← Search

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

མཁས་གྲུབ་ཀརྨ་ཆགས་མེད།

ས་བདག་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ལོ་རྒྱུས་ཟིན་བྲིས་གསལ་བར་བཀོད་པ།

p. 1

ས་བདག་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ལོ་རྒྱུས་ཟིན་བྲིས་གསལ་བར་བཀོད་པ་བི་ཛ་ཧ་ར་ཏིསྨ།

p. 2

འཕགས་པ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ས་བདག་འཁྲུགས་པའི་ལོ་རྒྱུས་མང་ན་ཡང་། །བཅོས་པའི་ཐབས་ནི་མང་གསུངས་ཡོད་པའི་ཕྱིར། །འཁྲུགས་བཅོས་བསྡུས་པའི་ལོ་རྒྱུས་ཅུང་ཟད་བྲི། །འཇམ་དཔལ་སྤྲུལ་པར་བཅས་པས་བཀའ་གནང་ཞུ། །ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ། །རྒྱ་ནག་དོན་དམ་ཆོས་ཀྱིས་མ་ཐུལ་བས། །ཀུན་རྫོབ་རྩིས་ཀྱིས་འདུལ་དགོངས་འཇམ་དཔལ་སྤྲུལ། །རྩིས་ཀྱི་སྒོ་མོ་ཉི་ཁྲི་ཆིག་སྟོང་གསུངས། །བག་རྩིས་རོ་རྩིས་བསམ་མི་ཁྱབ་པ་མཛད། །ཆོས་ཀྱི་བདེན་པ་མ་མཐོང་ཀུན་རྫོབ་ཀྱི། །བདེན་པ་མཐོང་བར་

p. 3

དགོངས་ནས་རྩིས་ཀྱི་དཔེ། །ཐམས་ཅད་བསྲེ་ཡི་གའུར་བཅུག་ནས་གཏེར་དུ་སྦས། །དེ་ཡི་ཉེས་པས་སེམས་ཅན་ཐམས་ཅད་དང་། །རྒྱ་ནག་ཡུལ་གྱི་རྒྱལ་ཁམས་ཐམས་ཅད་ལ། །མི་རུང་སྣ་དགུ་ཤར་ཏེ་ཚེ་ཐུང་བས། །ལོ་ཉེས་སད་སེར་མུ་གེ་མི་གདུག་ནད། །ཁོལ་བུར་དར་ཏེ་རྒྱལ་ཁམས་མ་བདེ་བས། །རྒྱ་ནག་ཡུལ་དེ་སྟོང་ལ་ཐུག་པ་བྱུང་། །དེ་ཚེ་རྒྱལ་བའི་ཡེ་ཤེས་སྤྱན་གྱིས་གཟིགས། །སྤྲུལ་པ་ལྔ་ལ་ཀོང་ཙེ་འཕྲུལ་རྒྱལ་སྤྲུལ། །ཁྱད་པར་ཀོང་ཙེ་རིགས་ལྔར་སྤྲུལ་བྱས་ནས། །ཀུན་རྫོབ་དོན་དམ་རྩིས་སྨན་གཏོ་སོགས་མཛད། །ཁྱད་པར་འཇམ་དཔལ་ལུང་བསྟན་སྤྱན་

p. 4

རས་གཟིགས། །རྒྱུད་བསྐུལ་ཨོ་རྒྱན་ཆེན་པོ་པདྨ་དེས། །ཚངས་པ་གདོང་བཞིར་སྤྲུལ་ནས་རྒྱ་ནག་ཡུལ། །སྔོན་གྱི་འཇམ་དཔལ་གཏེར་དུ་སྦས་པའི་གཏེར། །ཐམས་ཅད་བཏོན་ནས་ཀོང་ཙེ་འཕྲུལ་རྒྱལ་དང་། །ལྷ་ཡི་བུ་མོ་རྣམ་རྒྱལ་ཀླུ་དགའ་བོ། །དེ་སོགས་འདུས་པའི་འཁོར་གྱིས་ཞུ་བ་བྱས། །རྒྱ་ནག་རྒྱལ་ཁམས་ཀུན་རྫོབ་བདེན་པས་བཏུལ། །རྒྱ་ནག་ཡུལ་གྱི་རྒྱུད་དང་མན་ངག་ལ། །ཚངས་པ་ཟེར་ཚད་ཨུ་རྒྱན་ཡིན་པ་སྐད། །རོ་ནི་ཧལ་ཁྱིའི་ཁ་ལ་བཅུག་པས་ན། །དེ་ཡི་བཅོས་ཐབས་སུམ་བརྒྱ་དྲུག་ཅུ་ཡོད། །བག་མ་གནམ་ཁྱིའི་ཁ་དང་མཇུག་ལ་ཕོག །དེ་ཡི་བཅོས་ཐབས་སུམ་སྟོང་དྲུག་བརྒྱ་ཡོད། །ཧྭ་ཤང་ས་བདག་གཏོ་བཅོས་དཀར་པོ་མཛད། །ཧྭ་ཤང་ནག་པོས་གཏོ་ནག་མང་པོ་བརྩམས། །དེ་སོགས་གྱེར་དགོས་གཏོ་ལ་འབུམ་ཐེར་གཅིག །གྱེར་མི་དགོས་པ་བརྒྱ་དང་བརྒྱད་ཅུ་གཅིག །ལོ་རྒྱུས་སྨྲ་བཤད་བྱ་བ་བརྒྱ་རྩ་བརྒྱད། །རྒྱ་ནག་ཡུལ་གྱི་གཏོ་མཛོད་བགྲང་ལས་འདས། བན་མིན་བོན་མིན་གཏོ་ལ་ངེས་པ་མེད།་རྒྱ་གཏོ་ཕལ་ཆེར་གྱེར་སྦྱང་ཡིན་པ་ལ། །མདོས་ལེན་འདི་དང་འདི་ཞེས་འབོད་རྒྱུ་མེད། །མཆོད་མགྲོན་ཚུར་ཤོག་ཕར་སོང་ཟེར་བ་མེད། །

p. 5

དེ་ཚོ་རྒྱ་ཡི་གྱེར་གཏོ་ནག་པོ་ཟེར། ༈ །ཡང་དག་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས། །དཔལ་ལྡན་དུས་ཀྱི་འཁོར་ལོར་སྤྲུལ་བྱས་ནས། །ས་ཡི་ལྷ་མོ་བརྟན་མ་ལྷ་ཚངས་པ། །འཇམ་དཔལ་ཕྱག་རྡོར་ཀུན་དགའ་བོ་ཆེན་པོ། །བརྒྱ་བྱིན་ཀླུ་རྒྱལ་དགའ་བོ་ལ་སོགས་པས། །ཞུ་བ་པོ་བྱས་དུས་འཁོར་རྒྱུད་གསུངས་པས། །རྒྱུད་ནི་བམ་པོ་སུམ་བརྒྱ་ཡོད་པ་ལས། །རྩིས་དཀར་རྩིས་ནག་དབྱངས་འཆར་རྒྱུད་ཀུན་གསུངས། །དེ་ཡི་ས་རྩིས་འཕྲུལ་རྩིས་གསར་མ་དང་། །རི་བོ་རྒྱ་མཚོ་ལ་སོགས་བྱེད་གྲུབ་གཉིས། །གཟའ་སྐར་འཕྲུལ་རྩིས་ལ་སོགས་དེ་ལ་བརྟེན། །དེ་བརྟེན་གཏོ་བཅོས་བརྒྱ་དང་རྩ་བརྒྱད་པོ། །རྒྱ་གར་ནས་བསྒྱུར་ཛེ་ཏཱ་རི་པས་མཛད། །གཏོ་དཀར་ཟེར་བ་རྩ་བ་བཞི་ཡོད་དེ། །དེ་ལ་བརྟེན་པ་གྲངས་མེད་བཞུགས་པ་རྣམས། །པཎ་གྲུབ་རྣམས་ཀྱིས་མཛད་པ་བོད་དུ་བསྒྱུར། །མདོ་རྒྱུད་བསྟན་བཅོས་གཉིས་ལས་གསུངས་པ་དེ། །རྒྱུད་ཚིག་མིན་པ་མེད་པས་ཁ་བཀང་ཨནས། །ཡོད་པ་རྟོག་གེ་པ་ཡིས་བརྩམས་སོ་ཟེར། ༈ །དེ་ནས་གཏེར་དུ་སྦས་པ་ལུས་འཕྲོ་དེ། །རྒྱ་དང་རྒྱལ་རོང་གཉིས་ཀྱི་ས་མཚམས་ལ། །རི་བོ་ས་དུ་ར་ཞེས་བྱ་བ་ན། །

p. 6

འཇམ་དཔལ་སྦས་པའི་གཏོ་འབུམ་བྱེ་བ་གཅིག །གཞན་ཡང་ཕན་གནོད་དཔེ་ཚན་ས་ཡ་གཅིག །གཏེར་དུ་སྦས་པ་བེ་རོ་ཙཱ་ནས་བཏོན། །རྒྱལ་པོའི་སྲས་མོ་གཡུ་སྒྲ་ལོ་ཙཱས་བསྒྱུར། །དེ་ལ་བཻ་རོའི་གབ་རྩེ་དཀར་ནག་ཁྲ། །གཏོ་ཁྲམ་གཏོ་འབོད་གཏོ་བྱང་གཏོ་ཡི་བྱད། །ཐག་པ་བཅད་གཏད་གྲོལ་སྒབ་དེད་པ་སོགས། །ཐམས་ཅད་ཚང་བ་བེ་རོའི་འགྱུར་ཡིན་གསུངས། །མགོན་པོའི་རྒྱུད་དང་མ་མོ་ནག་མོའི་རྒྱུད། །ས་བདག་སྲིད་རྒྱུད་ཡོ་བཅོས་ས་གཡང་སྒྲུབ། །ས་བདག་སྙིང་གཏེར་ས་བདག་བཤགས་འབུམ་དང་། །ས་བདག་ཕྱག་འཚལ་ས་བཅོས་རྡོ་བཅོས་དང་། །དེ་ལ་སོགས་པ་བཤད་དུ་མི་ལངས་བ། །རྒྱལ་མོ་རོང་ནས་ཡར་ལ་དཔག་མེད་བསྒྱུར། ༈ །སྔོན་དུས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། །རྒྱ་བཟའི་རྫོངས་ལ་ས་བདག་དབང་ཆེན་རྒྱུད། །རྩིས་རྒྱུད་སྔ་འགྱུར་དཔག་མེད་འགྱུར་བ་དང་། །ཁྲི་སྡེ་གཙུག་བརྟན་ཁྲི་སྲོང་ལྡེའུ་བཙན་དུས། །གཏོ་རྩིས་གཉིས་ལ་གྲངས་མེད་དཔེ་འདས་འགྱུར། །ཁྲི་རལ་དུས་ལ་གསོན་དཔྱད་གཤིན་དཔྱད་སོགས། །གཏོ་འབུམ་དང་ནི་མཐུ་འབུམ་མང་པོ་འགྱུར། །བོད་དུ་ནམ་ཤི་ཚེ་ཡི་རིང་ཐུང་དང་། །མི་ཚེ་སྐྱིད་སྡུག་ཅི་འོང་ཤེས་པར་འབྱུང་། །

p. 7

ཡིག་ཆ་གསལ་པོར་སྤེལ་དུ་མ་བྲ་སྟེ། །རྒྱལ་པོ་རང་གི་ལག་ཏུ་མ་བྲལ་བླངས། །དུས་མི་རིང་དུ་གླང་དར་གྱིས་ནི་བསྣུབས། །རྩིས་དང་གཏོ་ནི་རྩིས་ཆེར་ཡོད་པ་ནི། །ཐམས་ཅད་ནུབ་སྟེ་བོད་འདིར་མིང་མ་གྲགས། ༈ །ལར་ནི་གཏོ་ཕུག་རྩིས་ཡིན་རྩིས་ཕུག་གཏོ། །རྩིས་མ་བྱས་པར་གཏོ་ནི་བཅའ་དགོས་མེད། །གཏོ་དེ་མ་དར་རྩིས་དེ་དགོས་པ་མེད། །ཐུབ་པས་གསུངས་པའི་ཆོས་ཚོ་རྩིས་ལ་འོང་། །ཀོང་ཙེས་མཛད་པའི་གཏོ་ཚོ་རྩིས་ལ་འོང་། །རྩིས་འདི་དགེ་སྐུལ་ཆེན་པོ་འོང་བ་ཡིན། །ཡི་དྭགས་བར་དོའི་སེམས་ཅན་སྦྱིན་གཏོང་འོང་། །དེ་བས་རྩིས་འདི་ཀུན་རྫོབ་གསུངས་ནའང་། །དོན་དམ་བདེན་པ་ཡོད་པར་བདག་གིས་སེམས། །ཐམས་ཅད་ཐུགས་ལ་རྩིས་འདི་བཞག་པར་ཞུ། ༈ །དེ་ནས་སབདག་དབང་ཆེན་ཟེར་བའི་གཏོ། །ས་བདག་གཏོ་ཕུག་དཀར་པོའི་རྒྱུད་ལས་བྱུང་། །ཆོས་འདི་དབུས་ནས་མ་དར་མཐའ་ནས་དར། །ཁྱད་པར་ཁམས་འདིར་དར་ཆ་ཆེ་བས་ན། །ཡི་སྒྱུགེ་མང་དྲགས་བརྩི་ཚོད་མེད་པ་དང་། །ཕུགས་ནི་ཆོད་མི་ཐུབ་པ་བྱུང་བས་ན། །རྒྱ་ཤིང་འཁྲུགས་གསུམ་མིང་དུ་བཏགས་པ་དང་། །བཀའ་གཏེར་འཁྲུགས་གསུམ་མིང་དུ་གྲགས་པས་

p. 8

ན། །བདག་གི་ཕ་རྒན་སྔགས་འཆང་དང་། །རང་པོ་བསོད་ནམས་ཡེ་ཤེས་དང་། །ཆབ་མདོའི་སྔགས་པ་མདོ་འབུམ་གསུམ། །ལྷོ་རོང་རྫོང་ལ་ས་བདག་བཅས། །དེ་དུས་རམ་བུ་མཆོད་གཡོག་བྱས། །དབང་ཆེན་དུམ་པ་བདུན་ཙམ་ལ། །བཀའ་གཏེར་འཁྲུགས་གསུམ་མ་གཏོགས་པ། །རྒྱ་ཤིང་འཁྲུགས་གསུམ་ཟེར་བ་མེད། །རང་པོ་བསོད་ནམས་ཡེ་ཤེས་ཀྱིས། །བཀའ་མ་ཤཱཀྱ་ཐུབ་པ་ཡིས། །གསལ་རྒྱལ་ཕོ་བྲང་བཏབ་དུས་མཛད། །དེ་ནས་རྒྱ་ནག་ཡུལ་དུ་བསྒྱུར། །པཎ་ཚར་ཟེར་བའི་དཔེ་ཚན་ལ། །འདྲ་བ་མི་འདྲ་བཅུ་གསུམ་ཡོད་། །ས་བདག་འཁྲུགས་རྒྱུད་དངོས་ནས་གསུངས། །དེང་སང་རྒྱལ་རོང་ཁོག་ལ་དར། །གཏེར་མ་རི་བོ་ས་དུར་དར། །བེ་རོ་ཙཱ་ནས་གཏེར་བཏོན་པས། །གཏེར་མ་ཟེར་བ་དེ་ལས་བྱུང་། །དབང་ཆེན་དངོས་དང་གླུད་འཇལ་སོགས། །དཔེ་ཚན་ཉི་ཤུ་རྩ་གཅིག་ཡོད། །ཕྱེད་ཕྱེད་བོད་འདིར་དར་བར་འདུག །རྒྱུ་ཚེ་ཟེར་བའི་འཁྲུགས་བཅོས་གཞུང་། །པོད་བུམ་ཆེ་བ་བདུན་ཙམ་ཡོད། །སེར་སྐྱ་ཡིག་ཆ་བཟང་བ་ནི། །བདུན་གྱི་བཏོན་མིག་མི་ཚང་གསུངས། །ཤིང་ཚེ་རྒྱ་ཚེ་འཁྲུགས་བཅོས་གསུམ། །གཅིག་ཡིན་ལོགས་ན་མེད་དོ་

p. 9

གསུངས། །འབྱུང་བ་ལྔ་ལ་ལེའུ་ཁ་གཅིག །ས་བདག་དངོས་ལ་བཅུ་གསུམ་ཡོད། །སྦར་ཁ་བརྒྱད་ལ་འདྲ་མིན་གྱི། །ཡི་གེ་བརྒྱ་དང་བརྒྱད་ཅུ་ཡོད། །ལོ་ལ་ལོ་གཏོ་ཟེར་བ་དང་། །གཤེད་བཞིའི་གཤེད་གཏོ་ཟེར་བ་དང་། །ལོ་བཅོས་སུམ་བརྒྱ་དྲུག་ཅུ་ཡོད། །གཤེད་བཞི་ལ་ནི་བཅུ་གསུམ་ཡོད། །སྨེ་བ་བརྒྱད་ཅུ་རྩ་གཅིག་ཡོད། །ལྷ་ཀླུ་གཟའ་ཆེན་རྒྱུ་སྐར་དང་། །གཉན་དང་སྡེ་བརྒྱད་ཐམས་ཅད་ལ། །ཀུན་ལ་ལེའུ་ཁ་གྲངས་མེད་ཡོད། །ཤིང་ཚེ་དངོས་ལ་བཅུ་གསུམ་ཡོད། །བྱང་བུ་རྒྱང་བུ་མདའ་འཕང་པན། །ནམ་མཁའ་མདའ་དར་ཡོལ་བ་དང་། །བླ་རེ་གདུགས་དང་རྒྱལ་མཚན་དང་། །མེ་ལོང་གྲི་མདུང་པགས་བུ་དང་། །རྒྱང་མཛོད་ལ་སོགས་ཐམས་ཅད་ལ། །ལེའུ་རེ་ཡོད་དེ་བསྡུ་མི་ཐུབ། །དེ་ནས་ཡན་ལག་ཡི་གེའི་གྲངས། །གཟའ་ཀླུ་གཉིས་ལ་འདྲ་མིན་དང་། །བདུད་དམུ་གཉིས་ལ་འདྲ་མིན་དང་། །བཙན་དང་གྲི་བོ་འདྲ་མིན་དང་། །སྨན་བཟེད་གཉིས་པ་དང་ཀླུ་ཐེའུ་གཉིས། །དགུ་མིག་སྣང་བརྒྱད་ཀ་གདུང་དང་། །སྲིད་པ་ཡོ་བཅོས་སྙིང་དཀར་ནག །ལི་ཁམ་བདུན་གཏོ་གྲངས་ལས་འདས། །རང་པོ་བསོད་ནམས་ཡེ་ཤེས་གསུངས།

p. 10

དེ་ནས་བོད་འདིར་དར་བའི་ཆབ་ཆོབ་མང་། །བོད་ལ་དར་རྒྱ་ཆེ་བ་དབང་ཆེན་འདི། །གཞུང་ནི་འདྲ་བ་མི་འདྲ་མང་ན་ཡང་། །གཞུང་དོན་ཐམས་ཅད་རྒྱ་ཚེ་ཁོ་ནའོ། །འཁྲུགས་བཅོས་གཞུང་ལ་དཔེ་ཚེམ་ཡོད་གྲངས་ལ། །ཐིག་གདབ་ཤིང་རྩི་དཀར་པོ་མར་ཤིང་བཙུགས། །བཅོས་པ་འདི་དག་བཅའ་ཐབས་རྫས་བསགས་པ། །བདག་བསྐྱེད་རྣམ་རྒྱལ་ལས་བུམ་མདུན་བསྐྱེད་དང་། །ལོ་རྒྱུས་ཟུར་ཙམ་སྤྱན་འདྲེན་བཞུགས་གསོལ་དང་། །དགྱེས་པ་བསྐྱེད་པ་ཡན་ཆད་སྔོན་འགྲོ་ཡིན། །དངོས་གཞི་ཕྱག་འཚལ་བཤགས་པ་ལྷ་ཁྲུས་གསུམ། །འཁྲུགས་པ་སྤྱི་བཅོས་སྤར་ཁའི་ལེའུ་ཁ་དང་། །ལོ་སྐོར་ལེའུ་ཁར་སྣང་བརྒྱད་བསང་ཡིག་གསུམ། །དངོས་གཞི་ཡིན་པས་ཚར་གྲངས་དུ་ཐོན་བྱ། །སྔགས་ལ་ཤམ་བུ་བཏགས་ནས་བཟླ་བར་བྱ། །སྐུ་བསྟོད་ཡན་ཆད་དངོས་གཞི་ཆ་ཚང་ཡིན། །རྗེས་ལ་སྒོ་དབྱེ་དངོས་གྲུབ་ལེན་པ་དང་། །བཀྲ་ཤིས་བརྗོད་ལ་སྨོན་ལམ་བཏབ་པ་དང་། །གཤེགས་གསོལ་རྡུལ་ཚོན་བསྡུ་བས་ཚང་བའོ། །བག་མ་ཡིན་ན་གནམ་ཁྱིའི་བཅོས་པ་བཙུད། །སྤུར་གྱི་དོན་ཡིན་དུར་ཁ་རྒྱས་འདེབས་བཏགས། །ཁང་ལས་དང་པོར་ས་བདག་སྙིང་གཏེར་

p. 11

བཏགས། །བར་པར་ས་གཡང་སྤར་ཁེབས་དེ་དང་སྦྲགས། །ཁང་ལས་ཐ་མར་ཡུལ་གྱི་ཁ་དོག་སྦྲགས། །ཡུལ་སར་བཟུང་ན་ཡུལ་ལྷའི་བཅོས་དང་སྦྲགས། །ཀླུ་དང་འགྲས་ཟེར་ཀླུ་ཆོག་དངོས་དང་སྦྲགས། །གཉན་དང་འགྲས་ན་གཉན་འབུམ་དལ་བཀྱག་སྦྲགས། །ས་བཅུད་སྤེལ་ན་སྣང་བརྒྱད་ཉང་མ་སྦྲགས། །དགྲ་བླ་གུད་ན་ཡར་བསང་བརྔན་དང་སྦྲགས། །དགེ་བསྙེན་འགྲས་ན་དེ་ཡི་བཅོས་པ་སྦྲགས། །གཟའ་ནད་བྱུང་ན་གཟའ་བཅོས་དེ་དང་སྦྲགས། །ས་གནད་ཉམས་ན་ས་བདག་སྙིང་གཏེར་སྦྲགས། །དེ་བཞིན་མི་འདྲ་བཅུ་གསུམ་འདི་ཡི་གཏོ་བཅོས་ལུགས། །ས་བདག་གསེར་ཁོག་དངུལ་ཁོག་རྒྱུད་དང་བསྟུན། །བདག་གི་ཕ་རྒན་སྔགས་པ་རྒས་པོ་ཡིས། །སི་ཏུ་ཆོས་ཀྱི་རྒྱ་མཚོའི་ལག་ལེན་ཁྲིད། །འདི་ལུགས་བསླབས་པ་བདག་གིས་བྲིས་སོ་སྐད། །གཞན་ཡང་གཟའ་ཀླུ་འཁྲུགས་བཅོས་སྙིང་དཀར་ནག །གནམ་སྒོ་ས་སྒོ་བཞི་སོགས་གཏོ་བཞི་དེ། །འདི་རུ་ཉུང་ཙམ་ཁ་མ།ཐོན་ཙམ་དུ་ཡོད། །དེ་བས་རགས་བསྡུས་ཉུང་ངུ་ཉུང་ངུར་བསྡུས། །དཔེ་ཚེམ་ཉུང་ཡང་ཚིག་དོན་ཆ་ཚང་བ། །རྒྱས་འབྲིང་བསྡུས་དང་ཡང་བསྡུས་འཁྲུགས་བཅོས་རིགས། །མི་འདྲ་

p. 12

མི་གཅིག་སུམ་ཅུ་ཙམ་ཞིག་བརྩམས། །ང་རང་རང་བཟོ་མ་ཡིན་རྒྱལ་བའི་བཀའ། །ཡི་གེ་ཉུང་ཡང་ཚིག་དོན་ས་ལེར་གསལ། །གྲགས་པའི་དབྱར་རྔའི་ཆར་རྒྱུན་འབེབས་པར་ངེས། ༈ །དབང་ཆེན་རྒྱས་པར་བོད་དུ་མ་དར་ཡང་། །མདོར་བསྡུས་ཤུན་རྩིའི་ནང་དུ་ཤིང་ཏ་ལའི། །ལོ་མར་བྲིས་པའི་ཡི་གེ་དཔེ་བུམ་གཅིག །མཁས་པ་གྲགས་ཏེ་བྱ་བས་བོད་དུ་བསྒྱུར། །མེ་ཉག་ལྕེ་འབར་བྱ་བས་ས་རྩིས་སྐོར། །གླང་ཆེན་འགྱིང་རིའི་ཧུན་དྷུ་རུ་ལ་ཞུས། །གསེར་གྱི་ཞོ་ཁལ་ཕུལ་བས་འཁྲུགས་བཅོས་དང་། །ལར་ཡང་ཡི་གེ་པོད་ལངས་བདུན་ཙམ་སྨྱུགནང་། །དེ་གཉིས་བསྡེབས་པས་རྒྱ་ཤིང་གཉིས་ཟེར་ཡང་། །དོན་ལ་རྒྱ་ཚེ་མ་གཏོགས་གཞན་ན་མེད། །དེ་བས་གཏོ་བཅོས་མང་ཡོད་འདིར་མ་དར། །ཁྱད་པར་ས་བདག་འདི་ཚོ་བཅའ་བའི་དུས། །ས་བདག་ཐེབས་ལ་ཕོག་ན་ཤིན་ཏུ་ལེགས། །འདི་ལ་ཤ་ཁྲག་མི་རུང་ཟེར་བྱུང་ན། །ཡིག་རྙིང་ངོས་ལ་བྱང་དུ་ཤ་དུམ་བདུན། །གསུངས་པས་ཤ་དུམ་མཐའ་ལ་འཁོར་བར་བཞག །ཀླུ་བཅོས་དུས་ལ་ཤ་ཁྲག་བཞག་པ་མིན། །དཀར་གསུམ་མངར་གསུམ་མེ་ཏོག་དམར་པོ་བཞག །དེ་བཞིན་འདོན་ཆ་ནང་བཞིན་ལྟར་དུ་བཅའ། ༈ །འབྲིང་

p. 13

བར་དཀྱིལ་འཁོར་དབུས་སུ་སྤྱོད་བཤོས་ཟླུམ། །དེ་མདུན་ཞལ་དཀར་དེ་རྒྱབ་པད་ཕོར་བཞི། །མཚམས་བཞིར་ཞལ་དཀར་བཞི་བཞག་དེ་ཡི་ཕྱིར། །སྤར་ཁ་བརྒྱད་་ལ་རང་རང་བཤོས་བུ་བརྒྱད། །སྨེ་བ་དགུ་ལ་དེ་བཞིན་དགུ་ཚར་དགུ། །དེ་བཞིན་མདུན་དུ་ལོ་སྐོར་བཅུ་གཉིས་ཀྱི། །བཤོས་བུ་སྤར་ཁའི་སྐག་བསྒྱུར་ནང་ལྟར་བཅའ། །སྲུང་བཞི་གཟུགས་བཞིའི་རྒྱབ་དེར་ལོ་བཤོས་དང་། །དེ་རྒྱབ་ཟླུམ་གཏོར་རིལ་བུས་བརྒྱན་པ་བརྒྱད། །གཟའ་ལ་རུ་ལྡེབ་དཀྱུས་པ་འདྲ་བ་དང་། །རྒྱུ་སྐར་ཉེར་བརྒྱད་ལྷ་བཤོས་རྩེ་རྒྱལ་དང་། །ཞལ་དཀར་འབྲང་རྒྱས་བརྒྱད་དང་བཅས་པ་དང་། །དེ་ཕྱིར་སྡེ་བརྒྱད་ཡར་རྗེའི་བཤོས་བུ་བརྒྱད། །སྒོ་བཞིར་རྒྱལ་ཆེན་སྡེ་བཞི་ལྕོག་ཟླུམ་པོ། །དེ་རྣམས་ཀླད་དུ་རྒྱང་བུ་སྐུ་གཟུགས་བཙུགས། །དེ་ཕྱིར་མཆོད་པ་སྣ་ཚོགས་བཤམས་པའོ། །དེ་ཕྱིར་ཤིང་རྩི་བཙུགས་པས་འཐུས་པ་ཡིན། ༈ །བསྡུ་ན་དཀྱིལ་འཁོར་པད་མ་འདབ་མ་བརྒྱད། །དེ་མཐར་མཆོད་བཤམས་དཀར་གཏོར་དགུ། །དབུས་དང་ཕྱོགས་མཚམས་བརྒྱད་དུ་བཀོད། །དེ་མཐར་ཤིང་རྩི་བཙུགས་པས་འཐུས། །འདི་ལ་བསྐང་བ་གསུངས་ན་ཡང་། །བསང་མ་གཏོགས་པ་

p. 14

མི་དགོས་སོ། །ཚོགས་ནི་ཡོད་ན་སྐོང་བ་དགོས། །དེ་བས་བསང་དང་འབྲེལ་བ་ན། །བསྐང་བ་མི་དགོས་པར་ནི་གསུངས། །ཅི་ཕྱིར་བསང་དང་བསྐང་བ་གཅིག །གསུངས་སོ། །རྒྱང་བུ་ཏང་ཚེ་ཁྱད་པར་ཆེ་བའི་ཕྱིར། །རྒྱང་བུ་རྒྱང་མཛོད་དཔེའུ་རིས་ལྟར་ལྟོས། །ཏང་ཆེ་རྒྱ་ཧོར་ནས་བྱུང་ཆོག་པར་གསུངས། །མ་བྱུང་བ་ནི་བྲན་བྱས་རུང་ངོ་གསུངས། །ས་བདག་ལོ་རྒྱུས་ཟིན་བྲིས་བྲིས་པ་འདིས། །ཁ་མཁས་ཟོལ་པོ་ཡིད་ཆེས་འགྲོ་བ་དང་། །འགྲོ་བ་ཉམ་ཆུང་བར་ཆད་རྐྱེན་ལས་ཐར། །ཚེ་འདིར་ནད་དང་སྡུག་བསྔལ་ཞི་བ་དང་། །འདི་བརྩམས་སྔགས་པ་ཞལ་དྲོ་བདེ་སྐྱིད་ལྡན། །བཀྲ་ཤིས་བདེ་ལེགས་ཡུན་དུ་གནས་པར་ཤོག །ཅེས་པ་སྣོན་ཟླའི་ཚེས་བཅུར་བྲིས་པའོ། །རཱ་ག་ཨ་སྱས་འཁྲུགས་བཅོས་་་་དབང་ཆེན། འགའ་ནས་བསྡུས། །ཀརྨ་ཚེ་བརྟན་ཐུགས་རབ་བརྟན་པར་ཤོག །སརྦ་མངྒ་ལ་ཀུརླནྟུ། དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་དབང་ཆེན་གྱི་ས་སློང་བསོད་ནམས་རི་རབ།

p. 15

ས་བདག་དབང་ཆེན་གྱི་ས་སློང་བསོད་ནམས་རི་རབ་བཞུགས་སོ། །གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ས་སྟེགས་དཀྱིལ་འཁོར་བཞེངས་པ་ལ། །ས་ལ་བདག་པོ་ཡོད་པས་ས་བསླང་དགོས། །དེ་མིན་ས་བདག་ཁྲོས་པས་བཀྲ་མི་ཤིས། །མ་བྱིན་བླང་བའི་ཉེས་པས་ཕན་མི་ཐོགས། །དེ་ཕྱིར་དཀར་གཏོར་འབྲུ་སྣ་སྐག་ལེ་ཁྱེར། །ས་ནི་ཡོད་སར་སོང་ལ་གཏོར་མ་བྲན། །ཧཱུྃ། དམ་ཚིག་ཡེ་ཤེས་དབྱེར་མེད་པའི། །རང་ཉིད་འཇིག་རྟེན་དབང་ཕྱུག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། །གཡོན་པས་པདྨ་དཀར་པོ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །པདྨ་ཟླ་སྟེང་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ལན་གསུམ་ས་ལ་བརྡབ། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །ས་ཡི་འོག་ནས་བརྟན་མ་ནི། །གསེར་མདོག་རྒྱན་རྣམས་ཀུན་གྱིས་སྤྲས། །ཕྱག་གཡས་ཁས་ལེན་ཕྱག་རྒྱ་དང་། །གཡོན་པས་གཏེར་གྱི་བུམ་པ་འཛིན། །ལྟེ་བ་ཡན་ཆད་ས་ནས་ཐོན། །ས་བདག་ཚོགས་ཀྱིས་བསྐོར་ནས་བྱོན། །ཨོཾ་བཔྲི་ཐི་དེ་ཝི་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ༔ ཏིཥྛ་ལྷན། ཨརྒྷཾ་སོགས། ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ས་ཡི་ལྷ་

p. 16

མོ་བརྟན་མ་དང་། །ལྟོ་འཕྱེ་ལ་སོགས་ས་བདག་ཚོགས། །འདིར་གནས་ས་ཡི་བདག་པོ་ཀུན། །ས་གླུད་གཏོར་མ་འདི་བཞེས་ལ། །ས་འདི་བདག་ལ་གནང་བར་མཛོད། །སཙྪལ་སོགས་ཡིན་ན་ཡང་། །བདག་གིས་མཆོད་རྟེན་བཞེངས་པ་ཡི། །དགེ་བའི་ཆ་ཤས་ཁྱོད་ལ་སྦྱིན། །དེ་ཕྱིར་དགའ་ཞིང་བྱང་སེམས་ཀྱིས། །ས་འདི་བཀྲ་ཤིས་མཛད་དུ་གསོལ། །བརྗོད་པས་བརྟན་མ་ལ་སོགས་དགྱེས། །ས་འདི་གནང་བའི་འགྲོ་དོན་སྤྱོད། །གསུངས་ནས་བརྟན་མ་ས་ལ་ཐིམ། །ས་བདག་གཞན་རྣམས་བྱེར་བར་འགྱུར། །སེང་ལྡེང་ཕུར་པ་སོར་བརྒྱད་འདི། །སྟོད་ནི་རྟ་མགྲིན་དམར་པོ་སྟེ། །རྟ་སྐད་སྒྲོག་ཅིང་གྲི་ཐོད་འཛིན། །སྐུ་སྨད་ཕུར་པ་མེ་དཔུང་འབར། །གདེངས་ཤིང་ས་ལ་གདབ་པ་ཡིས། །གཏོརམས་བྲིད་ཅིང་མི་ཉན་པའི། །གདུག་པ་ཅན་རྣམས་བྲོས་པར་གྱུར། །ཨོཾཔདྨནྟ་ཀྲིཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥཱན་ཧཱུྃ་ཕཊ། དེ་ནས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་སྐག་ལེ་བཟུང་། །དཔྱིད་གསུམ་བྱང་དང་དབྱར་གསུམ་ཤར་གྱི་ཕྱོགས། །སྟོན་གསུམ་ལྷོ་དང་དགུན་གསུམ་ནུབ་ཀྱི་ཕྱོགས། །ཁ་གྱུས་བརྐོས་པས་ལྟོ་འཕྱེའི་ལྟོ་ཚིལ་ལོན། །ས་གཡང་རིན་ཆེན་སྣ་ལྔའི་གཏེར་ཁ་སྟེ། །ས་གཡང་དངོས་གྲུབ་ཐམས་

p. 17

ཅད་ཐོབ་པར་གྱུར། །བཛྲ་ག་རུ་ཊ་ཧཱུྃ་ཕཊ། ཅེས་པ་བརྗོད་པས་སྐག་ལེ་ལན་ལྔ་བརྒྱབ། །ཚེས་གྲངས་བཅུ་གཉིས་ཐེ་སེ་སྤྲེལ་ཁོག་རྒྱུ། །དེ་ཉིན་སོར་གྲངས་དུ་བརྐོས་མི་རེ་འཆི། །དེ་ཕྱིར་བཅུ་གཉིས་ས་ཆོག་ས་སློང་སྤང་། །དེ་མིན་ས་སློང་ཚར་ནས་ནམ་འདོད་དུ། །ལས་མི་རྣམས་ཀྱིས་རྐོ་དང་ལེན་ཡང་རུང་། །ས་བདག་དབང་ཆེན་དཀྱིལ་འཁོར་ས་ཆོག་ཏུ། བསླང་བར་གསུངས་ལྟར་ཡང་ཡིག་ཚུལ་དུ་ནི། །སྔགས་འཆང༧ར་ག་ཨ་སྱ་ཞེས་པ་ཡིས། །འདི་བྲིས་ཉེས་པ་ས་ཡི་ལྷ་ལ་བཤགས། །དགེ་བས་ཡོན་མཆོད་བར་ཆད་རྐྱེན་ངན་ཞི། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་ཕྱིར་བསྔོ།། །།

ས་བདག་དབང་ཆེན་གཏོར་མའི་དཔེའུ་རིས་རབ་གསལ་འཕྲུལ་གྱི་མེ་ལོང་།

p. 18
p. 19

ས་བདག་དབང་ཆེན་གཏོར་མའི་དཔེའུ་རིས་རབ་གསལ་འཕྲུལ་གྱི་མེ་ལོང་བཞུགས་སོ།།

p. 20

རི་མོ་ཡོད།

p. 21

རི་མོ་ཡོད།

p. 22

རི་མོ་ཡོད།

p. 23

རི་མོ་ཡོད།

p. 24
p. 25

རི་མོ་ཡོད།

p. 26

རི་མོ་ཡོད།

p. 27

རི་མོ་ཡོད།

p. 28

རི་མོ་ཡོད། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ས་སྙིང་གི་ས་བདག་འཁྲུགས་བཅོས་ཀྱི་སྲིད་པ་སྤྱི་ཡི་གཉེན་པོ་ཕྱག་རྡོར་གྱི་བདག་བསྐྱེད།

p. 29

གནམ་ཆོས་ས་སྙིང་གི་ས་བདག་འཁྲུགས་བཅོས་ཀྱི་སྲིད་པ་སྤྱི་ཡི་གཉེན་པོ་ཕྱག་རྡོར་གྱི་བདག་བསྐྱེད་བཞུགས་སོ། །ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པད་ཟླའི་སྟེང་། །ཧཱུྃ་མཐིང་ཡོངས་སུ་གྱུར་པ་ལས། །རང་ཉིད་ཕྱག་ན་རྡོ་རྗེ་ནི། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །མཐིང་ནག་ཞལ་ཨ་གཅིག་ཕྱག་གཉིས་པ། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་སྒྲེང་། །དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན། །ཞབས་གཉིས་འདོར་ཐབས་པད་ཟླར་བཞུགས། །ཡེ་ཤེས་མེ་དཔུང་ཀློང་དུ་གསལ། །གནས་གསུམ་ཡིག་འབྲུའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དབང་བསྐུར་མི་བསྐྱོད་དབུ་བརྒྱན་གྱུར། །ཛཿཧཱུྃ་བཾ་ཧོཿ ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿཨཱཿ ཨརྒྷཾ་སོགས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་

p. 30

པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་གསལ། །འོད་ཀྱིས་འཕགས་མཆོད་སྣང་སྲིད་དབང་སྡུས་ནས། །སྣང་སྲིད་ཐམས་ཅད་བདག་གི་བཀའ་ཉན་ནས། །བྱམས་དང་སྙིང་རྗེའི་ངང་ལ་གནས་པར་བསམ། །ཨོཾ་བཛྲ་པཱ་ཎི་ཧཱུྃ། ཅི་ནུས་བརྗོད། ཨོཾ་བཛྲ་པཱ་ཎི་ཨརྒྷཾ་སོགས། ཤབྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་རཱ་ག་ཨ་སྱས་ས་སྙིང་ལྷན་ཐབས་སུ་བཞག་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།

ས་སྲིན་བཀར་ཐབས་བསྡུས་པ།

p. 31

ས་སྲིན་བཀར་ཐབས་བསྡུས་པ་བཞུགས་སོ།། ན་མོ་བཛྲ་པཱ་ཎི་ཡེ། ས་བདག་དབང་ཆེན་མཆོད་སྒྲུབ་ཀྱི། །སྔོན་དུ་ས་སྲིན་བཀར་ཐབས་བསྡུས་པ་ནི། །ལྕོག་རྡོག་ཆངས་བུ་ཏིང་ལོ་བཤམས། །ཨ། སྟོང་པའི་ངང་ལས་རང་སེམས་ཡི་གེ་ཁྲོ། །དེ་ལས་རྡོ་རྗེ་ཁྱུང་ཆེན་སྐུ་མདོག་དཀར། །གསེར་མིག་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན། །རལ་གྲིའི་གཤོག་པ་ཆུ་གྲིའི་རྐང་པ་ཅན། །ཡེ་ནས་དམ་ཡེ་དབྱེར་མེད་གཅིག་ཏུ་གསལ། །བཀའ་དང་དམ་ལ་མི་འདུག་གདུག་པ་ཅན། །ནག་པོའི་ཕྱོགས་གྱུར་ཀླུ་སྲིན་ས་སྲིན་དང་། །བྲག་སྲིན་ལ་སོགས་ས་བདག་མཆོད་སྒྲུབ་ལ། །གནོད་བྱེད་སྒབ་འདྲེ་ཐམས་ཅད་འདིར་འདུས་ཤིག །ཏྲི་ཛ༔ཧཱུྃ་བཾ་ཧོཿ མཚམས་གཅོད་ནི། འོ་དེ་ཤན་དང་རོལ་མཚོའི་བྲག་ནག་ལ། །གནས་པའི་ཀླུ་སྲིན་རྒན་རྒོན་སྦྲུལ་མཇུག་ཅན། །བུ་ནི་བྲག་སྲིན་ལུས་ནི་སྦྲུལ་མཇུག་ཅན། །གཉན་ལུག་གདུག་རྩུབ་ཅན།་་ཞེས་དཔེ་ལ་ལར་འབྱུང་། །དེ་ཡི་མཇུག་མ་བྲག་ཆུ་ཤིང་དང་ནི། །མེ་ལ་གདབ་པས་སོ་སོའི་སྲིན་བུ་བྱུང་། །ཆུ་སྲིན་ས་སྲིན་བྲག་སྲིན་འཁོར་བཅས་ལ། །མཐུན་རྫས་གཏོར་མ་ཆངས་བུ་ཏིང་ལོ་སྦྱིན། །འདི་རུ་མ་འཚེ་མྱུར་བ་གཞན་

p. 32

དུ་དེངས། །ག་རུ་ཊ་གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ། བྲག་ནག་གམ། ཤིང་ནག་རྩ་བར་བསྐྱལ། མཚམས་བཅད་སྲུང་འཁོར་བསྒོམ་པར་བྱའོ། །རྒྱ་ནག་སྟོན་པ་ཧྭ་ཤང་ཆེན་པོས་སྦྱར་བ་ས་སྲིན་བཀར་ཐབས་བསྡུས་པ་འདི། རཱ་གའི་མིང་གིས་བྱས་པ་ཡང་། འདིའི་སྒབ་ནས་དཀྱིལ་འཁོར་བགེགས་བསྐྲད་འོང་། ཀྱཻ། གཙང་མ་རིགས་ཀྱི་དཀྱིལ་འཁོར་འདི། །ལྷ་སྲིན་སྡེ་བརྒྱད་མ་གཤེགས་ཤིག །ལྷ་གཞི་གཉེན་ལ་མི་དབང་བའི། །འགུག་ཅིང་འདྲེན་པ་མ་གཏོགས་པ། །ས་སྲིན་ཀླུ་སྲིན་བྲག་སྲིན་སོགས། །བར་དུ་གཅོད་པའི་བགེགས་རིགས་རྣམས། །སོ་སོར་རང་རང་གནས་སུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །དྲག་པོ་ལས་ཀྱིས་མཚམས་གཅོད་ཅིང་། །ཁྲོ་བོའི་ཡུངས་ཀར་རྒྱལ་པོ་འདི། །ཁྲོ་བོའི་སྐུ་ལ་སྔགས་ཀྱི་མདའ། །གསེར་གྱི་མདོག་སྟེ་བགེགས་ལ་དྲངས། །བགེགས་ཀྱང་རྡུལ་ཕྲན་བཞིན་དུ་བརླག །ཨོཾ་སུཾ་བྷ་ནི་སོགས་བརྗོད། དགེའོ། །དགེའོ། །དགེའོ།། །།

ས་སླང་དབུ་ཕྱོགས་ལེགས་པ།

p. 33

ས་སླང་དབུ་ཕྱོགས་ལེགས་པ་ཞེས་བྱ་བ་བཞུགས་སོ། །ས་སླང་བའི་ལྕོག་རྡོག་བྲན་ལ། །ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བྱིན་གྱིས་བརླབས་ལ། །ཧཱུྃ། ཇི་ལྟར་སྔོན་གྱི་དཔང་མཛད་ལྟར། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བདག་གིས་བྱང་ཆུབ་སེམས་སྒྲུབས་པས། །མཆོད་འབུལ་དཔང་མཛོད་ས་འདི་ཞུ། །བཅུ་གཉིས་ལོ་ཡི་རྟ་ལ་ཞོན། །ཀོ་ལོང་བསྡོམས་པའི་ལྷ་དགུ་སོགས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །ས་གླུད་མཆོད་སྦྱིན་གཏོར་མ་བཞེས། །ས་འདི་བདག་ལ་གནང་བར་མཛོད། །འབྱུང་པོ་ས་འདིའི་བདག་པོ་ཀུན། །གནས་བསྟན་གཞན་དུ་ཁྱོད་སྤོས་ལ། །ས་འདི་བཀྲ་ཤིས་མཛད་དུ་གསོལ། །སརྦ་བྷུ་ཏ་ཨུཙྪི་གྷཾ་ན་ཁཱ་ཧི། ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་རཱ་ག་ཨ་སྱས་སྨྲས་སོ། །སརྦ་མངྒ་ལཾ། །དགེའོ།། །།

མར་ཤིང་དུག་སེལ་ལ་བཀའ་བསྒོ་བ།

p. 34
p. 35

དེ་ནས་མར་ཤིང་དུག་སེལ་ལ་བཀའ་བསྒོ་བ་ནི། ཧཱུྃ་ཁྲོཾ། ང་ནི་གསང་བདག་རྡོ་རྗེ་ཁྱུང་། །ཉོན་ཅིག་སྲིད་པའི་འདྲེ་དགུའི་ཚོགས། །གཙུག་ལག་གདོན་བཅུའི་འདྲེ་སྲིན་དང་། །བགེགས་རིགས་སྟོང་ཕྲག་བྱིས་པའི་གདོན། །བྱང་ཆུབ་སྒྲུབ་ལ་མི་དགའ་ཞིང་། །བར་ཆད་རིགས་རྣམས་གང་ཡང་རུང་། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཁྲོ་རྒྱལ་ཁྱུང་ཆེན་ཐུགས་ཁྲོས་ནས། །སྐུ་གསུང་ཐུགས་སྤྲུལ་ནམ་མཁའ་གང་། །ཁྲོ་བོ་ཁྱུང་ཆེན་ཚྭ་ཚྭ་འཕྲོས། །གདོན་བགེགས་ལུས་ངག་ལྟ་རྡུལ་དུ་རློགས། །དེ་བས་རང་རང་གནས་སུ་དེངས། །ཨོཾ་སུཾ་བྷ་ནི་སོགས། ཡུངས་ཀར་ཐུན་གྱིས་བྲབ་བོ། །དེ་ནས་སྲུང་འཁོར་བསྒོམ་པ་ནི། བདག་ཉིད་ཁྱུང་ཆེན་ག་རུ་ཊའི། །ཐུགས་ཀའི་ཁྲོ་ལས་འོད་ཟེར་འཕྲོས། །ཕྱོགས་མཚམས་སྟེང་འོག་རྡོ་རྗེའི་གུར། །རྡོ་རྗེ་འབར་བས་མཚམས་ཆོད་ཅིག །བཛྲ་རཀྵ་རཀྟ་ཧཱུྃ་ཕཊ། དེ་རྒྱབ་ཡེ་ཤེས་མེ་དཔུང་འབར། །འུར་འུར་ཆེམས་ཆེམ་མེ་སྒྲ་ཡིས། །སྟོང་གསུམ་གང་བ་འབར་བ་ཡིས། །གནོད་བྱེད་འབྱུང་པོ་མེ་ཡིས་སྲེག །ཡེ་ཤེས་མེ་རིས་མཚམས་ཆོད་ཅིག །རཾ་རཾ་གདོན་བགེགས་འབྱུང་པོ་ཛཱ་

p. 36

ལ་རཾ་ཧཱུྃ་ཕཊ། སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།

ས་བདག་སྟོང་གསུམ་འཁྲུགས་པ་ཡོ་བཅོས་སྣང་སྲིད་འཁྲུགས་པ་སྤྱི་བཅོས་དོན་བསྡུས་པ།

p. 37

ས་བདག་སྟོང་གསུམ་འཁྲུགས་པ་ཡོ་བཅོས་སྣང་སྲིད་འཁྲུགས་པ་སྤྱི་བཅོས་དོན་བསྡུས་པ་མཁས་གྲུབ་རཱ་ག་ཨ་སྱས་བཞག་པ་མ་ཧཱ་བ་ལའོ།།

p. 38

འཕགས་པ་འཇམ་པའི་དབྱངས་དང་ཀོང་རྩེ་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །འགྲོ་བ་རྣམས་ལ་ཕན་གདགས་ཕྱིར། །གཙུག་ལག་འབྱུང་བའི་ཆོ་ག་ལས། །ཉེ་བར་མཁོ་བ་འདི་ཁོ་ནའོ། །དེ་ཡང་དགོས་ཆེད་ནི་སྣང་སྲིད་སྤྱི་བཅོས་ལས་བཤད་པ་ནི་འདིར་མ་བཤད་དོ། །བཀྲ་ཤིས་པ་ལ་མཎྜལ་གྲུ་བཞི་པ། སྤང་ལེབ་ཤིང་ལ་ཞ་ལ་བྱས་པའི་སྟེང་། །སྤོས་དང་ཀླུ་སྨན་འོ་ཆབ་ཆག་ཆག་གདབ། ཀྱཻ། བདུད་རྩི་སྨན་དང་དྲི་ཞིམ་སྤོས། །ཤིང་མངར་ཀ་ར་བུ་རམ་དང་། །གསེར་དངུལ་རིན་ཆེན་མེ་ཏོག་དང་། །ས་བདག་ཀླུ་གཉན་བཅོས་པའི་ཕྱིར། །གཞལ་ཡས་དཀྱིལ་འཁོར་དམ་པ་འདིར། །འོ་མ་སྨན་གྱིས་ཆག་ཆག་

p. 39

གདབ། །ཐིག་རྐྱལ་དུ་ཚོན་དཀར་དམར་བསྲེས་ལ། ཀྱཻ། ཤར་ཕྱོགས་ཤིང་ཁམས་རྒྱལ་པོའི་གནས། །ཐིག་ཆ་དཀར་པོས་ཐིག་གདབ་བོ། །ལྷོ་ཕྱོགས་མེ་ཁམས་རྒྱལ་པོའི་གནས། །ཐིག་ཆ་སྔོན་པོས་ཐིག་གདབ་བོ། །ནུབ་ཕྱོགས་ལྕགས་ཁམས་རྒྱལ་པོའི་གནས། །ཐིག་ཆ་དམར་པོས་ཐིག་གདབ་བོ། །བྱང་ཕྱོགས་ཆུ་ཁམས་རྒྱལ་པོའི་གནས། །ཐིག་ཆ་ལྗང་གུས་ཐིག་གདབ་བོ། །དབུས་ཕྱོགས་ས་ཁམས་རྒྱལ་པོའི་གནས། །ཐིག་ཆ་ནག་པོས་ཐིག་གདབ་བོ། །ལྷ་ཀླུ་གཉན་དང་ས་བདག་གཏོད། །གཟའ་དང་རྒྱུ་སྐར་ལ་སོགས་ཀྱི། །གནས་དང་

p. 40

ཡུལ་དུ་ཐིག་གདབ་བོ། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི། །ཐིག་ཆ་སྣ་ཚོགས་ཐིག་གདབ་བོ། །གནས་དང་ཡུལ་དུ་ཐིག་གདབ་བོ། ཞེས་ཀྱ་ཀྱོག་མེད་པར་གདབ་བོ། །ད་ནི་ཡང་དག་བཤད་བྱ་བ། །འབྲུ་སྣའི་ཕྱེའམ་ས་ཁམས་ལ། །རིན་ཆེན་བརྡར་བ་གང་རུང་ལ། །དབུས་སུ་ལེའུ་ཚེ་ཟླུམ་སྐོར་ལ། །དེ་དབུས་མཚོ་རིས་བྱ་བའི་སྟེང་། །རུས་སྦལ་གན་རྐྱལ་མགོ་ལྷོར་བསྟན། །དེ་སྟེང་རི་རབ་བང་རིམ་བཞི། །སྟེང་དུ་གཙོ་བོའི་འདྲ་འབག་ནི། །ས་བདག་སྟོང་ཁྱབ་ཆེན་པོ་ནི། །གསེར་མདོག་མི་གདོང་རྩ་བའི་ཞལ། །གཡས་ཞལ་སྟག་ལ་དབུ་རྒྱན་སྦྲུལ། །གཡོན་ཞལ་ཕག་ལ་དབུ་རྒྱན་བྱ། །ལྗང་དམར་ནག་པོ་དཀར་པོ་བྱ། །སྦྲུལ་མགོ་བཅུ་དྲུག་གདེངས་ཀ་ལ། །རིན་པོ་ཆེ་ཡི་ཕྲོག་ཞུ་ཡོད། །ཕྱག་བཞི་དང་པོ་ཐལ་མོ་སྦྱར། །གཡས་འོག་འཁོར་ལོ་རྩིབས་བརྒྱད་ཕྱར། །གཡོན་འོག་རི་རབ་ཐུགས་ཀར་གནས། །སྦྲུལ་མཇུག་སེར་པོ་རུས་སྦལ་གདན། །གཡས་སུ་ཐེ་སེ་བྱ་མགོ་དཀར། །གཡོན་དེར་ཙང་ཀུན་སྤྲེའུ་མགོ་དམར། །མདུན་དུ་ས་ལྷ་བུམ་པ་སེར། །རྒྱབ་ཏུ་ཤྲཱི་བྷ་དྲ་ཀླུ་གཟུགས་སེར། །ཤར་ལྷོར་ས་འཛིན་ལག་པ་སེར། །ལྷོ་ནུབ་སྲིད་པ་ཕྱག་བརྙན་དཀར། །ནུབ་བྱང་ཧོང་ཕན་ཆུ་སྲིན་མཐིང་། །བྱང་ཤར་འཇིགས་བྱེད་དྲེད་ཀྱི་མགོ །དུད་མདོག་རུས་སྦལ་གདན་ལའོ། །དེ་རྒྱབ་མུ་ཁྱུད་ལིང་ཚེ་བརྒྱད། །ཤིང་ཁམས་རྒྱལ་པོ་ལྗང་གུ་ཤར། །མེ་ཁམས་དམར་ལ་ལྕགས་

p. 41

ཁམས་དཀར། །ཆུ་ཁམས་ནག་པོ་ས་ཁམས་སེར། །སྐུ་མདོག་ཕྱག་མཚན་སྐུ་བསྟོད་ལྟར། །ཕྱོགས་མཚམས་བརྒྱད་དུ་དགོད་པར་བྱ། །དེ་རྒྱབ་ལིང་ཚེ་བརྒྱད་པོ་ལ། །ཤིང་སོགས་འབྱུང་བའི་ལྷ་མོ་དགོད། །རི་དབང་རླུང་ས་གནམ་དབང་རྣམས། །རང་རང་གནས་སུ་བཀོད་པའོ། །དེ་རྒྱབ་འབྱུང་ལྔའི་མདོག་ཆ་བརྒྱད། །སྤར་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཀོད། །གཡས་སུ་སྨེ་བ་གཡོན་དུ་ནོར། །མདུན་དུ་ལོ་སྐོར་རང་རང་མདོག །མཚམས་སུ་སྒོ་བཞི་སྲུང་བཞི་ནི། །སྟག་དང་གཡག་ལུག་བྱ་རུས་སྦལ། །མི་ལུས་བྱ་གཤོག་སྦྲུལ་མཇུག་གོ །དེ་རྒྱབ་པད་དཀར་ལྷ་བརྒྱད་དང་། །དེ་རྒྱབ་པད་སྔོན་ཀླུ་བརྒྱད་དོ། །དེ་རྒྱབ་པད་སེར་གཉན་ཆེན་བརྒྱད། །དེ་རྒྱབ་པད་༈ དམར་བརྒྱད་ལ་གཟའ་ཆེན་བརྒྱད། །དེ་རྒྱབ་སྣ་ཚོགས་པདྨ་སུམ་ཅུ་ལྔ། །རྒྱུ་སྐར་ཉེར་བརྒྱད་གནམ་ཁྱི་བཅས་པ་བཀོད། །དེ་རྒྱབ་ལིང་ཚེ་བཅུ་ལ་ཕྱོགས་སྐྱོང་བཅུ། །དེ་རྒྱབ་གྲུ་བཞི་སྒོ་བཞི་རྟ་བབས་རྫོགས། །རྒྱལ་ཆེན་སྡེ་བཞི་སྒོ་སྲུང་ཚུལ་དུ་བཀོད། །མཚམས་སུ་གཏོད་དང་སྡེ་བརྒྱད་བཤོས་བུ་བཀོད། །གཏོར་མ་ལྷ་བཤོས་བརྒྱད་དང་དཀར་གཏོར་བརྒྱད། །རིལ་བུ་བརྒྱད་དང་པད་སྡོང་འབྲང་རྒྱས་བརྒྱད། །གཏོར་མ་ཟུར་གསུམ་མཁར་ཐབས་ཞལ་དཀར་ཆངས་བུ་བརྒྱད། །ཕོཏང་མོ་ཏང་ཟུར་གསུམ་ཏིང་ལོ་བརྒྱད། །མཐའ་ལ་བྱ་གཅན་རི་དྭགས་གཡུང་ཆུ་གནས། །གོ་ཆ་མཚོན་ཆ་ཕོ་ཆས་མོ་ཆས་དགོད། །དེ་རྒྱབ་ཐང་ཤིང་ཤུག་པ་གསེར་ཤིང་དང་། །ལྕང་མ་ཤུག་པ་འོམ་བུ་སིལ་ཤིང་

p. 42

དང་། །སྟག་པ་བརྒྱད་ནི་ཆ་བརྒྱད་བཙུགས་པར་བྱ། །དབྱར་པ་ཉ་བྲིད་སྤེན་མ་ཚར་བུ་དང་། །གང་འཛོམ་བལ་དང་དར་གྱིས་བརྒྱན་པ་བཙུགས། །ཕྱོགས་བཞི་མདའ་དར་བཞི་དང་པན་རྒྱལ་མཚན། །མེ་ལོང་དྲི་དང་ཤོག་པན་ཡོལ་བ་བཤམས། །རྩེ་ལ་སྣང་སྲིད་གཟུགས་ཀྱི་ཙཀླུ་བཙུགས། །འདི་ཙམ་རག་བསྡུས་ས་བདག་མཆོད་པ་ཚང་། །གླུད་ནི་མི་གཟུགས་མི་ཀླུད་ནོར་གླུད་བླུགས། །ཚྭ་སྒོག་གཡེར་མ་ལ་སོགས་ཡས་བསག་གོ །དེ་སྟེང་གདན་ཁྲི་བཅའ་སྟེང་བུམ་པ་དགོད། །བྱང་ཤར་མཚམས་སུ་ལས་བུམ་བཀོད་བྱས་ཏེ། །མདུན་དུ་སྟེགས་སམ་སྣམ་ཤར་གཙང་མའི་སྟེང་། །ཕྱེ་མར་འབྲུ་སྣ་མན་དང་འོ་མ་ཇ། །སྦྱང་བུར་ཆུ་བསྲེས་ཞོ་དང་རྒུན་འབྲུམ་དང་། །གྲོ་མ་མོན་བུ་ཆུར་བ་ཁུར་བ་དང་། །ཤིང་ཐོག་རྩི་ཐོག་ཡོས་ཁྲ་གསེར་སྐྱེམས་བཤམས། །དེས་ནི་མཆོད་བཤམས་རིམ་པ་མདོར་བསྡུས་སོ། །དེ་ནས་ཤིང་རྩིའི་ལོ་རྒྱུས་ཟུར་ཙམ་སྨྲ། ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །ས་བདག་ཀླུ་གཉན་ཁྱེད་རྣམས་ལ། །ཤིང་རྩི་རྒྱན་ཆེན་འདི་འབུལ་བའི། །ཕོ་བྲང་དཀྱིལ་འཁོར་འདི་ལ་བཞུགས་སུ་གསོལ། །ཤིང་རྩི་སྣ་དགུ་འདི་ལ་བརྟན་པར་བཞུགས། །ཙནྡན་ཕོ་ལྷའི་བླ་ཤིང་དང་། །སུར་དཀར་མཚུན་གྱི་བླ་ཤིང་དང་། །སྤེན་མ་ཀླུ་ཡི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སྦ་དཀར་ལྷ་ཡི་བླ་ཤིང་དང་། །སྟག་པ་

p. 43

གཉན་གྱི་བླ་ཤིང་དང། །དབྱར་པ་ས་བདག་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཚར་བུ་གཏོད་ཀྱི་བླ་ཤིང་དང་། །འོམ་བུ་ཀླུ་ཡི་བླ་ཤིང་དང་། །འབོ་དཀར་མི་ཡི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཉ་བྲིད་ཡུལ་སའི་བླ་ཤིང་དང་། །ལྕང་མ་འདྲེ་གདོན་ཐུབ་པའི་བླ་ཤིང་དང་། །ཚེར་ཉ་མོ་སྨན་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཤུག་པ་དགྲ་བླའི་བླ་ཤིང་དང་། །སྨྱུག་མ་མཚུན་གྱི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །དེ་ལྟར་བདུད་རྩིའི་ཤིང་རྩི་དག །ཆག་དང་གྲུམ་དུ་མ་སོང་བ། །བལ་ཚོན་སྣ་དགུས་བརྒྱན་པ་འདི། །ས་བདག་ཀླུ་གཉན་གཏོད་འཁོར་བཅས། །ཤིང་རྩི་འདི་ལ་བརྟན་པར་བཞུགས། །བདག་དང་ཡོན་བདག་འགྲས་པ་བསྡུམ། །ས་བདག་ནད་རྣམས་ཤིང་རྩིས་བསལ་དུ་གསོལ། །དམེ་རྨུགས་ནལ་གསུམ་མི་ལ་མ་འབེབས་ཤིག །བཀྲ་ཤིས་བདེ་ལེགས་དངོས་གྲུབ་བསྩལ་དུ་གསོལ། །ཡར་ཡམས་ཡར་བཀྱག་མར་ཡམས་མ་ར་སྒྱུར། །ཡོན་བདག་གཏོད་ཀྱི་སྤར་ཁ་གཡོར། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །དེ་

p. 44

ནས་མར་ཤིང་ལ་ནི་འདི་སྐད་དོ། ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །སྲིད་པའི་འདྲེ་དགུ་མ་ར་བཀར། །ཤིང་ནག་རུས་དགུའི་བླ་ཤིང་དབྱེ། །སུར་ནག་འདྲེ་དགུའི་བླ་ཤིང་ཡིན། །སྟག་མ་ནལ་གྱི་བླ་ཤིང་ཡིན། །སྐྱེར་ནག་དམེ་ཡི་བླ་ཤིང་ཡིན། །དེ་རིང་སྲིད་པའི་འདྲེ་དགུ་མ་ར་བཀར། །ལྷ་ས་འདི་ལ་མ་འགྲིམ་ཞིག །གླང་མ་རབས་ཆད་བླ་ཤིང་ཡིན། །སྨྲ་ག་གྲི་བོའི་བླ་ཤིང་ཡིན། །ཐར་ནུ་ཐེའུ་རང་བླ་ཤིང་ཡིན། །དེ་རིང་སྲིད་པའི་འདྲེ་དགུ་མ་ར་བཀར། །ལྷ་ས་འདི་ལ་མ་འགྲིམ་ཞིག །ཚེར་ནག་ཡམས་ཀྱི་བླ་ཤིང་ཡིན། །བེ་ཤིང་ཐབ་ཀྱི་བླ་ཤིང་ཡིན། །སྐྲ་བ་མདུན་གྱི་བླ་ཤིང་ཡིན། །དེ་རིང་སྲིད་པའི་འདྲེ་དགུ་མ་ར་བཀར། །ལྷ་ས་འདི་ལ་མ་འགྲིམ་ཞིག །དབྱི་མོང་དུར་སྲིའི་བླ་ཤིང་ཡིན། །ཐང་ཕྲོམ་འདྲེ་ཡི་བླ་ཤིང་ཡིན། །དེ་རིང་སྲིད་པའི་འདྲེ་དགུ་མ་ར་བཀར། །ལྷ་ས་འདི་ལ་མ་འགྲིམ་ཞིག །ར་དུག་བདུད་ཀྱི་བླ་ཤིང་ཡིན། །ཁྱི་ཚེར་བཙན་གྱི་བླ་ཤིང་ཡིན། །དེ་རིང་སྲིད་པའི་འདྲེ་དགུ་མ་ར་བཀར། །ལྷ་ས་འདི་ལ་མ་འགྲིམ་ཞིག །དེ་ལྟར་ཤིང་ནག་རུས་དགུ་ཆོ་དགུ་འདིས། །འདྲེ་སྲིན་བྱུར་གསུམ་མ་ར་བཀར། །མི་

p. 45

ལ་བསེ་རག་མ་ར་བཀར། །གོད་འདྲེ་གོད་སྲི་མ་ར་བཀར། །དགྲ་འདྲེ་གདོན་གསུམ་མ་ར་བཀར། །མི་ཁ་གླེང་གཞི་མ་ར་བཀར། །དམེ་རྨུགས་ནལ་གསུམ་མ་ར་བཀར། །ཞེས་པ་མར་ཤིང་གང་འཛོམ་བཙུགས། ༈ །དེ་ནས་ཞི་བསང་རྒྱས་པར་བཏང་། ད་ནི་དངོས་གཞི་བདག་བསྐྱེད་ནི། །སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། །ཨཱཋལས་ཟླ་བ་རཾ་ལས་ཉི་མའི་སྟེང་། །ཧཱུྃ་མཐིང་གཅིག་གྱུར་དེ་ལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་ཐམས་ཅད་སྡིག་སྒྲིབ་སྦྱངས། །ཚུར་འདུས་ཧཱུྃ་ཐིམ་ཡོངས་སུ་གྱུར་པ་ལས། །ཕྱག་ན་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ། །སྐུ་མདོག་སྔོན་པོ་གཟི་བརྗིད་ཉི་འབུམ་འབར། །ཁྲོ་བོའི་གཟུགས་ལ་སྦྲུལ་སྟག་རིན་ཆེན་བརྒྱན། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་དྲིལ་བུ་བསྣམས། །སྤྱན་གསུམ་དམར་ཟླུམ་ཞལ་གདངས་མཆེ་བཞི་གཙིགས། །ཞབས་གཉིས་བརྐྱང་བསྐུམ་ས་བདག་རུས་སྦལ་མནན། །སངས་རྒྱས་ཀུན་གྱི་ཐུགས་དང་དབྱེར་མེད་གྱུར། །གནས་གསུམ་འབྲུ་གསུམ་དག་ལས་འོད་ཟེར་འཕྲོས། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་ཀ་དང་། །ལྕང་ལོ་ཅན་ནས་སྤྱན་དྲངས་གཉིས་

p. 46

མེད་བསྟིམ། །ཛཿཧཱུྃ་བཾ་ཧོཿ དབང་ལྷ་སྤྱན་དྲངས་དབང་བསྐུར་ལུས་སྒྲིབ་དག །བུམ་ཆུ་ཡར་ལུད་མི་བསྐྱོད་དབུ་རྒྱན་གྱུར། །ཐུགས་ལས་མཆོད་ལྷ་སྤྲོས་ཏེ་བདག་བསྐྱེད་མཆོད། །ཨོཾ་བཛྲ་པཱ་ཎི་ཨརྒྷཾ་པཱུ་ཛ་ཧོ། ནས་ཤཔྟའི་བར་གྱིས་མཆོད། ཧཱུྃ། གསང་བདག་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་མཐིང་ནག་རལ་པ་བརྗེས། །དུར་ཁྲོད་ཆས་དང་རིན་ཆེན་བརྒྱན། །གདུལ་ཀའི་ཚོགས་འཇོམས་རྡོ་རྗེ་འཛིན། །ཞབས་གཉིས་བརྐྱང་བསྐུམ་འགྱིང་བག་ཅན། །བདེ་གཤེགས་ཐུགས་ཀྱི་གསང་བ་འཛིན། །མཐུ་སྟོབས་བདག་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཧཱུྃ་མཐར་སྔགས་ལས་འོད་ཟེར་འཕྲོས། །སྣང་སྲིད་དབང་སྡུས་གདུག་པ་ཚར་བཅད་བསམ། །ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། །ཞེས་པ་བརྒྱ་སྟོང་ཅི་འགྲུབ་བཟླསཨཧཱུྃ་སོགས་དང་། ལྕང་ལོ་ཅན་གྱི་གནས་སོགས་ཀྱིས་བསྟོད།་་་མཆན། དེ་ནས་ས་བདག་བུམ་ཆོག་ནི། །བུམ་པ་ཚད་ལྡན་ཀླུ་སྨན་བཏབ། །ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་ཆེན་བུམ། །དཔག་བསམ་ཁ་རྒྱན་དར་ཟབ་མགུལ་ཆིངས་སྤྲས། །དེ་དབུས་ལྷ་ཡི་གཞལ་ཡས་མཚན་ཉིད་རྫོགས། །པདྨ་འདབ་བརྒྱད་དབུས་སུ་དྷཱི༔ཡིག་སེར། །

p. 47

འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །འཕགས་པ་འཇམ་དཔལ་གུར་གུམ་ལྟ་བུའི་མདོག །རལ་གྲི་ཨུཏྤལ་སྟེང་དུ་པོ་ཏི་བསྣམས། །ཟུར་ཕུད་ལྔ་ལྡན་རིན་ཆེན་རྒྱན་གྱིས་བརྒྱན། །སྤྱི་བོར་ཨོཾ་ལས་རྣམ་སྣང་ཆོས་འཆད་དཀར། །མདུན་དུ་མི་བསྐྱོད་ས་གནོན་མཉམ་བཞག་སྔོ། །གཡས་སུ་རིན་འབྱུང་མཆོག་སྦྱིན་མཉམ་བཞག་སེར་། །རྒྱབ་ཏུ་སྣང་བ་མཐའ་ཡས་མཉམ་བཞག་དམར། །གཡོན་དུ་དོན་གྲུབ་སྐྱབས་སྦྱིན་མཉམ་བཞག་ལྗང་། །མཚམས་བཞིར་ཡུམ་བཞི་རིགས་མཐུན་ཕྱག་རྒྱ་ཅན། །དེ་དག་རང་རང་ཐུགས་ཀར་ས་བོན་དྷཱིཿ །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱ༔ ཚྭ་ཚྭ་ཚྭ་ཛྭ་ཏྭཾ། འོད་འཕྲོས་ཡེ་ཤེས་སྤྱན་དྲངས་རྒྱས་གདབ་གྱུར། །དེ་ལས་འོད་འཕྲོས་སེམས་ཅན་དུག་ལྔ་སྦྱངས། །ཚུར་འདུས་སངས་རྒྱས་བྱང་སེམས་བྱིན་རླབས་བཀུག །བུམ་ལྷར་ཐིམ་པས་བདུད་རྩིའི་ཆུ་རྒྱུན་བབས། །བུམ་པ་ཁེངས་ཏེ་བདུད་རྩིའི་རྣམ་པར་གྱུར། །ཨོཾ་ཝ་གི་ཤྭ་རི་ཧཱུྃ། ཨོཾ་བེ་རོ་ཙ་ན་ཨོྃ། ཨོཾ་བཛྲ་ཨཀྟ་བྱཱ་ཧཱུྃ། ཨོཾ་རཏྣ་སཾ་བྷ་ཝ་ཧཱུྃ། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཨོཾ་ཨ་མོ་གྷ་སིདྡྷི་ཨཱ༔ ཨོཾ་ཚུ་ལཾ་མཾ་པཾ་ཏཱཾ་སྭཱ་ཧཱ། ཅི་འགྲུབ་བཟླས་པའི་མཐར། ཨརྒྷཾ་སོགས་ཀྱིས་

p. 48

མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བུམ་ལྷ་འོད་ཞུ་བུམ་ཆུ་ཡན་ལག་བརྒྱད། །ལྡན་པས་མྱང་རེག་སྡིག་སྒྲིབ་དག་པར་བསམ། །དེ་ནི་རྣམ་རྒྱལ་བུམ་ཆོག་མདོར་བསྡུས་སོ། །ལས་བུམ་ནི། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། །ཟླ་བར་ཧཱུྃ་ཡིག་སྣ་ཚོགས་རྡོ་རྗེར་གྱུར། །འཕྲོ་འདུས་ཡོངས་གྱུར་ཁྲོ་རྒྱལ་བདུད་རྩི་འཁྱིལ། །གཡས་གཡོན་སྣ་ཚོགས་རྡོ་རྗེ་སྡིགས་མཛུབ་ཅན། །ཁྲོ་བོའི་ཆས་རྫོགས་དེ་མདུན་པད་ཟླར་བྷཾ། །འོད་ཞུ་ལྷ་མོ་དྲི་མེད་སྐུ་མདོག་དཀར། །ཞི་བའི་ཉམས་ལྡན་སྣ་ཚོགས་རིན་ཆེན་བརྒྱན། །ཕྱག་ན་བདུད་རྩིས་གང་བའི་བུམ་པ་བསྣམས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ། །དབང་བསྐུར་རྒྱས་གདབ་དོན་གྲུབ་དབུ་རྒྱན་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་

p. 49

ཧཱུྃ་ཕཊ། ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅི་འགྲུབ་དང་། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ཤེས་རབ་དབང་ཕྱུག་ཁྲོ་བོ་ནི། །ལྗང་ནག་སྣ་ཚོགས་རྡོ་རྗེ་བསྣམས། །བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བགེགས་དགྲ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཉོན་མོངས་རྣམ་དག་ཡེ་ཤེས་སྐུ། །བདུད་རྩིའི་བུམ་པ་ལེགས་འཛིན་ཅིང་། །ཉོན་མོངས་དྲི་མ་འཁྲུ་མཛད་མ། །དྲི་མེད་མ་ལ་ཕྱག་འཚལ་བསྟོད། །བུམ་ལྷ་འོད་ཞུ་ཡན་ལག་སྟོང་ལྡན་ཆུས། །སྣང་སྲིད་ནད་དང་གནོད་སེམས་ཞི་བྱེད་བསམ། །དེ་ནི་ལས་བུམ་ཆོ་གའོ། ༈ །དེ་ནས་མདུན་བསྐྱེད་ནི། ཆབ་ཀྱིས་བྲན་ལ། ཨོཾ་སྭ་བྷ་ཝ་སོགས་ལན་གསུམ་བརྗོད། མི་གཙང་མ་དག་སྣང་བ་སྟོང་པར་གྱུར། སྟོང་པའི་ངང་ལས་གཏོར་གཞི་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་རཾ་ལས་མེའི་དཀྱིལ་འཁོར། དེ་སྟེང་ཁཾ་ལས་ཆུའི་དཀྱིལ་འཁོར། དེ་སྟེང་ལཾ་ལས་གསེར་གྱི་ས་གཞི། དེ་སྟེང་སུ་ལས་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་དུ་གྱུར། དེ་སྟེང་ཧཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པར་གྱུར། དེའི་དབུས་སུ་གཡུའི་ན་བུན། ཁྲུས་

p. 50

ཀྱི་རྫིང་བུ། གསེར་གྱི་བྲག །མེ་ཏོག་གི་ཚལ། དཔག་བསམ་ལྗོན་ཤིང་། རྩི་ཤིང་ལོ་འདབ་མེ་ཏོག་འབྲས་བུ་དང་ལྡན་པ་རྣམས་ཀྱིས་བསྐོར་བའོ། །དེའི་དབུས་སུ་མ་ཧཱ་གསེར་གྱི་རུས་སྦལ་གན་རྐྱལ་དུ་འདུག་པ་མགོ་ལྷོར་བསྟན་པ། དེའི་སྟེང་དུ་རིའི་རྒྱལ་པོ་རི་རབ་མཆོད་རྟེན་བརྒྱད་ཚང་བ། དེ་སྟེང་པདྨ་དང་ཟླ་ཉིའི་གདན་ལ། རང་གི་ཐུགས་ཀ་ནས་དྷིསེར་པོ་འཕྲོས་པ་ལས། ཡི་གེ་དྷིཡོངས་སུ་གྱུར་པ་ལས། ས་བདག་དབང་ཆེན་སྐུ་མདོག་སེར་པོ་སྟོད་མི་གཟུགས་མཇུག་མ་སྦྲུལ་དུ་འཁྱིལ་པ། རྩ་ཞལ་མི་གདོང་སེར་པོ། ྋགཡས་སྟག་གདོང་ལྗང་གུ། གཡོན་ཕག་གདོང་ནག་པོ། གཡས་ཀྱི་གོང་དུ་སྦྲུལ་གདོང་དམར་པོ། གཡོན་གྱི་གོང་དུ་སྤྲེལ་གདོང་དཀར་པོ། འབྱུང་བ་ལྔའི་རང་བཞིན་ཉོན་མོངས་པ་ལྔའི་བདག་ཉིད་ཅན། དབུ་རྒྱན་སྦྲུལ་མགོ་བཅུ་དྲུག་པ། དབུའི་ཐོར་གཙུག་ལ་ནོར་བུ་རིན་པོ་ཆེས་སྤྲས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་འཁོར་ལོ་རྩིབས་བརྒྱད་བསྣམས་པ། གཡོན་གྱི་འོག་མ་ནི་རི་རབ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ། རུས་སྦལ་སེར་པོའི་གདན་ལ་བཞུགས་

p. 51

པའོ། །མདུན་དུ་ལྷ་མོ་བརྟན་མ་སེར་མོ་བུམ་པ་འཛིན་པ། རྒྱབ་ཏུ་ཤྲཱི་བྷ་དྲ་སྦྲུལ་གདེངས་ཅན་སེར་པོ་ཐལ་མོ་སྦྱར་བ། གཡས་སུ་ཐེ་སེ་དཀར་པོ་བྱ་མགོ་ཅན་་རལ་གྲི་འཛིན་པ། གཡོན་དུ་ཙང་ཀུན་སྤྲེའུ་གདོང་དམར་པོ་རལ་གྲི་འཛིན་པ། ཤར་ལྷོར་སྲས་ས་འཛིན་ལག་པ་སེར་པོ་ནོར་བུ་དང་ལྗོན་ཤིང་འཛིན་པ། ལྷོ་ནུབ་སྲིད་པ་ཕྱག་བརྙན་དཀར་ལྗང་ཞལ་ཟས་འཛིན་པ། ནུབ་བྱང་ཧང་ཕན་མཐིང་ནག་ཆུ་སྲིན་མགོ་ཅན་ཁྲམ་ཤིང་དང་ཞགས་པ་འཛིན་པ། བྱང་ཤར་འཇིགས་བྱེད་དྲེད་མགོ་དུད་ཁ་གཟིག་གི་རྒྱལ་མཚན་འཛིན་པ། མ་ཧཱ་རུས་སྦལ་གྱི་གདན་ལ་བཞུགས་པའོ། །དེའི་ཕྱི་རིམ་ལེའུ་ཚེ་བརྒྱད་ལ་ཤར་ཤིང་ཁམས་རྒྱལ་པོ་ལྗང་གུ་ལྗོན་ཤིང་འཛིན་པ། ལྷོ་མེ་ཁམས་རྒྱལ་པོ་དམར་པོ་མེ་ལོང་འཛིན་པ། ནུབ་ལྕགས་ཁམས་རྒྱལ་པོ་དཀར་པོ་རལ་གྲི་འཛིན་པ། བྱང་ཆུ་ཁམས་རྒྱལ་པོ་ལྗང་གུ་སྦྲུལ་ཞགས་འཛིན་པ། མཚམས་བཞིར་རྒྱལ་ཕྲན་བཞི་སེར་པོ་མཆོད་རྟེན་འཛིན་པ། འབྱུང་བ་དང་མཐུན་པའི་བེར་དང་སྦྲུལ་གྱི་སྐེ་རགས་བྱས་པའོ། །དེའི་ཕྱི་རིམ་ལེའུ་ཚེ་བརྒྱད་ལ་ཤར་དུ་ཤིང་གི་ལྷ་མོ་ལྗང་གུ་སྨན་སྡོང་འཛིན་པ། ལྷོ་

p. 52

ཕྱོགས་མེའི་ལྷ་མོ་དམར་མོ་ནོར་བུ་འཛིན་པ། ནུབ་ཕྱོགས་ལྕགས་ཀྱི་ལྷ་མོ་དཀར་མོ་སྙེ་མ་འཛིན་པ། བྱང་དུ་ཆུའི་ལྷ་མོ་ནག་མོ་བུམ་པ་བསྣམས་པ། མཚམས་བཞིར་སའི་ལྷ་མོ་བརྟན་བྱེད་མ། སྲ་བྱེད་མ། འཛིན་བྱེད་མ། ལྡན་བྱེད་མ་བཞི་སེར་མོ་བུམ་པ་འཛིན་པ། དེ་ཐམས་ཅད་དར་དང་རིན་པོ་ཆེས་བརྒྱན་པའོ། །དེའི་ཕྱི་རིམ་དུ་ལེའུ་ཚེ་བརྒྱད་ལ་སྤར་ཁ་བརྒྱད་ནི་ནུབ་བྱང་དུ་ཁེན་གནམ་སེར་པོ་འགྱིང་དཀར་བསྣམས་པ། བྱང་དུ་ཁམ་ཆུ་ནག་པོ་ཆུ་རྐྱལ་འཛིན་པ། བྱང་ཤར་གིན་རི་སེར་པོ་མཆོད་རྟེན་འཛིན་པ། ཤར་དུ་ཟིན་ཤིང་ལྗང་གུ་ཤིང་ལོ་འཛིན་པ། ཤར་ལྷོར་ཟོན་རླུང་སེར་པོ་རླུང་ཞགས་འཛིན་པ། ལྷོར་ལི་མེ་དམར་མོ་མེ་སྒྲོན་འཛིན་པ། ལྷོ་ནུབ་ཁོན་ས་སེར་པོ་རི་རབ་དང་ཕྲེང་བ་འཛིན་པ། ནུབ་ཏུ་དྭ་ལྕགས་དཀར་པོ་རལ་གྲི་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་པའོ། །དེ་རྒྱབ་ཀྱི་མདུན་དུ་ཤར་ན་སྟག་ཡོས་གཉིས་ལྗང་གུ་བཞི་ལྗང་སྟེ་ཤིང་ལོ་བསྣམས་པ། ཆུའི་གཞལ་ཡས་ཁང་ལ་གནས་པ། ལྷོ་ན་རྟ་སྦྲུལ་གཉིས་དགུ་དམར་དམར་པོ་མེ་སྒྲོན་བསྣམས་པ་ཤིང་གི་གཞལ་ཡས་ཁང་ལ་གནས་པ། ནུབ་ན་སྤྲེའུ་དང་བྱ་དཀར་པོ་བདུན་

p. 53

དམར་རལ་གྲི་བསྣམས་པ་སའི་གཞལ་ཡས་ཁང་ལ་གནས་པ། བྱང་ན་ཕག་དང་བྱི་བ་ནག་པོ་ཆུ་རྐྱལ་བསྣམས་པ་ལྕགས་ཀྱི་གཞལ་ཡས་ཁང་ལ་གནས་པ། །གཅིག་དཀར་གཉིས་ནག་སྟ་རེ་དང་ཐོ་བ་ཐོགས་པའོ། །ཤར་ལྷོར་འབྲུག་དང་སུམ་མཐིང་གཉིས། ལྷོ་ནུབ་ལུག་དང་ལྔ་སེར། ནུབ་བྱང་ཁྱི་དང་དྲུག་དཀར། བྱང་ཤར་གླང་དང་བརྒྱད་དཀར་སའི་དཀྱིལ་འཁོར་བསྣམས་པའོ། །དེ་རེ་རེ་ལས་ལྔ་ལྔ་རུ་སྤྲུལ་ཏེ་ཡོད་པར་བསམ། དེའི་ཕྱིར་ཤར་སྟག་སྐྱེ། ལྷོ་གཡུ་འབྲུག །ནུབ་བྱ་དམར། བྱང་རུས་སྦལ་སེར་པོ་རྣམས་སྟོད་མི་ལུས་བྱ་གཤོག་ཅན། ཐལ་མོ་ཐུགས་ཀར་སྦྱར་བ་སྦྲུལ་མཇུག་ཅན་ནོ། །དེ་རྒྱབ་པད་དཀར་འདབ་མ་བརྒྱད་ལ་ལྷ་ཆེན་བརྒྱུད་རིན་པོ་ཆེའི་རྒྱན་བཀྲ་བ། ཕྱག་མཚན་སྣ་ཚོགས་བསྣམས་པའོ། །དེ་རྒྱབ་པད་སྔོན་འདབ་བརྒྱད་ལ་ཀླུ་ཆེན་བརྒྱད་སྦྲུལ་གྱི་གདེངས་ཀ་ཅན་པདྨའི་གདན་ལ་བཞུགས་པའོ། །དེ་རྒྱབ་པད་སེར་འདབ་བརྒྱད་ལ་གཉན་ཆེན་བརྒྱད། དེ་རྒྱབ་པདྨ་དམར་པོ་འདབ་བརྒྱད་ལ་གཟའ་ཆེན་བརྒྱད། དེ་རྒྱབ་སྣ་ཚོགས་པདྨ་ལ་རྒྱུ་སྐར་ཉེར་བརྒྱད། གནམ་ཁྱི་སྤུན་བདུན། དེ་རྒྱབ་ལེའུ་ཚེ་བཅུ་ལ་

p. 54

ཕྱོགས་སྐྱོང་བཅུ། དེ་རྒྱབ་སྒོ་བཞི་ལ་རྒྱལ་པོ་ཆེན་པོ་སྡེ་བཞི་རྒྱན་ཆ་ལུགས་དང་ལྡན་པའོ། །དེ་རྒྱབ་མུ་ཁྱུད་ལ་ཐེ་སེ་རྒྱལ་པོ་ལ་སོགས་ལོ་ལ་འཁོར་བ། གྲོལ་བུམ་ལྷ་ལྔ་ལ་སོགས་ཟླ་བའི་ས་བདག །གསེར་མཛོད་སེར་པོ་ལ་སོགས་ཞག་གི་ས་བདག །གཡུ་མཛོད་སྔོན་པོ་ལ་སོགས་དུས་ཚོད་ཀྱི་ས་བདག །དུང་ལུག་བུ་མོང་ལ་སོགས་གཏོད་ཀྱི་སྡེ་ཚོགས༔ གཞན་ཡང་ལྷ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག་དང་བཅས་པ་རི་རབ་གླིང་བཞི་གླིང་ཕྲན་ལྷོ་འཛམ་བུ་གླིང་དང་། ས་ཕྱོགས་འདིར་གནས་ཡུལ་ལྷ་གཞི་བདག་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་ཀྱི་ནམ་མཁར་པད་ཟླའི་གདན་ལ་ཤཱཀྱ་ཐུབ་པ། སྤྱན་རས་གཟིགས། འཇམ་དཔལ། བྱ་ཁྱུང་། ཕྱག་ན་རྡོ་རྗེ། པདྨ་འབྱུང་གནས་རྣམས་སྤྲིན་ཕུང་འཁྲིགས་པ་ལྟར་སྣང་སྲིད་བདག་པོའི་གཉའ་ནོན་གྱི་ཚུལ་དུ་བསྒོམ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་སུ་ཏྲཿ རང་རང་གི་མིང་ཡིག་ལས་འོད་འཕྲོས་པས་སོ་སོ་རང་རང་གི་གནས་ནས་དད་པ་དང་། སྔོན་གྱི་དམ་ཚིག་དབང་གིས་བྱོན་ནས་བྲིས་སྐུའམ་བཞེངས་སྐུའམ་མདུན་བསྐྱེད་ལ་ཐིམ་མཆན། བསྐྱེད་པ་

p. 55

ལ་ཐིམ་པར་གྱུར། ཨོཾ་མ་ཧཱ་དེ་ཝ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་བཛྲ་ས་མཱ་ཡ་ཛ༔ དེ་ནས་ལོ་རྒྱུས་བཤད་པ་ནི། ཀྱཻ། རྒྱལ་བ་ཡིད་བཞིན་བདེན་པའི་ཚིག་ལ་ཉོན། །སངས་རྒྱས་ཞལ་མཐོང་བདེན་པའི་ཚིག་ལ་ཉོན། །རྗེས་སུ་འབྲང་ཞིང་ཀུན་དུ་དགའ་བ་ཡིས། །ས་འཛིན་ས་བདག་རྒྱལ་པོ་ཆེན་པོ་རྣམས། །རིན་ཆེན་གཏེར་ཆེན་འབྱུང་བའི་གཏོར་མ་འདི། །ནད་སོས་ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱང་། །མནོལ་ཆགས་སེམས་ཀྱི་སྒྲིབ་པ་མ་ལུས་དག །གཏི་མུག་འཐིབས་པའི་མུན་པ་བསལ་ཞིང་དྭངས། །བྱང་ཆུབ་ལསེམས་ལྡན་རྒྱལ་ཁམས་ཐམས་ཅད་སྐྱོང་། །འཛམ་གླིང་སྤྱི་ཡི་ས་ཕྱོགས་འདི་དག་ལ། །མཐུན་རྐྱེན་བྱིན་རླབས་དགེ་བའི་སྡོང་གྲོགས་མཛོད། །དཀར་པོའི་མཆོད་པ་གསོལ་ལ་གནས་འདིར་བྱོན། །ནམ་མཁའི་ཕྱོགས་ཀུན་ཐོགས་པ་མེད་པར་རྒྱུ། །ཡེ་ཤེས་ཐུགས་རྗེ་གསལ་བ་ཙམ་གྱིས་ནི། །ཅི་འདོད་ཅི་གསོལ་ཡིད་བཞིན་ཅི་ཡང་གནང་། །སྐྱབས་་འདོད་སྐྱབས་གསོལ་ཡོན་ཏན་ཀུན་ལ་སྐྱོབས། །ཉེས་འཛིན་དུས་སུ་བསྙེན་སྒྲུབ་བྱེད་པ་ཀུན། །ཤེས་རབ་བདེན་པའི་ཚིག་འཛིན་སྨོས་པར་མཛོད། །ཅི་འགྱུར་ཅི་སྨོས་ཅི་ཡང་

p. 56

སྨོས། །གར་འགྱུར་གར་སྟོན་གར་ཡང་སྟོན། །རི་རབ་ལྷུན་པོ་རི་རབ་ལྷུན་པོ་འབར། །རྒྱ་མཚོ་མཆིང་ནམ་རྒྱ་མཚོ་ཀུན་ཏུ་འབར། །ཀུན་ལ་དབང་བྱེད་ས་བདག་ས་ལ་དབང་ཆེན་འབར། །ས་ཡི་ལྷ་མོ་བརྟན་མ་བཀྲ་ཤིས་འབར། །རིན་ཆེན་མཐུ་མངའ་ཀུན་ལ་མངའ་མཛད་པའི། །ས་བདག་དབང་ཆེན་འཁོར་དང་བཅས་པ་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་དམ་པ་འབུལ། །སྔོན་དུས་སྲིད་པའི་ཆོས་རྣམས་ཀུན། །གང་ཡང་མེད་པའི་སྔོན་རོལ་དུ། །བྱེད་པ་ཡུལ་གྱི་བདག་པོ་ཡིས། །བྱ་བའི་ཆོས་ལ་ཡུལ་དུ་བཟུང་། །དེ་ལ་སེམས་ཅན་གཉིས་སྲིད་དེ། །སྐེམ་ལ་རིད་པའི་ཡན་ལག་ཅན། །ཁ་དོག་སེར་པོ་གསེར་ལྟ་བུ། །འགྲོ་ན་འབུར་ཞིང་འགྲོ་བ་དེ། །ཡན་ལག་སྦལ་པ་ལྟ་བུར་གནས། །དེ་ལ་མཚན་དུ་གྲགས་པ་ནི། །བྱེད་པ་གསེར་གྱི་རུས་སྦལ་དང་། །བྱ་བ་གསེར་གྱི་རུས་སྦལ་དག །མིང་དུ་གྲགས་ཏེ་ཕོ་མོ་གཉིས། །མཉམ་དུ་སྦྱོར་བའི་སྤྱོད་པ་ལས། །དེ་ཡི་རྡུལ་དང་རླངས་པ་ལས། །གཟའ་དང་སྐར་མའི་ཚོགས་རྣམས་དང་། །ལོ་དང་ཟླ་བའི་ས་བདག་དང་། །ཞག་དང་དུས་ཚོད་ལྷ་རྣམས་སྲིད། །དེ་ལ་འབྱུང་བ་ལྔ་མཆིས་ཏེ། །

p. 57

ནམ་མཁའ་རླུང་སོགས་འབྱུང་བ་གྲུབ། །དེ་ལ་སྤར་སྨེ་ལོ་ཚོགས་སྲིད། །དེ་ལ་སྣང་སྲིད་ལྷ་འདྲེ་སྲིད། །དེ་ལྟར་སྲིད་པའི་དུས་ཚོད་དུ། །མི་དང་ས་བདག་ཀུན་འགྲས་ཏེ། །ལེགས་པར་བྱས་ཀྱང་ཉེས་པར་སོང་། ཀྱཻ། སྔོན་ཚེ་རྒྱ་ཡུལ་གྲམ་ལམ་དུ། །རྒྱལ་པོ་གྱིང་ཤིང་ནག་པོ་དང་། །རྒྱལ་པོ་ཏི་ཏྲི་འོད་བཟང་གིས། །ས་བདག་གཉན་ལ་ཐུབ་ཆོད་བྱས། །སེམས་ཅན་ལུས་ཅན་མང་དུ་བསད། །དུར་ས་གཉན་གྱི་ཁ་ལ་བཏབ། །བག་མ་གནམ་ཁྱིའི་ཁ་རུ་བླངས། །ཕ་རོ་ཧལ་ཁྱིའི་ཁ་ལ་སྦས། །ཁང་རྙིང་ས་སྒོའི་ཐོག་ཏུ་བཏིངས། །སྟེང་སྒོ་གནམ་སྒོའི་ཕྱོགས་སུ་བསྟན། །མཁར་ལས་གནམ་སྒོའི་ཕྱོགས་སུ་བྱས། །ཕྱོགས་གཙང་དགྲ་བདུད་ཐོག་ཏུ་ཕྱིན། །མཛེ་ཤུའི་ལས་རྣམས་ཁད་ཀྱིས་བྱས། །སྐྱས་ནག་རི་སློ་ཁྱིམ་དུ་བཙུད། །བསྲུངས་བར་བྱས་པས་སྲུང་མ་ཤེས། །བཟློག་པར་བྱས་པས་ཟློག་མ་ཤེས། །གསོ་བར་བྱས་པས་གསོ་མ་ཤེས། །མདོར་ན་ཉེས་པ་བཅོས་མ་ཤེས། །འགྲམས་འཁྲུགས་ཐམས་ཅད་བཟླུམ་མ་ཤེས། །འཁོར་འདས་ཐམས་ཅད་དབྱེ་མ་ཤེས། །དེ་ལྟར་གྱུར་པའི་ཉེས་སྐྱོན་གྱིས། །རྒྱལ་པོའི་མི་

p. 58

རབས་ཆད་ལ་ཐུག །ནོར་ཕྱུགས་སྣ་ནས་འཆར་ལ་ཁད། །འབྲས་དྲུག་ལོ་ཐོག་སྐམ་ལ་ཁད། །ཕ་སྐག་བུ་ལ་ཟ་བར་འགྱུར། །མི་སྐག་ནོར་ལ་ཟ་བར་འགྱུར། །མོ་སྐག་ཕོ་ལ་ཟ་བར་འགྱུར། །ཕོ་སྐག་མོ་ལ་ཟ་བར་འགྱུར། །རྗེ་སྐག་བྲན་ལ་ཟ་བར་འགྱུར། །བྲན་སྐག་རྗེ་ལ་ཟ་བར་འགྱུར། །ཉིན་དཀར་མོ་དང་ལྟས་ཀྱང་ངན། །མཚན་མོ་རྨི་ལམ་ལྟས་ཀྱང་སྡུག །སྐྱེ་འགྲོ་སྡུག་བསྔལ་ནད་ཀྱིས་ཟིན། །ཤ་རུས་སྐམ་ཞིང་སླ་བ་ཁོལ། །ཆུ་རྒྱུས་འཁུམ་ལ་རྩ་ཡང་སྐམ། །ཤ་ཡང་རུལ་ལ་པགས་པ་རལ། །དེ་ཚེ་འཕགས་པ་འཇམ་དཔལ་གྱིས། །འགྲོ་བ་སེམས་ཅན་བསྐྱང་སླད་དུ། །གྷོ་བུ་དེ་ཤན་གནས་མཆོག་ཏུ། །བྱམས་པ་ཆེན་པོའི་ཏིང་འཛིན་གྱིས། །སྐུ་ལས་འོད་ཟེར་སྣ་ཚོགས་བཀྱེས། །ས་བདག་མི་དང་འཁོན་འགྲས་བསྡུམས། །ལྗགས་ཀྱི་མཆིལ་མའི་ཐིགས་པ་ཡི། །རྐྱེན་ལས་གྲུབ་པའི་སྦལ་པ་བསྟན། །དེ་ཡི་རང་བཞིན་གྲུབ་པ་ན། །སྐྱེ་འགྲོ་རྣམས་ལ་ཕན་གདགས་ཕྱིར། །འགྱུར་རྩིས་སུམ་བརྒྱ་དྲུག་ཅུ་བཤད། །དེ་རུ་འདུས་པའི་འཁོར་རྣམས་ལ། །འགྲས་པ་ཐམས་ཅད་བསྡུམ་པ་དང་། །གནོད་པ་ཐམས་ཅད་

p. 59

བསྒྱུར་བའི་ཕྱིར། །འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །མི་དང་ས་བདག་འཁོན་འགྲས་བསྡུམས། །དེ་ནས་རྒྱལ་བློན་འཁོར་བཅས་ལ། །བཀྲ་ཤིས་ཕུན་སུམ་ཚོགས་པ་བྱུང་། །སྔོན་གྱི་སྲིད་པ་དེ་བཞིན་དུ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །མི་ནོར་དབང་ཐང་བསྐྱེད་པའི་ཕྱིར། །བདག་ཉིད་ཀོང་ཙེ་འཕྲུལ་རྒྱལ་གྱིས། །ཡོན་བདག་བསམ་པ་འགྲུབ་པའི་ཕྱིར། །འབྱུང་བ་ལས་ཀྱི་ཁོད་སྙོམས་ཏེ། །སྲིད་པ་ལས་ཀྱི་གཞུང་སྦྱོར་ནས། །སྤར་ཁ་བརྒྱད་དང་སྨེ་བའི་ལྷ། །ལོ་སྐོར་དྲུག་ཅུ་ཐེམ་པ་དང་། །གཟའ་སྐར་ལོ་འཁོར་ས་བདག་དང་། །གཞན་ཡང་ས་བདག་ཀླུ་གཉན་དང་། །ཡུལ་ལྷ་གཞི་བདག་འཁོར་བཅས་ཀུན། །རྫུན་ཚིག་བསླུ་བ་མ་ལགས་ཀྱི། །བདེགཤེགས་རྒྱལ་བའི་བཀའ་ལ་ཉོན། ཀྱཻ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །དམ་ཆོས་འདོད་ཆགས་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བདེན་པའི་ཐུགས་རྗེ་བྱིན་རླབས་ཀྱིས། །སོ་སོར་མཁོ་བའི་ཡོ་བྱད་མ་ལུས་

p. 60

པ། །ཇི་ལྟར་བཤམས་དང་སྤྲུལ་པར་འབྱུང་གྱུར་ཅིག །དེ་ནས་སྤྱན་འདྲེན་པ་ནི། བསང་དུད་ཆེར་སྦར་མཆོད་པས་མཆོད། །རྔ་དུང་དྲིལ་བུ་སིལ་སྙན་གཤང་། །སྤོས་དུད་བཏང་ལ་དཀར་ཆབ་མཆོད། །གོས་དཀར་གྱོན་ལ་གྱེར་སྒོམ་སྤྲུགས། །བདག་ཉིད་གསང་བའི་བདག་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས། ཡ་ཀའི་ལྷ་གནས་ཐམས་ཅད་དང་རི་རབ་སྟེང་ཤོད་དབང་ཆེན་གསེར་གྱི་ས་གཞི། གླིང་བཞི་གླིང་ཕྲན་བརྒྱད་དང་བཅུ་གཉིས། རྒྱ་མཚོ་ཆེན་པོའི་ཁ་ཞབས་ནི་གནས་པའི་ས་བདག་ཀླུ་གཉན་རྣམས། བདག་ཉིད་ཕྱག་ན་རྡོ་རྗེའི་ཐུགས་ཀའི་བྱམས་པའི་འོད་ཟེར་གྱིས་བསྐུལ་ནས་མདུན་དུ་བཀའ་ཉན་གསུང་སྡོད་དུ་བྱོན་ནས་འཁོད་པར་བསམས་ལ། གྱེར་དབྱངས་སྙན་པོས་འདི་སྐད་སྤྱན་འདྲེན་ནོ། ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རིང་གདུགས་གང་བཟང་པོ་ལ། །ནང་མི་འདི་ཡི་དོན་ཆེད་དུ། །འཁྲུགས་པ་སྤྱི་བཅོས་བྱ་བའི་ཕྱིར། །སྣང་སྲིད་ལྷ་ཀླུ་ས་བདག་རྣམས། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས། ནམ་མཁའ་གསལ་བའི་ཞིང་ཁམས་ནས། །སྟོང་པ་འཁོར་ལོའི་དཀྱིལ་འཁོར་འདིར། །སྟོན་པ་ཤཱཀ་ཐུབ་འཁོར་དང་བཅས། །རིགས་གསུམ་མགོན་པོ་བྱང་སེམས་འཁོར། །

p. 61

འགྲོ་བའི་དོན་དུ་སྤྱན་འདྲེན་ན། །སྣང་སྲིད་གདུག་པ་ཞི་ཕྱིར་གཤེགས། ཀྱཻ། ཚངས་པ་ལ་སོགས་ལྷ་ཆེན་བརྒྱད། །ལྷ་ཡི་འཁྲུག་པ་བསྡུམ་པ་དང་། །ལྷ་ཡི་གདུག་རྩུབ་ཞི་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནམ་ལ་མངའ་མཛད་ནམ་མཁའི་ལྷ། །བར་སྣང་མངའ་མཛད་འོད་གསལ་ལྷ། །ས་ལ་མངའ་མཛད་ས་ཡི་ལྷ། །གནམ་ས་བར་སྣང་འཁྲུགས་པ་བསྡུམ་ཕྱིར་གཤེགས། །རྒྱ་མཚོ་ཆུ་ཡི་ཀློང་དཀྱིལ་ནས། །ཆུ་ལ་མངའ་མཛད་ཀླུ་ཆེན་བརྒྱད། །ཀླུ་མོ་བརྒྱད་དང་ཀླུ་རིགས་འཁོར། །ཀླུ་དང་འཁོན་འགྲས་བསྡུམ་པའི་ཕྱིར། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས། །བར་སྣང་ཁམས་ལ་བཞུགས་པ་ཡི། །གཟའ་ཆེན་བརྒྱད་དང་ཉི་ཟླའི་ལྷ། །གཟའ་ཡི་འཁྲུགས་པ་སེལ་བ་དང་། །གཟའ་དང་འགྲས་པ་བསྡུམ་པའི་ཕྱིར། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས། །སྨིན་དྲུག་ལ་སོགས་ཤར་སྐར་བདུན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །མཆུ་ལ་སོགས་ཏེ་ལྷོ་སྐར་བདུན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལྷ་མཚམས་ལ་སོགས་ནུབ་

p. 62

སྐར་བདུན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །མོན་གྲེ་ལ་སོགས་བྱང་སྐར་བདུན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སྐར་མའི་འཁྲུགས་པ་བསྡུམ་པ་དང་། །དལ་ཁ་ལྟས་ངན་བསྒྱུར་ཕྱིར་གཤེགས། ཀྱཻ། གནམ་ཁྱི་ལྷ་མོ་སྤུན་བདུན་དང་། །ཕོ་ཉ་གནམ་ཁྱི་འཁོར་དང་བཅས། །གནམ་ཁྱི་འཁྲུགས་པ་བསྡུམ་པའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཤིང་ལ་མངའ་མཛད་གཉན་རིགས་རྣམས། །ཡོན་བདག་དོན་དུ་སྤྱན་འདྲེན་ན། །ཞི་བའི་སེམས་དང་ལྡན་ཏེ་བྱོན། །གཉན་ཆེན་བཞི་དང་གནམ་སའི་གཉན། །རྡོ་ཆུ་ཤིང་བྲག་ལ་ལམ་གྱི། །གཉན་རིགས་མ་ལུས་གནས་འདིར་བྱོན། ཀྱཻ། དེ་རིང་སྲིད་པའི་ས་བདག་རྣམས། །ཡོན་བདག་དད་པའི་དོན་ཆེད་དུ། །སྲིད་པའི་གཏོ་ལ་སྤྱན་འདྲེན་ནོ། །གནས་དང་རྟེན་ལ་གཤེགས་སུ་གསོལ། །གླིང་བཞི་དབུས་དང་ལྔ་ལ་མངའ་མཛད་པའི། །ས་བདག་རྒྱལ་པོ་རྒྱལ་མོ་རྣམས། །ས་བདག་འཁྲུགས་པ་སེལ་སླད་དུ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ས་ཡི་ལྷ་མོ་བརྟན་མ་དང་། །ས་བདག་ཙང་ཀུན་ཁྱབ་པ་གཉིས། །

p. 63

ས་བདག་རྣམས་ཀྱི་གྲོལ་ཕུགས་ཏེ། །འབྱུང་བ་ལྔ་ལ་མངའ་ཡང་མཛད། །ནམ་ཟླ་དུས་བཞི་ཁ་ལོ་སྒྱུར། །ཡོན་བདག་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ས་བདག་གདུག་རྩུབ་ཞི་བར་མཛོད། །ཡབ་ཡུམ་དེ་གཉིས་སྤྲུལ་པ་ལས། །ཕྱོགས་བཞིར་མངའ་མཛད་ས་བདག་ནི། །འཁྲུགས་པ་བཅོས་ཕྱིར་སྤྱན་འདྲེན་ན། །གདུག་རྩུབ་ཞི་ཕྱིར་གཤེགས་སུ་གསོལ། །ཤར་ཕྱོགས་ཤིང་ཁམས་འཁོར་དང་བཅས། །འཁྲུགས་པ་བཅོས་ཕྱིར་གཤེགས་སུ་གསོལ། །ལྷོ་ཕྱོགས་མེ་ཁམས་འཁོར་དང་བཅས། །འཁྲུགས་པ་བཅོས་ཕྱིར་གཤེགས་སུ་གསོལ། །ནུབ་ཕྱོགས་ལྕགས་ཁམས་འཁོར་དང་བཅས། །འཁྲུགས་པ་བཅོས་ཕྱིར་གཤེགས་སུ་གསོལ་། །བྱང་ཕྱོགས་ཆུ་ཁམས་འཁོར་དང་བཅས། །འཁྲུགས་པ་བཅོས་ཕྱིར་གཤེགས་སུ་གསོལ། །དབུས་ཕྱོགས་ས་ཁམས་འཁོར་དང་བཅས། །འཁྲུགས་པ་བཅོས་ཕྱིར་༈ གཤེགས་སུ་གསོལ། །ཉི་མ་ཤར་ཕྱོགས་ཤིང་གི་ཁམས། །འབྱུང་བ་ཤིང་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །ས་བདག་མི་ལུས་སྟག་གི་དབུ། །བཙུན་མོ་མི་ལུས་ཡོས་བུའི་

p. 64

དབུ། །སྙིང་དཀར་འཁྲུགས་པ་བཅོས་སླད་དུ། །ས་བདག་རྒྱལ་པོ་རྒྱལ་མོ་ཡང་། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཉི་མ་ལྷོ་ཕྱོགས་མེ་ཡི་ཁམས། །མེ་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །ས་བདག་མི་ལུས་རྟ་ཡི་དབུ། །བཙུན་མོ་མི་ལུས་སྦྲུལ་གྱི་དབུ། །མེ་ཡི་འཁྲུགས་པ་བཅོས་སླད་དུ། །ས་བདག་རྒྱལ་པོ་རྒྱལ་མོ་ཡང་། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཉི་མ་ནུབ་ཕྱོགས་ལྕགས་ཀྱི་ཁམས། །ལྕགས་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །ས་བདག་མི་ལུས་སྤྲེའུའི་དབུ། །བཙུན་མོ་མི་ལུས་བྱ་ཡི་དབུ། །སྙིང་ནག་འཁྲུགས་པ་བཅོས་སླད་དུ། །ས་བདག་རྒྱལ་པོ་རྒྱལ་མོ་ཡང་། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཉི་མ་བྱང་ཕྱོགས་ཆུ་ཡི་ཁམས། །ཆུ་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །ས་བདག་མི་ལུས་བྱི་བའི་དབུ། །བཙུན་མོ་མི་ལུས་ཕག་གི་དབུ། །ཆུ་ཡི་འཁྲུགས་པ་བཅོས་སླད་དུ། །ས་བདག་རྒྱལ་པོ་རྒྱལ་མོ་ཡང་། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཉི་མ་དབུས་ཕྱོགས་ཕ་ཀི་ནི། །ས་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །གཤེད་ནི་ཁྱི་འབྲུག་གླང་ལུག་བཞི། །གཤེད་བཞིའི་

p. 65

འཁྲུགས་པ་བཅོས་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཀྱཻ། ཤར་ཕྱོགས་ཤིང་ཁམས་འཁོར་དང་བཅས། །ཤར་ལྷོ་ཟོན་ཁམས་འཁོར་དང་བཅས། །ལྷོ་ཕྱོགས་ལི་ཁམས་འཁོར་དང་བཅས། །ལྷོ་ནུབ་ཁོན་ཁམས་འཁོར་དང་བཅས། །ནུབ་ཕྱོགས་དྭ་ཁམས་འཁོར་དང་བཅས། །ནུབ་བྱང་ཁེན་ཁམས་འཁོར་དང་བཅས། །བྱང་ཕྱོགས་ཆུ་ཁམས་འཁོར་དང་བཅས། །བྱང་ཤར་གིན་ཁམས་འཁོར་དང་བཅས། །སྤར་ཁམས་འཁྲུགས་པ་བཅོས་པ་དང་། །འཁོན་འགྲས་ཐམས་ཅད་བསྡུམ་པའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ལྷའི་ས་བདག་བཅུ་གཉིས་ཡང་། །ལོ་ལྷའི་འཁྲུགས་པ་བཅོས་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སྨེ་བ་གླིང་དགུ་འཁོར་དང་བཅས། །སྨེ་བའི་འཁྲུགས་པ་བཅོས་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འབྱུང་བ་ལྔ་ཡི་ལྷ་ལྔ་ཡང་། །འབྱུང་ལྔའི་འཁྲུགས་པ་བཅོས་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཀྱཻ། རྡོ་ལ་གནས་པའི་གཏོད་རིགས་རྣམས། །གཏོད་དང་འགྲས་པ་

p. 66

བཅོས་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ། །གཏོད་ཀྱི་འཁྲུགས་པ་སེལ་བར་མཛོད། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །འཁྲུགས་པ་བཅོས་པའི་དོན་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས། །དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན། །ནད་དང་འཁྲུགས་པ་ཆོ་འཕྲུལ་བཟློག་པའི་ཕྱིར། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །སྡེ་བརྒྱད་འཁྲུགས་པ་བཅོས་སླད་དུ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་འགྲོ་བ་རིགས་དྲུག་དང་། །སྐྱེ་གནས་བཞི་དང་ལམ་རྒྱུད་ལྔ། །བུ་ལོན་ལན་ཆགས་འཇལ་ཕྱིར་བྱོན། །སྣང་སྲིད་མངའ་བདག་ཁྱེད་རྣམས་ནི། །ཞེ་སྡང་གདུག་པའི་སེམས་དང་མ་བྱོན་ཅིག །ང་རྒྱལ་ཁྲོ་གཏུམ་དག་དང་མ་བྱོན་ཅིག །འདོད་ཆགས་ཚ་བའི་དབལ་དང་མ་བྱོན་ཅིག །གཏི་མུག་མུན་པའི་བློ་དང་མ་བྱོན་ཅིག །ཕྲག་དོག་རུ་ངའི་ཡིད་དང་མ་བྱོན་ཅིག །ཞི་བ་བྱམས་པའི་སེམས་དང་ལྡན་ཏེ་བྱོན། །བརྩེ་སེམས་གདུང་བའི་སེམས་

p. 67

དང་བཅས་ཏེ་བྱོན། །འདོད་ཡོན་མཆོད་པ་འདི་ལ་དགོངས་ཏེ་བྱོན། །རྒྱལ་བ་འཕགས་པའི་བཀའ་ལ་ཉན་ཏེ་བྱོན། །གཏོ་མཁན་བདེན་ཚིག་འདི་ལ་ཉན་ཏེ་བྱོན། །ནད་དང་གནོད་སེམས་མ་ལུས་སྦྱང་ཕྱིར་བྱོན། །སྣ་སྲིད་གདུག་སེམས་མ་ལུས་ཞི་ཕྱིར་བྱོན། །ཨོཾ་མ་ཧཱ་དེ་ཝ་པྲི་ཐི་དེ་ཝི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོཿ དེ་ནས་གདན་ལ་བཞུགས་པ་ནི། ཀྱཻ། སྣང་སྲིད་མངའ་བདག་ཐམས་ཅད་ཀུན། །ཡོན་བདག་འདི་ཡི་དོན་ཆེད་དུ། །མཛེས་པ་པད་མའི་དཀྱིལ་འཁོར་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །མཛེས་པ་པདྨའི་གདན་ལ་བཞུགས་སུ་གསོལ། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །རྒྱ་མཚོའི་གདན་ལ་བཞུགས་སུ་གསོལ། །གཟའ་ཆེན་བརྒྱད་པོ་འཁོར་དང་བཅས། གཙང་མ་མེ་ཏོག་གདན་ལ་བཞུགས་སུ་གསོལ། །རྒྱུ་སྐར་ཉེར་བརྒྱད་འཁོར་དང་བཅས། །རླུང་དང་བུ་ཡུག་གདན་ལ་བཞུགས་སུ་གསོལ། །གནམ་ཁྱི་ལྷ་མོ་འཁོར་དང་བཅས། །རིན་ཆེན་སྣ་ལྔའི་གདན་ལ་བཞུགས་སུ་གསོལ། །གཉན་རིགས་འཁོར་དང་བཅས་པ་

p. 68

རྣམས། །ཤིང་ལོ་མཛེས་པའི་གདན་ལ་བཞུགས་སུ་གསོལ། །ས་བདག་རྒྱལ་པོ་རྒྱལ་མོ་ཡང་། །རི་རབ་གླིང་བཞིའི་གདན་ལ་བཞུགས་སུ་གསོལ། །རྡོ་བདག་གཏོད་རིགས་འཁོར་བཅས་རྣམས། །ཕ་ཝང་རིན་ཆེན་གདན་ལ་བཞུགས་སུ་གསོལ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །འཁོར་ལོ་སེང་གེའི་གདན་ལ་བཞུགས་སུ་གསོལ། །རྒྱལ་པོ་ཆེན་པོ་སྡེ་བཞི་ཡང་། །གྲུ་ཆད་བཞི་ལ་བཞུགས་སུ་གསོལ། །དཔལ་མགོན་ལྷ་སྲིན་སྡེ་བརྒྱད་ཚོགས། །དཔལ་མགོན་ལོ་ཟླ་ཞག་དུས་ལྷ། །རང་རང་འོས་པའི་གདན་ལ་སྡོད། །བྱང་ཆུབ་སེམས་དང་ལྡན་ཏེ་སྡོད། །དྷེ་ཝ་ལོ་ཀ་ས་མཱ་ཡ་ལྷན་འདུ། །དེ་ནས་ཡིད་ཀྱིས་མཆོད་པ་འབུལ། ཀྱཻ། སྣང་སྲིད་མངའ་བདག་མ་ལུས་རྣམས། །ཡིད་འོང་མཉམ་པའི་གདན་ལ་བཞུགས། །བདག་དང་ཡོན་བདག་དད་པ་ཡི། །མཆོད་པས་དགྱེས་པ་བསྐྱེད་པའི་ཕྱིར། །མར་མེ་མེ་ཏོག་དྲི་ཞིམ་སྤོས། །སྨན་དང་རིན་ཆེན་ལྷ་བཤོས་དང་། །ཤེལ་ཚིགས་བྱ་སྤུ་སྤ་རྒྱལ་དང་། །དར་ཟབ་སྟག་གཟིག་དཀོར་ནོར་དང་། །འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ། །སྣང་སྲིད་ནོར་རྫ་ས་དམིགས་བྱས་ནས།

p. 69

དད་གུས་ལྡན་པས་འབུལ་ལགས་ན། །ཞལ་གྱིས་དགྱེས་པའི་འཛུམ་ཕྱུང་ལ། །བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། །མཉེས་རབ་མཆོག་དང་ལྡན་གྱུར་ཅིག །གདུག་རྩུབ་ཐམས་ཅད་ཞི་བར་མཛོད། །བདག་ལ་མཐུ་དང་སྡོང་གྲོགས་མཛོད། །ཀོང་ཙེ་བདེན་པའི་བཀའ་ལ་ཉོན། །དགྱེས་པར་མཛོད་ལ་འཁྲུགས་པ་བཅོས། །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། །ལྷ་ཡི་དལ་ཁ་ཡམས་ཁ་ཟློག །ཀླུ་ཡི་གདུག་རྩུབ་ཞི་བར་མཛོད། །གཉན་གྱི་དལ་ཁ་བསྒྱུར་དུ་གསོལ། །ས་བདག་གདུག་པ་ཞི་བར་མཛོད་། །གཏོད་ཀྱི་འཁྲུགས་པ་བསལ་དུ་གསོལ། །མི་ནད་ཕྱུགས་ནད་ཞི་བར་མཛོད། །རྐྱེན་བགེགས་བར་ཆད་བཟློག་ཏུ་གསོལ། །དེ་ནས་མེ་ཏོག་བཟུང་ལ་ཕྱག་འཚལ་བ་ནི། ཀྱཻ། དེ་རིང་བདག་དང་ཡོན་བདག་གིས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་དང་རྒྱུ་སྐར་གནམ་ཁྱི་དང་། །གཉན་དང་ས་བདག་གཏོད་ལ་སོགས། །དཔལ་མགོན་ལྷ་སྒྲོསྲིན་སྡེ་བརྒྱད་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འཁྲུགས་པ་བཟླུམ་ཞིང་ཞི་བའི་ཕྱིར། །ཀོང་ཙེ་བདེན་པའི་བཀའ་བཞིན་དུ། །བདག་ཅག་དད་པས་ཕྱག་འཚལ་

p. 70

ལོ། །ལྷ་ཡི་འཁྲུགས་སྡང་བསལ་བའི་ཕྱིར། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །གཟའ་སྐར་འཁྲུགས་པ་བསལ་སླད་དུ། །གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །ཀླུ་ཡི་འཁྲུགས་ནད་བསལ་སླད་དུ། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །སྟོང་གྲི་ལན་ཆགས་སྦྱང་བའི་ཕྱིར། །གཉན་གྱི་སྡེ་ཚོགས་ཐམས་ཅད་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །ས་གཞི་དབྱིངས་ལ་གནས་པ་ཡི། །ས་བདག་རྒྱལ་པོ་འཁོར་དང་བཅས། །ས་བདག་འཁྲུགས་པ་བཅོས་པ་དང་། །ཡར་ཡམས་མར་ཡམས་བཟློག་པའི་ཕྱིར། །ཡོན་བདག་དད་པས་ཕྱག་འཚལ་ལོ། །སྙིང་འགྲམས་སྙིང་འཁྲུགས་ཞི་བའི་ཕྱིར། །ཤིང་ཁམས་རྒྱལ་པོ་འཁོར་བཅས་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །མེ་ཁམས་འགྲམས་འཁྲུགས་གཉན་ནད་བསལ། །མེ་ཁམས་རྒྱལ་པོ་འཁོར་བཅས་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །སྙིང་ནག་འགྲམས་འཁྲུགས་བསལ་སླད་དུ། །ལྕགས་ཁམས་རྒྱལ་པོ་འཁོར་བཅས་ལ། །ཡོན་

p. 71

བདག་དད་པས་ཕྱག་འཚལ་ལོ། །ཆུ་ཁམས་འགྲམས་འཁྲུགས་ཀླུ་ནད་སོལ། །ཆུ་ཁམས་རྒྱལ་པོ་འཁོར་བཅས་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །གཤེད་བཞིའི་འཁྲུགས་པ་དལ་ཁ་བསྒྱུར། །མཚམས་བཞི་ས་ཁམས་རྒྱལ་པོ་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །སྤར་ཁའི་འཁྲུགས་པ་བསལ་བའི་ཕྱིར། །སྤར་ཁ་བརྒྱད་ཀྱི་ལྷ་བརྒྱད་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །འབྱུང་ལྔའི་འཁྲུགས་པ་བཅོས་པའི་ཕྱིར། །འབྱུང་བ་ལྔ་ཡི་ལྷ་ལྔ་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །ལོ་ལྷ་བཅུ་གཉིས་མཆོད་པའི་ཕྱིར། །ལོ་ལྷ་བཅུ་གཉིས་འཁོར་བཅས་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །གཏོད་ཀྱི་འཁྲུགས་པ་བསལ་སླད་དུ། །རྡོ་ལ་གནས་པའི་ས་གཏོད་རིགས་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །ཕྱོགས་སྐྱོང་གདུག་པ་བསལ་བའི་ཕྱིར། །འཇིག་རྟེན་ཕྱོགས་སྐྱོང་བཅུ་པོ་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །དཔལ་མགོན་མཉེས་པར་བྱ་བའི་ཕྱིར། །གཙང་རིགས་དཔལ་མགོན་བདུན་ཅུ་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །ཕྱོགས་བཞིའི་དལ་ཡམས་བཟློག་པའི་

p. 72

ཕྱིར། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །སྣང་སྲིད་མངའ་བདག་མ་ལུས་རྣམས། །འཁྲུགས་པ་བཅོས་ལ་ཡོ་བ་བསྲངས། །གདུག་རྩུབ་ཞི་བར་བྱ་བའི་ཕྱིར། །རྡུལ་དང་མཉམ་པའི་ལུས་སྤྲུལ་ཏེ། །ཕྱག་འཚལ་མཆོད་འབུལ་གུས་པས་བསྟོད། །དེ་ཝ་པྲི་ཐི་དེ་ཝི་ལོ་ཀ་པཱ་ལ་ན་མོ་ཧཱུྃ། ཨ་ཏི་པཱུ་ཧོ། དེ་ནས་ཕྱག་འཚལ་ལ་བཤགས་པ་བྱ་བ་ནི། ཀྱཻ། དེ་རིང་བདག་དང་ཡོན་བདག་གིས། །སྣང་སྲིད་མངའ་བདག་ཐམས་ཅད་དང་། །ལྷ་ཀླུ་གཟའ་སྐར་གཉན་དང་གཏོད། །ས་བདག་རྒྱལ་བློན་སྤར་སྨེ་རྣམས། །དགའ་མཆོག་དཀྱིལ་འཁོར་དམ་པ་ནས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །མ་རིག་དབང་དུ་དུག་གསུམ་དང་། །མ་གོ་མ་རྟོགས་མ་ཤེས་པ། །དེ་དག་ལ་སོགས་ཉེས་སྐྱོན་རྣམས། །ཀླུ་དང་ས་བདག་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །དུག་ལྔའི་དབང་གིས་ལྷ་ཀླུ་ཐུགས་དང་ནི། །འགལ་བར་གྱུར་པ་མཐོལ་ལོ་བཤགས། །ཐབ་གཞོབ་འཁོན་ནལ་ཉི་ནག་བསང་བྱས་པས། །ལྷ་ཆེན་བརྒྱད་ཀྱི་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །བདག་

p. 73

དང་རྒྱུ་སྦྱོར་ཡོན་བདག་གིས། །ཤིང་གཉན་བཅད་པས་གཉན་དང་འགྲས། །གཉན་གྱི་དབུ་སྐྲ་བྲེག་པ་མཐོལ་ལོ་བཤགས། །ཆུ་བཅུས་ཆུ་དྲངས་ཀླུ་དང་འགྲས། །ཀླུ་ཡི་ཁྲག་རྣམས་སྐམ་པ་མཐོལ་ལོ་བཤགས། །ཕ་ཝང་སློག་པས་གཏོད་རུས་ཆགས། །གཏོད་དང་འགྲས་པ་མཐོལ་ལོ་བཤགས། །དུར་བཏབ་མི་འདོད་པ་ལ་བཏབ་པ་དང་། །རོ་བསྲེག་མི་འདོད་པ་ལ་སྲེག་པ་དང་། །བག་བསུ་མི་འདོད་པ་ལ་བསུས་པ་དང་། །བུ་བཙའ་མི་འདོད་པ་ལ་བཙས་པ་དང་། །དེ་ལ་སོགས་པ་མི་འདོད་པ་རྣམས་ཀྱང་། །མཐོལ་བཤགས་ཕུལ་བའི་ཉེས་སྒྲིབ་བྱང་བར་མཛོད། །གཞན་ཡང་མཐོལ་བཤགས་ཕུལ་བ་ནི། །ཆུ་བཅུས་ཡུར་ཆུ་དྲངས་པ་དང་། །མནན་གཏད་བྱས་དང་རྒྱ་མཚོར་དུག་གཡོས་དང་། །ཉ་སྦལ་བསད་དང་ཀླུ་ཡི་དཀོར་ནོར་ལ། །རྐྱལ་ཁ་བྱས་པ་མཐོལ་ལོ་བཤགས། །ཀླུ་ཚང་ཞིང་རྨོས་ཡས་གླུད་ཀླུ་གནས་བོར། །ཀླུ་ཡི་དཀོར་བརླག་ཀླུ་གནས་ས་མཁར་དང་། །སྦྲ་ཕུབ་ལྷ་ཁང་མཆོད་རྟེན་བརྩེགས་པ་དང་། །རི་ལ་དུར་བཏབ་འཐབ་འཁོན་སྐྱོན་བྱས་དང་། །རྒྱལ་བ་ཀླུ་རིགས་རྣམས་ལ་མཐོལ་ལོ་བཤགས། །

p. 74

འཁྲུགས་པ་ཞི་ནས་འཁོན་སྐྱོན་བསལ་དུ་གསོལ། །འགྲས་བསྡུམ་ཡོ་བ་བསྲང་ལ་ཆད་པ་མཐུད། །ཀླུ་ཡི་འཁྲུགས་པ་ཞི་ནས་གདུག་རྩུབ་དྭངས་བར་མཛོད། །གཞན་ཡང་མཐོལ་བཤགས་ཕུལ་བ་ནི། །ཁ་ལེ་སྟོང་འབྱམས་ལོ་མ་ཡལ་ག་བྲེགས། །གཉན་ལ་དོ་བསྡོས་འགྲས་བཙལ་རི་དྭགས་བསད། །གཉན་གྱི་དཀོར་རློམ་གཉན་གྱི་སྐུ་ལ་བསྡོས། །ཐབ་དང་གཞོབ་ཀྱིས་ཐུགས་རྨུགས་སམ། །མ་རིག་དབང་གིས་ཐུགས་དཀྲུགས་པ། །གཉན་གྱི་ཐུགས་འཁྲུགས་པ་མཐོལ་ལོ་བཤགས། །བཙོག་ནལ་མནོལ་གྱིས་གཉན་གྱི་མགུལ་ཚེའགགས་པ། །སྤྱན་ལོང་སྙན་འོན་ཐུགས་རྨུགས་མཐོལ་ལོ་བཤགས། །ཉེས་པ་བྱང་ནས་འཁྲུགས་པ་ཞི་བར་མཛོད། །མ་མཁས་མ་རིག་ལས་དབང་གིས། །ཤིང་གཉན་བཅད་པས་གཉན་ལུས་སྐམ། །ཉི་ཟླའི་གཉན་ལ་དོ་བསྡོས་པས། །གཉན་ལ་འགྲས་པ་བཙལ་བ་མཐོལ་ལོ་བཤགས། །སྤྲིན་གཉན་སྐར་གཉན་དཀོར་འཕྲོག་རློམ། །ཤིང་གཉན་བཅད་དམ་རྩྭ་གཉན་བྲེགས། །རི་གཉན་མཁར་བརྩེགས་སྤང་གཉན་དྲས། །ཆུ་གཉན་ཡུལ་དྲངས་རྡོ་གཉན་གཟུ་བས་རློག །དེ་སོགས་གཉན་དང་འགྲས་པ་མཐོལ་ལོ་

