ། མཛོད་སྤུ་ཡན་ཆད་ནས་དྲིས་པ་ཞིག་གི་གང་འཐུང་རུང་། དེ་ཡང་ཚོགས་བྱེད་མཁན་སློབ་དཔོན་དམ་ཚིག་དང་ངེས་པར་ལྡན་ཞིང་བསྙེན་སྒྲུབ་ཚད་དུ་སྐྱེལ་བ་བསྐྱེད་རྫོགས་ཀྱི་ཉམས་རྟོགས་དང་ལྡན་པ་ཞིག་ནི་གལ་ཆེའོ། །ཆོ་ག་ཤེས་པ་ཙམ་གྱིས་ནི་མི་ཆོག་གོ །དེའི་དོན་ཅིས་ཤེས་ཤེ་ན། སྔོན་རྒྱལ་བ་ཐམས་ཅད་མཁྱེན་པ་དྲུག་པ་ཉིད་ཀྱིས་ཚོགས་དབུར་བཞུགས་ཤིང་ཚོགས་མཛད་པ་དང་། མིན་ཀྱང་རང་ཚང་གི་ཚོགས་འཁོར་དུས་ཀྱི་སྤྱན་ལྟོས་ཡིན་ཏེ། རང་ག་ཆང་འཐུང་ན་ཆད་པས་ཀྱང་མི་ཆོག་པར། མདོ་སྒྲུབ་རྒྱག་ནས་ཕུད། ཚོགས་འཁོར་དུས་འཚོགས་ཞལ་རེ་རེ་ཐམས་ཅད་ཀྱིས་གསོལ་ལོ། དེ་བས་ཐིགས་གཅིག་ཀྱང་མི་བཏུང་བ་ཡིན་ནོ། །ལུགས་དེ་ལེགས་པའི་རྒྱུ་མཚན་དེ་བས་མང་ན་གོང་

p. 506

དུ་བཤད་པའི་ཉེས་པ་ཐམས་ཅད་འབྱུང་ངོ་། །འོ་ན་བྷིན་ལ་ཚད་འཇོག་པ་ཅི་ཡིན་ཞེ་ན། བདེ་མཆོག་སོགས་སྔགས་ཀྱི་རྒྱུད་ཐམས་ཅད་ནས་དུང་ཆེན་སྣོད་དུ་ཆང་གཅིག་པ། ཞེས་བཟའ་བཏུང་གི་སྣོད་མཆོག་ཏུ་བཤད་པ་དང་། མར་པས་མི་ལ་མི་ལས་དྭགས་པོ་སོགས་ལ་ཡང་ཆང་ཀ་པཱ་ལ་རེ་རེ་གནང་བ་ལྷག་མ་མེད་པར་གསོལ་ནས། བརྒྱུད་པ་འཛིན་པ་སོགས་རྟེན་འབྲེལ་འགྲིགས་པའི་རྟེན་འབྲེལ་ལོ། །ཡང་ན་ས་པཎྜི་ཏས། མཆོད་པ་གཏོར་མ་ལ་ཤ་དང་ཆང་ལ་སོགས་པ་འབུལ། སྡོམ་བརྩོན་རྣམས་ཀྱི་ལྕེ་ལ་བདུད་རྩི་མྱོང་བ་ཙམ་བྱ། ཞེས་གསུངས་པ་དང་།། སློབ་དཔོན་ཞི་བ་འཚོ་དང་པཎ་ཆེན་ཤཱཀྱ་ཤྲཱི་དང་། ཇོ་བོ་རྗེ་རྣམས་ཀྱིས་བཞེད་པ་ལྟར། ཆང་སྲིན་ལག་གིས་ལྕེར་མྱོང་བ་ཙམ་ངེས་པར་བྱའོ། །དེ་ཡང་ནད་ལ་གནོད་པའམ། ཕ་རོལ་པོ་དག་མི་དད་པར་སྔགས་ལ་སྐུར་འདེབས་སུ་འགྱུར་དོགས་ནས། སྲིན་ལག་གིས་མྱོང་བའམ་བདུད་རྩི་ཐུར་འགྱེད་ཅེས་ཁེམ་གྱིས་འགྱེད་པར་བྱའོ། །།དེ་ལྟར་མ་ཡིན་པར་བྷནྡཱ་རེ་ཙམ་ཡང་བཀག་ནས་རྣམ་རྟོག་བྱས་ནས། ཚོགས་ཆང་རྣམས་ས་འོག་ཏུ་སྦ་བ་དང་། ཕོ་ནས་དོར་བ་སོགས་བྱེད་པ་མི་རུང་ངོ་། ཌོ་བྷི་པས། རྟོག་པ་དང་འཛེམ་

p. 507

བག་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བས་དགེ་སློང་ལ་སོགས་རྟོག་པ་དང་ལྡན་པ་དག་ཀྱང་། འདིར་རྟོག་པར་མི་བྱའོ། །ཞེས་དང་། བློ་ཆུང་བ་དག་གིས་མ་གུས་པ་དང་སྐུར་པ་བཏབ་ན་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེའོ། །ཞེས་གསུངས་པ་དང་། གྲུབ་ཆེན་བཟང་པོ་སྦྱིན་པས། གུས་པར་བྱས་ཏེ་བླང་བར་བྱ། །མ་དད་པས་ནི་བླང་མི་བྱ། །བདུད་རྩི་བཞིན་དུ་བཏུང་བར་བྱ། །ཞེས་གསུངས་པ་དང་། བཟང་བོ་སྦྱིན་པ་དང་ཨ་ཧྥུ་ཀ་ར་གཉིས་ཀས། བཏུང་བའི་སྣོད་ནི་མང་འགྱུར་ན། །ཀུན་ལ་རེ་རེ་སྦྱིན་པར་བྱ། །ཞེས་གསུངས་པས་བྷནྡྷ་རེ་རེའོ། །ཅ་ནེ་རེ་རེ་བྱེད་པ་ནི་བྷནྡྲ་མང་པོ་མ་རྙེད་པས། བྷན་ལས། དེ་མི་ཆེ་བའི་ཕྱིར་རོ། །དེས་ན་སངས་རྒྱས་ཡེ་ཤེས་ཞབས་དང་ཤཱནྟི་པས་ཀྱང་། མཆོད་རྫས་རྣམས་ཀྱི་སྣོད་དག་ནི། །སོ་སོར་རེ་རེའི་ཀུན་ལ་གཅིག །དག་དང་མ་དག་དཔྱད་མི་བྱ། །ཞེས་གསུངས་པ་ལྟར་རྩྭ་རི་སོགས་ཆང་སྣོད་དུ་ཀ་པཱ་ལ་གཅིག་འཕངས་ནས། དེས་བཅུ་ཞིང་ཐམས་ཅད་ཀྱིས་འཐུང་སྐད་དོ། །བྷན་གང་བས་མང་མི་རུང་། ཌོ་བྷི་པའི་ཚོགས་འཁོར་ལས། བཏུང་བ་མང་པོ་སྤྱད་མི་བྱ། །རྣམ་

p. 508

པར་ཉམས་པས་དངོས་གྲུབ་མེད། །བདུད་ཀྱི་ལས་ནི་ཟློག་པར་དཀའ། །ཞེས་གསུངས་སོ། །ཡང་ཐིགས་པ་ལྕེ་ལ་བཞག་གི་བྷནྡྲ་གང་མི་རུང་སྙམ་ན་མ་ཡིན་ཏེ། རྒྱུད་དང་ཚོགས་འཁོར་གཞུང་དང་འདྲ་བར་བཟའ་ཞིང་ངོམ་པར་བཏུང་། ཞེས་གསུངས་སོ། །རང་གི་སྐལ་པ་གཞན་སྐལ་མེད་ལ་སྟེར་བ་དང་། ས་ལ་ཕོ་བ་མི་རུང་སྟེ། པདྨ་འབྱུང་གནས་དང་ཌ་བྷི་པ་དང་ཨ་བྱཱ་ཀ་ར་དང་། བཟང་པོ་སྦྱིན་པ་རྣམས་ཀྱི་གསུང་མཐུན་པར། གཏར་ག་གཞན་ལ་སྦྱིན་མི་བྱ། །ས་ལ་ཕོ་ན་ཆད་པས་བཅད། །ཅེས་གསུངས་པས་ཚོགས་ཆང་ཕོས་ན་མཁའ་ཚེའགྲོའི་ཆད་པ་འབྱུང་ངོ་། །རང་ཉིད་དགེ་ཚུལ་སློང་སོགས་ཡིན་པས་ཆང་དང་ཕྱི་དྲོའི་ཁ་ཟས་བསྟེན་ན་བསླབ་པ་དང་འགལ་སྙམ་ནས་འཛེམ་ན་ལྟུང་བ་བཅུ་གསུམ་པ་འབྱུང་སྟེ། ས་སྐྱ་པ་གྲགས་པ་རྒྱལ་མཚན་གྱིས་ཀྱང་རབ་ཏུ་བྱུང་བ་ལ་སོགས་པ་བསླབ་པས་བཅིངས་པས་ཆང་འཐུང་བ་དང་། ཕྱི་དྲོའི་ཁ་ཟས་བསྟེན་པའི་ལྟུང་བ་འབྱུང་གི་དོགས་པའི་བསམས་པས་མ་བསྟེན་པའོ། །ཞེས་རྩ་ལྟུང་བཅུ་གསུམ་པ་ཉིད་ཡིན་གསུངས་སོ། །སློབ་དཔོན་བྷ་ཝ་བྷ་དྲས། དམ་ཚིག་ལ་ནི་ཇི་བཞིན་སྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །དེ་བཞིན་དུ་བསྙེན་

p. 509

གནས་དུས་ཀྱང་ཚོགས་ཆང་དང་ཚོགས་ལ་འཛེམ་ན་ལྟུང་བ་འབྱུང་སྟེ། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བསྙེན་གནས་ཀྱི་ཞལ་གདམས་ལས། ཐེག་པ་ཆེན་པོ་ཡར་ལྡན་ལ་གནང་སྟེ། གསང་སྔགས་ཀྱི་དབང་བསྐུར་བ་དང་ཚོགས་ཀྱི་འཁོར་ལོ་བྱེད་པ་དང་། བསྙེན་གནས་ཀྱིས་བསྡམས་ནས་ཚོགས་མ་ཟོས་ན་དམ་ཚིག་ཉམས་པས་བཟའ་ལ་རྩ་བ་ཡན་ལག་གཞན་མ་ཉམས་པར་བསྲུང་ངོ་། །ཞེས་གསུངས་སོ། །དེས་ན་དགེ་སློང་ངམ་བསྙེན་གནས་ཡན་སོ་སོ་ཐར་པ་ཅི་ཙམ་དུ་གཙང་བར་སྲུང་བ་ཞིག་ཡིན་ཀྱང་ཚོགས་གྲལ་ཡོངས་ནས། ཚོགས་སྐལ་དང་ཚོགས་ལོངས་སྤྱོད་པར་བྱ་སྟེ། བྷནྡྷ་གང་ལས་མི་མང་། ཐིགས་པ་སྲིན་ལག་གིས་སམ་ཁེམ་གང་ངམ་ཏིང་འབྲུག་གི་ཐེབ་ཙེ་གང་ཙམ་ངེས་པར་ལོངས་སྤྱོད་དགོས་ཏེ། །ཅི་ལ་མི་མཉམ་ཡང་ཚོགས་ལ་མཉམ། ཞེས་གསུངས་པའི་དོན་ནོ། །དེས་ན་ཚོགས་ཆང་གིས་བཟི་འགྱེལ་དང་འདོད་འཐུང་བྱེད་པ་ནི་བག་མེད་པ་སྟེ་ཆང་འཐུང་བའི་ཉེས་པ་ཐམས་ཅད་འབྱུང་། ཚོགས་ཆང་རྒྱས་པར་བཤམས་ནས་ཅུང་ཟད་ཙམ་ཡང་མྱོང་མི་ཕོད་པར་དོང་དུ་བླུག་པ་དང་འཕོ་བ་ནི་གསང་སྔགས་ཀྱི་རྩ་ལྟུང་བཅུ་གསུམ་པ་འབྱུང་བས། རྒྱལ་བ་དྲུག་པའི་ཞལ་

p. 510

ནས་སྤྱོད་པ་སྟག་མོས་བུ་ཁུར་བ་ལྟར་དམ་ལྷོད་རན་པ་ཞིག་བྱ་གསུངས་པ་ལྟར། ཚོགས་ཆང་བྷན་གང་ལས་མི་མང་། ཐིགས་པ་གཅིག་ཡན་ཆོད་སྤྱོད་པར་བྱའོ། །དེ་ལྟར་ཚོགས་འཁོར་དང་ལག་མཆོད་ཀྱི་ཆོ་ག་ཆ་ཚང་མ་གཏོགས་པར། བྱིན་གྱིས་མ་བརླབས་པའི་ཆང་ནི་རྩྭའི་རྩེ་མོའི་ཐིགས་པ་ཙམ་ཡང་སྲོག་ལ་བབ་ཀྱང་སྤང་བར་བྱའོ། །གལ་ཏེ་གནས་རི་བསྐོར་བ་སོགས་ལ་ཆང་དང་དགོང་ལྟོ་སོགས་གྲྭ་ས་ཐམས་ཅད་ནས་དགོངས་པ་གནང་སྲོལ་ཡོད་པ་ལྟར། ཚོགས་མཆོད་བསྡུས་པ་རྣལ་འབྱོར་པའི་ཟ་ཚོགས་སམ། ལག་མཆོད་ཀྱིས་བྱིན་གྱིས་བརླབས་ནས་རྩི་ཙམ་བཏུང་གི་ར་རོ་བར་མི་བྱའོ། །དེ་ནི་ཆོས་ལྡན་གྱི་བྱ་བ་ཡིན་གྱི་དེ་མ་ཡིན་པར་ཡུལ་དུ་ཆང་བཏུང་ནས་དགོན་དུ་འཛེམ་པ་དང་། ལྐོག་ཏུ་བཏུང་ནས་མི་སྡུན་དུ་འཛེམ་པ་ནི་གོང་དུ་བཤད་པའི་ཉེས་པ་ཐམས་ཅད་འབྱུང་། ལྷ་དང་སྲུང་མ་ཐམས་ཅད་དང་སངས་རྒྱས་བྱང་སེམས་མངོན་ཤེས་ཀྱི་སྤྱན་ལྡན་ཐམས་ཅད་ཀྱིས་ཁྲེལ་བས་ཤིན་ཏུ་སྤང་བར་བྱའོ། །ཞེས་ཨ་རཱ་གས་སྦྱར་བ་ལ། ཉེས་འགལ་གང་མཆིས་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ནས། མྱུར་དུ་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །

p. 511

ན་མོ་ཤཱཀྱ་མུ་ནེ་ཡེ། སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྩ་བ་བཞི་ལ་ཉེས་པ་བཅུ་རེ་གསུངས། །ཆང་ལ་ཉེས་པ་དྲུག་ཅུ་ཐམ་པ་གསུངས། །ཆུང་གིས་མི་དགེ་བཅུ་ཡི་སྣ་འདྲེན་བྱེད། །ཆང་འཐུང་རྣམ་སྨིན་དམྱལ་བ་ངུ་འབོད་དུ། །ཁྲོ་ཆུ་ཁོལ་མ་ཁོ་ན་འཐུང་བར་སྐྱེ། །རྒྱུ་མཐུན་འབྲས་བུ་གནོད་སྦྱིན་གདུག་པ་ཅན། །ཆང་ལ་དགའ་བའི་རྒྱལ་འགོང་རིགས་སུ་སྐྱེ། །དབང་གི་འབྲས་བུ་རྒྱ་ལ་མིར་སྐྱེས་ན། །སྨོན་པ་ཁོ་ནའི་སྐྱེ་བ་ལྔ་བརྒྱ་ལེན། །ཆང་ནི་སྤངས་པའི་རྣམ་སྨིན་གྱི། །འབྲས་བུ་དག་པའི་ཞིང་དུ་སྐྱེ། །རྒྱུ་མཐུན་འབྲས་བུ་མི་ཡི་ལུས། །ཆོས་ལྡན་མཉམ་བཞག་བསྒོམ་པ་སྐྱེ། །དབང་གི་འབྲས་བུ་སྐྱེ་བ་ཀུན། །བག་ཡོད་ཚུལ་ཁྲིམས་ལྡན་པར་སྐྱེ། །ཚོགས་ཆང་མ་གཏོགས་ཆང་ནི་གང་འཐུང་བ། །སྐྱེ་བོ་རྣམས་ལ་ཉེས་པ་དེ་རྣམས་འབྱུང་། །སྡོམ་པ་ཞུས་པས་ཆང་འཐུང་འབུམ་འགྱུར་ཐུ། །ཚོགས་ཆང་བྷན་དྷ་གང་ལས་མི་མང་བོ། །ཐིགས་གཅིག་ལྕེ་ལ་བཞག་པ་དམ་ཚིག་སྟེ། །དེ་མ་བྱས་ན་སྔགས་ཀྱི་དམ་ཚིག་ཉམས། །དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་གསུངས། །སྐྱེ་བོ་མིན་ཀྱང་ཆང་འདི་བཅད་ན་བདེ། །བཙུན་

p. 512

པས་ཆང་འཐུང་བདུད་ཀྱི་བར་ཆད་ཡིན། །འོན་ཀྱང་ཚོགས་ཀྱི་དམ་རྫས་སྤང་ན་ནི། །དམ་ཚིག་ཉམས་པས་དམྱལ་བར་སྐྱེ་བ་དང་། །མཁའ་འགྲོ་རྣམས་ཀྱིས་བཀའ་ཆད་འབྱུང་བའི་ཕྱིར། །ཅུང་ཟད་ཙམ་ཞིག་ལྕེ་ལ་བཞག་པར་བྱ། །ཆང་དང་མི་འདྲ་ཤ་དང་ཚོགས་ཀྱི་ཟན། །རང་བཞིན་ལྡན་པས་འགྲོ་བ་ཟ་བར་རུང་། །དེ་ཡང་བདུད་རྩི་ཡིན་པའི་ངེས་ཤེས་དང་། །ལུས་དཀྱིལ་མཆོད་པར་དམིགས་པ་གལ་ཆེ་ཞིང་། །དུད་འགྲོ་འདི་ནི་ཚེ་སྔོན་ཕ་དང་མ། །དེ་ལ་སྙིང་རྗེའི་བསམ་པ་སྐྱེ་བྱ་ཞིང་། །ཀཾ་ཀ་ནི་དང་པདྨོ་ཨུཙྪི་ཥའི། །སྔགས་ཀྱིས་ཟ་འཕྲོ་ཤ་དང་རུས་པ་སྔགས། །དུད་འགྲོ་བདེ་བ་ཐོབ་པའི་བསྔོ་བ་བྱ། །ཤ་ཡི་གནད་འགག་གོ་བདེའི་ཚིགས་བཅད་འདི། །དགེ་སློང་རཱ་ག་ཨ་སྱས་སྨྲས།།

ཆང་བཏུང་བའི་ཉེས་དམིགས་དང་བཅད་པའི་ཕན་ཡོན་མཐོང་ཚད་དགའ་བའི་གད་མོ།

p. 513

ཆང་བཏུང་བའི་ཉེས་དམིགས་དང་བཅད་པའི་ཕན་ཡོན་མཐོང་ཚད་དགའ་བའི་གད་མོ་ཞེས་བྱ་བ་ཡོད།། རྒྱ་གར་སྐད་དུ། སཾ་སྐྲ་ཏའི་སྐད། སུ་ར་ཞེས་ནི་བྱ་བ་སྟེ། བོད་སྐད་ཆང་ཞེས་བྱ་བ་ཡིན། །སྒྲ་དོན་ངན་པ་གཅིག་ལ་འཇུག། །ཆང་ལས་ངན་པའི་ཟས་མེད་དེ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས། །སྲོག་བཅད་ལ་སོགས་རྩ་བ་བཞི། །ཉེས་པ་བཅུ་རེ་ལས་མ་གསུངས། །ཆང་ལ་ཉེས་པ་དྲུག་ཅུ་བཤད། །སྐྱ་སེར་སྐྱེས་པ་བུད་མེད་འདྲ། །ཆང་ལ་དགའ་བ་སྡིག་ཆེན་ཡིན། །ཉེས་ལྟུང་ཀུན་གྱི་གཞི་ཡིན་ཕྱིར། །ཆང་བཏུང་སྡིག་པ་ཤིན་ཏུ་ཆེ། །རྒྱ་གར་རྒྱལ་པོའི་ཁྲིམས་ཕོག་ཀྱང་། །ཉིན་གཅིག་གསོན་བསྲེགས་བྱས་ནས་འཆི། །རྒྱུན་དུ་གསོན་སྲེག་བྱེད་རྒྱུ་མེད། །ལན་གཅིག་ཆང་བཏུང་སྡིག་པ་ཡིས། །དམྱལ་བ་ངུ་འབོད་ཆེན་པོ་རུ། །ལོ་ནི་བྱེ་བ་སྟོང་དུ་བསྲེག །རྒྱལ་པོ་ཆེན་པོས་ཁྲིམས་ལས་ཀྱང་། །སྐྲག་འཇིགས་ཆེ་བ་ཆང་ཡིན་ནོ། །སྲོག་གསུམ་བེ་དཀར་རྒྱལ་པོས་ཀྱང་། །ལན་གཅིག་སྨྱོ་ནས་འཆི་བར་བྱེད། །སྐྱེ་བ་མང་པོར་སྨྱོ་མི་ནུས། །ལན་གཅིག་ཆང་བཏུང་ཉེས་པ་རྣམ་སྨིན་གྱིས། །།སྐྱེ་བ་ལྔ་བརྒྱར་སྨོན་པར་སྐྱེ། །ཕོ་གདོན་རྒྱལ་འགོང་

p. 514

བརྒྱ་བས་ཀྱང་། །བཙོག་པའི་རྒྱལ་འགོང་ཆང་འདི་ཡིན། །འདྲེ་མོ་ལྟེ་ཕུར་ནག་མོས་ཀྱང་། །རྨི་ལམ་ཡུལ་དུ་ཐིག་ལེ་རྐུ། །དངོས་སུ་ངོ་ཚ་ཤོར་མི་བྱེད། །ཆང་གིས་བཟི་བའི་མི་དག་ནི། །བཙུན་པ་ཡིན་ན་སྡོམ་པ་འཆོར། །མི་ཆེན་ཡིན་ན་སྤྱང་མོ་སྤྱོད། །སྒོམ་ཆེན་ཡིན་ན་འདོད་ཆགས་སྐྱེ། །ལྟེ་ཕུར་བྱ་མཆུ་མ་ལས་ཀྱང་། །བཙོག་པའི་མོ་གདོན་ཆང་འདི་ཡིན། །ཀླུ་བདུད་ནག་པོ་མགོ་དགུས་ཀྱང་། །གཅོང་ནད་སྡེ་བཞི་བཏང་མོད་ཀྱི། །མྱུར་དུ་འཆི་བའི་ནད་མི་བཏང་། །ཆང་གིས་བཟི་བའི་མི་དག་ནི། །རྟ་གྲི་རྦབ་གྲི་གཡང་གྲི་དང་། །མཚོན་གྲིར་མྱུར་བ་ཉིད་དུ་འཆི། །ཀླུ་བདུད་སྦྲུལ་མགོ་དགུ་པ་བས། །བཙོག་པའི་ཀླུ་གདོན་ཆང་འདི་ཡིན། །བཙན་དུག་ཧ་ལ་ནག་པོས་ཀྱང་། །ལན་གཅིག་སྲོག་ནི་གཅོད་མོད་ཀྱི། །རྒྱུན་དུ་ཐར་པའི་སྲོག་མི་གཅོད། །ཆང་གིས་ངན་སོང་གསུམ་དུ་འཁྱམས། །མཐོ་རིས་ཐར་པའི་སྲོག་རྩ་གཅོད། །བཙན་དུག་ཧ་ལ་རྒྱུག་འགྱེལ་བས། །བཙོག་པའི་ཟས་ངན་ཆང་འདི་ཡིན། །བན་བོན་སྟོང་གིས་བྲུབ་ན་ཡང་། །ཞག་དྲུག་ཚུན་ལ་མཐུ་མི་འདུ། །ཆང་གིས་བཟི་བ་དེ་མ་ཐག །མཐུ་གཏད་འདུ་བའི་རྟགས་རྣམས་ཚང་། །ཉེ་དུ་

p. 515

རྣམས་ལ་མཚོན་ཆ་འདེབས། །ཁྱིམ་གྱི་སྣོད་སྤྱད་ཐམས་ཅད་དཀྲུགས། །མདའ་གཞུ་གོ་ཆ་རྣམས་ཀྱང་བཅག །རང་སྲོག་གཅོད་ལ་ཐེ་ཀྲི་མེད། །བན་བོན་བརྒྱ་ཡི་མཐུ་བརྒྱ་བས། །བཙོག་པའི་རང་གིས་རང་བྲུབ་པའི། །རྫས་ངན་བསེ་རག་ཆང་འདི་ཡིན། །མཛེ་དམར་མེ་ཡི་འཁོར་ལོས་ཀྱང་། །ལོ་དགུའི་བར་དུ་འཆི་མི་ནུས། །ཆང་ལ་དགའ་བའི་མི་རྣམས་ནི། །ཚད་པ་ཕོག་ན་དོན་ལ་འགྲོ། །ཞག་གཅིག་མི་འགྱང་ཧུར་ཐུམ་འཆི། །གྲང་བའི་ནད་ལ་དམུ་ཆུ་འབྱམས། །སྨུག་པོའི་ནད་ལ་ཁྲག་ཏུ་སྐྱུག །སྲོག་རླུང་ནད་ལ་སྨྱོ་འབོག་འོང་། །མཁྲིས་པའི་ནད་ལ་གཤའ་ཡར་འགྱུར། །ཆམ་པ་ཕོག་ན་ནད་ངན་འགྱུར། །ནད་གཞན་རྣམས་ནི་ལྷ་རྗེས་གཅོས། །ཆང་གིས་བཟི་ལ་བཅོས་རྒྱུ་མེད། །མཛེ་བས་བཙོག་པའི་ནད་ངན་པ། །ཆང་འདི་ཡིན་པས་འཛེམ་པར་བྱ། །འགོང་པོ་རི་བོང་མགོ་ཅན་གྱི། །སྟབས་ཉེས་ཁ་སྨྲས་རེ་རེ་སྟོང་། །ཆང་ནི་འབག་ཚད་བཏུང་བ་སྟེ། །ཐོབན་དེས་བཏུང་ན་སྡོམ་པ་འཆོར། །བཙུན་མས་བཏུང་ན་བྱི་ཕྲུག་གསོད། །ཚོང་པས་བཏུང་ན་ཚོང་ཉེས་འོང་། །མི་ཆེན་བཏུང་ན་བློ་ཉེས་འོང་། །བུད་མེད་བཏུང་ན་མི་ཁ་བསྡུ།

p. 516

སྐྱ་མིས་བཏུང་ན་མགོ་ཆག་འོང་། །རྐང་ཐང་བཏུང་ན་ས་སྟོང་གཉིད། །འགྲིམ་པས་བཏུང་ན་ལམ་འདྲེས་འདྲེབ། །ནད་པས་བཏུང་ན་སྲོག་དང་བྲལ། །ལྷ་རྗེས་བཏུང་ན་ནད་པ་གསོད་། །སྔགས་པས་བཏུང་ན་བསྐྱེད་རིམ་བརྗིད། །སྒོམ་ཆེན་བཏུང་ན་གཉིད་རྨུགས་འཕེལ། །མི་ངན་བཏུང་ན་ཁ་མཆུ་སློང་། །བླ་མས་གསོལ་ན་བསྟན་ལ་གནོད། །ཐམས་ཅད་ཕུང་བའི་འགོང་པོ་ནི། །ཆང་འདི་ཡིན་པས་བཀར་ཡར་ཐོངས། །ཆང་གིས་བཟི་བའི་མི་དག་ནི། །མིག་རྩ་དམར་བས་མཛེ་ཕོ་འདྲ། །མཐའ་ཁོ་འགྲིམ་པས་ལྕེབས་པ་འདྲ། །ཁ་མང་ལག་རྫ་སྨོན་པ་འདྲ། །འཛིང་གཞི་མེད་ཀྱང་འཛིང་འདོད་ཆེ། །ཚིག་རྩོད་བྱུང་ནས་གྲི་མགོ་འཕུར། །ལྷ་མིན་སྐྱེ་བའི་སྔ་ལྟས་ཡིན། །ཆང་ནི་ཡི་དྭགས་ས་བོན་ཏེ། །ཇི་ལྟར་བཏུང་ཡང་ཚིམ་པ་མེད། །འཐུང་འཐུང་སྐོམ་ཞིང་སྐོམ་དུག་ཆེ། །ངས་ནི་ཐིགས་གཅིག་མ་རག་ཟེར། །བླུད་ལོང་མེད་པར་ཕོ་རུ་རྡེབ། །ཡི་དྭགས་སྐྱེ་བའི་སྔ་ལྟས་ཡིན། །སྐྱུགས་རྒྱུ་མེད་ཀྱང་མཆིལ་མ་བཏང་། །གཏམ་ལ་མཇུག་ཏུ་སྐད་མཇུག་འཆོར། །གཏོ་འཕང་བཞིན་དུ་སྲང་མདོར་འགྱེལ། །གོས་ཀྱི་སྒབ་མ་མགོ་ལ་གྱོན། །སྨད་གཞི་གསང་གནས་མི་ལ་

p. 517

སྟོན། །མ་སྲིང་རྣམས་ནི་ངོ་ཚས་བྲོས། །བྱི་སྦ་འཚོགས་ནས་ལྟད་མོ་ལྟ། །ཁ་དང་བཤང་ལམ་གོ་ལོག་ནས། །ཟོས་ཚད་ཐམས་ཅད་ཁ་ནས་སྦྱོང་། །སྡ་ལི་རྣམས་ཀྱང་ཁ་སྣ་ལྡག །ཞེ་མི་དགའ་རྣམས་ཁྲེལ་བགད་བྱེད། །མཐུན་པའི་མི་ཀུན་ངོ་ཚ་ཞིང་། །གྲིབ་གཞི་ཕོག་ལྟར་མགོ་ནས་བསྐྱུག །མི་རོ་བཞིན་དུ་ཁུར་དྲུད་བྱེད། །དམྱལ་བར་སྐྱེ་བའི་སྔ་ལྟས་ཡིན། །ཆང་གིས་བཟི་བའི་མི་དག་ནི། །མི་ཁྱིམ་རང་ཁྱིམ་ཁྱད་མེད་པར། །མགོ་བས་རྐུབ་མཐོ་མགོ་མཇུག་ལོག །དོན་མེད་མི་རོ་བཞིན་དུ་གཉིད། །སྡུར་པ་འབྲི་མཛོ་བེའུ་སྟོར་འདྲ། །འོག་རླུང་མེ་མདའ་བཏུད་པ་འདྲ། །ཁྱིམ་གང་ནང་པའི་བཞད་གད་བསླང་། །ངོ་ཚ་སྐྱིད་སྡུག་བསམ་སེམས་མེད། །དུད་འགྲོར་སྐྱེ་བའི་སྔ་ལྟས་ཡིན། །སྐྱ་སེར་གཉིས་པོ་ཁྱད་མེད་པར། །ཆང་བཏུང་བ་ཡི་ཉེས་པ་ཡིས། །ལྕགས་ཁུ་འཐུང་བའི་དམྱལ་བར་སྐྱེ། །རྒྱུ་འབྲས་བསྟན་པའི་མདོ་ལས་གསུངས། །ཁམ་བུ་དུ་འཐུང་གྲངས་ཀ་བཞིན་། །ལྕགས་བཞུས་ཁུ་བ་འཐུང་དགོས་སོ། །ཆང་འཐུང་བ་ཡི་ཉེས་པ་ཡིས། །དམྱལ་བ་ཡི་དྭགས་དུད་འགྲོ་རུ། །སྐྱེ་བར་དྲན་ཉེའི་མདོ་ལས་གསུངས། །ཆང་འཐུང་རྒྱུ་མཐུན་

p. 518

འབྲས་བུ་ཡིས། །སྦྲང་བུ་སྦྱར་ནམ་ལ་སོགས་པ། །སྒྱུར་དད་ཅན་གྱི་སྲིན་འབུར་སྐྱེ། །ཆང་འཐུང་དབང་གི་འབྲས་བུ་ཡི། །སྨྱོན་པའི་སྐྱེ་བ་ལྔ་བརྒྱར་སྐྱེ། །དེ་དོན་འཕགས་པ་ཀླུ་སྒྲུབ་གསུངས། །དྲན་པ་ཉེར་བཞག་མདོ་སྡེ་ལས། །མི་གང་དག་གིས་ཆང་སྤང་བ། །ཆོས་ཀྱི་ངང་ཚུལ་མཉམ་པར་བཞག །གོང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོའོ། །གསུངས་ཕྱིར་བདེ་བ་ཅན་དུ་སྐྱེ། །དེ་ཕྱིར་བཅད་ན་ཕན་ཡོན་ཆེ། །ཚེ་འདིར་ཆོས་དང་འཇིག་རྟེན་གྱི། །བྱ་བ་གང་བསྒྲུབ་ལམ་དུ་འགྲོ། །གསུང་ཕྱིར་འདི་དང་ཕྱི་མ་ཡི། །དོན་དུ་དུ་ཆང་འདི་དུག་ལྟར་སྤོངས། །མི་རྒན་རཱ་ག་ཨ་སྱ་ཡིས། །དད་ལྡན་མགོན་པོ་མགོན་་་་མཇུག་མ་ཚང་། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

