← Search

སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།

རིན་ཆེན་གྲུབ། དཀོན་མཆོག་ལྷུན་གྲུབ། ཚུལ་ཁྲིམས་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པད་ཕྲིན། མཉྫུ་གྷོ་ཥ། དཀོན་མཆོག་དཔལ་ལྡན། ངག་དབང་ཆོས་གྲགས། བྱམས་པ་ངག་དབང་། ཀུན་དགའ་བསོད་ནམས། གྲགས་པ་རྒྱལ་མཚན། ངག་དབང་ལེགས་གྲུབ། ཀུན་དགའ་བཀྲ་ཤིས། ཀུན་དགའ་དཔལ་ལྡན། ག་ག་ན་ཤྲཱི་བྷ་དྲ། དཔལ་ལྡན་དོན་གྲུབ། པདྨ་བདུད་འདུལ། བློ་གསལ། བློ་གཏེར་དབང་པོ། ཀུན་དགའ་རིན་ཆེན།

རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟོག་པ་གསེར་འོད་འབར་བའི་གཟུངས་ཞེས་བྱ་བའི་སྒྲུབ་ཐབས།

p. 1

མཧཱརཱཛབཻཤྲབཎཀྵེམཀརསྱཀལྤསྭརྞབྷཱཛྭཱལནཱམདྷཱརཎིཡསྶཱདྷནཾབིཧརཏིསྨ།།
རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟོག་པ་གསེར་འོད་འབར་བའི་གཟུངས་ཞེས་བྱ་བའི་སྒྲུབ་ཐབས་བཞུགས་སོ།།

p. 2

རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་བཻ་ཤྲ་«ཤྲ་མ་ཎ་»བཎ་སཱ་དྷ་ནཾ། བོད་སྐད་དུ། «གནོད་སྦྱིན་གྱི་མཚན་»རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་ཞེས་བྱ་བ། «གཙོ་བོ་འདོད་པའི་ལྷ་»དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། «།ལྷ་ལ་དགོས་པའི་»ནོར་གྱི་དབང་ཕྱུག་«དུང་དང་དུང་ཆེན་ལ་སོགས་»རིན་ཆེན་གཏེར་«ལ་དབང་ཞིང་»མངའ་བ་«དེ་ལ།» །«འཁོར་»གནོད་སྦྱིན་«བྱེ་བ་འབུམ་དང་བཅས་པ་»ཀུན་གྱི་ནོར་འཆང་«ཀླུ་»ཀུན་གྱི་«བདག་པོ་»རྗེ་«དེ་གང་ཡིན་ན།» «རྒྱལ་པོ་དེའི་གནས་»བྱང་ཕྱོགས་སྐྱོང་བའི་མགོན་པོ་རྣམ་ཐོས་སྲས། །དངོས་གྲུབ་«ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སོགས་པ་ཐུན་མོང་དང་»མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། «ཅི་བྱེད་ཅེ་ན།» །དཔལ་ཞེས་ཚོགས་གཉིས་དང་ལྡན་སེམས་ཅན་ཐམས་ཅད་དབུལ་བ་ལས་ངལ་བསོས་«ས་བཅུའི་བྱང་ཆུབ་སེམས་དཔའ་»དགེ་བ་«ནོར་ཐམས་ཅད་སྟེར་བའི་»སྟོབས་པོ་ཆེ། །གསུས་པ་ཆེ་བས་སྦོམ་ཞིང་«གང་གིས་ཀྱང་ཟིལ་གྱིས་མི་ནོན་ཅིང་གཞན་དག་འཇོམས་པ་»སེང་གེ་དང་པདྨ་དང་«ཟླ་བའི་»གདན་ལ་«སེམས་དཔའི་འདུག་སྟངས་ཀྱིས་»བཞུགས། །ཕྱག་གཉིས་«ཀྱི་གཡོན་ན་ཁ་ནས་རིན་པོ་ཆེ་སྐྱུགས་པའི་»རིན་ཆེན་ནེའུ་ལེ་«གཡས་ན་»བེ་ཅོན་བསྣམས་

p. 3

པའི་རྒྱལ་པོ་རྣམ་ཐོས་སྲས།» །ཆོ་གས་དེ་སྒྲུབ་རིམ་པ་བཤད་པར་བྱ། །ག་པུར་ལ་སོགས་«པའི་དྲི་ལྔ་»ལྕི་བ་«ལ་སོགས་པ་»རྣམ་ལྔ་ཡིས། །བདུད་རྩི་འཁྱིལ་པའི་སྔགས་བརྗོད་«ཧཱུྃ་ཁྃ་ཎི་ལྃ་མྃ་ཡི་གེ་བཅུ་པ་»ས་གཞི་ལེགས་པར་བྱུགས་«པ་ལ་དེའི་སྟེང་དུ་ཕྱོགས་བཞི་མཚམས་བཞི་དབུས་རྣམས་སུ་ལྷ་གྲངས་ཀྱི་»ཚོམ་བུ་དགུ་ནི་«མེ་ཏོག་»དཀར་པོ་དགོད། «།ཁྱད་པར་གྱི་དམ་ཚིག་བཞི་སྟེ་»དམ་ཚིག་བདུན་དང་ལྡན་པ་ཡི། །རྒྱལ་པོའི་ཕྱི་ནང་གསང་བའི་རྟེན་གསུམ་«མདའ་མེ་ལོང་ཕྱི་རྟེན་རྟ་སྔོན་པོ་ལ་སོགས་པ་ནང་རྟེན་»བསེའི་ནང་«དུ་རྒྱལ་པོའི་སྐུ་གཟུགས་དང་ནོར་བུ་རིན་པོ་ཆེ་རྙེད་ཚང་དང་འབྲུ་སྣ་རྣམས་ཟ་འོག་ལ་སོགས་པར་བླུགས་ལ་སྤའོ།» གཟུགས་པར་བྱ། །བདག་ཉིད་ཆོ་ག་རྫོགས་བྱས་ལ། «།ཨོཾ་ཨ་མྲྀ་ཏ་ལ་སོགས་པ་»སྔགས་རྒྱལ་བཅུ་གསུམ་«རང་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་»བཟླས་པ་ཡིས། «།བདག་ཉིད་ཀྱི་»ཕྱོགས་མཚམས་ཀུན་ནས་བསངས་གཏོར་བྱ། །སྙིང་གར་ས་བོན་བསམས་པ་ལས། «རྒྱལ་པོ་འཁོར་དང་བཅས་པ་ལ་ཡང་ཡི་གེ་་རིམ་པ་བཞིན་དུ་ཡོད་པ་ལ་རང་གི་ཡི་གེའི་འོད་ཟེར་དེ་རྣམས་ལ་རིམ་བཞིན་དུ་ཕོག་པས་སྔགས་བཏབ་པའི་ཚུལ་དེས།» བྱང་ཕྱོགས་འོད་ཟེར་«དེའི་རྩེ་མོ་

p. 4

ལ་ཁྲོ་བོ་འདོད་པའི་རྒྱལ་པོ་»རབ་འཕྲོས་ཏེ། །འཁོར་གནོད་སྦྱིན་བྱེ་བ་འབུམ་གྱི་གཙོ། །རྒྱལ་པོ་རྣམ་ཐོས་«གཙོ་འཁོར་»སྤྱན་དྲངས་ཏེ། «རྒྱལ་པོ་འཁོར་དང་བཅས་པ་རྣམས་རང་དམ་ཚིག་པའི་»མདུན་དུ་«མེ་ཏོག་གི་ཚོམ་བུའི་»སྟེང་དུ་རིམ་པར་བཞུགས་པར་བསམ། །དེ་ལ་«གོང་གི་ཨ་མྲྀ་ཏའི་སྔགས་ཆུས་»བསངས་གཏོར་ནས་བརྩམས་ཏེ། །རྒྱལ་པོ་འཁོར་བཅས་«སྙིང་གའི་ལྷ་མོས་མཆོད་པ་རྣམས་ཀྱིས་»ལེགས་པར་མཆོད། «བགེགས་བསྐྲད་བསངས་གཏོར་གྱི་སྔགས་ནི།» ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ལ་མཆོད་པ་«བཛྲ་པུཥྤེ་ལ་སོགས་པ་ལྔ་དབུལ་བའི་»ཡི་གེ་ནི། «ཨོཾ་ཨཱཿཧཱུྃ་»ཡི་གེ་གསུམ་དང་ལྡན་པ་ཡིས། «།ཨོཾ་བཻ་ཤྲ་མ་ཎ་ཡེ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་པ་ལ་སོགས་པ་»སོ་སོར་ལེགས་པར་སྦྱངས་ཏེ་དབུལ། «བདག་ཕྱག་རྡོར་གྱི་»སྤྱི་གཙུག་ལྐོག་མ་སྙིང་ག་ཡི།« ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་ཡི་གེ་ལས་འོད་འཕྲོས་པས་རྒྱལ་པོ་ལ་ཕོག་སྟེ་ཞུ་བས་སྟོང་པར་བསམ་མོ། །དོན་ལ་ཡེ་ཤེས་པ་མཆོག་ཡིན་ནོ།» ཨོཾ་ཨཱཿཧཱུྃ་གསུམ་གྱི་«འོད་ཟེར་གྱིས།» «མདུན་གྱི་»རྒྱལ་པོ་འཁོར་དང་བཅས་པ་རྣམས། «ལ་ཕོག་པས་རྒྱལ་པོ་འཁོར་བཅས་དེ་ཡིད་ཀྱིས་ས་བོན་འོད་དུ་ཞུ་ནས་གཉིས་སུ་མེད་པར་བསམ།» འོད་ཞུ་སྟོང་པའི་རང་བཞིན་བྱ། །དེ་ནས་རང་གི་མདུན་དུ་«སྟོང་པའི་ངང་ལས་»བྷྲཱུྃ་«སེར་པོ་གྱུར་པ་ལས་ནི།» «།རྒྱུ་»རིན་«པོ་»ཆེན་«ཆེ་ལས་གྲུབ་པའི་ཟུར་རེ་རེ་ལ་ཁང་མིག་བཅུ་གསུམ།» «དེ་ཡང་སྟའི་ཟུར་ལ་ཁང་བུ་བཅུ་གཉིས་»ཁང་བུ་བརྩེགས་པ་རེ་བསྒོམ། །ཟུར་བཞི་རིམ་གསུམ་དུ་«ཡོད་པའི་»ཁང་«པ་»བརྩེགས་«པའི་»དབུས་«སུ།» ལྟེ་བ་དབུས་མའི་ཕོ་བྲང་«སྟེང་དུ་གཙོ་བོ་གནས་»སུམ་བརྩེགས་ཏེ། «དེའི་»རྩེ་མོ་རིན་ཆེན་བཻ་ཌཱུརྻ་«ནོར་བུ་གཉྫི་རས་»བརྒྱན། «།ཁང་པའི་ལོགས་ལ་»དྲྭ་བ་དྲྭ་བ་ཕྱེད་པ་«རྩེ་མོ་ཡང་ཟེར་»བཀོད། «མུ་ཁྱུད་ཅན།» «གཞལ་ཡས་ཁང་དེ་ལ་»ཤར་སོགས་«རྒྱུ་»ཤེལ་«དཀར་པོ་»དང་ལྷོ་བཻ་ཌཱརྻ་«གཙོ་བོ་གནས།» «ནུབ་»པདྨ་རཱ་ག་«དམར་པོ།» བྱང་«སེར་པོ་»གསེར་གྱི་ནི། «གསེར་གྱི་»ཀ་བ་སྟོང་ཕྲག་བཅུ་«སྟེ་ཁྲི་ཕྲག་གཅིག་»ཡིས་བརྒྱན། «།ཁང་མིག་རྣམ་»པ་བཅོ་ལྔ་སྒོ«་བཞི་མུ་ཁྱུད་རྟ་བབས་ཅན་གྱིས་»སྤྲས་པ་པོ། །དེའི་ཕྱི་རོལ་ཕྱོགས་«བཞི་དང་»མཚམས་«བཞི་རྣམས་»སུ། །བུམ་པ་བཟང་པོ་«བརྒྱད་»དཔག་བསམ་ཤིང་བརྒྱད། །རིན་ཆེན་«བརྒྱད།» རྫིང་བུ་«

p. 5

བརྒྱད།» འདོད་འཇོའི་«རིན་ཆེན་མང་གི་སྒྲུབ་ཐབས་ནས་མེ་ཏོག་རྭ་བ་ཡོད་པར་བཤད།» བ་བརྒྱད། བརྒྱད་བརྒྱད་ལྔ་ཡིས་«བཀྲ་ཤིས་ཀྱི་རྫིང་བུ་»རབ་ཏུ་མཛེས། «།ཁང་པའི་ཕྱི་རོལ་ན་»རིན་ཆེན་འབར་བས་«ལྕགས་རིའི་ཚུལ་དུ་»རབ་ཏུ་བསྐོར། «།ཁང་པའི་»དབུས་སུ་«སེང་གེའི་སྟེང་དུ་པདྨ་དེའི་སྟེང་དུ་ཟླ་བ་དེའི་སྟེང་དུ་»ས་བོན་བཻ྅་ཡིག་ལས། །འོད་ཟེར་«ཁ་དགོ་»སྣ་ཚོགས་«ཡར་མར་དུ་»རབ་སྤྲོས་ནས། «།སེམས་ཅན་ཐམས་ཅད་ལ་ཕོག་པས་སེར་སྣའི་སྒྲིབ་པ་སྦྱངས་རིན་ཆེན་གྱི་ཆར་ཕབ་ལྷ་མིའི་དབུལ་བ་བསལ་ནས་སེམས་ཅན་གྱི་»དོན་བྱས་སླར་བསྡུས་བཻ་ལ་ཐིམ། །དེ་ལས་རྒྱལ་པོ་«ཆེན་པོ་འཁོར་»དང་བཅས་རྫོགས་«པར་བསྒོམ་པ་ནི།» རིན་ཆེན་ཕོ་བྲང་དམ་པ་ནས། «།རྒྱལ་པོའི་མཚན་ཉིད་མཚོན་པའི་»མི་འཇིགས་སེང་གེའི་གདན་«དེའི་»སྟེང་ན་«པདྨ་དང་ཟླ་བའི་སྟེང་དུ་ས་བོན། »།བཻ་«གྱུར་པ་»ལས་བྱུང་བའི་མགོན་པོ་«རྣམ་ཐོས་སྲས་»ནི། «།ཡང་ན་སེམས་ཅན་གྱི་དོན་ལ་»ངལ་བསོས་དགེ་བ་«དབུལ་པོ་ལ་ནོར་སྟེར་བ་ལ་སོགས་པའི་སྟོབས་ནུས་»སྟོབས་པོ་ཆེ། «།ཕྱག་»གཡས་ན་རིན་པོ་ཆེའི་བེ་ཅོན་«རྒྱལ་མཚན་»འཛིན། །ཕྱག་གཡོན་ན་«རིན་པོ་ཆེའི་»གཏེར་གྱི་ནེའུ་ལེའི་«ཁ་ནས་རིན་པོ་ཆེ་སྐྱུགས་པ་»འཛིན། །སྐུ་མདོག་«ནི་»གསེར་«བཙོ་མ་རང་གི་»གྱི་འོད་པས་«ཡོན་ཏན་རྒྱས་པས་»མཛེས། །ཞལ་ནས་རིན་«པོ་»ཆེན་«སྣ་ཚོགས་ཀྱི་»ཆར་པ་འབེབས། «།ལྷ་དང་མི་»ཐུགས་རྗེས་ཕོངས་པ«འི་དུཿཁས་ཉོན་མོངས་པའི་དབུལ་བ་»ལས་སྒྲོལ་མཛད། །སྐུ་ལ་«དབུ་རྒྱན་ལ་སོགས་པའི་»རིན་ཆེན་རྒྱན་«སྣ་ཚོགས་»ཀྱིས་སྤྲས། «།སྣང་བ་དབང་དུ་སྡུད་པས་»ཕྲག་གོང་གཡས་གཡོན་ཉི་མ་དང་ཟླ་«བས་»མཚན་«ཏེ་བརྒྱན་པ།» །ཉི་མ་འབུམ་གྱི་གཟི་«འོད་ཀྱི་»མདངས་ཅན། །དབུ་ལ་«ཅོད་པན་»རིན་ཆེན་རྒྱན་གྱིས་སྤྲས། །གནོད་སྦྱིན་བྱེ་བའི་འཁོར་«རང་བཞིན་གྱི་འཁོར་གནོད་སྦྱིན་བརྒྱད་དང་ཀླུ་བརྒྱད་ཀྱིས་བསྐོར་བར་བསམ།» རྣམས་ནི། «།དེ་ནས་ཕྱོགས་ཐམས་ཅད་དུ་»ནམ་མཁའི་སྤྲིན་ཚོགས་«འཁྲིགས་པ་»བཞིན་དུ་བསམ། «འཁོར་རྣམས་ཀྱང་»ནམ་མཁའི་མཛོད་ལ་མངའ་«ཡང་ན་ནམ་མཁའ་ལ་བང་མཛོད་བཅས་པའི་ཏིང་ངེ་འཛིན་»བརྙེས་པས། «སེང་གེའི་སྟེང་ན་འཛུམ་པའི་མདངས་དང་ལྡན་པས་»སེམས་དཔའི་«ཕྱེད་»སྐྱིལ་ཀྲུང་དག་གིས་

p. 6

བཞུགས། དེ་ནས་«ཕྱག་རྡོར་གྱི་ཧཱུྃ་དང་དམ་ཚིག་པའི་བཻ྅་གཉིས་ལས་འོད་འཕྲོས་པས་ཡེ་ཤེས་ཀྱི་»རྒྱལ་པོ་«རང་བཞིན་གྱི་གནས་ནས་»སྤྱན་དྲངས་ཏེ། «།རྡོ་རྗེ་དྲིལ་སྟབས་དང་བཅས་པས་རོལ་མོ་བསྒྲགས།» ཧཱུྃ། མགོན་པོ་ཀུན་གཤེགས་ཐུགས་དམ་«ཚིག་ལས་མི་འདའ་བ་»ཅན། «།རྒྱལ་པོ་འཁོར་དང་བཅས་པ་»ད་ལྟ་སྙིགས་མ་ལྔ་ཡི་དུས་སུ། །ཐམས་ཅད་ཉོན་མོངས་འདམ་བྱིངས་«བ་དང་འདྲ་»བར། «།སེམས་ཅན་ཐམས་ཅད་»མཚམས་མེད་ལྔ་པོ་ཀུན་སྤྱོད་ཅིང༌། «།ཁྱེད་ཀྱི་»གཟིགས་ཤིང་གཤེགས་པའི་གནས། «སེམས་ཅན་བདག་ངན་ཡང༌།» །སྔོན་ཤཱཀྱ་སེང་གེ་བྷ་ག་ཝཱ་ནའི་སྤྱན་སྔར་ཁྱོད། «།སེམས་ཅན་གྱི་དོན་བྱེད་པར་»ཐུགས་དམ་གང་བཞེས་དེ་«ཡིན་པས་ཁས་བླངས་པ་དེ་»དགོངས་ལ། །འདྲེན་པ་«ཤཱཀྱ་སེང་གེའི་»བསྟན་པ་བསྲུང་བ་དང༌། «།དགོས་པ་»སེམས་ཅན་«ཕོངས་པ་»རྣམས་ལ་སྨན་སླད་དུ། «།སོ་སོའི་ཕྱོགས་ཀྱི་»བྱང་ཕྱོགས་གནས་ན་བཞུགས་«པའི་འཁོར་དང་བཅས་པ་»རྣམས། «།དགོངས་པ་»སེམས་ཅན་དོན་ཕྱིར་«གནས་འདིར་»གཤེགས་སུ་གསོལ། «སྤྱན་འདྲེན་པའི་སྔགས་ཟླ།» «བདག་»ཕྱག་ན་རྡོ་རྗེའི་ཐུགས་«ཀ་ནས་»གནས་པའི། །ཧཱུྃ་ལས་འཕྲོས་པའི་འོད་ཟེར་རྣམས་ཀྱིས། །རང་བཞིན་རྒྱལ་པོ་རྣམ་ཐོས་སྲས། «འཁོར་»གནོད་སྦྱིན་འབུམ་«དང་»བཅས་བཀུག་ནས་ནི། །ནོར་བུ་«ལས་བྱས་པའི་»གྲོང་ཁྱེར་དེ་དབུས་སུ། «།རང་གི་»མདུན་ནས་རྒྱལ་པོ་དེ་དབུས་«དམ་ཚིག་པ་དང་ཡེ་ཤེས་པ་གཉིས་བསྲེ་བས་»བཞུགས། །རིན་«པོ»་ཆེན«་་ཕྱག་རྒྱས་དབུ་རྒྱན་གྱིས་»དབང་བསྐུར། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩཱ་མིས་བྱིན་བརླབས་ནས། །དེ་ནས་«ཡི་གེ་བཅུ་གསུམ་པའི་སྔགས་ཀྱིས་»བསང་གཏོར་ནས་བརྩམས་«མཆོད་པ་དབུལ་»ཏེ། རིན་«པོ་»ཆེན་«སྣ་»བདུན་དང་བཀྲ་ཤིས་«ཀྱི་རྫས་»བརྒྱད། །འདོད་པའི་ཡོན་ཏན་ལྔ་ཡི་«ལྷ་མོས་»མཆོད་«པ་ལ་འདི་མེད་དུ་མི་རུང༌།» །གུ་གུལ་«དཀར་པོ་»བསྟོད་པ་དབུལ་ཞིང་བསྟོད། «གཙོ་འཁོར་ལ་བསྟོད་པ་བྱ།» །དེ་ནས་«རང་གིའམ་མདུན་གྱི་རྒྱལ་པོའི་»ཐུགས་ཀའི་«ཨ་ཡོངས་སུ་གྱུར་པ་ལས་»ཟླ་བ་ལ། །ས་བོན་«བཻ྅་སེར་པོ་ལས་སམ་ཧཱུྃ་ལས་»སྔགས་ཀྱི་«འོག་གི་བཅུ་པས་»ཡོངས་བསྐོར་ཏེ། «།མདུན་གྱི་རྒྱལ་པོ་དང་རང་གཉིས་ཀའི་བྱེད་པའི་ཚེ་རང་

p. 7

རང་གི་སྙིང་ག་ནས་འོད་ཟེར་ལ་མཆོད་པ་སྣ་ཚོགས་སྤྲོས་པས་མཆོད།» ལྕེ་ལ་རྡོ་རྗེའི་སྦུ་གུ་བསམ། །སྔགས་ཀྱི་བཟླས་པའི་སྤྲོ་བསྡུ་ནི་«རྒྱལ་པོའི་དངོས་གྲུབ་ཚུར་བསྡུ། །བདག་ཉིད་དང་མདུན་གྱི་རྒྱལ་པོ་གཙོ་འཁོར་ཐམས་ཅད་ཀྱི་»སོ་སོའི་ཐུགས་ཀར་དམིགས་ལ་བཟླས། ཏདྱ་ཐཱ། «གནོད་སྦྱིན་ཐམས་ཅད་ལ་འབོད་པའི་སྔགས།» ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ་སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱཱ་ཐ་སུ་ར་མེ། སུ་ར་སེ། སུ་མ་ཏི། ཧི་ལི་མི་ལི་སྭཱ་ཧཱ། «གཅུན་པའི་སྔགས།» ཨོཾ་ཨཱཿཧཱུྃ། བཻ྅་ཤྲ་མ་ཎ་ཡེ་སྭཱ་ཧཱ། «ཚད་ཕན་ཡོན།» འདི་བརྗོད་བསྙེན་པ་འབུམ་ཕྲག་བཅུ། །ཟླ་བ་ཡར་ངོའི་«ཚེས་»བཅོ་ལྔ་ལ། །ཙནྡན་དཀར་པོ་«དང་བའི་རྣམ་ལྔ་བྱུགས་པའི་»དཀྱིལ་འཁོར་བྱ། «མཎྜལ་བྱས་པའི་དྲིའི་ཐིག་ལེའི་དབུས།» དེ་ནས་རྒྱལ་པོ་«རྣམ་ཐོས་སྲས་»ལ་དམིགས་ལ།« །ཨ་ཀ་རུའི་སྤོས་»བསྲེག་སྔགས་ཏེ་«སྔར་གྱི་»བཟླས་པ་བྱ། འདི་ནི་«བཟླས་པའི་གྲངས་ཐུན་རེ་རེ་ལ་སྔགས་རིང་ཏདྱ་ཐཱ་སོགས་»བརྒྱ་རྩ་བརྒྱད་དུ་བཟླས། «།དུས་»ཉིན་མོ་«ཐུན་གསུམ་དང་»མཚན་མོ་«ཐུན་གསུམ་སྟེ་»ལན་དྲུག་ཏུ། «མདུན་གྱི་»རྒྱལ་པོ་ལ་དམིགས་བཻ྅་སྔགས་བཟླས་«ནས་ཕྲིན་ལས་བཅོལ་ན།» «།བདག་ཉིད་ཀྱི་»རྟག་ཏུ་རྗེས་སུ་འབྲང་བར་བྱེད། །དཔག་ཚད་བརྒྱ་ནི་ཚུན་ཆད་དུ། །«རྒྱལ་པོ་འཁོར་»གནོད་སྦྱིན་རྣམས་«ཀྱིས་»ནི་«རང་ལ་»སྲུང་བར་བྱེད། «རང་གི་»བསམ་པ་«ཅི་འདོད་པ་»ཐམས་ཅད་ཡོངས་སུ་རྫོགས་«པར་བགྱིད་ཅིང༌།» «ལོག་འཚོ་རྐུ་འཕྲོག་གསུམ་»ཁ་ན་མ་ཐོ་མེད་པ་ཡི་«ཆོས་དང་མཐུན་པའི།» །ཟས་དང་སྐོམ་«ཐམས་ཅད་»དང་བཅས་པ་ཡི། «།གཏེར་»ནོར་«དང་»འབྲུ་«དང་»དབྱིག་དང་གསེར་«ལ་»སོགས་«པ་»སྩོལ་བར་བགྱིད། «རིན་པོ་ཆེ་ཡི་»གཏེར་«ལ་»སོགས་«པ་མང་པོ།» བསོད་ནམས་«ལྔ་»ཚད་མེད་འགྲུབ་པར་འགྱུར། །«འབྱོར་པ་»ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །དེ་ལ་སོགས་པ«འི་བསམ་པ་ཐམས་ཅད་»མ་ལུས་«པའི་འབྲས་བུ་»འགྲུབ།

p. 8

«བསྒོམ་པ་དང་བཟླས་པས་»ངལ་བར་གྱུར་ན་གཤེགས་སུ་གསོལ། «གཙོ་འཁོར་ཀུན་ལ་དེའི་སྔགས་ཀྱིས་»མཆོད་བསྟོད་«གང་ཡང་བདག་བློ་གཏི་མུག་པས་»བཟོད་པར་གསོལ་བ་དང༌། དཀར་གཏོར་བཏང་ལ་«རང་ཉིད་འདོད་པའི་»ཕྲིན་ལས་བཅོལ། «གཏོར་མ་ཇི་ལྟར་བཏང་ཞེ་ན།» བཛྲ་ཡཀྵ་ཧཱུྃ་«དང་»སྭ་བྷཱ་ཝ«ས་བསང་གཏོར་མ་དང་སྣོད་གཉིས་སྟོང་པར་བསམས་ལ་»བྷྲཱུྃ་ལས་གཏོར་མའི་སྣོད་བསྐྱེད་ལ། «རྫས་ཀྱི་དངོས་པོ་དེ་»ཁྃ་«དཀར་པོ་»ལས་གཞལ་ཡས་«ཁང་ནམ་མཁའ་དང་མཉམ་པར་རོ་བརྒྱ་དང་ལྡན་པར་»བསྐྱེད་པར་བྱ། «དེའི་སྟེང་དུ་»ཨོཾ་ཨཱཿཧཱུྃ་«བསམ་སྟེ་ལག་པ་གཉིས་ཨུཏྤལ་ལྟ་བུའི་ཕྱག་རྒྱ་བྱས་ལ་ངག་ཏུ།» ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། «ཞེས་ལན་གསུམ་མམ་བདུན་བརྗོད། ལག་པ་གཉིས་ཐལ་མོ་སྙིང་གར་སྦྱར་ལ་»སངས་རྒྱས་སྤྱན་«ནམ་མཁའ་མཛོད་ཀྱི་སྔགས་»གྱིས་«གཏོར་མ་དེ་དཔག་ཏུ་མེད་པ་»སྤེལ་བྱས་ལ། སྔགས་རྒྱལ་བཅུ་གསུམ་བཟླས་པར་བྱ། །ཨོཾ་བཻ་ཤྲ་མ་ཎ་ཡེ་ཨི་དཾ་བ་ལིཾ་གྲྀཧྞ་ཏུ་ས་མ་ཡ་རཀྵནྟུ། མ་མ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སཱ་དྷ་ཨ་མོ་གྷ་ཡེ་སྭཱ་ཧཱ། སོ་སོའི་སྔགས་ལ་«སྔར་གྱི་གཏོར་མའི་སྔགས་»བཏགས་ཏེ་དབུལ། «དེ་ནས་ཕྲིན་ལས་བཅོལ་བ་ནི།» ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །«བདག་གིས་»གཏོར་མ་ཕུལ་བ་འདི་དག་བཞེས་«སུ་གསོལ་»ནས་ཀྱང༌། བདག་ཅག་སྒྲུབ་«པ་»པོ་འཁོར་དང་བཅས་པ་ལ། བུ་སྡུག་བཞིན་དུ་སྐྱོང་བར་མཛོད། །བདག་ལ་གནོད་པར་«བྱེད་པར་»སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་«གདོན་དང་བགེགས་»ཀུན། དེ་ཡི་ཆོ་འཕྲུལ་«དཔུང་རྣམས་»གཞོམ་པ་དང༌། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །«དེ་ནས་རྒྱལ་པོས་ཁས་བླངས་པར་བསམས་ལ་གཤེགས་སུ་གསོལ། བཻ་ཐུང་སུམ་ཅུ་སོ་གཉིས་ལ་བཻ་རིང་གཅིག་གི་ཚད་དུ་དབུག་གཅིག་གིས་»བཻ་ཡིག་སུམ་ཅུ་རྩ་གཉིས་འདྲེན། སྙིང་གའི་ལྕགས་ཀྱུ་བཀྲོལ་ལ་«ཡེ་ཤེས་སེམས་དཔའ་»གཤེགས། ཨོཾ་ཁྱེད་ཀྱིས་སེམས་ཅན་«ཕོངས་པ་རྣམས་ཀྱི་»དོན་ཀུན་མཛད། རྗེས་སུ་མཐུན་པའི་«ལོངས་སྤྱོད་ལ་སོགས་པ་»དངོས་གྲུབ་སྩོལ། བྱང་ཕྱོགས་གནས་སུ་གཤེགས་ནས་ཀྱང༌། །«བདག་གིས་ཕྱིས་

p. 9

སྤྱན་འདྲེན་པའི་དུས་སུ་»སླར་ཡང་འབྱོན་པར་མཛད་དུ་གསོལ། །«ཞེས་བརྗོད་ལ་གཤེགས་སུ་གསོལ།» «།མདུན་གྱི་»དམ་ཚིག་སེམས་དཔའ་འོད་ཞུ་བསམ། །རྒྱལ་པོའི་གཟུགས་བརྙན་«དམ་ཚིག་སེམས་དཔར་བསྐྱེད་པར་»བྱས་པ་ལ། །རང་བཞིན་རྒྱལ་པོ་«ཡེ་ཤེས་སེམས་དཔའ་»བཀུག་ལ་བསྟིམ། «།མདུན་གྱི་རྒྱལ་པོ་དེ་རང་ཕྱག་ན་རྡོ་རྗེར་བསྒོམས་པའི་»ཞབས་ཀྱིས་མནན་ལ་དབང་དུ་བསྡུ། །ཨོཾ་བཻ྅་ཤྲ་མ་ཎ་ཡེ་ཨ་ནུ་རཱ་ཛ་ཀུ་རུ་སྭཱ་ཧཱ། དེ་ལྟར་«ཆོ་ག་ཐམས་ཅད་སྦྱོར་དངོས་རྗེས་གསུམ་»རྫོགས་པར་བྱས་གྱུར་ན། «།གཙོ་བོ་»རྒྱལ་པོ་རྣམ་ཐོས་སྲས་«འཁོར་དང་»བཅས་«པ་ཐམས་ཅད་»ཀྱིས། །«སྒྲུབ་པ་པོའི་ཡིད་ལ་གང་»འདོད་པ་ཐམས་ཅད་སྐོང་བར་བྱེད། །«ལོངས་སྤྱོད་ཟད་པ་མེད་པ་»ནམ་མཁའ་མཛོད་ལ་མངའ་བརྙེས་«རང་ཅི་འདོད་འབྱུང་»འགྱུར། སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པའི་རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟོགས་པ་«མང་དུ་ཡོད་པ་ལས་ཁྱད་པར་དུ་བསྡུས་པ་ཆེ་ཆུང་གཉིས་ལས་ཆེ་བ་»རྫོགས་སོ། །པཎྜི་ཏ་ཏེ་ཛ་དེ་ཝ་«རྒྱ་གར་གྱི་མཁན་པོ་»དང༌། ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། «།འདི་མཎྜལ་ཚོམ་བུ་ལ་བརྟེན་པ་ཁོ་ནའོ།» །དགེའོ། །«འདིའི་ལོ་རྒྱུས་ནི། ནེའུ་ལེ་སྲིད་པའི་མཐོངས་ན་གནས་པ་གཅིག་གིས་རྣམ་ཐོས་སྲས་ལ་ནོར་བརྐུར་ཕྱིན་པས་ཟིན་ནས་ཕྱག་ན་བསྣམས་པས་སྲིད་པའི་རྩེ་མོ་ཡང་ཟིལ་གྱིས་ནོན་པའི་རྟགས། དེ་ལྟར་ལྷ་སྲས་རྣམས་ཀྱིས་ཀྱང་དེ་ལྟར་བཟུང་ངོ༌།།» ༈ །རིན་ཆེན་ཁང་བརྩེགས་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་གུ་ཧྱ་སིདྡྷི་ནཱ་མ། བོད་སྐད་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །ཡོན་ཏན་ཐམས་ཅད་འབྱུང་བ་ཡི། །གནོད་སྦྱིན་དེ་ཡི་སྒྲུབ་ཐབས་བཤད། །དྲག་བྱེད་དང་ནི་བདེ་བྱེད་ལས། །འདིར་ནི་བདེ་བྱེད་གཙོ་བོར་སྟོན། །དྲག་བྱེད་ཞར་ལ་འབྱུང་བའོ། །གསུང་གི་སྒྲུབ་པ་རྒྱལ་པོ་ཆེན་པོ་བཞིས་བསྐོར་བ་ལ་བརྟེན་ནས་གནོད་སྦྱིན་ལོངས་སྤྱོད་དུ་བསྒྲུབ་པ། ཕྲིན་ལས་བདུད་མོ་བཞིས་བསྐོར་བ་ལ་བརྟེན་ནས་གནོད་སྦྱིན་

p. 10

མཐུ་རུ་བསྒྲུབ་པའོ། །དེ་ལ་ཕྱི་རྒྱལ་པོ་ཆེན་པོ་བཞི་བསྐོར་དུ་བསྒྲུབ་པ་ལ། དབེན་པའི་གནས་སུ་རྒྱལ་པོ་ཆེན་པོའི་རྟེན་ནི། ཕོ་བྲང་སུམ་བརྩེགས་ལྕོག་བཞིར་ལྡན། །རིན་ཆེན་འབར་བའི་ལྕོག་གིས་མཛེས། །ཁ་བད་དང་བཅས་ཤིས་པའི་ས་ལ་བརྩིགས། །ཕོ་བྲང་དེ་ཡི་ལྟེ་བ་རུ། །མཚན་ལྡན་གྲི་ཐོད་གྲི་སྙིང་གསུམ། །རྟེན་འཁོར་ག་བུར་དྲི་ལྔ་དང༌། །སྨན་ལྔ་འབྲུ་ལྔ་རཏྣ་ལྔ། །ཤིས་པའི་གོས་དྲིལ་གཟུངས་ཐག་གདགས། །ཕོ་བྲང་དེ་ཡི་དཀྱིལ་དུ་གཞུག །གཟུངས་ཐག་ཕོ་བྲང་འོག་ལ་འདོགས། །ཕོ་བྲང་དེ་ཡི་རྩེ་ན་ཡར། །སྨྱུག་རྒོད་ལོ་འདབ་རྒྱས་པ་དང༌། །དར་སྣ་ཁྲབ་བྱང་གསེར་དང་གཡུ། །མུ་ཏིག་མུ་མེན་བྱི་རུ་དངུལ། །སྟག་དང་གཟིག་གི་རས་མ་དང༌། །སྙིང་སྣ་དང་བཅས་བཏགས་ལ་གཟུགས། །དེ་ཡི་མདུན་དུ་འཛིན་གཏོར་བཅའ། །དྲི་དང་སྤོས་ཀྱིས་ཆག་ཆག་གདབ། །མཆོད་པ་རྣམ་པ་ལྔ་ཡང་བཤམ། །དེ་ནས་རང་ཉིད་སྟོང་པར་སྦྱངས། །དེ་ཡི་ངང་ལས་ཡི་གེ་ཧཱུྃ། །འཕྲོས་འདུས་ཕྱག་ན་རྡོ་རྗེར་བསྒོམ། །མདུན་དུ་བྷྲཱུྃ་ལས་གཞལ་ཡས་ཁང༌། །རིན་ཆེན་ཕོ་བྲང་དམ་པར་བསྐྱེད། །དེ་དཀྱིལ་ཧྲཱིཿལས་པདྨའི་སྟེང༌། །སྃ་ལས་སེང་གེ་བཻ་ལས་རྒྱལ་པོ་བསྐྱེད། །སྐུ་མདོག་སེར་པོ་གཟི་བརྗིད་འབར། །ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན། །གཡོན་པ་ནེའུ་ལེའི་རྐྱལ་པ་དཀུ་ལ་བརྟེན། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །རིན་ཆེན་ཆར་པ་འབེབས་པར་བྱེད། །གནོད་སྦྱིན་འཁོར་དང་བཅས་པ་རྣམས། །ནམ་མཁའི་སྤྲིན་བཞིན་འཐིབས་པར་བསམ། །རང་གི་སྙིང་གའི་ས་བོན་ལས། །རྒྱལ་པོ་སྤྱན་དྲངས་དེ་ལ་བསྟིམ། །སྐུ་གསུང་ཐུགས་ཀྱང་བྱིན་གྱིས་བརླབས། །མཆོད་པའི་ཚོགས་སྤྲོས་དེ་ལ་མཆོད། །རྒྱལ་པོའི་ཐུགས་ལས་དངོས་གྲུབ་ནི། །སྣ་ཚོགས་རང་གི་ཐུགས་ཀར་བསྡུ། །གསང་སྔགས་འདི་ལ་འབུམ་ཕྲག་བཅུ། །ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་བཛྲ་བེ་རུ་རཱ་ག་སྭཱ་ཧཱ། དེ་ཡི་རྟགས་ལ་རབ་འབྲིང་གསུམ། །རབ་ནི་དངོས་སུ་མཐོང་བ་ལ། །འབྲིང་ནི་ཉམས་དགའ་འཁོར་ལ་འབབ། །ཐ་

p. 11

མ་རྨི་ལམ་རྟ་པ་ཞུབ་ཅན་དང༌། །བཙད་པོ་བུད་མེད་ཚོགས་ཀྱིས་བསྐོར་བའོ། །དེ་ནས་དབང་སྡུད་ལས་སྔགས་གདགས། །བྷ་བྷ་ར། བྷ་བྷ་ས། རཱ་ཛ་ཎི་ཏྲི་མྱོས་མྱོས། ཤྲ་མ་ཎ་ཡེ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། དེ་ནི་སྒྲུབ་པའི་རིམ་པ་སྟེ། །བསྙེན་པ་དང་བཅས་ཞག་བདུན་སྦྲེལ། །དེ་ནས་ལས་ལ་སྦྱར་བ་ནི། །བུམ་པ་འཁོར་ལོ་སྦྱིན་སྲེག་གོ །བུམ་པ་ལས་ལ་སྦྱར་བ་ནི། །དྲི་མེད་རཏྣའི་བུམ་པ་རུ། །སྲོག་ཆགས་མེད་པའི་ཆུ་བླུགས་ལ། །དཀར་གསུམ་མངར་གསུམ་དྲི་ཡིས་བརྒྱན། །རིན་ཆེན་གཟུངས་སྔགས་དམ་པ་འདི། །འབྲས་ལ་སྔགས་ཏེ་བུམ་པར་བླུག །ཨོཾ་ས་ར་ས་ར། སི་རི་སི་རི། སིདྡྷི་སིདྡྷི། ས་སྟ་ཡ་ས་སྟ་ཡ། གྷུ་ན་གྷུ་ན། རཏྣ་སིདྡྷི་ཨཱ་ཀརྵ་ཡ་ཛཿ བུམ་པ་རྒྱལ་པོ་དངོས་སུ་བསམ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །རྒྱལ་པོའི་སྤྲུལ་པས་སྟོང་གསུམ་གང༌། །བསྡུས་ཏེ་བང་མཛོད་ཁེངས་པར་བསམ། །བུམ་པའི་ལས་སྦྱོར་ཞག་བདུན་བྱ། །ཆུ་དེས་ལུས་བཀྲུས་ཁོང་དུ་བཏང༌། །གཟི་བརྗིད་ཚད་མེད་སྐྱེ་བར་འགྱུར། །གསོད་པར་འདོད་པའི་དགྲ་བོས་ཀྱང༌། །བུ་སྡུག་བཞིན་དུ་མཐོང་བར་འགྱུར། །ཀུན་གྱི་ཡིད་འཕྲོག་ནོར་རྣམས་འདུ། །འཁོར་ལོ་ལས་ལ་སྦྱར་བ་ནི། །འཁོར་ལོ་དཔེའུ་ཆུང་བཞིན་དུ་བྲི། །གང་འདོད་སྙིང་གི་དཀྱིལ་དུ་བསྐོར། །ཞག་བདུན་དག་གིས་ལྷ་མོ་ཡང༌། །མདུན་དུ་ཁུག་པར་ཐེ་ཚོམ་མེད། །ཨོཾ་བཻ་ཛཾ། སུར་མ་ཀུ་སང་གྷུ་སན་ཏི། ཆེ་གེ་མོ་ཨཱ་ཀརྵ་ཡ་ཛཿཛཿ ཚྭ་ཡི་ཐུན་གྱིས་བརྡེག་པར་བྱ། །གང་འདོད་དབང་དུ་འདུ་བར་འགྱུར། །སྦྱིན་སྲེག་ལས་ལ་སྦྱར་བ་ནི། །ཐབ་ཁུང་རིན་ཆེན་འབར་བས་བརྒྱན། །འོ་མ་ཅན་གྱི་ཤིང་བརྩེགས་ལ། །འབྲུ་སྨན་རིན་ཆེན་དར་གོས་རས། །དཀར་གསུམ་མངར་གསུམ་བཟའ་དང་བཅས། །མཆོད་པ་ལྔ་ནི་ཡང་དག་བཤམ། །ཐབ་ཏུ་རྒྱལ་པོ་འཁོར་བཅས་བསྐྱེད། །རང་བཞིན་རྒྱལ་པོ་བཀུག་ལ་བསྟིམ། །དེ་ལ་དངོས་སམ་ཡིད་ཀྱིས་མཆོད། །ཐབ་ཏུ་མེ་སྦར་བསྲེག་རྫས་འབུལ། །ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། བེ་

p. 12

རུ་རཱ་ག་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་བསྲེག་རྫས་འབུལ། དུས་བཞིར་སྦྱིན་སྲེག་ཞག་བདུན་བྱ། །འདོད་པ་ཐམས་ཅད་ཆར་དུ་འབེབས། །རྒྱལ་པོ་དངོས་སུ་འབྱོན་པར་འགྱུར། །མངག་པའི་ལས་རྣམས་བྱེད་པར་འགྱུར། །བསྙེན་པ་སྒྲུབ་པ་ལས་སྦྱོར་གསུམ། །དེ་ལྟར་སྤྱོད་པའི་རྣལ་འབྱོར་ལ། །དངོས་གྲུབ་མ་ལུས་རྣམ་ཐོས་སྲས་པོས་སྟེར། །རྒྱལ་པོ་རྣམ་ཐོས་སྲས་ཀྱི་གསང་སྒྲུབ་རིན་ཆེན་ཁང་བརྩེགས་ཞེས་བྱ་བ་རྫོགས་སོ། ༈ །རྣམ་སྲས་ཀྱི་སྲོག་འཁོར་དགོས་འདོད་ཀུན་འབྱུང་དང་ནོར་སྒྲུབ་ལས་ཚོགས་བཞུགས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མན་ངག་དགོས་འདོད་ཀུན་འབྱུང་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་གི་དངོས་གྲུབ་སྒྲུབ་བྱེད་པའི། །དེ་ཡི་རིམ་པ་བསྟན་པར་བྱ། །དེ་ལ་རྣམ་པ་ལྔ་རུ་བསྟན། །དངོས་གྲུབ་གཞི་སྒྲུབ་བརྟེན་སྒྲུབ་དང༌། །ཤམ་བུ་བདུན་གྱི་དངོས་གྲུབ་སྒྲུབ། །ཚེ་སྒྲུབ་བསེ་རག་ཁ་འཆིང་ངོ༌། །ནོར་གྱི་གཞི་སྒྲུབ་འདི་ལྟ་སྟེ། །རྒྱལ་པོ་བསྒྲུབ་པའི་སྔོན་རོལ་དུ། །འདུས་བྱེད་དགེ་བ་གྲུབ་ཚད་བྱ། །བླ་མ་དཀོན་མཆོག་ཡི་དམ་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཆོས་སྐྱོང་རྒྱལ་པོ་འཁོར་བཅས་ལ། །གཏོར་མ་མཆོད་པ་ཚུལ་བཞིན་བྱ། །རིགས་དྲུག་གཏོར་མ་རྒྱུན་དུ་བཏང༌། །བྱ་ཁྱི་དམན་པའི་སེམས་ཅན་ལ། །སྦྱིན་པ་བག་རེ་མན་ཆད་བཏང༌། །ཁབ་སྐུད་ལ་སོགས་སྦྱིན་པ་ཀུན། །སེམས་ཅན་ཕོངས་ལ་སྦྱིན་པར་བྱ། །དེ་ནི་དངོས་གྲུབ་གཞི་སྒྲུབ་སྟེ། །རྣམ་ཐོས་སྒྲུབ་པའི་རིམ་པ་ནི། །རིན་ཆེན་ཁང་བརྩེགས་ནང་དུ་བསྟན། །དེ་ལྟར་བསྒྲུབས་པས་གཏེར་རྣམས་འཕེལ། །གལ་ཏེ་འཕེལ་བར་མ་གྱུར་ན། །ནོར་གྱི་རྟེན་གཟུགས་བསྟན་པར་བྱ། །རིན་ཆེན་གའུ་ཡོད་ན་ལེགས། །མེད་ན་རྫ་ཡི་གའུ་རུ། །སྟེང་ན་འཁོར་ལོ་རྩིབས་ཀླུ་བྲི། །འོག་ཏུ་པདྨ་འདབ་ནོར་བྲི། །ནང་དུ་རིན་ཆེན་སྣ་ལྔ་དང༌། །འབྲུ་སྣ་ལྔ་དང་སྙིང་པོ་ལྔ། །གཡུ་དང་དར་ཟབ་ཟས་བཟང་དང༌། །བསོད་ནམས་ཅན་གྱི་དྲེག་པ་དང༌། །རྟེན་གྱི་འཁོར་ལོ་གསེར་བྲིས་དང༌། །རྣམ་ཐོས་ཙ་

p. 13

ཀ་ལི་དང་ནི། །ཕྱུག་པོའི་ཁྱིམ་བདུན་བང་མཛོད་དང༌། །བཀྲ་ཤིས་བརྒྱད་དང་རིན་ཆེན་བདུན། །གའུའི་ནང་དུ་བླུགས་པར་བྱ། །དར་སྣའི་རྒྱ་ཆིངས་ལེགས་བྱས་ལ། །བཀྲ་ཤིས་ཡར་ངོའི་ཚེས་གསུམ་ལ། །ནོར་ལྷའི་སྐུ་ལ་སྔགས་ཟློས་ཏེ། །རྒྱལ་པོ་འཁོར་དང་བཅས་པ་རྣམས། །སྤྱན་དྲངས་མཆོད་བསྟོད་དེ་ལ་བསྟིམ། །མཆོད་པ་རྒྱས་པ་ཕུལ་བྱས་ནས། །ཇི་སྲིད་བཞུགས་པར་གསོལ་བ་གདབ། །རྒྱབ་ཡོལ་ལ་སོགས་མལ་འོག་ཏུ། །མིས་མ་མཐོང་བར་སྦ་བར་བྱ། །ཅི་ཟ་ཅི་འཐུང་ཕུད་ཀྱིས་མཆོད། །དུས་དུས་སུ་མཆོད་པ་རྒྱ་ཆེར་དབུལ། །དེ་ནི་ནོར་གྱི་རྟེན་གཟུགས་སོ། །ཕྱུག་པོ་གཡང་ཅན་ཐོད་པ་རུ། །ཀྱེ་བ་ལ་སོགས་སྔོ་སྣ་ཚོགས། །ཕྱུག་པོ་གཡང་ཅན་ཐོད་པ་དང༌། །ལས་སྦྱོར་ཙཀྲ་དེ་དག་ཀུན། །ཐོད་པར་བཅུག་ལ་ནོར་ལྷ་མཆོད། །དུས་དུས་སུ་མཆོད་པ་ཆེན་པོ་དབུལ། །ཐོད་པ་རྭ་བའི་དཀྱིལ་དུ་སྦ། །ནོར་ཕྱུགས་ཐམས་ཅད་འདུ་འཕེལ་ལོ། །ནོར་གཏའ་གཟུགས་པ་མེད་གྱུར་ན། །ཞབས་མེད་སྣོད་དུ་བཅུད་བླུགས་འདྲ། །དེས་ན་གཏའ་དང་རྟེན་གཟུགས་གཅེས། །དེ་ནི་ནོར་རྟེན་གཏའ་གཟུགས་པའོ། །ནོར་སྒྲུབ་རིམ་པ་བསྟན་པ་ནི། །སྒྲུབ་པ་ལས་སྦྱོར་ཁང་བརྩེགས་དག་ཏུ་བལྟ། །སེམས་བསྐྱེད་རིམ་པ་འདིས་འགྲུབ་འགྱུར། །བདག་གིས་གནོད་སྦྱིན་འདི་བསྒྲུབས་ལ། །བླ་མ་དཀོན་མཆོག་མཆོད་པར་བྱ། །སེམས་ཅན་ཕོངས་ལ་ཟས་གོས་ནོར། །གང་དང་གང་དགོས་སྦྱིན་པར་བྱ། །སྙམ་པའི་འདུན་པ་དྲག་ཏུ་བྱ། །རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ། །མདུན་དུ་རྒྱལ་པོ་འཁོར་བཅས་བསྐྱེད། །བསྙེན་སྒྲུབ་ལས་རྣམས་རྫོགས་ནས་ནི། །མཆོད་གཏོར་རྒྱ་ཆེན་བཤམས་བྱས་ལ། །མཆོད་བསྟོད་མ་ལུས་ཚང་བྱས་ཏེ། །དེ་ནས་དངོས་གྲུབ་བླང་བ་ནི། །བསྙེན་པའི་སྔགས་ལ་ཤམ་བུ་གདགས། །བསྙེན་པ་འདི་ལ་འབུམ་ཕྲག་བཅུ། །ཨོཾ་བཻ་ཤྲ་མ་ཎ་ཡེ་བེ་རུ་རཱ་ག་སྭཱ་ཧཱ། ཞེས་པའི་ཤམ་ལ་དངོས་གྲུབ་སྔགས། །བསྒྱུར་ནས་བཟླས་པས་ལས་རྣམས་འགྲུབ། །འབུམ་ཕྲག་བཞི་བཟླས་ཤམ་བུར་ནི། །ཟས་འདོད་བཏགས་ལ་

p. 14

བཟླས་པ་ནི། །ཨོཾ་བཻ་ཤྲ་མ་ཎ་ཡེ་བེ་རུ་རཱ་ག་ན་ན་ཁ་དྷོ་སིདྡྷི་ཕ་ལ་ཧཱུྃ། ཞེས་པ་འབུམ་ཕྲག་བཞི་བཟླས་ན། །ཁ་ཟས་འབད་པ་མེད་པར་ཐོབ། །ཤམ་བུ་འདི་མེད་བསྙེན་པས་ཀྱང༌། །ཞིང་ཡོད་སོ་ནམ་མི་བྱེད་འདྲ། །འབུམ་ཕྲག་ལྔ་པའི་ཤམ་བུར་ནི། །ནོར་འདོད་སྔགས་འདི་གདགས་པར་བྱ། །དྷ་ན་མེ་སིདྡྷི་སརྦ་ཕ་ལ་ཧཱུྃ་སྭཱ་ཧཱ། ཤམ་བུ་འདི་མེད་བསྙེན་པ་ནི། །འབྲོག་ཡོད་ཕྱུགས་མ་མེད་པ་འདྲ། །འབུམ་ཕྲག་དྲུག་པའི་ཤམ་བུར་ནི། །འཁོར་འདོད་སྔགས་འདི་གདགས་པར་གསུངས། །ཏ་ལ་ས་པོ་སིདྡྷི་སརྦ་ཕ་ལ་ཧཱུྃ་སྭཱ་ཧཱ། ཤམ་བུ་འདི་མེད་བསྙེན་པས་ཀྱང༌། །ཐང་སྟོང་ཚོང་པ་བསྐྱལ་བ་འདྲ། །རྐུན་གྱིས་ཆགས་པར་ག་ལ་འགྱུར། །འབུམ་ཕྲག་བདུན་པའི་ཤམ་བུར་ནི། །རིགས་འཕེལ་བསོད་ནམས་བསྐྱེད་པ་ནི། །ཧྲི་རལ་པུཎྱ་མ་ཧཱ་པུཎྱ་རཏྣ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། ཤམ་བུ་འདི་མེད་བསྙེན་པས་ཀྱང༌། །བྲག་སྟེང་ས་བོན་བཏབ་པ་འདྲ། །ལོ་ཐོག་སྐྱེ་བར་ག་ལ་འགྱུར། །འབུམ་ཕྲག་བརྒྱད་ཀྱི་ཤམ་བུར་ནི། །ཚེ་འཕེལ་སྔགས་འདི་གདགས་པར་གསུངས། །ཨཱ་ཡུརྫྙཱ་ན་ཡུ་ཚེ་ཨ་པ་ར་སིདྡྷི་སརྦ་ཕ་ལ་ཧཱུྃ་སྭཱ་ཧཱ། ཤམ་བུ་འདི་མེད་བསྙེན་པས་ཀྱང༌། །བུང་བས་སྦྲང་རྩི་བསགས་པ་བཞིན། །བསགས་པ་གཞན་གྱིས་སྤྱོད་པར་འགྱུར། །འབུམ་ཕྲག་དགུ་པའི་ཤམ་བུར་ནི། །བཅུད་ལེན་སྔགས་འདི་གདགས་པར་གསུངས། །རཏྣ་རཏྣ། སིདྡྷི་སིདྡྷི། སརྦ་དྷ་དྷ་ནི་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་བཅུད་ལེན་སྨན་རྣམས་ཐོབ། །ཤམ་བུ་འདི་མེད་བསྙེན་པས་ཀྱང༌། །ཆུ་ཡོད་ཡུར་བ་མེད་པ་འདྲ། །ཞིང་ལ་ཕན་པར་མི་འགྱུར་རོ། །འབུམ་ཕྲག་བཅུ་པའི་ཤམ་བུར་ནི། །མངོན་ཤེས་སྒྲུབ་པའི་སྔགས་འདི་བཏགས། །བཛྲ་ཁ་ད་ཁ་ད་ཧ་ད་ནི་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ། ཞེས་བཟླས་སྲིད་གསུམ་གསལ་བར་མཐོང༌། །དངོས་གྲུབ་བདུན་པའི་མན་ངག་འདི། །ཀུན་ལ་བསྟན་པར་ངས་མ་གསུངས། །བུམ་པ་འཁོར་ལོ་སྦྱིན་སྲེག་དང༌། །ལས་སྦྱོར་གསུམ་པོ་བྱེད་པ་ན། །གང་འདོད་ཤམ་བུར་རྫས་རྣམས་འབུལ། །ཟས་འདོད་ཁ་ཟས་བཟང་པོ་འབུལ། །བཅུད་ལེན་དཀར་གསུམ་

p. 15

མངར་གསུམ་འབུལ། །མངོན་ཤེས་འདོད་ན་མེ་ཏོག་འབུལ། །དེ་ལྟར་རང་རང་རྫས་ཕུལ་བས། །དངོས་གྲུབ་གང་འདོད་ཐོབ་པར་འགྱུར། །དེ་ནས་སྒྲུབ་པ་འདི་བསྟན་ཏེ། །གནོད་སྦྱིན་རྒྱལ་པོའི་ཚེ་སྒྲུབ་འདིས། །ཚེ་དཔལ་ཐམས་ཅད་རྒྱས་པར་བྱེད། །དེ་ཡི་རིམ་པ་འདི་ལྟ་སྟེ། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །འདབ་བརྒྱད་པདྨ་མུ་ཁྱུད་བཅས། །ཁ་དོག་དཀར་པོ་བྲི་བར་བྱ། །དེ་དབུས་རིན་ཆེན་བུམ་པ་རུ། །བདུད་རྩི་ལྔ་དང་ཨ་མྲྀ་ཏ། །རིན་ཆེན་ལྔ་དང་སྙིང་པོ་ལྔ། །འབྲུ་ལྔ་མར་གྱི་རིལ་བུ་གཞུག །ཚེ་འབྲས་དག་གིས་ཁ་བཅད་ལ། །མགུལ་ཆིངས་རས་ལ་གཡུ་གདགས་བྱ། །གཏོར་མ་རིན་ཆེན་འབར་བ་བཤམ། །གཞན་ཡང་གནོད་སྦྱིན་མཆོད་པའི་རྫས། །འབྱོར་ཚད་བཤམ་པ་མན་ངག་ཡིན། །བདག་ཉིད་བཛྲ་པཱ་ཎིར་བསྒོམ། །བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང༌། །ཡངས་ཤིང་མཛེས་པ་བསྐྱེད་པར་བྱ། །ཨ་ལས་ཉི་མ་ཟླ་བའི་གདན། །སིཾ་ལས་སེང་གེའི་གདན་སྟེང་དུ། །རྒྱལ་པོ་བཻ་ལས་བསྐྱེད་པར་བྱ། །འཁོར་གྱི་གནོད་སྦྱིན་ཀྵ་ལས་བསྐྱེད། །ཀུན་ཀྱང་སྐུ་མདོག་དཀར་པོ་ལ། །གཡས་པ་ཀུན་ན་ལྕགས་ཀྱུ་ཐོགས། །གཡོན་པ་ཤེལ་གྱི་བུམ་པ་བསྣམས། །ཁ་རྒྱན་གསེར་གྱི་རྡོ་རྗེ་ལ། །ནང་ན་ཚེ་ཡི་བདུད་རྩིས་བཀང༌། །ཀུན་གྱིས་འཇིག་རྟེན་གང་བར་བསྒོམ། །སྤྱན་དྲངས་བཞུགས་ལ་གཉིས་མེད་བསྟིམ། །དེ་ནས་བདག་དང་གནོད་སྦྱིན་གྱི། །ཐུགས་ཀའི་འོད་འཕྲོས་ལྕགས་ཀྱུ་ཡིས། །ཚེ་འཕྲོག་བུམ་པར་བསྟིམ་པར་བྱ། །སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས། །ཨོཾ་བྷྲཱུྃ་ཎི་ཡུ་ཨཱ་ཡུཿཥེ་ཧཱུྃ་ཛཿ ཞེས་པས་ཚེ་བུམ་གང་བར་བསམ། །སྔགས་འདི་བདག་གི་ཐུགས་ཀར་བསྟིམ། །ཨོཾ་བྷྲཱུྃ་ཎི་ཡུཿཨཱ་ཡུཿཥེ་ཧཱུྃ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ། དེ་ནས་ཚེ་སྒྲུབ་བསྟན་པ་ནི། ཨོཾ་བཻ་ཤྲ་མ་ཎ་ཡེ། བེ་རུ་རཱ་ག་ཨཱ་ཡུཿཚེ་ཡུརྫྙཱ་ན་བིནྡྷུ་ཨ་པ་རི་མི་ཏ་ཚེ་བྷྲཱུྃ། ཞེས་བཟླ། སྔར་བསྐྱེད་གནོད་སྦྱིན་སྤྲུལ་པ་དང༌། །བཅས་པས་འཇིག་རྟེན་ཐམས་ཅད་གང༌། །བཅུད་ཀྱི་སེམས་ཅན་ཚེ་

p. 16

དཔལ་རྣམས། །གཡས་ཀྱི་ལྕགས་ཀྱུས་བཀུག་ནས་ནི། །གཡོན་གྱི་བུམ་པར་བསྡུས་བྱས་ནས། །ཚེ་ཡི་རྟེན་ལ་ཐིམ་པར་བསམ། །དེ་ལྟར་ཚེ་ནི་བསྒྲུབས་པ་ཡིས། །རྟགས་ནི་ཚེ་ཆང་ཁོལ་བ་སོགས། །དེ་ལྟར་རྟགས་བཟང་བྱུང་བ་དང༌། །ཚེ་བུམ་རང་གི་སྤྱི་བོར་བཞག །དམིགས་པ་འདི་ལྟར་བསམ་པར་བྱ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡི། །སྐུ་གསུང་ཐུགས་ལ་ཡེ་ཤེས་བཅུག །ཚེ་ཡི་བདུད་རྩི་བསྡུས་བྱས་ཏེ། །བུམ་པ་འཆི་མེད་བདུད་རྩིས་གང༌། །བདག་གི་ཚངས་པའི་བུ་གར་ཐིམ། །ཐུགས་ཉི་ཟླ་ཁ་སྦྱོར་ནང་དུ་ཐིམ། །དེ་ལས་ཎི་ལ་ཐིམ་པར་བསམ། །ཧྲཱིཿདང་ཡི་གེ་ཨོཾ་ཨཱཿཧཱུྃ། །དེ་ཡི་ནང་ན་ཡི་གེ་ཧཱུྃ། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །བདེ་གཤེགས་ཐུགས་དང་མཉམ་པར་གྱུར། །སྔགས་འདི་རང་ལ་ཐིམ་པར་བསམ། །ཨོཾ་བྷྲཱུྃ་ཨཱ་བྷྲཱུྃ་ཡུ་བྷྲཱུྃ་ཎི་བྷྲཱུྃ། ཚེ་ཆང་བཏུང་ཞིང་ཟས་ལ་རོལ། །ཚེ་ནི་ལོ་སྟོང་གནས་པར་འགྱུར། །ཚེ་སྒྲུབ་མེད་པས་རྣམ་ཐོས་སྒྲུབ། །གནོད་སྦྱིན་མ་རུངས་པ་རྣམས་ཀྱིས། །ཚེ་ལས་ཕྲི་ནས་བསོད་ནམས་བསྐྱེད། །ཚེ་ལ་བར་ཆད་འབྱུང་སྲིད་པས། །ཚེ་སྒྲུབ་བྱེད་པ་ཤིན་ཏུ་གཅེས། །འགྲོ་བཟང་སྙིང་པོའི་ཚེ་སྒྲུབ་འདིས། །བར་ཆད་བྱུང་བ་གཅིག་ཀྱང་མེད། །ཚེ་ཡང་ཚངས་པ་དག་དང་མཉམ། །བསེ་རག་ཁ་ཆིངས་འདི་ལྟར་བཅིང༌། །དང་པོ་རྨི་ལམ་འདི་ལྟར་འོང༌། །རང་གིས་ཐོབ་པའི་ཟས་ནོར་དག །གཞན་མ་དག་གིས་ཁྱེར་བ་དང༌། །སྣོད་སྟོང་མཐའ་མ་བསྐོར་བ་དང༌། །སྤྲང་པོ་ངན་ལོང་ཡིད་མི་འོང༌། །ཀུན་གྱི་གསེབ་ན་འདུག་པ་རྨི། །དེ་ལྟར་བྱུང་ན་ཁ་ཆིངས་བྱ། །དང་པོ་གཏོར་མ་ཆུ་གཏོར་སྦྱིན། །བདེན་པ་རྒྱ་ཆེར་བདར་བར་བྱ། །དེ་ནས་ས་སྦྱིན་དག་ལ་ནི། །མཆོད་རྟེན་དཀར་པོ་ཁྲུ་གང་བྱ། །བུམ་པར་བརྟེན་འབྲེལ་སྙིང་པོ་བཞག །ཕྱག་རྡོར་རྒྱལ་ཆེན་བཞི་ཡི་སྔགས། །ལེགས་པར་བྲིས་པ་བུམ་པར་གཞུག །མཆོད་རྟེན་གདན་ཁྲིའི་འོག་ཏུ་ནི། །བསེ་རག་འགོང་པོའི་ལྟོ་བ་རུ། །ཙཀྲ་རྩིབས་བརྒྱད་མུ་ཁྱུད་བཅས། །རྩིབས་ལ་སྔགས་འདི་དགོད་པར་བྱ། །རཱ་ཛ།

p. 17

ཏྲེའུ། ཧ་ཤ །ཛཿཏྲི། རྦད། ཆིངས། ནན། མཆན་ལ། འགོང་པོ་ཡམ་ཤོ་ནན། འགོང་པོ་ཏྲི་ཤོ་ནན། འགོང་པོ་ཏྲིའུ་ནན། རཱ་ཛ་ཁ་ཐཾ། རཱ་ཛ་ཏྲི་ཁ་ཐཾ། གོད་སྲིད་ཁ་ཐཾ། སྲིས་རྐུན་ཁ་ཐཾ། ཕག་ཤུ་མུ་ཏྲ་ཁ་ཐཾ། ལྟེ་བར། ཏྲིའུ་ཡ་ཤོ་ཏྲི་ཤོ གང་གནོད་མིང་བྲི། མུ་ཁྱུད་ལ། ཡ་ཏྲི་ཁ་ཐཾ། མ་ཏྲི་ཁ་ཐཾ། ཨ་ཏྲི་ཁ་ཐཾ། སུ་ཏྲི་ཁ་ཐཾ། ར་ཏྲི་ཁ་ཐཾ། ཀནྣི་ཁ་ཐཾ། དུ་ཏྲི་ཁ་ཐཾ། ཙ་ཏྲི་ཁ་ཐཾ། སྔོན་དམར་སྐུད་པས་རྒྱ་གྲམ་བཅིངས། །ལ་ཆས་བཏུམས་ལ་གདན་ཁྲིར་གཞུག །དྲག་པོའི་སྔགས་འདིས་སྐབས་སུ་གཟིར། །ཨོཾ་ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་རཱ་ཛ་ཀུ་བེ་ར། བེ་རུ་རཱ་ག་སིདྡྷི་ས་མ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ། བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་པྲེ་ཏྲེ་ཏ་ར་ཙི་ཡེ་སྭཱ་ཧཱ། ཨོཾ་བེ་ཏ་ཀ་ཡ་སྭཱ་ཧཱ། ཨོཾ་བེ་དུ་ཏྲི་ཡ་སྭཱ་ཧཱ། ཨོཾ་ཧཱུྃ་རཱ་ཛ་ཡཀྵ་ཏྲེའུ་སྒུ་ནན། ཞེས་པའི་སྔགས་འདི་སྐབས་སུ་བཟླས། །མཆོད་རྟེན་མལ་གྱི་རྩིག་ལོགས་སྦ། །སྐབས་སུ་མཆོད་དང་བསྐོར་བ་བྱ། །དུས་སུ་སྔགས་ཀྱང་དྲག་ཏུ་བཟླས། །མིས་མ་མཐོང་བར་བྱ་བའོ། །དེ་ནི་ཁ་ཆིངས་དང་པོའོ། །གཉིས་པ་བྱང་བུ་སོར་བཞི་ལ། །སྔགས་འདི་ཚར་གསུམ་བྲིས་ནས་ཀྱང༌། །སྒོ་ཡི་ཡ་ཐེམ་དག་ལ་གདགས། །ཨོཾ་མེ་ཏ་ར་ཧཱུྃ་དྲུཾ་ཕྲོཾ་ཕྲོཾ་ཀི་ལི་བྷྱོ་རྦད། བདག་གི་གོད་ཁ་བསྲུང་དུ་གསོལ། བསྲུང་དུ་གསོལ་སྭཱ་ཧཱ། གསུམ་པ་ཤོག་བུ་དག་ལ་ནི། །སྔགས་འདི་བྲིས་ལ་བརྒྱ་རྩ་བཟླས། །ཕུར་པ་དག་ལ་གདབ་པར་བྱ། །ཕུར་པ་སྲིས་ནང་བཅུག་གྱུར་ན། །ཟས་ཀྱི་བསེ་རག་འཆིང་བར་འགྱུར། །ཨོཾ་རུ་ལུ་མུ་ལུ་ཙ་ན་ཏི་སྭཱ་ཧཱ། ཞེས་པ་བྲི་དང་བཟླས་པའོ། །ཞེས་པའི་མན་ངག་དམ་པ་འདི། །འགྲོ་བཟང་སྙིང་པོས་མཛད་པ་ཡིན། །། བཛྲ་པཱ་ཎི་ལ་ན་མོ། རྣམ་ཐོས་སྲས་ཀྱི་བསད་གསོ་གཉིས་ལས། གནད་ཀྱི་མན་ངག་གབ་པ་ཤིན་ཏུ་ཟབ་པ། མ་གྲུབ་པ་«ལས་བྱེད་དུ་མ་བཏུབ་ན་»གནད་ལ་དབབ་པ་ལ། རྫས་ལ་གུ་གུལ་མུ་ཟི་ཁྱི་ལུད་གསུམ། རྒྱལ་པོའི་སྐུ་དང༌། སེང་གེ་རིན་པོ་ཆེ་ལ་བྱ། ནང་ཁོང་སྟོང་དུ་བྱ། གསེར། དངུལ། ལྕགས། དར་སྣ་ལྔ་ཐོད་པའི་ཕྱི་ཚས་སོ། །

p. 18

སྐུ་དེ་ཡུགས་ས་མོའི་འདོམས་«ཡང་ན་དོར་རྟས་དྲིལ།» སུ་བཅུག་ལ་རང་གི་མལ་འོག་ཏུ་སྦ། བཛྲ་པཱ་ཎིར་བསྒོམ། «བཛྲ་པཱ་ཎིའི་སྔགས་ལ་བཻ་ཤྲ་མ་ཎ་བཟློག་ལ་བཟླའོ་་་་་»རང་ཉིད་དེའི་ཁར་བསྡད་ལ། ཉིན་ཞག་གཉིས་བྱའོ། །དེ་ལ་མ་བྱུང་ན་གོང་རྫས་«ཁྱི་ལུད་དུད་པས་བདུག་གོ» །གསུམ་ལ་སྐུ་མགོ་མཇུག་ལྡོག་ལ་སྔགས་བཟློག་«་་་་་ཡུངས་ཀར་དང་བསྲེས་ལ་བྲབ།» ལ་བཟླས། ཡི་དམ་«གསལ་དུ་བསྒོམ་»སྔགས་ལ་བཏགས་ལ་བྲབས། །ཡུངས་ཀར་མཚོན་དུ་བྱིན་གྱིས་བརླབས།«་་་་་གུ་གུལ་གྱི་ཆུ་བྱུགས།» །དེས་མི་འོང་«མི་འགྲུབ་»མི་སྲིད་དོ། །བསད་པའི་མན་ངག་གོ«་་་་་གསོ་བས། »།གསོ་བ་ལ། ཙནྡན། ག་བུར་ཛཱ་ཏི། ཨ་ཀ་རུ། དེ་རྣམས་ཀྱི་ཆུས་སྐུ་ཁྲུས་གསོལ།«་་་་་རྣམ་འཇོམས་འདོན་ཅིང་»རབ་གནས་བསྐྱར། སྔགས་བཟླའོ། །དར་སྣ་ལྔས་གཡོགས། རང་བཛྲ་པཱ་ཎི་གཞན་བཻ་ཤྲ་བ་ཎ་གསལ་བ་གལ་ཆེ། གཏོར་ཆེན་དང་སེང་གེའི་གཏོར་མ་བཤམས་ལ་རང་ཕྱག་རྡོར་དུ་བསྒོམ། སྔགས་རིང་ལ་བཻ་ཤྲ་མ་ཎ་བཏགས་ལ་བཟླའོ། །རྟགས་བཟང་པོ་བྱུང་བ་དང་གསོལ་བ་གདབ། མཆོད་པ་བྱ། དངོས་གྲུབ་བླང༌། རྟེན་དང་སྲེ་མོང་ཐོད་པ་གཉིས་སྦའོ། །ལམ་དུ་ཞུགས་ན་མཆན་ཁུང་གཡོན་དུ་བཅང༌། དངོས་གྲུབ་ཅི་འདོད་སྟེར་རོ། «།འདོད་དོན་ལ་གསོལ་བ་གདབ།» རྫོགས་སོ། །བསྙེན་པས་ཉེར་མ་བཏུབ་ན། ཨོཾ་བཻ་ཤྲ་མ་ཎ་ཡེ་སྙིང་ཁྲག་ཛཿཧཱུྃ་བཾ་ཧོཿ ཙིཏྟ་ས་མ་ཡ་དམ་དམ། ཛཿཛཿ བསྒྲུབ་པ་ལ་རྟགས་མེད་ན། ཡེ་ཎ་མ་ཤྲ་བཻ་སྨ་ར་སྨ་ར། ཤ་རི་ཏི་ས་པ་ཏི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། དེས་ཀྱང་མ་གྲུབ་ན། ཁོའི་ཐང་སྐུ་ལས། སྐུ་འབག་འབྲུབ་ཁུང་ནང་དུ་གཞུག ཁྲག་སྣ་དུག་སྣ་བྱུགས། གྲི་བོའི་ལག་པ་གཡས་པས་བྲབ། རང་ཡི་དམ་དུ་བསྒོམ། བཀྲག་དང་གཟི་མདངས་འཕྲོག་པར་བསམ། བདག་གིས་ལས་ཅི་བགྱི་བཀའ་སྩོལ་ཅིག་ཅེས་ཟེར་ཞིང༌། ཟས་དང་ལོངས་སྤྱོད་ནོར་གྱི་ཆར་འབེབས་པར་བསམ། སླར་ཕྱུང་ལ་མཆོད་གཏོར་གྱིས་མཉེས་པར་བྱས། བཟོད་པར་གསོལ། ཨོཾ་ནི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་བཻ་ཤྲ་མ་ཎ་ཡེ་ཧཱུྃ། སིདྡྷི་འདུས་འདུས། བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ། གཅུན་སྔགས་ལགས་སོ། །རྒྱའི་ལྤགས་པ་

p. 19

མཁྱིད་གང་པ་གཅིག་ལ་གསེར་གྱི་བྱི་བ་ཁ་སྤྲོད་གཉིས་བྲི། ཁ་ནས་རིན་པོ་ཆེ་སྐྱུགས་པ། བྱི་བའི་འོག་ན་ཕར་སྔགས་འདི་བྲིའོ། །ཨོཾ་ཡ་དུ་ས་དུ་སྟྭཾ། དམ་ཚིག་ཏུ་མི་ལ་མི་བསྟན། རབ་ནོར། འབྲིང་ཕྱུགས། ཐ་མ་ཟས་དང་ལོངས་སྤྱོད་འཕེལ་བར་འགྱུར་རོ། །ནོར་སྒྲུབ་ལ་འདི་ལས་ཟབ་པ་མེད་དོ། །རྒྱ་རུ་ལ་པདྨའི་སྟེང་དུ་གསེར་གྱི་བྱི་བ་ཁ་སྤྲོད་བྲིས་ལ། རིན་ཆེན་སྐྱུགས་པ་བྱ། རྒྱ་རུའི་ཁ་ན་ཕར་སྔགས་འདི། ཨོཾ་ཡ་དུ་ས་དུ་སྟྭཾ། ཞེས་བྲི། དེ་རང་གི་བང་མཛོད་དུ་སྦ། མི་ལ་མི་བསྟན། གསང་བ་རྒྱ་རུ་ལ་བརྟེན་ནས་ནོར་བསྒྲུབ་པའོ། །ཡང་ལྕགས་མཁྱིད་གང་ལ་བྱི་བ་ཁ་སྤྲོད་གཟོང་གིས་བྲིས་ལ། ཁ་ནས་རིན་པོ་ཆེ་སྐྱུགས་པ་བྱ།«་་་་་རིན་པོ་ཆེ་ཟ་བ་དང་སྐྱུགས་པ་ན་ར་ར།» འོག་ན་ཕར་སྔགས་འདི་བྲི། ཨོཾ་ཡ་དུ་ས་དུ་སྟྭཾ། འོག་ན་པདྨའི་གདན་ཡོད་པ། དམ་ཚིག་མིས་མི་མཐོང་བའོ། །ནོར་སྒྲུབ་གཅིག་ལ་འདི་ལ་ཟབ་པ་མེད་གསུངས། ནོར་རྫས་མངོན་པར་སྒྲུབ་པ་ལ། གྱིམ་ཤོམ་འཕྲུལ་གྱི་རྒྱལ་པོ།«་་་་་འགྲུབ་པ།» རྫས་ཕ་ཝང་མགོ གསེར་དངུལ། གཡུ་ཆུང་བཅང་ངོ༌། །རིན་ཆེན་ལྔ་བརྡར་ལ་བྱ། ཕྱེ་མར། ཤུག་པ་དང་སྤོས་སྦྱར་ལ་བསྲེག གྲུབ་རྟགས་གྲོགས་དང་མགྲོན་པོ་མང་པོ་རྨི། ཁར་རྗེ་དང་ཟས་འདུའོ། །ཤོ་ཐོབ། རྒྱན་ཐམས་ཅད་ལས་རྒྱལ་ལོ། །ཨོཾ་བེ་ཤོ་མུ་ཁ་ཤོ་ཛཿམང་མང་འདུ། ཨཱ་བེ་ཤ་ཛཿ ཞག་གསུམ་མམ་ལྔ་བསྒྲུབ། གནས་གཙང་མར་བསྒྲུབ་པར་བྱ། «རྣམ་འཇོམས་་་་་་»ཁྲུས་དང་གཙང་སྦྲ་ཆེར་བྱ། ཅི་ཟ་བའི་ཟས་ཀྱིས་མཆོད། རབ་ཏུ་གསང་ལ་བསྒྲུབ། «ཟླུམ་པོ་མེ་ཏོག་ཚོམ་བུ་ལྔ་བཀོད།་་་་་»མཎྜལ་གྱི་པཱུ་ཛ་ལྔ་དང༌། གཏོར་མ་དཀར་གསུམ་གྱིས་མཆོད། དེ་བཞིན་གཤེགས་པ་བཞི་ལ་ཕྱག་འཚལ། གསེར་དངུལ་ཟངས་དུང་ཕོར་རམ། བུམ་པར་བསྒྲུབ་བོ། །ཨོཾ་བཻ་གཅིག་པོ་ལ་ཉི་མ་ཕྱེད་བཟླས། དེ་ནས་དྲིལ་ལ་བཟླས། ཤོ་མང་པོ་སྦྱིན་པར་བཏང་ངོ༌། །ཤིན་ཏུ་ཟབ་གསུངས་སོ། །། ཡང་མི་བྱི་བ་ལོ་པ་གཅིག་གིས་འབྲུ་སྣ་རྙེད་ཚད་སློང་དུ་བཅུག་ལ། འབྲུ་ལྔ། སྙིང་པོ་ལྔ། དེ་རྣམས་རྒྱ་རུར་

p. 20

བཅུག རྒྱ་རུའི་ཁ་ལ། ས་དུ་ཡ་དུ་སྟྭཾ། ངོས་ལ་གསེར་གྱིས་བྱི་བ་ཁ་སྤྲོད་བྲི། དེའི་ཕན་ཡོན་ནི། ནས། མར། ཤ ནོར་རྫས། ཚྭ་གང་ཡིན་གྱི་གསེབ་ཏུ་བཅུག་པས། དེ་འདུའོ། །ཤིན་ཏུ་ཟབ་གསུངས་སོ། །ཡང་ཟངས་མཁྱིད་པ་གང་པ་གས་ཆག་མེད་པ་གཅིག་ལ། བྱི་བ་ཁ་སྤྲོད་གཉིས་བྲིས་ལ། རིན་ཆེན་སྐྱུགས་པ་བྱ། པད་གདན་ཡོད་པ་ལ་སྔགས་འདི་འོག་ན་ཕར་བྲི། ཨོཾ་ཡ་དུ་ས་དུ་སྟཾ། རབ་གནས་བྱས་ལ་མིས་མ་མཐོང་བར་བྱའོ། །ནོར་སྒྲུབ་གཅིག་ལ་འདི་ལས་ཟབ་པ་མེད་གསུངས་སོ། །། ནོར་སྒྲུབ་འདི་ནི་རྟེན་འབྲེལ་རྫས་ཀྱི་འདུ་བ་ཡིན་ཏེ། རབ་རིན་པོ་ཆེ་གསེར་གྱིས་བྱི་བ་ཁ་སྤྲོད། འབྲིང་རྐུན་ཆེན་གྱི་ལག་པ། ཐ་མ་ཤ་ཕོ་རྭ་བཅུའོ། །དེ་ལ་རབ་ཀྱིས་རྒྱ་རུ་ལ་གསེར་གྱིས་བྱི་བ་ཁ་སྤྲོད་འབུར་ལ་དོད་པ་མུ་ཏིག་སྐྱུགས་པ་བྱས་ལ། རབ་གནས་དང༌། གསོལ་མཆོད་བྱ། ཅི་ཟ་ཅི་འཐུང་གི་ཁ་ནས་ཕུད་བཅད་ལ། རིན་པོ་ཆེ་གསེར་གྱི་བྱི་བ་ཁ་སྤྲོད། བདག་ལ་ཟས་ནོར་གྱི་དངོས་གྲུབ་སྩོལ་ཅིག ཅེས་བྱས་ལ་བྱི་བའི་ཕྱོགས་ལ་གཏོར། འབྲིང་རྐུན་ཆེན་གྱི་ལག་པ་གཡས་པའི་མཐིལ་དུ་གསེར་གྱིས་ཡི་གེ་ཧཱུྃ་གཅིག་བྲིས་ལ། བང་མཛོད་ཀྱི་ཀ་བ་ལ་བཙུགས་ལ། བདག་ལ་ཟས་ནོར་གྱི་དངོས་གྲུབ་སྩོལ་ཅིག་བྱས་ལ། ཕུད་དེའི་ཕྱོགས་ལ་གཏོར། ཐ་མ་ཤ་ཕོ་རྭ་བཅུའི་རྐང་ལ་གསེར་གྱིས་རྟེན་འབྲེལ་སྙིང་པོ་བྲིས་ལ་བང་མཛོད་ཀྱི་ནང་དུ་བཅུག་ནས། དེ་ལ་གསོལ་མཆོད་བྱས་ན་ནོར་འདུ། ཤ་ཕོ་རྭ་བཅུ་བདག་ལ་ཟས་ནོར་གྱི་དངོས་གྲུབ་སྩོལ་ཅིག་བྱས་ལ། ཟས་ཕུད་ཀྱིས་མཆོད། ཟས་གང་ཟ་ཡང་དྲན་པར་བྱ། ལེ་ལོ་བྱས་ན་མི་འགྲུབ། དེ་ལྟར་བྱས་ན་ལོ་གསུམ་བཞི་ན་ནོར་སྤུངས་པ་བཞིན་འབྱུང༌། ཤིན་ཏུ་ཟབ། ཡང་རྒྱ་རུ་མ་ཉམས་པ་གཅིག་ལེགས་པར་བཞོགས་ལ། ཕྱེད་ཡན་སྔོན་པོར་བྱ། མན་ཆད་ཚོན་རྩིས་དམར་པོར་བྱ། བར་དུ་རིན་པོ་ཆེ་ཟ་ར་ཚགས་«གསེར་རམ་མཚལ་གྱིས་»བྲི། སྟོད་དུ་བྱི་བའི་གཟུགས་རིན་པོ་ཆེ་ལ་བྱ། ཁ་ནས་ནོར་བུ་སྐྱུགས་པ་«གསེར་གྱིས་»གཉིས་བྱ། དེ་གཉིས་ཀྱི་རྩར། གསེར་རམ། རིན་པོ་ཆེས།

p. 21

ཨོཾ་ས་ཧ་རཏྣ་ཧཱུྃ། ཞེས་བྲི། ཁ་སྐོར་ལ། ས་ཧ་ཡ་དུ་སྟྭཾ། ཅེས་ཤོང་ཚད་བྲི། དེའི་ནང་དུ་གཡུ་ཆུང་མིག་མ་ཕུག་པ་ཅིག འབྲུ་སྣ་ཚོགས། རིན་པོ་ཆེ་ཚོགས་ཚང་རྣམས་རྒྱ་རུར་བླུགས་ལ། སྐར་མ་རྒྱལ་གྱི་དུས་སུ་ཁ་ཤར་དུ་བལྟས་ལ། རྫས་ཀྱིས་མཆོད། ལག་གཡོན་གྱི་«་་་་་རྫས་རྣམས་རྒྱ་རུར་བླུགས་པ་རང་ཡིན་གསུངས།» མཆན་ཁུང་དུ་བཅུག་ལ། རང་ཅི་ཟའི་ཕུད་ཀྱིས་ལག་པ་གཡས་ཀྱིས་གཡོན་གྱི་ཕྱོགས་ལ་གཏོར། འཐོར་བའི་དུས་སུ་བྱི་བའི་ཁ་ནས་མུ་ཏིག་ཕྲ་མོ་སྐྱུགས་པར་བསམ། རྫས་དང་ལོངས་སྤྱོད་གང་འདོད་འབྱུང་གསུངས་སོ། །། ཡང་མི་རྐུན་མ་གྲགས་པ་གཅིག་གི་ལག་པ་རྙེད་ན་མཆོག་ཏུ་དགའ། མ་རྙེད་ན་གང་རུང་གཅིག་ལ་ལག་མཐིལ་ལ་དང་པོའི་སྔགས་བཀོད། དེ་ནས་མིང་བྲིས་ལ། ཟས་ནོར་སྤུངས་ཤིག་ཅེས་གསོལ་བ་གདབ། མཁྲིག་མ་ལ་སྔགས་འོག་མ་དང༌། ཧཱུྃ་བྲི། དེ་ནས་རྒྱ་རུ་དང་ལག་པ་སྦྲེལ་ལ་དར་ཟབ་ཀྱིས་དྲིལ། རང་གར་འགྲོ་ཡང་རྒྱ་རུ་མཆན་ཁུང་དུ་བཅངས། ལག་པ་མི་འཁྱར་བར་གཅེས་མཛོད་དུ་གཞུག དམ་ཚིག་ཏུ་བྱི་བ་ལ་མི་བརྡེག མི་གཙང༌། རྒྱ་རུའི་ནང་དུ་རིན་པོ་ཆེ་དང༌། སྨན་དང༌། དར་ཟབ་སྣ་ཚོགས་ཀྱིས་དགང༌། གཤམ་ཟངས་ཀྱིས་བསྡམ། རྟེན་འབྲེལ་གྱིས་ཟས་ནོར་དང་དངོས་གྲུབ་ཐོབ་པས། བྱི་བ་ལག་པ་གཉིས་འཛོམ་ན་དངོས་གྲུབ་མྱུར། མ་འཛོམ་ན་བུལ། སློབ་དཔོན་ཕུལླ་ཧ་རིའི་ལུགས་སོ། །། རྒྱའི་ལྤགས་པ་ལ་བྱི་བ་ཁ་སྦྱོར་བྲི་ལ། རབ་གནས་བྱ། རིན་པོ་ཆེ་མཆན་ཁུང་གཡོན་དུའོ། །རང་ཟས་ཟ་བའི་དུས་སུ་ཆངས་བུ་ལྔའམ་བདུན་འབུལ། སྔགས་ནི། ཨོཾ་ཨི་ལིང་ཀི་སི་ལིང་ཀི་ཀི་ལིང་ཀི་སྭཱ་ཧཱ། ཨོཾ་ན་མ་ཤུ་ཀརྨུ་ཁྲི་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུཎྜ་ལཱི་ཀརྣ་བ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ། ཞེས་པས་དབུལ་ལོ། །ཕྱི་གྲི་རྒོད་ཀྱི་ལག་པ་ལ་བརྟེན་ཏེ་བསྒྲུབ་པ། ནང་གསེར་གྱི་བྱི་བ་ཁ་སྤྲོད་ལ་བརྟེན་པ། གསང་བ་རྒྱ་རུ་ལ་བརྟེན་པ། ཡང་གསང་བསེའི་གྭའུ་ལ་བརྟེན་ཏེ་བསྒྲུབ་པའོ། །ཕྱི་ལྟར་སྒྲུབ་པའི་སྲོག་གི་སྙིང་པོ་ནི། ཨོཾ་བེ་རུ་རཱ་ག་