p. 75

བཤགས། །ཉེས་སྐྱོན་བྱང་དག་ཚངས་པའི་དངོས་གྲུབ་སྩོལ། །གཉན་ནད་ཐམས་ཅད་ཞི་བར་མཛོད། །འགྲས་པ་བསྡོམ་ལ་ཡོ་བ་བསྲངས། །གཉན་ཆེན་ཡབ་ཡུམ་འཁོར་བཅས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གཉན་གྱི་གདུག་རྩུབ་མ་གཏོང་ཞིག །ཡོན་བདག་འདི་ཡི་གཉན་རྣམས་བཅོས། །བསོད་ནམས་སྤེལ་ལ་མགོན་སྐྱབས་མཛོད། །སྡིག་པའི་སྐྱོན་རྣམས་བྱང་བར་གྱིས། །གཉན་པོ་ཡབ་ཡུམ་འཁོར་བཅས་རྣམས། །གདུག་པའི་སེམས་དང་བྲལ་ནས་ནི། །ཞི་བ་བྱམས་པའི་སེམས་དང་ལྡན་གྱུར་ཅིག ཀྱཻ། ས་བདག་ཡབ་ཡུམ་འཁོར་དང་བཅས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །ཀོང་ཙེ་བདེན་པའི་སྒྲུང་བཤད་ན། །ཚིག་སྨྱུང་བདེན་པ་འདི་ལ་ཉོན། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །གནོང་འགྱོད་བཤགས་པས་འཚལ་བ་ནི། །སྐྱེ་བ་དཔག་ཏུ་མེད་པ་ནས། །ད་ལྟའི་དུས་འདི་ཕན་ཆད་དུ། །ས་བདག་རྒྱལ་བློན་འཁོར་བཅས་སྤྱན་སྔ་རུ། །མི་བཞེད་པ་ཡི་ལས་བྱས་པ། །ས་བདག་རྒྱལ་པོའི་ས་བཀྲལ་བ། །རོ་བག་གཤིན་ཆགས་བག་སྣ་དང་། །སྐྱས་སྣ་བུ་བཙས་ཞིང་རྨོས་དང་། །

p. 76

ཤིད་དང་དུར་བཏབ་དམག་ཇག་ཀུན། །མི་བཞེད་པ་རྣམས་མཐོལ་ལོ་བཤགས། །གཙང་ཀུན་ཕྱོགས་སུ་དམག་ཇག་དྲ་མ་དྲངས། །ས་བདག་ཁྱབ་པར་དུར་བཏབ་དང་། །རུས་སྦལ་རྒྱལ་པོའི་སྟེང་དུ་ཞིང་རྨོས་པ། །གནམ་ཁྱི་ནག་པོའི་སྣ་ལ་རོ་བསྲེགས་པ། །གཤེད་བཞིའི་སྟེང་དུ་སྐྱས་མགོ་བཀྱགས། །ཧོང་ཕན་སྟེང་དུ་བག་མ་བླངས། །བེའུའི་སྣ་ལ་བུ་བཙས་དང་། །ཧལ་ཁྱིའི་ཁ་ལ་རོ་སྦས་སོགས། །དེ་ལྟར་བྱས་པ་མཐོལ་ལོ་བཤགས། །བཟོད་པར་གསོལ་ལོ་དགྱེས་གྱུར་ཅིག །སྙིང་དཀར་སྟེང་དུ་བཤས་བྱས་དང་། །སྙིང་ནག་སྟེང་དུ་མནའ་ཟོས་པ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །གཉན་ལ་དྲག་པ་ཐལ་བ་ཀླུ་ལ་དམེ་མནོལ་བྱས། །ཀླུ་གཉན་འཁྲུགས་པ་མཐོལ་ལོ་བཤགས། །ཁྱི་འབྲུག་གླང་ལུག་སྐྱས་དང་བག་མ་བསུས། །ཁྱིམ་ཕུག་དམག་དང་རྟ་རྒྱུག་བྱས། །གཤེད་བཞི་འཁྲུགས་པ་མཐོལ་ལོ་བཤགས། །གདུག་རྩུབ་ཐམས་ཅད་ཞི་གྱུར་ཅིག །འགྲས་པ་བསྡུམ་ལ་ཡོ་བ་བསྲངས། །ཡང་བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །གཟའ་དང་རྒྱུ་སྐར་ཐམས་ཅད་ལ། །ཐུགས་དང་འགལ་བ་མཐོལ་ལོ་བཤགས། །གཟའ་ཟླ་

p. 77

བ་ལ་རྟ་བོང་ཕྱིར་བཏང་ངམ། །པ་ཝ་སངས་ལ་བང་མཛོད་བཤིག །རཱ་ཧུ་ལ་ལ་སྔགས་བྱེད་ཁུར། །མིག་དམར་བོན་ལ་རྐྱལ་ཀ་བྱས། །ཉི་མར་རི་སློ་ཁྱིམ་དུ་བླངས། །སྤེན་པ་ལ་ནི་མནའ་ཟོས་སམ། །ལག་པ་ལ་ནི་སྐྱས་ནག་བསུས། །ཕུར་བུ་བན་དེའི་དཀོར་ལ་རློམ། །གཟའ་བརྒྱད་འཁྲུགས་པ་མཐོལ་ལོ་བཤགས། །འཁྲུགས་པ་ཞིའོ་གདུག་རྩུབ་མེད་པར་མཛོད། །འགྲས་པ་བསྡུམ་ལ་ཡོ་བ་བསྲངས། །གཟའ་བདུད་མི་ལ་མ་འབེབས་ཤིག །ཕྱག་བརྙན་ནོར་ལ་མ་འགྱེད་ཅིག །གཟའ་ཡི་གདུག་པ་བསལ་དུ་གསོལ། །དལ་སྣ་ཡམས་སྣ་མ་འདྲེན་ཅིག །ཐོག་སེར་བཙའ་སད་སྣ་མ་འདྲེན། །ནང་མིའི་བསོད་ནམས་འཕེལ་བར་གྱིས། །གདུག་པའི་སེམས་དང་བྲལ་ནས་ནི། །ཞི་བའི་སེམས་དང་ལྡན་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །ཤིད་མི་འདོད་པ་ལ་ཤིད་བྱས་པས་བསྡད་པ་དང་། །དུར་བཏབ་ཉེས་པས་འགྲམས་པ་དང་། །རོ་བསྲེགས་མི་འདོར་རོ་དུད་ཀྱིས་ལྷ་མནོལ་བ་དང་། །སྐྱས་མི་འདོད་པ་ལ་སྐྱེས་སྣ་ས་བདག་ལ་ཕོག །གཏོ་སིལ་མི་འདོད་གཏོ་སིལ་

p. 78

བསྒྲེན་དུ་སོང་། །ཡར་བཅོས་མ་སིལ་བྱས་པས་ལམ་མ་རྙེད། །དམག་དྲངས་མི་འདོད་པ་ལ་དྲངས་པ་དང་། །བག་མ་བསུ་བསྐྱལ་མི་འདོད་པ་ལ་བསུ་བསྐྱལ་བྱས། །བག་སྣ་སྐར་མ་ལ་ཕོག་གྱོད་བྱུང་ངམ། །བུ་བཙས་མི་འདོད་པ་ལ་བཙས་པས་ལྷ་མནོལ་ལམ། །ཤན་དམར་མི་འདོད་པ་ལ་བྱས་པས་འཁྲུགས་པ་ལངས་པ་དང་། །ཁྱིམ་ཕུབ་མི་འདོད་པ་ཕུབ་པས་ཁྱིམ་ལྷ་འཕངས། །ཀློག་འདོན་མི་བཞེད་པ་ལ་བྱས་པས་ལྷ་ཡི་བཀའ་ཆད་འབེབས་པ་དང་། །དེ་ལ་སོགས་པ་ལས་ཐབས་མི་བཞེད་པ་མཐོལ་ལོ་བཤགས། །འགྲས་པ་བསྡུམ་མོ་འཁྲུགས་པ་བཅོས། །ཡོན་འདི་འབུལ་ལོ་གདུག་རྩུབ་སོལ། །ལོ་ཟླ་ཞག་དུས་ལ་དབང་ལྷ། །ལས་ཐབས་མི་མཐུན་མཐོལ་ལོ་བཤགས། །ཕྱོགས་སྐྱོང་དཔལ་མགོན་སྡེ་བརྒྱད་སོགས། །སོ་སོའི་སྤྱན་སྔར་མི་བཞེད་པའི། །འགལ་འཁྲུལ་འགྲམ་འཁྲུགས་མཐོལ་ལོ་བཤགས། །གདུག་པའི་སེམས་དང་བྲལ་ནས་ནི། །བྱམས་པའི་སེམས་དང་ལྡན་གྱུར་ཅིག །ཡང་སྟག་གི་ཟླ་བར་མཁར་བརྡུང་དང་། །ཡོས་ཟླར་བུ་སྲིན་རྒྱུ་འོང་དང་། །འབྲུག་ཟླར་ཁང་སྦྲ་ཕུབ་པ་དང་། །སྦྲུལ་ཟླར་སྦྱད་པ་བཙུགས་པ་

p. 79

དང་། །རྟ་ཟླར་ཡུལ་གསར་བཟུང་བ་དང་། །ལུག་ཟླར་མ་ཕྱིའི་དུར་བཏབ་བམ། །སྤྲེལ་ཟླར་དམེ་སྟོང་འཇལ་བ་དང་། །བྱ་ཟླར་བྲན་ལ་ཁྱིམ་ཕུབ་བམ། །ཁྱི་ཟླར་སྐྱས་ནག་བསུས་པ་དང་། །ཕག་ཟླར་བུ་ལ་ཁྱིམ་ཕུབ་བམ། །བྱི་ཟླར་བུ་མོ་ཕྱིར་བཏང་དང་། །གླང་ཟླར་རྨོས་གླང་བཤས་པ་སོགས། །ཟླ་བདག་རྣམས་ལ་དེ་ལྟར་བྱས་པ་མ་མཆིས་སོ། །གལ་ཏེ་དེ་ལྟར་མཆིས་ན་མཐོལ་ལོ་བཤགས། །ཡང་ཤིང་གི་ཉི་མར་ཤིང་གཉན་བཅད། །མེ་ཉིར་ཡུགས་ས་བག་མ་བླངས། །ས་ཡི་ཉི་མར་ཞིང་རྨོས་སམ། །ལྕགས་ཀྱི་ཉི་མར་བཀའ་ལུང་དྲངས། །ཆུ་ཡི་ཉི་མར་ཆུ་དྲངས་སམ། །རྡོ་གཉན་རློག་གམ་ཐབ་ཟངས་ཕོག །དེ་ལ་སོགས་པ་མཐོལ་ལོ་བཤགས། །སྣང་སྲིད་ལྷ་ཀླུ་གཟའ་སྐར་དང་། །ས་བདག་གཏོད་དང་གཉན་རྣམས་ལ། །ཉེས་སྐྱོན་འགལ་འཁྲུལ་བཤགས་པ་ནི། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མ་རིག་འཁྲུལ་པའི་ལས་དབང་གིས། །ལྷ་ཡི་ཐུགས་དང་འགལ་བའམ། །ཀླུ་ཡི་དཀོར་ལ་རློམ་པ་དང་། །གཉན་ལ་དམེ་མནོལ་བྱས་པའམ། །གཏོད་ལ་འཁོན་ཐབས་བྱས་པའམ། །ས་བདག་གི་དཀོར་

p. 80

ནོར་འཕྲོག་པའམ། །གཟའ་དང་སྐར་མ་ལ་དུག་ཤོར་བ། །དཀྱིལ་འཁོར་འདི་ལ་བཞུགས་པ་ཡི། །སྣང་སྲིད་མངའ་བདག་ཐམས་ཅད་ལ། །ནོངས་པ་ཐམས་ཅད་མཐོལ་ལོ་བཤགས། །ཉེས་པ་བྱང་ནས་ཚངས་པའི་དངོས་གྲུབ་སྩོལ། །འཁྲུགས་པ་བཅོས་ལ་ཡོ་བ་བསྲངས། །ཆད་པ་མཐུད་ལ་གས་པ་སྦྱོར། །མ་ཡོ་མ་སྡང་མ་མཐུར་མ་ཁྲོ་ཞིག །གདུག་རྩུབ་ཐམས་ཅད་ཞི་བར་མཛོད། །ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཡང་འབྲུག་གི་ཉི་མ་ལ་བུད་མེད་བྲོས་པ་ཁྱིམ་དུ་སྦས། །སྟག་གི་ཉི་མ་ལ་གད་པ་བང་རིམ་བཅད་པས་གཉན་དང་འགྲས། །ཡོས་ཀྱི་ཉི་མ་ལ་མནའ་བྱས་ཕོ་ལྷ་འཕངས། །འབྲུག་གི་ཉི་མ་ལ་བོན་པོ་འདྲེ་ཅན་ཁྱིམ་ཕྱིན་ཐེའུ་རང་ལ་ཆགས། །སྦྲུལ་གྱི་ཉི་མ་ལ་བུ་སྲིང་བཏང་བས་གཉན་དང་འགྲས། །རྟ་ཡི་ཉི་མ་ལ་རྟ་བཏང་རྟ་གཡང་ཉམས། །ལུག་གི་ཉི་མ་ལ་བུ་སྲིང་གི་སྐྱེས་བསུས་སམ། །སྤྲེལ་གྱི་ཉི་མར་དམེ་བྱས་སམ། །བྱ་ཉིར་དམེ་ཕོ་ལྷ་གྲལ་བཏང་། །ཁྱི་ཉིར་བྲན་ཕོ་མོར་ཉོས་སམ། །ཕག་གི་ཉི་མར་ཕག་བསད་དམ། །བྱི་བའི་ཉི་མར་སྦྲ་དྲུབ་བམ། །གླང་གི་ཉི་མར་ཤིད་བྱས་སམ། །དེ་འདྲའི་འགྲམ་

p. 81

འཁྲུགས་མཆིས་གྱུར་ན། །སྣང་སྲིད་མངའ་བདག་ལྷ་ཀླུ་དང་། །ས་བདག་ཡུལ་ས་གཉན་པོ་དང་། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །དཔལ་མགོན་ལྷ་སྲིན་སྡེ་བརྒྱད་ལ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །ཉེས་པ་བྱང་དག་ཚངས་པའི་དངོས་གྲུབ་སྩོལ། །དེ་ནས་ལས་བུམ་སྤོས་ཆུའའམ་འོ་མས་མེ་ལོང་ངོས་ཁྲུས་བྱས་ཏེ། ཀྱཻ། ནམ་མཁའ་ཡངས་པའི་མཐོང་གསེབ་ནས། །ཐུགས་རྗེའི་སྤྲིན་དཔུང་མཁའ་ལ་འདུས། །བྱིན་རླབས་ཆར་པ་ཤུགས་ལས་བྱུང་། །ས་གཞི་སེམས་ཅན་ཉོན་མོངས་དག་ཅིང་གཙང་། །དེ་འདྲའི་མཚན་གྱི་ཁྲུས་ཆབ་འདི། །སྣང་སྲིད་ས་བདག་ལྷ་ཀླུ་ལ། །དག་ཅིང་གཙང་མའི་ཁྲུས་ཆབ་གསོལ། །བག་ཆགས་དྲི་མ་དག་གྱུར་ཅིག །བག་ཆགས་དྲི་མ་དག་ནས་ཀྱང་། །ཤེལ་སྒོང་བཞིན་དུ་དག་གྱུར་ཅིག །ས་བདག་ལྷ་ཀླུ་དག་པ་ལྟར། །ཡོན་བདག་རྣམ་རྟོག་བྱང་གྱུར་ཅིག །གནམ་ཆབ་ས་ཆབ་བར་ཆབ་དང་། །སྤོས་དང་སྨན་དང་འོ་མ་དང་། །གཡུ་འབྲུག་ཁ་ཆུ་སེངྒེའི་འོ་མ་དང་། །བ་གླང་ཁ་ཆུ་རྒྱ་མཚོའི་ཁ་ཞག་དང་། །གསེར་གཡུ་དུང་གི་སྙིང་པོ་དང་། །དག་པའི་ཁྲུས་ཆབ་འདི་རྣམས་ནི། །

p. 82

ཡིད་འོང་བཀྲ་ཤིས་ཞལ་བུ་གཏམས། །ཀོང་ཙེ་རྒྱལ་པོ་གཏོ་མཁན་གྱིས། །ས་བདག་ལྷ་ཀླུ་རྣམས་ལ་ཁྲུས་གསོལ་ལོ། །བག་ཆགས་དྲི་མ་དག་གྱུར་ཅིག །མཚན་མའི་རྣམ་རྟོག་བྱང་གྱུར་ཅིག །ལྷ་ཆེན་བརྒྱད་པོ་འཁོར་བཅས་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །ལྷ་ཡི་བག་ཆགས་དག་པར་ཤོག །ཀླུ་ཆེན་བརྒྱད་པོ་ཡབ་ཡུམ་འཁོར། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །ཀླུ་ཡི་བླུན་རྨོངས་དག་པར་ཤོག །གཟའ་དང་རྒྱུ་སྐར་ཐམས་ཅད་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །གཟའ་སྐར་གདུག་རྩུབ་དག་པར་ཤོག །ཉི་མའི་ལྷ་དང་ཟླ་བའི་ལྷ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །ཉི་ཟླའི་འགྲམས་འཁྲུགས་དག་པར་ཤོག །གནམ་ས་བར་སྣང་ལྷ་རྣམས་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །གནམ་ས་བར་སྣང་འཁྲུགས་པ་དག་པར་ཤོག །ཤིང་ལ་གནས་པའི་གཉན་རིགས་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །གཉན་གྱི་དབང་པོ་ཉམས་པ་དག་པར་ཤོག །ས་གཞིར་གནས་པའི་ས་བདག་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །ས་བདག་དམེ་མནོལ་དག་པར་ཤོག །ཤར་ཤིང་ཁམས་རྒྱལ་པོ་འཁོར་

p. 83

བཅས་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །སྙིང་དཀར་འགྲམས་འཁྲུགས་དག་པར་ཤོག །ལྷོ་མེ་ཁམས་རྒྱལ་པོ་འཁོར་བཅས་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །ས་བདག་དམེ་མནོལ་དག་པར་ཤོག །ནུབ་ལྕགས་ཁམས་རྒྱལ་པོ་འཁོར་བཅས་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །སྙིང་ནག་འགྲམས་མི་འཁྲུགས་དག་པར་ཤོག །བྱང་ཆུ་ཁམས་རྒྱལ་པོ་འཁོར་བཅས་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །དམུ་ཆུའི་ནད་རྣམས་དག་པར་ཤོག །མཚམས་བཞིར་བཞུགས་པའི་ས་བདག་ལ། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །གཤེད་བཞིའི་འཁྲུགས་ནད་དག་པར་ཤོག །ས་བདག་ཀླུ་གཉན་གཏོད་འཁོར་བཅས། །ཡུལ་ས་ལྕམ་དྲལ་གཙང་མའི་ལྷ་། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །མི་གཙང་འཁོན་འགྲས་དག་པར་ཤོག །གནམ་གྱི་ལྷ་དྲུག་བྱ་ཁྱུང་དཀར། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །དཔལ་མགོན་སྡེ་བརྒྱད་རྒྱལ་ཆེན་བཞིར། །བདུད་རྩི་སྨན་ཆབ་འདི་གསོལ་ལོ། །བག་ཆགས་སྡིག་སྒྲིབ་དག་གྱུར་ཅིག །སྡོང་གྲོགས་མགོན་སྐྱབས་མཛད་དུ་གསོལ། །བར་ཆད་རྐྱེན་རྣམས་

p. 84

བྱང་བར་མཛོད། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཀླུ་དང་ས་བདག་གཉན་གྱི་ནད། །གཏོད་དང་སྡེ་བརྒྱད་གདོན་གྱི་རིགས། །གློ་བུར་ཡེ་འདྲོག་ཞི་བ་དང་། །ནད་རིགས་ཐམས་ཅད་བྱང་བར་མཛོད། །བག་ཆགས་དྲི་མ་དག་གྱུར་ཅིག །དང་པོ་མེ་ལོང་ངོས་ལ་དཀྱིལ་འཁོར་ཁྲུས་བྱ། དེ་ནས་ཁྲུས་ཆུ་དེས་ཡོན་བདག་ལ་ཁྲུས་བྱའོ།། ༈ དེ་ནས་སྤྱི་བསྡུས་སུ་བཅོས་པ་ནི། མཆོད་པ་རྒྱ་ཆེར་བྱས་ལ། ཀྱཻ། སྣང་སྲིད་མངའ་བདག་ཁྱེད་རྣམས་ལ། །བདག་དང་ཡོན་བདག་དོན་ཆེད་དུ། །ཀོང་ཙེ་གཏོ་མཁན་དད་པ་ཡིས། །འཁྲུགས་པ་བཅོས་པའི་དོན་ཆེད་དུ། །རྫས་དང་ཡོ་བྱད་འབུལ་བ་ནི། །གནམ་ལ་ཁྲི་དཀར་ས་ལ་སྟོང་ནག་དང་། །རིན་ཆེན་སྣ་དགུ་དར་ཟབ་སྟག་གཟིག་དང་། །དར་ཚོན་བལ་ཚོན་བཟང་ཤིང་སྣ་ཚོགས་དང་། །འདབ་ཆགས་གཅན་གཟན་རི་དྭགས་གཡུང་དྭགས་དང་། །སྐྱེས་བུ་ན་ཆུང་རྫས་དང་ཡོ་བྱད་རྣམས། །སྣང་སྲིད་མངའ་བདག་ཁྱེད་རྣམས་ལ། །བྱིན་གྱིས་བརླབས་ནས་འབུལ་ལགས་ན། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །འཁྲུགས་པ་སོལ་ལ་གདུག་པ་ཟློག །མི་ལ་བདུད་དུ་མ་འབེབས་ཤིག །ཕྱུགས་ལ་གོད་དུ་མ་བརྫུ་ཞིག །

p. 85

བཙའ་སད་སེར་གསུམ་མ་བཏང་ཞིག ཀྱཻ། ནམ་མཁའ་སྟོང་པའི་དབྱིངས་དཀྱིལ་ནས། །ལྷ་ཆེན་བརྒྱད་པོ་ལ་སོགས་ཏེ། །ལྷ་ཡི་སྡེ་ཚོགས་ཐམས་ཅད་ལ། །མཆོད་པའི་ཡོ་བྱད་འབུལ་བ་ནི། །གཡུ་འབྲུག་སྔོན་མོ་བྱ་ཁྱུང་དཀར་པོ་དང་། །དུང་གི་སེངྒེ་བ་གླང་སྨུག་པོ་དང་། །སྒང་ཐང་སྔོན་པོ་མཚལ་སྟག་དམར་པོ་དང་། །རིན་ཆེན་སྣ་ལྔ་དཀར་མངར་རྩི་སྨན་དང་། །སྟོང་ཚེ་སྟོང་ཕྲེང་ཕན་གདུགས་རྒྱལ་མཚན་དང་། །འབྲང་རྒྱས་ཞལ་དཀར་ངར་མི་རྒྱལ་པོ་དང་། །ལྷ་རྟ་སྙན་དཀར་ལྷ་གཡག་དཀར་པོ་དང་། །ལྷ་ལུག་དམར་རྩ་གླང་དམར་ཟིལ་དམར་དང་། །ཁྱིམ་བྱ་དམར་པོ་བྱ་ཕོ་ཤོག་ཚིལ་དང་། །ཚན་ཆབ་མར་མེ་ལྷ་བཤོས་དང་། །སྤོས་དང་མེ་ཏོག་རྩི་སྨན་དང་། །མཆོད་པའི་ཡོ་བྱད་བསམ་མི་ཁྱབ། །ལྷ་ཡི་སྡེ་ཚོགས་ཐམས་ཅད་ལ། །འཁྲུགས་པ་སེལ་བའི་དོན་ཆེད་དུ། །བདག་ཅག་དད་པས་འབུལ་ལགས་ན། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །འཁྲུགས་པ་གདུག་རྩུབ་བསྒྱུར་དུ་གསོལ། །གནམ་ནས་ཐོག་སེར་མ་འབེབས་ཤིག །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཡམས་མ་བཏང་ཞིག །འབྲུ་ཟན་

p. 86

ལོ་ཐོག་ཐམས་ཅད་ལ། །བཙའ་སད་སེར་གསུམ་མ་བཏང་ཞིག །གདུག་པའི་ཆོ་འཕྲུལ་མ་བྱེད་ཅིག །ལྷ་དང་འགྲས་པ་ཡོད་ན་སྡུམས། ཀྱཻ། གནམ་གྱི་ལྷ་དང་ས་ཡི་ལྷ། །ཉི་མའི་ལྷ་དང་ཟླ་བའི་ལྷ། །ལྷ་ཡི་སྡེ་ལ་གཏོགས་པ་ལ། །འཁྲུགས་པ་བསལ་བའི་དོན་ཆེད་དུ། །ཡོ་བྱད་སྣ་ཚོགས་འབུལ་བ་ནི། །གསེར་གྱི་སྐྱེས་བུ་གཡུ་ཡི་ན་ཆུང་དང་། །འབྲས་ཀྱི་གཡག་ལུག་ར་སྐྱེས་དང་། །རྟ་དཀར་གླང་དཀར་དར་ཚོན་བལ་ཚོན་དང་། །མཆོད་རྫས་སྣ་ཚོགས་བསམ་མི་ཁྱབ། །ཁྱེད་ལ་མཆོད་པ་འདི་འབུལ་བས། །གནམ་སའི་འཁྲུགས་པ་བསལ་དུ་གསོལ། །ཉི་ཟླའི་འཁྲུགས་པ་ཞི་བར་གྱིས། །དལ་ཡམས་ནད་ཁ་བསྒྱུར་དུ་གསོལ། །འོད་ཟེར་ངན་པ་བསྒྱུར་དུ་གསོལ། །གནམ་ས་འཁྲུགས་པ་ཡོན་གྱིས་བཅོས། །ཉི་ཟླའི་འཁྲུགས་པ་བད་ཀྱིས་བཅོས། །འཁྲུགས་པ་སོལ་ལ་འགྲས་པ་སྡུམས། །བར་སྣང་སྟོང་པའི་དབྱིངས་སུ་བཅོས། །གནམ་ས་ཉི་ཟླ་མ་འཁྲུགས་ཤིག ཀྱཻ། བར་སྣང་ཁམས་ལ་རྒྱུ་བ་ཡི། །གཟའ་དང་རྒྱུ་སྐར་ཐམས་ཅད་ལ། །གཟའ་སྐར་འཁྲུགས་པ་བསལ་བའི་ཕྱིར། །མཆོད་ཡོན་སྣ་ཚོགས་འབུལ་བ་ནི། །

p. 87

གཟའ་ར་གཟའ་ལུག་མཆོད་པ་དང་། །འབྲུ་སྣ་དར་ཚོན་བལ་ཚོན་དང་། །རིན་ཆེན་གསེར་རྒོད་གཡུ་རྒོད་དང་། །ཚན་ཆབ་མར་མེ་ལྷ་བཤོས་དང་། །སྤོས་དང་མེ་ཏོག་འབྲང་རྒྱས་དང་། །གཞན་ཡང་མཆོད་རྫས་སྣ་ཚོགས་འདི། །ཡོན་བདག་དད་པས་འབུལ་ལགས་ན། །ཐུགས་དམ་དབང་གིས་བཞེས་སུ་གསོལ། །འཁྲུགས་པ་བཅོས་ལ་གདུག་པ་སོལ། །གཟའ་ཆེན་དལ་བུ་མ་འབེབས་ཤིག །རྒྱུ་སྐར་ཟེར་དུ་མ་ལྷུང་ཞིག་།གཟའ་སྐར་འཁྲུགས་པ་ཡོན་གྱིས་བཅོས། །འགྲས་པ་སྡུམས་ལ་ཡོ་བ་སྲོངས། །མ་ཐུར་མ་བསྔངས་མ་ཁྲོ་ཞིག །གཟའ་ཆེན་གནམ་ཁྱི་དབུས་སུ་བཅོས། །རྒྱུ་སྐར་དགུང་ཚིགས་གཞུང་དུ་བཅོས། །གཟའ་སྐར་གདུག་རྩུབ་བསལ་དུ་གསོལ། །བདག་དང་ཡོན་གྱི་བདག་པོ་ཡི། །མི་གྲངས་ཁྲོལ་ལ་ཕྱུགས་རྩི་སྤེལ། །ཚེ་དང་དབང་ཐང་བསྐྱེད་དུ་གསོལ། །གཟའ་དང་སྐར་མ་ཡོན་གྱིས་བཅོས། ཀྱཻ། གནམ་ཁྱི་ལྷ་མོ་སྤུན་བདུན་དང་། །ཕོ་ཉ་གནམ་ཁྱི་འཁོར་དང་བཅས། །མཆོད་ཡོན་དམ་པ་འབུལ་བ་ནི། །ར་བདུན་ལུག་བདུན་མེ་ལོང་བདུན། །ཆུ་ཡི་བུམ་པ་འོ་མའི་རྫིང་བུ་བདུན། །

p. 88

མདའ་དར་རལ་གྲི་མདུང་དར་རྣམས། །ཁྱེད་ལ་བསྟོད་དེ་མཆོད་པ་འབུལ། །གདུག་པའི་ཕྱག་བརྙན་མ་འགྱེད་ཅིག །ལྷ་མོའི་ཆོ་འཕྲུལ་མ་བཏང་ཞིག །གནམ་ཁྱིའི་གདུག་པ་མ་བཏང་ཞིག །ནད་དང་གློ་བུར་མ་བཏང་ཞིག །རྐྱེན་དང་བར་ཆད་བཟློག་ཏུ་གསོལ། །མཐུན་པའི་དངོས་གྲུབ་བསྩལ་དུ་གསོལ། །བདག་ལ་སྩོལ་ཞེས་པའང་སྣང་། མཆན། ཀྱཻ། རྒྱ་མཚོ་ཆུ་ལ་གནས་པ་ཡི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ལ། །མཆོད་ཡོན་སྣ་ཚོགས་འབུལ་བ་ནི། །ཀླུ་ཡི་དཀོར་ནོར་བསམ་མི་ཁྱབ། །རྩི་སྨན་བདུད་རྩིའི་འོ་མ་དང་། །ཀ་ར་བུ་རམ་ཤིང་མངར་དང་། །དཀར་གསུམ་མངར་གསུམ་ཀླུ་སྨན་སོགས། །སྟོང་ཚེ་སྟོང་ཕྲེང་ཕན་དང་བཅས། །ཚན་ཆབ་མར་མེ་ལྷ་བཤོས་དང་། །སྤོས་དང་མེ་ཏོག་འབྲང་རྒྱས་དང་། །ཉ་དུང་སྦྲུལ་དང་སྦལ་པ་དང་། །མཆོད་ཡོན་བྱེ་བྲག་མང་པོ་འདི། །བདག་ཅག་དད་པས་འདི་འབུལ་བས། །ཞེ་སྡང་གདུག་པའི་སེམས་བོར་ལ། །ཞི་བ་བྱམས་པས་བཞེས་སུ་གསོལ། །འཁྲུགས་པ་བཅོས་ལ་ཀླུ་ནད་སོལ། །བདག་དང་ཡོན་གྱི་བདག་པོ་ལ། །ཀླུ་ཡི་འཁྲུགས་པ་མ་བྱེད་ཅིག །ཀླུ་བདུད་གདུག་པ་ཞི་བར་གྱིས། །

p. 89

ཆུ་བདུད་ཆུ་བཙན་བསྒྱུར་དུ་གསོལ། །ཀླུ་དང་འགྲས་པ་ཡོན་གྱིས་བསྡུམ། །མི་ལ་ཡེ་འབྲོག་མ་བཏང་ཞིག །ནོར་ལ་གོད་ཡམས་མ་བཏང་ཞིག །དལ་ཡམས་ནད་ཁ་བསྒྱུར་དུ་གསོལ། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་རྣམས། །རྒྱ་མཚོ་ཆེན་པོའི་གནས་སུ་བཅོས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཀླུ་ཡི་དངོས་གྲུབ་བསྩལ་དུ་གསོལ། ཀྱཻ། ཤིང་ལ་གནས་པའི་གཉན་རིགས་རྣམས། །བདག་དང་ཡོན་བདག་འཁྲུགས་པ་བསལ་སླད་དུ། །མཆོད་ཡོན་དམ་རྫས་འབུལ་བ་ནི། །བྱ་རྒོད་ཐང་དཀར་ཁྲུང་ཁྲུང་དཀར་མོ་དང་། །ཁུ་བྱུག་སྔོན་མོ་བྱ་ཕོ་ཚལ་བུ་དང་། །ཐི་བ་རྒྱ་བོ་ཅོ་ག་གྲོ་མོ་དང་། །གཉན་རྟ་གཉན་ལུག་གཉན་གཡག་དང་། །དར་ཟབ་གསེར་གཡུ་རིན་པོ་ཆེ། །ཤེལ་ཚིགས་བྱ་སྤུ་དར་ཚོན་བལ་ཚོན་དང་། །སྟག་པ་ཤུག་པ་སུར་དཀར་དང་། །སྦ་དང་སྙུག་མ་མེ་ལོང་དང་། །གསེར་དང་དུང་དཀར་གཟི་མཆོང་རྣམས། །མཆོད་ཡོན་རྣམ་པ་སྣ་ཚོགས་འདི། །དད་པའི་སེམས་ཀྱིས་འབུལ་ལགས་ན། །ཞི་བ་བྱམས་པའི་སེམས་ཀྱིས་བཞེས་སུ་གསོལ། །གཉན་གྱི་འཁྲུགས་པ་ཡོན་གྱིས་བཅོས། །

p. 90

བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གཉན་གྱི་དལ་ཡམས་མ་བཏང་ཞིག །གཉན་གྱི་འཁྲུགས་པ་མ་བྱེད་ཅིག །འགྲས་པ་སྡུམས་ལ་ཡོ་བ་སྲོངས། །རང་རང་བདེ་བའི་གནས་སུ་བཅོས། །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། །གཉན་གྱི་སྡེ་རིགས་མ་འཁྲུགས་ཤིག ཀྱཻ། ས་ལ་མངའ་མཛད་ས་བདག་འཁོར་དང་བཅས། །མཆོད་པས་མཉེས་པར་བྱ་བའི་ཕྱིར། །དཀོར་ནོར་མང་པོ་འབུལ་བ་ནི། །བྱ་ཁྱུང་ལ་སོགས་འདབ་ཆགས་དང་། །སེངྒེ་ལ་སོགས་གཅན་གཟན་དང་། །གླང་པོ་ལ་སོགས་དུད་འགྲོ་དང་། །རི་དྭགས་གཡུང་དྭགས་དགོས་པའི་ནོར། །གསེར་རྒོད་གཡུ་རྒོད་རིན་ཆེན་དང་། །ཤ་ཕུད་ཆང་ཕུད་མཆོད་པ་དང་། །མདའ་མདུང་རལ་གྲི་མཚོན་ཆ་དང་། །ཕན་གདུགས་བླ་བྲེ་རྒྱལ་མཚན་དང་། །དར་དཔྱངས་ཡོལ་བ་ཤམ་དཀྲིས་དང་། །དཀྱིལ་འཁོར་བུམ་པ་མཆོད་རྟེན་དང་། །དར་དང་ཟ་འོག་བཟང་ཤིང་སྣ་ཚོགས་དང་། །རྒྱ་ཚྭ་ལན་ཚྭ་ཤིང་ཚྭ་ཁ་རུ་ཚྭ། །མེ་ལོང་སྟོང་ཚེ་འཁོར་ལོ་དང་། །ཤེལ་ཚིགས་བྱ་སྤུ་རྩི་སྨན་དང་། །རྫས་དང་དཀོར་ནོར་མང་པོ་རྣམས། ཡོན་བདག་དོན་དུ་འབུལ་ལགས་ན། །ཐུགས་རྗེས་

p. 91

དགོངས་ལ་བཞེས་སུ་གསོལ། །ས་བདག་འཁྲུགས་པ་བསལ་དུ་གསོལ། །མི་ལ་བདུད་དུ་མ་འབེབས་ཤིག །ཕྱུགས་ལ་གོད་དུ་མ་བརྫུ་ཞིག །ས་བདག་འཁྲུགས་པ་ཞི་བར་མཛོད། །ཤར་ཤིང་ཁམས་རྒྱལ་པོ་འཁོར་དང་བཅས། །ས་བདག་དཔྱིད་ལ་མངའ་མཛད་པ། །ཁྱེད་ལ་མཆོད་ཡོན་སྣ་ཚོགས་འབུལ། །གདུང་མ་མ་ཆོག་ཀ་ཚེ་བ་མ་འགྱེལ་ཅིག །འཁྲུགས་པ་བཅོས་སོ་འགྲས་པ་སྡུམས། །ལྷོ་མེ་ཁམས་རྒྱལ་པོ་འཁོར་དང་བཅས། །ས་བདག་དབྱར་ལ་མངའ་མཛད་པ། །ཁྱེད་ལ་མཆོད་ཡོན་སྣ་ཚོགས་འབུལ། །གདུང་མ་མ་ཆག་ཀ་བ་མ་འགྱེལ་ཅིག །འཁྲུགས་པ་བཅོས་སོ་འགྲས་པ་སྡུམས། །ནུབ་ལྕགས་ཁམས་རྒྱལ་པོ་འཁོར་དང་བཅས། །ས་བདག་སྟོན་ལ་མངའ་མཛད་པ། །ཁྱེད་ལ་མཆོད་ཡོན་སྣ་ཚོགས་འབུལ། །གདུང་མ་མ་ཆག་ཀ་བ་མ་འགྱེལ་ཅིག །རིགས་རྒྱུད་དབང་ཐང་དར་བར་མཛོད། །འཁྲུགས་པ་བཅོས་སོ་འགྲས་པ་སྡུམས། །བྱང་ཆུ་ཁམས་རྒྱལ་པོ་འཁོར་དང་བཅས། །ས་བདག་དགུན་ལ་མངའ་མཛད་པ། །ཁྱེད་ལ་མཆོད་ཡོན་སྣ་ཚོགས་འབུལ། །གདུང་མ་མ་ཆག་ཀ་བ་མ་འགྱེལ་ཅིག །འཁྲུགས་པ་

p. 92

བཅོས་སོ་འགྲས་པ་སྡུམས། །དབུས་ཀྱི་ས་བདག་རྒྱལ་ཆེན་བཞི། །མཆོད་ཡོན་དམ་པ་འདི་འབུལ་བས། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །དམུ་དག་ཟུངས་ལ་ཕྲུ་གཡང་སྐྱོབས། །གནམ་གྱི་གདུང་མ་མ་ཆག་ཅིག །ས་ཡི་ཀ་བ་མ་བུད་ཅིག །ས་བདག་འཁྲུགས་པ་ཡོན་གྱིས་བཅོས། །འཁྲུགས་པ་བཅོས་སོ་འགྲས་པ་སྡུམས། ཀྱཻ། ཡང་ཅིག་ས་བདག་རྒྱལ་བློན་ལ། །མཆོད་པའི་བྱེ་བྲག་མང་པོ་ནི། །རིན་ཆེན་སྣ་ལྔ་སྟོང་ཚེ་སྟོད་ཕྲེང་དང་། །འབྲུ་ཟན་སྣ་ཚོགས་བྱོལ་སོང་སྣ་ཚོགས་དང་། །དཀྱིལ་འཁོར་གཙང་ཡངས་ལྷ་མདའ་སྟོང་དཀར་དང་། །པགས་བུ་དཀར་འཁྱིལ་དཀོར་ཆ་སྣ་ཚོགས་དང་། །མཆོད་པའི་བྱེ་བྲག་དཔག་མེད་མང་པོ་ཡིས། །ས་བདག་རྫོགས་པ་ཆེན་པོ་འཁོར་བཅས་ལ། །ཡོན་བདག་དད་པས་གདུང་བའི་སེམས་ཕྱུང་ནས། །བསམ་པ་དག་པས་མཆོད་ཡོན་བསྔོས་པ་བཞེས། །དབང་ཆེན་ཁྱེད་ཀྱི་མཐུ་དང་དགོངས་པ་ཡིས། །བདག་ལ་ཐུགས་རྗེས་དངོས་གྲུབ་བསྩལ་དུ་གསོལ། །འཁྲུགས་པ་སོལ་ལ་གདུག་པ་ཆིངས། །འགྲས་པ་སྡུམས་ལ་ཡོ་བ་སྲོངས་། དབང་ཆེན་ས་བདག་རྒྱལ་པོ་ལ། །དེ་རིང་བདག་

p. 93

གིས་མཆོད་པ་འབུལ། །ལོ་རྒྱལ་པོའི་ལྷ་ལ་མཆོད་པ་འབུལ། །ཟླ་བ་བློན་པོའི་ལྷ་ལ་མཆོད་པ་འབུལ། །ཞག་དམག་མིའི་ལྷ་ལ་མཆོད་པ་འབུལ། །དུས་ཚོད་མཚོན་ཆའི་ལྷ་ལ་མཆོད་པ་འབུལ། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །ས་བདག་དབང་ཆེན་འཁོར་བཅས་ཀྱི། །འཁྲུགས་པ་སོལ་ལ་གདུག་པ་ཆིངས། །ས་བདག་གཉན་པོ་པ་ཁྱེད་རྣམས་ལ། །གསེར་གྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་འབུལ། །གསེར་གྱི་སེང་གེ་བརྒྱད་ཁྲི་བཞི་སྟོང་འབུལ། །གསེར་གྱི་བན་གླང་བརྒྱད་ཁྲི་བཞི་སྟོང་འབུལ། །གསེར་གྱི་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་འབུལ། །གསེར་གྱི་ལྗོན་ཤིང་བརྒྱད་ཁྲི་བཞི་སྟོང་འབུལ། །འབྲུ་བཅུད་ལྡན་པ་བརྒྱད་ཁྲི་བཞི་སྟོང་འབུལ། །ལོ་རྒྱལ་པོས་འཁྲུགས་པ་མ་བྱེད་ཅིག །ཟླ་བ་བློན་པོས་འཁྲུགས་པ་མ་བྱེད་ཅིག །ཞག་དམག་མིའི་འཁྲུགས་པ་མ་བྱེད་ཅིག །དུས་ཚོད་མཚོན་ཆས་འཁྲུགས་པ་མ་བྱེད་ཅིག །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཡམས་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །ཡོན་དང་བད་ཀྱིས་ཁྱེད་རྣམས་བཅོས། །གནམ་གྱི་གདུང་མ་ཆག་ཅིག །ས་ཡི་ཀ་བ་མ་བུད་ཅིག །

p. 94

མི་ནོར་ཀ་བ་འགྱེལ་བར་སྤོངས། །འཁྲུགས་པ་བཅོས་ལ་འགྲས་པ་སྡུམས། །ཆད་པ་མཐུད་ལ་གས་པ་སྦྱོར། །རྩི་དང་སྨན་གྱི་འགྲས་པ་བསྡུམ། །ཡོན་དང་བད་འབུལ་འཁྲུགས་པ་བཅོས། ཀྱཻ། །ཉི་མ་ཤར་ཕྱོགས་ཤིང་གི་ཁམས། །ཟིན་ཁམས་རྒྱལ་པོ་འཁོར་བཅས་ལ། །ཡོ་བྱད་སྣ་ཚོགས་འབུལ་བ་ནི། །ར་དཀར་ལུག་དཀར་བོང་དྲེལ་ཤ་རྣ་དང་། །སྦ་སྨྱུག་མདའ་དར་ཐང་ཤིང་རེ་རལ་དང་། །ཁྲེ་དང་མཆིན་པ་ལ་སོགས་ཏེ། །དེ་དག་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །སྙིང་དཀར་འཁྲུགས་པ་བསལ་དུ་གསོལ། །གཉན་དང་ཤིང་གྲིབ་བསལ་དུ་གསོལ། །ས་བདག་འཁྲུགས་པ་ཞི་བར་མཛོད། །ཟིན་ཁམས་ཉི་མ་ཤར་དུ་བཅོས། །ས་བདག་སྙིང་དཀར་ཤར་དུ་བཅོས། །ཟོན་ཁམས་རྒྱལ་པོ་འཁོར་བཅས་ལ། །རྔ་མོང་རྔ་བྲན་རྨ་བྱ་ཟབ་ཆེན་དང་། །ཤེལ་ཚིགས་བྱ་སྤུ་ངར་མི་དང་། །མཛོ་དང་སྨྱུག་མ་གཟི་ཐུལ་དང་། །གསོ་མ་མཚེར་པ་ཏིལ་ཅང་ཏིལ། །ནམ་མཁའ་ཤིང་རིས་སྣ་ཚོགས་རྣམས། །ཤར་ལྷོ་ཟོན་ཁམས་རྣམས་ལ་འབུལ། །ཟོན་གྱི་འཁྲུགས་པ་བསལ་དུ་གསོལ། །ཡམས་གྲི་བཟེད་བཙན་བསྒྱུར་དུ་གསོལ། །

p. 95

སྨྱོ་འབོག་ནད་ཡམས་བསྒྱུར་དུ་གསོལ། །གོད་ཡམས་གདུག་པ་བསྒྱུར་དུ་གསོལ། །གཤེད་ཀྱི་གདུག་པ་བསྒྱུར་དུ་གསོལ། །ཟོན་ཁམས་ཤར་ལྷོ་མཚམས་སུ་བཅོས། །འཁྲུགས་པ་བཅོས་ལ་འགྲས་པ་བསྡུམ། །ལྷོ་ཕྱོགས་ལི་ཁམས་རྒྱལ་པོ་ལ། །རྒོད་མ་དམར་ཞུར་བྱ་ཕོ་མཚལ་བུ་དང་། །གཡུ་དང་ཞྭ་ཕྱིང་སྟོད་གོས་མཛོ་མོ་གྲོ། །ཚེར་མོ་དམར་རྩ་དར་དམར་རྟ་དམར་པོ། །སྙིང་དང་མིག་འབྲས་དར་ཚོན་བལ་ཚོན་འབུལ། །ལི་མེ་ཁམས་རྒྱལ་པོ་ལྷོ་རུ་བཅོས། །ལི་ཡི་འཁྲུགས་པ་བསལ་དུ་གསོལ། །གཉན་གྱི་འཁྲུགས་པ་ཞི་བར་མཛོད། །གཉན་གྱི་ནད་སྣ་མ་འདྲེན་ཅིག །འཁྲུགས་པ་བཅོས་ལ་གདུག་པ་སོལ། །ལྷོ་ནུབ་ཁོན་ཁམས་རྒྱལ་པོ་ལ། །བ་སེར་ལུག་མོ་མགོ་སེར་དང་། །སྦ་དང་འོམ་བུ་གོ་ཟུ་ཟར་མ་དང་། །དར་སེར་མཚེར་པ་ངར་མི་འབྲང་རྒྱས་དང་། །ཡོ་བྱད་སྣ་ཚོགས་ཚང་བ་འདི། །བདག་ཅག་དད་པས་འབུལ་ལགས་ན། །ཁོན་རྒྱུས་ཁམས་རྒྱལ་པོས་བཞེས་སུ་གསོལ། །མ་ཡམས་འཁྲུགས་པ་ཞི་བར་མཛོད་། །ས་སྒོ་དུར་སྒོ་གྱོད་སྒོ་ཚོངས། །གཤེད་ཀྱི་འཁྲུགས་པ་བསལ་དུ་གསོལ། །ཁོན་གྱི་གདུག་

p. 96

རྩུབ་བསྒྱུར་དུ་གསོལ། །ཁོན་མ་ལྷོ་ནུབ་མཚམས་སུ་བཅོས། །འཁྲུགས་པ་བཅོས་ལ་གདུག་པ་སོལ། །ནུབ་ཕྱོགས་དྭ་ཁམས་རྒྱལ་པོ་ལ། །གཡག་རོག་ར་རོག་བྱ་ཕོ་རོག །ལུག་ནག་སྤྱི་དཀར་ཤིང་སྟག་པ། །ཙི་ཙི་ཁྲབ་དང་གློ་བ་དུམ། །སྙིང་སྣ་ཚོགས་དང་དར་དཀར་པན། །དྭ་ལྕགས་ཁམས་འཁོར་དང་བཅས་ལ་འབུལ། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །སྙིང་ནག་འཁྲུགས་པ་བསལ་དུ་གསོལ། །གྲི་བདུད་གྲི་བཙན་བསྒྱུར་དུ་གསོལ། །མཚོན་གྱི་བསྐལ་པ་བཟློག་ཏུ་གསོལ། །སྙིང་ནག་གདུག་པ་ཞི་བར་མཛོད་། །ས་བདག་སྙིང་ནག་འཁོར་བཅས་རྣམས། །ཉི་མ་ནུབ་ཀྱི་ཕྱོགས་སུ་བཅོས། །འཁྲུགས་པ་སོལ་ལ་གདུག་པ་ཟློག །ནུབ་བྱང་ཁེན་ཁམས་འཁོར་བཅས་ལ། །རྟ་རྒན་གླང་རྒན་མཛོ་རྒན་དང་་། །ཐུག་རྒན་བྱ་རྒན་ཤིང་རྒན་དང་། །ཁྲབ་རྒན་ར་རྒན་སྟག་རྒན་དང་། །ཁྱི་རྒན་སྲན་མ་བོན་པོའི་གོས། །མཚེར་པ་གཡི་སྤྱང་མཆོད་པའི་ཡོ་བྱད་རྣམས། །བདག་ཅག་དད་པས་འབུལ་ལགས་ན། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །ཁེན་པ་ནུབ་བྱང་མཚམས་སུ་བཅོས། །གནམ་ལྷ་དཀར་པོ་མ་འཁྲུགས་

p. 97

ཤིག །ཡར་བདུད་ཡར་བཙན་བསྒྱུར་དུ་གསོལ། །ཐོག་དང་སེར་བའི་སྣ་མ་འདྲེན། །བདུད་དང་གཤེད་དུ་མ་བརྫུ་ཞིག །འཁྲུགས་པ་བསལ་ལོ་གདུག་རྩུབ་སོལ། །བྱང་ཆུ་ཁམས་རྒྱལ་པོ་འཁོར་བཅས་ལ། །མཛོ་སྔོན་གླང་སྔོན་ལུག་ནག་དང་། །བ་ཟལ་ཕག་ནག་ཤིང་སྤེན་མ། །ཤམ་གོས་རྫ་ཟངས་ནག་པོ་དང་། །ཡུངས་ཀར་ཡུངས་ནག་མཁལ་མ་དང་། །དར་ནག་པན་དང་དཀོར་ནོར་དེ་རྣམས་ཀྱིས། །ཆུ་ཁམས་འཁོར་དང་བཅས་ལ་འབུལ། །བྱམས་པའི་སེམས་ཀྱིས་བཞེས་སུ་གསོལ། །ཀླུ་ཡི་འཁྲུགས་པ་ཞི་གྱུར་ཅིག །ཆུ་བདུད་ཆུ་གྲི་བསྒྱུར་དུ་གསོལ། །ཆུ་བཙན་ཁ་ཡོག་བསྒྱུར་དུ་གསོལ། །ཆུ་ཁམས་ཉི་མ་བྱང་དུ་བཅོས། །འཁྲུགས་པ་བསལ་ལོ་གདུག་རྩུབ་བསྒྱུར། །བྱང་ཤར་གིན་ཁམས་རྒྱལ་པོ་ལ། །གླང་སེར་ལུག་ཐོང་སྟོད་སེར་དང་། །མཚེར་པ་མཆོད་རྟེན་རྒྱ་དར་སེར་པོའི་པན། །ཤིང་སེ་བ་ངུར་སྨིག་སྤྲེའུའི་འབྲུ། །བདག་ཅག་དད་པས་འབུལ་ལགས་ན། །བྱམས་པའི་སེམས་ཀྱིས་བཞེས་སུ་གསོལ། །གིན་རི་བྱང་ཤར་མཚམས་སུ་བཅོས། །ས་བདག་འཁྲུགས་པ་བསལ་དུ་གསོལ། །ནད་ཡམས་

p. 98

གདུག་པ་མ་བཏང་ཞིག །ས་སྒོ་གཤེད་སྒོ་དུར་སྒོ་ཆོད། །བརྒྱལ་ནད་སྨྱོ་འབོག་བསལ་དུ་གསོལ། །འཁྲུགས་པ་བཅོས་ལ་གདུག་པ་སོལ། ཀྱཻ། ལོ་སྐོར་བཅུ་གཉིས་མངའ་མཛད་པ། །ལོ་ལྷ་རྒྱལ་པོ་བཅུ་གཉིས་ལ། །མཆོད་པའི་ཡོ་བྱད་འདི་འབུལ་ལོ། །ལོ་ལྷའི་འཁྲུགས་པ་བསལ་དུ་གསོལ། །ལོ་ལྷ་མི་མཐུན་པ་རྣམས་བསྒྱུར་དུ་གསོལ། །སྨེ་བ་དགུ་ཡི་ས་བདག་ལ། །མཆོད་པའི་ཡོ་བྱད་འདི་འབུལ་ལོ། །སྨེ་བའི་ཆད་མལ་བསལ་དུ་གསོལ། །སྨེ་བའི་དགྲ་གཤེད་དགུ་མིག་སྒྱུར། །སྨེ་བ་མི་མཐུན་པ་རྣམས་བསྒྱུར་དུ་གསོལ། །འབྱུང་བ་ལྔ་ཡི་ལྷ་ལྔ་ལ། །མཆོད་པའི་ཡོ་བྱད་འདི་འབུལ་ལོ། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །འབྱུང་ལྔའི་འཁྲུགས་པ་དྭངས་བར་གྱིས། །འཁྲུགས་པ་སོལ་ལ་གདུག་པ་ཆིངས། །དུས་བཞིའི་རྒྱལ་པོ་སྡེ་བཞི་ལ། །རྫ་ས་དང་ཡོ་བྱད་འདི་འབུལ་ལོ། །དུས་བཞིའི་འཁྲུགས་པ་བསལ་དུ་གསོལ། ཀྱཻ། རིན་ཆེན་རྡོ་བྲག་ཕ་བོང་གདན་སྟེང་ན། །གཏོད་ཆེན་རིགས་བཞི་སྡེ་བཞི་དང་། །གཏི་མུག་གླང་སྙིང་ལ་སོགས་ཏེ། །གཏོད་ཀྱི་སྡེ་ཚོགས་ཐམས་ཅད་ལ། །མཆོད་ཡོན་སྣ་ཚོགས་འབུལ་བ་ནི། །

p. 99

གསེར་རྒོད་གཡུ་རྒོད་ལྷ་བཤོས་དང་། །འབྲང་རྒྱས་པན་གདུགས་རྒྱལ་མཚན་དང་། །སྟོང་ཚེ་ཤིང་རིས་བཟང་ཤིང་དང་། །དར་ཚོན་བལ་ཚོན་ཤེལ་ཚིགས་བྱ་སྤུ་དང་། །རྫས་དང་རྐང་འགྲོས་བསམ་མི་ཁྱབ། །གཏོད་རིགས་རྣམས་ལ་འབུལ་ལགས་ན། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །གཏོད་ཀྱི་འཁྲུགས་པ་དྭངས་བར་གྱིས། །གདུག་པའི་སེམས་དང་བྲལ་ནས་ནི། །བྱམས་པའི་སེམས་དང་ལྡན་གྱུར་ཅིག །གཏོད་ཀྱི་འཁྲུགས་པ་ཡོན་གྱིས་བཅོས། །འགྲས་པ་སྡུམས་ལ་ཡོ་བ་སྲོངས། །ཆད་པ་མཐུད་ལ་རྩི་སྨན་གསོལ། །མཐུ་དང་སྡོང་གྲོགས་མཛད་དུ་གསོལ། ཀྱཻ། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །དཔལ་མགོན་སྡེ་བརྒྱད་ལྷ་སྲིན་ཚོགས། །གདོན་བགེགས་འབྱུང་པོ་ལ་སོགས་ཏེ། །སྡེ་བརྒྱད་ལན་ཆགས་བདག་པོ་དང་། །སྣང་སྲིད་མངའ་བདག་ཐམས་ཅད་ལ། །མཆོད་པའི་བྱེ་བྲག་མང་པོ་ནི། །འདབ་ཆགས་གཅན་གཟན་དུད་འགྲོ་དང་། །རི་དྭགས་གཡུང་དྭགས་མི་ནོར་དང་། །རིན་ཆེན་བཟང་ཤིང་འབྲུ་སྣ་དང་། །ངར་མི་དར་ཚོན་བལ་ཚོན་དང་། །ནམ་མཁའ་རྒྱང་བུ་ཤེལ་ཚིགས་དང་། །

p. 100

ཤ་ཁྲག་གཏོར་མ་མང་པོ་དང་། །ཡོ་བྱད་སྣ་ཚོགས་བསམ་མི་ཁྱབ། །སྣང་སྲིད་ནོར་གྱིས་གང་བར་བྱས། །དད་པའི་སེམས་ཀྱིས་འབུལ་ལགས་ན། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །འཁྲུགས་པ་བཅོས་ལ་གདུག་པ་སོལ། །སྣང་སྲིད་མངའ་བདག་ཁྱེད་རྣམས་ཀྱིས། །མཆོད་ཡོན་དམ་པ་འདི་བཞེས་ལ། །མི་ལ་བདུད་དུ་མ་འབེབས་ཤིག །ཕྱུགས་ལ་གོད་དུ་མ་བརྫུ་ཞིག །དགྲ་སྣ་ཡམས་སྣ་མ་འདྲེན་ཞིག །དགྲ་གཤེད་ནད་ཡམས་བསྒྱུར་དུ་གསོལ། །ཡེ་འབྲོག་གློ་བུར་བཟློག་ཏུ་གསོལ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། །ལན་ཆགས་ཉེས་སྒྲིབ་བྱང་བར་མཛོད། །ཐན་དང་ལྟས་ངན་བསྒྱུར་དུ་གསོལ། །བདག་དང་ཡོན་གྱི་བདག་པོ་ཡི། །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། །དམུ་ཐག་ཟུངས་ལ་ཕྲུ་གཡང་སྐྱོབས། །རྒན་ཚེ་སྲིངས་ལ་གཞོན་དཔལ་སྐྱེད། །མཐུ་དང་སྟོང་གྲོགས་མཛད་དུ་གསོལ། །མངའ་བདག་འཁྲུགས་པ་ཡོན་གྱིས་བཅོས། །མི་གྲངས་ཀ་བ་ཚུགས་པར་ཤོག །ནོར་གྱི་གདུང་མ་ཆག་ན་མཐུད། །གཡང་གི་བྲེ་ཕུལ་སྟོང་ན་ཁོང་། །དུར་གྱི་ཐེམ་བུ་ཤད་ན་ཚོངས། །ཚེ་ཡི་རྨུ་ཐག་ཆད་ན་མཐུད། །ཡོ་བ་

p. 101

བཅོས་ལ་འགྲས་པ་སྡུམས། །འཁྲུགས་པ་བཅོས་ལ་མནོལ་བ་སངས། །སྙིང་རྗེའི་མགྲོན་དང་རིགས་དྲུག་ལ། །འདོད་པའི་ཡས་སྟགས་འདི་བསྔོས་པས། །སྡུག་བསྔལ་ཀུན་ལས་ཐར་ནས་ནི། །བླ་མེད་འབྲས་བུ་ཐོབ་གྱུར་ཅིག །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །དེ་ནི་སྤྱི་བཅོས་སོ། །འདི་ནས་ཉང་གི་བསང་བདུད་རྩི་སྤྲིན་སྤུང་སྦྱར། དེ་ནས་སྙིང་དཀར་ནག །སྤར་ཁ་ཡོ་བཅོས། ལོ་སྐོར་བཅོས་པ། དགུ་མིག །ཀ་བ་ཡོ་བཅོས། གཟའ་ཀླུའི་བཅོས་པ། ས་བདག་སྙིང་གཏེར་དུར་ཁ་རྒྱས་འདེབས། སྙིང་བཅོས། ས་གཡང་རིན་ཆེན་སྤར་ཁེབས། སྣང་བརྒྱད་སོགས་གོང་དུ་བཤད་པ་ལྟར་འདིར་བྱའོ། །དེ་ནས་བསྙེན་སྔགས་ནི། གཙོ་བོའི་ཐུགས་ཀར་དྷིསེར་པོ་ལ་སྔགས་ཀྱིས་བསྐོར་བར་བསམ། གཞན་གྱི་ཐུགས་ཀར་འབྱུང་ལྔའི་ས་བོན་ལ་སྔགས་ཀྱིས་བསྐོར་བར་བསམ། དེ་ལས་འོད་ཟེར་སེར་པོ་འཕྲོས་པས་འཁོར་རྣམས་བསྐུལ། གཙོ་བོ་ལ་འདུད་ཅིང་བཀའ་ཉན་པར་བསམ། ཡང་གསང་བདག་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས། དབང་ཆེན།་་་ཁོ་ལ་ཕོག །དེས་ཁོ་བསྐུལ། ཁོས་འཁོར་རྣམས་བསྐུལ་ནས་དངོས་གྲུབ་ཐམས་ཅད་བྱིན་པར་བསམ། ཁོའི་སྙིང་གའི་སྔགས་འཕྲེང་ལྟེ་གོང་ནས་ཐོན། །

p. 102

རང་གི་ལྟེ་གོང་དུ་ཞུགས། ཞལ་ནས་ཐོན། ཁོའི་ཁར་ཞུགས་པར་བསམ། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ། མ་ཧཱ་དེ་ཝ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་མ་མ་སིདྡྷི་སིདྡྷི་པུཊྚི་ཀུ་རུ་སྭཱ་ཧཱ། ཞེས་གང་། འགྲུབ་བཟླས། ཡང་བདག་གི་ཐུགས་ཀའི་སྔགས་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁོང་རྣམས་ལ་ཕོག་པས་ནད་དང་སྡུག་བསྔལ་འཁྲུགས་པ་འགྲམས་པ་ཐམས་ཅད་ཞི་ནས་དགའ་བདེར་གྱུར། བྱམས་པ་སྙིང་རྗེ་ཆེར་བསྐྱེད། གཟི་བརྗིད་དང་ལྡན་པར་བསམས་ལ། སྔགས་འདི་བརྒྱ་རྩ་བརྒྱད་བགྲངས་ཤིང་། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ༔ མ་ཧཱ་དེ་ཝ་སིདྡྷི་ནན་སྭཱ་ཧཱ༔ ཏདྱ་ཐཱ། ཙི་ལི་ཙི་ལི་མི་ལི་མི་ལི་ཀུ་རུ་ཀུ་རུ་དོན་དུ་དོན་དུ་བྷ་རི་ཤ་ནན་སྭཱ་ཧཱ། སྣང་སྲིད་སྤྱི་རྒྱུད་ལས་གསུངས། མ་མ་རཾ་རཾ་སྭཱ་ཧཱ། མ་མ་ཡཾ་སྭཱ་ཧཱ། མ་མ་ཀ་ར་ཀ་ར་སྭཱ་ཧཱ། མ་མ་ལཾ་ལཾ་སྭཱ་ཧཱ། མ་མ་ཁཾ་ཁཾ་སྭཱ་ཧཱ། མ་མ་ཤཾ་ཤཾ་སྭཱ་ཧཱ། མ་མ་ཐཾ་ཐཾ་སྭཱ་ཧཱ། མ་མ་སྔོ་ཏ་སྔོ་ཏ་སྭཱ་ཧཱ། འབྱུང་བ་སྤྱི་རྒྱུད་ལས་གསུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ས་མནྟ་དེ་ཝ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྟལ་མ་ཡེ་སརྦ་མཾ་ག་ལཾ་ས་དྷ་ན་མན་ན་སྭཱ་ཧཱ། སྣང་བརྒྱད་རྒྱ་གར་མ་ནས་གསུངས། འདི་ཚོ་གལ་ཆེ་ན་སྟོང་ཕྲག་ཙམ་དུ་བཟླའོ། །གཞན་ཡང་ཉེས་པ་

p. 103

ཀུན་སེལ། དག་པ་གསེར་ཐིག་སྙིང་པོ། སྣང་བརྒྱད་རྒྱ་ནག་མ་རྣམས་ཀྱང་ཀློག་གོ། ༈ དེ་ནས་མཆོད་པ་རྒྱ་ཆེར་བྱས་ལ། ཨོཾ་མ་ཧཱ་དེ་ཝ་ཧྲི་ཤྲཱི་དེ་ཝི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཧཱུྃ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ནས་ཤཔྟའི་བར་རོ། །ཨོཾ་ཨཱཿཧཱུྃ་གསུམ། ཨ་ཀཱ་རོ་གསུམ། གོང་ལྟར་བ་ལིནྟ་པཱུ་ཛ་ཁཱ་ཧི། དེ་ནས་རྟགས་དང་མཐུན་པར་སྐུ་བསྟོད་ནི། ཨོཾ། དབུས་ཕྱོགས་སྟོང་གི་འཇིག་རྟེན་རྒྱུན། །མཛེས་པ་པདྨའི་གདན་སྟེང་ན། །ལྷ་ཡི་རྒྱལ་པོ་ཚངས་པ་དཀར། །ཕྱག་ན་རྫུ་འཕྲུལ་ཆག་ཤིང་བསྣམས། །དབུ་ལ་རིན་ཆེན་ཐོར་ཚུགས་ཅན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷ་རྒྱལ་སངས་པོ་འབུམ་ཁྲི་ནི། །སྐུ་ལ་སེང་གེའི་གཡང་གཞི་མནབས། །ཕྱག་ན་འོད་ཀྱི་རྒྱལ་མཚན་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷ་ཡི་རྒྱལ་པོ་བརྒྱ་བྱིན་དཀར། །སྐུ་ལ་བྱ་རྒྱལ་ཁྱུང་སླག་གསོལ། །ཕྱག་ན་གསེར་གྱི་མེ་ཏོག་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷ་#ཆེན་ཁྲི་རྒྱལ་ཁུག་པ་དཀར། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །ཕྱག་ན་སྣང་གསལ་མར་མེ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཡབ་བླ་བདལ་དྲུག་ལྷ་

p. 104

ཡི་རྗེ། །སྐུ་མདོག་དཀར་པོ་རྒྱན་དང་ཆས། །ཕྱག་ན་བ་དན་དཀར་པོ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཚོགས་ཀྱི་བདག་པོ་ལྷ་ཡི་གཙོ། །སྐུ་ལ་སྤྲིན་གྱི་ན་བཟའ་གསོལ། །ཕྱག་ན་རླུང་གི་འཁོར་ལོ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །གཞོན་ནུ་དབང་ཕྱུག་ལྷ་ཡི་མགོན། །སྐུ་ལ་ཉི་ཟླའི་ན་བཟའ་གསོལ། །ཕྱག་ན་གསེར་གྱི་འཁོར་ལོ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷ་ཡི་རྒྱལ་པོ་ནམ་མཁའ་དཔལ། །སྐུ་ལ་འཇའ་ཚོན་སླག་པ་མནབས། །ཕྱག་ན་སྤྲིན་གྱི་རྒྱལ་མཚན་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷ་ཆེན་བརྒྱད་ཀྱི་ཡུམ་བརྒྱད་ནི། །ནམ་མཁའི་ལྷ་མོ་མདངས་གསལ་མ། །ཕྱག་ན་མཛེས་པའི་པདྨ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷ་ཡི་འཁྲུགས་པ་ཞི་བར་མཛོད། །ཨོཾ། གནམ་ལ་མངའ་མཛད་འཕྲུལ་གྱི་རྗེ། །སྐུ་མདོག་སྔོན་པོ་གཡུ་ཡི་མདོག །ཕྱག་ན་ནམ་མཁའི་བ་དན་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ས་ལ་མངའ་མཛད་ས་ཡི་ལྷ། །སྐུ་མདོག་སེར་ལ་འོད་ཟེར་

p. 105

འབར། །ཕྱག་ན་དཔག་བསམ་ལྗོན་ཤིང་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །བར་སྣང་འོད་གསལ་ལྷ་ཡི་རྒྱལ། །སྐུ་མདོག་རིན་ཆེན་སྣ་ལྔ་འབར། །ཕྱག་ན་འཇའ་ཚོན་སྣ་ལྔ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །གནམ་ས་བར་སྣང་འཁྲུགས་པ་ཞི་བར་མཛོད། །ཨོཾ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །རྒྱ་མཚོ་ཆུ་ཡི་ཀློང་དཀྱིལ་ན། །པདྨ་འདབ་བརྒྱད་གདན་སྟེང་ན། །ཀླུ་རྒྱལ་ཝ་རུ་སྐུ་མདོག་སེར། །ཀླུ་སྦྲུལ་དབུ་རྒྱན་མེ་ཏོག་བསྣམས། །ཀླུ་ཡི་ལྕམ་མོ་འོད་ལྡན་མ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །གཙུག་ན་རིན་ཆེན་སྐུ་མདོག་དཀར། །ཕྱག་ན་རིན་ཆེན་སྨྱུ་གུ་བསྣམས། །དབུ་ལ་རིན་ཆེན་འོད་ཟེར་འཕྲོ། །ཀླུ་མོ་དཀར་མོ་མདངས་ལྡན་མ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། ཀླུ་རྒྱལ་དགའ་བོ་སྐུ་མདོག་དམར། །ཕྱག་ན་གསལ་བྱེད་མར་མེ་བསྣམས། །དབུ་ལ་རིན་ཆེན་ཤེལ་གྱིས་བརྒྱན། །ཀླུ་མོ་དཀར་མོ་འོད་འཕྲོ་མ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཀླུ་རྒྱལ་དུང་སྐྱོང་སྐུ་མདོག་ལྗང་། །ཕྱག་ན་རིན་ཆེན་ཕྲེང་

p. 106

བ་བསྣམས། །དབུ་ལ་དུང་སྦྲུལ་དཀར་པོས་བརྒྱན། །ཀླུ་མོ་ལྗང་གུ་འོད་ཟེར་འཕྲོ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཀླུ་རྒྱལ་མ་དྲོས་སྐུ་མདོག་སྔོ། །ཕྱག་ན་གསེར་གྱི་འཁོར་ལོ་བསྣམས། །དབུ་ལ་རིན་ཆེན་མེ་ཏོག་བརྒྱན། །ཀླུ་མོ་སྔོན་མོ་འོད་ཟེར་འཕྲོ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཀླུ་རྒྱལ་འོད་འབར་སྐུ་མདོག་མཐིང། །ཕྱག་ན་རིན་ཆེན་མེ་ལོང་བསྣམས། །དབུ་ལ་འོད་ཀྱི་འཁོར་ལོས་བརྒྱན། །ཀླུ་མོ་སྔོན་མོ་གཡུ་མདངས་མ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཀླུ་རྒྱལ་འགྱིང་བཙན་སྐུ་མདོག་དཀར། །ཕྱག་ན་རིན་ཆེན་གདུགས་ཁང་བསྣམས། །དབུ་ལ་མཛེས་པའི་པདྨས་བརྒྱན། །ཀླུ་མོ་རིང་ནམ་འཕྲུལ་མོ་ཆེ། །དེ་ལ་ཕྱག་འཚལ་སྐུ་་བསྟོད་མཆོད་པ་འབུལ། །ཀླུ་རྒྱལ་པདྨ་སྐུ་མདོག་ལྗང་། །དབུ་ལ་གཡུ་ཡི་ཅོད་པན་ཅན། །སྐུ་ལ་རླུང་གི་ན་བཟའ་མནབས། །ཕྱག་ན་བ་དན་ཁྲ་བོ་བསྣམས། །ཀླུ་མོ་གསལ་བྱེད་འོད་འབར་མ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཀླུ་ཡི་འཁྲུགས་པ་བསལ་བར་མཛོད་། །ཨོཾ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །རིན་ཆེན་

p. 107

མཛེས་པའི་གདན་སྟེང་ན། །པདྨ་འདབ་བརྒྱད་མཛེས་པ་ན། །ཤར་ཕྱོགས་གཟའ་ཆེན་ཕུར་བུ་དཀར། །སྐུ་ལ་ཆོས་གོས་ན་བཟའ་གསོལ། །ཕྱག་ན་པོ་ཏི་ཕུར་བུ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །བྱང་ཤར་གཟའ་ཆེན་སྤེན་པ་སེར། །ཕྱག་ན་གདུག་པའི་ཞགས་པ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །བྱང་ཕྱོགས་གཟའ་ཆེན་ལག་པ་སྔོ། །ཕྱག་ན་ཆུ་ཡི་འཁོར་ལོ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ནུབ་བྱང་གཟའ་ཆེན་ཟླ་བ་དཀར། །ཕྱག་ན་ལྷ་ཆ་རྔ་གཤང་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ནུབ་ཕྱོགས་གཟའ་ཆེན་པ་སངས་དམར། །ཕྱག་ན་ལྕགས་ཀྱི་འཁོར་ལོ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷོ་ནུབ་གཟའ་ཆེན་རཱ་ཧུ་ལ། །སྐུ་མདོག་གསེར་གྱི་སྙིང་པོ་འདྲ། །ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། ལྷོ་ཕྱོགས་གཟའ་ཆེན་མིག་དམར་དམར། །ཕྱག་ན་མེ་ཡི་བ་དན་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཤར་ལྷོ་གཟའ་ཆེན་ཉི་མ་

p. 108

དཀར་སྔོ་ལ། །ཕྱག་ན་འོད་ཀྱི་འཁོར་ལོ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །གཟའ་ཡི་འཁྲུགས་པ་ཞི་བར་མཛོད། །ཨོཾ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །པདྨ་འདབ་བརྒྱད་གདན་སྟེང་ན། །སྨིན་དྲུག་ལ་སོགས་ཤར་སྐར་དྲུག །ལྗང་ཁུ་ཤིང་ཐོག་ནོར་བུ་ཐོགས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །མཆུ་ལ་སོགས་པ་ལྷོ་སྐར་དྲུག །དམར་མོ་མེ་སྒྲོན་ཞགས་པ་འཛིན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷ་མཚམས་ལ་སོགས་ནུབ་སྐར་དྲུག །དཀར་མོ་པདྨ་དུང་ཆོས་འཛིན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །མོན་བྲེ་ལ་སོགས་བྱང་སྐར་དྲུག །སྔོན་པོ་རྣོ་མཚོན་བུམ་པ་འཛིན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །སྐག་དང་ས་ག་བྱི་བཞིན་བྲ་ཉེ་བཞི། །སྐུ་མདོག་སེར་མོ་ནོར་བུ་འཛིན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ས་བདག་འཁྲུགས་པ་ཞི་བར་མཛོད། །གནམ་ཁྱི་ལྷ་མོ་སྤུན་བདུན་ནི། །སྐུ་མདོག་རིན་ཆེན་སྣ་ཚོགས་བཀྲ། །ཕྱག་ན་མེ་ཏོག་རལ་གྲི་བསྣམས། །ཕོ་ཉ་གནམ་ཁྱི་འཁོར་དང་བཅས། །དེ་ལ་ཕྱག་འཚལ་སྐུ་བསྟོད་དམ་བསམ་

p. 109

མཆོད་པ་འབུལ། །གནམ་ཁྱིའི་འཁྲུགས་པ་ཞི་བར་མཛོད། །ཨོཾ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །དཔག་བསམ་ཤིང་གི་བསིལ་གྲིབ་ན། །ཤར་གཉན་མཐོ་བ་ཁྲི་སངས་དཀར། །ཕྱག་ན་གཉན་དར་དམར་པོ་བསྣམས། །སྐུ་ལ་བསེ་ཁྲབ་ཤོལ་མོ་མནབས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལྷོ་གཉན་སྔོ་བ་གཡུ་རྩེ་སྔོ། །སྐུ་ལ་གཡུ་ཁྲབ་སྔོན་པོ་གསོལ། །ཕྱག་ན་གཉན་ཤིང་སྟག་པ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ནུབ་གཉན་སོལ་དྲུག་ལྕགས་རྩེ་དཀར་། །སྐུ་ལ་བསེ་ཁྲབ་ཤོལ་མོ་མནབས། །ཕྱག་ན་བསེ་ཡི་མེ་ཏོག་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །བྱང་གཉན་གྱིང་ཐང་མཚལ་རྩེ་ནག །སྐུ་ལ་ཟངས་ཁྲབ་དམར་པོ་གསོལ། །ཕྱག་ན་བེ་དཀར་ཐོ་བ་ཐོགས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །གཉན་གྱི་འཁྲུགས་པ་ཞི་བར་མཛོད། །ཨོཾ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །རིན་ཆེན་འབར་བའི་གདན་སྟེང་ན། །གཏོད་ཀྱི་སྡེ་ཚོགས་ཐམས་ཅད་ནི། །སྐུ་མདོག་ཕྱག་མཚན་རྒྱན་དང་ལྡན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་

p. 110

པ་འབུལ། །གཏོད་ཀྱི་འཁྲུགས་པ་ཞི་བར་མཛོད། །ཨོཾ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །རི་རབ་ལྷུན་པོའི་ཕྱོགས་བཞིའི་དབུས། །ས་བདག་ཁྱབ་པ་ལ་སོགས་པའི། །ས་བདག་རྒྱལ་པོ་ཆེན་པོ་བཞི། །ཕྱག་མཚན་དཔག་བསམ་ལྗོན་ཤིང་བསྣམས། །སྐུ་མདོག་གསེར་གྱི་ཁ་དོག་ལ། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ས་བདག་འཁྲུགས་པ་ཞི་བར་མཛོད། །མཚམས་བཞིར་ས་བདག་གཤེད་བཞི་ནི། །སྐུ་མདོག་འཇའ་ཚོན་སྣ་ལྔའི་མདོག །ཕྱག་ན་མཛེས་པའི་ཆག་ཤིང་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། གཤེད་བཞིའི་འཁྲུགས་པ་ཞི་བར་མཛོད། །ཨོཾ། དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །ཕྱོགས་བཞི་མཚམས་བརྒྱད་པདྨའི་གདན། །ལི་ཁམས་རྒྱལ་པོ་སྐུ་མདོག་དམར། །ཕྱག་ན་མེ་ཡི་བ་དན་བསྣམས། །སྐུ་ལ་མེ་ཡི་ན་བཟའ་གསོལ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ལི་མེ་ཡི་འཁྲུགས་པ་ཞི་བར་མཛོད། །ཁོན་མ་བུམ་པ་ཕྲེང་བ་སེར། །སྐུ་ལ་ཆོས་གོས་ན་བཟའ་གསོལ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཁོན་ས་ཡི་འཁྲུགས་

p. 111

པ་ཞི་བར་མཛོད། །དྭ་ལྕགས་ལྕགས་ཀྱི་གྲི་ཤད་དཀར། །སྐུ་ལ་ལྕགས་ཀྱི་ན་བཟའ་གསོལ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །དུ་ལྕགས་ཀྱི་འཁྲུགས་པ་ཞི་བར་མཛོད། །ཁེན་གནམ་འགྱིང་དཀར་ན་བཟའ་སེར། །གནམ་ཁྱི་བདུད་བཙན་ཕོ་ཉར་འགྱེད། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཁེན་གནམ་འཁྲུགས་པ་ཞི་བར་མཛོད། །ཁཾ་ཆུ་ཆུ་ཡི་བུམ་པ་ནག །ཆུ་དར་ནག་པོའི་ན་བཟའ་གསོལ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཁམ་གྱི་འཁྲུགས་པ་ཞི་བར་འམཛོད། །གིན་རི་མཆོད་རྟེན་པོ་ཏི་སེར། །ཆོས་གོས་ངུར་སྨིག་སྐུ་ལ་གསོལ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །གིན་རིའི་འཁྲུགས་པ་ཞི་བར་མཛོད། །ཟིན་ཤིང་གཉན་ཤིང་སྟག་པ་ལྗང་། །སྐུ་ལ་ཤིང་གི་ན་བཟའ་གསོལ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཟིན་ཤིང་འཁྲུགས་པ་ཞི་བར་མཛོད། །ཟོན་མ་རླུང་གི་བུ་ཡུག་ལྗང་། །སྐུ་ལ་ཟ་འོག་ཐུལ་པ་མནབས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཟོན་གྱི་འཁྲུགས་པ་ཞི་བར་མཛོད། །སྨེ་བ་དགུ་པོ་འཁོར་དང་བཅས། །རང་རང་

p. 112

གནས་པའི་ལྷ་དང་བཅས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་ལྡན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །སྨེ་བའི་འཁྲུགས་པ་ཞི་བར་མཛོད། །ཤར་ཕྱོགས་ས་བདག་སྟག་ཡོས་གཉིས། །ལྗང་གུ་མུ་ལེ་གྲོམ་ཤིང་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །སྟག་ཡོས་འཁྲུགས་པ་བསལ་དུ་གསོལ། །ལྷོ་ཕྱོགས་ས་བདག་རྟ་སྦྲུལ་གཉིས། །དམར་མོ་མེ་ཡི་རུ་མཚོན་འཛིན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །རྟ་སྦྲུལ་འཁྲུགས་པ་བསལ་དུ་གསོལ། །ནུབ་ཕྱོགས་ས་བདག་བྱ་སྤྲེལ་གཉིས། །དཀར་པོ་ལྕགས་ཀྱི་རལ་གྲི་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །བྱ་སྤྲེལ་འཁྲུགས་པ་བསལ་དུ་གསོལ། །བྱང་ཕྱོགས་ས་བདག་བྱི་ཕག་གཉིས། །ནག་པོ་ཆུ་ཡི་རྐྱལ་པ་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །བྱི་ཕག་འཁྲུགས་པ་བསལ་དུ་གསོལ། །མཚམས་བཞིར་ས་བདག་ཁྱི་འབྲུག་གླང་ལུག་བཞི། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་འཁོར་ལོ་རི་བོ་མཆོད་རྟེན་བསྣམས། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཁྱི་འབྲུག་གླང་ལུག་འཁྲུགས་པ་བསལ་དུ་

p. 113

གསོལ། །འབྱུང་བ་ལྔ་ལ་མངའ་མཛད་འབྱུང་བའི་ལྷ། །སྐུ་མདོག་ཁ་དོག་རྒྱན་དང་ལྡན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །འབྱུང་བ་ལྔ་ཡི་འཁྲུགས་པ་བསལ་དུ་གསོལ། །ནམ་ཟླ་དུས་བཞིའི་ལྷ་བཞི་ནི། །སྐུ་མདོག་ཁ་དོག་རྒྱན་དང་ལྡན། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ནམ་ཟླ་དུས་བཞིའི་འཁྲུགས་པ་བསལ་དུ་གསོལ། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །སྐུ་མདོག་སྤྲུལ་པ་སོ་སོར་གསལ། །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཕྱོགས་སྐྱོང་བཅུ་ཡི་འཁྲུགས་པ་བསལ་དུ་གསོལ། །ཕྱོགས་བཞིའི་རྒྱལ་པོ་སྡེ་བཞི་ནི། །སྐུ་མདོག་དཀར་དམར་ལྗང་གུའི་མདོག །དེ་ལ་ཕྱག་འཚལ་སྐུ་བསྟོད་མཆོད་པ་འབུལ། །ཕྱོགས་བཞིའི་འཁྲུགས་པ་བསལ་དུ་གསོལ། །ལྷ་སྲིན་གན་ཁམས་སྡེ་བརྒྱད་པོ། །ཁྱོད་ལ་བསྟོད་དེ་མཆོད་པ་འབུལ། །གདུག་རྩུབ་འཁྲུགས་པ་ཐམས་ཅད་བསལ་དུ་གསོལ། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །སྦྱིན་བཏང་སྡུག་བསྔལ་ཞི་གྱུར་ཅིག །ཅེས་བསྟོད་དོ། །པདྨ་ལྟ་བུའི་གཏོར་མ་གཅིག་འབུལ་ལོ། །ཞག་གྲངས་ཡིན་ན་འདི་ནས་བཞག །དེ་ནས་སྒོ་དབྱེ་བ་ནི།

p. 114

ལྡེ་མིག་གིས་ཕྱེ་སྟངས་བྱས་ལ། ཀྱཻ། ཤར་ཕྱོགས་ཡེ་ཤེས་གསེར་གྱི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །གཏི་མུག་མུན་པའི་སྒོ་ཆོད་ཅིག །ཡེ་ཤེས་དངོས་གྲུབ་སྒོ་ཕྱེས་ཤིག །ལྷོ་ཕྱོགས་ཞི་བ་གཡུ་ཡི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱིས་ཤིག །ང་རྒྱལ་གདུག་པའི་སྒོ་ཆོད་ཅིག །ཞི་བ་དངོས་གྲུབ་སྒོ་ཕྱེས་ཤིག །ནུབ་ཕྱོགས་སྦྱིན་པ་ཟངས་ཀྱི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འདོད་ཆགས་གདུག་པའི་སྒོ་ཆོད་ཅིག །སྦྱིན་པ་དངོས་གྲུབ་སྒོ་ཕྱེས་ཤིག །བྱང་ཕྱོགས་བྱམས་པ་ལྕགས་ཀྱི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །ཕྲག་དོག་གདུག་པའི་སྒོ་ཆོད་ཅིག །ཡངས་པ་དངོས་གྲུབ་སྒོ་ཕྱེས་ཤིག །དུས་བཞི་བདག་པོས་སྒོ་ཕྱེས་ཤིག །དུས་བཞིའི་འཁྲུགས་པའི་སྒོ་ཆོད་ཅིག །མཐུན་པའི་དངོས་གྲུབ་སྒོ་ཕྱེས་ཤིག ཀྱཻ། ཤར་ཕྱོགས་ས་བདག་ཐེ་སེ་དང་། །ལྷོ་ཕྱོགས་ས་བདག་ཙང་ཀུན་དང་། །ནུབ་ཕྱོགས་ས་བདག་ཧོང་ཕན་དང་། །བྱང་ཕྱོགས་ས་བདག་བིལ་འབྱིན་བཞི། །པདྨ་སྣ་ཚོགས་གདན་ལ་བཞུགས། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་འཁོར་བཅས་རྣམས། །ཐབས་ཤེས་རྫུ་འཕྲུལ་ལྡེ་མིག་གིས། །རྩ་

p. 115

དཀར་འཕེལ་གཡང་སྒོ་ཡར་ཕྱེས། །རྨོངས་འདྲེ་རྩ་ནག་སྒོ་ཆོད་ཅིག །ཅེས་པས་སྒོ་ཕྱེས། དེ་ནས་བུམ་ཁྲུས་བྱ་བ་ནི། བུམ་པ་ལག་ཏུ་ཐོགས་ཏེ། ཨོཾ། ཡེ་ཤེས་རྣམ་པར་དག་པའི་ཆུ་བོ་དང་། །དུག་ལྔ་འཇོམས་པ་བདུད་རྩིའི་ཆུ་བོ་དང་། །སྣང་སྲིད་དག་པར་བྱེད་པའི་སྤོས་ཆུ་གསུམ། །གཙང་ཡང་རིན་ཆེན་བུམ་པའི་ནང་དུ་བསྩལ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་དབང་བསྐུར་ནས། །ཏིང་འཛིན་དགོངས་བརྒྱུད་དག་པར་བྱིན་གྱིས་བརླབས། །སྣང་སྲིད་ཁམས་གསུམ་ཁྲུས་གསོལ་བས། །བག་ཆགས་དྲི་མ་དག་གྱུར་ཅིག །བག་ཆགས་དྲི་མ་དག་ནས་ཀྱང་། །ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག །སྣང་སྲིད་བདག་པོ་ཁྱེད་རྣམས་ལ། །དག་པའི་ཁྲུས་ཆབ་འདི་གསོལ་བའི། །མཚན་མའི་རྣམ་རྟོག་དག་གྱུར་ཅིག །ཡོན་བདག་རྣམས་ལ་ཁྲུས་གསོལ་བའི། །དུག་ལྔའི་བག་ཆགས་དག་གྱུར་ཅིག །ཉི་ཟླ་བཞིན་དུ་གསལ་བར་ཤོག །གཞལ་ཡས་ཁང་ལ་ཁྲུས་གསོལ་བས། །ལྷ་ཡི་གཞལ་ཡས་ཁང་ལས་གྲུབ་པར་ཤོག །ཡོ་བྱད་རྫས་ལ་ཁྲུས་གསོལ་བས། །བག་ཆགས་དྲི་མ་དག་ནས་ཀྱང་། །ལྷ་དང་ལྷ་མོའི་ངང་དུ་ལྡན་གྱུར་ཅིག །

p. 116

ཁཾ་ས་ལེ་སེང་ངེ་ཡེ་སྭཱ་ཧཱ། དེ་ནས་བཀྲ་ཤིས་བརྗོད་པ་ནི། མེ་ཏོག་གཏོར་ལ། ཨོཾ། སྣང་སྲིད་མངའ་བདག་མ་ལུས་རྣམས། །ཡོན་བདག་འདི་ཡི་དོན་ཆེད་དུ། །བདག་ལ་གསན་ཅིང་དགོངས་སུ་གསོལ། །ཡོན་བདག་དད་ཅིང་གུས་པ་དང་། །ཀོང་ཙེ་བདེན་པའི་བྱིན་རླབས་དང་། །སྔགས་འཆང་བདག་གིས་བྱིན་བརླབས་ནས། །སྣང་སྲིད་མངའ་བདག་ཁྱེད་རྣམས་ལ། །མཆོད་པ་རྒྱ་མཚོ་འདི་དག་ནི། །རང་རང་འདོད་པའི་ཡོན་ཏན་དང་། །བདག་གིས་འདོད་ཡོན་བྱིན་བརླབས་ནས། །བདག་ཅག་དད་པས་འབུལ་ལགས་ན། །ཚེམཉེས་རབ་མཆོག་དང་ལྡན་གྱུར་ཅིག །མཉེས་རབ་མཆོག་དང་ལྡན་ནས་ཀྱང་། །བདག་དང་ཡོན་གྱི་བདག་པོ་ལ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ནམ་མཁའི་ཁམས་ན་བཞུགས་པ་ཡི། །ཚངས་པ་བརྒྱ་བྱིན་ལ་སོགས་ཏེ། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །གནམ་གྱི་མངའ་བདག་མ་ལུས་ཁྱུང་གི་མགོ །ཡུམ་ནི་ལྷ་མོ་མདངས་ལྡན་མ། །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ས་

p. 117

ལ་མངའ་མཛད་གླང་ཆེན་མགོ །ཡུམ་ཡང་ས་བདག་རྒྱལ་མོ་ལགས། །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ཉི་ཟླ་དྲོ་གསལ་འོད་ཟེར་ཅན། །དྲོ་གསལ་ཚེ་རིང་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །རྒྱ་མཚོ་ཆུ་ཡི་གཞལ་ཡས་ན། །གཙུག་ན་རིན་ཆེན་ལ་སོགས་ཀླུ་ཆེན་བརྒྱད། །ཡུམ་ཡང་ཀླུ་ཡི་ལྕམ་མོ་བརྒྱད། །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །པདྨ་འདབ་བརྒྱད་གདན་སྟེང་ན། །གཟའ་བརྒྱད་ཡབ་ཡུམ་འཁོར་དང་བཅས། །མཁའ་ལ་ཤུགས་འགྲོའི་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །སྨིན་དྲུག་ལ་སོགས་ཤར་སྐར་བདུན། །ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །མཆུ་ལ་སོགས་ཏེ་ལྷོ་སྐར་བདུན། །ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ལྷ་མཚམས་ལ་སོགས་ནུབ་སྐར་བདུན། །ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །མོན་གྲུ་

p. 118

ལ་སོགས་བྱང་སྐར་བདུན། །བྱང་གི་ཕྱོགས་ནས་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །རང་བཞིན་བདེ་བའི་དཀྱིལ་འཁོར་ནས། །ལྷ་མོ་སྤུན་བདུན་གནམ་ཁྱི་འཁོར་དང་བཅས། །བར་སྣང་ཁམས་ནས་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །དཔག་བསམ་ཤིང་ལ་གནས་བཅས་ནས། །གཉན་གྱི་སྡེ་རིགས་བསམ་མི་ཁྱབ། །ཡུམ་ཡང་སྐྱེད་པའི་ཆུ་འཁྲུལ་མ། །ཡབ་ཡུམ་བཀྲ་ཤིས་གང་ལགས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །ས་བདག་སྟག་དང་ཡོས་བུ་གཉིས། །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། །ས་བདག་རྟ་དང་སྦྲུལ་གྱི་མགོ །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །ས་བདག་སྤྲེལ་དང་བྱ་ཡི་མགོ །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །བྱང་གི་ཕྱོགས་ནས་

p. 119

བཀྲ་ཤིས་པ། །ས་བདག་ཕག་དང་བྱི་བའི་མགོ །ཡབ་ཡུམ་ལྕམ་དྲལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག་།ཤར་ལྷོ་མཚམས་ནས་བཀྲ་ཤིས་པ། །གསེར་འབྲུག་གདན་ལའང་མཛེས་བྱས་མ། །གཉན་གྱི་རྒྱལ་པོའི་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ལྷོ་ནུབ་མཚམས་ནས་བཀྲ་ཤིས་པ། །གསེར་ལུག་གདན་ལ་གསེར་རི་འདྲ། །གཟའ་གསལ་འོད་གསལ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ནུབ་བྱང་མཚམས་ནས་བཀྲ་ཤིས་པ། །གསེར་ཁྱིའི་གདན་ལ་གདུག་པ་སེལ། །གླིང་བཞི་གྲགས་ཆེན་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །བྱང་ཤར་མཚམས་ནས་བཀྲ་ཤིས་པ། །གསེར་གླང་གདན་ལ་ཐུབ་ཆེན་གྱིས། །བདུད་རྣམས་འདུལ་བའི་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །དཀྱིལ་འཁོར་དེ་ཡི་ཕྱི་རིམ་ན། །འབྱུང་བ་ལྔ་ཡི་ལྷ་རྣམས་ནི། །འབྱུང་བ་ལྔ་ཡི་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །གཏོད་ཀྱི་སྡེ་ཚོགས་ཐམས་ཅད་ཀྱི། །བཀྲ་ཤིས་དངོས་གྲུབ་གང་ཡོད་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །

p. 120

རྒྱལ་པོ་ཆེན་པོ་སྡེ་བཞི་ཡི། །ཉི་མ་ཕྱོགས་བཞིའི་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །ལོངས་སྤྱོད་ལྡན་ཏེ་བཀྲ་ཤིས་པ། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །ལྷ་ཆེན་བརྒྱད་དང་ལྷ་མོ་བརྒྱད། །འཁོར་དང་ལོངས་སྤྱོད་དར་བ་ལྟར། །ཡོན་བདག་བཀྲ་ཤིས་ཐོབ་པར་ཤོག །གནམ་ས་ཡབ་ཡུམ་རྒྱ་ཆེ་ལྟར། །ཡོན་བདག་དབུ་འཕང་མཐོ་བར་ཤོག །ཉི་ཟླ་ཚེ་རིང་འོད་གསལ་ལྟར། །ཡོན་བདག་བདེ་སྐྱིད་ལྡན་པར་ཤོག །གཟའ་སྐར་འཕེལ་སྐྱིད་ལྡན་པ་ལྟར། །ཡོན་བདག་མི་གྲངས་འཕེལ་བར་ཤོག །ཀླུ་ཆེན་བརྒྱད་དང་ཀླུ་མོ་བརྒྱད། །སྐྱིད་འཕེལ་ལོངས་སྤྱོད་ལྡན་པ་ལྟར། །ཡོན་བདག་ལོངས་སྤྱོད་ལྡན་པར་ཤོག །གཉན་དང་ས་བདག་གཏོད་ལ་སོགས། །བཙན་ཕྱུག་འཕན་རག་ལྡན་པ་ལྟར། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །བཙན་ཕྱུག་དར་གསུམ་འཛོམ་པ་དང་། །ཅི་བསམ་ལྷུན་གྱིས་འགྲུབ་པར་ཤོག །དེ་ནས་གདན་ལ་བསྐྱོད་པ་ནི་རོལ་མོ་བསྒྲགས་ལ། ཀྱཻ། སྣང་སྲིད་མངའ་བདག་མ་ལུས་རྣམས། །ལྷ་ཀླུ་གཉན་དང་གཟའ་རྒྱུ་སྐར། །ཉི་ཟླ་ས་བདག་གཏོད་

p. 121

དང་ནི། །སྤར་ཁ་སྨེ་བ་ལོ་བཅུ་གཉིས། །དཔལ་མགོན་བདུན་ཅུ་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གདོན་རིགས་འཁོར་དང་བཅས། །སྣང་སྲིད་བདག་པོ་མ་ལུས་རྣམས། །སྤྱན་འདྲེན་བཞུགས་གསོལ་དགྱེས་པ་སྐྱེད། །ནོངས་པ་བཤགས་ནས་སྐུ་ཁྲུས་གསོལ། །མཆོད་འབུལ་ཡོ་བསྲང་འགྲས་པ་བསྡུམ། །སྐུ་བསྟོད་ཕྱག་འཚལ་བཀྲ་ཤིས་བརྗོད། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ཕྱུགས་ན་ཚ་སྡུག་བསྔལ་བསལ། །མི་བདེ་བ་རྣམས་བདེ་བར་བྱས། །མི་མཐུན་པ་རྣམས་མཐུན་པར་བྱས། །འཁྲུགས་པ་ཐམས་ཅད་ཞི་བར་བྱས། །སྣང་སྲིད་བདག་པོ་ཁྱེད་རྣམས་ལ། །རྫས་དང་ཡོ་བྱད་འདི་རྣམས་ནི། །དགའ་དང་དད་པས་འབུལ་ལགས་ན། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཡོན་བདག་མི་ཕྱུགས་འཕེལ་བར་གྱིས། །དལ་ཁ་ཡམས་ཁ་བསྒྱུར་དུ་གསོལ། །མི་ནད་ཕྱུགས་ནད་ཞི་བར་མཛོད། །འཁྲུགས་པ་སོལ་ལ་གདུག་པ་སྒྱུར། །རྐྱེན་ངན་བར་ཆད་བསྒྱུར་དུ་གསོལ། །དེ་ནས་གཤེགས་སུ་གསོལ་བ་ནི། ཀྱཻ། ད་ནི་སྐྱོད་ཅིག་གནས་སུ་སྐྱོད། །གདུག་པའི་སེམས་དང་བྲལ་ནས་ནི། །ཞི་བ་བྱམས་

p. 122

པའི་སེམས་དང་ལྡན་མཛོད་ཅིག ཀྱཻ། ཚངས་པ་བརྒྱ་བྱིན་ལྷ་ཡི་ཚོགས། །ལྷ་གནས་པདྨའི་གདན་ལ་གཤེགས། །ལྷ་ཡི་གདུག་ཟེར་མ་བཏང་ཞིག །ཉི་མ་ཟླ་བ་སྒྲོན་གསལ་གཉིས། །འོད་ཟེར་སྤྲུལ་པའི་མཁར་དུ་གཤེགས། །ཉི་ཟླའི་འཁྲུགས་པ་ཞི་བར་མཛོད། །གནམ་ས་བར་སྣང་དབང་བསྒྱུར་ལྷ། །གནམ་ས་བར་སྣང་འཁོར་ལོའི་ཁྲི་ལ་གཤེགས། །གཙུག་ན་རིན་ཆེན་ལ་སོགས་ཀླུ་ཆེན་བརྒྱད། །རྒྱ་མཚོ་ཆེན་པོའི་གནས་སུ་གཤེགས། །ཀླུ་ནད་གདུག་པ་མ་བཏང་ཞིག །མིག་དམར་ལ་སོགས་གཟའ་ཆེན་བརྒྱད་། །གཟའ་ཡི་གདུག་གཟེར་སླར་བསྡུས་ལ། །བར་སྣང་འཇའ་ཚོན་མཁར་དུ་གཤེགས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱང་། །སྐར་མའི་འཁྲུགས་པ་གདུག་རྩུབ་བསྡུས། །རླུང་གི་འཁོར་ལོའི་གདན་ལ་གཤེགས། །གནམ་ཁྱི་ལྷ་མོ་སྤུན་བདུན་དང་། །ཕོ་ཉ་གནམ་ཁྱི་བཅས་པ་རྣམས། །དངུལ་གྱི་འཁོར་ལོའི་གདན་ལ་གཤེགས། །ཤར་ཤིང་ལ་མངའ་མཛད་ས་བདག་ཀྱང་། །སྟག་ཡོས་འཁྲུགས་པ་བསལ་བ་དང་། །ལོ་ལྷ་གཉན་པོ་བཅོས་པ་དང་། །ཤར་ཕྱོགས་ཤིང་གི་གདན་ལ་སྐྱོད། །སྙིང་དཀར་འཁྲུགས་པ་

p. 123

བསལ་དུ་གསོལ། །ཤིང་ཁམས་འཁྲུགས་པ་ཡོན་གྱིས་བཅོས། །ལྷོ་མེ་ལ་མངའ་མཛད་ས་བདག་ཀྱང་། །རྟ་སྦྲུལ་འཁྲུགས་པ་བསལ་བ་དང་། །ལོ་ལྷ་གཉན་པོ་བཅོས་པ་དང་། །ལྷོ་ཕྱོགས་མེ་ཡི་གདན་ལ་སྐྱོད། །མེ་ཡི་འཁྲུགས་པ་བསལ་དུ་གསོལ། །གཉན་གྱི་གདུག་རྩུབ་བསྒྱུར་དུ་གསོལ། །མེ་ཁམས་འཁྲུགས་པ་ཡོན་གྱིས་བཅོས། །ནུབ་ལྕགས་ལ་མངའ་མཛད་ས་བདག་ཀྱང་། །བྱ་སྤྲེལ་འཁྲུགས་པ་བསལ་བ་དང་། །ལོ་ལྷ་གཉན་པོ་བཅོས་པ་དང་། །ནུབ་ཕྱོགས་ལྕགས་ཀྱི་གདན་ལ་སྐྱོད། །སྙིང་ནག་འཁྲུགས་པ་བསལ་དུ་གསོལ། །སྙིང་གི་འགྲམས་འཁྲུགས་ཞི་བར་མཛོད། །ལྕགས་ཁམས་འཁྲུགས་པ་ཡོན་གྱིས་བཅོས། །བྱང་ཆུ་ལ་མངའ་མཛད་ས་བདག་ཀྱང་། །བྱི་ཕག་འཁྲུགས་པ་བསལ་བ་དང་། །ལོ་ལྷ་གཉན་པོ་བཅོས་པ་དང་། །བྱང་ཕྱོགས་རྒྱ་མཚོའི་གདན་ལ་སྐྱོད། །ཆུ་ཡི་འཁྲུགས་པ་བསལ་དུ་གསོལ། །ཆུ་བདུད་ཆུ་བཙན་བསྒྱུར་དུ་གསོལ། །ཆུ་ཁམས་འཁྲུགས་པ་ཡོན་གྱིས་བཅོས། །མཚམས་བཞིའི་ས་བདག་གཤེད་བཞི་ཡང་། །ས་ཁམས་ས་བདག་མཆོད་པའི་ཕྱིར། །གཤེད་བཞི་འགྲམས་

p. 124

འཁྲུགས་བཅོས་ཕྱིར་དང་། །མཚམས་བཞི་ས་ཡི་གདན་ལ་བསྐྱོད། །གཤེད་བཞི་འཁྲུགས་པ་ཡོན་གྱིས་བཅོས། །མི་ལུས་འབྲུག་གི་མགོ་བོ་ཅན། །གནམ་ཁྱིའི་འཁྲུགས་པ་བསལ་བའི་ཕྱིར། །ཉི་མ་ཤར་ལྷོ་མཚམས་སུ་གཤེགས། །དངུལ་གྱི་འཁོར་ལོའི་གདན་ལ་བསྐྱོད། །གནམ་ཁྱིའི་འཁྲུགས་པ་བསལ་དུ་གསོལ། །གཤེད་ཀྱི་གདུག་རྩུབ་བསྒྱུར་དུ་གསོལ། །གནམ་སྒོ་བྱེ་བ་བཅད་དུ་གསོལ། །མི་ལུས་ལུག་གི་མགོ་བོ་ཅན། །མ་ཡམས་གདུག་པ་བསལ་བའི་ཕྱིར། །ཉི་མ་ལྷོ་ནུབ་མཚམས་སུ་གཤེགས། །གསེར་གྱི་འཁོར་ལོའི་གདན་ལ་བསྐྱོད། །མ་ཡམས་འཁྲུགས་པ་བསལ་དུ་གསོལ། །གཤེད་ཀྱི་གདུག་རྩུབ་བསྒྱུར་དུ་གསོལ། །ས་སྒོ་བྱེ་བ་བཅད་དུ་གསོལ། །མི་ལུས་ཁྱི་ཡི་མགོ་བོ་ཅན་། །གནམ་ལྷའི་གདུག་པ་བསལ་བའི་ཕྱིར། །ཉི་མ་ནུབ་བྱང་མཚམས་སུ་གཤེགས། །ལྕགས་ཀྱི་འཁོར་ལོའི་གདན་ལ་བསྐྱོད། །གནམ་ལྷའི་འཁྲུགས་པ་བསལ་དུ་གསོལ། །ཐོག་དང་སེར་བ་བཅད་དུ་གསོལ། །གནམ་ཐེལ་ཆོ་འཕྲུལ་བཟློག་ཏུ་གསོལ། །མི་ལུས་གླང་གི་མགོ་བོ་ཅན། །གཤེད་ཀྱི་འཁྲུགས་པ་བསལ་བའི་ཕྱིར། །ཉི་མ་

p. 125

བྱང་ཤར་མཚམས་སུ་གཤེགས། །ཟངས་ཀྱི་འཁོར་ལོའི་གདན་ལ་བསྐྱོད། །གཤེད་ཀྱི་གདུག་པ་བསལ་དུ་གསོལ། །དུར་གྱི་གདུག་པ་བཅིང་དུ་གསོལ། ས་སྒོ་དུར་སྒོ་བྱེ་བ་བསྒྱུར། །དཔལ་མགོན་སྡེ་བརྒྱད་ཕྱོགས་སྐྱོང་དང་། །རིགས་དྲུག་གཡན་ཁམས་ཇི་སྙེད་རྣམས། །མཆོད་ཡོན་སྣ་ཚོགས་འདི་བཞེས་ལ། །འགྲས་པ་ཐམས་ཅད་བསྡུམ་པའི་ཕྱིར། །རང་རང་གནས་སུ་བདེ་བར་བསྐྱོད། །དགའ་མགུ་ཡི་རང་ལྡན་གྱུར་ཅིག །གདུག་པའི་སེམས་དང་བྲལ་ནས་ཀྱང་། །ཞི་བ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ས་བདག་རྒྱལ་པོ་སྡེ་ལྔ་དང་། །དུས་བཞིའི་རྒྱལ་མོ་ཡུམ་ཆེན་ལྔ། །འཁོར་དང་ཡང་འཁོར་བཅས་པ་རྣམས། །ས་བདག་གདུག་པ་བསལ་བ་དང་། །འཁྲུགས་པ་བཅོས་པའི་དོན་ཆེད་དུ། །ས་བདག་རྒྱལ་པོ་གདན་བསྐྱོད་འཚལ། །ཞེས་གདན་ལས་བསྐྱོད་དོ། །བདག་ཉིད་གསང་བདག་གི་ཐུགས་ཀ་ནས་འོད་ཟེར་མདུན་བསྐྱེད་ལ་ཕོག །མཐའ་ནས་འཁོར་རྣམས་གཅིག་ལ་གཅིག་ཐིམ་གཙོ་བོ་ལ་བསྡུས། གཙོ་བོ་འོད་དུ་ཞུ་ས་བོན་ལ་ཐིམ། ས་བོན་ལས་འོད་ཟེར་དཀར་པོ་འཕྲོས་བདག་དང་ཡོན་བདག་ལ་ཕོག་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། ནད་དང་

p. 126

གནོད་སེམས་ཐམས་ཅད་བྲལ་བར་བསམ། ས་བོན་ཡང་བདག་ལ་ཐིམ། འོད་དུ་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་འོད་དུ་ཞུ་སྟོང་པར་བཞག་གོ །དེ་ནས་རྡུལ་ཚོན་དར་དཀར་གྱིས་བསྡུས་ལ། ཀྱཻ། ནམ་མཁའ་དབྱིངས་ནི་ཡེ་ནས་མི་འགྱུར་ཏེ། །ས་ཆུ་མེ་རླུང་མི་རྟག་སྐད་ཅིག་མ། །ཆོས་ཉིད་དབྱིངས་ནི་ཡེ་ནས་མི་འགྱུར་ཏེ། །ཚིག་དང་ཡི་གེ་མི་རྟག་སྐད་ཅིག་མ། །བྱང་ཆུབ་སེམས་ནི་ཡེ་ནས་མི་འགྱུར་ཏེ། །སྒྱུ་མའི་ཕུང་པོ་མི་རྟག་སྐད་ཅིག་མ། །དབྱིངས་ཀྱི་དཀྱིལ་འཁོར་ཡེ་ནས་མི་འགྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་མི་རྟག་སྐད་ཅིག་མ། །ད་ནི་བསྐྱོད་ཅིག་རྡུལ་ཚོན་གནས་སུ་བསྐྱོད། ཀྱཻ། རྡུལ་ཚོན་དཀར་པོ་བྲིས་པ་ཡང་། །ནམ་མཁའ་ཚོན་ཏེ་ལྷ་ཡི་གནས། །ལྷ་གནས་གདན་དུ་དམིགས་པ་ཡང་། །མི་འགྱུར་ནམ་མཁའི་གནས་སུ་བསྐྱོད། །རྡུལ་ཚོན་སྔོན་པོ་བྲིས་པ་ཡང་། །ཆུ་ལས་གྲུབ་སྟེ་ཀླུ་ཡི་གནས། །ཀླུ་གནས་གདན་དུ་དམིགས་པ་ཡང་། །མི་འགྱུར་རྒྱ་མཚོའི་གནས་སུ་བསྐྱོད། །རྡུལ་ཚོན་དམར་པོ་བྲིས་པ་ཡང་། །མེ་ལས་གྲུབ་སྟེ་གཟའ་ཡི་གནས། །གཟའ་གནས་གདན་དུ་དམིགས་པ་ཡང་། །མི་འགྱུར་རླུང་གི་གནས་སུ་བསྐྱོད། །རྡུལ་ཚོན་སེར་པོ་

p. 127

བྲིས་པ་ཡང་། །ས་ལས་གྲུབ་སྟེ་ས་བདག་གནས་། །ས་བདག་གདན་དུ་དམིགས་པ་ཡང་། །མི་འགྱུར་ས་གཞིའི་གནས་སུ་བསྐྱོད། །རྡུལ་ཚོན་རིམ་པ་སྣ་ཚོགས་ཀྱང་། །སྣང་སྲིད་མངའ་བདག་ཁྱེད་རྣམས་ཀྱིས། །རང་རང་མཐུན་པའི་གནས་སུ་བསྐྱོད། །སྟོང་པའི་མཁའ་ལ་འགྱུར་ལྡོག་མེད། །འགྱུར་ལྡོག་མེད་པའི་ངང་ལ་བསྐྱོད། །བསྐྱོད་པའི་རྗེས་ཤུལ་དཀར་བར་མཛོད། །སྟོང་ཉིད་འགྱུར་མེད་ཀློང་དུ་བཞག །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཅེས་བསྐྱོད་དེ་ཆུ་ལ་བཏབ། སྟོང་ཉིད་ངང་ལ་སྣང་སྲིད་ཀུན་གྱི་གནོད་སེམས་ཞི་ནས། རྒྱལ་པོ་ལ་ཉེས་ཤོར་བ་བཤགས་སྦྱང་ཐོན་པ་བཞིན་བློ་ཐག་ཆོད་པ་ཞིག་སེམས་ལ་བྱའོ། །སྣང་སྲིད་འཁྲུགས་པ་ཡོ་བཅོས་དོན་བསྡུས་པ། ཡི་གེར་ཉུང་ངུར་པདྨ་མཐའ་བྲལ་གྱིས་བསྐུལ་བ་ལ་བརྟེན་ནས། རཱ་ག་ཨ་སྱས་བསྒྲིགས་པ་ཉེས་འགལ་མཆིས་ན་འཇམ་དཔལ་ཉིད་ལ་བཤགས། འགྲོ་ཀུན་དུས་ངན་གྱིས་འགྲམས་འཁྲུགས་ལས་སེམས་ཅན་ཐམས་ཅད་ཐར་བའི་རྒྱུར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་དབང་ཆེན་གྱི་བཟླས་དམིགས།

p. 128
p. 129

ས་བདག་དབང་ཆེན་གྱི་བཟླས་དམིགས་ནི། མདུན་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀར་དྷིཡིག་སེར་པོ་གསེར་ཞུན་མའི་མདོག་ཅན། འཁོར་རྣམས་ཀྱི་སྙིང་གར་ཨེ་ཡཾ་ཁཾ་རཾ་ལཾ་རྣམས་ཀྱི་ཡི་གེ་དཀར་སེར་དམར་སྔོ་ལྗང་གུའི་མདོག་ཅན་འོད་ཟེར་འཕྲོ་བ། དེ་རྣམས་ཀྱི་མཐར་རང་རང་གི་སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བར་གྱུར། གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་སེར་པོ་གསེར་གྱི་མདངས་ཅན་འཕྲོས། འཁོར་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་གཙོ་བོ་ལ་འདུད་ཅིང་བཀའ་ཉན་པར་གྱུར། རང་ཉིད་གསང་བའི་བདག་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྔོན་པོ་བཻཌཱུརྱའི་མདངས་ཅན་འཕྲོས། མདུན་གྱི་ས་བདག་དབང་ཆེན་གྱི་ཐུགས་ཀར་ཕོག་པས་དེ་ཡི་རྒྱུད་རབ་ཏུ་བསྐུལ། ས་བདག་གི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས་པས་འཁོར་རྣམས་ཀྱི་རྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་སྤྲོ་བསྡུས་ཀྱིས་བརྟན་གཡོའི་དགེ་མཚན་བསྐྱེད་ཅིང་། སླར་ཡང་མདུན་གྱི་ས་བདག་གི་ཐུགས་སྲོག་སྔགས་ཕྲེང་མར་མེའི་ཕྲེང་བ་ལྟ་བུ་ལྟེ་གོང་ནས་ཐོན། རང་གི་ལྟེ་གོང་དུ་ཞུགས་ཤིང་ཞལ་ནས་ཐོན་མདུན་གྱི་ས་བདག་གི་ཞལ་དུ་ཞུགས་ཤིང་བར་

p. 130

མེད་མགལ་མེ་ལྟར་འཁོར་བས་དངོས་གྲུབ་ཐམས་ཅད་བསྩལ་ཞིང་བརྟན་པར་གྱུར། ཞེས་བསམས་ལ་སྔགས་རྣམས་བཟླའོ། །གཞུང་དུ་བཟླས་དམིགས་ཡོད་ཀྱང་འདོན་བདེར་མེད་སྟབས་གཞུང་དོན་བཀླག་ཆོག་ཏུ་བསྡེབས་པ་དགེ།། །།

ས་བདག་བསྟོད་པ།

p. 131

ཧཱུྃ། ས་བདག་གཙོ་བོ་སྐུ་མདོག་སེར་པོ་ནི། །འབྱུང་ལྔའི་རང་བཞིན་ཞལ་ལྔ་ཕྱག་བཞི་པ། །སྦྲུལ་ཆེན་འཁྱིལ་པ་རུས་སྦལ་གདན་ལ་བཞུགས། །དགེ་བསྙེན་བྱང་ཆུབ་སེམས་དཔའ་ཁྱོད་ལ་བསྟོད། །བཙུན་མོ་ས་ཡི་ལྷ་མོ་བརྟན་མ་ནི། །གསེར་མདོག་རྒྱན་ལྡན་རིན་ཆེན་བུམ་པ་འཛིན། །དུས་གསུམ་རྒྱལ་བ་ཀུན་གྱི་དཔང་པོ་མ། །ས་འཛིན་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །སྲས་པོ་ས་འཛིན་ལག་པ་ཆེན་པོ་དང་། །ས་བདག་རྒྱལ་པོ་ལ་སོགས་འཁོར་གྱི་ཚོགས། །འབྱུང་བ་ལོ་ཟླ་ཞག་དུས་སྤར་སྨེའི་བདག །སྲིད་པའི་དབང་ཆེན་རྣམས་ལ་བདག་གིས་བསྟོད། ༈ །ས་ཆ་ཡུལ་རིས་ལ་གནས་གཟུགས་ཅན་རྣམས། །གཉན་དང་ས་བདག་ཡུལ་བདག་གྲོང་གི་བདག །ཅེ་རེ་ལྟ་ཞིང་ཀྲོག་གེ་ཉན་པའི་ཚོགས། །ལེགས་ཉེས་སྟངས་འཛིན་རྣམས་ལ་བདག་གིས་བསྟོད། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།

ས་བདག་སྙིང་དཀར་བཅོས་པ།

p. 132
p. 133

ས་བདག་སྙིང་དཀར་བཅོས་པ་བཞུགས་སོ། །ཀོང་ཙེ་རྒྱལ་པོ་ལ་ཕྱག་འཚལ་ནས། ས་བདག་སྙིང་དཀར་བཅོས་པ་ནི། དབང་ཆེན་ཤར་ངོས་སུ་ཟན་ནམ་བོང་བུ་ཤ་བའི་སྙིང་ནང་དུ་ཤོག་གུ་གཙང་མ་ལ་སྔགས་འདི་བྲིས། ཨོཾ་ལྷད་ལྷད་ཟིན་སྭཱ་ཧཱ་ཤམ་མ་ན་ཤིང་ཟློག་སྙིང་དཀར་མ་ལྡང་ཞིག །མ་འཁྲུགས་ཤིག །ཤར་དུ་བཅོས་སོ། །སྤར་ཁ་ཟིན་ལ་སྙིང་གཡང་སྐྱོབས། མ་རལ་ཅིག །ཅེས་དྲིལ་སྙིང་དུ་གཞུག །མར་ཁུས་བྲན། དར་གྱིས་གཡོགས་ལ་བཞག །དེ་ནས་སྨྱུང་གྱེར་ལ་འདི་སྐད་དོ། །ཨོཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཤིང་ཁམས་ས་བདག་རྣམས། །སྙིང་དཀར་བཅོས་པའི་དོན་སླད་དུ། །བདག་ཅག་དད་པས་སྤྱན་འདྲེན་ནོ། །ཀོང་ཙེའི་གཏོ་ལ་གཤེགས་སུ་གསོལ། །ཤིང་ལོའི་གདན་ལ་བཞུགས་སུ་གསོལ། །ཁྱོད་ལ་ཕྱག་འཚལ་སྙིང་འཁྲུགས་བཤགས། །སྙིང་དཀར་ས་བདག་འཁོར་བཅས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྙིང་དཀར་སྟེང་དུ་བབ་པ་ལ། །སྙིང་ལ་ཐབ་གཞོབ་འཁོན་སྦྱར་དང་། །རོ་སྲེག་དང་ནི་ཤིང་གཉན་བཅད། །བག་མ་བསུས་དང་མོ་དུར་སློག །སྙིང་དཀར་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་བཟོད་པར་

p. 134

གསོལ། ཀྱཻ། ཉི་མ་ཤར་ཕྱོགས་ཕ་གི་ན། །ཟིན་ཁམས་རྒྱལ་པོ་སྐུ་མདོག་ལྗང་། །བེར་ལྗང་ཤིང་ལོའི་རི་མོ་ཅན། །ཕྱག་ན་མུ་ལེ་བྲམ་ཤིང་བསྣམས། །སྟག་དང་ཡོས་བུ་ཡབ་ཡུམ་བཅས། །སྙིང་དཀར་འཁྲུགས་པ་བཅོས་པའི་ཕྱིར། །ཁྱེད་ལ་འཁྲུགས་བསྡུམ་མཆོད་པ་འབུལ། །ཚན་ཆབ་མར་མེ་ལྷ་བཤོས་དང་། །སྤོས་དང་མེ་ཏོག་འབྲང་རྒྱས་དང་། །སྨན་འབྲུ་རིན་ཆེན་སྣ་ལྔ་དང་། །དར་ཚོན་བལ་ཚོན་ཤེལ་ཚིགས་དང་། །གདུགས་དང་ཡོལ་བ་ཤམ་དཀྲིས་དང་། །འདོད་ཡོན་མཆོད་པ་འདི་འབུལ་བས། །བརྩེ་བས་དགོངས་ལ་བཞེས་སུ་གསོལ། །སྙིང་དཀར་གདུག་པ་མ་གཏོང་ཞིག །སྙིང་དཀར་འཁྲུགས་པ་ཡོན་གྱིས་བཅོས། །ཁྱོད་ལ་སྙིང་ནོར་འབུལ་བ་ནི། །མདའ་མདུང་དར་སྟག་རལ་གྲི་དང་། །ར་ལུག་ངར་མི་རྒྱལ་པོ་དང་། །བྱ་ཕོ་སྔ་དང་སྨྱུག་མ་དང་། །དྲེལ་དང་བོང་བུ་ཤ་བ་དང་། །མཆིན་པ་སྙིང་དང་སྙིང་ནོར་འབུལ། །ས་བདག་སྙིང་དཀར་ཤར་དུ་བཅོས། །གསེར་གཡུ་དར་མཚོན་བལ་ཚོན་གྱིས། །ས་བདག་སྙིང་དཀར་ཤར་དུ་བཅོས། །ཟ་འོག་རི་བཀྲ་རྩི་སྨན་སྣ་ཚོགས་ཀྱིས། །ས་བདག་སྙིང་དཀར་ཤར་དུ་

p. 135

བཅོས། །འབྲུ་སྣ་བཞུ་མར་འོ་སྐོལ་གྱིས། །ས་བདག་སྙིང་དཀར་ཤར་དུ་བཅོས། །ལྷ་བཤོས་འབྲང་རྒྱས་ཤིང་རིས་སྦ་སྨྱུག་གིས། །ས་བདག་སྙིང་དཀར་ཤར་དུ་བཅོས། །དཀར་མངར་ཤེལ་ཚིགས་སྣམ་རས་དར་སྣ་ལྗང་། །ས་བདག་སྙིང་དཀར་ཤར་དུ་བཅོས། །པགས་བུ་དཀར་འཁྱིལ་ཀ་ར་བུ་རམ་སྦྲང་། །ས་བདག་སྙིང་དཀར་ཤར་དུ་བཅོས། །སྟག་གཟིག་རི་བཀྲ་ལུག་ཚེར་ར་རྩིས་མོ། །ས་བདག་སྙིང་དཀར་ཤར་དུ་བཅོས། །གནམ་ལ་འཕུར་དང་བར་ལ་འགྲིམ། །ས་ལ་འཛུལ་དགུའི་ཕྱི་གཟུགས་བརྙན་འདིས། །ས་བདག་སྙིང་དཀར་ཤར་དུ་བཅོས། །སྙིང་སྣ་དར་ལྗང་སྲོག་སྔགས་ཀྱིས། །ས་བདག་སྙིང་དཀར་ཤར་དུ་བཅོས། །སྙིང་དཀར་མ་སྣད་མ་རལ་ཞིག །ཤེལ་ཚིགས་ངན་དང་བརྩས་ཚིག་ངན། །བག་བསུ་ངན་པར་བབ་གྱུར་ན། །ས་བདག་སྙིང་དཀར་མ་འཁྲུགས་ཤིག །ས་བདག་ཟིན་ལ་སྙིང་གཡང་སྐྱབས། །འབྲི་ཤད་ལྟེ་དཀར་གཡག་ཤད་སྙིང་རྩིད་དཀར། །ལུག་ཚེར་མོ་དང་འབྲུ་སྣ་དང་། །མཆོད་རྫས་ཡོ་བྱད་སྣ་ཚོགས་ཀྱིས། །ས་བདག་ཟིན་ལ་གཡང་སྐྱབས་སོ། །སྙིང་དཀར་རྒྱལ་

p. 136

པོའི་ནོར་གཡང་སྐྱོབས། །རྩ་དཀར་འཕེལ་བའི་གཡང་དེ་སྐྱོབས། །མི་ཚེ་རིང་བའི་གཡང་དེ་སྐྱོབས། །མི་སྒབ་བཟང་བའི་གཡང་དེ་སྐྱོབས། །ཕྱུགས་སྒབ་འཕེལ་བའི་གཡང་དེ་སྐྱོབས། །ངར་མི་ཡས་སྟགས་ཆོ་དགུ་འདིས། །ས་བདག་ཟིན་གྱིས་སྙིང་འདྲེ་མར་བཀར་རོ། །སྙིང་དཀར་བུག་དང་། སྙིང་དཀར་དངོས་འགྲམ་ན་འདི་མང་དུ་བཏོན། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ། །