མར་མེའི་བཤད་པ་ཕན་ཡོན་ལག་ལེན་དང་བཅས་པ་མ་རིག་མུན་སེལ།

p. 519

མར་མེའི་བཤད་པ་ཕན་ཡོན་ལག་ལེན་དང་བཅས་པ་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །

p. 520

ན་མོ་གུ་རུ། སངས་རྒྱས་མར་མེ་མཛད་ལ་ཕྱག་འཚལ་ནས། མར་མེའི་བཤད་པ་ལག་ལེན་ཅུང་ཟད་འདིར་བརྗོད་པར་བྱ། དེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མར་མེ་མང་ན་ཡང་། མདོ་སྔགས་ཐུན་མོང་པ་སྤྱིའི་མར་མེ་བཤད་ན། དང་པོ་རྐོང་བུ་ནི། ནད་གདོན་སྡིག་སྒྲིབ་ཞི་ཕྱིར་ཡིན་ན་རབ་དངུལ་གྱི་རྐོང་བུ། མ་རྙེད་ན་དཀར་ཡོལ་ལམ་ཡུངས་དཀར་པོའི་རྐོང་བུ། ལི་ཕོར་འཇམ་ཀོང་མཁར་བ་དཀར་པོ་ལ་ཁྲ། ས་ཀོང་ལ་ས་དཀར་བྱུག་པར་བྱའོ། །ཚེ་དང་བསོད་ནམས་ཉམས་དང་རྟོགས་པ་ཡེ་ཤེས་ཡོན་ཏན་རྒྱས་པར་འདོད་ན། རབ་གསེར་ཀོང་རག་ཀོང་། པད་

p. 521

སྤྱང་མ་ལི་སེར་ཀོང་བུ། རགི་འགག་ཡུངས་སེར་པོ་ས་ཀོང་ལ་བ་བླ་བྱུག་པར་བྱའོ། །སྣང་སྲིད་དབང་དུ་འདུ་བ་དང་རླུང་སེམས་དབང་དུ་འདུ་བ་དང་། ལྷ་པདྨ་རིགས་ཡིན་ན་རབ་ཟངས་ཀྱི་ཀོང་བུ། སྤེན་སྤུང་མའམ། ཟངས་སྡེར་ཡུངས་དམར་པོའི་ཀོང་བུ། ཞལ་ལུ་དམར་པོ་། རྫའི་ཀོང་བུ་དམར་པོ། ལྗོན་དམར་ཀོང་བུ། མཁར་བ་དམར་པོའི་ཀོང་བུའོ། །དགྲའི་དཔུང་ཟློག །ས་གདོན་ཟློག་པ། གནོད་སྦྱིན་བདུད་དང་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་གཅོད་འདོད་ན། ལྕགས་ཀྱི་ཀོང་བུ་ལྕགས་སྡེར་ཁྲོ་ནག་ཀོང་བུ། སེ་ཁེའི་ཀོང་བུ་ས་ནག་ཀོང་

p. 522

བུ། མིའི་ཐོད་པ་མ་རྙེད་ན་ས་ཀོང་ལ་ནག་པོ་བྱུག་གོ །དེ་ལྟར་སོ་སོ་ལ་ཀོང་བུ་སོ་སོ་གང་ལས་བཤད་སྙམ་ན། ལེགས་པར་གྲུབ་པའི་རྒྱུད་སྡེ་ཆེན་པོ་ལས། གསེར་རམ་དངུལ་ལམ་ཟངས་མའམ་ལྕགས་སམ་ཡང་ན་ཁམ་ས་ལས། མར་མེ་བླུག་པའི་སྣོད་བྱས་ན། གསང་སྔགས་ཡོངས་སུ་མཉེས་པར་འགྱུར། ཞེས་གསུངས་པའི་དོན་ནོ། །དེ་ལ་སྡོང་བུ་ནི། ཞི་བ་ལ། སྦ་སྙུག་སམ། ཙནྡན་དཀར་པོ་སུར་དཀར་རམ། །མེ་ཏོག་དང་། འབྲུ་དཀར་པོ་ཡོད་པའི་ཤིང་། མགོ་མཇུག་མ་ལོག་པར་རས་དཀར་གཙང་མའམ། གླང་མ་སོགས་ཤིང་བལ་ལ་དྲིལ། རྒྱས་པ་ལ་དར་ཤིང་སྐྱེར་པ་འབྲས་བུ་ཅན་གྱི་ཤིང་ལ། རས་ཆེན་ནམ་རས་སེར་པོ། དབང་ལ་ཙནྡན་དམར་པོ་མཛོ་མོ་ཤིང་ངམ་ཤིང་དམར་པོ་ལ། གོས་དམར་རམ་རས་དམར་པོའི་སྡོང་བུ།། དྲག་པོ་ལ་དུར་ཤིང་ཚེར་མ་ཅན་མགོ་མཇུག་ལྡོག་ལ་བཙུགས། རས་སྔོན་པོ་ལྗང་གུ་ནག་པོ་བྱ་སྟེ། ལེགས་པར་གྲུབ་པའི་རྒྱུད་སྡེ་ཆེན་པོ་ལས། ལས་རྣམས་བཤད་པའི་བྱེ་བྲག་གི །ཤིང་བལ་དང་ནི་རས་སར་དང་། །དུ་གུ་ལ་དང་གོས་རིས་དང་། །དེ་ལ་སོགས་པས་སྙིང་པོ་བྱ། །ཞེས་གསུངས་སོ། །ཞི་བའི་ལས་སྒྲུབ་ན་ཏིལ་

p. 523

མར། ཤིང་ལས་བྱུང་བའི་མར། སྨན་ལས་བྱུང་བའི་མར། །ནོར་ཕྱུགས་ཁ་དོག་དཀར་པོའི་མར་ལ་བྱའོ། །ཚེ་བསོད་རྒྱས་པའི་ལས་སྒྲུབ་ན། ཡུངས་མར། སྤོས་གང་མར། ཟར་མའི་མར། ནོར་ཕྱུགས་སྤྱི་མདོག་སེར་པོའི་མར་ལ་བྱའོ། །དབང་གི་ལས་ལ་ནི་ཁ་བའི་ཤིང་གི་མར་་་་རྒྱ་གར་དུ་ཡོད། བྷ་ལ་ཀའི་མར་་་་རྒྱ་གར་དུ་ཡོད། ནོར་ཕྱུགས་སྤུ་མདོག་དམར་པོའི་མར་ལའོ།། འབྲུ་མར་རྩི་མར་བསྲེ་མི་རུང་ཀླུ་མི་དགའ་བས་མཛེ་འོང་ཟེར་བའི་ཁ་ངག་སྣང་ངོ་། །མཆན་བུ། དྲག་པོ་དགྲ་བགེགས་འདུལ་ན། ཚིལ་དང་རྐང་དེང་ཉའི་སྣུམ་དང་། ནོར་ཕྱུགས་ནག་པོའི་མར་ལ་བྱ་ཚུལ་རྒྱ་ཆེར་ལེགས་གྲུབ་ལས་གསུངས་ཤིང་། ལེགས་གྲུབ་རྒྱུད་དེ་ལས། ལས་རྣམ་དག་ནི་ཐམས་ཅད་ལ། །དམར་སེར་བ་མར་མཆོག་ཏུ་གསུངས་། །ཡང་ན་རྒྱུད་ལས་གསུངས་པ་བཞིན། །བ་ཡི་ཁ་དོག་རྣམ་པར་བརྟག །ཅེས་གསུངས་སོ། །དེ་ལྟར་སོ་སོའི་མར་རྙེད་ན་བཟང་ལ། མེད་ན་མར་གང་རུང་ལ་བྱའོ། །དེ་མར་མེའི་སྨྲ་བརྟག་བྱེད་ན་མར་ཕུད་མ་ཉམས་པ་གལ་ཆེའོ། །མར་ཁུ་བཞུ་དུས་ནས་འབྲུ་བདུན་བཏབ་པས་མི་འཕྱུར་རོ། །མར་དཀར་ཆུ་མ་བཙག་ན་ཚག་ཚག་ཟེར་ཞིང་སྣུམ་ཡར་

p. 524

བས་ཆུ་བཙག་གོ །མར་ཁུ་བསྐོལ་ཡུན་ཐུང་བས་ཐོན་མི་ཐུབ། ཡུན་རིང་ན་ཚིག་པས། མར་དཀར་ཡིན་ན་ཡུན་རིང་བསྐོལ། མར་སེར་ཡུན་ཐུང་ངུ་ལས་མི་བསྐོལ། དེ་ནས་ཡུད་ཙམ་གྲང་བཅུག་ལ་སྙིགས་མ་སོང་བར་བླུག་གོ །དེ་ནས་བརྟག་པ་ཡིན་ན། ནས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཤམས། དོན་གང་ཡིན་སྨོད་ལ་མར་མེའི་ནང་གི་ཕྱོགས་བཞིར་ནས་འབྲུ་བཞི་འཕང་། ལྷ་ལ་ཕུལ་རྒྱུ་ཡིན་ན། ཞི་བ་ལ་སྨན་སྣ་ཚོགས་བཏབ། རྒྱས་པ་ལ་སྤོས་སྣ་ཚོགས་བཏབ། དབང་ལ་སྡོང་བུ་དང་སྐག་ཞུན་ལ་བུ་རམ་འབྲི་མོག་ཅུང་ཟད་བྱུག །མང་ན་མི་གསལ་ལོ། །དྲག་པོ་ལ་དུག་ཁྲག་གི་ཕྱེ་མ་བཏབ་བོ། །སྤྱི་འཚམ་ལ་དེ་རྣམས་མ་འཛོམ་ཡང་རུང་ངོ་། །ལྷ་ལ་འབུལ་བའམ་ཆོས་ལ་ཕུལ་བ་ཧ་ཅང་ཉེ་དྲགས་ན་མེ་མཆེད་པ་དང་སྣུམ་ཡར་བས། ཉེ་རིང་འཚམ་པར་བཞག །མར་མེའི་འོད་དེ་དཀོར་དུ་རྩི་བས་རང་ངོས་དེ་འོད་ཡོལ་བྱའོ། །དཀྱིལ་འཁོར་ཡིན་ན་ནུབ་ཏུ་བཞག །དེ་ནས་མར་མེ་གེགས་སེལ་བྱ་བ་ནི།་་ཕྲོག་ལ་ཟར་མཆན། རིག་པ་མཆོག་གི་རྒྱུད་ལས་གསུངས་ཏེ། ལོག་འདྲེན་གཙུག་ཕུད་ཅེས་བྱ་བ་ནི། མཐུ་ཆེ་ཞིང་བརྩོན་འགྲུས་ཆེ་བ་སྟེ། དེ་མར་མེའི་མེ་ལྕེ་ལ་

p. 525

འཇུག་པར་བྱེད་གསུངས་པ་དང་། དཔུང་བཟང་གིས་ཞུས་པ་ལས་ཀྱང་། མར་མེ་འབུལ་བའི་དུས་བགེགས་གཙུག་ཕུད་ཅན་ཞུགས་ཏེ། སྙིང་ཁ་ཚ་ཞིང་གཟེར་ཐབས་སུ་ན་བ་དང་། སེམས་དམྱ་བ་སོགས་འབྱུང་བར་གསུངས་པ། བགེགས་དེ་སེལ་ཐབས་རས་དཀར་གྱི་སྡོང་བུ་བྱས་པའི་མར་མེ་ཆུང་ངུ་གཉིས་སྦར་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མར་མེ་དེ་གཉིས་ཁ་ཐུར་དུ་བསྟན་ལ་བཞག་ནས། སྔགས་དེ་བརྒྱ་འདོན་ནོ། །དེ་བྱས་པས་བགེགས་དེ་མགོ་མཇུག་ལོག་པར་གྱུར་ནས་ཕྱིན་ཆད་མི་གནོད། འདི་ནི་ཚེ་འབར་དང་མར་མེའི་རྒྱལ་མཚན་བལྟམས་དུས་གལ་ཆེའོ། །གེགས་སེལ་འདི་བྱ་སྤྱོད་ཀྱི་ལུགས་ཡིན་པས། མདོ་ལུགས་དང་བླ་མེད་ལུགས་ལ་མ་ཐོན་ཀྱང་ཧ་ཅང་སྐྱོན་མེད་དོ། །མར་མེ་བྱིན་རླབས་ནི་མདོ་ལུགས་དང་། སྔགས་ཕྱི་ནང་གཉིས་དང་ལུགས་གསུམ་ལས། མདོ་ལུགས་ལ་སྔགས་དང་ཕྱག་རྒྱ་མི་དགོས་ཏེ། གེགས་སེལ་ཡང་མི་དགོས་པར། དོན་དམ་པར་སྟོང་པ་ཉིད་རང་བཞིན་མ་གྲུབ་པའི་ངང་ལས། ཀུན་རྫོབ་སྒྱུ་མའི་རྣམ་པར་རིན་པོ་ཆེ་སྣ་ཚོགས་ཀྱི་ཀོང་བུ་ཕྱི་སྣོད་འཇིག་རྟེན་ཙམ་གྱི་ནང་དུ། མར་ཁུ་ཕྱིའི་རྒྱ་མཚོ་ཆེན་པོ་ཙམ། སྡོང་

p. 526

བུ་དབུས་ཀྱི་རི་རྒྱལ་ལྷུན་པོ་ཙམ། མར་མེའི་འོད་ཀྱིས་ནམ་མཁའི་མཐར་ཐུག་པའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་གསལ་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སེལ་བར་བསམ་མོ། །བྱ་རྒྱུད་དང་སྤྱོད་རྒྱུད་ལུགས་ལ། གོང་ལྟར་བགེགས་བསྐྲད་གལ་ཆེ། དེ་ནས་སྟོང་པའི་ངང་ལས་དོན་ལ་ལྷ་མོ་དྷི་པོ་མའི་རང་བཞིན་ལ། རྣམ་པ་མར་མེའི་འོད་ཟེར་ལས་མར་མེ་གྲངས་མེད་པ་འཕྲོ་བས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྤྱན་སྔར་མར་མེ་རེ་རེར་གྱུར་པར་བསམས་ལ།་་མར་མེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་། རྣལ་འབྱོར་རྒྱུད་ཀྱི་ལུགས་ལ་སྟོང་པའི་ངང་ལས་ལྷ་མོ་ཨཱ་ལོ་ཀེ་མའི་ཕྱག་མཚན་དང་དབྱེར་མེད་པའི་མར་མེ། དེའི་འོད་ཟེར་ལས་ལྷ་མོ་ཨཱ་ལོ་ཀེ་དམར་མོ་མར་མེ་ཐོགས་པ་གྲངས་མེད་པར་འཕྲོ་བ། ནམ་མཁའི་མཐར་ཐུག་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྤྱན་ལ་མཆོད་པར་བསམ་མོ། །གསང་སྔགས་བླ་མེད་ལུགས་ལ་སྟོང་པའི་ངང་ལས་ཧཱི༔ཡིག་དམར་པོ་ལས་འོད་འཕྲོས་སངས་རྒྱས་མཆོད། སེམས་ཅན་གྱི་མུན་པ་ཐམས་ཅད་བསལ། ཚུར་འདུས་པ་ལས་ལྷ་མོ་ཨཱ་ལོ་ཀེ་མ་པདྨའི་ཁ་དོག་ཅན། མཛེས་སྡུག་རྒྱན་སྣ་ཚོགས་དང་

p. 527

དར་གྱིས་བཀླུབས་པ། ཕྱག་གཡས་འཁོར་འདས་ཐམས་ཅད་གསལ་བའི་མར་མེ་དང་། གཡོན་དྲིལ་བུ་འཛིན་པ། པདྨ་དང་ཟླ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། མར་མེ་དེ་ལས་རང་འདྲ་བའི་ལྷ་མོ་མར་མེ་ཐོགས་མ་བྱེ་བ་དུང་ཕྱུར་རྒྱུན་ཆད་མེད་པར་འཕྲོ་བས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་སྟེ། སངས་རྒྱས་བྱང་སེམས་ཐམས་ཅད་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་བསམས་ལ། ཁུ་ཚུར་བཅངས་ནས་མཐེ་བོང་བསྒྲེང་བ་མར་མེའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་སྔགས་ཡིན་ནོ། །དེ་ནས་མར་མེའི་སེམས་བསྐྱེད་ནི། རང་ངན་སོང་ན་མི་སྐྱེ་བའི་ཕྱིར་དང་། ཕྱི་མ་ལྷ་མིའི་བདེ་སྐྱིད་ཐོབ་ཕྱིར་དང་། ཉན་ཐོས་རང་རྒྱལ་ཐོབ་ཕྱིར་མར་མེ་ཕུལ་བ་བསོད་ནམས་ཆུང་སྟེ། མར་མེ་ཕུལ་བའི་མདོ་ལས། རང་རྒྱལ་ཐོབ་པའི་སེམས་ཀྱིས། རང་རྒྱལ་ལ་མར་མེ་རི་རབ་ཙམ་ཕྱོགས་ཀུན་ཏུ་བསྐལ་པ་བརྒྱར་ཕུལ་བ་བས། བྱང་ཆུབ་ཐོབ་ཕྱིར་རྩྭ་ཐུར་སྦྱར་ན་བསོད་ནམས་ཆེ་བར་གསུངས་པ་དང་། རང་རྒྱལ་འདོད་པའི་སེམས་ཀྱིས་ཕྱོགས་བཅུའི་སྐྱེ་བོ་ཐམས་ཅད་ཀྱི་རེ་རེས་མར་མེ་རི་རབ་ཙམ་གྱིས་ཕྱོགས་ཐམས་ཅད་བཀང་སྟེ། བསྐལ་

p. 528

པ་གྲངས་མེད་པར་སྦར་བ་བས། བྱང་ཆུབ་འདོད་ནས་སངས་རྒྱས་ཀྱི་མཆོད་རྟེན་ལ་མར་མེ་ཕུལ་ན་བསོད་ནམས་ཆེ་བར་གསུངས་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་དུ། མར་མེ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ་བསམ་པའི་སེམས་བསྐྱེད་འདི་ཤིན་ཏུ་གལ་ཆེའོ། །འབུལ་བ་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་ན་རབ། མེད་ན་ཡང་སངས་རྒྱས་བྱང་སེམས་ཐམས་ཅད་ལ་དམིགས་ན་དངོས་སུ་བཞུགས་པ་དང་འདྲའོ། །སངས་རྒྱས་ཐོབ་པའི་ཆེད་དུ་སངས་རྒྱས་ལ་དམིགས་ནས་མར་མེ་ཕུལ་བའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཅུང་ཟད་གློག་གི་ཡུན་ཙམ་དུ་ཐེམ་སྐས་གཅིག་སྣང་བར་བྱེད་པའི་བསོད་ནམས་ནི་ཉན་རང་རྣམས་ཀྱིས་སྟོན་པར་མི་ནུས། དད་གུས་གཡོ་སྒྱུ་མེད་པས་སངས་རྒྱས་ལ་དད་ནས་མར་མེ་ཆུང་ངུ་ཙམ་བྱས་ནས་སངས་རྒྱས་ཀྱི་མཆོད་རྟེན་ལ་ཐེམ་སྐས་ཅི་སྣང་ངམ། མིག་ཕྱེ་བ་བཙུམ་ཙམ་དུ་མཆོད་རྟེན་དེ་སྣང་བར་བྱེད་ན། དེའི་བསོད་ནམས་སངས་རྒྱས་མ་གཏོགས་སུས་ཀྱང་སྟོན་པར་མི་ནུས་ཏེ་དཔག་ཏུ་མེད་པར་གསུངས་སོ། །གཞན་ཡང་མར་མེ་འབུལ་བའི་མདོ་ལས་རྒྱ་ཆེར་གསུངས་

p. 529

པའི་ཚིག་ཉུང་ངུར་བསྡུས་ཏེ་བཤད་ན། མར་མེ་ཕུལ་བའི་ཕན་ཡོན་ཚེ་འདི་ལ་ངེས་པ་གསུམ་ཐོབ་སྟེ་ལོངས་སྤྱོད་སྙིང་པོ་མེད་པ་ལ་སྙིང་པོ་ལེན་སྙམ་པ་དང་། བདག །ངན་སོང་སྤོང་སྟེ་མཐོ་རིས་སམ་བྱང་ཆུབ་ཐོབ་སྙམ་པ་དང་།་བདག་བསོད་ནམས་བྱས་པ་པོ་སེར་སྣ་སྤོང་ངོ་སྙམ་པའོ། །འཆི་བའི་དུས་སྣང་བ་གསུམ་ཐོབ་སྟེ། དགེ་བ་དེ་དྲན་པ་དང་། དེ་སངས་རྒྱས་རྗེས་སུ་དྲན་པ་དང་། བདག་གིས་མར་མེ་ཕུལ་ལོ། །ཕྱིས་སྦྱིན་པར་བྱའོ་སྙམ་མོ། །འཆི་དུས་སྣང་བ་བཞི་ཐོབ་སྟེ། མདུན་དུ་ཉི་མ་དང་ཟླ་བ་དང་ལྷའི་འཁོར་དང་། སངས་རྒྱས་མཐོང་སྟེ། དེ་ལ་རང་གིས་གུས་པས་ཐལ་མོ་སྦྱར་བ་མཐོང་། འཆི་བའི་དུས་དྲན་པ་མི་ཉམས་ཤིང་རྨོངས་པ་མེད་པར་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེའོ། །དེ་ནས་འཕོས་ནས་མིར་སྐྱེས་ཏེ། སངས་རྒྱས་འབྱུང་བ་དང་འཕྲད། ཚེ་རབས་དྲན་ཞིང་རབ་ཏུ་བྱུང་ནས་སངས་རྒྱས་ལ་མཆོད་པ་བྱེད་དོ། །རིགས་མཆོག་ཏུ་སྐྱེ་བ་དང་། གཟུགས་མཛེས་པ་དང་། དེ་ལ་སུས་ཀྱང་བསམ་ངན་མི་བྱེད་པ་དང་། ནད་དང་སྡུག་བསྔལ་དང་། མྱ་ངན་དང་རྨི་ལམ་ངན་པ་མི་འབྱུང་ངོ་། །དེས་ཡོངས་སུ་དག་པ་བཞི་ཐོབ་སྟེ། ལུས་

p. 530

དང་ངག་དང་ཡིད་དང་བཟའ་བ་ཡོངས་སུ་དག་པའོ། །དེས་ལུས་ཀྱི་རྩ་བཞི་ཆང་ལྔ་སྤོང་བ་དང་། ངག་གི་བཞི་དང་ཡིད་ཀྱི་གསུམ་པོ་སྤོང་བར་འགྱུར་རོ། །བག་མེད་པ་ཆང་ཡང་སྤངས་ནས། སངས་རྒྱས་དང་ཉན་ཐོས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །དེས་འདུན་པར་འགྱུར་བའི་ཆོས་བརྒྱད་ཐོབ་སྟེ། ཤའི་མིག་དང་ལྷའི་མིག་དང་། ཚུལ་ཁྲིམས་ཉམས་པ་མེད་པ་དང་། མཐོ་རིས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་ཚངས་པ་ཐོབ་པར་འགྱུར༔ ཡང་ཕན་ཡོན་བརྒྱད་ཐོབ་སྟེ། སངས་རྒྱས་ཀྱི་སྤོབས་པ་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། སེམས་ཅན་གྱི་སེམས་དང་། བསམ་གཏན་དཔག་ཏུ་མེད་པ་ལ་འཇུག་པ་ཐོབ་པར་གསུངས་སོ། །ཁྱད་པར་དུ་ཡང་མར་མེ་འབུལ་བ་ཞེས་བྱ་བའི་མདོ་སྡེ་ལས་ཚིགས་སུ་བཅད་ཏེ་གསུངས་པ་ལས། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་

p. 531

གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནི་ཤི་ནས་མཐོ་རིས་ངེས་འགྲོ་ཞིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་གསུངས་པ་དང་། མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་ཡིས། །མཆོད་རྟེན་རྣམས་ལ་མཁས་པའི་གང་ཟག་གིས། །མར་མེ་འབུལ་བར་བྱེད་པའི་ལས་དེ་ཡིས། །བདེ་དང་དོན་དང་རྙེད་པ་མཐའ་ཡས་འཐོབ། ཅེས་དང་། འཆི་དུས་བྱས་ཚེ་སྡུག་བསྔལ་དེས་མི་མྱོང་། །བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ། །དེ་ལ་འཆི་བའི་འཇིགས་པ་འབྱུང་མི་འགྱུར། །ཞེས་དང་། དྲང་སྲོང་ཆེན་པོར་མར་མེ་ཕུལ་བ་ན། །དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཐུབ་དཔལ་དང་ལྡན་པ་དང་། །ལྷ་སྟོང་གི་ནི་གཙོ་བོར་དེ་འགྱུར་རོ། །ཞེས་དང་། དེ་ནི་དེའི་མར་མེ་འབུལ་བའི་འབྲས། །དེ་དང་དེ་ནི་ཚེ་རབས་དེས་དྲན་འགྱུར། །བྱ་བའི་འོས་མིན་ལ་ནི་དེས་མི་སྤྱོད། །གདོན་མི་ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞ་བོར་མི་འགྱུར་ཞིང་། །དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན། །ནད་ཅན་མ་ཡིན་འཇིགས་རུང་དགྲ་ཟླར་མིན། །བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་རོ། །མིག་མེད་པར་ནི་ནམ་

p. 532

ཡང་མི་འགྱུར་ཞིང་། །དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན། །མིག་གཅིག་མ་ཡིན་ཁྲག་ལོང་མིག་མ་ཡིན། །དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར། །མིག་གི་རང་བཞིན་གཞན་། ལས་རྣམ་པར་གསལ། །སྲིད་པའི་མིག་ནི་དག་པར་འགྱུར་བ་སྟེ། །ནོར་བུ་འོད་བཟང་ལྟར་ནི་དོན་བཞིན་རྟོགས། །བསྐལ་པ་གྲངས་མེད་དག་ཏུ་དེ་ཡི་ནི། །ཤ་ཡི་མིག་ནི་དག་པར་འགྱུར་བ་སྟེ། །དེ་ལ་མིག་ནད་དག་ནི་མི་འབྱུང་སྟེ། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །རྣལ་འབྱོར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། །ཅེས་དང་། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པ། །དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་སྒྱུར་བའི་མི་བདུག་སྟོབས་ཆེན་ལྡན། །ཡིད་འོང་གཟུགས་བཟང་བལྟ་བ་དག་པར་འགྱུར་། །དེ་ཡི་ལས་བྱས་པ་དེས་ཚེ་རིང་འགྱུར། །གཅིག་ཏུ་དག་པ་ཉིད་དུ་བདེ་དང་ལྡན། །དེ་ཡི་ལུས་ཀྱི་ནད་ཀྱི་སྙོན་མི་སྟོན། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །བདེ་

p. 533

བར་གཤེགས་ལ་མར་མེས་མཆོད་བྱས་པས། །རྐུན་པོའི་ནད་མེད་རྒྱལ་པོའི་ཆད་པ་མེད། །གཤེད་མ་མེད་ཅིང་ཆུང་མར་བྱི་ཕོ་མེད། །དེ་ཡི་ལུས་ཀྱིས་ནམ་ཡང་རྩོད་མི་འགྱུར། །བདེ་ཞིང་ལོ་ལེགས་གང་དུ་འཇིགས་པ་མེད། །རྟག་ཏུ་འབྱོར་ཞིང་ལེགས་འབྱོར་ནོར་འབྲུ་ལྡན། །དེ་ཡི་སྐྱེད་མོས་ཚལ་མཆོག་ཕྲེང་བ་དང་། །ཚལ་དང་ཤིང་ཕྲན་ལོ་མ་སྣ་ཚོགས་བརྒྱན། །དེ་ཡིས་འཇིག་རྟེན་གཙོ་བོ་སངས་རྒྱས་མཐོང་། །མཐོང་ནས་ཀྱང་ནི་ཤིན་ཏུ་དགའ་འགྱུར་ཏེ། །།དེ་དག་རྣམས་ལ་གུས་པས་དེ་མཆོད་བྱེད། །རྒྱལ་སྲིད་སྤངས་ནས་དགེ་སློང་ཉིད་ལ་སྟེ། །བསྔགས་པ་མཐའ་ཡས་གཟིགས་པ་མཐའ་ཡས་ཤིང་། །མཐའ་ཡས་བློ་ལྡན་བདེ་གཤེགས་མཆོད་རྟེན་ལ། །མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། །མར་མེ་བཞིན་དུ་ཕྱོགས་རྣམས་ཀུན་ཏུ་གསལ། །མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། །མཆོད་རྟེན་གསལ་བྱས་རྣམ་དག་མིག་གིས་ནི། །བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས། །ཕྱོགས་བཅུ་ཀུན་ཏུ་མར་མེ་བཞིན་དུ་གསལ། །བདེར་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན། །རྣམ་གྲོལ་བློ་མངའ་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་

p. 534

འདྲེས་ཆོས་ཀྱི་ཕ་རོལ་སོན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས་ཏེ་ཚིགས་བཅད་དེ་དག་ནི་མར་མེ་འབུལ་བའི་མདོའི་ལུགས་ཡིན་ནོ། །གཞན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་ཆེན་པོར་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལེགས་པ་གཟུ་བ་འདྲ་། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་བརྒྱ་སྟོང་ཁྲག་ཁྲིག་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བསྒྲུང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །ཞེས་གསུངས་སོ། །འོ་བདེ་གཤེགས་མཆོད་རྟེན་ལ་འབུལ་བ་རྙེད་དཀའ་སྙམ་ན། བདེ་གཤེགས་སྐུ་གདུང་རིལ་པོའི་མཆོད་རྟེན་རྙེད་དཀའ་ནའང་། བདེ་གཤེགས་རིང་བསྲེལ་གྱི་མཆོད་རྟེན་ནི་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་སྐུ་གཟུགས་དང་མཆོད་རྟེན་ཡིན་ལ། གཟུངས་སྔགས་ཟབ་མོ་རྣམས་

p. 535

བདེ་བར་གཤེགས་པའི་གཟུངས་སྔགས་ཀྱི་རིང་བསྲེལ་ཡིན་པས། མཆོད་རྟེན་དང་སྐུ་འདྲ་ཐམས་ཅད་ལ་གཟུངས་གཞུག་ཡོད་པའི་ཕྱིར། བདེ་གཤེགས་མཆོད་རྟེན་ཡིན་ནོ། །སྐུ་གསུང་ཐུགས་རྟེན་གྲོང་ནག་ཏུ་མེད་ན་ཡང་། སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཡིད་ཀྱིས་དམིགས་ཏེ་ཕུལ་ན། དངོས་སུ་མདུན་དུ་ཕུལ་བ་དང་ཕན་ཡོན་ཁྱད་པར་མེད་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིས་ཉིན་མཚན་དྲུག་ཏུ་སེམས་ཅན་ཐམས་ཅད་ལ། །སོ་སོར་རེ་རེ་ནས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ནས་ཀྱང་། སེམས་ཅན་སུ་ལ་ཕན་འདོག་པའི་སྐལ་བ་ཡོད་དགོངས་པའི་ཕྱིར། མར་མེ་ཕུལ་བས་ནི་ངེས་པར་མཁྱེན་ཅིང་གཟིགས་པར་འགྱུར་ལ། གཟིགས་ནས་ཀྱང་དེ་ཚོགས་རྫོགས་པའི་ཕྱིར་དུ་ཡང་བཞེས་པར་མཛད། ཡང་དཀྱིལ་འཁོར་གྱི་ལྷ་ལ་མར་མེ་བརྒྱ་ཕུལ་བ་ན། མཆོག་གི་དངོས་གྲུབ་ཐོབ་པར་གསུངས་ཏེ། བདེ་མཆོག་ཨ་བྷི་དྷ་ནའི་རྒྱུད་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་བདུག་སྤོས་དང་། །མར་མེ་བརྒྱ་ཡང་འབུལ་བར་བྱ། །ཞེས་གསུངས་སོ། །སྔོན་རྒྱལ་པོ་བེ་གར་ནད་པ་ཞིག་གི་དབུགས་ལེན་དུ་

p. 536

སོང་བ་ལ། མར་མེ་མ་འདས་བར་ཉེ་མ་ཕོད་པའི་ལོ་རྒྱུས་བྱུང་བ་ལྟར་རོ། །གདོན་གདུག་པ་ཅན་ཐམས་ཅད་ཀྱིས་བླ་ཁྱེར་བ་དང་། །སྲོག་དབུགས་ལེན་པ་ཡང་ཕལ་ཆེར་མཚན་མོ་གཉིད་དུ་སོང་ཚེ། མུན་པ་ལ་བག་བཅའ་ནས་བླ་ཁྱེར་བ་ཡིན་པས། དེས་ན་ནད་པ་སོགས་ཀྱི་ཉེ་ལོགས་སུ་མར་མེ་མཚན་ཐུབ་དཀོན་མཆོག་གསུམ་ལ་ཕུལ་ནས་ཡོད་ན། ནད་པའི་སྔས་སྲུང་དུ་འགྱུར་རོ། །གཞན་ཡང་བཀྲ་ཤིས་བདེ་ལེགས་འབྱུང་བར་གསུངས། ལེགས་གྲུབ་ལས།་གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རབ་སེལ་འདི་། །བདག་གིས་དད་པས་འབུལ་བར་བགྱི། །།མར་མེ་འདི་ནི་བཞེས་སུ་གསོལ། །ཅེས་གསུངས་སོ། །ཡང་རྨི་ལམ་དུ་རང་ཉིད་འཆི་བའི་ལྟས། ཉི་མ་ནུབ་པ། མུན་རུབ་ལམ་མ་རྙེད་པ། སྐྱག་ཅིང་མི་དགའ་བཞིན་དུ་གཡང་ས་འཇིགས་སུ་རུང་བར་འགྲོ་བ། ཐུར་ལ་ཡང་འགྲོ་བ། རང་ལ་མཚོན་ཆ་བརྒྱབ་པ། ཆུར་མཆོང་བ་རྨིས་པ་རྣམས་ནང་གི་འཆི་རྟགས་བྱ་བ་ཡིན་པས་མར་མེ་བརྒྱ་རྩ་ཕུལ་ན། ཚེ་ཤུགས་འོང་བར་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་ནས་བཤད་དོ། །གཞན་ཡང་སྲོག་རྒུད་པ་དང་། སྲོག་ལ་དགྲ་དར་བ་དང་། སྲོག་དུར་དུ་