p. 22

པྲ་མི་སི་ཏི་མེ་པྲ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ནང་ལྟར་སྒྲུབ་པའི་སྲོག་གི་སྙིང་པོ་ནི། ཨོཾ་བཻ་ཤྲ་ནཱ་ག་རཱ་ཛ་སྭཱ་ཧཱ། གསང་བ་ལྟར་སྲོག་གི་སྙིང་པོ་ནི། ཨོཾ་བེ་ཤ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ། ཡང་གསང་ལྟར་སྒྲུབ་པའི་སྲོག་གི་སྙིང་པོ་ནི། རཱ་ཛ་ཀུ་བེ་ར་བེ་རུ་རཱ་ཛ་པྲ་མི་སིདྡྷི་མེ་པྲ་ཡ་རཱ་ཛ་ཨ་པ་རཱ་ཛི་ཏ་ཡཀྵ་ཤུ་མེ་སྭཱ་ཧཱ། བསྒྲུབས་ནས་གལ་ཏེ་དངོས་གྲུབ་སྟེར་མ་ཉན་ན། དངོས་གྲུབ་ཀྱི་སྔགས་འདི་ཤམ་བུར་གདགས། མུ་ཁ་ཡམ། ཨ་པ་ཡམ། ཀ་པ་ཡམ། ཡམ་ཡམ་སྭཱ་ཧཱ། དེས་གང་འདོད་གྱི་དངོས་གྲུབ་སྟེར་རོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཤམ་བུའོ། །འདི་གསང་ངོ༌། །སྐུ་འཁར་བ་ལ་བརྟེན་ཏེ་བསྒྲུབ་པ། གསུང་གཏོར་མ་ལ་བརྟེན་ཏེ་བསྒྲུབ་པ། ཐུགས་ཙིཏྟ་ལ་བརྟེན་ཏེ་བསྒྲུབ་པ། ཡོན་ཏན་རིན་པོ་ཆེ་ལ་བརྟེན་ཏེ་བསྒྲུབ་པ། ཕྲིན་ལས་ཕུར་པ་ལ་བརྟེན་ཏེ་བསྒྲུབ་པའོ། །སྐུ་མི་འགྱུར་བ་སྲོག་གི་སྙིང་པོ་ནི། ཨོཾ་བཻ་ཤྲ་ནཱ་ག་རཱ་ཛ་སྭཱ་ཧཱ། གསུང་མི་འགྱུར་བ་སྲོག་གི་སྙིང་པོ་ནི། ཨོཾ་བེ་ཤྲ་བེ་ར་ཡེ་སྭཱ་ཧཱ། ཐུགས་མི་འགྱུར་བ་སྲོག་གི་སྙིང་པོ་ནི། ཨོཾ་བཻ་ཤྲ་མ་ཎ་སྭཱ་ཧཱ། ཡོན་ཏན་མི་འགྱུར་བ་སྲོག་གི་སྙིང་པོ་ནི། ཨོཾ་བཻ་ཤྲ་རཱ་ཛ་སརྦ་སིདྡྷི་ཧཱུྃ། ཕྲིན་ལས་མི་འགྱུར་བ་སྲོག་གི་སྙིང་པོ་ནི། ཨོཾ་བཻ་ཤྲ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྣམ་སྲས་སྲེ་ཐོད་མ་ལ། མཎྜལ། དམ་རྫས། བསྐྱེད་རིམ་རྣམས་གཞན་དང་མཐུན། བསྙེན་པའི་སྔགས་ནི། ཨོཾ་བཻ་ཤྲ་མ་ཎ་ཡེ་ཧཱུྃ། རྟགས་ཀྱང་མཐུན། དེ་ནས་སྒྲུབ་སྔགས་ནི། ནཱ་ག་རཏྣ་ཙཀྲ་གུ་ཧྱ་སིདྡྷི་ཨཱ་ཡུ་ས་ལ་ཧཱུྃ། ཞེས་གོང་མ་ལ་བཏགས་ལ་ཞག་གསུམ་བསྒྲུབ། རྟགས་བྱུང་ན་དངོས་གྲུབ་བླང་བ་ནི་མཐུན། བསྙེན་པས་སྟེར་མ་བཏུབ་ན། ཨོཾ་བཻ་ཤྲ་མ་ཎ་ཡེ་སྙིང་ཁྲག་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་དཾ་དཾ་ཛ་ཛཿ སྒྲུབ་པ་ལ་རྟགས་མེད་ན། ཡེ་ཎ་མ་ཤྲ་བཻ་ཨོཾ། སྨ་ར་སྨ་ར། རཏྣ་སྨ་སྨ་ཤ་རི་ཏི་སཾ་བ་ཏེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། དེས་ཀྱང་མ་གྲུབ་ན། ཁོའི་སྐུའམ། ཐང་སྐུ་འགྲུབ་ཁུང་དུ་གཞུག ཁྲག་སྣ་དུག་སྣ་བྱུགས། གྲི་བོའི་ལག་པ་གཡས་པས་བྲབས། རང་ཡི་དམ་དུ་བསྒོམ། བཀྲག་དང་གཟི་མདངས་འཕྲོགས་པར་བསམ།

p. 23

བདག་གིས་ལས་ཅི་བགྱི་བཀའ་སྩོལ་ཅིག་ཟེར་ཞིང་ཟས་ནོར་གྱི་ཆར་འབེབས་པར་བསམ། སླར་ཕྱུང་ལ་མཆོད་གཏོར་གྱིས་མཉེས་པར་བྱའོ། །བཟོད་གསོལ་བྱེད། སྔགས་ལ་འདྲ་མིན་འདུག་པས་བྲིས་པ་ལགས་སོ། །རི་དྭགས་རྒྱའི་ལྤགས་པ་ལ། བྱི་བ་ཁ་སྤྲོད་སེར་པོ་ཆེ་བ་བྲིས་ལ། དེ་ཡང་ནོར་བུ་གཅིག་གི་ཁ་ནས་སྐྱུགས། གཅིག་གིས་ལེན་པ་འབྲེལ་མ་ཆད་པར་བྲིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་ཅན་གྱི་དགུག་གཞུག་བྱ། དེ་རབ་གནས་ཡིན། དེ་ཡུལ་དུ་སྡོད་ན་བང་མཛོད་དུ་སྦའོ། །བྱེས་སུ་འགྲོ་ན་སྒྲོ་བར་གཞུག ཁ་སུབ་ལ་ཤིང་གི་བར་དུ་བཅུག ཅི་ཟ་ཅི་འཐུང་གི་ཕུད་དང༌། ལོངས་སྤྱོད་གང་ཡིན་གྱི་ཕུད་དེར་བསྐྱལ་ལ། བྱི་བའམ་རྐུན་མའི་མིང་ནས་བོས་ལ། འཇིག་རྟེན་གྱི་ནོར་རྫས་ཁྱོད་ཀྱིས་འདིར་ཁུག་ཅིག ཅེས་བརྗོད་པར་བྱའོ། །མིས་མ་མཐོང་བར་བྱ། ནོར་སྒྲུབ་འདིའི་མན་ངག་ནི། མི་རྐུན་མ་བྱི་བ་འདྲ་བའི་ལག་པ་གཡས་པ་རྫ་ཕོར་དུ་བཅུག་ལ། དེ་བང་མཛོད་དུ་བཅུག་སྟེ། བཟའ་བཏུང་གི་ཕུད་དེར་བསྐྱལ་ཞིང༌། ལག་པ་དེ། མི་ཤི་བའི་མིང་ཤེས་ན་དེ་ནས་འབོད། མི་ཤེས་ན་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ནོར་རྫས་ཐམས་ཅད་འདིར་བསྡུས་ཤིག ཅེས་བརྗོད་ཅིང་ལག་པ་གཡབ། ཡང་ལག་པ་ཁ་སྦུབ་ལ་བཞག གང་དང་སྡེབ་ཀྱང་རབ། གང་རུང་གིས་ཕུན་སུམ་ཚོགས་པར་ཐེ་ཚོམ་མེད་གསུངས། ནོར་སྒྲུབ་འདི་ལ་གཉིས་སྤེལ་བ་དང་དགུག་པའོ། །སྤེལ་བ་ནི། རྒྱ་ལྕགས་ལ་བྱི་བ་གཉིས་ཀྱི་གཟུགས་བྲིས་ལ། གཅིག་གིས་ནོར་བུ་སྐྱུགས། གཅིག་གིས་བཟེད་པའི་ཚུལ་དུ་བྱས་ལ། འཇམ་དཔལ་ཚར་གསུམ་མམ་ཅི་རིགས་པ་བཏོན་ལ་རབ་གནས་བྱ། དེ་དར་ཚོན་སྣ་ལྔས་དྲིལ། མཛོད་དུ་སྦ། མིས་མ་མཐོང་བར་བྱ། རྟེན་འབྲེལ་སྙིང་པོས་མཐའ་འཁོར་བར་བྱ། རབ་གནས་བྱ། གཏོར་མ་བཏང་ངོ༌། །། གཉིས་པ་གཞན་གྱི་ནོར་དགུག་པ་ནི། མི་རྐུན་མ་བྱི་བ་འདྲ་བ་གཅིག་གི་ལག་པའི་སོར་མོ་ལ་ཨོཾ་ཨཱཿཧཱུྃ། མཐིལ་དུ་ཧྲཱིཿབྲིས་ལ། མི་ཕྱུག་པོ་གསུམ་ལས་ལྕགས་དུམ་

p. 24

རེ་བླངས་ལ། དེ་ལ་བྱང་བུ་བྱ། དེ་ལ་གཟོང་གིས་བྱི་བ་རྒྱབ་སྤྲོད་བྲི། རིན་པོ་ཆེས་བྲིས་ཀྱང་རུང༌། དེ་ལག་མཐིལ་དུ་བཅུག་ལ། དུས་གཉན་ལ་བཟའ་བཏུང་བཟང་པོས་གསོལ་མཆོད་བྱ། ནོར་ཁུག་ཅིག་བྱས་ལ། རང་དང་མི་འབྲལ་བར་གང་འགྲོར་ཁྱེར་རོ། །སྔགས་དང་ཏིང་ངེ་འཛིན་ལ་རག་མ་ལུས་པ་རྒྱ་སྟག་བྱི་ལ་མ་བྱ་བ། ལྷ་སའི་གཏེར་མའོ། །། འདིའི་རབ་གནས་གོང་མས་བྱ། ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ། ༈ །རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་མངོན་རྟོགས་དགོས་འདོད་འབྱུང་བ་བཞུགས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མངོན་རྟོགས་དགོས་འདོད་འབྱུང་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གདོང་བཞི་མིག་སྟོང་ཉིན་མཚན་བྱེད་པར་རབ་བརྫིས་ཤིང༌། །གདུག་པའི་ལག་འགྲོ་ནོར་བུའི་རྒྱན་ཅན་རྒྱན་དུ་བྱས། །ཧཱུྃ་ཧཱུྃ་ང་རོས་དྲེགས་ལྡན་འབྱུང་པོའི་སྙིང་འབྱིན་པ། །དྲག་པོ་གསུམ་འདུལ་ཁྲོ་རྒྱལ་ཞབས་ནི་སྤྱི་བོར་ཞོག །འཁོར་བའི་གཡུལ་བཟློག་རིན་ཆེན་རྒྱལ་མཚན་དང༌། །ཕོངས་པའི་ནད་སེལ་གཏེར་གྱི་ནེའུ་ལེ་འཛིན། །གདོང་ལྔའི་སྟེང་ན་ཉི་མ་འབུམ་གྱི་གཟི། །རབ་བརྗིད་གནས་སྲུང་དབུལ་བའི་གདུང་སྐྱོབ་རྒྱལ། །ཆོས་སྐྱོང་ཆེན་པོ་སྒྲུབ་པའི་ཐབས། །བླ་མ་དམ་པའི་མན་ངག་དང༌། །རྒྱུད་ལས་བྱུང་བ་ཇི་བཞིན་དུ། །དམ་པས་བསྐུལ་ཕྱིར་བྲི་བར་བྱ། །འདིར་སློབ་དཔོན་འགྲོ་བཟང་སྙིང་པོས་རང་གཞན་གྱི་དོན་ལ་མངོན་པར་བརྩོན་པས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས། དཔལ་ཕྱག་ན་རྡོ་རྗེའི་ཞལ་གཟིགས་ཤིང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་དེས། ཕྱི་རབས་ཀྱི་སྐྱེ་བོས་བདག་གདུག་པའི་གདོན་གྱིས་ཟིན་པ་དང་ཐར་པ་དོན་དུ་གཉེར་བ་རྣམས་ལ་ཕན་གདགས་པ་དང༌། གདུལ་བྱ་རྣམས་ཀྱི་དབུལ་བ་བསལ་བ་དང༌། བསྟན་པ་ལ་གནོད་པའི་དགྲ་བོ་ཚར་གཅོད་པའི་ཕྱིར་རྒྱུད་རྡོ་རྗེ་ས་འོག་དང༌། གར་མཁན་མཆོག སྣ་ཚོགས་གྲུབ་པ་ལ་སོགས་པ་ལ་བརྟེན་ནས་དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་ལ་སོགས་པ་དང༌། རྒྱལ་པོ་

p. 25

ངལ་བསོས་པོའི་ཞི་བ་ནོར་སྒྲུབ་དང༌། དྲག་བྱེད་ཀྱི་ཆོ་ག་ལ་སོགས་པ་མཛད་པ་ལས། རྣམ་སྲས་ཞི་བའི་སྒྲུབ་ཐབས་རྒྱུད་དང༌། རྒྱ་གཞུང་དང༌། བླ་མ་དམ་པའི་ཕྱག་ལེན་དང་མཐུན་པར་རྒྱུད་དང་མི་འགལ་བའི་ལག་ལེན་རང་དགའི་དྲི་མས་མ་གོས་པ་འདི་གསོལ་བ་འདེབས་པ་དག་གི་ངོར་བྲི་བ་ལ། ཆོས་སྐྱོང་ཆེན་པོ་འཁོར་དང་བཅས་པས་བཟོད་པར་མཛོད་ལ་བྱིན་གྱིས་རློབས་ཤིག རྟེན་གྱི་གང་ཟག་ཕྱག་ན་རྡོ་རྗེའི་བསྙེན་པ་ལས་སུ་རུང་བར་བྱས་ཤིང༌། འདི་ཉིད་ཀྱི་ལུང་དང་རྗེས་གནང་ཐོབ་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། སྟོད་གཡོགས་གོས་སྔོན་པོ་བགོ་བ། ལུང་ཐང་གི་ཕྲེང་བ་བགྲང་བ། རྟ་ཤ་མི་ཟ་བ། ཡུག་ས་མོས་ཕྱག་ཚང་བྱས་པའི་ཟས་མི་ཟ་བ། རེ་བ་ནག་པོའི་གདན་ལ་མི་འདུག་པ། སྣོད་ཁ་ཆག་ཏུ་ཟས་མི་ཟ་བ། མི་རོ་དང་རྟ་རོ་ལ་མི་འཇུ་བ་སྟེ་དམ་ཚིག་བདུན་དང་ལྡན་པས། ཕྱིའི་རྟེན་རྟ་སྔོན་པོའི་གཟུགས་སམ། དངོས་སུ་བཅང་བ་དང༌། ནང་རྟེན་ཆོ་ག་དང་མཐུན་པར་བྱས་པའི་བྲིས་སྐུ་དགྲམ་པ་དང༌། གསང་རྟེན་བཤད་པ་ལྟར་བྱས་པའི་བཻ྅་སྔགས་དང་བཅས་པའི་གའུ་སྟེ། རྟེན་གསུམ་ཚང་བར་བཙུགས་ནས། མདུན་དུ་མཎྜལ་དྲི་བཟང་དང་བཅས་པའི་བ་བྱུང་གིས་བྱུགས་ཤིང༌། བདུད་རྩི་འཁྱིལ་བའི་སྔགས་བཟླས་ཏེ་བསང་ངོ༌། །དེའི་སྟེང་དུ་མེ་ཏོག་ཚོམ་བུ་དགུ་བཀོད་ལ། བདག་ཉིད་ཕྱག་ན་རྡོ་རྗེའི་མངོན་རྟོགས་བཟླས་པ་དང་བཅས་པ་རྫོགས་པར་བྱས་ནས། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ཕྱོགས་ཀུན་ཏུ་བསང་གཏོར་བྱའོ། །དེ་ནས་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་ལ་མདུན་དུ་མཎྜལ་གྱི་སྟེང་དུ་བཞུགས་པར་བསམ་མོ། །དེ་ནས་མཆོད་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཧཱུྃ་ལས་དྭངས་ཤིང་ཐོགས་པ་མེད་པར་བསྐྱེད་ལ་རང་རང་གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་བསང་གཏོར་འདི། །

p. 26

རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་དང༌། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་པྲོཀྵ་ཎཾ་པྲ་ཏཱིཙྪ་ཨོཾ་ཨཱཿཧཱུྃ། ཞེས་པས་བསང་གཏོར་དབུལ། དེ་བཞིན་དུ་བསང་གཏོར་དང༌། པྲོཀྵ་ཎཾ་གི་རྗེས་སུ། མཆོད་ཡོན་དང༌། ཨརྒྷཾ། ཞབས་བསིལ་དང༌། པཱ་དྱཾ། ཞལ་བསིལ་དང༌། ཨཉྩ་མ་ནཾ། མེ་ཏོག་དང༌། པུཥྤེ། བདུག་སྤོས་དང༌། དྷཱུ་པེ། མར་མེ་དང༌། ཨཱ་ལོ་ཀེ། དྲི་མཆོག་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་དྱ། རོལ་མོ་དང༌། ཤབྡ། དེ་རྣམས་བཅུག་ལ་མཆོད་དོ། །དེ་ནས་ཡན་ལག་བདུན་པ་བྱ་སྟེ། རྒྱལ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གསེར་རིའི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང༌། །སྤྲིན་བྲལ་ཉི་འོད་སྟོང་གི་གཟི་ལྡན་པ། །འདོད་དགུའི་ཆར་འབེབས་ཁྱོད་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཡིད་འོང་ལྷ་རྫས་དངོས་ཀུན་དང༌། །བཀའ་འབངས་བྲན་སླས་རང་ལུས་ཉེར་བདོག་ཅན། །མ་ཆགས་མི་ཞུམ་ཟབ་ཅིང་རྒྱ་ཆེའི་ཕྱིར། །དགོངས་ཆེན་བསྒྲུབ་ཕྱིར་དགེ་ཚོགས་རྒྱ་མཚོས་མཆོད། །རང་གི་རྒྱུ་སྔོན་མ་བསགས་འབྲས་འདོད་དང༌། །དོན་མེད་དོན་ལོག་ཅུང་ཟད་དོན་ཕྱིར་ནི། །ཧ་ཅང་འདོད་ཆེན་བསྐྱེད་དང་ཆོག་མི་ཤེས། །བསམ་སྦྱོར་ནོངས་པ་གང་བགྱིས་མཐོལ་ལོ་བཤགས། །ལྷ་ཀླུ་མི་རྣམས་འཇིགས་དང་ཕོངས་པ་ལས། །མྱུར་སྐྱོབ་འཇིག་རྟེན་སྐྱོང་རྒྱལ་འཇིག་རྟེན་འདས། །ཀུན་སྒྲོལ་ཀུན་ལ་ཕན་དང་བདེ་སྟེར་བ། །ཕྲིན་ལས་རྒྱུན་མི་ཆད་ལ་རྗེས་ཡི་རངས། །སྣ་ཚོགས་ཡ་ང་འཇིགས་དང་མགོན་མེད་དང༌། །སྡིག་སྡུག་བྲེལ་ཕོངས་བརྒྱས་གཟིར་སྐལ་ངན་རྣམས། །དབུགས་དབྱུང་སླད་དུ་ཐུགས་གསུང་སྐུ་དང་འོད། །ཉི་ཟླ་རྒྱལ་མཚན་ནེའུ་ལེ་རྣམ་རོལ་བསྐུལ། །ཁྱེད་སྐུ་ཁྲོ་དང་འཛུམ་དང་བརྗིད་མཛེས་འགྱིང༌། །སྒེག་དུལ་བརྟན་འཇིགས་དཔའ་བོའི་གར་དགུ་ཡིས། །མི་བསྲུན་ཚར་གཅོད་སྐལ་ལྡན་རྗེས་བཟུང་ཕྱིར། །བསྐལ་བརྒྱར་མྱ་ངན་མི་འདའ་བདག་གསོལ་འདེབས། །

p. 27

དེ་ལྟར་འགྲོ་སྐྱོབ་ཁྱེད་ལ་འགྲོ་སྟེར་སླད། །ལྷ་མཆོག་ལྷག་པའི་ལྷར་བཟུང་བསྙེན་བཀུར་ན། །བདག་སོགས་མགོན་མེད་མགོན་མཛོད་རྟག་ཏུ་ཡང༌། །ཤེས་རབ་ཐུགས་རྗེས་མི་བསྙེལ་མི་གཏོང་ཤོག །ཅེས་དེ་དག་གི་དོན་དྲན་བཞིན་པས་བརྗོད་དེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་རང་གི་སྤྱི་བོ་མགྲིན་པ་སྙིང་གའི་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། རྒྱལ་པོ་འཁོར་དང་བཅས་པའི་སྤྱི་བོ་མགྲིན་པ་སྙིང་གར་ཕོག་པས་ཐམས་ཅད་འོད་དུ་ཞུ་ནས་མཐར་སྟོང་པ་ཉིད་དུ་བསམ་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། སྦྱོར་བ་ཚོགས་བསག་པའོ། །སྟོང་པའི་ངང་ལས་མདུན་དུ་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། འཁོར་ས་རིམ་པ་གསུམ་དང་ལྡན་པའི་དབུས་ན། ཁང་པ་བརྩེགས་པ་དགུ་ཡོད་པའི་དབུས་མའི་ཕོ་བྲང་སུམ་བརྩེགས་སུ་གནས་པའི་རྩེ་མོ་ནོར་བུ་རིན་པོ་ཆེའི་ཏོག་གི་སྤྲས་པ། ལོགས་རྣམས་སུ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱར་ཞིང༌། མདའ་ཡབ་དང་པུ་ཤུ་དང་ལྡན་པ། ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པའི་ཀ་བ་ཉིས་སྟོང་ལྔ་རྒྱ་ལྔ་བརྒྱས་ཕྱོགས་རེ་ནས་བརྒྱན་པ། གཏེར་གྱི་ཁང་པ་བརྩེགས་པ་བཅོ་ལྔས་སྤྲས་པ། དེའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ། བུམ་པ་བཟང་པོ་བརྒྱད། དཔག་བསམ་གྱི་ཤིང་བརྒྱད། རྫིང་བུ་བཟང་པོ་རིན་པོ་ཆེའི་ལྗོན་ཤིང་མེ་ཏོག་དང་ལྡན་པ་བརྒྱད། འདོད་འཇོའི་བ་མོ་བརྒྱད་སྤེལ་མར་གནས་པའི་ཕྱི་ནས་རིན་པོ་ཆེའི་རྭ་བ་གྲུ་བཞི་པས་བསྐོར་བར་གྱུར། དེ་ནི་རྟེན་བསྐྱེད་པའོ། །དེའི་དབུས་མའི་ཕོ་བྲང་གི་ནང་དུ་ཧྲཱིཿལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་བཻ྅་སེར་པོ་ལས་རྒྱལ་མཚན་བཻས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། འཇིག་རྟེན་གྱི་ཁམས་ཀྱི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བཻ་ལ་ཐིམ། དེ་ཡོངས་སུ་

p. 28

གྱུར་པ་ལས། རྒྱལ་པོ་ཆེན་པོ་ངལ་བསོས་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་ན་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། གཡོན་ན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། སེང་གེ་ཉལ་བ་ཁ་དེ་ཉིད་ལ་ལྟ་བའི་སྟེང་ན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་ནས་རིན་པོ་ཆེའི་ཆར་འབེབས་ཤིང་སྐྱེ་རྒུ་ཕོངས་པ་ལས་སྒྲོལ་བ། དབུ་ལ་རིན་པོ་ཆེའི་དབུ་རྒྱན་གསོལ་བ། སྐུ་ལ་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕྲག་གོང་གཡས་གཡོན་ན་ཉི་མ་དང་ཟླ་བས་བརྒྱན་པ། ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང༌། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པར་བསམ་པ་ནི་གཙོ་བོ་བསྐྱེད་པའོ། །དེ་ནས་ཤར་གྱི་ཁང་བརྩེགས་ཀྱི་ནང་དུ་པདྨའི་སྟེང་དུ་རྨུགས་འཛིན་སེར་པོ་ཕྱག་གཡས་ན་རིན་པོ་ཆེ་བསྣམས་པ། དེ་བཞིན་དུ། ལྷོར་གང་བ་བཟང་པོ་སེར་པོ་རིན་པོ་ཆེའི་བུམ་པ་བསྣམས་པ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་ནོར་བུ་བསྣམས་པ། བྱང་དུ་ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། ཤར་ལྷོར་ཡང་དག་ཤེས་སེར་པོ་གསེར་གྱི་གྲི་བསྣམས་པ། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་ཐོགས་པ། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་ཁང་བརྩེགས་བསྣམས་པ། བྱང་ཤར་དུ་འཇམ་པོ་འཁྱིལ་པ་གྲི་དང་ཕུབ་བསྣམས་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས་པ། རང་རང་གི་སྐུ་མདོག་དང་མཚུངས་པའི་རྟ་ལ་ཆིབས་པ། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། དཔའ་ཞིང་བརྗིད་ལ་མི་སྡུག་པའི་ཆ་བྱད་ཅན་དུ་གྱུར། འཁོར་ས་བར་པ་ན་གནོད་སྦྱིན་བྱེ་བའི་ཚོགས། འཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད། གནོད་སྦྱིན་དང་སྲིན་པོའི་གཟུགས་ཅན། མི་སྡུག་ཅིང་བརྗིད་ལ་རྔམས་པ། ཕྱག་གཡས་ན་མཚོན་ཆ་སྣ་ཚོགས་པ་བསྣམས་པ། གཡོན་ཐམས་ཅད་གཏེར་གྱི་ནེའུ་ལེ་བསྣམས་པ། སྐུ་མདོག་མཐའ་གཅིག་ཏུ་མ་ངེས་པ། ནམ་མཁའ་ལ་སྤྲིན་ཕུང་འཐིབས་པ་བཞིན་གྱུར། སྤྲོས་པ་ལ་དགའ་ན། འཁོར་ས་ཐ་མའི་ནང་རིམ་གྱི་ཤར་དུ། རིང་པོ། མིག་བཟང༌།

p. 29

གང་པོ། སེར་སྐྱ་སྟེ་བཞི། ལྷོར་སེང་གེ། ཉེ་བའི་སེང་གེ། དུང་ཅན། དགའ་བོ་དང་བཞི། ནུབ་ཏུ་སེང་གེ། སེང་གེའི་རལ་པ། བླ་མ། སེར་སྐྱ་དང་བཞི། བྱང་དུ་འཛིན་པ། འཛིན་དགའ། བརྩོན་སྐྱོང༌། ཁྱབ་འཇུག་སྟེ་བཞི། བྱང་ཤར་ན་ལྔ་སྤྱོད། ཤར་ལྷོ་ན་ཚིགས་ལྔ་སེར་པོ། ལྷོ་ནུབ་ན་རི་མཉམ། ནུབ་བྱང་ན་སེར་ཅན་ཏེ། དེ་རྣམས་ནོར་བུའི་རིགས་སོ། །ཤར་ན་ས་པ། ལྷོ་ན་ཤིན་ཏུ་ས་པ། ནུབ་ན་ནག་པོ། བྱང་ན་ཉེ་ནག་དང་བཞི་ནི་གླང་པོ་ཆེའི་རིགས་སོ། །བྱང་ཤར་ན་ཉི་མ། ཤར་ལྷོ་ན་ཟླ་བ། ལྷོ་ནུབ་ན་མེ། ནུབ་བྱང་ན་རླུང་སྟེ་བཞི་ནི་བ་གླང་གི་རིགས་སོ། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་མདོག་དམར་ནག་ཅུང་ཟད་ཁྲོས་པའོ། །ཕྱག་གཡས་ན་རལ་གྲི་དང་གཡོན་ཐམས་ཅད་ཕུབ་འཛིན་པའོ། །དེའི་ཕྱི་རིམ་གྱི་ཤར་དུ་དབང་པོ། ཟླ་བ། ཆུ་ལྷ། སྐྱེ་དགུའི་བདག་པོ། གདོས་པའི་རྒྱལ་མཚན། དབང་ལྡན། ཙནྡན། འདོད་པའི་གཙོ་བོ་སྟེ་བརྒྱད་དང༌། ལྷོར་མགྲིན་ངན། མགུལ་ངོས། བཱ་ཌི། ནོར་བུ། ནོར་བུ་སྤྱོད། སྒྲ་རབ། ཉེ་ལྔ་པོ། རི་མཉམ་སྟེ་བརྒྱད། ནུབ་ན་གསེར་ཅན། གང་པོ། སེང་ལྡང༌། གཡོན་ཕྱོགས་ལྷ། བ་གླང་སྐྱོང༌། འབྲོག་གནས། མིའི་རྒྱལ་པོ། རྒྱལ་བའི་ཁྱུ་མཆོག་སྟེ་བརྒྱད། བྱང་ན་ཚིགས་ལྔ་སེར་པོ། བཞིན་བཟང༌། རིང་པོ། དྲི་ཟ་སྣ་ཚོགས་སྡེ། འབྲས་བུ་གསུམ་པ། མགུལ་པ་གསུམ་པ། ལྕགས་མདུང་རིང་པོ། ལྷ་ལས་བྱུང་བའི་མ་ལྡན་ཏེ་བརྒྱད་ནི་སྟོབས་ཆེན་སུམ་ཅུ་རྩ་གཉིས་ཏེ་མདོག་ལྗང་ནག་གི་གོ་ཆ་དང་བཅས་པ། མདུང་དང་རལ་གྲི་འཛིན་པ། ས་གའི་རིགས་དམག་དཔོན་གྱི་ཚུལ་དུ་བསམ་པ་ནི་འཁོར་བསྐྱེད་པ་སྟེ་དམ་ཚིག་སེམས་དཔའ་ཐམས་ཅད་བསྐྱེད་པའོ། །དེ་ནས་སྤོས་ཀྱི་མན་ངག་ལས་བྱུང་བའི་རིལ་བུ་བསྲེག མེད་ན་འབྲས་ཕྱེ་དང་སྤོས་དཀར་གྱི་དུད་པ་བཏང༌། རྔ་དང་དུང་ལ་སོགས་པའི་རོལ་མོ་མང་པོ་བྱ། ཡིད་ཀྱིས་རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དེའི་སྣ་ལས་ཁྲོ་བོ་འདོད་

p. 30

པའི་རྒྱལ་པོ་མདོག་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པས་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་ནས་དམ་ཚིག་པ་ལ་ཐིམ་པར་བསམ། ལུས་ཀྱི་རྒྱལ་པོ་འགུགས་པའི་ཕྱག་རྒྱའམ། ལྕགས་ཀྱུའི་ཕྱག་རྒྱ་བཅའ་བའམ། ཡང་ན་རྡོ་རྗེ་དྲིལ་བུ་འཛིན་པས་ངག་ཏུ། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིངས་པས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང༌། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང༌། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་ཞལ་བཞེས་དགོངས་མཛོད་ལ། །འདྲེན་པའི་བསྟན་པ་བསྲུང་བ་དང༌། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ྅་སྭཱ་ཧཱ། ཨོཾ་བཻ྅་ཤྲ་མ་ཎ་ཡེ་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་ཅིང༌། བཻ྅་རིང་པོ་བརྗིད་དང་བཅས་པ་མིག་འཛུམ་སུམ་ཅུ་སོ་གཉིས་ཀྱི་ཚད་བརྗོད་པས། རྒྱལ་པོའི་ཐུགས་པདྨ་འདབ་བརྒྱད་ཀྱི་འདབ་མ་རེ་རེ་ལ་བཞི་བཞི་བསམ་ཞིང༌། དམ་ཚིག་པ་དང་ཡེ་ཤེས་པའི་ཐུགས་འོད་ཟེར་གྱི་ལྕགས་ཀྱུས་སྤྲེལ་བར་གྱུར་པ་ནི་ཡེ་ཤེས་པ་སྤྱན་དྲང་བ་སྟེ། བྱོན་པའི་རྟགས་སྙིང་འདར་བ་དང༌། མགོ་སྦྲིད་པ་དང༌། སྐྱི་བུངས་བྱེད་པ་དང༌། གྲོགས་ལ་འབབས་པ་དང༌། མཐོང་བ་ལ་སོགས་པ་འབྱུང་ངོ༌། །དེ་ནས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་བསམ་མོ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་དེ་དབང་བསྐུར་རོ། །དེ་ནས་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ་མོ། །དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དེ་ནས་མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབ་པ་རྣམས་སྔར་ལྟར་བྱས་ལ། སྔར་གྱི་ཚིག་དང་སྔགས་དང་ཕྱག་རྒྱས་དབུལ་ལོ། །དེ་ནས། རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་བཟང༌། །དུང་དཀར་གཡས་འཁྱིལ་དཔལ་

p. 31

བཻའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཨོཾ་བཱཻ྅་ཤྲ་མ་ཎ་ཡ་ས་པ་རི་ཝཱ་ར་ཞེས་པ་ཀུན་ལ་སྦྱར་ལ། ཨཥྚ་མངྒ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བཀྲ་ཤིས་རྫས་བརྒྱད་དང༌། ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང༌། །ཅང་ཤེས་རྟ་དང་ཐེག་ཆེན་གླང༌། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །དམག་དཔོན་རིན་ཆེན་སྣ་བདུན་འབུལ། །བདག་གི་བསམ་པ་ཡོངས་རྫོགས་ཕྱིར། །རྒྱལ་ཆེན་སྲས་དང་བཙུན་མོར་བཅས། །འཁོར་དང་བཅས་པས་བཞེས་སུ་གསོལ། །སཔྟ་རཏྣ་པཱུ་ཛ་ལ་སོགས་རིན་ཆེན་སྣ་བདུན་དང༌། ཡིད་འོང་གཟུགས་མཛེས་རྣམ་པ་དང༌། །རྣར་སྙན་རོལ་མོའི་རྣམ་པ་དང༌། །ཡིད་འཛིན་དྲི་དང་ཕུན་སུམ་ཚོགས། །རོ་མཆོག་བརྒྱ་ལྡན་ཞལ་ཟས་དང༌། །འཇམ་མཉེན་འཁྲིལ་ཆགས་ན་བཟའ་དང༌། །འདོད་པའི་ཡོན་ཏན་ལྔ་ཡི་ཚོགས། །རབ་འབྱམས་ཁམས་ན་གང་ཡོད་པ། །མགོན་པོ་འཁོར་དང་བཅས་ལ་འབུལ། །པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ལ་སོགས་པ་འདོད་ཡོན་ལྔས་མཆོད་པར་བྱའོ། །བསྡུས་པ་ལ་དགའ་ན། ཨོཾ་བཻ྅་ཤྲ་མ་ཎ་ཡེ་པུཥྤེ་ཨཱཿཧཱུྃ་ཞེས་པས་མེ་ཏོག་དང༌། དྷཱུ་པེ་བདུག་སྤོས་དང༌། ཨཱ་ལོ་ཀེ་མར་མེ་དང༌། གནྡྷེས་དྲི། ནཻ་ཝི་དྱས་ཞལ་ཟས་དབུལ། མཆོད་པ་སྤྲོས་པ་ལ་དགའ་ན། ཡན་ལག་བདུན་པའང་བྱ་ལ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང༌། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡེ་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང༌། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤིང༌། །འདོད་དགུ་ཡིད་བཞིན་འགྲུབ་པ་དང༌། །གཞན་

p. 32

དོན་ལྷུན་གྱིས་གྲུབ་མཛད་གསོལ། །ཞེས་པས་བསྟོད་དོ། །རྒྱལ་པོའི་ཐུགས་ཀའི་པདྨའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ། དེའི་སྟེང་དུ་བཻ་གསེར་གྱི་མདོག་ཅན། དེའི་མཐའ་མར་སྙིང་པོ་དང་གཟུངས་ཀྱིས་བསྐོར་བར་གསལ་གདབ། འཁོར་གྱི་ཐུགས་ཀར་ཡབ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན། རང་རང་གི་མིང་གི་ཡི་གེ་དང་པོ་ཐིག་ལེས་བརྒྱན་པ་ལ་རང་རང་གི་སྔགས་ཀྱིས་བསྐོར་བར་བསམ་ཞིང༌། རང་གི་ཐུགས་ཀའི་ས་བོན་ལས་དང༌། སྔགས་ཀྱང་གསལ་བཏབ་སྟེ། ལྕེ་རྡོ་རྗེའི་སྦུ་གུར་བསམས་ལ། སྔགས་བཟླས་པས་རང་གི་ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། འོད་ཀྱི་རྩེ་མོ་ལས་མཆོད་པའི་ཚོགས་སྤྲོས་ཏེ། རྒྱལ་པོ་འཁོར་བཅས་མཆོད། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཀྱིས་མཐུ་སྟོབས་དང༌། དབང་ཕྱུག་དང༌། དཔལ་དང༌། གཟི་བརྗིད་དང༌། འབྱོར་པ་དང༌། ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པའི་བྱེ་བྲག་ཅི་ཡོད་པ་ཐམས་ཅད་བསྡུས་ཏེ། བདག་གི་ཐུགས་ཀར་ཐིམ་པར་བསམ་ཞིང་བཟླའོ། །གཟུངས་ནི། ཏདྱཱ་ཐ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ་སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱཱ་ཐ། སུ་ཏ་ནེ། སུ་ར་སེ། སུ་མ་ཏི། སུ་བུ་ཥེ། ཧི་ལི་མི་ལི་སྭཱ་ཧཱ། སྙིང་པོ་ནི། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། འཁོར་གྱི་སྙིང་པོ་ནི། ཨོཾ་ཛཾ་བྷ་ལ་ཡེ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨོཾ་སཾ་པྲཛྙཱ་ན་ཡེ་སྭཱ་ཧཱ། ཨོཾ་གུ་ཧྱ་སྠ་ན་ཡེ་སྭཱ་ཧཱ། ཨོཾ་པཉྩི་ཀ་ཡེ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ཡེ་སྭཱ་ཧཱ། ཞེས་པའོ། །གཙོ་བོའི་བསྙེན་པ་འབུམ་ཕྲག་བཅུར་བཤད་ཀྱང༌། སྡོམ་པ་འབྱུང་བ་ལས་རྩོད་དུས་སུ་བཞི་འགྱུར་བཤད་པས་བཞི་བཅུ་བྱའོ། །དེ་ལྟར་བསྙེན་པ་ཐེམས་པ་དང༌། སྒྲུབ་པ་བྱ་སྟེ་ཟླ་བ་ཡར་ངོའི་ཚེས་བཅོ་ལྔ་ལ་མཎྜལ་ཙནྡན་དཀར་

p. 33

པོའི་ཆུས་བྱུགས་ཏེ། མེ་ཏོག་གི་ཚོམ་བུ་དགོད། དེར་རྒྱལ་པོ་འཁོར་བཅས་བསམས་ལ། ཐུན་དྲུག་ཏུ་རྒྱལ་པོ་ལ་དམིགས་ཏེ་སྔགས་བཟླས་ཤིང༌། ཨ་ག་རུ་འབའ་ཞིག་བསྲེག་གོ །དེ་ལྟར་ཟླ་བ་གཅིག་ཏུ་བསྒྲུབས་ན། དཔག་ཚད་བརྒྱ་ནི་ཚུན་ཆད་དུ། །གནོད་སྦྱིན་རྣམས་ཀྱིས་སྲུང་བར་བྱེད། །བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །ཁ་ན་མ་ཐོ་མེད་པ་ཡི། །ཟས་དང་སྐོམ་དུ་བཅས་པ་ཡི། །ནོར་འབྲུ་དབྱིག་དང་གསེར་སྩོལ་བགྱིད། །རིན་པོ་ཆེ་ཡི་གཏེར་སོགས་ཀྱིས། །བསོད་ནམས་ཚད་མེད་འགྲུབ་པར་འགྱུར། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ། །ཅེས་སྒྲུབ་ཐབས་ནས་འབྱུང་བ་དང༌། གར་མཁན་མཆོག་ནས། འབུམ་ཕྲག་གཅིག་གིས་གནས་ཁང་གཡོ། །ཞེས་པ་དང༌། བཅུས་ནི་མངོན་པར་ཤེས་པ་ཐོབ། །ཅེས་པའི་བར་ཕན་ཡོན་རྣམས་འབྱུང་ངོ༌། །དེ་ལྟར་བསྙེན་སྒྲུབ་ཐེམས་ནས་ལས་སྦྱོར་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟར་བསྙེན་སྒྲུབ་ཀྱི་དུས་སུ་བཟླས་སྒོམ་གྱིས་སྐྱོ་ན་མཆོད་པ་དང་བསྟོད་པ་བྱ་སྟེ། བཟོད་པར་གསོལ་ལ་གཤེགས་སུ་གསོལ་ལོ། །ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་པས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཕྱག་ལེན་ལྟར་བཤམས་ལ། རྟ་རྐྱང་གི་ཤ་དང་ཆང་སྤངས་ལ། གཞན་ཤ་གཙང་མ་དང༌། དཀར་གསུམ་གྱིས་བརྒྱན་པ་བཤམས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཁྃ་ལས་ལྷའི་ཞལ་ཟས་དྲི་རོ་ཕུན་སུམ་ཚོགས་པར་བསམ། དེའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་རིམ་པ་བཞིན་དུ་བསམས་ཤིང༌། ངག་ཏུ་ལན་གསུམ་བརྗོད་པས་ཡི་གེ་གསུམ་ཞུ་ནས་ཉེས་སྐྱོན་ཐམས་ཅད་དག་པར་གྱུར།«་་་་་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ།» ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཀ་ན་ཁཾ་སརྦ་ཨརྠ་སཱ་དྷ་ནཾ་«གསུམ་གྱི་གང་ལ་གང་དགོས་སུ་གྱུར་པར་བསམ། »སྭཱ་ཧཱ། ཞེས་པས་སངས་རྒྱས་སྤྱན་གྱི་སྔགས་

p. 34

ལན་གསུམ་དང༌། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པ་ནམ་མཁའ་མཛོད་ལན་གསུམ་གྱིས་རྒྱ་ཆེར་སྤེལ་ལོ། །དེ་ནས་ཐུན་གཤམ་ཡིན་ན་མགྲོན་གསར་དུ་བསྐྱེད་མི་དགོས་ཏེ་དེ་ཉིད་ལ་དབུལ་ལོ། །གཞན་དུ་ས་གཞི་བསང་བ་དང་སྦྱང་བ་བྱས་ནས། གཞལ་ཡས་ཁང་བསྐྱེད་པ་ནས་བཟླས་པའི་པར་དུ་སྔར་བཞིན་བྱས་ལ། དེ་ནས་ཡན་ལག་བདུན་པ་བྱས་ནས། གཏོར་མ་དབུལ་བ་ཕྱག་ལེན་དུ་སྣང་ཡང༌། ཡན་ལག་བདུན་པ་མཆོད་པ་དང་བསྟོད་པའི་བར་དུ་བྱས་ན་ལེགས་པར་མཐོང་ངོ༌། །དབུལ་བ་ནི། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་མ་ཎ་ཡེ་ཨི་དཾ་བ་ལིཾ་གྲྀཧྞ་ཏུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སཱ་དྷ་ཨ་མོ་གྷ་ཡེ་སྭཱ་ཧཱ། ཨི་དཾ་གྱི་གོང་དུ་ས་པ་རི་ཝཱ་ར་ཞེས་པ་བཅུག་ཀྱང་ཉེས་པ་མེད་དོ། །འཁོར་རྣམས་ལའང་རང་རང་གི་སྔགས་ཀྱི་སྭཱ་ཧཱའི་གོང་དུ་ཨི་དཾ་མན་ཆད་བཏགས་ལ་དབུལ། ཨོཾ་ཨཥྚ་ནཱ་ག་ཤ་ཏ་ས་ཧ་སྲ་ཀོ་ཊི་ཡཀྵ་རཱཀྵ་ཞེས་པ་ལ་ཨི་དཾ་མན་ཆད་བཏགས་ལ། ཀླུ་བརྒྱད་དང༌། གནོད་སྦྱིན་དང༌། སྲིན་པོ་བྱེ་བའི་ཚོགས་ལ་དབུལ། ཡང་ན་ཨ་ཀཱ་རོས་དབུལ་ལོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། རིན་ཆེན་ཕོ་བྲང་དམ་པ་ན། །མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །གཡས་པ་རིན་ཆེན་རྒྱལ་མཚན་འཛིན། །གཡོན་པ་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་ནི་གསེར་གྱི་འོད་ལས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །སྐུ་ལ་རིན་ཆེན་རྒྱན་གྱིས་བརྒྱན། །བྱང་ཕྱོགས་རྒྱལ་པོར་སྐུ་ཡང་འཁྲུངས། །རྣམ་ཐོས་སྲས་སུ་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །དབུ་ལ་རིན་ཆེན་ཅོད་པན་གསོལ། །ཡོན་ཏན་རྫོགས་ལ༴ །གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །སྡེ་བོ་ཆེ་ལ༴ །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །སྟོབས་པོ་ཆེ་ལ༴ །བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམ་ཤིང་དང་

p. 35

རིན་ཆེན་ཤིང༌། །རྫིང་བུ་བཟང་པོ་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཛམྦྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག༴ །གང་བ་བཟང་པོ་སྐུ་མདོག་གསེར། །རྫུ་འཕྲུལ་རྟ་ཡི་སྟེང༴ །གཡོན་པ་ནེའུ་ལེ༴ །བུམ་པ་བསྣམས་ལ༴ །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ༴ །གཡོན་པ་ནེའུ་ལེ༴ །རིན་ཆེན་བསྣམས་ལ༴ །ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ༴ །གཡོན་པ་ནེའུ་ལེ༴ །རལ་གྲི་བསྣམས་ལ༴ །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ༴ །གཡོན༴ །གསེར་གྲི་བསྣམས་ལ༴ །འབྲོག་གནས་སྐུ་མདོག་ནག་པོ་ལ། །རྫུ་འཕྲུལ༴ །གཡོན༴ །མདུང་དམར༴ །ལྔས་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ༴ །གཡོན་པ༴ །ཁང་བརྩེགས༴ །བི་ཙི་ཀུཎྜ་ལི་ནི་དཀར། །རྫུ་འཕྲུལ༴ །གཡོན༴ །གྲི་ཕུབ༴ །གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་ལེ་ལ། །གཡས་ན་མཚོན་ཆ་སྣ་ཚོགས་འཛིན། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །སྟོབས་པོ་ཆེ་ལ༴ །མགོན་པོ་འཁོར་བཅས་ཐམས་ཅད་ཀྱིས། །ཁམས་གསུམ་ཐམས་ཅད་དབང་དུ་སྡུས། །ཁྱོད་ནི་ནོར་བདག་ཆེན་པོ་སྟེ། །ནོར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །དེ་ནས་ཕྲིན་ལས་བཅོལ་བ་ནི། ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང༌། །བདག་ཅག་འཁོར་དང་བཅས་པ་ལ། །བུ་སྡུག་བཞིན་དུ་བསྐྱང་བར་མཛོད། །བདག་ལ་གནོད་པར་སེམས་པ་ནི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང༌། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ཞིང་བཟོད་པར་གསོལ། དེ་ནས་ངག་ཏུ། བཻ྅་རིང་པོ་

p. 36

གཅིག་མིག་ཙུམ་སུམ་ཅུ་སོ་གཉིས་ཀྱི་ཚད་དུ་བརྗོད། ཡིད་ཀྱིས་པད་འདབ་ཀྱི་བཻ་རྣམས་གཤེགས་པར་བསམ་ཞིང༌། སྙིང་གའི་འོད་ཀྱི་ལྕགས་ཀྱུ་བཀྲོལ་བར་བསམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །བྱང་ཕྱོགས་གནས་སུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ་ཡེ་ཤེས་པ་བྱང་ཕྱོགས་སུ་གཤེགས། དམ་ཚིག་པ་བདག་ལ་བསྡུ་བའམ་མི་དམིགས་པར་བསམ་མོ། །རྗེས་སྤྱོད་ལམ་ཐམས་ཅད་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་བྱའོ། །མ་གྲུབ་ན་སྤོགས་པའི་ཆོ་ག་གཟུགས་བརྙན་ལ་བརྟེན་ཏེ་དབང་དུ་བསྡུ་བ་ནི་ཡི་གེ་གུད་ན་ཡོད་པས་དེར་ལྟའོ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །མི་མཐུན་ཕྱོགས་འཇོམས་དགོས་འདོད་ཀུན་འབྱུང་བ། །ལྷ་མིའི་མགོན་གྱུར་མགོན་པོ་གནས་སྲུང་གི །སྒྲུབ་ཐབས་འདི་ཡི་བརྒྱུད་པའི་རིམ་པ་ནི། །རྡོ་རྗེ་འཆང་དབང་ཕྱག་ན་རྡོ་རྗེ་དང༌། །སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ཀུན་ཏུ་བཟང༌། །འགྲོ་བཟང་སྙིང་པོ་རིན་ཆེན་རྡོ་རྗེ་དང༌། །ཁ་ཆེ་དགོན་པ་ཟངས་དཀར་ལོ་ཙཱ་དང༌། །གཡོར་པོ་ཇོ་སྟོན་བསོད་ནམས་རིན་ཆེན་དང༌། །འཇེད་ཕུ་བ་དང་ལྷ་རྗེ་རྡོ་བཟང་དང༌། །བྱམས་པ་ལོ་ཙཱ་བསོད་ནམས་དབང་ཕྱུག་དང༌། །བསོད་ནམས་སེང་གེ་སེང་གེའི་མཚན་ཅན་ནོ། །ཡང་ན། ཕྱག་ན་རྡོ་རྗེ་ཀཱ་མ་རཱུ་པ་དང༌། །ཀརྞ་པ་དང་འགྲོ་བཟང་རིན་རྡོར་དང༌། །བྲམ་ཟེ་སཛྫ་ན་དང་གཟི་བརྗིད་ལྷ། །འཕགས་པ་ཤེས་རབ་ཞུ་སྟོན་ས་སྐྱ་པ། །གྲགས་པ་སེང་གེ་རྒྱ་སྟོན་གྲུབ་པ་པོ། །གྲུབ་མཆོག་རྡོ་རྗེ་དཔལ་དང་རིན་པོ་ཆེ། །བླ་མ་སེང་གེའི་ཞབས་ལས་ལེགས་བརྒྱུད་པའི། །རིན་ཆེན་མང་སྤྲུལ་རྒྱལ་པོའི་སྒྲུབ་ཐབས་འདི། །བློ་མཆོག་དོན་གཉེར་བློ་གྲོས་རབ་རྒྱས་པ། །བློ་གྲོས་སེང་གེས་བསྐུལ་ཕྱིར་བློ་གྲོས་ཅན། །བློ་གྲོས་རབ་སྦྱངས་བློ་གྲོས་མཆོག་གྱུར་པའི། །བློ་གྲོས་དྲི་མེད་བུ་སྟོན་ཁ་ཆེས་སྦྱར། །དེ་ཡི་དགེ་བ་དགོས་འདོད་ཀུན་འབྱུང་བས། །རྣམ་སྲས་མཉེས་ནས་དགོས་འདོད་རེ་སྐོང་ཞིང༌། །འགྲོ་བ་ཀུན་ལ་དགོས་འདོད་ཆར་འབེབས་

p. 37

པའི། །ཀུན་མཁྱེན་དགོས་འདོད་འབྱུང་བ་ཐོབ་པར་ཤོག །རྒྱལ་པོ་རྣམ་ཐོས་སྲས་ཀྱི་མངོན་རྟོགས་དགོས་འདོད་འབྱུང་པ་ཞེས་བྱ་བ་སྡེ་སྣོད་འཛིན་པ་རིན་ཆེན་གྲུབ་ཀྱིས་ཁྲོ་ཕུ་དགའ་ལྡན་གཙུག་ལག་ཁང་དུ་སྦྱར་བ་འདི་ས་སྟེང་དུ་ཉི་ཟླ་ལྟར་དར་བར་གྱུར་ཅིག། །།«མཆན། འདི་འི་ནང་རྣམ་སྲས་ཁང་བཟང་དང་ཕྱག་གཉིས་འཁོར་ལོ་སོགས་པའི་རི་མོ་མང་ཙམ་མཆིས་པ་བྲི་མ་ཐུབ།

ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་དང་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་དང་གཏོར་ཆོག་དགོས་འདོད་ཀུན་འབྱུང་།

p. 38
p. 39

ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་དང་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་དང་གཏོར་ཆོག་དགོས་འདོད་ཀུན་འབྱུང་བཞུགས་སོ།། སེར་ཆེན་ལྷ་དགུ།།

p. 40

ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། གསང་བདག་ཕྱག་ན་རྡོ་རྗེ་དང༌། །རིན་ཆེན་མང་སྤྲུལ་ལ་བཏུད་ནས། །དེ་ཉིད་མཉེས་པར་བྱེད་པའི་ཐབས། །མཁས་པའི་གསུང་བཞིན་བཤད་ཀྱིས་ཉོན། །རྟེན་གྱི་གང་ཟག་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ། ཕྱག་ན་རྡོ་རྗེ་དང་ཆོས་སྐྱོང་ཆེན་པོའི་རྗེས་གནང་ཐོབ་པ། ཁྱད་པར་གྱི་དམ་ཚིག་སྟོད་གཡོགས་སྔོན་པོ་བགོ་བ། ལུང་ཐང་གི་ཕྲེང་བ་བགྲང་བ། རྟའི་ཤ་མི་ཟ་བ། ཡུག་ས་མོས་ཕྱག་ཚང་བྱས་པའི་ཟས་མི་ཟ་བ། རེ་བ་ནག་པོའི་སྟན་ལ་མི་འདུག་པ། སྣོད་ཁ་ཆག་ཏུ་ཟས་མི་ཟ་བ། མི་རོ་རྟ་རོ་ལ་མི་འཇུ་བ་སྟེ། དམ་ཚིག་བདུན་དང་ལྡན་པ། ཕྱི་རྟེན་རྟ་སྔོན་པོ་དངོས་སམ་གཟུགས། ནང་རྟེན་ཆོ་ག་དང་མཐུན་པར་བྱས་པའི་བྲིས་སྐུ། གསང་རྟེན་བཤད་པ་ལྟར་བྱས་པའི་བཻ་ཡིག་སྔགས་དང་བཅས་པའི་གའུ་སྟེ། རྟེན་གསུམ་ཚང་བར་བཙུགས་ཤིང་འདི་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས་ཡར་ངོའི་གཟའ་སྐར་བཟང་པོ་ལ་གཙང་ཞིང་དབེན་པའི་གནས་སུ། ཡི་དམ་ཆོས་སྐྱོང་གི་བྲིས་སྐུ་དགྲམ། མཎྜལ་དྲི་བཟང་གིས་བྱུགས་པ་ལ་གཙོ་འཁོར་དགུའི་

p. 41

ཚོམ་བུ་དགོད། ཡི་དམ་ཆོས་སྐྱོང་རྟ་བདག་བརྒྱད། འཁོར་སྤྱི་རྣམས་ལ་ཆེ་ཞིང་བཟང་བའི་གཏོར་མ་རེ་རེའམ། མ་འབྱོར་ན་ཡི་དམ་ཆོས་སྐྱོང་ལ་རེ་རེ། སྐོང་བཤགས་བྱེད་ན་ཁང་བཟང་གི་དབྱིབས་སུ་བྱས་པའི་སྐོང་གཏོར་ཆེ་བ་གཅིག ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་དང་སྤྱན་གཟིགས་དང་རོལ་མོའི་བྱེ་བྲག་ལ་སོགས་པ་ཅི་འབྱོར་པ་དང༌། རྨིག་ཟླུམ་དང་མཛོ་ཏོལ་གྱི་ཤ་དང་ཆང་མ་གཏོགས་པའི་ཚོགས་རྫས་ཅི་འབྱོར་པ་བཤམས་ལ། ཡོ་བྱད་རྣམས་ལ་དྲི་བཟང་གི་ཆུ་གཏོར་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ལས་བྱུང་བའི་གསང་གཏོར། མཆོད་ཡོན། ཞབས་བསིལ། ཞལ་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཅེས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་པྲོཀྵ་ཎཾ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། ཨརྒྷཾ། པཱ་དྱཾ། ཨཱཉྩ་མ་ནཾ།

p. 42

ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ཤབྡའི་མཐར་རོལ་མོ་དང་བཅས་པས་བྱིན་གྱིས་བརླབ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿ ན་མོ་བཛྲ་པཱ་ཎི་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། པུཥྤེ་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། ཚད་མེད་བཞི་བསྒོམ། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དར་སྔོན་པོའི་སྟོད་གཡོགས་དང༌། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་

p. 43

ཀྱིས་བསྐོར་བ་སྤྱན་དྲང༌། གོང་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿ རང་ལ་ཐིམ་པར་བསམ། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང༌། གོང་ལྟར་མཆོད། དེ་རྣམས་ཀྱིས་ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་མི། ཞེས་གསུང་ཞིང་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ་པར་བསམ་ཞིང༌། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་ལུང་ཐང་གི་ཕྲེང་བ་ལ་ཅི་ནུས་བགྲང༌། མཐར། ཨོཾ་བཛྲ་པཱ་ཎི་སྔོན་དུ་འགྲོ་བའི་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་རོལ་མོའི་བར་གྱིས་མཆོད། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །གདུག་པ་ཅན་རྣམས་འདུལ་མཛད་པ། །གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། འདོད་དོན་གསོལ་བ་གདབ། གཏོར་མ་སྔར་ལྟར་བསང་སྦྱང༌། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྃ་ལས་བྱུང་བའི་ཞལ་ཟས་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ། ཨོཾ་ཨཱཿཧཱུྃ་གིས་མ་དག་པ་བསང༌། ཨ་ཀཱ་རོ་སོགས་ཀྱིས་བདུད་རྩིར་བྱས། ཨོཾ་རུ་རུ་སྥུ་རུ་སོགས་དང༌། ནམ་མཁའ་མཛོད་ཀྱིས་སྔགས་ཀྱིས་རྒྱ་ཆེར་སྤེལ་ལ། མདུན་གྱི་ནམ་མཁར་གོང་བཞིན་ཕྱག་ན་རྡོ་རྗེ་ཡན་ལག་བཞི་རྫོགས་སུ་བསྐྱེད། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨཱཛྙཱ་པ་ཡ་ཏི། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་

p. 44

རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། མ་མ་སརྦ་ཀརྨ་སཱ་དྷ་ཨ་མོ་གྷཱ་ཡ་སྭཱ་ཧཱ། ཞེས་གསུམ་མམ་ལྔ་ལ་སོགས་པས་དབུལ། གོང་ལྟར་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན། །ཞེ་སྡང་ཅན་རྣམས་འདུལ་བའི་རྟགས། །ཉོན་མོངས་སྤངས་ལ་ཕྱག་འཚལ་བསྟོད། །ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །རྡོ་རྗེ་ལན་གསུམ་གསོར་བས་ནི། །གནོད་སྦྱིན་དྲག་པོ་འདུལ་མཛད་པ། །གནོད་སྦྱིན་གོས་སྔོན་ཕྱག་འཚལ་བསྟོད། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །རྒྱལ་པོ་བཏུལ་ནས་ནོར་སྒྲུབ་མཛད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །མེ་རི་འབར་བའི་ནང་ན་བཞུགས། །རྣམ་རྒྱལ་ཁྲོ་བོའི་སྐུར་བསྟན་ནས། །ཁྲོ་བོའི་ངར་སྐད་དྲག་པོ་ཡིས། །ཐམས་ཅད་ཀུན་འདུལ་ཕྱག་འཚལ་ལོ། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །མཁའ་ལྡིང་རྒྱལ་པོར་སྐུར་སྤྲུལ་ནས། །ཀླུ་རྒྱལ་ཐབས་ཀྱིས་འདུལ་མཛད་པའི། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །ནག་པོ་ཆེན་པོར་སྐུར་སྤྲུལ་ནས། །རུ་དྲ་འདུལ་ལ་ཕྱག་འཚལ་ལོ། །ཞེས་པ་རྫོགས་པའམ་གང་རིགས་ཀྱི་མཐར། མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །སྐུ་གསུམ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་བརྗོད། དེ་ནས་རང་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས། འཁྱིལ་པའི་སྔགས་དང་དྲི་བཟང་གི་ཆུས་ཕྱོགས་ཀུན་ཏུ་བསང་གཏོར་བྱས་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌།

p. 45

མདུན་གྱི་མཎྜལ་གྱི་སྟེང་དུ་བཞུགས་པར་བསམ། དེ་ལ་སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས། འཁྱིལ་པ་སྔོན་དུ་འགྲོ་བའི་སྒོ་ནས། ཨོཾ་བཻ་ཤྲ་ཝ་ན་ས་པ་རི་ཝཱ་ར་ཨོཾ་བཛྲ་པྲོཀྵ་ཎཾ་པྲ་ཏཱིཙྪ་ཨོཾ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས། ཨརྒྷཾ། པཱ་དྱཾ། ཨཱཉྩ་མ་ནཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་སྤེལ་ལ་མཆོད། ཐལ་མོ་སྦྱར་ཏེ། རྒྱལ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གསེར་རི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང༌། །སྤྲིན་བྲལ་ཉི་འོད་སྟོང་གི་གཟི་ལྡན་པ། །འདོད་དགུའི་ཆར་འབེབས་ཁྱོད་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཡིད་འོང་ལྷ་རྫས་དངོས་ཀུན་དང༌། །བཀའ་འབངས་བྲན་སླད་རང་ལུས་ཉེར་བདོག་བཅས། །མ་ཆགས་མི་ཞུམ་ཟབ་ཅིང་རྒྱ་ཆེའི་ཕྱིར། །དགོངས་ཆེན་བསྒྲུབ་ཕྱིར་དགེ་ཚོགས་རྒྱ་མཚོས་མཆོད། །རང་གི་རྒྱུ་སྔོན་མ་བསགས་འབྲས་འདོད་དང༌། །དོན་མེད་དོན་ལོག་ཅུང་ཟད་དོན་ཕྱིར་ནི། །ཧ་ཅང་འདོད་ཆེན་བསྐྱེད་དང་ཆོག་མ་ཤེས། །བསམ་སྦྱོར་ནོངས་པ་གང་མཆིས་མཐོལ་ལོ་བཤགས། །ལྷ་ཀླུ་མི་རྣམས་འཇིགས་དང་ཕོངས་པ་ལས། །མྱུར་སྐྱོབ་འཇིག་རྟེན་སྐྱོང་རྒྱལ་འཇིག་རྟེན་ལས། །ཀུན་སྒྲོལ་ཀུན་ནས་ཕན་དང་བདེ་སྟེར་བ། །ཕྲིན་ལས་རྒྱུན་མི་ཆད་ལ་རྗེས་ཡི་རང༌། །སྣ་ཚོགས་ཡང་དག་འཇིགས་དང་མགོན་མེད་དང༌། །བདེ་སྡུག་བྲེལ་ཕོངས་བརྒྱས་གཟིར་སྐལ་ངན་རྣམས། །དབུགས་དབྱུང་སླད་དུ་ཐུགས་གསུང་སྐུ་དང་འོད། །ཉི་ཟླ་རྒྱལ་མཚན་ནེའུ་ལེ་རྣམ་རོལ་བསྐུལ། །ཁྱོད་སྐུ་ཁྲོ་དང་འཛུམ་དང་བརྗིད་མཛེས་འགྱིང༌། །སྒེག་དུལ་བརྟན་འཇིགས་དཔའ་བོའི་གར་དགུ་ཡིས། །མི་སྲུན་ཚར་གཅོད་སྐལ་ལྡན་རྗེས་བཟུང་ཕྱིར། །བསྐལ་བརྒྱར་མྱ་ངན་མི་འདར་བདག་གསོལ་འདེབས། །དེ་ལྟར་འགྲོ་སྐྱོབ་ཁྱོད་ལ་འགྲོ་བདེའི་སླད། །ལྷ་མཆོག་ལྷག་པའི་

p. 46

ལྷར་བཟུང་བསྙེན་བཀུར་བས། །བདག་སོགས་མགོན་མེད་མགོན་མཛོད་རྟག་ཏུ་ཡང༌། །ཤེས་རབ་ཐུགས་རྗེས་མི་བསྙེལ་མི་གཏོང་ཤོག །ཅེས་ལན་གསུམ་བརྗོད། བདག་གི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་འཁོར་དང་བཅས་པའི་གནས་གསུམ་དུ་ཕོག་པས་ཐམས་ཅད་འོད་དུ་ཞུ་ནས་སྟོང་ཉིད་འོད་གསལ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གྱུར་པར་བསམས་པ་ནི་སྔོན་འགྲོའི་ཚོགས་བསགས་པའོ། །དངོས་གཞི་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས་མདུན་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་དང་བཅས་པ། འཁོར་ས་རིམ་པ་གསུམ་དང་ལྡན་པའི་དབུས་སུ་ཁང་པ་བརྩེགས་མ་དགུ་ཡོད་པ། དབུས་མའི་ཕོ་བྲང་གསུམ་བརྩེགས་སུ་གནས་པའི་རྩེ་མོ་རིན་པོ་ཆེའི་ཏོག་གིས་སྤྲས་པ། ལོགས་རྣམས་སུ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང༌། མདའ་ཡབ་དང་པུ་ཤུས་བརྒྱན་པ། ཤར་ཤེལ། ལྷོར་བཻ་ཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པའི་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱ་ཕྱོགས་རེ་རེར་བརྒྱན་པ། གཏེར་གྱི་ཁང་པ་བཅོ་ལྔ་བཅོ་ལྔས་སྤྲས་པ། ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་བུམ་པ་བཟང་པོ་བརྒྱད། དཔག་བསམ་གྱི་ཤིང་བརྒྱད། རིན་པོ་ཆེའི་ལྗོན་ཤིང་བརྒྱད། རྫིང་བུ་བཟང་པོ་ལྗོན་ཤིང་དང་མེ་ཏོག་གིས་བརྒྱན་པ་བརྒྱད། འདོད་འཇོའི་བ་བརྒྱད་རྣམས་སྤེལ་མར་གནས་པ། ཕྱི་ནས་རིན་པོ་ཆེའི་རྭ་བ་གྲུ་བཞི་པས་བསྐོར་བ། ཕོ་བྲང་དབུས་མའི་ནང་དུ་ཧྲཱིཿལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཻ་ཡིག་གསེར་གྱི་མདོག་ཅན། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་ཞི་བར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

p. 47

ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བཻ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་ངལ་བསོས་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་དགོས་འདོད་ཐམས་ཅད་སྩོལ་བའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་ཅིང༌། གཡོན་པས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། ཞལ་ནས་རིན་པོ་ཆེའི་ཆར་འབེབས་ཤིང༌། སྐྱེ་དགུ་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྒྲོལ་བ། དབུ་ལ་རིན་པོ་ཆེའི་དབུ་རྒྱན་གསོལ་ཞིང༌། སྐུ་ལ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཕྲག་གོང་གཡས་གཡོན་གཉིས་ལ་ཉི་མ་དང་ཟླ་བས་བརྒྱན་པ། སེང་གེ་དཀར་པོ་ཉལ་ཐབས་སུ་གནས་ཏེ་དེ་ཉིད་ལ་གདོང་ལྟ་བའི་སྟེང་ན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པའོ། །ཕྱོགས་མཚམས་ཀྱི་ཁང་བརྩེགས་རྣམས་སུ་པདྨའི་གདན་རེ་རེའི་སྟེང་དུ། ཤར་དུ་རྨུགས་འཛིན་སེར་པོ་རིན་པོ་ཆེ། ལྷོར་གང་བ་བཟང་པོ་སེར་པོ་རིན་པོ་ཆེའི་བུམ་པ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་ནོར་བུ། བྱང་དུ་ཀུ་བེ་ར་ནག་པོ་རལ་གྲི། ཤར་ལྷོར་ཡང་དག་ཤེས་སེར་པོ་གསེར་གྲི། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང༌། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་ཁང་བརྩེགས། བྱང་ཤར་དུ་འཇམ་པོ་ལ་འཁྱིལ་པ་དཀར་པོ་གྲི་ཕུབ་འཛིན་པ། ཐམས་ཅད་ཀྱང་གཡས་པས་རང་རང་གི་ཕྱག་མཚན་དང༌། གཡོན་པས་གཏེར་གྱི་ནེའུ་ལེ་འཛིན་པ། རང་རང་གི་མདོག་དང་མཚུངས་པའི་རྫུ་འཕྲུལ་གྱི་རྟ་ལ་ཆིབས་པ། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། དཔའ་ཞིང་བརྗིད་ལ་མི་སྡུག་པའི་ཆ་བྱད་ཅན་ནོ། །འཁོར་ས་བར་པ་ལ་གནོད་སྦྱིན་བྱེ་བའི་

p. 48

ཚོགས་རྣམས་དང༌། འཁོར་ས་ཐ་མ་ལ་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང༌། སྟོབས་ཆེན་སུམ་ཅུ་རྩ་གཉིས་ལ་སོགས་པ་ལྷ་མ་སྲིན་སྡེ་བརྒྱད་དང༌། གནོད་སྦྱིན་དང་སྲིན་པོའི་ཚོགས་མི་སྡུག་ཅིང་བརྗིད་ལ་རྔམས་པ། ཕྱག་གཡས་ན་མཚོན་ཆ་སྣ་ཚོགས་འཛིན་ཅིང༌། གཡོན་ན་གཏེར་གྱི་ནེའུ་ལེ་འཛིན་པ། སྐུ་མདོག་མཐའ་གཅིག་ཏུ་མ་ངེས་པ་སྤྲིན་ཕུང་འཐིབས་པ་བཞིན་དུ་བཞུགས་པར་བསམས་ལ། མན་ངག་ལས་འབྱུང་བའི་སྤོས་སམ། མེད་ན་འབྲས་ཕྱེ་དང་སྤོས་དཀར་བསྲེས་པ་སྲེག་ཅིང་རོལ་མོ་སྣ་ཚོགས་དང་བཅས་ཏེ། རང་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་གྱི་སྣ་ལ་འདོད་རྒྱལ་དམར་པོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་སྤྲོས་པས་དེས་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་མདུན་དུ་བསྐྱེད་པའི་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་ལ་གཉིས་སུ་མེད་པར་ཐིམ་པར་ཡང་ཡང་བསམ་ཞིང༌། རྒྱལ་པོ་འགུགས་པའི་ཕྱག་རྒྱའམ། ལྕགས་ཀྱུའི་ཕྱག་རྒྱ་བྱ། རྡོ་རྗེ་དྲིལ་བུ་འཛིན་པས། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིང་བས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང༌། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང༌། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་ཞལ་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་སྲུང་བ་དང༌། །སེམས་ཅན་ཀུན་ལ་ཕན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་ཝ་ཎཱ་ཡ་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད། བཻ་རིང་པོ་བརྗིད་དང་ལྡན་པ་མིག་འཛུམ་སུམ་ཅུ་རྩ་གཉིས་ཀྱི་ཡུན་ཙམ་བརྗོད་པས་

p. 49

རྒྱལ་པོའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་འདབ་མ་རེ་རེ་ལ་བཻ་བཞི་བཞི་བསམ་ཞིང༌། དམ་ཚིག་པ་དང་ཡེ་ཤེས་པའི་ཐུགས་ཀར་འོད་ཟེར་གྱི་ལྕགས་ཀྱུས་དབྱེར་མེད་དུ་བྱས་པར་བསམ། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥཉྩཱ་མི། ཞེས་པས་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ་སོགས་གོང་ལྟར་བསམ། མཆོད་པ་རྣམས་ཁ་གསོས་ལ་སྔར་ལྟར་བྱིན་གྱིས་བརླབ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་བསང་གཏོར་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །འཁྱིལ་པའི་སྔགས་དང༌། ཨོཾ་བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ཨོཾ་པྲོཀྵ་ཎཾ་པྲ་ཏཱིཙྪ་ཨོཾ་ཨཱཿཧཱུྃ། ཞེས་པད་སྐོར་སྔོན་དུ་འགྲོ་བའི་ཕྱག་རྒྱ་དང་བཅས་པས་བསང་གཏོར་དང༌། དེ་བཞིན་དུ་རོལ་མོའི་བར་དུ་འདོན་པ་བསྒྱུར་བས་ཉེར་སྤྱོད་འབུལ། སྤྲོ་ན། རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་བཟང༌། །དུང་དཀར་གཡས་འཁྱིལ་དཔའ་བེའུ་དང༌། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩལ་བའི་ཕྱིར། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཨོཾ་བཻ་ཤྲ་ཝ་ན་ས་པ་རི་ཝཱ་ར་ཨཥྚ་མངྒ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་པས་བཀྲ་ཤིས་རྫས་བརྒྱད་དབུལ། ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང༌། །ཅང་ཤེས་རྟ་དང་ཐེག་ཆེན་གླང༌། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །དམག་དཔོན་རིན་ཆེན་སྣ་བདུན་རྣམས། །བདག་གི་བསམ་པ་ཡོངས་རྫོགས་ཕྱིར། །རྒྱལ་ཆེན་སྲས་དང་བཙུན་མོར་བཅས། །འཁོར་དང་བཅས་པས་བཞེས་སུ་གསོལ། །མཚན་སྔགས་ཀྱི་མཐར། སཔྟ་རཏྣ་པཱུ་ཛ་མེ་གྷ་སོགས་ཀྱིས་རིན་

p. 50

ཆེན་སྣ་བདུན་དབུལ། ཡིད་འོང་གཟུགས་མཛེས་རྣམ་པ་དང༌། །རྣར་སྙན་རོལ་མོའི་རྣམ་པ་དང༌། །ཡིད་འཛིན་དྲི་དང་ཕུན་ཚོགས་ཀྱི། །རོ་མཆོག་བརྒྱད་ལྡན་ཞལ་ཟས་དང༌། །འཇམ་མཉེན་འཁྲིལ་ཆགས་ན་བཟའ་སྟེ། །འདོད་པའི་ཡོན་ཏན་རྣམ་ལྔའི་ཚོགས། །རབ་འབྱམས་ཞིང་ན་གང་ཡོད་རྣམས། །མགོན་པོ་འཁོར་དང་བཅས་ལ་འབུལ། །མཚན་སྔགས་ཀྱི་མཐར། པཉྩ་ཀཱ་མ་གུ་ཎ་པཱུ་ཛ་སོགས་ཀྱིས་འདོད་ཡོན་དབུལ། བསྡུས་པ་ལ་དགའ་ན། དེ་རྣམས་ཀྱི་ཚིགས་བཅད་དོར་ཏེ་སྔགས་ཙམ་གྱིས་དབུལ། སྤྲོ་ན་ཡན་ལག་བདུན་པ་སྔར་བཞིན་བྱ་གསུངས་ཀྱང༌། ཚོགས་བསགས་སྔོན་དུ་སོང་བའི་ཚེ་མ་གྲུབ་ཀྱང་ཉེས་པ་མེད་དོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། མི་འཇིགས་སེང་གེའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང༌། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང༌། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤིང༌། །འདོད་དགུ་ཡིད་བཞིན་འགྲུབ་པ་དང༌། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བསྟོད། རྒྱལ་པོའི་ཐུགས་ཀའི་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སེར་པོའི་ལྟེ་བར་བཻ་ཡིག་གསེར་གྱི་མདོག་ཅན། སྙིང་པོ་དང་གཟུངས་ཀྱི་ཕྲེང་བས་བསྐོར་བ་དང༌། འཁོར་རྣམས་ཀྱི་ཐུགས་ཀར་ཡང་ཟླ་བའི་སྟེང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པའི་མཐར་སོ་སོའི་སྔགས་ཀྱིས་བསྐོར་བར་བསམ། རང་གི་ལྕེ་རྡོ་རྗེའི་སྦུ་གུར་བསམས་ལ། སྔགས་བཟླ་བའི་ཚེ་ཐུགས་ཀའི་ས་བོན་དང་སྔགས་

p. 51

ཕྲེང་ལས་འོད་ཟེར་འཕྲོས་པའི་རྩེ་ལས་མཆོད་པ་སྣ་ཚོགས་སྤྲོས་ཏེ་རྒྱལ་པོ་འཁོར་བཅས་མཆོད་པས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་སྤྲོས་ཏེ་འཇིག་རྟེན་གྱི་ཁམས་ཀྱི་མཐུ་སྟོབས་དབང་ཕྱུག དཔལ་འབྱོར་གཟི་བརྗིད། ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ནས་བདག་གི་སྙིང་གར་བསྟིམ་པར་བསམ་ཞིང༌། ཕྱག་ན་རྡོ་རྗེའི་སྔགས་ཅི་རིགས་ཞིག་སྔོན་དུ་བཟླས་ལ། དེ་ནས་རྒྱལ་པོའི་སྔགས་བཟླའོ། །གཟུངས་ནི། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཙི་ལི་མ་ཎི་བྷ་དྲ། ཙི་ལི་ཙི་ལི་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱ་ཐཱ། སུ་དྷ་ནི། སུ་ར་ཎི། སུ་མ་ཏི། སུ་པུ་ཥེ། ཧི་ལི་མི་ལི་སྭཱ་ཧཱ། སྙིང་པོ་ནི། ཨོཾ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཤཱ། ཞེས་པ་སྟེ་བསྙེན་པའི་ཚད་ནི་བཞི་འབུམ་མོ། །འཁོར་གྱི་སྔགས་ནི། ཨོཾ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧསྠཱ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཱ་ཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལཱ་ཡ་སྭཱ་ཧཱ། ཞེས་པ་རྣམས་གཙོ་བོ་ལ་ཇི་ཙམ་བཟླས་པའི་བཅུ་ཆ་རེ་བཟླའོ། །བསྙེན་པའི་ཆོ་གའོ། །སྒྲུབ་པ་ནི་གཞན་འདྲ་བ་ལས། བསྙེན་པ་རྫོགས་ནས་མཎྜལ་ཙནྡན་དཀར་པོས་བྱུགས་པ་ལ་ཚོམ་བུ་བཀོད་དེ། རྒྱལ་པོ་འཁོར་བཅས་སྔ་མ་བཞིན་དུ་བསྐྱེད་ལ། སྔགས་བཟླ་བའི་ཚེ་ཨ་ག་རུ་བསྲེག་ཅིང་ཐུན་དྲུག་ཏུ་སྒྲུབ་པའོ། །དེ་གཉིས་གང་ལྟར་ཡང་ཐུན་འཇོག་པའི་ཚེ་མཆོད་བསྟོད་རྒྱས་བསྡུས་

p. 52

ཇི་ལྟར་རིགས་པ་བྱས་ལ། གཏོར་མ་མི་འབུལ་ན་འོག་ནས་འབྱུང་བ་ལྟར་བཟོད་པར་གསོལ་ཏེ་གཤེགས་གསོལ་བྱའོ། །གཏོར་མ་འབུལ་བའི་ཚུལ་ནི། གོང་དུ་བཤམས་པའི་གཏོར་མ་རྣམས་ཆུ་གཙང་མས་བྲན། འཁྱིལ་པས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁྃ་ལས་བྱུང་བའི་ལྷའི་ཞལ་ཟས་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། དེའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་རིམ་པ་བཞིན་དུ་བརྩེགས་པ་དེ་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་ཡི་གེ་གསུམ་ཞུ་ནས་ཉེས་སྐྱོན་ཐམས་ཅད་དག་པར་བསམ། ཨཱ་ཀ་རོས་བདུད་རྩིར་བསྒྱུར། རུ་རུ་སྥུ་རུ་དང༌། ནམ་མཁའ་མཛོད་ཀྱིས་རྒྱ་ཆེན་པོར་སྤེལ། ཐུན་གཤམ་ཡིན་ན། གཏོར་མགྲོན་གོང་གི་དེ་ཉིད་ལ་དབུལ། མིན་ན་ཕྱག་རྡོར་ལ་ཡང་སྔར་བཤད་པའི་ཆོ་གས་འདིར་ཕུལ་ལ། མཎྜལ་འཁྱིལ་པས་བསངས་ལ། ཤཱུ་ནྱ་ཏཱས་སྦྱངས་པ་ནས་བཟླས་པའི་རྗེས་ཀྱི་མཆོད་བསྟོད་ཀྱི་བར་གོང་བཞིན་བྱས་ལ། དེ་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། འཁྱིལ་པའི་སྔགས་ཀྱི་མཐར། ཨོཾ་བཻ་ཤྲ་ཝ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། མ་མ་སརྦ་ཀརྨ་སཱ་དྷ་ཨ་མོ་གྷ་སྭཱ་ཧཱ། ཞེས་ལྔའམ་བདུན་དང༌། རྟ་བདག་རྣམས་ལ་སོ་སོའི་སྔགས་ཀྱི་སྭཱ་ཧཱའི་གོང་དུ་ཨི་དཾ་མན་ཆད་བཅུག་པ་དབུལ། འཁོར་གཞན་རྣམས་ལ། ཨོཾ་ཨཥྚ་ནཱ་ག་ཤ་དྷཱུ་ཏ་ས་ཧ་སྲ་ཀོ་ཊི་ཡཀྵ་རཀྵ་ས་ཨི་དཾ་ཞེས་སོགས་ཀྱིས་སམ། བསྡུ་ན་ཨ་ཀཱ་རོས་ཕུལ་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། རིན་ཆེན་ཕོ་བྲང་དམ་པ་ན། །མི་འཇིགས་སེང་གེའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པ་ནི། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །སེམས་དཔའི་སྐྱིལ་ཀྲུང་

p. 53

དག་གིས་བཞུགས། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་ནི་གསེར་གྱི་འོད་པས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །སྐུ་ལ་རིན་ཆེན་རྒྱན་གྱི་བརྒྱན། །བྱང་ཕྱོགས་རྒྱལ་པོར་སྐུ་ཡང་སྤྲུལ། །རྣམ་ཐོས་སྲས་ཞེས་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །དབུ་ལ་རིན་ཆེན་ཅོད་པན་གསོལ། །ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར། །སྡེ་བོ་ཆེ་ལ་ཕྱག་འཚལ་ལོ། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །རྫིང་བུ་བཟང་པོ་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཛམྦྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་ལོ། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །བུམ་པ་བསྣམས་ལ་ཕྱག་འཚལ་ལོ། །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །ནོར་བུ་བསྣམས་ལ་ཕྱག་འཚལ་ལོ། །ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །རལ་གྲི་བསྣམས་ལ་ཕྱག་འཚལ་ལོ། །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །གསེར་གྲི་བསྣམས་ལ་ཕྱག་འཚལ་ལོ། །འབྲོག་གནས་སྐུ་མདོག་ནག་པོ་ལ། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །མདུང་

p. 54

དམར་བསྣམས་ལ་ཕྱག་འཚལ་ལོ། །ལྔས་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །ཁང་བརྩེགས་བསྣམས་ལ་ཕྱག་འཚལ་ལོ། །པི་ཙི་ཀུཎྜ་ལི་ནི་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་ན་ནེའུ་ལེ་གཡས་པ་ན། །གྲི་ཕུབ་བསྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་བའི་ཚོགས་ཀྱི་འཁོར། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅན་ནེའུ་ལེ་ལ། །གཡས་རྣམས་མཚོན་ཆ་སྣ་ཚོགས་འཛིན། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་འཁོར་བཅས་ཁྱེད་རྣམས་ཀྱིས། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །ཁྱོད་ནི་གཏེར་བདག་ཆེན་པོ་སྟེ། །ནོར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང༌། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་སྐྱོང་བར་མཛད་དུ་གསོལ། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང༌། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་པས་ཕྲིན་ལས་གཞོལ། སྐོང་བཤགས་བྱེད་ན། སྐོང་རྫས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་བརླབ་པའམ། མི་ནུས་ན་གཏོར་མ་ལྟར་བྱིན་གྱིས་བརླབས་པ་སོ་སོའི་གཏོར་སྔགས་ཀྱིས་གཙོ་འཁོར་ཐམས་ཅད་ལ་བསྔོས་ལ། བསྟོད་ཆེན་གྱི་མཆོད་འབུལ་གྱི་ལེའུ་དང༌།

p. 55

བཤགས་པའི་ལེའུ་ཙམ་བྱས་ནས་རྗེས་ཆོག་བྱས་པས་དོན་འགྲུབ་བོ། །འབྲིང་དུ་བྱེད་ན་གོང་གི་བསྟོད་པ་དང་ཕྲིན་ལས་གཞོལ་བ་བཞག་ལ། བསྟོད་ཆེན་གྱི་གནས་བསྟོད་དང༌། གཙོ་བོའི་བསྟོད་པ་རྫོགས་པའམ་ཐུགས་ལ་བསྟོད་པ་ཡན་ཙམ། སྲས་ལ་བསྟོད་པའི་དབུ་ནས་ཤློ་ཀ་གཉིས། འཁོར་ལ་བསྟོད་པའི་ཀླུ་ཆེན་གྱི་བསྟོད་པ་ཡན། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚུལ་དང༌། རྒྱུད་སྡེ་འཛིན་པའི་སྒོ་ནས་བསྟོད་པ་རྣམས་ཀྱི་དབུ་ནས་ཤློ་ཀ་རེ་རེ། སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་དུ་བསྟན་པ་ཚང་མ་རྣམས་བྱས་ནས་སྐོང་བཤགས་གོང་ལྟར་བྱས་པའི་མཐར། ཞི་རྒྱས་དབང་གསུམ་གྱི་ཕྲིན་ལས་བསྐུལ་བ་ཡན་ཙམ་བྱའོ། །རྒྱས་པར་ན་བསྟོད་ཆེན་ཚང་མ་སྐོང་བཤགས་དང་འབྲེལ་བར་བྱ་བ་སྟེ། འོན་ཀྱང་དྲག་པོའི་ཕྲིན་ལས་ཀྱི་བསྐུལ་བ་ནི་རྣལ་འབྱོར་པ་ནུས་པ་ཐོབ་པར་དྲག་པོའི་གཏོར་མ་དང་འབྲེལ་བའི་ཚེ་མ་གཏོགས། རང་ལ་ཆོས་སྐྱོང་འགོ་བའི་ཆེད་དུ་སྒྲུབ་པ་ཡིན་ནམ་བྱས་པར་ལེགས་པ་མཁས་པ་རྣམས་བཞེད་དོ། །དེ་ནས་ཚོགས་རྫས་«་་་་་དཀར་གསུམ་མངར་གསུམ་སྦྱར་བའི།» ཡོད་ན་བྱིན་གྱིས་བརླབས་ལ།«་་་་་གཏོར་མ་ལྟར།» ཕུད་བླ་མ་དང་ཡི་དམ་ཆོས་སྐྱོང་ལ་ཕུལ།«་་་་་ཞལ་ཟས་རོ་བརྒྱ་སོགས་ཀྱི་མཐར། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་དང༌། ཡི་དམ་དང༌། ཆོས་སྐྱོང་གི་གཏོར་སྔགས་ཀྱིས་ཕུལ།» བར་པ་དངོས་གྲུབ་ཀྱི་བསམ་པས་ལོངས་སྤྱད། ལྷག་མ་བསྡུས་ཏེ་ཨུཙྪིཥྚའི་སྔགས་ཀྱིས་ལྷག་མ་ལ་དབང་བ་རྣམས་ལ་བསྔོས་ལ་རོལ་མོ་དང་བཅས་པས་ཕྱིར་བཏང་ངོ༌། །གང་ལྟར་ཡང་ཆོ་ག་རྫོགས་ནས་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བྲིས་སྐུ་ཡོད་ན་བརྟན་བཞུགས་བྱ། བཻ་རིང་པོ་མིག་འཛུམ་སུམ་ཅུ་རྩ་གཉིས་

p. 56

ཀྱི་ཚད་དུ་བརྗོད་པས། རྒྱལ་པོའི་ཐུགས་ཀའི་འོད་ཀྱི་ལྕགས་ཀྱུ་གྲོལ་ཏེ་པད་འདབ་ཀྱི་བཻ་རྣམས་གཤེགས་པར་བསམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །བྱང་ཕྱོགས་གནས་སུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མུཿ ཞེས་དང༌། མཐེབ་སྲིན་གྱིས་སེ་གོལ་བྱས་པས། ཡེ་ཤེས་པ་སླར་འབྱོན་པར་བཞེད་བཞིན་པའི་སྒོ་ནས་བྱང་ཕྱོགས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ་པར་བསམས་ལ། རང་ཕྱག་ན་རྡོ་རྗེའི་ང་རྒྱལ་དུ་གནས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བཀོད་དེ། དགེ་བ་བསྔོ་ཞིང་བཀྲ་ཤིས་དང་དགའ་སྟོན་རྒྱ་ཆེན་པོ་བྱའོ། །དེ་ལྟར་ཕྱག་ན་རྡོ་རྗེ་དང༌། །རྒྱལ་ཆེན་རྣམ་སྲས་མཉེས་པའི་ཐབས། །དགོས་འདོད་ཀུན་འབྱུང་ཞེས་བྱ་འདི། །སྦྱར་བའི་དགེ་བས་སངས་རྒྱས་ཀྱི། །བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །བསྟན་འཛིན་སྐྱེས་བུ་སྐུ་ཁམས་བཟང༌། །འཇིག་རྟེན་བདེ་ཞིང་སྐྱིད་པ་སོགས། །སྲིད་ཞིའི་ཕུན་ཚོགས་རྒྱས་པར་ཤོག །འདི་ཉིད་དང་པོར་བསྐུལ་བ་དང༌། །བར་དུ་ཉམས་ལེན་མཛད་པ་དང༌། །ཐ་མར་ཡི་རང་བྱེད་རྣམས་ཀྱང༌། །ཆོས་སྐྱོང་ཆེན་པོས་སྐྱོང་གྱུར་ཅིག །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བསྙེན་སྒྲུབ་ཀྱི་ཆོ་ག་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ནི། ཆོས་སྐྱོང་ཆེན་པོ་ལ་དད་ཅིང་མོས་པའི་དགེ་བའི་བཤེས་གཉེན་དྲང་པོ་ལུང་མཁན་ཆེན་ཀུན་དགའ་རྡོ་རྗེས་ཡུན་རིང་མོ་ནས་བསྐུལ་བའི་ངོར། བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཀུན་མཁྱེན་གཉིས་པ་བུ་སྟོན་ཆོས་རྗེའི་གསུང་རབ་རྣམས་གུང་བསྒྲིགས་ཏེ་ལག་ལེན་དང་ཡིག་ཆ་གཞན་གྱི་སྤྲོས་པ་ཐམས་ཅད་བཏང་སྙོམས་སུ་བཞག་ནས། བསྲེ་བསླད་སྤངས་ཏེ་ཤིན་ཏུ་དག་པར་ལྕགས་མོ་ཕག་གི་ལོ་དབྱར་ཟླ་འབྲིང་པོའི་ཡར་ཚེས་བཅུ་བཞིའི་ཉིན་ཨེ་ཝྃ་ཆོས་ལྡན་གྱི་རི་ཁྲོད་དུ་སྦྱར་བའོ། །