ས་བདག་སྙིང་ནག་བཅོས་པ།

p. 137

ས་བདག་སྙིང་ནག་བཅོས་པ་བཞུགས་སོ།

p. 138

ཀོང་ཙེ་རྒྱལ་པོར་ཕྱག་འཚལ་ནས། །ས་བདག་སྙིང་ནག་བཅོས་པ་ནི། དབང་ཆེན་ནུབ་ངོས་སུ་གཡག་རོག་པོའམ་རའམ་བྱ་རོག་གི་སྙིང་ངམ་ཟན་ལས་བྱས་པའི་སྙིང་ནང་དུ། །ཨོཾ་ད་མཱ་ར་ཡ་ཕཊ་ཙམ་དམར་ལྕགས་བཟློག །སྙིང་ནག་མ་སྣད་མ་འཁྲུགས་ཤིག །ནུབ་ཏུ་བཅོས་སོ། །སྤར་ཁ་དྭ་ལ་སྙིང་གཡང་སྐྱོབས༔ མ་རལ་ཅིག །ཅེས་དྲིལ་སྙིང་ནང་དུ། མར་ཁུ་དང་འོ་མས་བྲན། བལ་མཚོན་ནང་ལ་བཞག །དེ་ནས་འདི་ལྟར་གྱེར་རོ། །ཨོཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ལྕགས་ཀྱི་ས་བདག་རྣམས། །སྙིང་ནག་བཅོས་པའི་དོན་ཆེད་དུ། །བདག་ཅག་དད་པས་སྤྱན་འདྲེན་ན། །ཀོང་ཙེའི་

p. 139

གཏོ་ལ་གཤེགས་སུ་གསོལ། །ལྕགས་རིའི་གདན་ལ་བཞུགས་སུ་གསོལ། །ཁྱོད་ལ་ཕྱག་འཚལ་སྙིང་འཁྲུགས་བཤགས། །སྙིང་ནག་ས་བདག་འཁོར་བཅས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྙིང་ནག་སྟེང་དུ་བབ་པ་ཡིས། །མནའ་ཐོ་བྱས་པས་འགལ་བ་དང་། །ཐབ་དང་གཞོབ་ཀྱིས་མནོལ་བའམ། །རོ་བག་བཙོག་ནལ་བྱས་པའམ། །དམེ་ཕོ་བོས་དང་གྲི་དུར་སློག །སྙིང་ནག་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །ས་བདག་སྙིང་ནག་མ་འཁྲུགས་ཤིག །འཁྲུགས་པ་བཅོས་ལ་འགྲས་པ་ཟླུམས། ཀྱཻ། ཉི་མ་ནུབ་ཕྱོགས་

p. 140

ལྕགས་ཀྱི་ཁམས། །ལྕགས་ཁམས་རྒྱལ་པོ་སྐུ་མདོག་དཀར། །དར་དཀར་ཤིང་ལོའི་རི་མོ་ཅན། །ཕྱག་ན་ལྕགས་ཀྱི་གྲི་ཤད་བསྣམས། །སྤྲེལ་དང་བྱ་གཉིས་ཕྱག་བརྙན་བཅས། །སྙིང་ནག་འཁྲུགས་པ་བཅོས་པའི་ཕྱིར། །ཁྱེད་ལ་མཆོད་པ་འབུལ་བ་ནི། །ཚན་ཆབ་མར་མེ་ལྷ་བཤོས་དང་། །སྤོས་དང་མེ་ཏོག་འབྲང་རྒྱས་དང་། །སྨན་དང་རིན་ཆེན་སྣ་ཚོགས་པན། །རྒྱལ་མཚན་ཡོལ་བ་གདུགས་བླ་བྲེ། །ཤམ་དཀྲིས་འདོད་ཡོན་མཆོད་པ་འབུལ། །བརྩེ་བས་དགོངས་ལ་བཞེས་སུ་གསོལ། །ས་བདག་སྙིང་ནག་འཁྲུགས་པ་བསལ་དུ་གསོལ། །ས་བདག་སྙིང་ནག་མ་འཁྲུགས་ཤིག །སྙིང་ནག་འཁྲུགས་པ་ཡོན་གྱིས་བཅོས། །དྭ་ཟིན་གྲི་ཕུར་བསྒྱུར་དུ་གསོལ། །མདའ་རྩེ་མདུང་རྩེ་བསྒྱུར་དུ་གསོལ། །སྙིང་གི་གདུག་པ་ཞི་བར་མཛོད། །འཁྲུགས་པ་བཅོས་ལ་འགྲས་པ་སྡུམས། །གདུག་པའི་སེམས་དང་བྲལ་ནས་ནི། །བྱམས་པའི་སེམས་དང་ལྡན་གྱུར་ཅིག །ཁྱོད་ལ་སྙིང་ནོར་འབུལ་བ་ནི། །མདའ་མདུང་རལ་གྲི་ཁྲབ་རྨོག་དང་། །གཡག་རོག་ར་རོག་བྱ་རོག་ངར་མི་དང་། །གློ་བ་སྙིང་སྣ་སྙིང་ནོར་འབུལ། །ས་བདག་སྙིང་

p. 141

ནག་ནུབ་ཏུ་བཅོས། །ཤིང་སྟག་པའི་སྟོང་ཚོ་སྟོང་ཕྲེང་གིས། །དྭ་སྙིང་ནག་ནུབ་ཏུ་བཅོས་སོ་མ་འཁྲུགས་ཤིག །པན་གདུགས་རྒྱལ་མཚན་དར་ཚོན་བལ་ཚོན་དང་། །གསེར་གཡུ་རིན་ཆེན་སྙིང་ནོར་གྱིས། །ས་བདག་སྙིང་ནག་ནུབ་ཏུ་བཅོས། །བཞུ་མར་འོ་སྐོལ་ཟ་འོག་འགྲིམ་དགུ་ཡིས། །ས་བདག་སྙིང་ནག་ནུབ་ཏུ་བཅོམ། སྦ་སྨྱུག་ཚིགས་དགུ་འབྲུ་སྣ་དགུས། །ས་བདག་སྙིང་ནག་ནུབ་ཏུ་བཅོས། །དཀར་མངར་ཤེལ་ཚིགས་ཁྲི་དཀར་སྟོང་ནག་གིས། །ས་བདག་སྙིང་ནག་ནུབ་ཏུ་བཅོས། །བུ་རམ་སྦྲང་རྩི་བྱ་སྤུ་དཀར་འཁྱིལ་གྱིས། །ས་བདག་སྙིང་ནག་ནུབ་ཏུ་བཅོས། །སྟག་གཟིག་རས་དང་ཡོ་བྱད་ཐམས་ཅད་ཀྱིས། །ས་བདག་སྙིང་ནག་ནུབ་ཏུ་བཅོས། །གནམ་ལ་འཕུར་དང་བར་ལ་འགྲིམ། །ས་ལ་འཛུལ་དགུའི་གཟུགས་བརྙན་འདིས། །ས་བདག་སྙིང་ནག་ནུབ་ཏུ་བཅོས། །སྙིང་དང་དར་དཀར་སྲོག་སྔགས་དང་། །གོ་མཚོན་རྣམ་པ་སྣ་ཚོགས་ཀྱིས། །ས་བདག་སྙིང་ནག་ནུབ་ཏུ་བཅོས། །དྭ་སྙིང་ནག་མ་ཁྲོ་མ་འཁྲུགས་ཤིག །དྭ་སྙིང་ནག་མ་སྡང་མ་རལ་ཞིག །ཤེལ་ཚིགས་ངན་དང་བརྩས་ཚིག་ངན། །བག་བསུ་

p. 142

ངན་པ་ལ་བབ་ན། །དྭ་སྙིང་ནག་འཁྲུགས་པ་ཡོན་གྱིས་བཅོས། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ས་བདག་ནོར་ལ་སྙིང་གཡང་སྐྱབས། །ར་རོག་གཡག་ཤད་རལ་གྲི་ཁྲབ། །ས་བདག་དྭ་ལ་སྙིང་གཡང་སྐྱོབས། །ས་བདག་དྭ་ཡི་མི་ནོར་གཡང་དེ་སྐྱོབས། །ཚེ་རིང་ཟས་ནོར་འཕེལ་བའི་གཡང་དེ་སྐྱོབས། །བཀྲ་ཤིས་བདེ་ལེགས་འབྱུང་བའི་གཡང་དེ་སྐྱོབས། །གླུད་ཡས་གྲི་གླུད་སྣ་ཚོགས་ཀྱིས། །གྲི་བདུད་གྲི་བཙན་སྙིང་འདྲེ་མར་བཀར་རོ། །སྙིང་ནག་དངོས་འགྲམས་དང་། ཁུག་པ་ལ་འདི་མང་དུ་འདོན། །དགེའོ། །དགེའོ། །དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྤར་ཁམས་བཅོས་པ།

p. 143

སྤར་ཁམས་བཅོས་པ་བཞུགས་སོ། ཀྱཻ། དེ་རིང་བདག་དང་ཡོན་བདག་གི །སྤར་ཁ་བརྒྱད་ཀྱི་འཁྲུགས་པ་བཟླུམ། །ཉི་མ་ཤར་ཕྱོགས་ཤིང་གི་ཁམས། །ཟིན་མ་ལྗང་གུ་ཤིང་ལོ་ཐོགས། །སྐུ་ལ་ཟ་འོག་ལྗང་གུ་གསོལ། །ཤིང་ལོ་དམར་ཁྲའི་རི་མོ་ཅན། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །སྙིང་དཀར་འཁྲུགས་པ་བསལ་དུ་གསོལ། །ར་དཀར་ལུག་དཀར་ཤ་བ་ཡུ་མོ་དང་། །རྒྱ་དང་གླ་བའི་སྙིང་སྣ་ཚོགས། །ངར་མི་སྲིན་བལ་དར་ལྗང་པན། །དེ་དག་འབུལ་ལོ་ཤར་ཕྱོགས་ཤིང་གི་དབུས། །ཟིན་ལ་སྙིང་དཀར་འཁོར་དང་བཅས་པ་བཅོས། །སྙིང་དཀར་མ་འགྲམ་མ་འཁྲུགས་ཤིག །སྙིང་དཀར་གདུག་རྩུབ་ཞི་བར་མཛོད། །སྙིང་དཀར་འཁྲུགས་པ་བཅོས་སོ་འགྲས་པ་སྡུམས། །་ཤིང་ལྕགས་ཀྱི་གཤེད་དང་བདུད་དུ་མ་འབེབས་ཤིག །ར་རོག་ཐོད་པ་འཛི་ཅན་སྙིང་གཡང་སྐྱབས། །དྭ་དང་ཟིན་གཉིས་མ་འཁྲུགས་ཡོན་གྱིས་སྡུམས། །ཤར་ནུབ་རང་རང་གནས་སུ་བཅོས། ཀྱཻ། ཉི་མ་ནུབ་ཕྱོགས་ལྕགས་ཀྱི་ཁམས། །དྭ་ལྕགས་དཀར་པོ་ལྕགས་ཆ་འགྲམ། །སྐུ་ལ་ཤེལ་ཁྲབ་དཀར་པོ་གསོལ། །ཁྱོད་ལ་མཆོད་ཡོན་དམ་པ་

p. 144

འབུལ། །སྙིང་ནག་འཁྲུགས་པ་བསལ་དུ་གསོལ། །གཡག་རོག་ར་རོག་ལུག་ནག་སྙིང་། །ཁྲབ་དང་རལ་གྲི་སྲན་མ་ངར་མི་འབྲུ། །དར་དཀར་པན་དང་ཤིང་རྩི་ཤེལ་ཚིགས་རྣམས། །དེ་རྣམས་ཡོན་དང་བད་དུ་འབུལ། །སྙིང་ནག་འཁྲུགས་པ་བསལ་དུ་གསོལ། །རྫས་དང་ཡོ་བྱད་འདི་འབུལ་བས། །ཉི་མ་ནུབ་ཕྱོགས་ལྕགས་ཀྱི་དབུས། །དྭ་སྙིང་ནག་འཁོར་དང་བཅས་པ་བཅོས། །ལྕགས་ཁམས་ས་བདག་མ་འཁྲུགས་ཤིག །འཁྲུགས་པ་བསྡུམ་མོ་ཡོན་གྱིས་བཅོས། །སྙིང་ནག་མ་འགྲམས་མ་འཁྲུགས་ཤིག །སྙིང་ནག་གདུག་རྩུབ་ཞི་གྱུར་ཅིག །གཡག་རོག་གཡུ་སྙིང་རྩིད་དཀར་སྙིང་གཡང་སྐྱབས། །དྭ་ཟིན་གྲི་ཕུར་འཁྲུགས་པ་བཅོས། །དྭ་ཁྱོད་ཟིན་གྱི་བདུད་དུ་མ་འབེབས་ཤིག །ཉི་མ་ནུབ་ཀྱི་ཕྱོགས་སུ་བཅོས། ཀྱཻ། ཉི་མ་ལྷོ་ཕྱོགས་མེ་ཡི་ཁམས། །ལི་མེ་ཁམས་དམར་མོ་མེ་སྒྲོན་བསྣམས། །སྐུ་ལ་ཟ་འོག་མེ་ལྕེ་རིས། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །མེ་ཡི་འཁྲུགས་པ་བསལ་དུ་གསོལ། །གཉན་ནད་འཁྲུགས་པ་ཞི་བར་མཛོད། །རྒོད་མ་དམར་ཞུར་ལུག་ཚེར་མོ། །ར་དམར་ཞྭ་དང་སྟོད་གོས་དམར། །བྱ་ཕོ་དར་དམར་པན་

p. 145

གདུགས་དང་། །ངར་མི་རིན་ཆེན་སྣ་ལྔ་འབུལ། །མེ་ཁམས་ཉི་མ་ལྷོ་རུ་བཅོས། །མེ་ཆུའི་འཁྲུགས་པ་མ་མཛད་ཅིག །ཁམ་གྱི་གཤེད་དུ་མ་འབེབས་ཤིག །མེ་ཡི་བ་དན་ལྕེ་དེ་མ་ཆད་ཅིག །མཐུ་དང་སྟོངས་གྲོགས་མཛད་དུ་གསོལ། །ཐབ་དང་གྲི་བོ་མ་སྡོད་ཅིག །ལྷོ་ཕྱོགས་མེ་ཡི་འཁྲུགས་པ་བཅོས། །ཁམ་གྱི་དགྲ་རུ་མ་ལྡང་ཞིག །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། །ཉི་མ་ལྷོ་ཡི་ཕྱོགས་སུ་བཅོས། ཀྱཻ། ཉི་མ་བྱང་ཕྱོགས་ཆུ་ཡི་ཁམས། །ཁམ་ཆུ་ནག་པོ་བུམ་པ་བསྣམས། །སྐུ་ལ་ཆུ་དར་ནག་པོ་མནབས་། །ཤིང་ལོ་ནག་པོའི་རི་མོ་ཅན། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །ཆུ་ཡི་འཁྲུགས་པ་བསལ་དུ་གསོལ། །ཁྱོད་ལ་ཡོན་བད་འབུལ་བ་ནི། །གཡག་བྲེ་བོཟངས་བཀལ་ཆུ་གླང་ཆུ་དར་བཀལ། །རྟ་སྔོན་བེར་ནག་བསྟད་པ་དང་། །ར་ནག་ལུག་ནག་དར་སྔོན་བཏགས། །ངར་མི་ཟངས་ནག་རྫ་ནག་ཡུངས་ནག་དང་། །དར་ནག་པན་དང་ཤེལ་ཚིགས་དང་། །དཀོར་ནོར་དམ་པ་འདི་རྣམས་འབུལ། །ཆུ་ཁམས་འཁྲུགས་པ་ཞི་གྱུར་ཅིག །ས་བདག་གདུག་པ་ཞི་བར་མཛོད། །ཀླུ་ཡིས་ཀླུ་ནད་མ་བཏང་ཞིག །

p. 146

མ་མམེ་ལ་ཆུ་དགྲ་མ་དར་ཞིག །ལི་ཡི་དགྲ་རུ་མ་ལྡང་ཞིག །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། །ཆུ་ཁམས་ཉི་མ་བྱང་དུ་བཅོས། ཀྱཻ། ཉི་མ་ཤར་ལྷོ་ཟོན་ཁམས་ནི། །སེར་མོ་རིན་ཆེན་རྒྱན་དང་ལྡན། །སྐུ་ལ་ཟ་འོག་ཐུལ་པ་མནབས། །ཤིང་ལོ་ཁྲ་བོའི་རི་མོ་ཅན། །ཕྱག་ན་རླུང་ནག་རྒྱལ་མཚན་བསྣམས། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །ཟོན་གྱི་འཁྲུགས་པ་བསལ་དུ་གསོལ། །ཤེལ་ཚིགས་བྱ་སྤུ་བཟང་ཤིང་དང་། །བདུད་རྩི་སྨན་དང་རིན་ཆེན་ལྔ། །དར་ཚོན་བལ་ཚོན་ཟ་འོག་དང་། །ཤིང་རིས་ནམ་མཁའ་མེ་ཚུལོང་དང་། །སྟག་གཟིག་ལྤགས་བུ་ཡོ་བྱད་དང་། །རྟ་སྐྱ་རྟོལ་ཁྲ་འགའ་ར་རྒྱ་བྱ་དང་། །འབྲུ་ཟན་ལ་སོགས་ཡོ་བྱད་རྣམས། །འཁྲུགས་པ་བསལ་བའི་དོན་དུ་འབུལ། །ཤར་ལྷོ་མཚམས་ཀྱི་ས་བདག་བཅོས། །ས་སྒོ་གཤེད་སྒོ་མ་བྱེ་ཞིག །འཁྲུགས་པ་བཅོས་སོ་འགྲས་པ་སྡུམས། །ཁེན་གྱི་གཤེད་དུ་མ་འབེབས་ཤིག །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། །ཉི་མ་ཤར་ལྷོ་མཚམས་སུ་བཅོས། ཀྱཻ། ཉི་མ་ལྷོ་ནུབ་ཁོན་ཁམས་ནི། །སེར་མོ་ཕྲེང་བ་བུམ་པ་འཛིན། །སྐུ་ལ་ཆོས་གོས་ན་བཟའ་གསོལ། །ཤིང་ལོ་སེར་པོའི་

p. 147

རི་མོ་ཅན། །ཁྱོད་ལ་མཆོད་པ་འདི་འབུལ་ལོ། །ཁོན་ས་ཡི་འཁྲུགས་པ་བསལ་དུ་གསོལ། །མ་ཡམས་གདུག་རྩུབ་ཞི་བར་མཛོད། །བ་རྒན་ལུག་རྒན་མགོ་སེར་དང་། །བྱ་ངང་བུར་གོ་ཟུ་སེར་པོ་དང་། །གསེར་གྱི་བན་གླང་མཆོད་རྟེན་བུམ་པ་དང་། །མེ་ལོང་འདབ་ཆགས་ངར་མི་དར་སེར་པན། །དཀོར་ནོར་སྣ་ཚོགས་བསམ་མི་ཁྱབ། །འཁྲུགས་པ་བཅོས་སོ་ཡོན་གྱིས་སྡུམས། །ནད་ཡམས་གདུག་པ་གསལ་དུ་གསོལ། །གིན་གྱི་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་ལྷོ་ནུབ་མཚམས་སུ་བཅོས། །འཁྲུགས་པ་བཅོས་ལ་འགྲས་པ་སྡུམས། ཀྱཻ། ཉི་མ་ནུབ་བྱང་ཁེན་ཁམས་ནི། །ལྗང་གུ་ཕྱག་ན་འགྱིང་དཀར་བསྣམས། །སྐུ་ལ་དར་གྱི་ན་བཟའ་གསོལ། །ཤིང་ལོ་ལྗང་གུའི་རི་མོ་ཅན། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །ཁེན་གྱི་འཁྲུགས་པ་བསལ་དུ་གསོལ། །གནམ་ཁྱིའི་གདུག་རྩུབ་ཞི་བར་མཛོད། །ཁྱི་རྒན་ར་རྒན་སྟག་དབྱི་སྤྱང་། །མཛོ་ཁྲབ་དར་ཟབ་གོ་བོ་དང་། །རྟ་དང་ལུག་ཐུག་གཡི་སྤྱང་བཀལ། །དར་པན་སྔོན་པོ་ཤེལ་ཚིགས་དང་། །ངར་མི་སེར་པོ་རྒྱན་ཅན་འབུལ། །གནམ་སྒོ་བྱེ་བ་

p. 148

བཅད་དུ་གསོལ། །བདུད་ཀྱི་ཕྱག་བརྙན་མ་འགྱེད་ཅིག །ཟོན་གྱི་བདུད་དང་གཤེད་དུ་མ་འབེབས་ཤིག །འཁྲུགས་པ་བཅོས་ལ་འགྲས་པ་སྡུམས། །ཁེན་ཕ་ནུབ་བྱང་མཚམས་སུ་བཅོས། །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། ཀྱཻ། ཉི་མ་བྱང་ཤར་གིན་རི་ནི། །ཕྱག་ན་མཆོད་རྟེན་བྲག་ཞུ་གསོལ། །སྐུ་ལ་ཆོས་གོས་ན་བཟའ་ལ། །ཤིང་ལོ་དམར་ཁྲའི་རི་མོ་ཅན། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །གིན་རིའི་འཁྲུགས་པ་བསལ་དུ་གསོལ། །རབས་ཆད་དུར་འདྲེ་བསྒྱུར་དུ་གསོལ། །གླང་བུ་སེར་ཁྲ་སྣ་ཆུ་སེར། །རྒྱབ་ཏུ་སྟག་རས་བཀལ་བ་དང་། །ལུག་ཐོང་ངང་སེར་དར་སེར་པན། །ནེ་ཙོ་འབྲུ་སྣ་མཆོད་རྟེན་དར་སེར་བཏགས། །ངར་མི་ཤིང་རྩི་ཕོ་ཏང་མོ་ཏང་འབུལ། །ས་བདག་གིན་གྱི་འཁྲུགས་པ་ཞི་བར་མཛོད། །ས་སྒོ་དུར་སྒོ་བྱེ་བ་ཆོད། །གཤེད་ཀྱི་གདུག་པ་ཞི་བར་མཛོད། །རྒྱལ་བསེན་སྨྱོ་འབོག་མ་བཏང་ཞིག །ཁ་མཆུ་གླེང་གཞི་མ་བྱེད་ཅིག །ཁོན་གྱི་བདུད་དང་གཤེད་དུ་མ་འབེབས་ཤིག །འཁྲུགས་པ་བཅོས་ལ་འགྲས་པ་སྡུམས། །གིན་རི་བྱང་ཤར་མཚམས་སུ་བཅོས། །མི་གྲངས་སྤེལ་ལ་ཕྱུགས་རྩི་ཁྲོལ། །སྤར་ཁམས་

p. 149

བརྒྱད་ཀྱི་ལྷ་བརྒྱད་ལ། །ཁྱོད་ལ་ཡོན་དང་བད་འབུལ་ལོ། །མི་ལ་བདུད་དུ་མ་འབེབས་ཤིག །ཕྱུགས་ལ་གོད་དུ་མ་རྫུ་ཞིག །སླུ་དག་ཟུངས་ལ་ཕྱྭ་གཡང་སྤེལ། །ཁྱོད་ཀྱི་མཐུ་དང་དགོངས་པ་ཡིས། །བདག་དང་ཡོན་གྱི་བདག་པོ་ལ། །དངོས་གྲུབ་སྩོལ་ལ་སྟོངས་གྲོགས་མཛོད། །སྤར་ཁ་མི་མཐུན་པ་མང་ན་འདི་མང་དུ་འདོན། །དགེའོ། ། དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ལོ་སྐོར་བཅོས་པ།

p. 150
p. 151

སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ལོ་སྐོར་བཅོས་པ་བཞུགས་སོ། ཀྱཻ། །བདག་དང་ཡོན་བདག་དོན་ཆེད་དུ། །འཁྲུགས་པ་བཅོས་ལ་ཡོ་བ་བསྲང་དོན་དུ། །ལོ་སྐོར་བཅུ་གཉིས་ལྷ་ལ་མཆོད་པ་འབུལ། །ཤེལ་ཚིགས་དཀར་ནག་བྱ་སྤུ་སྣ་ཚོགས་དང་། །རིན་ཆེན་སྣ་ལྔ་དར་ཚོན་བལ་ཚོན་དང་། །དཀྱིལ་འཁོར་གཙང་ཡང་རང་གི་གཟུགས་བརྙན་དང་། །འདབ་ཆགས་སྣ་ཚོགས་རི་དྭགས་གཡུང་དྭགས་དང་། །དུད་འགྲོ་སྣ་ཚོགས་མར་མེ་ལྷ་བཤོས་དང་། །སྤོས་དང་མེ་ཏོག་འབྲང་རྒྱས་དང་། །བདུད་རྩི་སྨན་སྤོས་དཀར་གསུམ་རྣམས། །ཡོན་བདག་དད་པས་འབུལ་ལགས་ན། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །ལོ་ཡི་འཁྲུགས་པ་བསལ་དུ་གསོལ། ཀྱཻ། །ཤར་ཕྱོགས་ཤིང་གི་གཞལ་ཡས་ན། །འབྱུང་བ་ཤིང་གི་གདན་སྟེང་ན། །ས་བདག་སྟག་གི་མགོ་བོ་ཅན། །བཙུན་མོ་ཡོས་བུའི་མགོ་བོ་ཅན། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་དཔག་བསམ་ལྗོན་ཤིང་བསྣམས། །ཁྱོད་ལ་མཆོད་ཡོན་འདི་འབུལ་ལོ། །སྟག་ཡོས་འཁྲུགས་པ་བསལ་དུ་གསོལ། །བྱ་སྤྲེལ་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་

p. 152

ཤར་ཀྱི་ཕྱོགས་སུ་བཅོས། ཀྱཻ། ལྷོ་ཕྱོགས་མེ་ཡི་གཞལ་ཡས་ན། །འབྱུང་བ་མེ་ཡི་གདན་སྟེང་ན། །ས་བདག་རྟ་ཡི་མགོ་བོ་ཅན། །བཙུན་མོ་སྦྲུལ་གྱི་མགོ་བོ་ཅན། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་ན་མེ་ཡི་མགལ་བ་བསྣམས། །ཁྱོད་ལ་མཆོད་ཡོན་འདི་འབུལ་ལོ། །རྟ་སྦྲུལ་འཁྲུགས་པ་བསལ་དུ་གསོལ། །བྱི་ཕག་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་ལྷོ་ཡི་ཕྱོགས་སུ་བཅོས། ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་གཞལ་ཡས་ན། །འབྱུང་བ་ལྕགས་ཀྱི་གདན་སྟེང་ན། །ས་བདག་སྤྲེའུའི་མགོ་བོ་ཅན། །བཙུན་མོ་བྱ་ཡི་མགོ་བོ་ཅན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ལྕགས་ཀྱི་རལ་གྲི་བསྣམས། །ཁྱོད་ལ་མཆོད་ཡོན་འདི་འབུལ་བས། །བྱ་སྤྲེའུའི་འཁྲུགས་པ་བསལ་དུ་གསོལ། །སྟག་ཡོས་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་ནུབ་ཀྱི་ཕྱོགས་སུ་བཅོས། ཀྱཻ། བྱང་ཕྱོགས་ཆུ་ཡི་གཞལ་ཡས་ན། །འབྱུང་བ་ཆུ་ཡི་གདན་སྟེང་ན། །ས་བདག་བྱི་བའི་མགོ་བོ་ཅན། །བཙུན་མོ་ཕག་གི་མགོ་བོ་ཅན། །སྐུ་མདོག་ནག་པོ་འོད་ཟེར་འབར། །ཕྱག་ན་ཆུ་ཡི་རྐྱལ་པ་ཐོགས། །ཁྱོད་ལ་མཆོད་

p. 153

ཡོན་འདི་འབུལ་ལོ། །བྱི་ཕག་འཁྲུགས་པ་བསལ་དུ་གསོལ། །རྟ་སྦྲུལ་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་བྱང་གི་ཕྱོགས་སུ་བཅོས། ཀྱཻ། །ཉི་མ་ཤར་ལྷོ་མཚམས་ཤེད་ན། །ས་རླུང་ཁམ་པའི་གཞལ་ཡས་ན། །གཤེད་པོ་འབྲུག་གི་མགོ་བོ་ཅན། །ཕྱག་ན་རླུང་གི་འཁོར་ལོ་བསྣམས། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །འབྲུག་གི་འཁྲུགས་པ་བསལ་དུ་གསོལ། །ཁྱི་ཡི་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་ཤར་ལྷོ་མཚམས་སུ་བཅོས། ཀྱཻ། ཉི་མ་ལྷོ་ནུབ་མཚམས་ཤེད་ན། །གསེར་གྱི་ས་གཞིའི་གདན་སྟེང་ན། །གཤེད་མོ་ལུག་གི་མགོ་བོ་ཅན། །ཕྱག་ན་གསེར་གྱི་དབྱག་པ་ཐོགས། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །ལུག་གི་འཁྲུགས་པ་བསལ་དུ་གསོལ། །གླང་གི་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་ལྷོ་ནུབ་མཚམས་སུ་བཅོས། ཀྱཻ། ཉི་མ་ནུབ་བྱང་མཚམས་ཤེད་ན། །ནམ་མཁའ་སྟོང་པའི་གཞལ་ཡས་ན། །གཤེད་པོ་ཁྱི་ཡི་མགོ་བོ་ཅན། །ཕྱག་ན་གནམ་ལྕགས་སྟ་མོ་བསྣམས། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །ཁྱི་ཡི་འཁྲུགས་པ་བསལ་དུ་གསོལ།

p. 154

འབྲུག་གི་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་ནུབ་བྱང་མཚམས་སུ་བཅོས། ཀྱཻ། ཉི་མ་བྱང་ཤར་མཚམས་ཤེད་ན། །རི་རབ་ཆེན་པོའི་གཞལ་ཡས་ན། །གཤེད་པོ་གླང་གི་མགོ་བོ་ཅན། །ཕྱག་ན་གསེར་གྱི་མཆོད་རྟེན་བསྣམས། །ཁྱོད་ལ་མཆོད་ཡོན་དམ་པ་འབུལ། །གླང་གི་འཁྲུགས་པ་བསལ་དུ་གསོལ། །ལུག་གི་བདུད་དང་གཤེད་དུ་མ་འབེབས་ཤིག །ཉི་མ་བྱང་ཤར་མཚམས་སུ་བཅོས། །ལོ་སྐོར་བཅུ་གཉིས་མ་འཁྲུགས་ཤིག །ལོ་ཡི་འཁྲུགས་པ་བཅོས་ལ་འགྲས་པ་སྡུམས། །ཟླ་བའི་ལྷ་དང་ཞག་དུས་ཟླུལྷ་། །ཁྱོད་ལ་མཆོད་ཡོན་སྣ་ཚོགས་འབུལ། །ཟླ་བ་ཞག་དུས་བདུད་དང་གཤེད་དུ་མ་འབེབས་ཤིག །ཁྱེད་རྣམས་གདུག་རྩུབ་མ་བཏང་ཞིག །བདག་དང་ཡོན་གྱི་བདག་པོ་ལ། །མཐུ་དཔུང་སྟོངས་གྲོགས་མཛད་དུ་གསོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ལོ་མི་མཐུན་པ་མང་ན་འདི་མང་དུ་འདོན། །དགེའོ། །དགེའོ། །དགེའོ།། །།

དགུ་མིག་བཅོས་པ།

p. 155

དགུ་མིག་བཅོས་པ་བཞུགས་སོ། ཀྱཻ། དེ་རིང་བདག་དང་ཡོན་བདག་གི །འཁྲུགས་པ་བཅོས་པའི་དོན་ཆེད་དུ། །དགུ་མིག་ལྷ་རྣམས་སྤྱན་འདྲེན་ནོ། །འཁྲུགས་པ་བཅོས་ཕྱིར་གདན་ལ་བཞུགས། །དགུ་དང་པོ་སྤར་ཁ་ལི་ལ་བབ། །མེ་ཡི་བ་དན་ལྕེ་ཆད་པའི་དགུ་མིག་ལ། །དེ་ལ་གནས་པ་ཐམས་ཅད་ལ། །རྟ་དམར་གཡུ་དང་ཞྭ་སྟོད་གོས། །བྱ་དམར་ཤིང་དམར་གྱལ་རྟ་དང་། །དེ་རྣམས་ཡོན་དང་བད་དུ་འབུལ། །མེ་ཡི་བ་དན་ལྕེ་དེ་མ་ཆད་ཅིག །ལི་ནི་མེ་ཡི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་གཉིས་བཅོ་བརྒྱད་ཁེན་ལ་བབ། །དགུང་སྔོན་དཀྱིལ་དུ་རལ་བ་ཡིན། །དེ་ལ་གནས་པ་ཐམས་ཅད་ལ། །རྟ་རྒན་སེང་ལྡེང་སྒ་ལ་སྲབ་མདའ་དར། །ཁྲབ་སྟག་རལ་གྲི་བྱ་རྒན་དང་། །དར་ཟབ་ངར་མི་དར་ཚོན་བསྐོན་པ་འབུལ། །གནམ་སྔོན་པོ་དཀྱིལ་དུ་མ་རལ་ཞིག །བྱ་ཁྱུང་གཤོག་པ་མ་རྡེབ་ཅིག་།ཁེན་ནི་གནམ་གྱི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་གསུམ་ཉེར་བདུན་དྭ་ལ་བབ། །གྲི་སྤྱང་དུ་ཟུག་བྱེད་ཀྱི་དགུ་མིག་ཡིན། །དེ་ལ་གནས་པ་ཐམས་ཅད་ལ། །

p. 156

གཡག་རོག་མདུང་དང་རལ་གྲི་བཏགས། །ར་ལུག་ནག་དང་བྱ་ཕོ་རོག །ཤིང་ནག་སྟག་པ་ཡོན་དུ་འབུལ། །རྡོ་ཁྲ་མོ་རྒྱུན་ཐག་མ་ཆད་ཅིག །གྲི་སྤྱང་ངུ་ཟུག་མ་བྱེད་ཅིག་གྲི་ཤིང་མ་བཙུགས་གྲི་ཐོ་མ་རྩིགས་ཤིག །དྭ་ནི་ལྕགས་ཀྱི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་བཞི་སོ་དྲུག་ཁོན་ལ་བབ། །མ་ཡམས་ལག་ཡུག་བྱེད་པའི་སྐག །དེ་ལ་གནས་པ་ཐམས་ཅད་ལ། །བ་སེར་ལུག་རྒན་གོ་ཟུ་སེར། །དར་སེར་པན་དང་གསེར་མཆོད་རྟེན། །ཚ་ཚ་དུར་ས་ཡོན་དུ་འབུལ། །མ་ཡམས་ལག་ཡུག་མ་བྱེད་ཅིག །ས་སྒོ་དུར་སྒོ་མ་བྱེ་ཞིག །ཁོན་ནི་ས་ཡི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་ལྔ་ཞེ་ལྔ་ཁམས་ལ་བབ། །ཆུ་ཡི་ཤམ་བུ་ཟག་པའི་དགུ་མིག་ཡིན། །དེ་ལ་གནས་པ་ཐམས་ཅད་ལ། །མཛོ་སྔོན་ལུག་ནག་ཟངས་ནག་དང་། །རྫས་ནག་ཤམ་གོས་དར་པན་འབུལ། །དགུ་མིག་ངན་པ་བསྒྱུར་དུ་གསོལ། །ཆུ་ཡི་ཤམ་བུ་མ་ཟག་ཅིག །མཚོ་དང་རྫིང་བུ་མ་སྐམ་ཞིག །ཁམ་ནི་ཆུ་ཡི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་དྲུག་ང་བཞི་གིན་ལ་བབ། །རི་

p. 157

རབ་རྩེ་ནས་ཉིལ་བའི་དགུ་མིག་ཡིན། །དེ་ལ་གནས་པ་ཐམས་ཅད་ལ། །གླང་བུ་སྟག་རེ་དར་རས་བཀལ། །ལུག་ཐང་དར་སེར་པན་དང་ནི། །མཆོད་རྟེན་ཁྲུང་ཁྲུང་སྦ་སྨྱུག་རྣམས། །དགུ་མིག་བདག་པོ་རྣམས་ལ་འབུལ། །རི་རབ་རྩེ་ནས་མ་ཉིལ་ཅིག །ས་སྒོ་གཤེད་སྒོ་མ་བྱེ་ཞིག །དུར་སྒོ་ངན་པ་བཅད་དུ་གསོལ། །གིན་ནི་ས་ཡི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་བདུན་དྲུག་ཅུ་རེ་གསུམ་ཟིན་ལ་བབ། །ཤང་ཤང་རྨ་བྱ་སྤུ་བྱི་བའི་དགུ་མིག་ཡིན། །དེ་ལ་གནས་པ་ཐམས་ཅད་ལ། །ར་རྩིས་མོ་དང་ལུག་ཚེར་མོ། །མདའ་གཞུ་སྟག་རལ་དར་དཔྱངས་པན། །ནེ་ཙོ་ངར་མི་རྣམས་ཀྱིས་བཅོས། །ཤང་ཤང་རྨ་བྱ་སྤུ་ནི་མ་བྱི་ཞིག །དགུ་མིག་འཁྲུགས་པ་ཡོན་གྱིས་བཅོས། །ཟིན་ནི་ཤིང་གི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་བརྒྱད་དོན་གཉིས་ཟོན་ལ་བབ། །བེར་ཆེན་སྲུབ་ཏུ་རལ་བའི་དགུ་མིག་ཡིན། །དེ་ལ་གནས་པ་ཐམས་ཅད་ལ། །རྔ་མོང་དངུལ་སྒ་བསྟད་པ་དང་། །དར་ལྗང་པན་དང་མགར་མོ་དང་། །རྟོལ་པོ་ཁྲ་མོ་ར་དང་ཡོན་གྱིས་བཅོས། །རླུང་གི་བེར་ཆེན་

p. 158

མ་རལ་ཞིག །དགུ་མིག་འཁྲུགས་པ་ཡོན་གྱིས་བཅོས། །ཟོན་ནི་ས་ཡི་དགུ་མིག་བཅོས། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་དགུ་གྱ་གཅིག་དེར་གནས་ལྷ་རྣམས་ལ། །རྒོད་མ་དམར་མོ་དར་དམར་པན། །གཡུ་དང་ཞྭ་ཕྱིང་ཡོན་དུ་འབུལ། །མེ་ཡི་བ་དན་ལྕེ་ནི་མ་ཆད་ཅིག །དགུ་མིག་ངན་པ་ཡོན་གྱིས་བཅོས། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །དགུ་མིག་སྐག་ལས་ཐར་བར་མཛོད། །དགུ་བདུད་ངན་པ་ཡས་ཀྱིས་བཀར། །དགུ་མིག་བདག་པོ་མང་ན་འདི་མང་དུ་འདོན་ནོ། །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།

ཀ་གདུང་འཁྲུགས་བཅོས།

p. 159

ཀ་གདུང་འཁྲུགས་བཅོས་བཞུགས་སོ། ཀྱཻ། དེ་རིང་བདག་དང་ཡོན་བདག་གི །ཀ་གདུང་འཁྲུགས་པ་ཡོན་གྱིས་བཅོས། །ཆད་པ་མཐུད་ལ་གས་པ་སྦྱོར། རལ་བ་དྲུབ་ལ་ཡོ་བ་བསྲང་། །ཀ་བ་གདུང་མ་འཁྲུགས་ན་བཅོས། །དང་པོ་ས་བདག་རྫོགས་པ་ཆེན་པོ་ཡིས། །སེམས་ཅན་ཐམས་ཅད་དོན་ཆེད་དུ་་་་སླད་དུ། ཞེས་འབྱུང་། །སྲིད་པའི་ས་བདག་ཀ་བཞི་གདུང་བརྒྱད་བྲེས། །ཤར་ཕྱོགས་ཤིང་གི་ཀ་བ་བྲེས། །ཤིང་གི་ཀ་བ་མ་འཁྲུགས་ཤིག །ལྷོ་ཕྱོགས་མེ་ཡི་ཀ་བ་བྲེས། །མེ་ཡི་ཀ་བ་མ་འཁྲུགས་ཤིག །ནུབ་ཕྱོགས་ལྕགས་ཀྱི་ཀ་བ་བྲེས། །ལྕགས་ཀྱི་ཀ་བ་མ་འཁྲུགས་ཤིག །བྱང་ཕྱོགས་ཆུ་ཡི་ཀ་བ་བྲེས། །ཆུ་ཡི་ཀ་བ་མ་འཁྲུགས་ཤིག །དབུས་ཕྱོགས་ས་ཡི་ཀ་གདུང་ས། །ས་ཡི་ཀ་གདུང་མ་འཁྲུགས་ཤིག །སྟག་རྟ་ཁྱི་གསུམ་ཀ་བ་མ་འཁྲུགས་འབྲུག་གིས་བརྟན། །ཕག་ལུག་ཡོས་གསུམ་ཀ་བ་མ་འཁྲུགས་ཁྱི་ཡིས་བརྟན། །ཁྱི་འབྲུག་སྤྲེལ་གསུམ་ཀ་བ་མ་འཁྲུགས་གླང་གིས་བརྟན། །བྱ་གླང་སྦྲུལ་གསུམ་ཀ་བ་མ་འཁྲུགས་ལུག་གིས་བརྟན། །དེ་ལོ་རྒྱལ་པོའི་ཀ་གདུང་མ་འཁྲུགས་ཤིག །གདུང་མ་དང་ཀ་བ་མ་འགྱེལ་

p. 160

ཅིག །ཀ་བའི་རྟིང་པ་ས་གཞིའི་གཏིང་དུ་མ་བརྡལ་ཅིག །རིན་ཆེན་རྣམ་པ་སྣ་ཚོགས་ཀྱིས་་་་སྙིང་གིས། ཞེས་འབྱུང་། བཅོས། །གནམ་ལྷ་དཀར་པོའི་གདུང་མ་མ་ཆག་ཅིག །བཟང་བྱ་བཅུ་གསུམ་དར་བརྒྱན་འདི། །གདུང་མ་བཅོས་ལ་རིན་ཆེན་གཏེར་ཁང་མ་འཐོར་ཅིག །རིན་ཆེན་དཀོར་ནོར་སྣ་ཚོགས་དང་། །འབྲུ་སྣ་དང་ནི་སྨན་སྣས་བཅོས། །ས་བདག་རྫོགས་པའི་ཀ་བས་བརྟན། །གནམ་ལྷ་དཀར་པོའི་རྨུ་དག་ཟུངས། །ལྷོཕྱོགས་ཀ་གདུང་ཡོངས་སུ་ཁྱེར། །ནུབ་ཕྱོགས་གསེར་གྱི་ཀ་བ་མ་འགྱེལ་ཅིག །ལྷོ་ཕྱོགས་མེ་ཡི་ཀ་བ་མ་འཁྲུགས་ཤིག །བྱ་གླང་སྦྲུལ་གསུམ་ཀ་བ་གླང་གིས་བརྟན། །གཉན་ལྗང་ཀུན་ཆགས་གང་བའི་ཀ་བ་མ་འཁྲུགས་ཤིག །གནམ་གྱི་བྱ་ཁྱུང་དཀར་པོའི་གདུང་མ་མ་ཆག་ཅིག །ཟླ་བ་བློན་པོའི་གདུང་མ་མ་འཁྲུགས་ཤིག །གླང་ལུག་འཇིང་བསྣོལ་བྱས་པ་བཅོས། །རིན་ཆེན་གསེར་གྱི་ཁང་པ་མ་འཐོར་ཅིག །ནུབ་བྱང་མཚམས་ཀྱི་ཀ་གདུང་བསྐྱེད་། །ཤར་ལྷོ་མཚམས་ཀྱི་གཡུ་འབྲུག་སྔོན་པོ་བཞག །བྱི་འབྲུག་སྤྲེལ་གསུམ་ཀ་བ་མ་འཁྲུགས་ཤིག །ཤར་ལྷོ་མཚམས་སུ་འབྲུག་གིས་བརྟན། །སྤྲེའུའི་གདུང་རྟ་ཆགས་

p. 161

པའི་ཁང་སྲུང་མཛོད། །བྱི་བའི་གདུང་རྟ་མི་ཆག་པའི་མགོན་སྐྱབས་མཛོད། །མཛོ་ཁལ་དྲེའུ་གསུམ་གྱིས་བརྟན། །བྱི་འབྲུག་སྤྲེལ་གསུམ་ཀ་བ་མ་འཁྲུགས་་ཤིག །བྱང་ཕྱོགས་ཆུ་མིག་ཁྲོན་པའི་ཀ་གདུང་བཅོས། །ལྷོ་ཕྱོགས་གསེར་གྱི་ཀ་བ་བཞག །བྱང་ཕྱོགས་ཆུ་ཡི་ཀ་བ་མ་འཁྲུགས་ཤིག །ཕག་ལུག་ཡོས་གསུམ་ཀ་བ་མ་འཁྲུགས་ཤིག །ལྷོ་ནུབ་རྡོ་ལུག་གྲོ་མོས་བརྟན། །ལྷོ་ནུབ་གསེར་གྱི་ཀ་བ་མ་འཁྲུགས་ཤིག །ཕག་ལུག་གནམ་སའི་གདུང་མ་བརྟན། །དུས་ཚོད་མཚོན་ཆའི་ཀ་གདུང་བརྟན། །ཕག་ལུག་གཉིས་ཀྱི་འཇིང་བསྣོལ་བརྟན། །ས་ཡི་ཀ་བ་མ་འགྱེལ་ཅིག །གཡུ་འབྲུག་ཐིག་ལེ་མ་ཡར་ཅིག །མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས། །ཀ་བ་གདུང་མའི་འཁྲུགས་པ་བཅོས། །ཡོ་བ་སྲོངས་ལ་ཆད་པ་མཐུད། །རལ་བ་དྲུབ་ལ་གས་པ་སྦྱོར། །ས་བདག་འཁྲུགས་པ་ཐམས་ཅད་བཅོས། །སྣད་པ་རྩི་དང་སྨན་གྱིས་གསོ། །ཀ་བཞི་གདུང་བརྒྱད་འཁྲུགས་པ་བཅོས། །ཀ་བ་བརྟན་ལ་གདུང་མ་བརླིང་། །ཀ་བ་གསེར་གྱིས་བཅོས་ལ་གདུང་མ་གཡུ་ཡིས་བརྟན། །དེ་རིང་ནང་མི་འདི་དག་གི །ཀ་བཞི་གདུང་བརྒྱད་

p. 162

འཁྲུགས་པ་བཅོས། །འཁྲུགས་པ་ཡོད་ན་གསེར་གྱིས་བཅོས། །ཀ་བ་བརླིང་ལ་གདུང་མ་བརྟན། །གསེར་གྱི་ཀ་བ་ཁ་ནས་མ་བརྡལ་ཅིག །གཡུ་གདུང་རྐེད་དུ་མ་ཆག་ཅིག །རྨུ་དག་ཟུང་ལ་ཕྲུ་གཡང་སྐྱོབས། །རྒན་ཚེ་བསྲིངས་ལ་གཞོན་དཔལ་བསྐྱེད། །གནམ་གྱི་སྨུ་དག་མ་ཆད་ཅིག །ས་ཡི་བརྟན་ཕུར་མ་བུད་ཅིག །རྨུ་དག་ཆད་མཚམས་དགྲ་བླས་ཟུངས་། །བརྟན་ཕུར་མ་བུད་ཕོ་ལྷས་སྐྱོབས། །ཆུང་སྲིད་མ་འཁྱམས་མ་ལྷས་སྐྱོབས། །ཀ་གདུང་མ་འཁྲུགས་ཡོན་གྱིས་བཅོས། །ཞེས་པ་སྤར་ཁའི་རྩ་བཞི་སྟོང་། །ཕྱོགས་བཞི་སྟོང་ན་མང་དུ་བཏོན། །ཉུང་ཙམ་རཱ་ག་ཨ་སྱས་བྲིས། །སརྦ་མངྒ་ལཾ། །དགེའོ། དགེའོ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཟའ་ཀླུ་འཁྲུགས་བཅོས།

p. 163

གཟའ་ཀླུ་འཁྲུགས་བཅོས་བཞུགས་སོ།། ཨོཾ། སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས། །གཡོ་མེད་རྒྱ་མཚོའི་ཀློང་རུམ་ན། །འཇིག་རྟེན་ཡོངས་ལ་བཞུགས་པ་ཡི། །གཙང་མ་ཀླུ་རིགས་འཁོར་དང་བཅས། །གཟའ་ཀླུའི་འཁྲུགས་པ་བསལ་བ་དང་། །གདུག་རྩུབ་ནད་རྣམས་ཞི་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ། འཇིག་རྟེན་སྐྱོང་བར་ཞལ་བཞེས་པའི། །སེམས་ཅན་ཀུན་ལ་ཕན་གནོད་མཛད། །ཉི་མ་ཟླ་བ་འོད་ཀྱི་ཚོགས། །རྒྱུ་ནི་བར་སྣང་མཁའ་ལ་རྒྱུ། །འཁོར་ལོ་སྲིད་པ་རླུང་གིས་བསྒྱུར། །ཁྱབ་ནི་སེམས་ཅན་ཡོངས་ལ་ཁྱབ། །སེམས་ཅན་ཀུན་ལ་གདུག་རྩུབ་བཏང་། །གཟའ་དང་རྒྱུ་སྐར་འཁོར་དང་བཅས། །གཟའ་ཀླུའི་འཁྲུགས་པ་བསྡུམ་པ་དང་། །ནད་རྣམས་ཐམས་ཅད་ཞི་བའི་ཕྱིར་། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ། ཤར་ཕྱོགས་ཀླུ་རྒྱལ་མཐའ་ཡས་ནི། །སྐུ་མདོག་དཀར་པོ་མདངས་དང་ལྡན། །ཕྱག་མཚན་རིན་ཆེན་འབར་བ་བསྣམས། །ཁྱོད་ལ་ཕྱག་འཚལ་མཆོད་པ་འབུལ། །བདུད་རྩི་ཤིང་སྣ་དར་སྣ་སྨན། །དཀར་མངར་རིན་

p. 164

ཆེན་གསེར་གཡུས་མཆོད། །གཟའ་ཀླུའི་འཁྲུགས་པ་མ་མཛད་ཅིག །ཤར་ཕྱོགས་གཟའ་ཀླུ་མ་འཁྲུགས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །ཤར་ཕྱོགས་ཀླུ་བདུད་གདུག་རྩུབ་ཞི་བར་མཛོད། །ཧཱུྃ། ཤར་ཕྱོགས་གཟའ་ཆེན་པ་ཝ་སངས། །སྐུ་མདོག་དཀར་པོ་ཤེལ་རྟ་ཆིབས། །གཡས་པས་འགྱིང་དཀར་གཡོན་འཁོར་ལོ། །ཤིང་ཁམས་ཡོངས་ལ་དབང་སྒྱུར་བ། །ཁྱེད་ལ་མཉེས་པའི་གཟའ་ར་ལུག །ཚར་བུ་གསེར་རྒོད་གཡུ་རྒོད་དང་། །པན་གདུགས་ཤོག་ཤོག་ཏང་ཚེ་དང་། །ཤེལ་ཚིགས་བྱ་སྤུ་སྤྱན་གཟིགས་མཆོད། །འདོད་པའི་དཀོར་ནོར་ཚོགས་ཀྱིས་མཆོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རྒྱལ་རིགས་ཀླུ་དང་མ་འཁྲུགས་ཤིག །གཟའ་ཀླུའི་གདུག་པ་མ་བཏང་ཞིག །ཀླུ་དང་གཟའ་གཉིས་མ་བསྡོངས་ཤིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འགྲས་པ་བཤོལ་ལ་གདུག་འཕྲོ་ཆོད། །ཕྱིན་ཆད་གཟའ་ཀླུ་མ་འཁྲུགས་ཤིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཨོཾ། ལྷོ་ཕྱོགས་ཀླུ་རྒྱལ་འཇོག་པོ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་མཚན་ཨུཏྤལ་སྔོན་

p. 165

པོ་བསྣམས། །ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ། །དཀར་མངར་འབྲུ་བཅུད་རིན་ཆེན་ཚོགས། །དཀོར་ནོར་སྣ་ཚོགས་ཤིང་རྩིས་མཆོད། །གཟའ་ཀླུའི་འཁྲུགས་པ་མ་མཛད་ཅིག །ལྷོ་ཕྱོགས་གཟའ་དང་མ་འཁྲུགས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །ལྷོ་ཕྱོགས་ཀླུ་ཡི་གདུག་རྩུབ་ཞི་བར་མཛོད། །ཧཱུྃ། ལྷོ་ཕྱོགས་གཟའ་བློན་མིག་དམར་ནི། །སྐུ་མདོག་དམར་པོ་རུ་མཚོན་གཡས། །གཡོན་ན་མེ་དཔུང་འབར་བ་བསྣམས། །མེ་ཁམས་ཡོངས་ལ་དབང་སྒྱུར་བ། །ཁྱེད་ལ་ཡོན་བད་གསེར་གཡུ་དར། །གཟའ་ར་ལུག་དང་ཚར་བུ་བལ་ཚོན་དང་། །གསེར་དངུལ་ཟངས་ལྕགས་ཤོག་ཤོག་པན། །ཏང་ཚེ་ཀརྨ་པཱ་ཎི་ཤ་ཁྲག་ཕུད། །ཤེལ་ཚིགས་བྱ་སྤུ་ཆང་ཕུད་གཡི་སྤྱང་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རྒྱལ་རིགས་ཀླུ་དང་མ་སྡོངས་ཤིག །གཟའ་ཀླུའི་གདུག་པ་མ་བྱེད་ཅིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འབྲས་པ་བཤོལ་ལ་གདུག་འཕྲོ་ཆོད། །ཕྱིན་ཆད་གཟའ་ཀླུ་མ་འཁྲུགས་ཤིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཨོཾ། ནུབ་ཕྱོགས་ཀླུ་རྒྱལ་

p. 166

སྟོབས་རྒྱུ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་ལག་ན་སྤྲིན་སྤུང་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དཀར་མངར་འོ་ཞོ་ཕུམ་ཐུད་མར། གསེར་དངུལ་ཟངས་ལྕགས་ཤིང་ཐོག་འབྲུ། །ལན་ཚྭ་ཟེ་ཚྭ་འབྲུ་སྲན་དང་། །བྲམ་ཟེ་ཀླུ་རྒྱལ་ཁྱེད་ལ་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བྲམ་ཟེ་ཀླུ་དང་མ་སྡོངས་ཤིག །ནུབ་ཕྱོགས་གཟའ་དང་མ་འཁྲུགས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །ནུབ་ཕྱོགས་ཀླུ་ཡི་གདུག་རྩུབ་སྒྱུར། །ཧཱུྃ། ནུབ་ཕྱོགས་གཟའ་ཆེན་ཕུར་བུ་ནི། །སྨུག་ནག་ཙནྡན་ཕུར་པ་འཛིན། །གཡོན་ན་ཟངས་གྱི་འཁོར་ལོ་བསྒྱུར། །ལྕགས་ཁམས་ཡོངས་ལ་མངའ་མཛད་པ། །ཁྱེད་ལ་གསེར་གཡུ་དར་ཟབ་བལ་ཚོན་དང་། །གཟའ་ཡི་ར་ལུག་ཚར་བུ་ཤ་ཆང་ཕུད། །སྤོས་མར་བདུད་རྩི་བུ་རམ་འབྲུ་སྲན་དང་། །གསེར་རྒོད་གཡུ་རྒོད་མཆོད་པའི་ཡོ་བྱད་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །དམངས་རིགས་ཀླུ་དང་མ་སྡོངས་ཤིག །གཟའ་ཀླུའི་གདུག་པ་མ་མཛད་ཅིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འགྲས་པ་བཤོལ་ལ་གདུག་འཕྲོ་

p. 167

ཆོད། །ཕྱིན་ཆད་གཟའ་ཀླུ་མ་འཁྲུགས་ཤིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཨོཾ། ཀླུ་རྒྱལ་རིགས་ལྡན་བྱང་གི་བདག །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་མཚན་རིན་ཆེན་སྡོང་བུ་བསྣམས། །ཁྱོད་ལ་ཕྱག་འཚལ་མཆོད་པ་འབུལ། །དཀར་མངར་སྤྱན་གཟིགས་འབྲུ་སྣ་དར་སྣ་དང་། །བལ་ཚོན་བུ་རམ་སྦྲང་རྩི་ལན་ཚྭ་དང་། །བ་ར་དཀར་མོའི་འོ་མ་དཀོར་ནོར་མང་པོ་མཆོད། །གཟའ་ཀླུའི་འཁྲུགས་པ་བསལ་དུ་གསོལ། །བྱང་ཕྱོགས་གཟའ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །བྱང་ཕྱོགས་ཀླུ་ཡི་གདུག་རྩུབ་སྒྱུར། ཧཱུྃ། བྱང་ཕྱོགས་གཟའ་ཆེན་ལྷག་པ་ནི། །སྐུ་མདོག་དམར་པོ་བེ་ཅོན་བསྣམས། །ཆུ་ཁམས་ཡོངས་ལ་དབང་སྒྱུར་བ། །ཁྱེད་ལ་མཉེས་པའི་ཡོན་འབུལ་བ། །གསེར་གཡུ་བལ་ཚོན་བཟང་ཤིང་དང་། །གསེར་རྒོད་གཡུ་རྒོད་དཀོར་ནོར་ཆས་ཆེན་འབུལ། །འདོད་པའི་དཀོར་ནོར་ཚོགས་ཀྱིས་བཅོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གདོལ་པ་ཀླུ་དང་མ་སྡོངས་ཤིག །གཟའ་ཀླུའི་གདུག་པ་མ་བྱེད་ཅིག །གཟའ་དང་ཀླུ་གཉིས་མ་འཁྲུགས་ཤིག །བཟུང་བ་ཐོངས་

p. 168

ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འགྲས་པ་ཟླུམས་ལ་གདུག་འཕྲོ་ཆོད། །ཕྱིན་ཆད་གདུག་རྩུབ་མ་བྱེད་ཅིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཨོཾ། ཤར་ལྷོ་ཀླུ་རྒྱལ་ནོར་རྒྱས་ནི། །སྐུ་མདོག་དཀར་སེར་ཕྲེང་བ་བསྣམས། །ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ། །བཟང་དྲུག་སྨན་དང་འོ་ཕུད་དང་། །དར་སྣ་བལ་ཚོན་བཟང་ཤིང་དང་། །མཉེས་པའི་ཀླུ་ནོར་སྣ་ཚོགས་རྣམས། །ཤར་ལྷོ་ཀླུ་རྒྱལ་ཁྱོད་ལ་འབུལ། །གཟའ་ཀླུའི་འཁྲུགས་པ་མ་བྱེད་ཅིག །ཤར་ལྷོ་གཟའ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །ཤར་ལྷོ་ཀླུ་ཡི་གདུག་རྩུབ་སྒྱུར། །ཧཱུྃ། ཤར་ལྷོ་གཟའ་ཆེན་ཉི་མ་ནི། །སྐུ་མདོག་སྔོ་སྐྱ་མཛེས་པ་ལ། །གཡས་ན་ཟིའོད་ཟེར་འཁོར་ལོ་འཛིན། །གཡོན་ན་ཟངས་ཀྱི་སྤར་མོ་བསྣམས། །འཁྲུགས་བཟླུམ་མཉེས་པའི་ཡོན་འབུལ་བས། །གསེར་རྒོད་གཡུ་རྒོད་སྟག་གཟིག་གཡི་སྤྱང་དང་། །དར་སྣ་གཟའ་ཡི་ར་ལུག་ཚར་བུ་དང་། །ཤེལ་ཚིགས་དར་ཚོན་དཀར་མངར་འོ་ཆང་ཕུད། །འོ་ཡོས་སྤོས་མར་ལ་སོགས་ཡོ་བྱད་འབུལ། །འདོད་པའི་ཡོ་བྱད་ཚོགས་ཀྱིས་བཅོས། །

p. 169

རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཤར་ལྷོ་ཀླུ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་མ་བྱེད་ཅིག །གཟའ་དང་ཀླུ་གཉིས་མ་སྡོངས་ཤིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འགྲས་པ་བཤོལ་ལ་གདུག་འཕྲོ་ཆོད། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཨོཾ། ལྷོ་ནུབ་ཀླུ་རྒྱལ་དུང་སྐྱོང་ནི། །སྐུ་མདོག་དམར་ལྗང་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་འབུད་དུང་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དཀར་མངར་འོ་ཞོ་ཐུད་དང་ཕྲུམ། །འབྲུ་སྲན་མེ་ཏོག་ཤིང་ཐོག་དང་། །དར་སྣ་པགས་བུ་བལ་ཚོན་ཡོ་བྱད་མཆོད། །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །ལྷོ་ནུབ་གཟའ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་མ་མཛད་ཅིག །ལྷོ་ནུབ་ཀླུ་ཡི་གདུག་རྩུབ་བསྒྱུར། །ཧཱུྃ། ལྷོ་ནུབ་གཟའ་ཡི་ཕྱག་བརྙན་བྱི་ཏྲི་པ་ཏྲ་ནི། །མཐིང་ག་བདུད་རྩི་བུམ་པ་བསྣམས། །ཁྱེད་ལ་མཉེས་པའི་མཆོད་པ་ནི། །གསེར་རྒོད་གཡུ་རྒོད་དར་སྣ་དང་། །བལ་ཚོན་ཤེལ་ཚིགས་གཟའ་ར་དང་། །གཟའ་ལུག་ཚར་བ་ཏང་ཚེ་དང་། །

p. 170

དཀར་མངར་འོ་ཕུད་ཆང་ཕུད་དང་། །སྤོས་མར་འོ་ཡོས་བདུད་རྩི་བུ་རམ་འབུལ། །འདོད་པའི་དཀོར་ནོར་འདི་འབུལ་བས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ལྷོ་ནུབ་ཀླུ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །གཟའ་དང་ཀླུ་གཉིས་འགྲས་པ་སྡུམས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འགྲས་པ་བཤོལ་ལ་གདུག་འཕྲོ་ཆོད། །ཕྱིན་ཆད་གདུག་རྩུབ་མ་བྱེད་ཅིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཨོཾ། ནུབ་བྱང་ཀླུ་རྒྱལ་པདྨ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །ཕྱག་མཚན་མེ་ཏོག་པདྨ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གསེར་གཡུ་དར་སྣ་སྤྱན་གཟིགས་བཟང་དྲུག་སྨན། །བདུད་རྩི་བེ་རག་ཧོར་ཐན་དཀར་མངར་དང་། །སྤོས་མར་ཡོས་མར་འོ་མ་ཆང་ཕུད་བུ་རམ་དང་། །དཀར་མངར་གསུམ་དང་ཀླུ་སྨན་མཆོད་པ་འབུལ། །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས་། །ནུབ་བྱང་གཟའ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་མ་མཛད་ཅིག །ནུབ་བྱང་ཀླུ་ཡི་གདུག་རྩུབ་བསྒྱུར། །ཧཱུྃ། ནུབ་བྱང་གཟའ་ཆེན་ཟླ་བ་ནི། །སྐུ་

p. 171

མདོག་དཀར་པོ་རྒྱན་དང་ལྡན། །ཕྱག་མཚན་གཡུང་དྲུང་ཤུག་པ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །མཉེས་པའི་ཡོན་འབུལ་གསེར་གཡུ་དར་སྣའི་པན། །སྟག་གཟིག་རྒྱལ་མཚན་གཟའ་ར་གཟའ་ལུག་དང་། །དཀར་མངར་འོ་ཆང་ཕུད་དང་སྤོས་མར་དང་། །འོ་ཡོས་བདུད་རྩི་བུ་རམ་འབུལ། །འདོད་པའི་དཀོར་ནོར་འདི་དག་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ནུབ་བྱང་ཀླུ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །གཟའ་དང་ཀླུ་གཉིས་མ་འཁྲུགས་ཤིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འགྲས་པ་སྡུམས་ལ་འཁོན་པ་སྦྱངས། །ཕྱིན་ཆད་གདུག་རྩུབ་མ་བྱེད་ཅིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཨོཾ། བྱང་ཤར་ཀླུ་རྒྱལ་ཆུ་ལྷ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཨུཏྤལ་ཞགས་པ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དཀར་མངར་སྤྱན་གཟིགས་བ་དཀར་ར་དཀར་འོ་མ་དང་། །གྲོ་མ་མོན་བུ་འབྲུ་སྣ་དར་སྣ་དང་། །པགས་བུ་དར་ཚོན་དཀོར་ནོར་འབུལ། །གཟའ་ཀླུའི་འཁྲུགས་པ་

p. 172

དུམ་པར་གྱིས། །བྱང་ཤར་གཟའ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་མ་མཛད་ཅིག །བྱང་ཤར་ཀླུ་ཡི་གདུག་རྩུབ་སྒྱུར། །ཧཱུྃ། བྱང་ཤར་གཟའ་ཆེན་སྤེན་པ་ནི། །སྐུ་མདོག་སྔོ་སྐྱ་རྒྱན་དང་ལྡན། །ཕྱག་མཚན་ཟངས་ཀྱི་སྤར་ལང་བསྣམས། །ཁྱོད་ལ་ཡོ་བྱད་འབུལ་བ་ནི། །གསེར་རྒོད་གཡུ་རྒོད་སྤྱན་གཟིགས་དང་། །ཤ་ཁྲག་ཕུད་དང་ཆང་ཕུད་དང་། །རིན་ཆེན་ཏང་ཚེ་སྨན་དང་འབྲུ་སྣ་དང་། །འདོད་པའི་དཀོར་ནོར་དམ་པ་འབུལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བྱང་ཤར་གཟའ་དང་མ་སྡོངས་ཤིག །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །གཟའ་དང་ཀླུ་གཉིས་མ་འཁྲུགས་ཤིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོག །འགྲས་པ་སྡུམས་ལ་འཁོན་སྦྱང་ངོ་། །ཕྱིན་ཆད་གདུག་རྩུབ་མ་བྱེད་ཅིག །དགའ་བདེ་ཞི་བའི་ངང་ལ་བཅོས། །ཧཱུྃ། རི་རབ་ཆེན་པོའི་ལྷོ་ནུབ་ནས། །ཀླུ་སྲིན་འཁྲུགས་པའི་རཱ་ཧུ་ལ། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ཆུ་སྲིན་ཞགས་པ་མདའ་གཞུ་འཛིན། །སྐུ་ལས་མེ་ཡི་ཚྭ་ཚྭ་འཕྲོ། །རལ་པ་དམར་སེར་གྱེན་དུ་འབར། །སྐུ་མདོག་དམར་སེར་འོད་དུ་འབར། །

p. 173

ལུས་གཅིག་མགོ་དགུ་མིག་གིས་གང་། །དམར་དང་དགྱེས་པའི་གཏོར་མ་འབུལ། །སྦ་དཀར་འདི་ལ་སྐུ་རྟེན་གྱིས། །པགས་བུ་འདི་ལ་སྔས་ཡར་ཁྱོགས། རིན་ཆེན་སྣ་ལྔས་ཐུགས་བརྟན་པ། །ཞང་པོ་ཀླུ་དང་མ་འཁྲུགས་ཤིག །འགལ་འཁྲུལ་སོང་ན་ཡོན་གྱིས་བཅོས། །གཟའ་ཀླུའི་འཁྲུགས་པ་དུམ་པར་གྱིས། །གདུག་རྩུབ་ཐམས་ཅད་ཞི་བར་མཛོད། །སེམས་ཅན་ནད་རྣམས་བྱང་བར་ཤོག ཀྱཻ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །རྫ་ས་དང་ཡོ་བྱད་སྣ་ཚོགས་འབུལ། །གཟའ་ཀླུ་འཁྲུགས་པའི་བསྡོང་མ་། མཛད། །སོ་སོའི་གནས་སུ་བདེ་བར་བཅོས། །མཐུ་ལྡན་རྒྱལ་པོ་ཆེན་པོ་བཞི། །དྲི་ཟ་གྲུལ་བུམ་ཀླུ་གནོད་སྦྱིན། །གནམ་ལ་དབང་བསྐུར་མཐུ་དང་དཔལ་ལྡན་པ། །ཡིདའོང་མཛེས་པའི་མཆོད་པ་འབུལ། །རྒྱལ་ཆེན་སྡེ་བཞིའི་འཁྲུགས་པ་བསལ་དུ་གསོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །དེ་ལ་གནས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི། །གདུག་རྩུབ་ཐམས་ཅད་ཞི་གྱུར་ཅིག །དཔག་བསམ་རྩེ་ནས་སྤྱི་རྗེ་ཁྱུང་ཆེན་གྱིས། །རྒྱ་མཚོ་ཀླུ་ཡི་འཁྲུགས་པ་ཞི་གྱུར་ཅིག །རི་རབ་ཆེན་པོའི་ཕྱོགས་བཞི་ནས། །རྒྱལ་ཆེན་

p. 174

བཞི་ཡི་འཁྲུགས་པ་ཞི་གྱུར་ཅིག །རི་རབ་ཆེན་པོའི་ཁོང་གསེང་ནས། །ལྷ་མ་ཡིན་གྱི་འཁྲུགས་པ་ཞི་གྱུར་ཅིག །ཡེ་ངམ་གཉིས་ཀྱི་འཁྲུགས་པ་ཞི་གྱུར་ཅིག །གཉན་སྡང་གཉིས་ཀྱི་འཁྲུགས་པ་ཞི་གྱུར་ཅིག །དམུ་བདུད་གཉིས་ཀྱི་འཁྲུགས་པ་ཞི་གྱུར་ཅིག །ཀླུ་དང་ས་བདག་འཁྲུགས་པ་ཞི་གྱུར་ཅིག །གཟའ་དང་རྒྱུ་སྐར་གྱི་འཁྲུགས་པ་ཞི་གྱུར་ཅིག །སྣང་སྲིད་ཐམས་ཅད་ཀྱི་འཁྲུགས་པ་ཞི་གྱུར་ཅིག །ལྷ་སྲིན་སྡེ་བརྒྱད་ཀྱི་འཁྲུགས་པ་ཞི་གྱུར་ཅིག །འདི་ཐོག་སེར་བཙའ་སད་དང་། བྱོལ་སོང་ལ་ནད་མང་བ། གཟའ་ནད་མང་བ། གཟའ་ཀླུའི་ནད་མང་བ་བྱུང་ན་མང་དུ་འདོན། སྔགས་འདི་མང་དུ་བགྲང་། ཨོཾ་ནཱ་ག་ཕུ་ཡེ་མ་ཡུ་ཀེ་སྭཱ་ཧཱ། ཨོཾ་ཨ་འབར་ཤ་དུ་བ་ར་ནི་སྭཱ་ཧཱ། ཨོཾ་ནཱ་ག་བ་མུན་ཡེ་སྭཱ་ཧཱ། ཨོཾ་ཤ་དེ་བ་རི་ནི་སྭཱ་ཧཱ། ཨོཾ་མུར་ཟང་དུ་མུ་ཡེ་སྭཱ་ཧཱ། ཨོཾ་པི་ཤ་ར་དེ་སྭཱ་ཧཱ། ཨོཾ་མུར་ཟང་དེ་པ་སྲན་སྭཱ་ཧཱ། ཨོཾ་ཕན་ཤ་དེ་བེ་སྭཱ་ཧཱ། ཨོཾ་མུར་ཟང་དུ་ཡེ་སྭཱ་ཧཱ། ཨོཾ་དུ་ཤ་ར་བ་དེ་སྭཱ་ཧཱ། ཨོཾ་མུར་ཟང་འདུ་ར་ཁ་ཏ་སྭཱ་ཧཱ་ཨོཾ་ཤ་མ་ར་ནུ་སྭཱ་ཧཱ། ཨོཾ་མུར་ཟང་དུ་མུན་ཡེ་སྭཱ་ཧཱ། ཨོཾ་ཤ་མ་ར་ནི་རི་སྲི་ཀ་སྭཱ་ཧཱ། ཨོཾ་མུར་ཟང་འདུ་དཀར་ལི་ནི་ནན་སྭཱ་ཧཱ། ཨོཾ་ཤ་ར་ཏི་རུ་ཏ་ལ་སྭཱ་ཧཱ། ཨོཾ་དྷ་ལ་མ་དྷུ་

p. 175

སི་ཡེ་པདྨེ་ཧཱུྃ། སྔགས་དེ་ཅི་མང་དུ་བགྲང་ངོ་། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས། སྙིང་གི་གཏེར་སྦས་རིན་ཆེན་བང་མཛོད་བཀྲ་ཤིས་དོན་གྲུབ།

p. 176
p. 177

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས། སྙིང་གི་གཏེར་སྦས་རིན་ཆེན་བང་མཛོད་བཀྲ་ཤིས་དོན་གྲུབ་བཞུགས་སོ།།

p. 178

འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་ཕྱིར་རིན་ཆེན་གཏེར་སྦས་འདི། །དབུལ་ཕོངས་རྨོངས་པ་སེལ་ཕྱིར་འཇམ་དབྱངས་ཀྱིས། །ས་སྐྱོང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ། །སྙིང་གི་དྭངས་མ་བདུད་རྩིའི་བུམ་པ་བསྟན། །ཕྱི་ནང་གནོད་སྦྱིན་ཀླུ་དང་གཞི་བདག་གཉན། །གསས་མཁར་གསར་རྙིང་གང་ལ་ཅི་དགོས་བཏག །ས་བདག་ཀླུ་གཉན་རྣམས་ལ་གཏེར་སྦས་པས། །འདི་ཡི་བཅའ་ཀ་བྱ་བ་འདི་ལྟར་རོ། །རིན་ཆེན་བུམ་པ་སྦ་སྨྱུག་ཤིང་ཤུན་དང་། །ནང་དུ་གསེར་དངུལ་མུ་མེན་བྱུ་རུ་ཤེལ། །གཟི་མཆོང་མུ་ཏིག་དུང་དང་སྙིང་ཞོ་ཤ །མཁལ་མ་གླ་གོར་ཞོ་ཤ་དབང་ལག་དང་། །ཆུ་སྲིན་སྡེར་མོ་ཀླུ་སྨན་བཟང་པོ་དྲུག །དཀར་གསུམ་མངར་གསུམ་དར་སྣ་འཛོམ་པར་བྱས། །རི་བོང་སྙིང་

p. 179

དང་རིན་པོ་ཆེ་ཡི་རིགས། །མཚོ་འམ་རི་བཟང་ཆུ་སྣ་བཟང་པོ་རུ། །གསས་མཁར་ས་མིག་བཟང་པོའི་ནང་རྫོངས་བྱས། ༈ །འཇམ་དབྱངས་ས་སྙིང་ཉེ་སྲས་སྙིང་པོ་ས་བདག་ཀླུ་གཉན་གཞི་བདག་རྣམས་ཀྱི་གཟུངས། །རྫས་རྟགས་བཀྲ་ཤིས་སྙིང་པོ་རྣམས་བྲིས་ལ་བཅུག །གཞུང་དང་མཐུན་པར་ས་མིག་བཟང་པོ་རུ། །ཁྲོ་བོའི་བགེགས་བསྐྲད་བསང་དང་ཆབ་གཏོར་བྱ། །དེ་ནས་སྙན་པའི་དབྱངས་ཀྱིས་འདི་སྐད་དོ། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །རིན་པོ་ཆེ་ཡི་ཡར་སྟེང་དུ། །ཨ་མོ་ལི་ཀའི་རྡོ་ལེབ་སྟེང་། །རྣམ་པར་རྒྱལ་བའི་ཁང་བཟང་དུ། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །རུས་སྦལ་ཆེན་པོའི་ལྟོ་བ་རུ། །རིན་པོ་ཆེ་ཡི་གཏེར་སྦས་

p. 180

པས། །གཏེར་བདག་ཆེན་པོ་སྤྱན་འདྲེན་ནོ། །དབུས་ཕྱོགས་པདྨའི་གདན་སྟེང་ནས། །མཁྱེན་རབ་བདག་པོ་འཇམ་དཔལ་དབྱངས། །གསེར་གྱི་མདོག་ཅན་སྤྱན་འདྲེན་ནོ། །རིན་ཆེན་སྣ་ལྔའི་གཏེར་ལ་བཞུགས། །སྐུ་ཡི་རྟེན་དང་གནས་མཛོད་ལ། །དེ་ཡི་བཀའ་ཉན་བརྟན་སྐྱོང་མ། །ས་ཡི་ལྷ་མོ་བརྟན་མ་ཡུམ། །ས་འཛིན་ལག་པ་སྲས་འཁོར་བཅས། །ཡབ་ཡུམ་སྲས་དང་བཀའ་བློན་བཅས། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །ནམ་ཟླ་དུས་བཞི་མངའ་མཛད་པ། །འབྱུང་བ་བཞི་ཡི་རྒྱལ་མོ་བཞི། །སོ་སོར་རང་རང་འཁོར་བཅས་རྣམས། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །སྨེ་བ་དགུ་ཡི་ལྷ་རྣམས་དང་། །སྤར་ཁ་བརྒྱད་ཀྱི་ལྷ་རྣམས་དང་། །ལོ་སྐོར་བཅུ་གཉིས་ས་བདག་དང་། །ལྷ་ཀླུ་གཉན་དང་གཟའ་ཆེན་བརྒྱད། །ཐེ་སེ་ལ་སོགས་ལོ་སྐོར་བཅས། །འབྲུག་རྗེ་ལ་སོགས་ཟླ་འཁོར་

p. 181

བཅས། །གསེར་མཛོད་གཡུ་མཛོད་ལ་སོགས་པ། །ཞག་དང་དུས་ཚོད་འཛིན་པ་ཡི། །ས་བདག་གདུག་པ་ཅན་རྣམས་དང་། །ཡུལ་ལྷ་གཞི་བདག་ཐམས་ཅད་དང་། །བར་སྣང་ཁམས་གསུམ་འགྲིམས་པ་ཡི། །སྣང་སྲིད་ལྷ་འདྲེ་མཐུ་བོ་ཆེ། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །རྣམ་པར་རྒྱལ་བའི་ཁང་བཟང་དབུས། །ཨ་མོ་ལི་ཀའི་རྡོ་ལེབ་སྟེང་། །རིན་ཆེན་སྣ་ཚོགས་གཏེར་སྦས་པས། །ལྷ་རྣམས་གཟི་བརྗིད་མདངས་དང་ལྡན། །ལྷ་རྣམས་བཀྲ་ཤིས་དོན་ཀུན་གྲུབ། །ཡོན་བདག་བཀྲ་ཤིས་ཕུན་སུམ་ཚོགས། །འོག་ཕྱོགས་རྒྱ་མཚོ་འཁྱིལ་པའི་དབུས། །མ་གྲོས་མཚོ་ཡི་ཀློང་དཀྱིལ་ནས། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ལ། །རིན་ཆེན་སྣ་ཚོགས་གཏེར་ཆེན་འབུལ། །གཏེར་ཆེན་འདི་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །རིན་ཆེན་སྣ་ལྔའི་གཏེར་ཆེན་འབུལ། །ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག །

p. 182

ཀླུ་ཡི་འཕེལ་གཡང་དངོས་གྲུབ་སྩོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཀླུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ས་བདག་གདུག་པའི་དབལ་ཟེར་དང་། །མི་ནད་ཕྱུགས་ནད་སྣ་ཚོགས་དང་། །ཞིང་གི་བཙའ་སད་སེར་གསུམ་དང་། །དལ་ཡམས་གཡུལ་འཁྲུགས་ལང་བ་སོགས། །ལྷ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །རྒྱལ་པོ་གྱིམ་ཤིང་དོན་ཆེད་དུ། །རིན་ཆེན་སྣ་ཚོགས་གཏེར་ཆེན་སྦས། །གཏེར་བདག་ཆེན་པོ་སྤྱན་འདྲེན་ནོ། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །དེ་ལྟར་རྒྱལ་པོ་གྱིམ་ཤིང་བདེ་སྐྱིད་ལྡན། །ནག་པོ་རྒྱ་ཡི་འཕེལ་གཡང་ལེན། །བསོད་ནམས་དཔལ་འབྱོར་དར་རྒྱས་འབྱུང་། །སྔོན་ཚེ་སྲིད་པའི་དཔེ་བཞིན་དུ། །དེ་རིང་རྣལ་འབྱོར་བདག་ཅག་ལ། །ཡིད་བཞིན་དངོས་གྲུབ་འཕེལ་གཡང་སྩོལ། །དེ་རིང་རྣལ་འབྱོར་བདག་ཅག་གི །ལོ་སྐག་ཟླ་སྐག་བཟློག་པ་དང་། །མོ་ངན་ལྟས་ངན་བསྒྱུར་བ་དང་། །གཞི་བདག་རྟེན་ལ་དགྱེས་པ་དང་། །ཀླུ་རྣམས་མཉེས་ཕྱིར་གཏེར་འདི་འབུལ། །བུ་ནོར་དབང་ཐང་འཕེལ་བའི་ཕྱིར། །རིན་ཆེན་སྣ་ཚོགས་གཏེར་ཆེན་འབུལ། །སྐུ་ཡི་རྟེན་

p. 183

དང་གནས་མཛོད་ཅིག །ཞག་དང་དུས་ཚོད་འཛིན་པ་དང་། །ཀླུ་དང་ས་བདག་གཉན་རྣམས་དང་། །ནོར་ལྷ་གཏེར་བདག་ཐམས་ཅད་དང་། །ཡུལ་ལྷ་གཞི་བདག་ཐམས་ཅད་དང་། །སྔགས་འཆང་བདག་ཅག་འཁོར་བཅས་ལ། །མགོན་སྐྱབས་ཕན་འདོགས་བྱེད་པ་རྣམས། །རིན་ཆེན་གཏེར་ལ་སྤྱན་འདྲེན་ནོ། །དད་པའི་ཚུལ་གྱིས་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གཏེར་སྦས་པས། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །ས་གཞི་འདི་ལ་གནས་པ་ཡི། །གཞི་བདག་གནས་བདག་ཀླུ་གཉན་ལ། །རྟེན་བཙུགས་རྟེན་བཅའ་མཆོད་པ་འབུལ། །ཕྱག་འཚལ་བསྟོད་དོ་དབུ་འཕང་བསྟོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །འབྲུ་དྲུག་ནས་ཀྱི་གཏེར་སྦས་པས། །མི་འབྲུ་ནས་བས་འཕེལ་བར་ཤོག །རིན་ཆེན་གསེར་གྱི་གཏེར་སྦས་པས། །མི་རྒྱུད་གསེར་བས་བཟང་བར་ཤོག །རིན་ཆེན་གཡུ་ཡི་གཏེར་སྦས་པས། །མི་བཀྲ་གཡུ་བས་བཀྲ་བར་ཤོག །རིན་ཆེན་དུང་གི་གཏེར་སྦས་པས། །ལྷ་ཞལ་དུང་བས་དཀར་བར་ཤོག །རྩི་བཅུད་མར་གྱི་གཏེར་སྦས་པས། །མི་སྣུམ་མར་བས་སྣུམ་པར་ཤོག །རིན་ཆེན་ཟངས་ལྕགས་འདི་

p. 184

འབུལ་བས། །མི་སྲོག་ལྕགས་བས་སྲ་བར་ཤོག །བཙན་ཕྱུག་འཕེན་དར་འཛོམ་པར་ཤོག །བསྟན་པའི་བཀྲ་ཤིས་བདེ་ལེགས་ཤོག །ཅེས་པ་གཏེར་སྦས་རིན་ཆེན་བང་མཛོད་འདི། །འཕགས་པ་འཇམ་དཔལ་གྱིས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་གདམས་པའོ། །ཀོང་ཙེ་འཕྲུལ་རྒྱལ་གྱིས་གྱིམ་ཤིང་པའི་དོན་དུ་མཛད་པ་བདེ་སྐྱིད་དང་ལྡན་པ་འབྱུང་ངོ་། །ཨ་རཱ་གས་ས་བདག་དབང་ཆེན་འཁྲུགས་བཅོས་སུ་བཞག་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་དུར་ཁ་རྒྱས་འདེབས་གསལ་བའི་སྒྲོན་མེ།

p. 185

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་དུར་ཁ་རྒྱས་འདེབས་གསལ་བའི་སྒྲོན་མེ་བཞུགས་སོ། །

p. 186

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བཀའ་འདི་ནི་དུར་ཁ་རྒྱས་འདེབས་ལགས་སོ།། ཀྱཻ། དང་པོ་ཡེ་མེད་སྟོང་པ་ལས། འཕགས་པ་འཇམ་དཔལ་ཐུགས་རྗེ་དང་། །སེམས་ཅན་ལས་ཀྱི་སྤྱི་མཐུན་ལས། །མ་ཧཱ་གསེར་གྱི་རུས་སྦལ་སྲིད། །མ་ཧཱ་གསེར་གྱི་རུས་སྦལ་ལས། །འབྱུང་བ་རྣམ་པ་ལྔ་རུ་ཆགས། །འབྱུང་བའི་དྭངས་མ་རླུང་དུ་སྲིད། །རླུང་ལས་རླུང་ཆགས་འབྱུང་བའི་རྒྱུ། །མེ་ཆུ་ས་རླུང་རྣམ་པ་ལྔ། །ཁད་དང་རིམ་གྱིས་ཆགས་པ་ལས། །འབྱུང་བའི་དྭངས་མ་ནམ་མཁའ་ཆགས། །མ་ཧཱ་གསེར་གྱི་རུས་སྦལ་འདི། །མ་ཞེས་བྱ་བར་

p. 187

སྨོས་པ་ནི། །སྐྱེ་འགྲོ་མ་ལྟར་གསོ་བ་ཡིན། །ཧཱ་ཞེས་བྱ་བར་སྨོས་པ་ནི། །ཐམས་ཅད་ཀུན་ལ་ཁྱབ་པ་ཡིན། །ཁ་དོག་གསེར་ལྟར་སྣང་བ་ནི། །དོན་ལ་འགྱུར་བ་མེད་པ་ཡིན། །རུས་ཞེས་བྱ་བར་སྨོས་པ་ནི། །ཡང་དག་དོན་ལ་རུས་པ་ཡིན། །སྦལ་ཞེས་བྱ་བར་སྨོས་པ་ནི། །ཆོས་ཉིད་དོན་ལ་སྦལ་བ་ཡིན། །རྒྱ་མཚོའི་ནང་དུ་འདུག་པ་ནི། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །འཁོར་བ་མཐའ་ནས་སྒྲོལ་བ་ཡིན། །མ་ཧཱ་གསེར་གྱི་རུས་སྦལ་ཆེ། །དེ་ཡི་གདུང་རྒྱབ་དཀར་པོ་ལས། །ཕ་ཁེན་པ་རྒན་བུ་གནམ་དུ་སྲིད། །སྐུ་ནི་ལྕགས་

p. 188

མདོག་སྔོན་པོ་ལ། །ཉི་ཟླ་གཟའ་སྐར་རྒྱན་དུ་བྱས། །ལྷོ་སྤྲིན་ཕྱུག་མོ་གོས་སུ་གྱོན། །ཆིབས་སུ་གནམ་ཁྱི་ནག་པོ་ཆིབས། །གནམ་ལྕགས་རལ་གྲི་ལག་ན་ཐོགས། །འཁོར་དུ་རྒྱལ་བདུད་བསེན་མོས་བསྐོར། །ཁྱོད་ལ་མཐུན་པའི་ཡས་འབུལ་བས། །ཁེན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །ལྟོ་བ་ཁ་དོག་སེར་པོ་ལས། །ཁོན་མ་རྒན་མོ་ས་རུ་སྲིད། །སྐུ་ནི་གསེར་མདོག་སེར་པོ་ལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །གསེར་སླག་སེར་པོ་སྐུ་ལ་གསོལ། །ཆིབས་སུ་ས་མོ་ལུག་ལ་ཆིབས། །ཕྱག་ན་གསེར་གྱི་ཐག་ཟངས་ཐོགས། །འཁོར་དུ་ས་བདག་ས་སྲིན་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཁོན་གྱི་དུར་ཁ་རྒྱས་ཐོབ་ཅིག ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གནམ་ས་རྫུ་འཕྲུལ་བསྡེབས་པ་ལས། །བུ་ཚ་མིང་སྲིང་བཞི་རུ་སྲིད། །བུ་ཆེན་གིན་རི་ས་བདག་སྒོམ་ཆེན་ཡིན། །སྐུ་ནི་གསེར་གྱི་འོད་ལྟར་མཛེས། །ན་བཟའ་རྒྱ་བེར་སྔོན་པོ་གསོལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཆིབས་སུ་གླང་བུ་ཁམ་པ་ཆིབས། །ལག་ན་དངུལ་གྱི་འགྱིང་དཀར་ཐོགས། །ཐེའུ་

p. 189

རང་ས་བདག་འཁོར་གྱིས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །གིན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བུ་གཉིས་ནུ་བོ་ཆུང་བ་དེ། །དྭ་ཞེས་བྱ་བ་ལྕགས་ཀྱི་བུ། །ལྕགས་ཀྱི་མི་ཕོ་ནག་པོ་ལ། །སྐུ་ལ་ལྕགས་ཁྲབ་སྔོན་པོ་གསོལ། །ལག་ན་གནམ་ལྕགས་སྟ་རེ་ཐོགས། །ལྕགས་ཀྱི་སྲིན་བུས་ལུས་ལ་ཁྱབ། །ཆིབས་སུ་ལྕགས་ཀྱི་བྱ་ཁྲ་ཆིབས། །འཁོར་དུ་བདུད་ཕོ་འབུམ་གྱིས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །དྭ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བུ་མོ་གཉིས་ཀྱི་ཆེ་བ་དེ། །རླུང་གི་བུ་མོ་ཟོན་ཞེས་བྱ། །གཡུ་ཡི་བུད་མེད་སྔོན་མོ་ལ། །གཡུ་ཡི་གོ་ཟུ་ལུས་ལ་གྱོན། །ལག་ན་རླུང་གི་ཞགས་པ་ཐོགས་། །ཆིབས་སུ་འབྲུག་ཆེན་ལྡིར་བ་ཆིབས། །རླུང་ནག་འཚུབ་མས་ལུས་ལ་བརྒྱན། །འཁོར་དུ་ཀླུ་སྨན་འབུམ་གྱིས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཟོན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བུ་མོ་གཉིས་ཀྱི་ཆུང་བ་དེ། །མེ་ཡི་བུ་མོ་ལི་ཞེས་བྱ། །ཟངས་གྱི་བུད་མེད་དམར་མོ་ལ། །ལུས་ལ་ཟངས་ཀྱི་གོ་ཟུ་གྱོན། །

p. 190

མེ་ཡི་འཕྲུ་ཏོག་མགོ་ལ་བཙུགས། །ལག་ན་ཟངས་ཀྱི་རལ་གྲི་ཐོགས། །ཆིབས་སུ་རྒོད་མ་དམར་ཞུར་ཆིབས། །ཟངས་ཀྱི་དྲྭ་བ་ཁལ་དུ་བཀལ། །འཁོར་དུ་བཙན་དམག་མང་པོས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ལི་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གིན་ཟོན་གཉིས་པོ་བསྡེབས་པ་ལས། །མིང་སྲིང་གཉིས་སུ་སྲིད་པ་ནི། །ཆུ་ཡི་མི་ཕོ་ཁཾ་ཞེས་བྱ། །སོལ་བའི་མི་ཕོ་ནག་པོ་ལ། །ལུས་ལ་རེ་ལྡེ་ནག་པོ་གྱོན། །ཆིབས་སུ་དུར་ཕག་ནག་པོ་ཆིབས། །ལག་ན་ནད་ཀྱི་རྐྱལ་པ་ཐོགས། །འཁོར་དུ་ཆུ་བདུད་བྱེ་བས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཁཾ་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །མིང་སྲིང་གཉིས་ཀྱི་ཆུང་བ་དེ། །ཤིང་གི་བུ་མོ་ཟིན་ཞེས་བྱ། །བུད་མེད་སྔོན་མོ་འཚང་བ་ལ། །བེར་ཆེན་སྔོ་ཁྲ་ལུས་ལ་གྱོན། །ས་སྟག་སེར་ཁྲ་ཆིབས་སུ་ཆིབས། །ལག་ན་ཐང་ཤིང་རྩེ་ཕྱུག་ཐོགས། །འཁོར་དུ་ཀླུ་སྲིན་བྱེ་བས་བསྐོར། །ཁྱོད་ལ་གླུད་ཆེན་འདི་འབུལ་བས། །ཟིན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ཤིང་ཕོ་བྱི་བ་ལོ་ཡི་མགོ །མེ་ཕོ་བྱི་བ་དེ་

p. 191

ཡི་བུ། །ས་ཕོ་བྱི་བ་དེ་ཡི་གྲོགས། །ལྕགས་ཕོ་བྱི་བ་དེ་ཡི་དགྲ། །ཆུ་ཕོ་བྱི་བ་དེ་ཡི་མ། །བྱང་སྨད་གནས་པའི་བྱི་བ་ལྔ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བྱི་ལྔའི་དུར་ཁ་རྒྱུས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་གླང་ནི་ལོ་ཡི་ཕ། །མེ་མོ་གླང་ནི་དེ་ཡི་བུ། །ས་མོ་གླང་ནི་དེ་ཡི་གྲོགས། །ལྕགས་མོ་གླང་ནི་དེ་ཡི་དགྲ། །ཆུ་མོ་གླང་ནི་དེ་ཡི་མ། །བྱང་ཤར་མཚམས་ཀྱི་གླང་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གླང་གི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་སྟག་ནི་ལོ་ཡི་ཕ། །མེ་ཕོ་སྟག་ནི་དེ་ཡི་བུ། །ས་ཕོ་སྟག་ནི་དེ་ཡི་གྲོགས། །ལྕགས་ཕོ་སྟག་ནི་དེ་ཡི་དགྲ། །ཆུ་ཕོ་སྟག་ནི་དེ་ཡི་མ། །ཤར་སྟོད་གནས་པའི་སྟག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སྟག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་ཡོས་ནི་དེ་ཡི་ཕ། །མེ་མོ་ཡོས་ནི་དེ་ཡི་བུ། །ས་མོ་ཡོས་ནི་དེ་ཡི་གྲོགས། །ལྕགས་མོ་ཡོས་ནི་དེ་ཡི་དགྲ། །ཆུ་མོ་ཡོས་ནི་དེ་ཡི་མ། །ཤར་སྨད་གནས་པའི་ཡོས་བུ་ལྔ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཡོས་ལྔའི་

p. 192

དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་འབྲུག་ནི་ལོ་ཡི་ཕ། །མེ་ཕོ་འབྲུག་ནི་དེ་ཡི་བུ། །ས་ཕོ་འབྲུག་ནི་དེ་ཡི་གྲོགས། །ལྕགས་ཕོ་འབྲུག་ནི་དེ་ཡི་དགྲ། །ཆུ་ཕོ་འབྲུག་ནི་དེ་ཡི་མ། །ཤར་ལྷོ་མཚམས་ཀྱི་འབྲུག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །འབྲུག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་སྦྲུལ་ནི་ལོ་ཡི་ཕོ། །མེ་མོ་སྦྲུལ་ནི་དེ་ཡི་བུ། །ས་མོ་སྦྲུལ་ནི་དེ་ཡི་གྲོགས། །ལྕགས་མོ་སྦྲུལ་ནི་དེ་ཡི་དགྲ། །ཆུ་མོ་སྦྲུལ་ནི་དེ་ཡི་མ། །ལྷོ་སྟོད་གནས་པའི་སྦྲུལ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སྦྲུལ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་རྟ་ནི་ལོ་ཡི་ཕ། །མེ་ཕོ་རྟ་ནི་དེ་ཡི་བུ། །ས་ཕོ་རྟ་ནི་དེ་ཡི་གྲོགས། །ལྕགས་ཕོ་རྟ་ནི་དེ་ཡི་དགྲ། །ཆུ་ཕོ་རྟ་ནི་དེ་ཡི་མ། །ལྷོ་སྨད་གནས་པའི་རྟ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་ལོ། །རྟ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་ལུག་ནི་ལོ་ཡི་ཕ། །མེ་མོ་ལུག་ནི་དེ་ཡི་བུ། །ས་མོ་ལུག་ནི་དེ་ཡི་གྲོགས། །ལྕགས་མོ་ལུག་ནི་དེ་ཡི་དགྲ། །ཆུ་མོ་ལུག་ནི་དེ་

p. 193

ཡི་མ། །ལྷོ་ནུབ་མཚམས་ཀྱི་ལུག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ལུག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་ཕོ་སྤྲེའུ་ལོ་ཡི་ཕ། །མེ་ཕོ་སྤྲེའུ་དེ་ཡི་བུ། །ས་ཕོ་སྤྲེའུ་དེ་ཡི་གྲོགས། །ལྕགས་ཕོ་སྤྲེའུ་དེ་ཡི་དགྲ། །ཆུ་ཕོ་སྤྲེའུ་དེ་ཡི་མ། །ནུབ་སྟོད་གནས་པའི་སྤྲེལ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སྤྲེལ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་བྱ་ནི་ལོ་ཡི་ཕ། །མེ་མོ་བྱ་ནི་དེ་ཡི་བུ། །ས་མོ་བྱ་ནི་དེ་ཡི་གྲོགས། །ལྕགས་མོ་བྱ་ནི་དེ་ཡི་དགྲ། །ཆུ་མོ་བྱ་ནི་དེ་ཡི་མ། །ནུབ་སྨད་གནས་པའི་བྱ་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བྱ་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་འ་དྲུབ། །ཤིང་ཕོ་ཁྱི་ནི་ལོ་ཡི་ཕ། །མེ་ཕོ་ཁྱི་ནི་དེ་ཡི་བུ། །ས་ཕོ་ཁྱི་ནི་དེ་ཡི་གྲོགས། །ལྕགས་ཕོ་ཁྱི་ནི་དེ་ཡི་དགྲ། །ཆུ་ཕོ་ཁྱི་ནི་དེ་ཡི་མ། །ནུབ་བྱང་མཚམས་ཀྱི་ཁྱི་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཁྱི་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤིང་མོ་ཕག་ནི་ལོ་ཡི་ཕ། །མེ་མོ་ཕག་ནི་དེ་ཡི་བུ། །ས་མོ་ཕག་

p. 194

ནི་དེ་ཡི་གྲོགས། །ལྕགས་མོ་ཕག་ནི་དེ་ཡི་དགྲ། །ཆུ་མོ་ཕག་ནི་དེ་ཡི་མ། །བྱང་སྟོད་གནས་པའི་ཕག་ལྔ་ལ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཕག་ལྔའི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། གཅིག་དཀར་ལྷ་ཡི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ལྷ་མདེའུ་ཐུང་དཀར་པོ་བྱ་བ་ཡིན། །གཅིག་དཀར་དེ་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཅིག་དཀར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གཉིས་ནག་བདུད་ཀྱི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །བདུད་ཧལ་ཁྱི་ནག་པོ་བྱ་བ་ཡིན། །གཉིས་ནག་རོ་བག་དག་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཉིས་ནག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །སུམ་མཐིང་དམུ་ཡི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །དམུ་ཡི་བྱི་བ་ནག་པོ་ཡིན། །དེ་ནི་བཤས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །སུམ་མཐིང་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བཞི་ལྗང་ཀླུ་ཡི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ཀླུ་

p. 195

ཡི་བྱི་བ་སྔོན་པོ་བྱ་བ་ཡིན། །བྱི་ལོང་འཕྲུལ་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བཞི་ལྗང་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྔ་སེར་རྒྱལ་པོའི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །རྒྱལ་པོ་གསེར་གྱི་བ་དན་ཅན། །དེ་ཡང་བཞོན་མ་རྣམས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ལྔ་སེར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་ར་ཁ་དྲུབ། །དྲུག་དཀར་སྨན་གྱི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །རྒྱ་མ་བསྐྱེད་པའི་ལྷ་ཡང་ཡིན། །དེ་ཡང་སྐྱས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །དྲུག་དཀར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བདུན་དམར་བཙན་གྱི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ལོ་ལྷ་སེར་པོ་དགྲ་ལ་སྡང་། །དེ་ནི་བཤོས་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བདུན་དམར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བརྒྱད་དཀར་དགྲ་ལྷའི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །ལྷ་ཡི་མེ་ཏོག་བྱ་བ་ཡིན། །དེ་ཡང་བློན་ལ་ཀོ་ལོང་

p. 196

སྡོམ་། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །བརྒྱད་དཀར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །དགུ་དམར་གཡང་གི་མེ་ལོང་ཡིན། །དེ་ལ་གནས་པའི་ས་བདག་ནི། །གཡང་གཟའ་སྤུན་དགུ་བྱ་བ་ཡིན། །འཇལ་ལེན་བྱེད་ལ་ཀོ་ལོང་སྡོམ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །དགུ་དམར་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ཤར་ཕྱོགས་ཤིང་གི་གཞལ་ཡས་ནས། །ཕུར་བུ་སྐུ་མདོག་ལྗང་ནག་ལ། །ཕྱག་ན་ཤིང་གི་ཕུར་བུ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ལྷོ་ཕྱོགས་མེ་ཡི་གཞལ་ཡས་ནས། །དམག་དཔོན་མདོག་དམར་མེ་ལྕེ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་གཞལ་ཡས་ནས། །པ་ཝ་སངས་ནི་དཀར་པོ་སྟེ། །སྐར་མ་སྨིན་དྲུག་ལག་ན་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། བྱང་ཕྱོགས་ཆུ་ཡི་གཞལ་ཡས་

p. 197

ནས། །ཟླ་བ་མདོག་སྔོན་ཟླ་བ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། བྱང་ཤར་མེ་ཡི་གཞལ་ཡས་ནས། །ཉི་མ་མདོག་དམར་ཨུཏྤལ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ཤར་ལྷོ་ས་ཡི་གཞལ་ཡས་ནས། །སྤེན་པ་ལག་ན་སླ་ང་ཐོགས། །ཁྱེད་ལ་ཀླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ༔ ལྷོ་ནུབ་མེ་ཡི་གཞལ་ཡས་ནས། །ལྷག་པ་སྔོ་ལྗང་མདའ་གཞུ་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། ནུབ་བྱང་ལྕགས་ཀྱི་གཞལ་ཡས་ནས། །དུ་བ་མཇུག་རིང་སྦྲུལ་ཞགས་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །གཟའ་ཡི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། སྨིན་དྲུག་ཁ་དགུ་གནམ་དུ་བལྟ། །སྣར་མ་མེ་ཏོག་པདྨ་བསྣམས། །མགོ་ནི་མི་བཟད་གནམ་གྱི་མདའ་གཞུ་བསྣམས། །ལག་ན་མི་སྙིང་

p. 198

རློན་པ་གནམ་དུ་ཕྱར། །ནབས་སོ་སྟོང་ཁམས་དབང་དུ་བསྡུས། །རྒྱལ་ནི་གཡུ་རུ་སྔོན་མོ་ཅན། །སྐག་ནི་ཐལ་མདོག་གསེར་གྱི་རྣ་ཆ་ཅན། །ཤར་ཕྱོགས་ཤིང་ལ་དབང་བའི་སྐར་མ་བདུན། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ཤར་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །རྟ་ཆེན་མི་བཟད་སྤྱང་མོའི་མགོ །རྟ་ཆུང་རྩལ་འབྱིན་ཁྲ་ཡི་མགོ །དབོ་ནི་མི་བཟད་རླུང་གི་འཁོར་ལོ་ཅན། །མེ་བཞི་རྒྱལ་པོ་གནམ་དུ་སྟ་རེ་ཕྱར། །ནག་པ་སྤྱི་མིག་གཟའ་སྐར་རྟ་ལ་ཞོན། །ས་རི་ཀླུ་འདུལ་བྱ་ཁྱུང་ག་རུ་ཊ། །ས་ག་གཡུང་དྲུང་འཁྱིལ་བ་དེ་དང་བདུན། །ལྷོ་ཕྱོགས་མེ་ལ་དབང་བའི་སྐར་མ་སྟེ། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ལྷོ་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྷ་མཚམས་སྲིན་གྱི་མེ་ལོང་སྟེ། །ལག་སོར་སྤྲིན་དམར་གནམ་དུ་ཕྱར། །གྲུ་མོ་ས་བླ་བདུད་རྩིའི་སྐར་མ་སྟེ། །བྲེ་ནི་ས་འཛིན་བདུད་ཀྱི་སྐར་མ་ཡིན། །ཆུ་སྟོད་གནམ་ལག་གྱེན་དུ་ཕྱར། །ཆུ་སྨད་ས་ལག་ཐུར་དུ་བཤལ། །བྱི་བཞིན་མགྱོགས་བྱེད་ཁྲ་ཡི་གདན། །ནུབ་ཕྱོགས་ལྕགས་ལ་དབང་བའི་སྐར་མ་བདུན། །

p. 199

ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ནུབ་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །མོན་གྲེ་གནམ་ལ་རང་ཐག་བསྐོར། །མོན་གྲུ་གནམ་སྨན་སྟ་རེ་ཕྱར། །ཁྲུམས་སྟོད་ཁྲུམས་སྨད་ས་འཛིན་ས་བདག་གནོན། །ནམ་གྲུ་རྒན་མོ་མགྱོགས་བྱེད་རྟ་ཡི་གདན། །ཐ་སྐར་གནམ་གྱི་དབྱུ་གུ་འཕེན། །བྲ་ཉེ་ཕུང་གསུམ་གནམ་ཁྱི་ནག་པོ་འགྱེད། །བྱང་ཕྱོགས་ཆུ་ལ་དབང་བའི་སྐར་མ་བདུན། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ནུབ་སྐར་བདུན་གྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། ཀྱཻ། དབུས་ཀྱི་ས་བདག་ཧང་ཕན་སྦྲུལ་སེར་མདངས་དང་ལྡན། །གསེར་གྱི་བ་དན་ཕྱུར་ནས་དཔྱིད་ཟླ་ར་བའི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཐེ་སེ་རྒྱལ་པོ་རྣོ་མཚོན་འབར་བའི་དབུས། །གཡུ་འབྲུག་བཟུང་ནས་སྟོན་ཟླ་ཐ་ཆུང་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྷོ་ནས་ཙང་ཀུན་གསེར་གྱི་གོ་ཆ་ཅན། །རལ་གྲི་ཐོགས་ནས་དགུན་ཟླ་ར་བའི་

p. 200

བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ནུབ་ནས་ཧང་ཕན་ནག་པོ་ནི། །མི་ལུས་གཡུ་ཡི་ལ་ཐོད་ཅན། །མདུང་ཐུང་ཐོགས་ནས་དཔྱིད་ཟླ་འབྲིང་པོའི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བྱང་ནས་བེའུ་སྣ་གཟིག་གི་མཇུག་མ་ཅན། །སྦྲུལ་ཞགས་ཐོགས་ནས་དབྱར་ཟླ་གསུམ་གྱི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བྱང་ཤར་དགྲ་འདུལ་གསེར་གྱི་སླག་པ་ཅན། །ཤེལ་གྱི་རུ་མཚོན་ཕྱར་ནས་དཔྱིད་ཟླ་ཐ་ཆུང་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཤར་ལྷོ་སེ་ཤར་སྲིད་ཀྱི་ཕུར་པ་ཅན། །མི་རྣམས་སྲོག་འཕྲོག་སྟོན་ཟླ་ཐ་ཆུང་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལྷོ་ནུབ་བུང་བ་ལྟ་བདུད་གཡུ་ཡི་མགོ་བོ་ཅན། །སྦྲུལ་ཞགས་ཐོགས་ནས་དབྱར་ཟླ་ཐ་ཆུང་བདག །

p. 201

ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ནུབ་བྱང་གནམ་བདུད་གཡུ་ཡི་མགོ་བོ་ཅན། །གནམ་མདའ་འཕེན་ནས་དགུན་ཟླ་ར་བའི་བདག །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཐེ་ཁྱིམ་བཙུན་མོ་ཉི་མའི་ལུས་པོ་ཅན། །གོ་ཟུ་གྱོན་ནས་ཁྲམ་ཤིང་ལག་ན་ཐོགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བླ་མཁྱེན་མི་ལུས་ལྕགས་ཀྱི་མདའ་གཞུ་འཕེན། །དགུན་ཟླ་གསུམ་གྱི་བདག་པོ་བྱེད། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བླ་མཁྱེན་བདུད་དུ་མ་འབེབས་ཤིག །ཧལ་ཁྱི་ནག་པོ་མི་ལུས་ཁྱི་མགོ་སྦྲུལ་མཇུག་ཅན། །ལྗགས་ནི་མེ་ཡི་ཞགས་པ་བརྐྱངས་བ་འདྲ། །ཁ་རླངས་ནག་པོ་སྤྲིན་དང་མེ་རུ་འཁྲིགས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཁྱེད་རྣམས་སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །

p. 202

ཇི་ལྟར་བྱ་བ་ངན་ཏེ་ཕུང་བར་བྱེད། །རོ་སྐྱས་བག་མ་རྣམས་ནི་ཕུང་བར་བྱེད། །དམག་དང་མཁར་ལས་དོན་གཉེར་སྔོན་ན་སྡོད། །སྣ་ཚོགས་ལས་རྣམས་ཀུན་ལ་ཕུང་བར་བྱེད། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །ས་བདག་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གནམ་ས་གཉིས་ཀྱི་དུར་ཁ་རྒྱས་ཐོབ་ཅིག །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ལོ་རྒན་དྲུག་ཅུ་སྤར་ཁམས་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱུ་སྐར་ནི། །ཉི་ཤུ་རྩ་བརྒྱད་གནམ་ས་བཅུ་གཉིས་དང་། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །ཁྱེད་ལ་གླུད་ཆེན་འདི་འབུལ་བས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །ཕོ་ཡི་ཚེ་བསྲིང་མོ་ཡི་དཔལ་བསྐྱེད་ཅིག །གཏོ་འདི་ཡག་པའི་ཡག་ཁ་ཟུང་། །དཔྱད་འདི་ཡག་པའི་གཞི་ཐིང་ཞིག །འགྲམས་གཏོའི་དུར་ཁ་རྒྱས་ཐོབ་ཅིག །འགྲམས་བཅོས་ཕྲིན་ལས་གྲུབ་པར་མཛོད། །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཀྲ་ཤིས་དར་རྒྱས་དངོས་གྲུབ་སྩོལ། །འཕགས་པ་འཇམ་དཔལ་གྱིས་མཛད་པའི་དུར་ཁ་རྒྱས་འདེབས་རྫོགས་སོ། ༈ །ཞེས་པ་ཤིང་རིས་དཀྱིལ་འཁོར་ལ་བརྒྱན་པའོ། །ཕྱེ་

p. 203

མར་དཀར་གསུམ་མངར་གསུམ་དར་ཟབ་སྣམ་རས་སྐྱེམས་རྣམས་མཆོད། དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་དབང་ཆེན་ལས། གནམ་ཁྱི་བཅོས་པ།

p. 204
p. 205

ས་བདག་དབང་ཆེན་ལས། །གནམ་ཁྱི་བཅོས་པ་བཞུགས་སོ། །གནམ་ཁྱི་སྤྱན་འདྲེན་པ་ནི། ཀྱཻ། དེ་རིང་ཡོན་བདག་འདི་ཡི་དོན་ཆེད་དུ། །ནམ་མཁའི་ལྷ་མོ་སྤུན་བདུན་དང་། །ཕོ་ཉ་གནམ་ཁྱི་འཁོར་དང་བཅས། །གནམ་ཁྱིའི་འཁྲུགས་པ་བཅོས་པའི་ཕྱིར། །བདག་ཅག་དད་པས་སྤྱན་འདྲེན་ན། །ཞི་བ་བྱང་ཆུབ་སེམས་དང་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གདུག་རྩུབ་ཐམས་ཅད་ཞི་བར་མཛོད། །མཆོད་ཡོན་དམ་པ་འབུལ་བ་ནི། །ར་བདུན་དང་ནི་ལུག་བདུན་དང་། །བུམ་པ་བདུན་དང་འོ་མའི་རྫིང་བུ་བདུན། །རལ་གྲི་བདུན་དང་མེ་ལོང་བདུན་། །མདུང་བདུན་དང་ནི་མདའ་དར་བདུན། །སྤོས་མེ་བདུན་དང་ལྷ་བཤོས་བདུན། །ལྷ་ཡི་རྒྱལ་མོ་བདུན་ལ་འབུལ། །བདག་ཅག་དད་པས་སྤྱན་འདྲེན་ན། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །ལྷ་མོའི་ཆོ་འཕྲུལ་མ་གཏོང་ཞིག །གནམ་ཁྱིའི་གདུག་པ་མ་གཏོང་ཞིག །ནད་དང་གློ་བུར་མ་གཏོང་ཞིག །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། །འཁྲུགས་པ་བཅོས་སོ་འགྲས་པ་བསྡུམས། །ཡོ་བ་སྲོངས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་གས་པ་སྦྱོར། །མཆོད་

p. 206

ཡོན་བཞེས་ལ་དགྱེས་པར་མཛོད། །སྲིད་ལ་སྨོན་ལམ་བཏབ་ཏུ་གསོལ། །ཀོང་ཙེ་ང་ཡི་བསྟན་པ་ཡང་། །འཛམ་བུའི་གླིང་དུ་དར་བར་གྱིས། །གནམ་ཁྱིའི་གདུག་པ་ཞི་བར་མཛོད། །ནད་དང་གློ་བུར་བཟློག་ཏུ་གསོལ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། །རྩ་དཀར་སྲིད་རྣམས་སྤེལ་དུ་གསོལ། །ད་ནི་གནམ་ཁྱིའི་བཅོས་པ་ནི། ཀྱཻ། ད་ནི་ས་བདག་འཁྲུགས་པ་བཅོས་པའི་ཕྱིར། །ནམ་མཁའི་ལྷ་མོ་སྤུན་བདུན་དང་། །གནམ་ཁྱི་ནག་པོ་འཁོར་བཅས་ལ། །མཆོད་ཡོན་དམ་པ་འབུལ་བ་ནི། །ཟས་སྐོམ་རྣམ་པ་སྣ་ཚོགས་དང་། །སྤོས་དང་གུ་གུལ་དཀར་པོ་དང་། །ར་རྒྱ་བོ་མིག་བཞི་ལ་སོགས་དབང་པོ་ལྔ། །ལེ་བརྒན་དམར་པོ་འདི་དང་ནི། །འབྲང་རྒྱས་ཞལ་དཀར་འདི་འབུལ་བས། །བརྩེ་བར་དགོངས་ལ་བཞེས་སུ་གསོལ། །ཡོན་བདག་མི་ནོར་འདི་དག་ལ། །འགོང་པོའི་ཕྱག་བརྙན་མ་འགྱེད་ཅིག །སྲིད་ལ་གནོད་པ་མ་བྱེད་ཅིག །ཐེའུ་རང་གི་རྒྱབ་རྟེན་མ་བྱེད་ཅིག །གནམ་ཁྱིའི་རྒྱལ་ཁ་མ་གཏོང་ཞིག །མཐུ་དཔུང་སྟོངས་གྲོགས་མཛད་དུ་གསོལ། །སྨིན་བདུན་ནམ་མཁའི་ལྷ་མོ་དང་། །མཆོད་ཡོན་དམ་པ་འབུལ་བ་ནི། །ལེབ་

p. 207

ཕྱིང་དཀར་པོ་དང་ལུག་གྲོ་མོ་ཡོན་དུ་འབུལ། །སྨྱུག་མ་ཚིགས་བདུན་དང་། །དར་ཐག་པན་བདུན་འབུལ། །པགས་བུ་དཀར་འཁྱིལ་དང་། །སྤོས་དང་གུ་གུལ་དཀར་པོ་དང་། །གསེར་རྒོད་གཡུ་རྒོད་མཆོད་པ་འབུལ། །བརྩེ་བས་དགོངས་ལ་བཞེས་སུ་གསོལ། །གནོད་པ་སྣ་ཚོགས་མ་གཏོང་ཞིག །མཐུ་དང་སྟོངས་གྲོགས་མཛད་དུ་གསོལ། །འཁྲུགས་པ་སོལ་ལ་བསོད་ནམས་སྤེལ། །ཁྱོད་ལ་ཕྱག་འཚལ་མཆོད་པ་འབུལ། །ད་ནི་ཟ་འོག་རི་མོ་བསྒྲང་ལ་འབུལ་བ་ནི། །ནམ་མཁའི་ལྷ་མོ་སྤུན་བདུན་དང་། །གནམ་ཁྱི་ནག་པོ་འཁོར་བཅས་ལ། །ཟ་འོག་སྣ་ཚོགས་འབུལ་བ་ནི། །མཁར་དགུའི་མིག་མང་བྲིས་པ་ལ། །འཇའ་ཚོན་སྤྲིན་དཔུང་གཉན་གྱི་ཟ་འོག་དང་། །རིན་ཆེན་དྲྭ་མིག་ཚུལ་དུ་བྲིས་པ་དང་། །ཉི་ཟླ་གཟའ་སྐར་ཚུལ་དུ་བྲིས་པ་དང་། །རི་རབ་གླིང་བཞིའི་ཚུལ་དུ་བྲིས་པ་དང་། །རིན་ཆེན་ཤ་བ་དཀོར་ནོར་བཅོས་པའི་ཟ་འོག་དང་། །རྒྱ་མཚོ་འཆིང་ནམ་ཚུལ་དུ་བྲིས་པ་དང་། །གསེར་གྱི་གཡུ་འབྲུག་ཆུ་སྲིན་བཅོས་པའི་ཟ་འོག་དང་། །ལྷ་མོ་བརྒྱད་སྟོང་རོལ་མོ་བྱེད་པའི་ཟ་འོག་དང་། །དཔག་བསམ་ལྗོན་ཤིང་མེ་

p. 208

ཏོག་དང་། །གསེར་བྱིལ་གཡུ་བྱིལ་བཅོས་པའི་ཟ་འོག་དང་། །ཤུག་ཁྱིམ་འཁོར་བཅས་རིན་ཆེན་ལ། །སྣ་ཚོགས་རིན་ཆེན་བྲིས་པའི་ཟ་འོག་དང་། །ཧ་ལོ་མེ་ཏོག་བྲིས་པའི་ཟ་འོག་དང་། །འདབ་ཆགས་རྨ་བྱ་བྲིས་པའི་གཟུགས་བརྙན་དང་། །སེར་ཆེན་དང་ནི་གུར་ཐབས་དང་། །སེང་གེ་ཟ་བེར་ལྷ་ཡི་གཡུང་དྲུང་ཚུལ་དུ་བྲིས་པའི་ཟ་འོག་དང་། །སྨྱུག་མ་བལ་ཚོན་རྒྱན་དང་ཆས། །དཔག་བསམ་ལྗོན་ཤིང་ཚུལ་དུ་བྱས་པ་ནི། །མཆོད་ཡོན་དམ་པ་འདི་འབུལ་ན། །བཞེས་ནས་སྡོང་གྲོགས་མཛད་དུ་གསོལ། །འཁྲུགས་པ་བཅོས་སོ་འགྲས་པ་སྡུམས། །གནམ་ཁྱིའི་འཁྲུགས་པ་ཡོན་གྱིས་བཅོས། །ཅེས་གནམ་ཁྱིའི་བཅོས་རྫོགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། ཤུ་བྷཾ།

ས་བདག་དབང་ཆེན་ལས། གནམ་ཁྱིའི་འཁོར་མདོས།

p. 209

ས་བདག་དབང་ཆེན་ལས། །གནམ་ཁྱིའི་འཁོར་མདོས་བཞུགས་སོ། །གནམ་ཁྱིའི་བཅོས་ཐབས་ལ། །ཕྱིང་དཀར་སྟེང་དུ་ཁྱི་བདུན། འཁོར་སྐྱ་མི་ལྔ། སྡེ་བརྒྱད་བཤོས་བུ། གཡག་ལུག་ར་གསུམ། མཆོད་པ་རྣམ་ལྔ། ཤ་ཕུད་ཆང་ཕུད། དར་ཚོན། བྱ་སྤུ་ལ་སོགས་པས་བརྒྱན། རལ་གྲི། མདའ་འཕང་ནམ་མཁའ་རྒྱང་བུ་ལྔ་རེ། འབྲུ་སྣ་ཚོགས་བསགས་ལ་འདི་སྐད་དོ། ཀྱཻ། ཤར་གྱི་གནམ་ཁྱི་དཀར་པོ་ལ། །འབྲང་རྒྱས་ཞལ་དཀར་འདི་འབུལ་ལོ། །ནམ་མཁའ་བཤོས་ཕྲན་འདི་འབུལ་ལོ། །དར་ཚོན་བལ་ཚོན་འདི་འབུལ་ལོ། །མི་དཀར་རྟ་དཀར་འདི་འབུལ་ལོ། །མི་བུ་འདི་ལ་མ་གནོད་ཅིག །ཁ་འཛིན་དཔུང་རོགས་རྒྱབ་རྟེན་མཛོད། །ཁྱེད་ལ་སྔ་མའི་གཏང་རག་གཏོང་། །ཁྱེད་ལ་ཕྱི་མའི་ཞུ་སྐྱེམས་འབུལ། །སྔགས་འཆང་རྣལ་འབྱོར་བདག་ཅག་གི །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །མགོ་ནི་ཚལ་པ་བརྒྱ་རུ་འགས། །སྙིང་ནི་དུམ་བུ་སྟོང་དུ་གཏུབ། །དེ་བས་བཀའ་དང་དམ་ལ་མ་འདའ་ཞིག །ཤར་ཕྱོགས་སྐར་མ་བདུན་པོ་ལ། །གནམ་ཁྱིའི་བུ་མོ་སྤུན་བདུན་གཏམས། །མི་བུ་འདི་ལ་མགོན་སྐྱབས་མཛོད། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །ནག་པོ་ཟ་

p. 210

ལེ་འབྲི་བརྒྱ་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱ་འབུལ། །ཁྲ་བོ་གུ་རུ་རྟ་བརྒྱ་འབུལ། ཀྱཻ། ལྷོ་ཕྱོགས་གནམ་ཁྱི་སེར་པོ་ལ། །འབྲང་རྒྱས་ཞལ་དཀར་འདི་འབུལ་ལོ། །ནམ་མཁའ་བཤོས་ཕྲན་འདི་འབུལ་ལོ། །དར་ཚོན་བལ་ཚོན་འདི་འབུལ་ལོ། །འབྲུ་ཟན་སྣ་ཚོགས་འདི་འབུལ་ལོ། །མི་སེར་རྟ་སེར་འདི་འབུལ་ལོ། །མི་བུ་འདི་ལ་མ་གནོད་ཅིག །ཁ་འཛིན་རྒྱབ་རྟེན་དཔུང་གྲོགས་མཛོད། །ཁྱེད་ལ་སྔ་མའི་གཏང་རག་གཏོང་། །ཁྱེད་ལ་ཕྱི་མའི་ཞུ་སྐྱེམས་འབུལ། །སྔགས་འཆང་རྣལ་འབྱོར་བདག་ཅག་གི །ཟློབཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །མགོ་ནི་ཚལ་པ་བརྒྱ་རུ་འགས། །སྙིང་ནི་དུམ་བུ་སྟོང་དུ་གཏུབ། །དེ་ཕྱིར་བཀའ་དང་དམ་ལ་མ་འདའ་ཞིག །ལྷོ་ཕྱོགས་སྐར་མ་བདུན་པོ་ལ། །གནམ་ཁྱི་བུ་མོ་སྤུན་བདུན་གཏམས། །མི་བུ་འདི་ལ་མགོན་སྐྱབས་མཛོད། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །ནག་པོ་ཟ་ལེ་འབྲི་བརྒྱ་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱ་འབུལ། །ཁྲ་བོ་གུ་རུ་རྟ་བརྒྱ་འབུལ། ཀྱཻ། ནུབ་ཕྱོགས་གནམ་ཁྱི་དམར་པོ་ལ། །འབྲང་རྒྱས་ཞལ་དཀར་འདི་འབུལ་

p. 211

ལོ། །ནམ་མཁའ་བཤོས་ཕྲན་འདི་འབུལ་ལོ། །དར་ཚོན་བལ་ཚོན་འདི་འབུལ་ལོ། །འབྲུ་ཟན་སྣ་ཚོགས་འདི་འབུལ་ལོ། །མི་དམར་རྟ་དམར་འདི་འབུལ་ལོ། །མི་བུ་འདི་ལ་མ་གནོད་ཅིག །ཁ་འཛིན་རྒྱབ་རྟེན་དཔུང་གྲོགས་མཛོད། །ཁྱེད་ལ་སྔ་མ་ལེགས་པའི་གཏང་རག་གཏོང་། །ཁྱེད་ལ་ཕྱི་མའི་ཞུ་སྐྱེམས་འབུལ། །སྔགས་འཆང་རྣལ་འབྱོར་བདག་ཅག་གི །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །མགོ་ནི་ཚལ་པ་བརྒྱ་རུ་འགས། །སྙིང་ནི་དུམ་བུ་སྟོང་དུ་གཏུབ། །དེ་ཕྱིར་བཀའ་དང་དམ་ལ་མ་འདའ་ཞིག །ནུབ་ཕྱོགས་སྐར་མ་བདུན་པོ་ལ། །གནམ་ཁྱི་བུ་མོ་སྤུན་བདུན་གཏམས། །མི་བུ་འདི་ལ་མགོན་སྐྱབས་མཛོད། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །ནག་པོ་ཟ་ལེ་འབྲི་བརྒྱ་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱ་འབུལ། །ཁྲ་བོ་གུ་རུ་རྟ་བརྒྱ་འབུལ། ཀྱཻ། བྱང་ཕྱོགས་གནམ་ཁྱི་ལྗང་གུ་ལ། །འབྲང་རྒྱས་ཞལ་དཀར་འདི་འབུལ་ལོ། །ནམ་མཁའ་བཤོས་ཕྲན་འདི་འབུལ་ལོ། །དར་ཚོན་བལ་ཚོན་འདི་འབུལ་ལོ། །འབྲུ་ཟན་སྣ་ཚོགས་འདི་འབུལ་ལོ། །མི་སྔོན་རྟ་སྔོན་

p. 212

འདི་འབུལ་ལོ། །མི་བུ་འདི་ལ་མ་གནོད་ཅིག །ཁ་འཛིན་རྒྱབ་རྟེན་དཔུང་གྲོགས་མཛོད། །ཁྱེད་ལ་སྔ་མ་ལེགས་པའི་གཏང་རག་གཏོང་། །ཁྱེད་ལ་ཕྱི་མའི་ཞུ་སྐྱེམས་འབུལ། །སྔགས་འཆང་རྣལ་འབྱོར་བདག་ཅག་གི །བཀའ་དང་དམ་ལ་མ་འདའ་ཞིག །བཀའ་དང་དམ་ལ་འདས་གྱུར་ན། །མགོ་ནི་ཚལ་པ་བརྒྱ་རུ་འགས། །སྙིང་ནི་དུམ་བུ་སྟོང་དུ་གཏུབ། །དེ་ཕྱིར་བཀའ་དང་དམ་ལ་མ་འདའ་ཞིག །བྱང་ཕྱོགས་སྐར་མ་བདུན་པོ་ལ། །གནམ་ཁྱི་བུ་མོ་སྤུན་བདུན་གཏམས། །མི་བུ་འདི་ལ་མགོན་སྐྱབས་མཛོད། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །ནག་པོ་ཟ་ལེ་འབྲི་བརྒྱ་འབུལ། །ཁམ་པ་འགྱིང་བ་གཡག་བརྒྱ་འབུལ། །ཁྲ་བོ་གུ་རུ་རྟ་བརྒྱ་འབུལ། །བུ་ཚ་བུ་མོའི་སྲོག་ལ་མ་གནོད་ཅིག །ཆུང་སྲི་རྐུན་བུ་མ་གཏོང་ཞིག །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཅིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གནམ་ཁྱི་འཁོར་མདོས་ཀྱི་བཅའ་ཀ་གླུད་རྫོང་ཨ་རཱ་གས་མཛད་པ་རྫོགས་སོ།། །།སརྦ་མངྒ་ལཾ། །དགེའོ།། །།