p. 537

ཚུད་པ་རྣམས་ལ། རབ་ཚེ་འབར་བཙུགས། དེ་མི་ཐུབ་ན་ཚེ་འབར་ཁ་གསོས་ན་ཕན་པར་རྒྱ་ནག་འགྱུར་རྩིས་གཞུང་རྣམས་ནས་གསུངས། གཞན་ཡང་ཀོང་བུ་པད་ཟླའི་གདན་ལ།་མར་ཁུ་ལས་སྒྲིབ་རྒྱུན་གཅོད་པའི་གཟུངས། སྡོང་བུ་ཧཱུྃ་ཡིག་ཏུ་བསྒོམས་ནས་ཚེ་འདས་ཀྱི་སྒྲིབ་པ་སྦྱང་ཚུལ་མི་འཁྲུགས་པའི་རྒྱུད་ནས་གསུངས་པ་དང་། བ་དམར་སེར་གྱི་མར་གྱིས་མར་མེ་བསྟེན་ནས་དབང་གི་ལས་སྒྲུབ་ཚུལ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པ་དང་། མར་མེ་ལ་བརྟེན་ནས་ལས་ཀྱི་སྤྱན་རས་གཟིགས་ཀྱི་དབང་བསྐུར་བར་རྒྱལ་བ་རྒྱ་མཚོ་ལས་གསུངས་པ་དང་། མར་མེའི་དཀྱིལ་འཁོར་དབུས་སུ་ལྷ་དང་དབྱེར་མེད་དུ་བསྒོམས་ནས་བྱང་བུ་བཞུ་ཚུལ་རྙིང་མའི་བྱང་ཆོག་མང་པོ་ནས་གསུངས་པ་དང་། མར་མེ་ལིངྒའི་སྟེང་དུ་སྦྱབ་ནས་ཡང་བཟློག་པ་བྱ་ཚུལ་གཤིན་རྗེ་ཚེ་བདག་གི་མར་མེའི་མན་ངག་དང་། མར་མེ་ལ་བརྟེན་ནས་བོན་དང་མུ་སྟེགས་བསྒྲལ་ཐབས་ཁྲོ་ཆུའི་མན་ངག་དང་། མར་མེ་ལ་བརྟེན་2ནས་དགྲ་བགེགས་བསྒྲལ་ཐབས་དཔལ་ལྡན་ལྷ་མོའི་གདམས་ངག་དང་མར་དང་སྡོང་ཤིང་སྡོང་རོས་གསུམ་ལ་ཚོགས་བདག་གི་སྙིང་པོ་བརྒྱ་རེ་བཟླས་ནས་མར་མེའི་པྲ་བརྟག་ཐབས་དང་།

p. 538

མར་མེ་ལ་བསྟེན་ནས་དགྲ་བགེགས་འདུལ་བ་བེར་ནག་གི་གིང་དམར་མོ་དང་། མར་མེ་ཁྲག་གིས་བསད་ནས་དགྲ་བོ་མྱུར་དུ་བསྒྲལ་བ་མགོན་པོ་མ་ནིང་གི་ལས་ཚོགས་གཅིག་རྒྱུད་སོགས། མར་མེ་ལ་བརྟེན་ནས་ཕྲིན་ལས་རབ་འབྱམས་བསྒྲུབ་ཚུལ་སོ་སོའི་གཞུང་ལས་ཤེས་སོ། །མར་མེའི་པྲ་བརྟག་རྗེ་དམ་པ་རྒྱ་གར་གྱིས་རྒྱས་པར་མཛད་པའི་དོན་བསྡུས་ཏེ་གོ་སླ་བར་ཅུང་ཟད་བཤད་ན། ནས་ཀྱི་པདྨ་འདབ་བཞིའི་སྟེང་།་ནས་སྡེར་ནང་དུ་ཀོང་བུ་བཞག །མོ་བརྡར་ནས་འབྲུ་བཞི་ལ་སྨོད། །མར་ཁུའི་ནང་གི་ཕྱོགས་བཞིར་བཞག །ཤར་ནི་དཔོན་དང་ཕ་ཁུ་བླ་མའི་ས། །ལྷོ་ནི་རང་དང་ཆེ་རྒྱུད་ས། །ནུབ་ཏུ་དགྲ་ས་འདྲེ་ས་ཡིན། །བྱང་ནི་ཕ་སྤུན་མནའ་མ་བུ་སྲིང་སའོ། །ནས་འབྲུ་ཐང་ཤོར་བླ་འཁྱམ་ངན། །།བྱད་གདོན་ཚེ་དབང་བཟློག་པ་བྱ། །ནས་འབྲུ་ནག་ན་ནད་ངོ་ཡོད། །ནས་འབྲུ་འགྱུར་ན་ནང་མི་འཆི། །ནས་འབྲུའི་སོག་པ་ཕྱིར་བསྟན་ན། །གཡང་ཉམས་གཡང་སྐྱབས་གསེར་འོད་འདོན། །ནས་འབྲུའི་རྩ་ན་སྤུ་ཉག་ལང་། །སྦྲུལ་ཐན་ཀླུ་གདོན་ཀླུ་བཅོས་བྱ། །ནས་འབྲུ་ཆག་ཏོའམ་ནི་འབུས་ཟོས་ཟིན། །དམ་ཚིག་ཉམས་སམ་ཕ་བཙུན་ཉམས། །ཆེ་རྒྱུད་ལ་ངན་བསྐང་

p. 539

བཤགས་བྱ། །ནས་འབྲུའི་རྩེ་ན་སོལ་བ་དང་། །ནག་ཐིག་བྱུང་ན་སྤྱད་ནག་གདོན། །བྱབ་ཁྲུས་ཡང་ན་ཐབ་བསང་བྱ། །ནས་འབྲུའི་རྩ་བར་བུམ་པའམ། །དམར་ཐིག་བྱུང་ན་བྱིས་སྦར་ངན། །སྔོན་ཆད་བྱིས་སྦ་གྲོངས་ན་ཐང་། །གྲྭ་ལྔ་འདོན་ནམ་ཆུང་ཡས་བཏང་། །མར་ཁུ་ནག་ན་གྲིབ་ངོ་ཡོད། །ཁྲུས་བྱས་ཡང་ན་གྲིབ་སེལ་བྱ། །མར་ཁུ་ཁྲག་མདོག་སྒྲིབ་པ་ཆེ། །ཕྱག་དང་བསྐོར་བ་ཡིག་བརྒྱ་འདོན། །ཁྲག་ཟེར་འདྲ་འདུག་ཁྲག་ངོ་ཡོད། །ཁྲག་གཏར་ཡང་ན་ཁྲག་ཟེར་བྱ། །མར་ཁུ་ལྷུད་ནས་བོ་ན་ནི། །ཁ་མཆུ་མང་ན་གོད་ངོ་འོང་། །གོད་བྲུབ་དང་ནི་དགྲ་བྲུབ་བྱ། །མར་ཁུ་ལྦུ་བས་གང་བ་ན། །སྙིང་སྟོང་ངོ་ཡོད་གཡང་སྐྱབས་བྱ། །གོད་བྲུབ་དགྲ་ཆོས་བྱས་ན་བཟང་། །མར་ཁུའི་མདོག་དཀར་ནད་གདོན་ཞི། །མར་ཁུ་ལ་ཆེར་བསོད་ནམས་འཕེལ། །མར་ཁུ་འབྱུང་ཚེ་ཟས་ནོར་འཕེལ། །མཚན་ཐུབ་གཅིག་གིས་ཉིན་མཚན་གཉིས། །དེ་བཞིན་ལོག་པོ་གསུམ་ལོགས་ཡུན། །སྐྱོལ་ན་མར་མེ་འཛིན་པ་ཟེར། །འདི་འམ་ཡང་ན་ཕྱི་མ་ལ། །ལྷ་དང་མཁའ་འགྲོས་རྗེས་བཟུང་རྟགས། །སྡོང་བུ་ལན་གཅིག་བཙུགས་པས་བརྟན། །ཚེ་ལ་བར་

p. 540

ཆད་མེད་པས་བཟང་། །སྡོང་བུའི་རྩ་བར་སྤྱི་འདུག་ན། །ཀླུ་གདོན་སྦྲུལ་ཐན་མཐོང་སྲིད་པས། །ཁྱུང་གི་གཟུངས་འདོན་དབང་ཡང་ཞུ། །ཡང་ན་ཐན་བསྒྱུར་གཏོ་ཡང་བྱ། །སྡོང་བུ་སྐད་འཁྱོག་སྐག་ངོ་ཡོད། །སྐག་བསྒྱུར་མགོན་པོའི་དགྲ་ཆོས་བྱ། །སྡོང་རྩ་བག་ན་ས་སྒོ་བྱེ། །ཀོང་ཙེའི་ལྟོ་འགྱུར་ས་སྒོ་བཅད། །སྡོང་བུ་རྒུར་པོའི་རྒྱབ་ཏུ་ནི། །ནག་ཐོམ་རོ་ཁུར་འདྲ་བ་ན། །དུར་ངོ་དུར་ལོས་ཚང་ཟློག་བྱ། །སྡོང་རྒྱན་བརྒྱ་ཚར་བཏོན་ན་འགྱུར། །མགོ་ན་ནག་ཐོམ་ཆེན་པོ་ཆགས། །གདོན་ངོ་ཡིན་པས་གདོན་ཟློག་བྱ། །གལ་ཏེ་འཕང་འདྲའི་ནག་ཐོམ་ཆགས། །རོ་ལངས་ཞེས་བྱའི་གྲིབ་ངོ་ཆེ། །བྱབ་ཁྲུས་གྲིབ་སེལ་ཡང་ཡང་བྱ། །རྟ་མཛོའི་མཇེ་ཐོ་འདྲ་ན་ངན། །རྐྱེན་ཟློག་གང་རུང་དྲག་ཏུ་བྱ། །སྡོང་བུ་ཡུངས་འབྲུ་འདྲ་བ་ཆགས། །དེ་ནི་བྱིས་སྦ་འབྱུང་ངོ་ཡིན། །དམར་ཞིང་ཆུང་ན་བུ་འབྱུང་ངོ་། །སྡོང་བུ་ཁ་བྲག་འབྱུང་བ་ན། །གནམ་སྒོ་བྱེ་བས་གནམ་སྒོ་བཅད། །ཡང་ན་བསང་ཆེན་བྱས་ན་ཕན། །སྡོང་བུས་ནག་འབུས་གྱོན་པ་ལ། །མདུན་ངོ་གྲིབ་ངོ་ཆེན་པོ་ཡོད། །གྲིབ་མདོས་གྲིབ་སེལ་བསྲེགས་ལོས་དང་། །རྣམ་འཇོམས་སྟོང་ཚར་བཏོན་ན་ཕན། །དེ་ནས་མེ་ལྕེ་

p. 541

བརྟག་པ་ནི། །དེ་ནས་སྒྲོན་མི་ཐུབ་ཅིང་ཡ་ང་དང་། །བར་ཆད་ཆེ་བས་རིམ་གྲོ་གཟོབ། །དུད་པ་བྱུང་ཞིང་མི་གསལ་ན། །གྲིབ་དང་སྒྲིབ་པ་ཡོད་པའི་རྟགས། །བྱབ་ཁྲུས་སྒྲིབ་སེལ་སྒྲིབ་སྦྱང་བྱ། །ཚག་ཚག་ཟེར་ཞིང་མེ་སྟག་འཕྲོ། །ཕུགས་སུ་གདོན་ཆེན་ཞུགས་པའི་རྟགས། །གདོན་ཕུད་བགེགས་བསྲེགས་མཚམས་བཅད་བྱ། །མེ་ལྕེ་དུམ་་བུར་ཆད་པ་དེ། །དྲག་པོའི་རྐྱེན་ངན་འོང་བའི་རྟགས། །སྲུང་བ་བྱ་ཞིང་སྤྱོད་ལམ་གཟབ། །མེ་ལྕེ་ལྷབ་ལྷབ་འཁྱུགས་པ་དེ། །དགྲ་རྐུན་མྱུར་དུ་འོང་བའི་རྟགས། །དགྲ་ཆོས་བྱ་ཞིང་མེལ་ཚེ་གཟབ། །འོད་མེད་སྡོང་རོ་ཆེ་བ་ན། །ནད་པ་འཆིའམ་ནད་ཡུན་རིང་། །དུར་ལོས་ཚེ་དབང་བརྒྱ་རྩ་ཞུ། །མར་ཁུ་མྱུར་དུ་སྐམ་དང་ཟད། །གོད་ཁ་ཆེ་ཆུང་འོང་བའི་རྟགས། །གོད་གཅོད་གཡང་སྐྱབས་ནོར་གླུད་བཏང་། །མར་མེ་བྲེལ་ཞིང་རྩེ་མོ་ཆད། །དགྲ་དང་བྱོལ་དྲག་འོང་བའི་རྟགས། །དགྲ་བྲུབ་བྱ་ཞིང་མི་ཚག་བསྡམ། །མར་མེ་གསལ་ཞིང་བྲེལ་བ་ནི། །ཐག་རིང་མགྲོན་པོ་འོང་བའི་རྟགས། །མར་མེ་བྲེལ་ཞིང་འོད་མེད་ན། །གདོན་ཆེན་མྱུར་དུ་འོང་བའི་རྟགས། །ཁྲེལ་ཞིང་ཚག་ཚག་ཟེར་བ་ན། །གདོན་ཆེན་ས་

p. 542

ནས་གྲོགས་འོང་རྟགས། །མར་མེའི་རྩེ་མོ་གུག་པ་ན། །ལྷ་ངོ་དམའ་བས་ལྷ་གསོལ་བྱ། །སྡོང་བུའི་རྩེ་ན་ནག་འཐོམ་གཉིས། །མདུན་ངོ་ཡོད་པས་བདུན་ཞུ་ཕུད། །ཤིན་ལྷགསལ་གཟུགས་མི་མཐོང་། །ཚེ་དང་དབང་ཐང་ཟད་པའི་རྟགས། །ཚེ་དབང་ཚེ་ཆོག་བརྒྱ་རྩ་དང་། །ཚེ་ཡི་མདོ་གཟུངས་སྟོང་ཚར་འདོན། །བྲེལ་ཞིང་རྩེ་མོ་གཉིས་གསུམ་གྱེས། །གདོན་ཆེན་གློ་བུར་འོང་བའི་རྟགས། །དེ་ལ་བདུད་བཟློག་དུར་དྲག་བྱ། །མི་གསལ་དུད་པ་མེ་ལྕེ་འདྲེས། །བསེ་རག་སྲིད་སྒབ་ཟ་བའི་རྟགས། །བསེ་རག་བཀར་ཞིང་གསེར་འོད་འདོན། །ཞེན་ཅིང་མེ་ལྕེ་སྔོ་དམར་འགྱུར། །ནད་གཞི་ཆེ་བའི་ནད་ལྡང་ངོ་། །སྨན་བླའི་དབང་ཞུ་སྨན་ཆོག་བྱ། །མི་གསལ་རྩེ་མོ་སོལ་བ་རེད། །ཡོ་བྱད་རྒྱུད་ནས་གྱོད་རྐྱེན་ངོ་། །རྐྱེན་ལ་གཟབ་ཅིང་དགྲ་སྲི་བྲུབ། །མར་ཕུད་ཉམས་ན་མི་གསལ་ཏེ། །དེ་མིན་མི་གསལ་སྒྲིབ་པ་ཡིན། །དེ་ལ་བསྐང་བཤགས་མང་དུ་བྱ། །དུད་པ་དངོས་གྲུབ་བར་ཆད་ཡིན། །སློབ་དཔོན་བློན་རིས་གྱོད་རྐྱེན་ངོ་། །ཚོགས་དང་བསྐང་གསོ་བྱས་ན་འགྱུར། །མཛེས་པར་འབར་ན་ཡུན་རིང་བདེ། །འཇམ་ཞིང་དལ་ན་དངོས་གྲུབ་འབྱུང་། །གཅུ་ཞིང་

p. 543

རྩེ་མོ་རྣོ་བ་བཟང་། །ཁ་དོག་ལྔ་ལྡན་མཐུ་རྩལ་ཆེ། །ཕྲ་ཞིང་གྱེན་ལ་ལྡེམ་པ་ནི། །མི་ནུབ་རྒྱལ་མཚན་ཚུགས་པའི་རྟགས། །གཉིས་ལོག་སུམ་ལོག་མེ་ལྕེ་ནི། །ཕྲ་ཞིང་གྱེན་ལ་ལྡེམ་པ་ནི། །མར་མེའི་རྩེ་མོ་འཕེལ་བ་སྟེ། །གསང་སྔགས་དངོས་གྲུབ་ཐོབ་རྟགས་སུ། །བྱ་བའི་རྒྱུད་ལས་གསུངས་པ་ཡོད། །གསལ་ཞིང་རྒྱལ་མཚན་དབྱིབས་འདྲ་ནི། །བཀྲ་ཤིས་དཔལ་གཡང་ཐོབ་པའི་རྟགས། །དཀར་གསལ་རྩེ་མོ་རྣོ་བ་ནི། །མི་འགྱུར་དབང་ཐང་བརྟན་པའི་རྟགས། །དཀར་གསལ་དལ་ལ་རྩེ་མོ་ཟླུམ། །སྒྲིབ་མེད་ཤེས་རབ་འཕེལ་བའི་རྟགས། །པ་ཏྲ་མེ་ཏོག་ཆགས་པ་ནི། །རིགས་བཟང་དམ་ཚིག་གཙང་བའི་རྟགས། །རྒྱལ་མཚན་འདྲ་བ་ཆགས་པ་ན། །ལས་ཐོབ་ཡིག་ཚང་ངོ་སོ་ཐོབ། །བླ་རེ་གདུགས་འདྲ་ཆགས་པ་ན། །ཚོགས་རྫོགས་ཤེས་རབ་ཆེ་བའི་རྟགས། །སྡོང་བུ་སྔོ་སྐྱ་ཐལ་བ་རེད། །ཡུལ་འཆོར་ཡུལ་འབུད་འབྱུང་ངོ་ཡོད། །ཡུལ་ལྷ་མཆོད་ཅིང་རྐྱེན་ལ་གཟབ། །མགོ་མཇུག་ནག་ཐོམ་མང་པོ་ཆགས། །འཕྲལ་དུ་རོ་འབྲུལ་ངོ་ཡིན་པས། །ཚ་ཚ་འཆི་བླུ་ཚེ་དབང་ཞུ། །མ་གྱིས་སྡོང་བུ་ཁ་བྲག་རེད། །བུད་མེད་ལ་ངན་མོ་གླུད་བཏང་། །སྡོང་བུ་

p. 544

སྐྱ་སེར་སོང་བ་ན། །བནེ་ཡིན་ན་ཚ་ཚ་བཏབ། །བོན་པོ་ཡིན་ན་གསས་མཁར་བསྟོད། །སྐྱེ་བོས་གཤིན་རྗེའི་ཚང་བཟློག་དང་། །གཡང་སྐྱབས་བྱས་ན་བཟང་བ་ཡིན། །སྡོང་བུ་ཐལ་བ་རང་ས་ན། །ནོར་ལ་ངན་པས་གཡང་སྐྱབས་དང་། །གསེར་འོད་བཏོན་ན་འགྱུར་བར་བཤད། །སྡོང་བུ་ནག་ཧྲཱིང་གྱུར་པ་ན། །བཙོག་འདྲེ་ཤི་འདྲེ་བར་ཆད་གདོན། །ཁྲུས་དང་ཞི་བ་དཀར་པོའི་བསང་། །རྫ་མདོས་འདྲེ་མོ་ཁ་ཆིངས་བཏགས། །སྡོང་བུའི་རོ་མ་འགྱེལ་ལུགས་ལ། །ཤར་འགྱེལ་སློབ་དཔོན་ཆེ་རྒྱུད་ངན། །ལྷོར་འགྱེལ་རང་ངམ་གདོས་བདག་དང་། །ཐམས་ཅད་ཀུན་ལ་ངན་པ་ཡིན། །ནུབ་འགྱེལ་དགྲ་བགེགས་ཐུབ་པས་བཟང་། །བྱང་འགྱེལ་མནའ་མ་བུ་སྲིང་ངམ། །ཡང་ན་ནོར་ལ་ངན་པའི་ཕྱིར། །སོ་སོ་ཐ་དད་རིམ་གྲོ་བྱ། །ཀོང་བུ་ཚིག་ནས་མེ་ལྕེ་གཡབ། །དགྲ་ངོ་ཡོད་པས་དགྲ་བཟློག་བྱ། །སྡོང་བུ་ཆག་ནས་རོ་གཞོབ་བྲོ། །དུར་ལོས་འཆི་བསྒྲག་ཚེ་ཐར་བྱ། །སྡོང་རོའི་སྟོད་སྨད་བར་གསུམ་ནི། །པྲ་རྒན་དར་མ་ཆུང་གསུམ་སད། །གང་དུ་ཆད་པ་དེ་ལ་རྩུབ། །དབང་ཞུ་སྐྱབས་གནས་བྱིན་རླབས་ཞུ། །སྡོང་བུ་སྡོང་ཁྲ་ནུབ་ཏུ་འགྱེལ། །ཡང་ན་མ་འགྱེལ་དེ་

p. 545

གར་བསྡད། །སྨོད་པའི་ནས་འབྲུ་མ་ཚིག་བཟང་། །བརྟག་པ་མདོར་བསྡུས་པའོ། །མར་མེ་ཆེ་ཆུང་གི་ཁྱད་པར་མེད། བསམ་པ་རྣམ་པར་དག་ན་མར་མེ་དཀར་ཆུང་རེ་ལ་ཡང་ཕན་ཡོན་རྒྱ་ཆེ་སྟེ། སྔོན་རྒན་མོ་དབུལ་མོ་ཞིག་གིས་ཀོང་བུ་མ་རྙེད་ནས། ཨ་ཁྲད་ཀྱི་ཕྱི་རྟིང་ནང་དུ་མར་མེ་བྱས་ཏེ། སངས་རྒྱས་ལ་ཕུལ་བས་ཉིན་ཞག་དུ་མ་ལ་མ་ཟད་པས། དེ་བདའ་བསམས་ནས་མོའུ་འགལ་གྱི་བུས་ཆོས་གོས་ཐུ་བ་བརྒྱབ་ཀྱང་མ་འདས་བས། བཅོམ་ལྡན་འདས་ཀྱིས་དེ་བསམ་པ་རྣམ་པར་དག་པའི་མཐུ་ཡིན་གསུངས་ནས་རྒན་མོ་བྱང་ཆུབ་ཏུ་ལུང་བསྟན་ཏེ་རྒྱལ་པོས་ཐོས་ནས་ཕྲག་དོག་དང་ང་རྒྱལ་འགྲན་སེམས་ཀྱི་དབང་གིས། མར་མེ་ཉིན་ཞག་དུ་མར་ཤིང་རྟའི་འཕང་ལོ་ཙམ་སྦར་ཀྱང་། དེ་ལ་བཅོམ་ལྡན་འདས་ཀྱིས་བསྔགས་པ་མ་མཛད། དེ་བས་རྒན་མོ་མཆོག་ཡིན་གསུངས་སོ། །བསྐལ་བཟང་ལས། རྩྭ་ཡི་སྒྲོན་མེ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པས། དེས་ན་བསམ་པ་དག་པ་དང་རྒྱུ་རྒྱ་ཆེ་བ་གཉིས་ཀ་འཛོམ་ན་བསོད་ནམས་ཚད་མེད་དོ། །བསམ་པ་དེ་ཅི་ལྟ་བུ་ཞེ་ན། སྤྱིར་མར་མེ་འདི་ཡིད་བཞིན་གྱི་

p. 546

ནོར་བུ་དང་འདྲ་བས། རྐྱེན་ཟློག་འདོད་ན་རྐྱེན་ཟློག །ཕྱི་མ་ལྷ་མིའི་བདེ་སྐྱིད་འདོད་ན་བདེ་སྐྱིད་འབྱུང་། ཉན་ཐོས་དང་རང་རྒྱལ་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་སོགས་གང་འདོད་པ་དེ་ཐོབ། གཞན་གྱིས་བྱས་པ་ལ་འགྲན་སེམས་དང་། རང་གི་སྙན་གྲགས་འདོད་པའི་གྲགས་འདོད་སོགས་ཀྱིས་བྱས་ན། བླུན་པོས་ཙནྡན་མེར་བསྲེགས་པ་དང་འདྲ་བར་ཕན་ཡོན་མི་འབྱུང་ངོ་། །དེས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར། སེམས་ཅན་ཐམས་ཅད་འདྲེན་པའི་ཕྱིར་རང་ཉིད་སངས་རྒྱས་ཐོབ་པའི་ཕྱིར་དུ་འབུལ་བ་བསམ་པ་རྣམ་པར་དག་པའོ། །དེ་བས་ན་ལོ་ཡག་ན་སོག་མ་དང་ཕུབ་མ་ཞོར་ལ་འབྱུང་བའི་དཔེ། ཚེ་འདིའི་རྐྱེན་ཟློག་པ་དང་། ཕྱི་མའི་བདེ་སྐྱིད་ཐམས་ཅད་ཞོར་ལ་འོང་ཞིང་མཐར་སངས་རྒྱས་ཐོབ་བོ། །།བསམ་པ་དེ་ལྟ་བུས་འབུལ་བའི་ཚིག་ནི། རབ་འབྱམས་རྒྱ་མཚོ་མའམ་ཤེས་རབ་གཟི་ལྡན་ཞེས། སྟོང་གསུམ་འདིའམ་ཞེས་སོགས། རང་རང་གི་ཆོ་ག་ནས་གསུངས་པ་ལྟར་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནི། སྐུ་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད། ས་པ་རི་ཝཱ་ར་ནི་འཁོར་དང་བཅས་པའོ། །བཛྲ་ཨཱ་ལོ་ཀེ་ནི་རྡོ་རྗེའི་མར་མེ་སྟེ། །

p. 547

ལྷ་མོ་ཨཱ་ལོ་ཀེ་མ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཕོ་ཉ་མོ་ཡིན་པར། །དེ་ཉིད་འདུས་པའི་རྒྱུད་ཆེན་པོ་ལས་གསུངས་སོ། པུ་ཛ་ནི་མཆོད་པ། མེ་གྷ་ནི་སྤྲིན། ས་མུ་དྲ་ནི་རྒྱ་མཚོའོ། །སྤ་ར་ཎ་འཕྲོ་བ། ས་མ་ཡེ་དམ་ཚིག །ཨཱཧུཾ་ཞེས་པ། ཨོཾ་སྐུ་དང་ཨཱགསུང་ཧཱུཾ་ཐུགས་ཏེ་རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་ནོ། །དེ་ལྟར་སྔགས་དང་ཚིགས་བཅད་མི་ཤེས་ན། མདོ་ལུགས་ལྟར་སངས་རྒྱས་ལ་འབུལ་ལོ། །ཆོས་ལ་འབུལ་ལོ། །དགེ་འདུན་ལ་འབུལ་ལོ། །ཞེས་སམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །ཞེས་པ་ཙམ་གྱིས་ཆོག་གོ །གལ་ཏེ་འཇིག་རྟེན་གྱི་ཕྱོགས་སྐྱོང་བཅུ་དང་། ཞིང་སྐྱོང་ཉི་ཤུ་རྩ་བཞི་དང་། ལྷ་མ་སྲིན་སྡེ་བརྒྱད་རྣམས་ལ་ཡང་ཕུལ་ན་དགའ་ཞིང་གྲོགས་བྱེད་པར་འགྱུར་ཏེ། དཔུང་བཟང་གིས་ཞུས་པ་སོགས་ནས། བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གསུངས་སོ། །དེ་ཡན་ཆད་ཀྱིས་ཕྱི་པ་ནང་པ། བན་དང་བོན། མདོ་དང་སྔགས། གསར་མ་དང་རྙིང་མ་ཐམས་ཅད་ལ་ཡོངས་སུ་

p. 548

གྲགས་པའི། ཕྱི་རྟེན་འབྲེལ་རྫས་ཀྱི་མར་མེ་ལེགས་པར་བཤད་ཚར་རོ། །གཉིས་པ་ནང་ལུས་ཀྱི་མར་མེ་ལ་མདོ་ལུགས་སྔགས་ལུགས་གཉིས་ལ། མདོ་ལུགས་ནི་སྔོན་སངས་རྒྱས་མར་མེ་མཛད་བྱང་ཆུབ་སེམས་དཔར་གྱུར་པ་ན། སྐུ་ལུས་མར་མེ་མཛད་ཅིང་། སངས་རྒྱས་ནས་དེའི་ལོ་རྒྱུས་བཤད་པས། རྒྱལ་པོ་དད་ནས་རང་གི་ལག་པ་མར་མེར་ཕུལ་བས། ལག་པ་གསེར་དུ་གྱུར་པས་ན། རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བར་གྲགས། སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་དགེ་སློང་དུ་གྱུར་པ་ན། སྐུ་ལུས་ཧྲཱིལ་པོ་མཆོད་རྟེན་གྱི་དྲུང་དུ་མར་མེ་ཕུལ་བ་དང་། ཡང་བཅོམ་ལྡན་འདས་སྔོན་དགེ་སློང་དུ་གྱུར་པ་ན། ཕྱག་མར་མེར་སྦར་ནས་ཚངས་པ་རྣམས་གླིང་བར་མུན་པར་འཁྱམས་པའི་མུན་པ་བསལ་ཚུལ་རྒྱ་ཆེར་སངས་རྒྱས་ཀྱི་སྐྱེས་རབས་ནས་གསུངས་སོ། །དེ་ལ་ལུས་ཧྲཱིལ་པོར་འབུལ་བ་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་མིན་པས་མི་རུང་བར་བཤད་ལ། སོར་མཛུབ་སོགས་འབུལ་བ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་བཟང་པོས་ན་ཚ་ཟིལ་གྱིས་གནོན་ནུས་པ་དགོས་ཀྱི་དེ་མེད་ན་འགྱོད་པ་སྐྱེ་བས་ཆོས་ལམ་དུ་འགྲོ་དཀའོ། །དེ་ཡང་མདོ་ལུགས་གཙོ་བོར་བྱེད་པ་གཅིག་དགོས་ཀྱིས། གསང་

p. 549

སྔགས་བླ་མེད་ཀྱི་རྣལ་འབྱོར་པ་ཡིན་ན་ནི། ལུས་ཧྲཱིལ་པོ་ལྟ་ཅི་སྨོས། སོར་མཛུབ་ཀྱང་འབུལ་མི་རུང་། ཕུལ་ན་རྩ་བའི་ལྟུང་བ་ཡིན་ཏེ། རང་ལུས་ནི་ལྷ་དང་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ལྷ་ལ་གནོད་པ་བྱས་པར་འགྱུར་བའི་ཕྱིར་རོ། །དེས་ན་གསང་སྔགས་བླ་མེད་ལུགས་ལ་ནང་གི་མར་མེ་ནི། ན་རཀ་བསྐང་ཆོག་ལས། གདལ་ཁྱབ་ལྤགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་བཙུགས། །རང་གསལ་བཀྲག་མདངས་སྒྲོན་མེ་སྦར། །ཞེས་གསུངས་ཏེ། ལྤགས་པ་ནི་ཀོང་བུ། རང་བྱུང་ཁྲག་ཆུ་སེར་ཐམས་ཅད་མར་ཁུ། ཤ་དང་རུས་པ་ཐམས་ཅད་སྡོང་བུ། ལུས་ཀྱི་བཀྲག་མདངས་ནི་རང་བྱུང་གི་སྒྲོན་མེ་ཡིན་པས་རང་བྱུང་གི་མར་མེ་འདི་ཉིད་ཡིན་པར་ཤེས་པས། ཕ་རྒྱུད་ལྟར་ན་གསང་འདུས་ལྷ་སོ་གཉིས། མ་རྒྱུད་ལྟར་ན་བདེ་མཆོག་ལྷ་རེ་གཉིས། རྙིང་མ་ལྟར་ན་དམ་པ་རིགས་བརྒྱ་ཐམས་ཅད་རང་གི་ལུས་ལ་རང་བྱུང་གིས་ཡེ་ནས་བཞུགས་པ་ལ་རང་བྱུང་གི་མར་མེའི་མཆོད་པས་ཐུགས་དམ་བསྐངས་ནས། དབང་བཞིའི་དོན་དང་། མཆོག་ཐུན་མོང་གི་དངོས་གྲུབ་རང་བྱུང་དུ་སྩོལ་བའོ། །དེས་མཚོན་ནས་

p. 550

རང་ལུས་ཀྱི་མར་མེ་ལ་རྣམ་གྲངས་དུ་མར་གསུངས་སོ། །གསང་བ་རྩ་རླུང་ཐིག་ལེའི་མར་མེ་ནི། ཨོ་རྒྱན་རིན་པོ་ཆེས། ཨ་ཝ་དྷུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ལྔའི་མར་ཁུ་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་བཙུགས། བྱང་ཆུབ་སེམས་ཀྱི་སྒྲོན་མེ་སྦར། །ཞེས་གསུངས་ཏེ། རྩ་ཨ་བ་དྷུ་ཏི་ནི་རང་བྱུང་གི་ཀོང་བུ། རང་གསལ་འོད་ལྔའི་རང་བཞིན་འབྱུང་བ་ལྔའི་རླུང་དབུ་མར་ཞུགས་པ་རང་བྱུང་གི་མར་ཁུ། སྤྱི་མགྲིན་སྙིང་ལྟེ་བ་གསང་བ། གཙུག་ཏོར་ནོར་བུའི་འཁོར་ལོ་སྟེ། རྩ་འཁོར་ལོ་བདུན་བརྩེགས་བསྒོམ་པ་ནི། རང་བྱུང་གི་སྡོང་བུ་འཁོར་ལོ་བདུན་པོ་ཀུན་བྱང་ཆུབ་ཀྱི་སེམས་ཀྱིས་སྦར་ནས། བདེ་གསལ་རྟོགས་པ་ཟུང་དུ་འཇུག་པའི་དགའ་བ་བཞི་དང་བཅུ་དྲུག་གི་ཡེ་ཤེས་གསལ་བ་ནི། རང་བྱུང་གི་སྒྲོན་མེ་སྟེ། དེ་ལྟར་གསང་བའི་མར་མེ་འབུལ་བ་ནི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་གསང་འདུས་ལྷ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་མ་ཧཱ་མཱ་ཡཱ་ལྷ་ལྔ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་དགྱེས་རྡོར་ལྷ་དགུ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་བདེ་མཆོག་ལྷ་དྲུག་ཅུ་རེ་གཉིས། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན། ཡེ་ཤེས་མགོན་པོའི་ལྷ་ཚོགས་ཐམས་ཅད་