p. 57

འདིའི་དགེ་བས་རྒྱལ་པོ་ཆེན་པོའི་ཐུགས་དགོས་འདོད་ཀྱི་འབྱུང་གནས་རིན་པོ་ཆེ་ཡོངས་སུ་མཉེས་པར་གྱུར་ཅིག ཡི་གེ་འདི་ལ་གཞན་གྱིས་བསྲེ་བསླད་མ་བྱེད་ཅིག གུ་ཧྱ་ས་མ་ཡ་སིདྡྷི། ༈ །སྭ་སྟི། རྒྱལ་ཆེན་རྣམ་ཐོས་སྲས་ལ་མཆོད་པ་འབུལ་བ་ནི། མགོན་པོ་གནས་སྲུང་འཁོར་བཅས་ལ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །སྔགས་དང་ཏིང་འཛིན་ལས་བྱུང་བའི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་བཟང་ཞལ་ཟས་མཆོག །ཟག་མེད་བདེ་སྐྱེད་ཉེར་སྤྱོད་རྣམས། །འཇིག་རྟེན་མཐའ་དག་བཀང་ནས་འབུལ། །པི་ཝང་གླིང་བུ་ཟངས་དུང་དང༌། །དུང་དང་རྫ་རྔ་རྔ་བོ་ཆེ། །རོལ་མོའི་ཁྱད་པར་སྟོང་ཕྲག་བཅུའི། །སྙན་པའི་སྒྲ་ཡིས་རབ་ཏུ་མཆོད། །དགེ་བའི་སྟོབས་ལས་འཁྲུངས་པ་ཡི། །དཔག་བསམ་ཤིང་ལས་བྱུང་གྱུར་པ། །ལྷ་རྫས་ཡོ་བྱད་མ་ལུས་རྣམས། །བློ་ཡིས་བླངས་ནས་འཕུལ་བར་བགྱི། །མི་དབང་བསོད་ནམས་མཐུ་ལས་བྱུང༌། །འཁོར་ལོ་ལ་སོགས་རིན་ཆེན་བདུན། རྒྱལ་པོ་འགྲན་ཟླ་མེད་བྱེད་པའང༌། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ལྷ་མིའི་དཔལ་ནི་འཕེལ་བྱེད་ཅིང༌། །དོན་ཀུན་འགྲུབ་པར་བྱེད་པའི་རྫས། །གདུགས་སོགས་བཀྲ་ཤིས་བརྒྱད་པོ་ཡང༌། །གནས་སྲུང་འཁོར་དང་བཅས་ལ་འབུལ། །གཟུགས་སོགས་འདོད་པའི་ཡོན་ཏན་ལྔ། །གྱ་ནོམ་ཕུལ་བྱུང་འཇིག་རྟེན་ཁམས། །བཀང་ནས་གནས་སྲུང་འཁོར་བཅས་ཀྱི། །དབང་པོ་ལྔ་རྣམས་ཚིམས་ཕྱིར་འབུལ། །རང་གྲི་ལ་སོགས་གྲུབ་པའི་རྫས། །མཁའ་སྤྱོད་ལ་སོགས་དངོས་གྲུབ་སྟར། །གྲུབ་པ་ཉི་ཤུ་རྩ་མདུན་ཡང༌། །རྒྱལ་ཆེན་ཐུགས་དགོངས་རྫོགས་ཕྱིར་འབུལ། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། །གསང་སྔགས་རིག་

p. 58

སྔགས་མཐུ་སྟོབས་དང༌། །ཆོས་དབྱིངས་རྣམ་དག་བྱིན་རླབས་ཀྱིས། །གཏོར་མ་འདི་ནི་ལྷ་རྫས་ཀྱི། །བདུད་རྩི་ལ་སོགས་ལོངས་སྤྱོད་ཚོགས། །ཟག་མེད་བདེ་བ་སྐྱེད་ནུས་པ། །ངལ་བསོས་འཁོར་བཅས་སྤྱན་ལམ་དུ། །ནམ་མཁའ་གང་བར་འབྱུང་གྱུར་ཅིག །ཁྱེད་ལ་བཀྲེས་སྐོམ་མི་མངའ་ཡང༌། །ཟག་མེད་བདེ་བ་རྒྱས་པའི་རྒྱུར། །རྣལ་འབྱོར་བདག་ཅག་དོན་སླད་དུ། །དམིགས་མེད་ཚུལ་གྱིས་བཞེས་སུ་གསོལ། །ལྷ་མིན་གཡུལ་ལས་རྒྱལ་བྱེད་པའི། །ནོར་བུའི་ཏོག་འབར་བ་དན་གཡོ། །རྒྱལ་མཚན་འདི་འབུལ་བདུད་དཔུང་གི །དགྲ་ལས་རྒྱལ་བར་མཛད་དུ་གསོལ། །རིན་ཆེན་བདུན་ལས་གྲུབ་པའི་གཞལ་ཡས་ཁང༌། །བཀོད་ལེགས་དབྱིབས་མཛེས་སྣ་ཚོགས་རྒྱན་གྱིས་སྤྲས། །ལྕང་ལོ་ཅན་མཚུངས་སྤྲུལ་པའི་ཁང་བརྩེགས་འདི། །རྒྱལ་ཆེན་འཁོར་བཅས་བཞུགས་པའི་གནས་སུ་འབུལ། །ཕྱི་ནང་དར་ཟབ་བར་དུ་སྲིན་བལ་ཅན། །གོང་ཐོད་སྟོད་ཆོད་རབ་མཛེས་རིན་ཆེན་གྱི། །སྲད་བུས་ཟུངས་བཏབ་ཤམ་དཀྲིས་སུབ་མས་བསྐོར། །བེར་ཆེན་བཟང་འདི་རྒྱལ་པོའི་ན་བཟར་འབུལ། །རྨ་བྱའི་མགྲིན་པའི་སྤུ་ལྟར་སྔོ་ཞིང་མཛེས། །ཉི་ཟླ་ལྟ་བུར་མིག་འབུར་མཐོ་ལ་རྒྱས། །ཕྲུམ་ཕྲུམ་ཡིད་ཡོང་ཆར་སྤྲིན་ལྟ་བུས་གཏིབས། །ན་བུན་ལྟ་བུའི་ཟེ་རྔོག་རབ་གཞོལ་ཞིང༌། །ཆར་ཆུའི་རྒྱུན་ལྟར་རྔ་མའི་རྒྱུན་རིང་ལ། །བར་སྣང་ལྟ་བུར་རྐང་ལག་ཁོང་ཡངས་ཤིང༌། །གློག་ཕྲེང་ལྟ་བུར་རྨིག་བཞི་རབ་འཁྱུགས་པ། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་ལྟ་བུའི་རྟ། །གླང་པོའི་དབང་པོ་ལྟ་བུར་ཉམས་སྟོབས་ལྡན། །མཁའ་ལྡིང་ལྟ་བུར་རྩོལ་མེད་གོམ་པའི་ཤུགས། །རྩོལ་བས་ཆུང་འབྲིང་རབ་ཏུ་ཆེར་བགྲོད་པའི། །འགྲོས་གསར་བགམ་དང་བང་གིས་མྱུར་དུ་བགྲོད། །མགྱོགས་ཚད་འགྲོ་བ་མི་མཐོང་ལྟ་བུར་ལྡན། །

p. 59

རྟ་མཆོག་རིན་ཆེན་ལྟ་བུ་འདི་དག་ནི། །དཀར་སེར་དམར་དང་མཚལ་ལུ་ཞུར་པོ་དང༌། །ངང་པ་འོལ་བ་སྣ་ཚོགས་ལ་སོགས་པའི། །རྟ་མཆོག་གསེར་གྱི་གཡེར་ཁས་མགྲིན་པ་སྤྲས། །སྲབ་འཇམ་ཡང་ལ་མཛེས་པའི་ཤ་སྟན་དང༌། །ཨ་མོ་ལི་ཀའི་ཐགས་ལ་སྟན་དུ་གཏད། །རིན་ཆེན་ཤེལ་ལ་གསེར་གྱིས་སྤྲས་པའི་སྒ། །གསེར་ལ་དངུལ་གྱིས་བསྡམས་པའི་སྒ་གླེགས་ཅན། །རིན་ཆེན་ཀར་ཀེ་ཏ་ནི་ཡོབ་སྟན་ལ། །ཨིནྡྲ་ནཱི་ལའི་ཡོབ་ཆེན་མཛེས་པ་ཅན། །པདྨ་རཱ་གའི་འབྲིང་དམར་མཛེས་པ་ལ། །རིན་ཆེན་མར་གད་རྒྱུན་གྱིས་ཤར་བུས་བཏབ། །གོང་ཐག་སྨེད་ཆེན་སྨེད་ཆུང་རབ་སྒེག་ཅིང༌། །བཻ་ཌཱུརྻ་ཡི་གློ་ཐག་མཛེས་པ་ནི། །རྡོ་རྗེ་ཕ་ལམ་ཕོ་ལོང་དམ་པོས་བསྡམས། །རིན་ཆེན་བདུན་གྱིས་ཀུན་ནས་སྤུངས་པ་ཡི། །སྲབ་འགོ་ཁ་ལོ་སྒྱུར་བའི་སྲབ་སྐྱོགས་དང༌། །མུ་ཏིག་འབུར་གྱིས་བསྡམས་པའི་ཕོ་ལོང་བཅིངས། །ལྷ་རྫས་དར་གྱིས་བྱས་པའི་ཐུར་མདའ་དང༌། །མྱུར་དུ་སྐུལ་བྱེད་ཤེལ་གྱི་ལྕག་འབྲས་ཅན། །རྟ་མཆོག་རྒྱན་དང་ཆས་ཀྱིས་སྤྲས་འདི་རྣམས། །རྒྱལ་ཆེན་འཁོར་དང་བཅས་ལ་དབུལ་བར་བགྱི། །མགོན་པོ་ཞོན་པས་ཕོངས་པ་མི་མངའ་ཡང༌། །བདག་སོགས་བསྟན་འཛིན་རྣམས་ཀྱི་དོན་སླད་བཞེས། །ཕྱོགས་བཅུར་ཕྲིན་ལས་སྣ་ཚོགས་བསྒྲུབ་ཏུ་གསོལ། །བསོད་ནམས་སྟོབས་ལས་གྲུབ་པའི་འདོད་འཇོའི་བ། །ཡིད་ལ་ཅི་བསམ་ནུ་མ་ལས་འབྱུང་མ། །མཛེས་ཤིང་ཡིད་འོང་དོན་ཀུན་འགྲུབ་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་དབུལ་བར་བགྱི། །དེ་བཞིན་ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །བུམ་བཟང་མ་རྨོས་འཁྲུངས་པའི་ལོ་ཏོག་དང༌། །ཁྲུས་རྫིང་སྨན་ལྗོངས་སྐྱེད་མོས་ཚལ་ལ་སོགས། །མཆོད་རྫས་ཡིད་འོང་ཐམས་ཅད་འབུལ་བར་བགྱི། །རྨིག་བཞི་རབ་བརྟེན་རྭ་ནི་རྣོ་ལ་རིང༌། །རྩིད་པའི་ཞོལ་རིང་རྔ་མ་ཀུན་ལ་གཡོ། །དར་གྱི་ཕུད་བུས་མཛེས་པར་བརྒྱན་པ་ཡི། །ཞོལ་ཆེན་གཡག་འདི་ཁྱེད་ལ་འབུལ་བར་བགྱི། །དཀར་ལ་འཇམ་པའི་སྤུ་ཡི་གོས་གྱོན་ཞིང༌། །འཁྱིལ་པའི་རྭ་ལ་

p. 60

ཆུ་རིས་མཛེས་པས་བརྒྱན། །གནས་ཆེན་རྣམས་ཀྱི་འདོད་པའི་དོན་བསྒྲུབ་པའི། །ལུག་གི་ཁྱུ་འདི་ཁྱེད་ཀྱི་འབྲོག་ཏུ་འབུལ། །གངས་རི་ལྟར་དཀར་བཅུ་དྲུག་གླིང་ཅན་རྨོག །སྲབ་མཛེས་བྱང་བུ་རིན་ཆེན་རྒྱན་གྱིས་སྤེལ། །སྲ་བརྟན་སྦབས་དང་ལྡན་པའི་ཁྲབ་འདི་དང༌། །ཕུབ་ཞོལ་སྤང་ལེབ་བཅས་པའི་གོ་འདི་འབུལ། །རིན་ཆེན་རྒྱུ་ལས་མཁས་པས་ལེགས་སྦྱངས་ཤིང༌། །རྣོ་ངར་རྩལ་དང་ལྡན་པའི་རལ་གྲི་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་དབུལ་བར་བགྱི། །བསྟན་པའི་དགྲ་རྣམས་གཞོམ་ཕྱིར་བཞེས་སུ་གསོལ། །གསེར་དངུལ་གོས་དང་ཇ་རས་སྟག་གཟིག་དང༌། །སྣམ་བུ་ཤ་མར་ཀ་ར་བུ་རམ་སོགས། །སྤྱན་གཟིགས་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱང༌། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །མགོན་པོ་ཁྱོད་ལ་ཕོངས་པ་མི་མངའ་ཡང༌། །བདག་སོགས་སེམས་ཅན་རྣམས་ཀྱི་དོན་སླད་དུ། །བཞེས་ནས་འགྲོ་བའི་འདོད་དོན་སྒྲུབ་པ་དང༌། །སངས་རྒྱས་བསྟན་པ་བསྲུང་བར་མཛད་དུ་གསོལ། །བཤགས་པ་བྱ་བ་ནི། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང༌། དེའི་སྲས་དང་བཙུན་མོར་བཅས་པ་དང༌། བློན་པོ་ཆེན་པོ་རྟ་བདག་བརྒྱད་དང་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང༌། སྟོབས་ཆེན་སུམ་ཅུ་རྩ་གཉིས་དང༌། ལྗོངས་ཆེན་དང༌། ཡུལ་འཁོར་སྐྱོང་བའི་གནོད་སྦྱིན་འཁོར་དང་གཡོག་ཏུ་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ཉན་ཐོས་ཀྱི་ཐེག་པའི་སྒོར་བཞུགས་ཏེ། ཉན་ཐོས་ཀྱི་ཐེག་པའི་བསླབ་པ་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་ཉན་ཐོས་ཆེན་པོ་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །བྱང་ཆུབ་སེམས་དཔའི་ཐེག་པའི་སྒོར་བཞུགས་ནས་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་ཐམས་ཅད་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །སྔགས་ཀྱི་ཐེག་པའི་སྒོར་

p. 61

ཞུགས་ནས་གསང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་རྡོ་རྗེ་འཛིན་པ་ཆེན་པོ་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །ཁྱད་པར་དུའང་རྒྱལ་པོ་ཆེན་པོ་ཁྱོད་ལ་བཀའ་སྡོད་དུ་གསོལ་ཞིང་སྐྱབས་སུ་སོང་ནས་ཁྱེད་ཀྱི་བཀའ་དང་དམ་ཚིག་ལས་འདས་ཏེ། སྤྱིའི་དམ་ཚིག་གསུམ་མ་བསྲུངས་པ་དང༌། ཁྱད་པར་གྱི་དམ་ཚིག་བཞི་དང་འགལ་བ་བགྱིས་པ་དང༌། འཇིག་རྟེན་ངོ་སྲུང་གི་དབང་གིས་སྣོད་མ་ཡིན་པར་ཆོས་བསྟན་པ་དང༌། ཁྱད་པར་རྒྱལ་པོའི་བཀའ་ལུང་སྦྱིན་པར་མི་འོས་པ་ལ་བྱིན་པ་དང༌། རང་འདོད་ཀྱི་དབང་གིས་ཕྲིན་ལས་ཞུ་བར་མི་འོས་པ་ལ་ཞུས་པ་དང༌། ལེ་ལོའི་དབང་གིས་བཟླས་སྒོམ་ཆག་པ་དང༌། སེར་སྣའི་དབང་གིས་མཆོད་པ་དང་གཏོར་མ་ཆག་ཅིང་ངན་པ་དང༌། དམ་ཚིག་ཉམས་པའི་མི་དང་འགྲོགས་པ་ལ་སོགས་པ་རྒྱལ་པོ་ཆེན་པོའི་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས་སོ། །དམིགས་མེད་ཆོས་སྐུའི་ངང་དུ་བཟོད་པར་བཞེས་ནས་བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། སྤྲོས་པ་མི་མངའ་ཆོས་སྐུའི་ངང་ཉིད་ལས། །བསྙེན་སྲིང་མི་མངའ་ཀུན་ཏུ་གསན་པའི་སྙན། །སྒྲིབ་པ་མི་མངའ་ཐམས་ཅད་མཁྱེན་པའི་ཐུགས། །བསྙེལ་བ་མི་མངའ་གསན་ཅིང་དགོངས་སུ་གསོལ། །ཐོག་མེད་དུས་ནས་ཉོན་མོངས་ལས་དབང་གིས། །བག་མེད་སྟོབས་ཀྱིས་ཉེས་པ་གང་བགྱིས་པ། །སྐྱེ་མེད་ཆོས་སྐུའི་ངང་དུ་སོ་སོར་བཤགས། །སྤྲིན་མེད་ནམ་མཁའ་ལྟ་བུར་དག་གྱུར་ཅིག །ཁྱད་པར་ཁྱེད་ཀྱི་དམ་ཚིག་ལས་འདས་ཏེ། །བག་མེད་འཆོལ་པས་ཐུགས་དམ་མ་བསྐངས་པ། །བདེ་ཆེན་ལོངས་སྐུའི་ངང་དུ་སོ་སོར་བཤགས། །མཁའ་ལ་ན་བུན་ཡལ་བ་ལྟར་གྱུར་ཅིག །དམ་ཚིག་ཚོགས་འདྲེས་འཆོལ་པ་

p. 62

སྤྱོད་དང་འགྲོགས། །དམ་ཉམས་དྲི་མས་ཕོག་པའི་ཉེས་པ་རྣམས། །ཅིར་སྣང་སྤྲུལ་སྐུའི་ངང་དུ་སོ་སོར་བཤགས། །བུད་ཤིང་ཟད་པའི་མེ་བཞིན་དག་གྱུར་ཅིག །ཅེས་པ་འདི་ནི་ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་མཛད་པའི་བསྟོད་ཆེན་རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་བྱེད་པ་ལས་བྱུང་བའོ། །ཤུ་བྷཾ། ༈ །ཕྱག་རྡོར་འགྲོ་བཟང་ལུགས་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྦགས་སྒྲུབ་ཀྱི་རྗེས་གནང་བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། དཔལ་ཕྱག་ན་རྡོ་རྗེ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྔགས་སྒྲུབ་ཀྱི་རྗེས་གནང་བྱ་བར་འདོད་པས། ཡར་ངོའི་དུས་ཚེས་གཟའ་སྐར་བཟང་པོ་ལ་རྟེན་དང་«་་་་་རྟེན་གཏོར་ཁང་པ་བརྩེགས་མ།» མཆོད་གཏོར།«་་་་་ཟླུམ་གཏོར་གཉིས།» བཤམ་པ་དང༌། ཕྱག་རྡོར་དང་རྒྱལ་ཆེན་གྱི་མངོན་རྟོགས་གཏོར་འབུལ་བཟླས་པ་དང་བཅས་པ་གཏོར་ཆོག་ལྟར་བྱས་ལ། དམ་ཚིག་གཙང་ཞིང་བསྟན་པ་ལ་གུས་པའི་སློབ་མ་ཁྲུས་བྱས། ཕྱག་དང་རིན་པོ་ཆེའི་ཡོན་ཕུལ། མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སེམས་བསྐྱེད་པ་གསལ་བཏབ། དེ་ལ་འདིར་སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོའི་ཞལ་སྔ་ནས། རང་དང་གཞན་གྱི་དོན་ལ་མངོན་པར་བརྩོན་པས་རྩེ་གཅིག་ཏུ་སྒྲུབ་པ་མཛད་པ་ལ་བརྟེན་ནས་དཔལ་ཕྱག་ན་རྡོ་རྗེའི་ཞལ་གཟིགས་ཤིང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ་དེས། ཕྱི་རབས་ཀྱི་གདུལ་བྱ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་དབུལ་བ་བསལ་བ་དང༌། བསྟན་པ་ལ་གནོད་པའི་གདུག་པ་ཅན་རྣམས་ཚར་གཅད་པའི་ཕྱིར། རྒྱུད་རྡོ་རྗེ་ས་འོག་དང༌། གར་མཁན་མཆོག་དང༌། སྣ་ཚོགས་གྲུབ་པ་རྣམས་ལ་བརྟེན་ནས་དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དང༌། རྣམ་ཐོས་སྲས་ཀྱི་ཞི་བ་ནོར་སྒྲུབ་དང༌། དྲག་བྱེད་ཀྱི་ཆོ་ག་ལ་སོགས་པ་མཛད་པའི་རྗེས་སུ་འབྲངས་ནས་ཕྱག་ན་རྡོ་རྗེ་དང༌། རྒྱལ་པོ་ཆེན་པོ་སྦགས་སྒྲུབ་ཀྱི་རྗེས་སུ་

p. 63

གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བྱ་བར་འོས་པ་དཔལ་ཕྱག་ན་རྡོ་རྗེའི་བདག་མདུན་སྒྲུབ་ཅིང་གཏོར་མ་དབུལ་བ་དང༌། རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་བསྐྱེད་ཅིང་སྤྱན་དྲང་བ། མཆོད་ཅིང་གཏོར་མ་འབུལ་བ། ཐུགས་རྒྱུད་བཟླས་པས་བསྐུལ་བ་རྣམས་དགོས་པ་སྔོན་དུ་གྲུབ་པར་བྱས་ནས། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་མཎྜལ་དབུལ་བ། གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ་རྣམས་དགོས་པ་ལས། ཐོག་མར་སློབ་དཔོན་ལ་དཔལ་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དང༌། འོག་གི་ཆ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པར་མོས། དེ་རྣམས་ཀྱི་སྤྱན་སྔར་རང་དང་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག ཅེས་ལན་གསུམ་གྱིས་རྒྱུད་དག་པར་བྱས་ནས། སློབ་དཔོན་གྱིས་ཤཱུ་ནྱ་ཏཱའི་སྔགས་བརྗོད་པས་སློབ་མའི་ཕུང་ཁམས་དང་སྐྱེད་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཧཱུྃ་ཡིག་སྔོན་པོ་ཞེས་

p. 64

སོགས་ནས་རིགས་བདག་གི་རྒྱས་གདབ་པའི་བར་དལ་བུར་བརྗོད་པས་སློབ་མ་ལྷར་བསྐྱེད། དེ་ལྟར་ཁྱེད་རང་ཕྱག་ན་རྡོ་རྗེའི་ང་རྒྱལ་དུ་གནས་པའི་མདུན་དུ་བྷྲཱུྃ་ལས་ཞེས་སོགས་ནས། སྤྲིན་ཕུང་འཐིབས་པ་བཞིན་དུ་བཞུགས་པ་ཞེས་པའི་བར་གྱིས་རྒྱལ་པོ་འཁོར་བཅས་བསྐྱེད། སློབ་དཔོན་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དང་འདོད་རྒྱལ་སྤྲོས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ། མདུན་གྱི་རྒྱལ་པོ་འཁོར་བཅས་ལ་ཐིམ་པར་བསམ་པའི་དམིགས་པ་གོང་ལྟར་ཕོག་ལ་སྤོས་བསྲེག སྤྱན་འདྲེན་གྱི་སྔགས་རྣམས་ཡང་ཡང་བརྗོད་ཅིང་རོལ་མོ་བྱ། བཻ་རིང་བརྗོད་ཅིང་དམ་ཡེའི་ཐུགས་འོད་ཟེར་གྱི་ལྕགས་ཀྱུས་སྦྲེལ་བར་བསམ། ཅོད་པན་གྱིས་དབང་སྐུར་གནས་གསུམ་བྱིན་རླབས་བྱས་ལ། དེ་ལ་སློབ་མས་བྱས་པར་བསམས་ནས། སློབ་དཔོན་གྱིས་མཆོད་བསྟོད་རྒྱས་བསྡུས་གང་རིགས་ཤིག་བྱ་སྟེ། དེ་རྣམས་ལྷ་བསྒོམ་པའི་རྗེས་གནང་ཡིན། སློབ་དཔོན་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་སྟེ་སློབ་མའི་སྙིང་གར་ཧཱུྃ་ཡིག་གི་མཐར་འཁོད་པར་བསམས་ལ། ཕྱག་རྡོར་གྱི་སྔགས་ལན་གསུམ་གྱི་རྗེས་ཟློས་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་གཙོ་འཁོར་སོ་སོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་བྱུང༌། དེ་ལས་འོད་ཟེར་འཕྲོས་པས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། འཇིག་རྟེན་གྱི་ཁམས་ཀྱི་ཕུན་ཚོགས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་སྣེ་མོ་ལ་བསྡུས་ཏེ།

p. 65

ཁྱེད་རང་རྣམས་ལ་ཐིམ་ཞིང་སྔགས་ཕྲེང་ཞལ་དུ་ཞུགས་ཏེ་ཐུགས་ཀར་ཐིམ་པར་མོས་པ་དང་བཅས་པས་སློབ་མས་སློབ་དཔོན་གྱི་ཕྲེང་བའི་སྣེ་མོ་ནས་བཟུང་སྟེ་གཟུངས་རིང་ཚར་གསུམ། སྙིང་པོ་བརྒྱ་དང་བརྒྱད། རྟ་བདག་གི་སྔགས་ལན་བདུན་བདུན། ཐུགས་ཀའི་བཻ་ཡིག་ལས་དེ་འདྲ་བ་རང་ལ་འཕོས་པར་བསམས་ལ་བཻ་ཡིག་མིག་འཛུམ་སོ་གཉིས་ཡུན་རྣམས་རྗེས་ཟློས་བྱ། ཕྲེང་བ་དང་མེ་ཏོག་སློབ་དཔོན་ལ་ཕུལ་ཏེ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད། སློབ་དཔོན་གྱིས་ཀྱང་དེ་རྣམས་སྔགས་སུ་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དེ་སྔགས་བཟླས་པའི་རྗེས་གནང་ངོ༌། །དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ལ་མཆོད་བསྟོད་བསྡུས་པ་ཞིག་བྱས་ལ་གཏོར་མ་སློབ་མའི་མགོ་ཐོག་ཏུ་བཞག་ཏེ། གཟུངས་དང་སྙིང་པོ་ཚར་གཅིག་བརྗོད་པའི་མཐར། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ། གཡོར་པོ་ཇོ་སྟོན། བླ་མ་བསོད་ནམས་རིན་ཆེན། འབྱི་ཕུ་པ་པདྨ་བཀྲ་ཤིས། རྟག་པ་ཇོ་བཟང༌།«་་་་་འདི་ལྷ་རྗེ་མགོ་བཅོས་པ་ལ་ཤིན་ཏུ་མཁས་ཟེར།» ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། བླ་མ་བསོད་ནམས་དབང་ཕྱུག རིན་ཆེན་བསོད་ནམས་སེང་གེ། ཡང་རྩེ་བ་རིན་ཆེན་སེང་གེ། ཀུན་མཁྱེན་བུ་སྟོན་ཆོས་རྗེ། འགྲོ་མགོན་བསོད་ནམས་རྒྱལ་མཚན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་

p. 66

ཆེན་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ཀུན་དགའ་བསོད་ནམས་རྣམས་ཀྱི་བཀའ་དང་དམ་ཚིག་ལས་མ་འདའ་བར། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། གནོད་སྦྱིན་རྟ་བདག་བརྒྱད། སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས། གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེ་སློབ་མ་འདིའི་བཀའ་སྡོད་དང་ཆོས་སྐྱོང་བའི་སྲུང་མ་མཛད་ནས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འབྲལ་བ་མེད་པར་འགྲོགས་ནས་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་བ་དང་བསྐྱབ་པ་དང་སྦ་བར་མཛད་དུ་གསོལ། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་དང༌། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་མང་པོ་དབང་དུ་འདུས་ནས་ཟས་གོས་ལོངས་སྤྱོད་ཐམས་ཅད་ཐོགས་པ་མེད་པ་ཡིད་བཞིན་དུ་འབྱོར་པ་དང༌། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་མཛད་དུ་གསོལ། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང༌། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་བརྗོད་པས་རྒྱལ་པོ་འཁོར་བཅས་ཀྱིས་ཀྱང་ཇི་ལྟར་བསྒོས་པ་བཞིན་དུ་ཞལ་གྱིས་བཞེས་ཏེ་ཁྱེད་རང་གི་ཕྱི་བཞིན་དུ་འབྲང་བར་མོས་པ་མཛོད། དེ་བཀའ་བསྲུང་གཏད་པའི་རྗེས་གནང་ཡིན། དེ་ནས་རྣམ་སྲས་ཀྱི་འཁོར་དུ་གཏོགས་པའི་གནོད་སྦྱིན་དང་སྲིན་པོ་གདུག་པ་ཅན་མང་པོ་ཡོད་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་འཚེ་རུ་འོང་བས། དེ་རྣམས་ཚར་གཅད་པའི་ཕྱིར་དྲག་པོའི་རྗེས་གནང་ནི། སློབ་མ་ཕྱག་ན་རྡོ་རྗེའི་ང་རྒྱལ་དང་རྣམ་པ་གསལ་བར་བསྐྱེད་ཅིང་དེའི་བཞུགས་སྟངས་བྱར་གཞུག ལག་པ་གཡས་སུ་གྲིའམ་རྡོ་རྗེ་གཏད། གཡོན་པ་སྡིགས་མཛུབ་སྙིང་གར་བཞག ཞབས་གཡས་བསྐུམ་གཡོན་བརྐྱང་བས་གདུག་པ་ཅན་

p. 67

གྱི་དཔོན་པོའི་སྙིང་གར་མནན་ནས་གཟིར་བར་བསམས་ལ། བཅོམ་ལྡན་འདས་ཀྱི་སྤྲོ་བ་ལྔ་བྱ་སྟེ། ཁྱེད་རང་རྣམས་བཅོམ་ལྡན་འདས་སུ་གསལ་བའི་ཕྱག་གཡས་ཀྱི་རྡོ་རྗེ་ལས་རྡོ་རྗེ་ཐོག་ལྟ་བུ་ཕྱོགས་བཅུར་སྤྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཐུགས་ཀ་ནས་ཁྲོ་ཆུང་གི་ཚོགས་སྤྲོས། མ་རུངས་པ་ཐམས་ཅད་བྱ་སྒྲོ་རླུང་གིས་གཏོར་བ་བཞིན་རྒྱང་རིང་དུ་གཏོར། བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་མེ་ཕུང་འབར་བ་སྤྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་བཀང་སྟེ་གདུག་པ་ཅན་ཐམས་ཅད་མེས་བསྲེགས། སྐུའི་རྒྱན་གྱི་ཀླུ་ཆེན་བརྒྱད་ལས་གདུག་པའི་ཁ་རླངས་འཕྲོས། མ་རུངས་པ་ཐམས་ཅད་མྱོས་ཤིང་བརྒྱལ་བར་བྱས། གསུང་གི་རིག་སྔགས་ཀྱི་ང་རོ་འབྲུག་གི་སྒྲ་ལྟ་བུ་བསྒྲགས་པས་གདུག་པ་ཅན་ཐམས་ཅད་བཏུལ་ཞིང་སྤ་བཀོང་བར་བྱས་པར་མོས། དེ་ནས་རྒྱལ་པོའི་སྤྲོ་བ་གསུམ་བྱ་སྟེ། རྒྱལ་པོའི་སྐུ་སྟོད་ལས་བྱ་དང་གཅན་གཟན་གྱི་ཚོགས་སྤྲོས། ས་བླའི་གདུག་པ་ཅན་ཐམས་ཅད་བཏུལ། སྐེད་པ་ནས་གནོད་སྦྱིན་དང་སྲིན་པོའི་ཚོགས་སྤྲོས། ས་སྟེང་གི་གདུག་པ་ཅན་ཐམས་ཅད་བཏུལ། སྐུ་སྨད་ལས་སྟག་དང་སྦྲུལ་ལ་སོགས་པ་སྤྲོས། ས་འོག་གི་གདུག་པ་ཅན་ཐམས་ཅད་བཏུལ་བར་བསམས་ལ། དཔོན་སློབ་གཉིས་ཀས་ཧཱུྃ་བཻ་ཤྲ་བ་ཎཱ་ཡ་ཨ་ནུ་ཙ་ར་ཀུ་རུ་ཧཱུྃ། ཞེས་བཟླ་ཞིང་ལན་གསུམ་ཙམ་སོང་བ་ན་གུ་གུལ་གྱི་དུད་པ་དང་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་ཅི་རིགས་བཟླ། མཐར་ཞབས་ཀྱི་འོག་ན་གནས་པ་དེ་བཏོན་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། མེ་ཏོག་ལ་སོགས་པ་ལྔས་མཆོད་པས། དེས་ཀྱང་བཀའ་བཞིན་དུ་བསྒྲུབ་པར་བགྱིའོ། །ཞེས་ཁས་བླངས་པར་མོས་པ་བྱ། སློབ་དཔོན་གྱིས་དམ་ཚིག་བསྲུང་དགོས་རྣམས་ངོ་སྤྲད། སློབ་མས་དེ་རྣམས་ལ་བསྲུང་བསྡོམ་བགྱི་སྙམ་པས་གཙོ་བོས་ཇི་

p. 68

ལྟར་སོགས་བརྗོད་ཅིང་ཁས་བླངས། གཏང་རག་གི་ཡོན་དུ་མཎྜལ་ཕུལ། ལུས་དང་ལོངས་སྤྱོད་ཀྱང་འབུལ་སྙམ་པས། དེང་ནས་བརྩམས་ཏེ་སོགས་བརྗོད། ཚོགས་སམ་དགའ་སྟོན་ལ་ལོངས་སྤྱད། སློབ་དཔོན་གྱིས་རྗེས་ཆོག་བཀྲ་ཤིས་བསྔོ་བ་སྨོན་ལམ་སོགས་བྱའོ། །རྣམ་ཐོས་སྲས་ཀྱི་རྗེས་གནང་གི་ཆོ་ག་འདིའང༌། ཀུན་མཁྱེན་བུ་སྟོན་ཆོས་རྗེའི་གསུང་རབ་ལས་བཏུས་ཏེ། ངག་འདོན་བདེ་བར་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ལྕགས་མོ་ཕག་གི་ལོ་དབྱར་ཟླ་འབྲིང་པོའི་ཡར་ཚེས་བཅོ་ལྔའི་ཉིན་ཨེ་ཝྃ་ཆོས་ལྡན་དུ་སྦྱར་བའོ། །འདི་ལ་ཉེས་པའི་ཆ་མཆིས་ན། །རྒྱལ་ཆེན་རྣམ་ཐོས་སྲས་ལ་བཤགས། །ལེགས་པའི་དགེ་བས་སངས་རྒྱས་ཀྱི། །བསྟན་པ་ཡུན་རིང་གནས་གྱུར་ཅིག །སྣོད་མིན་ལ་གསང་ཞིང་སྦ་བར་བྱ་བའི་ཆོས་ཡིན་ནོ། །གུ་ཧྱ་ས་མ་ཡ་སིདྡྷི།། །།

ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོའི་རྗེས་གནང་སྒྲུབ་ཐབས་སོགས་ཆ་ཚང་བ།

p. 69

ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོའི་རྗེས་གནང་སྒྲུབ་ཐབས་སོགས་ཆ་ཚང་བ་བཞུགས་སོ།།

p. 70

རྒྱ་གར་སྐད་དུ། ཨཱརྻ་ཛམྦྷ་ལ་སཱི་ཏ་པཉྩ་དེ་བ་སཱ་དྷ་ནཾ། བོད་སྐད་དུ། ཛམྦྷ་ལ་དཀར་པོ་ལྷ་ལྔའི་སྒྲུབ་ཐབས། ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་ནི། ཟངས་གཞོང་ནང་དུ་འཕགས་པའི་སྐུ་རབ་གནས་བྱས་པ་བཞག་པ་ལ། རང་སྤྱན་རས་གཟིགས་ཁ་སརྤཱ་ཎིར་བསྒོམ། བུམ་པ་ནས་ནོར་བདག་གི་སྤྱི་བོ་ན་མར་ལ་ཆུ་བླུག་ཅིང༌། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་པ་གྲངས་བརྒྱ་རྩ་བརྒྱད་བཟླས་ཤིང་ཆུ་མུ་ཏིག་གི་ཕྲེང་བར་བསམ། ནོར་བདག་གཙོ་འཁོར་ལྔའི་ཞལ་ནས་ཀྱང་མུ་ཏིག་གི་ཕྲེང་བའི་དངོས་གྲུབ་བྱུང་བར་བསམས་ལ། ཆུ་སྦྱིན་ནོ། །མཆོད་བསྟོད་བྱས་ཏེ་ཆུ་ཐིགས་མཐེབ་སྲིན་གྱིས་རང་གི་ལྕེ་ཐོག་ཏུ་བླངས་ལ་དངོས་གྲུབ་ཞུ། འདོད་པའི་དོན་ལ་གསོལ་བ་གདབ། ཆུ་ཕྱོགས་བཞིར་གཏོར་ལ་ཡིག་བརྒྱ་བཟླ། ཟས་ནམ་མཁའི་ཆར་ལྟར་འབབ་བོ། །ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་ནི། དཀར་གསུམ་སོགས་ཅི་འབྱོར་གྱི་གཏོར་མ་བཤམས་ལ། བཏུང་བའི་ཚོགས་མང་དུ་བླུག ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་ཅིང༌། ནོར་ལྷ་གཙོ་འཁོར་ལྔ་

p. 71

མདུན་དུ་སྤྱན་དྲངས་ནས། ཨོཾ་པདྨ་ཀྲོ་དྷའི་མཇུག་ཏུ་བ་ལིངྟ་བཏགས་ལ་དབུལ་ལོ། །འདོད་དོན་གསོལ་བ་བཏབ་པས་ནོར་སྤྲིན་ལྟར་འདུའོ། །གསང་བ་གའུ་ལ་བརྟེན་ནས་སྒྲུབ་པ་ནི། རྫའི་གའུ་ལེགས་པ་གཅིག་བྱས་ལ་གའུ་དེའི་ནང་དུ་འབྲུ་རྙེད་ཚད་སྐར་མ་བྲེའི་ཉིན་པར་བླུག་གོ །ལུག་གི་ཉི་མ་ལ་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ་རྙེད་ཚད་དང༌། ཤ་མར་ཐུད་བུ་རམ་སྦྲང་རྩི་སོགས་ཟས་ཞིམ་པ་རྙེད་ཚད་སྐར་མ་རྒྱལ་ལ་བསག་གོ །འབྲི་གཡག་བ་གླང་ར་ལུག་སོགས་གཡང་ཅན་གྱི་སེམས་ཅན་གྱི་ནམ་འཚོང་གི་སྤུ་རྙེད་ཚད་སྐར་མ་ནག་པ་དང༌། སྦོ་ལ་གསོག་ཅིང་གའུར་བླུག མི་ཕྱུག་པོ་གཡང་ཅན་གྱི་ལག་ནས་བྱུང་བའི་གོས་དར་སྨན་བཟང་དྲུག་སོགས་རྙེད་ཚད་གཡང་སྐར་བཟང་པོ་ལ་བསག་གོ །རྫས་དེ་རྣམས་གའུའི་ནང་དུ་སྣ་ཚང་བར་བསག་གོ །དེ་ནས་ནོར་བདག་གི་སྐུ་རབ་ཏུ་རིན་པོ་ཆེའམ་ས་ལས་གྲུབ་པའམ། བྲིས་སྐུའམ། རིན་པོ་ཆེ་བརྡར་བས་ལྡེར་སྐུ་བྱས་ཀྱང་ཆོག་སྟེ། སོར་བཞི་ལས་མི་ཆུང་བའི་སྐུ་བཞེངས་ངོ༌། །དེ་ནས་མི་ཕྱུག་པོ་གཡང་ཅན་

p. 72

གྱི་ཁང་པའི་ས་དང༌། དགེ་བཤེས་བཟང་པོ་བཞུགས་པའི་གཟིམས་ཁང་གི་ས་དང༌། ཕྱུག་པོ་དང་སྡེ་པའི་ཞིང་ས་དང་བཅས་པ་ལ་རིན་པོ་ཆེ་དང་ཁང་ས་བཟང་པོ་བསྲེས་ལ་འབྲང་རྒྱས་མཐེབ་ཆེན་རྩེ་མོ་ཙམ་བྱ། དེ་ནོར་བདག་གི་ཐུགས་ཀར་གཞུག རིན་པོ་ཆེ་དང་དར་ལ་སོགས་པ་སྣ་ཚང་རེའི་རྫས་རྣམས་གཞུག་གོ །དེ་ནས་མཎྜལ་གྱི་སྟེང་གའུ་བཞག་ལ་དར་གྱིས་དགབ། མཆོད་པ་ཅི་འབྱོར་པ་དབུལ། དེ་ནས་གའུ་དེ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁང་བུ་ཞིག་ཏུ་བསྒོམ། དེའི་དབུས་སུ་ཛྃ་ལས་ནོར་བདག་ཛམྦྷ་ལ་སྐུ་མདོག་དཀར་པོ་འབྲུག་ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་ཁ་ཊྭཱཾ་ག་རྩེ་གསུམ་བསྣམས་པ། ཕྱག་གཡོན་པས་བེ་ཅོན་བསྣམས་པ། ཞལ་གདངས་ཤིང་འཛུམ་བག་དང་ལྡན་པ། སྤྱན་གསུམ་པ། དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ་ཞིག་ཏུ་གསལ་བར་བསྒོམ། དེའི་ཤར་དུ་རྡོ་རྗེ་ཌཱ་ཀི་ནཱི་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གསེར་གྱི་རྡོ་རྗེ། གཡོན་པས་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། ལྷོར་རཏྣ་ཌཱ་ཀི་ནཱི་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ནོར་བུ་རིན་པོ་ཆེ་དང༌། གཡོན་པས་བུམ་པ་བསྣམས་པ། ནུབ་ཏུ་པདྨ་ཌཱ་ཀི་ནཱི་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་པདྨ། གཡོན་པས་འགུགས་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ། བྱང་དུ་ལས་ཀྱི་ཌཱ་ཀི་ནཱི་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་པས་ནེའུ་ལེའི་རྐྱལ་པ་བསྣམས་པ། དེ་ཐམས་ཅད་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཡས་བསྐུམ་པའི་ཚུལ་གྱིས་གར་སྟབས་དང་ལྡན་པའོ། །དེ་ནས་སྒྲུབ་པ་པོ་མཚམས་དམ་པར་བསྡམས་ལ་མི་དང་ཚིག་མ་འདྲེས་པར། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་ཆུ་བོའི་རྒྱུན་བཞིན་དུ་བཟླའོ། །

p. 73

དེ་ལྟར་སྒྲུབ་པ་བྱས་ནས་དབང་པོ་རབ་ཞག་བདུན། འབྲིང་ཉེར་གཅིག ཐ་ན་ཟླ་བ་གཅིག་ནས་རྟགས་འདི་ལྟར་ཡོད་ངེས་སོ། །ཁྲོམ་མང་པོ་ཚོགས་པ་དང༌། འབྲུའི་གསེབ་ཏུ་ཉལ་བ་དང༌། ཚུར་ཕྱག་འཚལ་བ་དང༌། ཆར་ཆེན་པོ་འོང་བ་རྨིས་པ་ནི་གྲུབ་པའི་རྟགས་ཡིན་ནོ། །རྟགས་བྱུང་བ་དང་གའུ་དེ་འབྲུའི་གསེབ་བང་མཛོད་དུ་མིས་མ་མཐོང་བར་བྱའོ། །དུས་རྟག་ཏུ་སྲོད་ལ་རྣམ་པར་མི་རྟོག་པའི་ངང་ལ་བཞག་ལ་སྔགས་འདི་བཟླའོ། །ཏདྱ་ཐཱ། ཨོཾ་ཚོམྨེ་ལེ་དུ་ཀ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་རེ་བཟླས་ན་ཟས་འདུ་བར་འགྱུར་རོ། །ཇོ་བོའི་ཞལ་ནས་སྔགས་འདི་མ་ཆག་ན་སྐྱིད་དར་ཡོང་འདུག་གསུངས་སོ། །རྟགས་ཚང་བའི་མཇུག་ཏུ་མི་སྙིང་སྒུལ་བའི་སྔགས། ཨོཾ་པི་ཤཱ་ནི་སྭཱ་ཧཱ། ཞེས་པི་ཤཱ་ནིའི་གཤམ་དུ་མིང་སྤེལ་རྣམས་བཅུག་ལ་ནོར་བདག་གི་ཐུགས་ཀར་གཞུག་གོ །སྭཱ་ཧཱའི་གོང་དུ་གཞུག་གོ །ཐབས་དེ་ལྟར་བྱས་ནས་གའུ་ཁང་པ་ན་ཡོད་པ་ཙམ་གྱིས་ཟས་ནོར་འདུ་བ་ཡིན་གསུངས་སོ། །དེས་གར་མཐོང་བ་དབང་དུ་བསྡུ་བར་བྱ་བ་ནི། རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བའི་རི་བོ་བྱ་དང་རི་དྭགས་མང་བ། རི་དཔྱད་ལེགས་པར་མ་འཁྱུགས་པ། རི་གཞན་གྱི་ཆུ་རྣམས་ཁོའི་ཕྱོགས་སུ་བབས་པ། ཤིན་ཏུ་བཀྲ་ཤིས་པའི་རི་ལ་ཐབས་འདི་ལྟར་བྱའོ། །རྫའི་གའུ་ལེགས་པ་ལྔ་བྱས་ལ་ནང་དུ་སྣ་ཚང་བའི་སྔར་གྱི་རྫས་རྣམས་བླུག གའུའི་ནང་དུ། ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཅེས་སོ། །གའུ་ལྔ་ཀ་ལ། ཨོཾ་པི་ཤཱ་ནི་ཡུལ་མི་ཕྱུག་པོ་དང༌། རྒྱལ་པོ་དང་བློན་པོ་ནོར་བཟང་པོ་སོགས་དབང་དུ་འདུ་བའི་མིང་སྤེལ་རྣམས་སྭཱ་ཧཱའི་གོང་དུ་བཅུག་ལ་གའུ་དེ་རི་ཐང་མཚམས་སུ་སྦའོ། །མགྱོགས་བྱེད་རྟའི་སྤུ་ལྷ་མོའི་སྐེད་པ་ལ་བཅིངས་པས་མྱུར་དུ་འོང་བའི་ཐབས་ཡིན་གསུངས། པདྨ་ཌཱ་ཀི་ནཱི་ལའང་གའུའི་ནང་དུ་སྐུ་བཅུག་ལ་རྫས་གོང་བཞིན་གྱི་སྟེང་དུ་དབང་པོ་ལག་པ་ལ་

p. 74

སོགས་པ་ཀླུ་སྨན་རྣམས་བླུག་གོ །ལྷ་མོའི་ཐུགས་ཀར། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤཱ་ནི། མིང་སྤེལ་རྣམས་སྭཱ་ཧཱ། ཀླུ་ཆེན་པོ་སོགས་གོང་འདོད་ཀྱི་མིང་སྤེལ་བྱས་ལ། གའུ་དེ་ལུང་པའི་ཆུ་མགོ་ལ་སྦའོ། །ཆུ་དེ་འཐུང་བ་ཙམ་གྱིས་དབང་དུ་འགྱུར་རོ། །རྡོ་རྗེ་ཌཱ་ཀི་ནཱིའི་ཐུགས་ཀར། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤཱ་ནི་སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག ཅེས་བཅུག་ལ་གའུ་དེ་རི་མཐོན་པོའི་རྩེ་ལ་སྦའོ། །རི་དེ་སུས་མཐོང་བ་ཐམས་ཅད་བདག་གི་དབང་དུ་འགྱུར་རོ། །རིན་ཆེན་ཌཱ་ཀི་ནཱིའི་ཐུགས་ཀར། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤཱ་ནི་ཟས་ནོར་ཐམས་ཅད་དབང་དུ་སྡུས་ཤིག ཅེས་བྲིས་པ་གའུར་གཞུག དེ་ཐབ་ཀྱི་དཀྱིལ་དུ་སྦའོ། །དེས་ཟས་ནོར་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །ནོར་སྒྲུབ་རྐྱང་པ་ལ་ནོར་གཅིག་པུའི་སྒྲུབ་པས་ཆོག མ་མཐའ་ཡང་གཏོར་མ་དང་ཆུ་གཏོར་གང་རུང་ཆག་མེད་དུ་བྱའོ། །ཞག་རེ་ལ་སྔགས་ཅི་ནུས་རེ་བཟླས་པས་ཟས་ནོར་ཐམས་ཅད་འཕྲལ་དུ་འདུ་བ་ཡིན་གསུངས་སོ། །ཕན་ཡོན་ཡང་དཔག་ཏུ་མེད་དོ། །གོང་གི་ཡོན་ཏན་རྣམས་དང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེ་བ་སོགས་ཕན་ཡོན་དཔག་ཏུ་མེད་དོ། ༈ །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་པོ་ཏ་ལའི་འགྲམ་ནས་ཕར་བྱོན་པས་མི་ཞིག་འཆི་ཞིང་གདའ་སྐད། པཎྜི་ཏས་ཅི་ཉེས་སྐད། མི་དེས་ན་རེ་བཀྲེས་ནས་འཆི་བ་ཡིན་སྐད། པཎྜི་ཏ་སྙིང་རྗེ་ཆེན་པོ་སྐྱེས་ནས་བསམ་པ། གྲོང་ཁྱེར་དུ་བསོད་སྙོམས་སློང་དུ་ཕྱིན་ན་ཁོ་འཆི་བར་འདུག ང་རང་གི་ཤ་བཅད་ནས་སྦྱིན་སྙམ་ནས། ལྷུང་བཟེད་ནས་སྤུ་གྲི་ཕྱུང་སྟེ་སྐུ་ཤ་བཅད་ནས་བྱིན་པས། མི་དེ་ན་རེ། ང་ཤ་མི་ཟ་ཟེར་ནས་ཟར་མ་ཉན། པཎྜི་ཏའི་ཞལ་ནས་ཟོས་པས་ཡུད་ཙམ་ཞིག་སྲོག་ཐུབ་སྟེ་འོང༌། དེ་ནས་གྲོང་ཁྱེར་ནས་

p. 75

བསོད་སྙོམས་བྱས་ནས་འོང་གི་བྱས་པས། མི་དེ་ན་རེ་སྤྱིར་ཡང་ཤ་མི་ཟ། དེའི་ནང་ནས་ཀྱང་ཆོས་པའི་ཤ་མི་ཟ། འཕགས་པའི་བདེན་པ་མ་མཐོང་བའི་སེམས་ཅན་སྡུག་བསྔལ་གྱི་རྐྱེན་གྱིས་འཆི་བས། ང་ཡང་སྐྱེས་ནས་མི་འཆི་བ་ལ་དབང་མེད་ཅེས་སྨྲས་པ་དང༌། ཇོ་བོའི་ཐུགས་ལ། བདེན་སེམས་ཅན་བཀྲེས་པའི་སྡུག་བསྔལ་ལ་བསམ་པ་ན་ངའི་སྙིང་གིས་གར་ཚུགས་གསུངས་ནས་རི་བོ་ཏ་ལར་དབུ་བསྟན། ཞལ་ས་ལ་བསྟན་ནས་བཤུམ་ཞིང་བཞུགས་པ་དང༌། ས་གཡོས་ཤིང་ནམ་མཁའ་ལ་སྒྲ་ཆེན་པོ་བྱུང་བས་སྤྱན་ཕྱིས་ནས་གཟིགས་པས། ཟླ་བ་རྒྱས་པའི་གདན་ལ་འཕགས་པ་སྤྱན་རས་གཟིགས་བྱོན་ནས། ཅི་ཉེས་གསུངས་པས། ཇོ་བོས་མི་བཀྲེས་ནས་འཆི་བ་སོགས་གོང་བཞིན་ཞུས་པས། འཕགས་པ་སྤྱན་ཆབ་ཕྱུང་སྟེ། སྤྱན་ཆབ་གཡོན་ནས་ཇོ་མོ་སྒྲོལ་མ་བྱོན། སྤྱན་ཆབ་གཡས་ནས་ཛཾ་བྷ་ལ་དཀར་པོ་ལྷ་ལྔ་བྱོན་ནས་མདུན་གྱི་ནམ་མཁའ་ལ་འོད་ཀོར་རེ་འདུག་པ་གཟིགས། ཇོ་བོ་ཐུགས་མཉེས་ནས་བསྟོད་པ་མཛད་དོ། །ཛམྦྷ་ལའི་ཞལ་ནས་མུ་ཏིག་གི་ཆར་བབས་སོ། །ཇོ་བོ་ལ་བྱིན་རླབས་དང་རྗེས་སུ་གནང་བ་མཛད་དོ། །ཇོ་བོའི་ཞལ་ནས་སྔགས་འདི་མ་ཆག་པར་བཟླས་ན་སྐྱིད་པར་འོང་གསུངས། ལོ་ཙཱ་བའི་ཞལ་ནས། ཇོ་བོའི་མགོན་པོ་ལྕམ་དྲལ་གྱི་གདམས་པ་གཅིག་ཏུ་བཞག་པ་བས་འདི་ལྷག འདི་ལ་གང་ཟག་གིས་ལག་ལེན་བྱས་ན་ཚེ་འདིའི་དབུལ་བ་སེལ་བ་ཡིན་གསུངས། བླ་མ་བ་རི་ལོ་ཙཱ་བ་ན་རེ། ཇོ་བོའི་མགོན་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་མང་ཡང༌། དགོས་པ་ཆེ་བ་ནི་ཚེ་འདི་ལ་བཀྲེས་པའི་སྡུག་བསྔལ་སེལ། ཚེ་ཕྱི་མར་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པ་ཡིན་པས་འདི་དགའ་གསུངས་སོ། །ཡང་ཇོ་བོའི་ཞལ་ནས། ནོར་བདག་སྒྲུབ་པའི་གང་ཟག་

p. 76

ལ་དགོས་པ་གཉིས་ཡོད་གསུངས། ཚེ་འདི་ལ་ཟས་ནོར་གྱིས་མི་ཕོངས། ཕྱི་མར་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེ་གསུངས་སོ། །ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་ཞལ་ནས། ཉམས་སུ་ལེན་པའི་མི་ཡོད་ན་ཚེ་འདིའི་དབུལ་བ་སེལ་བར་འདུག་གསུངས་སོ། །ཇོ་བོའི་ཞལ་ནས་འདི་ཉམས་སུ་ལེན་པ་ལ་ནོར་བདག་རང་གི་གའུ་འཛོམ་ནས་སྒྲུབ་པ་ནི་རབ། འབྲིང་ཐ་མ་གཉིས་བྱས་ན་ཆུ་སྦྱིན་དང་གཏོར་མ་ནར་མར་གཏོང་བ་དང་རྣམ་པར་མི་རྟོག་པའི་སྔགས་ནུབ་རེ་ལ་བརྒྱ་རྩ་རེ་མ་ཆག་ན་ཤིན་ཏུ་སྐྱིད་ཅིང་ཟས་ནོར་ལྷུན་གྲུབ་ཏུ་འོང་སྟེ་སྒྲུབ་ནུས་པ་མི་འདུག་གསུང་ནས་བཀའ་རྒྱ་དམ་པར་མཛད་དོ། །ལོ་ཙཱ་བ་བརྩོན་འགྲུས་སེང་གེའི་ཞལ་ནས། ཇོ་བོའི་གདམས་པ་འདི་ལ་ཆོས་སྐོར་བཞི་ཡོད་གསུངས། སྲོག་ཐུན་དུག་གི་སྤུ་གྲི། ཚེ་སྒྲུབ་རྡོ་རྗེ་འཁྱིལ་པ། ཕོ་རྐྱང་མོ་རྐྱང་བཙན་ཐབས་སུ་བཏགས་པ། ནོར་སྒྲུབ་རིན་ཆེན་སྤུངས་པ་དང་བཞི་ལས། འདི་ནོར་སྒྲུབ་རིན་ཆེན་སྤུངས་པའོ། །བལ་ཡུལ་དུ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་ཞུས་པས། ལོ་ཙཱ་བ་བརྩོན་འགྲུས་སེང་གེ་ལ་གདམས་ངག་བཞི་ཀ་གནང་ནས་ང་ལ་མ་གནང༌། སླར་བརྩོན་འགྲུས་སེང་གེས་ང་ལ་མ་དྲིས་པར་ཇོ་བོ་ལ་ཞུ་བར་མི་རིགས་གསུངས་པ་དང༌། ཇོ་བོས་འདིའི་བཀའ་རྒྱ་དམ་པོ་མཛད་པས་མ་ཞུས་གསུངས། དུས་ཕྱིས་ཇོ་བོ་ལ་གསེར་གྱི་མཎྜལ་ཕུལ། ཚོགས་ཀྱི་འཁོར་ལོ་ཡང་དང་ཡང་དུ་བྱས་ཏེ་ཞུས་པས་གནང་གསུངས་སོ། ༈ །བླ་མ་དང་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཛམྦྷ་ལ་དཀར་པོའི་རྗེས་གནང་བྱ་བར་འདོད་པས། ཟླ་བ་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ལ་གནས་དབེན་པར་ཕྱགས་དར་བླ་བྲེ་ཡོལ་བ་བྲེས། རྟེན་དགྲམ། མཎྜལ་གྱི་གཞི་དྲི་བཟང་པོས་ཆག་ཆག་བཏབ་ལ།

p. 77

མཎྜལ་པདྨ་འདབ་མ་བརྒྱད་པ། ཕྱོགས་བཞི་དམར་ལ་མེ་རླུང་སེར། །བདེན་བྲལ་ལྗང་ལ་དབང་ལྡན་ནག །ལྟེ་བ་དཀར་ལ་སོགས་སྤྱི་དང་མཐུན་པར་བྲི། དབུས་དང་ཕྱོགས་བཞིར་མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་ཅི་འབྱོར་བཟང་དུ་བཤམ། གཞན་ཡང་རྗེས་གནང་གི་ཆས་རིན་ཆེན་རྒྱན་ཕྲེང་དང༌། ཁ་ཊྭཱཾ་ག་དང༌། བེ་ཅོན་དང༌། རྡོ་རྗེ་དང༌། རྟེན་འབྲེལ་གྱི་རྫས་སྣ་ཚོགས་པ་བླུགས་པའི་སྣོད་དང༌། ནོར་བུ་དང༌། བུམ་པ་བཅུད་ཀྱིས་བཀང་བ་ཁ་རྒྱན་དང་བཅས་པ་དང༌། པདྨ། ལྕགས་ཀྱུ། སྣ་ཚོགས་རྡོ་རྗེ། ནེའུ་ལེའི་རྐྱལ་བུ། གཏོར་མ་ཟས་སྣ་ཚོགས་ཀྱིས་བརྒྱན་པ། ཙཱ་རུའི་བཟའ་བ་རྣམས་སྟ་གོན་བྱ། དེ་ནས་མཆོད་པ་བྱིན་བརླབ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། གཙོ་བོ་ཛཾ་དཀར་གྱི་བསྒོམ་བཟླས་དང་མཆོད་བསྟོད་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པ་ལྟ་བུ་ཞིག་བསྐྱེད། མདུན་གྱི་མཎྜལ་གྱི་ཚོམ་བུ་ཆོ་ག་གསུམ་ལས་གཙོ་འཁོར་ལྔར་བསྐྱེད། བཟླས་པ། མཆོད་བསྟོད་གཏོར་མ་འདོད་དོན་གསལ་གདབ་སྒྲུབ་ཐབས་ལྟར་བྱ། དེ་ནས་སློབ་མ་ལ་ཁྲུས་བྱས་སྟན་ལ་འདུག གུ་གུལ་གྱིས་བདུག མེ་ཏོག་དང་བཅས་པས་མཎྜལ་འབུལ་དུ་གཞུག རྟོག་པ་བསྡུ། ཀུན་སློང་འཆོས། ཡིད་ཆེས་ལོ་རྒྱུས་བཤད། གནང་བ་བྱིན། སློབ་མ་ལྷར་བསྐྱེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ། མཆོད་བསྟོད། ཐུན་མོང་གི་སྡོམ་པ་གཟུང༌། ཡེ་ཤེས་དབབ། དུས་གསུམ་བདེ་གཤེགས་སྐུ་ཡི་མཆོག །སྐུ་དང་ཡེ་ཤེས་རྒྱས་པའི་སྐུ། །སྐུ་མཆོག་འདི་ནི་ཁྱོད་ཀྱིས་ཟུངས། །ལུས་ཀྱི་མི་དགེ་སྤང་བར་བྱ། །སྔགས་ཀྱི་མཇུག་ཏུ་ཨོཾ་ཞེས་སོ། །སྐུ་ཡི་རིག་གཏད་དབུ་རྒྱན་བསྐོན། །དར་དཔྱངས་རིན་ཆེན་རྒྱན་ཕྲེང་སྦྱིན། །གསུང་གི་རིག་གཏད་བཟླས་ལུང་སྦྱིན། །མེ་ཏོག་དང་

p. 78

བཅས་པའི་ཕྲེང་བ་སློབ་མའི་མགོ་བོར་བཞག་གོ །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང༌། དེའི་གདམས་ངག་བཤད། དེ་ནས་ཐུགས་ཀྱི་རིག་གཏད་ལ། མདུན་བསྐྱེད་ཀྱི་གཙོ་འཁོར་གསལ་གདབ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གསུམ་ལས། ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་དང༌། གཙོ་འཁོར་ལྔ་ཁ་དོག་སྣ་ཚོགས་ཚོན་གང་བ་དཔག་མེད་འཕྲོས་སློབ་མའི་སྙིང་གར་ཞུགས་པས་ཐུགས་ཀྱི་བྱིན་རླབས་དང༌། ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ། དེ་ནས་གཙོ་བོའི་ཕྱག་མཚན་གཏད་ལ། རྗེ་བཙུན་ཛཾ་ལ་དཀར་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །བུ་ཡིས་མྱུར་དུ་ཐོབ་པར་ཤོག །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་བརྗོད། སློབ་མ་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་ལ། གཡས་སུ་རྡོ་རྗེ། གཡོན་དུ་རྟེན་འབྲེལ་གྱི་རྫས་སྣ་ཚོགས་བླུགས་པའི་སྣོད་གཏད་ལ། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི་ཞེས་སོགས་བརྗོད་ནས། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤཱ་ནི་སྟེང་ལྷའི་སྲིད་པ་རིགས་ཀྱི་བུའི་དབང་དུ་གྱུར་ཅིག་སྭཱ་ཧཱ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་རིགས་ཀྱི་བུའི་དབང་དུ་གྱུར་ཅིག་སྭཱ་ཧཱ། སློབ་མ་རིན་ཆེན་མཁའ་འགྲོ་མར་བསྐྱེད་ལ། གཡས་སུ་རིན་པོ་ཆེ། གཡོན་དུ་བུམ་པ་ཁ་རྒྱན་དང་བཅས་པ་གཏད་ལ། བཅོམ་ལྡན་རིན་ཆེན་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི་ཞེས་སོགས་དང༌། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤཱ་ནི་འཇིག་རྟེན་ཁམས་ཀྱི་ནོར་རྫས་ཐམས་ཅད་རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། སློབ་མ་པདྨ་མཁའ་འགྲོ་མར་བསྐྱེད་ལ། གཡས་སུ་པདྨ། གཡོན་དུ་ལྕགས་ཀྱུ་གཏད་དེ། བཅོམ་ལྡན་པདྨ་མཁའ་འགྲོ་

p. 79

མའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། །ཞེས་སོགས་དང༌། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤཱ་ནི། རྒྱལ་པོ་དང༌། བློན་པོ་དང༌། ཡུལ་མི་དབང་ཆེ་བ་དང༌། ནོར་བུའི་བདག་པོ་ཀླུ་ཆེན་པོ་རྣམས་རྡོ་རྗེ་སློབ་མ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། སློབ་མ་ལས་ཀྱི་ཌཱ་ཀི་མར་བསྐྱེད་ལ། གཡས་སུ་སྣ་ཚོགས་རྡོ་རྗེ་གཡོན་དུ་ནེའུ་ལེའི་རྐྱལ་བུ་གཏད་ལ། བཅོམ་ལྡན་ལས་ཀྱི་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི༴ ཞེས་སོགས་དང༌། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི། ཡུལ་མི་ཕྱུག་པོ་དང་ཟས་ནོར་སྣ་ཚོགས་པ་རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་ལྷ་བསྒོམ་པ་དང༌། ཕྱག་མཚན་གྱི་རྗེས་གནང་བྱ། དེ་ནས་གཏོར་མ་རྒྱན་ཅན་དེ་ལྷ་ལྔར་གསལ་གདབ། གཏོར་མའི་དབང་གི་དམིགས་པའི་ངོ་སྤྲད་དེ་གཏོར་དབང་བྱ། ལྷ་ལྔ་པོ་སློབ་མའི་སྤྱི་བོར་བསྟིམ། སུ་པྲ་ཏིཥྛ་བརྗོད་དེ། མེ་ཏོག་སློབ་མའི་མགོ་བོར་བཞག དེ་ནས་གཏོར་མ་སློབ་མ་ལ་སྦྱིན། སྟོང་གསུམ་འདིའམ་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་མཎྜལ་དབུལ། འདིར་ཕྱག་རྟེན་གང་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་འོང་བ་ཡིན་པར་ནོར་ལྷ་རྣམས་ཀྱི་མན་ངག་ཏུ་འབྱུང་ཞིང༌། སློབ་དཔོན་ལ་ཡོན་བཟང་དུ་ཕུལ་ན་དངོས་གྲུབ་མྱུར་པའི་རྟེན་འབྲེལ་ཡོད་ཅེས་གསུངས་པས་དེ་ལྟར་བྱ། དམ་ཚིག་བསྡུས་ཏེ་ཁས་བླང༌། དེའི་དོན་བཤད། དེ་ནས་མདུན་བསྐྱེད་ལ་གཏང་རག་གི་མཆོད་བསྟོད་བྱ། འདོད་དོན་གསོལ་བ་གདབ། ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ་མཎྜལ་བསྡུ། བསྔོ་བ་སྨོན་ལམ་བྱ། བཀྲ་ཤིས་བརྗོད། ཙཱ་རུའི་བཟའ་བ་ལ་ལོངས་སྤྱོད་ཅིང་དགའ་སྟོན་བྱའོ། །རྗེ་བཙུན་ཛམྦྷ་ལ་དཀར་པོའི་རྗེས་གནང་གི་ཐོ་དཔལ་ལྡན་ཨ་ཏི་ཤའི་མན་ངག་ལས་བྱུང་བ་བླ་མ་རྣམས་ཀྱི་གསུང་ཞིང་ཡི་གེར་བཀོད་པའོ། ༈ །ཇོ་

p. 80

བོས་མཛད་པའི་བསྟོད་པ་ནི། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ནོར་བདག་རིན་ཆེན་བརྗིད་པའི་སྐུ། །གངས་རི་ལྟར་དཀར་རབ་མཛེས་འགྲོ་ཚོགས་དབུལ་ཕོངས་ཐ་དག་སྡུག་བསྔལ་མ་ལུས་ཞི་མཛད་ཅིང༌། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འགྲོ་ལ་བུ་གཅིག་ལྟར་བརྩེ་ཕྱོགས་བཅུ་ཀུན་ཏུ་གཟིགས་མཛད་པ། །བསམ་འཕེལ་ནོར་བུ་དཔག་བསམ་ཤིང་འདྲ་དེ་ལ་བདག་ཡིད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དུག་གསུམ་ལ་སོགས་ངན་འགྲོའི་ས་བོན་མྱུ་གུ་གཅོད་མཛད་ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་འཛིན། །གཡོན་པས་བེ་ཅོན་ནོར་བདག་མ་ལུས་དབང་དུ་སྡུད་ཅིང་བཀྲེས་སྐོམ་ནད་དང་སྡུག་བསྔལ་འཇོམས། །དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་ཤིང་ལེན་བུའི་ཅོད་པན་ལྷབ་ལྷུབ་རྒྱན་གྱིས་ཀུན་ནས་མཛེས། །ནོར་བདག་ཆེན་པོ་འབྲུག་ལ་ཆིབས་པས་བདག་དང་སེམས་ཅན་ཀུན་གྱི་དབུལ་ཕོངས་ཞི་བར་མཛོད། །གངས་རི་ལྟར་དཀར་ཞལ་གཅིག་ཕྱག་གཉིས་འབྲུག་གི་སྟེང་ན་བརྗིད་པའི་སྐུ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་འཕྲུལ་འགྲོ་ལ་འདོད་དགུའི་ཆར་འབེབས་པ། །ཡི་དམ་ཁྱོད་ལ་གུས་པས་འདུད་དོ་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལོག་འཚོ་བྲལ་བའི་འབྱོར་པ་ཆེན་པོ་ཀུན་ནས་རྒྱས་པའི་དངོས་གྲུབ་སྩོལ། ༈ །འཕགས་པ་ཛམྦྷ་ལ་དཀར་པོའི་བསྒོམ་བཟླས་རྗེས་གནང་བྱེད་ཚུལ་དང་བཅས་པ་བཞུགས་སོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་ཛམྦྷ་ལ་དཀར་པོ་བསྒྲུབ་པར་འདོད་པས་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། ཨོཾ་སྭ་བྷཱ་ཝས་སྟོང་པར་བསྒོམ། སྟོང་པའི་ངང་ལས་རང་ཉིད་ཛྃ་ལས་ཛམྦྷ་ལ་དཀར་པོ་འབྲུག་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང༌། གཡོན་པས་བེ་

p. 81

ཅོན་བསྣམས་པ། ཞལ་གདངས་ཤིང་འཛུམ་པའི་རྣམ་པ་ཅན། སྤྱན་གསུམ་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པའོ། །འདི་ལ་ཡན་ལག་བཞི་རྫོགས་བྱེད་གསུངས་པ་ནི་མི་སྣང་ལ། བྱེད་ན། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཛྃ་ཡིག་དཀར་པོ་དེ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ཛམྦྷ་ལ་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། སྙིང་གར་ཟླ་བ་ལ་ཛྃ་ཡིག་གི་མཐར་སྔགས་ཕྲེང་ལས་འོད་འཕྲོས། འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་འདུས་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་སོགས་བཟླ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་མཆོད་པ་དང༌། བསྟོད་པས་བསྟོད། འདོད་དོན་གསོལ་གདབ་བྱས་ལ། དགེ་བ་འདི་ཡིས་སོགས་བསྔོ་བ་བྱ། རྗེས་གནང་བྱེད་ན། ཟླ་བ་ཡར་ངོའི་ཚེས་བརྒྱད་ལ་སོགས་པ་ལ་རྒྱལ་ཕུར་འཛོམ་པའམ། དེ་མིན་སྐར་མ་རྒྱལ་ལ་སོགས་པ་གཟའ་སྐར་འཛོམ་པ་ལ་གནས་དབེན་པར་མཎྜལ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ཚོན་རྫོགས་སྤྱི་དང་མཐུན་པ་ལྟེ་བ་དཀར་བའི་དབུས་དང་ཕྱོགས་བཞིར་མེ་ཏོག་གི་ཚོམ་བུ་དགོད། མཐར་མཆོད་པས་བསྐོར། དཀར་གཏོར་རྒྱན་ལྡན་ཆེ་བ་གཅིག་བཤམ། དམ་རྫས་རིན་པོ་ཆེའི་རྒྱན་ཕྲེང་

p. 82

སོགས་ཙཀ་ལི་བཤམ། རང་རྟེན་ལ་ཁ་ཕྱོགས་པར་འདུག་ལ། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། སྐྱབས་འགྲོ་ནས་མཆོད་བསྟོད་ཀྱི་བར་སྒྲུབ་ཐབས་བཞིན་བྱས་ལ། མདུན་གྱི་མཎྜལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁང་བཟང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཛྃ་ལས་རྩེ་གསུམ་ཛྃ་གྱིས་མཚན་པ་ལས་ཛམྦྷ་ལ་དཀར་པོ་སྒྲུབ་ཐབས་བཞིན། ཤར་གྱི་འདབ་མ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ཌཱ་ཀི་ནཱི་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་རྡོ་རྗེ། གཡོན་པས་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། ལྷོར་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གྱིས་མཚན་པ་ལས་རིན་ཆེན་ཌཱ་ཀི་ནཱི་སེར་མོ་གཡས་ནོར་བུ། གཡོན་རིན་པོ་ཆེའི་བུམ་པ་བསྣམས་པ། ནུབ་ཏུ་པྃ་ལས་པདྨ་པྃ་གྱིས་མཚན་པ་ལས་པདྨ་ཌཱ་ཀི་ནཱི་དམར་མོ་གཡས་པདྨ། གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལས། ལས་ཀྱི་ཌཱ་ཀི་ནཱི་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་ནེའུ་ལེ་ནོར་སྐྱུགས་པ་བསྣམས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའོ། །འདིར་ཡན་ལག་བཞི་རྫོགས་ཐོབ་པ་འདྲ་ཡང་བཤད་པ་མི་སྣང༌། བྱེད་ན་རིགས་ལྔ་སོ་སོས་དབུར་བརྒྱན་པར་མཛད་པས་ཆོག་པར་སྣང་ངོ༌། །དེ་ནས་ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་རེ་རེ་བཞིན་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པས་བསྟོད། སྒོས་བསྟོད་མ་ཤེས་ན། ནོར་གྱི་དབང་ཕྱུག་གིས་བསྟོད། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་པར་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་

p. 83

ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་དབུལ། སླར་མཆོད་བསྟོད་འདོད་དོན་ཞུ། དེ་ནས་གཙོ་འཁོར་ལ་དམིགས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་སོགས་ཅི་ནུས་བཟླ། སློབ་མ་ཇི་ལྟར་རིགས་པ་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྲམ་བསྡུ་ཚར་ནས། ༈ །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྗེས་གནང་ཟབ་མོ་གསན་སྙམ་པའི་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། འདིར་ཆོས་ཐམས་ཅད་ཀྱི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་ནོར་ལྷ་མང་པོའི་ནང་ནས། ཇོ་བོ་ཆེན་པོ་ནས་བརྒྱུད་པའི་ཛམྦྷ་ལ་དཀར་པོའི་རྗེས་གནང་ཟབ་མོ་སྒྲུབ་པར་བྱེད་པ་ལ་སྔོན་དུ་བརྒྱུད་པའི་ལོ་རྒྱུས་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྐབས་ཞིག་རི་པོ་ཏ་ལའི་འགྲམ་ན་ཕར་བྱོན་པས་མི་གཅིག་འཆི་ཞིང་འདུག་པ་གཟིགས། ཇོ་བོས་ཁྱོད་ལ་ནད་གང་བྱུང་ནས་འཆི་བ་ཡིན་དྲིས་པས། མི་དེ་ན་རེ་བཀྲེས་ནས་འཆི་བ་ཡིན་ཟེར་སྐད། ཇོ་བོ་སྙིང་རྗེ་ཆེན་པོ་སྐྱེས་ཏེ་གྲོང་ཁྱེར་དུ་བསོད་སྙོམས་སློང་དུ་ཕྱིན་ན་དེའི་བར་ལ་ཁོ་འཆི་བར་འདུག ང་རང་གི་ཤ་བཅད་ལ་སྦྱིན་སྙམ་ནས་ལྷུང་བཟེད་ནས་སྤུ་གྲི་ཕྱུང་ནས་སྐུ་ཤ་བཅད་ནས་བྱིན་པས་མི་དེ་ན་རེ་ངས་མི་ཤ་མི་ཟ་ཟེར་ནས་བཟར་མ་ཉན། ཇོ་བོའི་ཞལ་ནས་ཟོས་པས་ཡུད་ཙམ་ཞིག་སྲོག་ཐུབ་སྟེ་འོང་དེ་བར་ལ་ངས་གྲོང་ཁྱེར་ནས་བསོད་སྙོམས་བྱས་པ་ཁྱེར་ནས་ཡོང་གི་བྱས་པས། མི་དེ་ན་རེ། སྤྱིར་ཡང་ཤ་མི་ཟ། དེའི་ནང་ནས་ཀྱང་ཆོས་པའི་ཤ་མི་ཟ། འཕགས་པའི་བདེན་པ་མ་མཐོང་བའི་སེམས་ཅན་སྡུག་བསྔལ་གྱི་རྐྱེན་གྱིས་འཆི་བས། ང་སྐྱེས་ནས་མི་འཆི་བའི་དབང་མེད། ཅེས་སྨྲས་པས། ཇོ་བོའི་ཐུགས་ལ་བདེན་སེམས་ཅན་བཀྲེས་པའི་སྡུག་བསྔལ་བསམ་ན། ངའི་སྙིང་གིས་གར་ཚུགས་གསུངས་ནས་རི་པོ་ཏ་ལར་དབུ་བསྟན། ཞལ་ས་ལ་བསྟན་

p. 84

ནས་བཤུམ་ཞིང་བཞུགས་པ་དང༌། ས་གཡོས་ཤིང་ནམ་མཁའ་ལ་སྒྲ་ཆེན་པོ་བྱུང་བས། སྤྱན་ཕྱིས་ནས་གཟིགས་པས། ཟླ་བ་རྒྱས་པའི་གདན་ལ་འཕགས་པ་སྤྱན་རས་གཟིགས་བྱོན་ནས་ཅི་ཉེས་གསུངས་པས། ཇོ་བོས་མི་བཀྲེས་ནས་འཆི་བ་སོགས་གོང་བཞིན་ཞུས་པས། འཕགས་པ་ཡང་སྤྱན་ཆབ་ཕྱུང་སྟེ། སྤྱན་གཡོན་ནས་ཇོ་མོ་སྒྲོལ་མ་བྱོན། སྤྱན་གཡས་ནས་ཛམྦྷ་ལ་དཀར་པོ་ལྷ་ལྔ་བྱོན་ནས་མདུན་གྱི་ནམ་མཁར་འོད་གོར་རེ་བཞུགས་པ་གཟིགས་ནས་ཇོ་བོ་ཐུགས་མཉེས་ནས་བསྟོད་པ་མཛད་དོ། །ཇོ་བོ་ལ་བྱིན་རླབས་དང་རྗེས་སུ་གནང་བ་མཛད་དོ། །ཇོ་བོའི་ཞལ་ནས། འདིའི་བསྒོམ་བཟླས་མ་ཆག་པར་བྱས་ན་སྐྱིད་པར་འོང་གསུངས། ཇོ་བོ་ལ་ཚེ་སྒྲུབ་རྡོ་རྗེ་འཁྱིལ་པ་དང༌། ནོར་སྒྲུབ་རིན་ཆེན་སྤུངས་པ་ལ་སོགས་གདམས་པ་ཁྱད་པར་ཅན་བཞི་ཡོད་པ་ལས་འདི་ནོར་སྒྲུབ་ཡིན། འདི་ལ་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ། གཏོར་མ་ལ་བརྟེན་ནས་སྒྲུབ་པ། གའུ་ལ་བརྟེན་ནས་སྒྲུབ་པ་དང་གསུམ་ཡོད། འདི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང༌། ནག་ཚོ་བ་གཉིས་ལ་གནང་བ་ལས། ནག་ཚོ་ལས་བརྒྱུད་པ་འཕེལ་ཏེ་དེང་སང་གི་བར་དུ་བཀའ་མ་ནུབ་པར་བཞུགས་པ་འདི་ཡིན་ནོ། །ད་རྗེས་གནང་དངོས་ལ་སྔོན་དུ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་ཀྱིས་གསོལ་བ་གདབ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་གདབ་ནའང་རུང་བ་འདྲ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོའི་ཡིད་ཀྱིས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །

p. 85

ཅེས་གསུངས་པས་སེམས་རྩེ་གཅིག་པའི་སྒོ་ནས། དལ་འབྱོར་རྙེད་དཀའ། འཁོར་བའི་ཉེས་དམིགས་སོགས་དྲན་བཞིན་པས་རྒྱུད་དག་པར་བྱེད་པའི་སླད་དུ་རྒྱུན་བཤགས་མཛད་དགོས་པས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཛམྦྷ་ལ་དཀར་པོའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་སོགས་བརྗོད། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པའི་ངང་ལས་ཁྱེད་རང་རྣམས་ཛམྦྷ་ལ་དཀར་པོ་ཞེས་སོགས་བསྐྱེད། དེའི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་གྱིས་བརླབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཛམྦྷ་ལ་དཀར་པོའི་རྣམ་པ་དང་མདུན་བསྐྱེད་ནས་ཀྱང་དེ་འདྲ་བའི་གཙོ་འཁོར་ལྔའི་སྐུ་དཔག་ཏུ་མེད་པ་བྱོན་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྔགས་དང༌། ཛཿཧཱུྃ་བཾ་ཧོཿ མང་དུ་བརྗོད། དྲིལ་བུ་གསིལ། གུ་གུལ་གྱིས་བདུག སློབ་མ་ལ་མཆོད་བསྟོད་ཅིག་བྱ། དེ་ནས་ཛམྦྷ་ལའི་ཙཀླི་སློབ་མའི་མགོར་བཞག་ལ། དབུ་རྒྱན་དར་དཔྱངས་སྦྱིན་ཟེར་བ་ཡིག་རྙིང་ན་སྣང༌། དུས་གསུམ་བདེ་གཤེགས་སྐུ་ཡི་མཆོག །སྐུ་དང་ཡེ་ཤེས་རྒྱས་པའི་སྐུ། །སྐུ་མཆོག་འདི་ནི་ཁྱོད་ཀྱིས་ཟུངས། །ལུས་ཀྱི་མེ་དགེ་སྤང་བར་བྱ། །ཨོཾ་པདྨ་ཀྲོ་དྷ་ནས་ཧྲྀ་ད་ཡ་ཨོཾ། ཞེས་བརྗོད་པས་སློབ་མ་ལ་ཛམྦྷ་ལ་ཐིམ་པར་བསམ། དེས་སྐུའི་རྗེས་གནང་ཐོབ་པའི་མོས་པ་མཛོད། གསུང་གི་

p. 86

རྗེས་གནང་གི་དོན་དུ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཛྃ་ཡིག་གི་མཐར་ལན་དང་པོས་འཁོད། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། པདྨ་ཀྲོ་དྷ་ལན་གསུམ་གྱི་རྗེས་ཟློས། མེ་ཏོག་ཕུལ་ལ། བཅོམ་ལྡན་བདག་ལ་སོགས། མེ་ཏོག་གཏོར་ལ། བཅོམ་ལྡན་འདི་ལ་སོགས་སྤྱི་དང་མཐུན། དེས་གསུང་གི་རྗེས་གནང་ཐོབ། དེ་ནས་ཐུགས་ཀྱི་རྗེས་གནང་ལ། མདུན་བསྐྱེད་གཙོ་འཁོར་ལྔའི་གནས་གསུམ་ལ། ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་དང༌། གཙོ་འཁོར་ལྔའི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གར་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། དྲིལ་བུ་གསིལ། གུ་གུལ་གྱིས་བདུག དེས་ཐུགས་ཀྱི་རྗེས་གནང་ཐོབ། ཡོན་ཏན་གྱི་རྗེས་གནང་ལ། ཁྱེད་རང་རྣམས་ཛམྦྷ་ལར་གསལ་བ་ལ་ཕྱག་མཚན་གཏད་པར་མོས་པ་མཛོད་བྱས་ལ། གཙོ་བོའི་ཕྱག་མཚན་གྱི་ཙཀླི་གཏད་ལ། རྗེ་བཙུན་ཛམ་ལ་དཀར་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །བུ་ཡིས་མྱུར་དུ་ཐོབ་པར་ཤོག །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཡང་ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་མར་གསལ་བ་ལ་ཕྱག་མཚན་གཏད་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། །ཞེས་སོགས་རྐང་པ་ཕྱི་མ་གཉིས་གོང་བཞིན། ཨོཾ་བཛྲ་ཌཱ་ཀི་ནི་པི་ཤཱ་ནི་སྟེང་ལྷ་སྲིད་དབང་དུ་གྱུར་

p. 87

ཅིག འོག་ཀླུ་སྲིད་དབང་དུ་གྱུར་ཅིག བར་མི་སྲིད་དབང་དུ་གྱུར་ཅིག རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་སྦྱིན། ཡང་ཁྱེད་རང་རྣམས་རིན་ཆེན་ཌཱ་ཀི་མར་གསལ་བ་ལ་ཕྱག་མཚན་བྱིན་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་རིན་ཆེན་མཁའ་འགྲོ་སོགས་ཚིགས་བཅད་དང༌། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤཱ་ནི་འཇིག་རྟེན་ཁམས་ཀྱི་ནོར་རྫས་ཐམས་ཅད་རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད། ཡང་ཁྱེད་རང་རྣམས་པདྨ་མཁའ་འགྲོ་མར་གསལ་བ་སོགས། བཅོམ་ལྡན་པདྨ་མཁའ་འགྲོ་མའི། །སོགས་དང༌། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤཱ་ནི་རྒྱལ་པོ་དང༌། བློན་པོ་དང༌། ཡུལ་མི་དབང་ཆེ་བ་དང༌། ནོར་གྱི་བདག་པོ་ཀླུ་ཆེན་པོ་རྣམས་སློབ་མ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད། ཁྱེད་རང་རྣམས་ལས་ཀྱི་ཌཱ་ཀི་མར་གསལ་བ་སོགས་དང༌། བཅོམ་ལྡན་ལས་ཀྱི་ཞེས་སོགས་དང༌། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི་ཡུལ་མི་ཕྱུག་པོ་དང་ཟས་ནོར་སྣ་ཚོགས་པ་རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བརྗོད་པ་ནི་ཡོན་ཏན་གྱི་རྗེས་གནང་ངོ༌། །དེ་ནས་ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། སློབ་དཔོན་གྱིས་གཏོར་མ་རྒྱན་ལྡན་བཟུང་ལ་དམིགས་པ་འདི་བཞིན་མཛོད། གཏོར་མ་འདི་ཉིད་རིན་པོ་ཆེའི་ཁང་བཟང་གི་དབུས་སུ་ཛམྦྷ་ལ་དཀར་པོ་ལྷ་ལྔར་གསལ་བའི་སྟེང་གི་ཆ་ལ་བླ་མ་བརྒྱུད་པ་དང༌། མཐའ་སྐོར་དུ་ཆོས་སྐྱོང་སྲུང་མ་ནོར་ལྷའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། རྩ་བའི་བླ་མས་བཀའ་བསྒོས་པའི་དུས་སུ་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་བཀའ་བསྒོས་པ་ལ་བརྟེན་ནས། ནོར་བདག་འཁོར་བཅས་ཁྱེད་རང་རྣམས་ཀྱི་དབང་དུ་གྱུར་པ་ཡིན་སྙམ་པའི་མོས་པ་མཛོད་ཅིག འཕགས་པ་སྤྱན་རས་གཟིགས། ཇོ་བོ་རྗེ། རྒྱ་བརྩོན་འགྲུས་སེང་

p. 88

གེ། ནག་ཚོ་ལོ་ཙཱ་བ། བཤེས་གཉེན་འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། སྤྱན་སྔ་བསོད་ནམས་འཕེལ། བཀའ་བཅུ་པ་གཞོན་ནུ་སེང་གེ། སྲིབ་རི་བ་གཞོན་ནུ་རྒྱལ་མཚན། ལྷ་ཕུག་པ་རིན་ཆེན་འོད་ཟེར། བླ་མ་དཔལ་ལྡན་གྲུབ་པ། རིན་པོ་ཆེ་སངས་རྒྱས་འོད་ཟེར། གཙང་པ་བློ་བཟང༌། བཀའ་འགྱུར་བ་ཤཱཀྱ་བཟང་པོ། སྤྱན་སྔ་བ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་སེམས་དཔའ་ཆེན་པོ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་ས་སྐྱ་པ་«་་་་་འདི་མན་ཁ་སྐོང༌།» སྔགས་འཆང་ཀུན་དགའ་བློ་གྲོས། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར། ཛམྦྷ་ལ་དཀར་པོ་འཁོར་དང་བཅས་པ་རྣམས་ཀྱིས་སློབ་མ་འདི་རྣམས་ཀྱི་ནོར་ལྷ་མཛད་ནས་སྲིད་པ་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་དབང་དུ་བསྡུས་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཕྲིན་ལས་མཛོད། གཏོར་མ་མགོ་ཐོག་ཏུ་བཞག་ནས། ཨོཾ་པདྨ་སོགས་ནས། ཨ་དྷིཥྛ་ན་ཨདྷིཥྛི་ཏེ་སྭཱ་ཧཱ། གཏོར་མ་ལྷ་ལྔར་གསལ་བ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད། གཏོར་མ་ནས་དངོས་གྲུབ་ཀྱི་ཚུལ་དུ་ཅུང་ཟད་བཅད་ལ་སློབ་མ་ལ་སྦྱིན་བཟར་གཞུག མེ་ཏོག་གཏོར་ལ། སུ་པྲ་ཏིཥྛས་བརྟན་པར་བྱས། དེ་ལྟར་དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར། མཎྜལ། དེང་ནས་བརྩམས་ཏེ་སོགས། དགེ་བ་བསྔོ། སློབ་མ་རང་