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་ཚེ་དཔལ་གཡང་སྐྱབས་བཀྲ་ཤིས་ཕུན་ཚོགས་རྒྱུད་ཀྱི་ཚེ་གཡང་རིན་ཆེན་དཔལ་ཁེབས།

p. 213

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་པ་ཡོ་བཅོས་ལས་ཚེ་དཔལ་གཡང་སྐྱབས་བཀྲ་ཤིས་ཕུན་ཚོགས་རྒྱུད་ཀྱི་ཚེ་གཡང་རིན་ཆེན་དཔལ་ཁེབས་ཞེས་བྱ་བ་བཞུགས་སོ།།

p. 214

བླ་མ་རྣམས་དང་དཀོན་མཆོག་གསུམ། །ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །ནོར་ལྷ་གཏེར་བདག་རྣམས་ལ་འདུད། །མི་ནོར་ཟས་གསུམ་ལ་སོགས་གཡང་ཉམས་ཤིང་དབུལ་བ་དང་། གོད་ཁ་མང་བ་དང་། དུར་ཉེས་པ་དང་། རྟག་ཏུ་ལོ་ཉེས་པ་དང་། རྨོངས་འདྲེ་ལངས་ནས་ཉེས་པ་ཡིན་པས། གཡང་སྐྱབས་དང་གཡང་ལེན་པར་བཤད། དེའི་བྱ་ཐབས་ནི། གཞི་དཀར་པོའི་སྟེང་དུ་ནས་ཀྱི་ར་བ། དེའི་ཕྱི་རིམ་གཡང་ཤིང་གི་ར་བ། སྤེན་དཀར་སུར་དཀར་མཁན་དཀར་སོགས་ཀྱི་ར་བས་བསྐོར། རྩྭ་དུར་བ་ཀུ་ཤས་བསྐོར་དཔུང་བརྩེགས། སོག་བལ་མར་གྱི་པུ་ལུ། མངར་གསུམ་རྣམས་དང་ནས་ཀྱི་ཚོམ་བུ། གཡང་གི་རྟེན་ལ་སེང་ལྡེང་ཕུར་པ། མེ་ལོང་མདའི་སྨྱུག་མ་ལ་དར་ལིང་དཀར་

p. 215

པོ་བཏགས་པ་ལ། རིན་པོ་ཆེ་གཡུ་ལ་སོགས་པ། སྲུང་སྐུད་དཀར་པོ་མང་པོ། ལུག་ཤ་ལག་པ་གཡས་པ། ལུག་མགོ་ནམ་ཚོང་། མར་གྱི་བ་དཀར་མོ། གཡང་གི་གཏོར་མ་དཔེའུ་རིས་ལྟར་རིན་ཆེན་ཟུར་བརྒྱད་པ། གཡང་ཟན་ལྡིར་བ། ཚེ་ཟན་རིན་ཆེན་འབར་བ། ཕྱེ་མར་སྣ་ཚོགས། འབྲུ་སྣ་ཚོགས། གཡང་སྐྱབས་རྒྱས་བསྡུས་གང་བྱེད་ཀྱང་། །གཡང་ཕོར་ནང་དུ་མར་ཁུའི་མཚོ། །ཇ་དང་འོ་མ་ཆང་གི་རྒྱ་མཚོ། ཟས་སྣ་མང་པོ། རྟ་ལུག་འབྲི་ལ་སོགས་པ་གཟུགས་འགྲོས་མང་པོ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་མཆོད་གཏོར། ཕྱོགས་སྐྱོང་དང་གཞི་བདག་རྣམས་ལ་མཆོད་པ་འབྱོར་ཚད་བཤམས། རང་གཞན་གྱི་དོན་དུ་སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ཡི་དམ་གང་རུང་ངམ་དབང་ཆེན་བསྒོམ། དང་པོ་

p. 216

དུག་ཕྱུང་། ཁྲུས་བྱ། བགེགས་གཏོར་བཏང་། མཚམས་གཅོད་བྱ། དེ་ནས་གཡང་རབས་ཚང་བར་བརྗོད་པ་ནི། ཀྱཻ། དང་པོ་བཀའ་འདི་ཡར་ལྟོས་ལ། །ལྷ་རི་མཐིལ་གྱི་མཐིལ་སྟོད་ལ། །ལྷ་རི་གང་བ་ཡ་ཐ་ནས། །ལྷ་ཀོང་ཙེ་རྒྱལ་པོས་ས་དཔྱད་བྱས། །ཡང་རྩེ་རྒྱལ་པོས་རྩིས་དཔྱད་བྱས། །ཇི་ཙེ་རྒྱལ་པོས་ཚེ་དཔལ་བསྐྱེད། །ལིང་ཕྱིང་དཀར་པོའི་གདན་ཞིག་བཏིང་། །སྔོན་མོ་ནས་ཀྱི་ཕྱུག་པོ་སྤུངས། །བསང་ཤིང་རྩི་ཤིང་ར་བས་བསྐོར། །མདའ་དར་དཀར་པོ་རྟེན་དུ་བཙུགས། །དེ་ལ་དངུལ་དཀར་མེ་ལོང་དང་། །རིན་ཆེན་སྣ་ལྔའི་དར་སྣ་བཏགས། །མི་ཡི་ཚེ་གཡང་བསྐྱེད་པ་ནི། །ཡང་ཙེ་རྒྱལ་པོའི་ཕྱག་ཏུ་ཕུལ། །ཇི་ཙེ་རྒྱལ་པོའི་ཕྱག་ཏུ་གཏད། །ཇི་ཙེ་རྒྱལ་པོས་གཡང་སྡུས་པས། །སྦ་སྨྱུག་ཤུག་པ་སུར་དཀར་དང་། །དར་དཀར་རས་དཀར་ཡོལ་བ་བྲེས། །དཀོན་མཆོག་མཆོད་རྫས་སྣ་ཚོགས་བཤམས། །ཚེ་གཡང་རྟེན་པའི་མཆོད་པ་དང་། །སྐྱེམས་འཕང་ཆང་གི་མཚོ་མོ་འཁྱིལ། །ཇ་དང་མར་ཁུ་འོ་མ་དང་། །གཡང་མོ་ལུག་གི་སྟོད་ཤ་དང་། །ལུག་མགོ་བྲང་ལུམ་འབྲང་རྒྱས་དང་། །ཕྱེ་མར་འོ་ཀོན་ཕུད་ཀྱིས་མཆོད། ེ་ལར་མཆོད་པའི་

p. 217

ཡོན་ཏན་གྱིས། །མི་ནོར་འཕན་དར་པུ་རུ་རུ། །བཙན་ཕྱུགས་འཕན་དར་ཀྱི་ལི་ལི། །ཕྱ་དང་གཡང་རྣམས་མེ་རེ་རེ། །མི་ནོར་འཕན་དར་ཇེ་འབེབས་སོགས། །སྔོན་གྱི་སྲིད་པའི་དཔེ་བཞིན་དུ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །ལིང་ཕྱིང་དཀར་པོའི་གདན་ཞིག་བཏིང་། །སྔོན་མོ་ནས་ཀྱི་ཚོམ་བུ་བཀོད། །དཀོན་མཆོག་མཆོད་པ་རྒྱ་ཆེན་བཤམས། །མདའ་གསུམ་རྨོས་པའི་ཐོག་ཕུད་དང་། །མཁྱེན་ལུག་རྙིང་པ་སོ་ཚང་གི །མགོ་དང་སྟོད་ཤ་ནམ་ཚོང་དང་། །ལག་པ་གཡས་པ་གཡང་གི་རྟེན། །མཚུངས་ཟན་འབྲང་རྒྱས་ཞལ་དཀར་དང་། །གཡང་སྤེལ་གཡང་ཟན་ལྡིར་བ་དང་། །ཚེ་ཟན་རིན་ཆེན་སྤུངས་པ་དང་། །ཚེ་རྒྱས་ནོར་བུ་འབར་བ་དང་། །འདོད་འཇོའི་བ་མོ་་དཀར་མོ་དང་། །གཡང་ཕུར་སེང་ལྡེང་ཕུར་པ་དང་། །སྦ་སྨྱུག་ཀུ་ཤ་དུར་བ་དང་། །ཇ་ཕུད་ཆང་ཕུད་མར་ཁུ་དང་། །འོ་མ་ལ་སོགས་གཡང་རྟེན་མཚོ། །རྟ་ནོར་ལ་སོགས་གཡང་གི་རྟེན། །ཕུན་སུམ་ཚོགས་པའི་མཆོད་པ་ཡི། །བཤམས་པའི་གནས་མཆོག་དམ་པ་འདིར། །རྒྱུ་སྦྱོར་ཡོན་བདག་འདི་དག་གིས། །ཚེ་དཔལ་མགོན་སྐྱབས་མཆོད་པའི་

p. 218

ཕྱིར། །དེ་ནས་ཚེ་ལྷ་གཡང་ལྷ་རྣམས་སྤྱན་འདྲེན་པ་ནི། ལྷ་དཀོན་མཆོག་གསུམ་པོ་སྤྱན་འདྲེན་ནོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་འཁོར་དང་བཅས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །འོག་མིན་གནས་མཆོག་དམ་པ་ནས། །རྡོ་རྗེ་འཆང་ནས་བརྒྱུད་པའི་བར། །བཀའ་བརྒྱུད་བླ་མ་དམ་པ་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །ཀུན་ཏུ་བཟང་པོས་གཙོར་མཛད་

p. 219

པའི། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་དང་། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །ཤར་གྱི་ཕྱོགས་ན་བཞུགས་པ་ཡི། །རྡོ་རྗེ་སེམས་དཔའི་ཚོགས་བཅས་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །ལྷོ་ཡི་ཕྱོགས་ན་བཞུགས་པ་ཡི། །རིན་ཆེན་འབྱུང་ལྡན་འཁོར་དང་བཅས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །ནུབ་ཀྱི་ཕྱོགས་ན་བཞུགས་པ་ཡི། །སྣང་བ་མཐའ་ཡས་འཁོར་དང་བཅས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་

p. 220

རློབས། །བྱང་གི་ཕྱོགས་ན་བཞུགས་པ་ཡི། །དོན་ཡོད་གྲུབ་པ་འཁོར་དང་བཅས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །དབུས་ཀྱི་ཕྱོགས་ན་བཞུགས་པ་ཡི། །རྣམ་པར་སྣང་མཛད་འཁོར་བཅས་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །སངས་རྒྱས་སྤྱན་དང་མ་མཱ་ཀི། །གོས་དཀར་མོ་དང་དམ་ཚིག་སྒྲོལ། །དབྱིངས་ཕྱུག་མ་ལ་སོགས་པ་ཡི། །ཡུམ་ཆེན་ལྔ་ཡི་ལྷ་ཚོགས་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །རྡོ་རྗེ་ཕག་མོས་གཙོར་མཛད་ཅིང་། །མཁའ་འགྲོ་མ་ཚོགས་རྒྱ་མཚོ་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་

p. 221

ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །བསིལ་བ་ཚལ་གྱི་དུར་ཁྲོད་དང་། །སྟེང་འོག་ཕྱོགས་མཚམས་སོ་སོ་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་རྣམས། །ལྷ་ཚོགས་མ་ལུས་ཐམས་ཅད་ཀུན། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། ཀྱཻ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཛམ་བྷ་ལ་དང་ཀུ་བེ་ར། །ནོར་བུ་བཟང་དང་གང་བ་བཟང་། །ཡང་དག་ཤེས་དང་འགྲོག་གནས་དང་། །ལྔས་རྩེན་ཛི་བྷི་ཀུཎྜ་ལཱི། །ཕྱུགས་ལྷ་ལྷ་མོ་ནོར་རྒྱུན་མ། །ནོར་ལྷའི་ཚོགས་རྣམས་མ་ལུས་ཀུན། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། ཀྱཻ། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ཕྱི་རྒྱུད་འཇིག་རྟེན་སྲུང་མའི་ཚོགས། །མ་ལུས་འཁོར་དང་བཅས་པ་རྣམས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །

p. 222

བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་དཔལ་གཡང་སྐྱོབས་བྱིན་གྱིས་རློབས། །བཛྲ་ས་མཱ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལ་ཡེ་ཧཱུྃ། དེ་ནས་ཕ་མཚུན་དང་། ལྷ་མཚུན། ཡུལ་ལྷ་གཉན་པོ་རྣམས་དར་དཀར་ཡབ་མོས་སྤྱན་འདྲེན་པ་ནི་འདི་སྐད་དོ།། ཀྱཻ། ལྷ་མཚུན་གཉན་པོ་སྤྱན་འདྲེན་ནོ། །མ་མཚུན་གཉན་པོ་སྤྱན་འདྲེན་ནོ། །ཡང་མྱེས་སྲས་བཙུན་སྤྱན་འདྲེན་ནོ། །དེ་མི་ངོ་གསུམ་གྱི་དགྲ་ལྷ་ཡིན། །དགྲ་ལྷ་གསུམ་པོ་སྤྱན་འདྲེན་ནོ། །ཕ་ལྷ་གཉན་པོ་སྤྱན་འདྲེན་ནོ། །མ་ལྷ་གཉན་པོ་སྤྱན་འདྲེན་ནོ། །ཞང་ལྷ་གཉན་པོ་སྤྱན་འདྲེན་ནོ། །མ་ཕྱི་གཉན་པོ་སྤྱན་འདྲེན་ནོ། །སྲོག་ལྷ་གཉན་པོ་སྤྱན་འདྲེན་ནོ། །དགྲ་ལྷ་གཉན་པོ་སྤྱན་འདྲེན་ནོ། །ཡུལ་ལྷ་གཉན་པོ་སྤྱན་འདྲེན་ནོ། །བཟང་བྱེད་ཡག་བྱེད་སྤྱན་འདྲེན་ནོ། །མཁར་ལྷ་རྩེ་རྒྱལ་སྤྱན་འདྲེན་ནོ། །སྦྲ་ལྷ་རི་བོ་སྤྱན་འདྲེན་ནོ། །སྒོ་ལྷ་སྟག་གཡག་སྤྱན་འདྲེན་ནོ། །ཞིང་ལྷ་ཚངས་པ་སྤྱན་འདྲེན་ནོ། །ཁྱིམ་ལྷ་གེ་ཐུང་སྤྱན་འདྲེན་ནོ། །མ་ལྷ་བུ་རྫི་སྤྱན་འདྲེན་ནོ། །ཐབ་ལྷ་ཡུ་མོ་སྤྱན་འདྲེན་ནོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དར་དཀར་གཡབ་མོས་མྱུར་དུ་སྤྱན་འདྲེན་

p. 223

ནོ། །བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོཿ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཨོཾ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧ་བྷྲཱུྃ། ཨོཾ་ཨཱཿཧཱུྃ། ཨོཾ་བྷྲཱུྃ། བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ། ཨཱ་ཡུ་ཥེ་ཛྷཱ་ན་ལ་སུ་ནི་ཧཱུྃ། ཨོཾ། བདེ་སྐྱིད་དཔལ་དང་གཡང་རྣམས་བརྟན། །དོ་ནས་ནོར་ལྷའི་གཟུངས་སྔགས་རྣམས་ཀྱང་བརྗོད་པར་བྱའོ། །དེ་ནས་ཕྱག་འཚལ་ཞིང་སྡིག་པ་བཤགས་པ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་དང་། །རྡོ་རྗེ་འཆང་ནས་བཀའ་བརྒྱུད་ཀྱི། །བླ་མ་དམ་པ་ཐམས་ཅད་རྣམས། །ཡི་དམ་ལྷ་ཚོགས་ཐམས་ཅད་དང་། །བཀའ་སྲུང་ཆོས་སྐྱོང་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས། །རྗེས་སུ་ཡི་རང་ཆོས་འཁོར་བསྐོར། །དགེ་རྩ་བླ་མེད་བྱང་ཆུབ་བསྔོ། །དེ་ནས་མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཆོས་སྐྱོང་མ་མགོན་བསྟན་སྲུང་ཚོགས། །ནོར་ལྷ་མཆེད་བརྒྱད་ཕྱོགས་སྐྱོང་བཅུ། །མཆོད་པར་འོས་པ་ཐམས་ཅད་ལ། །ཡན་ལག་བརྒྱད་ལྡན་མཆོད་པ་འབུལ། །ཆུ་སྐྱེས་མཛེས་པའི་མཆོད་པ་འབུལ། །དྲི་བཟང་སྤོས་མཆོག་

p. 224

མཆོད་པ་འབུལ། །གསལ་བྱེད་འབྲུ་མར་མར་མེ་འབུལ། །ངད་བཟང་ལྡན་པའི་དྲི་མཆོག་འབུལ། །རོ་མཆོག་ལྡན་པའི་ཞལ་ཟས་འབུལ། །ཡིད་འོང་སྒྲ་སྙན་རོལ་མོ་འབུལ། །མཆོད་ཡོན་དམ་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གཡང་སྐྱབས་བྱིན་རླབས་མཛད་དུ་གསོལ། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །དར་རྒྱས་ཆོས་སྲིད་རྒྱས་པ་དང་། །བསོད་ནམས་ཟས་ནོར་འཕེལ་བ་དང་། །བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ། ཀྱཻ། གཞན་ཡང་མཆོད་པ་འབུལ་བ་ནི། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །།སྤྱན་ལ་མཛེས་པའི་གཟུགས་མཆོག་རྣམས། །མཆོད་འོས་ལྷ་ཚོགས་རྣམས་ལ་མཆོད། །སྙན་ལ་མཛེས་པའི་སྒྲ་མཆོག་རྣམས་། །མཆོད་འོས་ལྷ་ཚོགས་རྣམས་ལ་མཆོད། །ཤངས་ལ་མཛེས་པའི་དྲི་མཆོག་རྣམས། །མཆོད་འོས་ལྷ་ཚོགས་རྣམས་ལ་མཆོད། །ལྗགས་ལ་མཛེས་པའི་ཟས་མཆོག་རྣམས། །མཆོད་འོས་ལྷ་ཚོགས་རྣམས་ལ་མཆོད། །སྐུ་ལ་མཛེས་པའི་ན་བཟའི་ཚོགས། །མཆོད་འོས་ལྷ་ཚོགས་རྣམས་ལ་མཆོད། །འདོད་ཡོན་ལྔ་ཡི་མཆོད་པ་རྣམས། །

p. 225

མཆོད་པ་དམ་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གཡང་སྐྱབས་བྱིན་རླབས་མཛད་དུ་གསོལ། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །དར་རྒྱས་ཆོས་སྲིད་རྒྱས་པ་དང་། །བསོད་ནམས་ཟས་ནོར་འཕེལ་བ་དང་། །བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ། །དེ་ནས་གཡང་མཚོ་བདུད་རྩིའི་མཆོད་པ་ནི། ཀྱཻ། དེ་རིང་རྒྱུ་སྦྱོར་ཡོན་བདག་དང་། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །རིན་ཆེན་ས་གཞི་གཙང་མ་ལ། །དྲ་ཕྱིང་དཀར་པོའི་གདན་ཡང་བཤམས། །སྔོན་མོ་རིན་ཆེན་ནས་ཚོམ་སྤུངས། །ཡར་མཆོད་བསང་ཤིང་ར་བས་བསྐོར། །རིན་ཆེན་སྣ་ཚོགས་སྣོད་ཡངས་སུ། །ཇ་ཆང་མར་ཁུ་འོ་མ་དང་། །མཆོད་པའི་གཡང་མཚོ་བསྐྱིལ་བ་འདི། །རྒྱུན་ཆད་མེད་པ་བདུད་རྩིའི་མཚོ། །གཡང་གི་མཚོ་མོར་བྱིན་གྱིས་བརླབས། །བྱིན་རླབས་མཚོ་མོ་མེ་རེ་རེ། །ཟག་མེད་ཆུ་རྒྱུན་ན་ར་ར། །གཡང་འཕེལ་བདུད་རྩིའི་རྒྱ་མཚོ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་མ་མགོན་བསྟན་སྲུང་རྣམས། །ནོར་ལྷ་མཆེད་བརྒྱད་ཕྱོགས་སྐྱོང་བཅུ། །གཏེར་བདག་མཆོད་འོས་ཚོགས་བཅས་ལ། །

p. 226

མཆོད་པ་དམ་པ་འབུལ་བར་བགྱི། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །གཡང་སྐྱོབས་བྱིན་གྱིས་བརླབ་ཏུ་གསོལ། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །དར་རྒྱས་ཆོས་སྲིད་རྒྱས་པ་དང་། །བསོད་ནམས་ནོར་ཟས་སྤེལ་བ་དང་། །བཙན་ཕྱུག་འཕེན་གསུམ་དངོས་གྲུབ་སྩོལ། །དེ་ནས་གཡང་གི་གཏོར་མའི་མཆོད་པ་ནི། ཀྱཻ། དེ་རིང་བདག་ཅག་ཡོན་མཆོད་ཀྱི། །རིན་པོ་ཆེ་ཡི་སྣོད་ནང་དུ། །མཆོད་གཏོར་གཡང་དཔེ་ཟུར་བརྒྱད་འདི། །རི་བོ་མཆོག་རབ་དཔེ་བླངས་ཡིན། །གྲུ་བཞི་ཟུར་བརྒྱད་རྩེ་དང་དགུ། །ཉི་ཟླ་པད་ཁུང་རྒྱན་དང་ལྡན། །ཟས་མཆོག་སྣ་ཚོགས་དག་གིས་བརྒྱན། །བང་རིམ་བཞི་དང་མུ་ཁྱུད་གསུམ། །ངོ་མཚར་ཆེ་བའི་རྟེན་འབྲེལ་འགྲིགས། །རྩེ་མོ་མཐོ་བས་རི་རབ་འདྲ་། །ལོགས་བཞི་ཡོད་པས་གླིང་བཞི་འདྲ། །ཟུར་བཞི་ཡོད་པས་གླིང་ཕྲན་འདྲ། །བང་རིམ་ཡོད་པས་མཆོད་རྟེན་འདྲ། །པདྨས་བརྒྱན་པ་དྲི་མ་མེད། །ཉི་ཟླས་བརྒྱན་པ་གླིང་བཞི་གསལ། །ནོར་བུས་བརྒྱན་པ་དགོས་འདོད་འབྱུང། །མེ་རིས་བརྒྱན་པ་བག་ཆགས་བསྲེག །མར་སྐུད་གྱེན་དུ་འཐེན་པ་དེ། །ཡོན་བདག་མི་ནོར་ཐམས་ཅད་ཀྱི། །ཚེ་

p. 227

རིང་གླུ་དག་འཐེན་པ་ཡིན། །ཟས་སྣ་མང་པོས་བརྒྱན་པ་དེ། །སྣ་ཚོགས་ཟས་སྣ་འཕེལ་གཡང་ཆེ། །འཕྲེད་དུ་མར་སྐུད་དགུ་བསྐོར་དེ། །མི་རབས་དགུ་ཡི་བར་དུ་ནི། །ཚེ་རིང་ནད་མེད་ལོངས་སྤྱོད་ཆེ། །མར་གྱི་མཐེབ་རྒྱན་མང་བ་དེ། །མི་མང་ཕྱུགས་འཕེལ་རྟེན་འབྲེལ་ཡིན། །རྩ་བར་མུ་ཁྱུད་གསུམ་བསྐོར་བས། །ཇ་ཆང་མར་ཁུ་འོ་མ་ཡིན། །ཆུ་བོ་རྒྱུན་དུ་འབེབས་པ་ཡིན། །དེ་འདྲའི་གཡང་དཔེ་ཟུར་བརྒྱད་འདི། །གཡང་གི་རྟེན་དུ་བཤམས་པ་ཡི། །བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཚེ་གཡང་ཉམས་པ་སྤེལ་དུ་གསོལ། །ནོར་གཡང་ཉམས་པ་སྤེལ་དུ་གསོལ། །རྟ་གཡང་ཉམས་པ་སྤེལ་དུ་གསོལ། །ལུག་གཡང་ཉམས་པ་སྤེལ་དུ་གསོལ། །ཟས་གཡང་ཉམས་པ་སྤེལ་དུ་གསོལ། །མཚོན་གཡང་ཉམས་པ་སྤེལ་དུ་གསོལ། །གོས་གཡང་ཉམས་པ་སྤེལ་དུ་གསོལ། །འཕེལ་བ་བརྟན་པར་མཛད་དུ་གསོལ། །དེ་ནས་ཚེ་འབྲང་འབུལ་བ་ནི། ཀྱཻ། དེ་རིང་རྣལ་འབྱོར་བདག་ཅག་དང་། །ཡོན་བདག་ཕོ་མོ་འཁོར་བཅས་ཀྱིས། །རིན་པོ་ཆེ་ཡི་སྣོད་ནང་དུ། །ཚེ་ཟན་རིན་

p. 228

ཆེན་འབར་བ་བཤམས། །དཔེ་ནི་གསེར་གྱི་བུམ་པའི་དཔེ། །པདྨ་འདབ་བརྒྱད་གདན་དུ་བྱས། །ཟེའུ་འབྲུ་བུམ་པ་ཟླུམ་པོ་བྱས། །ཚེ་དཔལ་ནོར་བུ་རྒྱན་དུ་བཏགས། །ཚེ་སྲིང་ཀུ་ཤ་རྩི་ཤིང་དང་། །ཚེ་འབྲང་མངར་གསུམ་པ་ལུ་དང་། །མར་དཀར་ཐུད་དཀར་པུ་ལུ་དང་། །འབྲས་ཕུད་ནས་ཕུད་སྟེང་དུ་བཤམས། །སྲ་བརྟན་རྡོ་རྗེ་ཕྱེད་པ་ཡང་། །རྩེ་ལྔ་པ་ཡི་རྒྱན་གྱིས་སྤྲས། །དེ་འདྲའི་ཚེ་ཟན་མཆོད་པའི་རྫས། །ཁྱད་པར་ཚེ་གཡང་ཉམས་པ་ཡི། །ཚེ་སྲིང་གཡང་རྟེན་དམ་པ་འདི། །མགོན་པོ་ཚེ་དབང་ཚེ་དཔག་མེད། །འོད་དཔག་མེད་དང་འཆི་མེད་ལྷ། །ཚེ་འཛིན་རིགས་ལྔའི་འཁོར་གྱིས་བསྐོར། །ཚེ་འཛིན་ལྷ་མོ་དཀར་མོ་ལ། །མ་ཚོགས་མཁའ་འགྲོ་སྡེ་ལྔས་བསྐོར། །ཚེ་ཡི་རིག་འཛིན་འཁོར་དང་བཅས། །མཆོད་གཏོར་དམ་པ་འབུལ་བར་བགྱི། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཚེ་གཡང་ཉམས་ནི་མ་ཉམས་ཏེ། །གལ་ཏེ་ཉམས་པར་གྱུར་ན་ནི། །བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་གཡང་བརྟན་པར་མཛད་དུ་གསོལ། །བཙན་དང་རྒྱལ་པོའི་ལག་ནས་ཚེ་ཁུག་ཅིག །

p. 229

རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་གཡང་བརྟན་པར་མཛད་དུ་གསོལ། །ཀླུ་དང་ས་བདག་ལག་ནས་ཚེ་ཁུག་ཅིག །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་གཡང་བརྟན་པར་མཛད་དུ་གསོལ། །འདྲེ་མོ་དར་སྲིའི་ལག་ནས་ཚེ་ཁུག་ཅིག །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་གཡང་བརྟན་པར་མཛད་དུ་གསོལ། །ཆུང་སྲི་བསྒྲེན་འདྲེའི་ལག་ནས་ཚེ་ཁུག་ཅིག །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་གཡང་བརྟན་པར་མཛད་དུ་གསོལ། །སྒབ་འདྲེ་ཕྱོགས་འདྲེའི་ལག་ནས་ཚེ་ཁུག་ཅིག །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་གཡང་བརྟན་པར་མཛད་དུ་གསོལ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་། །མ་མོ་ལ་སོགས་བརྟན་མར་བཅས། །ཐམས་ཅད་ལག་ནས་ཚེ་ཁུག་ཅིག །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་གཡང་བརྟན་པར་མཛད་དུ་གསོལ། །ལྷ་ཚོགས་མཐུ་རྩལ་ཅན་གྱི་ལག་ནས་ཚེ་ཁུག་ཅིག །མཆོད་པ་དམ་པ་འབུལ་བར་བགྱི། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །རིག་འཛིན་ཚེ་གཡང་བརྟན་པར་མཛོད། ཀྱཻ། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ནོར་ལྷ་མཆེད་བརྒྱད་

p. 230

གཏེར་བདག་ཚོགས། །ཚེ་དབང་རིག་འཛིན་བསྒྲུབ་པ་ཡི། །ཚེ་ཕུར་དམ་པ་མཛད་དུ་གསོལ། །ཚེ་དབང་རྒྱས་པར་མཛད་དུ་གསོལ། །ལྷ་སྲུང་ནོར་ལྷའི་ཚོགས་རྣམས་ཀྱིས་། །མཆོད་གཏོར་དམ་པ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཚེ་ཕུར་དམ་པ་མཛད་དུ་གསོལ། །ཚེ་དཔལ་རྒྱས་པར་མཛད་དུ་གསོལ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་གུ་རུ་དྷེ་ཝ་དྷཱཀྐི་ནི་ཧ་རི་ནི་ས། མ་ཧཱ་ཀཱ་ལ་ཧཱུྃ། ཨོཾ་ཨཱཿཧཱུྃ། སྐབས་འདིར་ཚེ་གཟུངས་བརྗོད། ཀྱཻ། དེ་རིང་བདག་ཅག་ཡོན་མཆོད་ཀྱིས། །རིན་ཆེན་སྣོད་མཆོག་ཞལ་བུ་དུ། །འབྲུ་མཆོག་ཕྱེ་མར་གཙང་མ་ལ། །བཟང་ལྡན་ལྡིར་བ་མེར་ཆེན་བཤམས། །མར་རྒྱན་པུ་ལུའི་རྩེ་ལ་བརྒྱན། །ནོར་བཟང་ཆས་པ་འབྲས་སྤུངས་འདྲ། །གཡང་རྟེན་ཟས་མཆོག་བཟང་པོ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་བསྟན་སྲུང་རྣམས་ལ་འབུལ། །མཆོད་གཏོར་བཟང་པོ་འདི་བཞེས་ལ། །དེ་རིང་འདིར་ཚོགས་ཡོན་བདག་ལ། །གཡང་སྐྱབས་གཡང་ལེན་དངོས་གྲུབ་སྩོལ། །བུ་ཆུང་སྲི་ལས་ཐར་བ་དང་། །ཚེ་རིང་འཕེལ་སྐྱིད་རྩེ་མཛད་གསོལ། །ཟས་མཆོག་གཡང་ཟན་ལྡིར་བ་

p. 231

འདི། །ནོར་ལྷ་བརྒྱད་དང་ཕྱོགས་སྐྱོང་བཅུ། །འཇིག་རྟེན་མཆོད་འོས་ལྷ་ཚོགས་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཡུལ་ལྷ་མགོན་བྱེད་རྣམས་ལ་འབུལ། །མཆོད་ཡོན་དམ་པ་འདི་བཞེས་ལ། །དེ་རིང་འདིར་ཚོགས་ཡོན་བདག་ལ། །གཡང་སྐྱབས་གཡང་ལེན་དངོས་གྲུབ་སྩོལ། །བུ་ཆུང་སྲི་ལས་ཐར་བ་དང་། །ཚེ་རིང་འཕེལ་སྐྱིད་མཛད་དུ་གསོལ། །མི་ནོར་འཕེལ་སྐྱིད་དངོས་གྲུབ་སྩོལ། །ཕུག་སྲིས་བང་མཛོད་གང་བ་དང་། །འཛད་མེད་གཏེར་ཁ་ཕྱེས་མཛད་གསོལ། །བསོད་ནམས་ཡིད་བཞིན་ལ་དངོས་གྲུབ་སྩོལ། །དེ་ནས་གཡང་རྟེན་གྱིས་མཆོད་པ་ནི། ཀྱཻ། དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །ཕ་མྱེས་སྤྲ་མཚུན་མཆོད་པ་དང་། །ནོར་ལྷ་དགྲ་ལྷ་མཆོད་པའི་རྫས། །གཡང་དཀར་ལུག་གི་སྟོད་ཤ་དང་། །མགོ་དང་བྲང་ལུམ་ནམ་ཚོང་དང་། །ལག་པ་གཡས་པ་བཤམས་པ་འདི། །ལུག་མགོ་འདི་ལ་རྟེན་འབྲེལ་ཆེ། །ལུག་མགོ་དགྲ་ལྷ་བརྟེན་པའི་མཁར་། །ལུག་མགོ་མ་ཡིན་ལྷ་མཁར་ཡིན། །ལྷ་མཁར་དཀར་པོའི་ནང་ཤེད་ནས། །ཀླད་སྤྲིན་རས་དཀར་གུར་ནང་དུ། །ཀླད་པ་བུདྡྷའི་ལྷ་ཚོགས་བཞུགས། །རྭ་རྩེ་

p. 232

གཡས་གཡོན་མཁར་གྱིས་བརྒྱན། །གསེར་འཕྲུ་གཡུ་འཕྲུ་རྟེན་འབྲེལ་ཚང་། །མིག་གཉིས་གསལ་བྱེད་བ་གམ་སྟེ། །ཕྱི་ནང་བར་ཆད་སྲུང་བར་བྱེད། །རྣ་བ་གཡས་གཡོན་གཡང་གི་ལྷ། །ལྷ་བདུད་གསུམ་གྱི་སོ་བ་བྱས། །སྣ་བུག་གཉིས་སུ་རླུང་བུས་པས། །དགྲ་འདྲེ་གདོན་གསུམ་ཐུར་དུ་སྡུད། །མན་འགྲམ་གཉིས་སུ་དོད་པ་དེ། །ཐབས་ཤེས་གཉིས་ཀྱི་མཚོན་ཆ་ཡིན། །གནོད་པར་བྱེད་པའི་འདྲེ་གདོན་དང་། །དམ་སྲི་ཆུང་སྲི་སྒྲལ་བར་བྱེད། །མྱུར་མགྱོགས་ལྕེ་ནི་འབའ་སྐད་བདེ། །ཡིད་འོང་ལྷ་ལུག་འབོབ་ཤེས་ཡིན། །ཡར་སྟེང་དུ་བབ་ན་གཉན་དམག་འདུ། །འོག་ཏུ་བབ་ན་ཀླུ་དམག་འདུ། །བར་གྱི་མི་ལ་བབ་ན་ལྷ་དམག་འདུ། །ལུག་མགོ་ལྷ་ཡི་མགོ་ཁང་ཡིན། །དེ་ཕྱིར་གཡང་གི་འདུ་རྟེན་ཡིན། །གཡང་དཀར་ལུག་གི་བྲང་ལུམ་འདི། །བརྟག་ན་ཡིད་བཞིན་ནོར་བུའི་དབྱིབས། །བྲང་སྟོད་མཐོ་ལ་བྲང་སྨད་སྣུམ། །ཤ་ཚིལ་འཐུག་ལ་བྲང་རྟེན་གཡང་། །འདི་མ་སྲུ་ཕྱི་མེས་གཡང་རྟེན་ཡིན། །མཚུན་རིགས་ལག་པ་གཡས་པ་འདི། །ལག་པ་མི་ཟེར་ལེགས་པ་ཟེར། །ལེགས་པའི་རྟེན་འབྲེལ་མང་པོ་ཚང་། །ལག་

p. 233

ངར་མ་ཡིན་ལྷ་ངར་ཡིན། །ལྷ་ངར་དགྲ་འདྲེའི་ཐོག་ཏུ་ངར། །དཔུང་པ་མ་ཡིན་སྤུངས་པ་ཡིན། །གཡང་དང་མི་ནོར་སྤུངས་པ་ཡིན། །སླ་བ་སྣུམ་ལ་ཆེ་བ་དེ༔ །ཕུགས་སྲས་མང་ལ་སྣུམ་པའི་རྟེན། །སོག་པ་མ་ཡིན་བསོགས་པ་ཡིན། །ལྷ་སྲུང་མང་པོ་འཚོགས་རྟེན་ཡིན། །སོག་སྟོད་ཁ་གྱེར་ཆེ་བ་དེ། །བསོད་ནམས་ཁ་རྗེ་ཆེ་བའི་རྟགས། །ཤ་ཚིལ་འཐུག་ལ་རྒྱས་པ་དེ། །དགྲ་བླ་དམག་དཔུང་ཆེ་བའི་རྟགས། །དེ་ལྟར་གཡང་ལྷའི་གཏོར་རྫས་འདི། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །ཆོས་སྐྱོང་བསྟན་སྲུང་ཚོགས་བཅས་མཆོད། །གཡང་ལྷ་ནོར་ལྷ་ཐམས་ཅད་མཆོད། ཀྱཻ། ཕོ་ལྷ་དགྲ་ལྷ་མཆོད་པའི་རྫས། །སྟོད་ཤ་བྲང་ལུམ་ནམ་ཚོང་དང་། །མཚུན་དང་དགྲ་༔ ལྷ་མཆོད་པའི་རྫས། །ཡུལ་ལྷ་ཟོ་དོར་མཆོད་པར་བགྱི། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་སྤྱི་མཐུན་ལྟར་བསྟོད་པ་བྱ་བ་ནི།་སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་བསྟོད། །ཞེས་དང་། ཆོས་སྐུ་ནམ་མཁའ་

p. 234

བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པས། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཀུན་བཟང་རྡོ་རྗེ་འཆང་ཆེན་གྱི། །བཀའ་བརྒྱུད་གསང་འཛིན་བླ་མ་སོགས། །རྩ་བ་དང་ནི་བརྒྱུད་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། །རྩ་དང་ཞིང་ལ་གནས་གྱུར་པ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །དམ་ཚིག་ཅན་ལ་སྐྱོབ་མཛད་པ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །སྟོན་པའི་བསྟན་པ་རིན་པོ་ཆེ། །སྟོན་པ་ཉིད་ཀྱི་ཞབས་དྲུང་དུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་དབང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་ནོར་ལྷར་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་

p. 235

སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །བསྟོད་པ་སྤྱི་དང་མཐུན་པར་བྱས་ཤིང་རྗེས་ཀྱི་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱའོ། །རང་ཡི་དམ་གང་ཡིན་གྱི་ལྷ་གཞུང་ལྟར་རྒྱས་པར་བྱའོ། །དེ་ལྟར་ཨ་རྭགས་འཁྲུགས་བཅོས་སུ་བཞག་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྔགས་བྱང་།

p. 236
p. 237

གཞུང་ལྟར་སྔགས་དྲུག་ཕྱག་དྲུག་མཆོད་པ་བྱིན་རླབས་ནི། ཨོཾ་བྷྲཱུྃ། ཧཱུྃ་བྷྲཱུྃ། ཏྲཱྃ་བྷྲཱུྃ། ཧྲཱིཿབྷྲཱུྃ། ཧ་བྷྲཱུྃ། ཨོཾ་ཨཱཿཧཱུྃ། ལན་གསུམ། དབུས་སུ་ལྷ་མོ་ཡུམ་ཆེན་འཁོར་བཅས་ཚོགས། །ཡབ་ཡུམ་འཁོར་བཅས་གསང་བའི་མགོན་དུ་གཤེགསཾ། །ཨོཾ་བྷཾབཛྲ་ཨཱ་ཡུ་ཥེ་ཛྷཱ་ན་མ་སུ་ནི་ཧཱུྃ། ཨོཾ། བདེ་སྐྱིད་དཔལ་དང་གཡང་རྣམས་བརྟན། །ན་མོ་རཏྣ་བྷཱུཏྲ་ཡཱ་ཡ། ན་མོ་བྷེ་ཤཱ་མ་ཎ་ཡ། མ་ཧཱ་རཱ་ཛ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙན་ཙན། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀཱི་ལི་ཀཱི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སད་དྷ་ཡ་ཨདྨ་ན་ཉི་དྷུ་ཡ་ན། ཨ་ཧྥུ་ན། ཙན་ཏུ་སྭཱ་ཧཱ། ན་མོ་བྷི་ཤྭ་མ་ན་ཡ་སྭཱ་ཧཱ། ན་མོ་རཏྣ་པ་རི་པུ་ཡེ་སྭཱ་ཧཱ། ཞེས་སོ།། ༈ ཨོཾ་བེ་ཐཱ་ཝ་ཎ་ཡེ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེན་ཏྲ་ཡེ་སྭཱ་ཧཱ། ཨོཾ་བ་སུ་དྷ་རི་ནི་སྭཱ་ཧཱ། ཨོཾ་ཀུ་བེ་ར་སྭཱ་ཧཱ། སརྦ་མངྒ་ལཾ། །དགེའོ། དགེའོ། དགེའོ།། །།

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས་ཕ་མཚུན་དགྲ་ལྷའི་གཡང་སྐྱབས་ཚེ་གཡང་དཔལ་ཁེབས།

p. 238
p. 239

ས་བདག་དབང་ཆེན་སྟོང་གསུམ་འཁྲུགས་བཅོས་ལས་ཕ་མཚུན་དགྲ་ལྷའི་གཡང་སྐྱབས་ཚེ་གཡང་དཔལ་ཁེབས་ཞེས་བྱ་བ་བཞུགས་སོ། ཀྱཻ། དགྲ་བླ་དུང་ཁྲ་བབ་པ་ནི། །མིའུ་གདོང་གི་དགྲ་བླ་ཡིན། །མཆོད་དོ་དགྲ་བླ་དུང་ཁྲ་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་ཐོག་འབྲུག་གློག་གསུམ་ནི། །མིའུ་སྒ་ཡི་དགྲ་བླ་ཡིན། །མཆོད་དོ་ཐོག་འབྲུག་གློག་གསུམ་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་དུང་གཡག་དཀར་པོ་དེ། །མིའུ་འབྲུ་ཡི་དགྲ་བླ་ཡིན། །མཆོད་དོ་དུང་གཡག་དཀར་པོ་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་མཚལ་སྟག་དམར་པོ་དེ། །མིའུ་དབྲ་ཡི་དགྲ་བླ་ཡིན། །མཆོད་དོ་མཚལ་སྟག་དམར་པོ་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་དུང་མི་གཏམ་མཁན་ནི། །མིའུ་གདོང་གི་དགྲ་བླ་ཡིན། །མཆོད་དོ་དུང་

p. 240

མི་གཏམ་མཁན་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་ཀུན་ཐུབ་འཇིགས་མེད་དེ། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་ཡིན། །མཆོད་དོ་ཀུན་ཐུབ་འཇིགས་མེད་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་གཡུ་ཡི་ཁུ་བྱུག་མ། །གཏམ་སྙན་སྒྲོག་པའི་དགྲ་བླ་ཡིན། །མཆོད་དོ་གཡུ་ཡི་ཁུ་བྱུག་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་ཟློམོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་གཡུ་ཡི་ནེ་ཙོ་དེ། །བུ་སྲིང་ཡོངས་ཀྱི་དགྲ་བླ་ཡིན། །མཆོད་དོ་གཡུ་ཡི་ནེ་ཙོ་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་རྨ་བྱ་འཇོལ་མཁན་དེ། །མ་ཕྱི་ཡོངས་ཀྱི་དགྲ་བླ་ཡིན། །མཆོད་དོ་རྨ་བྱ་འཇོལ་མཁན་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། ཀྱཻ། དགྲ་བླ་བསེ་སྦལ་སྨུག་པོ་དེ། །ཡུལ་མཁར་འཇིག་པའི་དགྲ་བླ་ཡིན། །མཆོད་

p. 241

དོ་བསེ་སྦལ་སྨུག་པོ་མཆོད། །དེ་རིང་གཡང་ལེན་རྒྱབ་རྟེན་མཛོད། །དར་དཀར་གཡབ་ཅིག་གཡབ་མོ་རྒྱབ་རྟེན་མཛོད། །དེ་ནས་གཡང་རྫས་རྫོགས། གཡང་རྟེན་རྣམས་ལ་གཡང་སྡུད་པ་ནི་འདི་སྐད་དོ།།་ཀྱི། དེ་རིང་གཡང་རྟེན་དམ་པ་འདི། །ལྷ་སྨྱུག་མདའ་དར་དཀར་པོ་དང་། །སེང་ལྡེང་གཡང་ཕུར་སོར་བརྒྱད་དང་། །རིན་ཆེན་སྣ་ལྔའི་སྲུང་སྐུད་དང་། །མེ་ལོང་སྒྲོན་བུ་ཀུ་ཤ་དང་། །གཡུ་དང་ཤུག་མགོན་འབྲུ་སྣ་ཀུན། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །ཆོས་སྐྱོང་ནོར་ལྷ་གཡང་ལྷ་དང་། །དགྲ་བླ་མཆེད་བརྒྱད་བཞུགས་པའི་རྟེན། །ལྷ་ཚོགས་མ་ལུས་འཁོར་བཅས་རྣམས། །དར་དཀར་གཡབ་ཀྱིས་རྟེན་ལ་འདུས། །རྟེན་མཆོག་རྣམས་འདིར་བྱོན་པར་མཛོད། །གཉིས་མེད་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿ གཉིས་མེད་བརྟན་པར་བཞུགས་ནས་ཀྱང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །མགོན་སྐྱབས་དམ་པ་མཛད་དུ་གསོལ། །མི་ནོར་ཕྱུགས་གཡང་བསྡུས་ནས་ཀྱང་། །བསོད་ནམས་ལོངས་སྤྱོད་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་

p. 242

གྲུབ་སྩོལ། །ཅི་བསམ་འགྲུབ་པར་མཛད་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟོད་པ་འདི་ཡིས་བསྟོད་ནས། སྟོན་པ་བླ་མེད་སོགས། ༈ དབྱངས་འགུགས་ནི། ཀྱཻ། ཤར་གྱི་ཕྱོགས་ནས་གཡང་འགུགས་མ། །དཀར་མོ་ཆེན་མོ་ཞི་བའི་ཞལ། །ཕྱག་གཡས་གཡང་གི་བུམ་པ་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་གྲྭ་འུ་བསྣམས། །དྲི་ཟའི་ལག་ནས་གཡང་ཉམས་ན། །ཁམས་གསུམ་གནས་ནས་གཡང་ཁུག་ཅིག །ལྷོ་ཡི་ཕྱོགས་ནས་གཡང་འགུགས་མ། །སེར་མོ་གསེར་གྱི་ཐོར་ཚུགས་ཅན། །གཡས་ན་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་རྐྱལ་པ་བསྣམས། །ལྷོ་ཕྱོགས་གྲུལ་བུམ་ལག་ནས་གཡང་ཉམས་ན། །སྲིད་གསུམ་ལག་ནས་གཡང་ཁུག་ཅིག །གཤིན་རྗེའི་ལག་ནས་གཡང་འགུགས་མ། །གཡང་གི་དངོས་གྲུབ་དབང་སྡུད་ལ། །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །ནུབ་ཀྱི་ཕྱོགས་ནས་གཡང་འགུགས་མ། །དམར་མོ་བྱུ་རུའི་ཅོད་པན་ཅན། །གཡས་ན་བྱུ་རུའི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་རྐྱལ་པ་བསྣམས། །ཀླུ་ཡི་ལག་ནས་གཡང་ཁུག་ལ། །ཁམས་གསུམ་གནས་ནས་གཡང་

p. 243

ཁུག་ཅིག །གཡང་གི་དངོས་གྲུབ་དབང་སྡུད་ལ། །བྱང་གི་ཕྱོགས་ནས་དབང་སྡུད་མ། །སྔོན་མོ་གཡུ་ཡི་ལན་ཕྲན་ཅན། །གཡས་ན་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་སྙེ་མ་བསྣམས། །གནོད་སྦྱིན་ལག་ནས་གཡང་ཉམས་ན། །འཇིག་རྟེན་གནས་ནས་གཡང་ཁུག་ཅིག །གནོད་སྦྱིན་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །ཤར་ལྷོ་མཚམས་ནས་གཡང་འགུགས་མ། །གཙུག་ཏོར་ལྷ་མོ་གདུགས་དཀར་ཅན། །ཕྱག་ན་དུང་གི་ལྕགས་ཀྱུ་བསྣམས། །མེ་ལྷའི་ལག་ནས་གཡང་ཉམས་ན། །ཁམས་གསུམ་ལག་ནས་གཡང་དྲོངས་ལ། །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །ལྷོ་ནུབ་མཚམས་ནས་གཡང་འགུགས་མ། །རིག་པའི་རྒྱལ་མོ་ཤཱ་བ་རི། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་རྐྱལ་པ་བསྣམས། །ཞིང་ཁམས་གནས་ནས་གཡང་ཁུག་ཅིག །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །ནུབ་བྱང་མཚམས་ནས་གཡང་འགུགས་མ། །གཡང་གི་ལྷ་མོ་དབྱངས་ཅན་མ། །གཡས་ན་གཡང་གི་ཞགས་པ་བསྣམས། །གཡོན་ན་གཡང་གི་རྐྱལ་པ་

p. 244

བསྣམས། །རླུང་ལྷའི་ལག་ནས་གཡང་ཉམས་ན། །ཕྱོགས་བཅུ་ཀུན་ནས་གཡང་སྡུད་ལ། །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །བྱང་ཤར་མཚམས་ནས་གཡང་འགུགས་མ། །ཚེ་གཡང་འགུགས་བྱེད་ཙཎྜ་ལི། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་རྐྱལ་པ་བསྣམས། །དབང་ལྡན་ལག་ནས་གཡང་ཉམས་ན། །སྲིད་གསུམ་གནས་ནས་གཡང་ཁུག་ཅིག །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །ཧཱུྃ། བར་སྣང་ཁམས་ནས་གཡང་འགུགས་མ། །ལྷ་སྲིན་སྡེ་བརྒྱད་ལག་ནས་གཡང་འགུགས་མ། །གཡས་ན་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་རྐྱལ་པ་འཛིན། །བར་སྣང་ཁམས་ནས་གཡང་ཁུག་ལ། །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །མེ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཡོན་བདག་འདི་ལ་བསྲུང་དུ་གསོལ། །གཡང་གི་དངོས་གྲུབ་འདིར་སྩོལ་ཅིག །ཅེས་ཚེ་གཡང་དཔལ་ཁེབས་ཕ་མཚུན་དགྲ་བླའི་གཡང་འགུགས་ཞེས་གསེར་འོད་གཡང་སྐྱབས་དང་། ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་གང་ལའང་སྦྱར་ཆོག་ལེགས་སོ། །རཱ་ག་ཨ་སྱས་བྲིས་པའོ། །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །།

གསས་མཁར་གཡང་སྐྱབས་ས་བདག་སོགས་ལ་ཤིང་རྩི་འབུལ་བ།

p. 245

གསས་མཁར་གཡང་སྐྱབས་ས་བདག་སོགས་ལ་ཤིང་རྩི་འབུལ་བ་བཞུགས། ཀྱཻ། བྱང་ཆུབ་ཤིང་མཆོག་སྐུ་རྟེན་འདི། །འཁྲུངས་ཀྱང་རྡོ་རྗེའི་གདན་དུ་འཁྲུངས། །བཙུགས་ཀྱང་དཀོན་མཆོག་རྟེན་དུ་བཙུགས། །བསང་ཡང་དཀོན་མཆོག་གསུམ་པོ་བསང་། །ཡི་དམ་སྐུ་རྟེན་སྤོས་ཤིང་འདི། །འཁྲུངས་ཀྱང་རྡོ་རྗེ་གདན་དུ་འཁྲུངས། །བཙུགས་ཀྱང་ཡི་དམ་རྟེན་དུ་བཙུགས། །བསང་ཡང་ཡི་དམ་ལྷ་ཚོགས་བསང་། །ཆོས་སྐྱོང་སྐུ་རྟེན་བྲམ་ཤིང་འདི། །འཁྲུངས་ཀྱང་བསིལ་བ་ཚལ་དུ་འཁྲུངས། །བཙུགས་ཀྱང་ཆོས་སྐྱོང་རྟེན་དུ་བཙུགས། །བསང་ཡང་ཆོས་སྐྱོང་ཐམས་ཅད་བསང་། །ནོར་ལྷའི་སྐུ་རྟེན་བུ་རམ་ཤིང་། །འཁྲུངས་ཀྱང་ནོར་ལྷའི་ཡུལ་དུ་འཁྲུངས། །བཙུགས་ཀྱང་ནོར་ལྷའི་རྟེན་དུ་བཙུགས། །བསང་ཡང་ནོར་ལྷ་ཐམས་ཅད་བསང་། །ལྷ་ཡི་སྐུ་རྟེན་སུར་དཀར་འདི། །འཁྲུངས་ཀྱང་ལྷ་ཡི་ཡུལ་དུ་འཁྲུངས། །བཙུགས་ཀྱང་ལྷ་ཡི་ཡུལ་དུ་བཙུགས། །བསང་ངོ་ལྷ་ཁམས་ཐམས་ཅད་བསང་། །དགྲ་ལྷའི་སྐུ་རྟེན་སྦ་སྨྱུག་འདི། །སྐྱེས་ཀྱང་དགྲ་ལྷའི་ཡུལ་དུ་སྐྱེས། །བཙུགས་ཀྱང་དགྲ་ལྷའི་རྟེན་དུ་བཙུགས། །བསང་ངོ་དགྲ་ལྷ་

p. 246

ཐམས་ཅད་བསང་། །ཕོ་ལྷའི་སྐུ་ཤིང་ཨ་ག་རུ། །སྐྱེས་ཀྱང་ཕོ་ལྷའི་ཡུལ་དུ་སྐྱེས། །བཙུགས་ཀྱང་ཕོ་ལྷའི་རྟེན་དུ་བཙུགས། །བསང་ངོ་ཕོ་ལྷ་ཐམས་ཅད་བསང་། །མཚུན་གྱི་སྐུ་ཤིང་ཤུག་པ་འདི། །སྐྱེས་ཀྱང་མཚུན་གྱི་ཡུལ་དུ་སྐྱེས། །བཙུགས་ཀྱང་མཚུན་གྱི་རྟེན་དུ་བཙུགས། །བསང་ཡང་མཚུན་ཁམས་ཐམས་ཅད་བསང་། །དྲང་མཁན་སྐུ་ཤིང་ཙནྡན་འདི། །སྐྱེས་ཀྱང་དྲང་མཁན་ཡུལ་དུ་སྐྱེས། །བཙུགས་ཀྱང་དྲང་མཁན་རྟེན་དུ་བཙུགས། །བསང་ཡང་དྲང་མཁན་ཐམས་ཅད་བསང་། །ཐུགས་ཀར་སྐུ་ཤིང་དར་ཤིང་འདི། །སྐྱེས་ཀྱང་ཐུགས་ཀར་ཡུལ་དུ་སྐྱེས། །བཙུགས་ཀྱང་ཐུགས་ཀར་ཡུལ་དུ་བཙུགས། །བསང་ཡང་ཐུགས་ཀར་འཁོར་བཅས་བསང་། །གཉན་གྱི་སྐུ་ཤིང་སྟག་པ་འདི། །སྐྱེས་ཀྱང་གཉན་གྱི་ཡུལ་དུ་སྐྱེས། །བཙུགས་ཀྱང་གཉན་གྱི་ཡུལ་དུ་བཙུགས། །བསང་ཡང་གཉན་ཁམས་ཐམས་ཅད་བསང་། །ཀླུ་ཡི་སྐུ་ཤིང་འོམ་བུ་འདི། །སྐྱེས་ཀྱང་ཀླུ་ཡི་ཡུལ་དུ་སྐྱེས། །བཙུགས་ཀྱང་ཀླུ་ཡི་ཡུལ་དུ་བཙུགས། །བསང་ངོ་ཀླུ་ཁམས་ཐམས་ཅད་བསང་། །ས་བདག་སྐུ་ཤིང་ཉ་བྲིད་འདི། །སྐྱེས་ཀྱང་ས་བདག་ཡུལ་དུ་སྐྱེས། །

p. 247

བཙུགས་ཀྱང་ས་བདག་རྟེན་དུ་བཙུགས། །བསང་ངོ་ས་བདག་ཐམས་ཅད་བསང་། །གཏོད་ཀྱི་སྐུ་ཤིང་གསོམ་པ་འདི། །སྐྱེས་ཀྱང་སྟོད་ཀྱི་ཡུལ་དུ་སྐྱེས། །བཙུགས་ཀྱང་གཏོད་ཀྱི་རྟེན་དུ་བཙུགས། །བསང་ཡང་གཏོད་ཁམས་ཐམས་ཅད་བསང་། །མ་ལྷའི་སྐུ་ཤིང་ཡང་པ་འདི། །སྐྱེས་ཀྱང་མ་ལྷའི་ཡུལ་དུ་སྐྱེས། །བཙུགས་ཀྱང་མ་ལྷའི་ཡུལ་དུ་བཙུགས། །བསང་ཡང་མ་ལྷ་ཐམས་ཅད་བསང་། །ཞང་ལྷའི་སྐུ་ཤིང་སྤེན་དཀར་འདི། །སྐྱེས་ཀྱང་ཞང་ལྷའི་ཡུལ་དུ་སྐྱེས། །བཙུགས་ཀྱང་ཞང་ལྷའི་རྟེན་དུ་བཙུགས། །བསང་ཡང་ཞང་ལྷ་ཐམས་ཅད་བསང་། །ཡུལ་ལྷའི་སྐུ་ཤིང་མཁན་དཀར་འདི། །སྐྱེས་ཀྱང་ཡུལ་ལྷའི་ཡུལ་དུ་སྐྱེས། །བཙུགས་ཀྱང་ཡུལ་ལྷའི་རྟེན་དུ་བཙུགས། །བསང་ཡང་ཡུལ་ལྷ་ཐམས་ཅད་བསང་། །ཟོ་དོར་སྐུ་ཤིང་སེ་བ་འདི། །སྐྱེས་ཀྱང་ཟོ་དོར་ཡུལ་དུ་སྐྱེས། །བཙུགས་ཀྱང་ཟོ་དོར་ཡུལ་དུ་བཙུགས། །བསང་ཡང་ཟོ་དོར་ཐམས་ཅད་བསང་། །ཞིང་ལྷའི་སྐུ་ཤིང་ལྕང་མ་འདི། །སྐྱེས་ཀྱང་ཞིང་ལྷའི་ཡུལ་དུ་སྐྱེས། །བཙུགས་ཀྱང་ཞིང་ལྷའི་རྟེན་དུ་བཙུགས། །བསང་ཡང་ཞིང་ལྷ་འཁོར་བཅས་བསང་། །

p. 248

ཀྱཻ། དེ་ལྟར་སྐུ་ཤིང་སྣ་ཚོགས་ཀྱིས། །བསྟོད་འོས་རྣམས་ཀྱི་སྐུ་ཡར་བསྟོད། །མཆོད་འོས་རྣམས་ལ་མཆོད་པ་འབུལ། །སྐུ་ཤིང་སྣ་ཚོགས་ཐམས་ཅད་ཀྱང་། །ཡོན་བདག་འདི་ཡི་རྟེན་དུ་བཙུགས། །སྐུ་ཚེ་རིང་བའི་ཕྲིན་ལས་མཛོད། །དེ་ལྟར་བསྟོད་པའི་ཡོན་ཏན་གྱིས། །བདག་དང་ཡོན་བདག་ལེའུ་ལ། །སྐུ་ཚེ་མཐའ་རུ་ཕྱིན་པ་དང་། །མི་འབྲུ་གསེར་བས་བཟང་བར་ཤོག །མི་འཕེལ་ནས་བས་འཕེལ་བར་ཤོག །མི་མཐའ་ཆུ་བས་རིང་བར་ཤོག །མི་སྲོག་ལྕགས་བས་སྲ་བ་དང་། །མི་གདོང་དུང་བས་དཀར་བ་དང་། །བཀྲ་ཤིས་བདེ་ལེགས་འབྱུང་བ་དང་། །ཆར་ཆུ་དུས་སུ་འབེབས་པ་དང་། །མི་ནད་ཕྱུགས་ནད་མེད་པར་ཤོག །ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །ཡིད་ལ་འདོད་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་གསས་མཁར་གཡང་སྐྱབས་ས་བདག་སོགས་ལ་ཉེར་མཁོའི་ཆེད་ཨ་རཱ་གས་སྦྱར་བ་དགེ། དགེའོ། དགེའོ། དགེའོ།། །།

ས་བདག་དབང་ཆེན་ཤིན་ཏུ་བསྡུས་པ།

p. 249

ས་བདག་དབང་ཆེན་ཤིན་ཏུ་བསྡུས་པའི་དབུ་ཕྱོགས་ལེགས་པར་བཞུགས་སོ།

p. 250

ན་མོ་བཛྲ་པཱ་ཎི་ཡེ། ས་བདག་དབང་ཆེན་མཆོད་སྒྲུབ་ཀྱི། །སྔོན་དུ་ས་སྲིན་བཀར་ཐབས་བསྡུས་པ་ནི། །ཅོག་རྡོག་ཆངས་བུ་ཏིང་ལོ་བཤམས། ཨཱཿ སྟོང་པའི་ངང་ལས་རང་སེམས་ཡི་གེ་ཁྲོ། །དེ་ལས་རྡོ་རྗེ་ཁྱུང་ཆེན་སྐུ་མདོག་དཀར། །གསེར་མིག་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན། །རལ་གྲིའི་གཤོག་པ་ཆུ་གྲིའི་རྐང་པ་ཅན། །ཡེ་ནས་དམ་ཡེ་དབྱེར་མེད་གཅིག་ཏུ་གསལ། །བཀའ་དང་དམ་ལ་མི་གནས་གདུག་པ་ཅན། །ནག་པོའི་ཕྱོགས་གྱུར་ཀླུ་སྲིན་ས་སྲིན་དང་། །བྲག་སྲིན་ལ་སོགས་ས་བདག་མཆོད་སྒྲུབ་ལ། །གནོད་བྱེད་སྒབ་འདྲེ་ཐམས་ཅད་འདིར་འདུས་ཤིག །

p. 251

ཏྲིཿཛཿཧཱུྃ་བཾ་ཧོཿ འོ་དེ་ཤན་དང་རོལ་མཚོ་བྲག་ནག་ལ། །གནས་པའི་ཀླུ་སྲིན་རྒན་རྒོན་སྦྲུལ་མཇུག་ཅན། །བུ་ནི་བྲག་སྲིན་སྦྱིན་ལུས་སྦྲུལ་མཇུག་ཅན། །དེ་ཡི་མཇུག་མ་བྲག་ཆུ་ཤིང་དང་ནི། །མེ་ལ་བརྡབས་པས་སོ་སོའི་སྲིན་བུ་བྱུང་། །ཀླུ་སྲིན་ས་སྲིན་བྲག་སྲིན་འཁོར་བཅས་ལ། །མཐུན་རྫས་གཏོར་མ་ཆངས་བུ་ཏིང་ལོ་སྦྱིན། །འདི་རུ་མ་འཚེ་མྱུར་བར་གཞན་དུ་དེངས། །ག་རུ་ཊ་གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ། བྲག་ནག་གམ། ཤིང་ནག་རྩ་བར་བསྐྱལ། མཚམས་བཅད་སྲུང་འཁོར་བསྒོམ་པར་བྱ། ༈ ན་མོ་བཛྲ་པཱ་ཎི་ཡེ། གསང་སྔགས་འཇིག་རྟེན་མཆོད་བསྟོད་ལས། །ས་

p. 252

བདག་དབང་ཆེན་མཆོད་སྒྲུབ་ཐབས། །རྒྱ་ནག་ཧྭ་ཤང་གིས་མཛད་པའི། །དོན་བསྡུས་སྙིང་པོ་འདིར་བརྗོད་བྱ། །མཎྜལ་ལིང་ཚེ་དགུ་པའི་དབུས། །པདྨ་འདབ་མ་བཞི་པ་བྲི། །དེ་ལ་དབང་ཆེན་སྲས་བཙུན་མོ། །ལོ་སྐོར་བཅུ་གཉིས་བཤོས་བུས་བསྐོར། །ཀླུ་སྨན་འབྲུ་སྣ་རིན་པོ་ཆེ། །ཕྱེ་མར་འོ་ཕུད་ཤིང་རྩི་བཤམས། །དེ་ནས་ཚད་མེད་བཞི་བསྒོམ་བདག་བསྐྱེད་ནི། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་སྲོག་ནི་བདག་ཡིན་ཏེ། །བདག་གིས་བདག་མེད་དོན་བསྒོམས་པས། །སྲིད་པའི་ལྷ་འདྲེ་དབང་འདུས་གྱུར། །བདག་མེད་དོན་དེ་མ་རྟོགས་པའི། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །བྱང་ཆུབ་མཆོག་ལ་འགོད་པའི་ཕྱིར། །བྱམས་དང་སྙིང་རྗེ་བསྒོམ་པའི་མཐུས། །ས་བདག་ཐམས་ཅད་གྲོགས་སུ་གྱུར། །བྱང་སེམས་ངོ་བོ་ཟླ་དཀྱིལ་དབུས། །རང་སེམས་ཧཱུྃ་ཡིག་འཕྲོ་འདུ་ལས། །རང་ཉིད་ཕྱག་ན་རྡོ་རྗེ་ནི། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །ཞལ་གཅིག་ཕྱག་གཉིས་རབ་ཏུ་འཕྲོས། །རྡོ་རྗེ་ཕྱར་ཞིང་སྡིགས་མཛུབ་བསྒྲེངས། །དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན། །ཞབས་འོག་ས་བདག་ཁྱབ་པ་ནི། །རུས་སྦལ་ཕོ་མོའི་གཟུགས་སུ་མནན། །པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས། །

p. 253

དེ་ཡི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཏེ། །གཉིས་མེད་ཐིམ་ཞིང་དབང་ལྷ་ཡིས། །དབང་བསྐུར་མི་བསྐྱོད་དབུར་བརྒྱན་གྱུར། །ཨོཾ་བཛྲ་པཱ་ཎི་ཨརྒྷཾ་སོགས་དང་། ལྕང་ལོ་ཅན་གྱི་སོགས་ཀྱིས་བསྟོད། དེ་ནས་མདུན་བསྐྱེད་ནི། ཨོཾ་སྭ་བྷ་ཝ་ཤུདྡྷ་སོགས། ཨེ་ཡཾ་རཾ་ཁཾ་སུཾ་ལཾ་ལས། །འབྱུང་བ་རིམ་བརྩེགས་རི་རབ་སྟེང་། །ཧཱུྃ་ལས་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྒྱན་རྣམས་རྫོགས། །འཇའ་གུར་གཡུ་བུན་མེ་ཏོག་བཀྲ། །ཁྲུས་རྫིང་གསེར་གྱི་བྱེ་མ་བརྡལ། །དཔག་བསམ་ཤིང་གི་ཕྲེང་བས་བསྐོར། །སྟེང་གི་ནམ་མཁར་ཤཱཀྱ་ཐུབ། །རིགས་གསུམ་མགོན་པོ་ཉན་ཐོས་ཚོགས། །སྣང་བརྒྱད་མདོ་སྡེ་གསུང་བཞིན་བཞུགས། །གཞལ་ཡས་དབུས་སུ་པད་ཟླའི་སྟེང་། །རང་གི་ཐུགས་ལས་འཕྲོས་པ་ཡི། །དྷིཡིག་ཡོངས་སུ་གྱུར་པ་ལས། །དེ་ཝ་ས་མ་ཡ་ཡི་སྒྲས། །ས་བདག་དབང་ཆེན་གསེར་གྱི་མདོག །འབྱུང་ལྔ་དུག་ལྔའི་རང་བཞིན་ཞལ། །རྩ་ཞལ་མི་ལ་གཡས་ཞལ་སྟག །གཡོན་ཞལ་ཕག་རྒོད་གཡས་སྟེང་ཞལ། །སྦྲུལ་དམར་གཡོན་སྟེང་སྤེལ་ཞལ་དཀར། །ཐོར་ཚུགས་རིན་ཆེན་

p. 254

འབར་བས་བརྒྱན། །དང་པོས་ཐལ་སྦྱར་བདག་ལ་འདུད། །གཡས་འོག་གསེར་གྱི་འཁོར་ལོ་ནི། །རྩིབས་བརྒྱད་སྤར་ཁའི་ཕྱག་རྒྱས་མཚན། །གཡོན་འོག་རི་རབ་འཛིན་པ་སྟེ། །གཞོན་མཛེས་དར་དང་རིན་ཆེན་བརྒྱན། །ཕྱེད་སྐྱིལ་སྦྲུལ་མཇུག་སྐེད་ལ་དཀྲིས། །རུས་སྦལ་ཕོ་མོའི་ཁྲི་ལ་བཞུགས། །གཡས་སུ་སྲས་པོ་ས་འཛིན་ནི། །གསེར་མདོག་མཆེ་བ་འཛིན་པའོ། །གཡོན་དུ་ས་བདག་རྒྱལ་པོ་སེར། །སྦྲུལ་མགོ་བཅུ་དྲུག་སྦྲུལ་མཇུག་འཁྱིལ། །རིན་ཆེན་སྡོང་པོ་ཕག་མཆེ་འཛིན། །མདུན་དུ་ས་ཡི་ལྷ་མོ་ཡུམ། །སེར་མོ་རིན་ཆེན་བུམ་པ་འཛིན། །རྒྱབ་ཏུ་ལྔ་སེར་ས་ཁམས་རྒྱལ། །དེ་རྒྱབ་འབྱུང་བའི་རྒྱལ་པོ་བརྒྱད། །རྒྱལ་བློན་བཅུ་བདུན་འབྱུང་བའི་ལྷ། །སྤར་སྨེ་ལོ་ཟླ་ཞག་དུས་དང་། །གཟའ་སྐར་གཉན་ཆེན་སྡེ་བརྒྱད་དང་། །ཀླུ་གཉན་ཡུལ་རིས་ས་བདག་ཚོགས། །སྒོ་བཞི་སྲུང་བཞི་སྒོ་སྲུང་ཚུལ། །རང་རང་སོ་སོའི་ཐུགས་ཀ་ནས། །འོད་འཕྲོས་རང་རྒྱུད་པ་རྣམས་སྤྱན་དྲངས་གྱུར། །སྤྱན་འདྲེན་པ་ནི། ན་མོ་འཕགས་པའི་ཚོགས་རྣམས་དགོངས། །དེང་གི་གནས་མཆོག་དམ་པ་འདིར། །ཕྱག་ན་རྡོ་རྗེའི་བཀའ་

p. 255

གཉན་པ། །མགོན་སྐྱབས་སྟོང་གྲོགས་བྱེད་པའི་ལྷ། །སྲིད་པའི་ས་བདག་དབང་ཆེན་རྣམས། །མཆོད་པ་འབུལ་ཕྱིར་སྤྱན་འདྲེན་ན། །བྱམས་པའི་ཐུགས་ཀྱིས་འདིར་དགོངས་ཤིག །ཧཱུྃ། ཕྱག་ན་རྡོ་རྗེའི་བཀའ་བྱུང་གིས། །སྲིད་པའི་ས་བདག་དབང་ཆེན་ཀུན། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །དབང་ཆེན་ཡབ་ཡུམ་སྲས་དང་འཁོར། །ས་བདག་མངའ་བདག་འཁོར་བཅས་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ཟླ་ཞག་དུས་འབྱུང་བའི་ལྷ། །སྤར་སྨེ་ས་བདག་རྒྱལ་བློན་བཅས། །གཉན་དང་ཡུལ་ས་གཞི་བདག་ཚོགས། །ཐམས་ཅད་མ་ལུས་གཤེགས་སུ་གསོལ། །སརྦ་དྷེ་ཝ་ས་པཱ་རི་ཝཱ་ར་ཛ༔ཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི། ཧཱུྃ། ས་བདག་དབང་ཆེན་འཁོར་བཅས་ཀུན། །ཞི་ཞིང་བྱམས་པས་བྱོན་པ་ལེགས། །བཀྲ་ཤིས་གཙང་ཆབ་འདི་ཕུལ་བས། །སྐུ་དང་ཕྱག་ཞབས་ཁྲུས་བགྱིའོ། །ཡིད་འོང་མཛེས་པའི་ཕོ་བྲང་འདིར། །རིན་ཆེན་ཁྲི་སྟེང་དར་ཟབ་སྟེང་། །བཀའ་ཉན་ཚུལ་དུ་བཞུགས་སུ་གསོལ། །དྷེ་ཝ་ས་མཱ་ཡ་ཏིཥྛ་ལྷན།

p. 256

ཀུན་གྱི་གནས་གསུམ་འབྲུ་གསུམ་གྱིས། །མཚན་ནས་དམ་ཚིག་ལྡན་པར་གྱུར། །དབང་ཆེན་སྲས་འཁོར་བཙུན་མོ་བཅས་པ་ལ། །གུས་པས་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །སྐྱེད་ཚལ་གཞལ་ཡས་ཁང་དང་རིན་ཆེན་ཁྲི། །གདན་དང་དྲི་བཟང་རྒྱན་དང་སྣང་གསལ་དང་། །ཞལ་ཟས་དཀར་གསུམ་མངར་གསུམ་བཏུང་བའི་ཚོགས། །སྤོས་དང་སྨན་སྣ་འབྲས་དྲུག་རིན་ཆེན་རིགས། །དར་ཟབ་རྩི་ཤིང་སྟག་རས་གཟིག་རས་དང་། །སྲམ་སྣ་ཉ་མགོ་ཕ་ཝང་ལྕེ་དང་ནི། །ཕག་རྒོད་མཆེ་བ་འདབ་ཆགས་གཅན་གཟན་དང་། །རི་དྭགས་གཡུང་དྭགས་ཆུ་གནས་སྣ་ཚོགས་འབུལ། །འབྲོག་ཆས་ཡུལ་དཔྱད་ནང་ཤའི་འབྱུང་ཁམས་བརྒྱད། །གཏོར་མ་བཤོས་བུ་ཤེལ་ཚིགས་ཕྱེ་མར་སོགས། །དངོས་སུ་བཤམ་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ས་བདག་དབང་ཆེན་འཁོར་དང་བཅས་ལ་འབུལ། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམ་གྱུར་ཅིག །དྷེ་ཝ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཕོག་པས་ཐམས་ཅད་བཀའ་ཉན་གྱུར། །ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། མ་ཧཱ་དྷེ་ཝ་སིདྷི་ནན་སྭཱ་ཧཱ། འཛབ་བརྒྱ་སྟོང་གི་མཆོད་པ་འབུལ། །

p. 257

གཙང་སྦྲ་བྱས་ཤིང་འཐབ་རྩོད་སྤང་། །ཟླ་བ་གཅིག་གམ་རྟགས་བྱུང་བར། །བསྒྲུབས་པས་ཅི་དགོས་བཀའ་ཉན་གྱུར། །དེ་ནས་ལས་རྣམས་བསྒྲུབ་སྔགས་བཟླས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མས་མན། དྷེ་བ་ར་ཙ་ཡེ། ཏདྱ་ཐཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྜ་ལ་མ་ཡེ། སརྦ་མངྒ་ལཾ་ས་ད་ན་མན་ན་སྭཱ་ཧཱ། ཞེས་བཟླས་བཀྲ་ཤིས་འདོད་པའི་དོན་རྣམས་བསྒྲུབ། །དེ་ནས་དཀར་གཏོར་རམ་ཐུད་མདུན་དུ་བྲན་བྱས་ལ། ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨ་ཀཱ་རོ་སོགས། སརྦ་དྷེ་བ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཀོན་མཆོག་གསུམ་གྱི་བདེན་པ་ཆེན་པོ་དང་། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བའི་བདེན་པ་ཡིས། །གཏོར་མ་ལྷ་རྫས་བདུད་རྩིའི་རྒྱ་མཚོ་འདི། །ས་བདག་དབང་ཆེན་བཙུན་མོ་སྲས་འཁོར་བཅས། །ས་བདག་ཀུན་གྱི་མཁོ་དགུར་གྱུར་ནས་ཀྱང་། །ཡིད་མཐུན་ལོངས་སྤྱོད་རྒྱ་ཆེན་ཐོབ་པར་ཤོག །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་བདག་མི་ནོར་འཁོར་བཅས་ལ། །ས་བདག་ལས་གྱུར་ནད་གདོན་གནོད་པ་ཟློག །ཚེ་བསོད་

p. 258

དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །ས་བདག་གཉན་པོའི་ཐུགས་དང་ཅི་འགལ་བ། །སྤར་སྨེ་གཟའ་སྐར་ལས་ཐབས་ཉེས་པ་དང་། །ཕྱོགས་དང་དུས་ཚོད་ལས་ཐབས་ཉེས་པ་དང་། །ན་ཉེས་ཤི་ཉེས་དུར་འདེབས་ཉེས་པ་དང་། །ས་གཉེན་བརྐོས་སམ་ན་གཉན་བརྐོས་པ་དང་། །ཤིང་གཉན་བཅད་དམ་རྡོ་གཉན་རློག་པ་དང་། །མཚོ་གཉན་དཀྲུག་དང་ཆུ་གཉན་ཡུལ་དུ་དྲངས། །མཁར་གཉན་བསྒྱེལ་ལམ་ཁང་ནག་བཤུ་འགེབས་བྱས། །ཐང་གཉན་མཚེར་བྲིས་སྤང་གཉན་ཕུར་པ་བཏབ། །རྨེ་བཙོག་ཐབ་གཞོབ་མནའ་ལྕགས་ལ་སོགས་པ། །ཕ་མྱེས་རིང་ནས་ད་ལྟ་ཡན་ཆད་དུ། །ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །ཉེས་པ་སོར་ཆུད་བྱང་ཞིང་དག་པར་ཤོག །བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས། །ཚེ་རིང་ནད་མེད་བགེགས་རྣམས་ཞི་བ་དང་། །མི་འཕེལ་ནོར་འཕེལ་སྙན་གྲགས་རྒྱས་པ་དང་། །བདེ་སྐྱིད་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །འབྱུང་བ་ལོ་ཟླ་དུས་ཚོད་བདག་པོ་ཡིས། །ཕྱོགས་དུས་གནས་སྐབས་ཀུན་ཏུ་བདེ་ལེགས་སྩོལ། །ཡུལ་ས་གནས་ཀྱི་བདག་པོ་ཐམས་ཅད་ཀྱིས། །རྟག་ཏུ་

p. 259

ཕན་འདོགས་དགེ་བའི་སྟོངས་གྲོགས་མཛོད། །ཀླུ་སྨན་སྣ་ཚོགས་མཆོད་པ་འདི་ཕུལ་བས། །ས་བདག་རྣམས་ཀྱི་ནད་རྣམས་སོས་གྱུར་ནས། །བདག་དང་ཡོན་བདག་ནད་རྣམས་ཞི་བར་མཛོད། །ས་བདག་བསྙུང་བ་སོས་ཤིང་བཀྲེས་པ་འགྲང་། །མནོལ་བ་སངས་ལ་ཆད་པ་ཡོད་ན་མཐུད། །འཁོན་པ་སྡུམས་ལ་འགྲས་པ་ཡོད་ན་སྦྱོངས། །འགལ་བ་བཟོད་གསོལ་རྗེས་མཐུན་དངོས་གྲུབ་སྩོལ། །ཧཱུྃ། ས་བདག་གཙོ་བོ་སྐུ་མདོག་སེར་པོ་ནི། །འབྱུང་ལྔའི་རང་བཞིན་ཞལ་ལྔ་ཕྱག་བཞི་པ། །སྦྲུལ་ཆེན་འཁྱིལ་པ་རུས་སྦལ་གདན་ལ་བཞུགས། །དགེ་བསྙེན་བྱང་ཆུབ་སེམས་དཔའ་ཁྱོད་ལ་བསྟོད། །བཙུན་མོ་ས་ཡི་ལྷ་མོ་བརྟན་མ་ནི། །གསེར་མདོག་རྒྱུན་ལྡན་རིན་ཆེན་བུམ་པ་འཛིན། །དུས་གསུམ་རྒྱལ་བ་ཀུན་གྱི་དཔང་པོ་མ། །ས་འཛིན་ལྷ་མོ་ཁྱེད་ལ་བདག་བསྟོད་དོ། །སྲས་པོ་ས་འཛིན་ལག་པ་ཆེན་པོ་དང་། །ས་བདག་རྒྱལ་པོ་ལ་སོགས་འཁོར་གྱི་ཚོགས། །འབྱུང་བ་ལོ་ཟླ་ཞག་དུས་སྤར་སྨེའི་བདག །སྲིད་པའི་དབང་ཆེན་རྣམས་ལ་བདག་གིས་བསྟོད། །ས་ཆ་ཡུལ་རི་ལ་གནས་ཡིད་གཟུགས་ཅན། །གཉན་དང་ས་བདག་ཡུལ་བདག་

p. 260

གྲོང་གི་བདག །ཅི་རེ་ལྟ་དང་ཀྲོག་གེ་ཉན་པའི་ཚོགས། །ལེགས་ཉེས་སྟངས་འཛིན་རྣམས་ལ་བདག་གིས་བསྟོད། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས། །ས་བདག་རྣམས་ལ་གནས་དང་གཞལ་ཡས་ཁང་། །སྤྲིན་དང་ཆར་པ་མཚོ་རྫིང་དཔག་བསམ་ཤིང་། །དཀོར་ནོར་ལོངས་སྤྱོད་དཔག་མེད་འབྱུང་གྱུར་ཅིག །དགའ་ཞིང་མགུ་ནས་བདག་དང་ཡོན་བདག་རྣམས། །བཟུང་བ་ཐོངས་ལ་བཅིངས་པ་ཡོད་ན་ཁྲོལ། །བསྡམས་པ་ལྷོད་ལ་མནན་པ་ཡོད་ན་ཁྱོག །ཕྱིན་ཆད་སྤུན་དང་གྲོགས་ལྟར་སྟོངས་གྲོགས་མཛོད། །འདྲེ་སྲིན་ངན་པའི་དབྱེན་ལ་མ་ཉན་ལ། །གནོད་བྱེད་བགེགས་ཀྱི་རྒྱབ་རྟེན་མ་བྱེད་པར། །ཞི་ཞིང་བྱམས་པའི་སེམས་ཀྱིས་གནས་པར་མཛོད། །མཆོད་པའི་སྐབས་འདིར་ཡོ་བྱད་མ་འབྱོར་དང་། །ལྷག་ཆད་ནོར་འཁྲུལ་ཅི་མཆིས་བཟོད་པར་གསོལ། །ས་བདག་དབང་ཆེན་འཁོར་དང་བཅས་པ་དང་། །ས་ཆ་ཡུལ་རིས་གཞི་བདག་རྣམས། །སོ་སོ་རང་རང་གནས་སུ་གཤེགས་། །དེར་ཡང་དགེ་བའི་སེམས་ཀྱིས་བཞུད། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དྷེ་ཝ་ས་པཱ་རི་ཝཱ་ར་ཨ་གཙྪ། ས་མཱ་ཡ་

p. 261

མུ༔ འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །ས་བདག་ལ་སོགས་སེམས་ཅན་མ་ལུས་པ། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དེ་ནས་རྡུལ་ཚོན་ཤིང་རྩི་གཏོར་མ་རྣམས། །ཞིང་ཁང་ཆུ་མགོ་རི་ལ་བསྐྱལ། །རྗེས་མི་མངོན་པར་བྱས། བཀྲ་ཤིས་བརྗོད་ཅིང་དགེ་བ་བསྔོ། ཞེས་པ་རྒྱ་ནག་ཧྭ་ཤང་ཆེན་པོས་མཛད་པ་ལས། མདོར་བསྡུས་པ་འདི་ནི་རཱ་གའི་མིང་གིས་སྦྱར་བའོ། མངྒ་ལཾ།། །།ཕྱེ་མར། འོ་ཕུད། འབྲུ་སྣ། ཀླུ་སྨན། ཤིང་རྩི། ལྕོག་རྡོག །ཏིང་ལོ། ཆངས་བུ། མདའ་དར། མེ་ལོང་། ཐོད་པ་དེ་ལྟར་དགོས། །སྤྱན་འདྲེན་དུས་ས་བདག་དབང་ཆེན་འཁོར་བཅས་ནམ་མཁར་ས་གཞི་བར་སྣང་ཁམས་ནས་ཆར་བབས་པ་ལྟར་སྤྱན་དྲངས། མདུན་བསྐྱེད་དཀྱིལ་འཁོར་ལ་ཐིམ་པས་ཐུགས་དགྱེས་ཤིང་བཞུགས་པར་བསྒོམ། བསྙེན་དུས་རང་ཉིད་ཕྱག་ན་རྡོ་རྗེའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། མདུན་བསྐྱེད་དབང་ཆེན་ཡབ་ཡུམ་འཁོར་དང་བཅས་པ་ལ་ཕོག་པས། བཀའ་ཉན་གསུང་སྡོད་དངོས་གྲུབ་སྩོལ་བར་བསམ་ལ་སྔགས་བཟླས། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་མ་ཧཱ་དེ་ཝ་སིདྡྷི་ནན་སྭཱ་ཧཱ། ཞེས་པས་སོ། ད་ནི་སྒོ་དབྱེ་བསྡུས་པ་ནི། ཀྱཻ། ཤར་ཕྱོགས་ཡེ་ཤེས་གསེར་གྱི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །གཏི་མུག་མུན་པའི་སྒོ་ཆོད་ཅིག །རྒྱས་པའི་དངོས་གྲུབ་སྒོ་

p. 262

ཕྱེས་ཤིག །ལྷོ་ཕྱོགས་ཞི་བ་གཡུ་ཡི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །ང་རྒྱལ་གཏུམ་པོའི་སྒོ་ཆོད་ཅིག །ཞི་བའི་དངོས་གྲུབ་སྒོ་ཕྱེས་ཤིག །ནུབ་ཕྱོགས་སྦྱིན་པ་ཟངས་ཀྱི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འདོད་ཆགས་གདུག་པའི་སྒོ་ཆོད་ཅིག །སྦྱིན་པ་དངོས་གྲུབ་སྒོ་ཕྱེས་ཤིག །བྱང་ཕྱོགས་ཡངས་པ་ལྕགས་ཀྱི་སྒོ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །ཕྲག་དོག་གདུག་པའི་སྒོ་ཆོད་ཅིག །ཡངས་པ་དངོས་གྲུབ་སྒོ་ཕྱེས་ཤིག །དུས་བཞི་རྒྱལ་པོས་སྒོ་ཕྱེས་ཤིག །དུས་བཞིའི་འཁྲུགས་པ་བསལ་དུ་གསོལ། །གདུག་པ་དུག་གི་སྒོ་ཆོད་ཅིག །མཐུན་པའི་དངོས་གྲུབ་སྒོ་འདི་ད་ཕྱེས་ཤིག །དགེ་བས་ས་ཡི་ལྷ་མོ་འགྲུབ་པར་ཤོག །ས་བདག་དབང་ཆེན་ཤིན་ཏུ་བསྡུས་པ་འདི་ཁང་པ་ལ་སོགས། ས་རྐོ་རྡོ་སློག་དུས་བཅས་ན་ཕན་ཡོན་ཤིན་ཏུ་ཆེའོ། །རོ་དང་བག་མ་དུས་བྱས་ཀྱང་ལེགས་སོ། །དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཤེལ་ཚིགས་རྒྱན་འབུལ།

p. 263

ཤེལ་ཚིགས་རྒྱན་འབུལ་ནི་འདི་སྐད་དོ། །ན་མོ་བཛྲ་པཱ་ཎི་ཡེ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། སྟོང་པའི་ངང་ལས་རིན་ཆེན་ལྷོ་ངོས་བཟང་ལས། བྱ་རིགས་རྣམ་པ་སྣ་ཚོགས། །གཅན་གཟན་རྣམ་པ་སྣ་ཚོགས། རི་དྭགས་རྣམ་པ་སྣ་ཚོགས། དུད་འགྲོ་རྣམ་པ་སྣ་ཚོགས། དེ་དག་ཐམས་ཅད་གཟུགས་མཛེས་རྒྱན་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཧཱུྃ། ཕྱག་ན་རྡོ་རྗེའི་བཀའ་བྱུང་བས། །སྲིད་པའི་ས་བདག་ཀླུ་གཉན་ཉོན། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །མེད་པ་དེ་ནི་མི་ལས་བཙལ། །དཀོན་པ་དེ་ནི་རིན་གྱིས་ཉོས། །སྲ་བ་དེ་ནི་བྲག་ལས་བརྐོས། །རྒྱུ་ནི་རྒྱལ་པོའི་མཛོད་ནས་བཏོན། །མྱེས་པོ་གནམ་རྗེ་གོང་སྔོན་ཡིན། །ཕྱི་མདོས་སྨན་གྱི་འཕྲུལ་མོ་ཡིན། །ཕ་ནི་བདུད་རྩི་རྒྱལ་པོ་ཡིན། །མ་ནི་དྲོད་ཀྱི་རྒྱལ་མོ་ཡིན། །ཞིང་པ་རྒན་པོས་འདུ་བྱེད་ཀྱིས། །དཔྱིད་ཟླ་གསུམ་ལ་རྫུ་འཕྲུལ་བསྡེབས། །དབྱར་ཟླ་གསུམ་ལ་ཆབ་ཀྱིས་བྲན།། སྟོན་ཟླ་གསུམ་ལ་འབྲས་བུ་སྨིན། །མིང་པོ་རྒྱ་འབྲེལ་འཕེལ་ཆེན་ཡིན། །སྲིང་མོ་སྔོན་མོ་འབྲུ་བདུན་ཡིན། །སྐུ་གསུམ་ཐབ་ཀྱི་སྒྱེད་པུ་ལ། །ཐེག་པ་ཆེན་པོའི་སླ་ང་བཙུགས། །

p. 264

རྫོགས་པ་ཆེན་པོའི་མེ་སྦར་ནས། །ཐབས་མཆོག་ཆེན་པོའི་ཡོག་པས་དཀྲུགས། །ཤེས་རབ་ཆེན་པོའི་སྐམ་པས་ཕོག །དཀར་བ་གཡང་མོ་ལུག་བརྒྱ་འབའ། །ནག་པོ་ཟལ་མོ་འབྲི་བརྒྱ་ངུར། །སེར་པོ་ཅང་ཤེས་རྟ་བརྒྱ་འཚེར། །ཁམ་པ་འགྱིང་བ་གཡག་བརྒྱ་ངར། །གླང་ཆེན་བརྒྱ་དང་མ་ཧེ་སྟོང་། །བ་ཟོག་བརྒྱ་དང་བེའུ་ཁྲི་སྟོང་། །ཤེལ་ལུག་བརྒྱ་དང་གཡུ་རལ་སྟོང་། །དཀར་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །སྲིད་པའི་ས་བདག་ཀླུ་གཉན་ལ། །མ་བསད་པ་ཡི་སྟོང་དུ་འཇལ། །མ་རྐུས་པ་ཡི་ཆད་དུ་འཇལ། །མ་འཕྲོག་པ་ཡི་རིན་དུ་འབུལ། །འཁོན་པ་དུམ་ལ་འགྲས་པ་སྦྱངས། །འགྲས་པ་བསལ་ལ་འཁྲུག་པ་གསོ། །ཚེ་གླུད་སྲོག་གི་སྐྱིན་དུ་འབུལ། །སྐྱེས་པ་ཕོ་ཡི་སྲོག་གླུད་འབུལ། །ཟ་མ་མོ་ཡི་སྲིད་གླུད་འབུལ། །བྱིས་པ་ཆུང་གི་ཚེ་གླུད་འབུལ། །སྒོ་ཡི་ནོར་གྱི་གཡང་གླུད་འབུལ། །བཞེས་སོ་ཚེ་གླུད་སྲོག་སྐྱིན་མཛོད། །དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཁྲ་བོ་ཀུ་རུ་རྟ་བརྒྱ་ཡིན། །ཁམ་པ་འགྱིང་བ་གཡག་བརྒྱ་ཡིན། །ཟིལ་ཆུང་ཐུ་ལེ་འབྲི་བརྒྱ་ཡིན། །དཀར་བ་གཡང་མོ་ལུག་

p. 265

བརྒྱ་ཡིན། །གཡུ་ར་བརྒྱ་དང་ཤེལ་ར་སྟོང་། །བ་ཟོག་བརྒྱ་དང་བེའུ་ཁྲི་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །རྟ་ནོར་ལུག་གི་དངོས་གྲུབ་སྩོལ། །རྟ་ཁྲ་བརྒྱ་དང་རྟེའུ་ཆུང་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །མི་ནོར་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །གཡུ་གཡག་བརྒྱ་དང་དུང་གཡག་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་མཆོད་པ་འབུལ། །ཟས་ནོར་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །གསེར་གླང་བ་དང་མ་ཧེ་སྟོང་། །ཡིད་ལ་འདོད་པའི་དཀོར་ནོར་རྣམས། །ས་བདག་ཀླུ་གཉན་རྣམས་ལ་མཆོད་པ་འབུལ། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །ས་བདག་ཀླུ་གཉན་ཁྱེད་རྣམས་ལ། །འདོད་པའི་ལོངས་སྤྱོད་རྟ་ནོར་འདི་འབུལ་བས། །དགའ་མགུ་སྐུ་གསུང་ཐུགས་མཉེས་ནས། །ཕྲག་དོག་རུ་ང་མ་མཛད་ཅིག །ཡུལ་ལ་ངའི་ཡུལ་མ་ཟེར་ཅིག །རི་ལ་ངའི་རི་མ་ཟེར་ཅིག །ས་ལ་ངའི་ས་མ་ཟེར་ཅིག །བྲག་ལ་ངའི་བྲག་མ་ཟེར་ཅིག །རྡོ་ལ་ངའི་རྡོ་མ་ཟེར་ཅིག །ཤིང་ལ་ངའི་ཤིང་མ་ཟེར་ཅིག །སྤང་ལ་ངའི་སྤང་མ་ཟེར་ཅིག །ཆུ་ལ་ངའི་ཆུ་མ་ཟེར་ཅིག །མཚོ་ལ་ངའི་མཚོ་མ་

p. 266

ཟེར་ཅིག །ལམ་ལ་ངའི་ལམ་མ་ཟེར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལས་ཐབས་བཟང་ངན་ཅི་བྱས་ཀྱང་། །གདུག་རྩུབ་ཀོ་ལོང་མ་མཛད་ཅིག །ས་རྐོ་རྡོ་སློག་རྩི་ཤིང་བཅད། །རྦབ་བསྒྲིལ་ཆུ་དྲང་དར་ཕྱུར་དང་། །དུང་འབུད་རོ་དང་བག་མ་ལེན། །ཐབ་གཞོབ་འཁོན་དང་དྲག་ལས་དང་། །འགལ་དང་གནོད་པ་ཅི་མཆིས་པ། །ས་བདག་ཀླུ་གཉན་མི་མཐུན་པའི། །ཕྲག་དོག་གདུབ་རྩུབ་གནོད་སེམས་མ་མཛད་ཅིག །ར་ཡི་རྩེ་ལ་ཕོག་ཀྱང་མ་རྡུངས་ཤིག །ལྟ་བའི་མིག་ལ་ཕོག་ཀྱང་སྡང་མིག་མ་བསྒྲད་ཅིག་་བསམ་པའི་སྙིང་ལ་ཕོག་ཀྱང་ངན་སེམས་མ་འཆང་ཞིག །ཕྱི་ཡི་སྤུ་ལ་ཕོག་ཀྱང་མ་སྤྲུག་ཅིག །རྨིག་པའི་རྩེ་ལ་ཕོག་ཀྱང་མ་ཁྲོ་ཞིག །གདུག་པའི་སེམས་ངན་མ་འཆང་ཞིག །ཕན་བདེ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤེལ་ཚིགས་མཆོད་འབུལ་རཱ་ག་ཨ་སྲས་སྦྱར་བའོ།། །།

གནམ་ཆོས་ས་བདག་འཁྲུག་བཅོས་དཀྱིལ་འཁོར་གྱི་ས་ཆོག་བསྡུས་པ་ས་ལྷ་མཉེས་བྱེད།

p. 267

གནམ་ཆོས་ས་བདག་འཁྲུག་བཅོས་དཀྱིལ་འཁོར་གྱི་ས་ཆོག་བསྡུས་པ་ས་ལྷ་མཉེས་བྱེད་བཞུགས་སོ། །ས་ཡི་ལྷ་མོ་ལ་ན་མོ། འདིར་ས་བདག་འཁྲུག་བཅོས་ཀྱི་ས་ཆོག་ནི། དང་པོ་ས་སློང་བའི་ཐབས་ལ། དཔྱིད་གསུམ་བྱུང་། དབྱར་གསུམ་ཤར། སྟོན་གསུམ་ལྷོ། དགུན་གསུམ་ནུབ་ཏུ་ཁ་བལྟས་ལ། ས་ལ་སྐག་ལེ་ལན་ལྔ་རྒྱབ། དེ་ནས་དཀྱིལ་འཁོར་ལེགས་པར་བཅགས་ལ། སྟེང་དུ་དཀར་གཏོར་ཆེ་ལེགས་གཅིག་ལ། འབྲུ་སྣ་དང་ཡོས་བཀྲ་ཅུང་ཟད་བཏབ་ནས་ཆུ་གཙང་གིས་བྲན་ལ། ཨོཾ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། བྷྲཱུཾ་ལས་རིན་ཆེན་སྣོད་དུ་ཨོཾ་ལས་གཏོར་མ་དཀར་གསུམ་མངར་གསུམ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་ཀཱ་རོས་བྱིན་རླབས་ལན་གསུམ་བྱས་ལ། དབང་ཆེན་ལྟ་བུ་ལ། ཧཱུྃ། རང་ཉིད་ཕྱག་ན་རྡོ་རྗེ་སྔོ། །རྡོ་རྗེ་སྡིགས་མཛུབ་རིན་ཆེན་བརྒྱན། །ཧཱུྃ་ལས་འོད་འཕྲོས་ས་བདག་ཚོགས། །མདུན་དུ་སྤྱན་དྲངས་བཀའ་ཉན་བསམ། །འཁྲུགས་བཅོས་ལ། ཧཱུྃ། རང་ཉིད་ཀཾ་ལས་ས་སྙིང་དཀར། །སྨྱུ་གུ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས། །མདུན་དུ་ས་སྐོར་ས་མིག་གི །ས་བདག་ཐམས་ཅད་སྤྱན་དྲངས་གྱུར། །དེ་གཉིས་གང་བྱེད་ཀྱང་གཏོར་མ་འབུལ་བ་ནི། ཧཱུྃ་ལས་རིན་ཆེན་སྣོད་ཡངས་པར། །གཏོར་མ་དཀརགསུམ་བདུད་

p. 268

རྩིའི་མཚོ། །ཟག་མེད་དགོས་འདོད་ཀུན་འབྱུང་འདི། །སེམས་དཔའ་ས་ཡི་སྙིང་པོ་དང་། །ལྷ་མོ་བརྟན་མ་ཡབ་ཡུམ་སྲས། །དབང་ཆེན་རྗེ་བློན་བཅུ་བདུན་དང་། །འབྱུང་བ་སྤར་སྨེ་ལོ་ཞག་དུས། །ལྷ་བརྒྱད་ཀླུ་བརྒྱད་གནོད་སྦྱིན་བརྒྱད། །གཟའ་བརྒྱད་རྒྱུ་སྐར་ལོ་རྒན་སོགས། །ལྟོ་འཕྱེ་སྤྲེལ་ཁོག་ས་སྨན་དང་། །ལྔ་སེར་འབྱུང་བའི་ལྷ་མོ་ལྔ། །ས་ལ་དབང་བའི་ལྷ་ཀླུ་དང་། །སྲིད་པའི་ས་བདག་རྣམས་ལ་འབུལ། །ཁྱད་པར་ཡུལ་ཕྱོགས་ས་དམིགས་འདིར། །གནས་པའི་འཇིག་རྟེན་སྐྱོང་བ་ཡི། །ས་བདག་རི་བདག་ཟློབྲག་གི་བདག །ཆུ་བདག་ཤིང་བདག་གནས་ཀྱི་བདག །ཡུལ་ལྷ་ཟོག་དོར་དཀར་ཕྱོགས་ཅན། །མ་ལུས་འཁོར་དང་བཅས་པ་ཡིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །དཀྱིལ་འཁོར་ས་འདི་བསྩལ་དུ་གསོལ། །ཕོ་བྲང་དཀྱིལ་འཁོར་བཞེངས་པ་ལ། །སུས་ཀྱང་ཕྲག་དོག་མ་མཛད་ཅིག །བདེ་ལེགས་བྱང་ཆུབ་སེམས་ལྡན་ཤོག །བདག་ཅག་ཡོན་མཆོད་མི་ཕྱུགས་ལ། །ཁ་འཛིན་སྡོང་གྲོགས་བསམ་པ་སྒྲུབས། །སངས་རྒྱས་བསྟན་རྒྱས་ཡུལ་ཕྱོགས་འདིར། །འབྱུང་བཞི་གཡོ་འཁྲུག་རྐྱེན་ངན་རིགས། །སད་སེར་ནད་

p. 269

ཡམས་དུས་འཁྲུགས་ཞི། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དེ་ཝི་མ་ཧཱ་དེ་ཝཱ་སརྦ་ལོ་ཀ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨི་དཾ་བ་ལིཏྟ་ཁཱ་ཧི། ལན་གསུམ་མམ་བདུན་བརྗོད་ལ་ས་སློང་སར་འབུལ། དེ་ནས་འབྱུང་བཞི་ཕྱོགས་མདོག་ལྟར་བཤམས་ལ། ཧཱུྃ། རྡུལ་ཚོན་ཐིག་སྐུད་སྐད་ཅིག་དྲན་རྫོགས་ལས། །ཨོཾ་ཧཱུྃ་ཏྲཾ་ཧྲི་ཨཱཡི་ངོ་བོ་རུ། །རྒྱལ་བ་རིགས་ལྔའི་སྐུ་རུ་ལམ་མེར་གསལ། །འོག་མིན་གནས་ནས་འོད་ཟེར་ལྔ་པོ་འཕྲོས། །རིགས་ལྔའི་སྐུར་གྱུར་རིགས་ལྔ་འོད་ཞུ་ནས། །རྡུལ་ཚོན་ཐིག་སྐུད་རིགས་ལྔའི་སྐུར་གྱུར་ཞིང་། །དུག་ལྔ་ཞི་ནས་ཡེ་ཤེས་ལྔ་ལྡན་གྱུར། །ཅི་བསམ་དོན་རྣམས་འབད་མེད་འགྲུབ་པར་ཤོག །བཛྲ་ཙི་ཏྲ་ས་མ་ཡེ་ཧཱུྃ། ལན་ལྔས་ཚོན་བྱིན་བརླབས། ཨ་བྱ་བྷྱ་ཨ་ནུ་ག་ཏ་པྲ་བིཥྚ་སརྦ་དྷརྨ་བཛྲ་ཨཉྫ་ལི། ལྷ་དང་རྡུལ་ཚོན་རོ་གཅིག་པར་གྱུར། བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཡ་ཧཱུྃ། ཞེས་བརྗོད་པས་ཐིག་སྐུད་བྱིན་གྱིས་བརླབས། དེ་ནས་དཀྱིལ་འཁོར་གྱི་ཤར་ནས་སློབ་དཔོན་དང་། ནུབ་ནས་ལས་གཡོག་པས་ཐིག་སྐུད་སྣེ་དྲངས་ལ་ཐིག་གདབ། དེ་ནས་ཉ་

p. 270

ལྟོ་སྐོར་ལ་ཐིག་ཆེན་བརྒྱད་གདབ་ལ། དཀྱིལ་འཁོར་དཔེའུ་རིས་ལྟར་དང་། སློབ་དཔོན་གྱི་ཞལ་ཤེས་ལྟར། དཀྱིལ་འཁོར་ཆེན་པོ་དང་བཅས་པ་ལེགས་པར་བྲིས། དེ་ནས་སུམྦྷ་ནི༔ སོགས་བགེགས་བསྐྲད་དང་། ཡེ་དྷརྨཱ༴ སོགས་རབ་གནས་སློབ་དཔོན་གྱི་ལུགས་དེ་ནས་གཏོར་མ་བཤམས་པ་དང་། ཙཀ་ལི་དང་། ཤིང་རྩི་སྐྱོན་པ་སོགས་གཞུང་ལྟར་བྱའོ། །ཞེས་པ་འདི་ནི་ས་བདག་འཁྲུགས་བཅོས་ལ་ཤིན་ཏུ་མཁོ་བར་འདུག་ཕྱིར། ས་བདག་དབང་ཆེན་ས་ཆོག་ཤིན་ཏུ་བསྡུས་ནས། རྣལ་འབྱོར་པ་དགེ་སློང་རཱ་ག་ཨ་སྱས་བྲིས་པའོ། །འདི་ས་ཆོག་ཀུན་ལ་ལེགས་པར་ཡོད་དགོས་སོ།། །། ཨྠྀི།

ས་བདག་ལྷན་ཐབས།

p. 271

ན་མོ་བཛྲ་པཱ་ཎི་ཡེ། །གསང་བའི་བདག་པོའི་སྒྲུབ་པ་ནི། །སྐྱབས་སེམས་ལྷ་སྒོམ་བསྡུས་པ་བྱ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་སྲོག་ནི་བདག་ཡིན་ཏེ། །བདག་ནི་དོན་མེད་དོན་བསྒོམས་པས། །སྲིད་པའི་ལྷ་འདྲེ་དབང་སྡུད་གྱུར། །བདག་མེད་སྙིང་རྗེ་བསྒོམས་པའི་མཐུས། །ས་བདག་ཐམས་ཅད་གྲོགས་སུ་གྱུར།། བྱང་སེམས་ངོ་བོ་ཟླ་དཀྱིལ་དབུས། །རང་སེམས་ཧཱུྃ་གི་འཕྲོ་འདུ་ལས། །རང་ཉིད་ཕྱག་ན་རྡོ་རྗེ་ནི། །འཇིག་རྟེན་གསུམ་ན་རྣམ་རྒྱལ་བ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ནི། །རུས་རྒྱན་ཁྲོ་ཆས་མ་ལུས་རྫོགས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །དམ་ཚིག་ཡེ་ཤེས་དབྱེར་མེད་པ། །ཐུགས་ཀར་པདྨ་ཉི་ཟླའི་སྟེང་། །ཧཱུྃ་ལས་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །ས་བདག་ཀླུ་གཉན་ཐམས་ཅད་ཀྱི། །ནད་དང་གནོད་པ་ཐམས་ཅད་བྲལ། །དགའ་བདེ་ཞི་བའི་ངང་ལ་གནས། །འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ། །མཐུ་སྟོབས་གཟི་བརྗིད་རབ་ཏུ་རྒྱས། །མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར། །བཛྲ་པཱ་ཎི་ས་

p. 272

པཱ་རི་ཝཱ་ར་ས་མཱ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོཿ བཟླས་པ་ནི། ཨོཾ་བཛྲ་པཱ་ཎི་ཧཱུྃ། མ་ཡེངས་ངང་ནས་འཛབ་འདི་བརྒྱ་སྟོང་གང་འགྲུབ་བཟླས། ཨོཾ་བཛྲ་པཱ་ཎི་ཨརྒྷཾ་ནས་ཤབྟ་པྲ་ཏིཙྪ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ། སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །དཔལ་ཆེན་ལྷ་མཆོག་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་མཐིང་ནག་རལ་པ་གྱེན་ལ་བརྗེས། །དུར་ཁྲོད་ཆས་བརྒྱད་སྟག་ཤམ་སྦྲུལ་གྱིས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་འགྱིང་བག་འདོར་སྟབས་ཅན། །དུས་གསུམ་རྒྱལ་བ་མ་ལུས་ཐུགས་ཀྱི་མཆོག །གདུག་པའི་ཚོགས་འཇོམས་གསང་བདག་།རྡོ་རྗེ་འཛིན། །བཅོམ་ལྡན་ཕྱག་རྡོར་སྐུ་ལ་ཕྱག་འཚལ་བསྟོད། །ས་བདག་མཆོད་སྒྲུབ་ཀྱི་བདག་བསྐྱེད་རཱ་ག་ཨ་སྱས་སྦྱར་བའོ། །༄༅། །གནམ་ཆོས་ས་བདག་མཆོད་སྒྲུབ་ལས། དང་པོ་ས་སྲིན་བཀར་བ་ནི། ལྕོག་རྡོག་ཆངས་བུ་ཏིང་ལོ་བཤམས། །ཨ། སྟོང་པའི་ངང་ལས་རང་སེམས་ཡི་གེ་ཁྲོ། །དེ་ལས་རྡོ་རྗེ་ཁྱུང་ཆེན་སྐུ་མདོག་དཀར། །གསེར་གྱི་མིག་ཅན་རྭ་དང་མཆུ་སྡེར་ལྕགས། །རལ་གྲིའི་གཤོག་པ་ཆུ་གྲིའི་རྐང་པ་ཅན། །ཡེ་ནས་དམ་ཡེ་དབྱེར་མེད་ཉིད་དུ་གསལ། །བཀའ་དང་དམ་ལ་མི་གནས་གདུག་པ་ཅན། །ནག་པོའི་ཕྱོགས་གྱུར་ཀླུ་

p. 273

སྲིན་ས་སྲིན་དང་། །བྲག་སྲིན་ལ་སོགས་ས་བདག་མཆོད་བསྒྲུབས་ལ། །གནོད་བྱེད་སྒབ་འདྲེ་ཐམས་ཅད་འདིར་འདུས་ཤིག །ཏྲི་ཛ༔ཧཱུྃ་བཾ་ཧོཿ འོ་དེ་ཤན་དང་རོལ་མཚོའི་བྲག་ནག་ལ། །གནས་པའི་ས་སྲིན་སྒབ་འདྲེ་སྦྲུལ་མཇུག་ཅན། །བུ་ནི་བྲག་སྲིན་སྐྱིན་ལུས་སྦྲུལ་མཇུག་ཅན། །དེ་ཡི་མཇུག་མ་བྲག་དང་ཆུ་ཤིང་ས། །མེ་ལ་བརྡབས་པས་སོ་སོའི་སྲིན་བུ་བྱུང་། །ས་སྲིན་ཀླུ་སྲིན་བྲག་སྲིན་འཁོར་བཅས་ལ། །མཐུན་རྫས་གཏོར་མ་ཆངས་བུ་ཏིང་ལོ་སྦྱིན། །འདི་རུ་མ་འདུག་མྱུར་བར་གཞན་དུ་དེངས། །ཟོག་རུ་ཊ་གནོད་བྱེད་ཨུཙྪ་ཏ་ཡ་ཕཊ། །ཅེས་ཁྲག་ནག་གམ་ཤིང་གི་རྩ་བར་བསྐྱལ་ལོ། །དེ་ནས་མཚམས་གཅོད་སྲུང་འཁོར་བསྒོམ་པ་ནི། ཧཱུྃ། ཤར་ལྷོ་ནུབ་བྱང་སྟེང་གི་མཚམས་གཅོད་པ། །ཡེ་ཤེས་སྤྲུལ་པའི་རིགས་ཀྱི་ག་རུ་ཊ། །དཀར་སེར་དམར་ལྗང་མཐིང་ནག་རབ་ཏུ་རྔམས། །སྤྲུལ་པའི་ཁྱུང་ཆེན་ལྔ་ཡིས་མཚམས་ཆོད་ཅིག །བྷུད་དྷ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་རཀྵ་རཀྟ་ཡེ་སྭཱ་ཧཱ། ཞེས་ས་བདག་འཁྲུགས་བཅོས་ཀྱིས་ལྷན་ཐབས་རཱ་ག་ཨ་སྱས་སྦྱར་བའོ།།

p. 274

ས་བདག་འཁྲུགས་བཅོས་ཀྱི་རྫོངས་འདེབས་བྱ་བ་ནི། རིན་ཆེན་ཕྱེ་མར་འབྲུ་སྣ་སྨན་སྣ་ཤེལ་ཚིགས་འཐོར་ཞིང་འདི་སྐད་དོ།། ཀྱཻ། སྲིད་པའི་ས་བདག་དབང་ཆེན་རྒྱལ། །སྙན་གྱིས་གསོན་ལ་སྤྱན་གྱིས་གཟིགས། །རིན་ཆེན་གསེར་གཡུ་དངུལ་ཟངས་ལྕགས། །གཟི་མཆོང་སྤུས་ཤེལ་བཻཌཱུརྱ་སོགས། །ས་བདག་རྒྱལ་པོའི་ཕྱག་རྫོངས་འབུལ། །ས་བདག་རིན་ཆེན་བང་མཛོད་གང་། །བདག་དང་ཡོན་བདག་ཁ་འཛིན་མཛོད། །རིན་ཆེན་ལོངས་སྤྱོད་ལྡན་པར་ཤོག །དར་ཟབ་སྟག་གཟིག་ཟ་འོག་གི། །རིན་ཆེན་སྲབ་འཇམ་ལྡན་པ་འདི། །ས་བདག་རྣམས་ལ་ཕྱག་རྫོངས་འབུལ། །དར་ཟབ་མཛོད་གུར་ལྡན་གྱུར་ཅིག །ས་བདག་བང་མཛོད་གང་གྱུར་ནས། །བདག་དང་ཡོན་བདག་གོས་ཕྱུག་སྟེ། །མི་ཟད་ནོར་དང་ལྡན་གྱུར་ཅིག །འབྲུ་སྣ་གང་འཛོམ་སྣ་ཚོགས་དང་། །དར་ཟབ་དར་སྣ་ཕུན་སུམ་ཚོགས། །འབྲུ་ཡི་ཆར་འབེབས་ལྟ་བུ་ཡི། །ཟག་མེད་རྒྱ་ཆེན་དམིགས་ཏེ་

p. 275

ཕུལ། །སྲིད་པའི་ས་བདག་བང་བ་གང་། །བདག་དང་ཡོན་བདག་ཁ་འཛིན་མཛོད། །བང་མཛོད་བཅུད་དང་ལྡན་པར་ཤོག །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །དཀར་པོ་ལུག་གི་འབའ་སྐད་ལྡིར། །ཁམ་པ་ཞོལ་ཆེན་གཡག་རོག་དང་། །ནག་པོ་ཟིལ་མོ་འབྲི་བརྒྱ་སྟོང་། །ཁྲ་བོ་མདོ་ཕྲུག་རྟ་བརྒྱ་སྟེ། །སྲིད་པའི་ས་བདག་ཁྱེད་རྣམས་ལ། །དེ་རིང་འབྱོན་པའི་རྫོངས་སུ་འབུལ། །དཀོར་ནོར་ལོངས་སྤྱོད་ལྡན་པའི་ཕྱིར། །བདག་དང་ཡོན་བདག་བང་མཛོད་ལ། །ནོར་དང་ལོངས་སྤྱོད་ལྡན་པར་ཤོག །སྔོན་ཚེ་སློབ་དཔོན་པདྨ་ཡིས། །སྲིད་པའི་ས་བདག་དམ་ལ་བཞག །ཆོས་མཛད་དངོས་གྲུབ་སྟེར་བ་དང་། །ལོངས་སྤྱོད་སྩོལ་བ་དམ་དུ་བཞག །དངོས་གྲུབ་འབྱུང་བ་མ་ཟད་པར། །དམ་ཚིག་གཉན་པོའི་གཏོར་མ་དང་། །ལྗོངས་འདེབས་བཞེས་ལ་དངོས་གྲུབ་སྩོལ། །དེ་ནས་སྒོ་ཕྱེ་བ་ནི། མཆོད་གཡོག་པས་ལག་ཏུ་མདའ་དར་ལྡེ་མིག་ཐོགས་ལ་འོ་ཕུད་མཆོད། རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ནང་དུ་མེ་ཏོག་འཐོར་ལ་འདི་སྐད་དོ།། ཀྱཻ། དཀྱིལ་འཁོར་འདི་ལ་བཞུགས་པ་ཡི། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །མ་ལུས་འཁོར་

p. 276

བཅས་སྙན་གསོན་འཚལ། །རང་རང་གནས་སུ་གཤེགས་པའི་ཕྱིར། །དཀྱིལ་འཁོར་ཕྱི་ནས་སྒོ་ཕྱེ་འཚལ། ཀྱཻ། ཤར་གྱི་ཕྱོགས་སུ་སྒོ་ཕྱེ་འཚལ། །ཤར་ཕྱོགས་ས་བདག་ཐེ་སེ་དང་། །ཤིང་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་སྔོན་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །ཡིད་བཞིན་ནོར་བུའི་ལྡེ་མིག་གིས། །སྨོན་ལམ་རྟེན་འབྲེལ་ཤར་ནས་ཕྱེས། །རྩ་དཀར་སྨོན་ལམ་ཤར་ནས་ཕྱེས། །དངོས་གྲུབ་ནོར་གཡང་ཤར་ནས་ཕྱེས། །དཀྱིལ་འཁོར་ཤར་གྱི་སྒོ་ཕྱེ་འཚལ། །ས་བདག་ཐམས་ཅད་ཤར་དུ་གཤེགས། །བདག་དང་ཡོན་བདག་འཁོར་བཅས་ལ། །མཐའ་འཁོབ་རྨོངས་སྡུག་ཐམས་ཅད་སོལ། །ལྗོན་ཤིང་ལོ་འབྲས་བསྐྱེད་པར་ཤོག །ཅེས་ཤར་གྱི་ཤིང་རྩི་རྣམས་སྡུས་ལ་ཕུལ། ཀྱཻ། དཀྱིལ་འཁོར་ལྷོ་ཡི་སྒོ་ཕྱེ་འཚལ། །ལྷོ་ཕྱོགས་ས་བདག་ཙང་ཀུན་དང་། །མེ་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་སེར་པོའི་གདན་ལ་བཞུགས་། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་

p. 277

རྣམས། །རིག་པ་ཐབས་ཀྱི་ལྡེ་མིག་གིས། །ཟས་ནོར་རྒྱལ་ཁ་ལྷོ་ནས་ཕྱེས། །ནོར་གཡང་དངོས་གྲུབ་ལྷོ་ནས་སྩོལ། །དཀྱིལ་འཁོར་ལྷོ་ཡི་སྒོ་ཕྱེ་འཚལ། །ས་བདག་ཐམས་ཅད་ལྷོ་རུ་གཤེགས། །བདག་དང་ཡོན་བདག་འཁོར་བཅས་རྣམས། །གཟི་བརྗིད་མེ་ལྟར་འབར་བར་ཤོག །ཅེས་ལྷོ་ཡི་རྩི་ཤིང་རྣམས་ཕུལ། ཀྱཻ། དཀྱིལ་འཁོར་ནུབ་ཀྱི་སྒོ་ཕྱེ་འཚལ། །ནུབ་ཕྱོགས་ས་བདག་ཧང་ཕན་དང་། །ལྕགས་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་དམར་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ་། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །རྡོ་རྗེ་ཐ་རམ་ལྡེ་མིག་གིས། །ཡར་རྩ་དཀར་པོའི་འཕེལ་སྒོ་ཕྱེས། །རྨོངས་འདྲེ་རྩ་ནག་འདྲེ་སྒོ་ཆོད། །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གོད་ཁ་ཆོད་ལ་རྐྱེན་ཁ་བསྒྱུར། །ནུབ་སྒོ་ཕྱེས་ལ་གནས་སུ་གཤེགས། །ཞེས་ནུབ་ཀྱི་ཤིང་རྩི་རྣམས་སྡུས་ལ་ཕུལ། ཀྱཻ། དཀྱིལ་འཁོར་བྱང་གི་སྒོ་ཕྱེ་འཚལ། །བྱང་ཕྱོགས་ས་བདག་འབུམ་རྗེ་དང་། །ཆུ་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་ནག་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །

p. 278

བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །རྫུ་འཕྲུལ་ནོར་བུའི་ལྡེ་མིག་གིས། །བདུད་རྩི་ཆར་གྱི་སྒོ་ཕྱེས་ཤིག །ཆར་ཆུ་དུས་སུ་འབེབས་པར་ཤོག །འབྲུ་དྲུག་ནས་ཀྱི་གཡང་སྒོ་ཕྱེས། །དཀྱིལ་འཁོར་བྱང་གི་སྒོ་ཕྱེས་ལ། །ས་བདག་རང་རང་གནས་སུ་གཤེགས། །མི་མཐའ་ཆུ་ལས་རིང་བར་ཤོག །ཅེས་བྱང་གི་ཤིང་རྩི་རྣམས་ཕུལ། ཀྱཻ། དཀྱིལ་འཁོར་ཕྱོགས་མཚམས་སྟེང་འོག་གི། །ས་བདག་རྗེ་བློན་སྲས་འཁོར་བཅས། །བཙུན་མོ་ཕོ་ཉ་མངག་གཞུག་དང་། །ས་བདག་ཀླུ་རིགས་གཉན་རྣམས་ཀྱི། །རིན་ཆེན་སྣ་ཚོགས་ལྡེ་མིག་གིས། །ལོངས་སྤྱོད་སྣ་ཚོགས་སྒོ་ཕྱེ་འཚལ། །དགོས་འདོད་ཆར་ལྟར་འབེབས་པར་ཤོག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །བཟུང་བ་ཡོད་ན་ད་ཐོངས་ཤིག །བཅིངས་པ་ཡོད་ན་ད་ཁྲོལ་ཅིག །བསྡམས་པ་ཡོད་ན་ད་སློད་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཞིང་ལ་བཙའ་སེར་མ་གཏོང་ཞིག །ཁ་འཛིན་མཐུ་དཔུང་སྡོང་གྲོགས་མཛོད། །ཅེས་མཚམས་བཞིའི་ཤིང་རྩི་རྣམས་ཕུལ། །དེ་ནས་གཤེགས་སུ་གསོལ་བ་ནི། ཀྱཻ། དཀོན་

p. 279

མཆོག་གསུམ་དང་བདེ་གཤེགས་རྣམས། །ཕྲིན་ལས་ཀུན་ཀྱི་བདག་ཉིད་ཅན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དངོས། །ཡི་དམ་ལྷ་དང་བཅས་པ་རྣམས། །ཁྱེད་ཀྱི་སེམས་ཅན་དོན་སོགས་ནས། འབྱོན་པར་མཛད་དུ་གསོལ། །དེ་ནས་ས་བདག་རྣམས་གཤེགས་པ་ནི། ཀྱཻ། ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །ས་བདག་རྒྱལ་པོ་བཙུན་མོ་དང་། །དབང་ཆེན་ལོ་ལྷ་འཁོར་དང་བཅས། །ལོ་ཟླ་ཞག་དང་དུས་ཚོད་ལ། །མཆོད་པའི་གནས་སུ་བྱོན་པ་རྣམས། །ས་བདག་དགོངས་པ་འགྲུབ་པར་མཛོད། །བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ། །བདག་གིས་འབོད་ན་དེ་སྤྱོད་ཅིག །གཞན་ཡང་ལྷ་ཀླུ་མཐུ་ཆེན་རྣམས། །གཟའ་དང་རྒྱུ་སྐར་འཁོར་དང་བཅས། །ཡུལ་ལྷ་དགྲ་ལྷ་ཁྱིམ་ལྷ་དང་། །ས་སྐོར་རྩི་ཤིང་ནགས་ཚལ་དང་། །ཆུ་དང་རྡོ་དང་ལམ་ལ་སོགས། །གནས་པའི་ས་བདག་ཀླུ་གཉན་ཀུན། །མཆོད་སྦྱིན་ཆེན་པོས་མཉེས་བྱས་ནས། །བདག་གི་རེ་བ་བསྐང་བར་མཛོད། །ས་བདག་ལྷ་ཀླུ་རྫུ་འཕྲུལ་ཅན། །དང་པོ་བྱོན་པ་ཞལ་རེ་དྲོ། །སླར་ཡང་འབྱོན་པ་དོན་རེ་ཆེ། །ད་ནི་གཤེགས་པ་འགབ་རེ་

p. 280

བཟང་། །གཤེགས་ཤུལ་བཀྲ་ཤིས་བདེ་ལེགས་མཛོད། །ས་སྙིང་ས་ཡི་ལྷ་མོ་གཉིས། །བདག་དང་ཡོན་བདག་སྦྲ་ཁང་དང་། །ཞིང་ལ་བརྟན་བཞུགས་ས་བཅུད་སྤེལ། །འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་གནས་སུ་གཤེགས། །ལོ་ཀ་བྷུ་མི་པ་ཏི་སརྦ་གཙྪ། དེ་ནས་མཇུག་གི་བསྡུ་ཆོག་ནི། །ཡེ་ཤེས་སེམས་དཔའ་གནས་སུ་གཤེགས། །དམ་ཚིག་སེམས་དཔའ་རང་ལ་བསྡུ། །བསྐྱེད་རིམ་མི་དམིགས་ན་ད་ཡལ། །ཡེ་ཤེས་དབྱེར་མེད་དབྱིངས་སུ་ཐིམ། །ས་མ་ཡ་ཧོ། ས་མ་ཡ་ཧཱ། བཛྲ་ས་ཏཱ་ཨཱ༔ དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་རྒྱས་པར་བྱ། བཀྲ་ཤིས་གང་ཤེས་བརྗོད་པར་བྱའོ། །བཛྲ་མུ། ཞེས་ས་བདག་སྤྱི་གཏོར་དངོས་གྲུབ་ཏུ་རོལ། །ཞེས་པ་འདི་ནི་གནམ་ཆོས་འཁྲུགས་བཅོས་དང་དབང་ཆེན་ཀོང་ཙེ་བཅས་ཀྱི་ལྷན་ཐབས་ཁ་སྐོང་དུ། །ཀརྨ་རཱ་ག་ཨ་སྱས་སྦྱར་བ་འདིས་ཡུལ་ཕྱོགས་ཐམས་ཅད་དུ་དགེ་ལེགས་སུ་གྱུར་ཅིག །བཀྲ་ཤིས། །དགེའོ།། །།

ས་བདག་འཁྲུགས་བཅོས་ཀྱི་སྔོན་འགྲོ་ས་སྲིན་བཀར་ཐབས།

p. 281

ས་བདག་འཁྲུགས་བཅོས་ཀྱི་སྔོན་འགྲོ་ས་སྲིན་བཀར་ཐབས་བཞུགས་སོ། །ཅོག་རྡོག་གསུམ་ཆངས་བུ་ཏིང་ལོ་བཅས་འདུ་བྱས་ལ། ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །ཁ་དོག་དྲི་རོ་བཅུད་ནུས་ཕུན་ཚོགས་པ། །ཟད་མི་ཤེས་ཤིང་ཟག་མེད་བདེ་སྐྱིད་པ། །ལྷ་ཡི་བདུད་རྩི་ལྟ་བུར་བཅུད་ལྡན་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ཨོཾ་ཨཱ༔ཧཱུྃ་ཕཊ་སྭཱ་ཧཱ། རང་གི་ཐུགས་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས། །འཕྲོས་པས་ས་སྲིན་འབྱུང་པོའི་ཚོགས་རྣམས་ཀུན། །བཀུག་ཅིང་དབང་བསྡུས་གཏོར་མར་ལོངས་སྤྱོད་ཅིང་། །བདག་གི་བཀའ་ཉན་དམ་ལ་སྡོད་པར་གྱུར། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བདག་གིས་ས་བདག་ཚོགས་རྣམས་མཆོད་པ་ལ། གནོད་ཅིང་འཚེ་དང་བར་ཆད་བྱེད་པའི་བགེགས། །ས་སྲིན་ཀླུ་སྲིན་འབྱུང་པོའི་ཚོགས་རྣམས་ཀུན། །འདིར་གཤེགས་མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ། །འབུལ་གྱིས་བཞེས་ལ་སྔོན་ཚེ་གསང་བདག་སོགས། །རྒྱལ་བའི་བཀའ་ལས་མ་འདའ་རང་གནས་དེངས། །གལ་ཏེ་མི་ཉན་འཚེ་བར་བྱེད་པ་ན། །གསང་བདག་ཁྲོས་པའི་བྱ་ཁྱུང་ག་རུ་ཊས། །ལུས་སེམས་རྡུལ་དུ་བརླག་པར་གདོན་མི་ཟ། །

p. 282

དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སོགས་དྲག་སྔགས་བརྗོད། ཅེས་པའང་ཨ་རཱ་གས་མཛད་པའོ། སརྦ་མངྒ་ལཾ།། །།