p. 551

རྩ་རླུང་ཐིག་ལེའི་ངོ་བོར་བཞུགས་པ་དང་། རྙིང་མ་ལྟར་ན་འཁོར་ལོ་ལྔའི་རྩ་གནས་ན། རིགས་ལྔ་དཔའ་བོ་དྷཱ་ཀི་དང་། དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་རྩ་རླུང་ཐིག་ལེའི་ཚུལ་དུ་བཞུགས་པ་ལ། དེ་དང་དེར་ཤེས་པས་གསང་བའི་མར་མེ་རང་བྱུང་རང་ལ་འབུལ་བའོ། །དེ་ལྟར་ནང་དང་གསང་བའི་མར་མེ་ཤེས་པར་བྱ་བ་དང་། བསྒོམ་པར་བྱ་བ་ཡིན་ཏེ། མེ་སྦྱར་དགོས་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་མར་མེ་ནི། ཀུན་གཞིའི་རྒྱུད་རང་བྱུང་གི་ཀོང་བུ། ཆོས་དབྱིངས་མཐའ་དབུས་དང་བྲལ་བ་ནི། རང་བྱུང་གི་མར་ཁུ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལམ་རྒྱུད་སྡོང་བུ་རང་བྱུང་། སྐུ་ལྔ་ལྷུན་གྲུབ་སྟེ། མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བའི་མུན་པ་སེལ་བ་ནི་རང་བྱུང་གི་སྒྲོན་མེ་སྟེ། དེ་ལ་དགོངས་ནས་སློབ་དཔོན་པད་མས། ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་བཙུགས། །སྐུ་ལྔ་ལྷུན་གྲུབ་སྒྲོན་མེ་སྦར། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་ཨོ་རྒྱན་རིན་པོ་ཆེས་ན་རཀ་བསྐང་ཆོག་ལས་རྒྱ་ཆེར་གསུངས་སོ། །དེ་ལྟར་མར་མེའི་རྣམ་བཤད་

p. 552

བསྡུས་པ་འདི་ནི། དགེ་སློང་རྡོ་རྗེ་འཛིན་པ་ལྟ་སྒོམ་ལྷུན་གྲུབ། རྣལ་འབྱོར་པ་ཨོ་རྒྱན་རིག་འཛིན་སོགས་ཀྱིས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། ཆུ་སྦྲུལ་གྱི་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་ལ། མིང་ཅན་གྱིས་སྦྱར་བ་ལ། འགལ་འཁྲུལ་ཉེས་པ་གང་མཆིས་བཤགས་ཤིང་། འདི་ལ་བརྟེན་ནས་དགེ་བའི་རྒྱུན་བསམ་གྱིས་མི་ཁྱབ་པ་ཕྱོགས་དུས་ཐམས་ཅད་དུ་འཕེལ་བར་གྱུར་ཅིག །དཔེ་འདི་བྲི་བ་དང་། མིང་ཅན་གྱིས་སྦྱར་བ་ལ། འགལ་མཐའ་ཡས་སོ། །མངྒ་ལཾ། །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ།

p. 553

མར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ་འདི་ལྟར་ཡོད། །

p. 554

བཅོམ་ལྡན་འདས་འོད་མཐའ་ཡས་ལ་ཕྱག་འཚལ་ལོ། །མར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ་ནི་འདི་ལྟ་སྟེ།་མར་མེ་འབུལ་བ་ཞེས་བྱ་བའི་མདོ་ལས། མར་མེ་འབུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནས་ཤི་ནས་མཐོ་རིས་ངེས་འགྲོ་ཤིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་དང་། མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་འདི། །མཆོད་རྟེན་རྣམས་ལ་མཁས་པ་གང་ཞིག་གིས། །མར་མེ་ཕུལ་བར་

p. 555

བྱས་པའི་ལས་དེ་ནི། །བདེ་དང་དོན་དང་རྙེད་པ་མཐའ་ཡས་འཐོབ། །ཅེས་དང་། འཆི་དུས་བྱས་ཚེ་སྡུག་བསྔལ་དེས་མི་མྱོང་། །བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ། །དེ་ལ་འཆི་བའི་འཇིགས་པ་འབྱུང་མི་འགྱུར། །ཞེས་དང་། དྲང་སྲོང་མཆོད་རྟེན་མར་མེ་ཕུལ་བས་ནི། །དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་། །ལྔ་སྟོང་གི་ནི་གཙོ་བོར་དེ་འགྱུར་རོ། །ཞེས་དང་། དེ་བཞིན་དེ་ཡི་མར་མེ་ཕུལ་བའི་འབྲས། །དེ་དང་དེར་ནི་ཚེ་རབས་དེས་དྲན་འགྱུར། །བྱ་བའི་འོས་མིན་ལ་ནི་དེས་མི་སྤྱོད། །གདོན་མི་

p. 556

ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞ་བོར་མི་འགྱུར་ཞིང་། །དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན། །ནད་ཅན་མ་ཡིན་འཇིགས་རུང་དགྲ་ཟླར་མིན། །བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་རོ། །མིག་མེད་པར་ནི་ནམ་ཡང་མི་འགྱུར་ཞིང་། །དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན། །མིག་གཅིག་མ་ཡིན་ཁྲག་ལོང་མིག་མ་ཡིན། །དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར། །མིག་གི་རང་བཞིན་གཞན་ལས་རྣམ་པར་གསལ། །སྲིད་པའི་མིག་ནི་རྣམ་པར་དག་པར་འགྱུར། །ནོར་བུ་འོད་བཟང་ལྟར་ནི་དོན་བཞིན་རྟོགས། །བསྐལ་པ་གྲངས་མེད་དག་ཏུ་ནམ་ཡང་དེའི། །ཤ་ཡི་མིག་ནི་ནམ་ཡང་ཉམས་མི་འགྱུར། །དེ་ལ་མིག་ནད་དག་ནི་མི་འབྱུང་སྟེ། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་འབུལ། །རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། །ཅེས་དང་། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པས། །དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་སྒྱུར་བ་མི་བདག་

p. 557

སྟོབས་ཆེན་ལྡན། །ཡིད་འོང་གཟུགས་བཟང་བལྟ་ན་དགའ་བར་འགྱུར། །དེ་ཡི་ལས་བྱས་པ་དེས་ཚེ་རིང་འགྱུར། །གཅིག་ཏུ་དག་པ་ཉིད་དུ་བདེ་དང་ལྡན། །དེ་ཡི་ལུས་ཀྱིས་ནད་ཀྱི་སྨྱོན་མི་སྟོན། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །བདེ་བར་གཤེགས་ལ་མར་མེས་མཆོད་བྱས་པས། །།རྐུན་པོའི་ནད་མེད་རྒྱལ་པོའི་ཆད་པ་མེད། །གཤེད་མ་མེད་ཅིང་ཆུང་མར་བྱི་ཕོ་མེད། །དེ་ཡི་ལུས་ཀྱིས་ནམ་ཡང་རྩོད་མི་འགྱུར། །བདེ་ཞིང་ལོ་ལེགས་གང་དུ་འཇིགས་པ་མེད། །རྟག་ཏུ་འབྱོར་ཞིང་ལེགས་འབྱོར་ནོར་འབྲུ་ལྡན། །དེ་ཡི་སྐྱེད་མོས་ཚལ་མཆོག་ཕྲེང་བ་དང་། །ཚལ་དང་ཤིང་ཕྲན་ལོ་མ་སྣ་ཚོགས་བརྒྱན། །དེ་ཡིས་འཇིག་རྟེན་གཙོ་བོ་སངས་རྒྱས་མཐོང་། །མཐོང་ནས་ཀྱང་ནི་ཤིན་ཏུ་དགའ་འགྱུར་ཏེ། །དེ་དག་རྣམས་ལ་གུས་པས་དེ་མཆོད་བྱེད། །རྒྱལ་སྲིད་སྤངས་ནས་དགེ་སློང་ཉིད་ལ་སྟེ། །བསྔགས་པ་མཐའ་ཡས་གཟིགས་པ་མཐའ་ཡས་ཤིང་། །མཐའ་ཡས་བློ་ལྡན་བདེར་གཤེགས་མཆོད་རྟེན་ལ། །མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། །མར་མེ་བཞིན་དུ་ཕྱོགས་རྣམས་ཀུན་ཏུ་གསལ། །མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། །མཆོད་རྟེན་གསལ་

p. 558

བྱས་རྣམ་དག་མིག་གིས་ནི། །བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས། །ཕྱོགས་བཅུ་ཀུན་ཏུ་མར་མེ་བཞིན་དུ་གསལ། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན། །རྣམ་རོལ་བློ་ལྡན་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཡང་འཕགས་པ་སྤྱན་རེས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ནས། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ནས། །དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལེགས་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །ཞེས་གསུངས་སོ། །གཞན་ཡང་མར་མེ་འབུལ་བའི་མདོ་ལས། མར་མེའི་ཕན་ཡོན་མཐའ་ཡས་པ་

p. 559

གསུངས་པའི་དོན་བསྡུས་ཏེ། དོན་གོ་བདེ་ཞིང་ཚིག་ཉུང་ངུར་བསྡུས་ཏེ་བཤད་པ་ནི་འདི་ལྟ་སྟེ། ཚེ་འདིར་སེམས་ལ་ངེས་པ་གསུམ་ཐོབ་སྟེ།་ལོངས་སྤྱོད་སྙིང་པོ་མེད་པ་ལ་སྙིང་པོ་ལེན་སྙམ་པ་དང་། བདག་ངན་སོང་སྤང་སྟེ་མཐོ་རིས་སམ་ས་བཅུ་ཐོབ་སྙམ་པ་དང་། བདག་གིས་བསོད་ནམས་བྱས་ལ་སེར་སྣ་སྤང་སྙམ་པའོ། །འཆི་དུས་སྣང་བ་གསུམ་འཐོབ་སྟེ། དགེ་བ་དེ་དྲན་པ་དང་། དེ་སངས་རྒྱས་རྗེས་སུ་དྲན་པ་དང་། བདག་ཉིད་མར་མེ་ཕུལ་ལོ། །ཕྱིས་སྦྱིན་པ་བྱའོ་སྙམ་མོ། །ཡང་འཆི་དུས་སྣང་བ་བཞི་ཐོབ་སྟེ། མདུན་དུ་ཉི་མ་དང་ཟླ་བ་དང་ལྷའི་འཁོར་དང་། སངས་རྒྱས་མཐོང་སྟེ་དེ་ལ་རང་གིས་གུས་པས་ཐལ་མོ་སྦྱར་བ་མཐོང་ངོ་། །འཆི་དུས་དྲན་པ་མི་ཉམས་ཤིང་རྨོངས་བར་མི་འགྱུར་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེའོ། །དེ་ནས་ཚེ་འཕོས་ནས་མིར་སྐྱེ་སྟེ། སངས་རྒྱས་འབྱུང་བ་དང་འཕྲད་ནས། ཚེ་རབས་དྲན་ཅིང་རབ་ཏུ་བྱུང་ཞིང་སངས་རྒྱས་མཆོད་དོ། །སྐྱེ་བ་ཀུན་ཏུ་རིགས་བཟང་། གཟུགས་མཛེས་སུས་ཀྱང་དེ་ལ་བསམ་ངན་མི་བྱེད། ནད་དང་སྡུག་བསྔལ་དང་རྨི་ལམ་ངན་པ་མི་འབྱུང་ངོ་། །ཡོངས་སུ་དག་པ་བཞི་ཐོབ་སྟེ། ལུས་དག་པ་རྩ་བཞི་

p. 560

ཆང་ལྔ་སྤོང་བར་འགྱུར། ངག་གིས་རྫུན་སྨྲ་བ་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་སྤོང་བར་འགྱུར། ཡིད་དག་པ་བརྣབ་སེམས་གནོད་སེམས་ལོག་ལྟ་སྤོང་བར་འགྱུར། བག་མེད་པ་དང་ཆང་སྤོང་བར་འགྱུར། སངས་རྒྱས་དང་ཉན་ཐོས་ལ་བསྙེན་བཀུར་བྱེད་པར་འགྱུར། ཡང་འདུན་པར་འགྱུར་བའི་ཆོས་བརྒྱད་ཐོབ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཚུལ་ཁྲིམས་ཉམས་པ་མེད་པ་དང་། མཐོ་རིས་ཀྱི་ལུས་དང་། དལ་བ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། །བརྒྱ་བྱིན་དང་། ཚངས་པའི་ལུས་ཐོབ་པར་འགྱུར། ཡང་ཕན་ཡོན་བརྒྱད་འཐོབ་སྟེ། སངས་རྒྱས་ཀྱི་སྤོབས་པ་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། སེམས་ཅན་གྱི་སེམས་ཤེས་པ་དང་། བསམ་གཏན་དཔག་ཏུ་མེད་པ་དེ་འཇུག་པ་ཐོབ་བོ། །དེ་ཡང་མན་ངག་ནི། རང་སངས་རྒྱས་ཐོབ་འདོད་པས་རང་རྒྱལ་ལ་མར་མེ་རི་རབ་ཙམ་ཕྱོགས་ཀུན་ཏུ་བསྐལ་པ་བརྒྱར་ཕུལ་བ་བས། བྱང་ཆུབ་ཐོབ་འདོད་པས་རྩྭ་ཐུར་གཅིག་སྦྱར་ན་བསོད་ནམས་ཆེའོ། །སངས་

p. 561

རྒྱས་ཐོབ་པའི་ཆེད་དུ་སངས་རྒྱས་ལ་དམིགས་ནས་མར་མེ་ཕུལ་བའི་བསོད་ནམས་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ། ཅུང་ཟད་གློག་གི་ཡུན་ཙམ་མཆོད་རྟེན་གྱི་ཐེམ་སྐས་གཅིག་སྣང་བར་བྱེད་པའི་བསོད་ནམས་ནི་ཉན་རང་རྣམས་ཀྱིས་སྟོན་པར་མི་ནུས་དད་གུས་གཡོ་སྒྱུ་མེད་པས་སངས་རྒྱས་ལ་དད་ནས་མར་མེ་ཆུང་ངུ་ཙམ་བྱས་ནས། སངས་རྒྱས་ཀྱི་མཆོད་རྟེན་ཐེམ་སྐས་ཙམ་སྣང་ནས་སམ། མིག་ཚ་བཙུམ་ཙམ་དུ་མཆོད་རྟེན་སྣང་བར་བྱེད་ན། དེའི་བསོད་ནམས་སངས་རྒྱས་མ་གཏོགས་སུས་ཀྱང་སྟོན་པར་མི་ནུས་ཏེ་དཔག་ཏུ་མེད་པར་གསུངས་སོ། །དེ་དག་ཚིག་ལྷུག་པ་རྣམས་ནི་མར་མེ་འབུལ་བའི་མདོའི་དོན་བསྡུས་ཡིན་ལ། གཞན་ཡང་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་ཀྱང་། དཔེ་མེད་མཆོད་ཕྱིར་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་བྱེ་འདྲ་བའི་མིག །གསལ་ཞིང་སྡུག་ལ་མིག་གིས་དཀྱུས་རིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །ཞེས་སོགས་གསུངས་ལ། སངས་རྒྱས་ལ་དངོས་སུ་མཆོད་པ་དང་། དངོས་སུ་མི་བཞུགས་ཀྱང་དམིགས་ནས་ཕུལ་བ་བསོད་ནམས་མཉམ་པར་གསུངས་ཤིང་། མར་མེ་ལ་འཇུག་པའི་བགེགས་བསྐྲད་པ་ནི། མར་

p. 562

མེ་གཅིག་སྦར་བའི་སྟེང་ནས་དཀར་ཆུང་གཅིག་མགོ་ཐུར་དུ་སྦྱོར་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་མང་དུ་བརྗོད་ཅིང་དཀར་ཆུང་དེ་མགོ་ཐུར་དུ་མར་ལ་སྔགས་བརྗོད་ཅིང་ཡུངས་ཀར་བྲབ་པས་ཕྱིན་ཆད་བགེགས་མི་འཇུག་པར་གསུངས་སོ། །མར་མེ་ལ་ཕྱི་ནང་གསང་བ་དེ་ཁོ་ནའི་མར་མེ་ཞི་ཁྲོ་སོགས་ནས་གསུངས་ཀྱང་། མདོ་ལས་གསུངས་པའི་ཕན་ཡོན་འདི་དག་ཕྱིའི་མར་མེ་འདི་ཁོ་ནའི་ཕན་ཡོན་ཡིན་པར་ངེས་སོ། །ཞེས་ཨ་རཱ་གས་འཕྲལ་དུ་བསྡུས་ཏེ་བྲིས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་ཚོགས་དང་བཅས་པ་དུས་མིན་འཆི་བཟློག

p. 563

ཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་ཚོགས་དང་བཅས་པ་དུས་མིན་འཆི་བཟློག་བྱ་བ་བཞུགས་སོ། །

p. 564

ན་མོ་ཨཱ་ཡུཿཛྙཱ་ན་ཡེ། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ནས། ཚེ་ཐར་བཤད་པ་ཅུང་ཟད་འདིར་བརྗོད་བྱ། དེ་ལ་ཚེ་ཐར་འདི་ལ་མདོ་ལུགས་དང་སྔགས་ལུགས་གཉིས་ཡོད་དེ། མདོ་ལུགས་ནི་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའ་གྱུར་པའི་ཚེ་དོམ་དུ་སྐྱེ་བ་བཞེས་ཏེ། དེར་མི་ཞིག་བྲག་ཕུག་དོམ་གྱི་ཚང་ཡོད་སར་ཉལ་བས། ཁ་བས་ལམ་བཅད་དོམ་དེས་མི་མ་བསད་པར་ཚེ་ཐར་བྱས་ནས་ཤིང་ཐོག་བྱིན་ཏེ་གསོས་ནས། ཁ་བ་ཞུ་བ་དང་ལམ་བསྟན་ཏེ་བཏང་བའི་ལོ་རྒྱུས་དང་། ཡང་བཅོམ་ལྡན་འདས་སེང་གེར་སྐྱེ་བ་བླངས་པའི་ཚེ་རྔོན་པས་དུག་མདའ་

p. 565

བསྣུན་པ་ན། སེང་གེས་རྔོན་པ་དེ་གསོད་ཐུབ་ཀྱང་མ་བསད་པར་ཚེ་ཐར་བྱས་པ་དང་། ཡང་བཅོམ་ལྡན་འདས་སྤྲེའུར་སྐྱེས་པའི་དུས་། མི་ཞིག་གཡང་ལ་ལྷུང་ནས་བྲག་འཁྲིལ་མི་ཐར་ས་ཞིག་ཏུ་ཚུད་ནས་འཆི་ལ་ཐུག་ཚེ་ཤིང་གི་ཡལ་ག་བརྐྱངས་ནས་དེ་ལ་འཇུས་ནས་གཡང་ལ་མ་ལྷུང་ནས་ཚེ་ཐར་བ་སོགས་མདོ་རྒྱུད་ལས་རྒྱ་ཆེར་གསུངས་སོ། །གསང་སྔགས་ལུགས་ལའང་དུད་འགྲོ་རྟ་ཕྱུགས་གཡུང་དྭགས་སོགས་སྲོག་ཆགས་རྣམས་མགོན་པོའི་རྟེན་འབུལ་བསྐང་རྫས་སུ་ཚེ་ཐར་བྱས་ནས་འབུལ་བ་ཕན་ཡོན་སོགས་ཀྱི་ལུང་ནི། ༈ འཁོར་ལོ་རིམ་གསུམ་གསེར་གྱིས་བྲི། །དབང་

p. 566

བསྐུར་རབ་གནས་བྱས་ནས་ནི། །དེ་ཡི་སྐེ་ལ་བཏགས་གྱུར་ན། །མགུ་ཞིང་ལས་རྣམས་བྱེད་པ་ལྟར། །ཞེས་དང་། བྱ་རོག་གདོང་གི་རྒྱུད་ལས། ཕྱི་རྟེན་ལུག་ནག་གཡག་ནག་དང་། །སྙིང་པོ་བྲིས་ཏེ་རྟེན་དུ་བཅའ། །རྔ་མ་སྔོ་དམར་མེ་ལོང་བརྒྱན། །ཞེས་དང་། འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྟ་ནག་ཁྱི་ནག་ལུག་ནག་གསུམ། །ཆོས་སྐྱོང་བླ་རྡོའི་དམ་ཚིག་ཡིན། །ཅེས་གསུངས་པ་སོགས། ལྷ་སོ་སོའི་རྒྱུད་སྒྲུབ་ཐབས་སུ་འབྱུང་བ་ལྟར་ལྷ་སོ་སོའི་ཁ་དོག་དང་མཐུན་པར་གཡུང་དྭགས་རྣམས་ཚེ་ཐར་བྱས་ལ། རབ་ལྷ་སོ་སོའི་སྲོག་འཁོར་བཏགས། འབྲིང་སྔགས་ཀྱི་ཤོག་དྲིལ་བཏགས། ཐ་མ་ལྷ་སོ་སོའི་གཟུངས་སྔགས་བཟླས་པ་སྲུང་སྐུད་བཏགས། རྭ་ཅོ་དམར་པོ་བྱ། །དར་ཚོན་དང་རྔ་མ་སྔོ་དམར་གྱིས་བརྒྱན་ནས། རྣམ་འཇོམས་གཟུངས་ཆུས་བྲན་པས་ཁྲུས་བྱ། དེ་ནས་ནང་མཆོད་ཀྱིས་བྲན་ལ་ལྷ་སོ་སོའི་ལས་བྱང་བཏང་ལ་ལྷ་ཁྱེད་རྟེན་འདི་ལ་བརྟན་ཆོས་ལ་བདག་ཅག་མི་ནོར་འཁོར་བཅས་སྲུང་བ་དང་། སྡོང་གྲོགས་མེལ་ཚེ་མཛོད་ཅེས་བཀའ་བསྒོ། གཏོར་མར་གྱི་སྲུང་སྐུད་གཏོར་ཟན་བྱིན། དེ་ནས་ལོ་དུས་སུ་དེ་ལྟར་ཐོན་ན་ཡང་

p. 567

ལེགས་ཏེ། དུད་འགྲོ་དེ་ལ་ཁལ་མི་འགེལ། འགེལ་དགོས་བྱུང་ན་ཡང་ལུད་དང་མི་གཙང་བ་མི་འགེལ། མི་ཞོན། གལ་ཏེ་ཞོན་ན་ཡང་དམེ་ཕོ་ཡུགས་ས་མཛེ་ཕོ་དམ་ཉམས་སོགས་གྲིབ་ཅན་མི་བསྐྱོན། སྤྱི་དང་རྩིད་པ་མི་བྲེག་གོ །དེ་ལྟར་བྱས་པས་ལྷ་གང་ཡིན་དེ་རང་བཞིན་ཤུགས་ཀྱིས་འཁོར་ནས། མི་ནོར་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད་དོ། །གསུམ་པ་བསྐང་རྫས་སུ་བཤམས་པའི་ཚེ་ཐར་བྱ་བའི་ལུང་ནི་སྤུ་གྲི་ཀླད་གཟེར་དངོས་གྲུབ་འབྱུང་བའི་རྒྱུད་ལས། དེ་ནས་ལུས་ཀྱི་འཁོར་རྣམས་ཀྱི། །རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །བསྐང་དང་བཤགས་པ་ཅི་ལྟར་ལགས། །ཞེས་གསོལ་བ་དང་། རྡོ་རྗེ་སྲིན་པོས་བཀའ་སྩལ་པ། ཐུགས་དང་འགལ་འཁྲུལ་མཆིས་ན་ཡང་། །བསྐང་ཞིང་བཤགས་པ་འདི་ལྟར་ཏེ། །ཕྱི་རུ་གཡག་དང་ལུག་གིས་བསྐང་། །ཞེས་དང་། ཁྱེད་དང་མཐུན་པའི་དམ་རྫས་ནི། །གཡག་ལུག་ནག་པོ་མར་གྱིས་བྱུགས། །དར་ནག་རུ་མཚོན་རྭ་རྣམས་རྒྱན། །ཅེས་དང་། དགོངས་འདུས་མདངས་བསྐང་ལས། ཟ་ལེ་འབྲི་དང་ཤེལ་སྒོང་ལུག །ཙ་ར་མཁའ་ལྡིང་ནག་པོའི་མདངས། །ཞེས་བསྐང་རྫ་ས་སུ་གསུངས་པ་དང་། བཀའ་

p. 568

བརྒྱད་མདངས་བསྐང་ཡང་དེ་དང་མཚུངས་ལ། ཞི་བའི་བསྐང་བ་དྲི་མེད་རབ་གསལ་ལས། ཟ་ལེ་འབྲི་དང་ཤེལ་སྒོང་ལུག །མཁའ་ལྡིང་ནག་པོ་ཙ་ར་ར། །ཞེས་དང་། དྲག་པོའི་བསྐང་བ་ལས། བྱ་ནག་རི་དམར་ལུག་ནག་དང་། །ཁྱི་ནག་ར་ནག་ཟ་ལེ་འབྲི། །ཞེས་དང་། མ་མགོན་གཉིས་ཀྱི་བསྐང་གསོ་རིན་ཆེན་ཀརྨ་པས་མཛད་པ་ལས་ཀྱང་། ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །ཞེས་གསུངས་པ་དང་། གཞན་ཡང་བསྐང་བའི་གཞུང་ཐམས་ཅད་ནས་བཤད་ཅིང་། ཁྱད་པར་བསྐང་རྒྱུད་ཀྱི་འགྲེལ་པར། ལུག་ལ་ཤེས་ཆད་དང་། ར་ལ་ཙ་ར། འབྲི་ལ་ཟ་ལེ་སོགས་ཀྱི་བརྡའི་སྐད་ཀྱིས་གསུངས་སོ། །དེ་ལྟར་སྲོག་ཆགས་དེ་དག་དར་སྣ་དང་རྔ་ཚོན་བརྒྱན། གཟུངས་ཆུས་བསངས། བདུད་རྩིས་བྲན་ལ་བསྐང་བ་རྣམས་གྱེར་ནས།། ཚེ་ཐར་བྱ་བ་ནི་མདངས་བསྐང་སྟེ། ཉམས་ཆག་བསྐང་ཞིང་རྐྱེན་འོང་བཟློག་གོ །བཞི་པ་དཀོར་ནོར་དུ་འབུལ་བའི་ཚེ་ཐར་ལུང་ནི། རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །གཡག་ནག་རུ་སྔོན་སྤྱི་ཞོལ་བརྗིད་ཅིང་ཆེ། །ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་ཚོགས། །ལུག་ནག་རྒྱུན་ལྡན་ཚོགས་རྣམས་འབུལ་བར་བགྱི། །ཞེས་

p. 569

གསུངས་པ་དང་། ལེགས་ལྡན་ནག་པོའི་ཆོས་རབ་ལས། འཇིག་རྟེན་ལྷའི་མིང་རྣམས་སྨོས་ནས། །གཡག་དཀར་ལུག་དཀར་རི་དཀར་དང་། །བྱ་དཀར་མཐུན་པའི་དམ་རྫ་ས་འབུལ། །ཞེས་གསུངས་སོ། །དེ་ལ་ལྷ་སོ་སོའི་རིགས་དང་མཐུན་པའི་སྤུ་ཅན་གྱི་གཡུང་དྭགས་དར་སྣ་རྔ་མ་སོགས་ཀྱིས་རྩེན་ལ། ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་སོ་སོ་ལ་ཕུལ་ན་ཕྲིན་ལས་གང་བཅོལ་འགྲུབ་ཅིང་། སོ་སོའི་དངོས་གྲུབ་འབྱུང་བ་དང་ཁ་འཛིན་སྡོང་གྲོགས་བྱེད་དོ། །ལྔ་པ་སྲོག་བླུ་བཏང་བའི་ཚེ་ཐར་ནི། སུན་ཟློག་གི་བསྐང་བ་གླུད་བརྗེ་སྐག་ཟློག་འདོན་པའི་སྒྱུར་དང་། གཟའ་མདོས་ཀྱི་གཟའ་ཁ་ཡོ་བའི་ར་ལུག་དང་། དམ་ཅན་འཁྲུགས་བསྐང་གི་ར་འབུལ་ཡིན་ཏེ། བསྐང་བ་གླུད་བརྗེ་སྐག་བསྒྱུར་ལས། སེམས་ཅན་འདི་ཡི་མགོ་བོ་དང་། །ཡོན་བདག་མགོ་བོ་བརྗེ་སྲོལ་མཛོད། །ནད་འདི་སོལ་ལ་རྐྱེན་འདི་ཟློག །འཆི་ལྟས་ངན་པ་བསྒྱུར་དུ་གསོལ། །ཞེས་དང་། གཟའ་ཁ་སྤོ་བ་ལས་གཟའ་འབེབས་ན་ར་ལ་འབེབས། འགྲོལ་ན་ལུག་ལ་འགྲོལ། ཞེས་དང་། དམ་ཅན་འཁྲུགས་བསྐང་གི་ར་འབུལ་ལས། བཀྲེས་ན་གསོལ་བའི་ཟས་སུ་འབུལ། །ཞེས་གསུངས་

p. 570

པས། ལྷ་འདྲེ་གླུད་བུ་ལོན་ལན་ཆགས་སུ་འཇལ། ཕོག་ཐུག་བྱུང་བའི་ཆས་སུ་འཇལ་བ་ཡིན་ནོ། །དེ་ནས་བླ་མ་དང་ཡོན་བདག་སུས་འཚག་ཀྱང་ནོར་བཅོལ་ཉ་ར་བྱེད་པ་ལྟར། ཚེ་ཐར་བྱེད་དགོས་གལ་ཏེ་བཤས་ན་ནི། བུ་ལོན་འཇལ་བའི་ནོར་བཤས་ནས་ཟོས་ན་བུ་ལོན་འཇལ་ཝིག་དགོས་པ་དང་། དཔོན་ལ་ཆད་པ་འཇལ་བའམ་ཁ་མཆུ་ལ་འཇལ་བའི་ནོར་བཤས་ནས་ཟོས་ན་ཁ་མཆུ་ལོག་པ་དང་འདྲ་བས་ཤིན་ཏུ་མི་རུང་ངོ་། །གལ་ཏེ་ཡོན་བདག་གིས་བཤས་ན་སྲོག་བཅད་པས་ཚེ་རིང་བར་མི་སྲིད་པ་དང་། ལྷ་འདྲེ་ལ་སྦྱིན་འཕྲོག་བྱས་པས་སླར་ཕོག་ཐུག་འོང་ལ། བླ་མཆོད་ཀྱི་ཁྲིད་ནས་བཤས་ན་ལྷ་འདྲེའི་ནོར་འཕྲོག་པས་བླ་མཆོད་དེ་ལྷ་འདྲེ་དང་འགྲས་ནས་གོད་ཀ་ལྡང་བ་དང་དབུལ་པོར་འགྱུར་རོ། །དེ་ལྟར་ཚེ་ཐར་གྱི་དབྱེ་བ་བཤད་ནས་ཕན་ཡོན་ནི། སྤྱིར་སྲོག་གཅོད་པ་སྤངས་བ་ནི་དགེ་བ་བཅུའི་དང་པོ་ཡིན་ཅིང་། སྲོག་གཅོད་སྤོང་བ་ལ་ཡང་སྤྱིར་སྲོག་གཅོད་ཐམས་ཅད་སྤོང་བ་དང་། བྱེ་བྲག་རེ་རེ་ནས་སྤོང་བ་གཉིས་ཡོད་པ་ལས། ཚེ་ཐར་ནི་སེམས་ཅན་རེ་རེའི་སྲོག་གཅོད་སྤོང་བ་ཡིན། སྲོག་གཅོད་སྤོང་བའི་ཕན་ཡོན་མདོ་དྲན་པ་ཉེར་བཞག་ནས་གསུངས་པའི་དམ་ཚིག་ཉུང་ངུར་བསྡུས་

p. 571

ན། དེ་མི་འཇིགས་པའི་སྦྱིན་པར་འགྱུར་བ་དང་། ཚེ་རིང་བ་དང་། ཚེ་འདིར་གཞན་གྱིས་བསྟོད་པ་དང་། མདོག་དང་དབང་པོ་གསལ་བ་དང་། ཚེ་རིང་པོར་ཐུབ་པ་དང་། ལྷ་སྲིན་རྣམས་ཀྱིས་བསྲུང་བ་དང་། ལྷ་རྣམས་ཕྱི་བཞིན་འབྲང་ཞིང་བསྲུང་བ་དང་། ཕྱི་མ་མཐོ་རིས་སུ་སྐྱེ་བ་དང་། སྲོག་བྱིན་པས་སྦྱིན་པའི་མཆོག་ཏུ་འགྱུར་བ་དང་། མཐར་ཐུག་ཉན་ཐོས་སམ་རང་སངས་རྒྱས་རྫོགས་པའི་བྱང་ཆུབ་སྟེ་སྨོན་ལམ་གང་བཏབ་པ་དེ་ཐེབས་པར་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་ཀྱང་། སྲོག་གཅོད་སྤང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ཏེ། སྐྲག་པར་མི་བྱེད་འཁྲུགས་པར་མི་བྱེད་སྤུ་ཟིང་ཞེས་འགྱུར་བར་མི་བྱེད་དོ། །དེ་དགེ་བའི་རྩ་བ་ལས་ཀྱི་རྣམ་པར་སྨིན་པ་དང་དེ་སྲོག་གཅོད་པ་སྤོང་བའི་འཁོར་དེས་སྔོན་གྱི་མཐའི་མུ་ནས་འགྲོ་བ་ལྔའི་འཁོར་ལོར་ཞུགས་ཤིང་། འཁོར་བའི་ཆུ་བོས་ཁྱེར་ནས་སྲོག་གཅོད་པའི་རྒྱུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་བྱས་པ་དང་། བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་གང་ཡིན་པ་ཐམས་ཅད་འཇོམས་