p. 89

གནས་སུ་བཏང༌། དེ་ནས་མདུན་བསྐྱེད་ལ་མཆོད་བསྟོད། ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་སོགས་བཟོད་པར་གསོལ། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། ཛཿཧཱུྃ་བཾ་ཧོཿ དགེ་བ་བསྔོ། བཀྲ་ཤིས་བརྗོད་ནས་ལས་རྗེས་བསྡུའོ། །ཞེས་པ་འདི་ནི་སྔར་གྱི་ཡིག་རྙིང་གསལ་བར་གྱིས་ཤིག་ཅེས་བཅོ་བརྒྱད་རིན་པོ་ཆེས་བཀའ་གནང་བ་ལ་བརྟེན་ནས། རང་གི་སེམས་ལ་ངེས་པ་གང་རྙེད་པ་ཤེའུ་ལོ་ཙཱས་ནཱ་ལེནྡྲར་བྲིས་པའོ། །བླ་མའི་ཕྱག་ལེན་དང་ཡིག་ཆ་གསར་པ་ཁུངས་ཐུབ་རྙེད་ན་ད་དུང་དཔྱད་པར་བྱའོ། །འདིས་འགྲོ་བ་མཐའ་དག་གི་དབུལ་བ་སེལ་གྱུར་ཅིག། ༈ །ཛཾ་དཀར་རྗེས་གནང་ཁམས་གསུམ་དབང་སྡུད་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཛམྦྷ་ལཱ་ཡ། ཐུགས་རྗེའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས། །འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱིར། །འདོད་དགུའི་འབྱུང་ཁུངས་ཨཱརྻ་ཛམྦྷ་ལ། །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །གང་གི་སྒྲུབ་ཐབས་རྗེས་གནང་ཆོ་གར་བཅས། །འཁྲུལ་མེད་དམ་པ་གོང་མའི་གཞུང་བཟང་བཞིན། །རང་དང་སྐལ་མཉམ་དོན་དུ་གསལ་བར་བཤད། །ཡར་ངོའི་དུས་བཟང་བཀྲ་ཤིས་པར། །དབེན་པའི་གནས་སུ་སྟེགས་ཀྱི་ཁར། །མཎྜལ་སྣ་ཚོགས་པདྨའི་དབུས། །ཚོམ་བུ་དཀར་དང་ཕྱོགས་བཞི་རུ། །ཤར་སྔོ་ལྷོ་སེར་ནུབ་དམར་དང༌། །བྱང་དུ་ལྗང་བའི་ཚོམ་བུ་དགོད། །ཟླུམ་གཏོར་ཆུ་གཉིས་ཉེར་སྤྱོད་དང༌། །དབང་རྫས་ཁ་ཊྭཱཾ་ག་བེ་ཅོན། །རྡོ་རྗེ་བཅུད་སྣོད་ནོར་བུ་བུམ། །པདྨ་ལྕགས་ཀྱུ་རྒྱ་གྲམ་དང༌། །ནེའུ་ལེའི་རྐྱལ་པ་ལ་སོགས་པ། །འབུར་དང་བྲིས་པ་གང་རུང་བཤམ། །རྡོར་དྲིལ་མེ་ཏོག་མཎྜལ་དང༌། །གུ་གུལ་ལ་སོགས་སློབ་མ་ལ། །དགོས་པའི་ཡོ་

p. 90

བྱད་འདུ་བྱའོ། །མཆོད་པ་རྣམས་ལ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ཀྱི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་སོ་སོའི་ཕྱག་རྒྱ་དང་བཅས་པའི་མཐར་དྲིལ་གསིལ་བྱ་ཞིང༌། གྷཎྜེ་ར་ཎིས་བྱིན་གྱིས་བརླབ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ལ། རང་སྐད་ཅིག་གིས་ཛམྦྷ་ལར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཛམྦྷ་ལ་ལ་བླ་མ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མཿཔདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿས་ཕྱག་བྱ། གོང་གི་སྔགས་ཤམ་དུ་ཨརྒྷཾ་སོགས་བཏགས་ནས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཛྃ་དཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན། ཡིད་ཙམ་ཁྲོས་པ། སྤྱན་གསུམ་པ། དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་ཤིང༌། སྨ་ར་སྨིན་མ་དཀར་སེར་གྱེན་དུ་འཁྱིལ་བ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང༌། གཡོན་རིན་པོ་ཆེའི་བེ་

p. 91

ཅོན་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། འོག་པགས། ཕྱག་གདུབ། ཞབས་གདུབ་རྣམས་ཀྱིས་སྤྲས་ཤིང༌། དར་གྱི་ཡུག་གོན་སྟོད་གཡོགས་ཀྱི་ཚུལ་དུ་འཕྱངས་ཞིང༌། པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་འབྲུག་གི་སྟེང་ན་ཞབས་གཉིས་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཛྃ་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཛམྦྷ་ལ་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། གོང་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཤེལ་དཀར་ཞུན་མའི་ཕུང་པོར་དབང་གཞུ་ཡིས། །རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང༌། །འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཟླ་བའི་གདན་ལ་ཛྃ་ཡིག་དཀར་པོ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་

p. 92

པར་ཁམས་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཇི་ལྟར་རིགས་པ་བཟླས་ལ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཤབྡའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ལས། །འདོད་དགུའི་དཔལ་སྟེར་རབ་བརྗིད་གནོད་སྦྱིན་དབང༌། །དབུལ་ཕོངས་སྡུག་བསྔལ་ཀུན་སེལ་ནོར་གྱི་ལྷ། །མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མ་དག་པའི་འཚོ་བ་སྤངས་ནས་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་སྐལ་པ་དང་ལྡན་པར་མཛད་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས་ཤློ་ཀ་གཅིག་གི་མཐར། བཛྲ་མུཿས་ཡེ་ཤེས་པ་གཤེགས་པར་བསམ། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛྃ་དཀར་པོ་ཞེས་པ་ནས་བཞུགས་པའི་བར་གོང་བཞིན། ཤར་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་མཁའ་འགྲོ་སྔོན་མོ་གཡས་རྡོ་རྗེ། གཡོན་རྟེན་འབྲེལ་གྱི་སྣོད། ལྷོར་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གྱིས་མཚན་པ་ལས་རིན་ཆེན་མཁའ་འགྲོ་སེར་མོ་གཡས་ནོར་བུ། གཡོན་བུམ་པ། ནུབ་ཏུ་པྃ་ལས་པདྨ་པྃ་གྱིས་མཚན་པ་ལས་པདྨ་མཁའ་འགྲོ་དམར་མོ་གཡས་པདྨ། གཡོན་ལྕགས་ཀྱུ། བྱང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལས་ལས་ཀྱི་མཁའ་འགྲོ་ལྗང་གུ་གཡས་རྒྱ་གྲམ། གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ། ཐམས་ཅད་ཀྱང་

p. 93

ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། དབུ་སྐྲ་སེར་པོ་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། གཡོན་བསྐུམས་གཡས་བརྐྱངས་བའི་སྟབས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ། ཞེས་པ་ནས་དཀར་པོའི་བར་གོང་བཞིན་ལས། རིགས་བཞི་མཁའ་འགྲོ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི། ཞེས་སྦྱར་ནས། ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད། རྡོ་རྗེ་མཁའ་འགྲོ་ལ་མི་བསྐྱོད་པ། རིན་ཆེན་མཁའ་འགྲོ་ལ་རིན་ཆེན་འབྱུང་ལྡན། པདྨ་མཁའ་འགྲོ་ལ་འོད་དཔག་མེད། ལས་ཀྱི་མཁའ་འགྲོ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབས་ནས་མཆོད་བསྟོད་གོང་བཞིན་ལ། ལས་བཞིའི་ཕྲིན་ལས་བསྒྲུབ་ལ་ཐོགས་མེད་ཅིང༌། །རྣམ་འཕྲུལ་མ་ངེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །གདུལ་བྱའི་རེ་བ་སྐོང་མཛད་མཁའ་འགྲོ་མ། །སྒྱུ་མའི་གཟུགས་ཅན་བཞི་ལ་ཕྱག་འཚལ་བསྟོད། །ཅེས་སྦྱར། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཞེས་པ་ནས། ནང་དུ་བར་མཆོད་པ་བཞིན་ལས། གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། འབྲུ་གསུམ་གྱི་བྱིན་གྱིས་བརླབ། སྔགས་ལ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པས་དབུལ། མཆོད་བསྟོད་གོང་བཞིན། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། སློབ་མ་ཁྲུས་བྱས་གུ་གུལ་གྱིས་བདུག གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་གདབ། ཆོས་བཤད་སྤྱི་དང་ཡིག་རྙིང་ལས་བྱུང་བའི་ལོ་རྒྱུས་བཤད། མཎྜལ་དབུལ། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བ་གདབ། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། འོད་ཟེར་གྱིས་ལུས་སྦྱངས་ནས།

p. 94

ཛམྦྷ་ལ་གཙོ་འཁོར་དུ་བསྐྱེད། ཡེ་ཤེས་དབབ། སློབ་མ་ཛམྦྷ་ལར་གསལ་བ་ལ་མཆོད་བསྟོད་བྱས་ནས། ཛཾ་དཀར་གྱི་སྐུ་སྤྱི་བོར་བཞག་སྟེ། དུས་གསུམ་བདེ་གཤེགས་སྐུ་ཡི་མཆོག །སྐུ་དང་ཡེ་ཤེས་རྒྱས་པའི་སྐུ། །སྐུ་མཆོག་འདི་ནི་ཁྱོད་ཀྱིས་ཟུངས། །ལུས་ཀྱི་མི་དགེ་སྤང་བར་བྱ། །སྔགས་ཀྱི་མཇུག་ཏུ། ཨོཾ་ཞེས་བརྗོད་པས་དབང་བསྐུར། ཡང་སྐུ་རྒྱན་གྱི་ཙཀླིས་ཀྱང་ལུས་ལ་རྒྱན་འདོགས་ཚུལ་བྱས་ལ། སྔགས་ཀྱི་མཐར། ཨོཾ་ཞེས་བརྗོད་ཅིང་སྟེར་བ་ནི་སྐུའི་རིག་གཏད་དོ། །རང་དང་སློབ་མ་ཛམྦྷ་ལར་གསལ་བའི་སྙིང་གར་སྔགས་ཕྲེང་བཀོད་ནས་བཟླས་ལུང་སྤྱི་འགྲེ་བྱས་པ་གསུང་གི་རིགས་གཏད་དོ། །མདུན་བསྐྱེད་དང་སློབ་མའི་གནས་གསུམ་ཡིག་འབྲུ་གསལ་བཏབ་ནས། མདུན་བསྐྱེད་ལས་ཡིག་འབྲུ་གསུམ་དང་གཙོ་འཁོར་ལྔ་བྱོན་ནས་སློབ་མའི་སྙིང་གར་ཐིམ་པས་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཞུགས་པར་བསམ་མོ། །སློབ་མའི་གཡས་སུ་ཁ་ཊྭཱཾ་ག་དང༌། གཡོན་དུ་བེ་ཅོན་གཏད་ནས། རྗེ་བཙུན་ཛྃ་ལ་དཀར་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །བུ་ཡིས་མྱུར་དུ་ཐོབ་པར་ཤོག །གཙོ་བོའི་སྔགས་བརྗོད། དེ་བཞིན་དུ་སློབ་མ་ལ་མཁའ་འགྲོ་མ་བཞི་རིམ་བཞིན་བསྐྱེད་ལ་གཡས་གཡོན་དུ་རྡོ་རྗེ་དང་རྫས་སྣོད་གཏད་ནས། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི་སོགས་གོང་བཞིན་མཐར། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤཱ་ནི་ལྷ་ཀླུའི་སྲིད་པ་ཐམས་ཅད་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཡང་རིན་པོ་ཆེ་དང་བུམ་པ་གཏད་ནས། བཅོམ་ལྡན་རིན་ཆེན་མཁའ་འགྲོ་མའི། །སྐུ་གསུང་ཐུགས་སོགས་མཐར། །ཨོཾ་རཏྣ་ཌཱ་ཀི་ནཱི་པ་ཤཱ་ནི། འཇིག་རྟེན་ཁམས་ཀྱི་ནོར་རྫས་ཐམས་ཅད་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཡང་པདྨ་དང་ལྕགས་

p. 95

ཀྱུ་གཏད་ལ། བཅོམ་ལྡན་པདྨ་མཁའ་འགྲོ་མའི། །སོགས་མཐར། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤཱ་ནི་རྒྱལ་བློན་ཡུལ་མི་དབང་ཆེན་ནོར་བུ་སོགས་བུ་འདིའི་སོགས་གོང་བཞིན། ཡང་རྒྱ་གྲམ་དང་ནེའུ་ལེ་གཏད་ལ། བཅོམ་ལྡན་ལས་ཀྱི་མཁའ་འགྲོ་སོགས་ཀྱི་མཐར། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི་ཕྱུག་པོ་ཟས་ནོར་སྣ་ཚོགས་བུ་འདིའི་སོགས་གོང་བཞིན་བརྗོད་པ་ནི། ལྷ་བསྒོམ་པ་དང་ཕྱག་མཚན་གྱི་རྗེས་གནང་ངོ༌། །གཏོར་མ་ལྷ་ལྔར་གསལ་བཏབ་ལ། བརྒྱུད་པའི་མཚན་ནས་བརྗོད་པའི་གཏོར་དབང་དཀྱུས་བཞིན་འདྲ་ལ། ལྷ་ལྔ་སྤྱི་བོར་ཐིམ་པར་མོས་ནས། སུ་པྲ་ཏིཥྛ་དང༌། སློབ་མའི་སྤྱི་བོར་མེ་ཏོག་བཞག་པས་བརྟན་པར་བྱས་ལ་བཀྲ་ཤིས་ཀྱིས་མངའ་གསོལ། གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་དང་མཐུན། མདུན་བསྐྱེད་ལ་མཆོད་བསྟོད། བཟོད་གསོལ། བརྟན་བཞུགས། གཤེགས་གསོལ། གནས་གསུམ་བསྲུང༌། དགེ་བ་བསྔོ། བཀྲ་ཤིས་རྣམས་སྤྱི་ལྟར་རོ། །བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས། དཔལ་ལྡན་ཨ་ཏི་ཤ །རྒྱ་བརྩོན་འགྲུས་སེང་གེ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། སྐྱི་སྟོན་སྨོན་ལམ་ཚུལ་ཁྲིམས། སྤྱན་སྔ་བསོད་ནམས་ཆོས་འཕེལ། བཀའ་བཅུ་པ་གཞོན་ནུ་སེང་གེ། སྲིབ་རི་བ་གཞོན་ནུ་རྒྱལ་མཚན། ལྷ་ཕུག་པ་རིན་ཆེན་འོད་ཟེར། བླ་མ་དཔལ་ལྡན་དོན་གྲུབ། སངས་རྒྱས་འོད་ཟེར། བློ་གྲོས་བཟང་པོ། ཤཱཀྱ་བཟང་པོ། སྤྱན་སྔ་བསོད་ནམས་ལྷ་དབང༌། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང༌། ཁྱབ་བདག་གནས་གསར་བ་ཆེན་པོ། དེས་

p. 96

བདག་ལའོ། །ཞེས་ཇོ་ལུགས་ཀྱི་ཛཾ་དཀར་ལྷ་ལྔའི་རྗེས་གནང་བྱ་ཚུལ་ཁམས་གསུམ་དབང་སྡུད་འདིའང་ས་སྐྱ་པ་ཀུན་དགའ་བློ་གྲོས་ཀྱིས་རང་དང་སྐལ་མཉམ་རྣམས་ལ་ཕན་པའི་ཆེད་དུ་བཀོད་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། ༈ །ཛམྦྷ་ལ་དཀར་པོ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་དངོས་གྲུབ་འདོད་འཇོའི་རྫིང་བུ་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་ཐུགས་རྗེའི་ཟླ་བ་རྒྱས་པའི་དཔལ། །མཐའ་དག་ཞུན་མར་འཁྱིལ་བའི་ལང་ཚོ་ཅན། །པུཎྜ་རཱི་ཀས་མཚན་པའི་འཕགས་པ་དང༌། །དབྱེར་མེད་དཔལ་ལྡན་བླ་མར་ཕྱག་བགྱིས་ནས། །ལྷ་མཆོག་འགྲོ་ལ་གཟིགས་པའི་སྤྱན་རས་ལས། །རྣམ་པར་འཁྲུངས་པའི་རྨུགས་འཛིན་དཀར་པོ་དེ། །གཙང་མའི་ཆབ་རྒྱུན་ལ་བརྟེན་སྒྲུབ་པའི་ཐབས། །དངོས་གྲུབ་འདོད་འཇོ་ནོར་བུའི་རྫིང་བུ་འབྲི། །དེའང་ཇོ་བོ་དཱི་པཾ་ཀ་ར་ནས་བརྒྱུད་པའི་ཛམྦྷ་ལ་དཀར་པོ་སྒྲུབ་པའི་ཐབས་ཀྱི་རིམ་པ་ཟབ་མོ་མང་དུ་མཆིས་པ་ལས། འདིར་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་ནི། མདུན་དུ་ཟངས་གཞོང་ནང་དུ་ནོར་བདག་གི་སྐུ་ལུགས་མའམ། རྡོ་དཀར་ལས་བརྐོས་པའམ། རྫ་ལས་བཅོས་པ་ཆུ་ཐུབ་པའི་སོ་བཏང་བའམ། དེ་རྣམས་མ་འབྱོར་ན་ཙ་ཀ་ལི་བྲིས་པ་ལ་སྦྲང་རྩིས་བྱུགས་པའི་རབ་གནས་ཅན་སྨྱུག་མ་ཕྲ་བ་ལ་བཏགས་ནས་རྡོའི་གདན་ལ་བཙུགས་པ་བཞུགས། ལོགས་ཤིག་ཏུ་བུམ་པ་ཆུ་གཙང་གིས་བཀང་བའང་བཞག རང་ཉིད་བདེ་བའི་སྟན་ལ་འཁོད་ནས། ༈ །སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་དང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་

p. 97

པ། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཧྲཱིཿཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་པས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྔགས་རྒྱས་སྤྱན་དྲངས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཐུགས་ཀའི་ཧྲཱིཿཡིག་ལས་སྔགས་ཀྱིས་བསྐོར་བར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཅི་ནུས་བཟླས་པའི་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་བརྗོད། མདུན་གྱི་སྐུ་གཟུགས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ། ཛྃ་ལས་ཁ་ཊྭཱཾ་རྩེ་གསུམ་པ་ཛྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་དཀར་པོ་འབྲུག་སྔོན་པོ་ལ་ཆིབས་པ། ཞལ་གཅིག་ཕྱག་

p. 98

གཉིས་པ། གཡས་ཁ་ཊྭཱཾ་རྩེ་གསུམ་པ་དང༌། གཡོན་བེ་ཅོན་བསྣམས་པ། ཞལ་གདངས་པ་འཛུམ་དང་ལྡན་པ། སྤྱན་གསུམ་པ། སྐྲ་དཀར་སེར་གྱེན་དུ་བརྫེས་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། དེའི་མདུན་དུ་རྡོ་རྗེ་མཁའ་འགྲོ་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་རྡོ་རྗེ་དང་གཡོན་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། ལྷོར་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ནོར་བུ་རིན་པོ་ཆེ་དང་གཡོན་བུམ་པ་བཅུད་ཀྱིས་གང་བ་བསྣམས་པ། ནུབ་ཏུ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པདྨ་དང་གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་ནེའུ་ལེའི་རྐྱལ་པ་ནོར་གྱིས་གང་བ་བསྣམས་པ། ཀུན་ཀྱང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་གཡས་བསྐུམ་པའི་གར་སྟབས་ཀྱི་ཚུལ་དུ་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རྗེ་བཙུན་ཛམྦྷ་ལ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་པས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ། བུམ་པ་ནས་ནོར་བདག་གི་སྤྱི་བོར་མར་ཆུ་བླུག་ཅིང༌། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་ལ། ཆུ་མུ་ཏིག་གི་ཕྲེང་བར་གྱུར་ཅིང༌། ནོར་བདག་གཙོ་འཁོར་ལྔའི་ཞལ་ནས་ཀྱང་མུ་ཏིག་གི་ཆར་ཕབ་ནས་བདག་ལ་དངོས་གྲུབ་སྩོལ་བར་བསམས་ལ། ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཇོ་བོ་རྗེས་མཛད་པའི་བསྟོད་པ། སྤྱན་རས་

p. 99

གཟིགས་དབང་འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ནོར་བདག་རིན་ཆེན་བརྗིད་པའི་སྐུ། །གངས་རི་ལྟར་དཀར་རབ་མཛེས་འགྲོ་ཚོགས་དབུལ་ཕོངས་མཐའ་དག་སྡུག་བསྔལ་མ་ལུས་ཞི་མཛད་ཅིང༌། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འགྲོ་ལ་བུ་གཅིག་ལྟར་བརྩེ་ཕྱོགས་བཅུ་ཀུན་ཏུ་གཟིགས་མཛད་པ། །བསམ་འཕེལ་ནོར་བུ་དཔག་བསམ་ཤིང་དང་འདྲ་ལ་བདག་ཡིད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དུག་གསུམ་ལ་སོགས་ངན་འགྲོའི་ས་བོན་མྱུ་གུ་གཅོད་མཛད་ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་འཛིན། །གཡོན་པས་བེ་ཅོན་ནོར་བདག་མ་ལུས་དབང་དུ་སྡུད་ཅིང་བཀྲེས་སྐོམ་ནད་དང་སྡུག་བསྔལ་འཇོམས། །དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་ཤིང་ལེན་བུའི་ཅོད་པན་ལྷབ་ལྷུབ་རྒྱན་གྱིས་ཀུན་ནས་མཛེས། །ནོར་བདག་ཆེན་པོ་འབྲུག་ལ་ཆིབས་པས་བདག་དང་སེམས་ཅན་ཀུན་གྱི་དབུལ་ཕོངས་ཞི་བར་མཛོད། །ཅེས་པས་བསྟོད་ལ། ནོར་བདག་ཆེན་པོ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ་ཅིང༌། ཆུ་སྦྱིན་གྱི་ཆུ་ལས་མཐེབ་སྲིན་གྱིས་ཆུ་ཐིགས་གཅིག་བླངས་ལ་རང་གི་ལྕེ་ཐོག་ཏུ་བཞག་སྟེ་དངོས་གྲུབ་བླང༌། མདུན་གྱི་ལྷ་རྣམས་རང་གི་སྙིང་གར་ཐིམ་པར་བསམས་ལ། ཡིག་བརྒྱ་བཟླ་ཞིང་ཆུ་ཕྱོགས་བཞིར་གཏོར། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ་ཞེས་སོགས་དང༌། འབད་དང་རྩོལ་བས་མ་གོས་པ་ཞེས་སོགས་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་ཅིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་ནོ། །དེ་ལྟར་ཉམས་སུ་བླངས་པས་ཆོས་མཐུན་གྱི་ནོར་རྫས་ཆར་ལྟར་འབབ་པ་སོགས་གཞུང་ནས་བཤད་པའི་ཕན་ཡོན་རྣམས་འབྱུང་ངོ༌། །

p. 100

འཕགས་ཡུལ་མཁས་པའི་དབང་ཕྱུག་ཨ་ཏི་ཤའི། །ཐུགས་བཅུད་དབང་གི་རྒྱལ་པོ་འདི་ཡོད་བཞིན། །འབད་ཀྱང་འདོད་པ་སྟེར་ལ་ངེས་མེད་པའི། །མཆིང་བུ་ནོར་བུར་རློམ་པའི་རེ་བ་བསྐྱུངས། །ཞེས་ཛམྦྷ་ལ་དཀར་པོ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་དངོས་གྲུབ་འདོད་འཇོའི་རྫིང་བུ་ཞེས་བྱ་བ་འདི་ནི་སྔོན་གྱི་ཡིག་རྙིང་ལས་འབྱུང་བ་བླ་མའི་ཕྱག་གཞེས་ཀྱིས་བརྒྱན་ཏེ་མཁས་མཆོག་བླ་མ་བཀྲ་ཤིས་དབང་ཕྱུགས་པས་མཛད་པར་ལུང་རྒྱུན་མ་བྱུང་གཤིས། སླད་ཀྱིས་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས། འདིའི་ཡིག་རྙིང་མན་ངག་སྒྲུབ་སྐོར་གྱི་རིགས་རྣམས་ལེགས་པར་མནོས་ནས། སླར་དབྲི་བསྐྱེད་དང་མགོ་གཤམ་གྱི་ཚིགས་སུ་བཅད་པའི་ཞབས་འདེགས་བཅས་ཞུས་པ་བཀྲ་ཤིས་པར་གྱུར་ཅིག། ༈ །ཛམྦྷ་ལ་དཀར་པོ་ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་འདོད་དགུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ཆུ་རྒྱུན་ལས། །ལེགས་འཁྲུངས་འགྲོ་བའི་དབུལ་བ་སེལ་བའི་ལྷ། །རབ་བརྗིད་གངས་ཀྱི་ལྷུན་པོ་ཟླ་ཟེར་གྱིས། །ལན་བརྒྱར་འཁྱུད་འདྲ་དེ་ལ་གུས་བཏུད་དེ། །འདོད་ཡོན་གྱ་ནོམ་རང་བཞིན་བ་ལིནྟའི། །རྣལ་འབྱོར་ལ་གནས་སྒྲ་བརྒྱའི་བཞོན་པ་ཅན། །དགྱེས་པར་བསྐྱེད་པས་དངོས་གྲུབ་འདོད་པ་དགུ། །ཁུར་དུ་འདྲེན་པའི་རིན་ཆེན་ཤིང་རྟ་བརྩམ། །དེའང་ཇོ་བོ་དཱི་པཾ་ཀ་ར་ནས་བརྒྱུད་པའི་ཛམྦྷ་ལ་དཀར་པོའི་སྒྲུབ་ཐབས་ཀྱི་རིམ་པ་ལས། འདིར་ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་ནི། རྒྱུད་ལས། འབྲས་ཆན་ཞོ་དང་འོ་མ་མར། །མིང་ནི་དཀར་གསུམ་པོ་ཞེས་གསུངས། །ཞེས་པ་ལྟར། འབྱོར་ན་འབྲས་ཆན་ཞོ་དང་མར་གྱིས་སྦྲུས་པའམ། མ་འབྱོར་ན་ཕྱེ་གཙང་མ་ཞོ་མར་གྱིས་སྦྲུས་པའི་གཏོར་མ་དབྱིབས་ཛམ་གཏོར་

p. 101

གྱི་རྣམ་པ་ལ་མར་གྱིས་བྱུགས་ནས་ཁ་དོག་དཀར་པོར་བྱས་པ་རྒྱན་ལྡན་ཆེ་ཞིང་མཛེས་པའི་མཐར་དཀར་གསུམ་མངར་གསུམ་གྱི་བཟའ་བཅའ་མང་པོས་བསྐོར་བ་ཟངས་གཞོང་སོགས་རིན་པོ་ཆེའི་སྣོད་དུ་བཤམ། བུ་རམ་ནི་བྱ་རྒྱུད་སྤྱི་ལ་བཀག་པས་མི་རུང་ངོ༌། །འོ་མ་སོགས་བཏུང་བའི་རྣམ་པའང་མང་དུ་བླུག མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་མཐོང་བརྒྱུད་ལྟར་བཤམ། རང་ཉིད་ཛཾ་དཀར་གྱི་བསྒོམ་བཟླས་བྱ་བའམ། ཆུ་སྦྱིན་སྐབས་སུ་བཤད་པའི་ཁ་སརྤཱ་ནིའི་སྒྲུབ་ཐབས་གང་རུང་སྔོན་དུ་འགྲོ་བས། ༈ །གཏོར་མ་ཆབ་ཀྱིས་བྲན་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། མདུན་དུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་ཞེས་པ་ནས་ཡེ་ཤེས་པ་བསྟིམ་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། གཙོ་འཁོར་ལྔའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་སྟེ་གཏོར་མ་གསོལ་བར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ་བ་ལྀཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་མམ་བདུན་ལ་སོགས་པས་ཕུལ་བས་མཉེས་པར་བསམས་ལ། ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཆུ་སྦྱིན་སྐབས་ཀྱི་བསྟོད་པའམ། ཡང་ན། ཐུགས་རྗེ་ཆེན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང༌། །རྩེ་གསུམ་དབྱུག་པས་དུག་གསུམ་དབུལ་བ་སེལ། །གནས་སྐབས་མཐར་ཐུག་དགོས་འདོད་ཀུན་འབྱུང་བ། །ཡིད་བཞིན་ནོར་བུ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་

p. 102

ཇོ་བོས་མཛད་པ་འདིས་བསྟོད་ལ། ནོར་བདག་ཆེན་པོ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་གདབ་བྱ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མདུན་གྱི་ལྷ་རྣམས་རང་གི་སྙིང་གར་ཐིམ་པར་བསམས་ལ། སྐབས་སུ་བབ་པའི་བསྔོ་སྨོན་གྱི་རྒྱས་གདབ། གཏོར་མ་བྱ་ཁྱི་སོགས་གཞན་ལ་མི་སྦྱིན་པར་དངོས་གྲུབ་ཀྱི་ཚུལ་དུ་རང་གིས་ལོངས་སྤྱད་དོ། །འདི་ནི་ཐུན་མཚམས་སོགས་སྐབས་གཞན་དུ་བྱ་བའི་ཚུལ་ཡིན་ལ། ཆུ་སྦྱིན་དང་སྦྲེལ་ན། སྦྱོར་བའི་སྐབས་ཟངས་གཞོང་དུ་འཕགས་པའི་སྐུ་བཞག་པའི་མདུན་དུ་དཀར་གསུམ་གྱིས་སྦགས་པའི་ཛཾ་གཏོར་བཤམ། འོ་མ་ཆུ་གཙང་སོགས་བཏུང་བའི་རྣམ་པ་མང་དུ་བླུག ཆུ་སྦྱིན་ཕུལ་ཚར་བའི་མཚམས་སུ་འབྲུ་གསུམ་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། གོང་ལྟར་དབུལ། མཆོད་བསྟོད་མན་ཆད་ཆུ་སྦྱིན་ལྟར་བྱའོ། །དཔྱིད་དུས་པདྨའི་བསུང་གིས་བདུད་རྩིའི་མགྲིན། །དགའ་བའི་འཕུར་ལྡིང་དང་བཅས་འགུགས་པ་འདིས། །སྒྲུབ་པའི་ཐབས་འདིས་སྲིད་ཞིའི་ཕུན་ཚོགས་སྒོ། །ནོར་སྦྱིན་དབང་པོ་དགྱིས་པའི་ཡ་མཚན་ངོམ། །ཞེས་ཛམྦྷ་ལ་དཀར་པོ་ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་འདོད་དགུའི་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདིའང་ཡིག་རྙིང་ལས་འབྱུང་བ་ལྟར་བརྒྱུད་པའི་ཕྱག་ལེན་གྱིས་བརྒྱན་ཏེ། མཁས་དབང་བླ་མ་བཀྲ་ཤིས་དབང་ཕྱུག་གིས་མཛད་པར་སླད་ཀྱིས་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་ཡིག་རྙིང་དང་བསྟུན་ཞུ་བསྟར་སོགས་བགྱིས་པའི་བཀྲ་ཤིས་པར་གྱུར་ཅིག། ༈ །ཛམྦྷ་ལ་དཀར་པོ་གསང་བ་གའུ་ལ་བརྟེན་ནས་སྒྲུབ་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །བསིལ་ལྡན་སེམས་

p. 103

ཅན་འཁོར་བའི་དུཿཁ་ལས། །འདོན་བྱེད་ཕྱག་ན་པདྨའི་ཐུགས་རྗེ་ཡི། །རང་གཟུགས་རྨུགས་འཛིན་ཟླ་བའི་བཞིན་རས་ཅན། །རིགས་བཞི་མཁའ་འགྲོར་བཅས་པས་དགེ་ལེགས་སྩོལ། །གང་དེའི་སྒྲུབ་ཐབས་སྔོན་བྱོན་མཁས་པའི་གཞུང༌། །རྣམ་དཔྱོད་ལྷ་ཡི་བཟོ་བོས་ལེགས་བསྐྲུན་པ། །རིན་ཆེན་དབང་གི་རྒྱལ་པོའི་ཟ་མ་ཏོག །འདོད་དགུ་ཆར་དུ་བསྙིལ་སླད་འདིར་ཁ་ཕྱེ། །འདིར་ཇོ་བོ་དཱི་པཾ་ཀ་ར་ནས་བརྒྱུད་པའི་ཛམྦྷ་ལ་དཀར་པོའི་སྒྲུབ་ཐབས་ཀྱི་རིམ་པ་ལས། གསང་བ་གའུ་ལ་བརྟེན་ནས་སྒྲུབ་པ་ལ་གཉིས་ཏེ། ནོར་བདག་གི་གའུ་ལ་བརྟེན་ནས་ནོར་བསྒྲུབ་པ་དང༌། མཁའ་འགྲོ་བཞིའི་གའུ་ལ་བརྟེན་ནས་དབང་དུ་བསྡུ་བའོ། །དེའི་དང་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། རྫས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་བསྲེས་པའི་འཇིམ་པ་ལས་གའུ་ཟླུམ་པོའམ་གྲུ་བཞི་གང་རུང་རྒྱ་དང་དཔངས་སོར་བཅུ་དྲུག་ལས་མི་ཆུང་བ་ཞིག་བྱ། ནས་འབྲས་གྲོ་ལ་སོགས་པ་འབྲུ་རིགས་གང་འབྱོར་སྐར་མ་བྲེ་དང་ལུག་གི་ཉི་མ་ལ་བསག གསེར་དངུལ་མུ་ཏིག་མུ་མེན་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེའི་རིགས་གང་འབྱོར་སྐར་མ་རྒྱལ་ས་རི་ས་ག་གང་རུང་དང་གཟའ་སྤེན་པ་འཛོམ་པ་ལ་བསག མར་ཐུད་ལ་སོགས་པ་ཟས་ཀྱི་རིགས་ཐམས་ཅད་གཟའ་སྐར་བཟང་པོ་ལ་བསག འབྲི་གཡག་ལུག་ལ་སོགས་པ་ཕྱུགས་སྣ་ཚོགས་ཀྱི་སྤུ་རྙེད་ཚད་སྐར་མ་སྒྲོག་ལ་བསག་གོ །གཞན་ཡང་མི་རིགས་བཟང་པོ་དབང་པོ་ཚང་བ་གཡང་ཅན་བཀྲ་ཤིས་པའི་ལག་ནས་གོས་སྣ་སྨན་སྣ་ཟས་སྣ་ལ་སོགས་པ་མདོར་ན་ས་སྟེང་བཀྲ་ཤིས་པའི་རྫས་སྣ་རྙེད་ཚད། སོ་སོའི་གཡང་སྐར་རམ་གཟའ་སྐར་བཟང་པོ་ལ་བསགས་ལ་གའུར་བླུག་གོ །འོན་ཀྱང་བྲ་བོ་སྲན་ནག་ཡུངས་ནག་སོགས་འབྲུ་ནག་དང༌། རྟ་བོང་མཛོ་དྲེའུ་ཕག་རྣམས་ཀྱི་སྤུ་དང༌། ཤ་ཆང་ལ་སོགས་པ་

p. 104

ཟས་དམན་པའི་རིགས་ནི་མ་ཡིན་ནོ། །དེ་ནས་རབ་རིན་པོ་ཆེའམ། ས་ལ་རིན་པོ་ཆེ་བསྲེས་པའི་ལྡེ་གུ་ལས་ནོར་བདག་གི་སྐུ་སོར་བཞི་ལས་མི་ཆུང་བར་བྱ། དེའི་ནང་དུ་ཆོས་སྐུའི་རིང་བསྲེལ་སོགས་གཞུག་ཚུལ་རྒྱས་བསྡུས་སྐབས་སུ་བབ་པ་སྤྱི་ལྟར་དང༌། མི་ཕྱུག་པོ་གཡང་ཅན་གྱི་ཁང་པའི་ས། དགེ་བའི་བཤེས་གཉེན་བཟང་པོའི་གཟིམ་ཁང་གི་ས། ཞིང་མུ་མའི་ས་དང༌། རིན་པོ་ཆེའི་སྣ་ཚོགས་ས་སྦྱིན་བཟང་པོ་དང་བསྲེས་པས་འབྲང་རྒྱས་མ་ཐེབ་ཆེན་གྱི་རྩེ་མོ་ཙམ་བྱས། དེ་དང་ལྷན་ཅིག་ཏུ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཨོཾ་པི་ཤཱ་ནི་སྤྱིར་ཛམྦུའི་གླིང་དང་ཁྱད་པར་ཡུལ་ཕྱོགས་འདི་ཉིད་ན་ཆོས་སྤྱོད་དགེ་བ་བཅུ་ལྷུར་ལེན་པའི་དགེ་སློང་གི་དགེ་འདུན་གྱི་ཚོགས་བརྒྱ་སྟོང་ཕྲག་མང་པོ་འདུ་བ་དང༌། ཆོས་ཀྱི་སྦྱིན་བདག་ཏུ་གྱུར་པའི་རྒྱལ་པོ་དང་བློན་པོ་དང་བཙུན་མོ་དང་མི་ཆེན་ལ་སོགས་པ་མི་དང་མི་མ་ཡིན་པ་ཐམས་ཅད་དང༌། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་སྒྲུབ་པ་པོ་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་པ་རྒྱ་ཤོག་ལ་གསེར་དངུལ་ལམ་མཚལ་གྱིས་བྲིས་པ་དབུ་ནས་མར་དྲིལ་བའི་ཤོག་དྲིལ་མང་ཙམ་དང༌། དར་ཟབ་རིན་པོ་ཆེ་ལ་སོགས་པ་གོང་གི་རྫས་སྣ་ཚོགས་ཚད་ནོར་བདག་གི་ཐུགས་ཀར་གཞུག རྩི་ཚོན་བཏང་བ་བཅས་གྲུབ་རྗེས། སྦྱོང་ཁྲུས་སྔོན་དུ་འགྲོ་བའི་རབ་གནས་མདོར་བསྡུས་གཞན་ནས་འབྱུང་བ་ལྟར་བྱས་པའི་སྐུ་གཟུགས་དེ་གའུའི་ནང་དུ་བཅུག་ལ། སྟེགས་མཐོ་བར་གཞི་གཙང་མ་དཀར་པོའི་སྟེང་དུ་ནས་ཀྱི་ཚོམ་བུ་དགུ་བཀོད་པའི་དབུས་མའི་སྟེང་དུ་གའུ་དར་དཀར་པོས་བཀབ་ལ་བཞག དེའི་མཐར་ཉེར་སྤྱོད་ལ་སོགས་པའི་མཆོད་པ་ཅི་འབྱོར་པ་དང༌། དཀར་གསུམ་གྱི་གཏོར་མ་བཟའ་བ་སྣ་ཚོགས་ཀྱིས་བསྐོར་བའང་བཤམ། གཞན་ཡང་ཆུ་སྦྱིན་གྱི་ཆས་ལ་སོགས་པ་ཉེ་བར་མཁོ་བ་མ་ཚང་

p. 105

བ་མེད་པ་སྟ་གོན་བྱ། གཉིས་པ་དངོས་གཞི་ནི། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། མཆོད་པ་བྱིན་རླབས་བྱ་རྒྱུད་ལྟར་བྱ། ཡིག་རྙིང་ལ་ལར་རང་ཉིད་ཛམྦྷ་ལར་བསྒོམ་པར་བཤད་པ་ལྟར་ན། ཤེའུ་ལོ་ཙཱ་དང་མཁན་ཆེན་ངག་དབང་ཆོས་གྲགས་སོགས་ཀྱིས་མཛད་པའི་སྒྲུབ་ཐབས་ལྟར་བཟླས་པ་དང་བཅས་པ་གྲུབ་པའི་རྗེས་སམ། ༈ །ཡང་ན་ཆུ་སྦྱིན་སྐབས་སུ་བཤད་པའི་ཁ་སརྤཱ་ཎིའི་སྒྲུབ་ཐབས་ཀྱིས་ཀྱང་རུང་བས་བཟླས་པ་ཡན་ཆད་གྲུབ་རྗེས། མདུན་གྱི་གའུ་སྐུ་རྟེན་དང་བཅས་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་གའུ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་འཇིག་རྟེན་ཁམས་ཀྱི་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་གང་བར་གྱུར། ཅེས་དང༌། སྔགས་དྲུག་ཕྱག་རྒྱ་དྲུག་གིས་རྒྱས་པར་སྤེལ། དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་སུ། ཛྃ་ལས་ཁ་ཊྭཱཾ་ག་རྩེ་གསུམ་སོགས་ནས། ཡེ་ཤེས་པ་བཅུག་པའི་བར་ཆུ་སྦྱིན་གྱི་སྒྲུབ་ཐབས་བཞིན་བྱ། ཡིག་རྙིང་ལས་ནོར་བདག་གཙོ་འཁོར་ལྔ་སྐད་ཅིག་གིས་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་པ་སོགས་མི་གསལ་ཡང་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྒྲུབ་ཐབས་ལས་བཤད་དོ། །དེ་ལྟར་གའུ་ལྷ་ལྔར་གསལ་བར་བསྒོམས་ནས། ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་རྒྱས་བསྡུས་གང་རིགས་དང༌། ཀྱེ། འདི་ནི་ཐུགས་རྗེ་ཆེན་པོ་ནོར་ལྷ་འཕགས་པ་ནི། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །མདོག་དཀར་རིན་ཆེན་རྒྱན་བཅས་ཞལ་གཅིག་ཕྱག་གཉིས་ན། །རྩེ་གསུམ་བེ་ཅོན་འཛིན་མཛད་ཞལ་གདངས་འབྲུག་ལ་ཞོན། །དབུ་སྐྲ་དཀར་སེར་གྱེན་བརྫེས་སྤྱན་གསུམ་སྲིད་གསུམ་གཟིགས། །འཕགས་པ་ཁྱོད་ལ་

p. 106

ཕྱག་འཚལ་མཆོད་དོ་དངོས་གྲུབ་སློང༌། །ཤར་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། །རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྡོ་རྗེ་གཡོན་པས་རྟེན་འབྲེལ་རྫས་རྣམས་བསྣམས། །ལྷོ་རུ་སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རིན་ཆེན་གཡོན་པས་བཅུད་ཀྱི་བུམ་པ་བསྣམས། །ནུབ་ཏུ་འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ། །པདྨ་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་པདྨ་གཡོན་པས་རིན་ཆེན་ལྕགས་ཀྱུ་བསྣམས། །བྱང་དུ་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ། །ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྒྱ་གྲམ་གཡོན་པས་ནོར་གྱི་རྐྱལ་པ་བསྣམས། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་གར་གྱིས་བཞེངས། །མཁའ་འགྲོ་བཞི་ལ་ཕྱག་འཚལ་མཆོད་བསྟོད་དངོས་གྲུབ་སློང༌། །ནོར་རྣམས་སྟེར་བ་མེད་ན་ནོར་ལྷའི་མིང་མ་མཆིས། །ནོར་རྣམས་སྟེར་ཕྱིར་ནོར་གྱི་ལྷ་རུ་གྲགས་པས་ན། །ཐུགས་རྗེའི་ཕྱག་རྐྱོང་རིན་ཆེན་གཏེར་ཕྱེ་ནོར་སྟེར་བས། །ཕོངས་པའི་ཚོགས་རྣམས་དཔལ་དང་འབྱོར་པས་ཕྱུག་པར་མཛོད། །ཅེས་བྷེ་ཏ་བཛྲས་མཛད་པ་འདིས་ཀྱང་བསྟོད་དོ། །དེ་ནས་རང་གི་དཔྲལ་བར་སིནྡྷུ་རའི་ཐིག་ལེ་བྱས་ལ་མཚམས་དམ་དུ་བཅད་དེ་མི་ཚིག་མི་བསྲེ་བར་མདུན་གྱི་ལྷ་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་པར་ཁམས་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་སྲིད་ཞིའི་དྭངས་བཅུད་ཐམས་ཅད་བསྡུས་ཏེ། གའུའི་ནང་གི་རྟེན་རྫས་

p. 107

རྣམས་ལ་ཐིམ་པས་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་ཐུན་རེ་ལ་ཇི་ལྟར་རིགས་པ་བཟླ། མཁའ་འགྲོ་བཞི་ལ་དམིགས་ཏེ། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཞེས་མཁའ་འགྲོ་བཞིའི་སྔགས་ཀྱང་ཅུང་ཟད་བཟླ། མཐར་ནོར་བདག་ཆེན་པོ་འཁོར་དང་བཅས་པས་སོགས་ཀྱིས་འདོད་དོན་གསོལ་གདབ་བྱ། ༈ །གཏོར་མ་ཆུ་གཙང་གིས་སྦྱངས་ཏེ། བསང་སྦྱངས་ནས་བསྟོད་པའི་བར་གོང་ལྟར་བྱ། འདོད་གསོལ་འདིར་བྱས་ཀྱང་ཆོག ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སོགས་ནས་བྱེ་བྲག་ཏུའང་མདུན་གྱི་རྟེན་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་ཐུན་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཁྱད་པར་དུ་རྟེན་འདི་ཉིད་གང་དུ་བཞུགས་པའི་ས་ཕྱོགས་སུ། ཆོས་སྤྱོད་དགེ་བ་བཅུ་ལྷུར་ལེན་པའི་དགེ་སློང་གི་དགེ་འདུན་གྱི་ཚོགས་བརྒྱ་སྟོང་ཕྲག་མང་པོ་འདུ་བ་དང༌། ཆོས་ཀྱི་སྦྱིན་བདག་ཏུ་གྱུར་པའི་རྒྱལ་པོ་དང་བློན་པོ་དང་བཙུན་མོ་དང་མི་ཆེན་སྟོབས་ལྡན་འབྱོར་ལྡན་ཐམས་ཅད་དང༌། འཇིག་རྟེན་ཁམས་ཀྱི་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་རྟེན་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་སོགས་བརྗོད་ཅིང་གའུ་ལ་མེ་ཏོག་གཏོར་བས་བརྟན་བཞུགས་བྱ། རང་གི་དཔྲལ་བར་ཨོཾ་དཀར་

p. 108

པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཞེས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས།«་་་་་བདག་བསྐྱེད་ཛམྦྷ་ལ་ཡིན་ན་རྨུགས་འཛིན་དབང་པོ་ཞེས་བསྒྱུར།» །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང༌། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱི་རྒྱས་གདབ། ཆེ་བའི་ཆེ་མཆོག་སོགས་དང༌། །འབད་དང་རྩོལ་བས་མ་གོས་པ་སོགས་བཀྲ་ཤིས་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཐུན་མཚམས་སུ་ཆུ་སྦྱིན་མ་ཆག་པར་བྱ། སྲོད་ལ་རྣམ་པར་མི་རྟོག་པའི་ངང་ལ་བཞག་ནས། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་རེ་མ་ཆག་པར་བཟླས་ན་ཟས་འདུ་བར་འགྱུར་རོ། །དེ་ལྟར་ཐུན་བཞིའམ་གསུམ་གྱི་རིམ་པས་རྩེ་གཅིག་ཏུ་བསྒྲུབ་ན། རབ་ཞག་བདུན། འབྲིང་ཉེར་གཅིག ཐ་མ་ཟླ་བ་གཅིག་ནས་རྟགས་རྣམས་འབྱུང་སྟེ། དེའང་ཁྲོམ་མང་པོ་ཚོགས་པ་དང༌། འབྲུའི་གསེབ་ཏུ་ཉལ་བ་དང༌། ཚུར་ཕྱག་འཚལ་བ་དང༌། ཆར་ཆེན་པོ་འབབ་པ་དང༌། གོས་གསར་པ་གྱོན་པ་དང༌། འབུལ་བ་མང་པོ་བྱུང་བ་རྨིས་ན་འགྲུབ་པའི་རྟགས་ཡིན་ནོ། །དེ་ལྟར་བྱུང་ན་གཤིས་ཀྱིས་ལྷུན་གྲུབ་ཏུ་འབྱུང་ངོ༌། །རྟགས་ཚང་བ་དང་གོང་གི་སྔགས་ཀྱི་མཐར་མི་སྙིང་སྒུལ་བའི་སྔགས། ༈ །ཨོཾ་པི་ཤཱ་ནི་ཞེས་པ་སྤེལ་ཚིག་དང་བཅས་པ་སྔར་བཤད་པ་ལྟར་ཐུན་རེ་ལ་ཇི་ལྟར་རིགས་པ་བཟླ་བ་ཞག་བདུན་ནམ་གསུམ་ལས་མི་ཉུང་བར་བྱ། དེའང་བཟླས་པ་དཀྱུས་མའི་རྗེས་སུ་སྔགས་སྤེལ་ཚིག་ཅན་བཟླ་བ་མ་གཏོགས་ཆོ་ག་གཞན་ཐམས་ཅད་སྔར་དང་འདྲའོ། །གསུམ་པ་རྗེས་ནི། དེ་ལྟར་

p. 109

བསྒྲུབས་པའི་གའུ་དེ་དར་གོས་ལ་སོགས་པས་དྲིལ་ནས་བང་མཛོད་དུ་འབྲུ་དང་བཀྲ་ཤིས་པའི་རྫས་སྣ་ཅི་འཛོམ་སྤུངས་པའི་དབུས་སུ་བཞག་ལ། སྐབས་སྐབས་སུ་མཆོད་གཏོར་དབུལ། ལོངས་སྤྱོད་གང་བྱུང་གི་ཕུད་ཀྱིས་མཆོད་ཅིང་གཞན་གྱིས་མ་མཐོང་བར་གསང་དམ་པར་བྱ། གཏོར་མ་ལ་སོགས་པའི་མཆོད་རྫས་དམན་པ་རྣམས་དངོས་གྲུབ་ཀྱི་ཚུལ་དུ་རང་གིས་ལོངས་སྤྱད་པའམ། ཉེ་ལོགས་སུ་སྤུངས་ནས་བཞག་པ་ལས་ཕྱིར་མི་གཏོང་བ་དང༌། ཁྱད་པར་བྱ་ཁྱི་དང་བ་གླང་དང་མི་གཞན་ལ་མི་སྦྱིན་པ་ནི་རྟེན་འབྲེལ་གྱི་གནད་ཡིན། གཞན་ཡང་གཡང་ཅན་གྱི་ནོར་རྫས་རྙེད་ན་གའུར་བླུགས་པའམ་མཐར་སྤུངས་ནས་བཞག རང་ལ་དངོས་གྲུབ་གང་བྱུང་འདོད་སྲེད་ཀྱིས་མི་བསག་པར་དཀོན་མཆོག་མཆོད་པ་དང༌། དབུལ་ཕོངས་ལ་སྦྱིན་པ་སོགས་དགེ་བའི་ཕྱོགས་ལ་གཏོང་བ་ནོར་ལྷ་སྤྱིའི་དམ་ཚིག་ཡིན་ནོ། ༈ །གཉིས་པ་མཁའ་འགྲོ་བཞིའི་གའུ་ལ་བརྟེན་ནས་དབང་དུ་བསྡུ་བ་ལའང་སྦྱོར་དངོས་རྗེས་གསུམ་ཕལ་ཆེར་སྔར་དང་འདྲ་བ་ལས། དང་པོ་སྦྱོར་བའི་ཁྱད་པར་ནི། སྔར་བཤད་པའི་རྒྱུ་ལས་ནོར་བདག་གི་གའུ་ལས་སོར་བཞི་ཙམ་ཆུང་བའི་མཁའ་འགྲོ་བཞིའི་གའུ་བྱ། གཙོ་འཁོར་ལྔ་ཀའི་གའུར་སྐུ་མདོག་དང་མཐུན་པའི་ཚོན་བྱུག མདུན་རྟགས་མི་ནོར་བའི་མཚན་མ་བྱ། སྔར་བསགས་པའི་ནོར་རྫས་རྣམས་ཀྱིས་སུམ་གཉིས་ཙམ་དགང༌། ཁྱད་པར་པདྨ་མཁའ་འགྲོའི་གའུར་གོང་གི་རྫས་ཀྱི་སྟེང་དུ་དབང་ལག་སོགས་ཀླུ་སྨན་རྣམས་བླུག གཙོ་བོའི་སྐུ་སྔར་ལྟར་དང༌། མཁའ་འགྲོ་བཞིའི་སྐུ་གཙོ་བོ་ལས་ཆུང་བ་བྱས་ལ། ལས་ཀྱི་མཁའ་འགྲོ་མའི་ཐུགས་ཀར། ཨོཾ་ཀརྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་པི་ཤཱ་ནི་ཡུལ་འདི་ཞེས་པའི་རྒྱལ་པོ་དང་བཙུན་མོ་དང་བློན་པོ་ལ་སོགས་པ་ཆེ་བཙན་ཕྱུག་པའི་འགྲོ་བ་མང་པོ་སྒྲུབ་པ་པོ་བདག་གི་

p. 110

དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་གསེར་དངུལ་ལ་སོགས་ཀྱིས་བྲིས་པ་གཞུག མགྱོགས་འགྲོའི་སྤུས་ལྷ་མོའི་རྐང་པ་དཀྲིས་ན་མྱུར་དུ་འོང་བ་ཡིན་གསུངས། དེ་བཞིན་དུ་པདྨ་ཌཱ་ཀི་ནཱིའི་ཐུགས་ཀར། ཨོཾ་པདྨ་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་པི་ཤཱ་ནི་རྒྱལ་པོ་དང༌། བློན་པོ་དང༌། ཡུལ་མི་དབང་ཆེ་བ་རྣམས་དང༌། ནོར་བུའི་བདག་པོ་ཀླུ་ཆེན་པོ་དང༌། ཡུལ་ལྷ་དང༌། ཡུལ་གྱི་བདག་པོ་ཐམས་ཅད་སྒྲུབ་པ་པོ་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་དང༌། རྡོ་རྗེ་མཁའ་འགྲོ་མའི་ཐུགས་ཀར་ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་པི་ཤཱ་ནི་སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་ཐམས་ཅད་སྒྲུབ་པ་པོ་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་དང༌། རིན་ཆེན་མཁའ་འགྲོ་མའི་ཐུགས་ཀར། ཨོཾ་རཏྣ་ཌཱ་ཀི་ནཱི་ཧཱུྃ་ཕཊ། ཨོཾ་པི་ཤཱ་ནི་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་སྒྲུབ་པ་པོ་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བྲིས་པ་རྣམས་བཅུག་པ་རང་རང་གི་གའུར་གཞུག་པ་སོགས་འདྲའོ། །ཚོམ་བུ་དབུས་མར་སྟེང་དུ་ནོར་བདག་གི་གའུ། དེའི་མདུན་དུ་རྡོ་རྗེ་མཁའ་འགྲོ་མ། གཡས་སུ་རིན་ཆེན་མཁའ་འགྲོ་མ། རྒྱབ་ཏུ་པདྨ་མཁའ་འགྲོ་མ། གཡོན་དུ་ལས་ཀྱི་མཁའ་འགྲོ་མའི་གའུ་རྣམས་ཞལ་གཙོ་བོ་ལ་ཕྱོགས་པར་དགྲམ། མཆོད་གཏོར་འདྲ། གཉིས་པ་དངོས་གཞིའི་ཁྱད་པར་ནི། གཙོ་བོའི་སྔགས་ཀྱི་རྗེས་སུ། ཁྱད་པར་དུ་རྡོ་རྗེ་མཁའ་འགྲོ་མ་ལ་དམིགས་ཏེ། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཞེས་དང༌། དེ་བཞིན་དུ་རིན་ཆེན་མཁའ་འགྲོ་སོགས་ལ་དམིགས་ཏེ། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཞེས་པ་རྣམས་གཙོ་བོའི་བཅུ་ཆ་བཟླ། འདི་ལ་བསྙེན་པའི་གྲངས་མ་བཤད་ཀྱང་རྟགས་མ་བྱུང་གི་བར་དུ་བསྒྲུབ་བོ། །ཡིག་རྙིང་ལས། མཁའ་འགྲོ་བཞིའི་སྔགས་བྲི་བའི་སྐབས། ལས་ཀྱི་མཁའ་འགྲོའི་སྔགས་གོང་དུ་བཀོད་པ་ལྟར་དང༌། གཞན་

p. 111

གསུམ་ལ་ཧཱུྃ་ཕཊ་མེད་པ་སྤེལ་ཚིག་སྦྱར་བ་བྱུང་ནའང་སྔགས་གོང་མའི་རིགས་འགྲེ་མཛད་པར་མངོན་ལ། འཁོར་གྱི་སྔགས་བཟླ་བ་མི་གསལ་ཡང་གཙོ་བོའི་སྐབས་ཀྱི་ཤུགས་ལས་ཤེས་སོ། །རྟགས་ཚང་ནས་སྔགས་ཀྱི་མཐར་མི་སྙིང་སྒུལ་པའི་སྔགས་སྤེལ་ཚིག་དང་བཅས་པ་བཟླ་བའང་འཁོར་སྔགས་སྤེལ་ཚིག་ཅན་བསྣན་པ་མ་གཏོགས་འདྲ། བཟླ་བྱའི་འཁོར་སྔགས་འདི་རྣམས་ལས་སྔགས་དང་མི་སྦྲེལ་བའི་ཚེ་གོང་ལྟར་ཧཱུྃ་ཕཊ་ཡན་དང༌། སྦྲེལ་བའི་ཚེ་བྲི་བའི་སྐབས་ཇི་ལྟ་བ་བཞིན་དགོས་པ་ལྟ་བུར་འདུག་ཀྱང༌། ཧཱུྃ་ཕཊ་མེད་པའི་མི་སྙིང་སྒུལ་བའི་སྔགས་དང་སྦྲེལ་བ་འདི་བཞིན་རྗེས་གནང་གི་ཡིག་རྙིང་དང༌། ངག་དབང་ཆོས་གྲགས་ཀྱི་སྒྲུབ་ཐབས་ལས་བྱུང་བ་ལྟར་བྲིས་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་ཁྱད་པར་ནི། རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། རྩྭ་དང༌། ཤིང་དང༌། བྱ་དང་རི་དྭགས་མང་བ། རི་དཔྱད་ལེགས་པ། རི་བྲག་ཐམས་ཅད་འདུད་པའི་ཚུལ་དུ་ཡོད་པ། རི་གཞན་གྱི་ཆུ་རྣམས་ཁོའི་ཕྱོགས་སུ་འབབ་པ། ཤིན་ཏུ་བཀྲ་ཤིས་པའི་རི་ཐང་མཚམས་སུ་ཕྱིན་ལ་གནས་དེའི་གཞི་བདག་ལ་བསང་དང་གཏོར་མ་གཏོང༌། འདོད་དོན་སྒྲུབ་པའི་ཕྲིན་ལས་བཅོལ། དེར་ས་གཏིང་རིང་དུ་བྲུས་ལ་རྡོ་སྒྲོམ་སོགས་འཐས་པར་བྱ། འབྲུ་སྣ་ཚོགས་ཅུང་ཟད་བཀྲམ་པའི་དབུས་སུ་ལས་ཀྱི་མཁའ་འགྲོའི་གའུར་རང་ལ་ཞལ་ཕྱོགས་སུ་བསྟན་ཏེ་བཞག སྟེང་ནས་གཡམ་པ་དང་བར་ཐམས་ཅད་རྡེའུ་སོགས་ཀྱིས་བཀང་ནས་མི་མངོན་པར་སྦའོ། །དེ་བཞིན་དུ་རི་དེའི་ལུང་པའི་ཆུ་མགོར་བསང་དང་གཏོར་མ་གཏོང༌། ཁྱད་པར་ཆུ་དེ་ལ་གནས་པའི་ཀླུ་ལ་ཀླུ་གཏོར་རྒྱས་བསྡུས་ཅི་རིགས་བཏང་ནས། ཕྲིན་ལས་བཅོལ་ལ་དེར་པདྨ་མཁའ་འགྲོའི་གའུ་སྦའོ། །དེས་ཆུ་དེ་འཐུང་ཚད་དབང་དུ་འགྱུར་བ་དང༌། ཇོ་བོའི་ཞལ་ནས། ཆུ་དེ་ཕྱིའི་རྒྱ་མཚོར་ཕྱིན་པས་ཀླུ་ཐམས་ཅད་དགྱེས་

p. 112

ནས་ནོར་བུ་རྣམས་ཁྱེར་འོང་བར་འགྱུར་རོ། །དེའི་ཚེ་གང་ཟག་དེའི་དབང་དུ་འགྱུར་བ་ཡིན་ཏེ་མང་པོས་བཀུར་བ་ལྟ་བུར་འགྱུར་གསུངས། རི་དེའི་རྩེ་མོར་བསང་སོགས་སྔར་ལྟར་བྱས་ལ། རྡོ་རྗེ་མཁའ་འགྲོའི་གའུ་སྦའོ། །དེས་རི་དེ་མཐོང་ཚད་དབང་དུ་འགྱུར་གསུངས། རིན་ཆེན་མཁའ་འགྲོའི་གའུ་རང་གི་ཐབ་ཀྱི་འོག་ཏུ་སྦའོ། །དེས་ཟས་འདུ་བར་འགྱུར་རོ། །འཇིག་རྟེན་དབང་དུ་བྱ་བས་དེ་ལྟར་བྱའོ། །ནོར་སྒྲུབ་རྐྱང་པ་ལ་ནོར་བདག་གི་སྐུ་གཅིག་པུ་བསྒྲུབ་པ་ལས་གཞན་མི་དགོས་སོ། །ནོར་བདག་གི་གའུ་སྔར་ལྟར་བང་མཛོད་ཀྱི་འབྲུའི་གསེབ་ཏུ་སྦའོ། །དེ་ལྟར་སྒྲུབ་པ་རབ་འབྲིང་གང་རུང་གྲུབ་ནས་རྟག་ཏུ་གཏོར་མ་དང་ཆུ་སྦྱིན་གང་རུང་རེ་དང༌། རྣམ་པར་མི་རྟོག་པའི་ངང་ནས་སྔགས་བརྒྱ་རྩ་བརྒྱད་མ་ཆག་པར་བཟླའོ། །འདི་བྱ་བའི་རྒྱུད་ཀྱི་ནོར་བུའི་རིགས་ཡིན་པས་ཤ་ཆང་སྒོག་བཙོང་སོགས་སྤང་བ་དང༌། ཁྲུས་དང་གཙང་སྦྲ་ལ་འབད་པ་གལ་ཆེ། སྒྲུབ་པ་ལ་འཇུག་པ་དང༌། རྫས་བསག་པའི་ཚེ་གཟའ་སྐར་འཕྲོད་སྦྱོར་ལེགས་པའང་རྟེན་འབྲེལ་གྱི་གནད་ཡིན་པས་ཞིབ་ཏུ་རྩིས་གཞུང་རྣམས་ལས་འབྱུང་བ་ལྟར་བླང་དོར་ཚུལ་བཞིན་བྱ་ཞིང་རགས་པ་ཙམ་ཡིག་རྙིང་ལས་བྱུང་བ་ལྟར་གོང་དུ་བཤད་པ་བཞིན་དང༌། ཁྱད་པར་བེའུ་རྫི་དང་སྤེན་པའི་འགྲུབ་སྦྱོར་ལ་ཤིན་ཏུ་ལེགས། བྱེ་བྲག་སོ་སོའི་གཡང་སྐར་ནི། སྣར་མ་ཕྱུགས་ཀྱི་གཡང་སྐར། མགོ་སྐྱེས་པའི་གཡང་སྐར། ནབས་སོ་ལུང་གི་གཡང་སྐར། ཁྲ་གནག་གི་གཡང་སྐར། བྱ་རོག་ར་ལུག་གི་གཡང་སྐར། སྒྲོག་རྟ་བོང་གི་གཡང་སྐར། སེ་སྨད་རིན་པོ་ཆེའི་གཡང་སྐར། བྲེ་འབྲུའི་གཡང་སྐར། རྐྱལ་པ་ནས་ཀྱི་གཡང་སྐར། སྒོང་ལྐོག་ས་ཞིང་གི་གཡང་སྐར་ཡིན་པར་བཤད་དོ། །གཟའ་སྤེན་པ་མཆོག ལྷག་པ་བཟང༌། པ་སངས། ཕུར་བུ། ཟླ་བ་འབྲིང་དུ་བཤད་དོ། །སྐུ་

p. 113

གཟུགས་གཞུང་ལས་ལྡེར་སྐུར་བཤད་པས་གྲུབ་ན་ཤིན་ཏུ་ལེགས། མ་གྲུབ་ན་རྫ་ས་ལས་སྐུའི་ཕྱི་དབྱིབས་ལྟ་བུ་ཁོང་སྟོང་བཅོས་ལ་ངོས་ལ་སྐུ་གཟུགས་བྲི། ནང་དུ་སྔགས་དང་རྫས་གཞུག་ནའང་རུང་ངམ་སྙམ་མོ། །ཡིག་རྙིང་ལ་ལར། གཙོ་བོའི་སྐུ་གཟུགས་ཀྱི་ཐུགས་ཀར་སྔགས་སྤེལ་ཚིག་ཅན་གཞུག་པར་བཤད་པའི་རྗེས་སུ། མཁའ་འགྲོ་སྡེ་བཞི་ཡང་རང་རང་གི་སྔགས་ལ་པི་ཤཱ་ནི་བཏགས་ལ་གཞུག་གོ །གའུའི་ནང་ཕྱོགས་མ་ནོར་བར་བྱའོ། །ཞེས་འབྱུང་བས། གའུ་གཅིག་ལ་གཙོ་འཁོར་འཁོར་ལྔ་ཀའི་སྐུ་བཅུག་ནས་བསྒྲུབ་པའང་བཤད་དོ། །དེ་ལྟ་བུའི་རྨུགས་འཛིན་དབང་པོའི་སྒྲུབ་ཐབས་རྣམས་ཉམས་སུ་བླངས་པའི་ཕན་ཡོན་ནི་གོང་དུ་བཤད་པ་རྣམས་དང༌། ཚེ་འདི་ལ་ཟས་ནོར་གྱིས་མི་ཕོངས་པ་དང༌། ཕྱི་མ་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སྐྱེ་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་སྨོན་ལམ་དཔག་ཏུ་མེད་པའི་ཤུགས་ལས་འབྱུང་བ་ཉིད་དོ། །འདོད་པའི་རེ་སྐོང་གང་དེ་གའུར་བརྟེན། །སྒྲུབ་ཐབས་སྔོན་བྱོན་དམ་པའི་ཞལ་ལུང་དུ། །གབ་སྦས་མདུད་པ་བོར་བ་རྣམ་དཔྱོད་ཀྱི། །སོར་རྩེས་འགྲོལ་བའི་རེས་སོན་བླ་མའི་དྲིན། །དེ་རྣམས་ཀྱིས་ཛམྦྷ་ལ་དཀར་པོ་གསང་བ་གའུ་ལ་བརྟེན་ནས་སྒྲུབ་པ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཟ་མ་ཏོག་ཅེས་བྱ་བ་མ་ཚང་བ་མེད་པ་བསྟན་ཟིན་ཏོ།། །།སྨྲས་པ། དེ་ལྟར་གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ལས། །རྒྱ་བོད་མཁས་པའི་དེད་དཔོན་གྱིས་དྲངས་པའི། །མན་ངག་རིན་ཆེན་དབང་གི་ཟ་མ་ཏོག །འབྲེལ་ཚད་དོན་ལྡན་དམ་པའི་དྲིན་ལས་རྙེད། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ཡང༌། །རྙེད་དཀའ་རིན་ཐང་ཆེ་བར་མ་

p. 114

ཤེས་ཤིང༌། །དད་ཅིང་འདུན་པས་གསོལ་བ་མ་བཏབ་ན། །ཐ་མལ་དངོས་པོ་གཞན་དང་ཁྱད་ཅི་ཞིག །མི་ཤེས་ཤེས་པར་རློམ་པའི་འོལ་སྤྱོད་ཀྱིས། །ཡང་དག་དག་པའི་གཞུང་བཟང་མ་བཅོས་ཤིང༌། །གནས་སྐབས་སྐབས་སུ་བབ་པའི་མཚམས་སྦྱོར་ཙམ། །མཐོང་བརྒྱུད་བརྒྱུད་པའི་ཕྱག་གཞེས་བཞིན་དུ་བྲིས། །འདིར་འབད་དགེ་བའི་དཔག་བསམ་རྐང་འཐུང་ལས། །ཕན་བདེའི་མངོན་འདོད་ཆར་དུ་ལེགས་ཕབ་ནས། །ཀུན་མཁྱེན་བསྟན་པའི་སྲོག་ཟུང་རིང་འཚོ་ཞིང༌། །ལུས་ཅན་རྫོགས་ལྡན་བདེ་འབྱོར་སྤྱོད་པར་ཤོག །བདག་སོགས་ལམ་མཆོག་སྒྲུབ་པ་ལྷུར་ལེན་པ། །ཡང་འབྱུང་ཀུན་ཏུ་སྲིད་དང་ཞི་བའི་དཔལ། །འཛད་མེད་རིན་ཆེན་འབྱུང་གནས་ཆེན་པོ་ལ། །དབང་འབྱོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་ཇོ་བོ་དཱི་པཾ་ཀ་ར་ནས་བརྒྱུད་པའི། ཛམྦྷ་ལ་དཀར་པོ་ཕྱི་ཆུ་སྦྱིན་ལ་བརྟེན་པ། ནང་གཏོར་མ་ལ་བརྟེན་པ། གསང་བ་གའུ་ལ་བརྟེན་པའི་སྒྲུབ་ཐབས་རྣམས། སྔོན་གྱི་ཡིག་རྙིང་ལས་ཇི་ལྟར་བྱུང་བ་བཞིན་མཁས་དབང་བླ་མ་བཀྲ་ཤིས་དབང་ཕྱུག་པས་གསལ་བར་བཀོད་པར་རྗེ་དེ་ཉིད་ལས་ལུང་མ་ནོས་པ་མ་བྱུང་གཤིས། རྗེ་དེ་ཉིད་ཀྱི་སྐུ་དབོན་དམ་པ་ཀུན་དགའ་ཆོས་འཕེལ་གྱི་གསུང་གིས་བསྐུལ་ངོར། འདིའི་ཡིག་རྙིང་མན་ངག་སྒྲུབ་སྐོར་ལས་ཚོགས་དང་བཅས་པའི་གདམས་པ་རྣམས་ཀྱི་ལུང་བླ་མ་གཞན་དག་ལས་ལེགས་པར་མནོས་ནས། སླར་དེ་དག་དང་ཞུས་བསྟུན་གྱིས་བར་སྐབས་རྣམས་ནས་དབྲི་བསྐྱེད་གང་འོས་ཀྱི་ཞབས་འདེགས་དང༌། མགོ་གཤམ་གྱི་ཚིགས་བཅད་གསར་བསྐྲུན་གྱི་ཞབས་འདེགས་

p. 115

བཅས། བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་བགྱིས་པས་གདམས་པ་ཟབ་མོའི་རྒྱུན་རྟག་ཏུ་དར་ཞིང་རྒྱས་པར་གྱུར་ཅིག། །།མངྒ་ལཾ།། །།

དཔལ་གསང་བ་འདུས་པ་ལས་བྱུང་བའི་གནོད་སྦྱིན་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།

p. 116
p. 117

དཔལ་གསང་བ་འདུས་པ་ལས་བྱུང་བའི་གནོད་སྦྱིན་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།།

p. 118

དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ། བསམ་པ་ཐམས་ཅད་རྡོ་རྗེ་ལོངས་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་བཞུགས་ནས། ཏིང་ངེ་འཛིན་གྱི་འཁོར་ལོའི་ཚུལ་འདི་ཉིད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ཛྃ། སངས་རྒྱས་དཀྱིལ་འཁོར་དམ་པ་དག །ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། །སངས་རྒྱས་ཀུན་གྱི་ཆོ་ག་ཡིས། །རྡོ་རྗེ་བསྒོམ་པས་དབབ་པར་བྱ། །ཛམྦྷ་ལ་ནི་ནོར་སྒྲུབ་པ། །གནོད་སྦྱིན་ཆེན་པོ་བསྐྱེད་པར་བྱ། །ཞི་བ་གནོད་སྦྱིན་གཟུགས་འཛིན་པ། །ཐོར་ཚུགས་དབུ་རྒྱན་རྡོ་རྗེ་ཅན། །སངས་རྒྱས་ལྔ་ཡི་ཆོ་ག་ཡིས། །གནས་ལྔ་དག་ཏུ་བསྒོམ་པར་བྱ། །རྡོ་རྗེ་བདུད་རྩིའི་ཆུ་དེ་ཡིས། །བསམ་གཏན་གནས་ལ་འདུག་ལ་དབུལ། །རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །དབུ་རྒྱན་དེ་ལ་རྣམ་པར་བསམ། །དེ་ལྟར་བྱས་ན་གནོད་སྦྱིན་དབང༌། །གནོད་གནས་དབང་པོ་འོད་ཆེན་མཉེས། །རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་རྫས་སྒྲུབ་པའི་ཏོག་གི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་བྱ་བ་ནི་དཔལ་གསང་བ་

p. 119

འདུས་པ་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ལས་སོ། ༈ །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནོར་དང་འབྲུ་ཐམས་ཅད་ལ་སེམས་པ་ནི་བསམ་པ་ཐམས་ཅད་དེ་«་་་་་ཐམས་ཅད་ལ་བསམ་པ་སྟེ་སེམས་ཤིང་རེ་བའོ། །གང་ཟག་་་་་་»དེ་རྡོ་རྗེ་དང་འདྲ་བར་«་་་་་ཐོགས་པ་མེད་པར་»ལོངས་སྤྱོད་ཅིང་དམིགས་པར་«་་་་་སྟེ་སྐྱོང་བར་»བྱེད་པས་ན། རྡོ་རྗེ་ལོངས་སྤྱོད་པ་སྟེ་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་གྱི་འཁོར་ལོའི་ཚུལ་ཞེས་བྱ་བ། གནོད་གནས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ས་བོན་གང་གིས་བསྐྱེད་པ་འདི། ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ཛྃ་«་་་་་ནི་ཛམྦྷ་ལ་ཞེས་པའི་མིང་ཡིག་དང་བོ་ཛ་ལ་མ་ཡིག་ཀླད་ཀོར་དུ་བྱིན་པའོ། །དེ་ལ་ཛམྦྷནི་རྨུགས་པ་དང༌། ལ་ནི་ལེན་པའམ་འཛིན་པ་ཡིན་པ་ལ་བསམས་ནས་རྨུགས་འཛིན་དུ་བསྒྱུར། ཡང་ཛམྦྷ་ལ་ངེས་ཚིག་གིས་སྟམྦྷ་གནོན་པ་དང༌། ཨ་ལཱ་ཡ་ཞེས་པ་གནས་ཡིན་པ་ལ་བསམས་ནས་གནོད་གནས་སུ་སྒྱུར། ཁ་ཅིག་གིས་རྨུགས་པའི་སྒོ་ནས་གནོད་པ་བྱེད་པ་ལ་བསམས་ནས་གནོད་གནས་སུ་བསྒྱུར་རོ།།» སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པར་«་་་་་ནི་སྟོང་པར་བསྒོམ་པའོ།» «།དེའི་ངང་ནས་་་་་་»སངས་རྒྱས་ཏེ་«་་་་་ནི་»

p. 120

གནོད་ནས་སོ། «།གནོད་གནས་་་་་་»དེ་ཉིད་«་་་་་འདིར་»སྙིང་པོ་གྱུར་པས་ན་དཀྱིལ་ལོ། «།མཎྜ་ལའི་ནི་སྙིང་པོ་་་་་་»དེ་ལེན་ཅིང་སྐྱེད་པས་ན་སངས་རྒྱས་དཀྱིལ་འཁོར་ཏེ་ས་བོན་«ཛྃ་ཡིག་པད་ཟླའི་སྟེང་དུ་བསམ་མོ།་་་་་»ནོ། །དེ་ལ་སངས་རྒྱས་«་་་་་འགྱུར་རྙིང་སངས་རྒྱས་ཀུན་གྱི་ཆོ་ག་ཡིས། །ཞེས་པ་ལས། ཆོ་ག་ཡིས་ནི་སངས་རྒྱས་ཀུན། །ཞེས་པ་བདེ་རོ།» ཀུན་ཞེས་བྱ་བ་ནི་«གསེར་ལ་སོགས་པའི་་་་་་»རིན་པོ་ཆེའི་རིགས་དང་ལྡན་པ་«སྟེ་དེར་གཏོགས་པ་ཐམས་ཅད་»འོ། ཆོ་ག་ཡིས«ཀ»་ཞེས་བྱ་བ་«ས་བོན་ཛྃ་ཡིག་ལས་འོད་ཟེར་་་་་་»སྤྲོ«་་་་་ས་པས་་་་་་»བ་དང་བསྡུ་བའི་སྦྱོར་བས་«རྡོ་རྗེ་སྟེ་གནོད་གནས་སྒོམ་པ་པོས་ས་བོན་ལ་་་་་་»དབབ་པར་བྱ་ཞིང་ནང་དུ་བསྟིམ་པར་བྱ«་་་་་འོ།» སྟེ། ས་བོན་དེ་ཡོངས་སུ་གྱུར་པ་ལས་«་་་་་བཱི་ཛ་པཱུ་ར་ཛྃ་གྱིས་མཚན་པ།» «དེ་ལས་་་་་་»གནོད་སྦྱིན་ཆེན་པོ་གནོད་གནས་གསེར་གྱི་མདོག་ཅན་གསུས་པ་ཆེ་བ་མིའུ་ཐུང་གི་གཟུགས་ཅན་ཞལ་གསུམ་པ། ཕྱག་དྲུག་པ་ལག་པ་གཡས་རྣམས་ཀྱིས་བཱི་ཛ་པཱུ་ར་དང་ལྕགས་ཀྱུ་དང་མདའ་ཐོགས་པ། གཡོན་རྣམས་ལས་གཅིག་གིས་«་་་་་ཏེ་དང་པོས་»རང་གི་རིག་མ་«་་་་་རང་དང་འདྲ་བ་ལ་»འཁྱུད་པ་ལ་བརྩོན་པ་«གཡོན་གྱི་་་་་་»གཞན་«འོག་མ་་་་་་»གཉིས་ཀྱིས་ཞགས་པ་བཟང་པོ་དང་བཅས་པའི་ནེའུ་ལེ་དང་གཞུ་འཛིན་པ། ཐོར་ཚུགས་དང་དབུ་རྒྱན་«་་་་་དུ་»རྡོ་རྗེ་ཅན་ཏེ་«་་་་་རྡོ་རྗེ་འཆང་ཡོད་པ་»འདི་ལྟ་བུའི་ཚུལ་དུ། བདག་ཉིད་གནོད་གནས་སུ་རྫས་སྒྲུབ་པ་ལ་བསྒོམ་པར་བྱ་ཞིང༌། སངས་རྒྱས་ལྔ་ཞེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ། ཆོ་ག་ཡིས་ཞེས་བྱ་བ་རིམ་གྱིས་མགོ་བ་དང་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་བྱིན་པ་རྣམས་སུ། ཨོཾ་ལ་སོགས་པའི་ས་བོན་ལས་«་་་་་བྱུང་བ་»བསྒོམ་པར་བྱའོ། །དེ་ནས་«་་་་་རང་གི་མདུན་དུ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་»རང་གི་སྙིང་ག་ལས་རང་དང་འདྲ་བའི་གནོད་གནས་བྱུང་ལ་«་་་་་བསྟིམ་»སྔ་མ་«་་་་་བདག་བསྐྱེད་»བཞིན་དུ་«་་་་་སྟོང་པར་སྦྱངས་པ་སོགས་»ཐམས་ཅད་བྱས་ནས་«མདུན་གྱི་་་་་་»དེའི་ཅོད་པན་དུ་བདེ་བ་ཆེན་པོ་«་་་་་རྡོ་རྗེ་འཆང༌།» རང་གི་ཕྱག་རྒྱ་དང་བཅས་པའི་«་་་་་བྱང་ཆུབ་ཀྱི་སེམས་ཞེས་པ་དང༌།» ཡི་གེ་ཛྃ་ལས་«བྱང་ཆུབ་ཀྱི་སེམས་

p. 121

ཞེས་སོ་སོར་བཤད་དགོས་པའི་དང་པོའི་དོན་ནི། རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བབས་པའི་་་་་་»བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བར་བསམས་ལ་«་་་་་ཞེས་པའོ། །གཉིས་པའི་དོན་ནི་གནོད་གནས་་་་་་»དེའི་མགོར་«་་་་་ཆུའི་སྐད་དོད་ཛ་ལ་ཞེས་པའི་མིང་ཡིག་དང་པོ་ལ་ཐིག་ལེ་བྱིན་པའི་ཡི་གེ་ལས་ཆུ་བྱང་ཆུབ་ཀྱི་སེམས་ཀྱི་་་་་་»རྡོ་རྗེ་བདུད་རྩིའི་ཆུ«་་་་་ར་བསྐྱེད་ལ།» ཨོཾ་ཛམྦྷ་ལ་ཛ་«་་་་་ཛ་ལ་ནི་ཆུའོ།» «ཨིནྡྲ་ནི་དབང་པོའི་་་་་»ལེནྡྲཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདོན་པ་སྔོན་དུ་འགྲོ་བས་བསྒོམས་ལ་སྦྱིན་པར་བྱའོ། །དེ་ལྟར་སྦྱིན་པ་ནི། རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །དབུ་རྒྱན་དེ་ལ་རྣམ་པར་བསམ། །ཞེས་བྱ་བའོ། །དེ་ལྟར་བྱས་པས་ནི་དེ་མཉེས་ཤིང་སྒྲུབ་པ་པོའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །རྡོ་རྗེའི་ཕྱག་རྒྱ་ནི་མི་ཕྱེད་པའི་གནོད་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེས་རྫས་སྒྲུབ་པའི་རྫས་སྐྱེད་པའོ། །དེ་ཉིད་ནི་ཏོག་དང་ལྡན་པར་མཐོ་ཞིང་དཔལ་ཏེ་ནུས་པ་དང་ལྡན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །ཞེས་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པའི་འགྲེལ་ཆེན་སྒྲོན་མ་གསལ་བ་ལས་ཕྱུང་བ་སྟེ་རྗེ་བདག་ཉིད་ཆེན་པོའི་གསུང་མཆན་དང་བཅས་པའོ། ༈ །དཔལ་གསང་བ་འདུས་པ་ལས་གསུངས་པའི་གནོད་སྦྱིན་གནོད་གནས་ཀྱི་སྒྲུབ་ཐབས་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་གསང་བ་འདུས་པའི་རྒྱུད་ནས་གསུངས་པའི་ཛམྦྷ་ལའི་སྒོ་ནས་ནོར་བསྒྲུབ་པར་འདོད་པས་སྐྱབས་སེམས་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཛཾ་ལས་བཱི་ཛ་པཱུ་ར་ཛྃ་གྱིས་མཚན་པ་ལས་འོད་འཕྲོས། གསེར་ལ་སོགས་པའི་རིན་པོ་ཆེའི་རིགས་ཐམས་ཅད་བསྡུས་ནས་དེ་ལ་ཐིམ།

p. 122

དེ་ཡོངས་སུ་གྱུར་པ་ལས། རང་ཉིད་གནོད་སྦྱིན་ཛམྦྷ་ལ་གསེར་གྱི་མདོག་ཅན་རྡོ་རྗེ་འཆང་ཡབ་ཡུམ་གྱིས་དབུར་བརྒྱན་པ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྱིས་བཱི་ཛ་པཱུ་ར་དང༌། ལྕགས་ཀྱུ་དང༌། མདའ། གཡོན་གསུམ་གྱིས་རང་འདྲའི་ཡུམ་ལ་ཁྱུད་ཅིང༌། ཞགས་པ་བཟང་པོ་དང་བཅས་པའི་ནེའུ་ལེ་དང༌། གཞུ་འཛིན་པ། གསུས་པ་ཆེ་བ། མིའུ་ཐུང་གི་གཟུགས་ཅན། དབུ་སྐྲ་རལ་པའི་ཐོར་ཚུགས་དང༌། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ་ལས་རྣམ་སྣང༌། མགྲིན་པར་ཨཱཿལས་འོད་དཔག་མེད། ཐུགས་ཀར་ཧཱུྃ་ལས་མི་བསྐྱོད་པ། ལྟེ་བར་སྭཱ་ལས་རིན་འབྱུང༌། བརླའི་རྩ་བར་ཧཱ་ལས་དོན་ཡོད་གྲུབ་པ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་རིགས་བདག་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། རང་གི་མདུན་དུ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་ཞེས་པ་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་བར་བདག་བསྐྱེད་བཞིན་བསྒོམས་ནས། རང་གི་སྙིང་ག་ནས་རང་འདྲའི་ཛམྦྷ་ལ་བྱུང༌། མདུན་བསྐྱེད་ཀྱི་ཛམྦྷ་ལ་ལ་ཐིམ། རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་ཞིང༌། ཛྃ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཛམྦྷ་ལའི་མགོ་བོར་ཁྲུས་གསོལ་བས་མཉེས་ཤིང་ཚིམ་པར་གྱུར། ཨོཾ་ཛམྦྷ་ལ་

p. 123

ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་ཆུ་སྦྱིན་པར་བྱའོ། །དེ་ནས་«་་་་་མཆོད་པ་དངོས་སུ་བཤམས་ཡོད་ན་བྱིན་རླབས་སྤྱི་ལྟར་བྱ།» ཨོཾ་ཨཱརྻ་ཛམྦྷ་ལ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་སོགས་ཉེར་སྤྱོད་ཀྱིས་མཆོད། གསེར་གྱི་མདོག་ཅན་ཉི་མ་འབུམ་གྱི་འོད། །ནོར་གྱི་དབང་ཕྱུག་གཏེར་འཆང་ཀུན་གྱི་བདག །སྒྲུབ་པ་པོ་ལ་ཅི་འདོད་དངོས་གྲུབ་ཀུན། །མྱུར་དུ་སྩོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་དང་སེམས་ཅན་ཐམས་ཅད་དབུལ་ཕོངས་དང་བྲལ་ནས་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། སྒྲུབ་པ་པོ་ལ་དགྱེས་བཞིན་དུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་རང་གི་སྙིང་གར་ཐིམ་པར་གྱུར།«་་་་་ཆུ་ཐིགས་པ་གཅིག་དངོས་གྲུབ་བླང་བའི་ཚུལ་དུ་ལྕེ་ལ་བཞག་གོ» །བསྔོ་བ་བྱའོ། །འདི་ནི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་མན་ངག་བཞིན་དུ་དགེ་འདུན་གྲུབ་པ་དཔལ་བཟང་པོས་བཀོད་པའོ། ༈ །དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལས་གསུངས་པའི་གནོད་སྦྱིན་གནོད་གནས་ཀྱི་རྗེས་སུ་གནང་བའི་ཆོ་ག་འདོད་རྒུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛམྦྷ་ལཱ་ཡ། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ནས་གསུངས་པའི་གནོད་སྦྱིན་གནོད་གནས་ཀྱི་རྗེས་སུ་གནང་བ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་བྱི་དོར་བྱས་ལ། བྲིས་སྐུ་སོགས་ཀྱི་རྟེན་ཡོད་ན་བཀྲམ་པའི་སྤྱན་སྔར་སྟེགས་བུའི་དབུས་སུ་རྗེས་གནང་གི་བསྒྲུབ་གཞི་ཁང་བུ་བརྩེགས་པ་སུམ་བརྩེགས་རིན་པོ་ཆེའི་རྒྱན་དང་བཅས་པ། དེའི་མདུན་དུ་འབུལ་གཏོར་ཟླུམ་པོ་རྒྱན་ལྡན་དང༌། གཞི་བདག་གཏོར་མ། མཆོད་པའི་ཉེར་སྤྱོད། ཆུ་སྦྱིན་གྱི་སྣོད་རྟེན་དང་བཅས་པ་དང༌། ཆུ་གཙང༌། གཞན་ཡང་རྡོར་དྲིལ་འཐོར་ནས་སོགས་དགོས་པའི་ཡོ་བྱད་

p. 124

ཐམས་ཅད་ཚང་བར་བྱས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་སོགས་ནས། རང་གི་སྙིང་གར་ཐིམ་པར་གྱུར་ཅེས་པའི་བར་གྱིས་བདག་མདུན་གསལ་གདབ་ཅིང༌། མདུན་བསྐྱེད་ལ་«་་་་་འདི་འོག་མདུན་བསྐྱེད་སྐབས་སྦྲེལ་ཀྱང་རུང་»ཆུ་སྦྱིན་ནས་རང་ལ་བསྟིམ་པ་རྣམས་རྒྱལ་བ་དགེ་འདུན་གྱི་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ལྟར་ཉམས་སུ་བླངས་མཐར། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཛྃ་ཡིག་སེར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ། ལྷ་དང་མིའི་རིན་པོ་ཆེ་ཐམས་ཅད་བསྡུས་ཏེ་དབང་དུ་བྱས་པར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ཤིང་འདོད་དོན་ལ་གསོལ་བ་གདབ། མདུན་རྟེན་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བུ་བརྩེགས་པ་སུམ་བརྩེགས་སུ་གནས་པའི་དབུས་མ་ལ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པྃ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཛྃ་ལས་སོགས་ནས། ཐུགས་ཀར་ཧཱུྃ་ཞེས་པའི་བར་བདག་བསྐྱེད་ལྟར་ལ། རང་ཉིད་ཅེས་པའི་ཚིག་དོར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཛམྦྷ་ལའི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ཀྱི་ཛམྦྷ་ལ་ལ་ཐིམ། རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་གྱུར། མཆོད་པ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་རྣམས་ཀྱི་ནང་དུ། ཧཱུྃ་ལས་མཆོད་རྫས་རྣམས་རང་བཞིན་བདེ་སྟོང༌།

p. 125

རྣམ་པ་མཆོད་རྫས། བྱེད་ལས་ཟག་མེད་ཀྱི་བདེ་བ་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་བརླབ། ཨོཾ་ཨཱརྻ་ཛམྦྷ་ལ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། གསེར་གྱི་མདོག་ཅན་སོགས་ཀྱིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀར་སྔགས་ཕྲེང་གསལ་བཏབ་ལ་འོད་ཟེར་སྤྲོ་བསྡུ་དང་བཅས་བཟླས་པ་ཅུང་ཟད་བྱ། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ་ཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་ཨཱརྻ་ཛམྦྷ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་དབུལ། མཆོད་བསྟོད་གོང་བཞིན་མཐར། འཕགས་པ་ཛམྦྷ་ལས་བདག་དང་སེམས་ཅན་ཐམས་ཅད་སོགས་འདོད་གསོལ་དང༌། བདག་གི་རྡོ་རྗེའི་སློབ་མ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཞི་བདག་གཏོར་མ་སྤྱི་ལྟར་གཏོང་ངོ༌། །གཉིས་པ་རྗེས་གནང་དངོས་ནི། སློབ་མ་རྣམས་ཁྲུས་བྱས་ཏེ་ཚོགས་པ་ན། བགེགས་བསལ། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་ངེས་འབྱུང་དང༌། བྱང་ཆུབ་སེམས་ཀྱི་གཏམ་ཟབ་མོས་རྒྱུད་འཁུལ་བར་བྱས་ཏེ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས། གནས་སྐབས་སུ་མཐོ་རིས་ཡོན་ཏན་བདུན་གྱི་ཁྱད་པར་ལོག་པའི་འཚོ་བ་དང་བྲལ་བའི་དཔལ་འབྱོར་ལོངས་སྤྱོད་ནམ་མཁའི་མཛོད་ལ་དབང་འབྱོར་པས་རང་དང༌། གཞན་གྱི་ཕན་བདེའི་དོན་ཐམས་ཅད་དཀའ་བ་

p. 126

མེད་པར་སྒྲུབ་པ་དང༌། མཐར་ཐུག་གི་འགྲོ་བ་མཐའ་དག་གི་རེ་འདོད་ཚུལ་བཞིན་དུ་སྐོང་བ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྦྱར་བའི་སླད་དུ་གནོད་སྦྱིན་ནོར་ལྷའི་སྒྲུབ་ཐབས་མན་ངག་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས་འདིར་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ནས་གསུངས་ཤིང༌། གྲུབ་པའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཚུལ་འདི་ལ་བརྟེན་ནས་གནོད་སྦྱིན་དབང་པོ་མངོན་སུམ་དུ་གྲུབ་པས་འདོད་རྒུའི་འབྱོར་པ་ཇི་ལྟར་བཞེད་བཞིན་བསྒྲུབས་པས་མཚོན་ཏེ། མདོར་ན་སློབ་དཔོན་ཨ་བྷཱ་ཡས། ཐུན་མཚམས་གསུམ་དུ་བསྒོམས་ནས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་རབ་ཏུ་ཕུལ་བས་འཇིག་རྟེན་གསུམ་གྱི་མངའ་རིས་སྟེར་བར་བྱེད་དོ། །སྔ་བར་བྱ་རོག་སྐད་སྒྲོག་པ་ཙམ་ན་ཆུའི་ནང་དུ་བཟླས་ན་ནོར་མི་ཉམས་ཤིང་འཕེལ་བར་འགྱུར་རོ། །ཞེས་དང༌། དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་སྟེར་བར་འགྱུར་རོ། །ཞེས་གསུངས་པ་དང་མཐུན་པར་འཕགས་བོད་དུ་དངོས་གྲུབ་བརྙེས་པ་མང་དུ་བྱོན་པའི་བྱིན་རླབས་ཅན། གནོད་སྦྱིན་གནོད་གནས་སེར་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ། ཆོས་སྣང་བའི་སྒོ་དད་པ་དང་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས་ཐོག་མར་ཞིང་ཁམས་འབུལ་བར་ཞུ། ཞེས་པ་ལྟ་བུ་བརྡ་སྤྲད་ལ་མཎྜལ་འབུལ་དུ་གཞུག གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཡེ་ཤེས་ཕུང་པོ་ཅན། །སོགས་ལན་གསུམ། དེ་ནས་སློབ་དཔོན་རང་ཉིད་ཀྱང་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར་འཕགས་པ་ཛམྦྷ་ལ་དངོས་ཡིན་སྙམ་པ་དང༌། མདུན་གྱི་རྟེན་གཏོར་ཀྱང་བསྒྲུབས་ཟིན་པ་ལྟར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བུ་བརྩེགས་པ་སུམ་བརྩེགས་

p. 127

སུ་གནས་པའི་དབུས་མ་ལ་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་འཕགས་པ་ཛམྦྷ་ལ་གསེར་གྱི་མདོག་ཅན་སོགས་ནས། དར་སྣ་ཚོགས་ཀྱི་ན་བཟའ་ཅན། གནས་ལྔར་དེ་བཞིན་གཤེགས་པ་རིགས་ལྔས་མཚན་པ་ལ། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་གྱི་ཕུང་པོ་ཐིབས་པ་ལྟར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས། བྱང་ཆུབ་ཡིད་ཀྱིས་གཟུང༌། རྗེས་གནང་གི་གཞི་བསྒྲུབ་པའི་སླད་དུ། སྭ་བྷཱ་ཝ་སོགས། སློབ་མ་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་སོགས་ནས། ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་ཅེས་པའི་བར་གྱིས་གསལ་གདབ། དེ་ནས་རྗེས་གནང་དངོས་ལ། ཐོག་མར་སྐུའི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་གནོད་སྦྱིན་གནོད་གནས་ཀྱི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ཅིང་གུས་འདུད་མཛད་པའི་རྐྱེན་གྱིས་སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཛམྦྷ་ལའི་རྣམ་པར་སྤྱན་དྲངས། དེ་དང་ལྷན་ཅིག་ཏུ་མདུན་བསྐྱེད་སློབ་དཔོན་དང་བཅས་པའི་སྐུ་ལས་ཀྱང་སྐུ་

p. 128

དཔག་ཏུ་མེད་པ་བྱུང༌། སློབ་མ་རྣམས་ཀྱི་ལུས་ལ་ཆར་ཆེན་པོ་བབས་པ་བཞིན་སིབ་སིབ་ཐིམ་པར་གྱུར། སྔགས་བཟླ་ཞིང་སྤོས་རོལ་བྱ། དེས་ལུས་ཀྱི་སྒྲིབ་པ་དག སྐུའི་བྱིན་རླབས་ཞུགས། སློབ་མའི་ལུས་དང་གནོད་སྦྱིན་གནོད་གནས་ཀྱི་སྐུ་དབྱེར་མེད་དུ་གྱུར་པ་ནི་སྐུའི་རྗེས་གནང་ངོ༌། །གསུང་གི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གོང་གི་ཚིག་ལ། གསུང་གི་རྡོ་རྗེ་སློབ་དཔོན་དང༌། གསུང་གི་རྗེས་གནང་ཞེས་སྦྱར་བ་ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་འཕགས་པ་ཛམྦྷ་ལའི་སྔགས་ཕྲེང་གི་རྣམ་པར་སྤྱན་དྲངས། དེ་དང་ལྷན་ཅིག་ཏུ་མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀའི་སྔགས་ཕྲེང་ལས་ཀྱང་སྔགས་ཕྲེང་གཉིས་པ་རེ་བྱུང༌། ཞལ་ནས་འཐོན། རང་རང་གི་ཞལ་དུ་ཞུགས། སྙིང་གར་ཟླ་གདན་ལ་ཛྃ་ཡིག་གི་མཐར་འཁོད། དེ་ལས་འོད་ཟེར་འཕྲོས། བརྟན་གཡོའི་བཅུད་དང་དགེ་མཚན་ཐམས་ཅད་བཀུག་ནས་རང་གི་བང་མཛོད་སོགས་ཕྱུར་བུར་གང་བའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྔགས་ལན་གསུམ། དེས་ངག་གི་སྒྲིབ་པ་དག གསུང་གི་བྱིན་རླབས་ཞུགས། སློབ་མའི་ངག་དང་གནོད་སྦྱིན་གནོད་གནས་ཀྱི་གསུང་དབྱེར་མེད་དུ་གྱུར་པ་ནི་གསུང་གི་རྗེས་གནང་ངོ༌། །ཐུགས་ཀྱི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང༌། །ཐུགས་ཀྱི་རྗེས་གནང་ཞེས་སྦྱར་བ་ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་

p. 129

མི་ཁྱབ་པ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཕགས་པ་ཛམྦྷ་ལའི་ཕྱག་མཚན་དང༌། ས་བོན་ཛྃ་ཡིག་སེར་པོའི་རྣམ་པར་སྤྱན་དྲངས། དེ་དང་ལྷན་ཅིག་ཏུ་མདུན་བསྐྱེད་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་ཀྱང་ཕྱག་མཚན་དང༌། ས་བོན་གྱི་ཚོགས་དཔག་ཏུ་མེད་པ་བྱུང༌། སློབ་མ་རྣམས་ཀྱི་སྙིང་གར་སིབ་སིབ་ཐིམ་པས། ཡིད་ཀྱི་སྒྲིབ་པ་དག ཐུགས་ཀྱི་བྱིན་རླབས་ཞུགས། སློབ་མའི་ཡིད་དང་གནོད་སྦྱིན་གནོད་གནས་ཀྱི་ཐུགས་དབྱེར་མེད་དུ་གྱུར་པ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་དངོས་གྲུབ་ཀྱི་སླད་དུ་ཆུ་སྦྱིན་དབུལ་བར་བྱ་བ་ཡིན་ཏེ་ཞེས་མཚམས་སྦྱར་ལ། རང་གི་མདུན་དུ་རིན་པོ་ཆེའི་སྣོད་སོགས་སྒྲུབ་ཐབས་ལས་འབྱུང་བ་ལྟར་སློབ་མ་ལ་འབུལ་དུ་གཞུག་པའམ། སློབ་མའི་ཆེད་དུ་དམིགས་ནས་སློབ་དཔོན་གྱིས་དབུལ། དེ་ལྟར་ཆུ་ཕུལ་བས་མཉེས་ཤིང་ཚིམ་ནས་བསམ་པའི་དོན་ཐམས་ཅད་ཡིད་བཞིན་འགྲུབ་པའི་དངོས་གྲུབ་བསྩལ་བའི་མཐར། མདུན་བསྐྱེད་ཀྱི་ལྷ་སློབ་མ་རྣམས་ཀྱི་སྙིང་གར་ཐིམ་པར་གྱུར་པར་བསམ། མཐའ་རྟེན་གཏོར་མ་ལ་བརྟེན་ནས་དབང་ལྷ་བསྟིམ་པའི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། གཏོར་མ་ལྷར་གསལ་བ་སློབ་མ་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པར་མོས་ཏེ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །

p. 130

དུས་འདི་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྐྱེན་ངན་བར་ཆད་སེལ་བ་དང༌། །ཅི་འདོད་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་སྩལ་དུ་གསོལ། །སྔགས་ཀྱི་མཐར། ཛཿཧཱུྃ་བཾ་ཧོཿ བརྗོད་ཅིང་སྤྱི་བོར་བཞག་པས། གཏོར་མ་ལྷར་གསལ་བ་ལས་རང་འདྲ་བ་གཉིས་པ་བྱུང༌། འོད་དུ་ཞུ་ནས་སློབ་མ་རྣམས་ལ་ཐིམ་པས། སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་དང༌། གནོད་སྦྱིན་གནོད་གནས་ཀྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམས་ལ། སྤྲོ་ན་ཤིས་བརྗོད་རྒྱས་པར་བྱ། མཇུག་གི་བྱ་བ་དམ་ཚིག་ཁས་བླང་བ་སོགས་སྤྱི་ལྟར་རོ། །གསུམ་པ་རྗེས་ནི། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད། བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་སོགས་བྱས་ལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཚུལ་འདི་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་མན་ངག་ལས་བྱུང་བ་གྲུབ་པའི་སློབ་དཔོན་ཤཱནྟི་པ། ཨ་བྷཱ་ཡ། ཐ་ག་ན་སོགས་ཀྱི་བཞེད་པ་ཅུང་ཟད་མི་འདྲ་བ་དང༌། དེའི་སྒྲུབ་ཐབས་སྒོམ་ལུང་བཅས་པ་རིན་འབྱུང་དུ་བཞུགས་པ་བཅས་བཀའ་སྲོལ་གཞན་ཡང་སྣང་མོད། འདིར་ནི་གཙོ་བོར་འདུས་པ་འཕགས་ལུགས་ཀྱི་མན་ངག་གི་རྗེས་སུ་འབྲང་བའོ། །ཞེས་པའང་མང་དུ་ཐོས་པ་ལྟར་སྣང་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། རྗེས་གནང་གི་ཡིག་ཆ་རྙིང་པའི་དགོངས་དོན་གཙོ་བོར་བཟུང་ཞིང་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་སྟེ། འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཇིག་རྟེན་དང་

p. 131

འཇིག་རྟེན་ལས་འདས་པའི་དཔལ་འབྱོར་ལོངས་སྤྱོད་ནམ་མཁའི་མཛོད་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ་བྷ་བ་ཏུ།། །།