གནམ་ཆོས་ས་སྙིང་སྒྲུབ་ཐབས་ཀྱི་མདུན་བསྐྱེད་ལས་ས་བདག་འཁྲུགས་བཅོས་བསྡུས་པ།

p. 283

གནམ་ཆོས་ས་སྙིང་སྒྲུབ་ཐབས་ཀྱི་མདུན་བསྐྱེད་ལས་ས་བདག་འཁྲུགས་བཅོས་བསྡུས་པ་བཞུགས་སོ། །

p. 284

ན་མོ་ཀཱི་ཧི་ར་ཙ་ཡེ། ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཡི་མཆོད་ཐབས་འཁྲུགས་བཅོས་དོན་བསྡུས་ནས། །བསྡུས་འབྲིང་རྒྱས་དང་ཤིན་ཏུ་རྒྱས་པ་བཞི། །བཅའ་ཚོགས་ཁྱད་ཡིན་འདོན་ཆ་ཁྱད་པར་མེད། །སྣོད་གཙང་ནང་ངམ་རྡོ་ཤིང་གཙང་མའི་སྟེང་། །རི་རབ་གཟུགས་བཞག་ས་བདག་སྤྱི་གཏོར་ཡིན། །དེ་སྟེང་རུས་སྦལ་གཟུགས་གཅིག་བཞག་པ་ཡིས། །ལོ་ཟླ་སྤར་སྨེ་འབྱུང་བའི་ས་བདག་ཚང་། །དེ་སྟེང་བཤོས་ཟླུམ་པད་འདབ་ལྡན་པ་ལ། །མེ་ཏོག་ཉི་ཟླ་ནོར་བུའི་དཀར་རྒྱན་བྱ། །མདུན་དུ་ལྷ་མོའི་བཤོས་བུ་བུམ་པའི་དབྱིབས། །རྒྱབ་ཏུ་ཡུལ་བདག་དཀར་གཏོར་རྩེ་རྒྱལ་གཅིག །གཡས་སུ་སྤར་ཁ་སྨེ་བའི་བཤོས་བུ་གཉིས། །གཡོན་དུ་འབྲང་རྒྱས་ཞལ་དཀར་ལོ་བཤོས་གཉིས། །ཕྱོགས་

p. 285

བཞི་སྲུང་བཞིའི་གཟུགས་དང་དཀར་གཏོར་རེ། །མཚམས་བཞི་གཡག་ལུག་ར་དང་བྱ་ཡི་གཟུགས། །འབྲུ་སྣ་ཤེལ་ཚིགས་རིན་ཆེན་སྨན་སྣ་བཏབ། །ཤིང་རྩི་སྤར་གང་བལ་ཚོན་བརྒྱན་པ་དང་། །འོ་ཞོ་ཇ་ཆང་ཕུད་དང་མདའ་དར་བཤམས། །དེ་ནི་བཅའ་ཚོགས་བསྡུས་པའི་རིམ་པའོ། །འབྲིང་པོ་ཀ་ཊོ་ར་སོགས་སྣོད་གཙང་ནང་། །བཅའ་ཚུལ་གཞན་རྣམས་གོང་དང་མཚུངས་པ་ལ། །སྤར་བཤོས་བརྒྱད་དང་དེ་བཞིན་སྨེ་བཤོས་དགུ། །ལོ་སྐོར་བཅུ་གཉིས་བཤོས་བུ་བཅུ་གཉིས་དང་། །ཕྱོགས་བཞི་མཚམས་བརྒྱད་ལྷ་ལ་གཏོར་མ་བརྒྱད། །རྟ་གླང་ཉ་ལྕོང་རྣམས་ཀྱི་གཟུགས་འགྲོས་བྱ། །རྒྱས་པར་གཞི་དཀར་ནས་ཚོམ་འདབ་བརྒྱད་སྟེང་། །བཅའ་ཚོགས་གཞན་རྣམས་གོང་དང་འདྲ་བ་ལ། །རི་རབ་མཐའ་རུ་དཀར་གཏོར་བདུན་དང་ནི། །

p. 286

གཞི་མཐར་སྤང་རློན་སྟེང་དུ་ཤིང་རྩིས་བསྐོར། །བསང་མཆོད་དུས་ལྟར་མཆོད་པ་རྒྱ་ཆེར་བཤམས། །ཤིན་ཏུ་རྒྱས་པ་ས་སྟེགས་གྲུ་བཞིའི་སྟེང་། །རྡུལ་ཚོན་པདྨ་འདབ་བརྒྱད་སུམ་རིམ་དང་། །དེ་རྒྱབ་འདབ་མ་གྲངས་མེད་གཉིས་རིམ་བསྐོར། །དེ་རྒྱབ་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་བྲི། །དེ་རྒྱབ་ཟླུམ་སྐོར་ཆུ་རིས་སྔོན་པོ་བྱ། །དེ་རྒྱབ་རུས་སྦལ་རྐང་ལག་མགོ་རྣམས་བྲི། །མཐའ་ལ་སྤང་རློན་གྲུ་བཞི་བསྒྲིགས་པ་ལ། །ཤིང་རྩི་དར་ཚོན་བལ་གྱིས་བརྒྱན་པ་བཙུགས། །འོག་གི་མངོན་རྟོགས་ནང་ནས་འབྱུང་བ་ལྟར། །ས་སྙིང་ཙཀ་ལི་གཏོར་མའི་རྩེ་རུ་བཙུགས། །འཁོར་རྣམས་རང་གཟུགས་བག་ཟན་ལ་བཅའ་བཀོད། །ཡོད་ན་སོ་སོའི་ཙཀ་ལི་བཙུགས་ཀྱང་འཐུས། །སྤྲོ་ན་ཙཀ་ལི་གཟུགས་བརྙན་གཉིས་ཀ་བྱ། །སོ་སོའི་མདུན་དུ་སོ་སོའི་བཤོས་བུ་བཞག །ཀླུ་སྨན་བཏབ་པའི་འོ་ཕུད་མང་དུ་བཤམས། །སྙིང་གཏེར་བཞག་རྒྱུའི་བུམ་པ་ཡོད་ན་བཞག །ཀུན་ཀྱང་སྤོས་རུམ་བྱས་ལ་གཙང་མ་བྱ། །རང་ཉིད་ཡི་དམ་གང་ཡིན་གཞུང་བསྲང་ལ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །ཕྱི་ལྟར་རིན་ཆེན་གསེར་གྱི་ས་གཞི་ལ། །ནང་ལྟར་མ་ཧཱ་གསེར་གྱི་རུས་སྦལ་ཆེ། །གསང་བར་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །འཇའ་སྤྲིན་བླ་བྲེ་རིན་ཆེན་ཆར་དུ་འབེབས། །བདུད་རྩིའི་རྫིང་བུ་དཔག་བསམ་ཤིང་གིས་བསྐོར། །

p. 287

ཤིན་ཏུ་ཉམས་དགའ་འདོད་ཡོན་ལོངས་སྤྱོད་ལྡན། །དེ་དབུས་སྣ་ཚོགས་པདྨ་ཟླ་བའི་སྟེང་། །ཀྵ་ལས་སེམས་དཔའ་ས་ཡི་སྙིང་པོ་དཀར། །མྱུ་གུ་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །མདུན་དུ་ས་ཡི་ལྷ་མོ་གསེར་གྱི་མདོག །ནོར་བུ་བུམ་འཛིན་སྐུ་སྟོད་ས་ནས་ཐོན། །གཡས་སུ་ས་བདག་དབང་ཆེན་སྐུ་མདོག་སེར། །ཞལ་གཅིག་ར་བ་བཞི་ཡི་གདེངས་ཀ་ཅན། །ཕྱག་བཞི་ཐལ་སྦྱར་ལྗོན་ཤིང་རི་རབ་འཛིན། །སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་སྟེང་དུ་བཞུགས། །གཡོན་དུ་ས་འཛིན་ལག་པ་ཆེན་པོ་སྔོ། །ལག་པ་གཉིས་ཀྱི་རི་རབ་པང་པའི་ཚུལ། །རྒྱབ་ཏུ་ལྟོ་འཕྱེ་སྦྲུལ་མཇུག་ཅན། །གདེངས་ཀ་བདུན་ལྡན་ཉལ་བའི་ཚུལ། །ལུས་ལ་ཀླུ་ཆེན་བརྒྱད་པོ་གསལ། །གཡས་ཟུར་ལྔ་སེར་ཤ་བ་ཞོན། །གཡོན་ཟུར་ས་སྐོར་གནས་ཀྱི་བདག །རྒྱབ་གཡས་ཡུལ་འདིའི་ཡུལ་ལྷའི་གཙོ། །རྒྱབ་གཡོན་ཡུལ་འདིའི་ཆུ་ཡི་བདག །དེ་རྒྱབ་སྨེ་དགུ་སྤར་ཁ་བརྒྱད། །དེ་རྒྱབ་ལོ་སྐོར་བཅུ་གཉིས་དང་། །ལོ་དང་ཟླ་བ་ཞག་དུས་ཀྱི། །།ས་བདག་ཀླུ་དང་རྒྱུ་སྐར་ཚོགས། །སྒོ་བཞིའི་སྲུང་བཞི་འཁོར་བཅས་གསལ། །གཙོ་བོ་གསུམ་གྱི་གནས་

p. 288

གསུམ་གྱི། །ཡིག་འབྲུ་གསུམ་དང་ས་བོན་ལས། །འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར། །ཧོ། དེང་འདིར་མཆོད་པ་རྒྱ་ཆེན་པོ། །དཀོན་པས་བཙལ་ཞིང་དཀའ་ཤུབས་བསྒྲུབས། །དད་གུས་གདུང་བའི་ཤུགས་ཕྱུང་སྟེ། །སེམས་དཔའ་ས་ཡི་སྙིང་པོ་དང་། །ལྷ་མོ་བརྟན་མ་ཡབ་ཡུམ་སྲས། །སྲིད་པའི་ས་བདག་དབང་ཆེན་ཀུན། །མཆོད་ཕྱིར་བཅོས་ཕྱིར་སྤྱན་འདྲེན་ན། །སྙན་གྱིས་གསོན་ལ་སྤྱན་གྱིས་གཟིགས། །བྱམས་པའི་ཐུགས་ཀྱིས་དགོངས་སུ་གསོལ། །ཅེས་དུང་ངམ་རོལ་མོ་བསྒྲགས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །རྡུལ་དང་བྲལ་བའི་ཞིང་ཁམས་དང་། །གྱི་མི་ཤན་གྱི་གནས་མཆོག་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་ཡི་སྙིང་པོ་གཤེགས་སུ་གསོལ། །གླིང་བཞི་འཇིག་རྟེན་འདི་ཡི་འོག །དབང་ཆེན་གསེར་གྱི་ས་གཞི་ནས། །ས་ཡི་ལྷ་མོ་གཤེགས་སུ་གསོལ། །རི་རབ་གསེར་གྱི་རི་བདུན་ནས། །དབང་ཆེན་ཤྲཱི་བྷ་ཏྲ་དང་། །ས་འཛིན་ལག་པ་གཤེགས་སུ་གསོལ། །སྟོང་གསུམ་སྲིད་པའི་དཀྱིལ་འཁོར་

p. 289

ནས། །ལྟོ་འཕྱེ་ཀླུ་བརྒྱད་གཤེགས་སུ་གསོལ། །མི་མཇེད་འཇིག་རྟེན་ཕྱོགས་བཅུ་ནས། །ལོ་ཟླ་ཞག་དུས་འབྱུང་བའི་ལྷ། །སྤར་སྨེ་ལོ་འཁོར་ཟླ་འཁོར་གྱི། །རྒྱལ་བློན་བཅུ་བདུན་བཅས་པ་བྱོན། །ལོ་རྒན་དྲུག་ཅུ་གཟའ་རྒྱུ་སྐར། །ཚེས་ལྷ་སུམ་བརྒྱ་དྲུག་ཅུ་བྱོན། །ཁྱད་པར་ཡུལ་དང་ས་སྐོར་འདིའི། །ས་བདག་རི་བདག་བྲག་གི་བདག །ཆུ་བདག་ཤིང་བདག་གནས་བདག་རྣམས། །བྱམས་པའི་ཐུགས་ཀྱིས་འདིར་བྱོན་ཅིག །ཡིད་སྤྲུལ་རིན་ཆེན་གཞལ་ཡས་ཁང་། །རིན་ཆེན་དར་ཟབ་པད་ཟླའི་སྟེང་། །གཙོ་འཁོར་འཚམས་པའི་གདན་ཁྲི་ལ། །རང་རང་ཕྱོགས་སུ་དགྱེས་པར་བཞུགས། །སྔོན་ཚེ་གསང་བདག་པད་འབྱུང་སོགས། །རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ཤིང་། །རང་གིས་ཁས་བླངས་དྲན་མཛོད་ལ། །རྣལ་འབྱོར་བདག་གིས་གང་བཅོལ་བའི། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨོཾ་ཀིཾ་ཧི་རཱ་ཙ་པྲི་ཐི་དྷེ་ཝི་སརྦ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨེ་ཧྥེ་ཧི་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ས་མ་ཡ་སཾ། ས་མ་ཡ་ཧོ་ཧཱུྃ། རྒྱལ་བ་ཀུན་གྱི་སྤྱན་ལས་སྤྲུལ། །འཇིགས་པ་ཀུན་ལས་སྐྱོབ་

p. 290

མཛད་ཅིང་། །ལོ་ཏོག་ཕུན་སུམ་ཚོགས་མཛད་པའི། །ས་ཡི་སྙིང་པོ་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ས་ལམ་བགྲོད་པའི་དཔང་པོ་མཛད། །བདུད་དཔུང་འདུལ་བའི་གྲོགས་མཛད་མ། །ས་ཡི་ལྷ་མོ་ལ་ཕྱག་འཚལ། །རྒྱལ་བའི་བཀའ་ཉན་འཇིག་རྟེན་སྐྱོང་། །དབང་ཆེན་ས་འཛིན་ལྟོ་འཕྱེ་སོགས། །ས་བདག་ཀུན་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །དངོས་སུ་ཅི་འབྱོར་གཙང་མར་བཤམས། །ཡིད་ཀྱིས་དཔག་ཏུ་མེད་པར་སྤྲུལ། །ཧ་ཧོ་ཧཱིཝཡིས་བྱིན་གྱིས་བརླབས། །ཟག་མེད་བདེ་བ་སྐྱེད་པའི་རྫས། །བེཟླུར་ནེའུ་སིང་བདུད་རྩིའི་རྫིང་། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །རིན་ཆེན་གཏེར་ཁ་དུ་མས་བརྒྱན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །སྤྱོད་ཡུལ་མཆོད་པ་འདི་བཞེས་ལ། །ཡུལ་རིས་ས་ཕྱོགས་བདེ་བར་མཛོད། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བཞི། །འཁོར་ཡུག་རིན་ཆེན་ར་བས་བསྐོར། །རིན་ཆེན་ཁྲི་བཟང་དར་ཟབ་འབུལ། །བླ་བྲེ་གདུགས་སོགས་རྒྱན་དང་ལྡན། །གནས་དང་གདན་གྱི་མཆོད་པ་འབུལ། །ཕོ་བྲང་གདན་ལ་

p. 291

བརྟན་པར་མཛོད། །སྤོས་དཀར་ནཱ་གི་ཙནྡན་དང་། །བཟང་ཤིང་སྤོས་ཀྱི་མཆོད་པ་འབུལ། །ས་བདག་རྨུགས་འཐིབ་སངས་གྱུར་ནས། །བདག་དང་ཡོན་བདག་རྨུགས་པ་སོལ། །བ་དམར་ལུག་དཀར་ར་དཀར་དང་། །འབྲི་ཟལ་འོ་མའི་མཆོད་པ་འབུལ། །ས་བདག་མགྲིན་པ་བདེ་གྱུར་ནས། །མིད་དཀྱུས་ནད་རྣམས་མེད་པར་མཛོད་། །ཡན་ལག་བརྒྱད་དང་ལྡན་པ་ཡི། །ཆུ་གཙང་ལྷ་ཡི་བདུད་རྩི་འདིས། །ས་བདག་ཞབས་ལ་ཁྲུས་གསོལ་བས། །ས་བདག་རྣམས་ཀྱི་ཞབས་བདེ་ནས། །བདག་དང་། ཡོན་བདག་རྐང་ནད་སོལ། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །རིན་ཆེན་སྣ་ཚོགས་རྒྱན་ཕྲེང་འབུལ། །ས་བདག་རྣམས་ཀྱི་སྐུ་མཛེས་ནས། །མི་སྡུག་མཛེ་ཤུའི་ནད་རྣམས་་སོལ། །རིན་ཆེན་ཉི་ཟླ་སྐར་མའི་འོད། །ཞུན་མར་གཏམས་པའི་སྒྲོན་མེ་འབུལ། །ས་བདག་རྣམས་ཀྱི་སྤྱན་གསལ་ནས། །བདག་ཅག་མིག་ནི་གསལ་བར་མཛོད། །དྲི་བཟང་སྦྱར་བའི་སྤོས་ཆབ་དང་། །རྒྱ་ཇ་ངད་ལྡན་དྲི་ཆབ་འབུལ། །ས་བདག་རྣམས་ཀྱི་ཁམས་དྭངས་ནས། །བདག་ཅག་རྟག་ཏུ་ལུས་བདེ་མཛོད། །ཀ་ར་བུ་རམ་སྦྲང་རྩི་དང་། །

p. 292

ཞོ་དང་ཆུར་བ་མར་སར་དང་། །ཐུད་དང་གྲོ་མ་གྲོ་ཟན་དང་། །ཕྱེ་མར་ལ་སོགས་ཞལ་ཟས་འབུལ། །ས་བདག་རྣམས་ཀྱི་ལུས་དར་ནས། །བདག་ཅག་ལོངས་སྤྱོད་ཕུན་སུམ་ཚོགས། །རྔ་དུང་རོལ་མོ་སིལ་སྙན་དང་། །བསྟོད་པའི་དབྱངས་ཀྱི་མཆོད་པ་འབུལ། །ས་བདག་རྣམས་ཀྱི་སྙན་ཚིམ་ནས། །བདག་ཅག་སྙན་གྲགས་ལྡན་པར་མཛོད་། །རྨ་བྱ་ནེ་ཚོ་ཁྲུང་ཁྲུང་དང་། །ངང་པ་ལ་སོགས་འོས་པའི་བྱ། །འཕྱི་བ་ཁྲུམ་པ་སྲམ་དང་སྦེ། །ཤ་དགོ་གནའ་གསུམ་རི་བོང་དང་། །གཡག་ལུག་བྱ་ར་རྟ་གླང་གཟུགས་། །མཛེས་པའི་གཟུགས་བརྙན་སྣ་ཚོགས་འབུལ། །ས་བདག་དཀོར་ནོར་བསད་པ་ཡི། །འཁོན་འགྲས་ཐམས་ཅད་བྱང་བར་མཛོད། །འཇམ་དཔལ་དབྱངས་ཀྱིས་བཀའ་གནང་ཞིང་། །ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །རྟ་དང་གླང་པོ་མ་ཧེ་དང་། །འབྲི་གཡག་མཛོ་དང་མཛོ་མོ་དང་། །ར་ལུག་བ་གླང་བོང་བུ་དང་། །རྔ་མོང་དྲེལ་ལ་སོགས་པ་ཡི། །དཀོར་ནོར་བརྒྱ་སྟོང་ཁྲི་འབུམ་འབུལ། །ས་བདག་དཀོར་ནོར་ཕྱུག་གྱུར་ནས། །བདག་དང་ཡོན་བདག་ཕྱུག་པར་

p. 293

མཛོད། །སུར་དཀར་ཤུག་པ་མཁན་དཀར་དང་། །སྤེན་ནེ་ཉ་བྲིད་འོམ་བུ་དང་། །ལྗོན་ཤིང་སྣ་ཚོགས་མཆོད་པར་འབུལ། །ཀླུ་དང་ས་བདག་ཐམས་ཅད་ལ། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །ནགས་ཚལ་འཐུག་པོར་གྱུར་ནས་ཀྱང་། །ཤིང་བཅད་འཁོན་འགྲས་བྱང་བར་མཛོད། །ནས་འབྲས་གྲོ་སྲན་ཏིལ་དང་ཁྲེ། །ཡུངས་འབྲུ་ལ་སོགས་འབྲུ་སྣར་འབུལ། །ས་བདག་བང་བ་གང་གྱུར་ནས། །བདག་དང་ཡོན་བདག་ལོ་ལེགས་མཛོད། །གསེར་དངུལ་གཡུ་དང་བྱུ་རུ་དང་། །གཟི་མཆོང་སྦྱར་ལེན་བཻཌཱུརྱ། །རིན་ཆེན་སྣ་ཚོགས་མཆོད་པར་འབུལ། །ས་བདག་བང་མཛོད་གང་གྱུར་ནས། །མི་ཟད་གཏེར་དང་ལྡན་པར་མཛོད། །གསེར་དངུལ་ཟངས་ལྕགས་བརྐོས་པ་ཡིས། །འཁོན་འགྲས་འགྲམ་འཁྲུགས་ཞི་བ་དང་། །ཡུལ་འདིའི་ས་བཅུད་འཕེལ་བར་མཛོད། །ཀླུ་གཉན་ས་བདག་ཐམས་ཅད་ལ། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཕུལ་བས་ས་བདག་ཉམས་པ་སོས། །རྒྱ་མཚོ་ལྦུ་བས་ཀླད་ཉམས་སོས། །ཕྱག་ཚང་ཀུ་བས་མགོ་ཉམས་སོས། །ཨུཏྤལ་ཕུལ་བས་མིག་ཉམས་སོས། །གླ་གོར་ཞོ་ཤས་རྣ་བ་

p. 294

སོས་། །ཉ་ཕྱིས་སྣ་དང་འགྲམ་པ་སོས། །མཚལ་དང་ལི་ཁྲིས་ཤ་ཁྲག་སོས། །མཁལ་མ་ཞོ་ཤས་མཁལ་ནད་སོས། །ཆུ་དག་དཀར་པོས་རུས་ཉམས་སོས། །དབང་པོ་ལག་པས་ལག་ཉམས་སོས། །དུང་དང་གུ་གུལ་རྫས་དག་གིས། །རུས་པ་ཉམས་དང་དྲི་ཉམས་སོས། །ཆུ་སྲིན་སྡེར་མོས་རྐང་ཉམས་སོས། །པུ་ཤེལ་རྩེ་ཡིས་རྩ་རྒྱུས་སོས། །རྡོ་རྒྱུས་ཆུ་རྒྱུས་ཉམས་པ་སོས། །ལེ་བརྒན་དར་གྱིས་ལྗགས་ཉམས་སོས། །མགྲོན་བུས་སོ་ནི་ཉམས་པ་སོས། །ཨ་རུ་ར་སོགས་བཟང་དྲུག་གིས། །ནང་ཁྲོལ་ཉམས་པ་ཐམས་ཅད་སོས། །སླེ་ཏྲེས་དང་ནི་བྱི་ཏང་ཀས། །རྒྱུ་མ་རལ་དང་ཉམས་པ་སོས། །ཕྱག་ཚང་ཁུ་བས་དྲོད་ཉམས་སོས། །སྤང་སྤོས་ངད་ལྡན་དྲི་ཉམས་སོས། །ཤིང་ལོས་དར་ཟབ་པགས་ཉམས་སོས། །སྔར་ལས་བདེ་ཞིང་བཀྲག་མདངས་རྒྱས། །གཟི་བརྗིད་མཐུ་སྟོབས་ཕུན་ཚོགས་ནས། །བདག་དང་ཡོན་བདག་འཁོར་བཅས་ལ། །ཀླུ་དང་ས་བདག་ལས་གྱུར་པའི། །ནད་རིགས་ཐམས་ཅད་མེད་པར་མཛོད། །བདག་ཅག་བདེ་ཞིང་ལོ་ལེགས་གྱུར། །ཚེ་བསོད་དཔལ་འབྱོར་རྒྱས་གྱུར་ཅིག །བྷྲཱུཾ་ལས་རིན་ཆེན་སྣོད་ཡངས་

p. 295

པར། །ཁཾ་ལས་དཀར་གསུམ་གཏོར་མ་ནི། །ཟག་མེད་བདེ་སྐྱིད་བདུད་རྩིའི་མཚོ། །ཟད་མེད་ལོངས་སྤྱོད་རྒྱ་ཆེན་འདི། །སེམས་དཔའི་ས་ཡི་སྙིང་པོ་དང་། །ལྷ་མོ་བརྟན་མ་ཡབ་ཡུམ་སྲས། །ལྟོ་འཕྱེ་ཆེན་པོ་ཀླུ་ཆེན་བརྒྱད། །འབྱུང་བ་སྤར་སྨེ་ལོ་ཟླའི་བདག །རྗེ་བློན་བཅུ་དྲུག་ལ་སོགས་པའི། །སྲིད་པའི་ས་བདག་ཀུན་ལ་འབུལ། །ཁྱད་པར་ཡུལ་ཕྱོགས་ས་སྐོར་འདིར། །ཡུལ་བདག་རི་བདག་ཆུ་ཡི་བདག །བྲག་བདག་རྡོ་བདག་ཤིང་གི་བདག །གནས་བདག་གཉུག་མར་གནས་རྣམས་ལ། །མཆོད་སྦྱིན་གཏོར་མ་འདི་འབུལ་ལོ། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཨ་ཀཱ་རོ་སོགས། །ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དྷེ་ཝི་སརྦ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨི་དམ་བྷ་ལིང་ཏ་ཁ་ཙ་ཁ་ཁཱ་ཧི་ཁཱ་ཧི། བདུན་བརྗོད། ཧཱུྃ། གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་སེམས་དཔའི་ཚུལ། །སེམས་དཔའ་ས་ཡི་སྙིང་པོ་ལ། །མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི། །བདག་དང་ཡོན་བདག་འཁོར་བཅས་རྣམས། །འཇིགས་པ་ཀུན་ལས་སྐྱབས་པ་དང་། །རྟག་ཏུ་ལོ་ལེགས་དངོས་གྲུབ་སྩོལ། །ས་བརྒྱད་ལ་གནས་སེམས་

p. 296

མ་ཆེ། །སྟོང་གསུམ་འཇིག་རྟེན་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི་།ས་ཡི་བཅུད་རྣམས་འདིར་བསྡུས་ལ། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །དག་པའི་ཞིང་དུ་ཡུམ་ཆེན་ལྔ། །མཁའ་སྤྱོད་གནས་སུ་མཁའ་འགྲོ་ལྔ། །འཇིག་རྟེན་ཁམས་འདི་འབྱུང་བ་ཡི། །རང་རང་མདོག་མཚུངས་ལྷ་མོ་ལྔ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཕྱི་ནང་འབྱུང་བའི་གཅོད་འདྲལ་དང་། །གཡོ་འཁྲུགས་ངན་པ་ཞི་གྱུར་ནས། །ཕྱི་རུ་ཡུལ་ཁམས་བདེ་བ་དང་། །ནང་དུ་ལུས་ལ་ནད་མེད་མཛོད། །ལས་ལས་གྲུབ་པའི་སྟོབས་པོ་ཆེ། །ས་འཛིན་ལག་པ་ལྟོ་འཕྱེ་སོགས། །འཇིག་རྟེན་ས་ཡི་བདག་པོ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ས་ལོག་རི་ཉིལ་བྲག་ཞིག་དང་། །མཁར་ཁང་རྡིབ་དང་ཞིག་རལ་སོགས། །ས་ཡི་གནོད་པ་མེད་པར་མཛོད། །དག་པ་འཕགས་ལམ་ཡན་ལག་བརྒྱད། །འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དང་། །འབྱུང་བརྒྱད་བདག་པོ་སྤར་ཁ་བརྒྱད། །ཕ་མ་བུ་ཚ་བུ་མོའི་ཚུལ། །ལོ་ཟླ་ཞག་དུས་ཀུན་གྱི་བདག །མཆོད་ཅིང་

p. 297

བསྟོད་དེ་ཕྱག་ཀྱང་འཚལ། །སྐག་བརྒྱད་ནད་བརྒྱད་གདོན་བརྒྱད་ཟློག །སྤར་ཁའི་ཀག་དང་འགྲམ་འཁྲུགས་སོལ། །དཔའ་བརྒྱད་གཡང་བརྒྱད་དངོས་གྲུབ་སྩོལ། །དག་པ་རྣམ་ཐར་སྒོ་དགུ་སྟེ། །མ་དག་འཇིག་རྟེན་དྲེགས་པ་དགུ། །ཕོ་བྲང་ལིང་དགུ་བརྒྱད་ཅུ་གཅིག །བརྒྱ་དང་བརྒྱད་ཅུ་སྨེ་བའི་ལྷ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རེ་འདོད་ཆེ་ཆུང་དབུས་ཚུད་ནག །སྨེ་བ་མི་མཐུན་གནོད་པ་རྣམས། །ཞི་ཞིང་བདེ་ལེགས་མཛད་དུ་གསོལ། །དོན་དམ་མཛད་པ་བཅུ་གཉིས་ཏེ། །ཀུན་རྫོབ་རྟེན་འབྲེལ་བཅུ་གཉིས་ནི། །དར་གུད་བཅུ་གཉིས་སྟོན་པའི་ཕྱིར། །ལོ་སྐོར་བཅུ་གཉིས་གཟུགས་སུ་ཤར། །ང་རྒྱལ་མི་ཡི་ལུས་པོ་ལ། །གཏི་མུག་དུད་འགྲོའི་མགོ་བརྙན་ཅན། །འདོད་ཆགས་བྱ་ཡི་གཤོག་པ་གདེངས། །ཞེ་སྡང་སྦྲུལ་མཇུག་སྐེད་ལ་དཀྲིས། །ཕྲག་དོག་ཁྱུང་སྡེར་ཐལ་མོ་སྦྱར། །གཅེས་པའི་སྲོག་ནི་ཁོང་དུ་སྦས། །ལུས་ཀྱི་འབྱུང་བ་གདན་དུ་བཏིང་། །རླུང་རྟའི་མགོ་བོ་ཁ་ན་ཁྱེར། །བླ་གཟའ་འཕྲག་པའི་གོང་དུ་ཁུར། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ལོ་ཟླ་ཞག་དུས་ལོག་མེན་གྱི། །

p. 298

ཀེག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །བདག་དང་ཡོན་བདག་འཁོར་བཅས་ལ། །ལོ་གཤེད་མ་འབེབས་ལོ་ལྷ་མཛོད། །ཕྱོགས་སྐྱོང་ཞིང་སྐྱོང་དྲང་སྲོང་གཟའ། །རྒྱལ་བློན་བཙུན་མོ་འབངས་འཁོར་གཟུགས། །སེ་ཝ་རྟ་ལུས་མི་ཡི་མགོ །ཧལ་ཁྱི་མི་ལུས་ཁྱི་མགོ་ཅན། །ས་བདག་རྗེ་བློན་བཅུ་བདུན་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ལོ་ཟླའི་ཕྱོགས་ནི་མི་གཙང་སར། །ཀོ་ལོང་སྡོམ་པའི་ལས་བྱས་པའི། །ཉེས་སྐྱོན་ཐམས་ཅད་མེད་པར་མཛོད། །གཡུ་འབྲུག་གསེར་སྦལ་དུང་སེང་དང་། །འཆོང་ཉ་གསེར་སྤྲེལ་གཟིག་གི་མཇུག །ཟངས་གླང་རྡོ་ལུག་ར་གན་འབྲུག །ཤེལ་གྱི་བྱ་ཁྱུང་དཀར་པོ་སོགས། །སྲིད་པའི་གཉན་རིགས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཉན་རིགས་ནད་རྣམས་མེད་པར་མཛོད། །དག་པ་ཡེ་ཤེས་སྒོ་བ་བཞི། །འཇིག་རྟེན་སྲུང་བཞིའི་ཚུལ་དུ་ཤར། །སྟག་འབྲུག་བྱ་དང་སྦལ་པའི་གཟུགས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཕྱོགས་བཞིར་བསྲུང་ཞིང་དཔལ་བཞི་བསྐྱེད། །འགྱུར་མེད་སྲ་བརྟན་དངོས་གྲུབ་སྩོལ། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་དགེ་

p. 299

བསྙེན་གནས་བདག་ལ། །མཆོད་ཅིང་བསྟོད་དེ་མཉེས་གྱུར་ནས། །ཁ་འཛིན་སྟོངས་གྲོགས་རྒྱབ་རྟེན་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལུས་ནི་གྲངས་མེད་རྡུལ་སྙེད་སྤྲུལ། །སེམས་ནི་གནོང་འགྱོད་གུས་བཏུད་ནས། །ས་ཡི་སྙིང་པོ་འཁོར་བཅས་ལ། །ཕྱག་འཚལ་བཤགས་པ་བྱེད་པར་གྱུར། །ཨོཾ་ཀིཾ་ཧི་ར་ཙ་ན་མོ་ཧཱུྃ༔ ཨོཾ་པྲི་ཐི་དྷེ་ཝི་ན་མོ་ཧཱུྃ། ཨོཾ་སརྦ་བྷཱུ་མི་པ་ཏི་ན་མོ་ཧཱུྃ། སྐབས་འདིར་ནད་པ་ཡོད་ན་ཕྱག་འཚལ་བཅུག བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །ཧོ། བདག་དང་ཡོན་བདག་གཉེན་འདུན་བཅས། །ཚེ་རབས་བསྐལ་པ་གྲངས་མེད་ནས། །ད་ལྟའི་ལུས་འདི་ཡན་ཆད་དུ། །མི་དགེ་མི་རུང་ལས་མ་བགྱིས་པ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཕྱིན་ཆད་བགྱིས་པར་མ་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །ཕ་མྱེས་ཡང་མྱེས་བདུན་རྒྱུད་ནས། །བུ་ཚ་ཕྱི་རབས་ཡན་ཆད་རྣམས། །ལོ་ཟླ་སྤར་ཁ་གཟའ་སྐར་གྱི། །སྐྱེ་མི་རུང་ལ་སྐྱེས་པ་དང་། །ཤི་མི་རུང་ལ་ཤི་བ་ཡིས། །ས་བདག་འཁྲུགས་པའི་ཉེས་སྐྱོན་རྣམས། །དེ་

p. 300

རིང་བཅོས་ཤིང་བཤགས་པར་བགྱི། །སྤར་ཁ་ལོ་ཟླ་ཞག་དུས་དང་། །ཚེས་གྲངས་གཟའ་སྐར་སོ་སོ་ལ། །བྱ་བ་མི་རུང་བྱས་པ་ཡིས། །ས་བདག་འཁྲུགས་པའི་ཉེས་སྐྱོན་རྣམས། །དེ་རིང་བཅོས་ཤིང་བཤགས་ལགས་སོ། །དམག་ཇག་རོ་བག་མདོས་ཟོར་རྣམས། །ས་བདག་བཞུགས་པའི་ཕྱོགས་སུ་བསྐྱལ། །ཕོག་ཐུག་ཀོ་ལོང་བསྡམས་པ་རྣམས་། །དེ་རིང་བཤགས་ཤིང་བཅོས་པ་ཡིན། །ཤིང་གཉན་བཅད་དང་ས་གཉན་བརྐོས། །བྲག་གཉན་བཤིག་དང་རྡོ་གཉན་རློག །ཆུ་གཉན་ཡུལ་དྲངས་ནེའི་གསེང་ཟློབརྐོས། །ཞིང་མུ་སྤང་རྒོད་འཕྲུ་འདུལ་བྱས། །ཁང་ནག་བཤུ་འགེབ་མཁར་ལས་ཀྱིས། །ས་བདག་ཐུགས་དང་འགལ་བ་རྣམས། །དེ་རིང་བཤགས་ཤིང་བཅོས་པ་ཡིན། །རི་གཉན་གུད་བཏབ་རི་མེ་བཀྱེས། །བྱ་གཅན་རི་དྭགས་བསད་པ་དང་། །མནའ་གཉན་བསྐྱེལ་ལེན་དཔང་པོར་བྱས། །རྡོ་ལྕགས་བསྣུར་དང་ཐབ་གཞོབ་ཀྱིས། །ས་བདག་ཐུགས་དང་འགལ་བ་རྣམས། །དེ་རིང་བཤགས་སོ་བཅོས་ལགས་སོ། །དམེ་རྨུགས་འཁོན་དང་བཙོག་ནལ་གྱིས། །ས་བདག་སྐུ་ལ་གྲིབ་ཕོག་ན། །དེ་རིང་བསང་ཞིང་དག་

p. 301

པར་བགྱི། །མདོར་ན་བདག་དང་ཡོན་བདག་རྣམས། །མ་ཤེས་མ་རིག་འཁྲུལ་དབང་གིས། །ས་བདག་ཐུགས་དང་གང་འགལ་བ། །ཐམས་ཅད་དེ་རིང་བཤགས་ཤིང་བཅོས། །འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག །ཁྱེད་རྣམས་བཟོད་པ་དང་དུ་བཞེས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ས་སྙིང་ཐུགས་ཀར་ཟླ་བའི་སྟེང་། །ཀྱི་མཐར་སྔགས་ཀྱིས་བསྐོར་བ་དང་། །བརྟན་མའི་ཐུགས་ཀར་པོ་མཐར་སྔགས། །འཁོར་རྣམས་ཐུགས་ཀར་རང་རང་གི །མིང་ཡིག་དང་པོ་ཐིག་ལེས་མཚན། །དེ་མཐར་ཨོཾ་དང་སྭཱ་ཧཱའི་བར། །རང་མིང་སྔགས་ཀྱིས་བསྐོར་བ་དེ། །རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ། །ཕོ་རྣམས་གཡས་འཁོར་མོ་གཡོན་འཁོར། །དེ་ལས་འོད་ཟེར་དཀར་པོའི་ཚོགས། །བདུད་རྩིའི་རང་བཞིན་དཔག་མེད་འཕྲོས། །བདག་དང་ཡོན་བདག་རྣམས་ལ་ཕོག །སྡིག་སྒྲིབ་ནད་གདོན་བར་ཆད་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་དག །བདུད་རྩི་ཚངས་བུག་ནས་ཞུགས་པས། །བདུད་རྩིས་ལུས་ཀུན་ལྟེམས་སེ་གང་། །ས་བདག་ནད་དང་གནོད་པ་ཀུན། །བ་སྤུའི་སྒོ་དང་སེན་ཕྲག་ནས། །འབུ་སྲིན་

p. 302

ཚུལ་དུ་ཕྱིར་ཐོན་ནས། །བར་སྣང་ཁམས་སུ་འཇའ་ལྟར་ཡལ། །སླར་ཡང་མདུན་གྱི་ལྷ་རྣམས་ལས། །གསེར་གྱི་མདོག་ཅན་འོད་འཕྲོས་པས། །བདག་དང་ཡོན་བདག་ཚེ་བསོད་རྒྱས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ས་བཅུད་བསྡུས་ནས་གནས་དེར་ཐིམ། །བཀྲག་དང་གཟི་མདངས་སྣུམ་འོད་ལྡན། །ས་བཅུད་དངོས་གྲུབ་ཐོབ་པར་གྱུར་། །ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དྷེ་ཝི་སྭཱ་ཧཱ། ཞེས་ཅི་ནུས་བཟླས། ཨོཾ་ཀྵི་ཧི་ར་ཙ་པྲི་ཐི་དྷེ་ཝཱི་སརྦ་སིདྡྷི་སྭཱ་ཧཱ། ལོ་ལེགས་ཕྱིར་ཡིན་ན་འདི་ཉིདཅི་མང་བཟླས། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མན་དྷ་ལེ་མན་ཌ་ལེ་སྭཱ་ཧཱ། འཁྲུགས་བཅོས་ཡིན་ན་འདི་མང་དུ་བཟླས། ཨོཾ་ལས་སུ་རཀྟ་འདུས། ཨ་ལས་མ་རཀྵ་འདུས། ཧཱུྃ་ཧཱུྃ་དྷ་དྷ་དུ་དྷ་མ་ཡེ་ཏ་ཀེ་ཙ་ཀེ་ཧཱུྃ་ཕཊ། ས་བདག་ཀླུ་གཉན་གྱི་གདུག་པ་ཞི་བར་གྱུར་ཅིག །ཕོག་ཐུག་ཤོར་ན་འདི་ཉིད་ཅི་མང་བཟླས། ཨོཾ་ཀྵི་ཧི་ར་ཙ་པྲི་ཐི་དྷེ་ཝཱི་བྷུ་མི་པ་ཏི་སརྦ་རོ་ག་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ནད་པ་ཡིན་ན་འདི་ཅི་མང་བཟླས། འབྲུ་སྣ་མཐེབ་སྐྱུའི་གསོ་བྲན་བྱ། །དེ་ཡན་ཚར་གྲངས་སྟོང་རྩའམ། །ལོ་གྲངས་སུམ་འགྱུར་བརྒྱ་རྩའམ། །བཅུའམ་བདུན་ལྔ་གསུམ་ལ་སོགས། །དལ་ཁོམས་དོ་གལ་ཆེ་ཆུང་བསྟུན། །ཤིང་རྩི་འདི་ནས་ཕུལ། དེ་ནས་རྗེས་ཆོག་གཤེགས་གསོལ་ནི། ཨོཾ་ཀིཾ་ཧི་ར་ཙ་

p. 303

པྲི་ཐི་དྷེ་ཝཱི་སརྦ་བྷུ་མི་པ་ཏི་ཨརྒྷཾ་པྲ་ཏཱིཙྪཡེ་སྭཱ་ཧཱ། པུཉྩེ་སོགས་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ས་སྙིང་ས་ཡི་ལྷ་མོ་དང་། །ས་བདག་ཚོགས་ལ་ཕྱག་འཚལ་བསྟོད། །མཆོད་གཏོར་ཆུང་དང་རྫས་མ་འཛོམ། །ཉེས་འགལ་གང་མཆིས་མཐོལ་ལོ་བཤགས། །ས་སྙིང་ས་ཡི་ལྷ་མོ་གཉིས། །བདག་དང་ཡོན་བདག་སྦྲ་ཁང་དང་། །ཞིང་ལ་བརྟན་བཞུགས་ས་བཅུད་སྤེལ། །འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་ཡུལ་དུ་གཤེགས། །ལོ་ཀ་བྷུ་མི་པ་ཏི་སརྦ་གཙྪ། དེ་ནས་བཀྲ་ཤིས་གང་ཤེས་བརྗོད། །ཕྱོགས་མཚམས་གཏོར་མ་ཤིང་རྩི་རྣམས། །ཁང་ཐོག་ཕྱོགས་མཚམས་བརྒྱད་དུ་འབུལ། །འབྲོག་པས་ཕྱོགས་མཚམས་གཙང་སར་བསྐྱལ། །གཙོ་བོའི་གཏོར་མ་ཁང་དཀྱིལ་ལམ། །སྦྲ་ཡི་གུང་ཁར་ཕུལ་བ་ཡིན། །ཀུན་ཀྱང་ཚུར་བླང་དངོས་གྲུབ་བྱ། །ཀླུ་སྨན་བཏབ་པའི་འོ་ཆབ་དང་། །འབྲུ་སྣ་ཤིང་རྩི་ཡོས་བཀྲ་རྣམས། །ཕོག་ཐུག་ཤོར་བའི་ས་རུ་བསྐྱལ། །གལ་ཏེ་བུམ་གཏེར་ཡོད་ན་ནི། །རྒྱབ་རི་ས་དཔལ་བཟང་སར་སྦས། །སྦས་ཚུལ་ལོགས་སུ་གསལ་ལྟར་ཡིན། །གནམ་ཆོས་ལས་བྱུང་སྒྲུབ་ཐབས་དང་། །འཁྲུགས་པ་ཡོ་བཅོས་དབང་ཆེན་དང་། །སྣང་བརྒྱད་མདོས་ཀྱི་དོན་བསྡུས་ནས། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །ཉེ་གནས་ཀུན་དགས་ཡི་གེར་བྲིས། །ཉེས་འགལ་མཆིས་ན་ལྷ་ལ་

p. 304

བཤགས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །རྐང་གཉིས་རྣམས་ལ་ཕན་པར་ཤོག །སརྦ་མངྒ་ལཾ། །དགེའོ།། །། ས་བདག་འདི་ལ་འདྲ་མིན་སྣ་ཚོགས་ཞིག་འདུག་ཀྱང་བསྒྱུར་བཅོས་མ་ཕོད་པས་སྡེ་པར་ནང་བཞིན་སོར་བཞག་བྱས་ཡོད། མཆན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་འཁྲུགས་བཅོས་གནད་ཀྱི་གདམས་པ།

p. 305

ས་བདག་འཁྲུགས་བཅོས་གནད་ཀྱི་གདམས་པ་ཟབ་ཅིང་སྟབས་བདེ་བ་ཡོད།། བྱང་སེམས་ས་ཡི་སྙིང་པོ་ལ་བཏུད་དེ། །གནས་ཆོས་ས་སྙིང་སྒྲུབ་པའི་མདུན་བསྐྱེད་དང་། །འཁྲུགས་བཅོས་སྦྲག་སྒྲུབ་ཉེར་མཁོ་ཉུང་བསྡུས་བྲི། །འཁོར་འདས་ལྷ་རྣམས་ཀུན་གྱིས་གནང་བ་སྩོལ། །ས་བདག་འཁྲུགས་བཅོས་གྲངས་མང་གསོག་གསུངས་ཀྱང་། །དེང་སང་ཀུན་གྱི་གྲངས་མང་བསོགས་དཀའ་བས། །བཅའ་ཚོགས་རྒྱས་པ་གཙང་ཞིང་བཟང་བ་རུང་། །མཆོད་གཏོར་བཤམས་ལ་སྤོས་རིམ་ཆབ་ཀྱིས་བྲན། །གནམ་ཆོས་པད་འབྱུང་བསྒྲུབས་པས་བདག་བསྐྱེད་བྱ། །གཞུང་ལྟར་རྒྱས་པ་ཚར་གཅིག་བཏང་ནས་སུ། །འདི་ཉིད་བསོགས་པས་མ་ཚང་སྐྱོང་མི་འགྱུར། ཀྱཻ། །རྣམ་དག་སྐུ་གསུམ་ཆོས་དབྱིངས་ཁྱབ་གདལ་བའི། །རྡུལ་བྲལ་ཞིང་དང་གནས་ཆེན་གྱི་མི་ཤན། །གླིང་བཞི་རི་རབ་སྟེང་འོག་ཕྱོགས་མཚམས་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ས་ཡི་སྙིང་། །བརྟན་མ་དབང་ཆེན་ས་འཛིན་ལྟོ་འཕྱེ་སོགས། །ལོ་ཟླ་ཞག་དུས་ཚེས་ལ་དབང་བ་ཡི། །སྲིད་པའི་ས་བདག་མཆོད་ཕྱིར་སྤྱན་འདྲེན་ནོ། །ཁྱད་པར་ཡུལ་འདིའི་ཉིན་སྲིབ་ཕུ་མདའ་ཡི། །སྤང་ལྗོངས་རི་བྲག་ནགས་ཚལ་ཆུ་ཀླུང་ལ། །གནས་པའི་ཡུལ་ལྷ་དགེ་བསྙེན་གཞི་བདག་ལ། །མཆོད་ཕྱིར་སྤྱན་འདྲེན་བདེ་བའི་སེམས་ཀྱིས་

p. 306

བྱོན་། །རང་རང་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། །གཉིས་མེད་ཡེ་ཤེས་རོལ་པས་གུས་ཕྱག་འཚལ། །གནས་ཡུལ་ཕོ་བྲང་རྒྱན་བཀོད་ཕུན་ཚོགས་དང་། །ཁྲུས་རྫིང་བདུད་རྩིའི་ཆུ་རྒྱན་མ་རྨོས་འབྲུ། །དཔག་བསམ་ནགས་ལས་འདོད་དགུའི་ཡོན་ཏན་འཕྲོ། །རྟ་གླང་ནོར་ལུག་འདོད་འཇོའི་བ་ཕྱུགས་ཁྱུ། །ལྔ་ཕྲག་ལྔ་ཡི་བཅུད་ཀྱིས་ཡོངས་ཁེངས་བའི། །མཆོད་སྤྲིན་གཏེར་གྱི་བུམ་བཟང་ནམ་མཁའི་མཛོད། །མཐའ་ཡས་ཞིང་ཀུན་གང་བས་རྒྱལ་རྣམས་མཆོད། །གནས་སྐབས་རྐྱེན་ཞི་དཔལ་འབྱོར་ཕུན་ཚོགས་ཀྱིས། །སྣོད་བཅུད་ཡུལ་ཕྱོགས་གནས་འདིར་བྱིན་ཆེན་ཕོབ། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་དང་། །རྒྱལ་སྲིད་རིན་ཆེན་བྱ་གཅན་རེ་ཕྱུག་འབུལ། །བདེ་ཟགཤེགས་རྣམས་ཀྱིས་ཐུགས་བསྐྱེད་བྱིན་རླབས་པའི། །ཤེར་ཚིགས་རྟ་དྲེལ་གནག་ལུག་བ་གླང་ར། །དཀོར་ནོར་དཔག་མེད་གྲངས་འདས་དཀོར་དུ་འབུལ། །འབྲུ་སྣ་རིན་ཆེན་དར་ཟབ་ཕྱེ་མར་གསུར། །ཇ་ཆང་འོ་ཞོ་ཤིང་སྣའི་དུད་པས་བསང་། །རིག་འཛིན་བདག་དང་བསྲུང་བྱར་གྱུར་རྣམས་ཀྱི། །རི་ཞིང་ཐང་ཞིང་ས་བོན་ལྗང་བུ་དང་། །སྙེ་མ་འབྲུ་

p. 307

དང་བཅས་པའི་མཆོད་པ་འབུལ། །དཀར་གསུམ་གཏོར་མ་ཟག་མེད་རོ་བརྒྱའི་མཚོ། །ཟག་མེད་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་དང་། །གསེར་དངུལ་གཡུ་ཕྱེ་དང་སྦྱར་སྐྱེམས་བཟང་འདི། །བྱང་སེམས་ས་སྙིང་ལྷ་མོ་བརྟན་མ་སོགས། །ས་བདག་ཀླུ་གཉན་ཡུལ་ལྷ་རྣམས་ལ་འབུལ། །བདག་སོགས་སྒོ་གསུམ་རབ་གུས་དང་བས་བསྟོད། །སྐུ་གསུང་ཐུགས་རྒྱུད་རབ་ཏུ་མཉེས་གྱུར་ནས། །བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ཆེར་རྒྱས་ཤོག །ཐུགས་ཕོག་འགལ་འཁྲུལ་གང་མཆིས་མཐོལ་ལོ་བཤགས། །རྒྱལ་བའི་བསྟན་སྲུང་མཆོག་གསུམ་ཆེ་བ་ཐོན། །མི་ཕྱུགས་ནད་ཡམས་འཇིགས་པ་བརྒྱད་སོགས་ཞི། །ཚེ་རིང་འབྱོར་སྟོབས་རབ་རྒྱས་བསམ་དོན་བསྒྲུབ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཚུན་ཆད་ཀྱི། །འཁོར་འདས་གཉིས་ཀྱི་དཔལ་ཡོན་ནུས་རྩལ་བཅུད། །ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་ལྟར། །དགའ་བའི་གར་དང་བཅས་ཏེ་ཐོགས་མེད་ཁུག་ཡུལ་ཞིང་བང་ཁང་རྣམས་ལ་ཐིམ་པར་མཛོད། །མི་ཕྱུགས་ཁ་ཟས་ལོ་ཐོག་ལྗང་བུ་ལ། །སད་སེར་འབུ་སྲིན་ཁྲ་ཐན་གནོད་པ་རྣམས། །ཞི་ཞིང་ཕྱིན་ཆད་ཉེས་བྲལ་

p. 308

ལེགས་ཚོགས་སྤེལ། །རྫོགས་ལྡན་ཡོན་ཏན་གསར་འཆར་ཕྲིན་ལས་མཛོད། །འདི་ལ་གྲངས་བཟུང་འབྲུ་སྣ་མཐེབ་སྐྱུ་དགོས། །ཤིང་རྩི་རྗེས་ཆོག་བཀྲ་ཤིས་གཞུང་ལྟར་བྱ། །འདི་ཉིད་དར་བའི་ཡུལ་ནི་ལོ་ལེགས་ཤིང་། །མི་ཕྱུགས་བདེ་ཞིང་སྤེལ་བའི་རྒྱུར་གྱུར་ཅིག །འདི་སྐད་དབུ་མཛད་མ་ཧཱ་སུ་ཁ་ཡིས། །བསྐུལ་བའི་གཡར་ངོར་རྟོག་པ་བྲལ་བའི་སླད། །པདྨ་འཆི་མེད་ངེས་དོན་གྲུབ་དབང་གིས། །ལྕགས་ཡོས་ཟླ་བ་དྲུག་པའི་ཚེས་བཅུར་བྲིས། །དགེ་བས་འགྲོ་ཕན་ཚད་མེད་ཡོངས་བར་ཤོག། །། ༈ ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དྷེ་ཝཱི་སྭཱ་ཧཱ། བརྒྱ་རྩ་བརྒྱད། ཨོཾ་ཀིཾ་ཧི་ར་ཙ་སྲི་ཟི་དྷེ་ཝཱི་སརྦ་སིདྡྷི་སྭཱ་ཧཱ། བརྒྱ་རྩ་བརྒྱད། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མན་དྷ་ལེ་མན་ཌ་ལེ་སྭཱ་ཧཱ། བདུན་གསུམ། ཨོཾ་ཨ་ལས་སུ་རཀྟ་འདུས། ཨ་ལས་མ་རཀྟ་འདུས། ཧཱུྃ་ཧཱུྃ་དྷ་དྷ་དུ་དྷ་མ་ཡེ་ཏ་ཀེ་ཙ་ཀེ་ཧཱུྃ་ཕཊ། ས་བདག་ཀླུ་གཉན་གྱི་གདུག་པ་ཞི་བར་གྱུར་ཅིག །བདུན་ཕྲག་གཅིག་བཟླ། ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དྷེ་ཝཱི་བྷུ་མི་པ་ཏི་སརྦ་རོ་ག་ཤཱནཾ་ཀུ་རུ་སྭཱ་ཧཱ། ལྔ་བདུན་ཙམ་བཟླས་པས་འགྲུབ།།

གནམ་ཆོས་ས་སྙིང་སྒྲུབ་ཐབས་འཁྲུགས་བཅོས་ཀྱི་ཕྱག་འཚལ་དང་བཤགས་པ་ཕན་བདེ།

p. 309

གནམ་ཆོས་ས་སྙིང་སྒྲུབ་ཐབས་འཁྲུགས་བཅོས་ཀྱི་ཕྱག་འཚལ་དང་བཤགས་པ་ཕན་བདེ་བྱ་བ་བཞུགས་སོ།

p. 310

ན་མོ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྣམས་ལ་ཕྱག་འཚལ་ལོ། །དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།

p. 311

སངས་རྒྱས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་གྱི་སྒྲོན་མེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལྔ་བཅུ་རྩ་ལྔ་ལ་ཕྱག་འཚལ་ལོ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་སེམས་དཔའ་ས་ཡི་སྙིང་པོ་ལ་

p. 312

ཕྱག་འཚལ་ལོ། །ཀླུ་ཡི་རྒྱལ་པོ་ཆེན་པོ་བཅུ་གསུམ་ལ་ཕྱག་འཚལ་ལོ། །དེ་དག་གི་བཙུན་མོ་དང་འཁོར་གཡོག་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞན་ཡང་ཀླུ་རིགས་བཞི་སྟེ། རྒྱལ་རིགས་རྗེ་རིགས་བྲམ་ཟེ་གདོལ་པའི་རིགས་ཐམས་ཅད་ལ་ཕྱག་འཚལ་ལོ། །དམངས་རིགས་གཡོག་འཁོར་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀླུ་རིགས་བུ་མོ་སྟེ་སྤྲིན་བདག་ཀླུ་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་སྲིད་པའི་ཀླུ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་པའི་གཉན་རྗེ་གོང་སྔོན་ལ་ཕྱག་འཚལ་ལོ། །ཁྲི་འཇམ་དང་སྟོང་སྟབས་ལ་ཕྱག་འཚལ་ལོ། །གཉན་རྗེ་བཙན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །གཞན་ཡང་གཉན་ས་ཡ་འབུམ་སྡེ་ལ་ཕྱག་འཚལ་ལོ། །གཉན་གྱི་བཙུན་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉན་གྱི་བུ་དང་བུ་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་ལ་ཕྱག་འཚལ་ལོ། །གཉན་ཕྲན་བཞི་བཅུ་རྩ་གཉིས་ལ་ཕྱག་འཚལ་ལོ། གཞན་ཡང་ཁྲ་བོའི་གཉན་རིགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ས་བདག་གི་རྒྱལ་པོ་དབང་ཆེན་ལ་ཕྱག་འཚལ་ལོ། །བཙུན་མོ་ས་ཡི་ལྷ་མོ་ལ་ཕྱག་འཚལ་ལོ། །འབྱུང་བའི་ལྷ་

p. 313

ལྔ་ལ་ཕྱག་འཚལ་ལོ། །ས་འཛིན་ལག་པ་ཆེན་པོ་ལ་ཕྱག་འཚལ་ལོ། །ས་བདག་ལྟོ་འཕྱེ་ཆེན་པོ་ལ་ཕྱག་འཚལ་ལོ། །ས་བདག་རྟ་སྐད་ཅན་ལ་ཕྱག་འཚལ་ལོ། །ས་བདག་སྟག་གི་རྐང་ལག་ལ་ཕྱག་འཚལ་ལོ། །ཕྱོགས་བཞི་མཚམས་བརྒྱད་ས་བདག་ལ་ཕྱག་འཚལ་ལོ། །སྤར་ཁ་བརྒྱད་ཀྱི་ས་བདག་ལ་ཕྱག་འཚལ་ལོ། །སྨེ་བ་དགུ་ཡི་ས་བདག་ལ་ཕྱག་འཚལ་ལོ། །ལོ་སྐོར་བཅུ་གཉིས་ས་བདག་ལ་ཕྱག་འཚལ་ལོ། །ས་བདག་རྗེ་བློན་བཅུ་བདུན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །སྲིད་པའི་གཉན་རིགས་ས་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞན་ཡང་ཡུལ་ཕྱོགས་འདི་ལ་གནས་པའི་ས་བདག་ཀླུ་གཉན་ཐམས་ཅད་ལ་ཕྱག་འཚལ་ལོ། །གནས་འདིའི་གཡས་གཡོན་མདུན་རྒྱབ་ལ་གནས་པའི་ས་བདག་ཀླུ་གཉན་ཡིད་གཟུགས་ཅན་རྣམས་ལ་ཕྱག་འཚལ་ལོ། །ཕྱོགས་བཞི་སྒོ་སྲུང་བཞི་ཡི་ས་བདག་ལ་ཕྱག་འཚལ་ལོ། །གཞན་ཡང་ཉེ་སྐོར་འདི་ལ་གནས་པའི་རེ་རེ་ལྟ་བ་ཀྲོག་གེ་ཉན་པའི་ས་བདག་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་རིན་པོ་ཆེ་སྣ་ཚོགས་དར་སྣ་འབྲུ་སྣ་སྐྱེམས་ཕུད་ཕྱེ་མར་ཤིང་རྩི་དཀོར་ནོར་ཤེལ་ཚིགས་སོགས་འདོད་དགུའི་

p. 314

ལོངས་སྤྱོད་ཀྱི་མཆོད་པ་འདི་འབུལ་ལོ། །འོ་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདིར་གནས་ས་བདག་ཀླུ་གཉན་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་ལུས་འདི་ཡན་ཆད་དུ། མི་དགེ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། ཕྱི་སོ་ཐར། བར་བྱང་སེམས། ནང་གསང་སྔགས་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་ལ་འགལ་བའི་ལས་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །དེང་ཕྱིན་ཆད་ནས་ནམ་ཡང་བགྱིད་པར་མ་གྱུར་ཅིག །བདག་ཅག་རྣམས་ཀྱི་ཕ་མྱེས་ཡང་མྱེས་ཚུན་ཆད་ནས། བུ་དང་ཚ་བོ་ཡན་ཆད་དུ། ལོ་དང་ཟླ་བ་ཞག་དང་ཟ་མ་དུས་ཚོད་རྣམས་ལ། སྐྱེ་མི་རུང་བ་ལ་སྐྱེས་པ་དང་། ཤི་མི་རུང་བ་ལ་ཤི་ནས། ས་བདག་འཁྲུགས་པའི་ཉེས་སྐྱོན་ཐམས་ཅད་མཐོལ་ལོ་བཤགས་སོ། །ལོ་དང་ཞག་དུས་ཚོད་སོ་སོའི་དུས་སུ་བྱ་བ་མི་རུང་པའི་ལས་ཀྱིས་ཀླུ་གཉན་ས་བདག་འཁྲུགས་པའི་ལས་ཐམས་

p. 315

ཅད་མཐོལ་ལོ་བཤགས་སོ། །དམག་ཇག་མདོས་དང་གཏོར་ཟོར་རྣམས། ས་བདག་བཞུགས་ཕྱོགས་སུ་ཐུག་པའི་ཉེས་སྐྱོན་ཐམས་ཅད་མཐོལ་ལོ་བཤགས་སོ། །གཞན་ཡང་ཤིང་གཉན་བཅད་པ་དང་། ས་གཉན་བརྐོས་པ་དང་། བྲག་གཉན་བཤིགས་པ་དང་། རྡོ་གཉན་སློག་པ་དང་། ཆུ་གཉན་ཡུར་དུ་དྲངས་བ་དང་། ནེའུ་སིང་བརྐོས་པ་དང་། ཞིང་མུ་སྤང་རྒོད་ཕེད་པ་དང་། འཕྲུལ་འདུལ་བ་དང་། ཁང་ནག་བཤུས་པ་དང་། བཀབ་པ་དང་། མཁར་ལས་ཀྱིས་ས་བདག་རྣམས་ལ་ཕོག་ཐུག་བྱུང་བ་ལ་ཐམས་ཅད་མཐོལ་ལོ་བཤགས་སོ། །རི་གཉན་ལ་མེ་བཀྱེས་པ་དང་། ཀུས་བཏབ་པ་དང་། བྱ་དང་རི་དྭགས་གཅན་གཟན་བསད་པ་དང་། མནའ་གཉན་བསྐྱེལ་ལེན་དང་། དཔང་པོ་བྱས་པ་དང་། རྡོ་དང་ལྕགས་ལེན་གནུར་དང་ཐབ་གཞོབ་ཀྱིས། ས་བདག་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ། །རྨེ་དང་རྨུགས་དང་རྩོག་ནལ་གྱིས། ཀླུ་གཉན་ས་བདག་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ། །མདོར་ན་བདག་དང་ཡོན་བདག་འཁོར་གཡོག་ཐམས་ཅད་ཀྱིས། མ་ཤེས་པ་དང་། མ་

p. 316

རིག་པ་འཁྲུལ་དབང་གིས། ཀླུ་གཉན་ས་བདག་ཁྱེད་རྣམས་ཀྱི་སྐུ་ལ་མནོལ་བ་དང་། གསུང་འགག་པ་དང་། ཐུགས་རྨུགས་པའི་ལས་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །བདག་ཆོ་ག་མཁན་གྱིས་ཀྱང་ཐུགས་དང་འགལ་བའི་ལས་བསྐྱེད་རིམ་མ་གསལ་བ་དང་། རྫོགས་རིམ་མ་རྟོགས་པ་དང་། བཟླས་བརྗོད་མ་ཤེས་པ་དང་། ལག་ལེན་ནོར་བ་དང་། ལེ་ལོ་དང་བག་མེད་པས་མི་གཙང་བ་དང་ཆད་པ་དང་ལྷག་པ་དང་། ནོར་འཁྲུལ་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །གནོང་ངོ་། །འགྱོད་དོ། །དེ་ལྟར་མཐོལ་ཞིང་བཤགས་ན་བཟོད་པ་ཆེན་པོའི་ངང་དུ་བཞེས་ནས་ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས། ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་དུ་དག་པར་གྱུར་ཅིག འོ་དེ་ལྟར་མཆོད་ཅིང་བཤགས་པ་ཕུལ་བས་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་མཉེས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི་ཚེ་བསོད་ནམས་དཔལ་འབྱོར་ཉམས་རྟོགས་འཕེལ་ཞིང་ཕྱི་མ་བདེ་ཆེན་དག་པའི་ཞིང་

p. 317

ཁམས་བགྲོད་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག །ཨེ་མ་ཧོ། མཆོག་གསུམ་རྩ་གསུམ་ཆོས་སྐྱོང་དང་། །སྣང་སྲིད་སྡེ་བརྒྱད་ཀླུ་གཉན་དང་། །ས་བདག་རྣམས་ཀྱི་ཐུགས་མཉེས་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །འཇིགས་པ་ཀུན་ལས་སྐྱོབ་པ་དང་། །རྟག་ཏུ་ལོ་ལེགས་དངོས་གྲུབ་སྩོལ། །འཇིག་རྟེན་ས་བཅུད་འདིར་བསྡུས་ལ། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །གཅོད་རལ་གཡོ་འཁྲུགས་ཞི་བ་དང་། །ཡུལ་བདེ་ལུས་ལ་ནད་མེད་མཛོད། །ས་རི་བྲག་ཞིག་མཁར་ཁང་རྡིབ། །ས་ཡི་གནོད་པ་མེད་པར་མཛོད། །སྤར་ཁའི་སྐག་དང་འགྲམས་འཁྲུགས་སོལ། །དཔལ་བརྒྱད་གཡང་བརྒྱད་དངོས་གྲུབ་སྩོལ། །རེ་འདོད་དབུ་གཙུག་སྨེ་བ་ཅན། ། མི་མཐུན་གནོད་ཞི་བདེ་ལེགས་སྩོལ། །ལོ་ཟླ་ཞག་དུས་ལོག་མན་གྱིས། །སྐག་ཟློག་ཚེ་འཕེལ་ལོ་ལྷ་མཛོད། །ལོ་ཟླའི་ཀོ་ལོང་ཉེས་སྐྱོན་རྣམས། །མེད་ཅིང་བདེ་ལེགས་ཕུན་༔ ཚོགས་མཛོད། །གག་ལྷོག་གཟེར་སྐྲང་སྐྱང་ལོས་སོགས། །གཉན་རིགས་ནད་རྣམས་མེད་པར་མཛོད། །ཕྱོགས་བཞི་སྲུང་བཞིས་དཔལ་བཞི་བསྐྱེད། །འགྱུར་མེད་སྲ་བརྟན་

p. 318

དངོས་གྲུབ་སྩོལ། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། ཀྱཻ། ས་བདག་ཀླུ་གཉན་ཁྱེད་རྣམས་ཀྱིས། །དཀོན་མཆོག་གསུམ་གྱི་བཀའ་ལ་ཉོན། །སྔགས་འཆང་བདག་གི་བཀའ་མ་གཅོག །ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན། །ཅི་བཅོལ་མྱུར་དུ་འགྲུབ་པར་མཛོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་སྩོལ་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱད་སྟེམས་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པ་འདི་ཡང་ས་སྙིང་གི་ཡན་ལག་ཏུ་འདོན་བདེར་རཱ་གའི་མིང་གིས་བྲིས་པའོ། །སརྦ་མངྒ་ལཾ།། །།

འཁྲུགས་བཅོས་བསྡུས་པའི་ཁྲུས།

p. 319

འཁྲུགས་བཅོས་བསྡུས་པའི་ཁྲུས་བཞུགས་སོ།། ཧཱུྃ། ཡེ་ཤེས་རྣམ་པར་དག་པའི་ཆུ་བོ་འདི། །གཙང་མ་རིན་ཆེན་བུམ་པའི་སྣོད་ནང་དུ། །སྔགས་དང་ཕྱག་རྒྱའི་དབང་ཡང་བསྐུར། །ཏིང་འཛིན་དག་པས་བྱིན་གྱིས་བརླབས། །སྣང་སྲིད་ཁམས་ལ་ཁྲུས་གསོལ་བས། །བག་ཆགས་དྲི་མ་དག་གྱུར་ཅིག །ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག །སྣང་སྲིད་མངའ་བདག་ཁྱེད་རྣམས་ལ། །དག་པའི་ཁྲུས་ཆབ་འདི་གསོལ་བས། །མཚན་མའི་རྣམ་རྟོག་དག་གྱུར་ཅིག །ཡོན་བདག་འདི་ལ་ཁྲུས་གསོལ་བས། །དུག་ལྔའི་བག་ཆགས་དག་གྱུར་ཅིག །གཞལ་ཡས་ཁང་ལ་ཁྲུས་གསོལ་བས། །མི་གཙང་དྲི་མ་དག་གྱུར་ཅིག །ལྷ་རྣམས་ཀུན་ལ་ཁྲུས་གསོལ་བས། །ལྷ་རྣམས་དྲི་མ་དག་གྱུར་ཅིག །ཀླུ་རྣམས་ཀུན་ལ་ཁྲུས་གསོལ་བས། །ཀླུ་ཡི་ནད་རྣམས་ཞི་གྱུར་ཅིག །ས་བདག་ཀུན་ལ་ཁྲུས་གསོལ་བས། །ཕོག་ཐུག་འགྲམས་འཁྲུགས་ཞི་གྱུར་ཅིག །ཡོ་བྱད་རྣམས་ལ་ཁྲུས་གསོལ་བས། །མཚན་མའི་བག་ཆགས་དྲི་མ་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཤུདྡྷེ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། །ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།

ས་བདག་འཁྲུགས་བཅོས་བསང་གི་མངོན་རྟོགས།

p. 320
p. 321

ས་བདག་འཁྲུགས་བཅོས་བསང་གི་མངོན་རྟོགས་བཞུགས་སོ། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འཇིག་རྟེན་བདེ་ཕྱིར་ས་བདག་འཁྲུགས་པ་བཅོས། །ཆོས་རྣམས་སྨྲ་བསམ་བརྗོད་བྲལ་སྟོང་ཉིད་ངང་། །དེ་ཡི་རང་མདངས་རང་ཉིད་སྤྱན་རས་གཟིགས། །དཀར་གསལ་ཞི་འཛུམ་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན། །པདྨ་ཟླ་སྟེང་སེམས་དཔའི་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ཧྲི༔ཡིག་གསལ། །དེ་ལས་འོད་ཟེར་དཀར་པོ་འཕྲོས་པ་ཡིས། །ས་བདག་ཀླུ་གཉན་གཙོར་བྱས་སེམས་ཅན་ཀུན། །སྡུག་བསྔལ་ཀུན་བྲལ་བདེ་བ་ཚད་མེད་ཐོབ། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །ཧཱུྃ་ལས་བཅོམ་ལྡན་ཐུབ་པའི་དབང་པོ་ལ། །ཉེ་སྲས་བརྒྱད་དང་ཉན་ཐོས་མཆོག་བརྒྱད་དང་། །ལོ་ཟླ་ཞག་དུས་འབྱུང་བ་ས་བདག་དང་། །རྗེ་བློན་བཅུ་བདུན་སྤར་སྨེ་ལ་སོགས་དང་། །ཀླུ་དང་ས་བདག་སྣང་སྲིད་ལྷ་འདྲེས་བསྐོར། །རང་རང་ས་བོན་འོད་ཀྱིས་སྤྱན་དྲངས་གྱུར། །ཞེས་ཨ་རཱ་གས་སྦྱར་བའོ།། ས་སྙིང་མང་དུ་བཟླས་མཐར། ཨོཾ༔ བཙའ་སྲུང་གི་གདམས་པ་

p. 322

ནི༔ སྔགས་འདི་བཟླས་པ་ཁོ་ནས་ཆོག༔ ཨོཾ་ཀིཾ་ཧི་ར་ཙ་པྲི་ཐི་དེ་ཝི་ཨ་ཏི་ནི་ཡེ་སྭཱ་ཧཱ༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ གནམ་ཆོས་ས་སྙིང་ལས་ཚོགས་སོ༔ གཙང་པོ། འབྲུ་ཆུ། མ་ལ་སྔགས་ནས་ཞིང་རྣམས་ལ་ཁྱབ་པར་གཏོར་བས་ཐུབ་བོ།།

སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ས་བདག་བསང་།

p. 323

སྟོང་གསུམ་འཁྲུགས་པ་ཡོ་བཅོས་ཀྱི་ས་བདག་བསང་གི་དབུ་ཕྱོགས་བཞུགས། པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །འདིར་ས་བདག་བསང་བར་འདོད་ན། བཟང་ཤིང་འཚོགས་ཚད་དུད་པ་བཏང་ལ། དེ་ནས་གསེར་སྐྱེམས་དར་ཟབ་དང་། །དཀར་གསུམ་མངར་གསུམ་བཟང་དྲུག་དང་། །ཞོ་ཕུད་འོ་ཕུད་ཇ་ཕུད་དང་། །ཕྱེ་མར་ལ་སོགས་མཆོད་བྱས་ལ། །རང་ཉིད་མ་ཧཱ་གུ་རུར་གསལ། །དེ་ཡི་ངང་༡ལས་འདི་སྐད་དོ།། ཀྱཻ། སྲིད་པ་ཆགས་ནས་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་དང་། །ས་བདག་དབང་ཆེན་ལྟོ་འཕྱེ་སོགས། །ས་ལ་དབང་བའི་ལྷ་རྣམས་དང་། །ཁྱད་པར་ཡུལ་འདིའི་གཞི་བདག་དང་། །ས་བདག་རི་བདག་ཆུ་ཡི་བདག །ཤིང་བདག་བྲག་བདག་རྡོ་བདག་དང་། །ཉིན་སྲིབ་ཕུ་མདའ་གཡས་གཡོན་དང་། །ཕ་རི་ཚུ་རི་ལ་གནས་དང་། །ཁྱད་པར་ས་སྐོར་ས་མིག་འདིར། །གཉུག་མར་གནས་པ་ཐམས་ཅད་དང་། །ཡུལ་ལྷ་ས་བདག་ཀླུ་གཉན་རྣམས། །སྐད་ཅིག་ཉིད་ལ་འདིར་གཤེགས་ལ། །རང་རང་མོས་པའི་གདན་ལ་བཞུགས། །ས་བདག་ཀླུ་གཉན་དགའ་བས་གསོན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །དཀར་གསུམ་

p. 324

མངར་གསུམ་མཆོད་པར་འབུལ། །གསེར་སྐྱེམས་དར་ཟབ་སྣ་ཚོགས་དང་། །ཇ་ཆང་ཞོ་ཕུད་འོ་ཕུད་དང་། །ཕྱེ་མར་བཟང་ཤིང་དུད་པ་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་དང་། །རྟ་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །གཡག་ལུག་ར་གསུམ་གཟུགས་འགྲོས་རྣམས། །ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་པ། །དེ་འདྲའི་མཆོད་རྫས་ངོ་མཚར་ཅན། །ལྷ་ཀླུ་ས་བདག་ཐམས་ཅད་ལ། །འབུལ་ལོ་མཆོད་དོ་བསང་ངོ་བརྔན། །ཁྱེད་རྣམས་མཉེས་ཤིང་ཚིམ་པར་མཛོད། །སྔགས་འཆང་བདག་གི་ཚིག་ལ་གསོན། །ཁྱོད་ཀྱི་ཕོ་བྲང་གནས་མལ་དུ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མ་ཤེས་པ་ཡི་དབང་གིས་ནི། །ས་གཉན་བརྐོས་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །ཕྱེ་མར་དཀར་གསུམ་མཆོད་པས་བསང་། །རྡོ་གཉན་རློག་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །ཕྱེ་མར་དཀར་གསུམ་མཆོད་པས་བསང་། །ཆུ་མིག་བསྒྱུར་བ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །ཕྱེ་མར་དཀར་གསུམ་མཆོད་པས་བསང་། །ཤིང་གཉན་བཅད་པ་མ་མཆིས་སོ། །གལ་ཏེ་མཆིས་ན་ཞི་བས་ཟླུམས། །

p. 325

ཕྱེ་མར་དཀར་གསུམ་མཆོད་པས་བསང་། །རི་བོའི་རྩེ་ནས་ཀུས་བཏབ་དང་། །རྫིང་དང་ཡུར་བ་དྲངས་བ་དང་། །ཆུ་མིག་གཉན་པོ་རློག་པ་དང་། །རི་ལ་མེ་ཆེན་ཤོར་བ་དང་། །གཉན་ཤ་བསད་དང་རི་དྭགས་བསད། །ཕོ་བྲང་གནས་ཁང་བཤིགས་པ་དང་། །གཉན་སར་ཤ་ཁྲག་ཐོར་བ་དང་། །དཀར་ཐབ་དམར་ཐབ་ཆུ་ཐབ་ཟླཤོར། །ཕོ་བྲང་མིག་ཏུ་ཉལ་བ་དང་། །གཉན་སར་གཅེར་བུར་བུད་པ་དང་། །ཡེངས་བའི་ལམ་ལ་ཕཊ་སྒྲ་དང་། །རྔ་དང་དུང་གིས་བསླང་བ་དང་། །ནུབ་མོ་མེ་འོད་ལྡང་བ་དང་། །གཉན་སར་རླངས་ཅན་ཕོས་པ་དང་། །ས་ཡི་མིག་ཏུ་མེ་བུས་དང་། །ས་གཉན་སློག་དང་ཁང་ལས་བྱས། །ཟབ་རྒོད་གཉེན་པོ་བསྒྲིལ་བ་དང་། །ཡུལ་ལྷ་གཉན་ལ་ཕོག་པ་དང་། །ས་གཉན་རི་གཉན་ཐམས་ཅད་ལ། །འཇོར་གྱིས་བརྐོས་དང་ཐོང་བཙུགས་པ། །བརྒྱལ་དང་སྔངས་དང་བསླངས་པ་དང་། །སྨྲས་དང་བསད་དང་ཕོག་ཐུག་སོགས། །འགྲམ་འཁྲུགས་འགལ་བ་བྱུང་གྱུར་ན། །རྩི་སྨན་སྣ་ཚོགས་མཆོད་པས་བསང་། །དར་ཟབ་སྨན་སྣ་ཚང་བས་བསང་། །ཇ་ཆང་འོ་ཕུད་ཚང་བས་བསང་། །བཟང་

p. 326

ཤིང་སྣ་ཚོགས་དུད་པས་བསང་། །རྣལ་འབྱོར་དག་པའི་སེམས་ཀྱིས་བསང་། །ཡེ་ཤེས་ལྷ་ཡི་ཐུགས་རྗེས་བསང་། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཀྱིས། །འགྲས་པ་ཡོད་ན་ཞི་གྱུར་ཅིག །ཁྲོས་པ་ཡོད་ན་ཞི་གྱུར་ཅིག །ཕོག་ཐུག་འགྲམ་འཁྲུགས་ཞི་གྱུར་ཅིག །འཁོན་འགྲས་ཐམས་ཅད་ཞི་གྱུར་ཅིག །ཀོ་ལོང་ཆེ་བའི་ས་བདག་ཀླུ། །འདིར་གནས་ས་བདག་ཀླུ་གཉན་ལ། །ལུས་ཀྱིས་གུས་བཏུད་ངག་གིས་གསོལ། །ཡིད་ཀྱིས་གཡོ་སྒྱུ་མེད་པར་བསྟོད། །ཟས་ཕུད་རིན་ཆེན་མཆོད་རྫས་འབུལ། །ས་རྡོ་ཤིང་ལ་རིན་ཚབ་འབུལ། །གོ་བའི་གཏམ་དང་བདེན་པའི་ཚིག །ས་འདིར་བྱ་བ་གང་བསྒྲུབ་ཀྱང་། །ས་ལ་ངའི་ཡིན་མ་ཟེར་ཞིག །རྡོ་ལ་ངའི་ཡིན་མ་ཟེར་ཞིག །ཤིང་ལ་ངའི་ཡིན་མ་ཟེར་ཞིག །ཆུ་ལ་ངའི་ཡིན་མ་ཟེར་ཞིག །ཕོག་ཐུག་འགལ་བ་བྱུང་ན་ཡང་། །བཟོད་པ་དམ་པ་མཛད་དུ་གསོལ། །གདུག་རྩུབ་བསམ་ངན་ཀུན་སྤོངས་ལ། །བཟོད་པ་དམ་པ་མཛད་དུ་གསོལ། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་

p. 327

མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འགྲམ་འཁྲུགས་བཅོས་ན་འདི་ཅི་མང་བརྗོད། ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད་དོ། །ཞེས་ས་བདག་བསང་རཱ་ག་ཨ་སྱས་མཛད་པའོ། ས་བདག་ཀླུ་གཉན་གདུག་རྩུབ་ཞི་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།

ས་སྙིང་འཁྲུགས་བཅོས་ཀྱི་བསང་ཕན་བདེ་རེ་སྐོང་དངོས་གྲུབ་ཀུན་འབྱུང་།

p. 328
p. 329

ས་སྙིང་འཁྲུགས་བཅོས་ཀྱི་བསང་ཕན་བདེ་རེ་སྐོང་དངོས་གྲུབ་ཀུན་འབྱུང་བཞུགས་སོ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སྡུག་བསྔལ་མ་ལུས་བསལ་བའི་ཕྱིར༔ ཀླུ་གཉན་ས་བདག་བསང་མཆོད་བརྩམ་པར་བྱ༔ རང་ཉིད་སྐད་ཅིག་ཁ་སར་པཱ་ཎིའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཆུ་ཤེལ་མདོག༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ ཞབས་གཉིས་ཕྱེད་སྐྱིལ་པདྨ་ཟླ་སྟེང་བཞུགས༔ དམ་ཡེ་དབྱེར་མེད་ཐུགས་ཀར་ཟླ་སྟེང་ཧྲཱིཿ དེ་ལས་ཡི་གེ་གསུམ་འཕྲོས་མཆོད་རྫས་ཐིམ༔ ཉེས་སྐྱོན་བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ ཀླུ་གཉན་ས་བདག་ཀུན་གྱི་སྤྱན་ལམ་དུ༔ འདོད་དགུའི་ལོངས་སྤྱོད་མཁོ་དགུའི་ལོངས་སྤྱོད་ཚོགས༔ དཔལ་འབྱོར་ཕུན་སུམ་ཚོགས་པར་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ་འཕྲོས་འཇིག་རྟེན་ཁྱབ་པར་སྤེལ༔ བསང་ཁང་དབུས་སུ་དྷི་ལས་ལྷ་མོ་སྔོ༔ ༔ མཐིང་གསལ་དྲན་རྫོགས་ཕྱག་གཡས་ཁྲུས་བུམ་བསྣམས༔ བདུད་རྩིའི་རྒྱུན་གྱིས་ལྷུང་བཟེད་ཉམས་གྲིབ་འཁྲུ༔ གཡོན་པས་སྨན་སྤོས་དུད་སྤྲིན་སངས་རྒྱས་ཞིང་༔ རབ་

p. 330

འབྱམས་འཇིག་རྟེན་ཁམས་ཁྱབ་དུ་བའི་དྲིས༔ ཀླུ་གཉན་ས་བདག་རྨུགས་སངས་ཟག་མེད་ཀྱི༔ བདེ་བས་ལུས་སེམས་གང་བྱེད་བསྐྱེད་ནུས་འདིས༔ ཀྱཻ༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི༔ ཀླུ་གཉན་ས་བདག་ནད་སེལ་བླ་མ་བསང་༔ སེམས་ཅན་ཀུན་ལ་སྐྱོབ་མཛད་ཐུབ་པའི་དབང་༔ སངས་རྒྱས་སྟོང་གིས་བསྐོར་བ་འཁོར་བཅས་བསང་༔ ཀླུ་རྣམས་ཀུན་ལ་ཕན་མཛད་བཅོམ་ལྡན་འདས༔ སངས་རྒྱས་ཀླུ་དབང་རྒྱལ་པོ་འཁོར་བཅས་བསང་༔ འཇིག་ཏེན་དབང་བསྒྱུར་ཀླུ་ཆེན་དགུ་པོ་རྣམས༔ ཀླུ་བྲན་གྲངས་མེད་འཁོར་དང་བཅས་པ་བསང་༔ ཀླུ་ཡི་བཙུན་མོ་བུ་དང་བུ་མོ་སོགས༔ མ་ལུས་སྡེ་རིགས་ཀླུ་རྣམས་ཐམས་ཅད་བསང་༔ གཉན་ཆེན་ས་ཡ་དགུ་འབུམ་འཁོར་བཅས་དང་༔ བཙུན་མོ་གཉན་ཟ་ལྕམ་མོ་ཐམས་ཅད་བསང་༔ ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་གཉན་ཕྲན་དང་༔ ཡུལ་འདིས་གཉན་རིགས་མ་ལུས་ཐམས་ཅད་བསང་༔ ཀྱཻ༔ བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་༔ ས་བདག་དབང་ཆེན་འཁོར་དང་བཅས་པ་བསང་༔ བཙུན་མོ་ས་ཡི་ལྷ་མོ་བརྟན་མ་དང་༔ ས་འཛིན་ལག་པ་ལྟོ་འཕྱེ་ཆེན་པོ་བསང་༔

p. 331

འབྱུང་ལྔའི་ལྷ་མོ་སྤར་བརྒྱད་སྨེ་བ་དགུ༔ ལོ་ཟླ་ཞག་དུས་ས་བདག་ཐམས་ཅད་བསང་༔ ས་བདག་རྒྱལ་པོ་ཆེན་པོ་རྟ་སྐད་དང་༔ སྟག་གི་རྐང་ལག་སྟོང་ཁྲི་བཙན་པོ་སོགས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ས་བདག་བསང་༔ སྣང་ཞིང་སྲིད་པའི་ས་བདག་ཐམས་ཅད་བསང་༔ ཁྱད་པར་ཡུལ་ཕྱོགས་འདིར་གནས་ས་བདག་དང་༔ ས་གཞི་ཞིང་གནས་ས་བདག་ཐམས་ཅད་བསང་༔ མཆོག་ཏུ་ཁང་གནས་འདི་ཡི་ཟུར་ལོགས་བརྒྱད༔ ལྟག་འོག་ར་བར་གནས་པའི་ས་བདག་བསང་༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འགོ་ཞིང་སྲུང་༔ ཁ་འཛིན་སྡོང་གྲོགས་མཛད་པའི་ས་བདག་བསང་༔ ཀྱཻ༔ ཀླུ་ཆེན་ས་བདག་གནས་བདག་ཐམས་ཅད་ལ༔ དཀར་གསུམ་མངར་གསུམ་འབྲུ་སྨན་དར་ཟབ་དང་༔ རིན་ཆེན་སྣ་ཚོགས་འདོད་དགུའི་བསང་མཆོད་འབུལ༔ ཁྱེད་རྣམས་ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག༔ ཀླུ་ཤིང་བཅོ་ལྔའི་བསང་དུད་ཕྱེ་མར་དང་༔ དཀར་གསུམ་འབྲུ་སྨན་ཇ་ཞོ་འོ་ཕུད་གསུར༔ ཀླུ་སྨན་ས་གཉན་ནད་རིགས་ཀུན་ལས་ཐར༔ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་རྒྱས་གྱུར་ཅིག༔ ཀྱཻ༔ ཀླུ་

p. 332

གཉན་ས་བདག་མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས༔ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར༔ ཕ་མྱེས་བདུན་རྒྱུད་ཚུན་ནས་ཡང་ཚའི་བར༔ ས་བདག་ཀླུ་གཉན་ཐུགས་དང་འགལ་བའི་ལས༔ ས་རྐོས་ཤིང་བཅད་ན་བྲུས་བྲག་གཉན་བཤིག༔ རི་གཉན་མེ་བཀྱེས་ཕ་ཝང་གཉེན་པོ་གསེས༔ གཞུང་ཆུ་ཡུར་དྲངས་ཆུ་མིག་གཅར་གསུབ་བྱས༔ ཀླུ་ཤིང་བྲེག་བསྲེགས་མནའ་བསྐྱེལ་ཐབ་གཞོབ་བྱས༔ གཏད་ཁྲམ་དྲག་ལས་གཏོར་ཟོར་ཆུ་གནས་བསད༔ ཞིང་མུ་སྤང་རྒོད་ཁང་ལས་བཙོག་ནལ་དང་༔ རི་དྭགས་བསད་སོགས་གང་བྱས་མཐོལ་ཞིང་བཤགས༔ བྱམས་པའི་ཐུགས་ཀྱིས་དེ་དག་བཟོད་པར་གསོལ༔ བསང་མཆོད་ཕུལ་བས་ཀླུ་ཆེན་ས་བདག་ཀུན༔ ནད་དང་སྡུག་བསྔལ་ཉམས་རྨུགས་ཀུན་བྱང་ནས༔ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ནུས་པ་འཕེལ༔ མངའ་ཐང་དཔལ་འབྱོར་ལོངས་སྤྱོད་རྒྱས་གྱུར་ཅིག༔་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔ ལེགས་པ་བརྒྱ་སྤྱོད་ཉེས་པ་སྟོང་དང་བསྣོལ༔ བསམ་པ་སྒྲུབས་ལ་རེ་བ་

p. 333

ཐམས་ཅད་སྐོངས༔ ཉིན་དུས་བྱ་ར་མཚན་དུས་མེལ་ཚེ་མཛོད༔ མི་ལ་ན་ཚ་ཕྱུགས་ལ་གོད་ཁ་དང་༔ ཞིང་ལ་བཙའ་སད་མ་བཏང་ཐུབ་པར་སྲུངས༔ ལས་དང་རྐྱེན་དབང་སྔོན་ཆད་གནོད་ན་ཡང་༔ ནད་སོལ་དུག་ཕྱུངས་ཕྱིན་ཆད་མ་གནོད་ཅིག༔ རང་རང་སར་བཞུགས་རྟག་ཏུ་སྤུན་གྲོགས་ལྟར༔ བྱམས་པ་དགོངས་མཛོད་ཁ་འཛིན་རྒྱབ་རྟེན་མཛོད༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛད་དུ་གསོལ༔ རྒྱལ་རིགས་ཀླུ་ཡི་མི་འཕེལ་རྟ་ཧྲིག་སྩོལ༔ རྗེ་རིགས་ཀླུ་ཡི་ནོར་ལུག་རྟ་དྲེལ་སྩོལ༔ བྲམ་ཟེ་ཀླུ་ཡི་བཙན་ཕྱུག་དར་གསུམ་སྩོལ༔ གདོལ་པ་ཀླུ་ཡི་རྨ་གཡང་ཕུན་ཚོགས་སྩོལ༔ གཞན་ཡང་ཀླུ་རིགས་ཕལ་པ་ཐམས་ཅད་ཀྱི༔ ཕྱྭ་དང་གཡང་གི་དངོས་གྲུབ་དཔལ་འབྱོར་ཀུན༔ ཉིན་གསུམ་མཚན་གསུམ་དུས་དྲུག་གཡེལ་མེད་སྩོལ༔ ཅེས་པ་ས་སྙིང་འཁྲུགས་བཅོས་ཀྱི་བསང་ཉུང་བསྡུས་ཤིག་དགོས་ཞེས་སྔགས་ཆུང་ཚེ་དབང་མགོན་ཞེས་པས་བསྐུལ་ཕྱིར་སྔགས་འཆང་ཀརྨ་རཱ་གས་སྦྱར་བ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་འབྲེལ་ཐོགས་བཀྲ་ཤིས་ཞལ་དྲོ་བར་ཤོག༔ སརྦ་མངྒ་ལཾ། །

ས་བདག་བསང་།

p. 334
p. 335

ས་བདག་བསང་ནི། ཀྱཻ། ས་བདག་རྡོ་རྗེ་དབང་ཆེན་ནི། །གསེར་མདོག་ཞལ་གཅིག་ཕྱག་བཞི་པ། །ར་བ་བཞི་ཡིས་དབུ་ལ་བརྒྱན། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འོག་མས་ལྗོན་ཤིང་རི་རབ་འཛིན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙུན་མོ་ས་ཡི་ལྷ་མོ་ནི། །གསེར་མདོག་རིན་ཆེན་རྒྱན་གྱིས་བརྒྱན། །ཕྱག་ན་མཆེ་བ་བུམ་པ་འཛིན། །ཆིབས་སུ་ཕག་རྒོད་སེར་པོ་ཆིབས། །འཁོར་དུ་ས་བདག་འབུམ་དང་བཅས་། །བསང་ངོ་ས་ཡི་ལྷ་མོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ནས། །ས་བཅུད་ཐམས་ཅད་འདིར་བསྡུས་ལ། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །གངས་གཉན་དུང་སེང་གཡུ་རལ་ཅན། །བྲག་གཉན་གསེར་སྤྲེལ་ཐོར་ཚུགས་ཅན། །ཤིང་གཉན་གཟིག་གི་མཇུག་མ་ཅན། །མཚོ་གཉན་ཉ་གཉན་གསེར་མིག་ཅན། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་ཕྲན་བཞི་བརྒྱ་རྩ་གཉིས་རྣམས། །འདིར་གཤེགས་བསང་དང་

p. 336

མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གནོད་པའི་ཆོ་འཕྲུལ་ཟློག །ལོ་ལེགས་འབུ་རྣམས་འཕེལ་བར་མཛོད། །ཅེས་པ་འདི་ཡང་ཨ་རཱ་གས་སོ།།

ཤིང་རྩི་འབུལ་བ།

p. 337

ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ས་བདག་སྡེ་ཚོགས་ཁྱེད་རྣམས་ལ། །ཤིང་རྩི་རྒྱན་ལྡན་འབུལ་བ་ནི། །སྔོན་བྱུང་བསྐལ་པའི་དང་པོ་ལ། །ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། །ཡུམ་ཆེན་ལྔ་ཡི་ཆོ་འཕྲུལ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་ལྔའི་དྭངས་མ་ཤིང་དུ་སྲིད་། །སྣང་ཞིང་སྲིད་པའི་ས་བདག་རྣམས། །སྐྱེ་འགྲོ་ཡོད་དོ་ཅོག་ཀུན་རིགས། །འབྱུང་ལྔར་མ་བརྟེན་གང་ཡང་མེད། །དེ་བས་ས་བདག་སྡེ་ཚོགས་ལ། །འབྱུང་བ་ལྔ་ཡི་དྭངས་མ་ལས། །འཁྲུངས་པའི་བདུད་རྩི་ཅན་གྱི་ཤིང་། །གནས་དང་རྟེན་དུ་འབུལ་ལགས་ན། །དགྱེས་པ་རབ་བསྐྱེད་བརྟན་པར་བཞུགས། །ཤུག་པ་ལྷ་ཡི་བླ་ཤིང་ཡིན། །ཙན་དན་ཕོ་ལྷའི་བླ་ཤིང་ཡིན། །སུར་དཀར་མཚུན་གྱི་བླ་ཤིང་ཡིན། །བླ་ཤིང་འདི་ལ་བརྟན་པར་བཞུགས། །སྦ་འདི་ལྷ་ཡི་བླ་ཤིང་ཡིན། །སྟག་པ་གཉན་གྱི་བླ་ཤིང་ཡིན། འོམ་བུ་ཀླུ་ཡི་བླ་ཤིང་ཡིན། །བླ་ཤིང་འདི་ལ་བརྟན་པར་བཞུགས། །ཚར་བུ་གཏོད་ཀྱི་བླ་ཤིང་ཡིན། །དབྱར་པ་ས་བདག་བླ་ཤིང་ཡིན། །ཉ་བྲིད་ཡུལ་ལྷའི་བླ་ཤིང་ཡིན། །

p. 338

བླ་ཤིང་འདི་ལ་བརྟན་པར་བཞུགས། །སྤ་མ་དགྲ་ལྷའི་བླ་ཤིང་ཡིན། །འབོ་དཀར་མི་ཡི་བླ་ཤིང་ཡིན། །ལྕགས་མ་ཤུག་མགོན་བླ་ཤིང་ཡིན། །བླ་ཤིང་འདི་ལ་བརྟན་པར་བཞུགས། །སྤེན་མ་ཀླུ་སྨན་བླ་ཤིང་ཡིན་། །སྟག་མ་མཚོ་སྨན་བླ་ཤིང་ཡིན། །གླང་མ་བུད་མེད་བླ་ཤིང་ཡིན། །བླ་ཤིང་འདི་ལ་བརྟན་པར་བཞུགས། །དེ་ལྟར་བླ་ཤིང་སྣ་ཚོགས་འདི། །རྩེ་མོ་མ་གྲུམ་མ་ཉམས་པ། །དར་ཚོན་བལ་ཚོན་བརྒྱན་པ་འདི། །ས་བདག་ཀླུ་གཉན་འཁོར་བཅས་དང་། །གཏོད་སྡེ་འཁོར་དང་བཅས་ལ་འབུལ། །དགྱེས་པའི་ཚུལ་གྱིས་རབ་བཞེས་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཁོན་པ་སྡུམས་ལ་འགྲས་པ་སྦྱོངས། །མནོལ་པ་སངས་ལ་ཆད་པ་མཐུད། །ཞི་བ་བྱང་ཆུབ་སེམས་ལྡན་པས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གནམ་ཆོས་ས་སྙིང་གི་ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་སུ་རཱ་ག་ཨ་སྱས་འཁྲུགས་པ་ཡོ་བཅོས་ལས་བསྒྲིགས་པའོ། །སརྦ་མངྒ་ལཾ། དགེའོ། དགེའོ། དགེའོ།། །།

ས་བདག་ཤེལ་ཚིགས་འབུལ་ཐབས།

p. 339

ས་བདག་ཤེལ་ཚིགས་འབུལ་ཐབས་བཞུགས་སོ།། ཀྱཻ། ཏི་ཡིག་ཡོངས་སུ་གྱུར་པ་ལས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །དཀར་པོ་བརྒྱ་དང་ནག་པོ་སྟོང་། །ཁྲ་བོ་འབུམ་དང་སྨུག་པོ་འབུམ། །དཀའ་བས་མི་ལས་གསེར་བས་ཉོས། །སྲ་བ་རྡོ་རྗེའི་བྲག་ནས་བརྐོས། །འདི་ནི་བཙན་རྟ་དགུ་བས་ཆེ། །གཉན་གྱི་བུ་ནི་བསད་པའི་སྟོང་། །མ་བརྐུས་པས་ནི་འཇལ་ཡིན་པས། །མ་བསད་པས་ནི་སྟོང་ཡིན་པས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །སྣང་སྲིད་ལྷ་འདྲེ་རྣམས་ལ་འབུལ། །འབུལ་བ་ང་ཡིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཞིག ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །ནས་ནི་སྔོན་མོ་འབྲུ་བདུན་ལ། །མཁའ་ལྡིང་རྒྱལ་པོའི་ཁུངས་ནས་འཁྲུངས། །རྒྱལ་པོའི་སྲས་ཀྱིས་ཞིང་ལ་བཏབ། །བདུད་རྩི་སྤྱི་ཁྱབ་ཆུ་བོས་བྲན། །དྲོད་ཀྱི་གསོ་སྐྱེད་སྨིན་པར་མཛད། །གཡོ་བྱེད་རླུང་གིས་བསུ་བ་བྱས། །དཔྱིད་རྨོས་དབྱར་སྐྱེས་སྟོན་ལ་བརྔས། །དཀར་པོ་འབྲུ་རུ་བྱིན་གྱིས་བརླབས། །འགྲོ་བ་སེམས་ཅན་ཀུན་ལ་ཕན། །འཛམ་གླིང་ཀུན་ལ་ཁྱབ་པར་བྱས། །ཡར་སྐྱེས་ལྷ་ཡང་འདི་ཡིས་

p. 340

བསམམཆོད་། །མར་སྐྱེས་འདྲེ་ཡང་འདི་ཡིས་བརྔན། །བྱམས་པའི་གཉེན་ཡང་འདི་ཡིས་བསྐྱངས། །ཡབ་ཡུམ་གཉིས་ལ་དཔལ་བས་ཕྱིར། །ཡབ་ཀྱི་ངོ་བོར་སླ་ངར་བླུག །ཡུམ་གྱི་ངོ་བོར་སྣ་མེར་གསོས། །རྟེན་འབྲེལ་བཅུ་གཉིས་ཡོག་མགོས་བརྔོས། །ཁྲི་དཀར་སྟོང་ནག་སྨུག་མོ་ཁྲི། །དཀར་བརྒྱ་ནག་སྟོང་སྨུག་མོ་ཁྲི། །བྷི་བྱུང་རིན་ཆེན་སྣོད་དུ་བླུག །འཕགས་པ་འཇམ་དཔལ་སྨོན་ལམ་བཏབ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེས་བཟུང་། །བདེ་བར་གཤེགས་པས་བྱིན་གྱིས་རློབས། །ཕྱག་ན་རྡོ་རྗེས་དབང་ཡང་བསྐུར། །དཀོར་ནོར་རྣམ་པ་སྣ་ཚོགས་དང་། །གཅན་གཟན་རི་དྭགས་དུད་འགྲོ་དང་། །སྲོག་ཆགས་བྱ་རིགས་ལ་སོགས་པའི། །སེམས་ཅན་ཀུན་ལ་བྱིན་གྱིས་བརླབས། །རྭ་བཟང་གནམ་དུ་ཁྲ་ལ་ལ། །བྱ་རིགས་སྤུ་བཟང་ལྷབས་སེ་ལྷབ། །རི་དྭགས་རྒྱུག་དང་སྤྲེངས་སེ་སྤྲེང་། །གཅན་གཟན་རྒྱུག་དང་ཧྲི་ལི་ལི། །དུད་འགྲོ་རྒྱུག་དང་སྒ་ར་ར། །དཀར་མོ་བརྒྱ་ནི་ལུག་བརྒྱ་འབུལ། །ལུག་བརྒྱའི་འབའ་སྐད་དི་རི་རི། །ནག་པོ་སྟོང་ནི་གཡག་སྟོང་ཡིན། །གཡག་སྟོང་ངུར་དང་ཁྲོབས་སེ་ཁྲོབ། །བྲེ་མོ་འབུམ་ནི་གཡུང་ནོར་ཡིན། །

p. 341

གཡུང་ནོར་རྭ་རྩེ་ཁྲ་ལ་ལ། །སྨུག་པོ་ཁྲི་ནི་རྟ་རྐྱང་ཁྲི། །རྟ་རྐྱང་རྒྱུག་དང་སྤྲེངས་སེ་སྤྲེང་། །དེ་འདྲའི་ཡོན་ཏན་ལྡན་པ་འདི། །འཇིག་རྟེན་ལྷ་འདྲེ་རྣམས་ལ་འབུལ་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །སྡེ་བརྒྱད་འཁོར་དང་བཅས་ལ་འབུལ། །བཙན་ཁྲོམ་འཁོར་དང་བཅས་ལ་འབུལ། །བདུད་ཁམས་འཁོར་དང་བཅས་འབུལ། །དམུ་ཁམས་འཁོར་དང་བཅས་ལ་འབུལ། །གཟའ་ཁམས་འཁོར་དང་བཅས་ལ་འབུལ། །སྒྱེ་ཁམས་འཁོར་དང་བཅས་ལ་འབུལ། །ལོ་རྒན་འཁོར་དང་བཅས་ལ་འབུལ། །གཟའ་སྐར་འཁོར་དང་བཅས་ལ་འབུལ། །མཆོད་པའི་གནས་འདིར་ཆགས་པ་ཡིས། །སྣང་སྲིད་ལྷ་འདྲེ་གཞི་བདག་དང་། །མ་ལུས་འཁོར་དང་བཅས་པ་རྣམས། །འབུལ་བ་ང་ཡིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཞིག །གཉིས་སུ་མེད་པར་འབུལ་ལགས་ན། །བླང་དོར་མེད་པར་བཞེས་སུ་གསོལ། །ཐམས་ཅད་དགའ་མགུ་ཡི་རངས་ནས། །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །སྐུ་གསུང་ཐུགས་རྣམས་མཉེས་གྱུར་ཅིག །དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །ས་བདག་གི་རྒྱལ་པོ་ཤྲཱི་

p. 342

བྷ་དྲས་སློབ་དཔོན་པདྨ་འབྱུང་གནས་ལ་ཞུས། པདྨ་འབྱུང་གནས་རྫུ་འཕྲུལ་གྱིས་རྒྱ་ནག་ལ་བྱོན། འཕགས་པ་འཇམ་དབྱངས་ལ་ཞུས། བཞེངས་ནས་ས་བདག་ཀླུ་གཉན་རྣམས་ལ་ཡོན་ཕུལ་བས་མཉེས་ནས་སློབ་དཔོན་དང་རྒྱལ་པོའི་མངའ་འོག་ཐམས་ཅད་བཀྲ་ཤིས་པར་གྱུར།།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་ཀྱི་སྒོ་དབྱེ།

p. 343

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་ཀྱི་སྒོ་དབྱེ་བཞུགས་སོ།། ཀྱཻ། ཤར་ཕྱོགས་ས་བདག་སྒོ་བ་ནི། །སྟག་སྐྱ་གསེར་གྱི་ངང་ཚུལ་ཅན་། །ཀླུ་ནད་ཀུན་གྱི་སྒོ་ཆོད་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །དངོས་གྲུབ་སྩོལ་ཕྱིར་སྒོ་ཕྱེས་ཤིག ཀྱཻ། ལྷོ་ཕྱོགས་ས་བདག་སྒོ་བ་ནི། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །ཀླུ་ནད་ཀུན་གྱི་སྒོ་ཆོད་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །དངོས་གྲུབ་སྩོལ་ཕྱིར་སྒོ་ཕྱེས་ཤིག ཀྱཻ། ནུབ་ཕྱོགས་ས་བདག་སྒོ་བ་ནི། །བྱ་དམར་ཟངས་ཀྱི་གཤོག་པ་ཅན། །ཀླུ་ནད་ཀུན་གྱི་སྒོ་ཆོད་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །དངོས་གྲུབ་སྩོལ་ཕྱིར་སྒོ་ཕྱེས་ཤིག ཀྱཻ། བྱང་ཕྱོགས་ས་བདག་སྒོ་བ་ནི། །རུས་སྦལ་གསེར་གྱི་ཐིག་ལེ་ཅན། །ཀླུ་ནད་ཀུན་གྱི་སྒོ་ཆོད་ལ། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །དངོས་གྲུབ་སྩོལ་ཕྱིར་སྒོ་ཕྱེས་ཤིག །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །ནད་ཡམས་སྒོ་མོ་ད་ཆོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་

p. 344

མཛོད་། ཅེས་གནམ་ཆོས་ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་རཱ་ག་ཨ་སྱས་སྦྱར་བའོ།།

སྲུང་བཞི་བཙུགས་པ།

p. 345

དེ་ནས་སྲུང་བཞི་བཙུགས་པ་ནི། ༈ ཤར་དུ་སྟག་འབུལ་ལ། ཀྱཻ། ཤར་ཕྱོགས་བཞུགས་པའི་ས་བདག་ལ། །བདུད་རྩི་སྨན་དང་རྒྱ་སྟག་རྟེན་ཤིང་འབུལ། །ཤར་ཕྱོགས་ས་བདག་མཉེས་གྱུར་ཅིག །རྒྱ་སྟག་དམར་པོ་མཆེ་བ་ཅན། །ཤར་གྱི་གྲོགས་ལམ་ཕྱེ་རུ་གསོལ། །ཤར་ཕྱོགས་དགྲ་བགེགས་སྟག་གིས་ཐུལ། །དྲི་ཟའི་ཕྲག་དོག་ཞི་གྱུར་ཅིག །ལྷོ་རུ་གཡུ་འབྲུག་ཕུལ་ལ། ཀྱཻ། ལྷོ་ན་བཞུགས་པའི་ས་བདག་ལ། །བདུད་རྩི་སྨན་དང་གཡུ་འབྲུག་རྟེན་ཤིང་འབུལ། །ལྷོ་ཕྱོགས་ས་བདག་མཉེས་གྱུར་ཅིག །གཡུ་འབྲུག་སྔོན་མོ་ངར་སྐད་ཅན། །ལྷོ་ཕྱོགས་དགྲ་བགེགས་འབྲུག་གིས་ཐུལ། །གཤིན་རྗེའི་ཕྲག་དོག་ཞི་གྱུར་ཅིག །ནུབ་ཏུ་བྱ་ཕུལ་ལ། ཀྱཻ། ནུབ་ཕྱོགས་བཞུགས་པའི་ས་བདག་ལ། །བདུད་རྩི་སྨན་དང་ཟངས་བྱ་རྟེན་ཤིང་འབུལ། །ནུབ་ཕྱོགས་ས་བདག་མཉེས་གྱུར་ཅིག །ནུབ་བྱ་དམར་མོ་མཚལ་གཤོག་ཅན། །ནུབ་ཕྱོགས་བདུད་སྒོ་གཤིན་སྒོ་ཆོད། །ནུབ་ཕྱོགས་དགྲ་བགེགས་བྱ་ཡིས་ཐུལ། །ཀླུ་ཡི་ཕྲག་དོག་ཞི་གྱུར་ཅིག །བྱང་དུ་རུས་སྦལ་འབུལ་ལ། ཀྱཻ། བྱང་ཕྱོགས་བཞུགས་པའི་ས་བདག་ལ། །བདུད་རྩི་སྨན་དང་རུས་སྦལ་རྟེན་ཤིང་

p. 346

འབུལ། །བྱང་ཕྱོགས་ས་བདག་མཉེས་གྱུར་ཅིག །བྱང་བདུད་བྱང་བཙན་དགྲ་ལ་བསྒྱུར། །བྱང་གི་དགྲ་བགེགས་རུས་སྦལ་ཐུལ། །གནོད་སྦྱིན་ཕྲག་དོག་ཞི་གྱུར་ཅིག །དེ་ལྟར་སྲུང་བཞི་ལ་ནི་ལྷ་བཞི་ཚང་། །ལྷ་བཞི་ལ་ནི་དཔལ་བཞི་ཚང་། །དཔལ་བརྒྱད་ལ་ནི་ལོ་སྐོར་བཅུ་གཉིས་ཚང་། །ས་བདག་ཀླུ་གཉན་གདུག་རྩུབ་ཞི་བ་དང་། །བདག་ཅག་བསམ་དོན་འགྲུབ་པའི་དགེ་ལེགས་སྩོལ། །ཅེས་བརྗོད། དེ་ནས་རྗེས་ཆོག་གཤེགས་གསོལ་བཀྲ་ཤིས་དང་། ཕྱོགས་མཚམས་གཏོར་མ་ཤིང་རྩི་རྣམས་འབུལ་བ་འཁྲུགས་བཅོས་མཇུག་ལྟར་ཐམས་ཅད་ཚང་བར་བྱའོ། །ཞེས་གནམ་ཆོས་ས་བདག་འཁྲུགས་བཅོས་ཀྱི་ལྷན་ཐབས་སུ། ༧ ཨ་རཱ་གས་སྦྱར་བས་འགྲོ་བ་རྣམས་ལ་ཕན་ཐོགས་པར་ཤོག། །།

གཡང་བླན།

p. 347

གཡང་བླན་པ་ནི། ཀྱཻ། སྐྱེས་པ་ཕོ་ཡི་ཆ་གཡང་དེ། །གསེར་གྱི་ཀ་བའི་སྟེང་དུ་བླན། །མི་འགྱུར་བ་ཡི་སྲུང་མ་མཛོད། །ཟ་མ་མོ་ཡི་ཆ་གཡང་དེ། །གཡུ་ཡི་གདུང་མའི་སྐེད་དུ་བླན། །མི་ཆག་པ་ཡི་སྲུང་མ་མཛོད། །གཡང་ཁྱིམ་བཀྲ་ཤིས་ཆ་གཡང་དེ། །ཁྱིམ་ཆེན་འདི་ཡི་མཛོད་དུ་བླན། །མི་འཛད་པ་ཡི་སྲུང་མ་མཛོད། །གཤོང་ཞིང་ལོ་ཡི་ཆ་གཡང་དེ། །ཞིང་ལྷ་ཚངས་པའི་དཀྱིལ་དུ་བླན། །ལོ་འབྲས་སྨིན་པའི་སྲུང་མ་མཛོད། །རྐང་བཞི་ནོར་གྱི་ཆ་གཡང་དེ། །རྟ་ནོར་ལུག་གསུམ་བྲེས་སུ་བླུན། །རྐང་བཞི་སྤེལ་ཞིང་སྲུང་མ་མཛོད། །ཚེ་སྲོག་བརྟན་པའི་ཆ་གཡང་དེ། །ཚེ་བུམ་འདི་ཡི་ནང་དུ་བླན། །ཚེ་སྲོག་བརྟན་པའི་སྲུང་མ་མཛོད། །ཕྱོགས་བཞི་སྒོ་བཞིའི་ཆ་གཡང་དེ། །སྒོ་གོང་གཡས་དང་གཡོན་དུ་བླན། །སྒོ་གདོང་གཡས་ཕྱོགས་སྲུང་བྱེད་པའི། །རྒྱ་སྟག་ཁྲ་བོ་རྔམས་ཤིང་ངར། །སྒོ་གདོང་གཡོན་ཕྱོགས་སྲུང་བྱེད་པའི། །ཤེལ་གཡག་འགྱིང་ཞིང་ངར་ལྷབ་བྱེད། །གཡང་ཅན་སྒོ་རུ་མ་བུད་ཅིག །འདྲེ་ཅན་ནང་དུ་མ་བཏང་ཞིག །ཆ་དང་གཡང་གི་སྒོ་སྡོམས་ཤིག། །

ས་བདག་འཁྲུགས་བཅོས་ཀྱི་རྫོངས་འདེབས།

p. 348
p. 349

ས་བདག་འཁྲུགས་བཅོས་ཀྱི་རྫོངས་འདེབས་བྱ་བ་ནི། རིན་ཆེན་ཕྱེ་མར་འབྲུ་སྣ་སྨན་སྣ་ཤེལ་ཚིགས་འཐོར་ཞིང་འདི་སྐད་དོ།། ཀྱཻ། སྲིད་པའི་ས་བདག་དབང་ཆེན་རྒྱལ། །སྙན་གྱི་གསོན་ལ་སྤྱན་གྱིས་གཟིགས། །རིན་ཆེན་གསེར་གཡུ་དངུལ་ཟངས་ལྕགས། །གཟི་མཆོང་སྤུས་ཤེལ་བེཌཱུརྱ་སོགས། །ས་བདག་རྒྱལ་པོའི་ཕྱག་རྫོངས་འབུལ། །ས་བདག་རིན་ཆེན་བང་མཛོད་གང་། །བདག་དང་ཡོན་བདག་ཁ་འཛིན་མཛོད། །རིན་ཆེན་ལོངས་སྤྱོད་ལྡན་པར་ཤོག །དར་ཟབ་སྟག་གཟིག་ཟ་འོག་གི །རིན་ཆེན་སྲབ་འཇམ་ལྡན་པ་འདི། །ས་བདག་རྣམས་ལ་ཕྱག་རྫོངས་འབུལ། །དར་ཟབ་མཛོད་དགུར་ལྡན་གྱུར་ཅིག །ས་བདག་བང་མཛོད་གང་གྱུར་ནས། །བདག་དང་ཡོན་བདག་གོས་ཕྱུག་སྟེ། །མི་ཟད་ནོར་དང་ལྡན་གྱུར་ཅིག །འབྲུ་སྣ་གང་འཛོམ་སྣ་ཚོགས་དང་། །དར་ཟབ་དར་སྣ་ཕུན་སུམ་ཚོགས། །འབྲུ་ཡི་ཆར་འབེབས་ལྟ་བུ་ཡི། །ཟག་མེད་རྒྱ་ཆེན་དམིགས་ཏེ་ཕུལ། །སྲིད་པའི་ས་བདག་བང་བ་གང་། །བདག་དང་ཡོན་བདག་ཁ་འཛིན་མཛོད། །བང་མཛོད་བཅུད་དང་ལྡན་པར་ཤོག །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །དཀར་པོ་ལུག་གི་འབའ་

p. 350

སྐད་ལྡིར། །ཁམ་པ་ཞོལ་ཆེན་གཡག་རོག་དང་། །ནག་པོ་ཟིལ་མོ་འབྲི་བརྒྱ་སྟོང་། །ཁྲ་བོ་མདོ་ཕྲུག་རྟ་བརྒྱ་སྟེ། །སྲིད་པའི་ས་བདག་ཁྱེད་རྣམས་ལ། །དེ་རིང་འབྱོན་པའི་རྫོངས་སུ་འབུལ། །དཀོར་ནོར་ལོངས་སྤྱོད་ལྡན་པའི་ཕྱིར། །བདག་དང་ཡོན་བདག་བང་མཛོད་ལ། །ནོར་དང་ལོངས་སྤྱོད་ལྡན་པར་ཤོག །སྔོན་ཚེ་སློབ་དཔོན་པདྨ་ཡིས། ། སྲིད་པའི་ས་བདག་དམ་ལ་བཞག །ཆོས་མཛད་དངོས་གྲུབ་སྟེར་བ་དང་། །ལོངས་སྤྱོད་སྩོལ་བ་དམ་དུ་བཞག །དངོས་གྲུབ་འབྱུང་བ་མ་ཟད་པར། །དམ་ཚིག་གཉན་པོའི་གཏོར་མ་དང་། །ལྗོངས་འདེབས་བཞེས་ལ་དངོས་གྲུབ་སྩོལ། །དེ་ནས་སྒོ་ཕྱེ་བ་ནི། མཆོད་གཡོག་པས་ལག་ཏུ་མདའ་དར་ལྡེ་མིག་ཐོགས་ལ་འོ་ཕུད་མཆོད། རྡོ་རྗེ་སློབ་དཔོན་གྱི་ས་དཀྱིལ་འཁོར་ནང་དུ་མེ་ཏོག་འཐོར་ལ་འདི་སྐད་དོ།།་ཀྱི། དཀྱིལ་འཁོར་འདི་ལ་བཞུགས་པ་ཡི། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །མ་ལུས་འཁོར་བཅས་སྙན་གསོན་འཚལ། །རང་རང་གནས་སུ་གཤེགས་པའི་ཕྱིར། །དཀྱིལ་འཁོར་ཕྱི་ནས་སྒོ་ཕྱེ་འཚལ། ཀྱཻ། ཤར་གྱི་ཕྱོགས་སུ་སྒོ་ཕྱེ་འཚལ། །ཤར་ཕྱོགས་ས་བདག་ཐེ་སེ་དང་། །ཤིང་ཁམས་རྒྱལ་པོ་འཁོར་

p. 351

བཅས་རྣམས། །པདྨ་སྔོན་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས་། །ཡིད་བཞིན་ནོར་བུའི་ལྡེ་མིག་གིས། །སྨོན་ལམ་རྟེན་འབྲེལ་ཤར་ནས་ཕྱེས། །རྩ་དཀར་སྨོན་ལམ་ཤར་ནས་ཕྱེས། །དངོས་གྲུབ་ནོར་གཡང་ཤར་ནས་ཕྱེས། །དཀྱིལ་འཁོར་ཤར་གྱི་སྒོ་ཕྱེ་འཚལ། །ས་བདག་ཐམས་ཅད་ཤར་དུ་གཤེགས། །བདག་དང་ཡོན་བདག་འཁོར་བཅས་ལ། །མཐའ་འཁོབ་རྨོངས་སྡུག་ཐམས་ཅད་སོལ། །ལྗོན་ཤིང་ལོ་འབྲས་བསྐྱེད་པར་ཤོག །ཅེས་ཤར་གྱི་ཤིང་རྩི་རྣམས་སྡུས་ལ་ཕུལ། ཀྱཻ། དཀྱིལ་འཁོར་ལྷོ་ཡི་སྒོ་ཕྱེ་འཚལ། །ལྷོ་ཕྱོགས་ས་བདག་ཙང་ཀུན་དང་། །མེ་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་སེར་པོའི་གདན་ལ་བཞུགས་། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །རིག་པ་ཐབས་ཀྱི་ལྡེ་མིག་གིས། །ཟས་ནོར་རྒྱལ་ཁ་ལྷོ་ནས་ཕྱེས། །ནོར་གཡང་དངོས་གྲུབ་ལྷོ་ནས་སྩོལ། །དཀྱིལ་འཁོར་ལྷོ་ཡི་སྒོ་ཕྱེ་འཚལ། །ས་བདག་ཐམས་ཅད་ལྷོ་རུ་

p. 352

གཤེགས། །བདག་དང་ཡོན་བདག་འཁོར་བཅས་རྣམས། །གཟི་བརྗིད་མེ་ལྟར་འབར་བར་ཤོག །ཅེས་ལྷོ་ཡི་རྩི་ཤིང་རྣམས་ཕུལ། ཀྱཻ། དཀྱིལ་འཁོར་ནུབ་ཀྱི་སྒོ་ཕྱེ་འཚལ། །ནུབ་ཕྱོགས་ས་བདག་ཧང་ཕན་དང་། །ལྕགས་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་དམར་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །རྡོ་རྗེ་ཐ་རམ་ལྡེ་མིག་གིས། །ཡར་རྩ་དཀར་པོའི་འཕེལ་སྒོ་ཕྱེས། །རྨོངས་འདྲེ་རྩ་ནག་འདྲེ་སྒོ་ཆོད། །ཤི་ཁ་ཆོད་ལ་རལ་ཁ་དྲུབ། །གོད་ཁ་ཆོད་ལ་རྐྱེན་ཁ་བསྒྱུར། །ནུབ་སྒོ་ཕྱེས་ལ་གནས་སུ་གཤེགས། །ཞེས་ནུབ་ཀྱི་ཤིང་རྩི་རྣམས་སྡུས་ལ་ཕུལ། ཀྱཻ། དཀྱིལ་འཁོར་བྱང་གི་སྒོ་ཕྱེ་འཚལ། །བྱང་ཕྱོགས་ས་བདག་འབུམ་རྗེ་དང་། །ཆུ་ཁམས་རྒྱལ་པོ་འཁོར་བཅས་རྣམས། །པདྨ་ནག་པོའི་གདན་ལ་བཞུགས། །ཁྱེད་ནི་ས་བདག་རྒྱལ་པོ་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཕོ་ཉ་མངག་གཞུག་བཅས་པ་རྣམས། །རྫུ་འཕྲུལ་ནོར་བུའི་ལྡེ་མིག་གིས། །བདུད་རྩི་ཆར་གྱི་སྒོ་ཕྱེས་ཤིག །ཆར་ཆུ་དུས་སུ་འབེབས་པར་ཤོག །འབྲུ་དྲུག་ནས་ཀྱི་

p. 353

གཡང་སྒོ་ཕྱེས། །དཀྱིལ་འཁོར་བྱང་གི་སྒོ་ཕྱེས་ལ། །ས་བདག་རང་རང་གནས་སུ་གཤེགས། །མི་མཐའ་ཆུ་ལས་རིང་བར་ཤོག །ཅེས་བྱང་གི་ཤིང་རྩི་རྣམས་ཕུལ། ཀྱི་དཀྱིལ་འཁོར་ཕྱོགས་མཚམས་སྟེང་འོག་གི །ས་བདག་རྗེ་བློན་སྲས་འཁོར་བཅས། །བཙུན་མོ་ཕོ་ཉ་མངག་གཞུག་དང་། །ས་བདག་ཀླུ་རིགས་གཉན་རྣམས་ཀྱི། །རིན་ཆེན་སྣ་ཚོགས་ལྡེ་མིག་གིས། །ལོངས་སྤྱོད་སྣ་ཚོགས་སྒོ་ཕྱེ་འཚལ། །དགོས་འདོད་ཆར་ལྟར་འབེབས་པར་ཤོག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །བཟུང་བ་ཡོད་ན་ད་ཐོངས་ཤིག །བཅིངས་པ་ཡོད་ན་ད་ཁྲོལ་ཅིག །བསྡམས་པ་ཡོད་ན་ད་གློད་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཞིང་ལ་བཙའ་སེར་མ་གཏོང་ཞིག །ཁ་འཛིན་མཐུ་དཔུང་སྡོང་གྲོགས་མཛོད། །ཅེས་མཚམས་བཞིའི་ཤིང་རྩི་རྣམས་ཕུལ། །དེ་ནས་གཤེགས་སུ་གསོལ་བ་ནི། ཀྱཻ། དཀོན་མཆོག་གསུམ་དང་བདེ་གཤེགས་རྣམས། །ཕྲིན་ལས་ཀུན་ཀྱི་བདག་ཉིད་ཅན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དངོས། །ཡི་དམ་ལྷ་དང་བཅས་པ་རྣམས། །ཁྱེད་ཀྱི་

p. 354

སེམས་ཅན་དོན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སོ་སོའི་ཡུལ་དུ་གཤེགས་སུ་གསོལ། །སོ་སོའི་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །དེ་ནས་ས་བདག་རྣམས་གཤེགས་པ་ནི། ཀྱཻ། ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །ས་བདག་རྒྱལ་པོ་བཙུན་མོ་དང་། །དབང་ཆེན་ལོ་ལྷ་འཁོར་དང་བཅས། །ལོ་ཟླ་ཞག་དང་དུས་ཚོད་ལ། །མཆོད་པའི་གནས་སུ་བྱོན་པ་རྣམས། །ས་བདག་དགོངས་པ་འགྲུབ་པར་མཛོད། །བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ། །བདག་གིས་འབོད་ན་དེར་སྐྱོད་ཅིག །གཞན་ཡང་ལྷ་ཀླུ་མཐུ་ཆེན་རྣམས། །གཟའ་དང་རྒྱུ་སྐར་འཁོར་དང་བཅས། །ཡུལ་ལྷ་དགྲ་ལྷ་ཁྱིམ་ལྷ་དང་། །ས་སྐོར་རྩི་ཤིང་ནགས་ཚལ་དང་། །ཆུ་དང་རྡོ་དང་ལམ་ལ་སོགས། །གནས་པའི་ས་བདག་ཀླུ་གཉན་ཀུན། །མཆོད་སྦྱིན་ཆེན་པོས་མཉེས་བྱས་ནས། །བདག་གི་རེ་བ་བསྐང་བར་མཛོད། །ས་བདག་ལྷ་ཀླུ་རྫུ་འཕྲུལ་ཅན་། །དང་པོ་བྱོན་པ་ཞལ་རེ་དྲོ། །སླར་ཡང་འབྱོན་པ་དོན་རེ་ཆེ། །ད་ནི་གཤེགས་པ་འགབ་རེ་བཟང་། །གཤེགས་ཤུལ་བཀྲ་ཤིས་བདེ་ལེགས་མཛོད། །ས་སྙིང་ས་ཡི་ལྷ་

p. 355

མོ་གཉིས། །བདག་དང་ཡོན་བདག་སྦྲ་ཁང་དང་། །ཞིང་ལ་བརྟན་བཞུགས་ས་བཅུད་སྤེལ། །འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་གནས་སུ་གཤེགས། །ལོ་ཀ་བྷུ་མི་པ་ཏི་སརྦ་གཙྪ། དེ་ནས་མཇུག་གི་བསྡུ་ཆོག་ནི། །ཡེ་ཤེས་སེམས་དཔའ་གནས་སུ་གཤེགས། །དམ་ཚིག་སེམས་དཔའ་རང་ལ་བསྡུ། །བསྐྱེད་རིམ་མི་དམིགས་ན་ད་ཡལ། །ཡེ་ཤེས་དབྱེར་མེད་དབྱིངས་སུ་ཐིམ། །ས་མ་ཡ་ཧོ། ས་མ་ཡ་ཧཱ། བཛྲ་ས་ཏྭ་ཨཱཿ དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱིས་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་རྒྱས་པར་བྱ། བཀྲ་ཤིས་གང་ཤེས་བརྗོད་པར་བྱའོ། །བཛྲ་མུ། ཞེས་ས་བདག་སྤྱི་གཏོར་དངོས་གྲུབ་ཏུ་རོལ། །ཞེས་པ་འདི་ནི་གནམ་ཆོས་འཁྲུགས་བཅོས་དང་དབང་ཆེན་ཀོང་ཙེ་བཅས་ཀྱི་ལྷན་ཐབས་ཁ་སྐོང་དུ། །ཀརྨ་རཱ་ག་ཨ་སྱས་སྦྱར་བ་འདིས་ཡུལ་ཕྱོགས་ཐམས་ཅད་དུ་དགེ་ལེགས་སུ་གྱུར་ཅིག །བཀྲ་ཤིས། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་ཤིང་རྩི་འབུལ་བ།

p. 356
p. 357

ས་བདག་ཤིང་རྩི་འབུལ་བ་ནི། ཤར་གྱི་དཀར་གཏོར་དང་། ཤར་གྱི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་། འབུལ་བའི་གནས་ནི་ཤར་ཤིང་ཁམས་ཀྱི་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ་སྤར་ཁ་ཟིན་སྨེ་བ་སུམ་མཐིང་ལོ་སྟག་ཡོས་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་རྒྱུལ་འཁོར་བའི་ས་བདག་རྒྱལ་བློན། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་ཤར་དུ་འབུལ། དེ་ནས་ལྷོའི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི་ལྷོ་མེ་ཁམས་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ལི། སྨེ་བ་དྲུག་དཀར་ལོ་རྟ་སྦྲུལ་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་བློན། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་

p. 358

རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་ལྷོར་འབུལ། དེ་ནས་ནུབ་ཀྱི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི། ནུབ་ལྕགས་ཁམས་རྒྱལ་པོ་ལ་སོགས་པ། ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་དྭ་སྨེ་བ་བརྒྱད་དཀར། ལོ་བྱ་སྤྲེལ་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་བློན། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ནུབ་ཏུ་འབུལ། དེ་ནས་བྱང་གི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི། བྱང་ཆུ་ཁམས་རྒྱལ་པོ་ལ་སོགས་པ་ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཁཾ་སྨེ་བ་ལྔ་སེར་ལོ་བྱི་ཕག་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་ལ་

p. 359

འཁོར་བའི་ས་བདག་རྒྱལ་བློན། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བྱང་དུ་འབུལ། དེ་ནས་ཤར་ལྷོའི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི། ཤར་ལྷོ་རླུང་ཁམས་རྒྱལ་པོ་ལ་སོགས་པ་ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཟོན་སྨེ་བ་གཉིས་ནག །ལོ་འབྲུག་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་བློན། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་ཤར་ལྷོར་འབུལ། དེ་ནས་ལྷོ་ནུབ་ཀྱི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི། ལྷོ་ནུབ་ས་

p. 360

ཁམས་རྒྱལ་པོ་ལ་སོགས་པ་ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཁོན། སྨེ་བ་བཞི་ལྗང་། ལོ་ལུག་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་བློན༔ ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་ལྷོ་ནུབ་འབུལ། དེ་ནས་ནུབ་བྱང་གི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི། ནུབ་བྱང་བདེ་ཆེན་དབང་གི་རྒྱལ་པོ་ལ་སོགས་པ་ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་ཁེན། སྨེ་བ་དགུ་དམར་ལོ་ཁྱི་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་བློན། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་ནུབ་བྱང་དུ་

p. 361

འབུལ། དེ་ནས་བྱང་ཤར་གྱི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི། བྱང་ཤར་རི་དབང་རྒྱལ་པོ་ལ་སོགས་པ་ས་བདག་ཐེ་སེ་རཱ་ཧུ་ལ། སྤར་ཁ་གིན། སྨེ་བ་བདུན་དམར། ལོ་གླང་ལ་འཁོར་བའི་ས་བདག །ཟླ་བ་ཞག་དུས་ཚོད་ལ་འཁོར་བའི་ས་བདག་རྒྱལ་བློན། ཁྱད་པར་དུ་དེ་རིང་གི་ཚེས་གྲངས་འདི་ལ་རྒྱུ་བའི་ས་བདག་ཀླུ་གཉན་རྣམས་ལ་ཤིང་རྩི་འབྲུ་སྣ་བདུད་རྩིའི་མཆོད་པ་འདི་ཕུལ་བས། ཕོག་ཐུག་འགྲམ་འཁྲུགས་གང་བྱུང་བ་ཐམས་ཅད་བཤགས་ཤིང་། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་བྱང་ཤར་དུ་འབུལ། དེ་ནས་དབུས་ཀྱི་ཤིང་རྩི་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཆུ་གཙང་གིས་བྲན་ལ། ཨོཾ་ཀྵི་ཧི་ར་ཙ་པྲི་ཐི་དྷེ་ཝཱི་སརྦ་བྷུ་མི་པ་ཏི་ཨརྒྷཾ་པུལླེ་སོགས་ཀྱིས་མཆོད། ཁྱད་པར་དམ་རྫས་བདུད་རྩིའི་ཤིང་རྩི་མཆོད་པ་འདི་འབུལ་བའི་གནས་ནི་སེམས་དཔའ་ས་ཡི་སྙིང་པོ་ལྷ་མོ་བརྟན་མ་ཡབ་ཡུམ་སྲས་གསུམ། ལྟོ་འཕྱེ་ཆེན་པོ་ཀླུ་ཆེན་བརྒྱད། འབྱུང་བ་སྤར་སྨེ་ལོ་ཟླའི་ས་བདག་རྗེ་བློན་བཅུ་བདུན་ལ་སོགས་པ་སྲིད་པའི་ས་བདག་ཀུན་ལ་འབུལ་ལོ། །ཁྱད་པར་ཡུལ་

p. 362

ཕྱོགས་ས་སྐོར་འདིའི་ཡུལ་བདག་རི་བདག་ཆུ་བདག་བྲག་བདག་རྡོ་བདག་ས་བདག་ཤིང་བདག་གནས་བདག །ཁྱིམ་ལྷ་ཕུགས་ལྷ་གཉུག་མར་གནས་པ་རྣམས་ལ་མཆོད་སྦྱིན་གྱི་གཏོར་མ་ཤིང་རྩི་འབྲུ་སྣ་དར་ཟབ་བལ་ཚོན་འདི་འབུལ་ལོ། །ཐམས་ཅད་མཉེས་ཤིང་ཚིམ་པར་གྱུར་ཅིག །དབུས་སུ་འབུལ། ས་སྙིང་ས་ཡི་ལྷ་མོ་དང་། །ས་བདག་ཚོགས་ལ་ཕྱག་འཚལ་བསྟོད། །མཆོད་གཏོར་ཆུང་དང་རྫ་ས་མ་འཛོམས། །ཉེས་འགལ་གང་མཆིས་མཐོལ་ལོ་བཤགས། །ས་སྙིང་ས་ཡི་ལྷ་མོ་གཉིས། །བདག་དང་ཡོན་བདག་ཁང་སྦྲ་དང་། །ཞིང་ལ་བརྟན་བཞུགས་ས་བཅུད་སྤེལ། །འཇིག་རྟེན་པ་ཡི་ས་བདག་རྣམས། །རང་རང་སོ་སོའི་ཡུལ་དུ་གཤེགས། ལོ་ཀ་བྷུ་མི་པ་ཏི་སརྦ་གཙྪ། ཞེས་གནམ་ཆོས་སབདག་འཁྲུགས་བཅོས་ལྷན་ཐབས་སུ་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ། དགེའོ། དགེའོ། དགེའོ།། །།