p. 572

ཏེ། མ་ལུས་པར་རྣམ་པར་སྨིན་པར་འགྱུར་བར་བྱེད་དོ། །དེ་ལ་རིས་མཐུན་པའི་ལྷ་རྣམས་དགའ་བར་འགྱུར་རོ། །ནད་མེད་པ་དང་ཚེ་རིང་བར་འགྱུར་རོ། །ཞེས་གསུངས། དེས་ན་ཚེ་ཐར་བཏང་བས་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཁྱད་པར་སྔར་བཤའ་བསད་མང་པོ་བྱས་པ་ལ་ཕྱིས་ཚེ་ཐར་མང་པོ་བཏང་བས་སྡིག་པ་དག་པ་ཡིན་ནོ། །སྲོག་གཅོད་སྤོང་བ་དགེ་བ་བཅུའི་དང་པོ་ཡིན་ལ། ཚེ་ཐར་ནི་དོན་སེམས་ཅན་སྲོག་གཅོད་སྤོང་བ་ཡིན་པས། དེའི་དགེ་བས་བདེ་འགྲོ་མཐོ་རིས་སྐྱེ་བ་ཀུན་ཏུ་ཐོགས་ཏེ། རིན་ཆེན་ཕྲེང་བ་ལས། དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །དགེ་བ་སྲོག་མ་བཅད་ཚེ་ཐར་བཏང་བ་དེའི་རྣམ་སྨིན་གྱི་འབྲས་བུ་ངན་སོང་སྤངས་ནས་མཐོ་རིས་ཐོབ་སྟེ། ཀླུ་སྒྲུབ་ཀྱི་ཞལ་ནས། ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པར་འཐོབ། །ཅེས་གསུངས་སོ། ཚེ་ཐར་བྱས་ནས་སེམས་ཅན་དེའི་སྲོག་བཅད་པའི་རྒྱུ་མཐུན་གྱི་འབྲས་བུ་སྐྱེ་བ་ཀུན་ཏུ་ཚེ་རིང་བར་འགྱུར་རོ། བྱེད་པ་རྒྱུ་མཐུན་སྐྱེ་བ་ཐམས་ཅད་དུ་སྲོག་

p. 573

གཅོད་པ་ལ་མི་མོས་ཤིང་སྲོག་མི་གཅོད་པར་འགྱུར་བ་དང་། བདག་སེམས་ཅན་དབང་གི་འབྲས་བུ་ནི་ཡུལ་གཟི་མདངས་ཅན་དུ་སྐྱེ་བ་སྟེ། སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་གྱུར་པ། །དེ་དང་དེར་ཤི་བསོད་ནམས་ཏེ། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་སོ། །སེམས་ཅན་མ་བསད་པར་ཚེ་ཐར་བྱས་པ་དེ་ནི་བྱམས་པའི་སྦྱིན་པ་སྟེ། བྱམས་པའི་ཕན་ཡོན་ནི། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་མཆོད་པ་སྣ་ཚོགས་ཀྱིས་བཀང་སྟེ་སངས་རྒྱས་རྣམས་ལ་ཉིན་རེ་བཞིན་དུ་འབུལ་བ་བས།། སེམས་ཅན་ཐམས་ཅད་ལ་བྱམས་པ་ཡུད་ཙམ་བསྒོམ་པ་ཕན་ཡོན་ཆེ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། བྱེ་བ་ཁྲག་ཁྲིག་བལྟམས་པའི་ཞིང་དག་ན། །མཆོད་པའི་རྣམ་པ་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་དང་། སེམས་ཅན་གསོད་པ་ལ་སྙིང་རྗེ་ནས་ཚེ་ཐར་བྱས་པ་ནི་སྙིང་རྗེ་ཡིན་ལ། སྙིང་རྗེ་ནི་སངས་རྒྱས་ཐོབ་པ་ལ་དང་པོ་གལ་ཆེ་བ་ས་བོན་དང་འདྲ། བར་དུ་གལ་ཆེ་བ་ཆུ་ལུད་དང་འདྲ། ཐ་མ་གལ་ཆེ་བ་སྟོན་ཐོག་ཕུན་སུམ་

p. 574

ཚོགས་པ་དང་འདྲ་སྟེ། འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་པ་དང་། སྲོག་བྱིན་པ་ནི་སྦྱིན་པའི་མཆོག་ཡིན་པས། སྡུད་པ་ལས། བྱང་ཆུབ་སེམས་དཔའ་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དེ་བཞིན་དབུལ་བ་དང་ནི་ཡིད་མི་བདེ་བ་ཐམས་ཅད་སེལ། །ཞེས་གསུངས་པས། ཚེ་ཐར་བྱས་ན་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པ་དང་། ཚེ་རབས་ཐམས་ཅད་དུ་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་དང་། བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། ཞེས་གསུངས་པ་ལྟར། སེམས་ཅན་དེ་གསོད་མི་བཅུག་པར་གནས་སྐབས་སུ་བདེ་བར་འདོད་པ་ནི་བྱམས་པ། སེམས་ཅན་གསོད་པ་དེ་སྙིང་རྗེ་བས་མི་གསོད་ཚེ་ཐར་བྱེད་པ་ནི་སྙིང་རྗེ། །འདི་དགེ་བའི་དངོས་པོ་ཚེ་ཐར་བྱས་པའི་ཕན་ཡོན་ཡོད་སྙམ་པ་ཡིས་དགའ་ན་དགའ་བ། འདི་ནི་ཤ་ཟའོ་ཚིལ་ལྡན་ནོ་ཁྲག་འཐུང་ངོ་རུས་པ་དང་རྐང་ལྡག་གོ །ནང་ཆ་ཟའོ་པགས་པ་གྱོན་ནོ་སྙམ་དུ་

p. 575

རྣམ་རྟོག་ངན་པ་མང་པོ་མི་སྐྱེ་བ་ནི་བཏང་སྙོམས་ཏེ། ཚངས་པའི་གནས་བཞི་ཡང་ཚེ་ཐར་ལ་ཚང་ངོ་། ཚངས་པའི་གནས་བཞི་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་སྤྱོད་པ། །ཞེས་གསུངས་པ་ལྟར། གསོད་འོས་པའི་སེམས་ཅན་དེ་ལ་སྲོག་སྦྱིན་པ་ནི་མཁོ་བ་སྦྱིན་པའོ། །ཚེ་ཐར་དེ་ལ་འདི་ཚེ་ཐར་ཡིན་ནོ་ཞེས་མིང་བཟང་པོ་བཏགས་པ་ནི་སྙན་པར་སྨྲ་བའོ། །དེ་ལྟར་མིང་བཏགས་པ་དང་མཐུན་པར་དུས་ནམ་ཡང་མི་བཤའ་བ་ནི་དོན་མཐུན་པའོ། །དེ་འཚོ་སྐྱོང་གསོ་གསན་བྱེད་པ་གདུལ་བྱ་དུད་འགྲོ་དེའི་དོན་སྤྱོད་པ་སྟེ། བསྡུ་བའི་དངོས་པོ་བཞི་ཡང་ཚེ་ཐར་ལ་ཚང་ཞིང་བསྡུ་དངོས་བཞི་ནི། འགྲོ་དོན་གྱི་རྩ་བ་ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག །ཅེས་གསུངས་པ་ལྟར། སྲོག་བྱིན་པ་ནི་སྦྱིན་པའོ། །སྲོག་གཅོད་པ་སྤོང་བ་ནི་ཚུལ་ཁྲིམས་སོ། །དེའི་ཤ་དང་ལྤགས་པ་ལོངས་སྤྱོད་རྒྱུ་མེད་པར་བྱེད་པ་ནི་བཟོད་པའོ། །དེའི་འཚོ་སྐྱོང་གསོ་གསན་ལ་བརྩོན་པ་ནི་བརྩོན་འགྲུས་སོ། །འདི་བཤའ་མི་རུང་ཚེ་ཐར་ཡིན་ནོ་

p. 576

སྙམ་པ་ནི་དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ། །དེ་བསད་ན་ཉེས་པ་ཆེ་བར་ཤེས། ཚེ་ཐར་བྱས་ན་ཕན་ཡོན་ཆེ་བར་ཤེས་པ་ནི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག །ཀྱང་ཚེ་ཐར་ལ་ཚང་ངོ་། །ཕར་ཕྱིན་དྲུག་ནི་སངས་རྒྱས་ཐོབ་པའི་ལམ་གྱི་དངོས་གཞི་ཡིན་ནོ། །དད་དང་ཚུལ་ཁྲིམས་ཐོས་དང་བཏང་བ་དང་། །ཤེས་རབ་ཁྲེལ་ཡོད་ངོ་ཚ་ཤེས་པ་སྟེ། །ཞེས་གསུངས་པ་ལྟར། ཚེ་ཐར་བྱས་པའི་ཕན་ཡོན་ལ་ཡིད་ཆེས་པའི་དད་པའམ། ལྷ་ལ་དད་པ་བརྩོན་པ་ནི་དང་བ། སེམས་ཅན་དེའི་སྲོག་གཅོད་སྤོང་བ་ནི་ཚུལ་ཁྲིམས་སམ་སྲོག་བཅད་པ་ནི་ཉེས་དམིགས་དང་ཚེ་ཐར་བྱས་པའི་ཕན་ཡོན་ཐོས་པ་ནི་ཐོས་པ། སྲོག་བྱིན་མ་སྦྱིན་པ་བཏང་བའི་མཆོག་ཡིན་པ་དང་། ཚེ་ཐར་གྱི་རིན་འཇལ་བ་དང་། གསོན་པོ་བྱེད་པ་ནི་སྦྱིན་པ་བཏང་བ། ཕན་ཡོན་དང་ཉེས་དམིགས་ཤེས་པ་ནི་ཤེས་རབ། སེམས་ཅན་ཚེ་རབས་མང་པོའི་ཕ་མ་ཡིན་པ་དེ་མི་གསོད་ཚེ་ཐར་བཏང་བ་ནི་ཁྲེལ་ཡོད་པ། ཚེ་ཐར་བཤས་ན་གཞན་གྱི་འཕྱ་དོགས་པ་ནི་ངོ་ཚ་ཤེས་པ་སྟེ། འཕགས་པའི་ནོར་བདུན་ཡང་ཚེ་ཐར་ལ་ཚོང་ངོ་། །འཕགས་པའི་ནོར་བདུན་པོ་དེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །འོ་ན་ཕན་ཡོན་དེ་

p. 577

ཙམ་ཡོད་ན་ཚེ་ཐར་བཤས་ན་ཉེས་པ་ཅི་ཙམ་ཡོད་ཅེ་ན། དེ་ལ་སྤྱིར་སྲོག་གཅོད་པའི་ཉེས་པ་དང་། ཚེ་ཐར་བསད་པའི་ཉེས་པ་གཉིས་འབྱུང་སྟེ། སྲོག་བཅད་པའི་ཉེས་པ་ནི། འཕགས་པ་དགའ་བ་ཅན་གྱི་མདོ་ལས་སྲོག་བཅད་པའི་ཉེས་དམིགས་བཅུ་གསུངས་པ། ཚིག་བསྡུས་ཏེ་བཤད་ན། ཚེ་འདི་ལ་མཁོན་སྐྱེད་པ་དང་། སྐྱེ་བ་གཞན་དུ་མཁོན་རྗེས་སུ་འབྲེལ་བ་དང་། སྐྱེ་བོ་མང་པོས་ཡིད་མི་རྟོན་པ་དང་། སྡིག་པའི་རྨི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ་བ་དང་། སེམས་ཅན་ཐམས་ཅད་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། བདེ་བར་ཉལ་བ་ཡང་སྡུག་བསྔལ་བ་དང་། སྡིག་པ་རྣམ་པར་སེམས་པ་དང་། རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་ཤི་ནས་དམྱལ་བར་སྐྱེ་བ་དང་། །མིར་སྐྱེས་ཀྱང་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ་གསུངས་སོ། །ཁྱད་པར་ཚེ་ཐར་རྣམ་གྲངས་སོ་སོ་ལ་ཉེས་པ་སོ་སོར་འབྱུང་སྟེ། མདོ་ལུགས་ཀྱི་ཚེ་ཐར་བསད་པ་ཡིན་ན་རྫུན་སྨྲས་པའི་ཉེས་པ་དང་། ངོ་ཚ་མེད་པའི་ཉེས་པ་དང་། ཁྲེལ་མེད་པའི་ཉེས་པ་དང་། ཆད་མི་བཙན་པའི་ཉེས་པ་དང་། གནའ་གཞུང་མེད་པའི་ཉེས་པ་དང་། མི་རྣམས་ཀྱིས་འཕྱ་བ་དང་།

p. 578

ལྷ་རྣམས་མི་དགའ་བར་འགྱུར་རོ། །ཚེ་ཤུགས་བཏང་བའི་ཚེ་ཐར་བཤས་ན། ཚེ་ཐུང་བར་འགྱུར་བ་དང་། སངས་རྒྱས་ཚེ་དཔག་ཏུ་མེད་པ་དབུ་གཡོགས་པའི་ཉེས་པ་དང་། ཚེ་དཔག་ཏུ་མེད་པའི་དཀོར་འཕྲོག་པའི་ཉེས་པ་འབྱུང་སྟེ། སྲོག་བཅད་པས་དམྱལ་བར་སྐྱེ། སངས་རྒྱས་དབུ་གཡོགས་པའི་ཉེས་པས་ཐར་བར་དཀའ། སངས་རྒྱས་ཀྱི་དཀོར་འཕྲོག་པའི་ཉེས་པས་ཡི་དྭགས་སུ་སྐྱེ། ཕན་ཡོན་དང་ཉེས་དམིགས་ཁྱད་དུ་བསད་པས་དུད་འགྲོར་སྐྱེའོ། །ལྷ་ལ་རྟེན་དུ་བཙུགས་པའི་ཚེ་ཐར་བཤས་ན། བསྟན་པ་བཤིགས་པས་ཕྱིན་ཆད་ལྷ་མི་འཁོར་ལྷ་དང་དམ་ཚིག་ཆག་པས་ལྷ་བདུད་དུ་འབབ་བོ། །རང་གིས་རང་བྲུབ་པ་ཡིན་ནོ། །ལྷ་ལ་དཀོར་དུ་ཕུལ་བའི་ཚེ་ཐར་བཤས་ན། ལྷ་དེའི་འོག་རྟ་གྲྭ་གལ་བསད་པ་དང་འདྲ་བས་ལྷ་བདུད་བབས། གོད་ཀ་དང་བཀྲ་མི་ཤིས་པ་འབྱུང་ངོ་། །སྲོག་བླུ་བཏང་བའི་ཚེ་ཐར་བཤས་ན། མི་ལ་བུ་ལོན་འཇལ་བའི་ནོར་བཅོལ་བཤས་ནས་ཟོས་པ་དང་འདྲ་བས་ལྷ་འདྲེའི་ཟ་ཁ་རང་ལ་སྟོན་པས་ཚེ་ཐུང་ནད་མང་བར་འགྱུར་རོ། །ཡང་ཚེ་སྤོ་ཟེར་ནས་ཚེ་ཆེ་བཤས་ནས་ཆུང་ཆུང་ཚབ་བཏང་བ་ནི་ཤིན་ཏུ་མི་རུང་སྟེ། དཀོན་མཆོག་གསུམ་དང་ལྷ་རྣམས་

p. 579

མགོ་བསྐོར་བ་དང་། རྫུན་སྨྲས་པ་དང་། བསྟན་པ་སྨྲ་ཕབ་པའི་ཉེས་པ་འབྱུང་ངོ་། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་བཤད་པས། ཚེ་ཐར་གྱི་ལས་ཚོགས་ནི། ཚེ་ཐར་གྱི་ནི་ལས་སྦྱོར་དཔག་མེད་པ། །རྒྱ་མཚོ་ཆུ་ཐིགས་ཙམ་ཞིག་འདིར་བརྗོད་བྱ། །འཆི་ངོ་ཤེས་པའི་སེམས་ཅན་སྲོག་བླུས་ན། །དུས་མིན་འཆི་བ་ཐམས་ཅད་བཟློག་འགྱུར་བ། །རྫོགས་པ་ཆེན་པོའི་རྒྱུད་ཀྱི་གདམས་ངག་ཡིན། །བཤའ་ལུག་ཤན་པའི་ལག་ནས་བླུས་བྱས་ནས། །ཚེ་དཔག་མེད་ལ་ཕུལ་ནས་ཚེ་ཐར་བྱས། །ཚེ་ཟད་ཟླ་བ་དགུ་ནས་འཆི་བ་ཡང་། །ཚེ་ནི་བསྲིང་བ་པད་འབྱུང་མན་ངག་ཡིན། །བརྒྱ་རྩ་ཉེར་གཅིག་བཅུ་འམ་བདུན་ནམ་ལྔ། །གསུམ་སོགས་འབྱོར་བ་དང་བསྟུན་ཚེ་ཐར་བཏང་། །འཆི་ལྟས་བཟློག་འགྱུར་འཆི་བླུའི་རྒྱུད་ནས་གསུངས། །གསུམ་མམ་ལྔའམ་བཅུའམ་ཚེ་ཐར་བཏང་། །སྲོག་གུད་འཆི་སར་ཕྱིན་ནམ་དུར་མིག་གི །སྐག་རྣམས་བཟློག་པར་འཇམ་དཔལ་དབྱངས་ཀྱིས་གསུངས་། །ཚེ་ཐར་དཔྲལ་བར་མར་གྱིས་ཉི་ཟླ་བྲི། །ཚེ་ནི་འཕེལ་འགྱུར་ཨོ་རྒྱན་གདམས་ངག་ཡིན། །རྟ་ནག་གཡག་ནག་ལུག་ནག་དར་ནག་བརྒྱན། །མགོན་པོ་བྱ་རོག་དཔོན་

p. 580

གཡོག་ལ་རྩེན་ན། །བསྟན་པ་རྒྱས་ཤིང་དཀོར་ནོར་སྲུང་འགྱུར་ཞེས། །ཙ་མི་སྒ་ལོ་གཉིས་ཀྱི་གདམས་ངག་ཡིན། །གཡག་ནག་ལུག་ནག་ཕྱག་དྲུག་པ་ལ་གཅིག །བར་ཆད་སེལ་བར་ཤ་ཝ་རི་པས་གསུངས། །བོང་བུ་གྲྭ་དམར་དཔལ་ལྡན་ལྷ་མོར་རྩེན། །རྨིག་ཟླུམ་གོད་ཀ་ཆགས་ཤིང་འཕེལ་འགྱུར་ཞེས། །རྒྱ་ནག་ཧྭ་ཤང་ཆེན་པོའི་གདམས་ངག་ཡིན། །ལུག་ནག་གསུམ་ནི་ལྷ་མོ་དཔོན་གཡོག་ལ། །རྩེན་ན་མ་མོ་འཁྲུགས་པ་བསྐངས་གྱུར་ནས། །ཡམས་ནད་མི་ནད་ཕྱུགས་ནད་ཞི་བར་འགྱུར། །ཅོག་རོ་ཀླུ་ཡི་རྒྱལ་མཚན་གདམས་པ་ཡིན། །གཡག་ནི་སེ་བོ་ཡང་ན་ར་སྔོན་པོ། །རྣམ་ཐོས་སྲས་ལ་རྩེན་ན་ནོར་ལྷ་མཉེས། །ཁ་འཛིན་བྱེད་པ་ཁ་ཆེ་པཎ་ཆེན་གསུངས། །ལུག་ནི་མགོ་སེར་གང་བ་བཟང་པོ་ལ། །རྟེན་ན་ལུག་རྣམས་འཕེལ་ཞིང་རྒྱས་པར་བྱེད། །རྟ་སྔོན་ཆུ་རིས་རེ་མནྟ་ལ་རྩེན། །རྟ་རྣམས་སྲུང་ཞིང་འཕེལ་བར་བྱེད་པ་ཡིན། །རྟ་ནག་ཀུ་བེ་ར་ལ་རྩེན་ན་ནི། །ར་ཡི་གནོད་འཚེ་སྲུང་ཞིང་ཟློག་པར་བྱེད། །ཁྱུང་གཡག་ཁྱུང་གླང་དོན་པོ་རྭ་སྣས་བརྒྱན། །ཡུལ་གྱི་ལྷ་ཀླུ་ཀླུ་རྒྱལ་ནོར་རྒྱས་ལ། །རྩེན་ན་གོད་ཀ་ཆད་ཅིང་ནོར་འཕེལ་བ། །རྡོ་རྗེ་ཕུར་པའི་གཞུང་ལས་གསུངས་པ་

p. 581

ཡིན། །ར་དཀར་གཉའ་ནག་རྡོ་རྗེ་ལེགས་པ་ལ། །རྩེན་ན་དམ་ཅན་འགོ་ཞིང་སྟོང་གྲོགས་བྱེད། །གཡག་དཀར་ར་དཀར་ལུག་དཀར་ཡུལ་གྱི་ལྷར། །རྩེན་ན་ཡུལ་ལྷ་དགའ་ཞིང་ཁ་འཛིན་བྱེད། །བ་དཀར་ར་དཀར་དང་ནི་འབྲི་ཟལ་མོ། །ནོར་སྔོན་ཀླུ་ལ་རྩེན་ན་ཀླུ་གཡང་འཕེལ། །དཀར་ཐིག་མེད་པའི་ར་རོག་རཱ་ཧུ་ལར། །ཕུལ་ན་གཟའ་ཡི་གནོད་པ་ཞི་བར་འགྱུར། །ར་དཀར་རྭ་ལ་བཙག་བྱུགས་གནམ་ལྷ་དང་། །རྒྱལ་པོ་ལ་ཕུལ་གནོད་ཞི་ཁ་འཛིན་བྱེད། །ར་ཐང་དམར་པོ་དང་ནི་གཡག་ཁམ་པ། །བཙན་ལ་ཕུལ་ན་པ་གདོན་ཞི་ཁ་འཛིན་བྱེད། །ར་ནི་རྒྱ་མོ་འམ་ནི་བྱ་མོ་ནག །འཇིག་རྟེན་མ་མོ་ལ་ཕུལ་འཆི་བ་ཟློག །ནོར་རྒྱུན་མ་སོགས་ནོར་ལྷ་ཐམས་ཅད་ལ། །འབྲི་དང་གཡག་རྩེན་ནོར་སྒབ་འཕེལ་བར་བྱེད། །དྲེལ་ནི་དཀར་མོ་རྐྱང་པོར་ཕོ་དྲེལ་ནག །དྲེལ་སྔོན་ལྷ་མོར་རྩེན་ན་ལྷ་མོ་སྐྱེས།། །ར་སྐྱེས་དར་དང་རྔ་མ་སྔོ་དམར་བརྒྱན། །སྐྱེས་བུ་ལ་ཕུལ་འཁུ་ལྡོག་འགྲམ་འཁྲུག་ཞི། །གཡག་ལུག་སྤུ་རྟོགས་བཟང་བ་ཕ་མཚུན་ལ། །རྩེན་ན་ཕ་བླ་མི་འཁྱམས་རིགས་རྒྱུད་དར། །ལུག་ནག་བདུད་ཀྱི་མགོན་པོ་ཏྲཀཱད་ལ། །རྩེན་ན་བཟང་ངན་པྲ་རྟགས་ལུང་གིས་

p. 582

སྟོན་། །གཡག་ནག་ལུག་ནག་ཞིང་སྐྱོང་ནག་པོ་ལ། །རྩེན་ན་དཀོར་ནོར་སྲུང་ཞིང་མེལ་ཚེ་བྱེད། །མདོར་ན་ཡེ་ཤེས་དང་ནི་འཇིག་རྟེན་གྱི། །ལྷ་དང་སྲུང་མ་གཞི་བདག་ཐམས་ཅད་ལ། །རང་རང་རིགས་དང་མཐུན་པའི་དུད་འགྲོ་དང་། །ལྷ་ཡི་སྐུ་མདོག་དང་མཚུངས་སྤུ་གྲྭ་ཅན། །དར་ཚོན་རྔ་མས་བརྒྱན་ནས་རྩེན་བྱས་ན། །དེ་ལ་འཁོར་ཞིང་སྲུང་སྐྱོབ་སྡོང་གྲོགས་བྱེད། །དེ་ཡང་དབང་ཕྱུག་ལ་ནི་བོང་བུ་དང་། །བཙན་ལ་ཕག་དང་ཀླུ་ལ་ཁྱིམ་བྱ་དང་། །དགེ་བསྙེན་མཁའ་རི་ལྕམ་དྲལ་ལ་ནི་ར། །དེ་དག་མི་མཉེས་རྩེན་དུ་མི་རུང་ངོ་། །དེ་མིན་སྲོག་ཆགས་རིགས་མཐུན་ཙམ་ཡང་རུང་། །ཁྱི་ནག་རྟ་ནག་ལ་སོགས་རྩེན་པ་ནི། །ལྷ་ནི་དགའ་ཞིང་འཁོར་བར་འགྱུར་མོད་ཀྱིས། །བཤའ་སྲོལ་མེད་ཕྱིར་ཚེ་ཐར་ཕན་ཡོན་མེད་། །དེས་མཚོན་དུད་འགྲོ་མོ་རིགས་ཕན་ཡོན་ཆུང་། །ཤ་ཟན་ཕོ་ཐང་ཚེ་ཐར་ཕན་ཡོན་ཆེ། །བཤའ་ལུགས་གསོད་ཁ་བླས་ན་མཆོག་ཡིན་ནོ། །དེས་མཚོན་མི་དང་གཅན་གཟན་རི་དྭགས་སོགས། །གསོད་ལ་རག་པའི་སྲོག་སྐྱབས་སུས་བྱས་པ། །ཕན་ཡོན་ནམ་མཁའི་ཁམས་སུ་ག་ལ་ཤོང་། །དེ་སྐད་འོ་དོད་དུས་རྣམས་ཀུན་ཏུ་འབོད། །ཁྱད་པར་ཉེས་ཆེན་

p. 583

བཙོན་དུ་ཚུད་པའི་མི། །ཚེ་ཐར་བྱས་པས་ཕན་ཡོན་བསམ་མཐའ་ཡས། །དུད་འགྲོ་ཁྲི་འབུམ་བྱེ་བ་ཚེ་ཐར་བས། །མི་གཅིག་ཚེ་ཐར་བྱས་ན་བསོད་ནམས་ཆེ། ཅི་ཕྱིར་ཐོབ་པར་དཀའ་ཞིང་རིན་ཐང་ཆེ། །ལུས་ལ་དམ་པ་རིགས་བརྒྱ་ལ་སོགས་པ། །གསང་སྔགས་དཀྱིལ་འཁོར་ལྷ་ཚོགས་དཔག་མེད་བཞུགས། །དེ་དག་རྣམས་ཀྱི་སྐུ་སྲོག་ཤུག་དང་འདྲ། །གལ་ཏེ་སྔོན་ཆད་མི་སྡིག་ཡོད་ན་ཡང་། །མི་སྲོག་ཤུག་ན་སྡིག་དེ་དག་པར་འགྱུར། །ཚེ་ཐར་བཤད་པ་མདོ་རྒྱུད་མན་ངག་གི །བཅུད་བསྡུས་ཚིག་ཉུང་དོན་འདུས་ཁྱེར་བདེ་འདི། །ལྟ་སྒོམ་ལྷུན་གྲུབ་ཨོ་རྒྱན་རིག་འཛིན་གྱིས། །བསྐུལ་བ་དོན་ཡོད་བྱ་ཕྱིར་ཆུ་སྦྲུལ་ལོར། །རྒྱལ་ཟླའི་ཡར་ངོར་རཱ་གའི་མིང་གིས་སྦྱར། །འགལ་འཁྲུལ་གང་མཆིས་མཁས་མཆོག་རྣམས་ལ་འཆགས། །དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་སོགས། །འགྲོ་ཀུན་མགོན་པོ་ཚེ་དཔག་མེད་འགྲུབ་ཤོག །བཀྲ་ཤིས་དཔལ་འབར་ཚེ་སྲོག་བརྟན་གྱུར་ཅིག །སརྦ་མངྒ་ལཾ། ཛ་ཡནྟ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན།

p. 584
p. 585

ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན་བཞུགས་པའི་དབུ་ཕྱོགས་ལགས་སོ།

p. 586

ཨོཾ་སྭ་སྟི། སྐུ་ལྔའི་བདག་ཉིད་བླ་མ་རྡོ་རྗེ་འཆང་། །སྤྲུལ་སྐུ་ཐུབ་དྲུག་རིགས་གསུམ་མགོན་པོ་དང་། །བཀའ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་ལ། །སྒོ་གསུམ་གུས་པས་གསོལ་འདེབས་ཕྱག་འཚལ་ནས། །དུས་གསུམ་སངས་རྒྱས་བྱང་སེམས་སྤྲུལ་སྐུ་རྣམས། །ལས་དང་སེམས་ཅན་སྐལ་ལྡན་འདྲེན་དོན་དུ། །ཐབས་ལ་མཁས་པས་སྤྲུལ་པ་སྣ་ཚོགས་འགྱེད། །ཕྲིན་ལས་རྣམ་བཞིའི་སྤྲུལ་པ་སྣ་ཚོགས་བསྟན། །འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཕྱིར་དུ། །ཚིག་ཉུང་བྱ་སླ་དོན་གཉིས་འགྲུབ་པའི་

p. 587

ཕྱིར། །ལས་བཞི་ལྷུན་གྲུབ་ཆོས་ཀྱི་འཁོར་ལོ་འདིའི། །ཕན་ཡོན་བརྗོད་འདས་དཔག་མེད་བསམ་ཡས་རྣམས། །རྒྱལ་བའི་བཀའ་དང་རྒྱུད་གཞུང་དུ་མ་ནས། །གཞན་ལ་ཕན་ཕྱིར་ཉུང་ཙམ་བསྡུས་ནས་ནི། །བློ་རྨོངས་གོ་བདེ་ངེས་ཤེས་བསྐྱེད་པའི་ཕྱིར། །ཕྱོགས་མེད་དོན་དུ་ཕྱོགས་གཅིག་བཀོད་པར་བྱ། །དེ་ཡང་སྤྱི་ཡི་འཁོར་ལོ་ལ། བསྒོམ་པའི་འཁོར་ལོ། སྲུང་ཟློག་བསད་གསུམ། འཁོར་བའི་འཁོར་ལོ། གཅོད་པའི་འཁོར་ལོ། འཕྲོ་བའི་འཁོར་ལོ། བཀྲ་ཤིས་ཚེ་རིང་གི་འཁོར་ལོ། ཞི་རྒྱས་དབང་དྲག་གི་འཁོར་ལོ། བཞིའི་འཁོར་ལོ། ལས་ཐམས་ཅད་

p. 588

ལྷུན་གྲུབ་ཀྱི་འཁོར་ལོ། བསྐོར་བའི་འཁོར་ལོ་དང་བཅུ་གཅིག་ཡིན། བསྐོར་བའི་འཁོར་ལོ་ལ་ཆུ་འཁོར་རླུང་འཁོར་མེ་འཁོར་ས་འཁོར་ལག་འཁོར་དང་ལྔའོ། །དེའི་ནང་ནས་ཁྱད་པར་ལག་འཁོར་འདི་ཤིན་ཏུ་གལ་ཆེ་བས་དེ་ཡི་བྱ་ཐབས་ནི། རབ་གསེར་དངུལ་མཚལ་གསུམ། འབྲིང་གཡུ་དང་དུང་། ཐ་མ་སྣག་ཚས་བཞེངས་ལ། བརྒྱ་དང་རྩ་བརྒྱད། རབ་གནས་བཀྲ་ཤིས་བྱས་ནས་བསྐོར་ན། ཞི་རྒྱས་དབང་དྲག་སོ་སོའི་འདོད་པའི་དངོས་གྲུབ་ཐོབ་ལ། ཡིད་བཞིན་ནོར་བུ་རིན་པོ་ཆེ་ལག་ཏུ་ཡོད་པ་ཡིན་ནོ། །འཁོར་ལོ་འདི་ལུས་ངག་ཡིད་གསུམ་གྱིས་ནན་ཏན་དུ་འབད་ན་བྱ་སླ། དོན་ཆེ་རྒྱུ་ཆུང་ཕན་ཡོན་ཤིན་ཏུ་ཆེ། འགྲུབ་མགྱོགས་རང་གིས་འབད་རྩོལ་དྲག་པོ་མི་དགོས་པར་ཡི་དམ་དྷཱ་ཆོས་སྐྱོང་རང་བཞིན་དུ་འཁོར། གནོད་བྱེད་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་རོ། །གནད་ཀྱི་མན་ངག་གི་འཁོར་ལོ་རིན་པོ་ཆེ་རྒྱུན་དུ་བསྐོར་བའི་མི་རྣམས་ནི། བླ་མ་ཡི་དམ་མཁའ་འགྲོ་བསྒོམ་ཞིང་། སྙིང་པོ་ཐམས་ཅད་དུས་གཅིག་བསྒང་བར་འགྱུར་རོ། །བཀའ་བརྒྱུད་ལུང་གསུམ་གྱི་སྙིང་པོ། འབྱུང་བའི་བཅུད་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་

p. 589

ཐམས་ཅད་ཀྱི་སྙིང་པོ། སྒྲུབ་པ་ཐམས་ཅད་ཀྱི་ལས་སྦྱོར་སྟོབས་ཆེ་ལ་རྒྱ་ཆེ་ལས་མྱུར་བ། དྲག་དཔའ་བ་འཁོར་ལོ་འདི་ལན་གཅིག་བསྐོར་བའི་ཡོན་ཏན་ལ་ཡང་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོང་གསུངས་སོ། །མེ་ལ་བསྐོར་ན་དུད་པས་གར་ཁྱབ་ཐར་པའི་ས་བོན་ཐེབ་པར་འགྱུར་རོ། །ཆུ་དང་རླུང་ལ་བསྐོར་ན་ཆུ་དང་རླུང་གིས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར་རོ། །ལག་པས་བསྐོར་ན། མི་དང་འཁོར་ལོ་དེ་གཉིས་སུས་མཐོང་བ་དང་། །མཐོང་ཐོས་དྲན་རེག་གིས་སེམས་ཅན་ཐམས་ཅད་དཀར་པོ་དགེ་བའི་ཆོས་ལ་འགོད་པར་འགྱུར་རོ། །དགོས་འདོད་ཐམས་ཅད་འབྱུང་བའི་འཁོར་ལོ་འདི། རྒྱུན་དུ་བསྐོར་བའི་བསོད་ནམས་ནི། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཉམ་པར་འགྱུར་རོ། །དེ་ཡི་དཔལ་དང་འབྱོར་པ་གཟི་བརྗིད་དང་། །ཚེ་ཡི་བཀྲག་མདངས་ནུས་པ་ཐམས་ཅད་རབ་ཏུ་རྒྱས་པར་འགྱུར་རོ། །མཐུ་རྩལ་སྟོབས་དང་བྱིན་རླབས་ཆེ་བར་འགྱུར་རོ། །འཁོར་ལོ་འདི་དུས་རྒྱུན་དུ་བསྐོར་བའི་བསོད་ནམས་ནི། །ཚེ་རབས་ཐམས་ཅད་དུ་སངས་རྒྱས་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཞལ་མཇལ་བར་འགྱུར་