འཕགས་པ་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།

p. 132
p. 133

འཕགས་པ་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།། སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བ།།

p. 134

རྒྱ་གར་སྐད་དུ། ཤྲཱི་ཛམྦྷ་ལ་སྱ་སཾ་ཀྵཱིཔྟ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གནོད་གནས་ཀྱི་མདོར་བསྡུས་པའི་སྒྲུབ་པའི་ཐབས། དཔལ་གནོད་གནས་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། གཉིས་པའི་གསུམ་པའི་ས་«་་་་་ཛྃ་»བོན་ནི་མདོག་སེར་བ་སྟོང་པའི་ལྷས་མནན་པ། ཟླ་བ་ཕྱེད་པས་རྣམ་པར་བརྒྱན་པ། དེ་ཉིད་ལས་རྫོགས་པའི་དཔལ་གནོད་གནས་ཁ་དོག་སེར་པོ། ཕྱག་གཉིས་པ་གཡས་པའི་ཕྱག་ན་བཱི་ཛ་པཱུ་ར་ཀཾ །གཡོན་པའི་ཕྱག་ན་རིན་པོ་ཆེའི་ཆར་འབེབས་བཞིན་པའི་ནེའུ་ལེ་འཛིན་པ། སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་ཀྱིས་དུང་གི་ཚོགས་དང་པདྨའི་ཚོགས་ཀྱི་གཏེར་ཆེན་པོ་མནན་པ། ཨུཏྤ་ལ་སྔོན་པོའི་ཕྲེང་བ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཛམྦྷ་ལའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ།«་་་་་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན།» །རང་གི་ཁྱིམ་དུ་ཡང་རིན་པོ་ཆེ་སྣ་ཚོགས་ལ་སོགས་པའི་ཆར་རབ་ཏུ་འབབ་པར་འགྱུར་བར་བདག་ཉིད་བསམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཁུ་ཚུར་བཅིངས་ཏེ། གུང་མོ་དག་གི་དབུས་མའི་ཚིགས་

p. 135

གསུམ་པ་བཀུག་པ་ནི་ཛམྦྷ་ལའི་ཕྱག་རྒྱའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། སྔགས་འདི་ཉིད་ཀྱིས་རྗེ་བཙུན་ལ་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཕྱི་ནས་མཆོད་པར་བྱས་ཏེ་སྔགས་བཟླ་བར་བྱའོ། །དེ་ནས་དངོས་གྲུབ་ནི་སྦྱིན་བདག་ཆེན་པོར་འགྱུར་རོ། །ཐེ་ཚོམ་མེད་དོ། །དཔལ་གནོད་གནས་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ། །ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ། ༈ །དཔལ་གནོད་གནས་ཀྱི་སྒྲུབ་ཐབས་ལ། འདི་ལ་གནོད་གནས་ཀྱི་རིགས་སུ་སྐྱེས་པས་གནོད་གནས་ཞེས་བྱའོ། །དེ་ས་བཅུའི་བྱང་སེམས། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པ་ལ་བདུད་ཀྱིས་རི་བསྙིལ་བས། གང་བ་བཟང་པོ་དང་གནོད་གནས་གཉིས་ཀྱིས་སྐུ་གཡོགས་པས། གང་བ་བཟང་པོ་ལ་རྡོ་ལེབ་ཕོག་པས་ཤི་སྟེ། གནོད་གནས་ཀྱི་དབུ་ལའང་རྡོ་ཡར་གཅིག་ཕོག་པས་བསྣད་དེ། བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་ལ་ཞུགས་པ་རྣམས་ཁྱོད་ལ་རྨ་འཁྲུད་པར་བྱེད་པའི་ཆུ་སྦྱིན་དུ་གཞུག་གི། ཁྱོད་ཀྱིས་ཀྱང་དེ་དག་ལ་ནོར་གྱིས་ཕན་ཐོགས་པར་གྱིས་ཤིག ཅེས་

p. 136

གསུངས་པས་བཀའ་དང་ལུས་སྲུང་བ་དང་ནོར་འདོད་པ་རྣམས་ཀྱིས་མི་བྱར་མི་རུང་ངོ༌། །སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླ་ལ་ཛྃ་དེའི་འོད་ཀྱིས་རྟེན་སྤྱན་དྲངས་ལ་ཚོགས་གཉིས་བསག་གོ །དེ་ནས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླའི་སྟེང་དུ་གཉིས་པའི་གསུམ་པ་ཛ། དེ་ལ་ཐིག་ལེ་ཡོད་པ་ནི་སྟོང་པའི་ལྷས་མནན་པའི་ཟླ་ཕྱེད་དང་བཅས་པ་སྟེ་ཛྃ་མོ། །དེའི་འོད་ཀྱིས་དཔལ་གནོད་གནས་སྤྱན་དྲངས་ཏེ་དེ་ཉིད་ལ་ཐིམ་པ་དེ་གྱུར་པ་ལས་དཔལ་གནོད་གནས་སེར་པོ་ཕྱག་གཡས་ཁྲུ་གང་པའི་ཤིང་ཐོག་སེར་པོ་བསྣམས་པ། བཱི་ཛ་པཱུ་ར་ཀཾ་མོ། །ཆུ་སྟེར་བ་ན་ཤིང་ཐོག་དེའི་ནང་ནས་བདུད་རྩི་འབབ་པར་བསམ་མོ། །རིན་ཆེན་འབྱུང་གནས་ཀྱིས་གཙོ་བྱས་པའི་རིགས་ལྔས་དབུར་བརྒྱན་ནོ། །བུམ་པ་གཉིས་ན་དུང་གཡས་སུ་འཁྱིལ་པ་དང་རཏྣ་པདྨ་རཱ་ག་བཅུག་པའི་གཏེར་ཆེན་པོ་ཞབས་ཀྱིས་མནན་པ། ཨུཏྤ་ལ་སྔོན་པོའི་དོ་ཤལ་ཅན། རཏྣ་དུ་མས་བརྒྱན་པ། བག་ཙམ་གཡས་བསྐུམ་གཡོན་བརྐྱང་ངོ༌། །རང་གི་སྐྱེས་པའི་ཁྱིམ་མམ་རང་འདུག་པའི་ཁྱིམ་དུ་རཏྣའི་ཆར་བབས་པར་བསམ་མོ། །མན་ངག་ཉིད་ཡིན་ཏེ་འདུག་ས་བཙན་པར་བྱས་ན་བདེ་གསུངས། བསྒོམས་པས་སྐྱོ་ན། ཕྱག་རྒྱ་བཅིངས་ལ་སྔགས་བཟླས་ཏེ་གཞན་དང་མཐུན་ནོ། །ལྡང་བ་ན་ཡི་གེ་བརྒྱ་པ་བརྗོད་པ་ལ་སོགས་པ་བྱའོ། །འདི་ལ་ཆུ་སྦྱིན་པའི་ཐབས་ནི་སེམས་བསྐྱེད་ལ། སྐད་ཅིག་གིས་བསམ་པའམ། སྤྲོ་བསྡུ་སྔར་བཞིན་ཛྃ་ལྷར་བསྐྱེད་པ། མདུན་གྱི་རྫིང་བུའི་ནང་དུ་སྐད་ཅིག་གིས་ཛྃ་ལྷར་བསྐྱེད་ལ། རང་གི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་བསྟིམས་ལ། གཡོན་པས་ཕྲེང་བ་བགྲང་ཞིང་གཡས་པས་སེར་མོ་བརྐྱངས་ཤིང་གཅིག་ནས་བདུད་རྩི་འབབ་པར་བསམས་ལ། ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ཅིག་དང༌། དབུལ་བའི་སྡུག་བསྔལ་ཞི་བར་མཛོད་ཅིག་ཅེས་པའི་གསོལ་བ་གདབ། བསྟོད་པ་བྱ། ཡེ་ཤེས་པ་བཛྲ་མུཿས་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །

p. 137

ལུགས་སྐུ་ཡོད་ན་དམ་ཚིག་པ་མི་དགོས། དེ་རང་ལ་ཡེ་ཤེས་པ་བསྟིམ། མ་བསྟིམ་ཀྱང་ཆོག་གསུངས། །བླ་མ་ས་སྐྱ་པ་ཆེན་པོས་མཛད་པའོ། ༈ །ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ཨོཾ་སྭ་སྟི། ཛམྦྷ་ལ་སེར་པོ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱས་ཏེ། རང་གི་སྙིང་གར་སྣ་ཚོགས་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཛྃ་ཡིག་གསེར་བཙོ་མའི་མདོག་ཅན། དེ་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་སྟེ། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་རྣམ་སྨིན་གྱི་ལུས་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྤབདྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཛྃ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་བཱི་ཛ་པཱུ་ར་ཀ་དང༌། གཡོན་རིན་པོ་ཆེའི་ཆར་འབེབས་པའི་ནེའུ་ལེ་འཛིན་པ། ཞབས་གཉིས་ཀྱིས་དུང་དང་པདྨའི་གཏེར་མནན་པ། ཨུཏྤ་ལ་སྔོན་པོའི་ཕྲེང་བ་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཛྃ་ཡིག་སེར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཛམྦྷ་ལའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན། ཐུགས་ཀའི་ཛྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་སེམས་གཏད་ཅིང༌། སྐུའི་ཆ་ཤས་ཐམས་ཅད་ལས་

p. 138

རིན་པོ་ཆེའི་ཆར་བབས་པས། རང་གི་གནས་ཁང་ཐམས་ཅད་ཁེངས་ཤིང་སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་བསལ་བར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ་གདན་རྣམས་རང་ལ་བསྡུས་ཏེ། དགེ་རྩ་བསྔོའོ། །ཆུ་སྦྱིན་བྱེད་པར་སྤྲོ་ན། སྣོད་ཀྱི་ནང་དུ་པད་ཟླ་ལ་ཛྃ་ཡིག་ལས་ཛམྦྷ་ལ་གོང་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད། གོང་གི་སྔགས་བརྒྱ་རྩ་བརྒྱད་ཀྱིས་ཆུ་ཕུལ། ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཛམྦྷ་ལ་སིདྡྷི་ཕ་ལ་ཧོཿ དངོས་གྲུབ་ཀྱི་བསམ་པས་ཆུ་ཅུང་ཟད་ལྕེ་ཐོག་ཏུ་བཞག་ལ། མདུན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །རྗེས་གནང་བྱེད་ན་མཆོད་པ་བྱིན་གྱིས་བརླབས་ལ། བདག་བསྐྱེད་གོང་བཞིན་བྱ། ཚོམ་བུ་ལྷར་བསྐྱེད། མཆོད་བསྟོད། གཏོར་མ་ཨ་ཀཱ་རོའི་སྔགས་ཀྱིས་ཕུལ་ཏེ། བཟླས་པ་བྱ། སློབ་མས་མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་འཕགས་པ་ཛམྦྷ་ལའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པ་རྣམས་ལན་གསུམ་གསུམ་དང་གཞི་དགོད་པའི་ཕྱིར་དུ་སློབ་མ་ལ་བསྐྱེད་བསྟིམ་བྱ། རྗེས་སུ་བཟླས་པ་ལན་གསུམ་དང༌། བཅོམ་ལྡན་བདག་ལ་སོགས་དང༌། བཅོམ་ལྡན་འདི་ལ་སོགས་བརྗོད། དམ་བཅའ་བ་སྤྱི་དང་མཐུན། བྱིན་གྱིས་བརླབ་པའི་ཕྱིར་དུ་རིགས་འདྲ་བ་སྟིམ། གཙོ་བོས་སོགས་འདྲ། རྗེས་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བསྡུས་ལ་བཀྲ་ཤིས་བྱའོ། །ཞེས་པ་འདི་ཡང་དོན་དུ་གཉེར་བ་འགའ་ལ་ཕན་པའི་ཕྱིར་དུ་ཤཱཀྱའི་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས་སྦྱར་བའོ།། །།

ཛམྦྷ་ལ་དམར་པོའི་སྲོག་སྒྲུབ་ཀྱི་གདམས་པ་རྗེ་ས་ཆེན་གྱི་མན་ངག།

p. 139

ཛམྦྷ་ལ་དམར་པོའི་སྲོག་སྒྲུབ་ཀྱི་གདམས་པ་རྗེ་ས་ཆེན་གྱི་མན་ངག་བཞུགས་སོ།། གསེར་ཆོས།།

p. 140

བླ་མ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་ཞིག་རང་ངམ་གཞན་ལ་ཕན་བདེ་འབྱུང་བའི་ཕྱིར་དུ་ཛམྦྷ་ལ་དམར་པོའི་སྲོག་སྒྲུབ་ཉམས་སུ་ལེན་པར་འདོད་པས། རྟེན་བཅའ་བ་དང༌། བསྙེན་པ་བྱ་བ་དང༌། ལས་ལ་བསྐུལ་བའི་ཆོ་ག་དང་གསུམ་གྱིས་རྟོགས་པར་བྱའོ། །དང་པོ་ནི། མིའི་པགས་པ་སོར་བརྒྱད་པའི་ཁུག་མའི་ནང་དུ་རིན་པོ་ཆེ་ལྔ། འབྲུ་ལྔ། སྨན་སྣ་ལྔ། ཛམྦྷ་ལ་ཡབ་ཡུམ་གྱི་སྐུ་«་་་་་ཛམྦྷ་ལ་ཡབ་ཡུམ་གྱི་བྲི་གཞི་དར་རས་དམར་པོ་ལ་དྲི་བཟང་ཕྱེ་མས་བྱུགས་ལ་གསེར་གྱིས་བྲི་བའམ་ཤོག་བུ་རྒྱ་ཚོས་ཀྱིས་བསྒྱུར་བ་ལ་གསེར་བཅད་ཀྱིས་བྲིའོ།།» སྔགས་དང་བཅས་པ་སྐར་མ་རྒྱལ་གྱི་ཉིན་པར་བྲི་ལ།«་་་་་སྐུའི་རྒྱབ་ཏུ་སྔགས་ཚར་གསུམ་ཙམ་ལ་ཇི་ལྟར་འདོད་པའི་སྤེལ་ཚིག་དང་རྟེན་འབྲེལ་སྙིང་པོ་གསེར་གྱིས་བྲི། དེ་མ་གྲུབ་ན་གི་ཝང་གིས་བྲིའོ།།» རབ་ཏུ་གནས་པར་བྱས་ནས། ཁུག་མར་རྫས་དང་ལྷན་ཅིག་ཏུ་གཞུག དེ་ཚོན་སྐུད་སྣ་ལྔས་བཅིངས་ཏེ་མཆན་ཁུང་གཡོན་དུ་གདགས་པར་«་་་་་མིས་མ་མཐོང་བར་བྱ་བ་མན་ངག་གོ།» བྱ་བ་ནི་གསང་བའི་རྟེན་བཅའ་བའི་མན་ངག་གོ །གཉིས་པ་བསྙེན་སྒྲུབ་ཉམས་སུ་བླང་བའི་ཚུལ་ནི། དང་པོ་སྐར་མ་རྒྱལ་ལྟ་བུ་ལ་བླ་མ་ལས་རྗེས་སུ་གནང་བ་དང༌། ལུང་བླངས་ནས་

p. 141

ཉམས་སུ་ལེན་པའམ། ཕྱིས་སྐར་མ་རྒྱལ་ལྟ་བུ་ནས་ཉམས་སུ་ལེན་པར་བྱའོ། །དེ་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་བདེ་མཆོག་ལྷན་ཅིག་སྐྱེས་པ་ཡབ་ཡུམ་མམ། ཡི་དམ་གང་རུང་ལྟར་བསྐྱེད། བཟླས་པ་བྱས་ལ། མདུན་དུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་ཟླ་བ་བྷྲཱུྃ་ལས་གསེར་གྱི་བུམ་པ་ནི་རིན་པོ་ཆེའི་ཆུན་འཕྱང་བ་«་་་་་ཁ་གཡས་གཡོན་དུ་བལྟ་བ།» གཉིས་ཀྱི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཛྃ་དང་བྃ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་ཡབ་ཡུམ་དུ་བསྐྱེད། དེའང་ཡབ་སྐུ་མདོག་དམར་པོ་ཞག་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ་དབུའི་སྟེང་ན་ནོར་བུ་རིན་པོ་ཆེ་འོད་འཚེར་བས་བརྒྱན་པ། ཕྱག་གཡས་པས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་ཤིང༌། གཡོན་པ་ནེའུ་ལེ་རིན་པོ་ཆེས་གང་ཞིང་སྐྱུགས་པ་བསྣམས་པས་ཡུམ་ལ་འཁྱུད་པའི་ཕྱག་རྒྱ་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པ་ཅན་དུ་བསྐྱེད་དོ། །དེའི་པང་དུ་ཡུམ་རྒྱས་བྱེད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ།

p. 142

གཡས་ན་ནོར་བུ་རིན་པོ་ཆེ་འོད་འབར་བ་བསྣམས་པས་སྒྲུབ་པ་པོ་ལ་རིན་པོ་ཆེའི་ཆར་འབེབས་པ། གཡོན་བདུད་རྩིས་གང་བའི་ཐོད་པ་བསྣམས་ནས་ཡབ་ལ་སྟོབ་པའི་ཚུལ་དུ་འཁྱུད་པ། ཞབས་གཡོན་བརྐྱང་ཞིང་གཡས་ཀྱིས་ཡབ་ལ་འཁྱུད་པ། གཉིས་ཀའང་བདེ་བ་ཆེན་པོ་ལ་དགྱེས་པའི་ཚུལ་གྱིས་ཁྲོ་ཞིང་ཆགས་པའི་ཉམས་ཅན།«་་་་་ཐབས་ཀྱིས་སྦྱོར་ཞིང་ཡུམ་གྱིས་སྐུལ་བའི་ཉམས་བསྐྱེད་པ།» དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བདེ་བ་ཆེན་པོའི་རྣམ་པ་ཅན་ཡབ་ཡུམ་གྱི་སྐུར་བསྒོམ་པར་བྱའོ། །དེ་གཉིས་ཀའི་གནས་གསུམ་དུ་ཡི་གེ་གསུམ་བཀོད་ལ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། དབང་བསྐུར་ཏེ་རྡོ་རྗེ་སེམས་དཔའི་རྒྱས་བཏབ་པ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས«་་་་་ཨརྒྷཾ་ལ་སོགས་པས་»མཆོད་ནས་«་་་་་སྔགས་ལ་འབྲུ་གསུམ་བཏགས་པས།» བདུད་རྩིའི་མཆོད་པའང་དབུལ་བར་བྱའོ། །བསྟོད་པ་ནི། རྗེས་ཆགས་དཔའ་བོ་མཆོག་ཏུ་བདེ་བའི་རང་བཞིན་ཅན། །ཟག་པ་གཉིས་བྲལ་མཁའ་འགྲོའི་དབང་ཕྱུག་དཔའ་མོ་ཆེ། །གཉིས་མེད་རྣམ་རོལ་དགོས་འདོད་ཀུན་འབྱུང་མཆོག་གི་ལྷ། །མགོན་པོ་ཁྱོད་ལ་མངོན་པར་འདུད་དོ་མངོན་ཕྱག་འཚལ། །ཞེས་པས་བསྟོད་པར་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་མཐར་ཡི་དམ་གྱི་སྔགས་དང༌། དབུས་སུ་ཡི་དམ་གྱི་ས་བོན་དང་དབྱེར་མི་ཕྱེད་པའི་ཛམྦྷ་ལ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཡི་དམ་གྱི་ས་བོན་བསམ།«་་་་་ཡི་དམ་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་ཛམྦྷ་ལ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཛྃ་དང་བྃ་གྱི་སྔགས་ཀྱིས་བསྐོར་བ།» དེ་རྣམས་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་པའི་སྣོད་བཅུད་ཀྱི་ནུས་མཐུ་ཇི་སྙེད་དང༌། ཇི་ལྟར་འདོད་པ་རྣམས་བསྡུས་ནས་བདག་ལ་དངོས་གྲུབ་སྩལ་བར་མོས་ལ་བཟླས་པ་བྱའོ། །ཐུན་གྱི་མཇུག་ཏུ་རླུང་འབྱུང་འཇུག་གནས་པ་དང་བསྟུན་ནས་སྤྲོ་བསྡུའི་དམིགས་པ་བྱ་བ་«་་་་་རླུང་ཁ་སྦྱོར་གྱི་ལས་སྦྱོར་ལག་ལེན་བཞིན་»ནི་དཔོགས་ཆོག་གོ །བཟླས་སྔགས་ནི། ཨོཾ་

p. 143

ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ནཾ་མེ་དྷི་ཧྲཱིཿ ཌཱ་ཀི་ནཱི་ཛམྦྷ་ལ་སམྦྷ་ར་སྭཱ་ཧཱ། འདི་བརྒྱའམ་སྟོང་ལ་སོགས་པ་ཉིན་རེ་བཞིན་མ་ཆག་པར་བཟླ་བར་བྱའོ། །དེ་ནས་སྐྱོ་བར་གྱུར་ན།«་་་་་མཆོད་བསྟོད་བྱ། འདོད་དོན་ལ་གསོལ་བ་གདབ། གཏོར་མ་འབུལ་ན། གཏོར་མ་དཀུ་བག་ཅན་གང་འབྱོར་བྱིན་གྱིས་བརླབས་ལ། སྔགས་ལ་ཨ་ཀཱ་རོ་བཏགས་ལ་དབུལ་ལོ།།» ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་སྤྲོས་བྲལ་མི་དམིགས་པའི་ངང་དུ་གཞག དགེ་བའི་རྩ་བ་བསྔོ་བའི་རྒྱས་གདབ་པར་བྱའོ། །འདི་ནི་བསྙེན་ཅིང་སྒྲུབ་པའི་མན་ངག་གོ །ཐུན་མཚམས་སུ་ཆུ་སྦྱིན་བརྒྱ་རྩའམ་ཅི་ནུས་ཀྱང་དབུལ་ལོ། །དེ་ལྟར་བསྒྲུབས་པས་གྲུབ་པའི་རྟགས་འདི་རྣམས་འབྱུང་སྟེ། སྐྱེས་པ་དང་བུད་མེད་མང་པོས་ཕྱག་དང་བསྐོར་བ་བྱེད་པ་དང༌། འབྲས་ཆན་སྟེར་བ་དང༌། གདན་བཏིང་བ་དང༌། རིན་པོ་ཆེའི་རི་ལ་འཛེགས་པ་དང༌། གཏེར་རྙེད་པ་དང༌། ཉི་མ་ཤར་བ་དང༌། ནམ་ལངས་པ་དང༌། མི་མང་པོར་ཆོས་སྟོན་པ་དང༌། གོས་དམར་པོ་ཁྱད་པར་ཅན་གོན་པ། རྔ་དང་དུང་དང་ཌཱ་མ་རུ་ལ་སོགས་པ་རོལ་མོ་སྣ་ཚོགས་པ་འཁྲོལ་བ་རྨི་ལམ་དུ་འབྱུང་ངོ༌། །གསུམ་པ་ལས་ལ་བསྐུལ་བའི་ཆོ་ག་ནི། རྟགས་གོང་དུ་བཤད་པ་བཞིན་བྱུང་བའི་རྗེས་ལ་ཛམྦྷ་ལ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། ཡབ་ཡུམ་ལ་ཁྲོ་བོ་དང་ཁྲོ་མོ་ཁ་དོག་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས། རང་ལ་ཉེ་བར་མཁོ་བའི་མི་ནོར་ཟས་གོས་ལ་སོགས་པ་གང་འདོད་པ་དངོས་གྲུབ་ཏུ་ཁྱེར་བྱུང་བར་མོས་ནས། སྔགས་དང་དམིགས་པ་བརྟན་པོར་བཟུང་བས་གང་འདོད་འགྲུབ། དེས་ཀྱང་མ་གྲུབ་ན།«་་་་་གོ་ལྡོག་གི་མན་ངག་ནི།» རང་ཛམྦྷ་ལ་ཡབ་ཡུམ་དུ་བསྒོམ། མདུན་གྱི་ཡི་དམ་གྱི་ཐུགས་ཀར་ཛམྦྷ་ལ་ཡབ་ཡུམ་བསྒོམས་ལ་སྔགས་ཀྱི་འོད་ཟེར་གྱིས་གནད་ལ་གཟིར་བས་གང་འདོད་པ་འགུགས་པའི་དངོས་གྲུབ་བཀུག་པར་མོས་ལ་བཟླས་པ་བྱ། འདི་ཡང་དཔོགས་པའི་ཆོ་ག་བཞིན་རླུང་འབྱུང་འཇུག་གནས་གསུམ་ལ་སྦྱར་བས་«་་་་་འདི་ནི་ཤིན་ཏུ་ཟབ་པའི་གནད་ཡིན་པས་འདི་ཙམ་གྱིས་ལས་མ་ལུས་པ་འགྲུབ་ངེས་པ་ཡིན་ནོ།།» ཆོག་གོ །ལས་བསྐུལ་གྱི་ཆོ་

p. 144

ག་རྫོགས་པར་བསྟན་ཟིན་ཏོ། །དེ་ལྟར་བསྒྲུབས་པ་ལ་བརྟེན་ནས་རབ་མཆོག་གི་དངོས་གྲུབ་ཐོབ། འབྲིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་«་་་་་ཕུན་སུམ་ཚོགས་པ་ཐོབ་པ་དང༌།» འགྱུར། ཐ་མ་ཡང་ཟས་ནོར་ལ་དབང་ཐོགས་པ་མེད་པར་འགྱུར་རོ། །མན་ངག་གི་རིམ་པའི་གསང་སྒྲུབ་ཐུན་མོང་མ་ཡིན་པ་མ་སྦས་པར་ཡི་གེར་བྲིས་པ་ས་མ་པ་ཐ། བླ་མ་ས་སྐྱ་པ་ཆེན་པོའི་གསུང་རབ་བོ།། ༈ །འདིའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ་ནས་རིམ་པར་བརྒྱུད་དེ། པཎྜི་ཏ་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། བླ་མ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཡར་སྒོམ་སེ་བོ་ཁུ་དབོན། རྒྱ་ཚ་ལུང་མང་པོ་ངག་གི་དབང་ཕྱུག མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། བདག་ཡར་ལུང་པ་སེང་གེ་རྒྱལ་མཚན་ནོ། །འདིའི་ལུང་བླང་བའི་སྐབས་འདིར་སྐར་མ་རྒྱལ་ལ་བབས་པའི་ཚེ་སློབ་དཔོན་ཡི་དམ་«་་་་་བདེ་མཆོག་གམ་གང་རུང་»གྱི་བསྐྱེད་བཟླས་བྱ། མདུན་དུ་«་་་་་ལག་ལེན་ལ་ས་དམར་གྱི་སྟེགས་བུ་གྲུ་བཞི་ལ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་མཉྫིའི་སྟིང་མཎྜ་ལར་ས་དམར་རམ་སིནྡྷུ་ར་བྱུགས་ལ་ཆོས་འབྱུང་གི་དབུས་སུ་ཛྃ་བྃ་རེ་ལ་སྔགས་གཡས་སྐོར་དུ་བྲི།» པདྨ་དམར་པོའི་མཎྜལ་ཆོས་འབྱུང་སྔགས་དང་ས་བོན་ཅན་གྱི་དྲུང་དུ་མཆོད་པ་གཏོར་མ་ཅི་འབྱོར་པ་བཤམ། མཎྜལ་བསྐྱེད་བཟླས་བྱ། མཆོད་གཏོར་དབུལ། སློབ་མས་གསོལ་གདབ་དང་སེམས་བསྐྱེད་«་་་་་ཁྲུས་བྱས། མཎྜལ་དབུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ཤླཽ་ཀ་གཅིག་དང༌། གུར་གྱི་རྒྱུན་བཤགས།» སྔོན་དུ་འགྲོ་བས་སློབ་མ་ནོར་ལྷ་ཡབ་ཡུམ་དུ་བསྐྱེད་ལ། མཎྜལ་གྱི་ལྷ་«་་་་་སྐུ་གསུང་ཐུགས།» བསྟིམ་པས་བྱིན་གྱིས་བརླབ་ཅིང་སྤྱི་བོར་རྡོ་རྗེ་བཞག་ཅིང་«་་་་་ཏིཥྛ་བཛྲས།» བརྟན་པར་བྱའོ། །རྡུལ་ཚོན་བླངས་ནས་«་་་་་འབྲུ་གསུམ་བརྗོད།» སློབ་མའི་དཔྲལ་བར་«་་་་་ལན་གསུམ་»བྱུག«་་་་་པས་བྱིན་གྱིས་བརླབས་པར་བསམ།» མདུན་གྱི་ལྷའི་ཐུགས་ཀ་ནས་ཡི་དམ་གྱི་ལྷའི་སྔགས་ཀྱིས་ཐོག་དྲངས་པའི་སྔགས་འཕྲོས་སློབ་མའི་སྙིང་གར་«་་་་་ཛྃ་བྃ་གྱི་མཁར་»འཁོར་བར་

p. 145

བསམས་ལ་བཟླས་པའི་ལུང་སྦྱིན།«་་་་་ལན་གསུམ་གྱི་དང་པོས་དམ་ཚིག་པ། གཉིས་པས་ཡེ་ཤེས་པ། གསུམ་པས་བྱིན་གྱིས་བརླབས་པར་མོས་པ་ཡིན་ནོ།།» དམ་བཅའ་ཁས་ལེན་པར་འདོད་ན་དམ་བཅའི་ལུང་ཡང་དབོག་གོ །རྫས་བསྡུ་ཙཱ་རུའི་བཟའ་བ་ལ་སོགས་པ་ལོངས་སྤྱད་པར་བྱའོ། །ལུང་བླང་བའི་མན་ངག་བླ་མའི་གསུང་བཞིན་ས་སྐྱར་སྦྱར་བའོ། །མངྒ་ལཾ།། ༈ «།གོང་དཀར་རྡོ་རྗེ་གདན་པས་མཛད།་་་་་»འདིའི་སྐུའི་རྗེས་སུ་གནང་བ་འདི་ལ། མདུན་བསྐྱེད་ཀྱི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང༌། སློབ་མ་ཛཾ་དམར་དུ་གསལ་བའི་དཔྲལ་བའི་ཨོཾ་དཀར་པོ་ལ་ཐིམ། ལུས་ཀྱི་དྲི་མ་དག སྐུའི་བྱིན་རླབས་ཞུགས། སྐུའི་རྗེས་སུ་གནང་བ་ཐོབ། མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་བྱུང༌། སློབ་མ་ཛྃ་དམར་དུ་གསལ་བའི་མགྲིན་པའི་ཨཱཿདམར་པོ་ལ་ཐིམ། ངག་གི་དྲི་མ་དག གསུང་གི་བྱིན་རླབས་ཞུགས། གསུང་གི་རྗེས་སུ་གནང་བ་ཐོབ། ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་བྱུང༌། སློབ་མ་ཛྃ་དམར་དུ་གསལ་བའི་སྙིང་གའི་ཧཱུྃ་སྔོན་པོ་ལ་ཐིམ། ཡིད་ཀྱི་དྲི་མ་དག ཐུགས་ཀྱི་བྱིན་རླབས་ཞུགས། ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཅེས་བརྗོད། གཞན་དཀྱུས་བཞིན་ནོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ །རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཛམྦྷ་ལ་དམར་པོའི་སྲོག་སྒྲུབ་ཀྱི་སྒྲུབ་ཐབས་རྗེས་གནང་གོ་བདེ་བཀླག་ཆོག་བཞུགས་སོ། །ཨོཾ་སྭ་སྟི། མི་ཟད་གཏེར་གྱི་བུམ་པ་ཟུང་གི་ཁྲིར། །པདྨ་རཱ་གའི་མདངས་ལྡན་བརྗིད་མཛེས་སྐུ། །དྲན་པས་འདོད་རྒུའི་ཆར་འབེབས་ཡིད་བཞིན་ནོར། །ལྷ་མཆོག་གང་དེས་མཆོག་གི་དངོས་གྲུབ་སྩོལ། །འདིར་རྗེ་བཙུན་ས་སྐྱ་པའི་གདམས་པ་ཛཾ་དམར་སྲོག་སྒྲུབ་ཏུ་གྲགས་པའི་རྗེས་གནང་བྱ་བའི་ཚུལ་ལ། སྐར་མ་རྒྱལ་ལ་བབས་པའི་དུས་སུ་སྟེགས་བུ་ལ་རྡུལ་མཚོན་དམར་པོས་པདྨ་འདབ་བརྒྱད་བྲིས་པའི་སྟེང༌། མཉྫིའི་སྟེང་དུ་མཎྜ་ལར་སིནྡྷུ་ར་བྱུགས་པ་ལ། ཆོས་འབྱུང་གི་དབུས་སུ་ཛྃ་བྃ། དེའི་

p. 146

མདུན་ནས་གཡས་སྐོར་དུ་སྔགས་ཀྱིས་བསྐོར་བ་བྲིས་པ་གཞག མདུན་དུ་གཏོར་མ་ནོར་བུ་མིག་གསུམ་པའི་དབྱིབས་ཅན་མར་གྱི་རྒྱན་ཅི་མཛེས་ཀྱིས་སྤྲས་ཤིང་འབྲི་མོག་གིས་ཁ་བསྒྱུར་བ་དར་དམར་པོའི་ཅོད་པན་དང༌། ཟས་སྣའི་བྱེ་བྲག་ཅི་འབྱོར་བཤམ། དེ་དག་གི་མཐའ་སྐོར་རམ་མདུན་གང་བདེར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཞལ་ཟས་སྤྱན་གཟིགས་དམར་པོ་དང་བཅས་པ་བཤམ་ཞིང༌། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་མེ་ཏོག་གི་སྣོད་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བཀོད་པས་མཛེས་པར་བྱ། དེ་ནས་རང་ཉིད་སྟན་བདེ་བ་ལ་འདུག་སྟེ། མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་སྤྱི་དང་མཐུན་པར་བྱ་ཞིང༌། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་སོང་ནས། བདེ་ཀྱེ་གང་རུང་གི་བདག་བསྐྱེད་བཟླས་པ་དང་བཅས་པ་དཀྱིལ་འཁོར་བསྡུ་བའི་བར་སོ་སོའི་གཞུང་བཞིན་བྱ། མདུན་གྱི་མཎྜལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་ཟླ་བ་བྷྲཱུྃ་ལས་གཏེར་གྱི་བུམ་པ་རིན་པོ་ཆེས་གང་བ་ཁ་གཡས་གཡོན་དུ་བལྟ་བ་གཉིས་ཀྱི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཛྃ་དང་བྃ་ལས་ནོར་བུ་ཛྃ་དང་བྃ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་པ་ཛམྦྷ་ལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་དབུའི་སྟེང་ན་ནོར་བུ་རིན་པོ་ཆེ་འོད་འཚེར་བས་བརྒྱན་པ། ཕྱག་གཡས་པས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་ཞིང༌། གཡོན་པ་ནེའུ་ལེ་རིན་པོ་ཆེས་གང་ཞིང་སྐྱུགས་པ་བསྣམས་པས་ཡུམ་ལ་འཁྱུད་པའི་ཕྱག་རྒྱ་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། དེའི་པང་ན་ཡུམ་རྒྱས་བྱེད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་ནོར་བུ་རིན་པོ་ཆེ་འོད་འབར་བ་བསྣམས་པས་སྒྲུབ་པ་པོ་ལ་ནོར་བུ་རིན་པོ་

p. 147

ཆེའི་ཆར་འབེབས་པ། གཡོན་བདུད་རྩིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་སྟོབ་པའི་ཚུལ་དུ་འཁྱུད་པ། གཉིས་ཀའང་བདེ་བ་ཆེན་པོ་སྐྱེད་པའི་ཚུལ་གྱིས་ཁྲོ་ཞིང་ཆགས་པའི་ཉམས་ཅན། ཐབས་ཀྱིས་སྦྱོར་ཞིང་ཡུམ་གྱིས་སྐུལ་བའི་ཉམས་བསྐྱེད་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བདེ་བ་ཆེན་པོའི་རྣམ་པ་ཅན་གྱི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཕགས་པ་ཛམྦྷ་ལ་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུ་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབ། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང༌། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཞེས་བཏགས་པས་ནང་མཆོད་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། རྗེས་ཆགས་དཔའ་བོ་མཆོག་ཏུ་བདེ་བའི་རང་བཞིན་ཅན། །ཟག་པ་གཉིས་བྲལ་མཁའ་འགྲོའི་དབང་ཕྱུག་དཔའ་མོ་ཆེ། །གཉིས་མེད་རྣམ་རོལ་དགོས་འདོད་ཀུན་འབྱུང་མཆོག་གི་ལྷ། །མགོན་པོ་ཁྱོད་ལ་མངོན་པར་འདུད་དོ་མངོན་ཕྱག་འཚལ། །ཞེས་པས་བསྟོད་པར་བྱའོ། །གཏོར་མ་ཆུ་

p. 148

ཆང་གིས་བྲན། བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ། གོང་ལྟར་མཆོད་བསྟོད་བྱ། འདོད་དོན་གསོལ་བ་གདབ། རང་ཡི་དམ་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་དམ་གྱི་སྔགས་དང་དབུས་སུ་ཡི་དམ་གྱི་ས་བོན། ཛམྦྷ་ལ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཡི་དམ་གྱི་ས་བོན་བསམ། དེ་རྣམས་ལས་འོད་ཟེར་འཕྲོས་ཛམྦྷ་ལ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་བས། ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཛྃ་དང་བྃ་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཀྱི་ནུས་མཐུ་ཐམས་ཅད་དང༌། ཅི་འདོད་དབང་དུ་བསྡུས་ནས་བདག་ལ་དངོས་གྲུབ་སྩོལ་བར་བསམས་ནས། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ནཾ་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛམྦྷ་ལ་སཾ་བྷ་ར་སྭཱ་ཧཱ། ཞེས་པས་སྔགས་ཅི་ནུས་བཟླའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔོན་གྱིས་ཆོས་བཤད་རྒྱས་བསྡུས་ཅི་རིགས་བྱས་ནས། འདིར་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་གདམས་པ་རྒྱ་མཚོ་ཙམ་ཕྱག་ཏུ་བབས་པའི་ནང་ནས་མཆོག་ཏུ་གྱུར་པ་ཛམྦྷ་ལ་དམར་པོའི་སྲོག་སྒྲུབ་ཏུ་གྲགས་པའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སྔོན་འགྲོ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་ལ་བྱ་བའི་རིམ་པ་ལ་སློབ་དཔོན་ཡི་དམ་གྱི་ལྷའི་ངོ་བོར་གྱུར་པ་ལ་གནོད་སྦྱིན་ཡབ་ཡུམ་གྱི་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་

p. 149

ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་གསོལ་བ་ལན་གསུམ་གདབ། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་ཡི་དམ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་མོས་ནས་ཡན་ལག་བདུན་པ་བགྱིད་སྙམ་པས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། དངོས་གཞིར་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་འཁོར་ལོ་བདེ་མཆོག་དངོས་ཡིན་སྙམ་པའི་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་གདོས་བཅས་ཤ་ཁྲག་གི་བསྡུས་པའི་ཕུང་ཁམས་བསྐྱེད་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས་པའི་ངང་ལས་པྃ་ལས་པདྨ་དམར་པོ་ཞེས་པ་ནས། རྣམ་པ་ཅན་གྱི་སྐུར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་ལམ་སྟེ་ཡོད་པར་མོས་པ་མཛོད། སླར་ཡང་སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་པས་མདུན་གྱི་ཛམྦྷ་ལའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་རྣམས་ཛྃ་དམར་དུ་གསལ་བའི་དཔྲལ་བའི་ཨོཾ་དཀར་པོ་ལ་ཐིམ། ལུས་ཀྱི་དྲི་མ་དག སྐུའི་བྱིན་རླབས་ཞུགས། སྐུའི་རྗེས་སུ་གནང་བ་ཐོབ། མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་བྱུང༌། སློབ་མ་ཛྃ་དམར་དུ་གསལ་བའི་མགྲིན་པའི་ཨཱཿདམར་པོ་ལ་ཐིམ། ངག་གི་དྲི་མ་དག་གསུང་གི་བྱིན་རླབས་ཞུགས། གསུང་གི་རྗེས་སུ་གནང་བ་ཐོབ། ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་བྱུང༌། སློབ་མ་ཛྃ་དམར་དུ་གསལ་བའི་སྙིང་གའི་ཧཱུྃ་སྔོན་པོ་ལ་ཐིམ། ཡིད་ཀྱི་དྲི་མ་དག ཐུགས་ཀྱི་བྱིན་རླབས་ཞུགས། ཐུགས་ཀྱི་

p. 150

རྗེས་སུ་གནང་བ་ཐོབ་ནས་ཛམྦྷ་ལ་ཡབ་ཡུམ་གྱི་བྱིན་རླབས་མ་ལུས་པ་ཞུགས་པར་མོས་པ་མཛོད། ཅེས་བརྗོད། རྩ་སྔགས་དང་དྲིལ་གསིལ་བྱ། དེ་ལྟར་ཡེ་ཤེས་པ་བརྟན་པར་བྱ་བའི་སླད་དུ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས་བརྟན་པར་བྱས་པའི་མོས་པ་མཛོད་བྱས་པ་ལ། མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས། ཛྃ་བྃ་ཏིཥྛ་བཛྲ་ཞེས་བརྗོད། བྱིན་གྱིས་བརླབ་པའི་ཕྱིར་སིནྡྷུ་རའི་མཎྜལ་ནས་སློབ་དཔོན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་མགྲིན་སྙིང་གསུམ་དུ་བྱུགས་ནས་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་བརྗོད་ལ། ཨོཾ་ཨཱཿཧཱུྃ། ཞེས་གནས་གསུམ་དུ་བྱུག བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཡབ་ཡུམ་གྱི་ཐུགས་ཀ་ནས་སྔགས་ཕྲེང་མར་མེའི་ཕྲེང་བ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཛྃ་དང་བྃ་གྱི་མཐར་གཡས་སྐོར་དུ་འཁོད་པར་མོས་ནས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ནཾ་མེ་དྷི་ནཾ་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛམྦྷ་ལ་སཾ་བྷ་ར་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པས་དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟེན་པར་བྱས་པའི་མོས་པ་བྱས་ནས། སློབ་དཔོན་ལ་དྲིན་ལན་དུ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སོགས་གསུམ། དམ་བཅའ་བའི་སླད་དུ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཛམྦྷ་ལ་ཡབ་ཡུམ་ཡི་དམ་གྱི་ལྷར་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱིས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་འཕགས་པ་ཛམྦྷ་ལ་ཡབ་ཡུམ་ཡི་དམ་གྱི་ལྷར་

p. 151

གཟུང་བར་བགྱིའོ། །ལན་གསུམ། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། རྗེས་གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ། དེང་ནས་སོགས་སྤྱི་དང་འདྲ། ཙཱ་རུའི་བཟའ་བ་དཔོན་སློབ་ཐམས་ཅད་ཀྱིས་ལོངས་སྤྱད། མདུན་བསྐྱེད་མཆོད་པ་ཁ་གསོ། མཆོད་བསྟོད་བཟོད་གསོལ་བསྔོ་སྨོན་བཀྲ་ཤིས་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་ནོར་ལྷའི་གཙོ་བོ་ཛམྦྷ་ལ། །དམར་པོའི་སྲོག་གི་སྒྲུབ་པའི་མངོན་རྟོགས་དང༌། །རྗེས་གནང་བྱ་ཚུལ་གོ་བདེ་བཀླག་ཆོག་ཏུ། །བཀོད་འདིས་འགྲོ་བའི་དབུལ་ཕོངས་ཞི་གྱུར་ཅིག །ཅེས་དཔལ་ལྡན་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་ཛཾ་དམར་སྲོག་སྒྲུབ་ཏུ་གྲགས་པའི་མངོན་རྟོགས་རྗེས་གནང་དང་བཅས་པ་གོ་བདེ་བཀླག་ཆོག་ཏུ་བཀོད་པ་འདིའང་ས་སྐྱ་པ་ཆེན་པོའི་གསུང་རབ་ཀྱི་དགོངས་དོན་འཁྲུལ་མེད་དང༌། རྗེ་བླ་མའི་ཕྱག་ལེན་ཇི་ལྟ་བར་རང་གི་དྲན་པ་གསོ་ཕྱིར་བཀའ་འབངས་ཀྱི་ཐ་ཤལ་ལྷུན་གྲུབ་ཀྱིས་བྲིས་པའོ། ༈ །ཛཾ་དམར་སྲོག་སྒྲུབ་ཀྱི་བརྒྱུད་འདེབས་འདོད་རྒུའི་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །ཡེ་ཤེས་མཁའ་འགྲོ་གྲུབ་ཆེན་བིརྺ་པ། །ནག་པོ་ཌ་མ་རུ་པ་གཉིས་སྤངས་ཞབས། །ག་ཡ་དྷ་ར་འབྲོག་མི་གསལ་བའི་སྙིང༌། །སྒྱི་ཆུ་འཁོན་སྟོན་རྣམས་ལ་གསོལ་བ་འདེབས། །ས་ཆེན་རྩེ་མོ་གྲགས་པ་ཡར་སྒོམ་ཆེ། །སྟོན་ཚུལ་ཆོས་ཀྱི་དབང་ཕྱུག་ཡོན་ཏན་ཁྲི། །སེང་བཟང་སེང་གེ་རྒྱལ་མཚན་བསོད་ནམས་དར། །རྒྱལ་མཚན་འོད་ཟེར་རྣམས་ལ་གསོལ་བ་འདེབས། །ཀུན་བཟང་རོལ་པ་རིན་ཆེན་ཆོས་ཀྱི་རྒྱལ། །རྡོ་རྗེ་རྒྱལ་མཚན་ཤེས་རབ་རྒྱལ་མཚན་དཔལ། །དཀོན་མཆོག་དཔལ་ལྡན་ནམ་མཁའ་དཔལ་བཟང་པོ། །མཆོག་ལེགས་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །བསྟན་འཛིན་བཟང་པོ་མཁྱེན་རབ་བྱམས་པའི་ཞབས། །རྨོར་ཆེན་རྗེ་དང་འཇམ་མགོན་གནས་གསར་བ། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་

p. 152

དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །གསང་བའི་རྟེན་དང་བསྙེན་སྒྲུབ་ལས་སྦྱོར་གྱིས། །རྨུགས་འཛིན་དབང་པོ་དགྱེས་པའི་དགེ་མཚན་མཐུས། །འདོད་རྒུའི་དཔལ་དང་འཁོར་ལོས་སྒྱུར་བའི་སྟོབས། །དབང་བཅུའི་ཡེ་ཤེས་བརྙེས་པར་བྱིན་གྱིས་རློབས། །ཞེས་པའང་དྲན་པས་སྲིད་ཞིའི་དཔལ་སྟེར་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ། སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ། ༈ །གཉན་ལོ་ཙཱ་བ་ནས་བརྒྱུད་པའི་ཛམྦྷ་ལ་སུམ་སྒྲིལ་གྱི་མན་ངག་བཞུགས་སོ། །ཨཱརྻ་ཛམྦྷ་ལ་ན་མོ། རྣལ་འབྱོར་པ་ཕྲིན་ལས་ཀྱི་འགྲོ་དོན་ཆུང་ན་འདི་ལྟར་བྱ་སྟེ། ཛམྦྷ་ལ་སྐུ་མདོག་དམར་པོ་ཕྱག་གཡས་ན་རིན་ཆེན་འབར་བ་བསྣམས་པ། གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ། དེའི་འོག་ཏུ་ཚོགས་བདག་དམར་པོ་གཅེར་བུ་རྒྱན་མེད་པ། གཡས་ལྕགས་ཀྱུ་བསྣམས་པ། དེའི་འོག་ཏུ་ཨ་པ་རཱ་ཛི་ཏ་སྐུ་མདོག་དམར་པོ་སྐུ་ལ་དར་དམར་གསོལ་བ། གཡས་ལྕགས་ཀྱུ་བསྣམས་པ། གཡོན་ཞགས་པ་བསྣམས་པའོ། །དེའི་འོག་ཏུ་ཐེའུ་རང་སྤུན་གསུམ། གཡས་རིན་པོ་ཆེ་འབར་བ། གཡོན་ལྕགས་ཀྱུ་བསྣམས་པ། དེ་གསུམ་གྱི་སྙིང་གར་ཏྲི་རཾ་བྲིའོ། །མཎྜལ་རྐང་ཁྲུ་གང་ལེགས་པར་བྱས་ལ། དེའི་སྟེང་དུ་ནས་བྲེ་གང་ལ་ཙཀླི་བཙུགས་ལ་གཞག གཏོར་མ་ཟླུམ་པོ་གཅིག་གཏར་གཟུང༌། དེ་ནས་སྔགས་བཟླ་བར་བྱའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་ཧྲཱིཾ་ཛ་ཛཿ ཨོཾ་ག་ཎ་པ་ཏི་ཧྲཱིཾ་ཛ་ཛཿ ཨ་པ་རཱ་ཛི་ཏ་ཧྲཱིཾ་ཛ་ཛཿ ཏྲི་དུ་ཏྲི་དུ། ཡཀྵི་ཏྲི་དུ། ག་ཎ་པ་ཏི་ཏྲི་དུ། བདག་ལ་ཡོན་ཏན་སྩོལ་མཁན་མྱུར་དུ་ཐོང༌། སྙན་པ་དང་གྲགས་པ་སྒྲོགས་ཤིག ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བདུན་བཟླའོ། །ཞག་ལྔ་སོང་ནས་ཙཀླི་དར་དམར་པོས་གཏུམས་ནས་ཕྲེང་བའི་མདུད་འཛིན་ལ་གདགས། ནང་རེ་བཞིན་མི་ཚིག་མ་འདྲེས་པ་ལ།

p. 153

རང་ཁྲོ་བོར་གསལ་བའི་མཐེབ་འོག་ཏུ་མནན་ལ། སྔགས་སྨོན་ཚིག་དང་བཅས་པ་ཚར་བདུན་བཟླས་ཏེ། ཕྲེང་བ་ཕྱོགས་བཞིར་བརྡབས་ཏེ། ཁུག་མ་ས་ལ་རྡེབ་པའི་རྣམ་འགྱུར་བྱའོ། །ཞག་གཅིག་རྐང་པ་གཡས་པའི་མཐེ་བོའི་འོག་ཏུ་མནན། དེ་ནས་རབ་གནས་བྱ། ཕྲེང་བའི་མདུད་འཛིན་ལ་གདག་གོ །འགོམ་ཡུག་མ་སོང་བར་གལ་ཆེ། སྔགས་འདི་དུས་བཞིར་རབ་བརྒྱ་རྩ་བཟླ། འབྲིང་ཉི་ཤུ་རྩ་གཅིག ཐ་མ་བདུན་བཟླའོ། །དེས་གདུལ་བྱ་དང༌། གཡེང་བ་ཆེ། གྲགས་པ་ཡོང༌། གཡེང་བ་ཆེ་ན་སྔགས་ཕྲེང་འཕྲོ་གཅད་དོ། །བསོད་ནམས་ཆེར་འབར་བར་འདོད་ན་དུས་བཞིར་བཟླས་པ་བྱའོ། །ཙཀླི་བྲི་དུས་མགོ་ཕྱོགས་གཅིག་ཏུ་སྟེང་འོག་ཡོང་བར་བྱ། བར་བར་དུ་སྔགས་ཚང་བར་བྲི། མདུད་འཛིན་ཙཀླི་མགོ་སྤྲོད་པ་ཡིན། གཉན་ལོ་ཙཱ་བའི་ལག་འགུལ་ཛམྦྷ་ལ་སུམ་སྒྲིལ་ཞེས་བྱ་བ་རྫོགས་སོ། །བསྙེན་སྒྲུབ་མི་དགོས་ལས་སྦྱོར་ཁོ་ནས་ཆོག་གོ །འདིའི་བརྒྱུད་པ་གཉན་ལོ་ནས་གནང་ཁའུ་པ། ས་ཆེན་མན་འདྲའོ།། །།མངྒ་ལཾ།། །།

འཕགས་པ་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་པའི་སྐོར་ཆ་ཚང་བ།

p. 154
p. 155

འཕགས་པ་ཛམྦྷ་ལ་དམར་པོ་གསུང་གི་སྒྲུབ་པའི་སྐོར་ཆ་ཚང་བ་བཞུགས་སོ༔ ༔གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་གཏེར་བྱོན།།

p. 156

རྒྱ་གར་སྐད་དུ༔ ཨཱརྻ་ཛམྦྷ་ལ་སཱ་དྷ་ནཾ་ནཱ་མཿ བོད་སྐད་དུ༔ འཕགས་པ་ཛམྦྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ ཡིད་བཞིན་རིན་ཆེན་གཏེར་འདི་བསྒྲུབ་པ་དང་༔ མ་ལུས་འགྲོ་བའི་དབུལ་བ་སེལ་བའི་ཕྱིར༔ ནོར་ལྷ་ཀུན་གྱི་ནང་ནས་ཛམྦྷ་ལ༔ དམར་པོ་གསུང་གི་སྒྲུབ་པ་ཡང་དག་བཤད༔ དེ་ལ་དང་པོ་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་བསལ་བའི་བསམ་པ་དང་ལྡན་པས་དཀོན་མཆོག་དང་འཕགས་པ་ཛམྦྷ་ལ་ལ་སྐྱབས་སུ་འགྲོ་བར་བྱའོ༔ དེ་ནས་སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར༔ བདག་གིས་ཛམྦྷ་ལ་བསྒྲུབ་སྙམ་དུ་སེམས་བསྐྱེད་ལ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷ྅ཧཾ༔ ཞེས་པས་བརྟན་གཡོ་ཐམས་ཅད་སྟོང་པར་བསྒོམ༔ དེའི་ངང་ལས་ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པྃ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛྃ་དམར་པོ་ལས་འོད་འཕྲོས༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཏེ་ཛྃ་ལ་ཕོག་ཡོངས་སུ་གྱུར་པ་ལས༔ ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་ཤིན་ཏུ་དམར་བ༔ ཆགས་

p. 157

པ་དང་སྒེག་པའི་ཉམས་དང་ལྡན་པ༔ ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཞལ་གཡས་དཀར་བ༔ གཡོན་སྔོ་བ༔ རྩ་ཞལ་དམར་བ༔ ཕྱག་གཡས་དང་པོས་རིན་པོ་ཆེ༔ བར་པས་ལྕགས་ཀྱུ༔ གཡོན་དང་པོ་ན་ཐོད་པ་རིན་པོ་ཆེས་གང་བ༔ གཉིས་པ་ན་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་ནས་བཙིར་བས་ནོར་བུ་སྐྱུགས་པ༔ ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ་དེ་ལྟ་བུ་བསྒོམ་མོ༔ དེའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་མོ་ལས་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ༔ གཡས་འོག་མ་ལྕགས་ཀྱུ༔ གཡོན་འོག་མ་ཞགས་པ་བསྣམས་པར་བསྐྱེད་ལ༔ ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས༔ ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་གཡས་ལྕགས་ཀྱུ༔ གཡོན་ཞགས་པ་བསྣམས་པ་གྲངས་མེད་པ་སྤྲོས་ཏེ༔ འཇིག་རྟེན་ཁམས་ཀྱི་ནོར་རྫས་ཀྱི་རྣམ་པ་གང་འདོད་པ་ལ་ལྕགས་ཀྱུས་བཟུང་༔ ཞགས་པས་བཅིངས་ནས་རང་གི་ཁྱིམ་དུ་དྲངས༔ རང་གི་ཁང་པར་མི་ཤོང་

p. 158

པ་ཙམ་དུ་སྤུངས་ཏེ་སྟེར་བར་བསམ༔ ཛམྦྷ་ལའི་ཞལ་དང་༔ ནེའུ་ལེའི་ཞལ་དང་གནོད་སྦྱིན་ནོར་སྐྱུགས་གཉིས་པོའི་ཞལ་ནས༔ གསེར་གཡུ་མུ་ཏིག་བྱེ་རུ་ལ་སོགས་པ་ཟད་མི་ཤེས་པ་བྲུལ་ནས༔ རང་གི་ཁང་པ་ཁེངས་པར་བསྒོམ་ཞིང་༔ ཨོཾ་ཛམྦྷ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཞེས་པའི་བསྙེན་པ་བྱས་པས་མཉེས་ནས་ནོར་གྱི་དངོས་གྲུབ་བྱིན་པར་བསམ༔ བསྙེན་པ་ཅི་རིགས་པ་བྱ༔ རབ་སྟོང་ཚོ༔ འབྲིང་ལྔ་བརྒྱ༔ ཐ་མ་སུམ་བརྒྱ་ཆག་ཏུ་མི་རུང་༔ ཐོ་རངས་ཀྱི་ཆའམ་མཚན་མོའི་ཆ་ལ་བཟླ་ཞིང་༔ གོང་གི་དམིགས་པ་ཡང་ཡང་དུ་བསྒོམ༔ ནམ་ལངས་པ་དང་ཆུ་སྦྱིན་དང་གཏོར་མ་གཏོང་༔ རྒྱུན་དུ་བཟླས་པས་འགྲུབ་སྟེ༔ སྔོན་དུ་བསྙེན་པ་ཞག་བདུན་བྱས་ནས་དེ་ནས་རྒྱུན་དུ་སྒྲུབ་པ་བྱས་ན་ཤིན་ཏུ་ལེགས༔ ཆུ་སྦྱིན་པའི་ཐབས་ལ༔ མདུན་དུ་ཟངས་གཞོང་དུ་སྔར་བཞིན་བསྐྱེད་ནས་དེའི་ཐུགས་ཀར་རྃ་དམར་པོ་བསམ༔ དེ་ནས་རྃ་ཞེས་བརྗོད་པས་མེ་འབར་ཏེ་ཞལ་གྱི་ནང་ནས་ཡར་མེ་ལྕེ་བྱུང་བས་ཤིན་ཏུ་སྐོམ་པས་གདུངས་པར་བསམ༔ དེའི་ཞལ་དུ་ཆུ་རྩ་སྔགས་ཀྱིས་ཕུལ་བས་སྐོམ་པའི་སྡུག་བསྔལ་ཞི་ནས་མཉེས་ཏེ༔ ཞལ་དང་ནེའུ་ལེ་དང་ནོར་སྐྱུགས་རྣམས་ཀྱི་ཞལ་ནས་རིན་པོ་ཆེ་སྣ་ཚོགས་པ་བྱུང་བར་བསམ༔ དེ་ཡང་ཛམྦྷ་ལ་སྐོམ་པས་གདུང་བ་ལ་ཆུ་བྱིན་པས་སྐོམ་པ་སངས་ནས་མཉེས་ཏེ་ནོར་བུ་སྐྱུགས༔ ཛམྦྷ་ལ་དགྱེས་ཏེ་ནེའུ་ལེ་བཙིར་བས་ནོར་བུ་སྐྱུགས༔ ནོར་སྐྱུགས་གཉིས་ཀྱི་སྙིང་གར་རྡོག་པས་ཆེར་མནན་པས་ནོར་བུ་སྐྱུགས༔ དེ་ནས་ཛམྦྷ་ལའི་ཞལ་དང་༔ ནེའུ་ལེ་དང་ནོར་བུ་སྐྱུགས་པ་དང་གསུམ་ལ་ལག་པས་རེག་པར་བསམས་ཏེ༔ ཨོཾ་ཨཱཿཧཱུྃ་ཞེས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་དམར་པོ་ལྕེ་ལ་རེག་པར་བཞག་ལ་དངོས་གྲུབ་བླང་༔ ཆུ་དེ་རང་གིས་ལོངས་སྤྱད༔ ཡང་ན་ཆུ་བོ་ཆེན་པོར་དོར་རོ༔ དེ་ནས་གཏོར་མ་སྦྱིན་པ་ནི༔ ཟངས་གཞོང་

p. 159

དུ་ཟན་དང་ཆང་དང་ཤ་དང་མར་དང་བུ་རམ་དང་ཟས་ཀྱི་རྣམ་པ་འབྱོར་ཚད་དང་༔ ནས་ལ་སོགས་པ་འབྲུ་དང་༔ མ་འབྱོར་ན་རང་གང་ཟ་བའི་ཁ་ཟས་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ལ་བཟང་ཞིང་རྒྱ་ཆེ་བ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པར་བསམས་ལ༔ རྩ་སྔགས་ལ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་བཏགས་པས་ཕུལ་ལ༔ ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་བྱུང་བར་བསམ༔ གནས་གསུམ་ནས་རིན་པོ་ཆེ་འཛག་པར་བསམ༔ ལན་བདུན་དུ་མཆོད་པ་དབུལ༔ བསྟོད་པ་བྱ༔ བཛྲ་མུཿས་རང་གི་སྙིང་གར་གཞག༔ གཏོར་མ་རང་གིས་ལོངས་སྤྱད་དོ༔ གཏོར་མ་ལ་བརྟེན་ཏེ་སྒྲུབ་པའོ༔ གའུ་ལ་བརྟེན་ཏེ་སྒྲུབ་པ་ནི༔ གའུ་ཟངས་སམ་རྫ་ལས་བྱས་པ་ལི་ཁྲིའམ་མཚལ་གྱིས་དམར་པོར་བྱུགས་ལ་འཁོར་ལོ་དཔེའུ་ཆུང་བཞིན་བྲིས་ལ༔ དེའི་ནང་དུ་བཙལ་བའི་རྫས་ལ༔ ཕྱུག་པོ་ཆེན་པོ་དགུའི་ནས་སྣ༔ གཡང་གི་ནས་སྣ༔ ཕྱུག་པོ་ཆེན་པོ་དགུའི་ཟས་སྣ་དང་འབྲུ༔ ནོར་སྣ་དང་༔ གནག་རྟ་ལུག་བ་ར་ལ་སོགས་པའི་སྤུ་དང་༔«་་་་་མཛོ་དྲེའུ་ཕག་པ་མ་གཏོགས་པ།» གསེར་གཡུ་ཟངས་དང་དངུལ་ལྕགས་ལ་སོགས་པ་རིན་པོ་ཆེ༔ ཞིང་མུ་མའི་ས༔«་་་་་དུས་རྒྱུན་ལོ་ཏོག་ལེགས་པོ་སྐྱེ་བའི་ཞིང༌།» ཁང་པ་བཀྲ་ཤིས་པའི་ས༔«་་་་་སྔར་བླ་མ་བཟང་པོ་བྱོན་ཅིང་དམེ་འཁྲུགས་སོགས་མ་བྱུང་བ།» གནས་གཞིའི་རྒྱ་ཐབ་ཀྱི་ས༔ དགེ་བཤེས་བསོད་ནམས་ཅན་གྱི་ས༔ མི་བསོད་ནམས་ཅན་གྱིས་གོས་ཀྱི་དུམ་བུ༔ ག་བུར་ལ་སོགས་པའི་སྨན་སྣ༔ ཚོང་འདུས་ཚོགས་པའི་ས༔ རྐུན་ཆེན་གྱི་ལག་པ༔ ཟས་སྣའི་རིགས་འབྱོར་ཚད༔ ན་ཆུང་འཕྱོན་མའི་ཀ་ཆ༔ སྐྱེས་བུ་གཞོན་ནུའི་ནོར་སྣ༔ དགེ་བཤེས་ཀྱི་སེམས་རྟེན༔ ཡོན་བདག་ཕྱུག་མོའི་སེམས་རྟེན༔ ལྔ་པོ་དེས་དེ་རྣམས་དབང་དུ་འདུའོ༔ ལོ་ལེགས་པའི་སྙེ་མ༔ ཚོང་ལེགས་པའི་ནོར་གྱི་དུམ་བུ༔ འབྲོག་ལེགས་པའི་མར༔ འབུལ་བ་མང་པོ་བྱུང་བའི་ནོར་

p. 160

སྣ༔ རྒྱལ་པོས་བསྡུས་པའི་ནོར་སྣ༔ དེ་རྣམས་སྣ་ཚང་མ་རྙེད་ན་གང་འབྱོར་བསགས་ལ་འཁོར་ལོའི་ནང་དུ་བཅུག་ལ་ཁེངས་པར་དགང་༔ ཁྱད་པར་དུ་རང་གང་དགའ་བ་འདོད་པའི་མིང་རྣམས་ཡི་གེར་བྲིས་ལ་དངོས་གྲུབ་སྩོལ་ཞེས་བྲིས་པ་གཞུག༔ དུས་དུས་སུ་མཆོད་བསྟོད་བྱ༔«་་་་་འགྲུབ་སྦྱོར་བཟང་དུས།» རང་ལ་འབུལ་བ་བྱུང་བའི་ཕུད་དང་ཟས་ཕུད་རྣམས་གའུར་བསྐྱལ་ལོ༔ ལྷག་མ་དང་ཟས་སྣ་རྣམས་དངོས་གྲུབ་ཏུ་བསམས་ལ་ལོངས་སྤྱད༔ གོས་སྣ་རྣམས་ལྷན་པར་བཏབ་ལ་བགོའོ༔ ཛམྦྷ་ལ་དམར་པོའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་རྫོགས་སོ༔ ཛམྦྷ་ལ་ཐོད་པ་ལ་བརྟེན་ཏེ་སྒྲུབ་པ་ནི༔ ཐོད་པ་མཚན་ལྡན་གྱི་ནང་དུ་ཛམ་དམར་གྱི་ལྡེར་བཟོའམ༔ དེ་མིན་ན་ཤོག་བུ་ལ་བྲིས་པ་གཞུག༔ རང་གི་འདོད་པའི་མིང་ཡང་གཞུག༔ གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས༔ ཤ་མར་བུ་རམ་ལ་སོགས་པ་ཟས་སྣ་ཚོགས༔ ནས་དང་འབྲས་དང་གྲོ་དང་སྲན་མ་ལ་སོགས་པ་འབྲུ་སྣ་ཚོགས༔ དར་ཟབ་སྣ་ཚོགས༔ རས་སྣམ་ལ་སོགས་གོས་སྣ་ཚོགས་ཏེ༔ དེ་རྣམས་ཀྱི་ཐོད་པ་ཁེངས་པར་བཀང་ལ༔ ཐོད་པའི་ནང་དུ་མཐིང་ཤོག་ལ་མཚལ་ལ་རིན་པོ་ཆེ་བརྡར་བས་ཛམ་དམར་གྱི་སྙིང་པོ་བྲིས་པའི་མཐར༔ བདག་ལ་ནོར་སྩོལ་བྱ་བ་བྲིས་ལ་གཞུག༔ བང་མཛོད་དུ་སྦའོ༔ སྐབས་སུ་མཆོད་བསྟོད་བྱའོ༔«་་་་་འགྲུབ་སྦྱོར་དང་གཡང་སྐར་ལ།» ཐོད་པ་ལ་བརྟེན་ཏེ་སྒྲུབ་པ་རྫོགས་སོ༔ ཛམྦྷ་ལའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་ལས་དབང་དུ་བྱ་བའི་ཕྲིན་ལས་ནི༔ རང་སྐད་ཅིག་གིས་སྟོང་པར་བསྒོམ༔ ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པྃ་ལས་པདྨ༔ དེའི་སྟེང་དུ་ཛྃ་ལས་འོད་འཕྲོས་པས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་གིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྙིང་བསྒུལ༔ སེམས་གཡོས་ནས་བདག་ལ་ཐམས་ཅད་ཆགས་པར་བསྒོམ༔ དེ་ཚུར་འདུས་པས་ཛྃ་ལ་ཕོག་སྟེ་ཛྃ་ཡོངས་སུ་གྱུར་པ་ལས༔ ཛམྦྷ་ལ་དམར་པོ་ཞལ་གསུམ་

p. 161

ཕྱག་དྲུག་པ༔ ཞལ་གཡས་དཀར་གཡོན་མཐིང་༔ དབུས་དམར་བ༔ ཕྱག་གཡས་དང་པོ་ན་རིན་པོ་ཆེ༔ གཉིས་པ་ན་ལྕགས་ཀྱུ༔ གཡོན་དང་པོ་ན་ཐོད་པ་རིན་པོ་ཆེས་བཀང་བ༔ གཉིས་པ་ན་ཞགས་པ༔ གསུམ་པ་གཉིས་ན་ནེའུ་ལེ་བཙིར་བ༔ ཞབས་བཞི་པ་གནོད་སྦྱིན་ནོར་སྐྱུགས་ཀྱི་སྟེང་ན་བཞུགས་པ༔ དེ་ལྟ་བུ་སྒེག་པའི་ཉམས་དང་ལྡན་པ་ཞིག་བསམ༔ དེའི་ཐུགས་ཀར་སྦས་པའི་ཡུམ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ གཡས་དང་གཡོན་གྱི་དང་པོ་མདའ་གཞུ་འགེངས་པ༔ གཡས་གཉིས་པ་ན་ལྕགས་ཀྱུ༔ གཡོན་གཉིས་པ་ན་ཞགས་པ་བསྣམས་པ༔ དེ་ལས་ལས་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ལྕགས་ཀྱུ༔ གཡོན་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྕགས་ཀྱུས་བཟུང་༔ ཞགས་པས་མགུལ་ནས་བཅིངས་ནས་བདག་གི་མདུན་དུ་རང་དབང་མེད་པར་བཀུག་པར་བསམ༔ དེ་ཐམས་ཅད་ཀྱིས་བདག་ལ་མོས་པ་དང་གུས་པས་ཐལ་མོ་སྦྱར་ནས་གུས་པ་ཚད་མེད་པར་བྱེད་པར་བསམ༔ ཛམྦྷ་ལའི་ཐུགས་ཀའི་ཀུ་རུ་ཀུལླེའི་ཐུགས་ཀ་ནས་ལྷ་མོ་དམར་མོ་གཅིག་སྤྲོས་ཏེ་བསྒྲུབ་བྱ་རྣམས་ཀྱི་སྤྱི་བོར་ཐིམ་པས་དབང་བསྐུར་ཏེ་སྤྱི་བོ་ནས་སྙིང་གར་བབས་པས་སེམས་བསྒུལ་ཏེ་བདག་ལ་ཡིད་ཆགས་མྱོས་ཏེ་བདག་གི་མདུན་ན་བརྒྱལ་ནས་འདུག་པར་བསམ༔ ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས་འོད་འཕྲོས་ཏེ་བསྒྲུབ་བྱ་ལ་ཕོག་པས་དམར་ལམ་སོང་སྟེ་ཆགས་པས་ཆེར་མྱོས་ཏེ་རང་དབང་མེད་པར་བདག་ལ་ཡིད་ཆགས་པར་བསམ༔ དེ་ལྟ་བུ་ཡང་ཡང་བསམ་ཞིང་སྔགས་འདི་བཟླའོ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་ཀུ་རུ་ཀུལླེ་ཧྲཱིཿསརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་བཟླས་པས་རྟགས་ནི་རྨི་ལམ་དུ་བདག་ལ་བུད་མེད་ཀྱི་

p. 162

ཚོགས་ཀྱིས་བསྙེན་བཀུར་བྱེད་པ་དང་༔ ཕྱག་འཚལ་བ་དང་འབུལ་བ་བྱེད་པ་འབྱུང་༔ མི་ཆེན་པོ་རྣམས་ཀྱིས་ཀྱང་བདག་ལ་བསྙེན་བཀུར་བྱེད་པ་འབྱུང་༔ དངོས་སུ་ཡང་སྐྱེ་བོ་ཐམས་ཅད་ཡིད་ཆགས་ནས་མཐོང་བ་ཙམ་གྱིས་དད་པ་སྐྱེ༔ བློ་ཆོས་ལ་འཛུད་ནུས༔ དབང་དུ་འདུ་ངེས་སོ༔ འདི་ལ་དམ་ཚིག་ཏུ་ཆོས་ལ་ཕྱོགས་རིས་མི་བྱ༔ གང་ཟག་ལ་སྐུར་པ་མི་གདབ༔ ཆོས་དང་གང་ཟག་ལ་བསྟོད་སྒྲ་འབའ་ཞིག་གཏང་༔ སྨད་སྒྲ་མི་གཏང་༔ གམ་དུ་འོངས་པ་ཐམས་ཅད་ལ་ཆོས་དང་ཟང་ཟིང་གིས་ཕན་གདགས༔ ཀུན་དང་བློ་བསྟུན༔ ཀུན་གྱི་བློ་དང་མཐུན་པར་ཆོས་བཤད༔ གཏི་མུག་ཅན་ལ་གཏི་མུག་གི་ཆོས་བཤད༔ གྲུབ་མཐའ་སོགས་ལའང་གྲུབ་མཐའ་བརྒལ་བརྟག་དང་ཡིན་མིན་མི་བྱ༔ འཐད་པ་བརྗོད་པས་དབང་དུ་འདུ་ངེས༔ གསང་ནས་སྤྱད་ན་དངོས་གྲུབ་ཐོབ་ངེས་སོ༔ ༔ ཛམ་དམར་སྦྱིན་སྲེག་ལ་བརྟེན་ཏེ་སྒྲུབ་པ་ནི༔ རྒྱས་པའི་ཤིང་འོ་མ་ཅན་ལ་སོགས་པ་ལས༔ རྒྱས་པའི་དཀྱིལ་འཁོར་རིན་པོ་ཆེའི་དབྱིབས་ཅན་དུ་བྲིས་ནས་དེར་མེ་ཐབ་གྲུ་བཞིར་བརྩིགས་ཏེ༔ བསྲེག་རྫས་ནས་དང་༔ འབྲས་དང་༔ གྲོ་དང་༔ རིན་པོ་ཆེ་དང་༔ ཤ་མར་བུ་རམ་ལ་སོགས་པ་ཟས་སྣ་དང་༔ གོས་ཆེན་པོ་ལ་སོགས་གོས་སྣ་དང་༔ ཞུན་མར་རྣམས་བསགས་ལ་མེ་ལྷ་ཛཾ་ལ་དམར་པོར་བསྐྱེད༔ དེའི་ཞལ་དུ་བསྲེག་རྫས་རྣམས་སྔགས་འདིས་དབུལ་ལོ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཛྭ་ལ་རྃ་རཏྣ་སིདྡྷི་ཧཱུྃ༔ ཞེས་ཕུལ་བས་མཉེས་ཏེ་ཞལ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛག༔ ཕྱག་གི་ནེའུ་ལེ་དང་གནོད་སྦྱིན་ནོར་སྐྱུགས་ཀྱི་ཁ་ནས་རིན་པོ་ཆེ་འཛག་པར་བསམ༔ དེས་ནི་དངོས་གྲུབ་མ་ལུས་པ་འཐོབ་བོ༔ སྦྱིན་སྲེག་ལ་བརྟེན་ནས་དབང་དུ་བྱ་བར་འདོད་ན༔ «ཙན་དམར་མཛོ་མོ་ཤིང་ཤུག་པ་སོགས་ཀྱིས་་་་་་»མེ་ཐབ་ཟླ་