གཏོར་མ་འབུལ་ཐབས།

p. 363

དེ་ནས་གཏོར་མ་འབུལ་ཐབས་ནི། ཤར་ལྷོ་ནུབ་བྱང་རིམ་བཞིན་བླངས། ཀྱཻ། ཤར་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་ཆེ། །ཕར་ལ་བྱོན་པ་སྒབ་རེ་སྤྲོ། །བྱོན་པ་ཤར་གྱི་གླིང་ལ་བྱོན། །གཤེགས་པ་ཤར་གྱི་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཤར་ཕྱོགས་གླིང་ལ་བཀྲ་ཤིས་ཤོག ཀྱཻ། ལྷོ་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་ཆེ། །ཕར་ལ་བྱོན་པ་སྒབ་རེ་སྤྲོ། །བྱོན་པ་ལྷོ་ཡི་གླིང་ལ་བྱོན། །གཤེགས་པ་ལྷོ་ཡི་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ལྷོ་ཡི་གླིང་ལ་བཀྲ་ཤིས་ཤོག ཀྱཻ། ནུབ་ནས་བྱོན་པའི་ས་བདག་རྣམས། ། དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་ཆེ། །ཕར་ལ་བྱོན་པ་སྒབ་རེ་སྤྲོ། །བྱོན་པ་ནུབ་ཀྱི་གླིང་ལ་བྱོན། །གཤེགས་པ་ནུབ་ཀྱི་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ནུབ་ཀྱི་གླིང་ལ་བཀྲ་ཤིས་ཤོག ཀྱཻ། བྱང་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་

p. 364

ཆེ། །ཕར་ལ་བྱོན་པ་སྒབ་རེ་སྤྲོ། །བྱོན་པ་བྱང་གི་གླིང་ལ་བྱོན། །གཤེགས་པ་བྱང་གི་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བྱང་ཕྱོགས་གླིང་ལ་བཀྲ་ཤིས་ཤོག ཀྱཻ། ཤར་ལྷོ་མཚམས་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་ཆེ། །ཕར་ལ་བྱོན་པ་སྒྲུབ་རེ་སྤྲོ། །བྱོན་པ་ཤར་ལྷོའི་གླིང་ལ་བྱོན། །གཤེགས་པ་ཤར་ལྷོའི་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཤར་ལྷོའི་གླིང་ལ་བཀྲ་ཤིས་ཤོག ཀྱཻ། ལྷོ་ནུབ་མཚམས་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་ཆེ། །ཕར་ལ་བྱོན་པ་སྒྲུབ་རེ་སྤྲོ། །བྱོན་པ་ལྷོ་ནུབ་གླིང་ལ་བྱོན། །གཤེགས་པ་ལྷོ་ནུབ་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ལྷོ་ནུབ་གླིང་ལ་བཀྲ་ཤིས་ཤོག ཀྱཻ། ནུབ་བྱང་མཚམས་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་ཆེ། །ཕར་ལ་བྱོན་པ་སྒབ་རེ་སྤྲོ། །བྱོན་པ་ནུབ་བྱང་གླིང་ལ་བྱོན། །གཤེགས་པ་ནུབ་བྱང་གླིང་ལ་

p. 365

གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ནུབ་བྱང་གླིང་ལ་བཀྲ་ཤིས་ཤོག ཀྱཻ། བྱང་ཤར་མཚམས་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་དོན་རེ་ཆེ། །ཕར་ལ་བྱོན་པ་སྒབ་རེ་སྤྲོ། །བྱོན་པ་བྱང་ཤར་གླིང་ལ་བྱོན། །གཤེགས་པ་བྱང་ཤར་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བྱང་ཤར་གླིང་ལ་བཀྲ་ཤིས་ཤོག ཀྱཻ། དབུས་ནས་བྱོན་པའི་ས་བདག་རྣམས། །དང་པོ་བྱོན་པ་འོ་རེ་བརྒྱལ། །བར་དུ་བཞུགས་པ་ཕྱི་དོན་རེ་ཆེ། །ཕར་ལ་བྱོན་པ་སྒབ་རེ་སྤྲོ། །བྱོན་པ་དབུས་ཕྱོགས་གླིང་ལ་བྱོན། །གཤེགས་པ་དབུས་ཕྱོགས་གླིང་ལ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། དབུས་ཕྱོགས་གླིང་ལ་བཀྲ་ཤིས་ཤོག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།

ས་བདག་གི་བཀྲ་ཤིས་བརྗོད་པ།

p. 366
p. 367

ས་བདག་གི་བཀྲ་ཤིས་བརྗོད་པ་ནི། ཀྱཻ། འཇམ་དཔལ་གཞོན་ནུ་གསེར་མདོག་དཔལ་གྱི་སྐུ། །ཕྱག་གཉིས་རལ་གྲི་ཨུཏྤལ་པོ་ཏི་བསྣམས། །ལོངས་སྤྱོད་རྫོགས་སྐུ་ཐམས་ཅད་མཁྱེན་པའི་སྐུ། །བཅོམ་ལྡན་འཇམ་དཔལ་མགོན་གྱི་བཀྲ་ཤིས་ཤོག །དེ་ཡི་སྤྲུལ་པ་གསེར་གྱི་རུས་སྦལ་ཆེ། །འབྱུང་བ་ལྔ་དང་ཁམས་ལྔའི་རང་བཞིན་ཅན། །ཐུགས་རྗེས་ཡོངས་ཁྱབ་འགྲོ་བ་ཀུན་གྱི་མ། །གསེར་གྱི་རུས་སྦལ་མཆོག་གི་བཀྲ་ཤིས་ཤོག །ས་ལ་དབང་མཛད་བརྟན་མ་གསེར་གྱི་མདོག །མི་ཟད་གཏེར་གྱི་བུམ་པ་ཕྱག་ན་བསྣམས། །སྐུ་སྟོད་ས་སྟེང་ཐོན་པས་དབུལ་བ་སེལ། །དོན་གྲུབ་ལྷ་མོ་བརྟན་མའི་བཀྲ་ཤིས་ཤོག །ཤར་ཕྱོགས་ཤིང་ལ་མངའ་མཛད་ལོ་ཟླའི་བདག །ཤིང་ཁམས་རྒྱལ་པོ་ལ་སོགས་སྐུ་མདོག་ལྗང་། །ཕྱག་ན་དཔག་བསམ་ལྗོན་ཤིང་ལོ་བཟང་བསྣམས། །དཔག་བསམ་ཤིང་ལྟར་རྒྱས་པའི་བཀྲ་ཤིས་ཤོག །ལྷོ་ཕྱོགས་མེ་ལས་གྲུབ་པ་ལོ་ཟླའི་བདག །མེ་ཁམས་རྒྱལ་པོ་ལ་སོགས་སྐུ་མདོག་དམར། །ཕྱག་ན་གསལ་བྱེད་མེ་ཡི་སྒྲོན་མེ་བསྣམས། །དཔལ་དང་གཟི་བརྗིད་རྒྱས་པའི་བཀྲ་ཤིས་ཤོག །ནུབ་ཕྱོགས་ལྕགས་ཁམས་ལས་

p. 368

གྲུབ་ལོ་ཟླའི་བདག །ལྕགས་ཁམས་རྒྱལ་པོ་ལ་སོགས་སྐུ་མདོག་དཀར། །ཕྱག་ན་སྲ་བརྟན་གསེར་གྱི་སྡོང་པོ་བསྣམས། །མི་འགྱུར་རྡོ་རྗེ་ལྟ་བུའི་བཀྲ་ཤིས་ཤོག །བྱང་ཕྱོགས་ཆུ་ཁམས་ལས་གྲུབ་ལོ་ཟླའི་བདག །ཆུ་ཁམས་རྒྱལ་པོ་ལ་སོགས་སྐུ་མདོག་མཐིང་། །ཕྱག་ན་བདུད་རྩི་ཆུ་ཡི་བུམ་པ་བསྣམས། །ཆབ་སྲིད་ཆུ་བོའི་རྒྱུན་ལྟར་བཀྲ་ཤིས་ཤོག་མཚམས་བཞི་ས་ལས་གྲུབ་པ་ལོ་ཟླའི་བདག །ས་ཁམས་རྒྱལ་པོ་ལ་སོགས་སྐུ་མདོག་སེར། །ཕྱག་ན་རིན་ཆེན་རི་རབ་འབར་བ་བསྣམས། །མི་འགྱུར་ལྷུན་པོ་ལྟ་བུའི་བཀྲ་ཤིས་ཤོག །འབྱུང་བ་ལྔ་ཡི་ས་དཔལ་ཆུ་དཔལ་དང་། །ལྷ་མོ་བརྟན་མ་མི་ཟད་གཏེར་གྱི་བདག །ཡུལ་ཁམས་ས་ཕྱོགས་ཐམས་ཅད་བདེ་སྐྱིད་ལྡན། །མི་ནོར་བསོད་ནམས་འཕེལ་རྒྱས་བཀྲ་ཤིས་ཤོག །ཅེས་རྟེན་འབྲེལ་སྙིང་པོ་བརྗོད། དེ་ནས་བཀྲ་ཤིས་གང་འོས་བྱའོ། །ཞེས་པ་ཨ་རཱ་གས་སོ། །

གནམ་ཆོས་ས་བདག་འཁོར་གྱི་བཀྲ་ཤིས།

p. 369

གནམ་ཆོས་ས་བདག་འཁོར་གྱི་བཀྲ་ཤིས་ནི། ཀྱཻ། བཀྲ་ཤིས་བདེ་ལེགས་འབྱུང་བ་ཡི། །འཇམ་དབྱངས་བཞི་ཡི་བཀྲ་ཤིས་ཤོག །སྲོག་ལུས་དབང་ཐང་བརྟན་པ་ཡི།་མ་ཧཱ་རུས་སྦལ་བཀྲ་ཤིས་ཤོག །ལྷ་ཚེ་དཔལ་བཀྲ་འཕེལ་བ་ཡི། །ལྷ་མོ་བརྟན་མའི་བཀྲ་ཤིས་ཤོག །གཏོ་དཔྱད་ཀུན་ལ་ཤེས་པ་ཡི། །ཀོང་ཙེ་འཕྲུལ་རྒྱལ་བཀྲ་ཤིས་ཤོག །འབྱུང་བའི་ཉེས་སྐྱོན་ཞི་བའི་ཕྱིར། །ས་བདག་རྣམས་ཀྱི་བཀྲ་ཤིས་ཤོག །འགྲམས་འཁྲུགས་ཉེས་སྐྱོན་ཞི་བའི་ཕྱིར། །སྤར་ཁ་བརྒྱད་ཀྱི་བཀྲ་ཤིས་ཤོག །སྣང་སྲིད་གདུག་པ་ཞི་བའི་ཕྱིར། །སྨེ་བ་དགུ་ཡི་བཀྲ་ཤིས་ཤོག །ལོ་ཟླ་ཞག་གཉན་ཞི་བའི་ཕྱིར། །གཟའ་ཆེན་བརྒྱད་ཀྱི་བཀྲ་ཤིས་ཤོག །བསོད་ནམས་དབང་ཐང་འཕེལ་བའི་ཕྱིར། །རྒྱུ་སྐར་རྣམས་ཀྱི་བཀྲ་ཤིས་ཤོག །དཀོར་ནོར་ལོངས་སྤྱོད་འཕེལ་བ་ཡི། །ས་བདག་ཀླུ་གཉན་རྣམས་ཀྱི་བཀྲ་ཤིས་ཤོག །དཀར་ཕྱོགས་སྐྱོང་ཞིང་བསྟན་པ་སྲུང་། །གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །བགེགས་རིགས་སྟོང་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་

p. 370

དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་དབྱངས་གསལ་བྱེད་རྟེན་འབྲེལ་སྙིང་པོ་བརྗོད། འཁྲུགས་བཅོས་ལྷན་ཐབས་རཱ་ག་ཨ་སྱས་སྦྱར་བའོ།།

ས་བདག་གསོལ་མཆོད།

p. 371

ན་མོ་གུ་རུ། ས་བདག་གསོལ་མཆོད་ལ་སོགས་པའི། །ཡུལ་ལྷ་གཞི་བདག་གསོལ་མཆོད་ལ། །དཀར་གསུམ་གཏོར་མ་གསེར་སྐྱེམས་གཡག་ལུག་དང་། །བྱ་ཕོ་སོགས་ཀྱིས་བཀོད་དེ་བྲན། །སྦ་སྨྱུག་དར་ཚོན་ཕྱེ་མར་སོགས། །བྱིན་བརླབས་བྱས་ཏེ་མ་ཡེངས་བར། ཀྱཻ། སྟོང་གསུམ་སྲིད་པའི་འཇིག་རྟེན་དང་། །ས་ཕྱོགས་ཡུལ་རིས་འདི་དག་ན། །གནས་པའི་གཞི་བདག་ཀླུ་གཉན་དང་། །ཡུལ་ལྷ་གཞི་བདག་འཁོར་བཅས་རྣམས། །འཁོར་དང་བཅས་པ་མ་ལུས་ཀུན། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ནི་རྫུ་འཕྲུལ་སྟོབས་དང་ལྡན། །བར་སྣང་ས་གཞི་ཀུན་གྱི་བདག །ལེགས་ཉེས་ཀུན་གྱི་ཤན་བྱེད་པ། །འགྲོ་བ་མི་དང་ལྷན་ཅིག་གནས། །ཁྱད་པར་ཡུལ་རིས་ས་ཕྱོགས་འདིར། །ཡུལ་ལྷ་གཞི་བདག་འཁོར་དང་བཅས། །གནས་འདིར་མྱུར་དུ་སྤྱན་འདྲེན་ནོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཁྱོད་ལ་མཆོད་པ་འབུལ་བ་ནི། །རིན་ཆེན་འབྲས་ཀྱི་གཡག་ལུག་ར། །སྦ་སྙུག་རིན་ཆེན་མདའ་དར་དང་། །དར་སྣ་ལ་སོགས་མཆོད་པ་འབུལ། །ཕྱེ་མར་མཁན་ཤུག་བལ་བུ་

p. 372

དང་། །ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། །འབྲས་ཀྱི་བཤོས་བུ་རྒྱན་ཅན་དང་། །བྱ་ཕོ་མཚལ་བུའི་གསུང་སྙན་དང་། །དཀར་གསུམ་མངར་གསུམ་སྨན་མཆོད་དང་། །དག་ཅིང་གཙང་མར་བཤམས་པ་ཡི། །མཆོད་པའི་བྱེ་བྲག་བསམ་མི་ཁྱབ། །བདག་གི་བསམ་པ་དག་པ་ཡི། །བདེ་གཤེགས་རྣམས་ཀྱི་བྱིན་རླབས་དང་། །སྔགས་དང་ཕྱག་རྒྱའི་ཏིང་འཛིན་གྱིས། །ཁྱོད་ཀྱི་དབང་པོའི་སྤྱོད་ཡུལ་དུ། །ཅི་འདོད་ཡིད་བཞིན་ཚིམས་གྱུར་ཅིག །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མདའ་དར་བལ་ཚོན་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །འབྲང་རྒྱས་ཆང་ཕུད་འོ་མ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཐུག་པ་མཁན་དཀར་སུར་དཀར་གྱིས། །བསང་ཆེན་དུད་པའི་མཆོད་པ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །གཞི་བདག་ཁྱེད་རྣམས་སྤྱན་ལམ་དུ། །མཁོ་དགུ་ཅི་འདོད་ལྡན་གྱུར་ཅིག །ཁྱེད་རྣམས་ཅི་འདོད་ཚིམ་གྱུར་ཅིག །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྔོན་ཚེ་གཞི་བདག་ཁྱེད་རྣམས་ཀྱིས། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་ཅག་

p. 373

སྒྲུབ་པ་པོ། །བསམ་པ་ཡིད་བཞིན་མྱུར་དུ་སྒྲུབས། །འདོད་པའི་དངོས་གྲུབ་མྱུར་དུ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་བཏབ་པ་དང་ལོ་རྟག་ཏུ་བསང་འདི་བཏང་བའི་འདོད་དོན་ལྷུན་གྱིས་གྲུབ་ཅིང་། ཡུལ་ཕྱོགས་བཀྲ་ཤིས་བདེ་ལེགས་སུ་གྱུར་ཅིག །ཨོཾ་ལྷ་མིའི་ཕན་བདེའི་ལོངས་སྤྱོད་རྒྱས། །ཟས་ནོར་གཏེར་དང་བདུད་རྩི་འབྱུང་། །ཚེ་རིང་ནད་མེད་དགྲ་རྒོལ་གཞོམ། །ཐམས་ཅད་ཡིད་བཞིན་འགྲུབ་པར་གྱུར། །གནས་གཙང་དཀྱིལ་འཁོར་བྱ་བ་དང་། །ཁྲུས་གཙང་གོས་གསར་གྱོན་བྱས་ནས། །སྐུ་གསུམ་རྣམ་དག་རྟེན་དྲུང་འདུག །སྤོས་དང་མེ་ཏོག་ཁ་ཟས་མཆོད། །རྣལ་འབྱོར་དམ་ཚིག་གཙང་ན་འགྲུབ། །ཅེས་བྲིས་ལ་བཅུག །འདི་ནི་ས་ཡི་ལྷ་མོའི་ས་བདག་པདྨ་ལ་དངོས་སུ་གསུངས་པས་བྱིན་རླབས་ཆེ། མཆོད་གསོལ་སྒྲུབ་པའི་སྐབས་སུ་བརྗོད་དོ། །དེ་སྐད་ལྷ་མོའི་ཞལ་བཞེས་ལྟར། །ཁྱོད་ལ་བསང་མཆོད་ཕུལ་བའི་མཐུས། །བདག་དང་ཡོན་བདག་འཁོར་བཅས་ལ། །ནད་མེད་ཚེ་དང་ལྡན་པ་དང་། །ལོ་ཡག་ནོར་ཕྱུགས་འཕེལ་བ་དང་། །རྨང་པོ་བུ་དང་ལྡན་པ་དང་། །རྟག་ཏུ་བཙན་ཞིང་ཕྱུག་པ་དང་། །རྒྱུན་དུ་འཕེལ་ཞིང་དར་

p. 374

བར་ཤོག །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །རང་སེམས་འདོད་དགུའི་ནོར་དང་སྤྱོད། །བྱེས་སུ་འགྲོ་ན་ལམ་སྣ་མཛོད། །གཞི་ལ་འདུག་ན་ཡུལ་དཔོན་མཛོད། །མཐུ་དཔུང་རྒྱབ་རྟེན་སྡོང་གྲོགས་མཛོད། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཡོན་བདག་དྲིན་ལེན་ཆུད་མ་གསན། །བདག་དང་ཡོན་བདག་འཁོར་བཅས་རྣམས། །སྔོན་ནས་བསུས་ནས་རྒྱབ་ནས་སྐྱོལ། །ལེགས་ཁ་ཟུངས་ལ་རྒྱལ་ཁ་བསྟོད། །ཚེ་དང་བསོད་ནམས་སྤེལ་བར་མཛོད། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །ལོ་ཟླ་ཞག་དང་ཟ་མའི་ཀག །ཡེ་འདྲོག་གློ་བུར་བཟློག་ཏུ་གསོལ། །བསྟན་པ་སྲུང་ཞིང་བསམ་པ་སྒྲུབས། །མཐུན་པའི་སྡོང་གྲོགས་མཛད་དུ་གསོལ། །བཀྲ་ཤིས་བདེ་ལེགས་འཕེལ་བར་མཛོད། །ཡུལ་ལྷའི་བསངས་མཆོད་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །།

ས་བདག་ཀླུ་གཉན་འགྲས་བསྡུམ།

p. 375

ས་བདག་ཀླུ་གཉན་འགྲས་བསྡུམ་གྱི་དབུ་ཕྱོགས་ལེགས་པར་བཞུགས།

p. 376

འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀྱེ་རྒྱལ་པོ་བྱི་བའི་ལོ་འདི་ལ། །བདུད་རེ་ལྡེ་གོང་ཉག་བསྒྱུར་དུ་གསོལ། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །རྒྱལ་པོ་གླང་གི་ལོ་པ་ལ། །ལོ་བདུད་ཁྲོ་རྒྱལ་ལོ་པ་ལ། །ལོ་བདུད་ལོ་གཤེད་བསྒྱུར་དུ་གསོལ། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་སྟག་གི་ལོ་པ་འདི། །ལོ་བདུད་ཁ་རྟ་འགྱིང་གཡུག་དང་། །ལོ་བདུད་ལོ་གཤེད་བསྒྱུར་དུ་

p. 377

གསོལ། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་ཡོས་བུའི་ལོ་པ་འདི། །བདུད་པོ་ཡང་ཚེ་བསྒྱུར་དུ་གསོལ། །ལོ་བདུད་ལོ་གཤེད་ཐམས་ཅད་སྒྱུར། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་འབྲུག་གི་ལོ་པ་འདི། །ལོ་བདུད་ཁྲོ་རྒྱལ་བསྒྱུར་དུ་གསོལ། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་སྤྲུལ་གྱི་ལོ་པ་འདི། །ལོ་བདུད་གཏུམ་པོ་ལག་རིང་སྒྱུར། །དྲང་སྲོང་མི་

p. 378

ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་རྟ་ཡི་ལོ་པ་འདི། །ལོ་བདུད་མྱུར་མགྱོགས་ཆེན་པོ་དང་། །ལོ་བདུད་ལོ་གཤེད་ཐམས་ཅད་སྒྱུར། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་ལུག་གི་ལོ་པ་ལ། །ལོ་བདུད་ལོ་གཤེད་ཐམས་ཅད་སྒྱུར། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་སྤྲེལ་གྱི་ལོ་པ་ལ། །ལོ་བདུད་ངོམས་ནག་ཆེན་པོ་དང་། །ལོ་བདུད་ལོ་གཤེད་ཐམས་ཅད་སྒྱུར། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་བྱ་ཡི་ལོ་པ་ལ། །ལོ་བདུད་གཟུགས་མེད་ཆེན་པོ་དང་། །ལོ་བདུད་ལོ་གཤེད་ཐམས་ཅད་སྒྱུར། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་ཁྱི་ཡི་ལོ་པ་ལ། །ལོ་བདུད་གནམ་གཤེད་ཆེན་པོ་དང་། །ལོ་བདུད་ལོ་གཤེད་ཐམས་ཅད་སྒྱུར། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །ཡོན་བདག་ཕག་གི་ལོ་པ་ལ། །ལོ་

p. 379

བདུད་ཡེ་འདྲོག་ཐམས་ཅད་སྒྱུར། །ལོ་བདུད་ལོ་གཤེད་བསྒྱུར་དུ་གསོལ། །དྲང་སྲོང་མི་ལ་བདུད་དུ་མ་འབེབས་ཤིག །དུད་ཕྱུགས་ལ་གོད་དུ་མ་གཏོང་ཞིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་ངན་ཐམས་ཅད་ཟློག །མོ་ངན་སོགས་སྡིག་ཐམས་ཅད་སྒྱུར། །ལྟས་ངན་ཆོ་འཕྲུལ་ངན་པ་སྒྱུར། ཀྱཻ། དེ་རིང་ལྷ་གཞི་དཀར་པོའི་གོང་འདི་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས། །སྟེང་ལྷ་ཁམས་རྣམས་ལ་བཤགས་པ་འབུལ། །བར་གཉན་ཁམས་རྣམས་ལ་བཤགས་པ་འབུལ། །འོག་ཀླུ་ཁམས་རྣམས་ལ་བཤགས་པ་འབུལ། །ས་གཞི་ས་བདག་རྣམས་ལ་བཤགས་པ་འབུལ། །ཡུལ་ལྷ་ཟོ་དོར་རྣམས་ལ་བཤགས་པ་འབུལ། །ལྷ་སྲིན་སྡེ་བརྒྱད་རྣམས་ལ་བཤགས་པ་འབུལ། །ལོ་ཡི་ས་བདག་རྣམས་ལ་བཤགས་པ་འབུལ། །ཟླ་བའི་ས་བདག་རྣམས་ལ་བཤགས་པ་འབུལ། །ས་བདག་རྗེ་བློན་རྣམས་ལ་བཤགས་པ་འབུལ། །ཀྱཻ། ས་བདག་ཀླུ་གཉན་ཐམས་ཅད་གསན་ཅིང་དགོངས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མཐོལ་ཞིང་བཤགས་སུ་གསོལ་བ་ནི། །དཔྱིད་ཟླ་ར་བའི་ཚེས་

p. 380

བདུན་ལ། །ཤར་དུ་དོན་གཉེར་བྱས་པ་དང་། །ཆོས་ལ་ཀློག་འདོན་བྱས་པ་དང་། །འབྱུང་བའི་ཤིང་བཟོ་བྱས་པ་མཐོལ་ལོ་བཤགས། །ཡུགས་ས་མ་ཡིས་དོན་གཉེར་བྱས་པ་དང། །ཁ་སྨྲས་གླེང་གཞི་བྱས་པ་མཐོལ་ལོ་བཤགས། །དཔྱིད་ཟླ་འབྲིང་པོའི་ཚེས་བཞི་ལ། །མཁར་ལེན་བྱས་དང་ཚྭ་ཚྭ་བཏབ། །ཞིང་རྨོ་ཕྲུ་སློག་བྱས་པ་དང་། །སྲོག་བཅད་ཤ་ཡི་ལས་བྱས་དང་། །ཡུགས་སའི་ཟས་ཟོས་བྱས་པ་དང་། །ནད་པའི་སྔས་སུ་གཏོར་མདོས་བྱས་པ་མཐོལ་ལོ་བཤགས། །དཔྱིད་ཟླ་ཐ་ཆུང་ཉེར་བཞི་ལ། །ཆུ་ཡུར་རྫིང་དང་ཆུ་གཏོར་དང་། །ཆུ་ཡི་གཏེར་ནི་བཏོན་པ་དང་། །ཀླུ་མཆོད་ཀླུ་གཏོར་བཏང་བ་མཐོལ་ལོ་བཤགས། །དབྱར་ཟླ་ར་བའི་ཚེས་བརྒྱད་ལ། །རོ་སྲེག་སྦྱིན་སྲེག་བླུགས་པ་དང་། །སྣང་གཞི་རི་མེ་བཀྱེས་པ་དང་། །ཚོས་དང་ཆར་ཐབ་མེ་ཐབ་དང་། །འབྱུང་བ་མེ་ཡི་ལས་བྱས་མཐོལ་ལོ་བཤགས། །དབྱར་ཟླ་འབྲིང་པོའི་བཅུ་དྲུག་ལ། །ཁྲབ་དང་ལྕགས་ཀྱི་ཉོ་ཚོང་བྱས་པ་དང་། །བྱང་ན་གཡུ་ཡི་ཉོ་ཚོང་དང་། །ནུབ་ན་རྟ་ཡི་ཉོ་ཚོང་དང་། །ལྷོ་ན་གསེར་གྱི་ཉོ་ཚོང་དང་། །ཤར་དུ་དོན་གཉེར་བྱས་པ་མཐོལ་ལོ་

p. 381

བཤགས། །དབྱར་ཟླ་ཐ་ཆུང་ཉེར་བཞི་ལ། །གསེར་དངུལ་ཡི་གེ་བྲིས་པ་དང་། །བྱང་དུ་རྟ་རྒྱུག་བྱས་པ་དང་། །རིན་ཆེན་ལས་བྱས་མཐོལ་ལོ་བཤགས། །སྟོན་ཟླ་ར་བའི་ཚེས་བརྒྱད་ལ། །དམག་སྣ་དྲངས་དང་ཆ་སྒྲ་བྱས། །ཡུལ་མཁར་ཁང་ཞིང་བཙོང་པ་དང་། །ཁ་སྨྲས་གཏམ་གླེང་བྱས་པ་མཐོལ་ལོ་བཤགས། །སྟོན་ཟླ་འབྲིང་པོའི་བཅུ་བཞི་ལ། །ལྷ་ཁང་མཆོད་རྟེན་ནང་དུ་རྒྱུག་པ་དང་། །བོན་གཏོ་གྱེར་སོ་བྱས་པ་དང་། །འབྱུང་པོ་ནད་པའི་སྔགས་སྲུང་བྱས་པ་མཐོལ་ལོ་བཤགས། །སྟོན་ཟླ་ཐ་ཆུང་ཉེར་བཞི་ལ། །སྦྲ་དང་ཁང་པ་ཁྲ་ཐེར་དང་། །བཟོ་དང་ཕུབ་རྣམས་བཟོས་པ་མཐོལ་ལོ་བཤགས། །དགུན་ཟླ་ར་བའི་ཚེས་བཅུ་ལ། །དཔོན་རིགས་བླ་མ་བསྐོས་པ་དང་། །རྒྱལ་པོ་གདན་ལ་བཞུགས་པ་དང་། །ཁྲིམས་བཅད་མི་སྲོག་བཅད་པ་དང་། །སྐྱིད་སྐྱིད་དགའ་དགའ་བྱས་པ་དང་། །གླུ་དང་བྲོ་དང་རྩེ་མོ་དང་། །སྟན་བཏིང་སྐྱིད་གླུ་བླངས་པ་མཐོལ་ལོ་བཤགས། །དགུན་ཟླ་འབྲིང་པོའི་ཉི་ཤུ་ལ། །བུ་ནོར་ཕྱིར་ལ་བཏང་བ་དང་། །ཆུ་ཆེན་བཅད་དང་ཟམ་བརྒལ་དང་། །ཆུ་ལ་འབོགས་པ་མཐོལ་ལོ་བཤགས། །

p. 382

དགུན་ཟླ་ཐ་ཆུང་གནམ་གང་ལ། །དགའ་དགའ་རྩེད་མོ་བྱས་པ་དང་། །གླུ་བྲོ་ཉེ་རིང་བགྲོད་པ་མཐོལ་ལོ་བཤགས། །ཚེས་བདུན་བཅུ་བཞི་ཉི་ཤུ་གཅིག །དབྱར་ཟླ་གསུམ་གྱི་བྲ་ཉེ་ལ། །བཟང་ལས་བཀྲ་ཤིས་བརྗོད་པ་མཐོལ་ལོ་བཤགས། །ཚེས་བརྒྱད་བཅུ་དྲུག་ཉི་ཤུ་བཞི། །དབྱར་ཟླ་གསུམ་གྱི་བྲ་ཉེ་ལ། །བཟང་ལས་ཡར་གཏོ་བྱས་པ་མཐོལ་ལོ་བཤགས། །ཚེས་དགུ་བཅོ་བརྒྱད་ཉི་ཤུ་གཉིས། །སྟོན་ཟླ་གསུམ་གྱི་བྲ་ཉེ་ལ། །བཀྲ་ཤིས་བཟང་ལས་བྱས་པ་མཐོལ་ལོ་བཤགས། །ཚེས་བཅུ་ཉི་ཤུ་གནམ་སྟོང་གསུམ། །དགུན་ཟླ་གསུམ་གྱི་བྲ་ཉེ་ལ། །བཟང་ལས་ལྷ་བཟོ་བྱས་པ་མཐོལ་ལོ་བཤགས། །དཔྱིད་ར་བ་སྟག་གི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་ཤར་དུ་བྱས་པ་མཐོལ་ལོ་བཤགས། དབྱར་ར་བ་སྦྲུལ་གྱི་ཟླ་བ་ལ། །ཕུར་ཕུན་གཏོར་ཟོར་བྱང་དུ་བྱས་པ་མཐོལ་ལོ་བཤགས། །དབྱར་འབྲིང་པོ་རྟ་ཡི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་ནུབ་ཏུ་བྱས་པ་མཐོལ་ལོ་བཤགས། །དབྱར་ཐ་ཆུང་ལུག་གི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་ཤར་དུ་བྱས་པ་མཐོལ་ལོ་བཤགས། །སྟོན་ར་བ་སྤྲེལ་གྱི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་ནུབ་ཏུ་བྱས་པ་

p. 383

མཐོལ་ལོ་བཤགས། །སྟོན་འབྲིང་པོ་བྱ་ཡི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་བྱང་དུ་བྱས་པ་མཐོལ་ལོ་བཤགས། །སྟོན་ཐ་ཆུང་ཁྱི་ཡི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་ཤར་དུ་བྱས་པ་མཐོལ་ལོ་བཤགས། །དགུན་ར་བ་ཕག་གི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་ལྷོ་རུ་བྱས་པ་མཐོལ་ལོ་བཤགས། །དགུན་འབྲིང་པོ་བྱི་བའི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་ནུབ་ཏུ་བྱས་པ་མཐོལ་ལོ་བཤགས། །དགུན་ཐ་ཆུང་གླང་གི་ཟླ་བ་ལ། །ཕུར་ཐུན་གཏོར་ཟོར་བྱང་དུ་བྱས་པ་མཐོལ་ལོ་བཤགས། །ཕུར་ཐུན་གཏོར་ཟོར་དྲག་ལས་རྣམས། །སྟག་ཡོས་ལོ་པས་ཤར་དུ་བྱས་པ་མཐོལ་ལོ་བཤགས། །ཕུར་ཐུན་གཏོར་ཟོར་དྲག་ལས་རྣམས། །རྟ་སྦྲུལ་ལོ་པས་ལྷོ་རུ་བྱས་པ་མཐོལ་ལོ་བཤགས། །ཕུར་ཐུན་གཏོར་ཟོར་དྲག་ལས་རྣམས། །བྱ་སྤྲེལ་ལོ་པས་ནུབ་ཏུ་བྱས་པ་མཐོལ་ལོ་བཤགས། །ཕུར་ཐུན་གཏོར་ཟོར་དྲག་ལས་རྣམས། །བྱི་ཕག་ལོ་པས་བྱང་དུ་བྱས་པ་མཐོལ་ལོ་བཤགས་། །ཕུར་ཐུན་གཏོར་ཟོར་དྲག་ལས་རྣམས། །གཤེད་བཞི་ལོ་པས་མཚམས་བཞིར་བྱས་པ་མཐོལ་ལོ་བཤགས། །རབས་ཆད་ཟླ་བ་ནག་པོ་ལ། །བུ་དང་མནའ་མ་ཕོག་

p. 384

པ་མཐོལ་ལོ་བཤགས། །གནམ་ཁྱི་ས་ལ་རྒྱུ་དུས་ལ། །བག་མ་བླངས་པ་མཐོལ་ལོ་བཤགས། །ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག །མགྲོན་པོ་ཚོང་ལ་ཆས་པ་མཐོལ་ལོ་བཤགས། །ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས། །དོན་ཚོང་བྱས་པ་མཐོལ་ལོ་བཤགས། །ཚེས་གསུམ་བཅུ་གསུམ་ཉི་ཤུ་གསུམ། །བུ་ཚ་སྐྱེས་པ་མཐོལ་ལོ་བཤགས། །ཚེས་བཞི་བཅུ་བཞི་ཉི་ཤུ་བཞི། །དམག་ལས་བྱས་པ་མཐོལ་ལོ་བཤགས། །ཚེས་ལྔ་བཅོ་ལྔ་ཉི་ཤུ་ལྔ། །སྟོན་མོ་གོས་དྲུབ་བྱས་པ་མཐོལ་ལོ་བཤགས། །ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག །མཁར་ལེན་བྱས་པ་མཐོལ་ལོ་བཤགས། །ཚེས་བདུན་བཅུ་བདུན་ཉི་ཤུ་བདུན། །བག་མ་བླངས་པ་མཐོལ་ལོ་བཤགས། །ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད། །ཁྲག་དུར་བཏབ་པ་མཐོལ་ལོ་བཤགས། །ཚེས་དགུ་བཅུ་དགུ་ཉི་ཤུ་དགུ། །མོ་བཏབ་ཕ་ཤིད་བྱས་པ་མཐོལ་ལོ་བཤགས། །ཚེས་བཅུ་ཉི་ཤུ་གནམ་སྟོང་ལ། །ཡས་གླུད་བཏང་བ་མཐོལ་ལོ་བཤགས། །བྱི་བའི་ཉི་མ་ཤར་དུས་ལ། །མོ་རྩིས་བྱས་པ་མཐོལ་ལོ་བཤགས། །གླང་གི་ཉི་མ་ཤར་དུས་ལ། །དམག་སྣ་དྲངས་པ་མཐོལ་ལོ་བཤགས། །སྟག་གི་

p. 385

ཉི་མ་ཤར་དུས་ལ། །ས་ལ་དམེ་དུར་འདྲེས་པ་མཐོལ་ལོ་བཤགས། །ཡོས་ཀྱི་ཉི་མ་ཤར་དུས་ལ། །མཁར་ལེན་བྱས་པ་མཐོལ་ལོ་བཤགས། །འབྲུག་གི་ཉི་མ་ཤར་དུས་ལ། །ས་ལ་དམར་དུར་བཏབ་པ་མཐོལ་ལོ་བཤགས། །སྦྲུལ་གྱི་ཉི་མ་ཤར་དུས་ལ། །སྐྱས་ཆུས་ཡུལ་ས་བཟུང་བ་མཐོལ་ལོ་བཤགས། །རྟ་ཡི་ཉི་མ་ཤར་དུས་ལ། །སྐྱས་དང་མཁར་ལས་བྱས་པ་མཐོལ་ལོ་བཤགས། །ལུག་གི་ཉི་མ་ཤར་དུས་ལ། །རྨ་དང་སྨན་གྱི་བཅོས་ཀ་བྱས་པ་དང་། །སྐྱས་དང་ཡུལ་ས་བཟུང་བ་མཐོལ་ལོ་བཤགས། །སྤྲེལ་གྱི་ཉི་མ་ཤར་དུས་ལ། །བཟོ་དང་གྲས་གདན་བཏིང་བ་མཐོལ་ལོ་བཤགས། །བྱ་ཡི་ཉི་མ་ཤར་དུས་ལ། །གྲོས་དང་སྟོན་མོ་བྱས་པ་མཐོལ་ལོ་བཤགས། །ཁྱི་ཡི་ཉི་མ་ཤར་དུས་ལ། །དོང་རྐོ་སྲི་མནན་བྱས་པ་མཐོལ་ལོ་བཤགས། །ཕག་གི་ཉི་མ་ཤར་དུས་ལ། །བཀྲ་ཤིས་ལས་ཀ་ཅི་བྱས་མཐོལ་ལོ་བཤགས། །རི་གཉན་མེ་ལ་བཀྱེས་པ་མཐོལ་ལོ་བཤགས། །མཚོ་གཉན་ཁྲག་ཏུ་གཡོས་པ་མཐོལ་ལོ་བཤགས། །ཤིང་གཉན་སྟ་རེས་བཅད་པ་མཐོལ་ལོ་བཤགས། །ལམ་གཉན་ཆུ་རུ་བསྒྱུར་བ་མཐོལ་ལོ་

p. 386

བཤགས། །ས་གཉན་འཇོར་གྱིས་བརྐོས་པ་མཐོལ་ལོ་བཤགས། །རྩྭ་གཉན་ཟོར་བས་བྲེག་པ་མཐོལ་ལོ་བཤགས། །རྡོ་གཉན་གཟུ་བས་སློག་པ་མཐོལ་ལོ་བཤགས། །ན་གཉན་འཇོར་གྱིས་བརྐོས་པ་མཐོལ་ལོ་བཤགས། །གཉན་ཞིང་ཐོང་པས་རྨོས་པ་མཐོལ་ལོ་བཤགས། །ཆུ་གཉན་ལོགས་སུ་བསྒྱུར་བ་མཐོལ་ལོ་བཤགས། །མཆོད་རྟེན་རྨང་རྡོ་བཤིགས་པ་མཐོལ་ལོ་བཤགས། །གསས་མཁར་དབུ་ཤིང་བཅག་པ་མཐོལ་ལོ་བཤགས། །རི་གཉན་གྱི་མགོ་ལ་རྟ་བཤས་པ་མཐོལ་ལོ་བཤགས། །མཚོ་གཉན་འགྲམ་དུ་མནའ་བྱས་པ་མཐོལ་ལོ་བཤགས། །གཉན་ཁྱི་གྲུམ་པ་བསད་པ་མཐོལ་ལོ་བཤགས། །གཉན་ནོར་ཕྱི་བ་བསད་པ་མཐོལ་ལོ་བཤགས། །བཙན་གྱི་ཁ་ཤ་བསད་པ་མཐོལ་ལོ་བཤགས་། །གཞི་བདག་གི་ཤ་བ་བསད་པ་མཐོལ་ལོ་བཤགས། །གཉན་གྱི་འཕོང་ར་བཤིགས་པ་མཐོལ་ལོ་བཤགས། །ས་བདག་གི་གྲོས་ར་བཤིགས་པ་མཐོལ་ལོ་བཤགས་། །ཆུ་མིག་ནང་དུ་མངལ་ཁྲག་སོང་བ་མཐོལ་ལོ་བཤགས། །ཕ་མྱེས་ཀྱི་དུར་ས་ནོར་བ་མཐོལ་ལོ་བཤགས། །བྱིས་པའི་ཆུང་དུར་ཉེས་པ་མཐོལ་ལོ་བཤགས། །གོད་

p. 387

ཤ་ལ་གཏོར་ཤ་བྱས་པ་མཐོལ་ལོ་བཤགས། །གོད་ཀོ་ལ་གཡང་གཞི་བྱས་པ་མཐོལ་ལོ་བཤགས། །འབྲུ་ནག་ལ་གཏོར་མ་བྱས་པ་མཐོལ་ལོ་བཤགས། །བསང་ལ་རྩི་དུག་འདྲེས་པ་མཐོལ་ལོ་བཤགས། །དམེ་ཕོས་བསང་ཤུག་ཐུས་པ་མཐོལ་ལོ་བཤགས། །ཡུགས་ས་མ་ཡིས་ཕྱེ་ཕུད་བཏག་པ་མཐོལ་ལོ་བཤགས། །རྟ་གཞོབ་བོང་གཞོབ་བྱས་པ་མཐོལ་ལོ་བཤགས། །རྐུན་ཤས་གཏོར་ཤ་བྱས་པ་མཐོལ་ལོ་བཤགས། །ལྷ་གཞི་ཁྱི་ཡིས་བགོམ་པ་མཐོལ་ལོ་བཤགས། །མཆོད་པ་ལ་སེར་སྣ་བྱས་པ་མཐོལ་ལོ་བཤགས། ཀྱཻ། བྱ་ཁྱུང་རྒྱལ་པོ་མན་ཆད་དང་། །ཕ་ཝོང་སྒོ་འབྱེད་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། སུམ་ཅུ་རྩ་གསུམ་མན་ཆད་ནས། །ཚ་ཚ་གོང་བུ་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་

p. 388

དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། རི་རབ་ཆེན་པོ་མན་ཆད་ནས། །ས་འདི་ཅོག་ཅོག་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། གངས་རི་གཡའ་བྲག་མན་ཆད་ནས། །ཆུ་ལུང་དལ་དིལ་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། རི་གསུམ་རྩེ་མོ་མན་ཆད་ནས། །ཞིང་གི་ས་ཚིགས་ཡན་ཆད་ཀྱི། །ས་བདག་ཀླུ་

p. 389

གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། བྲག་དཀར་བྲག་དམར་མན་ཆད་དང་། །སྐྱེད་པུ་ཨོཾག་ནག་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་ཀློད་། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། དཔག་བསམ་ལྗོན་ཤིང་མན་ཆད་ནས། །ཁྱི་ཤིང་དཀྲི་བ་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། །

p. 390

མ་ཕམ་གཡུ་མཚོ་མན་ཆད་ནས། །ཆུ་མིག་ཙག་ཙིག་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་མཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། གཡུ་སྒོང་སྔོན་པོ་མན་ཆད་དང་། །དོང་མོ་ས་གཞི་ཡན་ཆད་ཀྱི། །ས་བདག་ཀླུ་གཉན་ཐམས་ཅད་དང་། །འགྲས་པ་སྡུམས་ལ་རལ་བ་དྲུབ། །ཆད་པ་ཚེམཐུད་ལ་རེ་བ་སྐོངས། །མནན་པ་ཁྱོག་ལ་བསྡམས་པ་གློད། །བཅིངས་པ་ཁྲོལ་ལ་གཟེར་བ་ཕྱུངས། །བྲིས་པ་ཕྱིས་ལ་ན་བ་གསོས། །གས་པ་སྦྱོར་ལ་གནོད་པ་སྤོངས། །ད་ནི་གནོད་པ་མ་བྱེད་ཅིག ཀྱཻ། འབྱུང་བ་ཤིང་གི་ཉི་མ་ལ། །ཤིང་གཉན་བཅད་པ་མཐོལ་ལོ་བཤགས། །འབྱུང་བ་མེ་ཡི་ཉི་མ་ལ། །རི་མེ་བཀྱེས་པ་མཐོལ་ལོ་བཤགས། །འབྱུང་བ་ས་ཡི་ཉི་མ་ལ། །སྐྱེ་ཤིང་བཙུགས་པ་མཐོལ་ལོ་བཤགས། །འབྱུང་བ་ལྕགས་ཀྱི་ཉི་མ་ལ། །མགར་ཚང་བཅས་པ་མཐོལ་ལོ་བཤགས། །འབྱུང་བ་ཆུ་ཡི་ཉི་མ་ལ། །

p. 391

ཆུ་ལས་བྱས་པ་མཐོལ་ལོ་བཤགས། ཀྱཻ། སྟག་ཡོས་གཉིས་ཀྱི་ཟླ་བ་ལ། །ཤིང་བཟོ་བྱས་པ་མཐོལ་ལོ་བཤགས། །རྟ་སྦྲུལ་གཉིས་ཀྱི་ཟླ་བ་ལ། །ཆུ་ཡུར་དྲངས་པ་མཐོལ་ལོ་བཤགས། །བྱ་སྤྲེལ་གཉིས་ཀྱི་ཟླ་བ་ལ། །ལྕགས་ལས་བྱས་པ་མཐོལ་ལོ་བཤགས། །བྱི་ཕག་གཉིས་ཀྱི་ཟླ་བ་ལ། །རྡུལ་གྱང་བརྡུང་བ་མཐོལ་ལོ་བཤགས་།གླང་ལུག་གཉིས་ཀྱི་ཟླ་བ་ལ། །མཁར་ཁང་བརྩེགས་པ་མཐོལ་ལོ་བཤགས། །ཁྱི་འབྲུག་གཉིས་ཀྱི་ཟླ་བ་ལ། །ས་ཕུག་བརྐོས་པ་མཐོལ་ལོ་བཤགས། །མུ་སྟེགས་ཉི་མ་ཤར་དུས་ལ། །ཆོས་འདོན་བྱས་པ་མཐོལ་ལོ་བཤགས། །གནམ་ཁྱི་ས་ལ་རྒྱུ་དུས་ལ། །བག་མ་བླངས་པ་མཐོལ་ལོ་བཤགས། །གཟའ་རྒོད་ཁྲ་ཚ་རྒྱུ་དུས་ལ། །གདོང་བཟློག་བྱས་པ་མཐོལ་ལོ་བཤགས། །གཉན་གྱི་སྡེ་ཚོགས་རྒྱུ་དུས་ལ། །ཐབ་གཞོབ་བྱས་པ་མཐོལ་ལོ་བཤགས། །གཏོད་ཀྱི་སྡེ་ཚོགས་རྒྱུ་དུས་ལ། །རྡོ་གཉན་ཕུད་པ་མཐོལ་ལོ་བཤགས། །ས་བདག་སྡེ་ཚོགས་རྒྱུ་དུས་ལ། །རྟ་རོ་བཤས་པ་མཐོལ་ལོབཤགས། །དམུ་ཡི་སྡེ་ཚོགས་རྒྱུ་དུས་ལ། །ཕུག་པ་བཤིགས་པ་མཐོལ་ལོ་བཤགས། །

p. 392

ཐེའུ་རང་སྡེ་ཚོགས་རྒྱུ་དུས་ལ། །ར་གཅོད་བཤས་པ་མཐོལ་ལོ་བཤགས། །རྒྱལ་འགོང་སྡེ་ཚོགས་རྒྱུ་དུས་ལ། །ལྷ་ཁང་བཤིགས་པ་མཐོལ་ལོ་བཤགས། །ལྷ་ཡི་སྡེ་ཚོགས་རྒྱུ་དུས་ལ། །སེམས་ཅན་བསད་པ་མཐོལ་ལོ་བཤགས། །ཞིང་ལྷ་ཚངས་པ་རྒྱུ་དུས་ལ། །ཞིང་མུ་བཅད་པ་མཐོལ་ལོ་བཤགས། །ས་བདག་སྡེ་ཚོགས་རྒྱུ་དུས་ལ། །རང་ཐག་བཅས་པ་མཐོལ་ལོ་བཤགས། །ས་བདག་བིལ་སྣ་རྒྱུ་དུས་ལ། །གཏུན་གཞེ་བཅུག་པ་མཐོལ་ལོ་བཤགས། །ས་བདག་ཧལ་ཁྱི་རྒྱུ་དུས་ལ། །མི་རོ་ཁུར་བ་མཐོལ་ལོ་སྨྱོབཤགས། །ས་བདག་རྩིས་མཁན་རྒྱུ་དུས་ལ། །མོ་རྩིས་བྱས་པ་མཐོལ་ལོ་བཤགས། །གནམ་ཁྱི་སྦྱོར་བ་བྱེད་དུས་ལ། །སྦྱོར་བ་བྱས་པ་མཐོལ་ལོ་བཤགས། །ས་བདག་ཕོ་བྲང་བཏབ་དུས་ལ། །ཁང་སྦྲ་ཕུབ་པ་མཐོལ་ལོ་བཤགས། །བུ་སྲིང་རུས་ནལ་བྱས་པ་མཐོལ་ལོ་བཤགས། །མ་ཕྱིས་ནང་ནལ་བྱས་པ་མཐོལ་ལོ་བཤགས། །ཚ་ཞང་ལྷ་ནལ་བྱས་པ་མཐོལ་ལོ་བཤགས། །དམག་ཡུགས་ཀྱིས་ཕུག་ནལ་བྱས་པ་མཐོལ་ལོ་བཤགས། །མ་སྤུན་གྱིས་ཤག་ནལ་བྱས་པ་མཐོལ་ལོ་བཤགས། །མིང་སྲིང་ནལ་ནག་བྱས་པ་

p. 393

མཐོལ་ལོ་བཤགས། །སློབ་དཔོན་གྱིས་ལྷ་ནལ་བྱས་པ་མཐོལ་ལོ་བཤགས། །གྲྭ་རོགས་ལ་སེར་སྣ་སྡོམ་པ་མཐོལ་ལོ་བཤགས། །སྟེང་སོ་ཞབས་ལོག་བྱས་པ་མཐོལ་ལོ་བཤགས། །ལོ་དུས་ཡར་མཆོད་ཆག་པ་མཐོལ་ལོ་བཤགས། །ཕ་མཚུན་ལྟོག་པར་འདུག་པ་མཐོལ་ལོ་བཤགས། །དམེ་ཡིས་རང་ཤ་ཟོས་པ་མཐོལ་ལོ་བཤགས། །རྨུག་གིས་ལྷ་གཞི་བཀབ་པ་མཐོལ་ལོ་བཤགས། །ནལ་གྱིས་ལྷ་མཚུན་མནོལ་བ་མཐོལ་ལོ་བཤགས། །རབས་ཆད་ཀྱིས་དཀོར་ནོར་ཟོས་པ་མཐོལ་ལོ་བཤགས། །ས་བདག་ལ་ལྷ་ཁང་ཆག་པ་མཐོལ་ལོ་བཤགས། །ཀླུ་གཉན་ལ་དཀར་མཆོད་ཆག་པ་མཐོལ་ལོ་བཤགས། །ཡུགས་ས་མ་ཡི་སྐྱབས་གནས་བྱས་པ་མཐོལ་ལོ་བཤགས། །ལེའུ་ལྷ་རིང་ཆག་པ་མཐོལ་ལོ་བཤགས། །མཆོད་པ་གཞུང་བཞིན་མ་ཚང་མཐོལ་ལོ་བཤགས། །སློབ་དཔོན་ལ་སྐུར་པ་བཏབ་པ་མཐོལ་ལོ་བཤགས། །གྲྭ་རོགས་ལ་ལོག་ལྟ་བྱས་པ་མཐོལ་ལོ་བཤགས། །ཡོན་བདག་ལ་ཁོང་ཁྲོ་བྱས་པ་མཐོལ་ལོ་བཤགས། །བླ་མཆོད་ལ་ཞེ་ཁྲེལ་བྱས་པ་མཐོལ་ལོ་བཤགས། །མཆོད་པ་སྦལ་གྲིབ་སོང་བ་མཐོལ་ལོ་བཤགས། །དེ་

p. 394

ལྟར་ས་བདག་ཀླུ་གཉན་རྣམས། །སྐུ་གསུང་ཐུགས་རྣམས་རབ་དགྱེས་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །ནོར་ལ་གྱལ་བྲུམ་མ་བཏང་ཞིག །ལྟས་ངན་ཆོ་འཕྲུལ་མ་བཏང་ཞིག །མོ་ངན་སོག་སྡིག་མ་བཏང་ཞིག །གནམ་ས་བར་སྣང་ས་བདག་ཀུན། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མཐུན་པར་བཅོས་སོ་ཞུ་བ་འབུལ། །མི་འཕེལ་ཕོ་རུ་འཕེལ་བར་ཤོག །ནོར་འཕེལ་མོ་རུ་འཕེལ་བར་ཤོག །ཅི་བསམ་དོན་རྣམས་འགྲུབ་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །ས་བདག་བཤགས་འབུམ་རྫོགས་སོ། །འཕགས་པ་འཇམ་དཔལ་གྱིས་རྒྱ་ནག་རི་བོ་རྩེ་ལྔ་ནས་མཛད་པའོ།། །།ཏ་ལ་མ་ཐ་སྙན་ལ་ཐ། །མི་ཟད་ཡུལ་གྱི་གཏེར་མཛོད་ཅིག །སརྦ་མངྒ་ལཾ། །

ས་བདག་བཤགས་འབུམ་བསྡུས་པ།

p. 395

ས་བདག་བཤགས་འབུམ་བསྡུས་པ་བཞུགས་སོ།། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལྷ་ཀླུ་གཉན་གསུམ་ཁྱེད་རྣམས་ལ། །ཕ་མ་སྔ་རབས་འདས་པ་དང་། བུ་ཚ་ཕྱི་རབས་ཡན་ཆད་དུ། །ས་གཉན་བརྐོས་དང་རྡོ་གཉན་སློག །ཆུ་གཉན་དཀྲུགས་དང་ཤིང་གཉན་བཅད། །དུར་བཏབ་གཤིན་ལས་གང་བྱས་སོགས། །མ་རིགས་དབང་གིས་ཅི་བགྱིས་པ། །མཐོལ་ལོ་བཤགས་སོ་དག་གྱུར་ཅིག །ཅེས་པའང་མཁས་གྲུབ་རཱ་ག་ཨ་སྱས་བྲིས་པའོ།། །།

གནམ་ཆོས་ས་བདག་འཁྲུགས་བཅོས་དང་། བུམ་གཏེར་སྦྲགས་སྒྲུབ་དང་འདོན་འགྲིགས་ཀྱི་ཟིན་བྲིས།

p. 396
p. 397

གནམ་ཆོས་ས་བདག་འཁྲུགས་བཅོས་དང་། བུམ་གཏེར་སྦྲགས་སྒྲུབ་དང་འདོན་འགྲིགས་ཀྱི་ཟིན་བྲིས་བཞུགས་སོ།།

p. 398

སེམས་དཔའ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །འདིར་གནམ་ཆོས་ལས་བྱུང་བའི་སེམས་དཔའ་ས་ཡི་སྙིང་པོ་དང་། སའི་ལྷ་མོ་བརྟན་མ་གཉིས་ཀྱི་སྦྲགས་སྒྲུབ་ལ་བརྟེན་ནས་ས་བདག་འཁྲུགས་བཅོས་དང་ས་བདག་སྙིང་གཏེར་སྦས་ཚུལ་ནི། ས་བདག་འཁྲུགས་བཅོས་ཀྱི་དཀྱིལ་འཁོར་མཆོད་གཏོར་རྣམས། གཞུང་ནས་འབྱུང་བ་ལྟར་བཤམས། བུམ་པ་བཅས་ལ་བགེགས་བསྐྲད་པ། གཏེར་བུམ་གྱི་རྫས་རྣམས་ཚང་བར་བསགས་ལ། བུམ་པ་དཀྱིལ་འཁོར་གྱི་དབུས་ཀྱི་རྒྱབ་ནས་བཤམས་ལ་ཁ་བཅད་ལ། ཨ་མྲྀ་ཏ་སོགས་ཀྱིས་བསངས་ལ། ཀླུ་སྨན་བཏབ་པའི་བུམ་པ་ཆུ་གཙང་གིས་བྲན་ལ་བཞག །འཁྲུགས་བཅོས་ཀྱི་མངོན་རྟོགས་འདོན་པ་འདི་ལྟར་རོ། །སྒོ་བཞི་སྲུང་བཞི་དང་བཅས་གསལ། །ཅེས་

p. 399

སོགས་མངོན་རྟོགས་རྫོགས་སྐབས་བུམ་བསྐྱེད་ལ་དམིགས་བུམ་གཏེར་གཞུང་ལྟར་བྱ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །ཧཱུྃ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང་། །ཤིན་ཏུ་ཉམས་དགའ་སོགས། བུམ་བསྐྱེད་མངོན་རྟོགས་འདོན་པའི་མཐར། །རྒྱ་ཆེན་རྒྱུན་མི་འཆད་པའི་གཏེར་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཞེས་པའི་བར་འདོན། དེ་ནས་འཁྲུགས་བཅོས་གཞུང་གཙོ་བོ་གསུམ་གྱི་གནས་གསུམ་འབྲུ་གསུམ་གྱི། །ཡིག་འབྲུ་གསུམ་གྱི་སོགས་ནས། སྤྱན་དྲངས་པར་གྱུར། ཧོཿ དེང་འདིར་མཆོད་པ་རྒྱ་ཆེན་སྙན་གསན་

p. 400

དབབ། དུང་དང་རོལ་མོ་བསྒྲག །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །བསྐུལ་ལོ་སོགས་ནས། ས་མ་ཡ་ཧོ། སོགས་གཞུང་ལྟར་འདོན། དེ་ནས་བུམ་གཏེར་གྱི་གཞུང་གི་སྤྱན་འདྲེན་པ་ནི། ཧོཿ གསོན་ཅིག་དགོངས་ཤིག་མངོན་ཤེས་ཅན། །ཡེ་ཤེས་སྤྱན་དང་ལྡན་པ་སོགས། དགོངས་གསོལ་དང་། སྤྱན་འདྲེན་བྱས་ལ། ན་མསརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་མུ་ཁེ་བྷྱཱ་སོགས། བར་བུམ་བསྐྱེད་།གཞུང་ལྟར་འདོན་ལ། བུམ་པ་ལ་བསྟིམ། དེ་ནས་བུམ་པ་སྦས་དུས། འདོན་པ་བསྒྱུར་ལ། ཧཱུྃ། རྒྱལ་བ་ཀུན་གྱི་སོགས། སྤྱན་འདྲེན་སོགས་འཁྲུགས་བཅོས་གཞུང་ལྟར་འདོན་ལ། མདུན་བསྐྱེད་བུམ་བསྐྱེད། །རྣམས་ལ་མཆོད་པ་རྣམས་དུས་གཅིག་བྱ། བསྟོད་པའི་གོང་དུ་དཀར་གཏོར་འབུལ། བཤགས་པ་ཚར་ནས་བསྙེན་པ་ནི། ས་སྙིང་ཐུགས་ཀར་ཟླ་བའི་སྟེང་། །ཀྵི་མཐར་སྔགས་ཀྱིས་བསྐོར་བ་སོགས། འཛབ་བཟླས་བསྐུལ་བ་བྱས་པ་ལ། ཨོཾ་ཀྵི་ཧི་ར་ཙ་པྲི་ཐི་དྷེ་ཝི་སྭཱ་ཧཱ། ས་སྙིང་བརྟན་མའི་སྦྲགས་སྒྲུབ་སྙིང་པོ་ཅི་རིགས་བཟླས་སོ། །དེ་ཡང་ཤིན་ཏུ་གལ་ཆེ་ཕན་ཐོགས་ཆེ་བར་བྱེད་ན། བདུན་གཉིས་གསུམ་ཞག་གསུམ་དགུ་སོགས་ལ་སྒྲུབ་པ་བྱེད་དེ་འཁྲུགས་བཅོས་ཀྱི་མཆོད་གཏོར་གསོས་ལ། ཚར་གྲངས་བསོགས་ཏེ། རབ་སྟོང་ཚར། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ། ཡང་མཐའ་བརྒྱའམ་ཉེར་གཅིག་བདུན་ལས་མི་ཉུང་བར་བྱ། དེ་ཞོར་བུམ་པ་བསྒྲུབས་ཏེ་

p. 401

ཞག་གྲངས་བདུན་ནམ་གཉིས་ཐ་མ་བདུན་གཅིག་སོགས་བསྒྲུབ་ཅིང་སྦས་པའི་རིམ་གྲོ་མཆོག་སྟེ། ཡུལ་ཕྱོགས་དེར་ལོ་ལེགས་ཤིང་ཆར་ཆུ་དུས་སུ་འབབས་པ། བཙའ་སད་སེར་བའི་གནོད་པ་ཞི་ཞིང་། མི་ནད་ཕྱུགས་ནད་འཆད་ཅིང་ས་བཅུད་རྒྱུས་ལ་ནོར་ཕྱུགས་འཕེལ་ལོ། །དེ་ལ་ཡང་སྔགས་འདི་རབ་འབུམ་ཚོ། འབྲིང་ཁྲི་ཚོ་ལྔ། ཐ་མ་ཡང་ཁྲི་ཚོ་གསུམ་བཟླས་པས་ལོ་ལེགས། ཕོག་ཐུག་ཤོར་བ། ནད་ཞི་བ་སོགས་ཤམ་བུ་འདི་རྣམས་གང་དགོས་པ་དེ་བཟླས་པས། དེར་སྦས་མཆོག་ཏུ་ཕན་ཡོན་ཆེ་བའོ། །དེ་ཡང་ཕན་ཐོགས་ཤིན་ཏུ་ཆེ་བར་བྱེད་ཅིང་བསྒྲུབ་པའོ། །ཞག་གྲངས་ཅི་མང་བདུན་གསུམ་གཉིས་གཅིག་སོགས་ལ་ཚར་གྲངས་བསོགས་ལ་བསྙེན་པ་ཅི་མང་བཟླས་ཏེ་མཆོད་། གཏོར་གསོས་ལ། རབ་སྟོང་ཚར། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ། ཉུང་བསྡུས་བརྒྱ་རྩ་སོགས་བྱས་ན་ཕན་ཆེ། སྔགས་གྲངས་ཀྱང་ས་སྙིང་བརྟན་མ། སྦྲགས་སྒྲུབ་ལ་རབ་འབུམ་ཚོ། འབྲིང་ཁྲི་ཚོ། ཐ་མ་ཡང་སྟོང་ཚོ་བཟླས་ཤིང་། ལས་སྦྱོར་ཤམ་བུ་ལ་སོགས་རྣམས་གང་དགོས་བཟླས་ཤིང་། དེ་ལྟར་འབྲས་བུ་འབྱུང་ངོ་། །དམིགས་པ་ནི། འདོན་འགྲིགས་གཞུང་ལྟར་དཔྱད་ལ་བཟླས་སོ། །བསྙེན་པའི་དུས། ས་སྙིང་ཐུགས་ཀར་ཟླ་བའི་གདན་ལ་ཐིག་ལེ་དཀར་པོ་མིང་ཡིག་དང་པོས་མཚན་པ་དེ་མཐར་ཨོཾ་དང་མིང་ཡིག་སྔགས་སུ་བསམ་པ་སྭཱ་ཧཱ་ཕོ་རྣམས་གཡས་སྐོར་མོ་རྣམས་གཡོན་དུ་འཁོར་བ་ལས་རང་ཡི་དམ་གྱི་

p. 402

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་དེ་ལས་སྔགས་ཕྲེང་གཡས་གཡོན་དུ་འཁོར་བ་ངོ་བོ་བདུད་རྩི་ཡིན་པ་ལ། རྣམ་པ་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་བདག་དང་ཡོན་བདག་མི་ནོར་ཐམས་ཅད་ལ་ཕོག །སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་བ་མོར་ཉི་ཟེར་ཕོག་པ་ལྟར་དག་པ་དང་། སླར་ཡང་འོད་ཟེར་བདུད་རྩི་ཚངས་བུག་ནས་ཞུགས་པས་བདུད་རྩིས་ལུས་ཀུན་ལྡེམས་སེ་གང་ནས། ས་བདག་ཀླུ་གཉན་གྱི་གནོད་པའི་ནད་ཐམས་ཅད་དབང་པོའི་སྒོ། །བ་སྤུའི་བུ་ག་དང་སེན་ཕྲག་ཐམས་ཅད་ནས་འབུ་སྲིན་གྱི་ཚུལ་དུ་ཕྱིར་ཐོན་ནས། བར་སྣང་ཁམས་སུ་འཇའ་ལྟར་ཡལ་བར་བསམ། སླར་ཡང་མདུན་གྱི་ལྷ་རྣམས་ལས། །གསེར་གྱི་མདོག་ཅན་འོད་འཕྲོས་པས། །བདག་དང་ཡོན་བདག་ཉིད་ལ་ཕོག་པས་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཕྱུགས་དང་ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། སླར་ཡང་འོད་ཟེར་སེར་པོ་འཕྲོས་པས་དཔག་ཚད་བརྒྱད་ཁྲི་བརྒྱད་སྟོང་གི་ས་ཡི་བཅུད་ཐམས་ཅད་དང་། འབྲུ་དང་རྩི་ཤིང་ནགས་ཚལ་གྱི་བཅུད་ཐམས་ཅད་བསྡུས་ནས་འབྲོག་པའི་སྦྲ་ལྷས་དང་།

p. 403

ཡུལ་པའི་ཞིང་ས་ཁང་པ་རྣམས་ལ་ཐིམ་པས་ས་བཅུད་ཐམས་ཅད་རྒྱས་ཤིང་ལོ་ཏོག་རྩི་ཤིང་ཐམས་ཅད་རྒྱས་ཏེ་ས་བཅུད་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཨོཾ་ཀྵིཾ་ཧི་རཱ་ཙ་པྲི་ཐི་དྷེ་ཝི་སྭཱ་ཧཱ། ཞེས་ས་སྙིང་དང་བརྟན་མའི་སྦྲགས་སྒྲུབ་ཀྱི་སྔགས་འདི་འབུམ་ཚོ་གསུམ་མམ་གཅིག །འབྲིང་ཁྲི་ཚོ་ལྔ། ཐ་མ་ཁྲི་ཚོ་གསུམ་བསྒྲུབ་པའོ། །ལས་སྦྱོར་ཤམ་བུ་ལོ་ལེགས་པའི་སྔགས་སམ་འཁྲུགས་པ་བཅོས་པ་ལ་སྣང་བརྒྱད་ཀྱི་སྔགས། ཕོག་ཐུག་ཤོར་བ་ལ་གོང་དེའི་བཅུ་ཆ་གཅིག་སྔགས་བཏགས་དགོས། ས་བདག་གི་ནད་གདོན་ཞི་བའི་སྔགས་རྣམས་ཁྲི་ཚོ་རེ་བཟླས་པས་འདོད་དོན་རྣམས་འགྲུབ་བོ། །རང་གི་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ཀྱི་ལས་བྱང་ཉུང་བསྡུས་ཙམ་བཏོན་ནས་གཞན་ཡང་བསང་མཆོད་ཉུང་བསྡུས་དང་། ས་བདག་འཁྲུགས་བཅོས་ཀྱི་བསང་མཆོད་བསྡུས་པ་རྣམས་མ་གཏོགས་གཞན་འདོན་བྱ་མང་པོ་བསྒྱུར་ལ། འཁྲུགས་བཅོས་ཉིད་དང་སྔགས་རྣམས་ལ་འབད་ན་རིམ་གྲོའི་མཆོག་ག། །ས་བདག་ཀླུ་གཉན་ཡུལ་ལྷ་མཉེས་ཤིང་དར་རྒྱས་ཆེ་ཡུལ་ཕྱོགས་དེར་མི་ནད་ཕྱུགས་ནད་ཆད་ཅིང་ཆར་ཆུ་དུས་སུ་འབབས་ཏེ་རྩི་བཅུད་རྒྱས་ནོར་ཕྱུགས་འཕེལ་ཞིང་བཙའ་སད་སེར་གསུམ་ཞི་ནས་ལོ་ལེགས་པར་ཡྻའགྱུར་རོ། །ས་བཅུད་རྒྱས་ནས། ཡུལ་དེར་མི་རྣམས་ལོངས་སྤྱོད་ཆེ་ཞིང་དར་རྒྱས་ཆེ་ལ་བཀྲ་ཤིས་བདེ་ལེགས་འབྱུང་ངོ་། །དེ་ནས་གྲོལ་དུས་མཆོད་བསྟོད་བསྡུས་པ་དང་བཤགས་པ་བྱས་ལ། ཤིང་རྩི་རྣམས་ཕྱོགས་སུ་འབུལ་བཅུག་

p. 404

ལ། དེ་ནས་བུམ་བསྐྱེད་མི་གཤེགས་པར་བརྟན་བཞུགས་བྱའོ། །བུམ་བསྐྱེད་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་བུམ་རྫས་རྟེན་འདི་རྣམས་འབྱུང་བ་བཞིའི་གནོད་པས་མ་ཞིག་བར་བུམ་པ་གཞལ་ཡས་ཁང་འདོད་ཡོན་ལོངས་སྤྱོད་ཀྱིས་གང་བ་འདི་ལ་བརྟན་པར་བཞུགས་པར་མཛོད་ཅིག །ཨོཾ་ཀྵིཾ་ཧི་རཱ་ཙ་བྲི་ཐི་དྷེ་ཝི་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཡེ་དྷརྨ་སོགས༔ མདུན་བསྐྱེད་ས་བདག་འཁྲུགས་བཅོས་གཞུང་ལྟར་གཤེགས་གསོལ་བྱེད། དེ་ནས་བུམ་པ་རྒྱབ་རི་ས་དཔལ་བཟང་སར་ཁྲུ་གང་དང་སོར་བཞི་སོགས་གྲུ་བཞིར་རྡོ་ཁྲོལ་སོལ་བ་ཤུག་ཤུན་རྣམས་ཀྱིས་ལྕིབ་ལ་བཞག་འོ་ཆབ་ཀྱིས་བྲན་ལ་སྙིང་གཏེར་སྦས་ཚུལ་འདོན་འགྲིགས་ལྟར་ཚར་བདུན་ནམ་གསུམ་སོགས་དལ་ཁོམ་དང་བསྟུན་ལ་འདོན། ས་རྡོ་བཅག་ལ་རྗེས་མི་མངོན་པར་བྱའོ། །ཞེས་པ་ས་བདག་སྙིང་གཏེར་དང་འཁྲུགས་བཅོས་ཀྱི་སྦྲགས་སྒྲུབ་ཀྱི་འདོན་འགྲིགས་སྔགས་ཆུང་གསར་བུ་རྣམས་ལ་ཕན་པའི་བསམ་པས་ཨ་རཱ་གས་བྲིས་པ། དགེ་བས་སེམས་ཅན་རྣམས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ཞིང་། འཇིག་རྟེན་གྱི་ཁམས་སུ་མི་ནད་དང་ཕྱུགས་ནད་རྒྱུན་ཆད་ཅིང་། ཆར་ཆུ་དུས་སུ་བབ་ཅིང་། བདེ་ལེགས་ལོངས་སྤྱོད་དངོས་གྲུབ་ཀྱི་གཏེར་ལ་ལོངས་སྤྱོད་པར་ཤོག་ཅིག །སརྦ་མངྒ་ལཾ། དགེའོ། །དགེ་ལེགས་འཕེལ།། །།

ལྷ་འདྲེ་འཁྲུགས་ཤིང་ཕོག་ཐུག་ཤོར་བ་བཅོས་པའི་སྔགས་དམིགས།

p. 405

ལྷ་འདྲེ་འཁྲུགས་ཤིང་ཕོག་ཐུག་ཤོར་བ་བཅོས་པའི་སྔགས་དམིགས་ནི། ཧཱུྃ། རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །པདྨ་འོད་སོགས་ཕྱོགས་བཅུའི་ཞིང་ཁམས་ནས། །པད་འབྱུང་ལ་སོགས་ཕྱོགས་བཅུའི་རྒྱལ་བ་ཡི། །ཐུགས་རྗེའི་འོད་ཟེར་གཅིག་བསྡུས་ཀྟི་་གྱི། །རྣམ་པར་སྤྱན་དྲངས་ཡུལ་བདག་སྤྱི་གཙུག་ཏུ། །པད་ཟླའི་སྟེང་དུ་ས་སྙིང་སྤྱན་མ་དཀར། །ཞི་འཛུམ་དར་དང་རིན་ཆེན་བདུན་གྱིས་བརྒྱན། །ཡབ་ཀྱི་སྨྱུ་གུ་དྲིལ་འཛིན་ཡུམ་གྱིས་ནི། །ཆོས་འབྱུང་སྤྱན་མཚན་དྲིལ་བུ་དཀུར་བརྟེན་པ། །ཞབས་གཉིས་རྡོར་སྐྱིལ་ཐུགས་ཀར་པད་ཟླའི་སྟེང་། །ཀཽ་ཨཾ་མཐའ་རུ་བཟླ་བྱའི་སྔགས་ཀྱིས་བསྐོར། །ཡེ་ནས་དམ་ཡེ་དབྱེར་མེད་གསལ་བ་ཡི། །རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས། །ཐུགས་ཀའི་སྔགས་འཁོར་གཡས་གཡོན་དུ་འཁོར་བས། །བདུད་རྩིའི་རྒྱུན་བབས་སྐུ་ལུས་ལྟེམ་གྱིས་གང་། །ཞབས་གཡོན་མཐེ་བོང་རྩེ་ནས་བདུད་རྩི་བརྡོལ། །ཡུལ་བདག་ལྷ་འདྲེའི་ཕྱི་ནང་ཁྲུས་བྱས་པས། །ན་ཚ་སྡུག་བསྔལ་སྨྲས་འགྲམས་ཐམས་ཅད་ཞི། །སྡང་སེམས་གདུག་རྩུབ་ཞི་ནས་བྱམས་སེམས་ལྡན། །ཟག་མེད་བདེ་དགའ་རྒྱ་

p. 406

ཆེན་དག་དང་ལྡན། །ཞེས་བསྒོམས་ལ་སྣང་བརྒྱད་དང་ས་སྙིང་དོན་གཅིག་པས་དང་པོ་བླ་མའི་སྙན་གསན་སྔོན་འགྲོ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མན་དྷ་ཡེ་མཎཱ་ཡེ་སྭཱ་ཧཱ། ཡུམ་གྱི་སྙིང་པོ་ལ། ཨོཾ་རུ་རུ་ཕུ་རུ་ཏིཥྛ་སིདྡྷི་བུདྡྷི་ལོ་ཙ་ནི་སྭཱ་ཧཱ། དང་པོ་བསྙེན་པའི་ཚུལ་དུ་ཕྲེང་སྐོར་གསུམ་རེ་བཟླས། དེ་ནས་ལས་སྦྱོར་གྱི་ཚུལ་དུ་གོང་གི་དམིགས་པ་གསལ་བཞིན་དུ་ས་བདག་ཀླུ་གཉན་གྱི་གདུག་རྩུབ་ན་ཚ་སྡུག་བསྔལ་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གོང་གི་སྔགས་ཤམ་དུ་སྦྱར་ནས་བཟླས། དེ་ནས་དག་པ་གསེར་ཐིག་ནས་བྱུང་བའི་ས་བདག་འཁྲུགས་བཅོས་སྔགས་ནི། ཨ་ལ་སུ་རཀྟ་མ་ཟླུའདུས་ཧཱུྃ་དྷ་ཏུ་དྷ་མ་ཡེ་ཏ་ཀེ་ཙ་ཀ་ས་བདག་ཀླུ་གཉན་གྱི་གདུག་རྩུབ་ན་ཚ་ཤཱནཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་མང་བཟླས་ལ་ཡོས་བཀྲ་དང་འབྲི་དཀར་མོའི་འོ་མ་ཀླུ་སྨན་བཏབ་པ་ལ་ཕུ་འདེབས། ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ། ཨ་ཨཱ་ཨི་ཨཱི་སོགས་དབྱངས་དང་། ཀ་ཁ་ག་གྷ་སོགས། གསལ་བྱེད། ཡེ་དྷརྨ་སོགས་རྟེན་འབྲེལ་སྙིང་པོ། ཞེས་རཱ་ག་ཨ་སྱས་མཛད་པའོ།།

ས་བདག་དབང་ཆེན་གྱི་བཤོས་བུ་བཀོད་ལུགས་དང་ཙཀ་ལི་དང་མཐུན་རྫས་རྣམས་བཤམས་ལུགས།

p. 407

ས་བདག་དབང་ཆེན་གྱི་བཤོས་བུ་བཀོད་ལུགས་དང་ཙཀ་ལི་དང་མཐུན་རྫས་རྣམས་བཤམས་ལུགས་བཞུགས་སོ།། ཨོཾ་སྭ་སྟི། ས་བདག་དབང་ཆེན་ལ་བཤོས་བུ་པད་སྡོང་སུམ་ལ་བརྩེགས་ཅན་རྩེ་རྒྱལ། གཡས་གཡོན་གཉིས་ན་སྣ་ཚོགས་བཤོས་བུའོ། །བརྟན་མ་ལ་པད་ཕོར་རྩེ་རྒྱལ་རིལ་བུས་བསྐོར་བའོ། །ཁམས་ལྔའི་རྒྱལ་པོ་ལ་མཁར་ཐབས་རྩེ་ལྔ། དེའི་ཡུམ་རྣམས་ལ་པད་ཕོར་རེ། མཚམས་བཞི་ལ་མཁར་ཐབས། དེ་རྒྱབ་ཕྱོགས་བཞིར་ས་བདག་བཞི་ལ་གྲུ་བཞི་དགུ་ལིང་ཅན། དུས་བཞིའི་རྒྱལ་མོ་བཞི་ལ་པད་ཕོར་ལྟེ་བ་ཅན། དེ་རྒྱབ་གཟའ་ལ་ལག་བསྣོལ་རྩེ་དགུ། ཚངས་པ་ལ་ལྷ་བཤོས། ཀླུ་ལ་པད་ཕོར་རྩེ་རྒྱལ། གཉན་ལ་ཟླུམ་པོ་རྩེ་ལྔ། མཚམས་ཀྱི་ལྷ་རྣམས་དང་ས་བདག་ལ་པད་ཕོར། སྤར་ཁ་བརྒྱད་ལ་པད་ཕོར་འབྲང་རྒྱས་ཅན། སྨེ་བ་དགུ་ལ་འབྲང་རྒྱས་སྟེང་ལིང་དགུ་ཡོད་པ། ལོ་སྐོར་བཅུ་གཉིས་ལ་འབྲང་རྒྱས། སྟེང་འོག་ཕྱོགས་བཞིར་ཟློག་པའི་དཀྱིལ་དུ་རིལ་བུ་ཡོད་པ། ཐེ་སེ་རྟ་ཞོན་ལ་སོགས་པ་ས་བདག་ཐམས་ཅད་ལ་ནི་པད་ཕོར། ལྷ་རྣམས་ལ་ལྷ་བཤོས། ཕྱོགས་སྐྱོང་ལ་ཟླུམ་པོ་རྩེ་ལྔ། ལོ་རྒན་དྲུག་ཅུ་ལ་མྱུ་གུ། སྒོ་གཉེན་བཞི་ལ་ཟླུམ་པོ་

p. 408

རྩེ་ལྔ། རྒྱལ་ཆེན་བཞི་ལ་མཁར་ཐབས། རྒྱུ་སྐར་ལ་འབྲང་རྒྱས། ༈ ད་ནི་ཕྱོགས་སོ་སོའི་དངར། ཕྱོགས་བཞིར་སྤྱིའི་མཐུན་རྫས་རྣམས་བཤད་དེ། དེའང་ཤིང་རྩི་གཉེན་པའི་གསོབ་དང་སྐྲ་དང་བ་སྤུའི་གླུད་ལ་ཤིང་བརྒྱད་ནི། ཤར་དུ་ཐང་ཤིང་། ལྷོར་སྨྱུག་མ། ནུབ་ཏུ་སྐྱེར་པ། བྱང་ན་ལྕང་མ། ཤར་ལྷོར་སུར་བུ། ལྷོ་ནུབ་ཏུ་འོམ་བུ། ནུབ་བྱང་དུ་སེ་ཤིང་། བྱང་ཤར་དུ་དེ་བ། ༈ དཀོར་ནོར་གྱི་གསོབ་དང་གླུད་ལ། ནོར་བརྒྱད་ནི། ཤར་དུ་སྟག །ལྷོར་གཡུ། ནུབ་ཏུ་ཁྲབ་རྨོག །བྱང་དུ་ཁྲ་ཆུ། ཤར་ལྷོར་དངུལ། ལྷོ་ནུབ་ཏུ་ཐག་ཤ །ནུབ་བྱང་དུ་རལ་གྲི། བྱང་ཤར་དུ་གསེར། ༈ ས་བདག་གི་པགས་པ་ཉམས་པའི་གསོབ་དང་གོས་ཀྱི་གླུད་བརྒྱད་ནི། ཤར་དུ་རོ་རས། ལྷོ་རུ་ཞྭ། ནུབ་ཏུ་སློག་པ། བྱང་དུ་ལྷམ་དང་དོར་མ། ཤར་ལྷོར་གཟིག་ཐུལ། ལྷོ་ནུབ་ཏུ་གོ་ཟུ། ནུབ་བྱང་དུ་བོན་གོས། བྱང་ཤར་དུ་ངུར་སྨྲིག ༈ །ཞལ་ཟན་འབྲུའི་གསོབ་དང་གླུད་བརྒྱད་ནི། ཤར་དུ་ཁྲེ་རྩི། ལྷོར་གྲོ། ནུབ་ཏུ་བྱི་རྩེ། བྱང་དུ་ཡུངས་ཀར། ཤར་ལྷོར་སྲན་མ། ལྷོ་ནུབ་ཏུ་ཟར་མ། ནུབ་བྱང་དུ་སྲན་མ། བྱང་ཤར་དུ་སྤེལ་བུའོ།། ༈ ནོར་

p. 409

ཕྱུགས་ཉམས་པའི་གསོབ་དང་གླུད་བརྒྱད་ནི། ཤར་དུ་བོང་བུ། ལྷོར་རྟ། ནུབ་ཏུ་ར། བྱང་དུ་ཕག །ཤར་ལྷོར་མཛོ། ལྷོ་ནུབ་ཏུ་ལུག །ནུབ་བྱང་དུ་ཁྱི། བྱང་ཤར་དུ་གླང་། ༈ སྤྱད་ནག་གི་ཉེས་པ་ཞི་བར་བྱེད་པའི་ཕྱིར་ཁྱིམ་ཆ་བརྒྱད་ནི། ཤར་དུ་ཁོག་མ། ལྷོར་སྐྱེད་པུ། ནུབ་ཏུ་རྫ་མ། བྱང་དུ་བུམ་པ། ཤར་ལྷོར་གླུད་བུ། ལྷོ་ནུབ་ཏུ་བྱ། ནུབ་བྱང་དུ་གཞོང་པ། བྱང་ཤར་དུ་སྒྲོ་བའོ། ༈ །སྤྱན་གཟིགས་ཉམས་པའི་གསོབ་ཞལ་ཟས་བརྒྱད་ནི། ཤར་དུ་བེ་རག །ལྷོར་མན་ཏིལ། ནུབ་ཏུ་ཧོ་སེང་། །བྱང་དུ་འཇམ་ལེགས། ཤར་ལྷོར་ཁུར་བ། ལྷོ་ནུབ་ཏུ་འཇམ་སོབ། ནུབ་བྱང་དུ་ཞོ། བྱང་ཤར་དུ་སྐུད་པའོ། ༈ །ཐབ་ཉེས་བཅོས་པའི་གཡོས་བརྒྱད་ནི། ཤར་དུ་ནང་ཆ། ལྷོར་ཞོ་སྨན། ནུབ་ཏུ་ཏིལ་མར། བྱང་དུ་ཚྭ་ཆུ། ཤར་ལྷོར་ཆང་། ལྷོ་ནུབ་ཏུ་ཤ་ཁུ། ནུབ་བྱང་དུ་ཐུད། བྱང་ཤར་དུ་འོ་མངར། ༈ ཆུ་གཉན་དཀྲུག་པའི་ཉེས་པ་། བཅོས་པའི་སྤྱོད་བརྒྱད་ནི། ཤར་དུ་བཅའ་བ། ལྷོར་ཚྭ། ནུབ་ཏུ་གཡེར་མ། བྱང་དུ་ལ་ཕུག །ཤར་ལྷོར་ཕོ་ཚིལ། ལྷོ་ནུབ་ཏུ་པི་པི་ལིང་། ནུབ་བྱང་དུ་གུ་གུལ་དཀར་པོ། །

p. 410

བྱང་ཤར་དུ་མངར་སྣབ། ༈ ཕྱུགས་ཀྱི་གོད་གཅོད་པའི་ཐོད་པ་བརྒྱད་ནི། ཤར་དུ་བོང་ཐོད། ལྷོར་རྟ་ཐོད། ནུབ་ཏུ་ར་ཐོད། བྱང་དུ་ཕག་ཐོད། ཤར་ལྷོར་མཛོ་ཐོད། ལྷོ་ནུབ་ཏུ་ལུག་ཐོད། ནུབ་བྱང་དུ་གླང་ཐོད། བྱང་ཤར་དུ་ཁྱི་ཐོད། ༈ ཐབ་འཁོན་གྱི་ཉེས་པ་གཅོད་པའི་རྭ་བཅོ་བརྒྱད་ནི། ཤར་དུ་གཙོད། ལྷོ་རུ་ཤྭ་བ། ནུབ་ཏུ་གཡག །བྱང་དུ་གླང་། ཤར་ལྷོར་རྡོལ་པའི་རྭ། ལྷོ་ནུབ་ཏུ་ཐུག་ལེའི་རྭ། ནུབ་བྱང་དུ་་་ར་གང་ཡིན་མ་གསལ། བྱང་ཤར་དུ་མཛོ་རྭ། ༈ ས་རྐོས་རྡོ་སློག་གི་ཉེས་པ་བཅོས་པའི་ཤིང་བརྒྱད་ནི། གཉའ་ཤིང་། དབྱག་པ། ཐོང་ཆ། སྡུད་མོ། འཇོར། བྲད་མ། དབྱག་དཀར། ༈ མཚོན་གྱི་ཉེས་པ་བཟློག་པའི་མཚོན་བརྒྱད་ནི། མདལ། གཞུ། རལ་གྲི། སྟ་རེ། སྟེའུ། ཆུ་གྲི། མདུང་། ཐོ་བ། ༈ མི་གཉན་པ་བསྒྱུར་བའི་སྒྲ་སྙན་བརྒྱད།་་་སྒྲ་སྙན་བརྒྱད་མ་གསལ། ནད་ཐོར་ཞི་བའི་དབང་པོའི་གླུད་བརྒྱད། །མཆིན་པ། སྙིང་། གློ་བ། མཁལ་མ། མཚེར་པ། ཕོ་བ། གཉའ་མ། སུལ་མོ། ༈ །འབྱུང་བའི་ནད་ཞི་བའི་ཤ་སྣ་ནི། ཝ་ཤ །བྱ་ཤ །ར་ཤ །ཉ་ཤ །གནག་

p. 411

གི་ཤ་དང་ལྔའོ། ༈ །མི་ནོར་གྱི་བཀྲག་མདངས་བསྐྱེད་པའི་དར་སྣ་ལྔ་ཕྱོགས་བཞི་དབུས་དང་ལྔ་ལ་བཏགས་སོ། བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་བདག་སྤྱི་དོན་བཅུ་གཉིས་ཀྱི་འདོན་འགྲིགས་ཟིན་བྲིས།

p. 412
p. 413

ས་བདག་སྤྱི་དོན་བཅུ་གཉིས་ཀྱི་འདོན་འགྲིགས་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་མཉྫ་ཤྲཱི་ཡེ། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །ས་བདག་སྤྱི་དོན་བཅུ་གཉིས་འདོན་འགྲིགས་བྲི། །བཀའ་ཡིས་གནང་ལ་གཞན་ལ་ཕན་པར་ཤོག །དེ་ཡང་དཀྱིལ་འཁོར་བཅའ་ཚོགས་བསྒྲིགས་ལུགས་རྣམས། །ཕྱག་ལེན་ལྟར་དུ་སྔོན་འགྲོ་ཚར་བའི་རྗེས། །དེ་ནས་འདོན་འགྲིགས་ལྷ་གཞུང་ཚར་བའི་རྗེས། །དངོས་གཞི་ས་བདག་རང་གི་འདོན་འགྲིགས་ནི། །འབྲུ་སྣ་ཡོས་བཀྲ་མཆོད་ནས་འོ་དཀར་ནང་། །ཀླུ་སྨན་བཏབ་པས་བྲན་ལ་དང་པོ་ནི། །ས་བདག་དབང་ཆེན་གོང་ནོན་གཉེན་པོ་ནི། །ཡེ་ཤེས་ལྷ་ཡི་བདག་བསྐྱེད་འདོན་པ་སྟེ། ༡༽ སྭ་བྷཱ་ཝ་སོགས། དེ་ནི་སངས་རྒྱས་རྣམས་ཀྱི་སྔགས་ཡན་བརྗོད། །བཛྲ་པཱ་ཎིའི་བསྙེན་པ་བརྒྱ་སྟོང་བཟླས། ༢༽ །དེ་ནས་བུམ་བསྐྱེད་སྡིག་སྒྲིབ་དག་ཡན་བརྗོད། །དེ་ནས་ས་བདག་དབང་ཆེན་མདུན་བསྐྱེད་འདོན། ༣༽ །དེ་ནས། ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱང་། སོགས་ནས། མཇུག་གི་སྔགས་ལ་ཉེར་གཅིག་བཟླས་པ་ཡིན། །ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཡན་བརྗོད། དེ་ནས་ས་བདག་སྤྱི་དོན་བཅུ་

p. 414

གཉིས་མགོ་ནས་འདོན། ༤༽ ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་ནས། མ་ཧཱ་ཝི་ར་མ་ཧཱ་སྭཱ་ཧཱ་ཡན་བརྗོད། མཆོད་པའི་སྐབས་ལ་སྔགས་དྲུག་ཕྱག་རྒྱས་བྱིན་བརླབ་བྱ། མཆོད་པ་འབུལ་བའི་གོང་དུ་ཁྲུས་བྱ། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་ཞི་གྱུར་ཅིག ༢༽ བགེགས་ཕུལ། ༦༽ ཨོཾ། གཟུག་སྒྲ་དྲི་རོ་རེག་བྱ་སོགས་ནས་ནི། །མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ། །བསྟོད་པ་ལ་མ་ཐུག་བར་འདོན་པ་ཡིན། ༧༽ དེ་ནས་ལོ་འཁོར་ཟླ་འཁོར་འདོན། ཀྱི་མ་ཧཱ་སོགས་ནས། སྦལ་ཐེའི་ཉེས་པ་ཞི་བར་མཛོད། །ཡན་བརྗོད། ༨༽ ཟླ་འཁོར་འདོན། ཀྱཻ། དབུས་ཀྱི་སོགས་ནས་མི་ནོར་དབང་ཐང་འཕེལ་བར་མཛོད། ཡན་བརྗོད། ༩༽ དེ་ནས་ཤིང་རྩི་རྒྱན་འབུལ་འདོན། དེ་ནས་ཡོས་བཀྲ་བྱིན་བརླབ། ཡོས་བཀྲ་བསྐྱེད་ཆོག །ཡོས་བཀྲའི་འཕྱོང་འདོན་ནས། དེ་ནས་བསྟོད་པ་འདོན། བསྟོད་པའི་སྐབས་ཡོན་བདག་ལ་ཕྱག་འཚལ་བཅོལ། ༡༠༽ ཧཱུྃ། བཅོམ་ལྡན་འཇམ་དཔལ་སོགས་ནས། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཡན་བརྗོད། བསྟོད་པ་གྲུབ་ནས་སྣང་བརྒྱད་བཀླག་པའོ། །དེ་ནས་བཤགས་པའི་སྐབས་ཡོས་བཀྲ་

p. 415

མཆོད་པའོ། ཀྱཻ། འཕགས་པའི་ཚོགས་དང་འཇིག་རྟེན་སྐྱོང་། སོགས་ནས་བཟོད་པ་དངོས་སུ་བཞེས་ནས་དག་ཅིང་བྱང་བར་མཛད་དུ་གསོལ། ཡན་བརྗོད། དེ་ནས་སྲིད་པའི་ལོ་བཅོས་འདོན། གཤེགས་གསོལ་ལེའུ་མི་འདོན། འབུལ་ཉིན་འདོན་དེ་ནས་གཞུང་ལྟར་བསྔོ་སྨོན་ཡན་ཆད་ནི། ངེས་པར་ཉིན་ཚར་འདོན་ནི་དགོས་པའོ། །དེ་ནས་གཡང་སྐྱབས་སྔོན་རྗེས་གང་ནས་བཏོན་ཀྱང་འདྲ། དེ་ནས་འཁྲུགས་བཅོས་བསྡུས་པ། ཀླུ་ཆོག་ཐོན་ན་འདོན། མ་ཐོན་ཀྱང་འགལ་བ་མི་འདུག་གསུངས། འདི་ལ་ཀླུ་ཆོག་ལ་སོགས་འདོན་བབས་འགའ། །སྔགས་རྒན་འགའ་ཡིས་སབ་སྲོལ་འདུག་ན་ཡང་། །སྤྱི་དོན་གཞུང་གི་འགེབ་ནི་གཞུང་ལྟར་རོ། །བཏོན་ཀྱང་ལེགས་ལ་མ་བཏོན་འགལ་བ་མེད། །དེས་ན་འབུལ་ཁར་གསེར་སྐྱེམས་མཆོད། དཀར་གཏོར་ཕུལ། ཆད་མདོ་ཕུལ། དེ་ནས་ས་བདག་གི་གཏོ་གཞུང་ལས་སྒོ་དབྱེ་ལམ་བསྟན་བྱེད། དེ་ནས་བཀྲ་ཤིས་བརྗོད། གཤེགས་གསོལ་བྱ། དེ་ནས་ས་བདག་ཙཀྲི་དང་ཤིང་རྩི་གཏོར་མ་ཕུལ་ནས། དེ་ནས་དཀྱིལ་འཁོར་ཞལ་བསྒྱུར་བྱེད་ཤིང་རྩི་གཏོར་མ་ཁ་ཁ་བསྐྱལ། དེ་ནས་གཏོར་འབུལ་ལ་སོགས་

p. 416

ཐུན་གཏོར་གང་ཐོན་འབུལ་ཞིང་། གཞུང་གི་སྦྱོར་དངོས་རྗེས་གསུམ་ཚང་དགོས། གུ་རུའི་གསུང་གི་ཞལ་གདམས་སོར་བཞག་བྱས། སྔགས་འཆང་དེ་ཡིས་འདོན་འགྲིགས་བྲིས་པ་སྟེ། །ཕྱི་རབས་འགའ་ལ་ཕན་པར་ཤོག །སརྦ་མངྒ་ལཾ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མཆོད་ཀྱི་གཞུང་གཏེར་རྙིང་གི་ཀླུ་མཆོད་ཀྱིས་ཁ་སབ།

p. 417

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མཆོད་ཀྱི་གཞུང་གཏེར་རྙིང་གི་ཀླུ་མཆོད་ཀྱིས་ཁ་སབ་ནས་གཞུང་ཚང་བར་བྲིས་པས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག༔

p. 418

བཛྲ་པཱ་ཎི་ལ་ན་མོ༔ ཀླུ་ཡི་མཆོད་བསྟོད་བྱེད་པའི་རིམ་པ་ནི༔ ས་ཡི་མཎྜལ་གྲུ་གང་སྟེང་༔ འདབ་བརྒྱད་མུ་ཁྱུད་གསུམ་གྱིས་བསྐོར༔ འདབ་བརྒྱད་སྟེང་དུ་ཀླུ་ཆེན་བརྒྱད༔ དབུས་སུ་མི་མགོན་དཀར་པོ་བྱ༔ བག་ཕྱེ་ཀླུ་སྨན་བ་དཀར་འོ་མས་སྦྲུས༔ སྐུ་གཟུགས་མི་ལུས་སྦྲུལ་གྱི་གདེངས་ཀ་ཅན༔ སྐུ་སྨད་སྦྲུལ་མཇུག་རིན་ཆེན་རྒྱན་སྤྲས་བྱ༔ མདུན་དུ་ཟན་ཕོར་ཀླུ་སྨན་འོ་མས་བཀང་༔ མུ་ཁྱུད་དང་པོར་དཀར་གཏོར་བརྒྱད༔ གཉིས་པར་ཀླུ་ཡི་དཀོར་ནོར་བཀོད༔ གསུམ་པར་མཆོད་པ་རྣམ་ལྔ་བཤམས༔ རྣམ་ལྔ་མར་ལ་ལེགས་པར་བཅའ༔ ཆ་བཞི་ཕྱོགས་བཞི་དག་ཏུ་བཀོད༔ དེ་རྒྱབ་ཀླུ་ཡི་ཤིང་རྩི་བཙུགས༔ དར་ཟབ་བལ་ཚོན་དག་གིས་བརྒྱན༔ དེ་རྒྱབ་ཀླུ་ཁང་ཟླུམ་པོར་བརྩེགས༔ རྩེ་ལ་ཤིང་རྩི་ཤིང་

p. 419

རིས་བཙུགས༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་ཡི་མཆོད་པ་རྒྱས་པར་བཤམས༔ དེ་ནི་ཀླུ་ཁང་བཅའ་གཞིའོ༔ ༈ གཉིས་པ་གོང་གཏོར་རིམ་པ་ནི༔ བླ་མ་ཡི་དམ་མཆོད་གཏོར་བཀོད༔ གཞི་བདག་སྤྱི་གཏོར་བསང་མཆོད་བཤམས༔ རང་ཉིད་བསྐྱེད་རིམ་དང་ལྡན་པས་འདི་སྐད་དོ༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ༔ ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་རྣམས་དང་༔ ཀླུའི་དམ་རྫས་རྟེན་རྫས༔ སྒྲུབ་རྫས༔ མཆོད་རྫས༔ འབྲུ་སྨན༔ རྩི་བཅུད་དཀོར་ནོར༔ ཤིང་རྩི་

p. 420

རྣམས་དྭངས་ཤིང་ཐོགས་པ་མེད་པ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ༔ བདུད་རྩིའི་རྒྱ་མཚོ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་སྭ་བྷ་ཝ་བྷི་ཤུདྡྷེ༔ དྷརྨ་ཏཱ་བཛྲ་སིདྡྷི་ཧཱུྃ༔ ན་མསརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་མུ་ཁེ་བྷྱ༔ སརྦ་ཏད་ཁཾ་ཨུཏྠ་ཏེ་སྤ་ར་ནི་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ༔ ཨ་བྱ་ནུཏྤནྣ་ཏྭཱཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི༔ སརྦ་ཨརྦ་ས་དྷ་ནི་སྭཱ་ཧཱ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཤབྡའི་བར་གྱིས་མཆོད༔ ན་མོ་བདག་གི་བསམ་པའི་སྟོབས་དང་ནི༔ དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་༔ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས༔ ཀླུ་རྒྱལ་རྣམས་ལ་འདོད་ཡོན་ཚོགས༔ ཐོགས་པ་མེད་པར་འབྱུང་གྱུར་ཅིག༔ དེ་ནས་རང་ཉིད་ཕྱག་རྡོར་བསྒོམས་ལ་འདི་སྐད་དོ༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་༔ ཁྱད་པར་ཀླུ་ཡི་བྱེ་ཚན་ཆར༔ མཁའ་ལྡིང་གནོད་པ་ཞི་བའི་ཕྱིར༔ བདག་གིས་མཆོད་སྦྱིན་

p. 421

བརྩམ་པར་བྱ༔ རིན་ཆེན་བྲག་རི་བྱ་སྐྱིབས་ཅན༔ བྱང་ཤར་ལྟ་བའི་མདུན་ངོས་སུ༔ ཧཱུྃ་ལས་རཏྣའི་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྒྱན་གྱིས་སྤྲས༔ ཡིད་འོང་ཁང་པ་བསིལ་ངད་ལྡན༔ སྤྲིན་འཁྲིགས་གཡུ་ཡི་ན་བུན་འཐུལ༔ ཤེལ་གྱི་སྦྲང་ཆར་དལ་གྱིས་འབབ༔ ལྗོན་པའི་ཤིང་དང་མེ་ཏོག་བཀྲ༔ འདོད་ཡོན་དཀོར་ནོར་བསམ་མི་ཁྱབ༔ ཀླུ་ཡི་ཕོ་བྲང་ཉམས་དགའ་བ༔ ལྟ་ན་སྡུག་པ་ཉིད་དུ་གྱུར༔ དེ་ནང་པད་དཀར་འདབ་བརྒྱད་དབུས༔ ཀླུ་ཆེན་དགུ་པོ་འཁོར་དང་བཅས༔ སྐུ་སྟོད་སྐྱེས་བུའི་ཆ་བྱད་ཅན༔ སྦྲུལ་མགོ་དུ་མའི་གདེངས་ཀས་བརྒྱན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ ཀླུ་བྲན་མང་པོའི་འཁོར་གྱིས་བསྐོར༔ ཞི་ཞིང་བྱང་ཆུབ་སེམས་དང་ལྡན༔ གུས་པའི་ཚུལ་གྱིས་གསལ་བར་བསྒོམ༔ གནས་ནས་བསྒོམ་འདྲ་སྤྱན་དྲངས་ལ༔ མདུན་གྱི་བསྐྱེད་པ་དེ་ལ་ཐིམ༔ ཕྱག་ན་རྡོ་རྗེའི་བསྐྱེད་རིམ་གསལ་བར་བསྒོམས་ལ༔ ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་འདི་སྐད་དོ༔ ཧཱུྃ༔ དབུས་ཕྱོགས་མི་མགོན་སྐུ་མདོག་དཀར༔ ཕྱག་གཉིས་ཐུགས་ཀར་བུམ་པ་འཛིན༔ སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་

p. 422

འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་དུ་དུང་སྐྱོང་སྐུ་མདོག་དཀར༔ ཕྱག་གཉིས་སྦྲུལ་ཞགས་ནོར་བུ་འཛིན༔ སྦྲུལ་མགོ་བརྒྱ་ཡི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྤྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་ལྷོར་སྦལ་མཛེས་སྐུ་མདོག་ནག༔ ཕྱག་གཉིས་སྦ་ལྕག་མི་མགོ་འཛིན༔ སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ཕྱོགས་གཙུག་ན་རིན་ཆེན་སེར༔ ཕྱག་ན་བེ་ཅོན་ནོར་བུ་འཛིན༔ སྦྲུལ་མགོ་བཞི་བཅུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ནུབ་ཉ་མགོ་དམར་སེར་ཏེ༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ སྦྲུལ་མགོ་སུམ་ཅུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ནུབ་ཏུ་གཟི་ཆེན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་སྦྲུལ་ཞགས་འཛིན༔ སྦྲུལ་མགོ་ཉི་ཤུའི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ནུབ་

p. 423

བྱང་སྨྱོ་ཁ་སྐུ་མདོག་དུད༔ ཕྱག་གཉིས་རྒྱལ་མཚན་སྦྲུལ་ཞགས་འཛིན༔ སྦྲུལ་མགོ་བཅུ་ཡི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བྱང་དུ་མཁར་ནག་སྐུ་མདོག་ནག༔ ཕྱག་གཉིས་སྦྲུལ་ཞགས་རབ་ཏུ་འཆིང་༔ སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བྱང་ཤར་ཀླུ་རྒྱལ་མ་དྲོས་ལྗང་༔ ཕྱག་གཉིས་བྷན་འབྲས་སྦྲུལ་ཞགས་འཛིན༔ སྦྲུལ་མགོ་དྲུག་གི་གདེངས་ཀ་ཅན༔ སྐུ་སྨད་གདུག་པ་སྤྲུལ་དུ་འཁྱིལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འཁོར་ཚོགས་རྣམས་ཀྱང་སྤྱན་འདྲེན་ནོ༔ ཀུན་ཀྱང་དགྱེས་པའི་གདན་ལ་བཞུགས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ གུས་པས་ཁྱེད་ལ་ཕྱག་འཚལ་ལོ༔ ཨོཾ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར༔ བཛྲ་ས་མ་ཡ་ཛ་ཛ༔ ཞེས་ལན་གསུམ་མམ་བདུན་བརྗོད་ལ་སྤྱན་དྲངས་སོ༔ གདུག་ཅིང་གནོད་པ་དེ་བཀུག་ལ་བདེན་པ་བརྗོད༔ བྱ་ཁྱུང་གི་ཕྱག་རྒྱ་བཅས་ལ་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་བྱ་ཁྱུང་གསེར་མིག་ཅན༔ སྤྲུལ་པ་དཔག་མེད་ཕོ་ཉ་འགྱེད༔ མ་ཐོགས་མྱུར་དུ་དབང་དུ་བསྡུས༔ མཐུ་

p. 424

ཆེན་ཁྲོས་པས་གཤོག་བརྡབས་པས༔ སྟོང་གསུམ་ཀླུ་རྣམས་འགུགས་པར་བྱེད༔ ང་ནི་འདོད་པའི་རྒྱལ་པོ་སྟེ༔ ང་ནི་མ་ཧཱ་གྷ་རུ་ཊ༔ ཀླུ་ཚོགས་མ་ལུས་འདིར་ཁུག་ཅིག༔ ཨོཾ་ནཱ་ག་ནན༔ ནཱ་ག་ནུ་ནན༔ ནཱ་ག་ཀུ་མ་རི་ནན༔ ནཱ་ག་ས་པཱ་རི་ཝཱ་ར་ཨཾ་ཀུ་ཤ་ཛ་ཛ༔ ཞེས་པས་རང་དབང་མེད་པར་བཀུག་ཅིང་གཉིས་སུ་མེད་པར་བསྟིམ་མོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ འདོད་ཁམས་དབང་སྒྱུར་མཐུ་ཆེན་ཀླུ་ཡི་ཚོགས༔ རྒྱལ་པོའི་བཀའ་སྡོད་དམ་ཚིག་ཅན༔ རྫུ་འཕྲུལ་བྱིན་རླབས་མངའ་བརྙེས་ཀླུ་ཆེན་བཞི༔ བསོད་ནམས་བསྐྱེད་ཕྱིར་དད་པས་སྤྱན་འདྲེན་ན༔ འཇིག་རྟེན་ཕན་བྱེད་པདྨའི་གདན་ལ་བཞུགས༔ རྒྱ་མཚོ་རོལ་མཚོ་ཆུ་བོ་ཆུ་མིག་རྫིང་༔ རྩི་ཤིང་ནགས་ཚལ་ཡུལ་འབྲོག་གནས་བཅས་པའི༔ རྫུ་འཕྲུལ་བྱིན་རླབས་མངའ་བརྙེས་ཀླུ་ཆེན་བརྒྱད༔ འགྲོ་དོན་མ་ལུས་རྫོགས་པར་བྱ་བའི་ཕྱིར༔ མ་ཆགས་པདྨའི་གདན་ལ་བཞུགས་སུ་གསོལ༔ དགའ་ཞིང་དགྱེས་པའི་སེམས་ཀྱིས་བཞུགས་སུ་གསོལ༔ ནཱ་ག་རཱ་ཙ་ས་པ་རི་ས་མ་ཡ་ཏིཥྛ་ལྷན༔ པདྨ་ཀ་མ་ལཱ་སིཾ༔ ཞེས་པས་ཞི་བའི་སེམས་ཀྱིས་བཞུགས་སུ་གསོལ་བར་བསམ་མོ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཐུགས་

p. 425

ལས་སྤྲུལ་པའི་རྫུ་འཕྲུལ་ཅན༔ གང་ལ་གང་འདུལ་སྐུ་སྨད་ལྟོ་འཕྱེ་ཆེ༔ བཙོ་མ་གསེར་གྱི་མདོག་ཅན་རིན་ཆེན་བརྒྱན༔ རིགས་བཞི་ཀླུ་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད༔ ཕུ་ནཱ་ག་རཱ་ཙ་ཨ་ཏི་པཱུ་ཧོ༔ ན་མོ་ཨུ་པ་ཏ་ཡ་མི༔ དེ་ནས་ཀླུའི་སྒབ་འདྲེ་བཀར་བ་ནི༔ ཧཱུྃ༔ མི་མགོན་དཀར་པོ་དུང་སྐྱོང་སོགས༔ ཀླུ་ཆེན་དགུ་ལ་གནོད་པ་ཡི་གདོན་དགུ་བདག་གིས་བཀར་བའོ༔ མཐེབ་སྐྱུ་ཏིང་ལོ་འདི་བཞེས་ལ༔ ཁྱེད་དགུ་མ་གནས་གཞན་དུ་དེངས༔ གལ་ཏེ་འགྲོ་བར་མི་བྱེད་ན༔ གྷ་རུ་ཊ་ཡིས་ཟ་བར་བྱེད༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ཁྲོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་སྒབ་འདྲེ་བཀར་རོ༔་། སྒྲིབ་པ་སྦྱངས་ཤིང་ཁྲུས་གསོལ་བ་ནི༔ གཟུགས་བརྙན་ལ་མེ་ལོང་བསྟན་ཞིང་༔ བུམ་ཆུས་བཀྲུས་ལ་འདི་སྐད་དོ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་ཕྱི་མོ༔ ཨོཾ་བུདྡྷ་སཏྭ་ཡ་བྷེ་ནཱ་ག་སརྦ་ཀརྨ་ཤུདྡྷེ་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་དམ་

p. 426

ནས་ཆོས་དུག་མི་མངའ༔ དམ་ཆོས་བདེན་པས་དུག་བཅོམ་མོ༔ ཨོཾ་དྷརྨ་དྷེ་ཡ་བྷེ་ནཱ་ག་སརྦ་ཀརྨ་ཤུདྡྷེ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་དགེ་འདུན་དུག་མི་དགེ་འདུན་བདེན་པས་དུག་བཅོམ་མོ༔ ཨོཾ་སཾ་གྷ་ས་ཏེ་བྷེ་སརྦ་ཀརྨ་ཤུདྡྷེ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས༔ ཀླུ་རྣམས་སྐུ་གསུང་ཐུགས་ཀྱི་སྒྲིབ་པ་དང་༔ སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག༔ ཅེས་བརྗོད༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དྲི་མེད་ཡིད་འོང་སྤྱན་ཆབ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ཨཧཱུྃ་པྲ་ཏིཙྪཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་མེ་ཏོག་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་

p. 427

སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་པུབྦེ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་བདུག་སྤོས་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་་ས་པཱ་རི་ཝཱ་ར་དྷ་པེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་སྣང་གསལ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་དྲི་ཆབ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་གནྡྷེ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་ཞལ་ཟས་འདི༔ ཀླུ་རྒྱལ་འཁོར་དང་

p. 428

བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ནེ་ཝི་ཏྱ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དྲི་མེད་ཡིད་འོང་རོལ་མོ་འདི༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཀླུ་ནད་བསལ་ཕྱིར་བཞེས་སུ་གསོལ༔ ཀླུ་གཏད་བཀྲོལ་ཕྱིར་བཞེས་སུ་གསོལ༔ རྩ་དཀར་བཀྲོལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ས་པཱ་རི་ཝཱ་ར་ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ དེ་ནས་བདུད་རྩི་འབུལ་བ་ནི༔ ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་འཁོར་བཅས་ཀྱི༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཆར་འབོད་དུས་ཡིན་ན༔ ཆར་རྒྱུན་ཆེན་པོ་མྱུར་དུ་ཕོབ༔ སྲིད་དང་ནོར་སྒྲུབ་ཡིན་ན༔ ཀླུ་གཡང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཚིག་གཉིས་ཁ་འཕོས༔ ཀླུ་རྒྱལ་དུང་སྐྱོང་འཁོར་བཅས་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་

p. 429

དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་སྦལ་མཛེས་འཁོར་བཅས་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་གཙུག་ན་རིན་ཆེན་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་ཁྲ་བོ་ཉ་མགོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་ཡི་རྒྱལ་པོ་གཟི་ཆེན་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་བདུད་དགེ་བསྙེན་སྨྱོ་ཁ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་

p. 430

ཞི་བར་མཛོད༔ ཀླུ་བདུད་གཉན་ཆེན་མཁར་ནག་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་མ་དྲོས་ཆེན་པོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་རྒྱལ་དབྱི་དོ་ནག་པོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔་བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་སྨན་གཡོ་རྫོང་ནག་མོ་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཀླུ་བདུད་བྱིསྦའི་གཟུགས་ཅན་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས༔

p. 431

དམངས་རིགས་གདོལ་པའི་རིགས་གྱུར་པའི༔ སྣང་ཞིང་སྲིད་པའི་ཀླུ་རྣམས་ལ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ༔ བདག་དང་ཡོན་བདག་མགོན་སྐྱབས་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ ཨོཾ་ནཱ་ག་ར་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་ནས་ཤབྡའི་བར་བརྗོད༔ འདིར་ཀླུ་གཏོར་སོགས་བཏང་༔ དེ་ནས་ཀླུ་ལ་ཤིང་རྩི་འབུལ་བ་ནི་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཡིས༔ རྒྱ་ཤུག་ཙནྡན་ཨ་ག་རུ༔ ཤུག་པ་གཡུ་ཡི་སྡོང་བུ་ཅན༔ ཀླུ་ལ་གྲུབ་རྟགས་སྟོན་ཕྱིར་རྟིང་པ་དཀར༔ ཀླུ་ལ་བདུད་རྩི་འབེབས་ཕྱིར་ལོ་མ་སྔོ༔ ཀླུ་རྣམས་དགྱེས་ཕྱིར་འབྲས་བུ་ཀུན་ཏུ་སྨིན༔ ཀླུ་ཡི་ང་རྒྱལ་ཞི་ཕྱིར་རྟིང་པ་དཀར༔ བསྟན་པ་སྤེལ་ཕྱིར་རྩེ་མོ་བྱུང་རྒྱལ་འདུག༔ ཕྲག་དོག་ཞི་ཕྱིར་ཤུན་པ་སྨུག༔ ཞེ་སྡང་ཞི་ཕྱིར་རྒྱན་དང་ལྡན༔ འདོད་ཆགས་ཞི་ཕྱིར་ངད་དང་ལྡན༔ ཡེ་ཤེས་བསྐྱེད་ཕྱིར་ཤུན་པ་སྨུག་༈ ཞེ་སྡང་ཞི་ཕྱིར་རྒྱན་དང་ལྡན༔ འདོད་ཆགས་ཞི་ཕྱིར་ངད་དང་ལྡནུ༔ ཡེ་ཤེས་བསྐྱེད་ཕྱིར་དྲོད་ལས་སྐྱེས༔ ཀླུ་གཉན་བརྟན་ཕྱིར་ཤུག་པ་འདི་བཞེས་ལ༔ ས་བདག་ཀླུ་གཉན་

p. 432

ཐམས་ཅད་དགྱེས་པར་མཛོད༔ ཨོཾ་ནཱ་ག་རཱ་ཙ་ཡེ་སྭཱ་ཧཱ༔ ཀྱཻ༔ སུར་དཀར་སྨན་གྱི་སྡོང་བུ་འདི༔ ཕྲག་དོག་ཞི་ཕྱིར་མེ་ཏོག་རྒྱས༔ ང་རྒྱལ་ཞི་ཕྱིར་རྩ་བ་ཟླུམ༔ བཀྲ་ཤིས་ཚུལ་གྱི་རྟིང་པ་དཀར༔ ཀླུ་གཉན་དགྱེས་ཕྱིར་ཡལ་ག་འཕེལ༔ ས་བདག་རྒྱས་ཕྱིར་སྡོང་བུ་རྒྱས༔ དངོས་གྲུབ་སྩོལ་ཕྱིར་བདུད་རྩི་འབེབས༔ དགེ་རྟགས་སྟོན་ཕྱིར་ལོ་མ་བཀྲ༔ ཀླུ་རྒྱལ་དགྱེས་ཕྱིར་ཤིང་རྩིའི་མཆོད་པ་བཞེས༔ ཀླུ་གཉན་གདུག་པ་ཞི་གྱུར་ཅིག༔ ཨོཾ་ནཱ་ག་ས་ཡ་དྷ་དྷུ་སྭཱ་ཧཱ༔ ཀྱཻ༔ ཀླུ་ཤིང་འོམ་བུའི་བདུད་རྩི་འདི༔ ཡེ་ཤེས་སྟོན་ཕྱིར་འབྱུང་བ་ལྔ་ལས་གྲུབ༔ ཐུགས་རྗེ་སྟོན་ཕྱིར་དྲོད་དང་རློན་ལས་སྐྱེས༔ དམ་ཚིག་གཙང་ཕྱིར་བདུད་རྩི་སྨན་གྱི་ཤིང་༔ གཏི་མུག་ཞི་ཕྱིར་ལོ་མ་སྔོ༔ གདུག་པ་ཞི་ཕྱིར་ཁོག་པ་སྟོང་༔ ཕྲག་དོག་ཞི་ཕྱིར་སྙིང་པོ་དམར༔ བཀྲ་ཤིས་སྟོན་ཕྱིར་རྩ་བ་གཅིག་ལས་སྐྱེས༔ དངོས་གྲུབ་གཏེར་ཕྱིར་འབྲས་བུ་སྨིན༔ ཀླུ་གཉན་ས་བདག་རྣམས་ལ་འབུལ༔ ཨོཾ་ནཱ་ག་ས་མན་དུ་རུ་ཡེ་སྭཱ་ཧཱ༔ ཀྱཻ༔ སྟག་པ་སྨན་གྱི་སྡོང་བུ་འདི༔ འབྱུང་བ་ལྔ་ལས་བསྐྱེད་པས་དུག་ལྔ་ཞི༔ རྟོག་པ་ཞི་ཕྱིར་ལོ་མ་རྒྱས༔ གདུག་པ་ཞི་ཕྱིར་

p. 433

ཡལ་ག་འཕེལ༔ དངོས་གྲུབ་སྤེལ་ཕྱིར་རྩ་བ་རགས༔ བཀྲ་ཤིས་སྟོན་ཕྱིར་རྩ་བ་རགས༔ བཀྲ་ཤིས་སྟོན་ཕྱིར་རྩ་བ་དཀར༔ འབྱུང་བ་ལྔ་ལས་བསྐྱེད་ཕྱིར་སྨན་གྱི་སྡོང་བུ་རྒྱས༔ ཀླུ་གཉན་ས་བདག་རྒྱས་པར་བྱ་བའི་ཕྱིར༔ ལོ་མ་ན་ཏྲའི་མཆོད་པ་འདི་བཞེས་ཤིག༔ ཨོཾ་ད་པུ་ཡེ་སྭཱ་ཧཱ༔ ཀྱཻ༔ འདོད་པའི་སྨན་འབྱུང་གཡུ་རུ་ཤིང་༔ ཉ་བྲིད་བདུད་རྩི་སྨན་གྱི་ཤིང་༔ པདྨ་བདུད་རྩི་དངོས་གྲུབ་ཤིང་༔ གཡུ་ལོ་ཤིང་ལོ་མངར་བའི་ཤིང་༔ མཁན་པ་ལྕང་མ་དབྱར་པ་དང་༔ མ་གལ་དང་ནི་སྒྲོན་ཤིང་དང་། སྐྱེར་ཤིང་དང་ནི་ཨ་གར་ཤིང་༔ འདོད་པའི་རྫས་འབྱུང་རྫུ་འཕྲུལ་ཅན༔ འབྱུང་བ་བསྐྱེད་པས་དུག་ལྔ་ཞི༔ ཁང་སེང་ཡོད་པས་ཀླུ་གཉན་ས་བདག་རྒྱས༔ རྒྱ་མཚོ་ལས་སྐྱེས་དངོས་གྲུབ་འཕེལ༔ དྲི་ངད་ཞི་བས་ཀླུ་རྣམས་མཉེས༔ མེ་ཏོག་རྒྱས་པས་དངོས་གྲུབ་ཐོབ༔ ས་བདག་ཀླུ་གཉན་མཉེས་གྱུར་ཅིག༔ ཨོཾ་ནཱ་ག་ར་ཙ་ཤ་ར་ལྟ་སྭཱ་ཧཱ༔ ཀྱེ༔ སེ་ཤིང་བདུད་རྩིའི་སྡོང་བུ་འདི༔ འབྱུང་བ་བསྐྱེད་པས་དུག་ལྔ་ཞི༔ ཀུན་ལ་ཕན་ཕྱིར་སྡོང་བུ་རྒྱས༔ བཀྲ་ཤིས་རྟགས་སུ་ཤུན་པ་སྨུག༔ ཀླུ་གཉན་ས་བདག་མཉེས་གྱུར་

p. 434

ཅིག༔ ཨོཾ་ནཱ་ག་ཡ་ཙུ་པུ་ཙ་ཡེ་སྭཱ་ཧཱ༔ ཀྱཻ༔ དར་སྣ་དགུ་ཡི་མཆོད་པ་འདི་བཞེས་ལ༔ ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ༔ བཞུགས་པའི་ས་བདག་ཀླུ་གཉན་རྣམས༔ ལོངས་སྤྱོད་སྣ་ཚོགས་ལྡན་གྱུར་ཅིག༔ ན་ཏྲ་ཀླུ་ཡི་ཕོ་བྲང་འདི༔ བལ་ཚོན་ལྔ་ཡི་མཆོད་པ་བཞེས༔ ཀླུ་གཉན་ས་བདག་འཁོར་བཅས་ལ༔ འདོད་ཡོན་ལྔ་དང་ལྡན་གྱུར་ཅིག༔ ཀྱཻ༔ ནཱ་ལེནྡྲ་ཡི་ཕོ་བྲང་འདི༔ གྲུ་བཞི་མཛེས་པས་མེ་ཏོག་བཀྲ༔ རིན་ཆེན་སྣ་ཚོགས་འཇའ་འོད་འཁྱུག༔ དར་ཚོན་ལྔ་ནི་སྤྲིན་ལྟར་གཏིབས༔ ཤེལ་ཚིགས་དཀོར་ནོར་མང་པོ་བཀྲ༔ དགོས་འདོད་ཡིད་བཞིན་ཆར་དུ་འབེབ༔ ཀླུ་ཡི་ཚོགས་ལ་མཆོད་པ་འབུལ༔ ཀླུ་རིགས་ཐམས་ཅད་མཉེས་གྱུར་ཅིག༔ དེ་ནས་ཀླུ་རྣམས་ལ་བཤགས་པ་བྱ་བ་ནི༔ ཧཱུྃ༔ ཀླུ་ཆེན་དགུ་པོ་འཁོར་བཅས་དང་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས༔ དམངས་རིགས་གདོལ་པའི་རིགས་གྱུར་པ༔ ཀླུ་རྣམས་ཀུན་ལ་བདག་ཅག་དང་༔ ཡོན་བདག་འདི་ཕྱི་སྔ་མ་ཀུན༔ ཐུགས་དང་འགལ་བར་གང་གྱུར་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཧཱུྃ༔ མི་མགོན་དུང་སྐྱོང་སྦལ་

p. 435

མཛེས་སོགས༔ གཙུག་ན་རིན་ཆེན་ཉ་མགོ་དང་༔ གཟི་ཆེན་སྨྱོ་ཁ་མཁར་ནག་དང་༔ མ་དྲོས་འཁོར་དང་བཅས་པ་ཀུན༔ རིགས་ལྔའི་ཀླུ་རྣམས་ཐམས་ཅད་ནི༔ རང་རང་གནས་སུ་གཤེགས་སུ་གསོལ༔ ཨོཾ་ནཱ་ག་ར་ཙ་ནཱ་གི་ས་པཱ་རི་ཝཱ་ར་དེང་དེང་བྱེར་སོང་སརྦ་གཙྩ༔ ཞེས་འཁོར་དང་བཅས་པ་རང་གནས་སུ་གཤེགས་པར་བསམ་མོ༔ གདུག་པ་ཅན་འགྲོ་བར་མི་སྲིད་པས༔ ཁྲོ་བོའི་ང་རྒྱལ་དང་ཁྱུང་གི་ཕྱག་རྒྱ་བསྟན་ལ་འདི་སྐད་དོ༔ ཧཱུྃ༔ གདུག་སེམས་ལྡན་པ་གནོད་ལྟ་བའི༔ གང་ཡིན་དེ་ཡང་འགྲོ་བར་གྱིས༔ གལ་ཏེ་འགྲོ་བར་མི་བྱེད་ན༔ རྡོ་རྗེ་བྱ་ཁྱུང་ཁྲོ་བོ་བཅས༔ མེ་དང་མཚོན་ཆའི་ཆར་ཡང་འབེབས༔ ཁྱོད་རྣམས་བརླག་པར་གདོན་མི་ཟ༔ དེ་བས་རང་རང་གནས་སུ་འགྲོ་བར་གྱིས༔ ཨོཾ་ཏ་ཀི་ར་ཙ་ཏི་བི་ཙི་ཏི་ཧུ་ཡ་ཧུ་ཡ་ཧུ་ལུ་ཧུ་ལུ་སུ་རུ་ཏེ་པུ་ཏུ་ཏ་ཧཱུྃ་ཕཊསྭཱ་ཧཱ༔ དེ་ནས་ཀླུ་གཟུགས་ཤིང་རྩི་རྣམས་ཆུ་ནང་དུ་བསྐྱལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགུང་ལོ་བཅུ་གསུམ་པ་བྱ་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་བཅུ་གཉིས་ལ༔ དགོང་མོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་དར་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ༔ ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ༔ མེ་ཏོག་པདྨ་འདབ་མ་སྟོང་ལྡན་གྱི་ཡུ་བ་

p. 436

ནས་འཛིན་པ༔ པདྨའི་སྟེང་དུ་རྡོ་རྗེ་དང་དྲིལ་བུས་མཚན་པ༔ ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཟླ་བའི་གདན་ལ་བཞུགས་པར་གྱུར༔ འདི་བཞིན་དངོས་སུ་ཞལ་གཟིགས་ཏེ་བཀའ་སྩལ་པའོ༔ ༈ དུང་སྐྱོང་ལ་སྦལ་མིག༔ སྦལ་མཛེས་ལ་ཀླུ་སྨན་ནག་པོ༔ གཙུག་ན་རིན་ཆེན་ལ་གཡང་ཅན༔ ཁྲོ་བོ་ཉ་མགོ་ལ་རྫུ་བ༔ གཟི་ཆེན་ལ་སྨད༔ སྨྱོ་ཁ་ལ་རྒྱལ༔ མཁར་ནག་ལ་སྦལ་ནག༔ མ་དྲོས་ལ་སྤོམ་ར༔ ཞེས་བྱ་བ་ཡིན་གསུངས༔ འདི་ཡི་བཅའ་གཞི་བསྡུས་པ་ནི༔ སྣོད་གཙང་མར་ཟན་གྱི་པད་སྡོང་འདབ་མ་བརྒྱད་པའི་ལྟེ་བར༔ དཀར་གཏོར་གཅིག་བཞག༔ འདབ་བརྒྱད་ཀྱི་སྟེང་དུ་རིལ་བུ་བརྒྱད་བཞག༔ ཀླུ་སྨན་དཀར་གསུམ་མངར་གསུམ་བ་དཀར་ར་དཀར་འོ་མས་བྲན་ནས་བདག་བསྐྱེད་ཞལ་གཟིགས་དང་བསྟུན་པའི་ཕྱག་རྡོར་ཞི་བ་སྐད་ཅིག་དྲན་རྫོགས་བསྒོམ༔ འདི་ཡི་བྱིན་རླབས་བསྐྱེད་ཆོག་བཞུགས་གསོལ་ཕྱག་འཚལ༔ སྒབ་འདྲེ་བཀུག་པ་མཆོད་པ་རྣམ་ལྔ༔ ཁྲུས་གསོལ་ཤིང་རྩི་འབུལ་བ༔ རྗེས་གཅོད་འདི་རྣམས་གཞན་ནས་འབྱུང་བ་ཡིན༔ ཀླུ་མཆོད་འདི་འགྲིགས་སུ་བཀོད་པ༔ སྔགས་འཆང་གསར་བུ་འགའ་ཞིག་ལ་ཕན་ཕྱིར༔ ༧ ཨ་རཱ་གས་ཚེས་བཟང་ལ་དགེ་བར་བྲིས་པའི་དགེ་བའི་རྩ་བ་དང་༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ སེམས་ཅན་ཀླུ་ནད་ལས་གྲོལ་ནས་ཀླུའི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ མངྒ་ལཾ།། །། ༧ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཐུགས་གཏེར་ལས། ཀླུ་རྒྱལ་མི་མགོན་དཀར་པོའི་གསོལ་ཁ།