p. 590

རོ། །ཆོས་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །བདག་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐལ་པ་དང་ལྡན་པར་འགྱུར་རོ། །གཞན་ཡང་འཁོར་ལོ་འདི། །དབང་སྡུད་དང་ནོར་སྒྲུབ་དང་ཚེ་སྒྲུབ་ཆེན་པོ་ཡིན། འཁོར་ལོ་འདིས་ཚེ་རིང་བ་དང་། ནད་ཉུང་བ་ལོངས་སྤྱོད་ཐམས་ཅད་འཕེལ་བར་འགྱུར་རོ། །འཁོར་ལོ་འདིས་དགྲ་རྐུན་ཇག་གསུམ་མེ་ཡི་འཇིགས་པ་དང་། ཆུ་ཡི་འཇིགས་པ་དང་། རླུང་གི་འཇིགས་པ་དང་། ས་ཡི་འཇིགས་པ་དང་། གཟའ་དང་ཐོག་གི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་མཚོན་དང་དུག་གི་འཇིགས་པ་དང་། ནད་དང་མུ་གེ་དང་དུཁ་དང་། ཉེས་སྐྱོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་འཇིག་རྟེན་གྱི་མི་དང་།་རྒྱལ་པོའི་ཆད་པ་ལས་ཀྱང་ཐར་བར་འགྱུར་རོ།། །འཁོར་ལོ་འདིས་འབྱུང་པོ་དང་། རྒྱལ་འགོང་དང་། བདུད་དང་། མུ་སྟེགས་ལ་སོགས་དམ་ཉམས་དང་། གཟའ་དང་། ཀླུ་དང་། ས་བདག་དང་། བཙན་དང་། བདུད་དང་། མ་མོ་དང་། ལྷ་དང་། ཤ་ཟ་དང་། སྲིན་པོ་དང་། དྲི་ཟ་དང་། ཐེའུ་རང་དང་། ཁ་ཤོར་དང་། །སྡེ་བརྒྱད་ལྷ་

p. 591

མ་སྲིན་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་འགྱུར་རོ། །འཁོར་ལོ་འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ཕྲིན་ལས་བསྒྲུབ་ཅིང་བར་ཆད་བཟློག་ནས་བསྲུང་བར་འགྱུར་རོ། །འཁོར་ལོ་འདིས་ནོར་བུ་རིན་པོ་ཆེའི་དབྱིག་དང་། མུ་ཏིག་དང་། མུ་མེན་དང་། མེ་ཤེལ་དང་། ཆུ་ཤེལ་དང་། གསེར་དངུལ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དང་། སྟག་གཟིག་གོས་དར་རས་ཕྲུག་ལ་སོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་ནས་དང་། འབྲས་དང་། གྲོ་དང་། སྲན་མ་ལ་སོགས་པ་འབྲུ་སྣ་དགུ་ལ་ལོངས་སྤྱོད་པར་འགྱུར་རོ། །རྟ་དང་མ་ཧེ་གླང་པོ་ཆེ་བ་གླང་མཛོ་དང་དྲེལ་དང་ར་ལུག་དང་ནོར་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་རྒྱན་དང་གོས་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་རྒྱུན་དུ་མཆོད་ཅིང་། སེམས་ཅན་ལ་ཆོས་དང་ཟང་ཟང་གི་སྦྱིན་པ་རྒྱུན་ཆད་མེད་པར་འགྱུར་རོ། །འཁོར་ལོ་འདིས་རང་གི་བླ་མ་དང་གྲོགས་པོ་དང་། ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ལ་

p. 592

དམ་ཚིག་ཆག་ཉམས་དང་། འཐབ་པ་དང་། འཁོན་པ་དང་། རྩོད་པ་དང་། གཞན་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉེས་སྐྱོན་ཐམས་ཅད་དག་པར་གསུངོས། འཁོར་ལོ་འདིས་མཚམས་མེད་པ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། མི་དགེ་བ་བཅུ་ལ་སོགས་པའི་སྡིག་པ་ཐམས་ཅད་ནི་འཁོར་ལོ་བསྐོར་བ་དང་འགྱོད་པ་དྲག་པོས་བཤགས་ན་བྱང་གསུངས། ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ཆོས་གསུམ་ཐམས་ཅད་འདུ་བར་འགྱུར་རོ། །འཁོར་ལོ་འདིས་ལྷ་མི་ཐམས་ཅད་དགའ་བར་འགྱུར་རོ། །དཀོན་མཆོག་གསུམ་པོ་ཐུགས་རྗེའི་བདག་ཉིད་ཅན་དང་། བླ་མ་དང་འཕགས་པའི་ཚོགས་ཐམས་ཅད་རྗེས་སུ་ཡི་རང་བར་འགྱུར་རོ། །ཆོས་དེའི་འགྲོ་དོན་ཕྲིན་ལས་ནི་ཕྱོགས་དང་ཕྱོགས་མེད་འབྱུང་བའི་སྙན་གྲགས་ཀྱིས་སྟོང་གསུམ་གང་བར་འགྱུར་རོ། །ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། འགལ་རྐྱེན་བར་ཆད་ཐམས་ཅད་དང་ནད་དང་གནོད་པ་རྐྱེན་དང་བར་ཆད་ནད་རིགས་སུམ་བརྒྱ་དྲུག་ཅུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གློ་བུར་ཉི་ཁྲི་གཅིག་སྟོང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། བྱད་དང་གཏད་མནན་པ་དང་། མོ་

p. 593

ངན་པ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་ཆོ་འཕྲུལ་ཆེ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འཁོར་ལོ་འདི་ཡི་ཡོན་ཏན་གྱིས་བཟློག་པར་ཨོ་རྒྱན་གྱིས་གསུངས་སོ། །འཁོར་ལོ་འདིས་ཚེ་ཡི་སྒྲུབ་པ་བརྒྱ་དང་། སྲུང་འཁོར་བརྒྱ་བཙུགས་པ་དང་། སྲུང་འཁོར་བརྒྱ་བཏགས་པ་བས་སྟོབས་ཆེ་བ་གསང་བདག་ཉིད་ཀྱིས་གསུངས། འཁོར་ལོ་འདིས་ཡོན་ཏན་ཅན་དང་། བསམ་གཏན་ཅན་དང་། ཁ་གྲགས་འབྱོར་པ་ཅན་དང་། མཐུ་རྩལ་ཅན་དང་། དྲག་ཤུལ་ཅན་དང་ལྡན་པར་འགྱུར་རོ། །སྡུག་བསྔལ་དང་དུཿཁ་ཐམས་ཅད་དང་། གོད་ཁ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བཀའ་སྲུང་ཅད་ཀྱི་སྤྱན་ལམ་དུ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་ནམ་མཁའ་གང་ནས་མཉེས་ཤིང་དགྱེས་ཏེ་དངོས་གྲུབ་སྟེར་བར་འགྱུར་རོ། །འཁོར་ལོ་འདི་སྐྱེ་བོ་ཕོ་མོས་བསྐོར་ན། དེ་ཡི་བསོད་ནམས་ནི་འཁོར་གཡོག་ལོངས་སྤྱོད་འཁྱིལ་ཞེས་དགྱེས་ཏེ་བང་ཁང་ཁ་རྗེ་དབང་ཐང་ཐམས་ཅད་ཆོས་དང་མཐུན་པའི་འབྱོར་བ་ཐམས་ཅད་ཆར་བཞིན་བབས་ནས་ལོངས་སྤྱོད་ཅིང་

p. 594

མཐར་སངས་རྒྱས་པར་འགྱུར་རོ། །འཁོར་ལོ་འདིས་མཐར་ཐུག་སངས་རྒྱས་རབས་བདུན་དང་། ལྷ་དང་བླ་མའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །རྒྱལ་བློན་བཙུན་མོ་འབངས་ཐམས་ཅད་དང་། འགྲོ་བ་མཐའ་དག་གི་ཡིད་དུ་འོང་ཞིང་མཆོད་གནས་བྱེད་པར་འགྱུར་རོ། །འཁོར་ལོ་འདིས་དགེ་སློང་བཙུན་པ་འགའ་ཞིག་གི་འདུལ་ཁྲིམས་ཉམས་པ་དང་བྱང་སེམས་ཉམས་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་ན་འགྱོད་ཚངས་བཤགས་ཤིང་འཁོར་ལོ་བསྐོར་ན་བྱང་བ་མཁའ་འགྲོ་མ་ཨ་ར་ལི་ལ་ཐུབ་པ་ཆེན་པོས་གསུངས་སོ། །འཁོར་ལོ་འདིས་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དང་ཞ་ལོང་འོན་ལྷུགས་འཕོང་པ་ཅན་གྱི་ཁྱིམ་དུ་མི་སྐྱེ། སྡིག་པས་མི་གོས་ཤིང་རིགས་མཐོ་བ་དང་། ཚེ་རིང་ནད་མེད་གཟུགས་བཟང་འབྱོར་པ་ཆེ། ཆོས་དང་ལྡན་ཞིང་རིགས་མཐུན་ལུས་གཙང་མ་ཐོབ་ནས་མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་དང་ཞལ་མཇལ་ནས། ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་གསུངས། འཁོར་ལོ་འདིས་དཀར་ཕྱོགས་ལྷ་ཐམས་ཅད་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦ་བ་དང་། སྦེད་པར་བྱེད་ཅིང་དུས་མིན་གྱི་འཆི་བ

p. 595

དང་། སྡུག་བསྔལ་ཐམས་ཅད་ལས་ཐར་ནས་བུད་མེད་བུ་འདོད་པ་རྣམས་ལ་བུ་འབྱུང་ཞིང་། ནོར་དང་ཚོང་སྒྲུབ་བྱེད་པ་རྣམས་ལ་ལྷ་ཡི་སྡོང་གྲོགས་བྱེད་ནས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཚེ་འཕོས་ནས་ངན་སོང་གསུམ་གྱི་སྒོ་བཀག་སྟེ། སྐྱེ་བ་དམན་པ་དང་། མཐའ་འཁོབ་ཀྱི་ལུས་སྤངས་ཏེ། མི་ལུས་གཙང་མ་ཐོབ་ནས་ཆོས་སྤྱོད་པར་འགྱུར་རོ། །དམྱལ་བ་དང་། ཡི་དྭགས་དང་། ཤ་ཟ་དང་། སྲིན་པོ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་སེམས་ཅན་ཅིར་སྐྱེས་ཀྱང་། སེམས་ཅན་གཞན་ལ་ཆོས་སྟོན་ཅིང་སྨོན་ལམ་བཏབ་པར་འགྱུར་རོ། །འཁོར་ལོ་འདིས་ཚོགས་རྫོགས་སྒྲིབ་གཉིས་བྱང་ནས་མཐར་ཐུག་འགྱུར་མེད་ཀྱི་སྐུ་ཐོབ། འགགས་མེད་ཀྱི་གསུང་ཐོབ། འཁྲུལ་མེད་ཀྱི་ཐུགས་ཐོབ། རྟོགས་པ་འཆར། དགོས་འདོད་འབྱུང་བའི་ཡོན་ཏན་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར། ཐུགས་སུ་ཆུད་ནས་མི་བརྗེད་པའི་གཟུགས་བརྟན་པོར་ཐོབ་ནས། འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་ཐོགས་པ་མེད་པར་འགྱུར་རོ། །འཁོར་ལོ་འདིས་འཆི་མེད་ཀྱི་ཚེ། ཟད་མེད་ཀྱི་

p. 596

གཏེར་། འཕང་མེད་ཀྱི་ནོར། མཉམ་པ་མེད་པའི་བསོད་ནམས། ཟས་སྣ་ཚོགས། གོས་སྣ་ཚོགས། འཁོར་མང་པོ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་སྨོན་ལམ་མཐར་ཕྱིན་ནས་རྣམ་པར་དག་པའི་འགྲོ་དོན་ཕྱོགས་མེད་དུ་འབྱུང་ངོ་། །གཞན་སུས་ཀྱང་འགྲན་ཟླ་ཐམས་ཅད་དང་བྲལ་བའི་བསམ་གཏན་ནམ་མཁའ་དང་མཉམ་པར་འགྱུར་རོ། །གཞན་ཐམས་ཅད་རྗེས་སུ་ཡི་རང་བའི་དགོས་འདོད་འབྱུང་ནས་རེ་བ་ཐམས་ཅད་སྐོང་བར་འགྱུར་རོ། །འཁོར་ལོ་འདིས་སུས་ཀྱང་བློ་རུ་མི་ཚུད་པའི་མངའ་བདག་གང་བསམ་འགྲུབ་ཅིང་ཅི་ཙམ་སྤྱད་ཀྱང་མི་ཟད་ཅིང་འཕེལ་བའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །འཁོར་ལོ་འདིས་ཚེ་ཕྱི་མ་བར་དོ་ནས་བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། །མཆོད་པ་ལྔ། ལྷ་མོ་བརྒྱད་སོགས་སངས་རྒྱས་ཀྱི་ཞིང་ཁམས་དང་མཆོད་པ་སྔོན་དུ་མཐོང་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་ཁམས། ཤར་ཕྱོགས། ལྷོ་ཕྱོགས། ནུབ་ཕྱོགས་། ༔ བྱང་ཕྱོགས་དེ་རྣམས་སུ་སངས་རྒྱས་རྣམ་པར་སྣང་མཛད། རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་རྣམས་ལ་དམ་ཆོས་ཉན་

p. 597

ཅིང་བསྙེན་བཀུར་བྱེད་པའི་སྐལ་པ་དང་ལྡན་པར་འགྱུར། འཁོར་བ་མ་སྟོང་བར་དུ་སེམས་ཅན་དཔག་ཏུ་མེད་པའི་དོན་འབྱུང་བར་གསུངས། འཁོར་ལོ་འདི་ཡིས་མཐུ་སྟོབས་དང་ཤེས་རབ་སྙིང་རྗེ་དག་རིགས་གསུམ་མགོན་པོ་དང་མཉམ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་མཆོད་པའི་ཡོན་ཏན་བསྒྲུང་བར་ནུས་སོ། །སེམས་བསྐྱེད་ཆེན་པོས་འཁོར་ལོ་ལན་གཅིག་བསྐོར་བའི་ཡོན་ཏན་བསྒང་བར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ས་ཡི་རྡུལ་རེ་རེ་ནས་བསླང་བར་ནུས་ཀྱི༔ ཡི་གེ་དྲུག་པའི་འཁོར་ལོ་འདི་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་བསྒྲང་བར་མི་ནུས་སོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྲོག་གི་སྦྱིན་པ་རེ་རེ་བཏང་ན་དེ་ཡི་བསོད་ནམས་ཀྱི་ཚད་ནི་བསྒྲང་བར་ནུས་ཀྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་བསྒྲེང་བར་མི་ནུས་སོ། །དམིགས་བཅས་དགེ་རྩ་ཐམས་ཅད་ཀྱི་ཡོན་ཏན་ནི་རྩིས་དང་བསླང་བ་ཡོད་ཀྱང་། དམིགས་མེད་ཀྱི་ངང་ནས་འཁོར་ལོ་འདི་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་དུས་གསུམ་གྱི་སངས་རྒྱས་

p. 598

ཐམས་ཅད་ཀྱིས་བསྒང་བར་མི་ནུས་སོ། །སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལ་མཆོད་པ་ཕུལ་བ་དང་བསོད་ནམས་མཉམ་པར་བཤད་དོ། །འཁོར་ལོ་འདིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་གཟུགས་སྐུའི་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་རོ། །སློབ་དཔོན་པདྨའི་ཞལ་ནས། རྒྱ་གར་ནས་བོད་དུ་འགྱུར་ཚད་ཀྱི་ཆོས། ལུས་ངག་གི་དགེ་སྦྱོར་བྱ་ཐབས་ལ་ཡི་གེ་དྲུག་པའི་འཁོར་ལོ་འདི་བས་ཕན་པ་དང་ཡོན་ཏན་ཆེ་བ་མེད་གསུངས། བྲམ་ཟེ་ཆེན་པོ་སྤང་འོད་ཟེར་བླ་མའི་ཞལ་ནས་ཡི་གེ་དྲུག་པའི་འཁོར་ལོ་འདི་ཡི་གྲངས་ལ། །རབ་སྟོང་ཕྲག་གམ། འབྲིང་བརྒྱ་བདུན་ནམ། ཐ་མ་བརྒྱ་དང་རྩ་བརྒྱད་ལ་རབ་གནས་དང་བཀྲ་ཤིས་སྨོན་ལམ་ནི། བླ་མ་མཚན་ཉིད་ལྡན་པ་ཞིག་གིས་བྱས་ན་ཅི་བསམ་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །འཁོར་ལོ་འདི་དུས་ཉིན་མཚན་མེད་པར་རྒྱུན་དུ་བསྐོར་ན། དགེ་སློང་ཤོག་ལྡེབ་ཀྱི་གྲངས་ཙམ་ལ་ཞབས་ཏོག་བྱས་པའི་བསོད་ནམས་དང་མཉམ། ཡང་འཁོར་ལོ་འདི་ལ་ན་བཟའ་བཀོན་ན་བླ་མ་ཡིག་དྲུག་གི་གྲངས་ཙམ་ལ་ན་བཟའ་གསོལ་བ་དང་བསོད་ནམས་མཉམ་མོ། །ཉིན་མཚན་དུས་དྲུག་ཏུ་བསྐོར་ན་ལུས་ངག་གི་ཆོས་སྤྱོད་ཐུན་

p. 599

དྲུག་གི་དགེ་སྦྱོར་དང་བསོད་ནམས་མཉམ་མོ། །གཞན་ཡང་འཇིག་རྟེན་གྱི་མི་ཐམས་ཅད་ཀྱི་ཚེ་སྒྲུབ་དང་ནོར་སྒྲུབ་དང་སྲུང་འཁོར་ཐམས་ཅད་ལ་འཁོར་ལོ་འདིས་ཆོག་པར་གསུངས། གཞན་ཡང་མོ་ལྟས་ངན་པ། འཆི་བའི་དུས་བཏབ་པ་ལ་འཁོར་ལོ་འདི་དད་བརྩོན་དྲག་པོས་བསྐོར་ན་བཟློག་པ་ལ་ཐེ་ཚོམ་མེད་དོ། །དགྲ་རྐུན་ཇག་གསུམ། ཚ་ལང་འབྲུ་གསུམ། དམག་སྣ་ཇག་སྣ་རྐུན་སྣ། གཅན་སྣ་ཐམས་ཅད་ལ། འཁོར་ལོ་འདིས་ཡོན་ཏན་འབུམ་ལྡན་བཅས། མཆོག་གི་དད་པ་དང་། ངེས་ཤེས་དྲག་པོས་བསྐོར་ན་བཟློག་པར་འགྱུར་རོ། །འཁོར་ལོ་འདི་བྲིས་པ་ལ་ལྷག་ཆད་འགྲོ་བས་པར་འདི་ངོ་མཚར་ཆེ། མེ་འཁོར་འདི་མྱུར། ཆུ་འཁོར་འདི་ཡུན་རིང་ལ་བཀྲ་ཤིས། རླུང་འཁོར་འདི་དར་དྲག་ན་བར་ཆད་ཡོང་། ས་འཁོར་འདི་དཀའ་ཚེགས་ཆེ། འཁོར་ལོ་འདི་རིན་ཆེན་སྣ་ལྔ་དང་། སྨན་དྲི་བཟང་ལ་སོགས་པ་རྣམས་སྣག་ཚ་ལ་བསྲེས་ནས་ལྷག་ཆད་མེད་པར་བཞེངས། བླ་མ་མཚན་ཉིད་དང་ལྡན་པས་རབ་གནས་དང་། བཀྲ་ཤིས་སྨོན་ལམ་དང་བཅས་པ་བྱས་ཤིང་། རིན་པོ་ཆེ་ལྔ་དང་། གོས་དར་གང་འཛོམ་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱའོ། །དུས་

p. 600

བཟང་ལ་ཚོགས་ཀྱི་འཁོར་ལོ་བསྐོར། མཆོད་པ་སྣ་ཚོགས་འབུལ། རང་གི་འདོད་གསོལ་གྱི་སྨོན་ལམ་གང་འདོད་བཏབ་ན་འགྲུབ་པར་གསུངས་སོ། །འཁོར་ལོ་འདི་ཡོན་ཏན་འབུམ་དང་ལྡན་ཞིང་བཀྲ་ཤིས་དོན་འགྲུབ་པ་ཡིན་ནོ། །འཁོར་ལོ་འདི་བསྐོར་བའི་དུས་སུ་རྩེར་རྩེར་ཟེར་ན་སྲོག་ལ་གནོད། དྲག་ཏྲག་ཟེར་ན་ནོར་ལ་གནོད། ཧྲག་ཧྲག་ཟེར་ན་འཁོར་ལ་གནོད་། སྐད་མེད་ཆུ་བོའི་རྒྱུན་བཞིན་བསྐོར། སྡིག་པ་ལ་སློབ་དཔོན་བསད་པ་དང་། ཕ་བསད་པ་དང་། མ་བསད་པ་དང་། སྡོམ་པ་ཉམས་པ་དང་། རང་རྒྱུད་བསད་པ་དང་། དགེ་འདུན་གྱི་བར་ལ་དབྱེན་བྱས་པ་དང་། མི་དགེ་བ་བཅུ་ལ་སོགས།་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་འཁོར་ལོ་འདི་བསྐོར་ཞིང་འགྱོད་པ་དྲག་པོས་བཤགས་ན་བྱང་བར་གསུངས་སོ། །ཁེ་འགྱུར་སྤྱོག་གསུམ། རྐུ་རྫུན་བྱི་གསུམ། གཡོ་སྒྱུ་ཟོལ་གསུམ་ལ་སོགས་པ་ཐམས་ཅད་བྱང་བར་གསུངས་སོ། །ཡི་གེ་དྲུག་པ་འདི་རྡོ་ལ་བཞེངས་པ་དང་། བྲག་གི་ངོས་ལ་བཞེངས་པ་དང་། ཤིང་ལ་བཞེངས་པ་དང་། རིན་པོ་ཆེ་ལ་སོགས་པ་བང་མཛོད་ལ་བཞེངས་ནས། རི་ཡི་རྩེ་མོ་ལ་བཞག་པའམ། ལམ་གྱི་གཞི་མདོ་ལ་བཞག་པའམ། རི་སྣ་

p. 601

དང་གདོང་སྣ་ལ་བཞག་པས་བྱང་ཆུབ་སེམས་དཔའ་རེ་རེའི་འགྲོ་དོན་བྱེད་པ་དང་འདྲའོ། །ཡང་ཡི་གེ་དྲུག་པ་འདི་རས་ལ་བྲིས་ནས་རབ་ཏུ་གནས་ཤིང་གནས་བཟང་པོ་དང་། རི་ཁྲོད་གཙུག་ལག་ཁང་། ཆུ་ཆེན་པོའི་སྟེང་། རི་རྩེ་ལ་སོགས་པ་ལ་ཕྱར་ན་རླུང་དེས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་གསུངས་སོ། །དེ་ཡི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་བརྒྱུད་པའོ། །ཐུགས་རྗེ་ཆེན་པོའི་ཕན་ཡོན་ལ། མ་ཎི་ཆོས་འབྱུང་དང་གཅིག །ཐུགས་རྗེ་ཆེན་པོའི་རྒྱ་གཞུང་དང་གཉིས། ཐུགས་རྗེ་ཆེན་པོ་པདྨ་དཀར་པོ་དང་གསུམ། མདོ་ཟ་མ་ཏོག་དང་བཞི། རྟ་མཆོག་རོལ་པའི་རྒྱུད་དང་ལྔ། ཡང་སྙིང་འདུས་པའི་རྒྱུད་དང་དྲུག །ཕྱག་སྟོང་གི་རྒྱུད་དང་བདུན། ཕྱག་བརྒྱ་པའི་རྒྱུད་དང་བརྒྱད། གངས་ཆེན་མཚོ་རྒྱལ་གྱི་རྒྱུད་དང་དགུ། ཕྱག་གཉིས་པ་དང་བཅུ། ཕྱག་བཞི་པ་དང་བཅུ་གཅིག །རྒྱལ་བ་རྒྱ་མཚོའི་རྒྱུད་དང་བཅུ་གཉིས། ལས་མཐའི་རྒྱུད་དང་བཅུ་གསུམ། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་དང་བཅུ་བཞི། འཇིག་རྟེན་དབང་ཕྱུག་གི་རྒྱུད་དང་བཅོ་

p. 602

ལྔ། ཡིད་བཞིན་འཁོར་ལོའི་རྒྱུད་དང་བཅུ་དྲུག །མི་འཇིགས་སྐྱོབ་བྱེད་དང་བཅུ་བདུན། པདྨ་རྒྱལ་པོའི་རྒྱུད་དང་བཅོ་བརྒྱད། ཁ་སར་པཱ་ཎི་དང་བཅུ་དགུ། རྒྱལ་པོའི་བཀའ་འབུམ་དང་ཉི་ཤུ། སྤང་འོད་ཟེར་བླ་མས་མཛད་པའི་ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན་རྣམས་དང་། བླ་མ་དགོངས་འདུས་ནས་འཁོར་ལོའི་ཕན་ཡོན་རྣམས་དང་། གཞན་ཡང་རྒྱལ་བའི་བཀའ། སངས་རྒྱས་ཀྱི་གསུང་མདོ་རྒྱུད་ཀྱི་སྙིང་པོ་གྲུབ་ཐོབ་གོང་མ་རྣམས་ཀྱི་བསྟན་ཆོས། བླ་མ་སྤྲུལ་སྐུ་རྣམས་ཀྱི་ལུང་། མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་ཀྱི་མན་ངག །རྒྱུ་འབྲས་ལ་མཁས་པ་མང་པོའི་གསུང་སྒྲོས་རྣམས་ནས་ཕན་ཡོན་བརྗོད་ཀྱིས་མི་ལངས་ཏེ། སློབ་དཔོན་པདྨས་མ་འོངས་ལུང་བསྟན་ལས། ལྷོ་ནུབ་ཏུ་འབྱོན་ཁར་ངས་སྲིན་པོ་ཐམས་ཅད་ཐུལ་བའི་རྟགས་ལ། ས་ཡི་མཐར་ཡི་གེ་དྲུག་པའི་འཁོར་ལོ་དར་ནས་ཡོངས་ཏེ། དེ་དུས་འཁོར་ལོ་བསྐོར་བ་དང་། མཐོང་ཐོས་དྲན་རེག་དེའི་རླུང་ཕོག་ཚད་ཐམས་ཅད་བཀྲ་ཤིས་དོན་འགྲུབ་སྒྲིབ་པ་དག །མཐར་བྱང་ཆུབ་ཐོབ་པ་ལ་སོགས་པ་འཁོར་ལོ་འདིའི་ཕན་ཡོན་དཔག་ཏུ་མེད་པ་མཐོང་བས། བདག་གཞན་གྱི་དོན་ཚད་མེད་པར་འགྲུབ་ཐབས་སྣང་

p. 603

བས་རེག་པས་དོན་ཆེན་པོར་བསམ་སྟེ། གོང་གི་མདོ་རྒྱུད་བསྟན་ཆོས་གསུང་རབ་ཕན་ཡོན་ལུང་བསྟན་རྣམས་མཐོང་སྟེ། དེ་རྣམས་ལ་དཔང་པོ་བྱས་ནས་བློ་ཆུང་བ་རྣམས་ཀྱིས་གོ་བདེ་བ་དང་། ལོག་ལྟ་ཅན་དང་ཐེ་ཚོམ་ཅན་རྣམས་ཡིད་ཆེས་པའི་ཕྱིར་རང་གི་མཐོང་སྣང་དང་བཅས་པ་རྣམས་ཉུང་ངུར་བསྡུས་ནས་བྲིས་པ་ཡིན་ནོ། །ད་ལྟ་ཆོས་ཡིན་ཟེར་ནས། ལྷ་བཞེངས། རྟ་རྒྱུག་གཏམ་ཟློ།། སྟོན་ཤིད་བྱེད། བཀའ་འགྱུར་བསྟན་འགྱུར་མདོ་མང་འབུམ་དང་མདོ་ལ་སོགས་པ་འབྲི་ནས་དེ་ཡི་ཕྱོགས་སུ་སེམས་ཅན་མང་པོའི་སྲོག་པ། གཅོད་ནས་བཏང་སྟེ་ཆོས་སུ་རློམ་པར་སྣང་སྟེ། དེ་ནི་ཁྲག་མཚོ་དང་རྣག་མཚོའི་དཀྱིལ་ན་ཡི་གེ་བྲིས་པ་སྟེ། གསུང་རབ་ཁྱད་དུ་བསད་པ་མ་ཡིན་ཀྱང་། གོ་བ་ལོག་པར་སོང་སྟེ་སྡིག་པའི་རྣམ་སྨིན་ཤིན་ཏུ་ཆེའོ། །དེ་བས་འཁོར་ལོ་འདིའི་ཕྱིར་དུ་ཆང་གྲལ་དུ་ཁ་རྩོད་བྱེད་པ་ཙམ་གྱི་སྡིག་པ་ཡང་མི་འགྲོ། ཕྱི་མའི་དོན་ཆེན་པོ་ནི་འགྲུབ་། རྒྱུ་དངོས་པོ་མི་འགྲུབ་འགྲུབ་ཀྱང་མི་འགྲོ། ང་རྒྱལ་དང་དྲེགས་པ་མེད་པས་ལམ་དུ་འགྲོ་བ་ཡིན་ནོ། །ཆོས་ཡིན་ཟེར་ནས་སྡིག་པ་བྱས་པའི་སྟེང་དུ་ང་རྒྱལ་དང་དྲེགས་པ་ནི་ཆེ་བས་ཕྱི་མའི་དོན་ནི་མེད། དགེ་སྡིག་

p. 604

སྤེལ་མར་བྱས་པས་མགོ་བསྡུས་ཡིན། ཅེས་ཆོས་ཀྱི་རྒྱལ་པོས་གསུངས་སོ། །དེ་བས་ཚེ་ཕྱི་མའི་དོན་ལ་ཉ་ཚང་གྲོག་ཚང་གསན་པ་དང་། རྡོ་རྗེ་གཅོད་པ་ཚར་རེ་ཙམ་དང་། །འཁོར་ལོ་རེ་ཙམ་དང་། ཡི་གེ་དྲུག་པ་འབུམ་ཐར་རེ་ཙམ་དང་། བསྔོ་བ་སྨོན་ལམ་རེ་ཙམ་གྱིས་སྒྲིབ་པ་དག་པ་སྟེ། རྒྱུ་ཆུད་ཟོས་བྱེད་ནས་ལས་ངན་པའི་སེམས་ཅན་གྱི་དེ་འདྲ་མི་ཤེས་ཟེར་རྫུནས་མི་ཉན་པར་གདའ་བ་མ་གཏོགས་པ། འཁོར་ལོ་འདི་ངོ་བོ་དག་ཕན་ཡོན་ཆེ། རྒྱུ་འགྲུས་ཆུང་བས་རྣམ་སྨིན་མི་འགྲོ། ཁོ་ཐོན་མི་འཆགས། ངེས་དོན་མི་སྒྲིབ། ཞབས་ཏོག་སླ། སུས་ཀྱང་འགྲུབ། འགྲོ་འདུག་ཞོར་ལ་བསྐོར་བས་ཆོག །དགེ་རྩ་ཞོར་ལ་བསྒྲུབས་པས་ཆོག །ཕྱི་མའི་དོན་ཞོར་ལ་འོང་བའི་ཆོས་འདི་ཁོ་ན་ཡིན་པས་ཐམས་ཅད་ཀྱིས་ཉམས་སུ་ལོངས་ཤིག །གཞན་ལ་སྤེལ་ཅིག །སྤང་པོ་ཤི་ལོག་པའི་ཚེ་ཕྱི་མའི་དོན་དང་།་གཞན་ལ་ཨི་ཕན་བསམ་པ་མ་གཏོགས་པ། བཀའ་ལ་རས་ཆོད་དང་གཟུ་ལུམ་དང་། རང་བཟོ་ཆོས་མིན་གྱི་བྱ་བ་རང་འདོད་དང་།། རྒྱུ་ཟས་ཀྱི་འདོད་པ་འདྲེས་ན་མཁའ་འགྲོ་ཆོས་སྐྱོང་གིས་སྙིང་ཁྲག་དྲོངས་ཤིག །འཁོར་ལོ་འདི་ལྷ་འདྲེ་མི་གསུམ་ཁམས་གསུམ་སྲིད་པ་གསུམ་གྱི་

p. 605

མཐུན་སྣང་དུ་གྲུབ་ནས། ས་ཕྱོགས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ་ཁྱབ་ནས། ཆོས་དང་མི་མཐུན་པའི་ཕྱོགས་ལས་རྒྱལ་ཞིང་། འཇིག་རྟེན་ཁམས་ཐམས་ཅད་དུ་དར་ནས། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཡང་མདོ་རྒྱུད་དེ་དག་ཐམས་ཅད་ཀྱི་ནང་ནས། དམ་པ་ཆོས་ཀྱི་འཁོར་ལོ་གང་ཡིན་གང་མིན་དང་། ཚོད་བཟོ་བྱེད་པ་དང་། ཡོན་ཏན་ཨི་ཡོད་ཨེ་མེད་ཀྱི་ཐེ་ཚོམ་དང་། མི་དད་པ་དང་། འབར་བ་དང་། ཕྱིན་ཅི་ལོག་ཏུ་བསྐོར་བ་དང་། ཡབ་བསྐོར་ཡུམ་བསྐོར་མེད་པར་བསྐོར་བ་དང་། བར་བསྐོར་ལ་བར་རྒྱུར་བྱེད་པ་ལ་སོགས་པ་རྔ་མ་ཐོད་དཀྲིས་བྱེད་ནས་མི་མཉེས་པར་ཕྱག་དང་བཀུར་སྟིའི་གནས་མི་བྱེད་པ་དང་། གར་ཡིན་དུ་སྐྱུར་ནས་འགོམ་ཡུག་དང་བརྙས་ཆོས་བྱས་པ་དེ་ཡི་ཉེས་པ་སྨྱོ་བ་དང་། བརྒྱལ་བ་དང་། ཞ་ལོང་འོན་ལྐུགས་དང་། ན་ཚ་དང་། སྡུག་བསྔལ་བ་དང་། དགྲ་རྐུན་ཇག་གསུམ་དང་། གོད་ཁ་རྒྱུན་མི་འཆད་པ་འོང་ཞིང་། དབུལ་ཕོངས་དང་ཤི་ཆད་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་སྟེ། ཕྱི་མ་ཡང་དམྱལ་བར་འགྲོ། ཞེས་མདོ་རྒྱུད་དེ་དག་ནས་གསུངས་སོ། །དེས་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས། དད་པ་