p. 163

གམ་དུ་བརྩིགས་ལ་དེར་མེ་ལྷ་ཛམ་དམར་བསྐྱེད༔ བསྲེག་རྫས་མེ་ཏོག་གླང་སྣ་དང་ཨུག་ཆོས༔ མར་རྒྱ་སྐྱེགས་སམ་འབྲི་མོག་གིས་ཁ་བསྒྱུར་ཏེ༔ རྒྱ་སྐྱེགས་ཀྱིས་ལིངྒ་བྲིས་ལ༔ ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ། ཞེས་པས་ལིངྒ་བྱིན་ལ༔ དེ་ནས་བསྲེག་རྫས་རྣམས་སྦྱིན༔ ཏིང་ངེ་འཛིན་ནི་བདག་དང་མེ་ལྷ་ཛམ་དམར་ཁྱད་མེད་དུ་བསྐྱེད༔ དེའི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས༔ ལྕགས་ཀྱུས་སྙིང་ནས་བཟུང་༔ ཞགས་པས་མགུལ་ནས་བཅིངས་ནས་མེ་ལྷའི་མདུན་དུ་འོངས་ནས་གུས་པས་ཐལ་མོ་སྦྱར་ནས་འདུག་པ་ལ་བསྲེག་རྫས་རྣམས་ཕུལ་བས༔ ཛམྦྷ་ལའི་ཐུགས་ཀ་ནས་ལྷ་མོ་དམར་མོ་གཅིག་འཕྲོས་ཏེ་དབང་བསྐུར་ནས་བདག་ལ་ཡིད་ཆགས་པར་བསམ༔ དེ་ནས་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་བས་འོད་ཟེར་ཐུགས་ཀ་ནས་དམར་ལམ་གྱིས་བྱུང་བ་བསྒྲུབ་བྱ་ལ་ཕོག་པས་ཆགས་པས་ཡིད་མྱོས་ཏེ་བསྲེག་རྫས་ཕུལ་བས་མེ་ཆེར་འབར་ཏེ༔ བསྒྲུབ་བྱ་ཆགས་པའི་མེས་ཡིད་གདུངས་ནས་བདག་ལ་ཤིན་ཏུ་ཡང་ཆགས་པར་བསམ༔ འཇིག་རྟེན་གྱི་མི་ཐམས་ཅད་ལ་བྱས་ན་བསོད་ནམས་ཀྱིས་རྒྱལ་ཁམས་ཀུན་འུར་འོང་ངོ་༔ གཅིག་ལ་བྱས་ན་གང་ལ་བྱས་པ་དེ་བྲན་བཞིན་དུ་འགྱུར་རོ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྦྱིན་སྲེག་འབུམ་ཕྲག་གཅིག༔ དགེ་བཤེས་བསོད་ནམས་ཅན་དང་རྒྱལ་པོ་ཆེན་པོ་ལ་ཁྲི་ཕྲག་གཅིག༔ ཡ་རབས་ལ་སྟོང་ཕྲག་གཅིག༔ མ་རབས་དང་བུད་མེད་ལ་སྦྱིན་སྲེག་བརྒྱ་ཕྲག་གཅིག་གིས་འགྲུབ་བོ༔ སྦྱིན་སྲེག་གིས་དབང་དུ་བྱ་བའོ༔ ཛམྦྷ་ལ་ལ་ཚོགས་དབུལ་བ་ནི༔ ནང་ནུབ་ཟས་ཚོགས་སུ་བྱེད་ཀྱང་རུང་༔ ནམ་འབྱོར་པས་ནམ་བྱེད་ཀྱང་རུང་༔ ཞལ་ཟས་སྣ་ཚོགས་པ་རྣམས་བཤམས་ལ༔ སྔོན་འགྲོ་ཡི་དམ་ལ་གཞུང་བསྲངས་ཀྱང་ལེགས༔ དེ་མིན་ན་ཛམ་

p. 164

དམར་གྱི་མངོན་རྟོགས་བསྒོམ༔ སྭ་བྷཱ་ཝས་ཡོ་བྱད་སྦྱངས་ལ་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་པས་དགྱེས་ནས་གསོལ་བར་བསམ༔ གསོལ་བས་མཉེས་ནས་ནོར་བུ་འཛག་པ་གསུམ་ལ་དམིགས་པ་གཏད་དོ༔ མགྲིན་པར་ཛམ་དམར་བསྐྱེད༔ བདག་ཀྱང་ཛམ་དམར་དུ་བསྐྱེད་དེ་གསོལ་བས་མཉེས་ནས་ཟས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ༔ ས་མ་ཡ༔ ༔ བསྟོད་པ་ནི༔ བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང་༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུགས་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང་༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཡས༔ གཡོན་གཉིས་ནོར་བུས་གང་བའི་ཐོད་པ་དང་༔ འཆིང་བྱེད་ཞགས་པས་ཁམས་གསུམ་འཆིང་བར་བྱེད༔ ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་ལོ༔ ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད༔ ཞལ་གཡོན་སྔོ་བས་ཀླུ་རིགས་དབང་དུ་སྡུད༔ དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བརྒྱན༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛམྦྷ་ལ་ཕྱག་འཚལ་ལོ༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔ ཞེས་པས་བསྟོད་དོ༔ འཁོར་ལོ་བྲི་བ་ནི༔ ལྟེ་བ་ལ་ཨོཾ༔ དེའི་ཕྱི་རིམ་མུ་ཁྱུད་ཡི་གེ་ཤོང་ཙམ་ལ༔ ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ དེའི་ཕྱི་རིམ་ཡི་གེ་ཤོང་ཙམ་ལ་རིན་ཆེན་སྣ་བདུན་གྱི་སྙིང་པོ་བྲི༔ དེའི་ཕྱི་རིམ་སོར་གཉིས་ཀྱི་

p. 165

ཚད་ཙམ་ལ་པདྨ་འདབ་བརྒྱད་ལ་བཀྲ་ཤིས་རྫས་བརྒྱད་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཛམྦྷ་ལའི་གཟུངས་ཀྱི་མཇུག་ཏུ་སརྦྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཞེས་བྲི༔ དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུ་དྲུག་ལ་གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀྱི་སྙིང་པོ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྣམ་སྲས་དང་ནོར་རྒྱུན་མའི་གཟུངས་བྲི༔ དེའི་ཕྱི་རིམ་ལ༔ བདག་ལ་གསེར་དངུལ་ཟངས་ལྕགས་རྟ་གླང་ལུག་ཞིང་ཁང་འབྲུ་བང་མཛོད་འཇིག་རྟེན་གྱི་ཡིད་བཞིན་ནོར་གྱི་དངོས་གྲུབ་འདོད་རྒུ་སྩོལ་ཅིག༔ ཅེས་བྲི༔ དེའི་ཕྱི་རིམ་ལ་ཛམྦྷ་ལ་དམར་པོའི་ཞལ་བྲིའོ༔«་་་་་ཞལ་གསུམ་ཕྱག་དྲུག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ལྟོ་བར་འཁོར་ལོ་ཚུད་པའོ།།» ཨོཾ་ཧྲཱིཿཛམྦྷ་ལ་ཛ་ལེནྡྲཱ་ཡ་འགྲོ་བ་མིའི་ཙིཏྟ་ཨ་པ་ར་ཛཱི་ཏ་ཛཿཛཿ ཨོཾ་ཧྲཱིཿཛཿཧཱུྃ་ཛམྦྷ་ལ་རཏྣ་ཨ་མུ་ཀ་ཨཱ་ཀརྵ་ཡ་ཛཿཛཿ ནོར་རྫས་ཐམས་ཅད་བདག་ལ་དུང་དུང་སྡུས་སྡུས་མགོ་ནག་མིའི་སེམས་དཀྲུགས་སྙིང་འཕྱོ་རུ་ཆུག་རྐང་པ་འགྲོ་རུ་ཆུག་ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག་ལ་ཤོག་སརྦྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧཱུྃ༔ ཚིག་བར་གྱ་བདུན་ཡོད་༔ ཟབ་རྒྱ་རྒྱ་རྒྱ༔ ༈ ཛམྦྷ་ལའི་ཁྱད་པར་གྱི་སྒྲུབ་ཐབས་ནི༔ ཛམྦྷ་ལ་ཡིད་བཞིན་ནོར་བུའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ འཕགས་པ་ཛམྦྷ་ལ་བསྒྲུབ་པར་འདོད་པས༔ ལུག་དཀར་པོའི་སྙིང་ཤུན་གྱི་ནང་དུ་དར་དམར་པོ་ལ་འཁོར་ལོ་འདི་བྲིས་ཏེ་རིན་པོ་ཆེ་སྣ་ལྔ་དང་གོང་གི་རྫས་རྣམས་ཀྱིས་བཀང་ལ༔ དེ་དར་དམར་པོའི་ཁོག་ཏུ་དྲིལ་ལ་མཎྜལ་གྱི་སྟེང་དུ་བཞག༔ གཏོར་མའི་ཡོ་བྱད་དང་ཆང་ཕུད་བཤམས་ཏེ༔ རང་ཉིད་ཛམྦྷ་ལ་དམར་པོ་ཞག་གཅིག་ཕྱག་གཉིས་པ༔ གཡས་ནོར་བུ་རིན་པོ་ཆེ་བསྣམས་པ༔ གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས་པ་གཅིག་ཏུ་སྐད་ཅིག་གིས་བསྐྱེད་ལ༔ དེའི་སྙིང་གར་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གནོད་སྦྱིན་གྱི་གནས་རྣམས་དང་༔ རིན་པོ་ཆེའི་འབྱུང་གནས་རྣམས་ནས་ནོར་བུ་རིན་པོ་ཆེ་བཀུག་ནས་

p. 166

བདག་གི་གནས་རྣམས་ཁེངས་པར་བསམས་ལ་སྔགས་འདིས་ཞག་བདུན་བསྒྲུབ་བོ༔ ཨོཾ་ཛམྦྷ་ལ་དྷ་ན་ཨ་མུ་ཀ་སིདྡྷི་ས་མ་ཡ་ཕ་ལ་སྡུས་ནོར་རྫས་ཐམས་ཅད་བདག་ལ་དུང་དུང་སྡུས་སྭཱ་ཧཱ༔ དེ་ལྟར་བཟླས་པ་བྱས་པས་རྨི་ལམ་དུ་ནོར་རྫས་སྟེར་བ་དང་༔ བསྙེན་བཀུར་བྱེད་པ་དང་༔ རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་༔ རིན་པོ་ཆེའི་འབྱུང་ཁུངས་ནས་ནོར་རྫས་མང་པོ་བྱུང་ཞིང་རྙེད་པའི་རྨི་ལམ་འབྱུང་༔ དངོས་སུ་ཡང་ཟས་ནོར་སྟེར་བ་འབྱུང་ངོ་༔ གའུ་རང་གི་དཀོར་ཁང་དུ་སྦའོ༔ གཏོར་མ་ནི་ཛམྦྷ་ལ་བ་ལིནྟ་ཁཱ་ཧི་ཁཱ་ཧི་ཞེས་པས་དབུལ་ལོ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རོ༔ དཔལ་ཛམྦྷ་ལའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ ༈ ཛམྦྷ་ལ་དམར་པོའི་དབང་བསྐུར་བ་ནི༔ གནས་དབེན་པར་མཎྜལ་མདའ་གང་བྱས་ལ་པདྨ་འདབ་བརྒྱད་བྱ༔ དེའི་ནང་དུ་ཆང་ཐོད་པ«་་་་་མཚན་ལྡན་»གང་ལ་བུ་རམ་བཏབ་པ་གཅིག་གཞག༔ གཏོར་མ་རིན་ཆེན་འབར་བ་ལ་ཤ་མར་དང་བུ་རམ་གྱིས་བརྒྱན༔ ཤར་དུ་བུམ་པ༔ ནུབ་ཏུ་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་གཞུག༔ སྐྱབས་འགྲོ་སེམས་བསྐྱེད་བྱིན་ལ༔ ཐོད་པ་ལག་ཏུ་བཞག་སྟེ༔ ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཨ་བྷི་ཥིཉྩ་ཨཱཿ གཏོར་མ་རིན་ཆེན་འབར་བ་སྦྱིན་ལ༔ ཡིད་བཞིན་རིན་ཆེན་འབར་བ་ཡིས༔ ཁམས་གསུམ་ཀུན་གྱི་ནོར་བསྡུས་པ༔ འདོད་རྒུ་ཆར་འབེབས་དབང་གི་རྒྱལ༔ བུ་ལ་བྱིན་པས་དངོས་གྲུབ་ཐོབ༔ སྔགས་འདྲེན་ནོ༔ དེ་ནས་ཆུ་སྦྱིན་བྱས་ལ་ཆུ་སྦྱིན༔ ལྷ་བསྒོམ་པ་དང་སྔགས་བཟླ་བའི་རྗེས་གནང་བྱིན་ལ་ཚོགས་འཁོར་ལ་རོལ༔ ཛམ་ལ་དམར་པོའི་ལུང་འབོགས་པ་ལ་འབུལ་བ་མེད་པར་བྱར་མི་རུང་༔ ཆེ་འབྱོར་ཆུང་འབྱོར་ཕུལ་བས«་་་་་རིན་པོ་ཆེའི་

p. 167

བྱེ་བྲག་ཅུང་ཟད་རེ་དང་ཟས་སྣ་ཁྱད་པར་ཅན་ཅུང་ཟད་རེ་འབུལ་བ་ཕྱག་ལེན་ནོ།།» བླ་མ་མཉེས༔ དེ་ནས་ལུང་སྦྱིན༔ དེ་ལྟར་བྱས་པས་སློབ་མ་ལ་བྱིན་རླབས་འཇུག་གོ༔ ༔ གདམས་པ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་སུ་སྦས་པ་གྲྭ་པ་མངོན་ཤེས་ཀྱིས་གཏེར་ནས་བཏོན། དེ་ནས་རིམ་པར་བརྒྱུད་དོ། ༈ །གཞན་ཐམས་ཅད་གཞུང་བཞིན་ལ། ཐོད་པ་མཚན་ལྡན་དང་གཏོར་མ་པདྨའི་དབུས་སུ་འཇོག ཚོགས་རྫས་བྱང་དུ་འཇོག རིན་པོ་ཆེའི་བྱེ་བྲག་རེ་དང་ཟས་སྣ་ཁྱད་པར་ཅན་ཅུང་ཟད་རེ་འབུལ་བ་ཕྱག་ལེན་ཡིན། དབང་གི་དུས་ལྷ་བསྒོམ་པ་དང་ཞེས་པའི་སྐབས་སུ། དཔོན་སློབ་གཉིས་ཀ་སྒྲུབ་པ་གོང་མ་ལྟར་བསྐྱེད། སྔགས་ཀྱི་སྐབས་རྩ་སྔགས་བླ་མའི་ཞལ་ནས་དམར་ན་ར་ར་བྱུང་བ་སློབ་མའི་ཁར་ཞུགས་ཏེ་ལུས་དམར་མེར་གྱིས་ཁེངས་པར་བསམས་ལ་རྩ་སྔགས་བརྒྱ་རྩ་གཅིག་གཉིས་ཀས་བརྗོད། བཅོམ་ལྡན་བདག་ལ་སོགས་དང༌། བཅོམ་ལྡན་འདི་ལ་སོགས་བྱའོ། ༈ །སྒབ་འདྲེ་མནན་པ་ནི༔ ཛམྦྷ་ལ་བསྒྲུབ་པ་ལ་བར་ཆད་ཀྱི་གནོད་པ་དང་མི་འགྲུབ་པར་བྱེད་པ་ལ༔ གནོད་སྦྱིན་བྲེལ་ཕོངས་ཞེས་བྱ་བ་མི་སྡུག་པ་ཞིག་ཡོད་པ༔ དེ་མནན་པའི་ཐབས་ནི༔ མི་ནག་བྱའི་མཆུ་ཅན་ཞིག་བྲིས་ལ་ཐ་མ་སྔགས་ཀྱིས་བསྐོར༔ སཱཙྪ་རབ་གནས་བྱས་པའི་ཞབས་སུ་བཅུག་ལ་གད་པ་ནག་པོའི་ཞབས་སུ་མནན་པར་བྱའོ༔ དེས་བར་ཆད་མི་འབྱུང་ཞིང་འགྲུབ་ཐག་ཉེའོ༔ དེ་འདྲའི་མནན་པ་མ་ཤེས་ན༔ བར་གཅོད་གེགས་རྣམས་བྱེད་པར་འགྱུར༔ གནོད་སྦྱིན་བྲེལ་ཕོངས་མནན་ཅིང་གནོད་པ་སྲུང་བ་༔ ཛམ་ལ་སྒྲུབ་པ་མང་ཡོད་ཀྱང་༔ ལོག་གནོན་མནན་པ་འདི་མེད་ན༔ ལག་རྡུམ་བྲག་ལ་འཛེགས་པ་འདྲ༔ དེ་བས་རིན་ཆེན་གསེར་གྱིས་བསླུ༔ ཁ་པོ་ངོ་དགའ་ཅན་ལ་མི་སྦྱིན་ནོ༔ ས་མ་ཡ༔ ༈ འདིའི་ཞལ་གདམས་ནི། ཁྱི་

p. 168

ནག་པོའི་སྤུ་ཡིས་གཟུགས་ཀྱི་སྨད་བཅིང་པ་གལ་ཆེ། ཡི་དམ་ལྷའི་ང་རྒྱལ་གྱིས་དགུག་གཞུག་དྲག་པོ་བྱའོ། །གཟུགས་སྣག་རླན་གྱིས་ནག་པོར་བསྒྱུར་དགོས། སཱཙྪའི་ཞབས་བྲུས་ལ་རོ་གདན་གྱི་ཚུལ་དུ་གན་རྐྱལ་མགོ་གཡས་བསྟན་བཅུག་ལ་འཇིམ་པས་དགག རང་གི་སྒྲུབ་ཁང་མཐོང་བའི་བྱང་ཕྱོགས་ཀྱི་གད་པ་ནག་པོའི་འོག་ཏུ་སྦ་དགོས་རྒྱུ་ཡིན། མི་ནག་གི་རྐང་ཞབས་ནས་སྔགས་མགོ་ཕྱིར་བསྟན་ལ་བསྐོར། ཨོཾ་ཨ་«་་་་་དཔེ་གཅིག་ལ། ཨོཾ་ཏྲི་དུན་ཏྲི་ལཀྵ། ཏྲི་མཱ་ར་ཡ་ཁུག་ནན། དུན་དུན། བར་དུ་གཅོད་བྱེད་ཨ་ར་ནན་ཧྲཱི་ར་ཛ་སྟྭམྦྷ་ཡ་ནན། ཞེས་སྣང༌།» ཏྲི་དུན་ཏྲི་མཱ་ར་ཡ་ཁུག་ནན༔ དུན་དུན་བར་ཆད་གནོད་བྱེད་མཱ་ར་ཡ་ནན༔ སྟྭཾ་བྷ་ཡ་ནན༔ ཨ་ར་ནན༔ ཞེས་སྔགས་ཀྱིས་ལིངྒའི་མཐའ་བསྐོར་བ་གང་མང་བྲི། ༈ །ཡང་སྲིས་རྐུན་ཁ་ཆིངས་ནི། ཨོཾ་ཧཱུྃ་བྷྲཱུྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཞེས་ཚོགས་བདག་གི་སྔགས་ཕྲེང་གཅིག་ཏུ་བྲིས་ལ་སྲེ་མོང་གི་ཁར་གཞུག ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཞེས་ཛམ་ལའི་སྔགས་རིན་པོ་ཆེ་སྣ་ལྔ་འབྲུ་ལྔ་དང་བཅས་པ་ལྟག་ཁུང་དུ་གཞུག ཨོཾ་བཛྲ་ཙིཏྟ་རཱ་ག་རུ་གེ་སྡུད་ཏི་མ་ཏི་སྐྱོལ༔ སྐྱོལ་ནོར་སྐྱོལ་བདག་གི་བསམ་པ་སྒྲུབས་རེ་བ་སྐོངས༔ ཞེས་ཞང་བློན་གྱི་སྔགས་སྲེ་མོང་གི་མགོ་ལ་བྲི། དེ་ཚོན་སྐུད་སྣ་ལྔས་བཅིང༌། གླ་ལྤགས་ཀྱིས་གཏུམས་མཆན་ཁུང་གཡོན་དུ་བཅང༌། སྲེ་ཐོད་མའི་བཅའ་ཐབས་སོ། ༈ །ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་བྱ་ཚུལ་བཞུགས་སོ། །བླ་མ་དང་ཛམྦྷ་ལ་དམར་པོ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ། །འདིའི་རྗེས་གནང་བྱ་ཚུལ་རྗེ་བཙུན་ཐུགས་རྗེ་ཆེན་པོ་སྤྱན་སྔ་ངག་དབང་ཆོས་ཀྱི་གྲགས་པའི་གསུང་བཞིན་བརྗེད་ཐོར་བྲིའོ། །དེ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་ཁང་ཡིད་དུ་འོང་བར་སྟེགས་བུ་ཇི་ལྟར་རིགས་པའི་སྟེང་དུ། པདྨ་དམར་པོ་འདབ་བརྒྱད་བྲིས་པའི་སྟེང༌། གཡས་

p. 169

གཡོན་དུ་ཐོད་པ་ཆང་གིས་བཀང་བ་ལ་བུ་རམ་བཏབ་པ་དང༌། གཏོར་མ་ཟླུམ་པོ་དབལ་ཅུང་ཟད་གཏོད་པ་རྩི་དམར་པོས་བྱུགས་པ་ལ། པདྨ་ནོར་བུ་འདྲ་བའི་ཟན་རིལ་གྱིས་བསྐོར་བ། དེ་ལ་མར་གྱི་ནོར་བུ་ལ་སོགས་པ་དང་ཤ་བུ་རམ་རྣམས་ཀྱིས་བརྒྱན་པ། ཐོད་པ་དང་གཏོར་མ་གཉིས་མཉྫིའི་ཁར་གཞག དེའི་ཉེ་ལོགས་སུ་ཆུ་སྦྱིན་གྱི་ཆས་བུམ་པ་ཆུ་གཙང་གིས་གང་བ་དང༌། ཟངས་གཞོང་གི་ནང་དུ་སྐུ་ཡོད་ན་གཞག མེད་ཀྱང་འགལ་བ་མེད་དོ། །འབུལ་རྒྱུའི་གཏོར་མ་ཟླུམ་གཏོར་གཅིག་ལ་ཤ་མར་བུ་རམ་སོགས་ཟས་སྣ་གང་འཛོམ་གྱིས་བསྐོར་བ་ཡང་བཤམ། དེ་དག་གི་མཐའ་སྐོར་ལ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་སྒོར་མཆོད་དམ། མདུན་ལ་སྦྲེང་ཚར་ལ་དགོད། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་ནས་དང༌། ལས་ཀྱི་རྡོ་རྗེའི་ཉེ་ལོགས་སུ་མཎྜལ་ནས་དང་བཅས་པ་གཞག་གོ །གཉིས་པ་དངོས་གཞི་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མའི་བྱ་བ་གཉིས་ལས། དང་པོ་ནི། མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་བསྡུས་པ་སྤྱི་དང་མཐུན་པར་བྱས་ལ། སྐྱབས་འགྲོ་སྤྱི་དང་མཐུན། སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ་བའི་ཕྱིར། བདག་གིས་འཕགས་པ་ཛམྦྷ་ལའི་སྒྲུབ་ཐབས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། བརྟན་གཡོ་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པྃ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛྃ་དམར་པོ༔ དེ་ལས་འོད་ཟེར་འཕྲོས༔ སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ༔ ཚུར་འདུས་ཛྃ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་ཤིན་ཏུ་དམར་བ༔ ཆགས་པ་དང་སྒེག་པའི་ཉམས་ཅན༔

p. 170

ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེ་དུ་མས་སྤྲས་པ༔ ཞལ་གཡས་དཀར་གཡོན་སྔོ་བ༔ རྩ་ཞལ་དམར་བ༔ ཕྱག་གཡས་དང་པོ་ན་རིན་པོ་ཆེ༔ གཉིས་པས་ལྕགས་ཀྱུ༔ གཡོན་དང་པོས་ཐོད་པ་རིན་པོ་ཆེས་གང་བ༔ གཉིས་པས་ཞགས་པ༔ ཐ་མ་གཉིས་ཀྱིས་གཏེར་གྱི་ནེའུ་ལེ་རེ་རེ་བཙིར་ནས་བསྣམས་པས་ནོར་བུ་སྐྱུགས་པ༔ ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ༔ དེའི་ཐུགས་ཀར་ཧྲཱིཿདམར་པོ་ལས་སྦས་པའི་ཡུམ་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ ཕྱག་དང་པོ་གཉིས་མདའ་གཞུ༔ གཡས་འོག་མས་ལྕགས་ཀྱུ༔ གཡོན་འོག་མ་ན་ཞགས་པ་བསྣམས་པ༔ དེ་ལས་ལས་ཀྱི་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་ལྕགས་ཀྱུ་དང་༔ གཡོན་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་སྤྲོས་ཏེ༔ འཇིག་རྟེན་གྱི་ཁམས་ཀྱི་གང་འདོད་པའི་དངོས་པོ་མི་ལ་སོགས་པའི་འགྲོ་བ། གསེར་དངུལ་ལ་སོགས་པའི་དཀོར་ནོར་རྣམས་ལྕགས་ཀྱུས་བཟུང༌། ཞགས་པས་མགུལ་པ་ལ་སོགས་པ་ནས་བཅིངས་ནས་བཀུག་སྟེ་རང་གི་ཁྱིམ་ཐམས་ཅད་གང་བར་གྱུར། ཅེས་བརྗོད་ཅིང་བསམ། ཡང་ཛམྦྷ་ལའི་ཞལ་དང་ནེའུ་ལེ་གཉིས། གནོད་སྦྱིན་གཉིས་རྣམས་ལས་གསེར་གཡུ་མུ་ཏིག་བྱེ་རུ་ལ་སོགས་པ་ཟས་ནོར་བསམ་གྱིས་མི་ཁྱབ་པ་སྐྱུགས་ནས་རང་གི་གནས་ཁང་ཐམས་ཅད་གང་བར་བསམས་ལ་སྔགས་འདི་བཟླའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཞེས་པ་ཇི་ལྟར་རིགས་པ་བརྗོད། དེ་ནས་གཏོར་མ་གཉིས་ཆུ་གཙང་མས་སྦྱངས་ལ། དབུས་ཀྱི་དམར་གཏོར་དེ་ཉིད། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཟླ་བ་ཞེས་པ་ནས། གནས་ཁང་ཐམས་ཅད་ཁེངས་པར་བསམ་པའི་བར་གོང་ལྟར་བྱས་ལ། བཟླས་པ་ནི། བརྟན་བྱེད་དུ་བསམས་ལ་ཅུང་ཟད་བཟླ། དེ་ནས་མཆོད་པ་

p. 171

རྣམས། ཨརྒྷཾ་ལ་སོགས་སྔགས་ཀྱིས་དབུལ། ཤབྡ་ལ་དྲིལ་གསིལ་བྱ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང་༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་ལོ༔ ཞེས་པས་བསྟོད་ལ། གཏོར་ཆུང་ཟས་སྣས་བརྒྱན་པ། ཨོཾ་ཨཱཿཧཱུྃ་རིན་པོ་ཆེ་ལས་གྲུབ་པའི་སྣོད་དུ་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་བརྗོད་ཅིང་བྱིན་རླབས་བྱས་ཏེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཛམྦྷ་ལའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་དབུལ། མཆོད་བསྟོད་གོང་བཞིན་དང༌། འདོད་དོན་གསོལ་བ་གདབ་བོ། །དེ་ནས་གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པའི་གཞུང་ལུགས་ནས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་ནས་གསན་པར་ཞུ། དེ་ལ་འདིར་གྲྭ་པ་མངོན་ཤེས་ནས་བརྒྱུད་པའི་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་རྗེས་སུ་གནང་བ་བསྒྲུབ་པར་བྱ་བ་ལ། སློབ་དཔོན་གྱི་བྱ་བ་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་གྱི་གཏོར་མ་འདི་ཉིད་ཛམྦྷ་ལ་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་ནས་བརྟན་བྱེད་ཀྱི་བཟླས་པ་བྱ་བ།

p. 172

མཆོད་བསྟོད་གཏོར་མ་འབུལ་བའི་བར་དགོས་པ་འཁོར་དང་བཅས་པ་ད་ལན་ནས་གྲུབ་པར་བགྱིས་ཏེ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། བླ་མ་དང་ཛམྦྷ་ལ་ཐ་མི་དད་པ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཛམྦྷ་ལ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར། ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ལྟར་རྒྱུད་དག་པར་བྱས་ནས་རྗེས་གནང་གི་གཞི་དགོད་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་མདུན་བསྐྱེད་དང་བཅས་པ་ལ་ཛམྦྷ་ལ་དངོས་ཡིན་སྙམ་པའི་གུས་འདུད་བྱས་པས། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་དང་ནད་གདོན་ཐམས་ཅད་སྦྱངས་ནས་ལུས་འོད་དམར་པོའི་གོང་བུར་གྱུར་པའི་མོས་པ་མཛོད། འོད་དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་ཨ་ལས་ཟླ་བ་ཞེས་པ་ནས། ཞགས་པས་མགུལ་པ་ལ་སོགས་པ་ནས་བཅིངས་ནས་བཀུག་སྟེ་ཁྱེད་རང་རྣམས་ཀྱི་གནས་ཁང་ལ་སོགས་པའི་འདུག་གནས་ཐམས་ཅད་གང་བའི་མོས་པ་མཛོད། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཛམྦྷ་ལ་དམར་པོའི་སྐུ་རྣམ་པ་ཆེ་བ་རི་

p. 173

རབ་ཙམ་ཆུང་བ་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་དང་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཛམྦྷ་ལ་དམར་པོའི་སྐུ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཅེས་དང༌། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་ལ། ངག་ཏུ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཨཱ་ཝེ་ཤ་ཡ་ཨཿཨཿཛཿཧཱུྃ་བཾ་ཧོཿ ཡང་ཡང་བརྗོད། དེ་ནས་བཟླས་པའི་ལུང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དང་ཁྱེད་རང་གཉིས་ཀ་ཛྃ་དམར་དུ་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཛྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་ནས་ཡོད་པར་མོས་པ་བྱས། སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ཛྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས། སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་བཞུགས། སྙིང་གའི་ཛྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། དེ་ནས་སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་བྱིན་གྱིས་བརླབས་ནས་ཁྱེད་རང་རྣམས་ཀྱི་མགོ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཅེས་དང༌། སློབ་མའི་མགོ་བོར་མེ་ཏོག་འཐོར་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །

p. 174

སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་ཛམྦྷ་ལ་དམར་པོའི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད། དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཡིག་འབྲུ་གསུམ་ཡོད་པའི་མོས་པ་བྱས་ལ། མདུན་བསྐྱེད་ཀྱི་ཛམྦྷ་ལའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང༌། ཁྱེད་རང་ཛམ་དམར་དུ་གསལ་བའི་དཔྲལ་བའི་ཨོཾ་དཀར་པོ་ལ་ཐིམ་པས། ལུས་ཀྱི་དྲི་མ་དག སྐུའི་བྱིན་རླབས་ཞུགས། སྐུའི་རྗེས་གནང་ཐོབ། དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས། ངག་གི་དྲི་མ་དག གསུང་གི་བྱིན་རླབས་ཞུགས། གསུང་གི་རྗེས་གནང་ཐོབ། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་དྲི་མ་དག ཐུགས་ཀྱི་བྱིན་རླབས་ཞུགས། ཐུགས་ཀྱི་རྗེས་གནང་ཐོབ་པའི་མོས་པ་མཛོད། དེ་ནས་དབུས་ཀྱི་ཐོད་པ་བདུད་རྩིས་གང་བ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་ནས་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། ཐོད་པ་ལག་ཏུ་བཞག་ཅིང༌། ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཨ་བྷི་ཥིཉྩ་ཨཱཿ དེ་ནས་དབུས་ཀྱི་གཏོར་མ་ལྷར་བསྐྱེད་པ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་ཅིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཡིད་བཞིན་རིན་ཆེན་འབར་བ་ཡིས༔ ཁམས་གསུམ་ཀུན་གྱི་ནོར་བསྡུས་པས༔ འདོད་རྒུ་ཆར་འབེབས་དབང་གི་རྒྱལ༔ བུ་ལ་བྱིན་པས་དངོས་གྲུབ་ཐོབ༔

p. 175

ཨོཾ་ཛམྦྷ་ལ་སོགས་སྔགས་གོང་བཞིན་བརྗོད། དེ་ནས་ཆུ་སྦྱིན་བྱ་དགོས་པས། གོང་གི་བུམ་པ་དང་ཟངས་གཞོང་སློབ་དཔོན་གྱི་ལག་ཏུ་བཟུང༌། སྐུ་ཡོད་ན་དང༌། མེད་ན་ཟངས་གཞོང་དུ། སྐད་ཅིག་གིས་ཛམྦྷ་ལ་དམར་པོ་ཞལ་གསུམ་ཞེས་པ་ནས། ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ་ཞེས་པའི་བར་སྔར་སྒྲུབ་ཐབས་བཞིན་བསྐྱེད། དེའི་ཐུགས་ཀར་རྃ་དམར་པོས་མཚན་པ། རྃ་ཞེས་བརྗོད་པ་དེ་ལས་མེ་འབར་ཏེ། ཞལ་གྱི་ནང་ན་ཡར་མེ་ལྕེ་ལྷབ་ཀྱིས་བྱུང་བས་ཤིན་ཏུ་སྐོམ་པས་གདུངས་པ་ལ་ཞལ་དུ་ཆུ་གཙང་ཕུལ་བ་ལས་སྐོམ་པའི་སྡུག་བསྔལ་ཞི་སྟེ་མཉེས་པར་བསམས་ལ། ཆུ་གཙང་སྐུ་ཡོད་ན་དབུ་དང༌། མེད་ན་འབུལ་བར་མོས་ལ། ཛམྦྷ་ལ་སོགས་སྔགས་བཟླ་ཞིང༌། སློབ་དཔོན་གྱིས་གཡས་ཀྱི་ཆུ་གཙང་གཡོན་གྱི་ཟངས་གཞོང་དུ་བླུག་གོ །དེ་ལྟར་བྱས་པས་མཉེས་ཏེ། ཞལ་དང་ནེའུ་ལེ་གཉིས་དང་གནོད་སྦྱིན་གཉིས་རྣམས་ཀྱི་ཞལ་ནས་རིན་པོ་ཆེ་སྣ་ཚོགས་དང་ནོར་གྱི་རིགས་སྐྱུགས། སླར་ཡང་ནེའུ་ལེ་གཉིས་བཙིར་བས་ནོར་བུ་སྐྱུགས། ཞབས་ཀྱིས་གནོད་སྦྱིན་ཆེར་མནན་པས་ནོར་བུ་བསམ་གྱིས་མི་ཁྱབ་པ་རྣམས་སྐྱུགས་པས་དབུལ་ཕོངས་ཐམས་ཅད་བསལ་བའི་མོས་པ་མཛོད། དེ་ནི་ཆུ་སྦྱིན་བྱ་བ་སྟེ། དེ་དག་གིས་རྗེས་སུ་གནང་བ་ལེགས་པར་སོང་ནས། འདིའི་སྒྲུབ་ཐབས་སོགས་ཀྱི་ལུང་གནང་ཚར་བ་དང༌། དེ་རྣམས་ཀྱིས་རྗེས་གནང་ལུང་དང་བཅས་པ་ལེགས་པར་གསན་པ་ཡིན་པས། དེ་དག་གི་སྐབས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་དང་སྡོམ་པའི་ཚོགས་རྣམས་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དེ་རྣམས་ཀྱིས་རྗེས་གནང་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཞིག་འབུལ་བར་ཞུ། མཎྜལ་ཚར་བ་དང༌། དེ་ལྟར་མཎྜལ་

p. 176

ཕུལ་ནས་ལུས་ལོངས་སྤྱོད་ལ་སོགས་ཕུལ་ཏེ། ཆ་ཤས་ཀྱིས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་རྣམས་ཀྱིས་གྲྭ་པ་མངོན་ཤེས་ནས་བརྒྱུད་པའི་ཛམྦྷ་ལ་དམར་པོའི་རྗེས་གནང་ཕུལ་བ་ཡིན་པས་རང་དང་གཞན་གྱི་དོན་རྒྱ་ཆེ་བར་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད། གསུམ་པ་རྗེས་ཀྱི་བྱ་བ་ནི། མཆོད་པ་རྣམས་ཁ་གསོ་བྱིན་རླབས་བྱ། གོང་བཞིན་མཆོད་བསྟོད་དང༌། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བ་སོགས་སྤྱི་དང་མཐུན། གཏོར་མ་ལ་བསྐྱེད་པའི་ལྷ་རང་གི་སྙིང་གར་ཐིམ། དགེ་བ་བསྔོ་བ་བཀྲ་ཤིས་སོགས་སྐབས་སུ་གང་བབ་བྱའོ། །དེ་ལྟར་བཀོད་པའི་རྗེས་སུ་གནང་ཚུལ་གྱི་ལག་ལེན་གྱི་རིམ་པ་འདི་ནི། སྙིགས་དུས་འགྲོ་བའི་མགོན་སྐྱབས་སེམས་དཔའ་ཆེན་པོ་སྤྱན་སྔ་ངག་དབང་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་དགུང་ལོ་བརྒྱད་ཅུ་རྩ་གཅིག་བཞེས་པའི་དུས་འདིའི་རྗེས་གནང་སོགས་དགེས་བཞིན་དུ་བཀའ་དྲིན་ལེགས་པར་བསྐྱངས་ཏེ་ནོས་པའི་ཚེ། སྔོན་གྱི་ཡིག་ཆ་རྣམས་ཞལ་གསལ་བར་མ་མཆིས་པས། ཆོས་མེད་སྙོམ་ལས་མཁན་ས་སྐྱ་པ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་བཀའི་དགོངས་པ་བཀྲོལ་ནས་བྱ་ཡུལ་དགོན་པར་བྲིས་པའོ། །འདིའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས། གྲྭ་པ་མངོན་ཤེས། གྲྭ་པ་ཐུགས་རྗེ་འབུམ། ཤུ་ལ་ཙནྡྲ། སོ་སྟོན་ཚུལ་རྒྱལ་བ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་པ། དབུ་མ་པ་གྲུབ་བརྩོན། བཀའ་བཅུ་པ་བཀྲ་ཤིས་བཟང་པོ། བླ་མ་བློ་གྲོས་བཟང་པོ། རྗེ་བཙུན་སེང་གེ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། སེམས་དཔའ་ཆེན་པོ་སྤྱན་སྔ་ངག་དབང་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ། ༈ །ཛམ་དམར་གྲྭ་པའི་

p. 177

གཏེར་མའི་རྒྱུན་ཁྱེར་དངོས་གྲུབ་ཆར་འབེབས་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། འདིར་གྲྭ་པ་མངོན་ཤེས་ལུགས་ཀྱི་ཛམ་དམར་བསྒོམ་པར་འདོད་པས། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སོགས་སྐྱབས་འགྲོ་ཅི་འགྲུབ་དང༌། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར་བདག་གིས་ཛམྦྷ་ལ་བསྒྲུབ་པར་བགྱིའོ། །ཞེས་སེམས་བསྐྱེད་ལན་གསུམ་བརྗོད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨ་ལས་ཟླ་བ། མ་ལས་ཉི་མ། པྃ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛྃ་དམར་པོ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཛྃ་ལ་ཕོག དེ་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ། སྐུ་ཤིན་ཏུ་དམར་བ། ཆགས་པ་དང་སྒེག་པའི་ཉམས་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཞལ་གཡས་དཀར་བ། གཡོན་སྔོ་བ། རྩ་ཞལ་དམར་བ། ཕྱག་གཡས་དང་པོ་ན་རིན་པོ་ཆེ། བར་པ་ལྕགས་ཀྱུ། གཡོན་དང་པོ་ཐོད་པ་རིན་པོ་ཆེས་གང་བ། གཉིས་པ་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་རེ་རེ་བསྣམས་ནས་བཙིར་བས་ནོར་བུ་སྐྱུགས་པ། ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ། དེའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་པོ་ལས་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་མདའ་གཞུ། གཡས་འོག་མ་ལྕགས་ཀྱུ། གཡོན་ཞགས་པ་བསྣམས་པའི་ཐུགས་ཀར་ཧྲཱིཿདམར་པོ་ལས་འོད་འཕྲོས་པས་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པ་གྲངས་མེད་པ་སྤྲོས་ཏེ། འཇིག་

p. 178

རྟེན་ཁམས་ཀྱི་ནོར་རྫས་ཀྱི་རྣམ་པ་གང་འདོད་པ་ལ་ལྕགས་ཀྱུས་བཟུང་ཞགས་པས་བཅིངས་ནས་རང་གི་ཁྱིམ་དུ་དྲངས། ཁང་པར་མི་ཤོང་བ་ཙམ་སྤུངས་ཏེ་བྱིན། ཛམྦྷ་ལའི་ཞལ་དང༌། ནེའུ་ལེའི་ཞལ་དང༌། གནོད་སྦྱིན་ནོར་སྐྱུགས་གཉིས་པོའི་ཞལ་རྣམས་ནས་གསེར་གཡུ་མུ་ཏིག་བྱེ་རུ་ལ་སོགས་པ་ཟད་མི་ཤེས་པ་བྲུལ་ནས་བདག་གི་ཁང་པ་ཁེངས་པར་གྱུར། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཞེས་ཅི་མང་བཟླའོ། །མཐར་མི་དམིགས་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ། །ཆུ་སྦྱིན་ནི། མདུན་དུ་ཟངས་གཞོང་གི་ནང་དུ་བྲིས་འབུར་གྱི་རྟེན་ཡོད་ན་དེ་ཉིད་ལྷར་བསམ། རྟེན་མེད་ན་ལྷ་བསྐྱེད་ལ། དེའི་ཐུགས་ཀར་རྃ་དམར་པོ་ལས་མེ་འབར་ཏེ། ཞལ་ནས་མེ་ལྕེ་ལྷབ་ཀྱིས་བྱུང་བས་ཛམྦྷ་ལ་དེ་སྐོམ་པས་གདུངས་པར་བསམས་ལ། ཨོཾ་ཛམྦྷ་ལ་སོགས་སྔགས་གོང་ལྟར་བརྒྱའམ་ཉེར་གཅིག་ཙམ་བརྗོད་ཅིང་ཆུ་གཙང་ཕུལ་བས་སྐོམ་པ་ཞི་ནས་མཉེས་ཏེ། ཞལ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ་དང༌། ནེའུ་ལེ་གཉིས་ཀྱང་ཕྱག་གིས་བཙིར་བས་ནོར་བུ་སྐྱུགས། ཞབས་འོག་གི་ནོར་བདག་གཉིས་ལ་ཞབས་ཀྱིས་ཆེར་མནན་པས་ཀྱང་ནོར་བུ་སྐྱུགས་ཤིང༌། དེ་ལྟ་བུའི་ནོར་བུས་ཁྱིམ་གང་བར་བསམས་ལ་མཐར། ཛམྦྷ་ལའི་ཞལ་དང་ནོར་བདག་ནེའུ་ལེ་གཉིས་ལ་རང་གི་ལག་པས་རེག་པས་དངོས་གྲུབ་བདུད་རྩི་དམར་པོའི་རྣམ་པ་དེ་ཉིད་ལྕེ་ལ་མྱོང་བར་བསམས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་ཆུ་ལ་རེག་ཅིང་བཏུངས་པའི་ལྷག་ཀྱང་རང་གིས་ལོངས་སྤྱད་པར་བྱའོ། །གཏོར་བསྔོ་བྱེད་ན། ཟངས་གཞོང་ནང་དུ་གཏོར་མ་རིན་པོ་ཆེ་འབར་བ་དམར་པོ་ལ་ཤ་ཆང༌། སྦྲང་བུར་ཟས་སྣ་འབྲུ་སྣས་བརྒྱན་པའམ། མ་འབྱོར་ན་རང་གང་ཟ་བའི་ཁ་ཟས་དེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ཏེ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པར་གྱུར། མདུན་དུ་ཛམྦྷ་ལ་འཁོར་བཅས་བྱོན་པར་

p. 179

བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་བརྗོད་པས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་ཞིང་གནས་གསུམ་ནས་རིན་པོ་ཆེ་འཛག་པར་བསམ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང་༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུགས་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང་༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས༔ གཡས་གཉིས་དང་པོ་བར་པས་བསྣམས་པར་མཛད༔ རིན་ཆེན་ཐོད་པ་ཞགས་པ་གཡོན་གཉིས་ན༔ ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས༔ རྣམ་མང་རིན་ཆེན་ནོར་གྱི་ཆར་ཕབ་ནས༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད༔ གཡོན་ཞལ་སྔོ་བས་ཀླུ་རིགས་དབང་དུ་སྡུད༔ དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བརྒྱན༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔ ཞེས་བསྟོད། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་བརྗོད། མེད་ན་བཛྲ་མུཿས་གཤེགས་སུ་གསོལ། བསྔོ་སྨོན་བཀྲ་ཤིས་བྱའོ། །འདི་ཡང་ངག་དབང་དཔལ་བཟང་གི་རྒྱུན་ཁྱེར་དུ་གཏེར་གཞུང་ལས་དགེ་སློང་པད་ཕྲིན་གྱིས་བཏུས་སོ།། །།མངྒ་ལཾ།། །།

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པའི་ཛམྦྷ་ལ་ལྗང་གུའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ།

p. 180
p. 181

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པའི་ཛམྦྷ་ལ་ལྗང་གུའི་སྒྲུབ་ཐབས་རྗེས་གནང་མན་ངག་དང་བཅས་པ་བཞུགས་སོ།།

p. 182

ན་མོ་གུ་རུ་ཤྲཱི་ཛཾ་བྷ་ལཱ་ཡ། ཁྲུ་ཕྱེད་གསེར་གྱི་པདྨ་ནོར་གྱི་འདབ་ལྡན་དག་ལ་ལྟེ་བའི་སྙིང་པོའི་དབུས་སུ་རྡོ་རྗེ་སྟེ། །ལྷ་དང་གཤིན་རྗེ་གནོད་སྦྱིན་དག་ཏུ་དག་པའི་ཨིནྡྲ་ནཱི་ལ་པདྨ་རཱ་ག་ཆུ་ཤེལ་ལོ། །ནུབ་ཏུ་རིན་ཆེན་ཀརྐེ་ཏ་སྟེ་མེ་དང་ལྷ་མིན་འཕྲོག་བྱེད་དུ་ནི་རྣོན་པོ་ཟངས་དང་དངུལ། །རླུང་གི་འདབ་མ་དག་ལ་གསེར་དང་གསེར་གྱི་ལྷང་ཚེར་དག་ལས་སྐྱེས་པའི་གདན་ནི་ལྟེ་བ་ལ། ༢༡༣ །སྙིང་པོར་དེ་སྟེང་གསེར་ལས་བྱས་པའི་ཛཾ་བྷ་ལ་ནི་ཕྱག་གཉིས་ནེའུ་ལེ་དང་བཅས་མཆོག་སྦྱིན་པ། །འདབ་མ་རྣམས་ལ་གསེར་ལས་སྐྱེས་པའམ་དངུལ་ལས་སྐྱེས་པའི་ལྷ་མོ་བརྒྱད་དེ་ཆུ་སྐྱེས་མཆོག་སྦྱིན་ཕྱག །ཅོད་པན་སངས་རྒྱས་རིན་ཆེན་དབང་པོ་ནོར་བུ་མཆོག་སྦྱིན་ཕྱག་སྟེ་གནོད་སྦྱིན་མོ་རྣམས་དེ་བཞིན་ཉིད། །ཧ་སོགས་ཐུང་ངུ་རིང་པོ་ཕྱོགས་དང་ཕྱོགས་བྲལ་འདབ་མ་རྣམས་ལ་ཡི་གེ་བརྒྱད་རྣམས་རིམ་པས་སོ། ༢༡༤ །དྲི་དང་མེ་ཏོག་རྣམས་ཀྱིས་ཉིན་ཞག་སོ་སོའི་དུས་སུ་ཐུན་གསུམ་ཟླ་བའི་སྣོད་དུ་མཆོད་བྱས་ནས། །ཨོཾ་ཛྃ་སྭཱ་ཧཱའི་མཐར་སྟེ་དབུས་སུ་བྷ་ལ་དང་བཅས་ཛ་ལེནྡྲཱ་ཡ་ཞེས་པ་སྔགས་འདི་ཡིས། །རྒྱལ་པོ་རབ་དགའི་ཡིད་ཀྱིས་གསེར་འགྱུར་མཁན་རྣམས་དག་གིས་སྲུང་བའི་དོན་དུ་ཆུ་ནི་རབ་སྦྱིན་བྱ། །དེ་ལྟར་བསྲུང་བའི་མཐུ་ཡིས་འབྱུང་པོའི་

p. 183

མགོན་དང་ཀླུ་ཡི་མགོན་པོས་རོ་ནི་འཕྲོག་པར་མི་འགྱུར་རོ། ༢༡༥ །ཞེས་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་ལེའུ་ལྔ་པ་ཡེ་ཤེས་ལེའུ་ལས་བྱུང་བའི་ཚིགས་སུ་བཅད་པ་གསུམ་མོ། ༈ །ད་ནི་རོ་སྲུང་བའི་དོན་དུ་ཛམྦྷ་ལའི་མཆོད་པ་གསུངས་པ། ཁྲུ་ཕྱེད་ཅེས་པ་ལ་སོགས་པ་སྟེ། འདིར་ཁྲུ་ཕྱེད་ཅེས་པ་མཐོ་གང་ཙམ་གྱི་གསེར་གྱི་པདྨ་འདབ་མ་བརྒྱད་པ་ལྟེ་བར་སྙིང་པོའི་དབུས་སུ་རྡོ་རྗེ་དག་པའི་གསེར་གྱིས་བཅིང་བར་བྱའོ། །ཤར་གྱི་འདབ་མ་ལ་ཨིནྡྲ་ནཱི་ལ་དང༌། ལྷོའི་འདབ་མ་ལ་པདྨ་རཱ་ག་དང༌། ནུབ་ཀྱི་འདབ་མ་ལ་རིན་ཆེན་ཀརྐེ་ཏ་སེར་པོ་སྟེ། བྱང་དུ་རིན་ཆེན་ཟླ་བ་ཆུ་ཤེལ་ལོ། །དེ་བཞིན་དུ་མེར་རྣོན་པོ་བཅིང་བར་བྱ་སྟེ། བདེན་བྲལ་དུ་ཟངས་དང༌། རླུང་དུ་གསེར་དང༌། དབང་ལྡན་དུ་དངུལ་དང༌། ལྟེ་བར་རྡོ་རྗེའི་སྟེང་དུ་གསེར་གྱི་ལྷང་ཚེར་གྱི་གདན་བཞག་པར་བྱའོ། །གདན་དེའི་སྟེང་དུ་གསེར་ལས་བྱས་པའི་ཛཾ་བྷ་ལ་ཕྱག་གཉིས་པ། གཡོན་པ་ནེའུ་ལེ་དང་གཡས་པ་མཆོག་སྦྱིན་པ་སྟེ་གཙུག་ཏོར་གྱི་ཚད་ཀྱིས་སོར་བཞི་པའོ། །དེ་བཞིན་དུ་འདབ་མ་རྣམས་ལ་གསེར་ལས་སྐྱེས་པའམ་དངུལ་ལས་སྐྱེས་པའི་གནོད་སྦྱིན་མོ་བརྒྱད་རྣམས་ཏེ་པདྨ་དང་མཆོག་སྦྱིན་གྱི་ཕྱག་གོ །འདིར་གལ་

p. 184

ཏེ་ཛམྦྷ་ལ་དངུལ་ལས་སྐྱེས་པ་ཡིན་ན་དེའི་ཚེ་གནོད་སྦྱིན་མོ་རྣམས་གསེར་ལས་སྐྱེས་པའོ། །གང་གི་ཚེ་ཛམྦྷ་ལ་གསེར་ལས་སྐྱེས་པ་ཡིན་ན་དེའི་ཚེ་གནོད་ཡིན་མོ་རྣམས་དངུལ་ལས་སྐྱེས་པའོ། །དེ་བཞིན་དུ་གང་གི་ཚེ་གསེར་གྱི་པདྨ་ཡིན་པ་དེའི་ཚེ་དངུལ་གྱི་སྣོད་དོ། །གང་གི་ཚེ་སྙིང་པོར་དངུལ་གྱི་པདྨ་ཡིན་པ་དེའི་ཚེ་ཆུ་སྦྱིན་པའི་སླད་དུ་གསེར་གྱི་སྣོད་དུ་འགྱུར་རོ། །ཅོད་པན་སངས་རྒྱས་རིན་ཆེན་དབང་པོ་ནོར་བུ་མཆོག་སྦྱིན་ཕྱག་སྟེ། གནོད་སྦྱིན་མོ་རྣམས་དེ་བཞིན་ཉིད་དོ། །དེ་བཞིན་དུ་ཤེས་རབ་དང་བཅས་པ་སྟེ་ཛམྦྷ་ལ་དང་ནོར་རྒྱུན་མ་དང་བཅས་པ་ཧ་ལཱ་ཧ་ལ་ལྟ་བུའོ།«་་་་་གར་གྱི་སྟབས་སམ་རོལ་པའི་སྟབས་ཀྱིས་བཞུགས་པའི་བརླ་གཡོན་པའི་སྟེང་དུ་ལྷ་མོ་སྒེག་མོ་ཕྱག་གཡས་པས་ཡབ་ལ་འཁྱུད་པའི་ནུ་མ་ལ། ཡབ་ཀྱི་ཕྱག་གཡོན་གྱིས་འཛིན་པའོ།།» ལྟེ་བ་ལ་ཛམྦྷ་ལ་དང་ནོར་རྒྱུན་མ་དག་གི་ས་བོན་ཧྃ་ཧཿའོ། །དེ་བཞིན་དུ་ཤར་གྱི་ལྷ་མོའི་ཧིཾ་དང༌། མེར་ཧྲཱིཿདང༌། ལྷོར་ཧྲྀཾ་དང༌། བདེན་བྲལ་དུ་ཧྲཱྀཿདང༌། བྱང་དུ་ཧུཾ་དང༌། དབང་ལྡན་དུ་ཧཱུྃ་དང༌། ནུབ་ཏུ་ཧླྀཾ་དང༌། རླུང་དུ་ཧླཱྀཿའོ། །སྒྲོལ་མ་དང༌། རེག་བྱ་རྡོ་རྗེ་མ་དང༌། གོས་དཀར་མོ་དང༌། རོ་རྡོ་རྗེ་མ་དང༌། མཱ་མ་ཀཱི་དང༌། གཟུགས་རྡོ་རྗེ་མ་དང༌། སྤྱན་མ་དང༌། དྲི་རྡོ་རྗེ་མ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་ནོར་རྒྱུན་མའོ། །རྫས་ཀྱི་དོན་དུ་ཁམས་ཐམས་ཅད་རིན་པོ་ཆེ་ཆེན་པོས་རྒྱས་བཏབ་པ་གཙོ་བོ་དང་བཅས་པ་བྱའོ་ཞེས་པ་ནི་ངེས་པའོ། །དེ་ནས་དྲི་དང༌། སྤོས་དང༌། མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཉིན་ཞག་སོ་སོར་ཐུན་མཚམས་གསུམ་ལ་དངུལ་གྱི་སྣོད་དུ་མཆོད་པར་བྱའོ། །དེ་ནས་ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ་ཞེས་པའི་སྔགས་འདིས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པར་བྱའོ། །རབ་དགའི་ཡིད་ཀྱིས་གསེར་འགྱུར་མཁན་རྣམས་དག་གིས་ནི་རོ་བསྲུང་བའི་དོན་དུ་ཆུ་སྦྱིན་པར་བྱ་སྟེ་སྲུང་བའི་ཆོ་ག་འདི་ཡིས་འབྱུང་པོའི་མགོན་པོ་དང་ཀླུའི་མགོན་པོ་སྟེ་ཀླུའི་རྒྱལ་པོས་རོ་ནི་འཕྲོག་པར་མི་འགྱུར་རོ། །དེ་བཞིན་དུ་གང་དག་རོ་འཕྲོག་པར་བྱེད་པའི་ལྷ་མིན་གཞན་རྣམས་ཀྱིས་ཀྱང་རོ་འཕྲོག་པར་མི་འགྱུར་ཏེ་རྡོ་རྗེ་འཛིན་པའི་བཀས་ཛམྦྷ་ལའི་སྲུང་བས་སོ། །ཞེས་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ལས་

p. 185

བྱུང་བའོ། ༈ །ཨོཾ་སྭ་སྟི། ཆུ་དབང་སྙིང་རྗེ་ཆེན་པོ་ལ། །བཏུད་ནས་ངོ་མཚར་སྒྲུབ་ཐབས་ནི། །ནོར་སྒྲུབ་བཅུད་ལེན་སྲུང་སོགས་ལ། །ལྷག་པར་བསྔགས་པ་འདིར་བརྗོད་བྱ། །རྒྱུད་འགྲེལ་ལས་ཇི་སྐད་བཤད་པའི་རྟེན་ཚང་བའམ་མིན་ནའང་ཤིང་ལས་བྱས་པའམ། རི་མོར་བྲིས་པས་ཀྱང་རུང་སྟེ། ཆུ་སྦྱིན་གྱི་ཆས་དང༌། མཆོད་གཏོར་མདུན་དུ་བཤམ། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དུས་འཁོར་གྱི་ལུགས་བཞིན་ནམ། སྤྱི་དང་མཐུན་པར་བྱིན་གྱིས་བརླབ་ཀྱང་རུང༌། གཏོར་མ་བསང་སྦྱངས། ཨོཾ་བཛྲ་ཌཱ་ཀི་ནཱི་བཛྲ་དྷཱ་ཏྭཱི་ཤྭ་རི་ག་ག་ན་སྭ་བྷཱ་བ་སརྦ་དྲ་བྱཾ་བི་ཤོ་དྷཱ་ནི། སརྦ་དྲ་བྱ་ཎི། བི་ཤོ་དྷ་ཡ་ཧཱུྃ་ཕྲེཾ་ཕཊ། ཅེས་ལན་གསུམ་གྱི་བྱིན་གྱིས་བརླབ། མདུན་བསྐྱེད་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨའི་སྡོང་པོའི་རྩེ་མོར་པདྨ་འདབ་བརྒྱད་འདབ་མ་རྣམས་ཕྱོགས་ཀྱི་མདོག་ཅན། ལྟེ་བར་ཧཾ་ལས་འཕགས་པ་ཛམྦྷ་ལ་སྐུ་མདོག་ལྗང་གུ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རོལ་པའི་སྟབས་ཀྱིས་བཞུགས་ཤིང༌། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་བཱི་ཛ་པཱུ་ར་ཀ་དང༌། གཡོན་པས་གཏེར་གྱི་ནེའུ་ལེ་འཛིན་པ། དེའི་བརླ་གཡོན་པའི་སྟེང་དུ་ཧཱཿལས་ལྷ་མོ་ནོར་རྒྱུན་མ་སྔོན་མོ་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྷན་ཅིག་ཡབ་ལ་འཁྱུད་པ། འདབ་མ་བརྒྱད་ལ་ཤར་དུ་ཧིཾ་ལས་ཟླ་ཤེལ་མ། མེར་ཧཱིཿལས་རབ་བཟང་མ་གཉིས་ནག་མོ། ལྷོ་རུ་ཧྲིཾ་ལས་སྦྱིན་མ། བདེན་བྲལ་དུ་ཧྲཱྀཿལས་སྦས་མ་གཉིས་དམར་མོ། བྱང་དུ་ཧུཾ་ལས་འཕགས་མ། བྱང་ཤར་དུ་ཧཱུྃ་ལས་དབྱངས་ཅན་མ་གཉིས་དཀར་མོ། ནུབ་ཏུ་ཧླྀཾ་ལས་སྦྱིན་བཟང་མོ། །ནུབ་བྱང་དུ་ཧླཱྀཿལས་ལྷ་མོ་དཔལ་གཉིས་སེར་མོ། དེ་ལྟར་གནོད་སྦྱིན་མོ་དགུ་ཆར་ཡང་གཡས་མཆོག་སྦྱིན་གྱི་མཐིལ་ནས་འདོད་རྒུའི་ཆར་འབེབས་ཤིང༌། གཡོན་པས་རང་མདོག་དང་མཚུངས་པའི་པདྨའི་སྡོང་བུ་འཛིན་པ། རོལ་པའི་སྟབས་སུ་བཞུགས་པ་རྣམས་སུ་གྱུར། ཡེ་ཤེས་པ་སྤྱན་དྲངས་ཏེ། ཛཿཧཱུྃ་བཾ་ཧོཿཧིཿཞེས་བསྲེ། དཔྲལ་

p. 186

བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་ཧོཿ གཙུག་ཏོར་ཏུ་ཧཾ། གསང་བར་ཀྵ་རྣམས་ཀྱིས་རྒྱས་གདབ། ལྷ་དབང་བསྐུར་བ་ནི་མི་མཛད། གལ་ཏེ་བྱེད་པར་སྤྲོ་ན་ཆུ་དབང་བསྐུར་ཏེ། རིགས་དྲུག་གིས་སོ་སོར་རྒྱས་གདབ། ལག་མཐིལ་དུ་ཨ་ཨི་རི་ཨུ་ལྀའི་འོད་ཀྱིས་འཁོར་འདས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བསྡུས། ཞལ་དུ་ཕུལ་བར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་སྤྱི་དང་མཐུན་པར་དབུལ། གཏོར་མ་ཡང་གསོལ་བར་མོས་ལ། ཨོཾ་ཨཱཿཧཱུྃ་ཧོཿཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་བྷྱཿ ཨི་དཾ་བཱ་ལིཾ་གནྡྷཾ་པུཥྤཾ། དཱི་པཾ། ཨཀྵ་ཏཾ། དྷ་དཱ་མ་ཏེ། ཏེ་ཛ་ཨཱ་གཏྱ་ས་པ་རི་ཝཱ་ར་ཤྲཱི་གྷྲ་ཨི་དཾ་བ་ལིཾ་གྲྀཧྞནྟུ། ཁཱ་དནྟུ། བི་ཝནྟུ། ཛཿཧཱུྃ་བཾ་ཧོཿ སཾ་ཏྲིསྟ། སརྦ་སཏྭ་ནཱཾ། ཤཱིནྟཾ། པུཥྚིཾ། རཀྵི་ཨ་བ་ར་ཎ། གུ་སྟི་ཀུརྦནཏུ་ཧཱུྃ་ཧཱུྃ་ཕཊ། བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། དཔལ་ལྡན་རྡོ་རྗེ་དབྱིངས་དབང་ཕྱུག །སྒྲོལ་མ་རེག་བྱ་རྡོ་རྗེ་མ། །གོས་དཀར་མོ་དང་མཱ་མ་ཀཱི །གཟུགས་མ་སྤྱན་མ་དྲི་རྡོ་རྗེ། །གནོད་སྦྱིན་མོ་དགུའི་ཚུལ་བསྟན་པ། །རབ་བསྐོར་འཕགས་པ་རྨུགས་འཛིན་ནི། །དཔལ་ལྡན་མི་བསྐྱོད་རྡོ་རྗེ་སྟེ། །ཐབས་མཁས་ཚུལ་གྱིས་ལོངས་སྤྱོད་སྟེར། །དེ་དག་རྣམས་ལ་གུས་པས་འདུད། །ཅེས་སོགས་དང་ཕྱོགས་མཐུན་གྱི་བསྟོད་པ་ཅི་ཤེས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་གསོལ་བ་གདབ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་བྱ། ཨོཾ་བཱ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱཏྱཻ་སྭཱ་ཧཱ། ཨོཾ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ། ཨོཾ་གུཔྟ་ཡཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་སྟྱཻ་སྭཱ་ཧཱ། ཞེས་གནོད་སྦྱིན་མོ་དགུའི་མཚན་སྔགས་ཀྱང་ཅི་རིགས་པར་བཟླས་ལ། དེ་ནས། ཨོཾ་ཨཱཿཧཱུྃ་ཧོཿཧཾ་ཀྵ་ཨཱརྻ་ཛམྦྷ་ལ་སིདྡྷིམྨེ་པྲ་ཡ་ཙྪནྟུ། མ་མ་དྷ་ནཾ། ད་ད་ཏུ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་ལས་སྒྲུབ་པའི་སྔགས་ཀྱང་ཅུང་ཟད་བཟླའོ། །མཐར་དངོས་གྲུབ་བླང་བ་དང༌།

p. 187

སློབ་མའི་དོན་དུ་གསོལ་བ་གདབ། དེ་ནས་སློབ་མ་རྣམས་ཁྲུས་བྱས་ཕྱག་བཙལ་ནས་གྲལ་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་གནང་ཟབ་མོ་ཞུ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་བྱ་དམ་པའི་ཆོས་ནི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་དུས་འཁོར་བསྡུས་པའི་རྒྱུད་ཀྱི་ཡེ་ཤེས་ལེའུ་ལས་བསྟན་ཅིང༌། ནོར་སྒྲུབ་པ་དང་བཅུད་ལེན་སྲུང་བ་ལ་ལྷག་པར་བསྔགས་པ་མགོན་པོ་ཛམྦྷ་ལ་ལྗང་གུའི་རྗེས་གནང་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བའི་རིམ་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་སོགས་སྔོན་དུ་འགྲོ་དགོས་པས་སློབ་དཔོན་འཕགས་པ་ཛམྦྷ་ལར་གསལ་བ་ལ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བསྐུལ། དེ་ལྟར་མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མི་བཟད་འཁོར་བས་འཇིགས་པ་དག་ནི་དེ་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱོད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། རྒྱུན་བཤགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་དག་མཐའ་དག་ལ་ནི་སྡིག་པ་

p. 188

རྣམ་བྲལ་བྱང་ཆུབ་སྤྱོད་ལམ་རྗེས་སུ་གནས་པས་རྗེས་ཡི་རང༌། །སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །དག་པ་གསུམ་གྱིས་བདག་གི་དངོས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མྱ་ངན་མི་འདའ་བཞུགས་སུ་གསོལ། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། །ཅེས་ལན་གསུམ། དེ་ནས་སྡོམ་པ་གཟུང་བ་འདིའི་རྗེས་ཟློས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པར་བགྱི་སྟེ་གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །དེ་ལྟར་རྒྱུད་དག་ཅིང་སྡོམ་པ་དང་ལྡན་པར་བྱས་ནས་དམིགས་པ་འདི་བཞིན་དུ་མཛོད་ཅིག མདུན་བསྐྱེད་ཀྱི་རྟེན་ལ་པྃ་ལས་པདྨའི་སོགས་ནས། བཞུགས་པ་རྣམས་སུ་གྱུར། དེ་ནས་ཁྱེད་རང་རྣམས་ཀྱང་ཧྃ་ལས་འཕགས་པ་ཛམྦྷ་ལ། སོགས་ནས། ཛཿཧཱུྃ་བཾ་ཧོཿཧི། ཞེས་ཡེ་ཤེས་པ་བསྲེ། དེ་ནས་སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྃ་ལྗང་གུ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧྃ་ལྗང་གུ་གནས་པ་ལ་ཐིམ། དེའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧྃ་ལ་ཐིམ་པའི་མོས་པ་མཛད་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག ཨོཾ་ཛྃ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷ་རི་ཎྱེ་སྭཱ་ཧཱ། ཨོཾ་ཙནྡྲ་ཀནྟྱཻ་སྭཱ་ཧཱ། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་

p. 189

སུ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ། ཨོཾ་གུཔྟ་ཡཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་སྟྱཻ་སྭཱ་ཧཱ། ཞེས་པ་རྣམས་ལན་གསུམ་རེ་བཟླར་གཞུག དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པའི་མོས་པས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་བཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ཀྱི་ཕུལ་བའི་མེ་ཏོག་དེ་སློབ་དཔོན་གྱིས་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་དབུ་གཙུག་ཏུ་བཞག་པས་བརྟན་པར་བྱས་པའི་མོས་མཛོད། སློབ་མར་འབྲུ་འཐོར་བཞིན། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སློབ་མ་འདིའི་རྒྱུད་ལ་འཕགས་པ་ཛམྦྷ་ལ་ལྗང་གུའི་གསུང་གསང་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག ཅེས་དང༌། དེ་ནས་དངོས་གྲུབ་ཀྱི་སླད་དུ་ཆུ་སྦྱིན་དབུལ་བར་བྱ་བ་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས་བསང་སྦྱང་གི་སྔགས་དང༌། སྟོང་པའི་ངང་ལས་ཁྱེད་རང་རྣམས་འཕགས་པ་ཛམྦྷ་ལར་གསལ་བའི་མདུན་དུ། པཾ་ལས་པདྨའི་སྡོང་པོའི་རྩེ་མོར་ནས། གསང་བ་རཀྵ་རྣམས་ཀྱིས་རྒྱས་གདབ་ཅེས་པར་སྤྱན་དྲངས་རྒྱས་གདབ་བྱ། ཁྱེད་རང་རྣམས་ཀྱི་ལག་མཐིལ་དུ་ཨྃ་ཨི་རྀ་ཨུ་ལྀའི་འོད་ཀྱིས་འཁོར་འདས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་མདུན་གྱི་ཛམྦྷ་ལའི་ཞལ་དུ་ཕུལ་བར་མོས་ལ་སྔགས་གསུང་བར་ཞུ། སློབ་མའི་ཆེད་སློབ་དཔོན་གྱིས་དབུལ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ། དེ་ལྟར་ཆུ་ཕུལ་བས་མཉེས་

p. 190

ཤིང་ཚིམས་ནས་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་དངོས་གྲུབ་སྩོལ་བར་བསམ་པའི་མཐར། མདུན་བསྐྱེད་ཀྱི་ལྷ་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པའི་མོས་པ་མཛོད། དེ་རྣམས་ཀྱི་སྒོ་ནས་རྗེས་གནང་གྲུབ་པས་དེ་དག་གི་གནས་སྐབས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་དང་སྡོམ་པའི་ཚོགས་ལ་སྲུང་སྡོམ་ཚུལ་བཞིན་བགྱིའོ་སྙམ་པས་འདིའི་རྗེས་བཟློས་མཛོད། གཙོ་བོས་སོགས། རྗེས་གནང་ཟབ་མོ་གསན་པའི་ཡོན་དུ་མཎྜལ་ཕུལ། མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་ཏེ་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་བཟློས་མཛོད། དེང་ནས་སོགས། དེ་རྣམས་ཀྱི་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ཡེ་ཤེས་ཀྱི་ལེའུ་ལས་བྱུང་བའི་ཛམྦྷ་ལ་ལྗང་གུའི་རྗེས་གནང་དམ་པ་གོང་མའི་ཕྱག་ལེན་བཞིན་ཚང་ལ་མ་འཁྲུལ་བར་ཕུལ་གྲུབ་པས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡི་ཐམས་ཅད་སོགས་ཀྱིས་གྲོལ་ལོ། །རྗེས་ནི། མདུན་བསྐྱེད་ལ་མཆོད་བསྟོད་བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བསྔོ་སྨོན་ཤིས་སོགས་བྱས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཚུལ་འདི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བྱུང་བ་སྒྲུབ་ཐབས་རིན་འབྱུང་དུ་བཞུགས་པ་ཉིད་རྗེས་གནང་གི་ཡིག་ཆ་འཇུག་བདེ་ཆེད་བཀླགས་ཆོག་ཏུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སྟེ། འདིས་ཀྱང་མཐའ་ཡས་པའི་མ་རྒན་ཉམས་ཐག་པ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་དཔལ་འབྱོར་ལོངས་སྤྱོད་ནམ་མཁའི་མཛོད་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།

པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པའི་སྐོར་རྣམས།

p. 191

པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།

p. 192

རྒྱ་གར་སྐད་དུ། ཨཱརྻ་ཛམྦྷ་ལ་ཀྲྀཥྞ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས། འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །འཕགས་པ་ཛམྦྷ་ལ་བསྒྲུབ་པར་འདོད་པས་ཡིད་དང་མཐུན་པའི་གནས་སུ། སྟན་བདེ་བ་ལ་འདུག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་བདེ་བ་ལ་དགོད་པར་བྱ། དེའི་ཆེད་དུ་ཛམྦྷ་ལ་ལ་ཆུ་ཕུལ་ལ་མཆོད་པར་བྱ་སྙམ་དུ་སེམས་བསྐྱེད་ལ། བདག་དང༌། གནས་དང༌། རྣལ་འབྱོར་བསྲུང་བ་ནི་གཞན་དང་མཐུན། རང་གི་སྙིང་གར་ཡི་གེ་ཨ་དཀར་པོ་འོད་ཟེར་འཕྲོ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུྃ་ནང་ནག་ལ་ཕྱི་སེར་བ། འོད་ཟེར་སེར་པོ་འཕྲོ་བར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུྃ་དང་ཁ་དོག་མཚུངས་པ་བསྒོམ། དེའི་ལྟེ་བའི་ནང་དུ་ཧཱུྃ་བསམ། ཧཱུྃ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཤིང༌། ངག་ཏུ། ཨོཾ་ཨཱཿཞེས་བརྗོད་པས།

p. 193

ཕྱོགས་མཚམས་ཐམས་ཅད་ནས་སེམས་ཅན་གྱི་དོན་བྱེད་པའི་ཨུཙྪུཥྨ་«་་་་་འདི་བོད་དཔེ་རྙིང་པ་ཕལ་ཆེར་རུ། འཆོལ་པར་བསྒྱུར་བ་སྣང་རུང༌། ཆུ་ཁོལ་བ་ལ་འཇུག་པས། ཁོལ་པ་ཉིད། འཆོལ་བར་འཕྱུགས་པ་སྙམ་གསུངས།» བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ་དད་ཅིང་གུས་པས་ཕྱག་བཙལ། དངོས་སུ་འབྱོར་པ་དང་ཡིད་ལས་བྱུང་བའི་མཆོད་པ་སྔོན་དུ་འགྲོ་བའི་བདུན་རྣམ་དག་བྱ། ཚད་མེད་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་གསོག་པ་ཡིན། དེ་ནས་ཡང་རྡོ་རྗེ་ཧཱུྃ་ཟླ་བ་རྣམས་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ལ་ཕོག དེ་དག་འོད་དུ་ཞུ། སླར་འོད་ཀྱི་གནས་ལ་ཐིམ། མདུན་གྱི་འཕགས་པའང་ཨོཾ་ཨཱཿ ཞེས་བརྗོད་པས་རྡོ་རྗེ་དང་ཧཱུྃ་དང་ཐ་མི་དད་དུ་གྱུར། རང་ལུས་ཀྱང་འོད་དུ་ཞུ་ནས། རྡོ་རྗེ་ལ་ཐིམ། དེ་རྣམས་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་བསམ། དེ་ཡེ་ཤེས་ཀྱི་ཚོགས་གསོག་པ་ཡིན། རྡོ་རྗེ་ཧཱུྃ་ཟླ་བ་ལ་ཨུཙྪུཥྨ་ཧཱུྃ་གི་འོད་ཟེར་དེ་ལྔ་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། རྣམ་ཐོས་ཀྱི་བུ་སྐུ་མདོག་སེར་པོ། མགོ་གཡས་

p. 194

སུ་བསྟན་པ། གན་རྐྱལ་དུ་ཉལ་བ། ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པས་བརྒྱན་པ། དེའི་མགོ་ཐུར་དུ་བསྟན་པ། འོད་ཟེར་གྱི་ཕྲེང་བ་འཁྲུག་ཅིང་འཕྲོ་བའི་གདན་གྱི་ལྟེ་བར། དབང་པོ་སྦས་པ་ལྟར་གནག་པའི་ཛྃ་ཡིག་ཡོངས་སུ་གྱུར་པ་ལས་ཨུཙྪུཥྨ་བྱིས་པའི་གཟུགས་ཅན་ཤིན་ཏུ་གནག་པ། རྣ་བ་མ་ཕུག་པ། རྣ་བ་ཐུང་བ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ལུས་ཐུང་བ། ཤ་མཐུག་པ། གསུས་པ་ཆེ་བ། མཆེ་བ་གཙིགས་པ། སྤྱན་དམར་བ། ཁྲོ་གཉེར་བ། སྤྱན་ཟླུམ་པོ། ཕྱག་གཉིས་ཀྱི་གཡས་པ་ན་ཁྲག་གིས་བཀང་བའི་ཐོད་པ་ནུ་མ་གཡས་པ་ལ་བརྟེན་ཅིང་ཞལ་དུ་གསོལ་བའི་ཚུལ་གྱིས་བསྣམས་པ། གཡོན་པ་ན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་པུས་མོ་གཡོན་གྱི་སྟེང་དུ་བཟུང་བ། ཞབས་གཡས་བསྐུམས་པས་གདོན་གྱི་མགོ་བོ་མནན་པ། གཡོན་བརྐྱངས་པས་རྐང་པ་མནན་པ། མི་བསྐྱོད་པས་དབུ་བརྒྱན་པ། སྐུ་གཅེར་བུ། ཐོར་ཚུགས་ལ་ཀླུ་མཐའ་ཡས་ནག་པོས་དཀྲིས་པ། རྣ་བ། དོ་ཤལ། ཚངས་སྐུད། དཔུང་པ། ལག་པ། སྐེད་པ། རྐང་པ་རྣམས་ལ་རིམ་པ་ལྟར། འཇོག་པོ་དམར་པོ། པདྨ་ཆེན་པོ་དཀར་པོ། སྟོབས་ཀྱི་རྒྱུ་སྔོན་པོ། རིགས་ལྡན་ཁྲ་བོ། དུང་སྐྱོང་སེར་པོ། བ་སུ་ཀི་དཀར་པོ། པདྨ་དཀར་པོ་སྟེ་ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་དགུ་པ།«་་་་་ནང་ནག་ཅིང་ཕྱི་སེར་བ་འོད་ཟེར་སེར་པོ་འཕྲོ་བ་ཅན།» དེའི་ལྟེ་བར་ཟླ་བའི་གདན་ལ་ཧཱུྃ། དཔྲལ་བར་ཨོཾ། ལྕེ་ལ་ཛྃ། དཔུང་པ་གཡས་ལ་བྷ། གཡོན་ལ་ལ། ཐུགས་ཀར་ཛ། ལྟེ་བ་ལ་ལེནྲ། ངར་གདོང་གཡས་པ་ལ་དྲཱ། གཡོན་པ་ལ་ཡ། བོལ་གོང་གཡས་པ་ལ་སྭཱ། གཡོན་པ་ལ་ཧཱ།«་་་་་ཛམྦྷ་ལ་ཞེས་པ། རྨུགས་འཛིན་ནམ། གནོད་གནས་

p. 195

དང༌། ཛ་ལ་ཨིནྡྲ་མཚམས་སྦྱར་བའི་ཛ་ལེནྡྲཱ། ཆུའི་དབང་པོ། དེ་ལ་རྣམ་དབྱེ་བཞི་པའི་གཅིག་ཚིག་བྱིན་པས་ཛ་ལེནྡྲཱ་ཡ་ཞེས་པ་སྟེ། རྨུགས་འཛིན་ཆུའི་དབང་པོའི་ཆེད་དུ། ཞེས་པའོ། །སྭཱ་ཧཱ་ནི། ལེགས་སྦྱིན་དང་གཞི་ཚུགས་ཞེས་པ་སོགས་མང་པོ་ལ་འཇུག» ཡི་གེ་དེ་རྣམས་ཟླ་བའི་གདན་དང་བཅས་པ། ཁ་དོག་ནག་ཅིང་འོད་སེར་པོ་འཕྲོ་བའོ། །ཡི་གེ་དེ་རྣམས་དང་ཐུགས་ཀའི་རྡོ་རྗེ། ལྟེ་བའི་ནང་གི་ཧཱུྃ། ཟླ་བའི་གདན་རྣམས་ལས་འོད་འཕྲོས་ཏེ། སེམས་ཅན་ལ་རེག་པས་ཐམས་ཅད་ཛམྦྷ་ལར་གྱུར་ནས། ཡིད་ཀྱིས་ཧཱུྃ་ལ་བསྡུ། ཡང་དེ་རྣམས་ལས་འོད་འཕྲོས། རིན་པོ་ཆེ་ཐམས་ཅད་བསྡུས་ཏེ་རླུང་ནང་དུ་རྔུབས་པས། ཀླུ་ཆེན་བརྒྱད་རྣམ་ཐོས་བུ་དང༌། ནེའུ་ལེའི་«་་་་་ན་ཀུ་ལ་སྟེ། བོད་སྐད་རིགས་མེད། དེ་ཟུར་ཆག་པ་ནེའུ་ལེ་ཡིན་ནོ།།» ཁ་ནང་དུ་སོང༌། ཕྱིར་དབྱུང་བས་དེ་རྣམས་ཀྱི་ཁ་ནས་སྐྱུགས་ནས། རིན་པོ་ཆེའི་ཕུང་པོ་ཆེན་པོ་བྱུང༌། ཡང་ཟོས་ཡང་སྐྱུགས་པ་ལན་མང་དུ་བསྒོམ། དེའི་རྗེས་སུ་རང་གི་ལག་པ་གཡས་པར་ཨོཾ་ལས་ཌཱ་ཀིའི་གཟུགས་ཀྱི་ལག་པའི་མཐིལ་དུ་བྃ་ཡིག་ལས་འོད་ཟེར་འཕྲོས་པ་ལས་སྐྱེས་པའི་བུམ་པ་བཟང་པོའི་ལག་པ་བསམས་པའི་བུམ་ནང་དུ་ཛྃ། མཁྲིག་མ་ལ་ཨོཾ། མཛུབ་མོ་ལ་བྷ། གུང་མོ་ལ་ལ། སྲིན་ལག་ལ་ཛ། མཐེའུ་ཆུང་ལ་ལེནྲ། མཐེ་བོང་ལ་དྲཱ། མཁྲིག་མའི་མཚམས་སུ་ཡ། གཡོན་པ་ལ་སྭཱ། གཡས་པ་ལ་ཧཱ། རེ་རེ་ལ་ཟླ་བའི་གདན་རེ་རེའོ། །དེ་ནས། ཟངས་གཞོང་ལ་སོགས་པའི་ནང་དུ་རྟེན་ཡོད་ན་གཞུག མེད་ན་རང་དང་འདྲ་བའི་རྟེན་མདུན་དུ་བསྐྱེད་ལ། ཆུ་ཁྱོར་བ་གང༌། ཨོཾ་ཨིནྡྲཱ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ།«་་་་་དབང་པོའི་ཞལ་འཁོར་བའམ་འཕྲུལ་པ།» ཞེས་ལན་བདུན་གྱིས་བྱིན་གྱིས་བརླབ། ཆུ་ཁྱོར་བ་གང་ཁར་བླུགས་པར་བསམས་ཏེ། ཕུལ་བ་ཁར་སོང་བས། ཁ་ནང་གི་ཛྃ་གྱིས་སེར་པོར་གྱུར། སྙིང་གའི་ཧཱུྃ་ལ་སོགས་པའི་ནུས་པས་བདུད་རྩིར་གྱུར་པ་སླར་གྱེན་ལ་ལོག་སྟེ་རང་གི་ལག་པའི་མཐིལ་དུ་བྱུང་བ། མདུན་གྱི་ཛམྦྷ་ལའི་ཞལ་དུ་ཕུལ་བར་བསམ་ཞིང༌། ཨོཾ་ཛ་ལུྃ་སྭཱ་ཧཱ།

p. 196

ཞེས་ལན་རེ་དང་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་རིམ་པ་འདི་ཉིད་ཀྱིས་སོ། །མཇུག་ཏུ་ན་མོ་རཏྣ་ཏྲ་ཡཱ་ཡ།«་་་་་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ནོར་བུ་བཟང་པོ།་་་་་»ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།«་་་་་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ།» སྭཱ་ཧཱ།«་་་་་འདིར་ཛམྦྷ་ལ་ཛ་ལེནྡྲཱ་ཡ་ཞེས་པ་དཔེ་གཅིག་ན་སྣང་བ་འདི་ལྷག་པའོ།།» ཞེས་ལན་བདུན་བརྗོད་ལ་ཆུ་ཁྱོར་བ་བདུན་དབུལ།«་་་་་ཉིན་རེ་བཞིན་ལན་གསུམ་གྲུབ་ན་ལེགས། ལན་རེ་ཅིས་ཀྱང་གལ་ཆེ། ཞེས་བླ་མ་ཤཱཀྱ་དཔལ་གསུང་ངོ༌།།» འདི་ཉིད་གཏོར་མའི་སྔགས་ཡིན།«་་་་་གཏོར་མ་སྔགས་འདིས་ལན་གསུམ་མམ་ལྔའམ་བདུན་གྱིས་དབུལ།» དེ་ནས་རྟེན་ཆུ་ནང་ནས་བཏོན་ཏེ། ལོགས་སུ་བཞུགས། བསྐྱེད་པ་ཡིན་ན་བཛྲ་མུཿས་གཤེགས། གཏོར་མ་གཙང་སར་གཏོང༌། རྒྱུན་དུ་སྔགས་ཟློས་ན། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་པ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ་ལ་སོགས་སྔགས་ཕྲེང་འདམ་ག་ཡིན་གསུང༌། ཟླ་བ་དྲུག་གིས་ངེས་པར་འགྲུབ་པས་ཐེ་ཚོམ་མི་དགོས་གསུངས། རྗེས་སུ་བདག་གཞན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་འཕེལ་བ་དང༌། དཔལ་འབྱོར་རྒྱས་པ་དང༌། འཁོར་དང་ཆབ་སྲིད་འཕེལ་བ་དང༌། འདོད་པའི་དོན་ཅི་དང་ཅི་བསམ་པ་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ། བསྔོ་བ་སྨོན་ལམ་གདབ་བོ། །ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་བསྡུས་པ་པཎ་ཆེན་ཤཱཀྱ་ཤྲཱིའི་ཞལ་ནས་གསུངས་པ། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ། ༈ །ས་བརྒྱད་དབང་ཕྱུག་ལྷ་ཡི་ལྷ། །མགོན་པོས་འགྲོ་ཀུན་ཕོངས་པ་སེལ། །མིའུ་ཐུང་གཟུགས་ཅན་ནག་པོ་ཆེ། །ཨུཙྪུཥྨ་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པས་བསྟོད་པར་བྱའོ། ༈ །སྒྲུབ་ཐབས་འདི་ལ་གནད་ཀྱི་ཁྱད་པར་དྲུག་ཡོད་དེ། ཡིད་ཀྱི་ཀུན་སློང་སེམས་ཅན་ལ་ཕན་པ་སྒྲུབ་པ་དང༌། ཡི་དམ་གྱི་ལྷ་བསྙེན་སྔོན་དུ་སོང་བ་དང༌། དམ་ཚིག་གཙང་བས་རྒྱུན་དུ་སྒྲུབ་པ་ནར་མ་མ་ཆག་པ་དང༌། ཉིན་རེ་ཆུ་སྦྱིན་བརྒྱ་རྩ་མ་ཆག་པ་དང༌། རྙེད་པ་གང་བྱུང་གི་ཕུད་ཀྱིས་དཀོན་མཆོག་

p. 197

མཆོད་པ་དང༌། དགེ་བའི་རྩ་བ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་བསྔོ་བའོ། །དངོས་གཞི་དང་རྗེས་ཀྱི་གནད་རིམ་ལྟར་གཉིས་གཉིས་ཡིན་ནོ། །ཆ་ལག་གང་བ་ཡང་མི་དགོས་གསུང་ངོ༌།«་་་་་སྦས་པ་བུམ་འཁྱིལ་གྱི་ཕྱག་ལེན་ཡི་གེར་མཛད་པ་ཡིན་ནོ།།» ༈ །འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་ལོ།«་་་་་སྨུགས་འཛིན་འཁོལ་བའི་ལོ་རྒྱུས།» རྨུགས་འཛིན་འཁོལ་བའི་ལོ་རྒྱུས་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཤིན་ཏུ་རྒུད་པ་ཞིག་ཡུལ་དབུས་སུ་འཁྱམས་ཏེ་དེས་བསམས་པ། རིགས་རྒྱལ་པོར་གྱུར་པས་ནི་བྱ་བའི་དཀའ་སྤྱད་རྣམ་པ་མང་ལ། ལོངས་སྤྱོད་མེད་པས་ནི་གང་ཡང་མི་འགྲུབ་སྟེ། དེ་བས་ཤི་བར་རུང་སྙམ་ནས། ཆུ་བོ་གངྒཱའི་འགྲམ་དུ་སོང་སྟེ། ཤིང་སྡོང་གཅིག་ལ་རྒྱལ་པོའི་ཉེར་སྤྱད་ཅུང་ཟད་ཡོད་པ་བཀལ་ནས། ཆུར་མཆོང་བར་གཟས་པས། དེར་མི་ནག་པོ་མིག་རྩ་དམར་པོ། ལག་ན་ཐོད་པ་ཐོགས་པ་ཞིག་བྱུང་སྟེ། ལག་པ་ནས་བཟུང་ནས་ཅི་བྱེད་ཟེར། རྒྱུ་མཚན་རྣམས་བཤད་པས། འོ་ན་ང་ལ་ཐབས་ཡོད་ཀྱི། ཟླ་བ་དྲུག་ཏུ་ཁྱོད་ཀྱིས་ཆོ་ག་ཅུང་ཟད་རེ་བྱེད་ནུས་སམ་ཞེའོ། །ལྕེབ་ནུས་པ་ལ་དེ་ཙམ་ཞིག་མི་ནུས་པ་སུ་ཡོད་སྙམ་སྟེ། ནུས་ཞེས་སྨྲས་པ་དང༌། ཆུ་འགྲམ་དེ་ཉིད་དུ་ཤིང་སྡོང་གཅིག་གི་རྩར་ནོར་བུ་བརྩེགས་པ་ལྟ་བུའི་རྩྭ་སྤྱིལ་ཅིག་བཅོས་ཏེ། གདམས་པ་འདི་གནང་ནས། སྔོན་དུ་མི་བསྐྱོད་པའི་བསྙེན་པ་བྱས། དེའི་རྗེས་ལ་འདི་བསྒྲུབ་པར་འདོད་པ་ལ། བུམ་པ་དང་མ་ཧཱ་ཤཾ་ཁ་ཡང་མ་རྙེད། གནོད་སྦྱིན་མོའི་རྐྱལ་པ་དང༌། ཟངས་གཞོང་དང༌། ཆུ་སྦྱིན་གྱི་རྟེན་ཡང་མ་འབྱོར་བས་ཡིད་གདུངས་པར་གྱུར་པ་ན། ཡང་སྔར་གྱི་སློབ་དཔོན་དེ་བྱོན་ནས་རྫས་དེ་དག་གནང་ངོ༌། །དེའི་ཚེ་རྟེན་དུ་གནང་བའི་རྡོ་སྐུ་ནི་བླ་མ་ཆེན་པོའི་«་་་་་ཤཱཀྱ་ཤྲཱི་»ཕྱག་ན་བཞུགས། མ་ཧཱ་ཤཾ་ཁ་ནི་«་་་་་དུང་ཆེན་ཏེ་ཐོད་པའི་མིང་»། ཁ་ཆེའི་གྲོང་ཁྱེར་ཨ་མྲྀ་ཏ་«་་་་་བདུད་རྩི་རབ་འགྱུར་ཅན་ཡིན་ནམ་བརྟག»་སུཀྵ་རི་བྱ་བ་ན་ཡོད་སྐད། སློབ་དཔོན་དེ་ནི་ཤར་ཕྱོགས་སོ་མ་«་་་་་ཟླ་བའི་གྲོགས།» པཱུ་རིའི་བླ་མ་ཆེན་པོ་སརྦ་