p. 437

གནམ་ཆོས་ཐུགས་གཏེར་ལས། ཀླུ་རྒྱལ་མི་མགོན་དཀར་པོའི་གསོལ་ཁ་བཞུགས་སོ།

p. 438

གུ་རུ་དྷེ་ཝ་དྷཱ་ཀི་ནི་ཧཱུྃ༔ མི་མགོན་དཀར་པོའི་གསོལ་མཆོད་ནི༔ ཨ་ཀཱ་རོས་བྱིན་གྱིས་བརླབ༔ ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སྨར་ཁམས་སྒང་སོགས་བཞུགས་གནས་ནས༔ བདག་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ གཤེགས་ནས་དགྱེས་པར་བཞུགས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ཨ་ཏི་ས་མ་ཡ་ཛ༔ཛ༔ ཏིཥྛ་ལྷན༔ ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སྐུ་མདོག་དཀར་གསལ་མཛེས་པའི་གཟུགས༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ སྐུ་སྨད་གསེར་སྦྲུལ་སེར་པོ་འཁྱིལ༔ ཕྱག་གཉིས་ཐལ་སྦྱར་བུམ་པ་འཛིན༔

p. 439

ཁྱེད་ལ་མཆོད་པ་འབུལ་བ་ནི༔ ཀླུ་སྨན་དར་ཟབ་སྣ་ཚོགས་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ བདུད་རྩི་སྨན་དང་གཏོར་མ་འབུལ༔ མཐུན་རྫས་དུ་མས་མཉེས་གྱུར་ཅིག༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ ཆར་ཆུ་དུས་སུ་འབེབས་པ་དང་༔ ལོ་འབྲུ་རྟག་ཏུ་ལེགས་པ་དང་༔ ཕྱུགས་ཀྱི་གོད་ཁ་མེད་པར་མཛོད༔ ཁྱད་པར་བདག་ཅག་དཔོན་སློབ་ལ༔ དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ མདོར་ན་ཡིད་ལ་བསམ་ཚད་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ མ་ཐོགས་བཅོལ་བའི་ཕྲིན་ལས་

p. 440

མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ མ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་འཁྲིག་པའི་ཁྱིམ་གྱི་དཀར་པོའི་ཕྱོགས་ཀྱི་ཨཋའི་ཉིན་པར་འཇམ་དབྱངས་ཀྱི་སྤྲུལ་པ་ཀླུ་མི་མགོན་དཀར་པོ་ཉིད་དངོས་སུ་བྱོན་ནས་གསོལ་མཆོད་འདི་ལྟར་གྱིས་ཞེས་དངོས་སུ་སྨྲས་སོ༔ ༈ བདག་གིས་སེམས་ཅན་ཀུན་དོན་དུ། །རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། །སྦྱིན་པའི་ཕར་ཕྱིན་རྫོགས་དགོས་པས། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །སེམས་ཅན་དབུལ་ཕོངས་སེལ་བ་ལ། །ལོངས་སྤྱོད་ཆེན་པོ་མེད་ཐབས་མེད། །རྩེ་གཅིག་སྒྲུབ་པ་བྱེད་པ་ལའང་། །མཐུན་རྐྱེན་སྒྲུབ་རྒྱགས་འཛོམ་དགོས་པས། །ནོར་ལྷ་མི་མགོན་དཀར་པོ་འདི། །བསྒྲུབ་པར་བྱའོ་བསམ་པ་ཡི། །སེམས་བསྐྱེད་བཟང་པོས་ཀུན་བསླང་སྟེ། །ཡི་དམ་ལྷ་གཞུང་རྫོགས་པའི་མཇུག །གནམ་ཆོས་ཀླུ་ཡི་ལས་བྱང་འདོན་པར་བྱ། །དམིགས་པའི་བྱེ་བྲག་འདི་ལྟར་རོ། །སྒྲུབ་རྫས་མི་དམིགས་སྟོང་པའི་ངང་། །འོ་མའི་མདོག་ཅན་རྒྱ་མཚོ་ནི། །རྒྱ་ཆེ་གཡོ་འགུལ་མེད་པའི་དབུས། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །གཞལ་མེད་ཁང་པ་ཆེན་པོའི་ནང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་

p. 441

གདོལ་པའི་ཀླུ་བྲན་གྱིས། །འོག་ནས་བཏེག་པའི་སྟེང་དུ་ནི། །པདྨ་དཀར་པོ་འདབ་བརྒྱད་པའི། །དབུས་སུ་ཟླ་བའི་དཀྱིལ་འཁོར་སྟེང་། །ས་བོན་ཕུཡིག་དཀར་པོ་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད། །ཀླུ་དང་ས་བདག་ཐམས་ཅད་དང་། །གནོད་སྦྱིན་ནོར་ལྷའི་དངོས་གྲུབ་བསྡུས། །འོད་དུ་ཞུ་བས་ཀླུ་རྒྱལ་ནི། །བསྟོད་པའི་ནང་ནས་བྱུང་ལྟར་བསྒོམ། །རང་ཉིད་ཡི་དམ་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། །རྒྱ་མཚོ་ཆེ་དང་གང་གཱ་དང་། །རང་བཞིན་གར་བཞུགས་གནས་ཉིད་ནས། །སྤྱན་དྲངས་མདུན་བསྐྱེད་ཉིད་ལ་ཐིམ། །ཀླུ་རྒྱལ་ཐུགས་ཀར་ཟླ་བའི་སྟེང་། །ཕུཡིག་དཀར་པོའི་མཐའ་བསྐོར་དུ། །སྔགས་ཕྲེང་གཡོན་དུ་བཀོད་པ་ལས། །བདག་གི་ཐུགས་ལས་འོད་འཕྲོས་པས། །སྔགས་ཕྲེང་གཡས་སུ་ཇེ་མགྱོགས་འཁོར། །ཁོ་ཡི་ཐུགས་དམ་རྒྱུད་བསྐུལ་ནས། །སྔོན་གྱི་ཁས་བླངས་དམ་ཚིག་དྲན། །སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས། །འོད་ཟེར་རྩེ་ལས་རིན་ཆེན་རིགས། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་ཀྱི། །ཆར་པ་སིབ་སིབ་འབབ་པར་བསྒོམ། །འོད་ཟེར་དཀར་པོ་ཟླ་བའི་

p. 442

འོད། །ལྟ་བུ་འཕྲོས་པས་རང་ཉིད་དང་། །བསྲུང་བྱའི་ནད་གདོན་བར་ཆད་ཀུན། །མུན་པར་ཟླ་ཤར་ལྟ་བུར་བསལ། །འོད་ཟེར་དཀར་ལ་སེར་མདངས་ཅན། །འཕྲོས་ནས་ཚེ་དང་བསོད་ནམས་རྣམས། །པདྨར་ཉི་ཟེར་ཕོག་ལྟར་རྒྱས། །འོད་ཟེར་སེར་ལ་དམར་མདངས་ཅན། །འཕྲོས་པས་སྐྱེ་འགྲོ་ཐམས་ཅད་ཀུན། །རང་དབང་མེད་པར་དབང་དུ་བསྡུས་། །ཡིད་ལ་ཅི་འདོད་དངོས་གྲུབ་ཀུན། །ཐམས་ཅད་ཡིད་བཞིན་འགྲུབ་པར་བསྒོམ། །ནཱ་ག་རཱ་ཙ་ཨ་ཏི་ཧཱུྃ། ནཱ་ག་རཱ་ཛ་ཨ་ཏི་སརྦ་སིདྡྷི་ཧཱུྃ། གཡས་སུ་བློན་པོ་དུང་སྐྱོང་དང་། །གཡོན་དུ་བཙུན་མོ་འོད་ལྡན་མ། །དེ་རྒྱབ་འདབ་བརྒྱད་ཀླུ་ཆེན་བརྒྱད། །སྟེང་དུ་སྤྲིན་གྱི་བླ་བྲེ་ཅན། །ཐམས་ཅད་ཞི་ཞིང་འཛུམ་པའི་མདངས། །ཐལ་མོ་སྦྱར་ནས་བདག་ཉིད་ལ། །གུས་ཤིང་བཀའ་ཉན་གསུང་སྡོད་བསྒོམ། །ཉིན་རེ་ཐུན་རེའམ་བཞིའམ་དྲུག །གནམ་ཆོས་གཞུང་གི་ལས་བྱང་བཏང་། །སྤྲོ་ན་སྐོང་གསོལ་སྦྱར་བའོ། །ༀ་ཕེ་ལཾ་ཧཱུྃ། ཨོཾ་ནཱ་ག་འདུ། ནཱ་ག་དྷ། ནཱ་ག་སརྦ། ཧེ་ལོང་ཧེ་ལོང་། ནཱ་ག་འདུས་འདུས། ཤཱནྟཾ་འདུས། པཏྟིཾ་འདུས། ནཱ་ག་དྷེ་བ་སརྦ་སིདྡྷི་ས་མ་ཡ། ནཱ་ག་འདུས་འདུས། ཧཱུྃ་ཧཱུྃ། བང་

p. 443

བ་ལ་འདུས། པུཊྚི་ཚེ་དང་བསོད་ནམས་ལ་སིདྡྷི་ཧཱུྃ། ཨོཾ་སྤུ་ཙེ་སྤུ་ཙེ་ནཱ་ག་སྤུ་ཙེ། སྤུ་ཏ་སྤུ་ཏ་ནཱ་ག་སྤུ་ཏ། ཕི་ཤང་ཕི་ཤང་ནཱ་ག་ཕི་ཤང་། ནཱ་ག་སིདྡྷི་འུབ་འབ། རུག་རུག་སི་ཏི། བསྡུས་བསྡུས་ཧཱུྃ། ཨོཾ་ནཱ་ག་ལེ་ནཱ་ག་ལེ། ནཱ་ག་དུང་དུང་ནཱ་ག་སིདྡྷི་ཧཱུྃ། ཨོཾ་ནཱ་ག་པྲ་ཏི་རཱ་ཙ་ས་མ་ཡ་སིདྡྷི་འདུས་འདུས། ཞེས་བཟླ། རྗེས་རིམ་སྤྱི་དང་མཐུན། ཨ་རཱ་གས་སོ། །གནམ་ཆོས་ཀྱི་ལྷན་ཐབས་ཀླུ་མི་མགོན་དཀར་པོའི་སྐོང་གསོལ་གཡང་སྐྱབས་སྦྲགས་མ་ཡོད་ལགས། ན་མོ་བཛྲ་པཱ་ཎི་ཡེ། མི་མགོན་དཀར་པོའི་སྐོང་གསོལ་དང་། །གཡང་སྐྱབས་སྦྲགས་མ་བྱ་བ་ནི། །མཆོད་པ་རྒྱས་བསྡུས་ཅི་འཛོམ་ལ། །ལས་བྱང་ཚར་རྗེས་གཏོར་མ་གསོ། །ཨ་ཀཱ་རོས་བྱིན་གྱིས་བརླབ། །ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སྲོག་ཆགས་ཀུན་གྱི་གཤེད་མ་རུ། །མགོ་ནག་རྐང་གཉིས་མི་རྣམས་སྲིད། །ཐབས་རྣམས་དུ་མས་སྲོག་ཆགས་གསོད། །རྐང་གཉིས་མི་ཡི་གཤེད་མ་རུ། །ཀླུ་རིགས་ཉི་ཤུ་རྩ་ལྔ་སྲིད། །ཀླུ་ནད་རྣམ་པ་སྣ་ཚོགས་ཀྱིས། །མི་རྣམས་ཐམས་ཅད་དམྱལ་ཐག་བཅད། །དེ་ཚེ་ཀླུ་རྣམས་འདུལ་བའི་ཕྱིར། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ལས་ཡི་གེ་ཕེ་གཅིག་

p. 444

འཕྲོས། །འཇིག་རྟེན་འདས་དང་མ་འདས་མཚམས། །ཆོས་ཉིད་རང་མདངས་རྒྱ་མཚོའི་དབུས། །འཇམ་དཔལ་ནཱ་ག་རཀཱར་སྤྲུལ། །ཀླུ་རིགས་ཐམས་ཅད་འདུལ་བར་མཛད། །ཡེ་ཤེས་ཀླུ་བདུད་མགོ་དགུ་སྟེ། །དགེ་བསྙེན་སྨྱོ་ཁའི་རྗེ་བོ་མཛད། །ཀླུ་རིགས་རྣམས་ཀྱི་ཡང་རྗེ་མཛད། །དེ་ཚེ་རྗེ་བཙུན་འཇམ་དཔལ་གྱིས། །ཀླུ་འབུམ་རྒྱུད་གྱི་ཊིཀ་གསུངས། །འགྲོ་བའི་ཀླུ་ནད་སེལ་བར་མཛད། །ནཱ་ག་རཀ་དྲག་པོའི་སྐུ། །ཀླུ་བདུད་འཆི་བདག་མགོ་དགུ་ཞེས། །གཏད་ཁྲམ་ཀུན་གྱི་གཉེར་ཁ་འཛིན། །།སངས་རྒྱས་བསྟན་པའི་བྱ་ར་མཛད། །གཤིན་རྗེ་འཆི་བདག་ནག་པོར་གྲགས། །རྒྱུད་དང་སྒྲུབ་ཐབས་བསམ་མི་ཁྱབ། །ནཱ་ག་རཀཱ་ཞི་བའི་སྐུ། །མི་རྣམས་ཀུན་གྱི་མགོན་མཛད་ཕྱིར། །མི་མགོན་དཀར་པོ་ཞེས་སུ་གྲགས། །ངོ་བོ་རྗེ་བཙུན་འཇམ་པའི་དབྱངས། །སེམས་ཅན་ཀུན་གྱི་མགོན་མཛད་ཕྱིར། །འཇིག་རྟེན་ལྷ་འདྲེའི་ཚུལ་དུ་བཞུགས། །རྟ་མགྲིན་ནཱ་ག་ཀླུ་འདུལ་དང་། །གསང་བདག་ཕྱག་ན་རྡོ་རྗེ་ལ། །སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །བསྟན་པ་བསྲུང་བར་དམ་བཅས་པས། །ཀླུ་ཡི་མགོན་པོ་དཀར་པོར་གྲགས། །ཀླུ་

p. 445

སྒྲུབ་འཇམ་དཔལ་བཤེས་གཉེན་སོགས། །རིག་འཛིན་མང་པོས་བཀའ་ཡང་བསྒོས། །སྒྲུབ་པ་བྱེད་པའི་གང་ཟག་ལ། །ལོངས་སྤྱོད་དངོས་གྲུབ་སྩོལ་བར་ཆད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མང་ཡུལ་བྱམས་སྤྲིན་ལྷ་ཁང་དང་། །འོར་རྔུ་བྱམས་པའི་སྲུང་མར་བསྐོས། །བཞུགས་གནས་སྨར་ཁམས་ལུང་ཡང་བསྟན། །རྒྱ་གར་ཆུ་བོ་གང་གཱའི་འགྲམ། །བླ་མ་དཔལ་ཆེན་ཧྥ་ལོ་ལ། །རང་གཟུགས་བསྟན་ནས་སྒྲུབ་ཐབས་ཕུལ། །མར་མི་དྭགས་པོ་ཕག་གྲུ་པ། །ཉག་རས་སེ་བོ་ལ་སོགས་པ། །སྒྲུབ་བརྒྱུད་བཀའ་ཡི་སྲུང་མ་མཛད། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རིག་འཛིན་མི་འགྱུར་རྡོ་རྗེ་ལ། །རང་གཟུགས་དངོས་སུ་བསྟན་ནས་ཀྱང་། །ང་ལ་མཆོད་བསྟོད་འདི་ལྟར་གྱིས། །ཞེས་གསུངས་གསོལ་མཆོད་སྒྲུབ་ཐབས་ཕུལ། །གནམ་ཆོས་བཀའ་ཡི་སྲུང་མ་མཛད། །དེ་ལྟར་སྔོན་ནས་ད་ལྟའི་བར། །གསང་སྔགས་བཀའ་ཡི་སྲུང་མ་སྟེ། །བློ། རིག་འཛིན་བརྒྱུད་ཀྱི་སྲུང་མ་ཡིན། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །བཙུན་མོ་བློན་པོ་འཁོར་དང་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཡིད་ལས་སྤྲུལ་

p. 446

པ་འོ་མའི་མཚོ། །ཆུ་འཛིན་འཁྲིགས་པའི་བླ་བྲེའི་འོག །རིན་ཆེན་གཞལ་ཡས་ཕོ་བྲང་དབུས། །ཀླུ་རིགས་ཀུན་གྱིས་བཏེག་པའི་ཁྲི། །པད་དཀར་ཟླ་བ་རྒྱས་པའི་སྟེང་། །བདག་ཅག་རྣམས་ཀྱི་མགོན་མཛད་ཕྱིར། །ཀླུ་ཡི་མགོན་པོ་དཀར་པོ་ནི། །ཇི་སྲིད་མཆོད་པ་འབུལ་བགྱིད་བར། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས། །མི་རྣམས་ཀུན་གྱི་མགོན་པོར་མཛོད། །རང་དམ་རང་གིས་བཅས་པ་དང་། །རྟ་མགྲིན་གསང་བདག་པད་འབྱུང་གི །སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབས་།དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །དཀར་གསུམ་མངར་གསུམ་མཆོད་པ་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་དང་། །ཤིང་རྩི་མེ་ཏོག་དར་ཚོན་དང་། །མདའ་དར་ཆུ་གནས་སྣ་ཚོགས་རིགས། །ཕྱེ་མར་བཟང་ཤིང་བདུག་སྤོས་དང་། །མཆོད་སྤྲིན་འཇིག་རྟེན་གང་བ་འབུལ། །རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །གཏོར་མ་ཟག་མེད་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་ནུས་པར་ལྡན། །ཟད་མེད་ཟག་མེད་བདེ་བསྐྱེད་པ། །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །བཙུན་མོ་བློན་

p. 447

པོ་འཁོར་གཡོག་བཅས། །ཐམས་ཅད་ཀུན་ལ་འབུལ་གྱིས་བཞེས། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ནས། །ཀླུ་ནད་ཐམས་ཅད་ཞི་བ་དང་། །བཀྲག་མདངས་གཟི་བརྗིད་འཕེལ་གྱུར་ཅིག །ཨོཾ་ནཱ་ག་རཱ་ཛ་ཨ་ཏི་ཧཱུྃ། ས་པ་རི་བཱ་ར་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ཧཱུྃ། བཅོམ་ལྡན་མགོན་པོ་འཇམ་དབྱངས་ཀྱི། །ཐུགས་སྤྲུལ་ཀླུ་ཡི་མགོན་པོ་ནི། །མི་མགོན་དཀར་པོ་གཏེར་གྱི་བདག །དུང་མདོག་དཀར་པོ་མཛེས་ཤིང་འཛུམ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །རེས་འགའ་སྦྲུལ་མགོ་བརྒྱ་སྟོང་ལྡན། །ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ལ། །སྦྲུལ་གྱི་མཇུག་མས་མི་མངོན་དཀྲིས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཕྱག་གཉིས་ཐལ་མོ་སྦྱར་བའི་བར། །གཏེར་གྱི་བུམ་པ་བསྣམས་པ་ལ། །ཁ་རྒྱན་ཡིད་བཞིན་ནོར་བུས་བརྒྱན། །རིན་ཆེན་འབར་བའི་གཙུག་ཕུད་ཅན། །རེས་འགའ་ཕྱག་གཡས་ནོར་བུ་ལས། །དགོས་འདོད་ཆར་པ་སི་ལི་ལི། །གཡོན་པས་རིན་ཆེན་ཟ་མ་ཏོག །རིན་ཆེན་གཏེར་གྱིས་བཀང་བ་འཛིན། །པད་དཀར་ཟླ་བའི་གདན་ལ་བཞུགས། །སྦྲུལ་མཇུག་རྩེ་མོ་འོ་

p. 448

མཚོར་ནུབ། །སྟེང་ན་འཇའ་སྤྲིན་བླ་རེ་འཁྲིགས། །འབྲུག་སྒྲ་ཁུ་འཕང་ཤ་ར་ར། །རྨ་གཡང་དངོས་གྲུབ་སྤྲིན་ལྟར་འཐིབས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཐམས་ཅད་སོལ། །ཚེ་དང་བསོད་ནམས་དཔལ་འབྱོར་ནི། །དབྱར་གྱི་ཆུ་བཞིན་འཕེལ་བར་མཛོད། །ཧཱུྃ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །སྤྲུལ་པ་ཁམས་ཀྱི་ཕྱོགས་སུ་བྱོན། །རྨ་གཉན་སྤོམ་རའི་ནང་བློན་ཏེ། །ཡབ་ནི་རྨ་གཉན་ཀླུ་ཐོག་རྗེ། །ཡུམ་ནི་མཚོ་རྒྱལ་སྟེང་སྒྲོན་མ། །དེ་གཉིས་རྫུ་འཕྲུལ་བསྡེབས་པ་ལས། །མི་མགོན་དཀར་པོ་མཆེད་བདུན་འཁྲུངས། །དགུན་གསུམ་ས་དང་ཆུ་ལ་གནས། །ས་འོག་ཀླུ་ཡི་རྒྱལ་པོ་མཛད། །ཀླུ་རྒྱལ་མི་མགོན་དཀར་པོར་གྲགས། །ཀླུ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། །རིགས་བཞིའི་ཀླུ་རྣམས་ཕོ་ཉར་འགྱེད། །ནག་ཕྱོགས་ཀླུ་ཡི་ཁ་གནོན་མཛད། །ཀླུ་ནད་ཐམས་ཅད་སེལ་བར་མཛད། །ཀླུ་རྒྱལ་མི་མགོན་དཀར་པོ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཀླུ་གཡང་མི་ལ་དབབ་ཏུ་

p. 449

གསོལ། །བཀྲ་ཤིས་དར་རྒྱས་ཆེ་བར་མཛོད། །མཚོ་དང་ཆུ་ལ་གནས་པའི་ཚེ། །མཚོ་རླབས་མཚོ་བསྐྱམས་ཆེམས་སེ་ཆེམ། །མཚོ་ལུད་རླབས་ཕྲེང་ཀྱི་ལི་ལི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཁྱོད་ལ་གསང་བའི་མཚན་བཏགས་པ། །ཀླུ་རྗེ་ཐོད་དཀར་མི་ཡི་མགོན། །སྲས་ནི་མཁར་ནག་རྡོ་རྗེ་རྒྱལ། །དབུས་གཙང་ཁམས་གསུམ་ཆུ་བདག་ཀུན། །ཡབ་སྲས་གཉིས་ཀྱི་འབངས་དང་འཁོར། །སྒྲུབ་བརྒྱུད་སྲུང་མར་ཞལ་གྱིས་བཞེས། །ཀླུ་ཡི་མགོན་པོ་ཡབ་སྲས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །ཀླུ་གཡང་ནམ་མཁའི་ཆར་བཞིན་ཕོབ། །དཔྱིད་གསུམ་ས་དང་རི་ལ་གནས། །ས་དྲོད་ནེམ་ནེམ་ན་བུན་ཕྱུར། །ཞང་བློན་མཆེད་བདུན་ཅེས་ཀྱང་གྲགས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་དབང་ཡང་བསྐུར། །གསང་མཚན་རྡོ་རྗེ་གུར་མགོན་བཏགས། །སྨར་ཁམས་ཡུལ་༔ ལྷ་ཀུན་གྱི་རྗེ། །འོར་རྔུ་བྱམས་པའི་བཀའ་སྲུང་མཛད། །གཙུག་ལག་ཁང་གི་སྲུང་མ་ཆེ། །ཀླུ་ཡི་མགོན་པོ་མཆེད་འཁོར་བཅས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །

p. 450

བསྟན་པ་དར་ཞིང་རྒྱས་པ་ཡི། །རྨ་གཡང་དངོས་གྲུབ་བསྩལ་དུ་གསོལ། །དབྱར་གྱི་ཟླ་བ་གསུམ་པོ་ལ། །བར་སྣང་ནམ་མཁའི་དབྱིངས་ན་བཞུགས། །སྤྲིན་ཕུང་ཁ་ཆར་བུ་ཡུག་འཚུབ་། །ཡེ་བརྫུ་ཁ་ཆར་འདབ་མ་ཅན། །མི་དཀར་རྟ་དཀར་རི་ལོགས་ཙམ། །དབུ་ལ་ཐང་ཞུ་དཀར་པོ་ཅན། །ཁམས་ཀྱི་བྱ་ཐུལ་ཞེས་སུ་གྲགས། །སུམ་བརྒྱ་དྲུག་ཅུའི་འཁོར་དང་བཅས། །སྤྲུལ་པའི་ཚོགས་ཀྱིས་ནམ་མཁའ་གང་། །ཀླུ་ཡི་དགེ་བསྙེན་མཐུ་བོ་ཆེ། །མི་མགོན་དཀར་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །མི་གཡང་ནོར་གཡང་འདིར་ཁུག་ཅིག །སྟོན་གསུམ་རྩི་ཐོག་བཅུད་ལ་འཁོར། །ལོ་ལེགས་འབྲུ་འཕེལ་ཡུལ་ལྷ་མཛོད། །སད་སེར་བཙའ་འབུའི་ཁ་ཁོག་ལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །ལོ་ལེགས་སྐྱ་རྒྱལ་གཡང་ཕོབ་ཅིག །མི་གཡང་ཀུན་གྱི་མགོན་མཛད་ཚེ། །སྐུ་མདོག་གངས་ཀྱི་རི་ལྟར་འཚེར། །ཕྱག་ན་མེ་ཏོག་ལྗོན་ཤིང་རྒྱས། །མྱུར་མགྱོགས་ཆུ་རྟ་སྔོན་པོ་ཆིབས། །བྱེའུ་སྒང་ནས་སྦར་ཅིང་བྱོན། །མི་བུ་ཚང་ནས་སྐྱེད་ཅིང་བྱོན། །བདག་ཅག་ཡོན་

p. 451

མཆོད་འཁོར་བཅས་རྣམས། །རྨངས་པོ་རྣམས་ནི་འཕེན་པར་གྱིས། །རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །རིགས་རྒྱུད་གཟུགས་མཛེས་ཤེས་རབ་ལྡན། །བསྟན་པ་འཛིན་པའི་བཤེས་གཉེན་ནི། །ཐུབ་བསྟན་གནས་པར་འབྱུང་འགྱུར་བའི། །གཡང་དང་དངོས་གྲུབ་བསྩལ་དུ་གསོལ། །རིན་ཆེན་ནོར་གྱི་ལྷ་མཛད་ཚེ། །སྐུ་མདོག་སྔོན་པོ་གཡུ་འོད་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །རིན་ཆེན་ནོར་གྱི་ཆར་པ་འབེབས། །ཆིབས་སུ་གླང་ཆེན་འགྱིང་བ་ཆིབས། །རྐང་བཞི་ཕྱུགས་ཀྱི་གཡང་ཕོབ་ལ། །དབུལ་པོ་རྣམས་ནི་ཕྱུག་པར་གྱིས། །ནོར་འཕེལ་ཕྱུགས་གཡང་བསྩལ་དུ་གསོལ། །འབྲུ་དང་ལོ་ཏོག་མགོན་མཛད་ཚེ། །སྐུ་མདོག་སྔོན་པོ་འཇའ་ལྟར་འཚེར་། །ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། །ཕྱག་ན་འབྲས་ཀྱི་སྙེ་མ་འཛིན། །འབྲུག་སྒྲོག་ཆར་འབེབས་འབྲུ་རྣམས་སྐྱེད། །བང་མཛོད་འབྲུ་ཡི་འཕེལ་གཡང་དང་། །དངོས་གྲུབ་རྒྱ་ཆེན་འཛད་མེད་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་བྱིན། །ནོར་ཕྱུགས་རྟ་དྲེལ་མགོན་མཛད་ཚེ། །སྐུ་མདོག་ཨུཏྤལ་ལྗང་གུ་འདྲ། །ཆུ་གླང་དཀར་པོ་ཆིབས་སུ་

p. 452

ཆིབས། །སྤྲིན་ཕུང་འཛིན་ནས་ཆར་ཆེན་འབེབས། །རྩི་ཐོག་བསྐྱེད་ཅིང་ནོར་ཕྱུགས་སྐྱོང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །ཕྱྭ་གཡང་དངོས་གྲུབ་བསྩལ་དུ་གསོལ། །ནད་པ་གསོ་བའི་མགོན་མཛད་ཚེ། །སྐུ་མདོག་དམར་བཀྲ་འོད་ཟེར་འབར། །ཆུ་རྟ་རྔོག་སྔོན་ཆིབས་སུ་ཆིབས། །ཕྱག་ན་བདུད་རྩི་བུམ་པ་བསྣམས། །བདུད་རྩིའི་རྒྱུན་གྱིས་ནད་རྣམས་བཀྲུ། །ཀླུ་ནད་མཛེ་རིགས་སོས་པར་མཛད། །བྱང་ཆུབ་སེམས་དཔའ་ཀླུ་ཡི་གཟུགས། །མི་མགོན་དཀར་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་ལ། །མཛེ་རིགས་དྲེག་གྲུམ་བད་ཀན་རིགས། །རྐང་འབམ་དམུ་ཆུ་མཁལ་ནད་སོགས། །ནད་རྣམས་ཐམས་ཅད་ཞི་བར་མཛོད། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། །ཁམས་གསུམ་དབང་དུ་སྡུད་པའི་ཚེ། །མྱུར་མགྱོགས་ཆུ་རྟ་སྔོན་པོ་བས། །ཕྱག་གཡས་སྦ་ལྕག་ཀླད་ལ་བསྐོར། །གཡོན་པས་གྲྭའུ་ཐུགས་ཀར་འཛིན། །སྣང་སྲིད་བདག་གི་དབང་དུ་སྡུས། །སྡང་བའི་དགྲ་ལ་དམག་འདྲེན་ཚེ། །གསེར་མདོག་སྐུ་ལ་བསེ་ཁྲབ་གསོལ། །རྟ་དཀར་གཡུ་རྔོག་

p. 453

ཆིབས་སུ་ཆིབས། །ཕྱག་གཡས་མདུང་དར་དཀར་པོ་ཕྱར། །འཁོར་གསུམ་བསྐོར་ཞིང་གཉན་དམག་སྡུད། །རྡོ་རྗེ་འོད་དཀར་ཞེས་ཀྱང་བྱ། །རྡོ་རྗེ་ཀླུ་རྒོད་ཅེས་ཀྱང་བྱ། །ལྡོམ་ལྡོམ་རཱ་ཙ་ཞེས་ཀྱང་བྱ། །སྤྲུལ་པས་ནམ་མཁའ་བར་སྣང་གང་། །སྤྲུལ་པས་ས་གཞི་ས་འོག་གང་། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྡང་དགྲ་གནོད་བྱེད་ཆམ་ལ་ཕོབ། །སྟོབས་དང་འབྱོར་པ་རྒྱས་པ་ཡི། །གཡང་དང་དངོས་གྲུབ་བསྩལ་དུ་གསོལ། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །བློན་པོ་ཀླུ་རྒྱལ་དུང་སྐྱོང་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། །གཡོན་པས་རིན་ཆེན་ཟ་མ་ཏོག །སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །ཡིད་ལ་ཅི་བསམ་ཅི་སྨོན་པ། །ཐམས་ཅད་ཁྱོད་ཀྱིས་འགྲུབ་པར་མཛོད། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །བཙུན་མོ་ཀླུ་མོ་འོད་ལྡན་མ། །གསེར་མདོག་མཛེས་སྡུག་འཛུམ་པ་ལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བཀླུབས། །

p. 454

ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །གཡོན་པས་རིན་ཆེན་ཟ་མ་ཏོག །སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། །དར་ཟབ་ན་བཟས་རབ་ཏུ་བཀླུབས། །བཞེངས་སྟབས་སྦྲུལ་མཇུག་སྐེད་ལ་དཀྲིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཅི་འདོད་དངོས་གྲུབ་ཁྱོད་ལ་ཡོད། །དེ་རྣམས་བདག་ལ་མྱུར་དུ་སྩོལ། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །བཀའ་འཁོར་ཀླུ་ཆེན་བརྒྱད་པོ་རྣམས། །སྐུ་སྟོད་ལྷ་བུའི་ཆ་ལུགས་ལ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ནོར་བུའི་གཙུག་ཕུད་རིན་ཆེན་བརྒྱན། །ཐལ་སྦྱར་གཏེར་གྱི་བུམ་པ་འཛིན། །སྐུ་སྨད་སྦྲུལ་མཇུག་གཡས་སུ་འཁྱིལ། །བཙུན་མོ་སྲས་དང་བློན་པོར་བཅས། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཀླུ་ནད་ཐམས་ཅད་ཞི་བ་དང་། །ཀླུ་གཡང་མི་ལ་དབབ་ཏུ་གསོལ། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །སྲས་ནི་ཀླུ་ཕྲུག་བརྒྱ་རྩ་བརྒྱད། །ཁྱེའུ་ཆུང་བརྒྱ་དང་རྩ་བརྒྱད་དེ། །རེས་འགའ་ཆུ་རྟ་བརྒྱ་རྩར་སྤྲུལ། །རེས་འགའ་གསེར་ཉ་བརྒྱ་རྩོར་སྤྲུལ། །རེས་འགའ་དུག་སྦྲུལ་བརྒྱ་རྩར་སྤྲུལ།

p. 455

གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཡབ་ཡུམ་བློན་འབངས་སྲས་བཅས་ཀྱིས། །བདག་ལ་སིདྡྷི་མྱུར་དུ་སྩོལ། །གལ་ཏེ་མྱུར་དུ་མ་སྩོལ་ན། །སྔོན་གྱི་ཁས་བླངས་དམ་ལས་འགལ། །རྡོ་རྗེ་གཏུམ་པོ་ཐུགས་ཁྲོས་ནས། །སྤྲུལ་པའི་ཁྲོ་བོ་བྱ་ཁྱུང་དང་། །མེ་ཚན་བྱེ་ཚན་འཇིགས་པ་འབྱུང་། །དེ་བས་མྱུར་དུ་དངོས་གྲུབ་སྩོལ། །ༀ་ཕེ་ལ་ཧཱུྃ། ཨོཾ་ནཱ་ག་འདུས། ནཱ་ག་དྷུ། ནཱ་ག་སརྦ། ཧེ་ལོང་། ཧེ་ལོང་། ནཱ་ག་འདུས་འདུས། ཤཱནྟཾ་འདུས། པུཊྚི་འདུས། ནཱ་ག་དྷེ་ཝ་སརྦ་སིདྡྷི་ས་མ་ཡ། ནཱ་ག་འདུས་འདུས། ཧཱུྃ་ཧཱུྃ། བང་ཝ་ལ་འདུས། པུཊྚི་ཚེ་དང་བསོད་ནམས་ལ་སིདྡྷི་ཧཱུྃ། ཞེས་པ་རྒྱ་གར་ཁྲག་འཐུང་ནག་པོས་མཛད་པའི་སྒྲུབ་སྔགས་དང་། ཨོཾ་སྤུ་ཙེ་སྤུ་ཙེ་ནཱ་ག་སྤུ་ཙེ། སྤུ་ཏ་སྤུ་ཏ་ནཱ་ག་སྤུ་ཏཱ། ཕི་ཤང་ཕི་ཤང་ནཱ་ག་ཕི་ཤང་། ནཱ་ག་སིདྡྷི་འུབ་འབ། རུག་རུག་སིདྡྷི་སྡུས་སྡུས་ཧཱུྃ། ཨོཾ་ནཱ་ག་ལེ་ནཱ་ག་ལེ། ནཱ་ག་དུང་དུང་ནཱ་ག་སིདྡྷི་ཧཱུྃ། ཨོཾ་ནཱ་ག་པྲ་ཏི་རཱ་ཛ་ས་མ་ཡ་སིདྡྷི་འདུས་འདུས། ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་སྔགས་སོ། །དེ་རྣམས་ཅུང་ཟད་རེ་བཟླས་ཏེ། རྒྱུན་དུ་གཙོ་བོ་གནམ་ཆོས་གཞུང་གི་སྔགས་བཟླའོ། །དེ་ལྟར་རྒྱུན་དུའམ་དུས་བཟང་ལ་གསོལ་ཁ་

p. 456

བྱ། སྒྲུབ་དུས་ཀྱང་གསོལ་ཁ་གལ་ཆེ་སྟེ། འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ། །ཅེས་གསུངས། ཡང་དགྲ་བགེགས་སོགས་ལ་རྦད་ན། དམར་གཏོར་ལ་དགུག་གཞུག་བྱ་སྟེ། ངོ་བོ་དགྲ་བགེགས་ཤ་ཁྲག་ལ་རྣམ་པ་བདུད༔ རྩིར་བསམས་ལ་འབུལ། ཧཱུྃ། ཀླུ་ཡི་མགོན་པོ་དཀར་པོ་ནི། །དྲག་པོའི་ལས་ལ་བསྐུལ་བའི་ཚེ། །ཡེ་ཤེས་ཀླུ་བདུད་མགོ་དགུ་པ། །ཀླུ་སྲིན་ནཱ་ག་རཀྵ་སྟེ། །སྐུ་མདོག་དུག་ཆེན་ཧ་ལའི་མདོག །ཞལ་གདངས་སྤྱན་གསུམ་མཆེ་བ་གཙིགས། །སྦྲུལ་མགོ་བརྒྱད་ནི་བར་སྣང་འཕྱོ། །སྐུ་སྨད་དུག་སྦྲུལ་འཁྱིལ་པ་ཡིས། །ཆུ་གཡག་རོག་པོ་རི་ཙམ་ཆིབས། །སྡོམ་སྡིག་སྦལ་སྦྲུལ་ཆར་དུ་འབེབས། །མེ་འབར་རླུང་འཚུབ་སེར་སྤྲིན་ཕྱུར། །རེས་འགའ་ཞལ་གཅིག་ཕྱག་གཉིས་ཏེ། །རེས་འགའ་ཕྱག་ནི་བཅུ་དྲུག་ལ། །རེས་འགའ་ཕྱག་ནི་ཉིས་བརྒྱ་ལྡན། །གཡས་ཀུན་གྲི་གུག་དགྲ་སྲོག་གཅོད། །གཡོན་ཀུན་སྦྲུལ་ཞགས་དགྲ་བོ་འཆིངས། །གཏད་ཁྲམ་ནག་པོའི་གཉེར་ཁ་འཛིན། །བསྟན་དང་བདག་ལ་སྡང་བ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །གསང་ཐིས་ནག་པོའི་ཁྲམ་ལ་ཐོབ། །གྲི་གུག་གཏུབས་ལ་སྦྲུལ་ཞགས་ཆིངས། །ཆུ་གཡག་ནག་པོས་བརྡུང་

p. 457

དུ་ཆུག །ལས་མཁན་ནག་པོ་ཏི་པ་ཙ། །ཆུ་སྲིན་འབར་བའི་གྲེ་བར་བྲུབས། །ཀླུ་ནད་སྣ་ཚོགས་དགྲ་ལ་ཐོངས། །ཀླུ་ཡི་མགོན་པོའི་དུས་ལ་བབ། །ལྡོམ་ལྡོམ་རྭ་ཙའི་དུས་ལ་བབ། །རྡོ་རྗེ་ཀླུ་རྒོད་རྩལ་མ་ཞན། །ནག་པོ་དབལ་མདངས་མཐུ་མ་ཆུང་། །འཁོར་དང་ཡང་འཁོར་བང་མ་བུལ། །ད་ལྟ་ཉིད་དུ་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཨོཾ་ནཱ་ག་རཱ་ཙ་ཀྲོ་ཏ་པ་ཙ་ལ་ཏི་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་ལ་ཕྱི་རོལ་དུ་གནོད་པའི་ཕྱོགས་སུ་ཕུལ་ལོ། །འདི་དོན་གལ་ཆེན་མིན་པར་འདོན་མི་རུང་ངོ་། །ཞེས་པ་འདི་ནི་སྔོན་གྱི་སྒྲུབ་གཞུང་གསར་རྙིང་མང་པོའི་དོན་བསྡུས་ཤིང་། རང་ཉིད་སྨར་ཁམས་ཕྱོགས་སུ་སྒར་བྱས་ནས་ཡོད་སྐབས་ཀྱང་འདིའི་རྟགས་དང་ཆོ་འཕྲུལ་མང་ཞིག་བྱུང་ཞིང་། འདི་ས་འོག་ཏུ་གནས་དུས་མི་མགོན་དཀར་པོ་དང་རི་ལ་གནས་དུས་གནས་པོ་རྡོ་རྗེ་གུར་མགོན་དང་། ནམ་མཁའ་ལ་གནས་དུས་ཡེ་བརྫུ་ཡིན་ཟེར་བ་སོགས་ལུང་བསྟན་འདྲ་བ་དང་། དང་པོ་དུས་ཇ་འདྲེན་པའི་ཚུལ་དང་། རྗེས་ལ་མི་དཀར་རྟ་དཀར་ཞྭ་ཐེབ་དཀར་པོ་ཅན་རི་ལོགས་ཙམ་དུ་གཟུགས་སྟོན་པ་དང་ས་ནག་པོ་ནས་ཕོ་བྲང་གི་མཚོ་སྟོན་པ་སོགས་ཉམས་ཀྱི་སྐབས་སུ་བྱུང་ནས། གནམ་ཆོས་ནས་སྒྲུབ་ཐབས་དང་ལས་བྱང་བྱུང་བའི་ལྷན་ཐབས་སུ་རཱ་ག་ཨ་སྱས་བྲིས་པ་ལ་ཉེས་

p. 458

འགལ་མཆིས་ན་ལྷ་ཉིད་ལ་བཤགས་ཤིང་། དགེ་བས་སྨར་ཁམས་ཕྱོགས་སུ་མི་མང་པོ་ལ་དགོས་འདོད་ཡིད་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་ལུག་ལོ་གྲོ་བཞིན་ཟླ་བའི་ཚེས་བཅུ་དྲུག་ཉིན་ཉམས་ལ་བབ་ནས་བྲིས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཀླུ་རྒྱལ་དགའ་བོ་སྒྲུབ་པ།

p. 459

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཀླུ་རྒྱལ་དགའ་བོ་སྒྲུབ་པ། ན་མསུ་ག་ཏ་ནཱ་ག་ཡེ། རང་གི་མདུན་དུ་ཀླུ་ཡི་རྒྱལ་པོ་དགའ་བོ་སྐུ་མདོག་གསེར་ལྟ་བུ་ཕྱག་གཉིས་བུམ་པ་ཐོགས་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། སྦྲུལ་མགོ་བཅུ་བཞིའི་གདེངས་ཀ་ཅན། སྤྱི་བོར་ནོར་བུས་བརྒྱན་པར་བསྐྱེད། ཨོཾ་ཨཱནཱ་ག་ནན་ད་སྭཱ་ཧཱ། ཞེས་བཟླ༔ གཞན་ལ་སྦྱིན་ན་སྦྲུལ་ལག་ཏུ་གཏད༔ འདོད་གསོལ་བྱས༔ ཨོཾ་ཧ་ཤཱན་ཨ་ཀ་ལི་རི་རཾ་ནཱ་ག་ནན་ད་སུ་པྲ་ཏིཥྛ༔ ཞེས་བརྗོད༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོའི་སྒྲུབ་ཐབས་ཟབ་མོ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་༣སྟོབས་ཆེན་གླང་གི་ལོའི་ལོ་འགོ་ལ་དགོངས་གཏེར་ལས་ཕབ་ས་ཡང་ཀླུའི་དགེ་བསྙེན་གནས་པའི་བླ་མཚོ་དང་ཉེ་བའི་སྐུ་མཁར་རྩེར་ཡིན་པས་འཇིག་རྟེན་ཐམས་ཅད་ལོ་ལེགས་པ་དང་ཆར་ཆུ་དུས་སུ་འབེབས་པའི་རྟེན་འབྲེལ་དུ་གྱུར་ཅིག །དགོངས་གཏེར་ལས་ཀླུའི་རྒྱལ་པོ་དགའ་བོའི་སྒྲུབ་ཐབས་ཀླུ་མཆོད་ཚར་མང་གསོག་ཐབས་ཁྱེར་བདེར་བཀོད་པ་བཞུགས༔ བཀའ་གཏད་ཀྱང་ཡོད༔ ན་མོ་སུ་ག་ཏ་ནཱ་གཱ་ཡ། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོའི་སྒོ་ནས། ཀླུ་མཆོད་བརྒྱ་རྩ་སྟོང་རྩ་བྱེད་པར་འདོད་ན། དཀར་གཏོར་ཆེ་ལེགས་འདབ་མ་ལྔ་བཏགས་པ་ཞིག་སྣོད་གཙང་མར་བཞག །ཐེབ་ཙེ་ནང་དུ་ཆངས་བུ་ཏིང་ལོ་བཞག །ར་དཀར་བ་དཀར་འབྲི་ཟལ་གྱི་འོ་མ་རྙེད་ན་

p. 460

རབ། མ་རྙེད་ན་འོ་ཕུད་གཙང་མ་དེ་དག་ལ་ཀླུ་སྨན་ཕྱེ་མ་བཏབ། དེ་ནས་རང་ཡི་དམ་གང་རུང་བསྒོམས་ནས། རང་གི་མདུན་དུ་ཀླུའི་རྒྱལ་པོ་དགའ་བོ་སྐུ་མདོག་གསེར་ལྟ་བུ་ཕྱག་གཉིས་བུམ་པ་ཐོགས་པ་སྐུ་སྨད་སྦྲུལ་དུ་འཁྱིལ་པ། སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན་སྤྱི་བོར་ནོར་བུས་བརྒྱན་པ། འཁོར་རིགས་ལྔའི་ཀླུ་རིགས་ཐམས་ཅད་ཀྱིས་བསྐོར་བར་གྱུར། ཧཱུྃ། ཀླུ་རྒྱལ་དགའ་བོ་སྐུ་མདོག་སེར། །ཕྱག་གཉིས་ཐུགས་ཀར་བུམ་པ་འཛིན། །སྦྲུལ་མགོ་ལྔ་བཅུའི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འཁོར་ཚོགས་རྣམས་ཀྱང་སྤྱན་འདྲེན་ན། །ཀུན་ཀྱང་དགྱེས་པའི་གདན་ལ་བཞུགས། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །གུས་པས་ཁྱེད་ལ་ཕྱག་འཚལ་ལོ། །ཨོཾ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ། ཏིཥྛ་ལྷན། ཨ་ཏི་པཱུ་ཧོ༔ གསུམ་མམ་བདུན་བརྗོད། ཀླུ་རྒྱལ་དགའ་བོ་ལ་གནོད་པའི། །གདོན་ཁྱོད་བདག་གིས་བཀར་བའོ། །མཐེབ་སྐྱུ་ཏིང་ལོ་འདི་བཞེས་ལ། །གདོན་ཁྱོད་མ་གནས་གཞན་དུ་དེངས། །གལ་ཏེ་འགྲོ་བར་མི་བྱེད་ན། །ག་རུ་ཊ་ཡིས་ཟ་བར་བྱེད། །དེ་བས་མ་འདུག་ཕྱིར་

p. 461

དེངས་ཤིག །དེ་ལན་གསུམ་མམ་བདུན་ནམ། ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཅེས་ཕྱིར་དོར། འདི་མན་ནས། ཧཱུྃ། ཀླུ་ཡི་རྒྱལ་པོ་དགའ་བོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱོབས་མཛོད། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་གྱུར་པའི། །སྣང་ཞིང་སྲིད་པའི་ཀླུ་རྣམས་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་ཕྱི་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཨོཾ་ནཱ་ག་ར་ཙ་ནཱ་གི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨརྒྷཾ་སོགས༔ བསྙེན་པ་ནི། ཨོཾ་ཨཱནཱ་ག་ནན་ད་སྭཱ་ཧཱ། ཞེས་བཟླས་སྐབས་སུ་ཅི་འགྲུབ་ཆོག །གཞན་ལ་སྦྱིན་ན་ཟན་ལ་བྱས་པའམ་བྲིས་པའི་སྦྲུལ་ལག་ཏུ་གཏད་ལ། ཀླུའི་རྒྱལ་པོ་དགའ་བོ་འཁོར་དང་བཅས་པས་སློབ་མ་འདི་ལ་སྲུང་བ་དང་སྐྱོབ་པ་དང་མགོན་དང་སྟོང་གྲོགས་མཛད་དུ་གསོལ། ཞེས་སོགས་འདོད་གསོལ་བྱས་ལ། ཨོཾ་ཧ་ཤཱ་ན་ཨ་ཀ་ལི་རི་རི་ནཱ་ག་ནན་ད་སུ་པྲ་ཏིཥྛ། ཅེས་བཀའ་གཏད་ཐོབ་

p. 462

པ་ཡིན་པས་མཎྜལ་ཕུལ། ཧཱུྃ། ཀླུ་ཡི་རྒྱལ་པོ་དགའ་བོ་དང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་གྱུར་པའི། །ཀླུ་རྣམས་ཀུན་ལ་བདག་ཅག་དང་། །ཡོན་བདག་འདི་ཕྱི་སྔ་མ་ཀུན། །ཐུགས་དང་འགལ་བ་གང་གྱུར་པ། །མཐོལ་ལོ་བཤགས་སོ་བཟོད་པར་མཛོད། །དེ་ཡན་མཆོད་པ་དང་བཤགས་པ་ཚང་བར་གསོག༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་དགའ་བོ་དང་༔ རིགས་ལྔའི་ཀླུ་རྣམས་ཐམས་ཅད་ནི༔ རང་རང་གནས་སུ་གཤེགས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་དེངས་དེངས་བྱེར་བྱེར་སོང་གཙྩ༔ ཅེས་བརྗོད་གོང་གི་མཚམས་རྣམས་སུ་རིལ་བུ་འབྲུ་སྣ་གསོ་ཞིང་འོ་མ་བླུགས་ལ་ཚར་གྲངས་གསོག །མཐར་མཚོའམ་ཆུ་ཆེན་ནམ་ཆུ་མིག་ནང་དུ་ཕུལ། ཆུ་མིག་ནང་དུ་བཅུག་ན་བྱ་ཁྱི་མི་འགྲོ་བར་བྱ། །གྲོ་དང་དཀར་གསུམ་གྱི་རིགས་ཆུ་ལ་བཏབ་ན་ཉ་ཤི་ཟེར་བ་ཐོས་པས་མི་འདེབས། ཞེས་དགོངས་གཏེར་གྱི་དོན་རཱ་ག་ཨ་སྱས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བརྩོན་འགྲུས་རྒྱ་མཚོ་སྟེ་གཞན་ཕན་འགྲོ་དོན་རྒྱ་ཆེན་པོར་གྱུར་ཅིག །ཆར་འབོད་དུས། ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ༔ སྲིད་བཙལ་ནོར་སྒྲུབ་དུས། ཀླུ་གཡང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་སྦྱར། མངྒ་ལཾ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུའི་མགོན་པོ་དཀར་པོ་སྒྲུབ་པའི་ཞལ་ཤེས་ཀྱི་ཟིན་བྲིས།

p. 463

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུའི་མགོན་པོ་དཀར་པོ་སྒྲུབ་པའི་ཞལ་ཤེས་ཀྱི་ཟིན་བྲིས་བཞུགས་སོ༔

p. 464

ན་མོ་བཛྲ་པཱ་ཎི་ཡེ༔ གསང་བདག་མཆོག་ལ་ཕྱག་འཚལ་ལོ༔ ཀླུ་ཡི་མགོན་པོ་དཀར་པོ་ཡི༔ སྒྲུབ་ཐབས་གནམ་ཆོས་ཞལ་ཤེས་བྲི༔ ཀླུ་ཡི་མགོན་པོས་བཀའ་གནང་སྩོལ༔ འདི་ལ་རྒྱས་འབྲིང་བསྡུས་གསུམ་སྟེ༔ རྒྱས་པར་ས་སྟེགས་གྲུ་བཞིའི་སྟེང་༔ རྡུལ་ཚོན་པད་དཀར་འདབ་བརྒྱད་བྲི༔ དེ་རྒྱབ་ཆུ་རིས་སྔོན་པོ་ཟླུམ༔ དེ་རྒྱབ་སྤང་སྔོན་བསྒྲིགས་པ་ལ༔ ཤིང་རྩི་སྣ་ཚོགས་ར་བས་བསྐོར༔ འབྲིང་དུ་གཞི་དཀར་གཙང་མའི་སྟེང་༔ ནས་ཀྱི་པདྨ་བདབ་བརྒྱད་བྲི༔ བསྡུ་ན་དཀྱིལ་འཁོར་མི་དགོས་སོ༔ སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་སྟེ༔ ལུང་པ་ཤར་

p. 465

གྱུའི་ས་སྣ་དང་༔ དེ་ཡི་ཉ་ལྕིབ་ཆུ་དང་བཅས༔ ཆུ་མིག་ཤར་གྱུའི་ཆུ་དང་ས༔ ཙན་དན་དཀར་པོ་ཀླུ་སྨན་དང་༔ རིན་ཆེན་སྣ་ཚོགས་ཞིབ་པར་བཏགས༔ བ་དམར་ར་དཀར་འོ་མས་སྦྲུས༔ ས་ནི་སྤྱིན་པོ་དང་བསྲེས་ལ༔ གླང་པོ་ཆེ་ཡི་གཟུགས་གཅིག་བྱ༔ མཁལ་ཁུང་གཉིས་སུ་འབྲུ་སྣ་བླུག༔ བསྒྲུབ་སྔགས་ཀུན་གྱི་ཤོག་དྲིལ་ནི༔ གང་འདོད་ཟས་ནོར་ལོངས་སྤྱོད་རྣམས༔ སྩོལ་ཞེས་ཤམ་བུ་དང་བཅས་ལ༔ རྒྱ་སྣག་གིས་ནི་གྲོ་གར་བྲིས༔ དར་སེར་བཏུམ་ལ་སྙིང་ཀར་བཅུག༔ གོང་གི་རྫས་དང་ས་སྣ་ལ༔ བང་བའི་གཟུགས་ནི་ཁྲུ་བཞི་ལ༔ ལོགས་རེར་ཁྲུ་

p. 466

རེ་ཡོད་པར་བྱ༔ དེ་ཡི་ནང་དུ་གླང་ཆེན་བཞག༔ ཀླུ་སྨན་འབྲུ་སྣ་རིན་པོ་ཆེ༔ དཀར་གསུམ་མངར་གསུམ་རྣམས་ཀྱིས་བཀང་༔ ཁ་ལེབ་སོར་གཅིག་ལྟེ་བ་ལ༔ འཁོར་ལོ་རྩིབས་བརྒྱད་བྲིས་པས་བཀབ༔ དེ་ལྟར་འཛོམ་པར་མ་གྱུར་ན༔ ཟངས་སམ་རིན་ཆེན་བུམ་པའམ༔ བསྲེ་ཡི་པར་བུ་གཙང་མ་འམ༔ མེད་ན་ཤིང་ངམ་རྫ་ཡི་ནི༔ སྒྲོམ་བུ་འམ་ནི་པར་བུའི་ནང་༔ ཀླུ་སྨན་རིན་ཆེན་སྣ་ཚོགས་དང་༔ བཟང་དྲུག་འབྲུ་སྣ་མངར་གསུམ་དང་༔ ཀླུ་སྨན་གླ་རིལ་ཙམ་པ་བདུན༔ མགྲོན་བུ་ལ་ནི་སྔགས་ཤོག་དྲིལ༔ དར་དཀར་ཁུག་མར་བློབཅུག་པ་དང་༔ སྒྲུབ་རྫས་དེ་གཉིས་གང་འཛོམ་པ༔ དཀྱིལ་འཁོར་དབུས་སུ་བཞག་པར་བྱ༔ གཙོ་བོ་དུང་སྐྱོང་ཡུམ་གསུམ་གྱི༔ ཙཀ་ལི་འམ་ནི་ཐང་སྐུ་ནི༔ དེ་ཡི་སྟེང་དུ་བཤམ་པར་བྱ༔ རིན་ཆེན་སྣོད་དམ་སྣོད་གཙང་དུ༔ གཏོར་མ་བཅས་པ་མདུན་དུ་བཞག༔ རྒྱས་པར་དབུས་སུ་ཆེ་བ་གཅིག༔ དེ་བས་ཆུང་ཙམ་གཡས་གཡོན་གཉིས༔ དཀར་གཏོར་རྩེ་རྒྱལ་ཡིན་པ་སྟེ༔ དེ་རྒྱབ་དུང་གི་དབྱིབས་འདྲ་བའི༔ བརྒྱད་ཀྱིས་མཐའ་ནི་བསྐོར་བ་བྱ༔ དཀྱིལ་འཁོར་ཆུ་རིས་སྟེང་དུ་ནི༔ སྦལ་སྦྲུལ་ཆུ་རྟ་ཆུ་ལུག་དང་༔ ཆུ་འབྲི་འམ་ཆུ་གནས་

p. 467

སྣ་ཚོགས་གཟུགས༔ ཐམས་ཅད་རྗེན་འཐག་ཟན་ལ་བཅའ༔ ཞོ་དང་འོ་མའི་མཆོད་ཡོན་དང་༔་ཕྱེ་མར་ཐུད་ཆུར་མར་སོགས་དང་༔ མེ་ཏོག་ཤིང་ཐོག་འབྲུ་སྣའི་རིགས༔ ཤ་ཁྲག་མ་གཏོགས་ཟས་སྣ་ནི༔ མཆོད་པ་ཅི་འབྱོར་གཟབ་ལ་བཤམས༔ སྣ་ཚོགས་དར་གྱིས་བརྒྱན་པ་ཡི༔ མདའ་ནི་རྒོད་སྒྲོ་མ་ཡང་བཙུགས༔ དེ་ལ་སྔགས་ཀྱི་ཤོག་དྲིལ་དང་༔ གཡུ་དུང་བྱུ་རུ་ཉ་ཕྱིས་བཏགས༔ དེ་ལྟར་སྒྲུབ་རྫས་འཛོམ་ན་བཟང་༔ གལ་ཏེ་ཅི་ཡང་མི་འཛོམས་ན༔ དཀར་གཏོར་ཆེ་བ་གཅིག་ལ་ནི༔ དུང་འདྲའི་རིལ་བུ་བརྒྱད་ཀྱིས་བསྐོར༔ དེ་ལ་ཀླུ་སྨན་བཏབ་པས་འཐུས༔ རང་ཉིད་ཁྲུས་དང་གཙང་སྦྲ་བྱ༔ སྒྲུབ་ཚེ་མཚམས་བསྡམས་ངག་མི་སྨྲ༔ ཤ་ཆང་སྤང་ལ་དཀར་གསུམ་བཟའ༔ ཁྱི་དང་བུད་མེད་མཛེ་ཡུགས་དང་༔ དམེ་ཅན་སྡིག་ཅན་གྲིབ་ཆེན་ནི༔ མཚམས་ཁང་ནང་དུ་མི་བཙུད་འཛེམས༔ དེ་ཚེ་འཁོན་དང་འཐབ་མོ་དང་༔ ཐབ་གཞོབ་སྤངས་བར་བྱ་བ་གཅེས༔ དུས་ནི་ཀླུ་ཐེབས་ཡོད་པའི་དུས༔ རབ་ཏུ་ཞག་བདུན་འབྲིང་ཞག་ལྔ༔ ཐ་མ་བཅུ་བཞི་ནས་བཟུང་སྟེ༔ བཅུ་དྲུག་བར་དུ་ཞག་གསུམ་བསྒྲུབ༔ རང་ཉིད་ཕྱག་ན་རྡོ་རྗེ་འམ༔ ཡང་ན་ཨོ་རྒྱན་

p. 468

བསྒོམ་པར་བྱ༔ བདག་གིས་སོགས་བསྙེན་ཞག་གསུམ་བྱ༔ དེ་ནས་རྒྱུན་དུ་ནོར་སྒྲུབ་སྔགས༔ དེ་ནི་རྒྱུན་དུ་འདོན་པར་བྱ༔ རྟགས་ནི་ཁ་ཆར་འབེབཨོཾས་པ་དང་༔ འབྲུག་དང་ཁུ་འཕངས་བབ་ན་བཟང་༔ ཉམས་སྣང་ངམ་ནི་རྨི་ལམ་དུ༔ མཚོ་དང་ཆུ་མིག་ནེའུ་སིང་དང་༔ མེ་ཏོག་རྒྱས་པའི་ཚལ་དུ་ཕྱིན༔ ཆུ་གནས་སྣ་ཚོགས་རྨིས་པ་དང་༔ རྒྱལ་པོ་བློན་པོ་མི་ཆེན་དང་ཁྱེའུ་བུ་མོ་མེས་མོ་དང་༔ འབྲོག་པའི་རུ་བ་ཚན་ཆེན་དང་༔ རྟ་ལུག་ནོར་ཁྱུ་ཚུར་བྱུང་དང་༔ རིན་ཆེན་གཏེར་ཁ་རྙེད་པ་དང་ལོ་ཐོག་རྒྱས་དང་འབྲུ་ལ་སྤྱོད༔ ཟས་ནོར་ལོངས་སྤྱོད་ཕུལ་བྱུང་དང་༔ མི་མང་ཕྱག་འཚལ་བཀུར་སྟི་བྱེད༔ དེ་སོགས་དཔག་མེད་རིགས་པས་དཔྱད༔ སྒྲུབ་པ་ཚར་ནས་སྒྲུབ་རྫས་རྣམས༔ གཞན་གྱིས་མ་མཐོང་ཕུགས་སུ་སྦས༔ ཆུ་གནས་གཟུགས་རྣམས་ཆུ་མིག་སྦས༔ ཡང་ན་ཆུ་ཆེན་ནང་དུ་བསྐྱལ༔ བྱ་དང་ཁྱི་ཡིས་མི་ལོན་བྱ༔ གཏོར་མཆོད་ཐམས་ཅད་ཆ་གསུམ་བསྒོས༔ ཆ་གཅིག་རི་མགོ་གཙང་སར་བསྐྱལ༔ ཆ་གཅིག་ཆུ་བོ་ཆུ་མིག་བསྐྱལ༔ ཆ་གཅིག་ཕུགས་སུ་སྦ་བ་དང་༔ ཅུང་ཟད་དངོས་གྲུབ་མོས་ན་བཟའ༔ རྗེས་ནས་སྐབས་སུ་མཆོད་གཏོར་ཕུལ༔ དེ་ཚེ་གཏོར་

p. 469

མ་དངོས་གྲུབ་རོལ༔ ཕྱི་རྗེས་མི་ལ་སྦྱིན་མི་བྱ༔ བྱིན་ན་རང་གི་གཡང་ཁ་རལ༔ འདི་ནི་འཇམ་དབྱངས་སྤྲུལ་པ་སྟེ༔ ཕྱི་མའི་ས་ལམ་བར་ཆད་སེལ༔ འདི་ནི་ལན་གསུམ་སྒྲུབ་པ་ན༔ བསོད་ནམས་ནམ་མཁའ་དང་མཉམ་གསུངས༔ སྟོང་གསུམ་ལྷ་འདྲེ་མི་གསུམ་རྣམས༔ ཐམས་ཅད་དབང་དུ་འདུ་བར་གསུངས༔ རང་གི་རིགས་རྒྱུད་དར་ཞིང་རྒྱས༔ བུ་ཚ་བུ་མོ་ཐམས་ཅད་ཀྱང་༔ གཟུགས་བཟང་མདོག་དཀར་ཤེས་རབ་ཆེ༔ ལོ་ལེགས་འབྲུ་འཕེལ་ནོར་སྒབ་སོས༔ བང་མཛོད་འབྲུ་དང་རྐང་བཞི་ཕྱུགས༔ རྨ་གཡང་ཟས་ཀྱི་དངོས་གྲུབ་འབྱུང་༔ ལོངས་སྤྱོད་རྒྱ་མཚོ་ལུད་བཞིན་འབྱུང་༔ མི་འཕེན་རྟ་ཧྲག་བཙན་ཕྱུག་འཛོམས༔ འདི་ནི་ནོར་ལྷའི་མཆོག་ཡིན་ཏེ༔ རྒྱུད་འཇམ་འཁུ་ལྡོག་གནོད་པ་མེད༔ ནད་ཉུང་ཚེ་རིང་བསམ་དགུ་འགྲུབ༔ སྨར་ཁམས་སྒང་གི་ས་ཆ་ཀུན༔ ཁོ་ཡི་ཕོ་བྲང་ཡིན་པའི་ཕྱིར༔ བསྒྲུབ་ན་འགྲུབ་སླ་རྣོ་མྱུར་ཚེ༔ འདི་ཡི་མན་ངག་གནད་ཟབ་ནི༔ མ་གསང་ན་ནི་མི་འགྲུབ་པས༔ གཞན་ལ་ཤིན་ཏུ་གསང་ཞིང་བསྒྲུབ༔ དངོས་གྲུབ་ལོངས་སྤྱོད་ཅི་བྱུང་བ༔ དེ་ལ་ཆ་གསུམ་བགོས་བྱས་ལ༔ ཆ་གཅིག་བླ་མ་དཀོན་མཆོག་མཆོད༔ ཡང་

p. 470

ན་དགེ་བའི་ཕྱོགས་སུ་བཏང་༔ ཆ་གཅིག་སྦྱིན་པ་བཏང་བའམ༔ དགེ་འདུན་རྣམས་ལ་ཚོགས་གསོག་བྱ༔ ཆ་གཅིག་རང་གི་ལོངས་སྤྱོད་བྱ༔ འདི་ཉིད་དབང་ལུང་ཞུ་བའི་དུས༔ རིན་པོ་ཆེ་ཡི་རིགས་གཅིག་ནི༔ སློབ་དཔོན་ལ་ཕུལ་དངོས་གྲུབ་མྱུར༔ དེ་དུས་འབུལ་རྒྱུ་མ་རྙེད་ན༔ རྗེས་ནས་ཕུལ་བའི་ཁས་བླང་བྱ༔ དེ་ལྟར་ཀླུ་ཡི་མགོན་པོ་ཡི༔ སྒྲུབ་ཐབས་ཞལ་ཤེས་ཟིན་བྲིས་ཏེ༔ གནམ་ཆོས་སྒྲུབ་ཐབས་ཁ་སྐོང་དུ༔ རྒྱ་གར་ཁྲག་འཐུང་ནག་པོ་ཡིས༔ ནག་པོ་ཀླུ་ཡི་ཟླ་གནས་ནས༔ མི་མགོན་དཀར་པོའི་སྒྲུབ་ཐབས་ནི༔ ནོར་སྒྲུབ་རིན་ཆེན་གཏེར་མཛོད་མཛད༔ ཆུ་བོ་གང་གཱའི་འགྲམ་དུ་ནི༔ བླ་མ་དཔལ་ཆེན་ཧྥ་ལོ་ལ༔ ཀླུ་ཡི་རྒྱལ་པོ་ཉིད་ཀྱིས་ཕུལ༔ ཕག་གྲུས་ཉག་རས་སེ་བོར་བརྒྱུད༔ གཞན་ཡང་མི་མགོན་དཀར་པོ་ཡི༔ སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ༔ པཎ་ཆེན་དྷི་པཾ་ཀ་ར་དང་༔ ཨ་ཝ་བཱི་རུ་པ་ནས་བརྒྱུད༔ མར་པ་མི་ལ་སྒམ་པོ་པ༔ ཕག་གྲུས་ཉག་རས་སེ་བོར་བརྒྱུད༔ དེ་དག་ཀུན་གྱི་དོན་བསྡུས་ནས༔ གནམ་ཆོས་ནས་བྱུང་ལྷན་ཐབས་སུ༔ ༧ སྔགས་འཆང་རཱ་ག་ཨ་སྱ་ཡིས་སྨར་ཁམས་ས་ཆར་གནས་པ་ཡི༔ ཉམས་ལེན་སྒྲུབ་པ་རྩེ་གཅིག་ཏུ༔

p. 471

བྱེད་པའི་སྐལ་ལྡན་མང་པོ་ལ༔ མཐུན་རྐྱེན་འཚོ་བས་མི་འཕོང་བར༔ འབྱོར་པ་ཕུན་སུམ་ཚོགས་པ་དང་༔ གསང་སྔགས་རྙིང་མའི་དགེ་འདུན་རྣམས༔ ལྟོགས་རྒུར་མུ་གེ་མི་མཐོང་བར༔ མངའ་ཐང་སྟོབས་འབྱོར་རྒྱས་ཕྱིར་བྲིས༔ འདི་བྲིས་ཉེས་འགལ་ལྷ་ལ་བཤགས༔ དགེ་བས་གནམ་ཆོས་ཉམས་ལེན་ཅིང་༔ ས་ཕྱོགས་དེ་རུ་སྒྲུབ་པ་རྣམས༔ ལོངས་སྤྱོད་རྒྱ་མཚོ་ལྟར་རྒྱས་ནས༔ ཨོ་རྒྱན་བསྟན་པ་རྒྱས་པར་ཤོག༔ མངྒ་ལཾ།། །།

ཡུལ་གྱི་ཆུ་དམིགས་སོ་སོ་ལ་གནས་པའི་ཀླུ་རྣམས་མཆོད་ཐབས།

p. 472
p. 473

ཡུལ་གྱི་ཆུ་དམིགས་སོ་སོ་ལ་གནས་པའི་ཀླུ་རྣམས་མཆོད་ཐབས་བཞུགས་སོ།

p. 474

བཛྲ་པཱ་ཎི་ན་མོ། །ཀླུ་དང་ཐེའུ་རང་ཕྱེ་བ་ལ་བང་ར་འམ་རོ་ཡམ་གྱི་སྟེང་དུ་མི་གཟུགས་སྦྲུལ་མགོ་ཅན་བཞག །དེ་ཡི་གཡས་སུ་གླང་མགོ་ཅན་བཞག །རྒྱབ་ཏུ་རི་བོང་མགོ་ཅན་བཞག །མདུན་དུ་ངར་མི་དཀར་པོ་ལ་ཆངས་བུ་མཐེབ་སྐྱུ་རམ་རུག་བྲ་བོ་སྲན་མ་སོགས་བཏབ་བོ། །བང་ར་ལ་ཤིང་ཤུག་པ་གླང་མ་ལྕང་མ་ཁྲི་ཤིང་དབྱི་མོང་ཁར་གོང་། རམས་སོ་ཊ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་སྙན་པའི་དབྱངས་ཀྱིས་འདི་སྐད་དོ།། ཧཱུྃ། གསང་བདག་ཕྱག་ན་རྡོ་རྗེའི་བཀའ། །ལྷ་སྲིན་སྡེ་བརྒྱད་ང་ལ་ཉོན། །ང་ནི་བྱ་ཁྱུང་རྒྱལ་པོ་ཡིན། །ཀླུ་གདོན་ཐེའུ་རང་ང་ལ་ཉོན། །ཀླུ་གདོན་ཐེའུ་རང་སོ་སོར་ཕྱེས། །སངས་རྒྱས་ཀུན་གྱི་ཕྲིན་ལས་

p. 475

བདག །དཀོན་མཆོག་བདེན་པའི་བཀའ་ལ་ཉོན། །སྔགས་འཆང་བདག་གི་བཀའ་ལ་ཉོན། །ཆུ་ཡི་བདག་པོ་མ་ལུས་པ། །ཝ་རུ་ཎ་དང་མཐའ་ཡས་དང་། །འཇོག་པོ་དང་ནི་མཐའ་ཡས་དང་། །དུང་སྐྱོང་དག་དང་པདྨ་དང་། །རིགས་ལྡན་སྟོབས་རྒྱུ་གདོན་སྒྱུར་པ། །གདུག་པའི་སེམས་འཆང་ཐེའུ་རང་ཚོགས། །སྤྲུལ་པ་དཔག་ཏུ་མེད་པ་ཡི། །ཡས་དང་མཆོད་སྦྱིན་འདི་བཞེས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །འཁོར་འདིར་གནོད་པ་མ་བྱེད་ཅིག །གླུད་དང་བདུད་རྩི་སྨན་གྱིས་མཆོད། །འདྲེ་དང་ཐེའུ་རང་མགོན་མ་བྱེད། །ཀླུ་དང་ཐེའུ་རང་

p. 476

སོ་སོར་ཕྱེས། །ཡས་དང་གླུད་རྣམས་འདི་ཁྱེར་སོང་། །དབང་ཐང་ཆུང་སྲི་མ་བྱེད་ཅིག །སྐྱེས་པའི་ཚེ་ལ་མ་གནོད་ཅིག །བུད་མེད་སྲི་ལ་མ་བརྐུ་ཞིག །སྲིད་དང་ནོར་ལ་མ་གནོད་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །མཆོད་སྦྱིན་སྒྲུབ་པའི་རྫས་འདི་ལ། །གནོད་པའི་བགེགས་དང་བར་ཆད་དང་། །མཆོད་པའི་མདངས་འཕྲོག་མ་བྱེད་ཅིག །རང་གི་ལུས་ལ་དཔེ་ལོངས་ལ། །གནས་འདིར་མ་ཉེ་མ་འཁོར་ཅིག །རང་རང་སོ་སོའི་གནས་སུ་སོང་། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་གྷིཏྟཱ་གཱིཉྩ་ཧཱུྃ་ཕཊ། ཅེས་སྲུང་འཁོར་བསྒོམ། དེར་ཡས་སྟགས་རྣམས་ཆུ་མིག་ཕྱི་རོལ་དུ་གོམ་པ་བདུན་ཅུའི་བར་བསྐྱལ་ཞིང་དུག་ཚེར་ཁུར་ཞིང་རྒྱབ་ཏུ་དེད། རྡོག་ཐོ་རྒྱབ་ལ་ཕྱི་མིག་མི་ལྟ་བར་ནང་དུ་ལོག །མི་དམིགས་ངང་ལ་བཞག །དེ་ནས་ཀླུ་མཆོད་ལ་འཇུག་པར་བྱའོ། །འདི་ནི་རཱ་ག་ཨ་སྱས་སྦྱར། །དགེ་བས་འགྲོ་ཀུན་ཡོངས་ལ་ཁྱབ།། །༅། །ན་མོ་ལོ་ཀི་ཤྭ་ར་ཡེ། །ཡུལ་གྱི་ཆུ་མིག་སོ་སོ་ལ། །བཀྲ་ཤིས་འདོད་ཕྱིར་མཆོད་པའམ། །ཕོག་ཐུག་ཤོར་རམ་ཀླུ་ཉམས་གསོ། །ཆར་པ་དྲག་འབོད་བྱས་རྗེས་སུ། །རབ་ཏུ་ཀླུ་གཏོར་གྲུབ་ན་ལེགས། །འབྲིང་གི་ཤིང་རིས་གཅིག་ལ་ནི། །ནོར་བུ་བུམ་པ་གླང་དམར་

p. 477

དང་། །ཆུ་གནས་སྣ་ཚོགས་གཟུགས་བརྙན་བྲི། །རྒྱབ་ཏུ་ཀླུ་ཡི་བདུད་རྩི་གཟུངས། །ཏ་ལ་མ་ཐ་སྙན་ལ་ཐ། །མི་ཟད་ཡུན་གྱི་གཏེར་མཛོད་ཅིག །ཅེས་བྲི་ཤིང་རྩི་བལ་གྱིས་བརྒྱན། །དཀར་གཏོར་རིན་ཆེན་འབྲུ་སྣ་བཤམས། །ཤིང་རིས་ཤིང་རྩི་ཀླུ་ཐོར་བཙུགས། །བསྡུ་ན་འོ་ཕུད་ཀླུ་སྨན་བཏབ། །གཏོར་རིལ་ནས་འབྲུ་ཙམ་གྱིས་ཆོག །ཆུ་མིག་ཅུང་ཞིག་བསྐྱིལ་བྱས་ལ། །འདི་ཉིད་གྱེར་བསྒོམ་བྱས་པས་མཐུས། ཀྱཻ། དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །ཀླུ་ཡི་སྡུག་བསྔལ་སེལ་བའི་ཕྱིར། །རང་ཉིད་ཁ་སར་པཱ་ཎི་དཀར། །ཕྱག་གཉིས་མཆོག་སྦྱིན་པད་དཀར་འཛིན། །ཞི་འཛུམ་བཞེངས་ཐབས་རྒྱན་གྱིས་སྤྲས། །ཕྱག་མཐིལ་ཧྲི༔ཡིག་དཀར་པོ་ལས། །ཀླུ་སྨན་བདུད་རྩིའི་ཆར་རྒྱུན་བབས། །ཡུལ་དེའི་ཀླུ་དང་ས་བདག་གི །ནད་དང་སྡུག་བསྔལ་ཞི་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀླུའི་ནད་དང་སྡུག་བསྔལ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཆུ་མིག་ལ་ཁ་གཏད་ལ། ནཱ་ག་རཱ་ཙ་ནཱ་ག་ནཱ་གི །ཞེས་འབོད་པ་ཆེན་པོ་ལན་གསུམ་བྱ། ཆུ་བསྐྱིལ་བཾ་ཡིག་དཀར་པོ་གསལ། །ནཱ་ག་ར་ཙ་ཐཾ། སྔགས་གསུམ་སེ་གོལ་གསུམ་བྱའོ། །ཁཾ་ལས་ཆུ་ཡི་རྒྱུན་བབས་པས། །ཆུ་མིག་རྒྱ་མཚོ་ཆེན་པོར་གྱུར། །དེ་ནང་ཕུ་ལས་དེར་གནས་ཀླུ། །མདོག་ལྗང་

p. 478

རིན་ཆེན་རྒྱན་གྱིས་བརྒྱན། །སྦྲུལ་མགོ་གསུམ་གྱི་དབུ་རྒྱན་ཅན། །སྐུ་སྟོད་མཛེས་པ་ལྷ་ཡི་བུ། །སྐུ་སྨད་སྦྲུལ་མཇུག་ཆུ་ནང་ནུབ། །ཕྱག་གཉིས་ཐལ་མོ་སྦྱར་བའི་བར། །བུམ་པའི་མཆུ་ནས་ཆུ་རྒྱུན་བབས། །ཐུགས་ཀར་ཕུ༔ཡིག་འོད་ཟེར་གྱིས། །ཀླུ་རིགས་འཁོར་བཅས་སྤྱན་དྲངས་ནས། །ཆུ་མིག་དེ་ཡི་ཀླུ་ལ་ཐིམ། །སྟོབས་དང་ནུས་པ་འཕེལ་བར་གྱུར། །སརྦ་ནཱ་ག་རཱ་ཙ་ནཱ་གི །ཨེ་ཧྱ་ཧི་ནཱ་ག་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །བདེ་གཤེགས་ཀླུ་དབང་རྒྱལ་པོ་དང་། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཆུ་མིག་འདིར་གནས་ཀླུ་འདི་ཡི། །ནད་དང་སྡུག་བསྔལ་ཀུན་ཞི་ནས། །མཐུ་སྟོབས་གཟི་བརྗིད་རབ་འཕེལ་ནས། །འདིར་གནས་ཆུ་ཆེན་འབྲུབ་གྱུར་ཅིག །ཨོཾ་ན་མ་ཀེ་ཤེད་ཕུད་ཡ་ཏེ། ན་མ་ཀེ་པྲ་མར་དྷ་ན་ཡེ་སྭཱ་ཧཱ། ནཱ་ག་ར་ཙ་ཐཾ། ནཱ་ག་ར་ཙ་བྷ་རི་ཤ་ཡ་ཆར་ཕོབ། ཆུ་མིག་སྐམ་པོ་གསོ་བ་ནི། །སྔགས་འདི་ཁྲི་ཕྲག་འདོན་པར་བཤད། །འཕྲལ་དུ་བརྒྱ་རྩ་བཟླས་པས་ཆོག །དེ་ནས་ཀླུ་རྒྱལ་འཁོར་བཅས་སྤྱན་འདྲེན་པ་ནི། འདི་ཡི་མཚམས་སུ་ཀླུ་ཁྲུས་ལ་འཇུག་པར་བྱའོ། །བུམ་

p. 479

ཁྲུས་བྱ། ཧཱུྃ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །ཀླུ་ཡི་རྒྱལ་པོ་སྤྱན་འདྲེན་ནོ། །གཙུག་ན་རིན་ཆེན་གཤེགས་སུ་གསོལ། །མི་མགོན་དཀར་པོ་གཤེགས་སུ་གསོལ། །ཀླུ་རྒྱལ་མཐའ་ཡས་གཤེགས་སུ་གསོལ། །དབུས་ཕྱོགས་ཀླུ་རྒྱལ་གཤེགས་སུ་གསོལ། །སྤྱན་འདྲེན་ཕྱག་འཚལ་མཆོད་པ་འབུལ། །པདྨ་མཛེས་པའི་གདན་ལ་བཞུགས། །ཤར་ཕྱོགས་རྒྱལ་རིགས་དཀར་པོ་སྤྱན་འདྲེན་ནོ། །པདྨ་མཛེས་པའི་གདན་ལ་བཞུགས། །ལྷོ་ཕྱོགས་རྗེ་རིགས་སེར་པོ་སྤྱན་འདྲེན་ནོ། །པདྨ་མཛེས་པའི་གདན་ལ་བཞུགས། །ནུབ་ཕྱོགས་བྲམ་ཟེ་དམར་པོ་སྤྱན་འདྲེན་ནོ། །པདྨ་མཛེས་པའི་གདན་ལ་བཞུགས། །བྱང་ཕྱོགས་དམངས་རིགས་ལྗང་ཁུ་གཤེགས་སུ་གསོལ། །པདྨ་མཛེས་པའི་གདན་ལ་བཞུགས། །ཤར་ལྷོ་ནོར་རྒྱས་གཤེགས་སུ་གསོལ། །པདྨ་མཛེས་པའི་གདན་ལ་བཞུགས། །ལྷོ་ནུབ་སྟོབས་རྒྱུ་གཤེགས་སུ་གསོལ། །པདྨ་མཛེས་པའི་གདན་ལ་བཞུགས། །ནུབ་བྱང་དབང་ལྡན་གཤེགས་སུ་གསོལ། །པདྨ་མཛེས་པའི་གདན་ལ་བཞུགས། །བྱང་ཤར་རིགས་ལྡན་གཤེགས་སུ་གསོལ། །པདྨ་མཛེས་པའི་གདན་ལ་

p. 480

བཞུགས། །གཞན་ཡང་ཀླུ་གཉན་གཏོད་དང་བཞི། །ཡབ་ཡུམ་ལྕམ་དྲལ་སྲས་འཁོར་བཅས། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །པདྨ་མཛེས་པའི་གདན་ལ་བཞུགས། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །མ་ཤེས་མ་རིག་དབང་གྱུར་པ། །ཤིང་གཉན་བཅད་པ་མཐོལ་ལོ་བཤགས། །ས་གཉན་བརྐོས་པ་མཐོལ་ལོ་བཤགས། །ཆུ་གཉན་དཀྲུགས་པ་མཐོལ་ལོ་བཤགས། །བྲག་གཉན་བཤིགས་པ་མཐོལ་ལོ་བཤགས། །ཐབ་གཞོབ་ཤོར་བ་མཐོལ་ལོ་བཤགས། །འགལ་འཁྲུལ་འཁོན་འགྲས་བཟོད་པར་གསོལ། །ཀླུ་རྒྱལ་འཁོར་དང་བཅས་པ་ལ། །ཡོན་བདག་དད་པས་ཕྱག་འཚལ་ལོ། །ཆུ་མིག་འདི་ལ་གནས་པའི་ཀླུ། །སྐུ་མདོག་དཀར་ལྗང་འོད་ཟེར་འབར། །ཐུགས་རྗེའི་སྤྲིན་གྱི་འོད་འབར་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །ཕྱག་མཚན་ཕྱག་ན་བུམ་པ་བསྣམས། །ཀླུ་ཕྲན་ས་བདག་འཁོར་གྱིས་བསྐོར། །ཁྱེད་ལ་མཆོད་པ་འབུལ་བ་ནི། །མཆོད་པ་རྣམ་པ་སྣ་ཚོགས་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་དང་། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །ཞོ་དང་འོ་མ་མར་དང་གསུམ། །དཀར་གསུམ་གསས་

p. 481

མཆོད་པ་འདི་འབུལ་ལོ། །ཀླུ་ཡི་ལོངས་སྤྱོད་རྒྱས་གྱུར་ཅིག །ཀ་ར་བུ་རམ་སྦྲང་རྩི་གསུམ། །མངར་གསུམ་མཆོད་པ་འདི་འབུལ་ལོ། །ཟས་ཀྱི་ལོངས་སྤྱོད་ལྡན་གྱུར་ཅིག །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །ཆུ་མིག་འདི་དང་ས་བསྐོར་འདིར། །གནས་པའི་ཀླུ་དང་ས་བདག་ཚོགས། །ཐམས་ཅད་ཀུན་ལ་འབུལ་གྱིས་བཞེས། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །བཀྲེས་པ་རྣམས་ལ་ཟས་དང་ནི། །ཕོངས་པ་རྣམས་ལ་ནོར་ཐོབ་ནས། །ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ནཱ་ག་རཱ་ཙ་ནཱ་ག་ནཱ་གི་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨརྒྷཾ་སོགས། བདེ་གཤེགས་སྨན་བླའི་བྱིན་རླབས་ཀྱིས། །གེ་སར་རྣམ་གསུམ་ཛཱ་ཏི་དང་། །རྒྱ་མཚོ་ལྦུ་བ་དབང་པོ་ལག །ཆུ་སྲིན་སྡེར་མོ་པུ་ཤེལ་རྩེ། །ཨ་རུ་ར་དང་སྙིང་ཞོ་ཤ །གུ་ཝཾ་གླ་གོར་ཞོ་ཤ་དང་། །མཁལ་མ་ཞོ་ཤ་མཚལ་དང་ནི། །མགྲོན་བུ་དུང་དང་རས་

p. 482

སྐུད་སོགས། །ཀླུ་སྨན་རྣམ་པ་སྣ་ཚོགས་འབུལ། །ཀླུ་དང་ས་བདག་ནད་པ་ལ། །བདུད་རྩི་སྨན་གྱི་ཆར་ཕོབ་ལ། །ནད་མེད་བདེ་བ་ཐོབ་པར་ཤོག །ཨོཾ་ནཱ་ག་ར་ཙ་བྷུདྡྷ་བྷ་ཝན་། ན་མོ་རཏྣ་ཏྲ་ཡཱ་ཡ། ཧཱ་ཧཱ་ཧུ་ཧུ་ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ། དེ་ནས་ཡོན་བདག་ལ་ཕྱག་འཚལ་དུ་བཅུག་ལ་འདི་སྐད་དོ། །རིན་ཆེན་མཛེས་པའི་གཏོར་སྣོད་དུ། །དངོས་བཤམས་ཡིད་ཀྱིས་རབ་སྤྲུལ་ཏེ། །མཆོད་པའི་ལོངས་སྤྱོད་བདུད་རྩིའི་རྒྱ་མཚོ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །དཀྱིལ་འཁོར་པདྨ་འདབ་བརྒྱད་འདིར། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །མདའ་ལ་དར་གྱིས་བརྒྱན་པ་འདི། །ཀླུ་གཉན་ས་བདག་རྣམ་ལ་མཆོད་པ་འབུལ། །རིན་ཆེན་གསེར་གཡུའི་མཆོད་པ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །འབྲུ་སྣ་སྨན་སྣ་སྤོས་སྣ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །བ་དཀར་ར་དཀར་འོ་མ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །གདུང་བའི་དབྱངས་དང་སྙན་པའི་སྒྲ། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །དཀྱིལ་འཁོར་གླུ་གར་མཛེས་པ་འདི། །ཀླུ་གཉན་ས་

p. 483

བདག་རྣམས་ལ་མཆོད་པ་འབུལ། །ཀླུ་བཤོས་གཉན་བཤོས་བཤོས་བུ་རྣམས། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ཞོ་ཤ་ཚོར་སྤོས་དྲི་བཤོས་འབྲང་རྒྱས་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །གཟུགས་འགྲོས་ཞལ་དཀར་མཆོད་པ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ཉ་སྦྲུལ་སྦལ་ལྕོང་ངང་པ་ངུར་པ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ཆུ་རྟ་ཆུ་ལུག་ཆུ་གླང་སོགས། །གཡག་ལུག་ར་གསུམ་ཤ་དགོ་གཅན་གཟན་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །བྱ་རིགས་ལ་སོགས་གཟུགས་འགྲོས་རྣམས། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །དབང་པོ་ལག་པ་ཆུ་སྲིན་སྡེར་མོ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ནཱ་ག་གེ་སར་པདྨ་གེ་སར་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །རྒྱ་མཚོ་ལྦུ་བ་ག་པུར་ལ་སོགས་རྣམས། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ཀ་ར་བུ་རམ་སྦྲང་རྩི་འདི། །ཀླུ་

p. 484

གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །སྙིང་ཞོ་མཁལ་མ་ཞོ་ཤ་རྣམས། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །གླ་གོར་ཞོ་ཤ་སྤང་རྩི་རྒྱ་མཚལ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །བོང་ང་དཀར་པོ་ཆུ་དག་དཀར་པོ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ལི་ཁྲི་སུག་སྨེལ་ཙནྡན་དཀར་དམར་འདི༔ །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །འབྲུག་རུས་འབྲུག་ཤིང་སྡོང་རོས་དམར་པོ་འདི། །ཀླུ་གཉན་ས་བདག་རྣམས་ལ་མཆོད་པ་འབུལ། །ནཱ་ག་ཀླུ་ཡི་ཕོ་བྲང་འདིར། །བདུད་རྩི་རྒྱ་མཚོ་ཆར་དུ་འབེབས་གྱུར་ཅིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །འཁོན་འགྲས་ཡོད་ན་བྱང་གྱུར་ཅིག །ཀླུ་གཉན་ས་བདག་ཁྱེད་རྣམས་ལ། །དགྱེས་པར་བྱ་ཕྱིར་ཤིང་རྩི་འབུལ། །གཡུ་ཡི་ཤུག་པ་སྣ་ཚོགས་འབུལ། །དུང་གི་སུར་དཀར་དྲི་བཟང་འབུལ། །འོམ་བུ་ལྷ་མོ་སྨན་ཤིང་འབུལ། །ཆེ་སྟག་ཐོང་དཀར་ལ་སོགས་འབུལ། །བཀྲ་ཤིས་སྟག་པ་ལ་སོགས་འབུལ། །གསེར་གྱི་སྦ་སྨྱུག་ལ་སོགས་འབུལ། །གཞན་ཡང་ཤིང་རྩི་ལ་སོགས་འབུལ། །དེ་ལྟར་མཆོད་པ་འབུལ་ལགས་

p. 485

ན། །ཀླུ་རྣམས་བདེ་ཞིང་མཉེས་པར་མཛོད། །ནད་དང་གནོད་པ་ཞི་གྱུར་ཅིག །འཇིགས་པ་བརྒྱད་དང་བྲལ་གྱུར་ཅིག །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཨོཾ་སརྦ་ནཱ་ག་ར་ཙ་ཞི་ཞི་དུལ་དུལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ས་ད་ནཱ་ག་ར་ཙ་ཞི་བ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ༈ ཀླུ་བསང་བདུད་རྩི་རྒྱ་མཚོ་འཁྱིལ་པ་འོ་མའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །ཀྱཻ༔ དང་པོ་བསང་བྱུང་གང་ནས་བྱུང་། །བསང་བྱུང་འཛམ་གླིང་དབུས་ནས་བྱུང་། །ནམ་མཁའ་སྨྱུག་དང་སྒྲིག་ལས་བྱུང་། །ས་ལ་རྩི་ཤིང་སྣ་ཚོགས་འཁྲུངས། །དེ་ལ་འོ་མའི་རྒྱ་མཚོ་བྱུང་། །དེ་ལ་མེ་ཏོག་འབྲས་བུ་སྐྱེས། །བསིལ་བྱེད་བདུད་རྩི་སྨན་ཆར་འབེབས། །བདེ་ཆེན་རིག་འཛིན་གཞལ་ཡས་ནས། །ཀླུ་ཡི་རྒྱལ་པོ་འཛམ་ལྷ་བསང་། །གནས་མཆོག་ཀླུ་ཡི་ཕོ་བྲང་ནས། །ཀླུ་རྒྱལ་གཙུག་ན་རིན་ཆེན་བསང་། །དེ་ལ་འཁོར་བའི་ཀླུ་རིགས་བསང་། །དཀར་པོ་ཀླུ་ཡི་སྡེ་ཚོགས་བསང་། །སྔོན་པོ་ཀླུ་ཡི་སྡེ་ཚོགས་བསང་། །སེར་པོ་ཀླུ་ཡི་སྡེ་ཚོགས་བསང་། །སྨུག་པོ་ཀླུ་ཡི་སྡེ་ཚོགས་བསང་། །ལྗང་གུ་ཀླུ་ཡི་སྡེ་ཚོགས་བསང་། །ཁྲ་བོ་ཀླུ་ཡི་སྡེ་ཚོགས་བསང་། །དམར་པོ་ཀླུ་ཡི་སྡེ་ཚོགས་

p. 486

བསང་། །ནག་པོ་ཀླུ་ཡི་སྡེ་ཚོགས་བསང་། །རྒྱལ་རིགས་དཀར་པོའི་སྡེ་ཚོགས་བསང། །རྗེ་རིགས་སེར་པོའི་ཀླུ་རྣམས་བསང་། །བྲམ་ཟེ་དམར་པོའི་ཀླུ་རྣམས་བསང་། །དམངས་རིགས་ལྗང་གུའི་ཀླུ་རྣམས་བསང་། །གདོལ་པ་ནག་པོའི་ཀླུ་རྣམས་བསང་། །རྒྱལ་ཆེན་བཞི་པོ་འཁོར་བཅས་བསང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་བསང་། །གཟའ་དང་རྒྱུ་སྐར་ཚོགས་རྣམས་བསང་། །ཀླུ་མོ་རྟ་བཞིན་ནོར་བཞིན་བསང་། །ཀླུ་མོ་ལུག་བཞིན་གཡང་བཞིན་བསང་། །ཀླུ་མོ་ཟས་བཞིན་གཏེར་བཞིན་བསང་། །ཕ་རི་གཡས་ལ་གནས་པའི་ལྷ་ཀླུ་བསང་། །ཚུ་རི་གཡོན་ལ་གནས་པའི་ལྷ་ཀླུ་བསང་། །འབབ་པ་ཆུ་ལ་གནས་པའི་ལྷ་ཀླུ་བསང་། །སྲ་བ་བྲག་ལ་གནས་པའི་ལྷ་ཀླུ་བསང་། །གཡོ་བ་རླུང་ལ་གནས་པའི་ལྷ་ཀླུ་བསང་། །བརྟན་པའི་མཁར་ལ་གནས་པའི་ལྷ་ཀླུ་བསང་། །རི་བོ་ཀུན་ལ་གནས་པའི་ལྷ་ཀླུ་བསང་། །རྒྱ་མཚོ་ཀུན་ལ་གནས་པའི་ལྷ་ཀླུ་བསང་། །ཡུལ་ཕྱོགས་ཀུན་ལ་གནས་པའི་ལྷ་ཀླུ་བསང་། །ཆུ་མིག་ཀུན་ལ་གནས་པའི་ལྷ་ཀླུ་བསང་། །ཁྱེད་རྣམས་བསང་བའི་ཡོན་ཏན་གྱིས། །མི་ཡི་ནད་རྣམས་ཞི་གྱུར་ཅིག །ནོར་གྱི་

p. 487

གོད་ཡམས་ཆོད་གྱུར་ཅིག །རྟ་ནད་རྟ་སྲི་ཆོད་གྱུར་ཅིག །ལུག་གི་ནད་ཡམས་ཆོད་གྱུར་ཅིག །གཡོ་བྱེད་བདུད་རྩི་སྨན་གྱིས་བསང་། །ལྷ་ཀླུ་གཉན་གསུམ་བཞི་བདག་རྣམས། །ན་བ་ཡོད་ན་དེ་རིང་སོས། །སྨྲས་པ་ཡོད་ན་དེ་རིང་སོས། །འཁོན་པ་ཡོད་ན་དེ་རིང་བསྡུམ། །འཁྲུག་པ་ཡོད་ན་དེ་རིང་བསང་། །མནོལ་བ་ཡོད་ན་དེ་རིང་བསང་། །འཐོར་བ་ཡོད་ན་དེ་རིང་སྡུམ། །རྡོ་གོར་མོ་བསང་ན་གསེར་དུ་འགྱུར། །ཤིང་སྐམ་པོ་བསང་ན་ཡལ་ག་འཁྲུངས། །ཀླུ་རྣམས་སུམ་བརྒྱ་དྲུག་ཅུ་བསང་། །ཀླུ་ཕྲན་ཉི་ཁྲི་ཆིག་སྟོང་བསང་། །འདོད་ཡོན་གཏེར་ཁའི་ཀླུ་རྣམས་བསང་། །ཕྱུགས་རྣམས་སྤེལ་བའི་ཀླུ་རྣམས་བསང་། །གཡང་རྣམས་སྤེལ་བའི་ཀླུ་རྣམས་བསང་། །མི་རྣམས་སྤེལ་བའི་ཀླུ་རྣམས་བསང་། །ནོར་རྣམས་འཕེལ་བ་ཀླུ་ཡི་མཛོད། །རྟ་རྣམས་འཕེལ་བ་ཀླུ་ཡི་མཛོད། །ལུག་རྣམས་འཕེལ་བ་ཀླུ་ཡི་མཛོད། །བསྟན་པ་གཉན་པོ་ཀླུ་ཡིས་སྲུངས། །ཚེ་སྲིང་སྲོག་སྐྱོབས་ཀླུ་ཡིས་མཛོད། །བསོད་ནམས་འཕེལ་བ་ཀླུ་ཡིས་མཛོད། །ཁ་རྗེ་དབང་ཐང་ཀླུ་ཡིས་སྦྱིན། །ཀླུ་ཡི་གཏེར་ལ་སུམ་བརྒྱ་དྲུག་ཅུ་བསང་། །ཀླུ་

p. 488

ལྕམ་བརྟན་མ་བཅུ་གཉིས་བསང་། །བདག་གི་བསྟེན་སྤེལ་ཕྲིན་ལས་མཛོད། །མི་ནོར་རྣམས་ལ་སྲུང་སྐྱོབ་མགོན་མཛོད་ཅིག །ནཱ་ག་པ་ཏི་ཐོ་ཐོ་འདུ། མུ་ཝེ་རཏྣ་ཐོ་ཐོ་འདུ། ལི་ཝེ་རཏྣ་ཐོ་ཐོ་འདུ། ཡང་ཝེ་རཏྣ་ཐོ་ཐོ་འདུ། རྒྱུ་སྦྱོར་ཡོན་བདག་ཕོ་མོ་རྣམས། །ནོར་ཕྱུགས་བ་ར་བེའུ་ལུག་བཅས། །འཕེལ་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །བསམ་པ་བསྒྲུབ་ལ་རེ་བ་སྐོངས། །འཁོར་ལ་ཡེ་འདྲོག་གདུག་རྩུབ་མ་བཏང་ཞིག །ཐུགས་ཞི་བ་བྱང་ཆུབ་སེམས་ལྡན་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཀླུ་དང་ས་བདག་རྣམས་ལ་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་ནི། ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཀླུ་ཡི་རྒྱལ་པོ་ཝ་རུ་ཎ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །བསྡམས་པ་གློད་ལ་ཆད་པ་མཐུད། །ཡོ་བ་ཡོད་ན་དེ་རིང་བསྲང་། །འཁོན་པ་ཡོད་ན་དེ་རིང་བསྡུམ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་གཙུག་ན་

p. 489

རིན་ཆེན་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་མི་མགོན་དཀར་པོ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་རྒྱལ་རིགས་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་རྗེའི་རིགས་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་བྲམ་ཟེ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་དམངས་རིགས་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་གདོལ་པ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་མཐའ་ཡས་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་འཇོག་

p. 490

པོ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་སྟོབས་རྒྱུ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་དགའ་བོ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་པདྨ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་རིགས་ལྡན་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུའི་རྒྱལ་པོ་མལ་དྲོ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་རྒྱལ་པོ་བཙུན་མོ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །ཀླུ་ཡི་སྡེ་འཁོར་དང་བཅས་པ་ལ་མཆོད་དོ་ཕྱག་འཚལ་ལོ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །འབུལ་ལོ་བཞེས་ལ་ཐུགས་མཉེས་པར་མཛོད་ཅིག །དེ་

p. 491

ལྟར་མཆོད་པའི་ཡོན་ཏན་གྱིས། །ཀླུ་རྣམས་མདངས་དང་ལྡན་གྱུར་ཅིག །ཞ་ལོང་འོན་ལྐུགས་སོས་གྱུར་ཅིག །འཁོན་འགྲས་ཡོད་ན་བྱང་གྱུར་ཅིག །ཕྲག་དོག་གདུག་རྩུབ་ཞི་གྱུར་ཅིག །ཀླུ་གནས་རྒྱ་མཚོའི་ཕོ་བྲང་དུ། །འོ་མའི་རྒྱ་མཚོ་འབེབས་གྱུར་ཅིག །ཀླུ་ཤིང་ལོ་འདབ་རྒྱས་གྱུར་ཅིག །འཇིགས་པ་ཀུན་དང་བྲལ་གྱུར་ཅིག །དུག་ལྔའི་གདུག་རྩུབ་ཞི་གྱུར་ཅིག །བྱམས་པའི་སེམས་དང་ལྡན་གྱུར་ཅིག །ཀླུ་གཉན་ས་བདག་ཐམས་ཅད་ཀྱིས། །འདོད་དགུ་ལོངས་སྤྱོད་ལྡན་གྱུར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཀླུ་གཉན་ས་བདག་གདུག་པ་མ་བཏང་ཞིག །གནོད་སེམས་མ་ལུས་ཀུན་ཞི་ནས། །ཕན་པའི་སེམས་དང་སྡོང་གྲོགས་མཛོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་གྲངས་སྤེལ་ལ་ནོར་གཡང་ཕོབ། །མི་འཕེལ་སྨོན་ལམ་གཉན་གྱིས་ཐོབ། །མི་གྲོགས་རྩ་དཀར་ཀླུ་ཡིས་སྦྱོར། །ཨོཾ་སྭ་བྷ་ཝ་དབལ་མེད་ཡེད་དབལ་དབལ་སྭཱ་ཧཱ། ཀླུ་གཉན་ས་བདག་ཐམས་ཅད་ལ། །མཆོད་པ་རྒྱ་ཆེན་འབུལ་བའི་མཐུས། །དངོས་གྲུབ་རྩ་དཀར་སློང་བ་དང་། །བསོད་ནམས་འཕེལ་བར་མཛད་དུ་གསོལ། །ཆར་

p. 492

ཆུ་དུས་སུ་འབེབ་ཏུ་གསོལ། །ལོ་ཏོག་འབྲས་བུ་སྨིན་པར་མཛོད། །བསོད་ནམས་ལོངས་སྤྱོད་འཕེལ་བ་དང་། །དེ་ཡི་སྨོན་ལམ་གཡང་ཁུ་ཡེ། །ཀླུ་གཉན་ས་བདག་གཏོད་འཁོར་བཅས། །མཆོད་པ་འབུལ་ཞིང་ཁུ་གཡང་ལེན། །ཀླུ་ཡི་འཕེལ་གཡང་གཡང་ཁུ་ཡེ། །ཉ་ལྕོང་སྦལ་སྦྲུལ་བཞི་པོ་ཡི། །ཀླུ་མཚོ་ཕྱུག་མོའི་གཡང་ཁུ་ཡེ། །གཡང་གི་ཆུ་མིག་བཅུ་གསུམ་ནས། །ཁུ་ཡེ་ཕྱྭ་དང་གཡང་ལེན་ན། །མི་གྲངས་འཕེལ་བའི་གཡང་ཁུ་ཡེ། །རྩ་དཀར་ཀླུ་ཡི་འཕེལ་ཆུ་འདི། །ཡོན་བདག་སྒེར་ལ་བརྟན་པར་མཛོད། །མི་འཕེལ་ཕོ་རུ་འཕེལ་བར་མཛོད། །ཕྱུགས་འཕེལ་བེའུ་རུ་འཕེལ་བར་མཛོད། །ཀླུ་ཡི་སྨོན་ལམ་གཡང་ཁུ་ཡེ། །བཀྲ་ཤིས་སྨོན་ལམ་བསྟན་རོགས་མཛོད། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །འདིར་གནས་ཀླུ་དང་ས་བདག་གི །ཕོ་བྲང་བཤིགས་སམ་གནས་ཁང་བཅོམ། །ས་གཉན་བརྐོས་སམ་རྡོ་གཉན་རློག །ཤིང་གཉན་བཅད་དམ་རྡོ་གཉན་བརྐོས། །ཆུ་མིག་བསྲུབས་སམ་རི་མེ་བཀྱེས། །ཐབ་གཞོབ་དྲག་ལས་གཟིར་མནན་བྱས། །ཀླུ་ཡི་སྙིང་ཕྱུངས་མིག་བཅར་རམ། །སྨྲས་འགྲམ་བྱས་སམ་དབུ་སྐྱ་བཏོག །

p. 493

ཚེ་རབས་མི་རབས་བདུན་རྒྱུད་ཚུན། །ཉེས་པ་གང་བྱས་མཐོལ་བཤགས་སོ། །རིན་ཆེན་འབྲུ་སྣ་ཟས་སྣ་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འབུལ། །རྟ་དྲེལ་ནོར་ལུག་ཁྱུ་མང་པོ། །གྱུར་ནས་ཀླུ་གཉན་ས་བདག་གི །དཀོར་ནོར་ཕུན་སུམ་ཚོགས་གྱུར་ཅིག །འགྲས་པ་བསྡུམ་ལ་འཁོན་པ་སྦྱོངས། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །བྱམས་པའི་སེམས་དང་ལྡན་གྱུར་ཅིག །ཨོཾ་ཨ་ཀ་ནི། ནི་ཀ་ནི། ཨ་བྷི་ལ། སརྦ་མཎྜལ་ལ་ས་ད་ཡེ་སྭཱ་ཧཱ། ཤེལ་ཚིགས་རྒྱན་འབུལ་ནི་འདི་སྐད་དོ། །ན་མོ་བཛྲ་པཱ་ཎི་ཡེ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། སྟོང་པའི་ངང་ལས་རིན་ཆེན་ལྷོ་ངོས་བཟང་ལས། བྱ་རིགས་རྣམ་པ་སྣ་ཚོགས། གཅན་གཟན་རྣམ་པ་སྣ་ཚོགས། རི་དྭགས་རྣམ་པ་སྣ་ཚོགས། དུད་འགྲོ་རྣམ་པ་སྣ་ཚོགས། དེ་དག་ཐམས་ཅད་གཟུགས་མཛེས་རྒྱན་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཧཱུྃ། ཕྱག་ན་རྡོ་རྗེའི་བཀའ་བྱུང་བས། །སྲིད་པའི་ས་བདག་ཀླུ་གཉན་ཉོན། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །མེད་པ་དེ་ནི་མི་ལས་བཙལ། །དཀོན་པ་དེ་ནི་རིན་གྱིས་ཉོས། །སྲ་བ་དེ་ནི་བྲག་ལས་

p. 494

བརྐོས། །རྒྱུ་ནི་རྒྱལ་པོའི་མཛོད་ནས་བཏོན། །མྱེས་པོ་གནམ་རྗེ་གོང་སྔོན་ཡིན། །ཕྱི་མདོས་སྨན་གྱི་འཕྲུལ་མོ་ཡིན། །ཕ་ནི་བདུད་རྩི་རྒྱལ་པོ་ཡིན། །མ་ནི་དྲོད་ཀྱི་རྒྱལ་མོ་ཡིན། །ཞིང་པ་རྒན་པོས་འདུ་བྱེད་ཀྱིས། །དཔྱིད་ཟླ་གསུམ་ལ་རྫུ་འཕྲུལ་བསྡེབས། །དབྱར་ཟླ་གསུམ་ལ་ཆབ་ཀྱིས་བྲན། །སྟོན་ཟླ་གསུམ་ལ་འབྲས་བུ་སྨིན། །མིང་པོ་རྒྱ་འབྲེལ་འཕེལ་ཆེན་ཡིན། །སྲིང་མོ་སྔོན་མོ་འབྲུ་བདུན་ཡིན། །སྐུ་གསུམ་ཐབ་ཀྱི་སྐྱེད་པུ་ལ། །ཐེག་པ་ཆེན་པོའི་སླ་ང་བཙུགས། །རྫོགས་པ་ཆེན་པོའི་མེ་སྦར་ནས། །ཐབས་མཆོག་ཆེན་པོའི་ཡོག་པས་དཀྲུགས། །ཤེས་རབ་ཆེན་པོའི་སྐམ་པས་ཕོག །དཀར་བ་གཡང་མོ་ལུག་བརྒྱ་འབའ། །ནག་པོ་ཟལ་མོ་འབྲི་བརྒྱ་ངུར། །སེར་པོ་ཅང་ཤེས་རྟ་བརྒྱ་འཚེར། །ཁམ་པ་འགྱིང་བ་གཡག་བརྒྱ་ངར། །གླང་ཆེན་བརྒྱ་དང་མ་ཧེ་སྟོང་། །བ་ཟོག་བརྒྱ་དང་བེའུ་ཁྲི་སྟོང་། །ཤེལ་ལུག་བརྒྱ་དང་གཡུ་རལ་སྟོང་། །དཀར་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །སྲིད་པའི་ས་བདག་ཀླུ་གཉན་ལ། །མ་བསད་པ་ཡི་སྟོང་དུ་འཇལ། །མ་རྐུས་པ་ཡི་ཆད་དུ་འཇལ། །མ་འཕྲོག་པ་ཡི་རིན་དུ་འབུལ། །འཁོན་པ་དུམ་ལ་

p. 495

འགྲས་པ་སྦྱངས། །འགྲས་པ་བསལ་ལ་འཁྲུག་པ་གསོ། །ཚེ་གླུད་སྲོག་གི་སྦྱིན་དུ་འབུལ། །སྐྱེས་པ་ཕོ་ཡི་སྲོག་གླུད་འབུལ། །ཟ་མ་མོ་ཡི་སྲིད་གླུད་འབུལ། །བྱིས་པ་ཆུང་གི་ཚ་གླུད་འབུལ། །སྒོ་ཡི་ནོར་གྱི་གཡང་གླུད་འབུལ། །བཞེས་སོ་ཚེ་གླུད་སྲོག་སྐྱིན་མཛོད། །དེ་བཞིན་གཤེགས་པའི་བྱིན་རླབས་ཀྱིས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཁྲ་བོ་ཀུ་རུ་རྟ་བརྒྱ་ཡིན། །ཁམ་པ་འགྱིང་བ་གཡག་བརྒྱ་ཡིན། །ཟིལ་ཆུང་ཐུ་ལེ་འབྲི་བརྒྱ་ཡིན། །དཀར་བ་གཡང་མོ་ལུག་བརྒྱ་ཡིན། །གཡུ་ར་བརྒྱ་དང་ཤེལ་ར་སྟོང་། །བ་ཟོག་བརྒྱ་དང་བེའུ་ཁྲི་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །རྟ་ནོར་ལུག་གི་དངོས་གྲུབ་སྩོལ། །རྟ་ཁྲ་བརྒྱ་དང་རྟེའུ་ཆུང་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་འབུལ། །མི་ནོར་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །གཡུ་གཡག་བརྒྱ་དང་དུང་གཡག་སྟོང་། །ས་བདག་ཀླུ་གཉན་རྣམས་ལ་མཆོད་པ་འབུལ། །ཟས་ནོར་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །གསེར་གླིང་བ་དང་མ་ཧེ་སྟོང་། །ཡིད་ལ་འདོད་པའི་དཀོར་ནོར་རྣམས། །ས་བདག་ཀླུ་གཉན་རྣམས་ལ་མཆོད་

p. 496

སཔ་འབུལ། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །ས་བདག་ཀླུ་གཉན་ཁྱེད་རྣམས་ལ། །འདོད་པའི་ལོངས་སྤྱོད་རྟ་ནོར་འདི་འབུལ་བས། །དགའ་མགུ་སྐུ་གསུང་ཐུགས་མཉེས་ནས། །ཕྲག་དོག་རུ་ང་མ་མཛད་ཅིག །ཡུལ་ལ་ངའི་ཡུལ་མ་ཟེར་ཅིག །རི་ལ་ངའི་རི་མ་ཟེར་ཅིག །ས་ལ་ངའི་ས་མ་ཟེར་ཅིག །ཁྲག་ལ་ངའི་བྲག་མ་ཟེར་ཅིག །རྡོ་ལ་ངའི་རྡོ་མ་ཟེར་ཅིག །ཤིང་ལ་ངའི་ཤིང་མ་ཟེར་ཅིག །སྤང་ལ་ངའི་སྤང་མ་ཟེར་ཅིག །ཆུ་ལ་ངའི་ཆུ་མ་ཟེར་ཅིག །མཚོ་ལ་ངའི་མཚོ་མ་ཟེར་ཅིག །ལམ་ལ་ངའི་ལམ་མ་ཟེར་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལས་ཐབས་བཟང་ངན་ཅི་བྱས་ཀྱང་། །གདུག་རྩུབ་ཀོ་ལོང་མ་མཛད་ཅིག །ས་རྐོ་རྡོ་སློག་རྩི་ཤིང་བཅད་། །རྦབ་བསྒྲིལ་ཆུ་དྲང་དར་ཕྱར་དང་། །དུང་འབུད་རོ་དང་བག་མ་ལེན། །ཐབ་གཞོབ་འཁོན་དང་དྲག་ལས་དང་། །འགལ་དང་གནོད་པ་ཅི་མཆིས་པ། །ས་བདག་ཀླུ་གཉན་མི་མཐུན་པའི་། །ཕྲག་དོག་གདུབ་རྩུབ་གནོད་སེམས་མ་མཛད་ཅིག །ར་ཡི་རྩེ་ལ་ཕོག་ཀྱང་མ་རྡུང་ཞིག །ལྟ་བའི་མིག་ལ་ཕོག་ཀྱང་སྡང་མིག་མ་བསྒྲད་ཅིག །

p. 497

བསམ་པའི་སྙིང་ལ་ཕོག་ཀྱང་ངན་སེམས་མ་འཆང་ཞིག །ཕྱི་ཡི་སྤུ་ལ་ཕོག་ཀྱང་མ་སྤྲུག་ཅིག །རྨིག་པའི་རྩེ་ལ་ཕོག་ཀྱང་མ་ཁྲོ་ཞིག །གདུག་པའི་སེམས་ངན་མ་འཆང་ཞིག །ཕན་བདེ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤེལ་ཚིགས་མཆོད་འབུལ་རྭ་ཨ་སྱས་སྦྱར་བའོ།། འདིར་གནས་ཀླུ་དང་ས་བདག་ལ། །བྱེ་ཚན་མེ་ཚན་བྱ་ཁྱུང་དང་། །ཤ་རུལ་ཚད་པ་བྱེ་ཚན་ཆར། །དཀར་ནག་ཀླུ་ཡི་འཁྲུག་རྩོད་སོགས། །འཇིགས་པ་ཀུན་དང་བྲལ་གྱུར་ཅིག །ཀླུ་རྣམས་སྐྱབས་དང་གནས་ཁང་དང་། །བུ་ནོར་འཁོར་གཡོག་ལྡན་གྱུར་ཅིག །ཞ་བོ་གྲུམ་བུ་འཕྱེ་བོ་དང་། །སྐྲན་ཅན་ཀླུ་དང་བྲལ་གྱུར་ཅིག །རྒྱལ་པོའི་སྤྱན་བཟང་མངོན་པ་དང་། །སྦྲུལ་མགོའི་གདེངས་ཀ་ལྡན་གྱུར་ཅིག །ཆར་གྱི་རྒྱུན་ལ་དབང་གྱུར་ཅིག །མུ་གེའི་འཇིགས་པ་བྲལ་གྱུར་ཅིག །ཚེ་རིང་ནད་མེད་བསྐལ་པར་གནས། །རྫུ་འཕྲུལ་ཆེ་ཞིང་ཡོན་ཏན་ལྡན། །སྙན་གྲགས་ཆེ་ཞིང་ལོངས་སྤྱོད་ཆེ། །དབང་ཆེ་འོད་དང་ཁ་དོག་ལྡན། །གྲགས་པ་ཆེ་ཞིང་འཁོར་དཔུང་རྣམས། །

p. 498

བཀྲག་མདངས་གཟི་བརྗིད་ལྡན་གྱུར་ཅིག །ཀླུ་ནད་ངན་པ་ངས་བསལ་གྱིས། །མི་ནད་ངན་པ་ཁྱོད་ཀྱིས་སོལ། །བདག་ཅག་དཔོན་སློབ་ཡོན་མཆོད་ལ། །ཀླུ་དང་ས་བདག་ལས་གྱུར་པའི། །ནད་རྣམས་ཐམས་ཅད་མྱུར་དུ་སོལ། །ཀླུ་གཡང་དངོས་གྲུབ་ཆར་ལྟར་ཕོབ། །ཆར་ཆུ་དུས་སུ་འབབས་པ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད། །གཞན་ཏུ་མ་བྲོས་མ་འཁྱམས་ལ། །ཆུ་མིག་ས་སྐོར་འདི་ལ་བཞུགས། །ཕ་ཁུ་སྤུན་ཟླ་ཤ་རོགས་ལྟར། །རྟག་ཏུ་ཁ་འཛིན་རྒྱབ་རྟེན་མཛོད། །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་དུནྟི་མི་ལི་མི་ལི་ཡེ་སྭཱ་ཧཱ། དེ་ནི་ཤིང་རྩི་རྣམས་དང་ཀླུའི་ཙཀི་ཡོད་པ་བསྡུ་ཆོག །མཆོད་པ་རྣམས་འབུལ་ལོ། །དེ་ནས་ཀླུ་མདོས་བཀྱག་ལ་འདི་སྐད་དོ། ཀྱཻ། ད་ནི་ཀླུ་རྒྱལ་གཤེགས་སུ་གསོལ། །ཆུ་མིག་གཙང་མ་དག་ལ་གཤེགས། །གཉན་ནི་གངས་རིའི་རྩེ་ལ་གཤེགས། །ས་བདག་ས་ཡི་གནས་སུ་གཤེགས། །རྡོ་བདག་གོར་མོ་རྡོ་ལ་གཤེགས། །ཁྱེད་རྣམས་མ་ལུས་འཁོར་བཅས་ལ། །མཆོད་པ་རྒྱ་ཆེན་འདི་ཕུལ་བས། །མཉེས་ཤིང་ཚིམ་པར་མཛད་དུ་གསོལ། །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །

p. 499

གཙུག་ན་རིན་ཆེན་གནས་སུ་གཤེགས། །རྒྱལ་རིགས་དཀར་པོ་གནས་སུ་གཤེགས། །རྗེ་རིགས་སེར་པོ་གནས་སུ་གཤེགས། །བྲམ་ཟེ་དམར་པོ་གནས་སུ་གཤེགས། །དམངས་རིགས་ལྗང་ཁུ་གནས་སུ་གཤེགས། །ཤར་ལྷོ་ནོར་རྒྱས་གནས་སུ་གཤེགས། །ལྷོ་ནུབ་སྟོབས་རྒྱུ་གནས་སུ་གཤེགས། །ནུབ་བྱང་པདྨ་གནས་སུ་གཤེགས། །བྱང་ཤར་རིགས་ལྡན་གནས་སུ་གཤེགས། །རང་རང་འདོད་པ་ཚིམས་ནས་ཀྱང་། །བྱང་ཆུབ་སེམས་དང་ལྡན་པར་མཛོད། །རྗེས་སུ་མཚམས་བཅད་དམ་པ་བགྱི་དགོས་སོ། །གལ་ཆེན་ཡོད་ན་ཚར་གྲངས་གང་མང་འདོན། །ཚར་གཅིག་ཚར་གསུམ་ཚར་བདུན་དལ་ཁོམ་བསྟུན། །ཀླུ་མཆོད་ཐམས་ཅད་ཀླུ་ཆེན་བརྒྱད་མཆོད་ཡིན། །དེར་གནས་ཀླུ་ཡིས་ཨེ་ཐོབ་ཐེ་ཚོམ་མེད། །ཀླུ་དང་ས་བདག་རྐང་ཐག་ཐུང་བའི་ཕྱིར། །ཐག་རིང་ཀླུ་ཡིས་ཕན་གནོད་ཆུང་བར་བཤད། །ཕན་གནོད་ཐམས་ཅད་ཉེ་སྐོར་ཀླུ་ཡིས་བྱེད། །དེ་ཕྱིར་ཕྱག་རྡོར་གཏུམ་ཁྱུང་ལས་ཚོགས་དང་། །ཀླུ་གཟུངས་སྤང་སྐོང་སོགས་ཀྱི་དོན་བསྡུས་ནས། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་ལྟར། །པདྨ་ཀུན་དགས་ཡི་གེར་བཀོད་པ་ལ། །འགལ་བ་བཤགས་ཤིང་དགེ་བས་འགྲོ་ཕན་ཤོག །མངྒ་ལཾ།། །།

p. 500
p. 501

ཡུལ་གྱི་ཆུ་མིག་སོ་སོ་ལ་གནས་པའི་ཀླུ་རྣམས་ལ་མཆོད་ཐབས་བཞུགས་སོ།

p. 502

ན་མོ་ལོ་ཀི་ཤྭ་ར་ཡེ༔ ཡུལ་གྱི་ཆུ་མིག་སོ་སོ་ལ༔ བཀྲ་ཤིས་འདོད་ཕྱིར་མཆོད་པའམ༔ ཕོག་ཐུག་ཤོར་རམ་ཀླུ་ཉམས་གསོ༔ ཆར་པ་དྲག་འབོད་བྱས་རྗེས་སུ༔ རབ་ཏུ་ཀླུ་གཏོར་གྲུབ་ན་ལེགས༔ འབྲིང་ནི་ཤིང་རིས་གཅིག་ལ་ནི༔ ནོར་བུ་བུམ་པ་གླང་དམར་དང་༔ ཆུ་གནས་སྣ་ཚོགས་གཟུགས་བརྙན་བྲི༔ རྒྱབ་ཏུ་ཀླུ་ཡི་བདུད་རྩི་གཟུངས༔ ཏ་ལ་མ་ཐ་སྙན་ལ་ཐ༔ མི་ཟད་ཡུན་གྱི་གཏེར་མཛོད་ཅིག༔ ཅེས་བྲི་ཤིང་རྩི་བལ་གྱིས་བརྒྱན༔ དཀར་གཏོར་འབྲུ་སྣ་རིན་ཆེན་བཤམས༔ ཤིང་སྣ་ཤིང་རིས་ཀླུ་ཐོར་བཙུགས༔ བསྡུ་ན་འོ་ཕུད་ཀླུ་སྨན་བཏབ་གཏོར་རིལ་ནས་འབྲུ་ཙམ་གྱིས་ཆོག༔ ཆུ་མིག་ཅུང་ཞིག་བསྐྱིལ་བྱས་ལ༔ འདི་ཉིད་སྒོམ་བཟླས་བྱས་པས་འཐུས༔ དཀོན་མཆོག་གསུམ་ལ་སྐྱབས་མཆི་

p. 503

ཞིང་༔ ཀླུ་ཡི་སྡུག་བསྔལ་སེལ་བའི་ཕྱིར༔ རང་ཉིད་ཁ་སར་པཱ་ཎི་དཀར༔ ཕྱག་གཉིས་མཆོག་སྦྱིན་པད་དཀར་འཛིན༔ ཞི་འཛུམ་བཞེངས་ཐབས་རྒྱན་གྱིས་སྤྲས༔ ཕྱག་མཐིལ་དྷཱི༔ཡིག་དཀར་པོ་ལས༔ ཀླུ་སྨན་བདུད་རྩིའི་ཆར་རྒྱུན་བབས༔ ཡུལ་འདིའི་ཀླུ་དང་ས་བདག་གི༔ ནད་དང་སྡུག་བསྔལ་ཞི་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀླུའི་ནད་དང་སྡུག་བསྔལ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཆུ་མིག་ལ་ཁ་གཏད་ལ༔ ནཱ་ག་ར་ཙ་ནཱ་ག་ནཱ་གི༔ ཞེས་འབོད་པ་ཆེན་པོ་གསུམ་བྱ༔ ཆུ་དཀྱིལ་བོ་ཡིག་དཀར་པོ་གསལ༔ ནཱ་ག་རཱ་ཙ་བཾ༔ སྔགས་གསུམ་སེ་གོལ་གསུམ་བྱ༔ པཾ་ལས་

p. 504

ཆུ་ཡི་རྒྱུན་བབས་པས༔ ཆུ་མིག་རྒྱ་མཚོ་ཆེན་པོར་གྱུར༔ དེ་ནང་ཕུ་ལས་དེར་གནས་ཀླུ༔ མདོག་ལྗང་རིན་ཆེན་རྒྱན་གྱིས་བརྒྱན༔ སྦྲུལ་མགོ་གསུམ་གྱི་དབུ་རྒྱན་ཅན༔ སྐུ་སྟོད་མཛེས་པ་ལྷ་ཡི་བུ༔ སྐུ་སྨད་སྦྲུལ་མཇུག་ཆུ་ལ་ནུབ༔ ཕྱག་གཉིས་ཐལ་མོ་སྦྱར་བའི་བར༔ བུམ་པའི་མཆུ་ནས་ཆུ་རྒྱུན་བབས༔ ཐུགས་ཀའི་ཕུ༔ཡིག་འོད་ཟེར་གྱིས༔ ཀླུ་རིགས་འཁོར་བཅས་སྤྱན་དྲངས་ནས༔ ཆུ་མིག་འདི་ཡི་ཀླུ་ལ་ཐིམ༔ སྟོབས་དང་ནུས་པ་འཕེལ་བར་གྱུར༔ སརྦ་ནཱ་ག་ར་ཙ་ནཱ་ག་ནཱ་གི་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས༔ བདེ་གཤེགས་ཀླུ་དབང་རྒྱལ་པོ་དང་༔ སྤྲིན་ཆེན་མདོ་ལས་གསུངས་པ་ཡི༔ སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ༔ ཆུ་མིག་འདིར་གནས་ཀླུ་འདི་ཡི༔ ནད་དང་སྡུག་བསྔལ་ཀུན་ཞི་ནས༔ མཐུ་སྟོབས་གཟི་བརྗིད་རབ་འཕེལ་ནས༔ འདིར་ནི་ཆུ་ཆེན་འབྲུབ་གྱུར་ཅིག༔ ཨོཾ་ནཱ་མ་ཀེ་ཤེད་བུ་ཡ་ཏེ༔ ན་མ་ཀེ་པྲ་མར་དྷ་ན་ཡེ་སྭཱ་ཧཱ༔ ནཱ་ག་ར་ཙ་བཾ༔ ཆུ་མིག་སྐམ་པོ་གསོ་བ་ནི༔ སྔགས་དེ་ཁྲི་ཕྲག་འདོན་པར་བཤད༔ འཕྲལ་དུ་བརྒྱ་རྩ་བཟླས་པས་ཆོག༔ ཆུ་མིག་འདི་ལ་གནས་པའི་ཀླུ༔ སྐུ་མདོག་

p. 505

དཀར་ལྗང་འོད་ཟེར་འབར༔ ཐུགས་རྗེས་སྤྲིན་གྱི་དབུ་རྒྱན་ཅན༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ ཕྱག་མཚན་ཕྱག་ན་བུམ་པ་བསྣམས༔ ཀླུ་ཕྲན་ས་བདག་འཁོར་གྱིས་བསྐོར༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ མཆོད་པ་རྣམ་པ་སྣ་ཚོགས་དང་༔ ཀླུ་སྨན་རྣམ་པ་སྣ་ཚོགས་དང་༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ ཞོ་དང་འོ་མ་མར་དང་གསུམ༔ དཀར་གསུམ་མཆོད་པ་འདི་འབུལ་ལོ༔ ཀླུ་ཡི་ལོངས་སྤྱོད་རྒྱས་གྱུར་ཅིག༔ ཀ་ར་བུ་རམ་སྦྲང་རྩི་གསུམ་མངར་གསུམ་མཆོད་པ་འདི་འབུལ་ལོ༔ ཟས་ཀྱི་རོ་མཆོག་ལྡན་གྱུར་ཅིག༔ རིན་ཆེན་མང་དང་གཟུགས་མཛེས་དང་༔ འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ གཏོར་མ་བདུད་རྩིའི་རྒྱ་མཚོ་འདི༔ ཆུ་མིག་འདི་དང་ས་སྐོར་འདིར༔ གནས་པའི་ཀླུ་དང་ས་བདག་ཚོགས༔ ཐམས་ཅད་ཀུན་ལ་འབུལ་གྱིས་བཞེས༔ ཐམས་ཅད་དགྱེས་ཤིང་ཚིམས་གྱུར་ཅིག༔ བཀྲེས་པ་རྣམས་ལ་ཟས་དང་ནི༔ ཕོངས་པ་རྣམས་ཀྱི་ནོར་ཐོབ་ནས༔ ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཅིག༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་

p. 506

ར་སམྦྷ་ར་ཧཱུྃ༔ ནཱ་ག་ར་ཙ་ནཱ་ག་ནཱ་གི༔ བྷ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། བདེ་གཤེགས་སྨན་བླའི་བྱིན་རླབས་ཀྱིས༔ གེ་སར་རྣམ་གསུམ་ཛཱ་ཏི་དང་༔ རྒྱ་མཚོ་ལྦུ་བ་དབང་པོ་ལོག༔ ཆུ་སྲིན་སྡེར་མོ་སྤུ་ཤེལ་རྩེ༔ ཨ་རུ་ར་དང་སྙིང་ཞོ་ཤ༔ གུ་ཝཾ་གླ་གོར་ཞོ་ཤ་དང་༔ མཁལ་མ་ཞོ་ཤ་མཚལ་དང་ནི༔ མགྲོན་བུ་དར་དང་རས་སྐུད་སོགས༔ ཀླུ་སྨན་རྣམ་པ་སྣ་ཚོགས་འབུལ༔ ཀླུ་དང་ས་བདག་རྣམས་ལ་འབུལ༔ ཀླུ་དང་ས་བདག་ནད་པ་ལ༔ བདུད་རྩི་སྨན་གྱི་ཆར་བབས་ནས༔ ནད་མེད་བདེ་བ་ཐོབ་པར་ཤོག༔ ཨོཾ་ནཱ་ག་ར་ཙ་བུད་དྷ་བྷ་ཝན༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཧ་ཧ་ཧུ་ཧུ༔ ཨོཾ་ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ༔ བདག་དང་ཡོན་བདག་འཁོར་བཅས་ཀྱིས༔ འདི་གནས་ཀླུ་དང་ས་བདག་གི༔ ཕོ་བྲང་བཤིགས་དང་གནས་ཁང་བཅོམ༔ ས་གཉན་བརྐོས་དང་རྡོ་གཉན་སློག༔ ཤིང་གཉན་བཅད་དང་ན་གཉན་བརྐོས་ཆུ་མིག་བསྲུབ་དང་རི་མེ་བསྐྱེས༔ ཐབ་གཞོབ་དྲག་ལས་གཟིར་གནད་བྱས༔ ཀླུ་ཡི་སྙིང་ཕྱུང་མིག་བཅར་རམ༔ རྨས་འགྲམ་བྱས་སམ་དབུ་སྐྲ་བཏོག༔ ཚེ་རབས་མི་རབས་བདུན་

p. 507

བརྒྱུད་ཚུན༔ ཉེས་པ་གང་བྱས་མཐོལ་ལོ་བཤགས༔ རིན་ཆེན་འབྲུ་སྣ་ཟས་སྣ་འབུལ༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་འབུལ༔ རྟ་དྲེལ་ནོར་ལུག་ཁྱུ་མང་པོར༔ གྱུར་ནས་ཀླུ་གཉན་ས་བདག་གི༔ དཀོར་ནོར་ཕུན་སུམ་ཚོགས་གྱུར་ཅིག༔ འགྲས་པ་སྡུམ་ལ་འཁོན་པ་སྦྱོངས༔ ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག༔ བྱམས་པའི་སེམས་དང་ལྡན་གྱུར་ཅིག༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་སརྦ་མངྒ་ལ་ས་ད་ན་མ་ཡེ་སྭཱ་ཧཱ༔ འདིར་གནས་ཀླུ་དང་ས་བདག་བྱེ་ཚན་མེ་ཚན་བྱ་ཁྱུང་དང་༔ ཤ་རུལ་ཚད་པ་བྱེ་ཚན་ཆར༔ དཀར་ནག་ཀླུ་ཡི་འཁྲུག་རྩོད་སོགས༔ འཇིགས་པ་ཀུན་དང་བྲལ་གྱུར་ཅིག༔ ཀླུ་རྣམས་སྐྱབས་དང་གནས་ཁང་དང་༔ བུ་ནོར་འཁོར་གཡོག་ལྡན་གྱུར་ཅིག༔ ཞ་བོ་གྲུམ་པོ་འཕྱེ་བོ་དང་༔ སྐྲན་ཅན་ཀླུ་ནད་བྲལ་གྱུར་ཅིག་རྒྱལ་པོའི་སྤྱན་བཟང་མངོན་པ་དང་༔ སྦྲུལ་མགོའི་གདེངས་ཀ་ལྡན་གྱུར་ཅིག༔ ཆར་གྱི་རྒྱུན་ལ་དབང་གྱུར་ཅིག༔ མུ་གེའི་འཇིགས་པ་བྲལ་གྱུར་ཅིག༔ ཚེ་རིང་ནད་མེད་བསྐལ་པར་གནས༔ རྫུ་འཕྲུལ་ཆེ་ཞིང་ཡོན་ཏན་ལྡན༔ སྙན་གྲགས་ཆེ་ཞིང་ལོངས་སྤྱོད་ཆེ༔ དབང་ཆེན་མདོག་

p. 508

དང་ཁ་དོག་ལྡན༔ གྲགས་པ་ལྡན་ཞིང་འཁོར་དཔུང་ཆེ༔ བཀྲག་མདངས་གཟི་བརྗིད་ལྡན་གྱུར་ཅིག༔ ཀླུ་ནད་ངན་པ་ངས་བསལ་གྱིས་མི་ནད་ངན་པ་ཁྱོད་ཀྱིས་སོལ༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ ཀླུ་དང་ས་བདག་ལས་གྱུར་པའི༔ ནད་རྣམས་ཐམས་ཅད་མྱུར་དུ་སོལ༔ ཀླུ་གཡང་དངོས་གྲུབ་ཆར་ལྟར་ཕོབ༔ ཆར་ཆུ་དུས་སུ་འབེབས་པ་དང་༔ ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད༔ གཞན་དུ་མ་བྲོས་མ་འཁྱམས་ལ༔ ཆུ་མིག་ས་སྐོར་འདི་ལ་བཞུགས༔ ཕ་ཁུ་སྤུན་ཟླ་ཤག་རོགས་ལྟར༔ རྟག་ཏུ་ཁ་འཛིན་རྒྱབ་རྟེན་མཛོད༔ བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དུན་ཏི་མི་ལི་མི་ལི་ཡེ་སྭཱ་ཧཱ༔ གལ་ཆེན་ཡོད་ན་ཚར་གྲངས་ཅི་མང་འདོན༔ ཚར་གཅིག་ཚར་གསུམ་ཚར་བདུན་དལ་ཁོམས་བསྟུན༔ ཀླུ་མཆོད་ཐམས་ཅད་ཀླུ་ཆེན་བརྒྱད་མཆོད་ཡིན༔ དེར་གནས་ཀླུ་ཡི་ཨེ་ཐོབ་ཐེ་ཚོམ་མེད༔ ཀླུ་དང་ས་བདག་རྐང་ཐག་ཐུང་བའི་ཕྱིར༔ ཐག་རིང་ཀླུ་ཡིས་ཕན་གནོད་ཆུང་བར་བཤད༔ ཕན་གནོད་ཐམས་ཅད་ཉེ་སྐོར་ཀླུ་ཡིས་བྱེད༔ དེ་ཕྱིར་ཕྱག་རྡོར་གཏུམ་ཁྱུང་ལས་ཚོགས་དང་༔ ཀླུ་གཟུངས་སྤང་སྐོང་སོགས་ཀྱི་དོན་བསྡུས་ནས༔ རཱག་ཨ་སྱས་ཇི་ལྟར་སྨྲས་པ་ལྟར༔ པདྨ་ཀུན་དགས་ཡི་གེར་བཀོད་པ་ལ༔ འགལ་འཁྲུལ་བཤགས་

p. 509

ཤིང་དགེ་བས་འགྲོ་ཕན་ཤོག༔ མངྒ་ལཾ༔ བཀྲ་ཤིས་ཀླུ་གཡང་འཁྱིལ་རྒྱས་ཤོག༔ བུམ་གཏེར་ནང་གཞུག༔ ཨོཾ་བྷྲཱུཾ་ཏྲཱཾ་ཧོ༔ ཨོཾ་ནཱ་ག་རཱ་ཛ་བྷུ་མི་པ་ཏི་མ་མ་རཱ་ཛ་ཧྲཱི༔ དྷ་ཡ་སིདྡྷི་ཕ་ལ་ཧཱུྃ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀླུ་གཏོར་མདོར་བསྡུས་ཁག་གཉིས།

p. 510
p. 511

ཀླུ་གཏོར་མདོར་བསྡུས་བཞུགས་སོ། །དེ་ནས་ཀླུ་གཏོར་བྱེད་ན། ཟངས་གཞོང་གཙང་མའི་ནང་དུ་ཀླུ་སྨན་རིལ་བུ་བཞག་ལ། རང་ཁ་བྱང་ཤར་དུ་བལྟས་ཏེ། ཨོཾ། ཡན་ལག་བརྒྱད་ལྡན་མཚོ་ཡི་དབུས། །ཀླུ་ཆེན་བརྒྱད་ཀྱིས་གཙོར་བྱས་པའི། །ཀླུ་རིགས་ཀུན་གྱིས་གང་བའི་དབུས། །རང་ཉིད་ཁ་སར་པཱ་ཎི་དཀར། །ཐུགས་ཀའི་ཧཱི༔ལས་འོད་འཕྲོས་པས། །ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་ནས། །དམ་ཚིག་རྣམས་ལ་གཉིས་མེད་ཐིམ། །ནཱ་ག་ར་ཙ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿ་ཆུ་དཀར་བསིལ་ཞིང་། མཆོག་སྦྱིན་ཕྱག་རྒྱ་ཁོང་སེང་གི །ཟླ་དཀྱིལ་ཧྲི༔ཡིག་དཀར་པོ་ལས། །བདུད་རྩི་སྨན་དང་འདོད་རྒུའི་རྒྱུན། །བབས་པས་ཀླུ་རིགས་ཀུན་ཚིམས་ནས། །བྱམས་ལྡན་ཕྲིན་ལས་བསྒྲུབ་པར་གྱུར། །ཨོཾ་བ་སུ་ཀི་མཾ་སྭཱ་ཧཱ། བརྒྱ་རྩ་བཟླ། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་དཔག་མེད་བྱོས། །འོན་ཀྱང་སྐྱོབས་པའི་སྲས་སུ་སྐྱེ། །ཀླུ་རྒྱལ་འཁོར་

p. 512

བཅས་ཐམས་ཅད་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །གནོད་སེམས་སྤོངས་ལ་བསྟན་པ་སྲུངས། །ཀླུ་སྨན་རྩི་སྨན་ཐམས་ཅད་ཀྱིས། །ཀླུ་ཡི་ནད་རིགས་སོས་གྱུར་ཅིག་དཀར་དམར་ལོངས་སྤྱོད་ཐམས་ཅད་ཀྱིས། །ཀླུ་ཡི་ཁ་ཟས་འདོད་དགུ་ཚིམས། །རིན་ཆེན་འབྲུ་ནོར་ཐམས་ཅད་ཀྱིས། །ཀླུ་ཡི་བང་མཛོད་འབྱོར་པ་འཕེལ། །ལྷག་བསམ་མཆོད་སྦྱིན་བསོད་ནམས་ཀྱིས། །ཀླུ་ཡི་ལས་སྒྲིབ་ཀུན་དག་ནས། །ཁྱད་པར་མ་ཉེས་གནོད་པའི་ཚོགས། །ཐམས་ཅད་ཞི་ཞིང་བདེ་ལེགས་ཤོག །བསམ་པའི་དོན་རྣམས་འགྲུབ་པ་དང་། །ཆར་ཆུ་དུས་སུ་འབབ་པ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་དང་། །དོན་རྣམས་གང་དག་བསམ་པ་ཀུན་། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ནཱ་ག་ཤིག་ཁྲོལ་བྱེར་ནཱ་ག་མུ༔ གཙྪ༔ དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་

p. 513

ཐོབ་པར་ཤོག །ཅེས་པ་འདི་ནི་༧ རཱ་ག་ཨ་སྱས་སྦྱར་བའོ།། །། ཀླུ་གཏོར་བསྡུས་པ་ནི། །རང་ཉིད་འཕགས་པ་ཀླུ་སྒྲུབ་ནི། །སངས་རྒྱས་སྤྲུལ་སྐུའི་ཆ་ལུགས་ཅན། །མདུན་དུ་ཀླུ་ཆེན་བརྒྱད་པོ་ནི། །རབ་མཛེས་ཐལ་སྦྱར་སྦྲུལ་མཇུག་ཅན། །ཀུན་ཀྱང་སྦྲུལ་མགོ་བདུན་བདུན་ལྡན། །རྒྱ་མཚོ་ཆེན་པོའི་ཀློང་དུ་གསལ། །སངས་རྒྱས་ཕྱག་ནས་བདུད་རྩིའི་རྒྱུན། །བབས་པས་ཀླུ་རིགས་ཐམས་ཅད་ཚིམ། །རྒྱ་མཚོ་དང་འདྲེས་ཀླུ་ནད་ཞི། །གང་འདོད་དངོས་གྲུབ་སྩོལ་བར་བསམ། །ཨོཾ་ནཱ་ག་ར་ཙ་བཱ་ཝེ་སུ་ཀི་མཾ་སྭཱ་ཧཱ། །བརྒྱ། ཨརྒྷཾ་སོགས། སངས་རྒྱས་ཐུགས་རྗེས་ཀླུ་རྣམས་བདེ་སྐྱིད་ལྡན། །ནད་ཞི་དངོས་གྲུབ་དེ་འདྲ་འཇིག་རྟེན་ལ། །རྒྱ་ཆེན་རྒྱུན་མི་འཆད་པ་འབྱུང་བར་གྱུར། །སངས་རྒྱས་སྲས་དང་བཅས་པས་བཀྲ་ཤིས་ཤོག །ཀླུ་ག་ཏོར་ཉུང་བསྡུས་རཱ་ག་ཨ་སྱས་སྦྱར་བ་དགེ་ལེགས་འཕེལ།། །།