p. 606

དང་དང་བ་དང་མོས་གུས་ཀྱིས་བསྐོར་ཅིག །ཤ་རུས་སྙིང་གསུམ་གྱི་སྒོ་ནས་ཕྱག་དང་བསྐོར་བ་ལ་འབད་པ་གལ་ཆེ། ཚེ་ཕྱི་མ་ལས་ངན་སྡིག་སྒྲིབ་ལ་བྲེད་པ་རྣམས་ཀྱི་སྙིང་གི་དཀྱིལ་དུ་འཆོང་ལ་ཉམས་སུ་ལོངས་ཤིག །བདུད་བཞིའི་དགྲ་ལས་རྒྱལ་བའི་འཁོར་ལོ་འདིས། །ལོག་ལྟ་མཐའ་ཡས་མ་ལུས་གཅོད་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་དགོངས་པ་ཡོངས་རྫོགས་ནས། །སྲིད་གསུམ་འཁོར་བ་མ་ལུས་དོང་སྤྲུགས་ཤོག །ད་རེས་འཁོར་ལོ་འདི་ལ་བྱང་ལྡེབ་བརྒྱ་རྩ་བརྒྱད་ནང་གི་ཡི་གེ་དྲུག་པ་བདུན་སྟོང་ཉིས་བརྒྱ་ཡོད། སྨོན་ལམ་ཉིས་བརྒྱ་བཅུ་དྲུག་ཡོད། ཡབ་འཁོར་ཡུམ་འཁོར་གཉིས་ལ་སྔགས་ཚན་བཞི་བཅུ་ཞེ་དྲུག་ཡོད། ཆོས་ཀྱི་བརྩེགས་པ་ཡིན་པས་ཀུན་གྱིས་ཉམས་སུ་ལོངས་ཤིག །ཆོས་འདི་བས་ཡོན་ཏན་དང་སྟོབས་ཆེ་བ་ཟབ་པ་ངས་མ་མཐོང་། ངེད་རང་ཆོས་པ་ལ་འབར་བའི་བདུད་བྱ་བ་ཡོད་དེ་བླ་མའི་སྤྱོད་པ་འདྲ་བས་མི་ནག་ཕོ་མོའི་ནང་དད་མི་སྔོན་དུ་བཟང་བཟང་ལྟར་བྱེད་ཅིང་བློ་ཕུག་ཆགས་སྡང་རྨོངས་གསུམ་དང་ཚེ་འདི་ཡི་བྱ་བ་ཆོས་བརྒྱད་དང་། སྙན་གྲགས་ཟས་ནོར་ལ་བློ་ཕུག་གཏད་ཅིང་། ཁ་ནས་ཟས་མི་འདོད་ཟོག་དང་ཉེ་དུ་མི་འདོད་སེམས་ཅན་རྣམས་སྙིང་རེ་རྗེ་ཟེར་བའི་

p. 607

བདུད་ཁ་ཅིག་དག་གིས་འཁོར་ལོ་བསྐོར་བ་ལ་ཡོན་ཏན་མེད་པའི་སྟེང་དུ་སྐྱོན་འདི་དག་ཡོད་ཟེར་བ་འོང་སྟེ་དེ་ནི་འབྱུང་པོ་ཡི་དྭགས་ནང་དུ་བཏུམ་ནས་བནྡྷེའི་ཆས་སུ་ཞུགས་ཏེ་བར་ཆད་བྱེད་དུ་འོང་བས་ཐམས་ཅད་ཀྱིས་ཡིད་ལ་བཞག་ནས་བར་ཆད་ཀྱི་དབང་དུ་མ་སོང་བ་གལ་ཆེ། ཀུ་སུ་ལུ་པས་དམྱལ་ཁམས་བཅོ་བརྒྱད་འགྲིམས་པའི་དུས་ལུས་ངག་གི་དགེ་སྦྱོར་ཚིག་ལ་འཁོར་ལོ་འདི་ལས་ཡོན་ཏན་ཆེ་བ་མི་འདུག་པས། རྒྱལ་ཁམས་སུ་ཨི་ཕན་བསམས་ནས་བཀོད་པའོ། །བདུད་དང་མུ་སྟེགས་ཀྱི་དབང་དུ་མ་སོང་བར་ཉམས་སུ་ལོངས་ཤིག སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པདྨ་གླིང་པའི་ཆུ་འཁོར་རྒྱ་མཚོ་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུད་ལས། གང་ཞིག་བྱང་སེམས་ལྡན་པ་ཡིས༔ སྐྱེས་བུ་བློ་གྲོས་སྟོབས་ལྡན་གྱིས༔ ཡིག་དྲུག་གླེགས་བམ་ཆེན་པོ་བཞེངས༔ བསྐྱེད་རིམ་རབ་གནས་མངའ་གསོལ་ནས༔ ཆུ་འམ་རླུང་ངམ་ལག་པས་བསྐོར༔ ངེས་པར་འཁོར་བ་ཕྱིར་བསྙིལ་ཞིང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ དེ་ཡི་ཡོན་ཏན་བརྗོད་མི་ནུས༔ ཞེས་གསུངས་སོ༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་འཁོར་ལོའི་

p. 608

རྒྱུད་ལས༔ སེམས་དཔའ་ཆེན་པོའི་རྣལ་འབྱོར་གྱིས༔ ཐབས་ཀྱི་འགྲོ་དོན་བྱེད་འདོད་ན༔ རིན་ཆེན་སྣ་ལྔའི་གླེགས་བམ་བྲི༔ རྒྱུན་འབབ་ཆུ་ལ་བསྐོར་བ་ནི༔ དེ་ཡི་ལས་སྒྲིབ་མྱུར་དུ་འདག༔ མཐོ་རིས་ཐར་པའི་ཐེམ་སྐས་འཇུག༔ ཅེས་གསུངས་སོ༔ ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྒྱུད་ལས༔ བྱང་སེམས་སྐྱེས་བུ་གང་ཟག་གིས༔ ཡིག་བདུན་འཁོར་ལོ་མང་བཞེངས་ནས༔ འབྱུང་བ་བཞི་ལ་བསྐོར་བ་ན༔ ཕྲིན་ལས་གང་འདོད་མྱུར་དུ་འགྲུབ༔ ཁྱད་པར་རྒྱུན་ཆད་མེད་པ་ཡི༔ ལུས་ལ་བསྐོར་ན་ཡང་དག་འགྲུབ༔ ཅེས་གསུངས་སོ། ཨོ་རྒྱན་གྱིས་གསུངས་པ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་འདོད་པས་འཁོར་ལོ་འདི་ལ་འབད་པར་གྱིས་ཤིག །མཚམས་མེད་པ་ལྔ་ཡི་སྡིག་པ་ཡང་འདིས་འདག་པར་འགྱུར་རོ། །ཨེ་མ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ བོད་ཡུལ་ཁ་བ་ཅན་གྱི་ལྷ་ཡིན་ཀྱང་༔ ཁྱད་པར་ཆོས་འདི་ཁམས་ཀོང་ཕྱོགས་སུ་དར༔ ཡིག་དྲུག་བསྟན་པ་མདོ་ཁམས་ཕོ་མོས་བཟུང་༔་ཞེས་གསུངས་སོ༔ ༧ འཁོར་ལོའི་ཕན་ཡོན་འདི་རྗེ་ཚིགས་མེད་རིན་པོའི་ཕྱག་བྲིས་དཔེ་རྒྱུན་ལས་སོ།། །།

ཕྱག་འཚལ་བའི་དབྱེ་བ་དང་བཤད་པ་ཕན་ཡོན་འགྱུར་ཡོད་ཚུལ་དུས་གནད་ཕྱག་གི་གཟུངས་དང་བཅས་པ།

p. 609

ཕྱག་འཚལ་བའི་དབྱེ་བ་དང་བཤད་པ་ཕན་ཡོན་འགྱུར་ཡོད་ཚུལ་དུས་གནད་ཕྱག་གི་གཟུངས་དང་བཅས་པ་བཞུགས་སོ། །

p. 610

ན་མོ་ལོ་ཀི་ཤྭ་ར་ཡ། ཨོཾ་མ་ཎི་པདྨེ་ཧཱུྃ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཕྱག་གི་རྣམ་དབྱེ་ཕན་ཡོན་བཅས་པ་བྲི། དེ་ཡང་རྒྱ་གར་ཤར་ན་གྲགས་ཆེ་བ་དཀྱིལ་འཁོར་ལྔ་པའི་ཕྱག་དང་། བྱིན་པ་ནས་འཁྱུད་པའི་ཕྱག་གཉིས་ཡོད་དེ། དཀྱིལ་འཁོར་ལྔ་པའི་ཕྱག་ནི་མགོ་བོ་དང་ལག་མཐིལ་གཉིས་དང་པུས་མོ་གཉིས་ས་ལ་བཙུགས་པ་འདི་ཡིན་ནོ། །བྱིན་པ་ནས་འཁྱུད་པའི་ཕྱག་ནི་བྱང་ཆུབ་སེམས་དཔའ་འམ་དགེ་སློང་དགྲ་བཅོམ་པས་བླ་མ་ལ་དད་ཅིང་གུས་པས། ཞབས་ཀྱི་བྱིན་པ་གཉིས་ནས་ལག་པ་འཇུས་པུས་མོ་ལ་ཐོད་པ་གཏུགས་པ་དེ་ཡིན་ནོ། །ཡང་

p. 611

ལུས་ངག་ཡིད་གསུམ་གྱི་ཕྱག་གསུམ་ཡོད་དེ། ལུས་ཀྱིས་གུས་པས་ཕྱག་འཚལ་བ་ལུས་ཀྱི་ཕྱག །ངག་གིས་ཕྱག་འཚལ་བ་བརྗོད་པ་ངག་གི་ཕྱག །ཡིད་ཀྱིས་ཕྱག་འཚལ་བ་བསམ་པ་ཡིད་ཀྱི་ཕྱག་ཡིན་ཏེ། འདུལ་བ་ལུང་ལས། མུན་པ་ནང་དུ་མགོ་བོ་སར། །གཏུགས་ཏེ་བླ་མར་ཕྱག་མི་བྱ། །དེར་ནི་ངག་གི་ཕྱག་བྱའམ། །ཞེས་གསུངས་ཏེ། དགེ་སློང་མུན་ནག་ནང་དུ་ལུས་ཀྱི་ཕྱག་འཚལ་བས། དཔྲལ་བ་ལ་ཚེར་མ་ཟུག་པ་དང་མི་གཙང་བ་འགོས་པར་གྱུར་པས་དེ་ཕྱིར་སྟོན་པས་བཀག་པ་ཡིན་ནོ། །ལག་པ་ཐལ་མོ་སྦྱར་བ་ཙམ་དང་། མགོ་བོས་གུག་གུག་བྱེད་པ་

p. 612

ཙམ་དང་། ཐལ་མོ་ཡ་གཅིག་བསླང་ཙམ་དང་། གུས་པས་ལུས་ཞུང་ཞུང་བྱེད་པ་ཙམ་ཡང་ཕྱག་གོ་ཆོད་ཅིང་ཕན་ཡོན་ཡོད་དོ། །དམ་པའི་ཆོས་པདྨ་དཀར་པོ་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱེད་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཎྞཾཐོབ། །ཅེས་དང་། མདོ་སྡེ་བསྐལ་བཟང་ལས། ཐལ་མོ་ཡ་གཅིག་བསླང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་སོ། །དེ་རྣམས་ཕྱི་མདོ་ལུགས་ཀྱི་ཕྱུག་ཡིན་ལ། ནང་སྔགས་ལུགས་ཀྱི་ཕྱག་འཚལ་ལུགས། ཨོ་རྒྱན་རིན་པོ་ཆེས། བླ་མ་དགོངས་འདུས་ཀྱི་ཕྱག་འཚལ་ཆོ་ག་ལས། དེ་ལྟར་ཕྱག་འཚལ་རྒྱ་ཡི་རིམ་པ་རྣམས། །ཕྱི་ལྟར་བེར་ཕོད་ཆོས་གོས་ལྡིང་ཐབས་བཅས། །སྙན་པའི་དབྱངས་དང་གུས་པའི་ཚུལ་ཉིད་ཀྱིས། །ལུས་ཀྱི་གནས་ལྔ་ས་ལ་ཕབ་ཅིང་འཚལ། །ནང་ལྟར་ཁ་ལག་གདོང་

p. 613

བཀྲུས་ཆས་ཀྱིས་བརྒྱན། །མཛེས་ཤིང་ཡིད་འོང་གོས་ཀྱིས་སྤྲས་བྱས་ཏེ། །ལྷ་ཡི་ཕྱག་མཚན་གང་རིགས་ལག་ཏུ་ཐོགས། །གར་སྟབས་དབྱངས་སྙན་གྱེར་སྟབས་སྤྱད་ཅིང་འཚལ། །གསང་བ་ལྟར་དུ་མཆེད་དང་ལྕམ་དྲལ་རྣམས། །བླ་མ་ལྷ་དང་དཀྱིལ་འཁོར་ཚོགས་གྲལ་དུ། །ལུས་ཉིད་གཅེར་བུར་ཕྱུང་ཞིང་སྨྲེ་ངག་བཅས། །གནོང་འགྱོད་སེམས་ཀྱིས་ལུས་རྡེབ་བརྐྱངས་ཕྱག་འཚལ། །ཞེས་གསུངས་སོ། །དེ་ལ་བརྐྱངས་ཕྱག་འཚལ་ལུགས་ནི། ས་གཞི་འཇམ་ཞིང་རྡོ་དང་ཚེར་མ་མེད་པར་རླུང་བཟུང་ནས་བར་སྣང་ལ་གྲུ་གང་ངམ་མདའ་གང་འཕར་ནས། ལུས་ཁ་སྦུབ་ཏུ་ས་ལ་བརྡབས་ནས། ལག་པ་གཡས་བརྐྱང་བ་ས་ལ་ལན་གསུམ་བརྡབ། ལག་གཡོན་བརྐྱང་བ་ལན་གསུམ་བརྡབ། །ཐོད་པ་ལན་གསུམ་བརྡབ། རྐང་པ་གཡས་ས་ལ་ལན་གསུམ་བརྡབ། རྐང་པ་གཡོན་ས་ལ་ལན་གསུམ་བརྡབ་པ་བརྐྱང་ཕྱག་གཅིག་ཡིན་ཅིང་། འདི་དམ་ཚིག་ཉམས་ཆག་བཤགས་པའི་ཕྱག་ཡིན་ཏེ་།་ནག་རཀ་དོང་སྤྲུགས་ལས། རྣལ་འབྱོར་ཕོ་མོ་རྣམས་ཀྱིས་བརྐྱངས་ཕྱག་ལན་སྟོང་འཚལ་ཞིང་ཞེས་དང་། དྲི་མེད་བཤགས་རྒྱུད་ལས། ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་འཚལ་

p. 614

ལོ། །ཞེས་གསུངས་པ་དང་། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏེ། རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཆུང་བ་རྣམས་ཀྱིས་ཉམས་ཆག་བསྐང་ཞིང་བཤགས་པའི་ཐབས་ནི་བཞུགས་སོ། །དེ་ཡི་ཐབས་ནི། རྡོ་རྗེ་སློབ་དཔོན་ཡི་དམ་གྱི་ལྷ་དང་། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་གནས་པའི་རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་དམིགས་ཏེ། མཚན་ནས་བརྗོད་ཅིང་ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་འཚལ་བ་ནི་འབྱོང་བའི་ཐབས་ཡིན་ནོ། །ཞེས་གསུངས་སོ། །བརྐྱང་ཕྱག་འདི་རླུང་འབྱོང་བ་མེད་ན་ཆག་གྲུག་སྨས་འོང་བས་མི་བྱའོ། །དེ་རྣམས་ནི་ཕྱི་ལུས་གཙོ་ཆེ་བ་རྟེན་འབྲེལ་གྱི་ཕྱག་ཡིན། ནང་ཏིང་ངེ་འཛིན་གཙོ་ཆེ་བ་དོན་གྱི་ཕྱག་ནི། སྟོང་པ་ཉིད་ཀྱི་དབང་པོ་བསྒོམ་པ་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཅེས་གསུངས་སོ། །ཡང་སངས་རྒྱས་དངོས་ལ་ཕྱག་དང་མཆོད་པ་བྱེད་པ། སངས་རྒྱས་དངོས་སུ་མི་བཞུགས་ཀྱང་ཡིད་ཀྱིས་དམིགས་ནས་

p. 615

ཕྱག་འཚལ་མཆོད་པ་བྱས་པ་ཡང་བསོད་ནམས་མཉམ་སྟེ། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ལ་གསོལ་ལ་སོགས། །མངོན་སུམ་མངོན་སུམ་མིན་པར་མཆོད་། །ཅེས་གསུངས། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ། ང་འདུག་ས་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་ལྟ་ཞོག །ང་ཡོངས་སུ་མྱ་ངན་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་ཡང་བསྟི་སྟང་བྱེད་པ་ཡང་ལྟ་ཞོག །ངའི་ཕྱིར་མཆོད་རྟེན་བྱ་བ་དང་། གང་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ། གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་འདས་པར་ང་སྨྲའོ། །ཞེས་གསུངས་ཀྱང་། བླ་མ་དང་མཆོད་རྟེན་ཁྱད་པར་ཅན་ལ་རྩ་བ་དྲུང་ནས་ཕྱག་འཚལ་བ་དང་། ཐག་རིང་ནས་ཕྱག་འཚལ་བ་ཡང་བསོད་ནམས་མཉམ་སྟེ༔ ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོལ་མའི་ཞལ་ནས། སེམས་མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། ཅེས་གསུངས། དེ་ལྟར་ཕྱག་ལ་རྣམ་གྲངས་མང་ན་ཡང་། མདོ་སྔགས་

p. 616

གཉིས་ཀ་ནས་གསུངས་ཤིང་ཡོངས་སུ་གྲགས་པ་གནས་ལྔ་ས་ལ་བཙུགས་པའི་ཕྱག་ནི་མཆོག་ཡིན་ནོ། །ཕྱག་གི་ཕན་ཡོན་ནི། སངས་རྒྱས་ལ་དང་བའི་སེམས་ཀྱིས་ཐལ་མོ་སྦྱར་ན། མཆོག་ཏུ་བྱུང་བ་བརྒྱད་ཐོབ་པ་ནི། གཟུགས་མཆོག་ཏུ་བྱུང་བ་དང་། གཡོག་འཁོར་མཆོག་ཏུ་བྱུང་བ་དང་། ཚུལ་ཁྲིམས་མཆོག་ཏུ་བྱུང་བ་དང་། ལྷ་དང་མི་ཡི་སྐྱེ་བ་མཆོག་ཏུ་བྱུང་བ་དང་། དད་པ་མཆོག་ཏུ་བྱུང་བ་དང་། སྤོབས་པ་མཆོག་ཏུ་བྱུང་བ་དང་། འཕགས་ལམ་མཆོག་ཏུ་བྱུང་བ་དང་། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཐོབ་པར་གསུངས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོ་བོས་བཏུད་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་རྟག་ཏུ་བཀུར་བའི་གནས་སུ་འགྱུར། །ཞེས་གསུངས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས་ཕྱག་འཚལ་བའི་ཕན་ཡོན་རྒྱས་པ་ནི། ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤང་། །སངས་རྒྱས་འབྱུང་ཉིད་རབ་མཛེས་པ། །མཉེས་པར་བྱེད་པའི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་

p. 617

ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མེ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྟོན་པ། །གླིང་བཞི་དག་ནི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །ས་ཡི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐིང་མི་འགྱུར། །གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་

p. 618

སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡང་བསྟི་སྟང་བྱེད་པ་ནས། །གང་ཞིག་ཕྱིས་དུས་མི་ཟད་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་བསོད་ནམས་ཆེས་མང་ངོ་། །འཇིག་རྟེན་སངས་རྒྱས་འབྱུང་བ་མོས་སྐྱེད་དེ། །སྟོན་པའི་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །འཇིག་རྟེན་དག་ན་བླ་མར་བཀུར་བསྟི་བྱེད། །དེ་ནི་མཛེས་ཤིང་ལྟ་ན་སྡུག་པར་འགྱུར། །དེང་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟེང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན། །དེ་ཡི་ཡུལ་དུ་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །དེས་ནི་ངན་སོང་པ་ཡང་རྣམ་པར་སྤངས། །དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་བསྐྱེད། །སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན། །དེ་ལ་སུ་ཡང་དབང་ཕྱུག་མེད་མི་བྱེད། །སྐྱེ་བོ་ཚོགས་ཆེན་དག་གིས་ལྟ་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་

p. 619

ལག་ལྡན། །སངས་རྒྱས་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ནའང་མི་ཡི་རྒྱལ་པོར་འགྱུར། །དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྷུང་། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤངས། །ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར། །ཡོན་ཏན་ལྡན་ལ་ཚིག་གཅིག་སུས་སྨྲ་བ། །དེ་ནི་མི་རིགས་སྔགས་ལ་གཞིར་མི་སྤྱོད། །མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར། །དེ་ལ་སེམས་ཅན་མི་ངོ་དགའ་བར་འགྱུར། །ཞེས་གསུངས་སོ། །དེ་ལ་སངས་རྒྱས་ཀྱི་མཆོད་རྟེན་དངོས་ནི། སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་ཡིན་ལ། རིང་བསྲེལ་ལ་ཡང་རིགས་ལྔ་ཡོད་དེ། ཡུངས་དཀར་ལྟ་བུའི་རིང་བསྲེལ་ནི་འཕེལ་གདུང་ཡིན། སྐུ་གདུང་གི་རིང་བསྲེལ་ནི་གདུང་རུས་ཤངས་མཚལ་ཕྱག་སེན་ཞབས་སེན་རྣམས་ཡིན། སྐུ་བལ་གྱི་རིང་བསྲེལ་ནི་དབུ་ལོ་དང་ན་བཟའ་བཞུགས་གདན་དུམ་བུ་ཡིན་ནོ། །གཟུངས་སྔགས་ཀྱི་རིང་བསྲེལ་ནི་གཟུངས་སྔགས་བྲིས་པའི་ཤོག་དྲིལ་ལྟ་བུ་ཡིན་ལ། དེ་

p. 620

གཟུངས་སྔགས་ནི་ནང་གཞུག་ཐམས་ཅད་ལ་ཡོད་པས། མཆོད་རྟེན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཆོད་རྟེན་ཡིན་ནོ། །མཆོད་རྟེན་དེ་ན་དངོས་སུ་མེད་ནའང་། རྒྱ་གར་དང་ཙཱ་རི་སོགས་ན་ཡོད་པའི་རང་བྱོན་གྱི་མཆོད་རྟེན་རྣམས་དེར་བཞུགས་པར་བསྒོམས་ནས་ཕྱག་འཚལ་ན། དངོས་སུ་འཚལ་བ་དང་བསོད་ནམས་མཉམ་མོ། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པས། ནམ་མཁས་གར་ཁྱབ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་མ་ཁྱབ་པ་མེད་པར། གསང་བ་བསྟན་པའི་མདོ་ནས་གསུངས་སོ། །ཡང་ཕྱག་འཚལ་བས་དམ་ཚིག་ཉམས་པ་དང་དམ་ཚིག་ཆག་པ་ཐམས་ཅད་ཀྱང་དག་པར་གསུངས་ཏེ། ན་རཀ་དོང་སྤྲུགས་ཀྱི་རྒྱུད་ཆེན་པོ་ལས། སྒྲུབ་པ་བཀའ་བརྒྱད་ཀྱི་རིག་འཛིན་དང་བཅས་པ་རྣམས་ལ་ཕྱག་འཚལ་བས། ཉམས་ཆག་མ་ལུས་ཀུན་བྱང་ནས། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པས། བཀའ་བརྒྱད་རྩ་བའི་རྒྱུད་ལས།་གསང་བ་འདུས་པ་དང་ཞི་ཁྲོ་གསང་བའི་སྤང་སྐོང་སོགས་ཚིག་ཕལ་ཆེར་མཐུན་པར། གང་ཞིག་རྒྱལ་བ་ཞི་ཁྲོ་

p. 621

ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆག་མ་ལུས་ཀུན་བྱང་ན། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས། དེ་ཡན་སྤྱིར་ཕྱག་གི་ཕན་ཡོན་ཡིན་ལ། ཁྱད་པར་ལྟུང་བཤགས་ཀྱི་ལྷ་རེ་རེ་ལ་ཕྱག་འཚལ་ན་སྡིག་པ་སོ་སོར་དག་ལུགས་མཁན་པོ་བྷོ་དྷི་སཏཱས་རྒྱ་ཆེར་གསུངས་པ་དང་། གཞན་ཡང་སངས་རྒྱས་བྱང་སེམས་རེ་རེ་ལ་ཕྱག་འཚལ་བའི་ཕན་ཡོན་མཚན་ཆེན་ཡོངས་གྲགས་དང་མཚན་ཆུང་དང་ངོ་མཚར་ཅན་གྱི་མཚན་བརྒྱད་སོགས་སུ་ཇོ་བོ་རྗེས་རྒྱ་ཆེར་གསུངས་པ་ནི་བྲིར་མི་ལོང་ལ། ཕྱག་ཕུལ་བའི་འགྱུར་ཕུལ་དུས་ཀྱི་འགྱུར་ཕུལ་མཁན་གྱི་འགྱུར་ཕུལ་ལུགས་ཀྱི་འགྱུར་ཅུང་ཟད་བཤད་ན། རིག་པ་མཆོག་གི་རྒྱུད་ལས། དེ་བཞིན་གཤེགས་པ་འབུམ་ཕྲག་གངྒཱའི་ཀླུང་གི་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས། རིག་པའི་རྒྱལ་པོ་ཆེན་པོ་མཆོག་ཕྱག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ལས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་བརྗོད་ཅིང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ན་

p. 622

ཕན་ཡོན་ཤིན་ཏུ་ཆེའོ། །པདྨ་དཀར་པོའི་མདོ་ལས། གང་ཞིག་སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ན་བཟའ་དང་བསོད་སྙོམས་དང་མལ་ཆ་དང་། སྙན་གྱི་གསོས་སྨན་དག་དང་། ཡོ་བྱད་རྣམས་ཀྱིས་མཆོད་པའི་བསོད་ནམས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ནས་བརྗོད་ཅིང་ཕྱག་འཚལ་བ་གཉིས་བསོད་ནམས་མཉམ་པར་གསུངས་པའི་ཕྱིར། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་བརྗོད་ཅིང་ཕྱག་འཚལ་ན་ཕན་ཡོན་ཤིན་ཏུ་ཆེའོ། །ཕྱག་འཚལ་བའི་དུས་ནི་ཆོ་འཕྲུལ་ཆེན་པོ་ཞེས་བྱ་བ། སྟོན་པས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་དུས། ས་སྒང་དུས་བཟང་ནི་ཚེས་གཅིག་ནས་ཉ་ཡི་བར་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། རམ་ཟླའི་ཚེས་བཞི་དང་། ལྷ་ལས་བབ་པ་ཞལ་བཞེས་དུས་ཡུངས་བརྐོ་ཟླ་བའི་བཅོ་ལྔ་དང་། ལྷ་ལས་བབ་པའི་དུས་ཡུངས་བརྐོ་ཟླ་བའི་ཉི་ཤུ་གཉིས་རྣམས་ལ་ཕྱག་གཅིག་ཕུལ་ན། ཕྱག་འབུམ་ཐེར་རེར་འགྱུར་རོ། །སྟོན་པ་ལྷུམས་སུ་ཞུགས་པ་དང་རབ་ཏུ་བྱུང་བ་དང་སངས་རྒྱས་པའི་དུས་གསུམ་འཛོམས་པས། རྣམ་གསུམ་འཛོམ་པའི་དུས་ཞེས་བྱ་བ་བྱ་གྲག་ཟླ་བའི་ཚེས་བཅོ་ལྔ་ལ་ཕྱག་གཅིག་འཚལ་ན་

p. 623

འབུམ་ཐེར་གསུམ་ཡིན་ནོ། །དེ་རྣམས་ནི་འདུལ་བ་ལུང་དང་མདོ་སྡེ་མང་པོ་ནས་བཤད་པས་ཐེ་ཚོམ་མེད་དོ། །ཡང་རྟ་ཆེན་ཟླ་བ་ཞེས་པ་ས་སྒང་དུས་བཟང་གི་ཚེས་གཅིག་ཉི་དྲོས་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་འབུམ་ཁྲིའི་སྡིག་པ་དག་གོ །གདུ་གུ་ཟླ་བ་ཞེས་པ་དབྱར་མཆོད་ཀྱི་ཚེས་དགུའི་ཉིན་ཕྱེད་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་འབུམ་ཁྲིའི་སྡིག་པ་དག་གོ །གྲེ་ཡི་ཟླ་བ་ཞེས་པ་གོ་བོ་ཕུག་ཟླའི་ཚེས་དྲུག་ཉི་མ་ཕྱེད་ལ་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ་བྱ་སྦོའི་ཟླ་བ་ཞེས་པ་ཆབ་མདོ་དུས་བཟང་གི་ཚེས་དྲུག་གི་ཉིན་ཕྱེད་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ །ཕན་ཡོན་དེ་རྣམས་ས་ཡི་སྙིང་པོས་ཞུས་པའི་མདོ་ནས་གསུངས་སོ། །ཤར་དུ་ཕྱག་འཚལ་དུས་ཤར་རྡོ་རྗེ་སེམས་དཔའ་འཁོར་བཅས་ལ་དམིགས་ནས་འཚལ་བ་གལ་ཆེའོ། །དུས་ཚོད་དེ་རྣམས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ན་སངས་རྒྱས་རྡོ་རྗེ་སེམས་དཔའི་དྲུང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཚོགས་ནས། སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད་པས་

p. 624

ཕན་ཡོན་ཆེ་བ་ཡིན་ནོ་གསུངས་སོ། །དེ་དག་ནི་དུས་ཀྱི་འགྱུར་ཡིན་ལ། གང་ཟག་གི་འགྱུར་ནི་སྐྱེ་བོའི་ཕྱག་འབུམ་ཕྲག་གཅིག་དང་། བྲམ་ཟེ་གཙང་མ་གཅིག་གི་ཕྱག་གཅིག་དང་མཉམ་མོ། །བྲམ་ཟེ་ནི་བོད་ན་མེད་དེ་རྒྱ་གར་ན་ཡོད་པས་ལྷ་ཚངས་པའི་ཆོས་ལུགས་བཟུང་ནས་ཤ་ཁྲག་མི་ཟ། སྡིག་པ་ཅི་ཡང་མི་བྱེད་གཙང་སྦྲ་ཁོ་ན་བྱེད་ཅིང་ལྷ་ཚངས་པ་ལ་སྦྱིན་སྲེག་གི་མཆོད་པ་བྱེད་མཁན་གྱི་རིགས་ཤིག་ཡོད་སྐད། བྲམ་ཟེའི་ཕྱག་འབུམ་ཐེར་གཅིག་དང་བནྡེ་གཙང་མའི་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ་མོ། །བནྡེ་གཙང་མ་བརྒྱ་དང་། དགེ་ཚུལ་གྱི་ཕྱག་གཅིག་བསོད་ནམས་མཉམ། དགེ་ཚུལ་གྱི་ཕྱག་བརྒྱ་དང་། དགེ་སློང་གཙང་མའི་ཕྱག་གཅིག་བསོད་ནམས་མཉམ། དགེ་སློང་གཙང་མའི་ཕྱག་འབུམ་ཐེར་གཅིག་དང་ཕྱག་རྒྱ་ཆེན་པོའི་དོན་ངེས་པར་རྟོགས་པའི་གང་ཟག་གིས་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ་སྟེ། སྐྱེ་བོ་ཕལ་པ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཚུལ་ཁྲིམས་ལྡན་པ་སྟོང་ཕྲག་བརྒྱ། །ཡེ་ཤེས་ལྡན་པ་གཅིག་ལ་སྦྱར། །ཞེས་གསུངས་སོ། །འདི་ཡི་དོན་མདོ་རྒྱུད་དང་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་གསུངས་སོ། །ཕུལ་ལུགས་

p. 625

ཀྱི་འགྱུར་ནི་རང་གི་དོན་དུ་ཕུལ་བ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕུལ་བ་བསོད་ནམས་ཆེ། དད་གུས་མེད་པར་ཕུལ་བ་བས། དད་པ་རྩེ་གཅིག་གིས་ཕུལ་བ་བསོད་ནམས་ཆེ། ཡེངས་ཤིང་ཕུལ་བ་བས། མ་ཡེངས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ནས་ཕུལ་ན་བསོད་ནམས་ཆེ། དེ་བས་ཀྱང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དང་མ་བྲལ་བར་ཕུལ་ན་བསོད་ནམས་ཆེའོ། །སྔགས་ཀྱི་འགྱུར་ནི། ཕྱག་གི་གཟུངས་བཅོམ་ལྡན་འདས་ཀྱིས་གསུངས། ན་མོ་མཉྫ་ཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། སྔགས་འདི་ལན་གསུམ་བརྗོད་ནས་ཕྱག་འཚལ་ན་ཕྱག་བྱེ་བ་གཅིག་ཏུ་འགྱུར་རོ། །འདི་ཇོ་བོ་རྗེས་ཀྱང་གསུངས་པས་གྲྭ་ས་ཆེན་པོ་ན་དར་བས། སྔགས་འདི་ཡང་དག་པར་ཡོད་པས་ཡིད་ཆེས་སོ། །གཞན་ཡང་མདོ་རྒྱུད་མན་ངག་དུ་མ་ནས་ཕྱག་གི་ཕན་ཡོན་གསུངས་པ་ཚིག་ཉུང་ངུར་བསྡུས་ནས་བརྗོད་ན། རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ན། །ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེ་བར་འགྱུར། །དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ན། །ངན་སོང་གསུམ་གྱི་སྡུག་བསྔལ་སྐྱོབ་པར་འགྱུར། །ཀུན་རིག་རྣམ་སྣང་