p. 198

ཛྙཱ་ཀྲྀཥྞ་«་་་་་ཀུན་མཁྱེན་ནག་པོ།» ཞེས་བྱ་བ་ཡིན་ནོ། །དེ་ནས་རྒྱལ་པོ་བྱ་བ་སྙིང་སྟོབས་ཆེ་བས། རལ་གྲི་ཅིག་བཟུང་སྟེ། ཟླ་བ་དྲུག་ལ་མི་ཕལ་བས་ཀྱང་འགྲུབ་ན། རྒྱལ་པོ་བྱ་བ་མི་གཞན་པས་སུམ་འགྱུར་གྱིས་ལྷག་པའི་སྙིང་སྟོབས་དང་བསོད་ནམས་ཡོད་པས། ཟླ་བ་གཉིས་ན་ཅི་འགྲུབ་བྱའོ། །མ་གྲུབ་ན་རལ་གྲིས་སྐེ་གཅད་དོ་ཞེས་དམ་བཅས་ནས། བསྒྲུབས་པས་ཟླ་བ་གཉིས་ལོན་པ་དང་ཅི་ཡང་མ་བྱུང་བས། རལ་གྲི་བཙལ་བས་ཅེ་སྤྱང་གི་ཁྱེར་ནས་མ་རྙེད་པས། དེར་ཆུ་ལ་མཆོང་བར་བརྩམས་པས། བྱིས་པ་ལོ་དྲུག་ལོན་པའི་མིའུ་ཐུང་གཅིག་བྱུང་ནས། ཁྱོད་ཀྱི་ཁྱིམ་ནི་རྣམ་ཐོས་ཀྱི་ཕོ་བྲང་ལྟར་གྱུར་ན་ཅིའི་ཕྱིར་ལྕེབ་ཟེར་བ་ཐོས་ཏེ། རང་གི་ཁྱིམ་བལྟར་ཕྱིན་པས། འཛམ་བུའི་གླིང་གི་རྒྱལ་པོ་སུས་ཀྱང་འགྲན་མི་ནུས་པའི་འབྱོར་པ་དཔག་ཏུ་མེད་པས་ཁྱིམ་ཕྱུར་བུར་གང་བ་མཐོང་ངོ༌། །རྒྱལ་པོ་དེས་བསམས་པས། འདི་ནི་བླ་མ་དེའི་སྐུ་དྲིན་ཡིན་པས། དྲིན་ལན་དབུལ་ལོ་སྙམ་ནས་སོ་མ་པཱུ་རིའི་བླ་མ་ཚོལ་དུ་བཏང་བས། ཁར་སང་ནགས་ཁྲོད་དུ་གཤེགས་ཟེར། བྲང་ཁང་གི་སྒོ་གོང་ན་ཡི་གེ་བྲིས་ནས། ཆུ་ཁྱོར་འགའ་ཡིས་མཆོད་པ་ཡིས། །དབུལ་པོ་འཛམ་གླིང་བདག་པོར་གྱུར། །ང་ཡི་དྲིན་ལན་གསབ་འདོད་ན། །འཁོར་བཅས་མི་དགེ་བཅུ་སྤོངས་ཤིག །ཅེས་བྱ་བ་འདུག་གོ །དེ་ནས་བླ་མའི་རྗེས་སུ་བསྒྲུབས་ཏེ། རྒྱལ་པོ་དེས་དབང་བསྒྱུར་ཚད་ཀྱི་མི་ཐམས་ཅད་མི་དགེ་བཅུ་སྤངས། སྔར་བུམ་པ་མ་འབྱོར་པའི་དུས་སུ་བུམ་པ་བྱིན་པའི་དྲིན་ལན་དུ། བུམ་པ་གསེར་གྱིས་བཀང་བ་ཁ་གཙུས་པ་བརྒྱ་རྩ་བརྒྱད་སོ་མ་པཱུ་རིའི་ཕོ་བྲང་དུ་ཕུལ། མ་ཧཱ་ཤཾ་ཁ་མ་འབྱོར་བའི་དྲིན་ལན་སྲོག་གི་ཆད་པ་ཕོག་པ་བརྒྱ་རྩ་བརྒྱད་མགོ་བོ་བཀྲོལ་ཏེ་བཏང༌། གནོད་སྦྱིན་མོའི་རྐྱལ་པའི་དྲིན་ལན་དུ་ནེའུ་ལེ་བརྒྱ་རྩ་བརྒྱད་ཀྱི་སྲོག་བསླུས། ཟངས་གཞོང་གི་དྲིན་ལན་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ལ་ཟངས་ཀྱི་རྒྱ་ཕིབས་བྱས། ཆུ་སྦྱིན་གྱི་རྟེན་གྱི་དྲིན་ལན་ལ་ལྷ་ཁང་བརྒྱ་རྩ་བརྒྱད་དུ་ཛམྦྷ་ལའི་

p. 199

སྐུ་གཟུགས་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱལ་པོ་དེས་བྷཾ་ག་ལའི་«་་་་་ཞིག་འཛིན།» རྒྱལ་པོ་མདུན་ན་འདོན་ཀ་ན་ཀ་ཤྲཱི་«་་་་་གསེར་གྱི་དཔལ།» ལ་གནང༌། དེས་བི་ཀྲ་མ་ལ་ཤཱི་ལའི་«་་་་་རྣམ་པར་གནོད་པའི་ངང་ཚུལ་ཞེས། ཤཱི་རིང་པོར་བྱས་པའི་འགྱུར་མ་རུང༌། གཏམ་རྒྱུད་ལྟར་ན་རྣམ་པར་གནོན་པའི་རྡོ་ཅན།» བྱང་ཆུབ་སེམས་དཔའ་གསེར་གྱི་གདུགས་ཅན་ལ་གནང༌། དེས་པཎྜི་ཏ་དབུལ་པོ་ཟངས་གཞོང་ཅན་ལ་གནང༌། དེས་ཚོང་དཔོན་སམྱཀྶུཾ་པ་ཀ་«་་་་་ཡང་དག་མཛེས་»ལ་གནང་ངོ༌། །དེས་བླ་མ་པཎ་ཆེན་ཤཱཀྱ་ཤྲཱི་ལ་གནང༌། དེས་བོད་ཡུལ་དབུས་སུ་བྱོན་པའི་ཚེ། བསམ་ཡས་ཆོས་སྐོར་གྱི་གཙང་པོ་ཞི་བ་འོད་ཀྱི་མ་ཅིག་འདས་པའི་ཆོས་འཁོར་ལ་གདན་དྲངས་པའི་དུས་སུ་མཚན་ལྟས་བཟང་པོ་བྱུང་བ་དང་དུས་མཚུངས་པར་ལོ་ཙཱ་བ་བྱམས་པའི་དཔལ་ལ་གནང༌། དེས་བླ་མ་བསོད་དབང་ལའོ། ༈ །ཛཾ་ནག་གི་སྒྲུབ་ཐབས་སློབ་དཔོན་ནོར་སྦྱིན་གྱིས་མཛད་པ། རྒྱ་གར་སྐད་དུ། ཨཱརྻ་ཨུཙྪུཥྨ་ཛམྦྷ་ལ་ཀྲྀཥྞ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་རྨུགས་འཛིན་འཆོལ་བ་ནག་པོའི་སྒྲུབ་ཐབས། རྗེ་བཙུན་ཛམྦྷ་ལའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་གྱི་དབང་ཕྱུག་དབང་ཆེན་བཅུ་གནས་རིན་ཆེན་རྣམ་པ་མང་ལྡན་པ། །ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མོའི་སྲས་གྱུར་དེའི། །སྲས་གཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཉེར་ཆེན་ནི། །མིའུ་ཐུང་ཆ་བྱད་ཐོད་ཁྲག་ནེའུ་ལེ་འཛིན་མཛད་ཁྱོད་ཀྱིས་བདག་ལ་སྲུངས། །རེ་ཞིག་སྒྲུབ་པ་པོ་དམ་ཚིག་ཅན་གཞན་ལ་ཕན་པར་བརྩོན་པས། འཕགས་པ་རྨུགས་འཛིན་ལ་མི་ཕྱེད་པའི་དང་བ་ཐོབ་པས་སྐྱབས་སུ་སོང་ལ། པདྨའི་འདབ་མ་མཆོག་གི་སྣོད་དང༌། གནོད་སྦྱིན་མོ་ཀུན་ཏུ་རྒྱུག་གི་ལུས། ལིངྒ་ཆེན་པོའི་རྫས་དང་ལྡན་པས། ནོར་བུ་བརྩེགས་པ་ལྟ་བུའི་གནས་སུ་འདུག་སྟེ། ཐོག་མཁོ་ནར་མི་བསྐྱོད་པའི་རྒྱལ་པོའི་ཆོ་ག་ཇི་ལྟ་བ་བཞིན་མཉེས་པར་བྱའོ། །དེའི་འོག་ཏུ་

p. 200

དེའི་ང་རྒྱལ་གྱིས། བདག་དང༌། གནས་དང༌། རྣལ་འབྱོར་བསྲུང་བ་བྱས་ལ། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལ་གནས་པའི་ཧཱུྃ་ཡིག་ནག་པོ་གསེར་གྱི་མདངས་ཅན་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་ལངས་ཤིང་རྣམ་པར་འགྱུར་པའི་ངང་ཚུལ་ཅན། དབུས་ཀྱི་རྭ་རྩེ་རྣམ་པར་དཀར་པོ་ནོར་བུའི་ཏོག་གིས་མཚན་པ། རྭ་གཞན་གནག་ཅིང་ཀུན་ནས་བགྲད་པས་འཇིགས་པར་བྱེད་པ། དེ་ཉིད་ཀྱི་ལྟེ་བར་ཟླ་བ་ཉི་མ་མེད་པ་ལ་ཧཱུྃ་ཡིག་བཻ་ཌཱུརྻའི་འོད་འབར་བས་མཚན་པ་བལྟ་བར་བྱའོ། །ཡི་གེ་དེའི་འོད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར་བཀང་ནས། ཞིང་གི་དཀྱིལ་འཁོར་ཡོངས་སུ་སྦྱོང་བའི་དོན་གཉིས་བྱས་ཏེ། ཚུར་འདུས་པ་ལས་རྗེ་བཙུན་རྨུགས་འཛིན་ནག་པོ་སྲས་དང་བཅས་པ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་སྤྱན་དྲངས་ལ། ཁྲུས་གསོལ་བ་སྔོན་དུ་འགྲོ་བས་མཆོད་པའི་ཡན་ལག་བཅུ་གསུམ་ཡོངས་སུ་རྫོགས་པར་བྱའོ། །མཉེས་པའི་འོད་ཀྱི་ཕྲེང་བ་བདག་གི་སྙིང་ལ་ཞུགས་ཏེ་བསྐུལ་བའི་ཡིད་ཀྱིས། ཚད་མེད་པ་བཞི་སྤེལ་ཞིང་བྱང་ཆུབ་ཀྱི་སེམས་བརྟན་པོ་ཡང་དག་པ་གོམས་སུ་བསྐྱེད་པར་བྱའོ། །དེ་ནས་ཡང་རྡོ་རྗེའི་འོད་ཟེར་ཆེན་པོས་བརྟན་པ་དང་གཡོ་བའི་དངོས་པོ་མཐའ་དག་རྣམ་པར་བཞུས་ནས། རྡོ་རྗེ་སེམས་དཔའི་ངོ་བོར་ཐིམ་པ་དང༌། ཡང་ཆེས་ཆེར་འབར་བས་རང་གི་ལུས་ཀྱང་ཉེ་བར་བསྲེགས་ནས་གཟི་བརྗིད་ཀྱི་ཕུང་པོ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་བསམ་མོ། །དེའི་འོག་ཏུ་ཨོྃ་ཨཱཿ ཞེས་སྐད་གསང་བསྟོད་དེ་སྦྲན་པས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་མགོན་པོ། བྱང་ཕྱོགས་ཀྱི་ཚལ་རྡོ་རྗེ་རི་བོའི་ཟོམ་ནས་སྤྱན་དྲངས་ཏེ། ཀུན་ནས་དྭངས་ཤིང་སིམ་ལ་གདུངས་པའི་ཡིད་ཀྱིས་རྒྱུའི་སེམས་དཔའ་འོད་ཟེར་གྱི་ཕྲེང་བ་འབར་བ་ལ་བསྟིམ་པར་བྱའོ། །དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ནོར་གྱི་དབང་ཕྱུག་ལྷ་དང་ཀླུ་དང་མིའི་ནོར་

p. 201

ཐམས་ཅད་འཛིན་པ་མཐིང་ནག་འཇིགས་པའི་གཟུགས་ཅན། མིའུ་ཐུང་གི་ཆ་བྱད་རིགས་ངན་གྱི་རྣམ་པ། རྣ་བ་མ་ཕུག་པ། ལྷག་མ་ཟ་ཞིང་མི་སྲུན་པ། གསུས་པ་ཆེར་འཕྱང་ཞིང་རབ་ཏུ་བརྗིད་པའི་བདག་ཉིད། ཁྱེའུ་ལོ་དྲུག་ལོན་པའི་ན་ཚོད་ཅན། གཅེར་བུ་མཚན་མ་འགྲེང་བ། ཞབས་གཉིས་དོར་སྟབས་སུ་ཉེ་བར་གནས་པས། ནོར་འཛིན་སེར་པོ་ཁ་ནས་ནོར་བུ་སྐྱུགས་པའི་མགོ་གཡས་སུ་ཕྱོགས་པ་ནོན་པར་མནན་པ། མཆེ་བ་ཅུང་ཟད་གཙིགས་ཤིང༌། ལྗགས་རྐན་ཕུགས་སུ་ཉེ་བར་འདྲིལ་བ། ཞལ་དང་སྤྱན་གསུམ་མེའི་ཕུང་པོ་ལྟར་འབར་ཞིང༌། སྤྱན་ཀུན་ནས་ཟླུམ་ཞིང་བཟློག་པ། རྣམ་པར་འགྱུར་བ་ཅན། དཔྲལ་བ་ལ་རིན་པོ་ཆེ་མིག་གསུམ་པའི་གཟུགས་ཅན་གྱི་ཁྲོ་གཉེར་གྱི་རིམ་པ་དང་ལྡན་པ། དབུ་སྐྲ་དང་སྨ་ར་དང་སྨིན་མ་རྣམས་ཀྱི་སྤུ་ཁམ་པ་རེ་རེ་ནས་གྱེན་དུ་ལངས་ཤིང་འོད་ཟེར་འཕྲོ་བའི་མེ་སྟག་ཐུར་དུ་འཛག་པ། ཕྱག་གཡས་དང་གཡོན་གྱིས་པདྨའི་སྣོད་རུ་དྷི་རས་«་་་་་ཁྲག་»བཀང་བ་དང༌། ནེའུ་ལེ་རྐྱལ་པ། ལྷ་དང་ཀླུ་དང་མིའི་ནོར་བུ་རིན་པོ་ཆེའི་རིགས་མི་འདྲ་བ་དུ་མས་ཁེངས་པར་བྱས་པ་ཁ་ནས་རིན་པོ་ཆེའི་རྒྱུན་སྣ་ཚོགས་སྐྱུགས་པ་འཛིན་པ། སངས་རྒྱས་མི་བསྐྱོད་པའི་ཅོད་པན་གྱི་རྒྱན་ཅན། ཀླུའི་རྒྱལ་པོ་མཐའ་ཡས་དང༌། འཇོག་པོ་དང༌། པདྨ་ཆེན་པོ་དང༌། སྟོབས་ཀྱི་རྒྱུ་དང༌། རིགས་ལྡན་དང༌། དུང་སྐྱོང་དང༌། ནོར་རྒྱས་དང༌། པདྨ་རྣམས་ནག་པོ་དང༌། དམར་པོ་དང༌། དཀར་པོ་དང༌། སེར་པོ་དང༌། སྔོན་པོ་དང༌། ཁྲ་བོ་དང༌། སེར་པོ་དང༌། དམར་པོ་རྣམ་པ་བརྒྱད་ཀྱི་གོ་རིམ་ལྟར། ཐོར་ཚུགས་དང༌། རྣ་བ་དང༌། དོ་ཤལ་དང༌། ཚངས་སྐུད་དང༌། དཔུང་པ་དང༌། ལག་པ་དང༌། སྐེད་པ་དང༌། རྐང་པ་རྣམས་ལ་བརྒྱན་པའོ། །ཐུགས་ཀར་ཟླ་བ་ལ་ཇི་སྐད་བཤད་པའི་སྙིང་པོ་ཅན་གྱི་མཚན་མ་བསྒོམ་པར་བྱའོ། །དེ་

p. 202

ནས་རྡོ་རྗེའི་ཡི་གེ་བཅུའི་གོ་ཆ་བགོ་བར་བྱ་སྟེ། དཔྲལ་བ་དང༌། ཞལ་དང༌། དཔུང་པ་གཡས་པ་དང༌། གཡོན་པ་དང༌། ཐུགས་ཀ་དང༌། ཞབས་ངར་གཡས་དང༌། གཡོན་དང༌། མཆུ་སོ་དང༌། ཞབས་བོལ་གོང་གཡས་དང༌། གཡོན་པར་གྲངས་བཞིན་དུ། ཨོཾ་དང༌། ཛྃ་དང༌། བྷ་དང༌། ལ་དང༌། ཛ་དང༌། ལེན་དང༌། དྲཱ་དང༌། ཡ་དང༌། སྭཱ་དང༌། ཧཱ་རྣམས་ཀྱི་ཡིག་འབྲུ་རྣམས་ཟླ་བའི་གདན་དང་རྡོ་རྗེ་ཕྱེད་པ་ལ་གནས་པའི་ཉི་མའི་སྙིང་པོ་འབར་བའམ། གསེར་གྱི་མཆོད་སྡོང་རྣམ་པར་དག་པ་ལྟར་བསམ་པར་བྱའོ། །ཐུགས་དཀྱིལ་མི་ཕྱེད་ཡི་གེ་ལས་འཕྲོས་ཕྱོགས་བཅུའི་འདྲེན་པ་ཀུན་མཆོད་དང༌། །གོ་ཆ་བཅུར་བཅས་སྐྱོབ་དབང་ཉིད་འཕྲོས་མ་ལུས་འགྲོ་རྣམས་རང་འདྲར་བྱས། །ནེའུ་ལེ་ཀླུ་དབང་ནོར་བདག་འོད་ལྡན་ལྷ་ཀླུ་མི་ཡི་ནོར་ཚོགས་བསྡུས། །ཟོས་ཤིང་ཟོས་ཏེ་འགྲངས་འགྱུར་བཙིར་བས་དེ་སྐྱུགས་དངོས་གྲུབ་ཡང་ཡང་བླང༌། །དེ་ནས་ཆུ་སྦྱིན་པར་བྱ་སྟེ། ལག་པའི་མཐིལ་དུ་བྃ་སེར་པོ་ལས་གསེར་གྱི་བུམ་པ་བཟང་པོ་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ་ཁ་ཕྱིར་བསྒྱེལ་བའི་ཡི་གེ་བྃ་ཉིད་ཀྱིས་མཚན་པར་བལྟའོ། །བྃ་གྱི་ནང་དུ་ཛྃ་ཡིག་གོ །མཁྲིག་མ་ལ་ནི་ཨོཾ་མོ། །མཛུབ་མོ་ལ་ནི་བྷའོ། །གུང་མོ་ལ་ནི་ལའོ། །སྲིན་ལག་ལ་ཛའོ། །མཐེའུ་ཆུང་ལ་ལེན་ནོ། །མཐེ་བོང་ལ་དྲཱ་འོ། །ནོར་བུ་འཆིང་བའི་གནས་སུ་ཡའོ། །ལག་མཐིལ་གྱི་ལྟོ་གཡོན་དུ་སྭཱ་འོ། །དེའི་གཡས་སུ་ཧཱའོ། །ཐམས་ཅད་ཀྱང་ཟླ་བ་གང་བ་ལ་གནས་ཤིང༌། གསེར་འོད་དྲི་མ་དང་བྲལ་བ་ལྷག་པར་འཚེར་བ་ལྟར་བསམ་མོ། །དེ་ནས་ཡང་ཆུ་ཁྱོར་བ་གང་ཁ་ལ་ཉེ་བར་གཏུགས་ཏེ། ཨོཾ་ཨིནྡྲཱ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཞེས་བྱ་བས་སོར་མོ་ལྔ་ལ་ལན་རེ་རེ་དང༌། ཁ་དང་ལག་པ་བྱིན་གྱིས་བརླབ་པ་ལ་གཉིས་ཏེ་བདུན་གྱིས་བྱིན་གྱིས་བརླབ་པའོ། །དེའི་འོག་ཏུ་ནག་པོ་ཆེན་པོ་མཛེས་

p. 203

པའི་སྐུ་ཡོངས་སུ་རྫོགས་པ་གཅིག་མདུན་གྱི་པདྨ་རིན་པོ་ཆེའི་སྣོད་དུ་ཞུགས་ཏེ། རང་གི་ཐུགས་ཀ་ནས་ཅི་འདྲ་བའི་སྐུ་གཟུགས་ཕྱུང་སྟེ་བསྟིམས་ལ། རིན་པོ་ཆེའི་བུམ་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པ་ཆུས་ཡོངས་སུ་གང་བས་རྒྱུན་མི་འཆད་པར་ཆུ་སྦྱིན་པར་བྱའོ། །འདི་ལྟ་སྟེ། ཨོཾ་ཛ་ལུྃ་སྭཱ་ཧཱ། ཞེས་བྱ་བ་རིན་པོ་ཆེས་བརྒྱན་པའི་ལག་པ་ནས་ཞལ་དུའོ། །ཞལ་ནས་རྡོ་རྗེ་ནོར་བུའི་རྩེ་མོ་རུའོ། །དེ་ནས་སླར་ལག་མཐིལ་དུ་འབབ་པའི་རིམ་པས་མཐར་ཆུའི་བདག་པོ་ཞལ་དུ་འཇུག་པར་བསམས་ཏེ། ཆོ་ག་དེ་ཉིད་ཀྱིས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་འཁྲུལ་པ་མེད་པར་སྦྱིན་པར་བྱའོ། །དེའི་ཚེ་ཕྱག་གི་མཐིལ་གྱི་བུམ་པ་དང༌། ནེའུ་ལེ་དང་ལྟོ་འགྲོ་རྣམས་ཀྱི་ཁ་དང་སྣའི་སྒོ་ལ་སོགས་པ་བུ་གའི་རྣམ་པ་ཐམས་ཅད་ལས་རིན་པོ་ཆེའི་རིགས་མི་འདྲ་བ་སྡུག་ཅིང་ཡིད་དུ་འོང་བ་རྣམ་པ་དུ་མའི་ཆར་ཆེན་པོ་བབས་པས་གནས་ཁང་ལ་སོགས་པ་མཐའ་དག་གཡོགས་ཤིང་ནོན་པར་གྱུར་པར་བསམ་མོ། །དེའི་རྗེས་ལ་ཡི་གེ་བཅུ་པ་ལ་མཆོད་པ་རྣམ་པ་ལྔའི་སྔགས་སྦྱར་བས་མཆོད་ཅིང༌། ཐུན་མོང་དང་ཁྱད་པར་གྱི་སྒོ་ནས་བསྟོད་དོ། །སྔགས་དེ་དག་ཉིད་ཀྱིས་གཏོར་མ་བྱིན་གྱིས་བརླབས་ཏེ་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། «སྒྲུབ་ཐབས་སྔ་མ་ལྟར་ན། སྔགས་འདི་འདིར་མི་འབྱུང༌། གོང་མ་རྣམས་འདི་ལྟར་བཤད་སྣང་ངོ༌།» །ཞེས་ལན་བདུན་ནམ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཏེ། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་ཡང་མཆོད་པས་གཏང་རག་ཕུལ་ཏེ། མེ་ཏོག་དབུ་ལ་བཞག་ནས། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ལ། རྟེན་གྱི་སྤྱི་བོ་དང་ཆུའི་ཕུད་སྲིན་ལག་གིས་རེག་སྟེ་ལྕེ་ལ་གཞག་ཅིང༌། ཆུའི་ཚོགས་རྒྱ་མཚོར་འཇུག་པའི་ངོགས་སུ་དོར་བར་བྱའོ། །དེ་ལྟར་ཟླ་བ་དྲུག་ལ་སོགས་པར་ཉིན་ལན་གསུམ་མཚན་ལན་

p. 204

གསུམ་དུ་བར་མ་ཆོད་པར་ཆུ་སྦྱིན་པ་ལ་བརྩོན་པར་བྱེད་ན། དེས་ཇི་ལྟར་མངོན་པར་འདོད་པའི་འབྱོར་པ་ཐམས་ཅད་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །དབང་ཕྱུག་སྙིང་པོ་གཏེར་བུམ་ལས། །ལྕགས་ཀྱུས་ལྕག་བཏབ་ཟས་ནོར་སྟེར། །བྲམ་ཟེའི་ཚངས་སྐྱོངས་ལྔ་ཚན་ལྔས། །བཀང་སྟེ་བཅུད་བསྡུས་དངོས་གྲུབ་ལེན། །རིན་ཆེན་སྙིང་པོ་ཉི་ཟླ་དང༌། །པདྨ་རབ་སྦྱངས་བདེ་ཆེན་ཐོབ། །རིམ་བཞིན་གནོད་སྦྱིན་ནེའུ་ལེ་མོ། །ཐོད་ཁྲག་པུར་ལིང་སྦྱོར་བར་བཤད། །དབྱར་དགུན་སྟོན་ཟླ་ཐ་ཆུང་དང༌། །དཔྱིད་ཟླ་འབྲིང་ལ་རྟེན་བཞེངས་ནས། །དེ་ཉིད་རྒྱལ་བའི་ཏིང་འཛིན་གྱིས། །དམ་ཚིག་ཡེ་ཤེས་མཉམ་སྦྱོར་བྱ། །རྣ་བ་མནན་དང་མདངས་འཕྲོག་དང༌། །དགྲ་བོའི་བྱིས་པའི་གཟུགས་འཇིག་པས། །རིགས་ངན་གདུག་པའི་ལས་གསུམ་བྱེད། །ཁྲོ་ཞལ་ཕྲིན་ལས་བགེགས་སྐྲོད་ཡིན། །ཀླུ་རྒྱལ་གདོན་འགྲོལ་ཆར་འབེབས་བྱེད། །ནོར་བདག་གཟིར་བས་ནོར་རྣམས་འཕྲོག །རིག་འཛིན་དགུག་དང་གཏེར་བྱེད་དང༌། །འཇིགས་སྐྱོབ་རྐུན་མ་བསྲུང་བ་ཉིད། །བུ་སྟེར་ཚེ་ནི་བསྲིང་བ་དང༌། །ཕྱུགས་སྐྱོང་སྐྱེ་ཤིང་ཟུག་པ་དང༌། །ནོར་བདག་དབང་བསྐུར་བཀྲ་ཤིས་ཏེ། །རིམ་བཞིན་ཨོཾ་ནས་སྭཱ་ཧཱའི་བར། །འོད་དང་ལྷན་ཅིག་རྗེས་འགྲོ་ནས། །སླར་བཟློག་ཡི་གེ་བཅུ་ཡིས་སོ། །རྡོ་རྗེ་ཧཱུྃ་མཛད་ཁྲོས་པ་ཡིས། །ཚ་བ་དུག་དང་ཁྲག་ཀེ་ཚེ། །མར་ཁུས་ལུས་བྱུག་པུར་ལིང་བརྡུང༌། །བདུན་ཕྲག་གཅིག་གིས་དཔོགས་ན་འགྲུབ། །ཡེ་མ་དྷ་ནཾ་མེ་དྷིཿསྭཱ་ཧཱ།«་་་་་དཔེ་གཉིས་མཐུན་པར་སྣང་རུང༌། མེ་དེ་ཧི་ཡིན་ནམ་བརྟག» སྙིགས་དུས་སྒྲུབ་རྣམས་རབ་དབུལ་ཉེན་རྣམས་ཀྱིས། །ཕན་འདོད་བཞིན་ཡང་རང་གཞན་དོན་ཉམས་པར། །མཐོང་ནས་རྨུགས་འཛིན་ཆོ་ག་ཚུལ་བཞིན་བྲིས། །དགེ་བས་ཀུན་ལ་འདོད་སྦྱིན་གཏེར་གྱུར་ཅིག །དཔལ་རྨུགས་འཛིན་འཁོལ་བ་ནག་པོའི་སྒྲུབ་ཐབས་གསང་བ་ལས་ཀྱང་ཆེས་གསང་བ། སྦས་པའི་བུམ་པ་

p. 205

འཁྱིལ་བ་སློབ་དཔོན་ནོར་སྦྱིན་གྱིས་«་་་་་འདི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་པའི་ཚེ། པཎྜི་ཏ་གསེར་གྱི་གདུགས་ཅན་དུ་གྲགས་པ། གྲུབ་པ་བརྙེས་པའོ།།» མཛད་པ་རྫོགས་སོ། །དཔལ་ཚེས་ཀྱི་རྗེ་ས་སྟེང་ན་འགྲན་ཟླ་དང་བྲལ་བའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་ཡུལ་དབུས་ཀྱི་བསམ་ཡས་ཀྱི་«་་་་་ད་ལྟ་ཐམས་ཅད་དུ་བསམ་ཡས་ཞེས་གྲགས། ཟན་ལང་ཞེས་པ་རྒྱ་ནག་གི་སྐད། དབུ་རྩེ་རིས་གསུམ་གྱི་དོན་ཡིན། དེ་མགོ་བཟང་ཡངས་དང༌། དེ་ཡང་བསམ་ཡས་སུ་བརྡ་འབྱུག་པར་གདའོ།།» གཙུག་ལག་ཁང་དུ་བསྒྱུར་བའོ། ༈ །རྨུགས་འཛིན་གྱི་སྒྲུབ་ཐབས་བསྡུས་དོན། འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་འདི་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་ཤིས་པར་བརྗོད་པ་དང༌། གཞུང་གི་དོན་སྒྲུབ་པ་ལམ་གྱི་རིམ་པ་དང༌། མཇུག་བསྟན་བཅོས་ཀྱི་འབྲས་བུ་ཡོངས་སུ་བསྔོ་བའོ། །བར་པ་ལ་གསུམ་སྟེ། བསྙེན་སྒྲུབ་སྟབས་གཅིག་ཏུ་བསྟན་པ་དང༌། ལས་སྦྱོར་སོ་སོར་བསྟན་པ་དང༌། མ་གྲུབ་ན་དཔོགས་པའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། ཇི་ལྟར་སྒྲུབ་པའི་མཚན་ཉིད་དང༌། གྲུབ་པའི་དུས་ཕན་ཡོན་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོའི་ཡན་ལག་དང༌། དངོས་གཞིའི་ལག་ལེན་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ལ་བཞི་སྟེ། གང་གིས་སྒྲུབ་པའི་གང་ཟག་དང༌། གང་བསྒྲུབ་པར་བྱ་བའི་རྫས་བསག་པ་དང༌། གང་དུ་བསྒྲུབ་པའི་གནས་གཟུང་བ་དང༌། ཇི་ལྟར་བསྒྲུབ་ཚུལ་གྱི་ཆོ་གའོ། །དེ་ལ་གསུམ་སྟེ། རིགས་ཀྱི་བདག་པོའི་བསྙེན་པ་བྱ་བ་དང༌། བསྲུང་བ་གསུམ་གྱི་བྱིན་གྱིས་བརླབ་པ་དང༌། ཉེ་བར་སྟོན་པའི་རྒྱུ་ཚོགས་བསག་པའོ། །དེ་ལ་གཉིས་ཏེ། ཚོགས་རྟེན་སྤྱན་དྲངས་པ་དང༌། ཚོགས་བསག་པ་དངོས་སོ། །དང་པོ་ལ་གཉིས་ཏེ། གང་གིས་དྲང་བའི་ཐབས་དང༌། ཇི་ལྟར་དྲང་བའི་མཚན་ཉིད་དོ། །གཉིས་པ་ཚོགས་

p. 206

བསག་པ་དངོས་ལ་གཉིས་ཏེ། ཐབས་བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་ཚོགས་བསག་པའོ། །གཉིས་པ་དངོས་གཞིའི་ལག་ལེན་ལ་བཞི་སྟེ། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའི་རྒྱུ་ཚོགས་བསྲེ་བ་དང༌། འབྲས་བུ་ལྷ་སྒོམ་པའི་མཚན་ཉིད་དང༌། གནས་ཀྱི་མན་ངག་རྣལ་འབྱོར་དུ་བྱ་བའི་ཐབས་དང༌། མཆོད་ཅིང་བཟླས་པའི་ཆོ་གའོ། །གཉིས་པ་ལ་བཞི་སྟེ། སྐུའི་ཆ་བྱད་དང༌། རྒྱན་གྱི་ཁྱད་པར་དང༌། རྒྱུའི་སེམས་དཔའ་དག་རྡོ་རྗེའི་གོ་ཆ་བགོ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། ཆ་ཤས་ཀྱི་ཁྱད་པར་རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སྐུ་མདོག་གི་ཁྱད་པར་དང༌། ཡན་ལག་དང་ཉིང་ལག་གི་ཁྱད་པར་དང༌། ཕྱག་མཚན་གྱི་ཁྱད་པར་རོ། །གཉིས་པ་རྒྱན་གྱི་ཁྱད་པར་ལ་གཉིས་ཏེ། ཅོད་པན་གྱི་རྒྱན་དང༌། ལུས་དང་ཡན་ལག་གི་རྒྱན་ནོ། །བཞི་པ་མཆོད་ཅིང་བཟླས་པའི་ཆོ་ག་ལ་གཉིས་ཏེ། མཆོད་པའི་ཆོ་ག་དང༌། བཟླས་པའི་ཆོ་གའོ། །དང་པོ་ལ་གསུམ་སྟེ། ཆུ་སྦྱིན་པ་དང༌། རྣམ་པ་ལྔ་དབུལ་བ་དང༌། བསྟོད་པ་དང་གཏོར་མའོ། །དང་པོ་ལ་བཞི་སྟེ། ལག་པ་བྱིན་གྱིས་བརླབ་པ་དང༌། ཁ་དང་ངག་བྱིན་གྱིས་བརླབ་པ་དང༌། སྦྱིན་པའི་ཐབས་དངོས་དང༌། དངོས་གྲུབ་བླང་བའོ། །གཉིས་པ་ལས་སྦྱོར་སོ་སོར་བསྟན་པ་ལ་བཞི། ཕྱག་དང་རྟགས་ཀྱི་ལས་དང༌། རྟེན་དང་ཉིང་ལག་གི་ལས་དང༌། རྒྱན་དང་གདན་གྱི་ལས་དང༌། ཡི་གེ་དང་འོད་ཀྱི་ལས་སྦྱོར་རོ། །འཕགས་པ་ཛྃ་ནག་གི་སྒྲུབ་ཐབས་ཀྱི་བསྡུས་དོན། དགེ་སློང་བྱམས་པའི་དཔལ་གྱིས་སྦྱར་བའོ། ༈ །སྤྲུལ་པའི་ཕྲིན་ལས་གདུལ་བྱ་གཞན་རྒྱུ་དང་རྗེས་སུ་མཐུན་པའི་རྣམ་ཐར། འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །རིན་ཆེན་རྣམ་པ་མང་ལྡན་པ།«་་་་་ནོར་སྦྱིན་དཔལ་གྱིས་མཛད་

p. 207

པའི་སྒྲུབ་ཐབས་ཀྱི་མཆོད་བརྗོད་ལས།» ཞེས་པ་ནི། གྲོང་ཁྱེར་ཤིང་ཐགས་ཅན་གྱི་གཏམ་རྒྱུད་འདུལ་བ་ལུང་ལས་འབྱུང་བ་དང་འདྲ། དྲང་སྲོང་ལྷ་མོའི་སྲས་གྱུར་དེ། །ཞེས་པ་ནི། རྣམ་སྲས་ཀྱི་གཏམ་རྒྱུད་ལས་ཤེས་པར་བྱའོ། །མི་ཐུང་ཆ་བྱད་ཅེས་པ་ནི། རི་རབ་ཀྱི་བྱང་ཕྱོགས་ནི། རྒྱལ་པོ་རྣམ་སྲས་ཀྱི་ཕོ་བྲང་ནོར་བུ་བཟང་པོའི་རྭ་བ་ཅན་ཞེས་བྱ་བ་ཡོད། དེ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་ནས་རྡོ་རྗེ་རི་བོའི་ཟོམ་ཞེས་བྱ་བ་ན། སྐྱེད་མོས་ཚལ་དགའ་བ་དང་དགའ་མཆོག་ཅེས་བྱ་བ་གཉིས་ཡོད་དེ། གཅིག་ནི་རྒྱལ་པོ་རྣམ་སྲས་གླུ་གར་ལ་སོགས་པ་རྩེ་བའི་གནས་ཡིན། གཅིག་ནི་རྒྱལ་པོ་བཙུན་མོ་ལ་དགའ་མགུར་སྤྱོད་པའི་གནས་ཡིན་ནོ། །དེར་རེ་ཞིག་གི་ཚེ། ལྷའི་རིན་པོ་ཆེའི་མེ་ཏོག་གི་ལྡུམ་རའི་གསེབ་ན་ལྷའི་བུ་མོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་བུ་མོ་བཀྲ་ཤིས་ཀྱི་མཚན་ལྟས་ཐམས་ཅད་ཀྱིས་བརྒྱན་པ་ཞིག་འདུག་པ་དང༌། རྒྱལ་པོས་ངའི་བཙུན་མོ་བྱའོ་ཞེས་བཀའ་སྩལ་པ་དང༌། དེས་སོར་གདུབ་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པ་གཅིག་འཕངས་པ་ལ། ཀླུའི་ཡི་གེ་བྲིས་འདུག་སྟེ། ནཱ་ག་«་་་་་ཀླུ»་རཱ་ཛ་«་་་་་རྒྱལ་རྒྱལ་པོའི་»རཱ་ཛ་སྱ་རཱ་ཛ་«་་་་་རྒྱལ་པོ་»ཏ་སྱ་«་་་་་དེའི་»ཏྲི་ཡོཏ་«་་་་་བུད་མེད་»ཏ་མ་ཏ་«་་་་་མཆོག་གི་མཆོག་»ར་པི་ར་«་་་་་སྦངས་»ཏི་བི་ཥ་«་་་་་དུག་»ལོ་«་་་་་འཇིག་རྟེན་»ཀ་སྱ་ཀཱ་«་་་་་འདོད་པ་»མ་ཡེ་ཀི་ཙི་«་་་་་བརྒྱ་ལམ་»ཏ་ས«་་་་་སེམས་ཅན་དོན་འགྱུར་»ཏྭཱརྠ་བྷ་བ་བྷ་«་་་་་སྲིད་»བཿ ཞེའོ། །དེའི་དོན་ནི། ཀླུ་རྒྱལ་རྒྱལ་པོའི་རྒྱལ་པོ་དེའི། །བུ་མོ་བུད་མེད་མཆོག་གི་མཆོག །འཇིག་རྟེན་འདོད་པའི་དུག་རབ་སྤངས། །སེམས་ཅན་དོན་འགྱུར་བརྒྱ་ལམ་སྲིད། །ཅེས་བྱ་བར་འགྱུར་རོ། །དེ་ལྟ་བུའི་ཡི་གེ་དེ་གཟིགས་པས། དེའི་ལན་དུ། རྒྱལ་པོས་ཀྱང༌། སོར་གདུབ་ལྷའི་ཡི་གེ་ཅན་ཕར་ལ་འཕངས་ཏེ། དེའང༌། ཀླུ་རྗེའི་རྗེ་བོ་ལྷ་ཡི་ལྷ། །དེ་སྲས་མཆོག་གི་མཆོག་རབ་སྲས། །འདོད་དང་མི་འདོད་གཉིས་འདོད་བྲལ། །འགྲོ་སྐྱོབ་སྐྱེད་ཕྱིར་དེ་ཡུམ་གྱིས། །ཞེས་

p. 208

བྱ་བར་འགྱུར་རོ། །དེ་ལྟར་བསྲིངས་པ་དེ་ལྟ་བུ་དེ་ཀླུ་མོས་མཐོང་བ་ཙམ་གྱིས་ཀློག་པ་ལ་ཚེགས་མེད་དེ་འཛུམ་པ་བྱས་སོ། །ཀླུའི་ཡི་གེ་ལྷའི་རྒྱལ་པོ་དང༌། ཀླུའི་རྒྱལ་པོ་མ་ཡིན་པས་མི་ཤེས། ཀླུ་མོའི་གཟི་བརྗིད་དང་སོར་གདུབ་ཀྱི་རྟགས་ཤུལ་ཡང༌། དེ་གཉིས་ལས་གཞན་གྱིས་མི་བཟོད་པ་ལ། ལྷ་སྲས་དེས་བཟོད་པས། ཀླུ་མོ་རབ་ཏུ་ཡིད་ཚིམ་པར་ཡང་གྱུར། ལྷའི་ཡི་གེ་ནི་ལྷའི་རྒྱལ་པོ་མ་གཏོགས་པ་ཀླུའི་རྒྱལ་པོས་ཀྱང་མི་ཤེས་པ་དང༌། ལྷ་སྲས་ཀྱི་གཟི་བརྗིད་དང་སོར་གདུབ་ཀྱི་རྟགས་ཤུལ་ཡང༌། ལྷ་ཉིད་མ་ཡིན་པ། ཀླུའི་རྒྱལ་པོས་ཀྱང་མི་བཟོད་པ་ལ། བུ་མོ་དེས་ཤེས་ཤིང་ཤིན་ཏུ་ཡང་བཟོད་པས། རྒྱལ་པོ་རྣམ་ཐོས་སྲས་དཔེ་མེད་པར་མགུ་སྟེ། བཙུན་མོར་བྱས་པ་ལས། སང་ཕོད་ལོ་དུས་ན་ཁྱེའུ་ནག་པོ་རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འཁྱིལ་བ་གཅིག སྐྱེད་མོས་ཚལ་དེར་རྒྱལ་པོ་ལ་གཏད་པ་དང༌། རྒྱལ་པོ་མ་དགྱེས་ཏེ་སྤྱན་ཆབ་ཕྱུང་བ། བུ་མོ་དེས་མེ་ཏོག་གི་གའུའི་སྣོད་དུ་བཟེད་ནས་ཀླུའི་ཡུལ་དུ་ཁྱེར་བས། ཀླུ་ཤིང་གི་སྡོང་པོ་ལ་ལྷའི་མེ་ཏོག་ཆགས་ཤིང༌། མཆི་མ་བདུད་རྩིའི་ཟིལ་མངར་གྱི་རོ་མཆོག་ཏུ་གྱུར་ཏེ། དུས་དེང་སང་གི་བར་དུ་ཡང་ཀླུའི་ནད་ཐམས་ཅད་སེལ་བའི་སྨན་དུ་གྱུར་ནས་ཡོད་སྐད། དེར་སྲས་ཀྱིས། ཡབ་ལ་ཅིའི་ཕྱིར་མ་དགྱེས་ཞེས་དྲིས་པས། ཁྱོད་ཀྱི་སྦྲུལ་མཇུག་འདི་ཤིན་ཏུ་མ་ལེགས་གསུངས་པ་དང༌། འོ་ན་འདི་ལྟར་བགྱི་བས་ཐུགས་ངན་མ་མཛད་ཅིག་ཟེར་ཏེ། ཧུ་འུཾ་ཧུ་འུཾ་ལན་གསུམ་བརྗོད་ནས། དབུགས་ནང་དུ་ནར་ནར་དྲངས་པ་ཙམ་གྱིས་སྦྲུལ་མཇུག་ཁོག་པ་ཐུང་ཐུང་འདུས་ཏེ། མཐར་གསུས་པར་འཁྱིལ་གྱིས་སོང་ངོ༌། །ལྷ་ཀླུ་སྲིད་མི་མཐུན་ཏེ། ལྷའི་སྲས་ཕལ་ཆེར་མི་ལོ་ཁྲིར་ཁོར་རེ་བས་ལྷག་པ་དང་བཅས་པར་མི་སྐྱེ་བ་ལ། ཀླུ་མོ་དང་ཕྲད་པའི་མནོལ་གྱི་སྐྱོན་གྱིས་མི་ལོ་གཅིག་ལས་མ་ལོན་པར་བཙས་པས་མིའུ་ཐུང་གི་རྣམ་པར་འགྱུར་ཏོ། །བུ་མོ་དེ་ནི་ཀླུའི་

p. 209

རྒྱལ་པོ་འཇོག་པོའི་བུ་མོ་ཡིན་ཏེ། མས་ཀླུའི་ནོར་བུ་རིན་པོ་ཆེ་རིམས་ནད་ཐམས་ཅད་སེལ་བ་ཞེས་བྱ་བ་ནོར་དུ་བྱིན་པ་དང༌། ཕས་ནོར་བུ་དེ་དབྲལ་བར་འདོད་དེ། ནོར་བུ་ག་རེ་ཞེས་གསུངས་པས་བྱིས་པ་གཅེར་བུར་ཡོད་པས་སྦེད་ས་མེད་པར་འདོམས་སུ་བཅུག་པས་ནོར་བུའི་མགྲིན་པ་གསང་བའི་རླན་གྱིས་ཁ་འབུས་ཏེ་གྱེན་དུ་ལངས་པ། རྡོ་རྗེ་ནོར་བུའི་ནང་དུ་ཚུད་པས་མཚན་མ་འགྲེངས་པའོ། །དེས་མཚན་མ་ལ་ཆུ་སྦྱིན་བྱས་པས། རིམས་ནད་མི་འབྱུང་བ་ཡིན་སྐད། ཡབ་ཀྱིས་བུ་དེ་ནོར་ལ་སྲིད་པ་ཆེ་བར་དགོངས་ནས། དེ་ཙམ་དུ་ནོར་བུ་ལ་ཆགས་ན། ཀླུའི་ནོར་བུ་འབུམ་ཕྲག་བས་ཀྱང་ཆེས་ཆེར་འཕགས་པ་འདི་ཁྱེར་ཅིག་ཅེས་གསུངས་ཏེ་ལྷའི་ནོར་བུ་དབང་གི་རྒྱལ་པོ་གཅིག་བྱིན་ནོ། །དེ་ཡང་མས་རིག་ནས་བུ་ལས་དབྲལ་བར་འདོད་ནས་ནོར་བུ་ག་རེ་ཞེས་སྨྲས་པ་དང༌། སྦེད་ས་གཞན་མེད་དེ་ཁར་བཅུག་པ་ལས། ཁ་ནང་ནས་བྲུ་བར་བཟས་པ་དང༌། ནོར་བུ་ལྗགས་ཀྱིས་རྐན་ཕུགས་ན་ཡར་བསྡིགས་པས་རྐན་ཕུགས་སུ་ལྗགས་འདྲིལ་བར་གྱུར་ཏོ། །དེ་ལས་ཕྱིར་ཕྱུང་སྟེ་ཁྲོ་གཉེར་གྱི་གསེབ་ཏུ་རིན་པོ་ཆེ་མིག་གསུམ་པའི་གཟུགས་སུ་གྱུར་ཏོ། །དེས་ན་ཞལ་དུ་ཆུ་བྱིན་པས་བཟའ་བཏུང་མང་དུ་འབྱུང་བ་ཡིན་སྐད། དེ་ལྟར་ཕ་མ་གཉིས་ཀས་ལྷ་ཀླུ་གཉིས་ཀྱི་ནོར་བུ་བྱིན་པས། ལྷ་དང་ཀླུའི་ནོར་གྱི་དབང་ཕྱུག་ཏུ་གྱུར་པའོ། །དེས་ན་སྔར་ལྟར་མས་བྱིན་པ་ཡང་ཕས་འཕྲོག་ཏུ་འོང་བ་དང༌། ཕས་བྱིན་པ་ཡང་མས་འཕྲོག་ཏུ་འོང་བས་བྲེད་དེ། ཕོ་བྲང་གི་དྲྭ་བ་མིག་མངས་རིས་ཀྱི་བུ་གར་སྔར་སྦས་པའི་ནོར་བུ་ལྷ་དང་ཀླུའི་ནོར་བུ་རིན་པོ་ཆེ་གཉིས་མ་གཏོགས་པ་གནོད་སྦྱིན་དང་མིའི་ནོར་རྣམས་སྦས་པ་ལས། སྲིང་མོ་ཀུན་ཏུ་རྒྱུ་ཞེས་བྱ་བ་

p. 210

ནེའུ་ལེའི་གཟུགས་སུ་སྤྲུལ་ནས། ཕྱོགས་ཐམས་ཅད་དུ་རྒྱུ་ཞིང༌། ཁྱད་པར་དུ་དྲྭ་བ་དང་དྲྭ་མིག་གི་གསེབ་མ་ལུས་པར་ཉུལ་བ་གཅིག་ཡོད་པས། ནེའུ་ལེའི་ཆོས་ཉིད་ཀྱིས་བརྐུ་བ་ལ་དགའ་བས། བུ་ག་ཐམས་ཅད་བཙལ་བས་རིན་པོ་ཆེ་དུ་མས་གང་བའི་བུ་ག་དེ་དང་ཕྲད་ནས་ནོར་སྦས་པ་ཐམས་ཅད་བརྐུས་ཏེ་ཁོང་དུ་མིད་ནས་ཕྱིར་ལོག་པ་དང༌། མིང་པོ་འོངས་པ་དང་ཕྲད་དེ། ནེའུ་ལེ་དེ་ཁ་སྣུམ་ཞིང་ལུས་ལྕི་བ་དང༌། བག་ཞུམ་ཞིང་ངོ་ཚ་བའི་རྣམ་པ་ལས་ནོར་བུ་རྣམས་བརྐུས་པར་མིང་པོས་ཤེས་ཏེ། རྐང་པ་ལག་པས་བསྡིགས་པའི་ཆ་བྱད་ཅན་དུ་གྱུར་ཏོ། །སྲིང་མོས་གཡོན་ཕྱོགས་སུ་འབྲོས་པར་བརྩམས་པས། ལག་པ་གཡོན་གྱིས་བསྙབས་པས་ཟིན་ཏེ། དེར་རྐེ་བཙིར་བས་ནོར་བུ་ལྷུག་ལྷུག་སྐྱུགས་ཏེ། དེ་ནི་གནོད་སྦྱིན་དང་མིའི་ནོར་སྣ་ཚོགས་ཡིན་ནོ། །དེ་ནས་སྲིང་མོ་ཡང་སྐྱེངས་ཏེ། ཉེ་འཁོར་དུ་བཀུར་སྟི་མི་བྱེད་པ་ལ། མ་ཀླུ་མོར་གྱུར་པས་རྒྱ་མཚོར་སོང་ནས་མེད། ཕ་ཡིས་ཀྱང་བུ་མི་སྡུག་པའི་ཆ་བྱད་ཀྱིས་དམུས་ཕྱུང་ནས། གཅེས་པར་མི་འཛིན་པས་གྱི་ནར་བོར་བས། ཤིན་ཏུ་ལྟོགས་ཤིང་སྐོམ་པས་གདུངས་ནས། ཡབ་རྒྱལ་པོས་བདུད་མ་རུངས་པ་ཆད་པས་བཅད་ཅིང༌། བསད་པའི་མགོ་བོ་སྒོ་རྒྱབ་ཀྱི་མུན་ཁུང་དུ་བསྐྱུར་བ་བླངས་ཏེ་ཟོས་པས། ལག་པ་གཡས་ན་ཐོད་ཁྲག་འཛིན་པར་གྱུར་ཏོ། །དེས་རིགས་ངན་གྱུར་ཏེ་གཙང་སྦྲ་ལས་ཉམས་ནས། ཕའི་ཀུན་ཏུ་སྤྱོད་པ་ཐམས་ཅད་ནི་སྤངས། ལྷག་མ་ཡང་ཟ། རྣ་བ་ཡང་མ་ཕུག་གོ །ལོག་པའི་སྤྱོད་པ་དུ་མ་བྱས་པས། མི་སྲུན་ཞིང་རིགས་ཉམས་པའི་གྲགས་པ་ཡབ་ཀྱིས་གསན་ནས། རིགས་ངན་དེའི་རྩར་ཕྱིན་ན་ནི་རང་ཡང་ཉམས་པར་འགྱུར་སྙམ་ནས་སྒོ་སྲུང་བ་ནོར་འཛིན་ཞེས་བྱ་བ་ཁབ་དེའི་སྒོ་སྲུང་ཞིང༌། གནོད་སྦྱིན་གྱི་གྲོང་ཁྱེར་དུ་འགྲོ་བའི་ཚེ་གནོད་སྦྱིན་ཕལ་པོ་ཆེས་ཁབ་ཀྱི་སྒོ་སྲུང་བའི་བརྙས་ལན་དུ་འཚེ་བ་སྣ་ཚོགས་བྱེད་དུ་འོང་བ་ལས་བསྐྱབ་པའི་ཕྱིར། རྒྱལ་པོ་ཆེན་པོའི་ཆས་ལྟ་བུའི་རྒྱན་དང་ཆ་བྱད་གཡར་ཞིང་འགྲོ་བ་ཞིག་ཡོད་པ་དེ་སྲས་

p. 211

ཀྱི་དྲུང་དུ་སྤྲིངས་ཏེ། ཅིའི་ཕྱིར་ཁྱེད་རིགས་སུན་པར་བྱེད་ཅེས་རྒོལ་དུ་བཏང་བས། དེས་བརྒལ་མ་ཐག ཤིན་ཏུ་ཁྲོས་ནས་དེ་རྡོག་འོག་ཏུ་བཅུག་སྟེ་མནན་པས་ནི། ནོར་ལྷ་གདན་དུ་བྱས་པར་གྱུར་ཏོ། །སྒོ་སྲུང་བས་བདག་ལ་ཉེས་པ་མེད་དེ། ཡབ་ཀྱིས་ཕྲིན་ལ་བཏང་བ་ཡིན་པས། བདག་ལ་བདེན་པ་འདི་ཡོད་ན། བདེན་པའི་སྟོབས་འདིས་མགོ་གཡོན་དུ་མི་ཕྱོགས་པར་གྱུར་ཅིག ཅེས་སྨྲས་པས། མགོ་གཡས་སུ་བསྟན་པར་གྱུར་ཏོ། །སྲས་དེ་བས་ཀྱང་ཁྲོས་ཏེ། ཁྱོད་ལྟ་བུའི་བྲན་གཡོག་གིས་ང་ལ་མི་སྙན་པར་བརྗོད་པ་ཅིའི་ཕྱིར་ཞེས་ཏེ། རྐང་པའི་སྟབས་ཀྱིས་ཆེར་མནན་པས་ནོར་འཛིན་གྱི་ཁ་ནས་ཁྲག་སྐྱུགས་སོ། །དེས་སྨྲས་པ། བདག་གི་རྗེ་བོ་ཡིན་པས་བཟོད་པར་ཡང་བྱ། རྒྱལ་པོའི་བཀའ་མ་གཏོགས་པ་ངན་དུ་སྨྲས་པ་ཅི་ཡང་མེད་དེ། བདེན་པ་དང༌། བདེན་པ་གཉིས་པ་འདིས། བདག་གི་ཁྲག་ཐམས་ཅད་ནོར་བུ་སྣ་ཚོགས་སུ་སྐྱུགས་པར་གྱུར་ཅིག ཅེས་བརྗོད་པས། ནོར་བུ་སྣ་ཚོགས་ཁ་ནས་སྐྱུགས་པར་གྱུར་ཏོ། །དེ་ནས་བསམས་པ། ཡབ་ཀྱིས་སྤྱོ་བ་བྱས་བཞིན་དུ་འདིར་སྡོད་པར་མི་རིགས་སྙམ་དུ། མའི་ཡུལ་དུ་སོང་བ་ལས། རྒྱ་མཚོའི་ཀླུ་ཐམས་ཅད་ཀྱིས་མི་སྡུག་པར་མཐོང་ནས། དུག་སྣ་ཚོགས་གཏོང་བར་བརྩམས་ཀྱང་སླར་ཀླུ་ཆེན་བརྒྱད་ཀྱིས་ལུས་ལ་བརྒྱན་པར་གྱུར་ཏོ། །དེ་མས་མཐོང་ནས། མི་སྡུག་པ་དེ་ཡུལ་དུ་འོངས་ན། རབ་ཏུ་ངོ་ཚ་བས། བྱེ་མ་དང་གསེག་མ་གཏོར་ཏེ་སྤྱོ་བ་བྱས་པ་ལས། བ་སྤུ་དང་སྐྲ་ལ་ཕོག་སྟེ་གྱེན་དུ་ལངས་ཤིང་མེ་སྟག་ཐུར་དུ་འཛག་པར་གྱུར་ཏོ། །དེ་ནས་མས་བསྐྲད་དེ་རྒྱ་མཚོར་སྡོད་དུ་མ་བཅུག་པས་ཡིད་སྐྱོ་ཞིང༌། ཡབ་ཡུམ་གྱི་བཀའ་ལུང་མ་གནང་བས། ལྷ་ཀླུ་གནོད་སྦྱིན་གསུམ་གྱི་ནོར་བུ་ཡོད་ཀྱང་མ་ཕན་ཏེ། བཀྲེས་སྐོམ་གྱིས་ཉེན་ནས། སྔོན་ཡབ་ཀྱི་གཙུག་གི་གསེབ་ན་མི་བསྐྱོད་པའི་རྒྱན་ཡོད་པ་དྲན་ཏེ། གསོལ་བ་བཏབ་བོ། །

p. 212

དེའི་ཚེ་མི་བསྐྱོད་པ་མངོན་སུམ་དུ་བྱོན་ནས། ཡབ་ཡུམ་དྲིན་ཅན་གྱིས་གནང་བ་མ་བྱིན་ན། ངས་ཀྱང་ཁྱོད་ཀྱི་བཀྲེས་སྐོམ་སེལ་བར་མི་ནུས་མོད། འོན་ཀྱང་རིག་སྔགས་ཀྱི་རྒྱལ་པོ་ཆུའི་དབང་པོ་ཞེས་བྱ་བའི་མཐུས་བྱིན་གྱིས་བརླབས་ནས། ཁྱོད་ལ་བདུད་རྩིའི་སྦྱིན་པ་ཆེན་པོར་འགྱུར་རོ། །ཞེས་གསུངས་ནས། ཞལ་ཕྱག་བྱིན་གྱིས་བརླབས་ནས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་བྱིན་པས་ཤིན་ཏུ་ཚིམ་པར་གྱུར་ཏོ། །དེ་ནས་ཛམྦྷ་ལ་དེས་ཡེ་ཤེས་ཀྱི་ལུས་ཐོབ་ཀྱང༌། མ་འོངས་པའི་སེམས་ཅན་འདུལ་བ་དང་རྗེས་སུ་གཟུང་པའི་དོན་དུ་མི་བསྐྱོད་པ་དམ་པ་ཉིད་དཔང་པོར་བཙུགས་ནས། གང་ལ་ལ་དག་གཟུངས་སྔགས་འདིས་བདག་ལ་ཆུ་སྦྱིན་པར་བྱེད་ན། དེ་ལ་ནོར་དང་དངོས་གྲུབ་ཀྱི་ཁྱད་པར་འདི་དང་འདི་དག་སྦྱིན་པར་བགྱིའོ་ཞེས་ཁས་བླངས་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡེ། མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ། ཨོཾ་ཧྲིཾ་རཾ་ཀྵཾ་ཛྲཾ་ཏེ། ཧྲཾ་ཀྵཾ་ཛཾ་ཧྲི་ཧཱ། དེ་བྱ་རཏ་ནཽ་ས་«་་་་་སྔགས་འདི་དག་ད་དུང་ཕྱི་མོལ་གཏུགས་དགོས་སྣང་བས་བོད་སྐད་མ་བྲིས།» གཱ་བ་རི་ཤ་ན་ཨཥྚ། བཱ་ཀ་དེ་བ་ཡཀྵ་ས་མ་ཡ་མ་ནུ་སྥ་ར་ཧྲཱིཿ ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲུལ་པའི་ཕྲིན་ལས་གདུལ་བྱ་གཞན་རྒྱུད་དང་རྗེས་སུ་མཐུན་པའི་རྣམ་པར་ཐར་པ་བསྟན་པ་རྫོགས་སོ། ༈ །རིན་པོ་ཆེ་སྣ་བདུན་ལ། ཕྱི་ནང་གསང་གསུམ་མོ། །དང་པོ་ནི། ཨིནྡྲ་ནཱི་ལ་བཻ་ཌཱུརྻ། །གསེར་དངུལ་དང་ནི་མུ་ཏིག་དང༌། །རྡོ་ཡི་སྙིང་པོ་སྣ་བདུན་ནོ། །གཉིས་པ་ནི། འཁོར་ལོ་གླང་ཆེན་རྟ་དང་ནི། །ནོར་བུ་ཟུར་བརྒྱད་བཙུན་མོ་དང༌། །བློན་པོ་དམག་དཔོན་སྣ་བདུན་ནོ། །གསུམ་པ་ནི། རལ་གྲི། པགས་པ། མཆིལ་ལྷྭམ། མལ་གོས། ཁ་ཟས། ཚལ་དང༌། ཁྱིམ་བདག་སྟེ་བདུན་ནོ། ༈ །གྲོང་ཁྱེར་ཤིང་ཐགས་ཅན་གྱི་ལོ་རྒྱུས། གྲོང་ཁྱེར་ཤིང་ཐགས་ཅན་གྱི་ལོ་རྒྱུས་འདུལ་བ་ལུང་ལས་ཤེས་པར་བྱའོ་ཞེས་ཟེར་བ་ནི། འདུལ་བ་ལུང་ལས། མི་གང་ནོར་གྱིས་«་་་་་འདིའི་ཚིགས་བཅད་དངོས་ནི་འདི་ཡིན་ཏེ། མི་གང་

p. 213

རིགས་ཀྱིས་རྒན་པ་དང༌། །ན་ཚོད་རྒན་དང་ཐོས་པས་རྒན། །དེ་ཀུན་ནོར་གྱིས་རྒན་པ་ཡི། །སྒོ་ན་བྲན་བཞིན་ཉེ་བར་སྡོད།།» རྒན་པ་དང་ནི་ཐོས་པས་རྒན། །དེ་ཡང་ནོར་གྱིས་རྒན་པ་སྟེ། །ཞེས་པ་ལ། གྲོང་ཁྱེར་ཤིང་ཐགས་ཅན་ཞེས་བྱ་བ་ན། རྒྱལ་པོ་ཆེན་པོ་བྷུ་ན་ཏོ་བྱ་བ་ལ། ཆུང་མ་མེ་འབངས་ཡང་ཞེས་བྱ་བ་ཡོད་པས། དེ་གཉིས་ལ་རྒྱལ་བུ་པང་ན་སྐྱེས་བྱ་ལ་བལྟམས་སོ། །རྒྱལ་པོ་དེ་འཁོར་དང་ལོངས་སྤྱོད་ཆེ་བ་ཡིན་ཏེ། ཞིབ་ཏུ་སྨོས་ན་རྒྱང་རིང་པོའི་གྲོང་ཁྱེར་དགུ་བརྒྱ་དང་དགུ་བཅུ། ཐག་ཉེ་བའི་གྲོང་ཁྱེར་དགུ་བརྒྱ་དང་དགུ་བཅུ། རྒྱང་རིང་པོའི་ཞིང་ཁམས་དགུ་བརྒྱ་དང་དགུ་བཅུ། ཐག་ཉེ་བ་ན་ཞིང་ཁམས་དགུ་བརྒྱ་དང་དགུ་བཅུ། ཐག་གུ་ཉེ་སྨོན་འདོར་དགུ་བརྒྱ་དང་དགུ་བཅུ། རིན་པོ་ཆེའི་བང་མཛོད་དགུ་བརྒྱ་དང་དགུ་བཅུ། འབྲུའི་བང་མཛོད་དགུ་བརྒྱ་དང་དགུ་བཅུ། གོས་ཀྱི་བང་མཛོད་དགུ་བརྒྱ་དང་དགུ་བཅུ། རྟའི་རྭ་བ། ཕྱུགས། གླང་པོ་ཆེའི་རྭ་བ་ལ་སོགས་པ་བསམ་ལས་འདས་སོ། །དེ་ལས་གཞན་པ་ནོར་བུ་རིན་པོ་ཆེ། ཆེ་བ་རྣམས་ཡར་བཞག ཆུང་བ་རྣམས་མར་བོར་བའི། འབྲིང་པོ་སྲན་མ་ཙམ་གྱི་ཕུང་པོ་ལ་རྟ་པ་མདུང་ཐོགས་བརྒྱ་རྒྱའི་འབྲོས་འདེད་མི་མཐོང་བ་ཡོད་དོ། །དེ་དང་མཚུངས་པར་རྨུགས་འཛིན་ཡང་ལྷ་ཀླུ་གནོད་སྦྱིན་གྱི་ནོར་བུ་ལ་དབང་བྱེད་ནས་ནོར་རིན་པོ་ཆེ་མང་ཞིང་གསོལ་བ་བཏབ་ན་དབུལ་བ་འདོར་བའི་ནུས་པ་དང་ལྡན་ནོ། །ཞེས་གསུངས་སོ། ༈ །དབང་ཕྱུག་སྙིང་པོའི་གཏེར་བུམ། དབང་ཕྱུག་སྙིང་པོའི་གཏེར་བུམ་ལས། །ལྕགས་ཀྱུས་ལྕག་བཏབ་ཟས་ནོར་སྟེར། །ཞེས་པ་ནི། མི་བསྐྱོད་པ་དང༌། ཛམྦྷ་ལའི་བསྙེན་པ་སྔོན་དུ་སོང་བས། འཇིམ་པ་བཟང་པོ་ལ་གཏེར་གྱི་བུམ་པའི་གཟུགས་བྱས་ལ། ཁ་རྒྱན་རིན་པོ་ཆེའི་ཤིང་སྣ་ཚོགས་སྐྱེས་པས་ཁ་རྒྱན་བྱ། མགུལ་ཆིངས་མུ་ཏིག་དང་ལྷའི་ན་བཟའ་དང་ལེ་བརྒན་འབར་བས་བཅིངས་ལ། ནང་དུ་

p. 214

བུམ་རྫས་འབྲུ་ལྔ་དང༌། སྙིང་པོ་ལྔ་དང༌། སྨན་ལྔ་དང༌། དྲི་ལྔ་ལ་སོགས་པས་དགང༌། དེ་ཕོ་བྲང་ཉམས་དགའ་བའི་སྟེང་དུ་བཞག་ལ། མཆོད་པ་ཅི་འབྱོར་དབུལ། ཛཾ་ནག་གི་རྟེན་རབ་གནས་དང་ལྡན་པ་བཞུགས་ལ། ཡན་ལག་བདུན་པ་ལ་སོགས་པ་དབུལ། རྩི་མར་གྱི་མར་མེ་དང༌། ཨ་ཀ་རུའི་བདུག་སྤོས་དབུལ། མེ་ཏོག་སྔོན་པོ་དྲི་ཞིམ་པོའི་མཆོད་པ་བཟང་པོ་དབུལ། མཎྜལ་གསེར་དངུལ་ལ་སོགས་པ་རང་གང་འདོད་པའི་དངོས་པོའི་གཟུགས་ཙཀླི་ལ་སོགས་པ་བྱས་ལ་དབུལ། ཁྱད་པར་དུ་རང་གང་འདོད་ཀྱི་ཟས་ནོར་གྱི་གཟུགས་འཇིམ་པའམ། སྤྲ་ཚིལ་ལ་བྱས་ལ། རྟ་སྔོན་པོར་ཁལ་དུ་དགལ། ཟས་ནོར་དེ་རང་ལ་གྲི་མཚོན་ལས་བྱས་པའི་ལྕགས་ཀྱུ་བཏབ་ལ་གཞག སྒའི་ཕྱི་རུ་ལ་རྟ་ལྕག་ཤིང་སེར་པོ་ལྕག་འབྲས་སྔོན་པོ་བྱས་པ་གཅིག་གདགས། ཐུན་གསུམ་དུ་བཅད་ལ། ཆུ་སྦྱིན་དང་མཆོད་པ་ཚར་རེ་རེ་ཕུལ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ།«་་་་་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།» ན་མོ་མ་ཎི་བྷ་དྲཱ་ཡ།«་་་་་ཕྱག་འཚལ་ནོར་བུ་བཟང་པོ་ལ།» མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ།«་་་་་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ།» ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ།«་་་་་གནོད་གནས་ཆུའི་དབང་པོ་ལ།» ཞེས་པ་བརྒྱ་རྩ་བརྒྱད་བཟླས་ནས་ལྕགས་ཀྱུས་ཐེན་ཐེན་པ་རེ་བྱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་སརྦ་«་་་་་ཟས་དང་ནོར་དང་བཟང་པོའི་དོན་ཐམས་ཅད་དབང་དུ་མཛོད།» བྷཀྵ་དྷ་ན་བྷ་དྲཱརྠ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ་རྟ་དེ་ལྕག་གིས་བྲབ་བོ། །དེ་ལྟར་ཉིན་རེ་རེ་ལ་ཐུན་གསུམ་གསུམ་དུ་མ་ཆག་པར་བྱ། ཐུན་རེ་རེའི་རྗེས་སུ་དཀར་གཏོར་རེ་རེ་ལ་མེ་ཏོག་དང་འབྲས་བུ་དང་སྒྲོན་ཤིང་གི་མར་མེས་བརྒྱན་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་བ་ལིཾ་«་་་་་གཏོར་མ་»ཏ་ཁ་«་་་་་ཟོ་ཟོ་»ཁ་ཁཱ་ཧི་ཁཱ་«་་་་་ཟོ་ཞིག་ཟོ་ཞིག་»ཧི་མ་«་་་་་སྙིང་སྟོབས་ཆེན་པོའི་ནོར་དོན་ཡོད་པར་མཛོད་»ཧཱ་སཏྭཱ་ཨརྠ་ཨ་མོ་གྷ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ་དབུལ། འདོད་པའི་དོན་ལ་གསོལ་བ་གདབ། སྨོན་ལམ་ཡང་གདབ་བོ། །༈ །བདུད་རྩི་རིལ་བུའི་སྒྲུབ་ཐབས། བྲམ་ཟེའི་ཚངས་སྐྱོང་ལྔ་ཚན་ལྔས། །

p. 215

བཀང་སྟེ་བཅུད་བསྡུས་དངོས་གྲུབ་ལེན། །ཞེས་པ་ནི། ཐོད་པ་མཚན་ལྡན་གྱི་ནང་དུ་འབྲས་ལ་སོགས་པ་འབྲུ་ལྔ་དང༌། ག་བུར་ལ་སོགས་པ་དྲི་ལྔ་དང༌། ཨུཏྤལ་ལ་སོགས་པ་སྨན་ལྔ་དང༌། གསེར་ལ་སོགས་པ་རིན་པོ་ཆེ་ལྔ་དང༌། མར་ལ་སོགས་ཏེ་སྙིང་པོ་ལྔ་རྣམས་ཀྱི་དགང༌། དེའི་དབུས་སུ་བདུད་རྩི་རིལ་བུ་དྲི་ཞིམ་པོའི་ཟ་མ་ཏོག་གི་ནང་དུ་བཞག་ལ། དེའི་སྟེང་དུ་ཛམྦྷ་ལ་དང་ནོར་རྒྱུན་མ་ཞལ་སྦྱོར་གྱི་རྟེན་རབ་གནས་དང་ལྡན་པ་བཞུགས། རང་མི་བསྐྱོད་པའི་ང་རྒྱལ་གྱིས་མི་བསྐྱོད་པའི་སྔགས་བརྒྱ་རྩ་བརྒྱད་བཟླ། ཐུགས་ཀ་ནས་འོད་འཕྲོས་པས་ཛམྦྷ་ལ་དབང་དུ་གྱུར་པར་བསམ། མི་བསྐྱོད་པ་ཡོངས་སུ་གྱུར་ནས་ཛམྦྷ་ལ་ནོར་རྒྱུན་མ་དང་ཞལ་སྦྱོར་དུ་བསམ། དེའི་ཐུགས་ཀའི་བྃ་སེར་པོ་ལས་འོད་ཟེར་འཕྲོས་པས་ཀ་པཱ་ལའི་སྟེང་གི་ཛམྦྷ་ལ་ཞལ་སྦྱོར་ལ་ཕོག་པས་སྙོམས་པར་འཇུག་པར་བསྐུལ་མ་གདབ་སྟེ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་ཆུ་རྒྱུན་ཆར་ཆེན་པོ་འབབ་པ་ལྟར་བྱུང་ནས་རྫས་ལྔ་མཚན་ལྔ་ལ་ཐིམ་ཞིང༌། ཁྱད་པར་དུ་བདུད་རྩི་ལྔའི་རིལ་བུ་ལ་བདེ་བ་ཆེན་པོའི་བཅུད་འདུས་པར་བསྒོམ། ཨོཾ་ཨཱཿབཛྲ་ཨཀྵོ་བྷྱཿམ་«་་་་་རྡོ་རྗེ་མི་བསྐྱོད་པ་བདེ་བ་ཆེན་པོའི་དངོས་གྲུབ་»ཧཱ་སུ་ཁ་སིདྡྷིཿཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། དེ་ཐུན་གསུམ་དུ་ཞག་བདུན་བཟླས་པ་བྱ། རྗེས་ལ་བདུད་རྩི་རིལ་བུ་བཟའའོ། །༈ །པུར་ལིང་གི་སྦྱོར་བ། རིན་ཆེན་སྙིང་པོ་ཉི་ཟླ་དང༌། །པདྨ་རབ་སྦྱངས་བདེ་ཆེན་ཐོབ། །ཅེས་པ་ནི། སྐྱེས་བུའི་ལུས་རིན་པོ་ཆེའི་སྙིང་པོ་བྱང་སེམས་དཀར་དམར་ལ་བརྟེན་ནས། དགའ་བཞིའི་ཡེ་ཤེས་སྒྲུབ་པ་ཡིན་པས། གནས་དབེན་པར་ཐ་མལ་གྱི་བྱ་བྲེལ་སྤངས་ལ། རིག་མ་མཚན་ལྡན་དབང་གིས་སྨིན་པར་བྱས་ལ། ཞག་འགའི་བར་དུ་ཡི་དམ་གྱི་ལྷ་ཡབ་

p. 216

ཡུམ་གྱི་བསྐྱེད་རིམ་གསལ་གདབ་ཅིང་ལྷའི་རྣལ་འབྱོར་ལ་གནས་པར་བྱའོ། །དེ་ནས་རང་དང་རིག་མ་གཉིས་ཀ་ལྷར་གསལ་བའི་སྤྱི་བོ་དུང་ཁང་གི་གཞལ་ཡས་ཁང་དུ་ཟླ་བའི་གདན། དེའི་སྟེང་དུ་ཧྃ་དཀར་པོ་སྤྱིའུ་ཚུགས་སུ་འོད་ཟེར་འཚེར་བ་གཅིག་བསམ། ལྟེ་འོག་སོར་བཞི་བཅལ་བ་ན་སྤྲུལ་པའི་གཞལ་ཡས་ཁང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་དམར་པོ་ཡེ་ཤེས་ཀྱི་མེ་འབར་ལ་ཁད་པ་གཅིག་བསམ། རླུང་འཇམ་པོ་ནང་དུ་བཟུང་ནས་བུམ་པ་ཅན་གོམས་པར་བྱ། ལྟེ་བར་ཨ་ལ་རླུང་ཚུད་པས་གཏུམ་མོའི་མེ་འབར་ནས་ཨ་བ་དྷཱུ་ཏཱིར་ཞུགས་ཏེ། སྤྱི་བོའི་ཧྃ་བསྲོས་པས་བྱང་སེམས་དཀར་པོ་འཛག་ལ་ཁད་པར་བསྒོམ། དེའི་ཚེ་རང་ལུས་ལ་བརྟེན་པའི་དགའ་བ་བཞི་བསྐྱེད་ནས། བདེ་བ་ལ་སྟོང་པའི་རྒྱས་གདབ་ཅིང་བདེ་སྟོང་དབྱེར་མེད་དུ་བསྒོམ་པ་ནི་བསྙེན་པའི་དོད་ཡིན་ནོ། །སྒྲུབ་པའི་དོད་ནི་ཡབ་ཡུམ་ཞལ་སྦྱོར་ལ་བརྟེན་ནས་ལྷ་ཞལ་སྦྱོར་གསལ་བཏབ་ལ། རླུང་གི་སྦྱོར་བས་ཨ་ལས་མེ་འབར་བས་མེ་ལྕེ་ཀཱ་ལིའི་རྣམ་པར་དྷཱུ་ཏཱི་ནས་འཇུག་པ་དང༌། ཧྃ་ལས་བདུད་རྩི་དཀར་པོ་ཨཱ་ལིའི་རྣམ་པར་བབས་པར་བསམ་ཞིང༌། རང་སེམས་སྟོང་ཉིད་ཀྱི་ངོ་བོ་ཧཱུྃ་ཡིག་སྔོན་པོས་གོང་འོག་གཉིས་ཀའི་འབར་འཛག་བདེ་གསལ་དབྱེར་མེད་སྟོང་པའི་ངོ་བོར་ཉམས་སུ་མྱོང་བར་བསམ་མོ། །ལས་སྦྱོར་གྱི་དོད་ནི་ཐབས་ཤེས་རབ་ཀྱི་སངས་རྒྱས་བསྟེན་པ་ལ་མཁས་པས། བདེ་བས་སྟོང་པའི་ཉམས་མི་སྤོང༌། སྟོང་པས་བདེ་ལ་མ་ཆགས་པར་བསྐྱང་ངོ༌། །པུར་ལིང་གི་སྦྱོར་བའོ། །༈ །རྟེན་བཞེངས་པའི་མན་ངག རྟེན་བཞེངས་པའི་མན་ངག་ནི། དུས་ཀྱི་ཁྱད་པར་ཞི་བའི་ལས་འགྲུབ་ཡིན་པས། དབྱར་ཟླ་ཐ་ཆུང་ཞེས་སྨོས་པས། དབྱར་ཟླ་ཐ་ཆུང་ལ་བཞེངས་སོ། །རྒྱས་པའི་ལས་སྒྲུབ་པས་ནི། དགུན་ཟླ་ཐ་ཆུང་ལ་བཞེངས། དབང་གི་ལས་སྒྲུབ་པས་ནི། སྟོན་ཟླ་ཐ་ཆུང་ལ་བཞེངས།

p. 217

དྲག་པོའི་ལས་སྒྲུབ་པས་ནི། དཔྱིད་ཟླ་འབྲིང་པོ་ལ་བཞེངས། ལུགས་མ་དང་རས་བྲིས་དང་ལྡེར་སོ་ལ་སོགས་པ་ཛྃ་ནག་མཚན་ཉིད་ཇི་ལྟ་བ་བཞིན་དུ་བཞེངས་ལ། དེ་ཉིད་དྲི་བཟང་གིས་ཁྲུས་བྱས་ཏེ། དེའི་མདུན་དུ་བཞུགས་ལ། རང་མི་བསྐྱོད་པའི་ཐུགས་ཀར་ཟླ་བའི་གདན་ལ་ཛྃ་ཡིག་བཻཌཱུརྻའི་མདོག་ཅན་ལས། རང་ཛམྦྷ་ལར་བསྐྱེད་ཅིང༌། མདུན་གྱི་དེ་རང་དང་འདྲ་བར་བསྐྱེད་ལ། རྟེན་དེའི་ཐུགས་ཀར་ཡང་ཛྃ་ཡིག་དེ་ཁོ་ན་འདྲ་བ་གཅིག་བསམ། རང་དང་རྟེན་གྱི་ཛྃ་ཡིག་གཉིས་ཀ་ལས་འོད་འཕྲོས་ཏེ། འོག་མིན་དུ་སོང་ནས་མི་བསྐྱོད་པའི་ཛྃ་ཡིག་གིས། ཡེ་ཤེས་པའི་ཛྃ་ནག་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བྱོན་པ་ལ། རྟེན་གྱི་ཛྃ་ཡིག་གིས་མཆོད་པ་དཔག་ཏུ་མེད་པ་ཕུལ་ནས། རྟེན་འདི་ལ་མི་འབྲལ་བར་བཞུགས་སུ་གསོལ་ཞེས་གསོལ་བ་དྲག་ཏུ་གདབ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ནས་བསྟིམ་མོ། །དེ་ནས་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ན་མཿ«་་་་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། »སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པས་མི་བསྐྱོད་པས་དབང་བསྐུར་བར་བསམ། དྲིའི་ཐིག་ལེ་གསུམ་བྱ་ཞིང༌། སྐུ་ཁྲུས་གསོལ། མཆོད་པ་རྒྱས་པར་ཕུལ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་ཀཱ་«་་་་་སྐུ་»ཡ་ཝཱ་«་་་་་གསུང་»ཀ་ཙིཏྟ་«་་་་་ཐུགས་ཀྱི་རྡོ་རྗེ་»བཛྲ་པྲ་«་་་་་སོ་སོར་»ཏི་ཏིཥྛ་«་་་་་བཞུགས་སུ་གསོལ།» ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པའི་མེ་ཏོག་གཏོར། བཀྲ་ཤིས་གསོལ། རྟེན་བཞེངས་པའི་མན་ངག་གོ །ཁ་ཆེ་པཎ་ཆེན་གྱི་མན་ངག་ཁྱད་པར་ཅན་འདི་ཡོད་པ་ནི་འགའ་ལས་མེད་དོ། ༈ །རིགས་ངན་གདུག་པའི་ལས་གསུམ་བྱ་ཐབས། རིགས་ངན་གདུག་པའི་ལས་གསུམ་བྱེད། །ཅེས་བྱ་བ་རྣ་བ་མནན་ནས་བསྒྲུབ་བྱའི་ངག་བཅིང་བ་ལ། སྒྲུབ་བྱེད་དེས་སྔགས་ཇི་ཙམ་བཟླས་ཀྱང༌། ཡི་དམ་ལྷའི་སྙན་དུ་མི་འགྲོ་བར་སྔགས་བཟླས་པ་དོན་མེད་དུ་འགྱུར་བ་སྟེ། ཛཾ་ནག་ལ་སྙན་ཤལ་མེད་པར་རིགས་ངན་

p. 218

གྱི་རྣ་བ་ལྟར་ཡོད་པའི་ཕྲིན་ལས་སོ། །དེ་ཡང་བསྙེན་པ་སྔོན་དུ་སོང་བས་བསྒྲུབ་བྱའི་གཟུགས་བྲིས་ལ། དེའི་ཁ་གདངས་པའི་ལྕེ་སྟེང་དུ་བྃ་ཞེས་པའི་ཡི་གེ་མཚན་ལམ་ལྡོང་རོས་ཀྱིས་བྲི། རང་མི་བསྐྱོད་པའི་ང་རྒྱལ་གྱིས་ཛཾ་ནག་ཏུ་འཕོས་ལ་དེའི་ང་རྒྱལ་གྱིས། ཨོཾ་ཛམྦྷ་ལ་མིང་རུས་ཆེ་གེ་མོ་བྃ་«་་་་་ངག་རེངས་པར་འཆིང་བར་མཛོད་ཅིག»་ཝཱ་ཀྲ་ཥྚོཾ་བནྡྷ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་བསྒྲུབ་བྱའི་ངག་གི་བཟླས་པ་དེ་ཉིད་ཀྱི་ལྕེའི་སྟེང་གི་བྃ་གྱི་ནང་དུ་བསྡུས་ཏེ། བྃ་དེ་ཉིད་ལྕགས་ཀྱི་གའུ་ལྟ་བུར་གྱུར་ནས་ངག་གི་ནུས་པ་ཐམས་ཅད་བཅིངས་པར་བསམ། དེ་ལྟ་བུ་བསྒྲུབ་བྱའི་ལོ་གྲངས་ཚང་བར་ནན་ཏན་བྱའོ། «།བྷཱུྃ་ཟེར་བའང་སྣང༌།་་་་་»དེ་ནས་བྲུྃ་ཞེས་བརྗོད་པས་སྟེང་གི་གའུའི་ཐོག་ན་མར་རྡོ་རྗེ་རྒྱ་གྲམ་སྔོན་པོ་རི་རབ་ལྟར་ལྕི་བ་ཞིག་གིས་མནན་པར་བསམས་ལ་གཞག དེ་ལྟར་ལན་ཉི་ཤུ་རྩ་གཅིག་ཏུ་བྱ། དེའི་རྗེས་ལ་ཡི་དམ་གྱི་ལྷ་གང་ཡིན་ན་ངོ་ཤེས་པར་བྱས་ལ། འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་ཟ་མ་ཏོག་གི་ཁ་ཆོད་ལྟ་བུ་ཞིག་གིས་ཡི་དམ་དེའི་སྙན་གཉིས་ཀ་བཀག་པར་བསམ། ཨོཾ་བཛྲ་«་་་་་རྡོ་རྗེ་འགོག་པ་»ནི་རོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ལན་བདུན་བརྗོད་དེ། ལྷ་དེའི་སྙན་བཀག་པར་བསམ་མོ། །ཤིན་ཏུ་ཟབ་པ་ཡིན་སྐད་ཨི་ཏི། ༈ །མདངས་འཕྲོག་ཐབས། མདངས་འཕྲོག་ཅེས་པ་ནི། རང་མི་བསྐྱོད་པར་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་སྐུ་མདོག་དཀར་པོར་གྱུར་པར་བསམ། མཚན་མ་འགྲེང་བའི་ཆུ་སོ་ནས་རླུང་མེའི་དྲོད་ཅན་བྱུང་ནས། བསྟན་པ་ལ་སྡང་བའི་དགྲ་བོ་གང་ཡིན་པ་དེའི་བུ་ག་དགུ་ནས་ཞུགས་ཏེ། ལུས་ཀུན་ཁྱབ་པར་བྱས་ནས། སྲུབ་ཤིང་གིས་ཞོ་བསྲུབ་པ་ལྟར། ཁམས་དྭངས་མ་བསྲུབ་པར་བསམ། ཨོཾ་ཛམྦྷ་ལ་ནཱ་ག་རཱ་ཛ་ཕུཿ ཕུཿ ཕུཿ ཕུཿ ཕུཿ ཕུཿ ཕུཿ ཕུཿ ཕུཿ ཛྲུྃ་ཛྲུྃ་ཛྲུྃ། ཞེས་པ་བསྒྲུབ་བྱའི་ལོ་གྲངས་ཅིག་བརྗོད་ནས་དགྲ་བོ་དེའི་སྟོབས་དང་གཟི་བརྗིད་དབང་ཐང་དང་ནུས་མཐུ་ལ་སོགས་པའི་མདངས་

p. 219

ཐམས་ཅད་རྒྱན་གྱི་སྦྲུལ་ཆེན་པོ་བརྒྱད་ཀྱིས་ཁ་ཕྲག་ཏུ་གཞིབས་ནས་ཡང་ཡང་དུ་དྲངས་པས། འོ་མ་གཞིབས་པའི་རྐྱལ་བུ་སྟོང་པ་ལྟར་སོང་བར་བསམ་མོ། །དེ་ལྟར་ཞག་གསུམ་མམ་ལྔའམ་བདུན་དུ་ཐུན་གསུམ་གསུམ་དུ་མ་ཆག་པར་བྱས་ན་བསྒྲུབ་བྱའི་མདངས་འཕྲོགས་ཏེ། སྦྲུལ་རྒྱན་གྱིས་གཞིབས་པའི་ནུས་པ་རྣམས་ནི་འཕགས་པའི་སྐུ་ལ་སྨིན་པས་སྔར་གྱི་སྐུ་མདོག་དཀར་པོ་དེ་ཉིད་གནག་ལ་མཐིང་བའི་ཁ་དོག་ཏུ་གྱུར་ཏེ། སྐུ་མདོག་ཆར་སྤྲིན་ལྟར་འཇིགས་པར་བསམ་མོ། །༈ །དགྲ་བགེགས་དགྲལ་བའི་ཆོ་ག དགྲ་བོའི་བྱིས་པའི་གཟུགས་འཇིག་པས། །ཞེས་པ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། དགྲ་བོ་དེའི་བུའམ་བུ་མོ་གང་ཡིན་ཡང་ཕ་དང་མའི་ཁུ་ཁྲག་ལས་གྲུབ་པ་ཡིན་པས། ཁུ་ཁྲག་གི་ནུས་པ་ཉམས་ན་ལུས་ཕུན་སུམ་ཚོགས་པར་མི་འགྱུར་ཞིང༌། གལ་ཏེ་དབང་པོ་ཡོངས་སུ་རྫོགས་ཀྱང༌། མིའུ་ཐུང་དུ་འགྱུར་བར་བྱ་བའི་ཐབས་ནི། དེ་ལ་དགྲའི་བྱིས་པ་དེའི་ཕ་ཡིན་པ་དེའི་སྤྱི་བོར་བྱང་སེམས་ཀུནྡ་ལྟ་བུ་ཟླ་བའི་ཐིག་ལེ་ནི་ཉི་མའི་དཀྱིལ་འཁོར་དུ་གྱུར། མར་གྱུར་པ་གང་ཡིན་པ་དེའི་ལྟེ་བ་བྱང་སེམས་ཉི་མ་ལྟ་བུའི་གནས་ཉི་མའི་ཐིག་ལེ་ནི་ཟླ་བར་གྱུར། ཕ་མ་འདུ་འཕྲད་ནམ་བྱེད་པར་གྱུར་པ་ན། ཕའི་ཐིག་ལེ་ནི་ཛཾ་ནག་མིའུ་ཐུང་དུ་གནས་པའི་ཆུ་སོ་ལ། ཊ་ཋ་ཌ་ཌྷ་ཎ། ཞེས་པ་ཡི་གེ་ལྔའི་གཟུགས་སུ་བྱང་སེམས་རཀྟའི་རྣམ་པར་འབབ་པར་བསམ། མའི་ཐིག་ལེ་ནི། ན་དྷ་ད་ཐ་ཏ། ཞེས་པའི་ཡི་གེ་ལྔའི་གཟུགས་སུ་མངལ་གྱི་གནས་ན་བྱང་སེམས་དཀར་པོའི་རྣམ་པར་འཁྱིལ་པར་བསམ་མོ། །དེས་ནི་ཕོ་མོའི་དབང་པོ་རྫོགས་ཀྱང་མིའུ་ཐུང་གི་ལུས་སུ་འགྱུར་རོ། །རིགས་ངན་གྱི་ལས་ཚོགས་སོ། །༈ །བགེགས་སྐྲོད་པའི་ཆོ་ག ཁྲོ་ཞལ་ཕྲིན་ལས་བགེགས་སྐྲོད་ཡིན། །ཞེས་པ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་