ཀླུ་གཉན་ལ་ཕོག་ཐུག་ཤོར་ན་ཀླུ་གླང་སྦ་ཐབས།

p. 514
p. 515

ཀླུ་གཉན་ལ་ཕོག་ཐུག་ཤོར་ན་ཀླུ་གླང་སྦ་ཐབས་བཞུགས་སོ།

p. 516

ཀླུ་གཉན་ལ་ཕོག་ཐུག་ཤོར་ན་ཀླུ་གླང་སྦ་ཐབས་ནི། རབ་ཟངས། འབྲིང་རྫ་། ཐ་མ་ལ་གླང་དམར་ཁོག་སྟོང་གི་ནང་དུ། ཀླུ་གཟུངས་དང་། རྟ་ལ་མ་ཐ་སྙན་ལ་ཐ། མི་འཛད་ཡུན་གྱི་གཏེར་མཛོད་ཅིག །ཨོཾ་སུ་པྲ་ཏིཥྛ་དུན་ཏི་མི་ལི་མི་ལི་ཡེ་སྭཱ་ཧཱ། ཞེས་ཤོག་དྲིལ་དང་འབྲུ་སྣ་ཀླུ་སྨན་རིན་ཆེན་སྣ་ལྔ་བརྫང་ལ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ཡོངས་གྱུར་ལས། །རིན་ཆེན་སྣ་ཚོགས་ལས་གྲུབ་གླང་དམར་ནི། །དབང་པོ་དྲུག་གི་སྒོ་ལྔ་ཚང་བ་ལ། །རྭ་ལ་རིན་ཆེན་སྣ་ལྔའི་འོད་ཟེར་འཕྲོ། །མིག་གཉིས་ཉི་ཟླ་ཡིད་དུ་འོང་བའི་གཟུགས། །སྤུ་ལ་འདོད་ཡོན་སྣ་ཚོགས་

p. 517

ཆར་དུ་འབེབས། །རྔ་མ་བདུད་རྩིའི་ཟེགས་མས་དགོས་འདོད་འབྱུང་། །དཔག་བསམ་ཤིང་ལྟར་ལོངས་སྤྱོད་ཡིད་བཞིན་འགྲུབ། །ཨོཾ་བཛྲ་སྤ་ར་ཎ་ཁཾ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་བྱུང་བའི་དུས། །ཀླུ་ཡི་རྒྱལ་པོས་ཁྱུང་གི་སྒོ་ང་བརྐུས། །བྱ་ཁྱུང་ཁྲོས་ཏེ་རྒྱ་མཚོའི་གདིང་དུ་འཛུལ། །གཙུག་ན་རིན་ཆེན་སྦྲུལ་ནག་འབར་བ་ཡི། །མགོ་ནས་བཟུང་ནས་རི་རབ་རྩེ་ན་ཁྱེར། །དེ་ཚེ་རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །ཀླུ་དང་ཁྱུང་གཉིས་འཁྲུག་པ་བསྡུམས་པར་བྱས། །ཀླུ་རྒྱལ་གཙུག་གི་ནོར་བུ་རིན་ཆེན་

p. 518

དེ། །སྒོ་ང་བརྐུས་པའི་སྟོང་དང་ཆད་དུ་འཇལ། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྣུམ་ལ་འགྲས་པ་ཐམས་ཅད་སྦྱངས། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །ག་རུ་ཊ་དང་གསེར་མིག་འཁྱིལ་པ་དང་། །ཀླུ་ཡི་རྒྱལ་པོ་དུང་གཙུག་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྡུམས་ལ་འགྲས་པ་ཐམས་ཅད་སྦྱང་། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །སྔོན་ཚེ་རྒྱལ་པོ་ཨ་ཤྭ་ཞེས་བྱ་དང་། །ཀླུ་ནི་ཤང་ག་རུ་ཏ་བྱ་བ་དང་། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྣུམས་ལ་འགྲས་པ་ཐམས་ཅད་སྦྱངས། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །རྒྱ་ཡི་རྒྱལ་པོ་མ་ཏ་ཞེས་བྱ་དང་། །འཛམ་གླིང་བསྟན་པ་ཞེས་བྱའི་ཀླུ་རྒྱལ་གཉིས། །དང་

p. 519

པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྡུམས་ལ་འགྲས་པ་ཐམས་ཅད་སྦྱངས། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །རྒྱལ་པོ་དར་མ་ཨ་ཤྭ་ཞེས་བྱ་དང་། །ཀླུ་ནི་སྲིད་པའི་ཁང་བསྟན་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྡུམས་ལ་འགྲས་པ་ཐམས་ཅད་སྦྱངས། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །སྲིད་པའི་ཀླུ་གླང་བཙན་བདུད་བྱ་བ་དང་། །མཁའ་ལྡིང་ཐོགས་མེད་འཇིགས་བྱེད་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྡུམས་ལ་འགྲས་པ་ཐམས་ཅད་སྦྱངས། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །སྔོན་ཚེ་སྲིད་པའི་དཔེ་དང་ལུང་བཞིན་དུ། །བདག་དང་ཀླུ་གཉན་ས་བདག་འཁོན་པ་བསྡུམས། །

p. 520

སྨྲས་འགྲས་ཉམས་པ་བདུད་རྩི་སྨན་གྱིས་གསོ། །ཤེལ་ཚིགས་འབྲུ་སྣ་དར་ཚོན་ཆས་སུ་འཇལ། །ཧཱུྃ་ལས་རིན་ཆེན་གཏེར་གྱི་གླང་བུ་འདི། །འབྲུ་སྨན་རིན་ཆེན་ཀླུ་ཡི་གཟུངས་སྔགས་བཅས། །མི་ཟད་འདོད་དགུ་འབྱུང་བར་བྱིན་གྱིས་བརླབས། །ཀླུ་ཡི་ནོར་ཚབ་ས་ཡི་བཅུད་དུ་འབུལ། །ཟངས་རྫ་བག་ཟན་ལས་བྱས་གླང་བུ་ནི། །དངུལ་ཆུ་ཀླུ་སྨན་རིན་ཆེན་སྔགས་ཀྱིས་བཀང་། །ཀླུ་རྣམས་མི་ཟད་ཡུན་གྱི་གཏེར་དུ་འབུལ། །འདི་ལྟར་འཇལ་དུམ་ལེགས་པར་བྱས་ཟིན་གྱིས། །ཕྱིན་ཆད་འཁོན་སེམས་གནོད་པ་མ་བྱེད་ལ། །གདུག་པའི་སེམས་སྤོངས་རྒྱལ་བའི་བཀའ་ལ་ཉོན། །ཕ་བུ་སྤུན་ཟླ་ཤག་རོགས་ཇི་བཞིན་དུ། །བདག་ལ་རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །རིག་འཛིན་རྒྱལ་བའི་བཀའ་ལས་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འོ་མའམ་ཆུ་དཀར་ནང་དུ་ཀླུ་སྨན་བཏབ་ལ། །སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཕུ་བྱས་པས། །གར་དགོས་ཐམས་ཅད་ཁྱབ་པར་བྲན་ལ་འདེབས། །ཨོཾ་སུ་པྲ་ཏིཥྛ་བཛྲ་དུན་ཏི་མི་ལི་མི་ལི་ཡེ་སྭཱ་ཧཱ། གླང་བུ་ས་དེའི་གར་བདེར་སྦས་ལ་བཞག །དེ་ཡིས་བཀྲ་ཤིས་ཀླུ་དང་དུམ་བྱས་གྱུར། །ཕོག་ཐུག་ཞི་ནས་ཅི་བསམ་ཡིད་བཞིན་འགྲུབ། །༧

p. 521

ཅེས་རྭ་ཨ་སྱས་འཕྲལ་དུ་བྲིས་པ་ལས། །ཕོག་ཐུག་ཞི་ནས་འགྲོ་རྣམས་བདེ་བར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མདོ་སྡེ་སྤྲིན་ཆེན་དང་ཀླུ་འབུམ་གཉིས་ཀྱི་གཞུང་ནས་བཏུས་པ་ཀླུ་གཉན་ས་བདག་རྣམས་ཀྱི་བསང་ཡིག་ཕན་བདེའི་རྒྱ་མཚོ་དངོས་གྲུབ་ནོར་བུའི་འབྱུང་གནས།

p. 522
p. 523

མདོ་སྡེ་སྤྲིན་ཆེན་དང་ཀླུ་འབུམ་གཉིས་ཀྱི་གཞུང་ནས་བཏུས་པ་ཀླུ་གཉན་ས་བདག་རྣམས་ཀྱི་བསང་ཡིག་ཕན་བདེའི་རྒྱ་མཚོ་དངོས་གྲུབ་ནོར་བུའི་འབྱུང་གནས་བཞུགས་སོ།།

p. 524

ན་མོ་ལོ་ཀི་ཤྭ་ར་ཡེ། འཕགས་མཆོག་ཐུགས་རྗེ་ཅན་ལ་འདུད། །རང་དང་གཞན་ལ་ཕན་པའི་ཕྱིར། །ཀླུ་གཉན་ས་བདག་བསང་མཆོད་བྲི། །བསང་གཞུང་སྤྱི་ལྟར་ཚར་རྗེས་སུ། །མཆོད་པ་ཕུལ་ལ་འདི་སྐད་དོ། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་ཆོས་ཀྱི་དབྱིངས་ནས་བྱུང་། །ཀུན་ཏུ་བཟང་མོའི་མཁའ་ཀློང་ནས། །རིགས་བཞིའི་ཡུམ་གྱི་རྣམ་འཕྲུལ་ལས། །དབང་ཆེན་འབྱུང་བ་རིམ་པར་བརྩེགས། །འབྱུང་བའི་དྭངས་མ་ཤིང་དུ་འཁྲུངས། །ཀླུ་ཤིང་རྣམ་པ་སྣ་ཚོགས་དང་། །ཕྱེ་མར་དཀར་གསུམ་མངར་གསུམ་དང་། །འབྲུ་སྣ་སྨན་སྣ་ཟས་ཕུད་རྣམས། །བསྲེགས་

p. 525

པའི་དུད་པ་སྤྲིན་ལྟར་གཏིབས། །གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། །ཐམས་ཅད་སྤོས་སྤྲིན་དྲ་བས་འབྲེལ། །སྤོས་ཀྱི་ཁྲི་ཤིང་སྟོང་གསུམ་ཁྱབ། །དུད་པའི་ཆ་ཤས་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་སྣ་ཚོགས་ཆར་ལྟར་འབེབས། དུད་པའི་ཟེར་མ་རེ་རེས་ཀྱང་། །ཀླུ་གཉན་ས་བདག་འབུམ་ཕྲག་གི །རྨུགས་པ་སང་ཞིང་ཉམས་པ་སོས། །ལུས་སེམས་བདེ་བས་ཚིམ་པར་བྱེད། །དེ་འདྲའི་དཔག་མེད་བསང་མཆོད་འདིས། ཀྱཻ། ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །ཀླུ་ནད་སེལ་མཛད་བླ་མ་བསང་། །ཕྱག་

p. 526

རྡོར་ཀླུ་བརྒྱད་བསྐོར་བ་སོགས། །ཀླུ་ཡི་དཀྱིལ་འཁོར་ལྷ་ཚོགས་བསང་། །ཁྱུང་གི་འཇིགས་པ་སེལ་མཛད་པའི། །སངས་རྒྱས་སྤྲིན་གྱི་སྒྲོན་མེ་བསང་། །ཀླུ་ཁྱུང་འཁྲུག་པ་བསྡུམ་མཛད་པ། །སྟོན་པ་ཤཱཀྱ་ཐུབ་པ་བསང་། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །སངས་རྒྱས་ལྔ་བཅུ་རྩ་ལྔ་བསང་། །ཀླུ་རྣམས་ཀུན་ལ་ཕན་མཛད་པའི། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་བསང་། །ཀླུ་དབང་རྒྱལ་པོའི་སྤྲུལ་པ་སྟེ། །ཀླུ་རྒྱལ་གཞོན་ནུ་གཏུམ་པོ་བསང་། །འཇམ་པའི་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་འཇོག་པོ་སེར་པོ་བསང་། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་ནོར་རྒྱས་ཆེན་པོ་བསང་། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །ཀླུ་རྒྱལ་དགའ་བོ་འཁོར་བཅས་བསང་། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་མི་མགོན་དཀར་པོ་བསང་། །ས་བཅུ་ལ་གནས་སེམས་དཔའ་སྟེ། །ཀླུ་རྒྱལ་གཡོག་མཐའ་ཡས་པ་བསང་། །འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་བསང་། །ཐུགས་རྗེ་ཆེན་པོའི་བཀའ་ཉན་པ། །ཆུ་བདག་ཝ་རུ་ཎ་སེ་བསང་། །དྲག་པོ་ཐོད་ཕྲེང་བཀའ་ཉན་པ། །ཀླུ་རྒྱལ་མི་

p. 527

སྔོན་རྟ་སྔོན་བསང་། །སློབ་དཔོན་པདྨའི་བཀའ་ཉན་པ། །ཀླུ་རྒྱལ་མ་དྲོས་གཟི་ཆེན་བསང་། །གྲུབ་ཆེན་པཀིའི་བཀའ་ཉན་པ། །ཀླུ་རྒྱལ་རྡོ་རྗེ་རྒྱལ་པོ་བསང་། །ཡེ་ཤེས་མགོན་པོའི་བཀའ་ཉན་པ། །ཀླུ་རྒྱལ་གང་པོ་མཛེས་མ་བསང་། །དཔལ་ཆེན་གྲྭ་ལོའི་བཀའ་ཉན་པ། །ཀླུ་རྒྱལ་བ་སུ་ཀི་ཞེས་བསང་། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །ཀླུ་རྒྱལ་ཉེར་དགའ་རྒྱ་མཚོ་བསང་། །དཔལ་གྱི་གཟི་བརྗིད་ས་སྲུང་བུ། །ནོར་རྒྱས་བུ་དང་བཏང་བཟུང་བསང་། །གཙུག་ན་ནོར་བུ་གཙུག་ནོར་ཐོགས། །ཀླུ་རྒྱལ་དཔལ་བཟང་གློག་ཕྲེང་བསང་། །སྣང་ལྡན་གཙུག་ཕུད་གཙུག་འཇའ་ཅན། །ཀླུ་རྒྱལ་དབང་པོའི་རྒྱལ་མཚན་བསང་། །དབང་པོའི་མཆོད་སྡོང་བཀྲ་ཤིས་ལྡན། །དཀྱིལ་འཁོར་ཆེན་པོ་སྐར་མདོག་བསང་། །འཛམ་བུའི་རྒྱལ་མཚན་ལག་འགྲོ་ཆེ། །དཔལ་གྱི་བློ་གྲོས་ཟླ་མཐོང་བསང་། །ཟླ་བའི་གཟི་བརྗིད་ཟླ་མཐོང་དང་། ། ལེགས་མཐོང་ཤིན་ཏུ་བསྟན་པ་བསང་། །མགུལ་ན་ནོར་བུ་སྤྲིན་འབྱུང་དང་། །ཆར་རྒྱུན་རྣམ་འཇོམས་རབ་འཇོམས་བསང་། །མཐུ་བསྒྱིང་གདེངས་ཀ་ཆེན་པོ་དང་། །ཆེར་

p. 528

སྒྲོགས་རྣམ་པར་སྒྲ་འབྱིན་དང་། །ཨུཏྤ་ལ་དང་དབྱངས་ཟབ་བསང་། །གཤོལ་མདའ་འཛིན་དང་སྣ་ཚོགས་སྡེ། །རྩལ་ཆེན་ཞགས་པ་ཆེན་པོ་བསང་། །ཨེ་ལེའི་འདབ་མ་ཀུན་ཏུ་སྣང་། །སྣ་ཚུགས་དུང་དང་བདེ་བྱེད་བསང་། །ཨུཏྤལ་ད་ར་ད་ར་དང་། །ད་ར་ད་ར་འཁོར་བཅས་བསང་། །ལག་འགྲོ་ལག་འགྲོ་ཆེན་པོ་དང་། །དྲི་མ་ཆེན་པོ་འཕུར་ལྡིང་བསང་། །སྲིན་བུ་གནས་དང་འཕྱང་བ་དང་། །དབང་པོའི་སྡེ་དང་འདམ་བུ་བསང་། །ཉེ་བའི་འདམ་བུ་དུང་ཐོགས་དང་། །འགྲོ་ལྡིང་རབ་མཛེས་རྣོན་པོ་བསང་། །གླང་ཆེན་སྣ་དང་སེར་སྐྱ་དང་། །གློག་འོད་ཆེ་དང་གློག་འབར་བསང་། །སྟོབས་ལྷ་ཆུ་སྟོབས་དམ་པ་འགེང་། །གསེར་མདོག་སྒྲ་དང་གསེར་འོད་བསང་། །བདུད་རྩི་ཅན་དང་མུ་ཏིག་ཅན། །ཁེཌུར་འོད་དང་ཉི་འོད་བསང་། །ཟླ་བའི་རྒྱལ་མཚན་འཆར་བ་དང་། །གླང་མགོ་དང་ནི་གཤིན་རྗེ་དང་། །ཀླུ་རྒྱལ་དཀར་པོ་ནག་པོ་དང་། །ངང་པའི་གཟི་བརྗིད་དགེ་ཚུལ་བསང་། །ཧུ་ལུ་ཀ་དང་གང་གཱ་དང་། །མུ་ཁྱུད་འཛིན་དང་སྦལ་པ་བསང་། །མགོ་སྟོང་ཅན་དང་ས་འཛིན་དང་། །གཙུག་ན་ནོར་བུ་སྤྲིན་ཆེན་བསང་། །དོན་

p. 529

ཡོད་མཐོང་དང་སྡེ་བཟང་དང་། །རྣམ་པར་དུལ་དང་ས་སྐྱོང་བསང་། །རྒ་བ་འབྱུང་དང་མིས་བྱིན་དང་། །ཆུ་སྲིན་ཀུམ་བྷི་ར་གདོང་བསང་། །དུག་འཛིན་ཆུ་སྲིན་ཀུམ་བྷི་ར། །མྱུར་གདུག་ཀླུ་རྒྱལ་མཇུག་མ་བསང་། །རབ་འཕྱངས་འཇིགས་བྱེད་པདྨ་ཀ །མགོ་ལྔ་གཟི་བརྗིད་མཛེས་པ་བསང་། །བིལ་ར་བླ་མ་མཇུག་རིང་དང་། །ཤིང་རྟ་རྒྱལ་དང་མགོ་ཆེན་བསང་། །སིམ་པི་ཀ་དང་བྷི་ཏ་ར། །མགྱོགས་འགྲོ་ཀླུ་རྒྱལ་མགོ་གསུམ་བསང་། །ཀླུ་སྡེ་གཟི་ཆེན་འདམ་བུ་བྱིན། །མགོ་བདུན་འོད་འབར་སྐྲག་བྱེད་བསང་། །རབ་ཏུ་ཆེར་གཏུམ་མཐོང་དགའ་དང་། །དྲི་མེད་གཟི་བརྗིད་སྟོང་ཆེན་བསང་། །མིག་བཟང་དྲག་པོ་འོད་ཆེན་པོ། །ཀླུ་ཡི་རྒྱལ་པོ་གཏུམ་པོ་བསང་། །འོད་འཕྲོའི་ཕུང་པོ་དབང་པོའི་འོད། །ཀླུ་རྒྱལ་ཁྲོ་བོ་དྲག་ཤུལ་བསང་། །རིན་ཆེན་ཆུ་སྦྱིན་སྐམ་པས་འཐུང་། །ཀླུ་རྒྱལ་ཆུ་སྦྱིན་སྤྲིན་ཆེན་བསང་། །ཀུ་མུའི་འབྱུང་གནས་རྒྱ་མཚོའི་སྤྲིན། །སྤྲིན་ཟླ་མེ་ཏོག་དྲི་ཆེན་བསང་། །རིན་ཆེན་མིག་དང་ནོར་རྒྱས་བུ། །མ་དྲོས་པ་དང་འོད་བཟང་བསང་། །དོན་ཡོད་དགའ་དང་མཐོང་དགའ་དང་། །སྤྲིན་གྱིས་

p. 530

ལེགས་པར་འགེབ་པ་བསང་། །གཞན་གྱིས་མི་ཐུབ་སྤྲིན་ཆུ་སྦྱིན། །ཀླུ་རྒྱལ་བདེ་མཐོང་རླུང་འབྱུང་བསང་། །གཙུག་ན་ནོར་བུ་རླུང་འཁྲུག་བྱེད། །གཞན་ཡང་ཀླུ་རྒྱལ་སྟོང་ཕྲག་བསང་། །ཆུ་ཆེན་སྤྲིན་གྱིས་ཆུ་འཆང་བ། །ལག་འགྲོ་ཆེན་པོའི་གཡོག་རྣམས་བསང་། །སྦྲུལ་གདུག་གཟུགས་ཅན་དུག་ལྕེ་ཅན། །ནོར་བུ་ཅོད་པན་སྣ་ཚོགས་བསང་། །ཁྲོ་བོ་ཤུགས་ཅན་དྲག་ཤུལ་ཅན། །ཆུ་གནས་སྤྲིན་ཆེན་ཞོན་རྣམས་བསང་། །སྟོབས་ཆེན་ལྟོ་འཕྱེ་མགོ་སྟོང་ལྡན། །མིག་དམར་ཡོན་པའི་གཟུགས་རྣམས་བསང་། །སྟོབས་ཆེ་ཕ་རོལ་གནོན་པ་ཡི། །གཟི་བརྗིད་ཐོགས་མེད་ཀླུ་རྣམས་བསང་། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་རྣམས་བསང་། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །སྤྲིན་བདག་ཀླུ་མོ་ཐམས་ཅད་བསང་། །སྤྲིན་ཆེན་ཆུ་འཛིན་མགྱོགས་བཞུད་མ། །སྤྲིན་ཆེན་མ་དང་སྤྲིན་ལྡན་བསང་། །སྤྲིན་ཆུ་འཛིན་མ་སྤྲིན་གསལ་མ། །དུད་སྤྲིན་མ་དང་སྤྲིན་འབྱུང་བསང་། །སྤྲིན་གྱི་འབྱུང་གནས་སྤྲིན་སྒྲོགས་མ། །ཀླུ་མོ་སྤྲིན་གྱི་ཅོད་པན་བསང་། །སྤྲིན་བཞུགས་སྤྲིན་གྱི་ཕྲེང་བ་ཡི། །སྤྲིན་གྱི་

p. 531

རྣམ་པར་བརྒྱན་མ་བསང་། །སྤྲིན་བཅིབ་སྤྲིན་ལ་གནས་བཅས་པ། །སྤྲིན་སྙིང་སྤྲིན་རལ་སྤྲིན་འོད་བསང་། །རྒྱ་ཆེན་སྤྲིན་བཞུགས་སྤྲིན་འཁོར་ལྡན། །རི་སུལ་བཞུགས་མ་ཀླུ་ཡུམ་བསང་། །མཆོད་ཕྱིར་སྤྲིན་ཐོགས་ལོ་འོང་བསྒྲུབ། །སྤྲིན་ཆེན་དཔལ་ལྡན་དཀར་མདོག་བསང་། །བསིལ་རེག་འཚུབ་མའི་སྤྱོད་ཡུལ་མ། །ཀླུ་ཆེན་རྣམས་དང་རོལ་མཛད་བསང་། །དབུ་དགུ་ལྡན་མ་གློག་ཕྲེང་མ། །པོན་ཏྲ་བཅུད་ལེན་འཛིན་མ་བསང་། །སྤྲིན་ཆེན་ཕྲེང་ལྡན་ལག་འགྲོ་འཛིན། །ཀླུ་ཆེན་བརྒྱད་ཀྱི་ཡུམ་བརྒྱད་བསང་། །སྤྲིན་མནབ་མ་དང་སྤྲིན་བཀོད་བཅིབས། །དུག་དྲག་སྤྱོད་ཡུལ་སྒྲ་སྒྲོག་བསང་། །ཀླུ་ཚོགས་བསྐུལ་མ་འབྲུག་སྒྲོགས་མ། །ལྷ་མོ་སྤྲིན་ཆེན་ཕྲེང་ལྡན་བསང་། །གཞན་ཡང་ཀླུ་རྒྱལ་བསང་བ་ནི། །རྟོག་ཆེན་རྒྱལ་པོའི་རྒྱལ་མཚན་བསང་། །སྤྲིན་ཆེན་སྙིང་པོ་ཁ་བད་ཅན། །སྤྲིན་མཐུ་ཅན་དང་དཔལ་སྙིང་བསང་། །མཚན་མོ་འཛིན་དང་ཆུ་སྦྱིན་དང་། །གཟི་བརྗིད་མེ་འདྲ་ཁྲོ་མེད་བསང་། །ཆུ་སྦྱིན་ཆེན་པོ་ཀླུ་པ་དང་། །སྤྲིན་གྱི་དབང་ཕྱུག་རྒྱལ་པོ་བསང་། །ཆུ་འཛིན་ས་ཡི་བུམ་པ་དང་། །ཨིང་གི་ར་གདོང་སྤྲིན་

p. 532

གདུག་བསང་། །གོམ་སྟབས་མཐའ་ཡས་ཆ་བྱད་མཛེས། །གཟི་བརྗིད་སྤྲིན་ལས་མངོན་བྱུང་བསང་། །སྤྱད་ལྟོ་ཞི་བ་དཔའ་བ་དང་། །གསེར་གདན་ཅན་དང་མཆོག་བཙན་དང་། །དུག་དྲག་དབྱངས་སྙན་བདུད་རྩི་སྙིང་། །མཚོ་སྨན་རྒྱལ་མོ་མཆེད་ལྔ་བསང་། །གནམ་གཡོ་འབྲུག་སྒྲ་རྔ་སྒྲ་དང་། །རབ་ཏུ་ཆར་འབེབས་ཆེན་པོ་བསང་། །བདུད་རྩིའི་རྒྱུན་དང་དགའ་བྱེད་དང་། །འབབ་སྡེ་དང་ནི་འབྲུག་སྒྲོག་བསང་། །སྲེད་མེད་བུ་དང་རྒྱ་མཚོའི་ཀློང་། །ཡོན་པོ་དང་ནི་སྐྱ་རེངས་བསང་། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཀླུ་རྣམས་བསང་། །རི་དྭགས་གཅན་གཟན་བ་གླང་སོགས། །མགོ་བརྙན་ཅན་གྱི་ཀླུ་རྣམས་བསང་། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །སྲིད་པའི་གཉན་རྗེ་གོང་སྔོན་བསང་། །ཁྲི་འབུམ་སྟོང་ཕྲག་གཉན་རྗེ་བཙན། །གཉན་ཆེན་དགྲ་འདུལ་གཤེད་མགོན་བསང་། །རྟ་ཚ་ཐོག་འབེབས་སྟོང་འབྱམས་དང་། །གཉན་ཆེན་དགྲ་འདུལ་ས་ཕྲེང་བསང་། །ཁྲོ་བོ་བདུད་འབེབས་འཕྲུལ་སྟོང་འདུལ། །འཕྲོ་བ་ཀུན་འདུལ་སྲིད་རྗེ་བསང་། །བདུད་ཚ་ཁྲོ་མཆོག་གཉན་རྒྱལ་བ། །གཉན་ཆེན་ཟོ་

p. 533

ཐུབ་ཁྲོ་མཆོག་བསང་། །ཁྲོ་སྟོང་ཡུལ་རྗེ་འཕྲོ་རྩེ་དགུ། །གཉན་ཆེན་དྲག་པོ་ས་རྒྱལ་བསང་། །གསུམ་ཐོད་དེ་རྒྱལ་མི་མགོན་དཀར། །སྦི་ལ་གསེར་ཁྲབ་བས་ཅན་བསང་། །ཁྲོ་བོ་དུང་སྐྱོང་ནུབ་དགྲ་གསོད། །དགེ་བསྙེན་ས་ཡ་དགུ་འབུམ་བསང་། །ཤ་བ་དྲེད་དང་དོམ་གཟིག་རྟ། །དུད་འགྲོ་སྣ་ཚོགས་མགོ་ཅན་བསང་། །གཉན་ཆེན་དཀར་ནག་མགོ་བརྙན་ཅན། །མགོ་བརྙན་ལྡན་པ་དགུ་འབུམ་བསང་། །གཞན་ཡང་གཉན་གྱི་བཙུན་མོ་ནི། །ལི་བྱིན་འཕྲུལ་གྱི་རྒྱལ་མོ་བསང་། །གང་དྲག་འཕྲུལ་ཟ་ལྡེམ་བུ་མ། །བདུད་ཟ་འཕྲུལ་མོ་ཡིད་འོང་བསང་། །གཉན་མོ་དུང་གི་རལ་ཅན་སོགས། །གཉན་གྱི་ལྕམ་མོ་ཐམས་ཅད་བསང་། །ལི་བྱིན་འོད་དེ་བུད་མེད་ནག །གཉན་ཟ་ག་ག་གདན་ཐོང་བསང་། །གཉན་ཟ་ཐོག་ཐོག་ཤོལ་མོ་དཀར། །ཐོག་ཐོག་ཡ་མ་དཀར་མོ་བསང་། །དཀར་མོ་ཤེལ་འོད་ཐོག་འབེབས་མ། །གཉན་ཟ་འཕྲུལ་ཏིག་གསེར་མདོག་བསང་། །གཡུ་ཏིང་ལེན་མོ་ཧོར་མོ་མདོག །སྟོང་འདུས་མ་དང་འོད་འཕྲོ་བསང་། །ལྔ་ཚིག་མ་དང་སྟོང་མཆོག་མ། །བཀའ་ལ་བཅག་པའི་ལྕམ་མོ་བསང་། །

p. 534

ཏི་སེ་ཐང་ལྷ་སྤོམ་ར་དང་། །ཀླུ་རྒྱལ་ལ་སོགས་མགུར་ལྷ་དང་། །དམག་དཔོན་དབྱི་རྒྱལ་རིན་ཆེན་སོགས། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་བསང་། །སྨོན་སྐྱེས་གང་བཞུར་མཆེད་གསུམ་སོགས། །གཉན་ཕྲན་བཞི་བཅུ་ཞེ་གཉིས་བསང་། །གཉན་ཆེན་རི་ཏི་སྤོ་ཏོ་སོགས། །ངོམ་ཡུལ་གནས་པའི་གཉན་རྣམས་བསང་། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །དབང་ཆེན་ཤི་བྷ་ཏྲ་བསང་། །བཙུན་མོ་ས་ཡི་ལྷ་མོ་དང་། །སྲས་མཆོག་ས་འཛིན་ལག་པ་བསང་། །ས་བདག་རྒྱལ་པོ་རྟ་སྐད་དང་། །ས་བདག་སྟག་གི་རྐང་ལག་བསང་། །ས་བདག་སྟོང་ཁྲི་བཙན་པོ་དང་། །ཕྱོགས་བཞི་མཚམས་བརྒྱད་ས་བདག་བསང་། །ལོ་འཁོར་རྗེ་བློན་བཅུ་བདུན་དང་། །ཟླ་འཁོར་ཞག་དུས་ས་བདག་བསང་། །སྤར་ཁ་བརྒྱད་དང་སྨེ་བ་དགུ། །ལོ་སྐོར་བཅུ་གཉིས་ལོ་རྒན་བསང་། །ས་བདག་ལྟོ་འཕྱེ་ཆེན་པོ་དང་། །རི་དང་ས་ཡི་ལྷ་རྣམས་བསང་། ཀྱཻ། ངོམ་དུ་རུང་བའི་ས་བདག་སྟེ། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །བཙུན་མོ་གཉིས་དང་བློན་པོ་གཉིས། །མ་མོ་བླ་མཆོད་བཅས་པ་བསང་། །མདའ་ར་མདུང་ར་མཛོད་འཛིན་

p. 535

དང་། །སྒོ་སྲུང་ལས་མཁན་བཅས་པ་བསང་། །ཀླུ་བདུད་དགེ་བསྙེན་ཆེན་པོ་སྟེ། །ཀླུ་རྒྱལ་དྲག་པོ་བདུད་འདུལ་བསང་། །ལྕི་ཆུ་རྒྱུད་དུ་མཚན་གསོལ་བ། །དགེ་བསྙེན་ཆེན་པོ་འབོ་རང་བསང་། །ངོམ་ཆུའི་རྒྱུད་དུ་མཚན་གསོལ་བ། །དབྱི་དོ་རྡོ་རྗེ་བདུད་འཇོམས་བསང་། །ལྕི་ངོམ་མཚམས་སུ་མཚན་གསོལ་བ། །རྡོ་གཟེའི་བླ་མཚོ་དམར་ནག་བསང་། །ཟླ་ངོམ་འདུས་པར་མཚན་གསོལ་བ། །དགེ་བསྙེན་ཆེན་པོ་རྫོང་ནག་བསང་། །ངོམ་ཡུལ་སྨད་ལ་མངའ་མཛད་པ། །ལྕམ་གཅིག་མཚོ་ནག་ཀླུ་མོ་བསང་། །ཆུ་བོ་ཆུ་མདོ་ཀུན་ལ་གནས། །འཁོར་གྱི་ཀླུ་བདུད་ཀླུ་བཙན་བསང་། །མཚོ་འཁོར་གདེངས་ཀ་ཀུན་ལ་གནས། །འཁོར་གྱི་ཀླུ་སྨན་མཚོ་སྨན་བསང་། །ཆུ་མིག་ལྗོན་པ་ཀུན་ལ་གནས། །ཡང་འཁོར་ཀླུ་བྲན་གྲངས་མེད་བསང་། །གཞན་ཡང་ཁྲ་བོ་གཉན་གྱི་རིགས། །གཏམ་རྒྱལ་དབྱི་དབྲོ་འཁོར་བཅས་བསང་། །རྒྱལ་མོ་བུ་སྤང་དཔལ་རི་རྩེ། །ཡུལ་བདག་གནས་བདག་ཐམས་ཅད་བསང་། །ཟོ་རྒྱལ་ཞྭ་དཀར་རྟ་འདྲ་དང་། །ནོར་བདག་ལ་སོགས་མདུན་རི་བསང་། །གནས་འདིའི་གཡས་གཡོན་མདུན་རྒྱབ་

p. 536

ལ། །གནས་པའི་ས་བདག་ཐམས་ཅད་བསང་། ཀྱཻ། ས་བདག་ཀླུ་གཉན་ཐམས་ཅད་ལ། །དཀར་གསུམ་མངར་གསུམ་ཟས་ཕུད་དང་། །འབྲུ་སྣ་སྨན་སྣ་དར་ཟབ་དང་། །རིན་ཆེན་སྣ་ཚོགས་མཆོད་པ་འབུལ། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀླུ་ཤིང་ཤུག་པའི་བསང་དུད་ཀྱིས། །ཀླུ་ནད་རུས་དགུ་སོས་གྱུར་ཅིག །ཀླུ་ཤིང་བྲ་མའི་བསང་དུད་ཀྱིས། །ཀླུ་ཡི་མཆིན་ནད་སོས་གྱུར་ཅིག །ཀླུ་ཤིང་སེ་བའི་བསང་དུད་ཀྱིས། །ཀླུ་ཡི་སྟོད་ནད་སོས་གྱུར་ཅིག །ཀླུ་ཤིང་སྐྱེར་དཀར་བསང་དུད་ཀྱིས། །ཀླུ་ཡི་མཁྲིས་ནད་སོས་གྱུར་ཅིག །ཀླུ་ཤིང་ལྕང་མའི་བསང་དུད་ཀྱིས། །ཀླུ་ནད་གྲུམ་བུ་སོས་གྱུར་ཅིག །ཀླུ་ཤིང་ཉ་བྲིད་བསང་དུད་ཀྱིས། །ཀླུ་ནད་གག་པ་སོས་གྱུར་ཅིག །ཀླུ་ཤིང་སྨྱུག་གའི་བསང་དུད་ཀྱིས། །ཀླུ་རྣམས་ཤི་བ་སོས་གྱུར་ཅིག །ཀླུ་ཤིང་སྟག་མའི་བསང་དུད་ཀྱིས། །ཀླུ་རྣམས་མནོལ་བ་སངས་གྱུར་ཅིག །ཀླུ་ཤིང་སུར་དཀར་བསང་དུད་ཀྱིས། །ཀླུ་ཡི་མགོ་ནད་སོས་གྱུར་ཅིག །ཀླུ་ཤིང་དབྱར་པའི་བསང་དུད་ཀྱིས། །ཀླུ་ཡི་ཡན་ལག་ན་བ་སོས་གྱུར་ཅིག །ཀླུ་ཤིང་ཚར་བུའི་བསང་དུད་ཀྱིས། །ཀླུ་ཕྲུག་ན་བ་

p. 537

སོས་གྱུར་ཅིག །ཀླུ་ཤིང་གླ་རྐང་བསང་དུད་ཀྱིས། །ཀླུ་ཡི་རྐང་ནད་སོས་གྱུར་ཅིག །ཀླུ་ཤིང་སྒྲོན་ཤིང་བསང་དུད་ཀྱིས། །ཀླུ་ཡི་མིག་ནད་སོས་གྱུར་ཅིག་ཀླུ་ཤིང་སྤེན་མའི་བསང་དུད་ཀྱིས། །ཀླུ་ཡི་གློ་ནད་སོས་གྱུར་ཅིག །ཀླུ་ཤིང་ས་ལའི་བསང་དུད་ཀྱིས། །ཀླུ་ཡི་མཁལ་ནད་སོས་གྱུར་ཅིག །ཀླུ་སྨན་སྣ་ཚོགས་བསང་དུད་ཀྱིས། །ཀླུ་ནད་ཀུན་ལས་ཐར་གྱུར་ཅིག །ཕྱེ་མར་ཟས་ཕུད་བསང་དུད་ཀྱིས། །ཀླུ་གཉན་ས་བདག་ཚིམ་གྱུར་ཅིག ཀྱཻ། ཀླུ་གཉན་ས་བདག་ཐམས་ཅད་ཀུན། །རྣལ་འབྱོར་བདག་ལ་དགོངས་སུ་གསོལ། །བདག་དང་ཡོན་བདག་འཁོར་བཅས་ཀུན། །ཚེ་རབས་ཐོག་མ་མེད་པ་ནས། །ད་ལྟའི་ལུས་འདི་ཡན་ཆད་དང་། །ཕ་མྱེས་བདུན་རྒྱུད་ཚུན་ཆད་ནས། །བུ་ཚ་ཡང་ཚ་ཡན་ཆད་དུ། །ཀླུ་གཉན་ས་བདག་ཁྱེད་རྣམས་ཀྱི། །ཐུགས་དང་འགལ་བར་གྱུར་པའི་ལས། །ས་གཉན་རྐོས་དང་ན་གཉན་བུས། །ཤིང་གཉན་བཅད་དང་ཀླུ་ཤིང་བྲེག །བྲག་གཉན་བཤིགས་དང་ཕ་བོང་གསེས། །རི་གཉན་མེ་བཀྱེས་ཀུ་ཆོ་བཏབ། །གཞུང་ཆུ་ཡུར་དྲངས་ཆུ་མིག་བསུབ། །མནའ་གཉན་སྐྱེལ་

p. 538

ལེན་ཐབ་གཞོབ་བྱས། །གཏད་ཁྲམ་དྲག་ལས་གཏོར་ཟོར་བརྒྱབ། །ཞིང་མུ་བཅད་དང་ཁང་ལས་བྱས། །སྤང་གཉན་ཕེད་དང་བཙོག་ནལ་གཡོས། །རི་དྭགས་སྦལ་སྦྲུལ་ཆུ་གནས་བསད། །གང་བྱས་ཐམས་ཅད་མཐོལ་ཞིང་བཤགས། །བྱམས་པའི་ཐུགས་ཀྱིས་བཟོད་པར་གསོལ། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །བདེ་གཤེགས་སྤྲིན་གྱི་ཆུ་འཛིན་སོགས། །ལྔ་བཅུ་རྩ་ལྔའི་བྱིན་རླབས་པ། །སྦྱིན་པའི་མཆོད་པ་ཕུལ་བའི་མཐུས། །ཀླུ་གཉན་ས་བདག་ཐམས་ཅད་ཀུན། །ནད་དང་སྡུག་བསྔལ་ཀུན་ཞི་སྟེ། །ཉམས་དང་རྨུགས་པ་ཀུན་བྱང་ནས། །བླ་མེད་རྫོགས་པའི་སངས་རྒྱས་ཏེ། །མཐུ་སྟོབས་ནུས་པ་ཆེར་འཕེལ་ནས། །མངའ་ཐང་ལོངས་སྤྱོད་ལྡན་གྱུར་ཅིག །དེ་ལྟར་ཁྱེད་ཅག་སྟོབས་འཕེལ་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཁ་འཛིན་སྟོང་གྲོགས་མེལ་ཚེ་མཛོད། །ཡག་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །རྒྱལ་རིགས་ཀླུ་ཡི་མི་གཡང་ཕོབ། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །རྗེ་རིགས་ཀླུ་ཡི་ནོར་གཡང་ཕོབ། །

p. 539

ནོར་ལུག་རྟ་དྲེལ་དངོས་གྲུབ་སྩོལ། །བྲམ་ཟེ་ཀླུ་ཡི་ཆུས་གཡང་ཕོབ། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །གདོལ་པ་ཀླུ་ཡི་རྨ་གཡང་ཕོབ། །ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །བདག་དང་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཆར་ཆུ་དུས་སུ་འབེབས་པ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད། །ཕ་རོལ་སྔགས་བོན་མུ་སྟེགས་ཀྱིས། །བདག་དང་ཡོན་བདག་འཁོར་བཅས་རྣམས། །ཁྱེད་ཅག་རྣམས་ལ་གཏད་པའམ། །དྲག་སྔགས་དབལ་གྱིས་ཆད་ན་ཡང་། །སྐུ་གླུད་བསང་མཆོད་འདི་བཞེས་ལ། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམ་པ་ཀློད་ལ་མནན་པ་ཁྱོག །གཞན་ཡང་ལས་དང་རྐྱེན་དབང་གིས། །སྔོན་ཆད་གནོད་པ་བྱས་ན་ཡང་། །ནད་རྣམས་སོལ་ལ་དུག་རྣམས་ཕྱུངས། །ཕྱིན་ཆད་མི་གནོད་དམ་ཆོས་ཤིག །རང་རང་གནས་སུ་བཞུད་ནས་ཀྱང་། །རྟག་ཏུ་སྤུན་དང་གྲོགས་ལྟ་བུར། །བྱམས་པའི་ཐུགས་ཀྱིས་དགོངས་མཛོད་ལ། །རྟག་ཏུ་ཁ་འཛིན་རྒྱབ་རྟེན་དང་། །

p. 540

བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་བརྗོད་ཁུ་ཡེ་ལ་སོགས་བྱའོ། །འདི་ནི་ཕོག་ཐུག་འགྲམ་འཁྲུག་དང་། །ཆར་པ་འབོད་པའི་སྣ་སེལ་ལམ། །བབ་རྗེས་གཏང་རག་བཏང་བའམ། །ཁང་ལས་འཕྲུ་འདུལ་བྱེད་པའམ། །ཐབ་གཞོབ་རི་མེ་ཤོར་བ་དང་། །སྲིད་ཚོལ་རྟ་ནོར་གོད་ཁ་སོགས། །དེ་དག་ཀུན་ལ་འདི་ཉིད་མཆོག །འདི་བྲིས་ཉེས་འགལ་ཅི་མཆིས་པ། །ཀླུ་རྒྱལ་སེམས་དཔའ་རྣམས་ལ་བཤགས། །འདི་བྲིས་བསོད་ནམས་གང་མཆིས་དེས། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །དེ་སྐད་༧རཱ་ག་ཨ་སྱས་སྨྲས། །ཕན་ཐོགས་རྒྱ་ཆེན་འབྱུང་བར་ཤོག །མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཀླུའི་བསང་མཆོད་ཕན་བདེའི་རྒྱ་མཚོ་ཀླུ་གཡང་དངོས་གྲུབ་ཀྱི་རླབས་ཕྲེང་རབ་ཏུ་གཡོ་བ།

p. 541

ཀླུའི་བསང་མཆོད་ཕན་བདེའི་རྒྱ་མཚོ་ཀླུ་གཡང་དངོས་གྲུབ་ཀྱི་རླབས་ཕྲེང་རབ་ཏུ་གཡོ་བ་ཞེས་བྱ་བ་བཞུགས་སོ།།

p. 542

ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ནས། །འཇིག་རྟེན་ཀུན་ལ་ཕན་བདེ་འབྱུང་བའི་ཕྱིར། །འཇིག་རྟེན་འཇིག་རྟེན་འདས་པའི་ཀླུརྣམས་ལ། །འཇིག་རྟེན་དྲེགས་པའི་བསང་མཆོད་འབུལ་འདོད་ན། །འཇིག་རྟེན་འདིར་སྐྱེས་བཟང་ཤིང་སྣ་ཚོགས་དང་། །དཀར་གསུམ་མངར་གསུམ་ཕྱེ་མར་ལ་སོགས་པ། །ཤ་ཁྲག་སྤང་བའི་འཇིག་རྟེན་ཟས་ཕུད་བསྲེག །བདག་ཉིད་བྱམས་ཆེན་གཉུག་མའི་ཏིང་འཛིན་གྱིས། །ངག་གིས་གང་བརྗོད་ཡིད་ཀྱིས་གྱེར་བསྒོམ་བྱ། །ཨེ་མ་ཧོ༔ བདག་དང་ཀླུ་ཡི་གཙོར་བྱས་སེམས་ཅན་ཀུན། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཀླུ་དང་ས་བདག་ལ་སོགས་སེམས་ཅན་ཀུན། །བདེ་ལ་

p. 543

འགོད་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །སྟོང་པའི་རང་མདངས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ། །དཀར་གསལ་ཞལ་གཅིག་ཞི་འཛུམ་ཐོར་ཙུགས་ཅན། །དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས། །ཀྲིཥྛ་ས་རིའི་པགས་པས་ནུ་གཡོན་བཀབ། །ཕྱག་གཡས་མཆོག་སྦྱིན་བདུད་རྩི་སྨན་ཆར་འབེབས། །གཡོན་པས་པད་དཀར་ཡུ་བ་ཐུགས་ཀར་འཛིན། །ཡེ་ནས་དམ་ཡེ་དབྱེར་མེད་ཉིད་དུ་གསལ། །ཐུགས་ཀའི་ཧཱུྃལས་བྱམས་པའི་འོད་ཟེར་འཕྲོས། །འཇིག་རྟེན་འདས་དང་མ་འདས་ཀླུ་ཡི་ཚོགས། །ནམ་

p. 544

མཁའ་ས་གཞི་གང་བར་སྤྱན་དྲངས་གྱུར། །རི་རབ་སྟེང་ཤོད་རོལ་མཚོ་རྒྱ་མཚོ་ཆེ། །གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་ཁམས། །འཛམ་གླིང་མཐའ་དབུས་ཁྱད་པར་གངས་རིའི་ལྗོངས། །ཆུ་བོ་ཆུ་བྲན་འབབ་ཆུ་གདེངས་ཀ་དང་། །ལུ་མ་ཁྲོན་པ་ཆུ་མིག་ཆུ་ཡི་མདོ། །རི་བོ་ལྗོན་ཤིང་བྲག་རི་སྐྱེད་མོས་ཚལ། །སྤང་ལྗོངས་ནགས་ཚལ་ནེའུ་སིང་ལ་སོགས་ལ། །གནས་པའི་ཀླུ་གཉན་ས་བདག་མ་ལུས་ཀུན། །བདག་གིས་བསང་མཆོད་འབུལ་ཕྱིར་སྤྱན་འདྲེན་ན། །ཐོགས་མེད་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །བྱམས་པའི་སེམས་དང་བཅས་ཏེ་འདིར་གཤེགས་ཤིག །ཡིད་ལས་བྱུང་བའི་རིན་ཆེན་ཁྲི་སྟེང་དུ། །གཉིས་མེད་དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་། །སྔོན་ཚེ་ཐུབ་དབང་གསང་བདག་པད་འབྱུང་གི །དམ་ཚིག་གཉན་པོ་རྗེས་སུ་དྲན་མཛོད་ལ། །བདག་གིས་གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །སརྦ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་སིཾ༔ ས་མ་ཡ་ཧོ༔ ས་མ་ཡ་ཧཱུྃ། སྟོང་པའི་ངང་ལས་བསང་ཁང་ཡི་གེ་ཧཱུྃ། །དེ་ལས་དུ་བའི་ལྷ་མོ་ནམ་མཁའི་མདོག །བཞེངས་

p. 545

སྟབས་རིན་ཆེན་རྒྱན་ལྡན་དར་ཟབ་གསོལ། །ཕྱག་གཡས་ཁྲུས་བུམ་བདུད་རྩིས་ཀླུ་རྣམས་བཀྲུ། །གཡོན་པས་སྨན་གྱི་གཞོང་པར་སྤོས་སྡོང་ལས། །སྤོས་ཀྱི་དུད་སྤྲིན་སངས་རྒྱས་ཞིང་ཀུན་ཁྱབ། །སྤོས་ཀྱི་ཁྲི་ཤིང་དྲ་བས་ནམ་མཁའ་གང་། །དེ་ལས་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལོངས་སྤྱོད་ཆར་རྒྱུན་ལྟ་བུར་འབེབས་། །ཁྱད་པར་ཀླུ་ལ་མཁོ་བའི་ཡོ་བྱད་དང་། །བདུད་རྩི་ཀླུ་སྨན་ན་བུན་ལྟ་བུར་འབེབས། །ཟད་མི་ཤེས་པ་ནམ་མཁའི་མཛོད་དུ་གྱུར། །ཨོཾ་བཛྲ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་སྤ་ར་ཎ་ཁཾ། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་ཆོས་ཀྱི་དབྱིངས་ལས་བྱུང་། །ཀུན་ཏུ་བཟང་པོའི་མཁའ་ཀློང་ནས། །སངས་རྒྱས་སྤྱན་དང་མཱ་མ་ཀཱི། །གོས་དཀར་སྒྲོལ་མའི་སྤྲུལ་པ་ལས། །རླུང་མེ་ཆུ་ཡི་དཀྱིལ་འཁོར་ཆགས། །འབྱུང་ཆེན་ལྔ་ཡི་དྭངས་མ་ལས། །བཟང་ཤིང་ཀླུ་ཤིང་སྣ་ཚོགས་འཁྲུངས། །ཀླུ་ཤིང་སྣ་ཚོགས་དུད་པ་དང་། །ཕྱེ་མར་དཀར་གསུམ་མངར་གསུམ་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་ཀུན། །བསྲེགས་པའི་དུད་པ་སྤྲིན་ལྟར་

p. 546

གཏིབས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འདིས། ཀྱཻ། ཀླུ་སྒྲུབ་པད་འབྱུང་བྱ་ཡུལ་བ། །སྐྱེར་སྒོང་བ་དང་སངས་རྒྱས་དབོན། །པཀྴི་རང་བྱུང་རྡོ་རྗེ་སོགས། །ཀླུ་འདུལ་རིག་འཛིན་བླ་མ་བསང་། །གཏུམ་ཆེན་གཏུམ་ཆུང་གོས་སྔོན་ཅན། །འཁོར་ཆེན་ནཱ་ག་རཀ་དང་། །རྟ་མགྲིན་ནག་པོ་ཀླུ་འདུལ་སོགས། །ཡི་དམ་ལྷ་ཚོགས་ཐམས་ཅད་བསང་། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །ཀླུ་ལ་ཕན་མཛད་བཅོམ་ལྡན་འདས། །སྤྲིན་གྱི་ཆུ་འཛིན་ལ་སོགས་པ། །བདེ་གཤེགས་ལྔ་བཅུ་རྩ་ལྔ་བསང་། །ཁྱུང་གི་འཇིགས་པ་སེལ་མཛད་པ། །བདེ་གཤེགས་སྤྲིན་གྱི་སྒྲོན་མེ་བསང་། །ཀླུ་ཁྱུང་འཁྲུག་པ་བསྡུམ་མཛད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་བསང་། །ཀླུ་རྣམས་ཀུན་ལ་ཕན་མཛད་པ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་བསང་། །ས་བཅུའི་སེམས་དཔའ་ཀླུ་ཡི་བདག །ཀླུ་རྒྱལ་གཡོག་མཐའ་ཡས་པ་བསང་། །ཀླུ་དབང་རྒྱལ་པོའི་སྤྲུལ་པ་སྟེ། །ཀླུ་རྒྱལ་གཞོན་ནུ་གཏུམ་པོ་བསང་། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་བསང་། །གསང་བའི་བདག་པོའི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་དགའ་བོ་བསང་། །

p. 547

འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་འཇོག་པོ་བསང་། །ཐུགས་རྗེ་ཆེན་པོའི་བཀའ་ཉན་པ། །ཆུ་བདག་ཝ་རུ་ཎ་སེ་བསང་། །ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །ཡེ་ཤེས་ཀླུ་ཆེན་བརྒྱད་པོ་བསང་། །འཇམ་དཔལ་སྤྲུལ་པ་བཀའ་ཉན་ཚུལ། །ཀླུ་རྒྱལ་མི་མགོན་དཀར་པོ་བསང་། །པད་འབྱུང་བཀའ་ཉན་གཏེར་གྱི་བདག་ཀླུ་བདུད་དགེ་བསྙེན་སྨྱོ་ཁ་བསང་། །པཀིའི་བཀའ་ཉན་བསྟན་པ་སྲུངས། །ཀླུ་བདུད་རྡོ་རྗེ་རྒྱལ་པོ་བསང་། །གསང་སྔགས་ཀུན་གྱི་བསྟན་སྲུང་མཆོག །ཀླུ་བདུད་ནག་པོ་མགོ་དགུ་བསང་། །དགེ་བསྙེན་དགྱེས་པ་བསྐྱེད་པའི་ཡུམ། །ཀླུ་མོ་ན་ར་སེང་སྔོན་བསང་། །དགེ་བསྙེན་ཆེན་པོའི་བཀའ་ཉན་པ། །ཀླུ་ཆེན་མིང་སྲིང་གཉིས་པོ་བསང་། །བཀའ་ཡི་ལས་བྱེད་ཆེན་པོ་སྟེ། །བར་བློན་ཆེན་པོ་འཁོར་བཅས་བསང་། ཀྱཻ། འོད་སྲུང་བསྟན་ལ་དགེ་བསྙེན་མཛད། །ས་བརྒྱད་ནོན་པའི་སེམས་དཔའ་བསང་། །ལྷ་དབང་བརྒྱ་བྱིན་གཉེན་ཟླ་སྟེ། །གནམ་མཚོ་ཕྱུག་མོའི་ཡབ་གཅིག་བསང་། །དབུ་རུ་བྱང་དུ་མཚན་བཏགས་པ། །ཇོ་བོ་གཉན་ཆེན་ཐང་ལྷ་བསང་། །སྐྱི་ཤོད་

p. 548

གཞུང་དུ་མཚན་གསོལ་བ། །ཀླུ་བདུད་གཉན་ཆེན་མཁར་ནག་བསང་། །ལྷོ་བྲག་ཕྱོགས་སུ་མཚན་གསོལ་བ། །གཏེར་སྲུང་དགེ་བསྙེན་སྨྱོ་ཁ་བསང་། །བྱང་ཕྱོགས་རྒྱུད་དུ་མངའ་མཛད་པ། །ཀླུ་རྒྱལ་དུང་སྐྱོང་སྲས་པོ་བསང་། །དེ་ཡི་སྤྲུལ་པ་འཁོར་དང་སྡེ། །དངུལ་ཆུ་རྒྱུད་དུ་མཚན་གསོལ་བ། །ཀླུ་བདུད་ཉ་ཆེན་ནག་མདངས་བསང་། །ལྕི་ཆུ་རྒྱུད་དུ་མཚན་གསོལ་བ། །འབོ་རང་རྡོ་རྗེ་བདུད་འདུལ་བསང་། །ངོམ་ཆུ་རྒྱུད་དུ་མཚན་གསོལ་བ། །དབྱི་དོ་རྡོ་རྗེ་བདུད་འདུལ་བསང་། །ལྕི་ངོམ་མཚམས་སུ་མཚན་གསོལ་བ། །རྡོ་གཟེའི་བླ་མཚོ་དམར་ནག་བསང་། །དགེ་བསྙེན་དགྱེས་པ་བསྐྱེད་པའི་ཡུམ། །མཚོ་ནག་ཀླུ་མོ་ཆེན་པོ་བསང་། །དགེ་བསྙེན་ཆེན་པོའི་བཀའ་ཉན་པ། །ཀླུ་བདུད་ཀླུ་བཙན་མང་པོ་བསང་། །གཞན་ཡང་སྟོང་གསུམ་འཇིག་རྟེན་ན། །བཞུགས་པའི་ཀླུ་རིགས་ཐམས་ཅད་བསང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ཐམས་ཅད་བསང་། །ཀླུ་ཡི་རྒྱལ་པོ་བློན་པོ་དང་། །བུ་དང་ཚ་བོ་ཐམས་ཅད་བསང་། །ཀླུ་ཡི་སྤུན་ཡ་ནང་མི་དང་། །འཁོར་དང་ཡང་གཡོག་ཐམས་ཅད་

p. 549

བསམས་པས་།བསང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཀླུ་གཉན་ས་བདག་ཐམས་ཅད་བསང་། །རི་བྲག་སྤང་ལྗོངས་ནགས་ཚལ་དང་། །ནེའུ་སིང་ལ་གནས་ཀླུ་རྣམས་བསང་། །ཆུ་བོ་ཆུ་མདོ་འབབ་ཆུ་དང་། །ཆུ་མིག་ལ་གནས་ཀླུ་རྣམས་བསང་། །སྐྱེད་མོས་ཚལ་དང་ལྗོན་ཤིང་དང་། །ཤིང་གཅིག་ལ་གནས་ཀླུ་རྣམས་བསང་། །མཚེར་ས་གནས་ཁང་འདི་ཉིད་ལ། །གནས་པའི་ཀླུ་གཉན་ས་བདག་བསང་། ཀྱཻ། སྲིད་པའི་གཉན་རྗེ་གོང་སྔོན་སོགས། །གཉན་རིགས་བྱེ་བ་དུང་ཕྱུར་བསང་། །དབྱི་རྒྱལ་རིན་ཆེན་ལ་སོགས་པའི། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་བསང་། །སྨོན་སྐྱེས་གང་ཞུར་ལ་སོགས་པའི། །གཉན་ཕྲན་བཞི་བཅུ་རྩ་གཉིས་བསང་། །དབང་ཆེན་ཡབ་ཡུམ་སྲས་གསུམ་སོགས། །སྲིད་པའི་ས་བདག་ཐམས་ཅད་བསང་། །གཉན་ཟ་དཀར་མོ་ཤེལ་འོད་སོགས། །གཉན་གྱི་ལྕམ་མོ་ཐམས་ཅད་བསང་། །ངོམ་རྒྱལ་མཚོ་བཀྲ་ལ་སོགས་པ། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །སྐུ་ལྷ་རྒེ་ལ་སོགས་པའི། །ཡུལ་འདིའི་གཞི་བདག་ཐམས་ཅད་བསང་། ཀྱཻ། ཀླུ་ཤིང་ཤུག་པའི་དུད་

p. 550

པ་ཡིས། །ཀླུ་ནད་རིགས་དགུ་སོས་གྱུར་ཅིག །ཀླུ་ཤིང་བྲ་མའི་དུད་པ་ཡིས། །ཀླུ་ཡི་མཆིན་ནད་སོས་གྱུར་ཅིག །ཀླུ་ཤིང་སེ་བའི་དུད་པ་ཡིས། །ཀླུ་ཡི་སྟོད་ནད་སོས་གྱུར་ཅིག་ཀླུ་ཤིང་སྐྱེར་པའི་དུད་པ་ཡིས། །ཀླུ་ཡི་མཁྲིས་ནད་སོས་གྱུར་ཅིག །ཀླུ་ཤིང་ལྕང་མའི་དུད་པ་ཡིས། །ཀླུ་ནད་གྲུམ་བུ་སོས་གྱུར་ཅིག །ཀླུ་ཤིང་ཉ་བྲིད་དུད་པ་ཡིས། །ཀླུ་ནད་གག་པ་སོས་གྱུར་ཅིག །ཀླུ་ཤིང་སྨྲ་གའི་དུད་པ་ཡིས། །ཀླུ་རྣམས་ཤི་བ་སོས་གྱུར་ཅིག །ཀླུ་ཤིང་སྟག་པའི་དུད་པ་ཡིས། །ཀླུ་རྣམས་མནོལ་བ་སངས་གྱུར་ཅིག །ཀླུ་།ཤིང་སུར་དཀར་དུད་པ་ཡིས། །ཀླུ་ཡི་མགོ་ནད་སོས་གྱུར་ཅིག །ཀླུ་ཤིང་དབྱར་པའི་དུད་པ་ཡིས། །ཀླུ་ཡི་ཡན་ལག་ན་བ་སོས་གྱུར་ཅིག །ཀླུ་ཤིང་ཚར་བའི་དུད་པ་ཡིས། །ཀླུ་ཕྲུག་ན་བ་སོས་གྱུར་ཅིག །ཀླུ་ཤིང་གླ་རྐང་དུད་པ་ཡིས། །ཀླུ་ཡི་རྐང་ནད་སོས་གྱུར་ཅིག །ཀླུ་ཤིང་སྒྲོན་ཤིང་དུད་པ་ཡིས། །ཀླུ་ཡི་མིག་ནད་སོས་གྱུར་ཅིག །ཀླུ་ཤིང་སྤེན་མའི་དུད་པ་ཡིས། །ཀླུ་ཡི་གློ་ནད་སོས་གྱུར་ཅིག །ཀླུ་ཤིང་ས་ལའི་དུད་པ་ཡིས། །ཀླུ་ཡི་མཁལ་ནད་སོས་གྱུར་ཅིག །དཀར་གསུམ་མངར་གསུམ་མཆོད་པ་ཡིས། །ཀླུ་

p. 551

རྣམས་མཉེས་ཤིང་ཚིམས་གྱུར་ཅིག །འབྲུ་སྣ་མང་པོ་མཆོད་པ་ཡིས། །ཀླུ་ཡི་བང་མཛོད་གང་གྱུར་ཅིག །ཀླུ་སྨན་མང་པོའི་མཆོད་པ་ཡིས། །ཀླུ་ཡི་ནད་རྣམས་སོས་གྱུར་ཅིག །རིན་ཆེན་སྣ་ཚོགས་མཆོད་པ་ཡིས། །ཀླུ་རྣམས་བཀྲག་མདངས་ལྡན་གྱུར་ཅིག །དར་ཚོན་སྣ་ཚོགས་མཆོད་པ་ཡིས། །ཀླུ་རྣམས་གཟི་བརྗིད་ལྡན་གྱུར་ཅིག །ཀྱཻ། ཀླུ་གཉན་ས་བདག་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་ཚུར་གསོན་དང་། །བདག་དང་ཡོན་བདག་འཁོར་བཅས་རྣམས། །སྐྱེ་བ་ལྔ་བརྒྱའི་གོང་རོལ་ནས། །ད་ལྟའི་དུས་འདི་ཡན་ཆད་དུ། །ཕ་མྱེས་བདུན་བརྒྱུད་མན་ཆད་ནས། །བུ་དང་ཚ་བོ་ཡན་ཆད་ཀྱིས། །ཀླུ་དང་ས་བདག་འཁོར་བཅས་ཀྱི། །ཐུགས་དང་འགལ་བའི་ལས་བགྱིས་པ། །ས་གཉན་བརྐོས་དང་རྡོ་གཉན་རློག །བྲག་གཉན་བཤིགས་སམ་ཤིང་གཉན་བཅད། །ན་གཉན་བརྐོས་སམ་ཆུ་གཉན་དཀྲུགས། །ཞིང་མུ་བཅད་དམ་མཁར་ལས་བྱས། །ལམ་གཉན་བཅད་དམ་ཆུ་ཡུར་དྲངས། །མནའ་གཉན་སྐྱེལ་ལེན་ཐབ་གཞོབ་བྱས། །གཏད་ཁྲམ་དྲག་ལས་གཟེར་མནན་སོགས། །ཚོར་དང་མ་ཚོར་མ་རིགས་

p. 552

དབང་། །ལས་ཐབས་བྱ་བ་ཅི་ཉེས་པ། །ཐམས་ཅད་གནོང་འགྱོད་མཐོལ་ལོ་བཤགས། །བྱམས་པའི་ཐུགས་ཀྱིས་བཟོད་པར་བཞེས། །རིག་སྔགས་འཆང་བའི་ལྷ་འདྲེ་ཡིས། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །ཁྱེད་ཅག་རྣམས་ལ་གཏད་པའམ། །དྲག་པོའི་སྔགས་ཀྱིས་ཟད་ན་ཡང་། །སྐུ་གླུད་བསང་མཆོད་འདི་བཞེས་ཀྱིས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །གཞན་ཡང་ལས་དང་རྐྱེན་དབང་གིས། །སྔོན་ཆད་གནོད་པ་བྱས་ན་ཡང་། །བསྡམ་པ་ཀློད་ལ་མནན་པ་ཁྱོག །ཕྱིན་ཆད་མི་གནོད་དམ་ཆོས་ཤིག ཀྱཻ། ཀླུ་དང་ས་བདག་གཉན་པོ་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །བདག་དང་ཡོན་མཆོད་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་ཁོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །ཁྱེད་རྣམས་ཡུལ་གྱི་ལྷ་ཡིན་ཏེ། །བདག་ནི་ཡུལ་འདིར་གནས་པའི་མི། །མིས་ཀྱང་ལྷ་ཁྱེད་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །མི་ལ་མངོན་ཤེས་སྤྱན་མེད་

p. 553

པས། །མ་ཤེས་མ་མཁས་ཐུག་ཕོག་ན། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ཀྱིས། །བསང་མཆོད་དམ་པ་འདི་བཞེས་ལ། །ཚེ་དང་བསོད་ནམས་འཕེལ་བར་མཛོད། །རྒྱལ་རིགས་ཀླུ་ཡི་མི་གཡང་ཕོབ། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །རྗེ་རིགས་ཀླུ་ཡི་ནོར་གཡང་ཕོབ། །ནོར་ལུག་དྲེལ་རྟའི་དངོས་གྲུབ་སྩོལ། །བྲམ་ཟེ་ཀླུ་ཡི་བཙན་གཡང་ཕོབ། །ཆོས་སྲིད་དར་བའི་དངོས་གྲུབ་སྩོལ། །གདོལ་པ་ཀླུ་ཡི་རྨ་གཡང་ཕོབ། །བཙན་ཕྱུག་དར་གསུམ་དངོས་གྲུབ་ཀཾ་སྩོལ། །ཆར་ཆུ་དུས་འབེབས་ལོ་ལེགས་ཤིང་། །ཚེ་རིང་ནད་མེད་ལོངས་སྤྱོད་ལྡན། །བསམ་པ་འགྲུབ་པའི་དངོས་གྲུབ་སྩོལ། །གཤེགས་གསོལ་བྱ་བ་ནི། སྤྱན་དྲངས་ཀླུ་གཉན་ས་བདག་ཀུན། །རང་རང་ཕོ་བྲང་གནས་སུ་གཤེགས། །རྟག་ཏུ་སྤུན་དང་གྲོགས་ལྟ་བུར། །བྱམས་པའི་སེམས་ཀྱིས་སྡོང་གྲོགས་མཛོད། །འདི་ལྟར་བསང་མཆོད་དགེ་བ་འདིས། །ཀླུ་དང་ས་བདག་ལ་སོགས་པ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རྟག་ཏུ་བདེ་སྐྱིད་ལྡན་པ་དང་། །མྱུར་དུ་རྫོགས་སངས་རྒྱས་པར་ཤོག །སྣོད་

p. 554

བཅུད་རང་ཐིམ་རང་ཉིད་ཀྱང་། །ཐུགས་ཀའི་ཧཱིཐིམ་དེ་ཡང་ཡལ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ལ་ཕན་བྱེད་བདེ་གཤེགས་ཐུགས། །ཀླུ་རྣམས་ཀུན་གྱི་སེམས་རྒྱུད་དང་། །རང་སེམས་འོད་གསལ་སྟོང་ཉིད་གསུམ། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་ཅིག །བསང་བྱ་བསང་བྱེད་བྲལ་བའི་བསང་། །འཁོར་གསུམ་དག་པའི་བསང་མཆོད་འདིས། །འཁྲུལ་པའི་དྲི་མ་ཀུན་སངས་ནས། །བདེ་ཆེན་ཆོས་སྐུར་ལྷུན་གྱིས་གྲུབ། །སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། ཀླུ་ཡི་བསང་མཆོད་མདོར་བསྡུས་ཆ་ཚང་འདི། །ཀླུ་ཡི་གནོད་འཚེ་ཆོ་འཕྲུལ་ཆེ་རྣམས་ལ། །ཕན་པར་གྱུར་སྙམ་བསམ་པ་བཟང་པོ་ཡིས། །༧ རཱ་གའི་མིང་ཅན་དགེ་སློང་དེ་ཡིས་བྲིས། །འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། །ཀླུ་རྒྱལ་བཅོམ་ལྡན་འཁོར་དང་བཅས་ལ་བཤགས། །དགེ་བས་འགྲོ་ཀུན་ཀླུ་ཡི་ནད་གནོད་ཞི། །ཚེ་འདིར་བདེ་སྐྱིད་རྒྱ་མཚོས་འགྲོ་ཀུན་ཚིམས། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀླུ་བསང་བདུད་རྩི་འཁྱིལ་བའི་རྦ་རླབས་རིན་པོ་ཆེའི་འབྱུང་གནས།

p. 555

ཀླུ་བསང་བདུད་རྩི་འཁྱིལ་བའི་རྦ་རླབས་རིན་པོ་ཆེའི་འབྱུང་གནས་བཞུགས་སོ།

p. 556

ཧཱུྃ། རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསལ་བའི་ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས། །མཆོད་རྫས་མི་གཙང་འབག་བཙོག་དྲི་མ་སྦྱངས། །ཨ་སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །དུ་བའི་ལྷ་མོ་སྔོན་མོ་ལང་ཚོ་རྒྱས། །སྣ་ཚོགས་རྒྱན་ལྡན་བཞེངས་པའི་སྟབས་ཀྱིས་བཞུགས། །ཕྱག་གཡས་ཁྲུས་བུམ་མི་གཙང་ཉམས་གྲིབ་འཁྱུད། །གཡོན་པས་སྨན་གཞོང་སྨན་གྱི་སྤོས་སྤྲིན་འཁྲིགས། །རབ་འབྱམས་རྒྱལ་བའི་ཞིང་རྣམས་མ་ལུས་པ། །སྤོས་ཀྱི་འཁྲི་ཤིང་དྲྭ་བས་ཡོངས་སུ་ཁྱབ། །དུ་བའི་ཆ་ཤས་རེ་རེའི་གསེབ་ནས་

p. 557

ཀྱང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ཅི་འདོད་ལོངས་སྤྱོད་མཁོ་རྒུའི་ཆར་རྒྱུན་འབེབས། །འདི་འདྲའི་ངོ་མཚར་བསང་མཆོད་རྒྱ་ཆེན་འདིས། །སྔོན་ཚེ་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད། །རྒྱལ་པོ་ཆོས་ཀྱི་དབང་ཕྱུག་གྱུར་པའི་ཚེ། །བདེ་བར་གཤེགས་པ་འོད་ཟེར་མཐའ་ཡས་ལ། །བསང་གི་མཆོད་པ་ཕུལ་བ་ཅི་བཞིན་དུ། །དེང་འདིར་བདག་གིས་རྒྱལ་བ་སྲས་བཅས་བསང་། །ཁྱད་པར་སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །ཀླུ་ལ་ཕན་བྱེད་སངས་རྒྱས་མ་ལུས་པ། །འདིར་གཤེགས་ནམ་མཁའ་བར་སྣང་གང་བར་བཞུགས། །དངོས་

p. 558

འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་འབུལ། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །བཅོམ་ལྡན་རྣམ་སྣང་སྙིང་པོའི་སྤྲིན་ཆེན་དང་། །ཀླུ་རིགས་ལས་བྱུང་སྤྲིན་གྱི་རྣམ་མཛེས་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སྤྲིན་ཆེན་ཆུ་འཛིན་སྤྲིན་གྱི་གཟི་བརྗིད་དང་། །སྤྲིན་ཆེན་འབྱུང་ཞེས་བྱ་བའི་སངས་རྒྱས་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །བདེ་གཤེགས་རླུང་དཀྱིལ་རྣམ་འཇོམས་སྤྲིན་དང་ནི། །སྤྲིན་ཆེན་གློག་འོད་མཐུ་རྩལ་དཔའ་བོ་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སངས་རྒྱས་ནམ་མཁའ་དཔག་མེད་ནམ་འོད་འཕྲོ། །སངས་རྒྱས་སྤྲིན་མཛེས་སྤྲིན་སྡུག་ཆེན་པོ་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །བདེ་གཤེགས་སྤྲིན་གྱི་དཀྱིལ་འཁོར་སྤྲིན་འོད་དང་། །སྤྲིན་ཆེན་སེང་གེ་དང་ནི་སྤྲིན་གདུགས་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་

p. 559

ཞི་བར་མཛོད། །སངས་རྒྱས་བལྟས་སྡུག་སྤྲིན་ཆེན་སྤྲིན་ཁེབས་དང་། །སྤྲིན་འབྱུང་ཕྱོགས་བཅུར་འགེངས་པའི་སྒྲ་སྒྲོག་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སངས་རྒྱས་བསིལ་འབྱུང་མི་དགའ་རབ་འཇོམས་སྒྲོགས། །སྤྲིན་ཆེན་བརྡལ་བ་གང་གཱའི་ཆུ་སྤྲིན་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སངས་རྒྱས་འབྲུག་སྒྲ་སྒྲོག་དང་སྤྲིན་སྟོན་དང་། །ཆུ་སྤྲིན་རྩལ་ལྟར་རབ་རྒྱས་དཔའ་བོ་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །བདེ་གཤེགས་སྤྲིན་རྒྱ་ཆེ་དང་སྤྲིན་ཆུ་འཛག །སྤྲིན་ལྟར་རྣམ་སྒྲོགས་སྤྲིན་སྦྱངས་སྤྲིན་སྐུ་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སངས་རྒྱས་སྤྲིན་འཕགས་སྤྲིན་གྱི་ན་བཟའ་དང་། །སྤྲིན་གནས་ལ་གནས་སྤྲིན་སྟོན་བསྒྲུབ་པ་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །བདེ་གཤེགས་སྤྲིན་གྱི་ལོ་ཐོག་བསྐྱེད་པ་

p. 560

དང་། །སྤྲིན་གྱི་མེ་ཏོག་སྤྲིན་གྱི་ཐོག་བསྐྲུན་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སངས་རྒྱས་སྤྲིན་ལྟར་མཐོ་དང་སྤྲིན་རྣམས་འཐོར། །སྤྲིན་ཆེན་རབ་གཡོས་སྤྲིན་རྣམས་རྒྱས་པ་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །རྒྱལ་བ་ཆར་གྱི་སྤྲིན་དང་སྤྲིན་འདུ་མཛད། །སྤྲིན་གྱི་ཨུ་དུམ་སྤྲིན་རི་བརྩེགས་པ་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སངས་རྒྱས་སྤྲིན་ཆེན་བྱིན་དང་སྤྲིན་ས་བོན། །སྤྲིན་ཆེན་རབ་འཕགས་སྤྲིན་གྱི་དབང་ཕྱུག་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སྤྲིན་ཆེན་མེ་ཏོག་བཀྲམ་དང་སྤྲིན་ཆོས་སྐུ། །སྤྲིན་ཆེན་རབ་འཕགས་སྤྲིན་གྱི་དབང་ཕྱུག་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །སངས་རྒྱས་སྤྲིན་ཆེན་རྣམ་བསྒྲུབ་སྤྲིན་གྱི་དཔལ། །གཟི་བརྗིད་འོད་འབྱུང་སྤྲིན་གྱི་འོད་ཟེར་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་

p. 561

མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །ཀླུ་དབང་རྒྱལ་པོ་ཀླུ་རིགས་སྒྲོན་མེ་དང་། །ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་ལ། །ཕྱག་འཚལ་གཡུ་ཤུག་ཕྱེ་མར་དུད་པས་མཆོད། །ཀླུ་ཡི་ནད་དང་སྡུག་བསྔལ་ཞི་བར་མཛོད། །དེ་བཞིན་གཤེགས་པ་ཁྱེད་རྣམས་མཆོད་པའི་མཐུས། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །གནས་འདིར་གནས་པའི་ཀླུ་གཉན་ས་བདག་གི །ནད་དང་སྡུག་བསྔལ་ཐམས་ཅད་རབ་ཞི་ནས། །བདེ་སྐྱིད་བཀྲག་མདངས་རྒྱས་པར་བྱིན་གྱིས་རློབས། །ཧཱུྃ། རི་རབ་རི་བྲན་ཀུན་གྱི་སྟེང་ཤོད་དང་། །རྒྱ་མཚོ་མཚོ་བྲན་རྣམས་ཀྱི་ཁ་ཞབས་དང་། །སྟོང་གསུམ་འཛམ་གླིང་ཀུན་གྱི་མཐའ་དབུས་ནས། །ཀླུ་གཉན་ས་བདག་མ་ལུས་འཁོར་བཅས་རྣམས། །བདག་གིས་བསང་མཆོད་འབུལ་ཕྱིར་སྤྱན་འདྲེན་ན། །དུག་ལྔ་ཞེ་སྡང་སེམས་ཀྱིས་མ་འབྱོན་པར། །བྱམས་དང་སྙིང་རྗེ་དགའ་བའི་སེམས་ཀྱིས་ནི། །གློག་ལྟར་མྱུར་བའི་ཡིད་ཀྱིས་འདིར་གཤེགས་ཤིག །ཀླུ་ཡི་རྒྱལ་པོ་བཙུན་མོ་གཡོག་འཁོར་བཅས། །གནས་འདིར་གནས་པའི་ཀླུ་རྣམས་མྱུར་དུ་བྱོན། །ཡིད་སྤྲུལ་གཙོ་འཁོར་

p. 562

འཚམས་པའི་གདན་ལ་བཞུགས། །སྔོན་ཚེ་ཤཱཀ་ཐུབ་གསང་བདག་པད་འབྱུང་གི །སྤྱན་སྔར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །བདག་གིས་བཅོལ་བའི་ལས་རྣམས་མྱུར་དུ་སྒྲུབས། །དངོས་འབྱོར་ཡིད་སྤྲུལ་བསང་མཆོད་དམ་པ་འདི། །བདག་གིས་རབ་ཏུ་གུས་པས་ཕྱག་འཚལ་བསྟོད། །ཀླུ་གདོན་ཀླུ་ཐེའུ་སྒབ་འདྲེའི་རིགས་རྣམས་ཀུན། །དུ་བའི་ཟེར་མ་ཙམ་གྱིས་ཚིམས་གྱིས་ལ། །འདི་རུ་མ་འདུག་མྱུར་བར་གཞན་དུ་དེངས། །བདེ་གཤེགས་ཀླུ་དབང་རྒྱལ་པོའི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་སྔགས་བདག་སོག་མ་མེད། །གསེར་མདོག་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །བརླ་གཉིས་ལྟོ་འཕྱེ་སྦྲུལ་གྱི་མཇུག་མས་དཀྲིས། །བཙུན་མོ་མཆོག་དང་སྲས་པོ་རི་བོ་སོགས། །འཁོར་ཚོགས་དྲུག་ཁྲི་ཡང་འཁོར་བཅས་པ་རྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱོད་ནི་ངོ་བོ་ཛཾ་ལྷ་སེར་པོ་སྟེ། །བདག་ལ་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་དུང་གི་མདོག །གདེངས་ཀ་བདུན་ལྡན་སྦྲུལ་མཇུག་གཡས་

p. 563

སུ་འཁྱིལ། །བཙུན་མོ་གཡོག་འཁོར་བྱེ་བ་གྲངས་མེད་བཅས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱོད་ནི་གར་བཞུགས་ལོངས་སྤྱོད་འཕེལ་བའི་ལྷ། །གནས་འདིར་བཞུགས་ལ་བདག་གི་མི་ནོར་སྤེལ། །གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་དགའ་བོ་མཐིང་གསལ་སྐུ། །གདེངས་ཀ་སྦྲུལ་མཇུག་རབ་འཁྱིལ་འཁོར་གཡོག་བཅས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱོད་ནི་ཁས་གྲགས་སྟོབས་ཤུགས་རྒྱས་བྱེད་ལྷ། །བདག་ལ་བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་འཇོག་པོ་གསེར་གྱི་མདོག །རིན་ཆེན་གཙུག་ཕུད་སྦྲུལ་མཇུག་གདེངས་ཀ་ལྡན། །རྗེ་རིགས་ཀླུ་གཉན་མང་པོའི་གཡོག་དང་བཅས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱོད་ནི་བསོད་ནམས་ལོངས་སྤྱོད་འཕེལ་བའི་ལྷ། །བདག་ལ་ཕུན་སུམ་ཚོགས་པའི་དངོས་གྲུབ་

p. 564

སྩོལ། །རྒྱ་གར་ཡུལ་གྱི་ཆུ་བོ་གང་གཱ་དང་། །བོད་ཡུལ་སྨར་ཁམས་ཆུ་མིག་དཀར་པོ་ནས། །བཅོམ་ལྡན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་ཡི་རྒྱལ་པོ་མི་མགོན་དཀར་པོ་ནི། །དུང་མདོག་གདེངས་ཀ་བདུན་ལྡན་སྦྲུལ་མཇུག་ཅན། །ཕྱག་གཉིས་ཐལ་སྦྱར་བར་དུ་གཏེར་བུམ་འཛིན། །རྒྱལ་རིགས་ཀླུ་གཉན་མང་པོའི་འཁོར་དང་བཅས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱོད་ནི་མི་ནོར་འཕེལ་བྱེད་ལྷ་ཡིན་ཏེ། །བདག་ལ་མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །རྒྱ་མཚོ་ཆེ་དང་རོལ་པའི་མཚོ་བདུན་ནས། །འཇིག་རྟེན་འདས་ཀྱང་ཀླུ་ཡི་ཚུལ་བཟུང་ནས། །དཀྱིལ་འཁོར་ཀུན་གྱི་མཐའ་སྐྱོང་བསྟན་པ་སྲུངས། །འཇིག་རྟེན་སྐྱོང་བའི་དཔལ་མགོན་ཆེན་པོ་སྟེ། །བཙུན་མོ་སྲས་དང་གཡོག་འཁོར་བཅས་པ་ཀུན། །ཁ་དོག་ནག་པོ་གདེངས་ཀ་སྦྲུལ་མཇུག་ཅན། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་རྣམས་ཀླུ་རིགས་ཀུན་གྱི་རྗེ་བོ་སྟེ། །འཁོར་རྣམས་ཀུན་ལ་བཀའ་ནན་མ་ཆུང་ལ། །བདག་དང་ཡོན་

p. 565

བདག་མི་ནོར་འཁོར་བཅས་ལ། །ཀླུ་ཡི་ནད་དང་གནོད་པ་མ་གཏོང་ཞིག །སྟོང་གསུམ་འཇིག་རྟེན་ཆེན་པོའི་ཕ་མཐའ་ནས། །ས་བཅུའི་སེམས་དཔའ་ཀླུ་རྣམས་ཀུན་གྱི་བདག །གཡོག་མཐའ་ཡས་ཞེས་ལག་འགྲོ་ཆེན་པོ་ཁྱེད། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་ནི་ཀླུ་རྣམས་ཀུན་གྱི་བདག་པོ་སྟེ། །གནས་འདིའི་ཀླུ་ཡང་གཞན་དུ་མི་འཁྱལ་བར། །གནས་འདིར་རྟག་ཏུ་གནས་པའི་བཀའ་ལུང་བྱིན། །དབུས་གཙང་གནས་ཆེན་བརྒྱད་དང་ཁམས་ཕྱོགས་ཀྱི། །ཆུ་ཆེན་བཅོ་བརྒྱད་ཀུན་ལ་དབང་བསྒྱུར་བའི། །ས་བརྒྱད་ལ་གནས་སེམས་དཔའ་ཆེན་པོ་སྟེ། །སྨྱོ་ཁ་ཞེས་བྱ་རྡོ་རྗེ་རྒྱལ་པོ་ནི། །ཡུམ་ཆེན་ཀླུ་མོ་ན་རསིང་སྔོན་དང་། །ཀླུ་ཆེན་མིང་སྲིང་བར་བློན་ཆེན་པོ་སོགས། །ཀླུ་བདུད་ཀླུ་བཙན་མང་པོའི་འཁོར་དང་བཅས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་ཅག་འཁོར་བཅས་ཐུགས་དང་གང་འགལ་བ། །མཐོལ་ལོ་བཤགས་སོ་བཟོད་པར་མཛད་ནས་ཀྱང་། །བདག་ཅག་ཡོན་མཆོད་

p. 566

འཁོར་དང་བཅས་པ་ལ། །ཆུ་གྲི་འཁྲུགས་གག་ལྷོག་པ་མ་གཏོང་ཞིག །གངས་རི་བྲག་དཀར་རྫ་རི་དཀར་པོ་དང་། །མེ་ཏོག་ཆུ་གནས་ཁ་དོག་དཀར་གསལ་ཞིང་། །ཤར་གྱུའི་ཆུ་མིག་མཚོ་སྒོ་ཤར་བསྟན་ནས། །རྒྱལ་རིགས་ཀླུ་རྒྱལ་དཔག་ཏུ་མེད་པ་རྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་རྣམས་དཀར་ཕྱོགས་ཆོས་ལ་དགའ་བ་སྟེ། །བདག་གི་དམ་ཆོས་སྒྲུབ་པའི་སྡོང་གྲོགས་མཛོད། །སྤང་རི་རྫ་བྲག་སེར་པོ་རྩི་ཤིང་ཕྱུག །མེ་ཏོག་སེར་དང་ཆུ་གནས་སེར་པོ་མང་། །མཚོ་སྒོ་ལྷོར་བསྟན་ཆུ་མིག་ལྷོར་ལྟ་ནས། །རྗེ་རིགས་ཀླུ་རྒྱལ་དཔག་ཏུ་མེད་པའི་ཚོགས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་རྣམས་ལོངས་སྤྱོད་འཕེལ་བའི་ཀླུ་ཡིན་པས། །བདག་ལ་ཀླུ་གཡང་དངོས་གྲུབ་ཆར་ལྟར་ཕོབ། །རྫ་རི་བྲག་རི་དམར་དང་ས་མདོག་དམར། །ལྗོན་ཤིང་མེ་ཏོག་དམར་ཤས་ཆུ་གནས་དམར། །མཚོ་དང་ཆུ་མིག་ནུབ་ལྟ་ཐམས་ཅད་ནས། །བྲམ་ཟེ་ཀླུ་རིགས་དཔག་ཏུ་མེད་པ་རྣམས། །འདིར་གཤེགས་

p. 567

དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་རྣམས་རྣམ་རྟོག་རྩེ་རིག་སྐྱོན་པའི་རིགས། །ཐུགས་དང་འགལ་བར་གྱུར་ན་བཟོད་པར་གསོལ། །རི་ནག་བྲག་ནག་རྫ་རི་ནག་པོ་དང་། །ཤིང་ནག་ཚེར་ནག་མེ་ཏོག་སྔོན་པོ་མང་། །སྲོག་ཆགས་ཆུ་གནས་ནག་པོ་མང་བ་དང་། །མཚོ་སྒོ་ཆུ་མིག་བྱང་དུ་ལྟ་བ་ནས། །གདོལ་པའི་ཀླུ་རིགས་དཔག་ཏུ་མེད་པ་རྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་རྣམས་ཞེ་ནག་གདུག་པ་ཆེ་བའི་རིགས། །བདག་ཅག་ཡོན་མཆོད་མི་ནོར་ཐམས་ཅད་ལ། །གནོད་འཚེ་ན་ཚ་གོད་ཁ་མ་གཏོང་ཞིག །རི་བྲག་ཁ་དོག་མ་ངེས་སྣ་ཚོགས་ལ། །ལྗོན་ཤིང་མེ་ཏོག་སྣ་ཚོགས་ཅིར་ཡང་འཁྲུངས། །ཆུ་གནས་སྣ་ཚོགས་ཁ་དོག་མ་ངེས་ཤིང་། །མཚོ་སྒོ་ཆུ་མིག་མཚམས་བཞིར་བསྟན་པ་ནས། །ཀླུ་རིགས་སྣ་ཚོགས་གཉན་དང་ས་བདག་རྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །བསམ་བཞིན་ཁྱེད་ལ་གནོད་པ་མ་

p. 568

བྱས་ཀྱང་། །ཕོག་ཐུག་འགྲམ་འཁྲུག་བྱུང་ན་བཟོད་པར་བཞེས། །ཤིང་ཆེན་ལང་ལོང་ན་མིག་ནེའུ་སིང་དང་། །ཆུ་མིག་ལང་ལོང་ཆུ་རྐང་གཉིས་གསུམ་ལྡང་། །ཕ་ཝང་ཐག་ཐུག་མཚོ་ཆུང་ཁྲོན་པ་ནས། །ཀླུ་བྲན་ས་བདག་དབུལ་ཕོངས་གཉོམ་ཆུང་རིགས། །ཞ་བོ་ལོང་བ་འོན་པ་ལྐུགས་པ་དང་། །ནད་ཅན་ཀླུ་དང་ས་བདག་ཕྲན་བུ་རྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་རྣམས་གནོད་ལེན་ཕན་ལེན་སྐྱེན་པའི་རིགས། །ཕོག་ཐུག་གནོད་པ་བྱུང་ན་མཐོལ་ལོ་བཤགས། །ཁྱེད་ཅག་ནད་དང་སྡུག་བསྔལ་ཞི་གྱུར་ཅིག །རང་རང་ཅི་ལྟར་ནུས་པའི་དངོས་གྲུབ་བྱིན། །རྒྱ་མཚོ་ཆེ་དང་རོལ་པའི་མཚོ་བདུན་དང་། །ངོམ་སྨད་ཀླུ་ཐོ་ཆུ་མིག་ལ་གནས་པའི། །ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཆེན་ནི། །གསེར་མདོག་སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན། །རིན་ཆེན་གཙུག་རྒྱན་སྦྲུལ་མཇུག་གཡས་སུ་འཁྱིལ། །ཕྱག་གཉིས་ཐལ་སྦྱར་བར་དུ་ནོར་བུ་བསྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱོད་ནི་ནོར་གཡང་

p. 569

འཕེལ་བྱེད་ཀླུ་ཡིན་པའི། །བདག་ལ་རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །ཀླུ་རྒྱལ་སྤོར་མཐོ་ཞེས་བྱ་ཀླུ་གཉན་རིགས། །དུང་མདོག་སྦྲུལ་མགོ་སྟོང་ལྡན་དར་དཀར་གསོལ། །སྦྲུལ་མཇུག་དཀར་དཀྲིས་ཁྲི་སྟེང་སྐྱིལ་ཀྲུང་བཞུགས། །ངོམ་ཡུལ་སྨད་ཀྱི་བདག་པོ་ཁྱོད་ཡིན་པས། །བདག་ལ་ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད། །ངོམ་ཡུལ་སྨད་ཀྱི་ཆུ་ལ་དབང་སྒྱུར་བའི། །འཇིག་རྟེན་འདི་ན་མཚོ་ནག་མཚོ་སྨན་ཟེར། །རྡོ་རྗེ་ཕུར་པའི་བཀའ་སྲུང་མཐུ་མོ་ཆེ། །མོན་མོ་སྦྲུལ་གྱི་མགོ་ཅན་ཞེས་བྱ་བ། །རྫུ་འཕྲུལ་སྟོབས་ཀྱིས་ཆ་ལུགས་མ་ངེས་ཀྱང་། །ཞི་བར་བསྟན་ཚེ་སྨན་བཙུན་མཛེས་མའི་གཟུགས། །ཕྱག་ན་སྦ་གླིང་འབུད་ཅིང་མེ་ལོང་ལྟ། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱོད་ཀྱང་མཐུ་ཆེན་དངོས་གྲུབ་བདག་མོ་སྟེ། །མི་ལ་ནཱ་ག་ཀླུ་ཡི་གཡང་ཕོབ་ཅིག །ཙོ་རྒྱལ་ལྷ་ཞོལ་འདོས་སྣ་ཆུ་མིག་ཡི། །ཆུ་མིག་མགོ་མང་ལ་གནས་ཀླུ་ཡི་རྒྱལ། །བདུད་རྩི་འབུམ་ཞེས་དུང་མདོག་སྦྲུལ་མཇུག་ཅན། །གདེངས་ཀ་བཅུ་གསུམ་རྩེ་ལ་རྡོ་རྗེའི་མཚན། །དེ་སོགས་ཆུ་སྲིབ་

p. 570

ལ་གནས་ཀླུ་རིགས་ཀུན། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །རྒྱང་ལེན་སྐྱེན་པོའི་འབེན་དང་འདྲ་བའི་ཕྱིར། །ཕ་རིའི་ཀླུས་ཀྱང་ཚུར་རིའི་སྡོང་གྲོགས་མཛོད། །དཀར་པོ་ཆམ་མཛེས་ལ་སོགས་རྒྱལ་རིགས་དང་། །ནག་པོ་སྦལ་མཛེས་ལ་སོགས་གདོལ་པའི་རིགས། །ཁྲ་བོ་ཉ་མགོ་ལ་སོགས་གཉན་རིགས་ཀྱི། །ཀླུ་རྣམས་མ་ལུས་འཁོར་དང་བཅས་པ་རྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །འགལ་རྐྱེན་བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས། །བྱང་དྲག་མོ་མོ་མཆེད་གསུམ་གསའ་གཡས་དང་། །ཁ་ཙོ་འོ་ཙེ་རུ་གུག་ལ་སོགས་པ། །ས་ཕྱོགས་འདིར་གནས་ས་བདག་ཡུལ་ལྷ་རྣམས། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱེད་ཅག་རྣམས་ནི་ཡུལ་འདིར་གནས་པའི་ལྷ། །བདག་ཅག་ཡོན་མཆོད་ཡུལ་འདིར་གནས་པའི་མི། །ལྷས་ཀྱང་མི་ལ་ཁ་འཛིན་སྡོང་གྲོགས་མཛོད། །མིས་ཀྱང་ལྷ་ལ་དུས་སུ་མཆོད་པ་འབུལ། །འདིར་གཤེགས་

p. 571

དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁྱད་པར་རྗེའི་ཞེས་བྱ་བ། །གནས་འདིར་གཉུག་མར་གནས་པའི་ཀླུ་ཁྱེད་ནི། །གཞན་དུ་མ་འབྲོས་མ་འཁྱམ་མ་སྐྲག་པར། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་གྱི་དུད་པས་བསང་། །ཕོག་ཐུག་འགལ་བ་བྱུང་ན་བཟོད་པར་གསོལ། །བདག་གིས་དྲག་སྔགས་སྒོམ་བཟླས་བྱེད་པ་ཡང་། །ཁྱོད་ལ་གནོད་པ་བྱེད་པ་མ་ཡིན་པས། །མ་སྐྲག་མ་སྔངས་མ་བྲོས་བརྟན་པར་བཞུགས། །གནས་པོ་ཁྱོད་ལ་བདག་གིས་མཆོད་ཅིང་བསྟོད། །ཁྱོད་ཀྱང་ཅི་ལྟར་ནུས་པའི་སྡོང་གྲོགས་མཛོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུང་བར་གྱིས། །ཀླུ་ཡི་པའི་རྒྱལ་པོ་སྲས་དང་བཙུན་མོ་དང་། །འཁོར་གཡོག་ཡང་འཁོར་ས་བདག་ཁྱེད་རྣམས་ལ། །དཀར་གསུམ་ཞོ་དང་འོ་མའི་ཕུད་ཀྱིས་མཆོད། །མངར་གསུམ་འབྲུ་སྣ་སྣ་ཚོགས་ཁྱེད་ལ་འབུལ། །ཀླུ་སྨན་སྣ་ཚོགས་བདུད་རྩིས་ནད་རྣམས་གསོ། །ཇ་ཆང་ཟས་ཕུད་སྣ་ཚོགས་ཁྱེད་ལ་འདྲེན། །བཟང་ཤིང་སྣ་ཚོགས་དུད་པས་རྨུགས་པ་བསང་། །དཀར་གཏོར་རྒྱན་

p. 572

དང་ལྡན་པའི་བ་ལི་བསྔོ། །དར་ཟབ་ཤེལ་ཚིགས་རིན་ཆེན་དཀོར་དུ་འབུལ། །ཁྱེད་ཅག་འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག །བདག་གི་ཕ་མྱེས་བདུན་བརྒྱུད་ཚུན་ཆད་ནས། །བུ་དང་ཚ་བོ་ཡང་ཚ་ཡན་ཆད་ལ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཡི། །སྐྱེ་བ་འདི་དང་སྔ་མ་ཡང་སྔ་ཚུན། །ཀླུ་དང་ས་བདག་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག །ཤིང་གཉན་བཅད་དང་ས་གཉན་བརྐོས་པ་དང་། །བྲག་གཉན་ཕ་བོང་བཤིགས་དང་རྫོགས་པ་དང་། །ཆུ་གཉན་ཡུར་དྲངས་ན་གཉན་བརྐོས་པ་དང་། །བྱ་དང་རི་དྭགས་ཆུ་གནས་བསད་པ་དང་། །རོ་བག་དྲངས་ཉེས་དུར་ས་ཉེས་པ་དང་། །ཞིང་མུ་ཕེད་དང་མཁར་ལས་བྱས་ཉེས་དང་། །འཐབ་འཁོན་བཙོག་ནལ་མི་གཙང་གཡོས་པ་དང་། །མནའ་གཉན་སྐྱལ་ལེན་དཔང་པོ་བྱས་ལ་སོགས། །ཁྱེད་ཅག་ཐུགས་དང་འགལ་བ་གང་བྱས་བཤགས། །འཁོན་པ་སྣུམ་ལ་འགྲས་པ་ཐམས་ཅད་སྦྱངས། །སྔོན་ཚེ་ཁྱུང་དང་གཙུག་ན་རིན་ཆེན་གཉིས། །དང་པོ་འཁོན་ཡང་ཤཱཀྱ་ཐུབ་པས་སྡུམས། །དེ་བཞིན་བདག་དང་ཡོན་བདག་འཁོར་དང་བཅས། །ཀླུ་དང་

p. 573

ས་བདག་འཁོན་པ་དེ་རིང་སྡུམས། །ཀླུ་རྒྱལ་དུང་གཙུག་བྱ་ཁྱུང་གསེར་མིག་ཅན། །དང་པོ་འཁོན་ཡང་ཐ་མ་འདུམ་པར་བྱས། །རྒྱལ་པོ་ཨ་ཤོ་ཤང་ཀ་རུ་ར་ཀླུ། །དང་པོ་འཁོན་ཡང་ཐ་མ་གྲོགས་པོར་གྱུར། །རྒྱལ་པོ་མ་ཏ་འཛམ་གླིང་བསྟན་པའི་ཀླུ། །དང་པོ་འཁོན་ཡང་ཐ་མ་དུམ་པར་བྱས། །མཁའ་ལྡིང་འཇིགས་བྱེད་ཀླུ་གླང་བཙན་བཙུན་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པར་གྱུར། །རྒྱལ་པོ་དར་མ་ཨ་ཤོ་ཞེས་བྱ་དང་། །ཀླུ་ནི་སྲིད་པའི་ཁང་བསྟན་ཞེས་བྱ་གཉིས། །དང་པོར་འཁོན་ཡང་ཐ་མ་དུམ་པ་ལྟར། །སྔོན་གྱི་སྲིད་པའི་དཔེ་ལུང་དེ་བཞིན་དུ། །བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས། །ཀླུ་དང་ས་བདག་གཉན་པོ་ཁྱེད་རྣམས་དང་། །སྔར་ནས་འཁོན་དང་འགྲས་པའང་མ་མཆིས་ལ། །གལ་ཏེ་ཡོད་ན་འཁོན་པ་དེ་རིང་སྡུམས། །འགྲས་པ་ཡོད་ན་འགྲས་པ་དེ་རིང་སྦྱངས། །བསང་དང་མཆོད་པ་སྣ་ཚོགས་ཆས་སུ་འཇལ། །སྨྲས་འགྲམ་ནད་དུ་གྱུར་པ་སྨན་གྱིས་གསོ། །ཁྱེད་རྣམས་ནད་དང་སྡུག་བསྔལ་ཀུན་བྲལ་ནས། །བཀྲག་མདངས་མཐུ་སྟོབས་གཟི་བརྗིད་འཕེལ་གྱུར་ཅིག །དེ་ལྟར་

p. 574

བསང་དང་མཆོད་པ་འདི་ཕུལ་བས། །སྤྲིན་ཆེན་མདོ་ལས་གསུངས་པའི་བདེ་གཤེགས་རྣམས། །ས་སྐོར་འདི་ཡི་ཀླུ་ལ་བྱིན་གྱིས་རློབས། །ཀླུ་རྣམས་བདེ་ཞིང་སྐྱིད་པའི་ཁ་འཛིན་མཛོད་། །ཡེ་ཤེས་སྤྲུལ་པའི་ཀླུ་རྒྱལ་ཁྱེད་རྣམས་ཀྱིས། །འཇིག་རྟེན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །བདག་ཅག་ཡོན་མཆོད་སྲུང་སྐྱོབ་ཁ་འཛིན་མཛོད། །སྡོང་གྲོགས་མཛོད་ལ་ཁ་འཛིན་མ་གཡེལ་ཞིག །ས་ཕྱོགས་འདིར་གནས་ཀླུ་དང་ས་བདག་རྣམས། །བདག་དང་ཡོན་བདག་རྣམས་ལ་ཁ་འཛིན་མཛོད། །ཀླུ་རྒྱལ་མི་མགོན་དཀར་པོའི་མི་གཡང་དེ། །ཕྱྭ་ཁུག་གཡང་ཁུག་ཁུ་ཡེ་གཡང་དུ་ལེན། །ཀླུ་རྒྱལ་གཙུག་ན་རིན་ཆེན་ནོར་གཡང་དེ། །ཕྲུ་ཁུག་གཡང་ཁུག་ཁུ་ཡེ་གཡང་དུ་ལེན། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་དར་གཡང་དེ། །ཕྲུ་ཁུག་གཡང་ཁུག་ཁུ་ཡེ་གཡང་དུ་ལེན། །བྲམ་ཟེ་ཀླུ་ཆེན་ཀུན་དགའི་དར་གཡང་དེ། །ཕྲུ་ཁུག་གཡང་ཁུག་ཁུ་ཡེ་གཡང་དུ་ལེན། །ཀླུ་རྒྱལ་རིན་ཆེན་དོན་འགྲུབ་འཕེན་གཡང་དེ། །ཕྲུ་ཁུག་གཡང་ཁུག་ཁུ་ཡེ་གཡང་དུ་ལེན། །བསང་མཆོད་འབག་བཙོག་ཉེས་པ་གང་ཤོར་བཤགས། །གནས་འདིར་གཉུག་མར་གནས་པའི་ཀླུ་རིགས་རྣམས། །

p. 575

གཞན་དུ་མ་འབྲོས་གནས་འདིར་བརྟན་པར་བཞུགས། །ཡེ་ཤེས་འཇིག་རྟེན་ཀླུ་དང་ས་བདག་རྣམས། །རང་རང་སོ་སོའི་གནས་སུ་གཤེགས་ནས་ཀྱང་། །རྟག་ཏུ་ཕ་ཁུ་སྤུན་དང་ཤག་རོགས་ལྟར། །བདག་དང་ཡོན་བདག་རྣམས་ལ་ཁ་འཛིན་མཛོད། །འཕགས་ལམ་ཐོབ་ཀྱང་འགྲོ་ལ་ཕན་པའི་ཕྱིར། །ཀླུ་ཡི་ཚུལ་བཟུང་བསྟན་པ་སྲུང་མཛད་པ། །ཡེ་ཤེས་ཀླུ་རྒྱལ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་ཞལ་མཐོང་དགེ་བསྙེན་སྡོམ་པ་འཛིན། །འབྲུག་སྒྲོག་གློག་འབྱིན་དུས་སུ་ཆར་འབེབས་པ། །འཇིག་རྟེན་ཀླུ་རྒྱལ་རྣམས་ཀྱི་བཀྲ་ཤིས་ཤོག །རིག་འཛིན་གོང་མའི་ཞལ་མཐོང་དམ་ལ་གནས། །རང་རང་ཡུལ་ལྗོངས་སྲུང་ཞིང་བདེ་ལེགས་བསྒྲུབ། །ཀླུ་བྲག་ཡུལ་ལྷ་རྣམས་ཀྱི་བཀྲ་ཤིས་ཤོག །འདི་ལྟར་བསང་མཆོད་ཕུལ་བའི་བསོད་ནམས་ཀྱིས། །ལོ་ལེགས་འབྲུ་འཕེལ་འཇིག་རྟེན་བདེ་གྱུར་ཅིག །ཅེས་པ་འདི་བསང་ཆེན་འཇུག་ཏུའམ། ཐབ་བསང་ལ་སོགས་བསང་ཆུང་བྱེད་ནའང་། །འདི་ཉིད་ཁོ་ན་བཏོན་པས་འཐུས་པ་ཡིན། །རཱག་ཨ་སྱ་ཞེས་བྱའི་རྣལ་འབྱོར་པས། །སྤྲེལ་ལོ་སྤྲེལ་ཟླའི་ཉེར་བདུན་ཉིན་པར་བྲིས། །ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བ་དེས། །འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་

p. 576

བསྔོ། །བ་ནུ་ཆུ་མིག་ཟེར་བའི་ཚིགས་གཅིག་སྒྱུར་ནས་སུས་ཀྱང་བཏོན་ཀྱང་རུང་ངོ་། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀླུ་བསང་ནོར་བུ་དགོས་འདོད་ཀུན་འབྱུང་།

p. 577

ཀླུ་བསང་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ཀྱཻ། རྒྱ་མཚོ་ཆེ་དང་རོལ་མཚོ་བདུན། །ཀླུ་ཐོའི་ཆུ་མིག་དམ་པ་ནས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ནི། །རིན་པོ་ཆེ་ཡི་ཁྲི་སྟེང་དུ། །སྐུ་སྟོད་མཚན་ལྡན་མི་ཡི་ལུས། །སྐུ་སྨད་སྦྲུལ་གྱི་མཇུག་མ་ཅན། །སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན། །ཕྱག་ན་དགོས་འདོད་ནོར་བུ་བསྣམས། །ཀླུ་ཚོགས་མང་པོའི་འཁོར་གྱིས་བསྐོར། །སེམས་ཅན་དབུལ་བ་སེལ་མཛད་པ། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་་བསང་། །མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །རིགས་ལྡན་ནོར་རྒྱས་དུང་སྐྱོང་དང་། །པདྨ་པདྨ་ཆེན་པོ་སོགས། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་རྣམས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །རྒྱལ་རྗེ་བྲམ་ཟེ་དམངས་གདོལ་རིགས། །ཀླུ་གཉན་ས་བདག་འཁོར་དང་བཅས། །འདིར་།གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཀླུ་ཡི་ཕྱུག་གཡང་འཕེལ་གཡང་དང་། །ཀླུ་ཡི་ཟས་གཡང་ནོར་གཡང་དང་། །ཀླུ་ཡི་དཔལ་

p. 578

དང་འབྱོར་པའི་གཡང་། །དེ་རིང་བདག་ལ་བསྩལ་དུ་གསོལ། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོ་རྒྱལ་པོ་གཟའ་དང་བཙན། །ཀླུ་དང་ཐེའུ་རང་སྨན་དང་གཟའ། །གཞོན་ནུ་སྐེམ་བྱེད་ཐམས་ཅད་ཀུན། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་བསང་། །ཐམས་ཅད་དགྱེས་ཤིང་ཚིམས་གྱུར་ཅིག །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བར་མཛོད། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཟས་ནོར་སྣང་སྲིད་དབང་དུ་བསྡུས། །དགྲ་འདྲེ་གདོན་གསུམ་ཚར་ཆོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རཱ་ག་ཨ་སྱས་མཛད་པའོ། །དགེ་ལེགས་འཕེལ།། །།

ཀླུ་བསང་ནོར་བུ་ཆར་འབེབས།

p. 579

ཀླུ་བསང་ནོར་བུ་ཆར་འབེབས་བཞུགས་སོ། ཀྱཻ། རྒྱ་མཚོ་ཆེ་དང་རོལ་མཚོ་བདུན། །ཀླུ་ཐོའི་ཆུ་མིག་དམ་པ་ནས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ནི། །རིན་པོ་ཆེ་ཡི་ཁྲི་སྟེང་དུ། །སྐུ་སྟོད་མཚན་ལྡན་མི་ཡི་ལུས། །སྐུ་སྨད་སྦྲུལ་གྱི་མཇུག་མ་ཅན། །སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན། །ཕྱག་ན་དགོས་འདོད་ནོར་བུ་བསྣམས། །ཀླུ་ཚོགས་མང་པོའི་འཁོར་གྱིས་བསྐོར། །སེམས་ཅན་དབུལ་བ་སེལ་མཛད་པ། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཀླུ་ཡི་ཕྱུགས་གཡང་འཕེལ་གཡང་དང་། །ཀླུ་ཡི་ཟས་གཡང་ནོར་གཡང་དང་། །ཀླུ་ཡི་དཔལ་དང་འབྱོར་པའི་གཡང་། །དེ་རིང་བདག་ལ་བསྩལ་དུ་གསོལ། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོ་རྒྱལ་པོ་གཟའ་དང་བཙན། །ཀླུ་དང་ཐེའུ་རང་སྨན་དང་གཟའ། །གཞོན་ནུ་སྐེམ་བྱེད་བྱ་ཡི་ཚོགས། །རླུང་ལྷ་སྲུལ་པོ་ལུས་སྲུལ་པོ། །མཚུན་དང་དགྲ་བླ་བྲག་སྲིན་སོགས། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ཀུན། །

p. 580

འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཐམས་ཅད་དགྱེས་ཤིང་ཚིམས་གྱུར་ཅིག །སྔོན་ཚེ་རྒྱལ་བའི་བཀའ་མ་བཅག །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བར་མཛོད། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ཟས་ནོར་སྣང་སྲིད་དབང་དུ་སྡུས། །དགྲ་འདྲེ་གདོན་གསུམ་ཚར་ཆོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་རཱ་ག་ཨ་སྱས་མཛད་པའོ། །དགེ་ལེགས་འཕེལ།། །།

ཀླུ་འབུམ་དཀར་ཆུང་གི་བསང་།

p. 581

ཀླུ་འབུམ་དཀར་ཆུང་གི་བསང་བཞུགས་སོ། །ཨོཾ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །གཙུག་ན་རིན་ཆེན་ཀླུ་ཡི་རྗེ། །མཐའ་ཡས་དང་ནི་ནོར་རྒྱས་དང་། །འཇོག་པོ་དང་ནི་པདྨ་དང་། །པད་མ་དང་ནི་དུང་སྐྱོང་དང་། །སྟོབས་ཀྱི་རྒྱུ་དང་མ་དྲོས་རྣམས། །ཞི་བ་བསང་གི་མཆོད་པ་འབུལ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རྒྱུ་དང་གཉན་དང་ས་བདག་སོགས། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །རྗེ་རིགས་དང་ནི་གདོལ་པའི་རིགས། །སྤྲུལ་པ་འབུམ་སྡེ་འཁོར་དང་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །མེ་ཏོག་ལ་སོགས་མཆོད་པའི་ཚོགས། །འདོད་པའི་ལྷ་ལ་མཆོད་པར་བྱེད། །གཏོར་མ་རྣམས་ཀྱང་སོ་སོར་འབུལ། །ནཱ་ག་གེ་སར་སྨན་གྱི་ཚོགས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཏིང་འཛིན་འཕྲོ་འདུས་རྫས་བཀྲོལ་ཏེ། །ཀླུ་ཆེན་བརྒྱད་ལ་མཆོད་པ་འབུལ། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །ཞེ་སྡང་གདུག་པ་སླར་བསྡུས་ཤིག །ཨོཾ་ཨཱནན་ཨོཾ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་བཱ་སུ་ཀི་ས་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ནི་ཏ་ག་ཤང་ཀ་པཱ་ལ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ཀི་ཀི་ར་ཀ་ཏེ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། པི་

p. 582

པི་ཀ་བ་ལ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ཨ་ན་སི་ཏྲ་ཧཱུྃ་ནན་ཧཱུྃ་སྭཱ་ཧཱ། ཨོཾ་ནཱ་ག་ཀུ་པ་ཙི་ཏེ་ཤཱནྟཾ་སྭཱ་ཧཱ། ཨོཾ་ནཱ་ག་པྲ་ཏི་ས་ཕོ་ཊ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་ནཱ་ག་པ་ཎ་པུ་ཉེ་ཁེ་སྭཱ་ཧཱ། ཨོཾ་ཏ་ཐཱ་ག་ཏེ་ཧྲི་དཱ་ཡ་སྭཱ་ཧཱ། ཀླུ་ཡི་རྒྱལ་པོ་རྣམས་ལ་དཀར་གསུམ་མངར་གསུམ་ཅི་འདོད་པ་རྣམས་ཀླུ་རྣམས་ལ་མཆོད་པ་འབུལ་ལོ། །ཡོན་གྱི་བདག་པོ་རྣམས་ལ་བཟུང་བ་ཡོད་ན་ཐོངས། །བཅིང་པ་ཡོད་ན་ཁྲོལ། མནན་པ་ཡོད་ན་ཁྱོག །ནད་དང་གདོན་རྣམས་རྒྱུན་ཆོད་ལ། ཞེ་སྡང་གི་གདུག་པ་སྡུས་ཤིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་དང་བཅས་པ་ལ། །གནོད་པར་བྱེད་པའི་འཕྲོ་ཆོད་ཅིག །བདག་དང་ཡོན་བདག་བློ་མཐུན་པར་བཅོས་སོ། །ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ཅེས་ཀླུ་འབུམ་དཀར་པོ་ནས་༧ ཨ་རཱ་གས་སྦྱར་བའོ།། །།

p. 583

༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

p. 584
p. 585

མདོ་སྔགས་བསྟན་པ་རྒྱ་མཚོའི་འཁོར་ལོའི་མགོན། །འགྲོ་རྣམས་སྨིན་གྲོལ་བདུད་རྩིའི་ཆར་འབེབས་པ། །མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག །ཡེ་ཤེས་མགོན་པོ་ཕྱག་བཞི་པ། བྱང་ཆུབ་ཆོས་སྐུ་མཆོད་རྟེན། དབལ་ལྡན་ལྷ་མོ་དུད་སོལ་མ།

p. 586

བཀའ་ཡི་རྒྱལ་མོ་ཌཱ་ཀི་མའི་སྔགས་འདིས་བདག་མི་ནོར་འཁོར་དང་བཅས་པ་ལ་ཡིག་སྣ་ངན་པའི་གནོད་པ་ཐམས་ཅད་ལས་སྲུང་ཤིག་རཀྵ་རཀྵ༔ བཀའ་ཡི་རྒྱལ་མོ་ཌཱ་ཀི་མའི་སྔགས་འདིས་བདག་ཀརྨ་ཆགས་མེད་ཀྱི་ཆོས་བརྒྱུད་འཛིན་པའི་མི་ནོར་ཐམས་ཅད་ཀྱི་ཡིག་སྣ་ངན་པའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ།། འོག་མ་ཡིན། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

Pecha page