p. 626

མཛད་ལ་ཕྱག་འཚལ་ན། །ཚེ་འདས་ངན་སོང་གནས་ནས་ཐར་བར་འགྱུར། །སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ན། །འཇིགས་པ་ཀུན་ཞི་ལས་ཀྱི་སྒྲིབ་པ་དག །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ན། །ཚེ་འདིར་ཚེ་རིང་ཕྱི་མ་ཞིང་ཁམས་བརྗོད། །འཇམ་པའི་དབྱངས་ལ་དྲན་པར་ཕྱག་འཚལ་ན། །ཤེས་རབ་འཕེལ་ཞིང་ཕྱི་མ་མཁས་པར་སྐྱེ། །བཅོམ་ལྡན་ཤཱཀྱ་ཐུབ་ལ་ཕྱག་འཚལ་ན། །འཁོར་བ་མཐའ་ཡོད་ནམ་ཞིག་བྱང་ཆུབ་ཐོབ། །སངས་རྒྱས་སྨན་གྱི་ལྷ་ལ་ཕྱག་འཚལ་ན། །ཚེ་འདིར་ནད་ཉུང་ཕྱི་མ་ངན་སོང་སྤང་། །སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་དེ་ལ། །ཕྱག་འཚལ་དགྲ་དང་ཁ་མཆུ་ཞི་བར་འགྱུར། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ན། །འཇིགས་པ་ཀུན་ཞི་རིགས་དྲུག་སྡུག་བསྔལ་སྐྱོབ། །ཕྱག་ན་རྡོ་རྗེ་ལ་ནི་ཕྱག་འཚལ་ན། །བགེགས་རིགས་གནོད་བྱེད་ཀུན་ཞི་བསོད་ནམས་འཕེལ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ། །རྩེ་གཅིག་ཕྱག་འཚལ་ལོ་ནི་ལེགས་པར་འགྱུར། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ན། །གོད་ཁ་ཞི་ཞིང་ནོར་རྣམས་འཕེལ་བར་འགྱུར། །ཛམ་བྷ་ལྷ་ལ་རྩེ་གཅིག་ཕྱག་འཚལ་ན། །ནོར་དང་ལོངས་

p. 627

སྤྱོད་ཤུགས་ཀྱིས་འཕེལ་བ་ཡིན། །ཨོ་རྒྱན་པདྨ་ལ་ནི་ཕྱག་འཚལ་ན། །ལྷ་འདྲེའི་གནོད་པ་ཀུན་ཞི་ཐར་པ་ཐོབ། །སོ་སོར་འབྲང་མ་ལ་ནི་ཕྱག་འཚལ་ན། །བྱིས་མི་འཆི་བུ་ཚ་འཕེལ་བ་ཡིན། །སྒྲོལ་མ་སྔོན་མོ་ལ་ནི་ཕྱག་འཚལ་ན། །འཇིགས་པ་བརྒྱད་དང་བཅུ་དྲུག་ཐམས་ཅད་ཞི། །སྒྲོལ་མ་དཀར་མོ་ལ་ནི་ཕྱག་འཚལ་ན། །ཚེ་དང་བསོདནམས་ཡར་ངོའི་ཟླ་ལྟར་འཕེལ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ན། །ཇག་རྐུན་འཕྲོག་བཅོམ་ཐམས་ཅད་མི་འབྱུང་ངོ་། །རྡོ་རྗེ་སེམས་དཔའ་རྡོ་རྗེ་མཁའ་འགྲོ་ལ། །ཕྱག་འཚལ་ཤར་དུ་སོང་ན་བསམ་དོན་འགྲུབ། །རིན་ཆེན་འབྱུང་ལྡན་རིན་ཆེན་མཁའ་འགྲོ་ལ། །ཕྱག་འཚལ་ལྷོ་ཕྱོགས་སོང་ན་དོན་དེ་འགྲུབ། །སྣང་བ་མཐའ་ཡས་པདྨ་མཁའ་འགྲོ་ལ། །ཕྱག་འཚལ་ནུབ་ཕྱོགས་འགྲོ་ན་བར་ཆད་མེད། །དོན་ཡོད་གྲུབ་པ་ལས་ཀྱི་མཁའ་འགྲོ་ལ། །ཕྱག་འཚལ་བྱང་ཕྱོགས་སོང་ན་བསམ་པ་འགྲུབ། །དེ་ལྟར་ཕྱག་གི་ལས་ཚོགས་གང་བསྒྲུབས་ཀྱང་། །དད་གུས་ཐེ་ཚོམ་མེད་པར་ཕྱག་མང་འཚལ། །མཇུག་ཏུ་འདོད་དོན་གང་ཡིན་གསོལ་བ་བཏབ། །ལས་ཀྱི་རྣམ་སྨིན་དྲག་པོ་མ་གཏོགས་པ། །གང་བསམ་དོན་དེ་

p. 628

འགྲུབ་པར་རྒྱལ་བས་གསུངས། །ཕྱག་གི་བཤད་པ་ཕན་ཡོན་མདོར་བསྡུས་འདི། །རང་བཟོ་མ་ཡིན་མདོ་རྒྱུད་མན་ངག་དོན། །རཱ་གའི་མིང་ཅན་དགེ་སློང་རྒན་པོ་ཡིས། ཁྲུམས་ཟླའི་ཚེས་པ་ལྔ་ལ་སྦྱར། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱི་དྲུང་དུ་བཤགས། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕྱག་འཚལ་བའི་ཕན་ཡོན།

p. 629

ཕྱག་འཚལ་བའི་ཕན་ཡོན་ནོ། །བཅོམ་ལྡན་ཤཱཀྱའི་རྒྱལ་པོ་མཆོག་ལ་ཕྱག་འཚལ་ལོ། །འདིར་ཕྱག་འཚལ་བའི་ཕན་ཡོན་མདོར་བསྡུས་པ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐིང་མི་འགྱུར། །ཞེས་སོགས་ནས། ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་པའི་དལ་བ་ཞིག །མདོག་བཟང་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མེ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྟོན་པ། །གླིང་བཞི་དག་གི་དབང་ཕྱུག་བླ། །

p. 630

རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ཞེས་དང་། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་བརྒྱ་སྟོང་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་ཟད་བསྐལ་པ་འདི་ལ་ནི། །།མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །འདི་ནི་དུས་སྙིགས་མའི་ཆོས་བྱེད་མཁན་དཀོན་པས་གཙོ་བྱེད་པ་ངོ་མཚར་ཆེ་ཞིང་འགྱུར་ཆེ་བ་སྟེ་སྔར་དགྲ་བཅོམ་ཐོབ་བ་བས། ད་ལྟ་སེར་གོས་གྱོན་ཙམ་ཕན་ཡོན་ཆེ་བར་གསུངས་པ་ལྟ་བུའོ། །ཞེས་དང་། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །ཡན་ལག་མ་སྨད་ཁྱད་འཕགས་ལུས་འཐོབ་ཅིང་། །མཛེས་མ་མཚན་གྱི་གོ་ཆར་བྱས་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག །ལྷ་ཡི་ཙནྡན་ཁྱད་འཕགས་རབ་མཛེས་པའི། །གཞལ་ཡས་ཁང་མཆོག་ཡིད་འོང་དྲི་ལྡན་འཐོབ། །དེ་ན་དེ་ལ་གཞར་ཡང་སྲིད་མི་

p. 631

སྐྱེ། །ཞེས་དང་། འཇིག་རྟེན་སངས་རྒྱས་འབྱུང་བར་ལས་བསྐྱེད་དེ། །སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ། །དེ་ནི་མཛེས་ཤིང་ལྟ་ན་སྡུག་པར་འགྱུར། །དེང་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟེང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན། །དེ་ཡི་ཡུལ་ན་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །དེས་ནི་ངན་སོང་པ་ཡང་རྣམ་པར་སྤངས། །དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་འབྱིན་ཐོབ་པའི་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་བསྐྱེད། །སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན། །དེ་ལ་སུ་ཡང་དབང་ཕྱུག་མེད་མི་བྱེད། །སྐྱེ་བོས་ཚོགས་ཆེན་རྣམས་ཀྱི་བལྟར་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །སྦྱིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང་། །

p. 632

དོན་མཐུན་དག་པ་སྐྱེ་བོ་མང་ལ་བྱེད། །སྨྱོས་ཤིང་བརྒྱད་ཀྱང་ཁོང་ཁྲོ་དངོས་མི་བསྐྱེད། །སངས་རྒྱས་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་། འགྱུར། །མིར་གྱུར་ན་ཡང་མི་ཡི་རྒྱལ་པོར་འགྱུར། །དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྟུང་། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤངས། །ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་རྟག་ཏུ་བཀུར་བའི་གནས་སུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་མདོ་ནས་གསུངས་པའི་ཕྱག་ཚང་མ་ནི་གནས་ལྔ་ས་ལ་གཏུགས་པའི་ཕྱག་གཙོ་བོ་ཡིན། གཞན་ཡང་ལུས་ངག་གི་ཕྱག་གཙོ་ཆེ་བས། ཕན་ཡོན་ཡང་། དེའི་ཕན་ཡོན་ཡིན་པར་ངེས་ཏེ། དམ་ཆོས་པདྨ་དཀར་པོའི་མདོ་ལས། མཆོད་རྟེན་དེ་ལོ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་

p. 633

ཡ་གཅིག་གམ། །ཡང་ན་མགོ་བོས་སྐད་ཅིག་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་གསུངས་སོ། །ཡང་གསང་སྔགས་ཀྱི་དམ་ཚིག་ཆག་ཉམས་ཕྱག་འཚལ་བས་དག་སྟེ། དྲི་མེད་བཤགས་རྒྱུད་ལས། རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལྷ། །གང་གིས་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ། །ཅེས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། །ལུས་ས་ལ་རྡེབ་པའི་བརྐྱང་ཕྱག་ནི་རྙིང་མའི་ཞི་ཁྲོའི་རྒྱུད་ནས་གསུངས་པ་ཡིན་གྱི་མདོ་ནས་མ་གསུངས། གསར་མའི་རྒྱུད་རྣམས་ནས་མི་གསལ་ལོ། །རྒོད་ཚང་པའི་མན་ངག་མོས་གུས་ཕྱག་ཆེན་གྱི་དོན་ཡང་། ཕྱག་འཚལ་པས་ཐང་ཆད་རླུང་དབུ་མར་ཚུད་པས་ཕྱག་ཆེན་གྱི་རྟོགས་པ་སྐྱེ་བར་དགོངས་སོ། །འཁྲུལ་འཁོར་གྱི་དོན་ཡང་ཕྱག་ལ་ཚང་བར་བཞེད་པའོ། །ཕྱག་འཚལ་བའི་གཟུངས་འདི་འདོན་ཞིང་ཕྱག་གཅིག་འཚལ་ན་འབུམ་དུ་འགྱུར་བར་ཇོ་བོ་རྗེས་རྒྱ་གར་གྱི་ཆོས་

p. 634

རྩིག་ནས་བསྡུས་སྐད་དོ། །ན་མོ་མཉྫཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་པ་ཆོས་དབང་ཀུན་བཟང་གིས་བསྐུལ་ནས། །༧ ཨ་རཱ་གས་འཕྲལ་དུ་བྲིས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕྱག་གི་ཕན་ཡོན་དང་འགྱུར་ཆོག་དང་གོ་བདེར་ཉུང་བསྡུས།

p. 635

ཕྱག་གི་ཕན་ཡོན་དང་འགྱུར་ཆོག་དང་གོ་བདེར་ཉུང་བསྡུས་སུ་བྲིས་པ་བཞུགས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ནས་བརྗོད་པ་དང་ཕྱག་འཚལ་བ་གཉིས་བསོད་ནམས་མཉམ་པར་གསུང་ཕྱིར། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་པ་ནས་བརྗོད་ཅིང་ཕྱག་འཚལ་ན་ཕན་ཡོན་ཤིན་ཏུ་ཆེའོ། །ཕྱག་འཚལ་བའི་དུས་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྗོད་ཅིང་ཕྱག་འཚལ་ན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ། ཆོ་འཕྲུལ་ཆེན་པོ་ཞེས་བྱ་བ་སྟོན་པས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་དུས། ས་ག་དུས་ཟབཟང་ཚེས་གཅིག་ནས་ཉའི་བར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། སྣོན་ཟླ་ས་རི་ཟླ་བའི་ཚེས་བཞི་དང་། ལྷ་ལས་བབ་པ་ཞལ་བཞེས་དུས། ཡུངས་བརྐོ་ཟླ་བའི་ཉི་ཤུ་བཞི་དང་བཅོ་ལྔ་དང་། །ལྷ་ལས་ཚེས་གཅིག་བབ་པའི་དུས། ཡུངས་བརྐོ་ཟླ་བའི་ཉི་ཤུ་གཉིས་ལ། ཕྱག་གཅིག་ཕུལ་བ་ཕྱག་འབུམ་ཐེར་དུ་འགྱུར་རོ་གསུངས། སྟོན་པ་ལྷུམས་སུ་ཞུགས་པ་དང་། རབ་ཏུ་བྱུང་བ་དང་སངས་རྒྱས་པའི་དུས་གསུམ་འཛོམས་པས། རྣམ་གསུམ་འཛོམ་པའི་དུས་ཞེས་བྱའོ། །བྱ་གྲག་ཟླ་བའི་བཅོ་ལྔ་ལ། ཕྱག་གཅིག་འཚལ་བ་འབུམ་ཐེར་ཡིན་ནོ། །དེ་རྣམས་འདུལ་བ་ལུང་དང་མདོ་སྡེ་མང་

p. 636

པོ་ནས་བཤད་པས་ཐེ་ཚོམ་མེད་དོ། །ཡང་རྟ་ཆེན་ཞེས་པའི་ཟླ་བ་ལ། ས་ག་དུས་བཟང་གི་ཚེས་གཅིག་ཉི་དྲོས་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་འབུམ་དང་ཁྲིའི་སྡིག་པ་དག་གོ །བྱའུ་ཟླ་བ་ཞིང་རྨོ་ཟླ་བའི་ཚེས་དགུའི་ཉི་དྲོས་ལ་ཁ་ཤར་དུ་རྒྱུ་ནས་ཕྱག་འཚལ་ནའང་བསྐལ་པ་འབུམ་ཁྲིའི་སྡིག་པ་དག །གདུབ་བུ་ཟླ་བ་ཞེས་པ་དབྱར་མཆོད་ཀྱི་ཚེས་དགུའི་ཉིན་ཕྱེད་ཁ་ཤར་དུ་གྲུ་ནས་ཕྱག་དགུ་ཕུལ་བས་བསྐལ་པ་འབུམ་ཁྲིའི་སྡིག་པ་དག་གོ་།དབོའི་ཟླ་བ་ཞེས་པ་གོ་མོ་ཕུག་ཟླའི་ཚེས་དྲུག་ཉི་མ་ཕྱེད་ལ་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་ཕུལ་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ །བྱ་སྦོའི་ཟླ་བ་ཞེས་ཆབ་མདོའི་དུས་བཟང་ཚེས་དྲུག་གི་ཉིན་ཕྱེད་ཕྱག་དགུ་ཕུལ་ན་བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ །ཕན་ཡོན་དེ་རྣམས་ནི་ས་ཡི་སྙིང་པོས་ཞུས་པའི་མདོ་ལས་གསུངས་སོ། །ཤར་དུ་ཕྱག་འཚལ་ན་ཤར་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་དམིགས་ནས་ཕྱག་འཚལ་བ་གལ་ཆེའོ། །དུས་ཚོད་དེ་རྣམས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན་སངས་རྒྱས་རྡོ་རྗེ་སེམས་དཔའི་དྲུང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཚོགས་པས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད་པས་ཕན་ཡོན་ཆེ་བ་ཡིན་ནོ་གསུངས་སོ། །དེ་དུས་ཀྱི་འགྱུར་ཡིན་ལ།

p. 637

གང་ཟག་གི་འགྱུར་ནི་སྐྱེ་བོའི་ཕྱག་འབུམ་ཐེར་གཅིག་བྲམ་ཟེ་གཙང་མ་གཅིག་གི་ཕྱག་གཅིག་མཉམ། བྲམ་ཟེ་ནི་བོད་ན་མེད་དེ་རྒྱ་གར་ན་ཡོད་པས་ལྷ་ཚངས་པའི་ཆོས་ལུགས་བཟུང་ནས་ཤ་ཁྲག་མི་ཟ་སྡིག་པ་ཅི་ཡང་མི་བྱེད་གཙང་སྦྲ་ཁོ་ན་བྱེད་ཅིང་ལྷ་ཚངས་པར་སྦྱིན་སྲེག་གི་མཆོད་པ་བྱེད་མཁན་གྱི་རིགས་ཤིག་ཡིན་སྐད་དོ། །བྲམ་ཟེའི་ཕྱག་འབུམ་གཅིག་དང་།་བནྡེ་གཙང་མས་ཕྱག་གཅིག་ཕུལ་བ་མཉམ་མོ། །བནྡེ་གཙང་མའི་ཕྱག་བརྒྱ་དང་། དགེ་ཚུལ་གྱི་ཕྱག་གཅིག་མཉམ་མོ། །དགེ་ཚུལ་གྱི་ཕྱག་བརྒྱ་དང་དགེ་སློང་གཙང་མའི་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ། དགེ་སློང་གཙང་མའི་ཕྱག་འབུམ་ཐེར་གཅིག་དང་། ཕྱག་རྒྱ་ཆེན་པོའི་དོན་ངེས་པར་རྟོགས་པའི་གང་ཟག་གིས་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ་སྟེ། སྐྱེ་བོ་ཕལ་པ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཚུལ་ཁྲིམས་ལྡན་པ་སྟོང་ཕྲག་བརྒྱ། །ཡེ་ཤེས་ལྡན་པ་གཅིག་ལ་སྦྱར། །ཞེས་གསུངས་སོ། །དེའི་དོན་མདོ་རྒྱུད་དང་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་གསུངས་སོ། །ཕུལ་ལུགས་ཀྱི་འགྱུར་ནི་རང་གི་དོན་དུ་ཕུལ་བ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕུལ་ན་བསོད་ནམས་ཆེའོ། །དད་གུས་མེད་པས་འབུལ་བ་བས། དད་པ་རྩེ་གཅིག་ཏུ་

p. 638

ཕུལ་བ་བསོད་ནམས་ཆེའོ། །ཡེངས་ཤིང་ཕུལ་བ་བས་མ་ཡེངས་པར་སངས་རྒྱས་བྱང་སེམས་རྣམས་མདུན་དུའང་དམིགས་ནས་རྩེ་གཅིག་འབུལ་བ་བསོད་ནམས་ཆེའོ། །དེ་བས་ཀྱང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དང་མ་བྲལ་བ་ཕུལ་བ་བསོད་ནམས་ཆེའོ། །སྔགས་ཀྱི་འགྱུར་ནི་ཕྱག་གི་གཟུངས་བཅོམ་ལྡན་འདས་ཀྱིས་གསུངས། ཨོཾ་ན་མོ་མཉྫ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། སྔགས་འདི་རྣམས་ལན་གསུམ་བརྗོད་ནས་ཕྱག་གཅིག་འཚལ་བ་ཕྱག་བྱེ་བ་གཅིག་ཏུ་འགྱུར་རོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕྱག་རབ་ཆོ་ག

p. 639

ཕྱག་རབ་ཆོ་ག་བཞུགས་སོ།

p. 640

ན་མོ་རཏྣ་ཏྲ་ཡཱ་ཡ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་བྱང་ཞིང་ཚོགས་གཉིས་རྫོགས་པའི་ཕྱིར། །ཕྱག་རབ་ཆོ་ག་ཉམས་སུ་ལེན་པར་བྱ།། །མདུན་གྱི་མདུང་གང་ཙམ་གྱི་ཕར་བལྟས་ན། །མདའ་གང་ཙམ་ཞིག་ས་ལ་མ་རེག་པར། །རིན་ཆེན་སྣ་ལྔ་ལས་གྲུབ་སེང་གེའི་ཁྲི། །ལྷ་རྫས་དར་གྱིས་བཀབ་པའི་ཁྲི་ལྔ་ཡི། །སྟེང་དུ་པདྨ་སྟོང་ལྡན་ཟླ་བའི་སྟེང་། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་ཁྱབ་པར་གྱུར། །གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་སུ། །དཀོན་མཆོག་རིན་ཆེན་

p. 641

གསུམ་དང་རྩ་བ་གསུམ། །བདག་དང་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ལ། །གནས་འདིར་གཤེགས་ནས་ཁྲི་སྟེང་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལྔ་སྟེ། དབུས་མའི་ཁྲི་སྟེང་དྲུག་པ་རྡོ་རྗེ་འཆང་། །བླ་མ་གྲུབ་ཐོབ་རྒྱ་མཚོས་བསྐོར་ནས་བཞུགས། །གཡས་ཀྱི་ཁྲི་སྟེང་བཅོམ་ལྡན་ཤཱཀྱ་ཐུབ། །སངས་རྒྱས་སྟོང་སོགས་སངས་རྒྱས་ཀུན་གྱིས་བསྐོར། །རྒྱབ་ཀྱི་ཁྲི་སྟེང་ཆོས་སྐུ་ཡུམ་ཆེན་མོ། །གླེགས་བམ་མཆོད་རྟེན་ཀུན་གྱིས་བསྐོར་ནས་བཞུགས། །གཡོན་གྱི་ཁྲི་སྟེང་བྱམས་པ་མགོན་པོ་ལ། །གནས་བཅུ་ལ་སོགས་དགེ་

p. 642

འདུན་ཀུན་གྱིས་བསྐོར། །མདུན་གྱི་ཁྲི་སྟེང་ཐུགས་རྗེ་ཆེན་པོ་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཀུན་གྱིས་བསྐོར། །ཁྲི་ལྔའི་བར་མཚམས་ཐམས་ཅད་ཡེ་ཤེས་ཀྱི། །ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ཁྲོམ་ལྟར་འཚོགས། །དེ་ཡི་མདུན་དུ་བདག་ལུས་འདི་ཉིད་ནི། །བྱེ་བ་དུང་ཕྱུར་གྲངས་མེད་སྤྲུལ་བྱས་ནས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། སྔགས་དེ་ལན་གསུམ་བརྗོད་ནས་ཕྱག་འཚལ་ན་ཕྱག་བྱེ་བར་འགྱུར་རོ། །ན་མོ་བུདྡྷ་ཡ། ན་མོདྷརྨཱ་ཡ། ན་མཿསངྒྷ་ཡ། རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་འདུས་སྔོན་དུ་སངས་རྒྱས་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་མོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཆོས་སྐུ་གཅིག་ཏུ་བསྡུས། །དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ལོངས་སྐུ་འདུས་པའི་སྐུ། །རིགས་ལྔ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་ལོ། །

p. 643

འཇིག་རྟེན་བྱེ་བ་ཕྲག་བརྒྱར་འགྲོ་དོན་མཛད། །སྤྲུལ་སྐུ་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སྟོན་པ་ཤཱཀ་ཐུབ་གནས་བརྟན་བཅུ་དྲུག་སོགས། །འཕགས་པ་ཉན་རང་རྣམས་ལ་ཕྱག་འཚལ་ལོ། །མཚན་ཙམ་ཐོས་པས་ངན་སོང་སྡུག་བསྔལ་སེལ། །སྨན་ལྷ་མཆེད་བརྒྱད་ཞབས་ལ་ཕྱག་འཚལ་ལོ། །ཕྱག་ཙམ་འཚལ་བས་ལྟུང་བ་ཐམས་ཅད་དག །ལྟུང་བཤགས་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བརྒྱ་ཕྱག་འཚལ་བས་དམ་ཚིག་ཉམས་པ་བསྐང་། །དམ་པ་རིགས་བརྒྱའི་ལྷ་ལ་ཕྱག་འཚལ་ལོ། །ཕྱག་དང་མཆོད་པས་དུས་མིན་འཆི་བ་ཟློག །ཚེ་དཔག་ལྷ་དགུའི་ལྷ་ལ་ཕྱག་འཚལ་ལོ། །ཕྱག་དང་མཆོད་པས་ངན་སོང་སྡུག་བསྔལ་ཞི། །སྦྱོང་རྒྱུད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །རྒྱུད་སྡེའི་དཀྱིལ་འཁོར་བཞི་བཅུ་ཞེ་བརྒྱད་ཚང་། །རྡོ་རྗེ་ཕྲེང་བའི་ལྷ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཆེན་པོ་བརྒྱ་དང་རྩ་བརྒྱད་ཚང་། །མི་ཏྲ་བརྒྱ་རྩའི་ལྷ་ལ་ཕྱག་འཚལ་ལོ། །ཤྩ་རྒྱུད་སྡེའི་ལྷ་ཚོགས་བརྒྱ་དང་རྩ་བརྒྱད་ཚང་། །བ་རི་བརྒྱ་རྩའི་ལྷ་ལ་ཕྱག་འཚལ་ལོ། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་བཞི་ཡི་ལྷ་ལ་ཕྱག་འཚལ་ལོ། །

p. 644

བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་སོགས། །ཐེག་པ་རིམ་དགུའི་ལྷ་ལ་ཕྱག་འཚལ་ལོ། །དགོངས་པ་འདུས་པ་ཡང་ཕུར་གཤིན་རྗེ་སོགས། །རྙིང་མའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །མཚན་ཆེན་མཚན་ཆུང་གཉིས་ནས་གསུངས་པ་ཡི། །སངས་རྒྱས་བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །རི་བོ་རྩེ་ལྔ་བྱེ་བ་ཕྲག་བརྒྱ་ན། །འཇམ་དབྱངས་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །དེ་བཞིན་པོ་ཊ་ལ་གནས་སྤྱན་རས་གཟིགས། །བྱེ་བ་ཕྲག་བརྒྱའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གནས་བྱེ་བ་ཕྲག་བརྒྱ་ན། །ཕྱག་རྡོར་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །དགའ་ལྡན་ལྷ་ཡུལ་བྱེ་བ་ཕྲག་བརྒྱ་ན། །བྱམས་པ་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ན། །ཕག་མོ་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །ཟངས་མདོག་དཔལ་རི་བྱེ་བ་ཕྲག་བརྒྱ་ན། །ཨོ་རྒྱན་བྱེ་བ་བརྒྱ་ལ་ཕྱག་འཚལ་ལོ། །རྒྱ་གར་རིག་འཛིན་བརྒྱ་དང་གྲུབ་ཆེན་བརྒྱད། །གྲུབ་ཆེན་བརྒྱད་ཅུ་བཞི་ལ་ཕྱག་འཚལ་ལོ། །།མེས་དབོན་གསུམ་དང་རྗེ་འབངས་ཉེར་ལྔ་སོགས། །བོད་ཀྱི་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །ཟུར་ཆེན་ཟུར་ཆུང་དམ་གཙང་བྱམས་

p. 645

གསུམ་སོགས། །རྙིང་མ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མའི་ཀཅོག་ལོ་ཆེན་ལོ་ཆུང་སོགས། །ལོ་པཎ་མཁས་གྲུབ་རྣམས་ལ་ཕྱག་འཚལ་ལོ། །མངའ་བདག་ཡབ་སྲས་གཏེར་སྟོན་བརྒྱ་རྩ་སོགས། །གཏེར་མ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །འབྲོག་མི་སེ་སྟོན་འཇམ་དབྱངས་བདུན་རྒྱུད་སོགས། །ལམ་འབྲས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཇོ་འབྲོམ་ཁུ་རྔོག་རྒྱལ་སྲས་སྐུ་མཆེད་སོགས། །བཀའ་གདམས་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །མར་མི་དྭགས་གསུམ་བཀའ་བརྒྱུད་ཡ་བཞི་སོགས་། །ཕྱག་ཆེན་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །ཨརྱ་དེ་ཝ་དམ་པ་ལབ་སྒྲོན་སོགས། །གཅོད་ཡུལ་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲོལ་མ་ཉེར་གཅིག་སྒྲོལ་མ་བརྒྱ་རྩ་སོགས། །ཡེ་ཤེས་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །མགོན་ཆེན་སྡེ་ལྔ་ལྷ་མོ་དཔོན་གཡོག་སོགས། །ཡེ་ཤེས་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ལྷ་ཚོགས་དེ་དག་རེ་རེའི་མདུན་དུ་ཡང་། །བདག་ལུས་བྱེ་བར་སྤྲུལ་ནས་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་དང་སངས་རྒྱས་ཞིང་ཀུན་ན། །མཆོད་པ་ཅི་མཆིས་བློ་ཡིས་བླངས་ཏེ་མཆོད། །

p. 646

བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་བདག་ཉིད་གཅིག་པུས་བཤགས། །སངས་རྒྱས་སྲས་དང་སློབ་མ་བཅས་རྣམས་ཀྱི། །བསོད་ནམས་ཚོགས་ལྷལ་བདག་ནི་རྗེས་ཡི་རང་། །འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བསྐལ་པ་གྲངས་མེད་འཁོར་བ་ཇི་སྲིད་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བདག་གིས་དད་ཅིང་གུས་པས་ཕྱག་འཚལ་བ། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་ཟློདོན་ཕྱིར་བསྔོ། །འགྲོ་བ་ཀུན་གྱི་སྡིག་སྒྲིབ་དག་པར་ཤོག །ལག་པ་གཡས་གཡོན་ཐལ་མོ་སྦྱར་བྱས་པས། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པར་ཤོག །ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། །འོག་མིན་མཁའ་སྤྱོད་ཞིང་ཁམས་བསྒྲོད་པར་ཤོག །ཐལ་མོ་སྦྱར་བ་དཔྲལ་བར་གཏུགས་པ་ཡིས། །ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་ཤོག ཐལ་མོ་སྦྱར་བ་མགྲིན་པར་གཏུགས་པ་ཡིས། །ངག་གི་སྒྲིབ་པ་ཐམས་ཅད་བྱང་བར་ཤོག །ཐལ་མོ་སྦྱར་བ་སྙིང་ཁར་གཏུགས་པ་ཡིས། །ཡིད་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་

p. 647

ཤོག །ཐལ་མོ་སྦྱར་བ་སོ་སོར་ཕྱེས་པ་ཡིས། །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པར་ཤོག །ཞབས་གཉིས་པུས་མོ་ས་ལ་བཙུགས་པ་ཡིས། །འཁོར་བ་ངན་སོང་རྡོག་པས་ནོན་པར་ཤོག །ཕྱག་གཉིས་སོར་བཅུ་ས་ལ་བཙུགས་པ་ཡིས། །ས་བཅུ་ལམ་ལྔ་རིམ་གྱིས་བསྒྲོད་པར་ཤོག །མགོ་བོའི་དཔྲལ་བ་ས་ལ་གཏུགས་པ་ཡིས། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་ཤོག །ཡན་ལག་བཞི་པོ་བརྐྱངས་བསྐུམས་བྱས་པ་ཡིས། །ཕྲིན་ལས་བཞི་པོ་ལྷུན་གྱིས་འགྲུབ་པར་ཤོག །རྩ་རྒྱུས་ཐམས་ཅད་བརྐྱངས་བསྐུམས་བྱས་པ་ཡི། །རྩ་མདུད་ཐམས་ཅད་ཤུགས་ཀྱིས་གྲོལ་བར་ཤོག །སྒལ་ཚིགས་དབུ་མ་དགྱེ་རྒུ་བྱས་པ་ཡིས། །རླུང་རྣམས་ཐམས་ཅད་དབུ་མར་ཚུད་པར་ཤོག །ས་ལ་གཏུགས་ནས་ཡར་ལ་ལངས་བ་ཡིས། །འཁོར་བར་མི་གནས་འཕགས་ལམ་ཐོབ་པར་ཤོག །དེ་ནས་མར་ལ་རྒུ་བ་བྱས་པ་ཡིས། །ཞི་བར་མི་གནས་སེམས་ཅན་འདྲེན་པར་ཤོག །བདག་གིས་བརྒྱ་ཕྱག་ཕུལ་བའི་དགེ་བ་དེས། །ཚེ་འདིར་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །འཆི་དུས་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་

p. 648

པར་ཤོག །མདུན་གྱི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ། །བདག་ལ་ཐིམ་པས་དབང་དང་བྱིན་རླབས་ཐོབ། །རང་སེམས་ཆོས་སྐུ་མངོན་སུམ་རྗེན་ནེ་རྟོགས། །རྣམ་རྟོག་མང་དུ་མི་འཕྲོ་ཀྱི་ལེར་གནས། །གཟུགས་བརྙན་དངོས་པོ་མི་མཐོང་བརྗོད་མི་ཤེས། །རང་གི་སེམས་ལ་ངེས་ཤེས་མྱོང་བ་ཅན། །ས་ལེ་སེང་ངེ་ཧྲཱིག་གེ་རྗེན་ནེ་བར། །སྤྲིན་མེད་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། །འདི་ནི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །མ་ཡེངས་རང་ངོ་ལྟོས་དང་ཨེ་མ་ཧོཿ །འདི་ཡན་བློར་བཟུང་འདོན་བསྒོམ་བརྒྱ་ཕྱག་འཚལ། །ཕྱག་གི་དམིགས་རིམ་ཕྱག་རབས་བསྡུས་པ་འདི། །ཚིག་ཉུང་དོན་ཆེ་འགྱུར་དང་ཕན་ཡོན་ཆེ། །ལྷ་གྲངས་འདུས་ཆེ་དམིགས་རིམ་ཟབ་ལ་གསལ། །འདི་འདྲ་མདོ་རྒྱུད་མན་ངག་སྙིང་པོ་ཡིན། །ཕྱི་རབས་ཆོས་འདོད་རྨོངས་པ་ཉིད་རྣམས་ཀྱིས། །ཉམས་སུ་ལོངས་དང་གཏན་གྱི་འདུན་མ་འགྲུབ། །རཱ་གའི་མིང་ཅན་དགེ་སློང་རྒན་པོས་སྦྱར། །པྲ་ཛྙཱའི་མིང་ཅན་གང་དེས་ཡི་གེར་བཀོད། །སརྦ་མངྒ་ལཾ། །བྷ་ཝནྟུ།།

p. 649

༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

Pecha page