p. 220

ལ། ཛམ་ནག་གི་ཞལ་བཞི་ཕྱོགས་བཞིར་བལྟས་པར་བསྒོམ། ཁྱིམ་འདྲེ་ཅན་དང༌། ནོར་འདྲེ་ཆགས་པ་དང༌། སྔགས་པའི་བྱད་ཁ་ཟུག་པ་དང༌། མིའི་རྗེས་སུ་བགེགས་ངན་འབྲངས་པ་དང༌། འདྲེ་ངན་ཁ་སྙོགས་སུ་ཞུགས་པ་རྣམས་ལ་འདི་བྱའོ། །ཞལ་ཤར་མའི་ནང་དུ་ཧཱུྃ་དཀར་པོ་ལས་མེ་དཀར་པོ་འབར་བས་སྟེང་གདོན་གྱི་རིགས་ཐམས་ཅད་བསྲེགས་པར་བསམ་ཞིང་ཤར་གྱི་ཞལ་ནས། ཨོཾ་སུམྦྷ་ནི་སུམྦྷ་«་་་་་གནོད་མཛེས་ངེས་པར་གནོད་མཛེས་»ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་བཟླ། ལྷོའི་ཞལ་དུ་ཧཱུྃ་སེར་པོ་ལས་མེ་སེར་པོ་འབར་བས་བར་གདོན་ཐམས་ཅད་བསྲེགས་པར་བསམ་ཞིང༌། ཨོཾ་གྲྀཧྞ་གྲྀཧྞ་«་་་་་ཟུངས་ཟུངས་»ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་བཟླ། ཞལ་ནུབ་མའི་ནང་དུ་ཧཱུྃ་དམར་པོ་ལས་མེ་དམར་པོ་འབར་བས་འོག་གདོན་ཐམས་ཅད་བསྲེགས་པར་བསམ་ཞིང༌། ཨོཾ་གྲྀཧྞ་པ་«་་་་་ཟུངས་ཤིག་ཟུངས་ཤིག་»ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་བཟླ། ཞལ་བྱང་མའི་ནང་དུ་ཧཱུྃ་ལྗང་གུ་ལས་མེ་ལྗང་གུ་འབར་བས་ཀུན་ཏུ་ཁྱབ་པའི་གདོན་ཐམས་ཅད་བསྲེགས་པར་བསམ་ཞིང༌། ཨོཾ་ཨཱ་ན་ཡ་ཧོཿབིདྱཱ་རཱ་ཛ་«་་་་་བུག་ཅིག་རིག་པའི་རྒྱལ་པོ།» ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་དོ། །དེ་ནས་ཨོཾ་བཛྲ་པྲཱ་«་་་་་རྡོ་རྗེའི་རྭ་བ་»ཀཱ་ར་ཧཱུྃ་ཞེས་བརྗོད་པས་རྡོ་རྗེའི་གུར་དབུབ་ཅིང༌། རྡོ་རྗེའི་རྭ་བས་བསྐོར་བར་བསམ། དེས་བགེགས་ཐམས་ཅད་དང་བྲལ་བར་བསམ་མོ། ༈ །ཀླུ་བརྒྱད་གདོན་དགྲོལ། ཀླུ་བརྒྱད་གདོན་དགྲོལ་ཞེས་པའི་གདོན་འགྲོལ་བ་ནི་བག་ཟན་ལ་མིའི་གཟུགས་སྐྱེ་མཆེད་དོད་པར་བྱས་ལ། དེ་འོ་མའི་ནང་དུ་གཞག རྗེ་བཙུན་སེང་གེ་སྒྲ་ལ་སོགས་པའི་གདོན་འགྲོལ་སྤྱི་དང་མཐུན་པར་རྫས་དང་ཆོ་ག་ཐམས་ཅད་བྱ། རང་མི་བསྐྱོད་པ་ལས་ཛྃ་ནག་ཏུ་ཕོས་ལ། དེའི་ང་རྒྱལ་གྱིས་རང་གི་རྒྱན་གྱི་སྦྲུལ་བརྒྱད་ཀླུ་ཆེན་བརྒྱད་དུ་བསམས་ལ། རོ་སྟོད་མི་ལ་རོ་སྨད་སྦྲུལ་མཇུག་འཁྱིལ་བ་བརྒྱད་ཀྱིས་མི་གཟུགས་དེའི་མཐའ་མ་བསྐོར། ཛཾ་ནག་གི་ང་རྒྱལ་གྱིས་

p. 221

རྨ་བྱའི་སྒྲོ་ཐོགས་ལ་ནད་པའི་ལུས་ལ་བྱབ་ཅིང༌། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སརྦ་«་་་་་སྡིག་པ་དང་ནད་ཐམས་ཅད་ཞི་བར་མཛོད།» པཱ་པཾ་བྱཱ་དྷི་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་ནད་པའི་སྡིག་སྒྲིབ་དང་གདོན་ལ་སོགས་པའི་གནོད་པ་ཐམས་ཅད་མི་གཟུགས་དེ་ལ་རྨ་བྱའི་སྒྲོ་ཡིས་བླུགས་པར་བསམ་མོ། །ཨོཾ་ཨཱཿ«་་་་་འདིར་ཨཱཿརིང་པོ་ཚིག་དྲག་ཅན་དུ་དཔེ་གཉིས་མཐུན་ཀྱང་མཐའ་ཡས་ཀྱི་མིང་ཡིག་དང་པོ་ཨ་ཐུང་ཡིན་ནམ་སེམས།» ཀླུའི་རྒྱལ་པོ་མཐའ་ཡས་ཀྱིས་ནད་པ་མི་རུས་ཆེ་གེ་མོའི་ནད་དང་གདོན་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག ཅེས་བརྗོད། ཛམྦྷ་ལའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་དབུའི་གཙུག་ཏོར་གྱི་སྦྲུལ་ལ་ཕོག་སྟེ་གཟིར་བས། དེ་ལས་འོད་ཟེར་བྱུང་ནས་ནད་པའི་ལུས་ལ་རྨ་བྱའི་སྒྲོས་བྱབས་ཏེ། ནད་དང་གདོན་ཐམས་ཅད་མི་གཟུགས་དེ་ལ་སྤོས་པར་བསམ་མོ། །དེ་བཞིན་དུ་རྣ་བའི་རྒྱན་གྱི་ཀླུའི་རྒྱལ་པོ་འཇོག་པོ་ལ་བཀའ་བསྒོ་བ་དང༌། དོ་ཤལ་གྱི་རྒྱན་གྱི་པདྨ་ཆེན་པོ་དང༌། ཚངས་སྐུད་ཀྱི་སྟོབས་ཀྱི་རྒྱུ་དང༌། དཔུང་རྒྱན་གྱི་རིགས་ལྡན་དང༌། ཕྱག་གདུབ་ཀྱི་དུང་སྐྱོང༌། སྐ་རགས་ཀྱི་ནོར་རྒྱས་དང༌། ཞབས་གདུབ་ཀྱི་ཀླུའི་རྒྱལ་པོ་པདྨ་ལ་བཀའ་བསྒོ་བ་རྣམས་རིམ་པ་བཞིན་དུ་བྱའོ། །དེ་ནས་ནད་པའི་གཟུགས་བརྙན་ཀླུ་བརྒྱད་དང་བཅས་པ་རྣམས་རྒྱ་མཚོར་འབབ་པའི་ཆུ་བོར་གཤེགས་སུ་གསོལ་ལོ། །༈ །ཆར་དབབ་པའི་ལས། ཆར་འབེབས་བྱེད་ཅེས་པ་ནི། འོ་མ་ལ་སོགས་པའི་དཀར་གསུམ་དང༌། ཀླུ་སྨན་གྱི་རིགས་རྙེད་ཚད་བསགས་ལ། རིན་པོ་ཆེའི་སྣོད་གཙང་མར། གླ་རྩི་མ་གཏོགས་པའི་དྲི་ཞིམ་པོ་སྣ་ཚོགས་དང་སྦྱར་བའི་བག་ཟན་ལ་ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་གཟུགས་བྱས་ལ། སྐུ་སྟོད་མི་ལ་ཐལ་མོ་སྦྱར་བས་ནོར་བུ་རིན་པོ་ཆེ་འཛིན་པ། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་སྦྲུལ་མགོ་དགུ་དང་ལྡན་པ། སྤྱི་བོའི་ནོར་བུའི་ནང་དུ་རིང་བསྲེལ་ཡིན་ངེས་པ་གཅིག་

p. 222

གུར་གུམ་གྱིས་དྲིལ་ལ་གཞུག ཐུགས་ཀར་གསེར་གྱི་ཡི་གེ་ཕུཿགཅིག་གི་ཝཾ་གིས་དྲིལ་ལ་གཞུག དེ་འོ་མ་ལ་སོགས་པའི་ནང་དུ་གཞུག་གོ །མདུན་དུ་མཆོད་པ་ཅི་འབྱོར་པ་བཤམ། འཕན་གདུགས་ལ་སོགས་པ་འབྱོར་ཚད་ཀྱིས་མཐའ་བསྐོར། སྟེང་དུ་སྤོས་དྲི་ཞིམ་པོས་བགོས་པའི་ཟ་འོག་གི་བླ་བྲེའམ། རས་སམ། ཤོག་གུ་ལ་སྤྲིན་འཐུག་པོ་འཁྲིགས་པའི་ཚུལ་དང༌། གློག་འགྱུ་བའི་རི་མོ་བྱས་ལ་དགྲམ། རང་བྱམས་སྙིང་རྗེ་དང་ལྡན་པས་ཛཾ་ནག་ཏུ་འཕོས་ལ། ཐུགས་ཀ་ནས་འོད་ཟེར་མེ་སྟག་ལྟ་བུས་ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་ཡི་གེ་ཕུཿལ་ཕོག་པས་ཐུགས་གཟིར་བར་བསམ། ཨོཾ་བཛྲ་ཛམྦྷ་ལ་ས་མ་ཡ་«་་་་་དམ་ཚིག་»སྨ་ར་«་་་་་དྲན་པ་དྲན་པ་»སྨ་ར། ཨ་ནུ་སྨྲྀ་ཏི།«་་་་་རྗེས་སུ་དྲན་པ་»གརྫ་གརྫ།«་་་་་སྒྲོགས་སྒྲོགས་»བི་«་་་་་འདི་རྣམས་ད་དུད་ཀྱི་མོ་ལ་འཇུག་གོ། »ཛྷུ་ལ་བི་ཛྷུ་སུ་ས་ཧྲིཾ་གྷྲི་ཕུཿ«་་་་་ཧྲི་གྷཾ་བེར་»ཕུཿ ཕུཿ ཕུཿ ཕུཿ ཕུཿ ཕུཿ ཕུཿ ཞེས་ཞག་གསུམ་བཟླ། ཐུན་གསུམ་དུ་ཀླུ་མཆོད་རྒྱས་པར་བྱ། ཞག་གསུམ་གྱི་རྗེས་ལ་ཛཾ་ནག་གི་ང་རྒྱལ་གྱིས། སྦྲུལ་གྱི་རྒྱན་བརྒྱད་ལས་འོད་ཟེར་མེ་སྟག་ལྟ་བུ་འཕྲོས་ནས་གདུངས་པར་བསམ། བརྒྱད་ཀ་ལས་རང་རང་གི་ཁ་དོག་ཅན་གྱི་འོད་ཟེར་འཕྲོས་ཏེ་མཐའ་ཡས་ཀྱི་སྤྱི་གཙུག་གི་ནོར་བུ་ཕོག་པས་ནོར་བུ་ལས་ཀླུ་ཐམས་ཅད་ཀྱི་གདུང་བ་ཞི་བ་ཞེས་བྱ་བའི་འོད་ཟེར་ལས་བདུད་རྩི་ཆུ་རྒྱུན་ལྟ་བུར་བྱུང་ནས་མཐའ་ཡས་ཀྱི་སྐུ་ལུས་ཁེངས་པར་བསམ་མོ། །དེའི་བ་སྤུའི་སྒོ་ཐམས་ཅད་ལས་འོད་ཟེར་བདུད་རྩི་དང་བཅས་པ་ཆར་རྒྱུན་ཆེན་པོ་ཙམ་བབས་ནས་ཀླུའི་འཁོར་བསམ་གྱིས་མི་ཁྱབ་པ་རྣམས་ཚིམ་པར་བྱས་པར་བསམ་མོ། །སྔར་གྱི་སྔགས་དེ་ཉིད་ཞག་གསུམ་བཟླ་ཞིང་ཐུན་གསུམ་དུ་ཀླུའི་མཆོད་པ་རྒྱས་པར་བྱའོ། །དེའི་རྗེས་ལ་བསྙན་གནས་ཆོ་ག་བཞིན་དུ་དབོག དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །རྟེན་དང་ཀླུ་མཆོད་རྣམས་ཀླུ་ཡོད་པའི་ཆུ་མིག་ལ་སོགས་པར་གཤེགས་སུ་གསོལ། ཆར་

p. 223

དབབ་པའི་ལས་ཚོགས་ཐུན་མོང་མ་ཡིན་པའོ། ༈ །ནོར་དབྲོག་པའི་མན་ངག ནོར་བདག་གཟིར་བས་ནོར་རྣམས་དབྲོག །ཅེས་པ་ནི། མི་བསྐྱོད་པ་དང་ཛཾ་ནག་གི་བསྙེན་པ་སྔོན་དུ་སོང་ནས། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། གདན་དུ་མནན་པའི་ནོར་བདག་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ་གསལ་གདབ། ཛཾ་ནག་གི་ཞབས་གཡས་ལ་འཁོར་ལོ་རྩིབས་བཅུ་དྲུག་ཡོད་པར་བསམ། དེ་ལ་ཨཱ་ལི་བཅུ་དྲུག་ཡོད་པར་བསམ། དེའི་ལྟེ་བ་ལ་ཨ་ཤད་དམར་པོ་གཅིག་ཡོད་པར་བསམ། ཨ་དམར་པོ་དེའི་འོད་ཟེར་མེ་ལྟ་བུ་ནོར་བདག་གི་སྙིང་གར་ཕོག་པས། ནོར་བདག་ཚ་བས་གཟིར་ཅིང་གདུངས་པར་བསམ། ནོར་བདག་གི་སྙིང་གར་པདྨ་འདབ་བཞིའི་ལྟེ་བར་ཡི་གེ་བྃ་དམར་པོ་གཅིག་གནས་པ་ལ། ཡང་དང་ཡང་དུ་མེའི་འོད་ཀྱིས་གཟིར་ཅིང་མནན་ལ་བོར་བས་ཤིན་ཏུ་གདུངས་པར་བསམ། དེ་ལྟར་ཞག་གསུམ་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་མ་ཆག་པར་བྱའོ། ཨོཾ་བཛྲ་ཛམྦྷ་ལ་ཧ་ཧ་ཧ་བ་སུ་པ་ཏི་ཛཿཛཿཛཿ ཞེས་པ་བཟླའོ། །ཐུན་མཚམས་སུ་མཆོད་པ་དང་གཏོར་མ་ཕུལ་ལ་གསོལ་བ་གདབ་བོ། །དེ་ནས་ནོར་བདག་གི་སྙིང་གའི་བྃ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་མང་པོ་བྱུང་སྟེ་ཡུལ་ཁམས་གང་དང་གང་ན་ནོར་ཟས་ལ་སོགས་པ་གང་འདོད་པའི་དངོས་པོ་ཡོད་པ་དེ་ཙིར་གྱིས་བཟུང་ནས་དྲག་ཏུ་འཐེན་པས། ནོར་ཟས་དེ་དག་གཡོ་ཞིང་གཡོ། འགུལ་ཞིང་འགུལ། ལྡེག་ཅིང་ལྡེག་པར་བསམ། ཨོཾ་བཛྲ་ཛམྦྷ་ལ་ཧ་ཧ་ཧ་བ་སུ་པ་ཏི་སརྦ་«་་་་་ནོར་བདག་ཐམས་ཅད་ནོར་དངོས་པོ་ཟས།» དྷ་ན་བ་སུ་བྷཀྵ། ཙ་ལ་«་་་་་གཡོ་བ་གཡོ་བ།» ཙ་ལ། པྲ་ཙ་ལ་«་་་་་རབ་ཏུ་གཡོ་བ་རབ་ཏུ་གཡོ་བ།» པྲ་ཙ་ལ། ར་ལ་«་་་་་ལྡེག་ལྡེག་»ར་ལ། པྲ་ར་ལ་«་་་་་རབ་ཏུ་ལྡེག་རབ་ཏུ་ལྡེག་»པྲ་ར་ལ། ཞེས་ཞག་གསུམ་དུ་བཟླ། ཐུན་གསུམ་དུ་མ་ཆག་པར་བྱ། ཐུན་མཚམས་སུ་གཏོར་མ་དང་མཆོད་པ་བྱ་སྟེ། གསོལ་བ་གདབ་བོ། །དེ་རྗེས་ཞག་གཅིག་ཏུ་མཆོད་

p. 224

པ་དང་གཏོར་མ་སྔར་བས་ཀྱང་བཟང་བ་བྱས་ལ་བཀྲ་ཤིས་ཀྱི་གཏོར་མ་འབྲང་རྒྱས་ལྟ་བུ་གཅིག་བྱ། ཨོཾ་བཛྲ་ཛམྦྷ་ལ་ཧ་ཧ་ཧ་བ་སུ་པ་ཏི་ཡུལ་ཁམས་ཆེ་གེ་མོ་ན་གང་ཟག་ཆེ་གེ་མོའི་ནོར་ཆེ་གེ་མོ་དང་ཟས་ཆེ་གེ་མོ་ཝཱ་ཤཾ་«་་་་་དབང་དུ་མཛོད།» ཀུ་རུ་སྭཱ་ཧཱ། ཞེས་ཞག་གསུམ་དུ་བཟླའོ། །ཛཾ་ནག་གི་ཞབས་གཡོན་པའི་མཐིལ་གྱི་འཁོར་ལོ་རྩིབས་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་ཡོད་པས། དེའི་ལྟེ་བ་ལ་ཨ་དམར་པོ་ཡོད་པ་ལས་འོད་ཟེར་དམར་པོ་མེ་སྟག་ལྟ་བུ་བྱུང་སྟེ། དེ་ནོར་བདག་གི་སྙིང་གར་ཕོག་པས། ནོར་བདག་ཤིན་ཏུ་གདུངས་པར་བྱས། དེའི་སྙིང་གའི་བྃ་ལས་འོད་དམར་པོ་ཞགས་པ་ལྟ་བུ་དུ་མ་བྱུང་ནས་སྔར་གྱི་ཟས་ནོར་འགུལ་བ་དང༌། ལྡེག་པར་བྱས་པ་དེ་དག་ཐམས་ཅད་འུབས་ཀྱིས་བཅིངས་ནས། སྒྲུབ་པ་པོའི་གནས་ཁང་དུ་དྲངས་པར་བསམ་མོ། །དེ་ལྟར་གཏང་རག་གི་མཆོད་པ་དང་གཏོར་མ་དབུལ། སྦྱིན་བདག་གི་དོན་དུ་སྨོན་ལམ་གདབ་བོ། ནོར་དབྲོག་པའི་མན་ངག་གོ །། ༈ །ཨོཾ་གྱིས་རིག་འཛིན་དགུག་པ། ཡི་གེ་བཅུ་པའི་ཕྲིན་ལས་ལ་བཅུ་ལས། ཨོཾ་གྱི་ཕྲིན་ལས་ཀྱིས་རིག་འཛིན་དགུག་པ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། ཐུགས་ཀར་ཡི་གེ་ཨོཾ་དམར་པོ་བསམ། དེའི་མཐའ་སྐོར་དུ། ཨོཾ་བཛྲ་ཛམྦྷ་ལ་ཛཱི་«་་་་་རྒྱལ་བའི་རིག་པ་འཛིན་པ་དབང་དུ་མཛོད།» ན་བིདྱཱ་དྷ་རཱི་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་པས་དམར་པོས་བསྐོར་བར་བསམ། ཨོཾ་གྱི་འོད་ཟེར་གྱིས་རིག་པ་འཛིན་པའི་བུ་མོ་གང་དབང་དུ་བསྡུ་བར་འདོད་པ་དེའི་སྙིང་གི་སྲོག་པ་རྩའི་དབུས་སུ་བྃ་དམར་པོ་བསྒོམས་ལ། དེ་ལ་ཨོཾ་དམར་པོའི་འོད་ཟེར་ཕོག་པས། དེའི་མཐུ་དང་ནུས་པ་རང་དབང་མེད་པར་བསྡུས་པར་བསམས་ཏེ། འོད་དམར་པོ་ལ་ཨོཾ་བཛྲ་ཛམྦྷ་ལའི་སྔགས་དེ་ཉིད་སྐུད་པ་ལ་ནོར་བུ་བརྒྱུས་པ་ལྟར་ཕྲིལ་ལི་ལི་སོང་ནས། བསྒྲུབ་བྱ་དེ་རང་དབང་མེད་པར་འདུན་པར་བསམ། སྔགས་འབུམ་ཕྲག་གཅིག་མི་ཚིག་གིས་བར་མ་ཆོད་པར་བཟླ། དེ་ནས་ཕར་སོང་བའི་དོད་ཚུར་འདུ་བར་

p. 225

བསམས་ཏེ། བསྒྲུབ་བྱའི་བྃ་དམར་པོ་ལས་ཐེ་གུས་འཐེན་པ་ལྟར་འོད་དམར་པོ་དྲངས་ཏེ། དེའི་འདུན་པའི་ངོ་བོ་དམར་པོ་གཅིག་ལ་གཅིག་སྐྱེས་པའི་ཚུལ་དུ་བར་མ་ཆོད་པར་ཀྲིག་ཀྲིག་འདུ་བར་བསམ་མོ། བཛྲ་ཛམྦྷ་ལའི་སྔགས་དེ་ཉིད་འབུམ་ཕྲག་གཅིག་བཟླ། ཨུཏྤ་ལའམ། ཀུ་མུ་དའམ། མེ་ཏོག་གཙང་མ་གཅིག་ལ་ཐུད་ཐུད་བྱས་ལ་རིག་འཛིན་གང་དུ་གནས་པར་ཆུ་དང་བཅས་པ་གཞག་གོ ། ༈ །ཛམ་གྱིས་གཏེར་འབྱེད་པ། ཛམ་གྱི་ཕྲིན་ལས་ཀྱིས་གཏེར་འབྱེད་པ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་བསྒོམས་པའི་ཐུགས་ཀར་ཛྃ་ཡིག་སེར་པོ་བསམ་མོ། །དེ་ལས་འོད་ཟེར་སེར་པོ་གཏེར་གང་ན་ཡོད་པར་འཕྲོས་པས། གཏེར་སྲུང་དང་གཏེར་བདག་ལ་སོགས་པས་གང་འདོད་ཅི་དགོས་ཀྱི་དངོས་པོ་ཐམས་ཅད་འོད་དེ་ལས་བྱུང་ནས་ཆར་པ་བཞིན་དུ་འབབས་པར་བསམ། ཨོཾ་བཛྲ་ཛམྦྷ་ལ་ནི་དྷི་པྲ་ཀཱ་ས་ཀུ་རུ་སྭཱ་ཧཱ།«་་་་་གཏེར་རབ་ཏུ་གསལ་བར་མཛོད།» ཞེས་འབུམ་ཕྲག་བཟླས་ལ། ཀླུ་གཏོར་དང་གཏོར་མ་ལ་སོགས་པ་རྒྱ་ཆེར་གཏང་ངོ༌། །དེ་ནས་ཛྃ་ཡིག་གི་འོད་ཟེར་སེར་པོ་གཏེར་གྱི་ཁ་གཏིང་བར་གསུམ་དཀྲུགས་ཤིང་བསྡུས་ཏེ། ལྕགས་ཀྱུས་ཉ་དྲངས་པ་ལྟར་ལོངས་སྤྱོད་ཐམས་ཅད་འདུ་བར་བསམ་ཞིང༌། སྔགས་དེ་ཉིད་འབུམ་ཕྲག་གཅིག་བཟླའོ། །མཆོད་པ་དང་གཏོར་མ་རྒྱ་ཆེར་བྱའོ། །གཏོར་མ་རྣམས་གཏེར་ཡོད་སར་བསྐྱལ་ལོ། །༈ །བྷ་ཡིས་འཇིགས་པ་སྐྱོབ་པ། བྷ་ཡི་ཕྲིན་ལས་ཀྱིས་འཇིགས་པ་སྐྱོབ་པ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། ཐུགས་ཀར་བྷ་ཡིག་དཀར་པོ་བསམ། དེ་ལས་འོད་འཕྲོས་པས་འོག་མིན་ནས་སྒྲོལ་མ་དཀར་མོ་མདུན་གྱི་བར་སྣང་ལ་སྤྱན་དྲངས་པ་ལ། སྒྲོལ་མའི་ཕྱག་གཡས་པ་འཇིགས་སྐྱོབ་ཀྱི་ཕྱག་རྒྱ། ཏཱྃ་དཀར་པོའི་མཐའ་སྐོར་དུ་རྡོ་རྗེ་དང་རལ་གྲི་འབྲེལ་བ་སྟོང་ཕྲག་དུ་མས་བསྐོར་བར་བསམ། ཨོཾ་ཛམྦྷ་ལ་སརྦ་བྷ་ཡ་ཧ་ར་ཎ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།«་་་་་འཇིགས་པ་ཐམས་ཅད་འཕྲོག་པ། »

p. 226

ཞེས་པ་འབུམ་ཕྲག་གཅིག་བཟླའོ། །དེ་ནས་སྒྲོལ་མའི་ཕྱག་མཐིལ་གྱི་རྡོ་རྗེ་དང་རལ་གྲིའི་ཕྲེང་བ་རྣམས་གང་དུ་འགྲོ་བའི་ལམ་གཡས་གཡོན་གཉིས་ཀ་ན་ཕར་རྡོ་རྗེ་དང་རལ་གྲི་འབྲེལ་བ་ཕྲེང་དུ་ཀྲིག་གི་བསྒྲིགས་ནས་ཡོད་པར་བསམ། དེའི་རྗེས་སུ་རང་ཉིད་གར་འགྲོ་བའི་རྟིང་དུ་ཕར་སྒྲོལ་མ་འོད་འཁོར་རེ་གཤེགས་པར་བསམ། དེའི་རྗེས་སུ་རང་ཉིད་ཕྱག་འཚལ་ཉི་ཤུ་རྩ་གཅིག་པ་འདོན་ཞིང་བདེར་འགྲོ་བའོ། །དེ་ནས་ཨོཾ་བཛྲ་ཛམྦྷ་ལའི་སྔགས་ཟློས་ཤིང་ཡིད་མི་བདེ་བ་མེད་པར་ཡོང་ངོ༌། །༈ «།ལ་ཡིས་རྐུན་མ་སྲུང་བ། »ལ་ཡིས་རྐུན་མ་སྲུང་བ་ནི། རང་ཉིད་མི་བསྐྱོད་པ་ལས་ཛམྦྷ་ལར་འཕོས་ལ། དེའི་ཐུགས་ཀར་ཟླ་བ་ལ། ལ་ཡིག་མཐིང་ནག་འོད་འབར་བ་གཅིག་བསམ། དེ་ལས་འོད་འཕྲོས་པས་ཡུལ་ཕྱོགས་སམ། ཁང་པ་གང་དུ་རྐུན་མ་བསྲུང་བར་བྱ་བ། དེའི་མཐའ་སྐོར་ཁྱབ་པར་རྡོ་རྗེའི་ཕྲེང་བས་ཁོར་ཡུག་ཏུ་རིམ་པ་གཅིག་དང༌། དེའི་ཕྱི་རིམ་དུ་མེ་རིའི་ཕྲེང་བ་རིམ་པ་གཅིག་གིས་ཁོར་ཡུག་ཏུ་བསྐོར་བར་བསམ། ཨོཾ་བཛྲ་ཛམྦྷ་ལ་པ་རཾ་པ་ར་རཀྵ་«་་་་་བརྒྱུད་པ་ལའང་འཇུག» རཀྵ་«་་་་་ཁོར་ཡུག་ཏུ་སྲུངས་སྲུངས་»ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་འབུམ་ཕྲག་གཅིག་བཟླ། དེའི་མཆིལ་མ་ཡུངས་ཀར་ལ་བཏབ་ལ། གང་བསྲུང་བར་འདོད་པའི་ཡུལ་དང་གྲོང་ཁྱེར་གྱི་མཐའ་མར་གཏོར་ལ་གཞག་གོ། ༈ «།ཛ་ཡིས་བུ་སྟེར་བ།» ཛ་ཡི་ཕྲིན་ལས་ཀྱི་བུ་སྟེར་བ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། དེའི་ཐུགས་ཀར་ཟླ་བ་ལ་ཛ་ཡིག་གསེར་གྱི་མདོག་ཅན་བསམ། ཛ་ཡིག་ལས་འོད་ཟེར་འཕྲོས་པ་ལས། གང་དུ་བུ་བསྐྱེད་པར་བྱ་བའི་ཞིང་ས་བུད་མེད་གང་ཡིན་དེའི་མངལ་དུ་རང་གི་ཡི་དམ་གྱི་ལྷ་ཡབ་ཡུམ་སྙོམས་པར་འཇུག་པར་བསྐྱེད་ལ་རང་གི་བུ་བསྐྱེད་པའི་དོན་དུ་དངོས་སམ་ཡིད་ཀྱིས་མཆོད་པ་ཕུལ་ནས་གསོལ་བ་གདབ། དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་ཐིག་ལེ་དཀར་ལ་དམར་

p. 227

མདངས་ཆགས་པ་རྒྱུན་ཆད་མེད་པ་ཞུགས་པར་བསམ། དེ་ལས་རིམ་གྱིས་བསྐྱེད་པས་རིགས་བརྒྱུད་འཛིན་པའི་བུར་འགྱུར་བ་ཡིན་ནོ། །ཟླ་བ་གསུམ་དུ་མ་ཆག་པར། ཨོཾ་བཛྲ་ཛམྦྷ་ལ་བཛྲ་«་་་་་རྡོ་རྗེ་འཆང་»ཀུ་ལ་པ་རི་«་་་་་རིགས་ཡོངས་སུ་གང་ཞིང་རྒྱས་པར་མཛོད།» པུ་ར་ཎ་པུཥྚི་ཀུ་རུ་སྭཱ་ཧཱ། ཞེས་འབུམ་ཕྲག་རེ་རེ་བཟླ། མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བའི་གསོལ་འདེབས་དྲག་ཏུ་བྱའོ། །༈ «།ལེན་གྱིས་ཚེ་སྲིང་བ།» ལེན་གྱི་ཕྲིན་ལས་ཀྱི་ཚེ་སྲིང་བ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་དཀར་པོ་བདུད་རྩིས་གང་བ་གཅིག་བསམ། དེའི་འོད་ཟེར་དཀར་པོས་སངས་རྒྱས་ཚེ་དཔག་ཏུ་མེད་པ་མདུན་དུ་སྤྱན་དྲངས། ཡན་ལག་བདུན་པ་ལ་སོགས་པ་ཆོས་སྤྱོད་ཅི་ནུས་བྱ། ཚེའི་བར་ཆད་ཐམས་ཅད་བསོད་ནམས་མ་ཡིན་པའི་ལས་ཡིན་པས། གཉེན་པོར་བསོད་ནམས་ཀྱི་ཚོགས་ཇི་ཙམ་སོགས་སོགས་སུ་བྱའོ། །སྡིག་བཤགས་ཡང་ཡང་དུ་བྱེད་པ་གལ་ཆེ། ཚེ་དཔག་མེད་པ་ལ་སོགས་པ་བཏབ་པས། བདག་གི་སྤྱི་བོ་ནས་ཞུགས། དེའི་སྙིང་གར་སྲོག་པ་རྩའི་དབུས་སུ་ནོར་བུ་མེ་ཤེལ་དམར་པོ་ལྟར་དམར་མེ་རེར་བཞུགས་པར་བསམ། དེའི་ཐུགས་ཀར་ཤེལ་གྱི་མཆོད་རྟེན་ཟླུམ་འཁྱིལ་ལེ་བ་དཀར་ཞིང་འཚེར་བ་གཅིག་གི་བུམ་པའི་དཀྱིལ་དུ་གང་ལ་ཡང་མ་རེག་པའི་ཨ་དམར་པོ་འོལ་མ་སེའི་ཁ་དོག་ལྟ་བུ་གཅིག་རང་གི་སྲོག་གི་སྙིང་པོར་ཡེ་རེ་ཡོད་པར་བསམ། སྤྱི་གཙུག་ཚངས་པའི་བུ་གའི་སྟེང་སོར་བཞི་ཙམ་ན་ཨ་དཀར་པོ་ཚེའི་སྙིང་པོར་གྱུར་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དབང་བཅུའི་དངོས་གྲུབ་འདུས་པ་གཅིག་བསམ། དེའི་འོད་ཀྱིས་ཚེའི་རིག་པ་འཛིན་པ་ཐམས་ཅད་སྟེང་གི་ནམ་མཁར་སྤྱན་དྲངས་ལ་ཚེའི་བདུད་རྩིའི་རྒྱུན་ཆེན་པོ་གཉའ་ཤིང་ཙམ་ཕེབས་ཏེ། ཨ་ལས་ཚེའི་བདུད་རྩི་པདྨའི་སྐུད་པ་ལྟར་ཕྲ་ཞིང་དྭངས་པ་ཉིན་མཚན་རྒྱུན་མི་འཆད་པར་བབ་ཅིང་བུམ་ནང་གི་ཨ་

p. 228

ལ་འདུ་བར་བསམ། དེའི་དཔལ་དང་གཟི་བརྗིད་ཀྱིས་དངོས་གྲུབ་སྣ་ཚོགས་ཀྱི་འོད་ཁ་དོག་ལྔ་འདུས་པ་འཇའ་ཚོན་རིས་སུ་ཁོ་རེ་གྲུབ་པར་བསམ་མོ། །ཨོཾ་ཛམྦྷ་«་་་་་རྨུགས་འཛིན་»ལ་ཨ་མི་ཏཱ་བྷཱ་«་་་་་འོད་དཔག་ཏུ་མེད་པ་ལ་»ཡ་ཨཱ་ཡུཿསིདྡྷི་«་་་་་ཚེ་གྲུབ་པའི་རྒྱལ་པོ་ལ་»རཱ་ཛཱ་ཡ། ཨོཾ་«་་་་་ཀྱེ་བསོད་ནམས་ཀྱེ་བསོད་ནམས་»པུཎྱེ་པུཎྱེ་མ་ཧཱ་པུཎྱེ་«་་་་་བསོད་ནམས་ཆེན་པོ་»ཨཱ་ཡུཿསིདྡྷི་«་་་་་ཚེ་གྲུབ་པ་»པུཎྱེ་«་་་་་བསོད་ནམས་གྲུབ་པ་»སིདྡྷ་སྭཱ་ཧཱ། ཞེས་འབུམ་ཕྲག་གསུམ་བཟླ། སེམས་ཅན་གྱི་སྲོག་བསླུ་བ་དང༌། ཉེའུ་འདོན་དང༌། སཱཙྪ་གདབ་པ་ལ་སོགས་པ་ཚེ་ལ་ཕན་པའི་ལས་གྲུབ་ཚད་བྱའོ། །༈ «།དྲཱ་ཡིས་ཕྱུགས་སྐྱོང་བ།» དྲཱ་ཡི་ཕྲིན་ལས་ཀྱིས་ཕྱུགས་སྐྱོང་བ་ནི། རང་མི་བསྐྱོད་པ་ལས་ཛམྦྷ་ལར་འཕོས་ལ། ཐུགས་ཀར་དྲཱ་ཡིག་ལས་འོད་སྔོན་པོ་འཕྲོས་པས། ཕྱུགས་བདག་གདོང་བཞི་པ་སྤྱན་དྲངས་ལ། ཤ་ཁྲག་གི་གཏོར་མས་མཆོད་ཨོཾ་ཛམྦྷ་ལ་བཱ་སུ་པ་ཏི་«་་་་་ནོར་བདག་ཕྱུགས་ཐམས་ཅད་སྲུངས་སྲུངས་»སརྦ་བཱ་སུ་རཀྵ་རཀྵ་སྭཱ་ཧཱ། ཞེས་འབུམ་ཕྲག་གཅིག་བཟླས་པའི་ཆུས་ཕྱུགས་ཐམས་ཅད་ལ་གཏོར་རོ། །༈ «།ཡ་ཡིས་སྐྱེ་ཤིང་ཟུག་པ།» ཡའི་ཕྲིན་ལས་ཀྱིས་སྐྱེ་ཤིང་ཟུག་པ་ནི། རང་མི་བསྐྱོད་པ་ལས་ཛམྦྷ་ལར་འཕོས་ལ། ལྡུམ་ར་དང་སྐྱེད་མོས་ཚལ་ལ་སོགས་པར་སྐྱེ་ཤིང་འཛུགས་པའི་ཚེ། ཐུགས་ཀར་ཡ་ཡིག་ཁ་དོག་སྣ་ཚོགས་པ་ལས་སྐྱེད་མོས་ཚལ་གྱི་ས་བོན་རྣམས་ལས་འོད་འཕྲོས་པས་བགེགས་བསྐྲད། ཡང་ཡ་ཡིག་ལས་སྐྱེད་མོས་ཚལ་གྱི་བཅུད་རྣམས་བསྡུས་ནས་གཞི་དེར་ཆར་ཆེན་པོ་བཞིན་དུ་དབབ། ཨོཾ་བཛྲ་ཛམྦྷ་ལ་ཨུཏྤཱ་ནས་སརྦ་ཕ་ལ་པུཥྤ་གནྡྷ་པཱུརྞ་པུཥྚིཾ་ཀུ་རུ་སྭཱ་ཧཱ།«་་་་་སྐྱེད་མོས་ཚལ་དུ་འབྲས་བུ་དང་མེ་ཏོག་དང་དྲི་རྣམས་ཐམས་ཅད་ཀྱིས་གང་ཞིང་རྒྱས་པར་མཛོད།» ཞེས་སྟོང་ཕྲག་གཅིག་བཟླས་པའི་ཆུས་གཞི་དེར་བྲན་ནོ། །༈ «།སྭཱ་ཡིས་དབང་བསྐུར་བ།» སྭཱའི་ཕྲིན་ལས་ཀྱིས་དབང་བསྐུར་བ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། ཐུགས་ཀ་ནས་སྭཱ་དཀར་པོ་ལས་འོད་འཕྲོས་པས་རིགས་ལྔ་འཁོར་བཅས་བསམ་གྱིས་མི་ཁྱབ་པ་སྟེང་གི་

p. 229

ནམ་མཁར་སྤྱན་དྲངས་ལ། ཡང་འོད་ཟེར་ལས་མཆོད་པའི་ལྷ་མོ་སྣ་ཚོགས་སྤྲོས་ལ། ཕྱི་ནང་གསང་བ་ཀུན་གྱིས་མཆོད། ཨོཾ་ཛམྦྷ་ལ་པཉྩ་«་་་་་དེ་བཞིན་གཤེགས་པ་ལྔས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ།» ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་ལན་ཉི་ཤུ་རྩ་གཅིག་བརྗོད་པས་རིགས་ལྔ་ཡབ་ཡུམ་ཀུན་སྙོམས་པར་ཞུགས་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་བདག་ལ་ཐིམ་པས་དབང་གི་དོན་ཐམས་ཅད་ཐོབ་པར་བསམ་མོ། །༈ «།ཧཱ་ཡིས་བཀྲ་ཤིས་གསོལ་བ།» ཧཱ་ཡི་ཕྲིན་ལས་ཀྱིས་བཀྲ་ཤིས་གསོལ་བ་ནི། རང་མི་བསྐྱོད་པ་ལས་ཛཾ་ནག་ཏུ་འཕོས་ལ། ཐུགས་ཀར་ཧཱ་ཁ་དོག་སྣ་ལྔ་པ་བསམ། དེ་ལས་འོད་ཁ་དོག་རྣམ་པ་ལྔ་འཕྲོས་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་ཀར་ཕོག ཐུགས་ཀ་ནས་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས། བཀྲ་ཤིས་ཀྱི་དབྱངས་དང་ཚིགས་བཅད་སྒྲོགས་ཤིང༌། གནས་དུས་དེར་བྱོན་པར་བསམ། བཀྲ་ཤིས་ཀྱི་འབྲང་རྒྱས་དང་མེ་ཏོག་དང་བ་དན་སྣ་ཚོགས་ཀྱིས་བརྒྱན་ནས་བྱིན་གྱིས་བརླབ་པར་བསམ། བཟའ་བཏུང་སྣ་ཚོགས་དང༌། མཆོད་པ་སྣ་ཚོགས་བྱ། བཀྲ་ཤིས་ཀྱི་དབྱངས་སྣ་ཚོགས་བསྒྲག་གོ། ༈ «།ཛམྦྷ་ལའི་བསྟོད་པ་ཚིགས་སུ་བཅད་པ་དགུ་པ།» རྒྱ་གར་སྐད་དུ། ཨཱརྻ་ཛམྦྷ་ལ་སྟོཏྟྲ་ནཱ་མ། བོད་སྐད་དུ། འཕགས་པ་ཛམྦྷ་ལ་ལ་བསྟོད་པ་ཞེས་བྱ་བ། འཕགས་པ་ཛམྦྷ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་བརྒྱ་པ་མེ་ལྷ་གདོང་བཞི་དང༌། །སེང་གེ་འཕྲོག་བྱེད་ཉིན་མོར་བྱེད་རྣམས་ཀྱིས། །ཞབས་གཉིས་ལ་གཏུགས་བཅོམ་ལྡན་དུཿཁ་སེལ། །བདག་ལ་པད་ལྟར་ཡངས་པའི་སྤྱན་གྱིས་གཟིགས། །བཅོམ་ལྡན་ཆུ་ཁྱོར་གང་གིས་མཉེས་གྱུར་ན། །ཐུགས་རྗེ་མངའ་བ་གཞན་གང་ཡིན་པར་གསུངས། །དེ་ཕྱིར་མཆོད་པ་བཤམས་ལ་མི་དགྱེས་པ། །ཁྱོད་དང་འདྲ་བ་ཕལ་ཆེར་རྙེད་པར་དཀའ། །བརྩེ་བས་འབད་པའི་སྒོ་ནས་བཙལ་བཙལ་ནས། །

p. 230

ཕོངས་པར་གྱུར་པ་བདག་ལ་བདེ་མཛད་ན། །ཁོ་བོ་མཆི་མ་དག་གིས་གདོང་སྦགས་པ། །སྤྱན་སྔར་མཆིས་པ་ཅི་སྟེ་མ་གཟིགས་སམ། །ཨེ་མ་བཅོམ་ལྡན་རབ་རྒྱས་ཐུགས་རྗེ་ཡི། །གཞུ་མོ་མངའ་བ་ཁྱེད་ལྟར་བཞུགས་ལགས་ཀྱང༌། །སྐྱེ་སོགས་བཟློག་དཀའ་སྡུག་བསྔལ་ཆོམ་རྐུན་གྱི། །མདའ་ཡིས་རྣམ་པར་འཇོམས་པ་ཇི་ལྟར་ལགས། །སེམས་ཅན་སྨན་དོན་ནོར་བུ་རིན་པོ་ཆེ། །རྣམ་པ་སྣ་ཚོགས་རྒྱུན་ཆར་འབེབས་གྲང་ན། །ཁོ་བོ་ཁྱོད་ཉིད་གཅིག་པུའི་མཐར་ཐུག་པ། །ཅི་སྟེ་ཐིགས་པ་ཡང་ནི་འབབ་མ་ལགས། །ཁྱོད་བཞུགས་བཞིན་དུ་མེ་ཡིས་འབར་བ་ལྟར། །ཁོ་བོ་ཕོངས་པ་དག་གིས་ཆེར་བསྲེགས་ན། །ཁྱོད་ཀྱིས་ལྷ་ཞིག་ཐུགས་རྗེ་འཇོ་བའི་བ། །ས་གསུམ་ཁུར་དུ་ཁུར་བ་གང་དུ་ཐལ། །བུམ་བཟང་དཔག་བསམ་ཤིང་དང་རིན་ཆེན་གྱི། །ནོར་བུ་སེམས་དང་ལྡན་པ་མ་ལགས་པ། །དེ་དག་གིས་ཀྱང་སེམས་ཅན་བདེ་བགྱིད་ན། །ཐུགས་རྗེའི་བདག་ཉིད་བཅོམ་ལྡན་སྨོས་ཅི་འཚལ། །གང་ཞིག་རྨུགས་འཛིན་ཆུ་ཡི་དབང་པོ་ཞེས། །སྐད་ཅིག་ཙམ་ནི་ཁྱོད་ཀྱི་མཚན་སྨོས་པ། །དེ་ལ་པདྨའི་འབྱུང་གནས་ལ་བཞིན་དུ། །པད་རྒྱས་དཔལ་ནི་འཇུག་པར་འགྱུར་བ་ལགས། །དེ་ལྟར་བཅོམ་ལྡན་སྲིད་འཇོམས་ཁྱོད་སྤྱན་སྔར། །ཆོ་ངེས་བཏབ་ན་བསོད་ནམས་འབྱམས་ཀླས་པ། །གང་ཡིན་དེ་ཡིས་སྐྱེ་བོ་ཁྱོད་བཞིན་དུ། །མངོན་པར་འདོད་པའི་འབྲས་བུ་འབྱིན་པར་ཤོག །ཚིགས་སུ་བཅད་པ་དགུ་པ་ཞེས་བྱ་བ་ཐུན་མོང་གི་བསྟོད་པའོ། ༈ །རྨུགས་འཛིན་ཆུ་དབངལ་ཕྲིན་ལས་ཉི་ཤུའི་སྒོ་ནས་ཁྱད་པར་ཅན་གྱི་བསྟོད་པ་ནོར་འཛིན་དཔལ་གྱིས་མཛད་པ། རྒྱ་གར་སྐད་དུ། ཨཱརྻ་ཛམྦྷ་ལ་ཛ་ལེནྡྲ་བི་ཤེ་ཥ་སྟོཏྟྲ་ནཱ་མ། བོད་སྐད་དུ། འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བ། །ལྕགས་ཀྱུས་ལྕག་

p. 231

བཏབ་འདོད་རྒུ་སྦྱིན་པར་བྱེད། །ཉི་ཤུ་དྲུག་ལྡན་གསང་སྔགས་ཡི་གེ་ཡིས། །ལྷ་མིན་ལྷ་དང་མིའམ་ཅི་བདུད་རྒྱལ། །ཉི་ཤུ་རྩ་ལྔའི་སྨན་མཆོག་གིས་གང་བའི། །ཚངས་སྐྱོང་ལས་སྒྲུབ་དངོས་གྲུབ་བདུད་རྩིའི་རྒྱུན། །རབ་འབབས་བཅུད་ཀྱི་རིལ་བུ་སྦྱིན་མཛད་གང༌། །ནོར་རྒྱུན་ལྷ་མོས་ལེགས་བསྟེན་ཁྱོད་ལ་འདུད། །ཐབས་ཆེན་ཤེས་རབ་ཟབ་སྦྱངས་རིན་ཆེན་གྱི། །སྙིང་པོ་ཉི་ཟླའི་སྦྱོར་བ་ལས་བྱུང་བ། །དགའ་ཆེན་ཡེ་ཤེས་བཞི་ཡི་སཾ་པུ་ཊི།«་་་་་ཞལ་སྦྱོར་དང་གའུ་སོགས་ལ་འཇུག» །མཆོག་འཛིན་རྨུགས་འཛིན་ཁྱེད་ཞབས་རྟག་ཏུ་འདུད། །ཛཾ་ཡིག་ལས་སྐྱེས་ལྷ་ཆེན་ཡི་གེ་བཞིས། །ལེགས་དྲངས་རྡོ་རྗེའི་ཐུགས་གསུང་སྐུར་ལྡན་པ། །སུམ་ཅུ་རྩ་གཉིས་མཚན་བརྒྱ་རབ་ལྡན་པ། །ཉམས་དགའི་གར་གྱིས་རྒྱན་ལ་ཕྱག་འཚལ་ལོ། «།ཥྚོཾ་བནྡྷ་འཆིང་བ་དང་་་་་་»ཥྚོཾ་བ་ནི་རོ་དྷ་«་་་་་ནི་རོ་དྷ་འགོག་པ་»ཡིས་རྣ་བ་མནན། །ཕུཿབརྒྱད་ཁ་ཡིས་དགྲ་བོའི་མདངས་འཕྲོག་བྱེད། །ལུགས་བཟློག་ལུགས་འབྱུང་བཞི་གཉིས་ཡི་གེ་ཡིས། །བྱིས་པའི་སྲོག་དང་གཟུགས་འཛིན་མཛད་ལ་འདུད། །ཀླུ་བརྒྱད་རྒྱན་གྱིས་ནོར་བུའི་གདོན་འགྲོལ་ཞིང༌། །ཆུ་འཛིན་སྤྲིན་འདྲའི་ལུས་ལ་ཆར་ཆེན་འབེབས། །ཁྱོད་ནི་ནོར་བདག་གཟིར་བས་ས་གསུམ་གྱི། །ནོར་འཕྲོག་ཞལ་བཞིས་བགེགས་འཇོམས་མཛད་ལ་འདུད། །སྟོབས་བཅུ་མངའ་བ་ཁྱེད་ཀྱི་ཡི་གེ་བཅུས། །རིག་འཛིན་དགུག་དང་གཏེར་འབྱེད་འཇིགས་ལས་སྐྱོབ། །རྐུན་པོ་སྲུང་དང་བུ་སྟེར་ཚེ་སྲིང་དང༌། །ཕྱུགས་སྐྱོང་སྐྱེ་ཤིང་དབང་བསྐུར་ཤིས་མཛད་འདུད། །གང་ཕྱིར་ས་གསུམ་སྐྱེ་བོ་རྨུགས་བྱེད་པའི། །ནོར་འཛིན་ས་བརྒྱད་དབང་ཕྱུག་ཡུད་ཙམ་ཞིག །མཐོང་ནས་གུས་འཕེལ་ཉི་ཤུས་བསྟོད་བགྱིས་པས། །སྒྲུབ་རྣམས་ཕྲིན་ལས་ཉི་ཤུ་རྒྱལ་གྱུར་ཅིག །འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཕྲིན་ལས་ཉི་ཤུའི་སྒོ་ནས་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནོར་འཛིན་དཔལ་གྱི་

p. 232

ཞབས་ཀྱིས་སྦྱར་བ་རྫོགས་སོ། །པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མང་ཡུལ་སྐྱི་གྲོང་དུ་འཕགས་པ་ཝ་ཏིའི་ཕོ་བྲང་དུ་བསྒྱུར་བའོ།«་་་་་འདིའི་གོང་འོག་ཐམས་ཅད་ཀྱི་སྔགས་དོན་སོགས་ཀྱི་མཆན་བུ་རྣམས་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་བཏབ་པའོ།།» ༈ «།རྨུགས་འཛིན་ལ་ཡན་ལག་བདུན་གྱི་སྒོ་ནས་བསྟོད་པ།» འཕགས་པ་རྨུགས་འཛིན་ལ་ཕྱག་འཚལ་ལོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་བའི། །གནོད་སྦྱིན་མང་པོ་ནོར་འཆང་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡིས། །ནམ་མཁའ་རབ་ཏུ་གང་བའི་མཆོད་སྤྲིན་རྣམས། །མགོན་པོ་འཁོར་བཅས་རྣམས་ལ་བདག་འབུལ་གྱི། །འགྲོ་བའི་དབུལ་ཕོངས་བསལ་བར་མཛད་དུ་གསོལ། །ཐོག་མེད་དུས་ནས་ད་ལྟའི་བར་ཉིད་དུ། །བདག་གིས་སྡིག་པ་མི་དགེ་ཅི་བགྱིས་དང༌། །ཁྱད་པར་སེར་སྣའི་སྡིག་པ་ཅི་བགྱིས་པ། །མ་ལུས་འགྱོད་པས་མཐོལ་ཞིང་བཤགས་པར་བགྱི། །བླ་མ་རྫོགས་པའི་སངས་རྒྱས་དང༌། །མགོན་པོ་རྨུགས་འཛིན་འཁོར་བཅས་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །སྐྱབས་གསོལ་ཐུགས་རྗེས་གཟུང་དུ་གསོལ། །བདག་གིས་སེམས་ཅན་དུས་ཀུན་དུ། །རྒྱལ་སྲས་རྣམས་ལ་རྨུགས་འཛིན་གྱི། །རྗེས་སུ་འཇུག་ཅིང་སྤྲོ་བ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ལྷ་ཀླུ་ནོར་འཛིན་གཏེར་གྱི་བདག །ཐུགས་རྗེའི་རིག་པ་འཛིན་པ་པོ། །ས་བརྒྱད་དབང་ཕྱུག་ཁྱོད་ཉིད་ལ། །དད་ཅིང་གུས་པས་བདག་བསྟོད་དོ། །ཆུ་ཡི་དབང་པོ་ཆུ་འབེབས་པ། །གནོད་སྦྱིན་ཆུ་ལ་ལོངས་སྤྱོད་ལ། །དགོས་རྒུ་རེ་འདོད་སྐོང་མཛད་པའི། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཕྱོགས་བཅུ་དུས་གསུམ་

p. 233

སངས་རྒྱས་དང༌། །སེམས་དཔའ་གསུངས་པའི་དམ་ཆོས་དང༌། །ཁྱད་པར་རྨུགས་འཛིན་སྙན་བརྒྱུད་རྣམས། །མ་ལུས་རྒྱུད་ལ་བསྙེན་པར་བགྱི། །བདག་གིས་དུས་གསུམ་བསགས་པ་དང༌། །ཇི་སྙེད་བསག་འགྱུར་དགེ་བའི་ཚོགས། །འགྲོ་ཀུན་དགེ་ལེགས་མཆོག་བསྒྲུབ་ཕྱིར། །བླ་མ་གཏེར་བདག་ཉིད་ལ་འབུལ། །བདག་དང་འགྲོ་བའི་རྒྱུད་སྨིན་ཕྱིར། །རྒྱུ་འབྲས་ཐེག་པ་མ་ལུས་དང༌། །ལམ་གྱི་ཆ་རྐྱེན་མཐའ་དག་གི །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །སེམས་ཅན་རྣམས་ལ་ཐུགས་བརྩེའི་ཕྱིར། །མྱ་ངན་འདའ་བར་བཞེད་རྣམས་ལ། །འགྲོ་རྣམས་བྱང་ཆུབ་མ་ཐོབ་བར། །མྱ་ངན་མི་འདར་བཞུགས་སུ་གསོལ། །དེ་ལྟར་ཆོས་སྤྱོད་དགེ་བ་དང༌། །འཁོར་འདས་དུས་གསུམ་དགེ་བ་ཡིས། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །རྫོགས་པའི་སངས་རྒྱས་ཐོབ་པར་བསྔོ། །དེ་མ་ཐོབ་ཀྱི་བར་དུ་ནི། །བདེ་ལེགས་འབྱོར་ལྡན་ཕུན་སུམ་ཚོགས། །ཡིད་ཀྱི་རེ་སྐོང་མགོན་བགྱིད་པ། །རྗེ་བཙུན་ཉིད་དང་མི་འབྲལ་ཤོག །རྗེ་བཙུན་རྨུགས་འཛིན་ལ་ཡན་ལག་བདུན་པའི་སྒོ་ནས། ལོ་ཙཱ་བ་རོལ་པའི་རྡོ་རྗེས་བསྟོད་པ་རྫོགས་སོ།། ༈ «།ཨུཙྪུཥྨའི་མན་ངག་གི་སྒོ་ནས་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ།» རྒྱ་གར་སྐད་དུ། ཨུཙྪུཥྨ་ཨུ་པ་དེ་ཤ་སྟོཏྟྲ་ནཱ་མ། བོད་སྐད་དུ། ཨུཙྪུཥྨའི་མན་ངག་གི་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མགོན་པོ་ནམ་མཁའི་མཛོད་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ཉིད་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་དྲན་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཁྱོད་ལ་འདུད་ཀྱིས་ཐུགས་རྗེས་ཅི་ཡི་ཕྱིར་མི་གཟིགས། །ལོ་དྲུག་བྱིས་པའི་གཟུགས་ལ་གཞོན་པའི་ཤ་རྒྱས་པ། །འཛུམ་ཞིང་ཁྲོ་ལ་བྱམས་པའི་མཆེ་བ་དཀར་པོ་གཙིགས། །ཁྲོ་གཉེར་དཔྲལ་

p. 234

བར་བསྙེར་ཞིང་རལ་པ་དམར་སེར་ལངས། །དབུལ་བ་སེལ་མཛད་སྤྱན་ཡངས་ཐུགས་རྗེ་ཅན་ལ་འདུད། །མི་བསྐྱོད་དབུ་ལ་བཞུགས་པས་ཐུགས་ཀྱི་རིགས་འཛིན་ཅིང༌། །བྱམས་པས་ཀུན་ལ་ཁྲོས་ཏེ་གཅེར་བུ་སྦྲུལ་གྱིས་བརྒྱན། །ཨོཾ་ཨཱཿལས་སྐྱེས་ནོར་སྦྱིན་གདན་ལ་བཞུགས་ཤིང་སྙོམས། །རེ་བ་སྐོང་མཛད་དཔག་བསམ་ཤིང་འདྲ་ཁྱོད་ལ་འདུད། །ཕྱག་གཡས་སྙིང་རྗེས་དོན་མཛད་ཐོད་པ་ཁྲག་གིས་བཀང༌། །ཕྱག་གཡོན་གནོད་སྦྱིན་མོ་བཟུང་བཙིར་བས་རིན་ཆེན་འབེབས། །གཡས་གཡོན་ཞབས་ཀྱིས་གནོད་སྦྱིན་བྱད་དང་རྐང་པ་བརྫིས། །གནོད་སྦྱིན་ཁ་ནས་ནོར་སྐྱུགས་བརྐྱང་བསྐུམ་ཞབས་ལ་འདུད། །རྣ་བ་མ་ཕུག་རིགས་ངན་ཆ་ལུགས་བཟུང་ནས་ལྷག་མ་ཟ། །ལག་ནས་ཁ་རུ་འོ་མའི་བདུད་རྩི་རྩ་ལམ་རྡོ་རྗེ་ནས་བྱུང་སྟེ། །གུར་གུམ་མདོག་འདྲ་ལག་ནས་ཞལ་དུ་ཕུལ་བས་མཉེས་མཛོད་ལ། །ཉིད་ཀྱིས་བདག་གི་བསམ་པ་མཁྱེན་གྱི་རེ་བ་མྱུར་དུ་སྐོངས། །ཡི་གེ་བཅུ་པས་ལག་པ་བྱིན་གྱིས་བརླབས་ཏེ་མེ་ཏོག་དང་བཅས་པས། །ཨོཾ་ལས་འོད་འཕྲོས་ལག་པའི་གདུ་བུ་རིན་ཆེན་གསེར་ལས་སྤྲས་པས་བརྒྱན། །ཨོཾ་ལས་བྱུང་བའི་བུམ་པ་བཟང་པོ་ཅུང་ཟད་ཡོ་བའི་ཆུ་འབུལ་ན། །བཅོམ་ལྡན་མགོན་པོ་ཅི་ཡི་ཕྱིར་ན་བདག་གི་རེ་བ་མི་སྐོང་ལགས། །འགྲོ་དྲུག་སེམས་ཅན་ཀུན་ལ་རེ་སྐོང་ནོར་གྱི་ཆར་པ་དབབ། །ཅི་འདོད་མང་པོ་འབེབས་པའི་ཐུགས་རྗེར་གྲགས་ལགས་ན། །བདག་གིས་མོས་པས་ཁྱོད་ཀྱི་ཡོན་ཏན་རྟག་ཏུ་བརྗོད། །ཐིགས་པ་གཅིག་ཀྱང་མི་སྩོལ་སྐལ་བ་མེད་དམ་ཅི། །ཉི་མ་རེ་རེ་བཞིན་དུ་རྟག་ཏུ་ཁྱོད་འབོད་ན། །བདག་ནི་ཡི་ཆད་སྒྱིད་ལུག་གདོང་པ་དག་མོད་ཀྱང༌། །ཁྱོད་ཀྱི་སྔོན་གྱི་དམ་བཅས་ཐུགས་རྗེ་གང་དུ་ཐལ། །གཏེར་ཆེན་སྐལ་བ་མེད་ཀྱང་ལོག་འཚོ་མེད་ཙམ་བྱིན། །བདག་གི་སྙིང་ནས་སྨོས་ཀྱང་ད་དུང་མི་གཟིགས་ན། །ས་གསུམ་ཀུན་ལ་སྙོམས་པར་དམ་ནི་མ་བཅས་སམ། །བདག་ལ་སྐལ་བ་མེད་ཀྱང་ཐུགས་རྗེས་ཅི་ཡི་ཕྱིར་

p. 235

མི་གཟིགས། །འོན་ཏེ་སེམས་ཅན་མིན་ནམ་དབུལ་བའི་དུཿཁ་བྲལ་བར་མཛོད། །བདག་གིས་བོས་པས་ཁྱོད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །སྲིད་འདིར་དབུལ་བ་དོར་ལ་བདེ་ཆེན་གནས་སུ་དྲོངས། །འཇིགས་པ་དག་ལ་འཇིགས་པར་མི་བྱེད་ཁྱེད་ཀྱི་བྱིན་རླབས་ཀྱིས། །འདི་དང་ཕྱི་མ་གཉིས་ཀར་ཁྱོད་ཀྱིས་བྱིན་གྱིས་བརླབས་ཏེ་བསྐྱབ་པར་མཛོད། །ཨུཙྪུཥྨ་ལ་ཚིགས་སུ་བཅད་པ་བཅུས་བསྟོད་པས། །འགྲོ་དྲུག་མ་ལུས་དབུལ་བ་དག་ལས་གྲོལ་བར་ཤོག །ཨུཙྪུཥྨའི་མན་ངག་གི་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ། ༈ །ཛམྦྷ་ལ་ལ་བསྟོད་པ་ཐུགས་རྗེ་འདོད་འཇོའི་བ་མོ། ཨ་ཡེ་ཀྱེ་ཀྱེ་རྗེ་བཙུན་ཛམྦྷ་ལ། །ཡོན་ཏན་ཐམས་ཅད་སྐུ་ལ་རབ་རྫོགས་པས། །ཁྱོད་ཀྱི་མཚན་ཙམ་དྲན་པ་ཙམ་གྱིས་ཀྱང༌། །སེམས་ཅན་ཀུན་གྱི་དུཿཁ་ཞི་བར་ནུས། །གང་ལ་ནོར་བུ་ལྟ་བུའི་ཡོན་ཏན་ཡོད། །ཁྱོད་ཀྱི་སྐུ་ལ་བདག་ནི་གསོལ་འདེབས་ན། །ཐུགས་རྗེའི་སྤྱན་གྱིས་བདག་ལ་མི་གཟིགས་སམ། །དཔག་བསམ་ཤིང་ལྟར་འདོད་འཇོའི་དངོས་གྲུབ་སྩོལ། །བླ་མ་པཎྜི་ཏ་དྷ་བྱང་ཆུབ་སེམས་དཔས་ཛམྦྷ་ལ་ལ་བསྟོད་པ། ཐུགས་རྗེ་འདོད་འཇོའི་བ་མོ་ཞེས་བྱ་བ། ཚིགས་བཅད་གཉིས་པ་ཞལ་གཟིགས་པའི་ཚེ་བསྟོད་པའོ། ༈ །ཨོཾ་སྭ་སྟི། མི་བསྐྱོད་རྡོ་རྗེས་བྱིན་བརླབས་པ། །ཁྲོ་བོ་འཆོལ་པའི་ཆ་ལུགས་ཅན། །རྨུགས་འཛིན་དེ་ལ་བཏུད་བྱས་ནས། །སྒྲུབ་ཐབས་རྗེས་གནང་བཅས་པ་བཤད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྲུང་འཁོར་གང་འོས་ཤིག་བསྒོམས་ནས། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྭ་དགུ་པ་ཕྱི་སེར་ལ་ནང་ནག་པ། དེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨཱཿཞེས་པའི་སྒྲ་དང་བཅས་འོད་ཟེར་འཕྲོས། སངས་

p. 236

རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཛམྦྷ་ལ་ནག་པོའི་རྣམ་པར་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས། ན་མཿཨུཙྪུཥྨ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་རེ་བྷྱཿ ཞེས་ཕྱག་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་བྱ། ཚད་མེད་བཞི་སྤྱི་དང་མཐུན། ཟླ་བ་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་འོད་འཕྲོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་ཉིད་ལ་ཐིམ། མདུན་གྱི་འཕགས་པ་ཛམྦྷ་ལའི་ཚོགས་ཀྱང་ཨོཾ་ཨཱཿཞེས་པས་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། རང་ལུས་ཀྱང་ཟླ་བ་རྡོ་རྗེ་དང་བཅས་པ་ལ་ཐིམ། དེ་ཉིད་ཀྱང་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཞེས་བརྗོད་ལ་ཅུང་ཟད་མཉམ་པར་གཞག ཟླ་བ་རྡོ་རྗེ་ཧཱུྃ་ཡིག་དང་བཅས་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་བུང་བ་ལྟར་གནག་པ། གཅེར་བུ་རིགས་ངན་གྱི་ཆ་ལུགས་རྣ་བ་མ་ཕུག་པ་མིའུ་ཐུང་གི་རྣམ་པ་ཅན། མཚན་མ་གྱེན་དུ་བསྒྲེང་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཁྲོ་གཉེར་བསྡུས་པ། ཕྱག་གཡས་པས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གཡོན་པས་ནོར་བུ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་བརླ་གཡོན་པ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པདྨ་དང་ཟླ་བའི་གདན་ལ་ནོར་བདག་རྣམ་ཐོས་བུ་ཡི་གཟུགས་ཅན་ནོར་བུ་སྐྱུགས་པ་མནན་པ། བྱིས་པའི་གཟུགས་ཅན་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང༌། སྤྱི་བོར་རྒྱལ་བ་མི་བསྐྱོད་པ་བཞུགས་པ། མེ་དཔུང་འབར་བའི་དབུས་ན་འགྱིང་བའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་རྭ་དགུ་པ་ཧཱུྃ་ཡིག་དང་བཅས་པ། ཕྱོགས་ཀྱི་རྭ་རྣམས་རབ་ཏུ་གདེངས་ཤིང༌། དབུས་ཀྱི་རྭ་རྣམ་པར་དཀར་བ་ནོར་བུའི་ཏོག་གིས་བརྒྱན་པ། དེའི་ལྟེ་བར་ཟླ་བ་ལ་ཧཱུྃ། དཔྲལ་བར་ཨོཾ།

p. 237

ལྕེ་ལ་ཛམ། དཔུང་པ་གཡས་ལ་བྷ། གཡོན་ལ་ལ། ཐུགས་ཀར་ཛ། ལྟེ་བར་ལེན། ངར་གདོང་གཡས་ལ་དཱ། གཡོན་ལ་ཡ། བོལ་གོང་གཡས་ལ་སྭཱ། གཡོན་ལ་ཧཱ་རྣམས་ཟླ་གདན་ལ་གནས་པ། ཡི་གེ་ཐམས་ཅད་ཀྱང་མདོག་ནག་པོ་འོད་ཟེར་སེར་པོ་འཕྲོ་བའོ། །དེ་ཐམས་ཅད་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཛམྦྷ་ལར་གྱུར་ནས་རང་གི་སྙིང་གའི་ཧཱུྃ་ལ་ཐིམ། ཡང་འོད་འཕྲོས་ཕྱོགས་བཅུའི་རིན་པོ་ཆེ་ཐམས་ཅད་བསྡུས། རླུང་ནང་དུ་རྔུབ་པའི་ཚེ། ཀླུ་ཆེན་བརྒྱད་དང་ནོར་བདག་རྣམས་ཀྱི་ཁ་ནང་དུ་སོང༌། རླུང་ཕྱིར་རྒྱུ་བའི་ཚེ་སྐྱུགས་པས་རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ལག་པ་གཡས་པའི་མཐིལ་དུ་བྃ་ལས་བྱུང་བའི་བུམ་པ་བཟང་པོ། ལག་པའི་མཁྲིག་མ་ལ་ཨོཾ། བུམ་ནང་དུ་ཛམ། མཛུབ་མོ་ལ་བྷ། གུང་མོ་ལ་ལ། སྲིན་ལག་ལ་ཛ། མཐེ་ཆུང་ལ་ལེན། མཐེ་བོང་ལ་དྲཱ། ལག་མཐིལ་གྱི་རྩ་བའི་དབུས་སུ་ཡ། གཡོན་དུ་སྭཱ། གཡས་སུ་ཧཱ་རྣམས་ཟླ་བ་ལ་གནས་པར་གྱུར། ཛྃ་ཡིག་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང༌། མདུན་དུ་ཟངས་གཞོང་གི་ནང་དུ་སྐུ་གཟུགས་སམ་ལིངྒ་བཞུགས་སུ་གསོལ། དེ་ཉིད་སྐད་ཅིག་གིས་གོང་བཞིན་བསྐྱེད། རང་གི་ཐུགས་ཀ་ནས་ཛམྦྷ་ལ་གཅིག་སྤྲོས་ནས་དེ་ལ་བསྟིམ། ཨོཾ་ཨིནྡྲཱ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཞེས་ལན་བདུན་གྱི་བྱིན་གྱིས་བརླབ། རང་གི་ཁྱོར་བས་ཆུ་བླུགས་ཏེ་བདུད་རྩིའི་རང་བཞིན་དུ་གྱུར་པ་རང་གི་ཁ་སྒོ་ནས་ཞུགས། ཛྃ་གྱི་འོད་ཀྱིས་སེར་པོར་གྱུར། ཧཱུྃ་ལ་སོགས་པའི་འོད་ཟེར་གྱིས་ནུས་མཐུ་ཆེན་པོར་བྱས་ཏེ། ཐུགས་ཀ་ནས་གྱེན་དུ་ལོག ཞལ་ནས་ཐོན། ལག་མཐིལ་དུ་བྱུང་བ་ཕུལ་བར་མོས་པའམ། རྡོ་རྗེའི་ལམ་ནས་ཁྱོར་བ་ཕུལ་བར་བསམ་པ་གང་རུང་གི་དམིགས་པ་དང་བཅས། ཨོཾ་ཛ་ལུྃ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་ལག་ལེན་བཞིན་འབུལ་ལོ། །དེ་ནས་གཏོར་སྔགས་ལན་བདུན་གྱིས་ཆུ་ཁྱོར་

p. 238

བ་བདུན་དབུལ། གཏོར་མ་ཛཾ་བཤོས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་དྷི་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་དབུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཔལ་གྱི་དབང་ཕྱུག་དབང་ཆེན་བཅུ་གནས་རིན་ཆེན་རྣམ་པ་མང་ལྡན་པ། །ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མོའི་སྲས་གྱུར་དེའི། །སྲས་གཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཏེར་ཆེན་ནི། །མིའུ་ཐུང་ཆ་བྱད་ཐོད་ཁྲག་ནེའུ་ལེ་འཛིན་མཛད་ཁྱོད་ལ་བདག་ཕྱག་འཚལ། །མགོན་པོ་ནམ་མཁའི་མཛོད་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བདག་མཆོད་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་བསྟོད་ཅིང་གསོལ་བ་གདབ། རྟེན་ཆུ་ནང་ནས་དབྱུང་ངོ༌། རྟེན་མེད་ན་རང་གི་སྙིང་གར་བསྡུ་བའམ། གཤེགས་པ་གང་རུང་བྱ། གཏོར་མ་གཙང་སར་གཏང་ངོ༌། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ་བར་བྱའོ། །མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱེད། འདིའི་རྗེས་གནང་བྱེད་པར་འདོད་ན། མཎྜལ་ཚོམ་བུ་མཆོད་གཏོར་རྣམས་སྤྱི་དང་མཐུན་པར་བཤམ། བགེགས་གཏོར་གཏང༌། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱེད། སྐྱབས་འགྲོ་ནས་བརྩམས་བཟླས་པའི་བར་གོང་བཞིན་བྱས་ལ། མདུན་བསྐྱེད་བསང་སྦྱངས། སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ལས་ནི་བསྐྱེད་ཅིང་ཡི་གེ་འགོད་པ་གོང་བཞིན་བྱ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། གཏོར་འབུལ་མཆོད་བསྟོད་བཟླས་པ་རྣམས་བདག་བསྐྱེད་བཞིན་བྱས་ལ། སློབ་མའི་བྱ་བ་ནི། ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་མདུན་དུ་འཁོད་པ་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་སོགས་སྔོན་དུ་འགྲོ་བས། དེ་ལ་

p. 239

རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཚད་མེད་པ་མངའ་བ་དེ་ཉིད་ཀྱིས། གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བཀའ་སྩལ་པ་ལས་མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ། གནས་སྐབས་དབུལ་ཞིང་ཕོངས་པའི་སྡུག་བསྔལ་དང་བྲལ་ནས། ཆོས་མཐུན་གྱི་འབྱོར་པ་ནམ་མཁའི་མཛོད་ལ་མངའ་བརྙེས་པ་དང༌། མཐར་ཐུག་སྲིད་ཞིའི་རྒུད་པ་དྲུང་ནས་འབྱིན་པའི་གནོད་སྦྱིན་ནོར་ལྷའི་སྒྲུབ་ཐབས་དང་མན་ངག་མཐའ་ཡས་པ་ཞིག་གསུངས་པ་ལས་ཁྱད་པར་དུ་གྱུར་པ་ནི། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་ཉིད་ཐུགས་རྗེའི་རྣམ་འཕྲུལ་རྨད་དུ་བྱུང་བས་གདུལ་བྱ་ཁ་ཅིག་གི་ངོར་རྨུགས་འཛིན་འཆོལ་བ་སྟེ་འཕགས་པ་ཛམྦྷ་ལ་ནག་པོའི་གཟུགས་སུ་བསྟན་པ་ཉིད་ཡིན་ལ་དེ་ལའང་བཀའ་སྲོལ་འགའ་ཞིག་བཞུགས་པ་ལས། ས་གསུམ་ན་འགྲན་ཟླ་དང་བྲལ་བ་མ་བྱོན་སངས་རྒྱས་གསུམ་པ་རབ་གསལ་གྱི་རྣམ་འཕྲུལ་ཁ་ཆེའི་མཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའི་ཐུགས་དམ་ཁྱད་ཆོས་བཞིའི་ཡ་གྱལ། ཛམྦྷ་ལ་ནག་པོ་ལ་བརྟེན་ནས་ནོར་སྒྲུབ་པ་ཞེས་ཡོངས་སུ་གྲགས་པའི་བྱིན་རླབས་དང་དངོས་གྲུབ་རྒྱ་མཚོའི་གཏེར་དུ་གྱུར་པ་དེ་ཉིད་ཀྱི་སྒོ་ནས་རྗེས་གནང་ཟབ་མོ་འབུལ་བ་ལ། ཞེས་མཚམས་སྦྱར་ནས། སྤྲོ་ན། ཐོག་མར་ལོ་རྒྱུས་ཅུང་ཟད་སྙན་དུ་གསོལ་ན། སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་སོགས་ནས། ལོ་ཙཱ་བ་བྱམས་པའི་དཔལ་ལ་གནང༌། ཞེས་པའི་བར་ཡིག་རྙིང་ལྟར་བརྗོད། དེ་ནས་བཟུང་སྟེ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་ལགས། རྗེས་གནང་དངོས་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཞེས་འབྲེལ་དགོད། གང་ལྟར་ཡང༌། ཐོག་མར་སློབ་དཔོན་ལ་འཕགས་པ་ཛམྦྷ་ལ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། གསོལ་

p. 240

བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིག རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་སྐྱབས་གསུམ་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ། ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ། ཁྱད་པར་དུ་འཕགས་པ་ཛམྦྷ་ལ་ནག་པོའི་རྗེས་གནང་སྩལ་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་པ་ཛམྦྷ་ལ་ནག་པོའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། ད་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ཁྱེད་རང་རྣམས་ཀྱི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྭ་དགུ་པ་ཕྱི་སེར་ལ་ནང་ནག་པ། དེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། རང་ལུས་ཀྱང་ཟླ་བ་རྡོ་རྗེ་དང་བཅས་པ་ལ་ཐིམ་པར་མོས་ལ་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་དུ་ཅུང་ཟད་མཉམ་པར་འཇོག་མཛོད། དེའི་ངང་ལས་ཟླ་བ་རྡོ་རྗེ་ཧཱུྃ་ཡིག་དང་བཅས་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་འཕགས་པ་ཛམྦྷ་ལ་སོགས་ནས། མེ་དཔུང་འབར་བའི་དབུས་ན་འགྱིང་བའི་སྐུ་ཅན་དུ་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ནས་རྗེས་གནང་དངོས་ལ་གསུམ་ལས། དང་པོ་སྐུའི་རྗེས་གནང་

p. 241

གི་སླད་དུ། སློབ་དཔོན་ལ་རང་གིས་བསྒོམས་པ་དང་འདྲ་བའི་འཕགས་པ་ཛམྦྷ་ལ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས། འཕགས་པ་ཛམྦྷ་ལའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་སིབ་སིབ་ཐིམ་པར་མོས་པ་མཛོད། སྔགས་ཀྱི་མཐར་ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་བྱ། དེ་ལྟར་ཁྱེད་རང་རྣམས་འཕགས་པ་ཛམྦྷ་ལ་ནག་པོར་གསལ་བའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་རྭ་དགུ་པ་སོགས་ནས། འོད་ཟེར་སེར་པོ་འཕྲོ་བ་གསལ་བཏབ་ནས་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས། དེ་རྣམས་ལས་འོད་ཟེར་འཕྲོས། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ལ་ཕོག་པས་འཕགས་པ་ཛམྦྷ་ལའི་སྐུར་གྱུར། དེ་ཐམས་ཅད་ཀྱང་ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་དབང་དུ་བྱས་པའི་མོས་པ་མཛོད། གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེའི་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག ཨོཾ་ཛམྦྷ་ལ་

p. 242

ཛ་ལེནྡྲཱ་ཡ་སྭཱ་ཧཱ། ལན་གསུམ་བཟླས་པས་དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་དང་བཅས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་འཕགས་པ་ཛམྦྷ་ལའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག གསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་བ་དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་ཕྱག་མཚན་ཐོད་ཁྲག་དང༌། ནེའུ་ལེའི་ཚོགས་དཔག་ཏུ་མེད་པ་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ནས་མཐའ་རྟེན་དངོས་གྲུབ་ཀྱི་སླད་དུ་འཕགས་པ་ཛམྦྷ་ལ་ལ་ཆུ་འབུལ་དགོས་པས་དམིགས་པ་འདི་བཞིན་དུ་མཛོད། ཅེས་བརྡ་སྦྱར་ལ། ལག་པ་བྱིན་རླབས་ནས་མཆོད་བསྟོད་ཀྱི་བར་སློབ་མ་རྣམས་ལ་ཆུ་སྦྱིན་རྒྱས་པར་འབུལ་དུ་གཞུག་པའམ། མི་ལྕོགས་ན་སློབ་མའི་དོན་དུ་དམིགས་ནས་སློབ་དཔོན་གྱིས་དབུལ་ཞིང༌། སློབ་མས་ཀྱང་དམིགས་པ་གསལ་གདབ། ཇི་ལྟར་འབུལ་ཚུལ་ནི་སྒྲུབ་ཐབས་བཞིན་ནོ། །གང་ལྟར་ཡང་མཐར། དེ་ལྟར་ཆུ་སྦྱིན་ཕུལ་བས་ཤིན་ཏུ་མཉེས་ཤིང་ཚིམ་ནས་མདུན་བསྐྱེད་ཀྱི་འཕགས་པ་ཛམྦྷ་ལའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་རིན་པོ་ཆེ་ཐམས་ཅད་

p. 243

བསྡུས། སྐུའི་རྒྱན་ཀླུ་ཆེན་བརྒྱད་དང༌། ཞབས་འོག་གི་ནོར་བདག་རྣམས་ཀྱི་ཁ་ནང་དུ་སོང༌། སླར་ཡང་ཕྱིར་སྐྱུགས་པས་རིན་པོ་ཆེའི་ཕུང་པོར་གྱུར་པ་ཁྱེད་རང་རྣམས་ལ་དངོས་གྲུབ་ཀྱི་ཚུལ་དུ་སྩོལ་བའི་མོས་པ་མཛོད། ཅེས་བརྗོད་ལ་ཛཾ་བཤོས་དང་ཆུ་ནས་ཅུང་ཟད་རེ་སྦྱིན། རྗེས་དམ་ཚིག་གཟུང་བ་སོགས་སྤྱི་ལྟར་བྱས་ལ་དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་གཏང༌། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །འདི་ཐུན་མོང་མ་ཡིན་པ་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་གི་ལུགས་ཡིན། ཐུན་མོང་ཙམ་སྦྱིན་པར་འདོད་ན་སྒྲུབ་ཐབས་བརྒྱ་རྩ་དང༌། རྒྱ་མཚོའི་ནང་ནས་འབྱུང་བ་ཁོ་ནས་མཆོག་གོ །ཀུན་ནས་ངོ་མཚར་མཆོག་གྱུར་པའི། །མན་ངག་བཞི་ཞེས་དགའ་བར་བསྔགས། །གཞུང་དང་མན་ངག་མཐའ་ཡས་ལས། །ཉེར་མཁོའི་སྙིང་པོ་ཙམ་ཞིག་བསྡུས། །འཕགས་པ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །ཞེས་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་བྱུང་བའི་སྒྲུབ་ཐབས་སོར་བཞག་ལ། རྗེས་གནང་ནག་འགྲོས་བཀླག་ཆོག་ཏུ་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།

ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ།

p. 244
p. 245

ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ།། སྒྲུབ་ཐབས་བརྒྱ་རྩ་ལས་བྱུང་བ།།

p. 246

རྒྱ་གར་སྐད་དུ། ཨུཙྪུཥྨ་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཨུཙྪུཥྨ་ཛམྦྷ་ལའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཞེས་བྱ་བས་ཕབ་སྟེ། རང་གི་སྙིང་གར་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་དགུ་པའི་ལྟེ་བའི་དབུས་སུ་དབང་པོ་སྦས་པ་«་་་་་མཐིང་ནག»ལྟ་བུའི་ཧཱུྃ་ཡིག་གོ །སྔོན་དུ་བསྟན་པའི་འབེབས་པའི་སྔགས་ཀྱིས་ཕབ་ལ། ཛམྦྷ་ལ་མགོན་པོ་རང་གི་སྙིང་གར་རབ་ཏུ་བཅུག་ལ་ཨུཙྪུཥྨ་མིའུ་ཐུང་གི་གཟུགས་རྣ་བ་མ་ཕུག་པ། མདོག་གནག་པ། སྐྲ་ཁམ་པ་གྱེན་དུ་འགྲེང་བ། ལུས་ཐུང་བར་བྱེད་ཅིང་ཁྲོ་གཉེར་ཅན་མཆེ་བ་དང་ལྡན་པ། རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། ཀླུ་ཆེན་པོ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། གཡོན་པའི་ཕྱག་ན་ནོར་བུ་ལ་སོགས་པ་སྐྱུགས་པའི་ནེའུ་ལེ་བསྣམས་པ། གཡས་ན་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པའོ། །མགོ་བོ་གཡས་ཕྱོགས་སུ་བསྟན་པའི་གསེར་གྱི་མདོག་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ནོར་སྦྱིན་འགྱེལ་བ་ལ་ཞབས་གཉིས་ཀྱིས་མནན་པས་རིན་པོ་ཆེའི་སྙེ་མ་ལ་

p. 247

སོགས་པ་སྐྱུགས་པར་བྱེད་པའོ། །འོད་འཕྲོ་བའི་ཕྲེང་བ་འཁྲིགས་པའི་བདག་ཉིད་དུ་བསམས་ལ། ཨུཙྪུཥྨའི་གཡས་པའི་ཕྱག་ཏུ་ཨོཾ་ལས་སྐྱེས་པ་གྲུ་གསུམ་པའི་སྭ་སྟི་ཀ་«་་་་་ནོར་བུ་དགའ་འཁྱིལ་»བསམ་མོ། །བྃ་ལས་སྐྱེས་པའི་བུམ་པ་བཟང་པོ་འབོ་བཞིན་པའོ། །ལག་པའི་དབུས་སུ་ཛམ་མོ། །སྡིགས་མཛུབ་ལ་བྷའོ། །གུང་མོ་ལའོ། །སྲིན་ལག་ལ་ཛའོ། །མཐེའུ་ཆུང་ལ་ལེན་ནོ། །མཐེབ་ཆེན་ལ་དྲཱའོ། །མཁྲིག་མགུལ་དུ་ཡའོ། །དེ་ནས་སྭཱ་ཧཱ་ཞེས་བྱ་བ་ནི་ལོགས་གཉིས་ལའོ། །སྔགས་དགོད་པ་བསྒོམ་པའི་རིམ་པའོ། །ཁར་མངོན་པར་བསྔགས་ལ་ཆུ་སྦྱིན་པར་བྱའོ། །ཨོཾ་ཛ་ལུྃ་སྭཱ་ཧཱ། ཆུ་ཁྱོར་བ་ནས་སྦྱིན་པའི་སྔགས་སོ། །ཨོཾ་ཨིནྡྲཱ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ལག་པ་ནས་ཁ། ཁ་ནས་ལག་པ། དེ་ནས་ཞལ་དུ་སྦྱིན་པར་བྱའོ། །དེ་ལྟར་སྙིང་རྗེས་སེམས་ཅན་དབུལ་བའི་སྡུག་བསྔལ་གཅད་པའི་དོན་དུ་ཛམྦྷ་ལ་བསྒོམས་པས་ནི་ཛམྦྷ་ལ་ཉིད་དུ་འགྱུར་བའོ། །ཨུཙྪུཥྨ་ཛམྦྷ་ལའི་སྒྲུབ་ཐབས་རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།།

p. 248

ཨུཙྪུཥྨ་ཛམྦྷ་ལའི་སྒྲུབ་ཐབས་ལ།«་་་་་ཛམྦྷ་ལ་ལ་ཆུ་སྟེར་བ་ནི། དབུལ་པོའི་དོན་དུ་འཕགས་པ་བྱུང་བས་དབུལ་པོ་ལ་ཆུ་མིན་པ་མེད་པས་དེས་འཕགས་པ་ཆུས་མཉེས་སོ། །གཞན་དབུའི་རྨ་ལ་ལྡུགས་ཟེར་པ་དང་ནོར་བུ་མེད་ཡོད་ཟེར་བ་ལ་སོགས་པ་ནི་གྱི་ནའོ་གསུང་ངོ༌།།» ཚོགས་གཉིས་གཞན་དང་མཐུན་པར་བསགས་ལ། དེ་ནས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཉི་ལ་ཧཱུྃ། དེ་ལས་རྡོ་རྗེ་རྩེ་དགུ་པའི་རིམ་པ་ལས་བསྐྱེད་དོ། །ཡང་ན་ཚོགས་བསག་མི་དགོས་སོ། །སྒྲུབ་པ་པོས་སེམས་བསྐྱེད་དེ། ངག་ཏུ་ཨོཾ་ཨཱཿཞེས་པས་ནམ་མཁའ་ལ་གནས་པ་སྐད་ཅིག་གིས་བཀུག་ལ་རང་ལ་གཞུག་གོ །དེ་ནས་སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་དམར་པོ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་དབང་པོ་སྦས་པ་ལྟ་བུའི་ཧཱུྃ་བལྟས་ཏེ་དེ་ཤིང་ཐོག་གི་མིང་ངོ༌། །ཧཱུྃ་དེ་ལས་འོད་ཀྱི་ཚུལ་དུ་ཛམྦྷ་ལ་ནམ་མཁའ་ལ་སྤྲོས་ལ། ངག་ཏུ་ཨོཾ་ཨཱཿཞེས་པས་ནམ་མཁའ་ལས་ཕབ་སྟེ། ལུས་ཀུན་གྱུར་པ་ལས་ཨུཙྪུཥྨ་མིའུ་ཐུང་འདྲ་བ་བསྐྱེད་དོ། །རིན་འབྱུང་གིས་རང་ཆས་སུ་དབུར་བརྒྱན་པ། ཀླུ་ཆེན་པོ་བརྒྱད་ནི། ཀླུ་རིགས་བཞི་ལས་གཉིས་གཉིས་སོ། །ལྷག་མ་ཅན་གྱིས་ནི་སེ་རལ་ཁར་རོ། །འོག་ཏུ་ནོར་སྦྱིན་སེར་པོ་འགྱེལ་བ་མགོ་གཡས་སུ་བསྟན་པ། ཁ་ནས་རཏྣའི་སྙེ་མ་སྐྱུགས་པ་ཞབས་ཀྱིས་མནན་པའོ། །སྒྲུབ་ཅིང་བསྒོམ་པ་དེ་ལྟར་རོ། །དེ་ནས་ཆུ་སྦྱིན་པ་ནི་ཐོད་པ་མི་དམིགས་པར་བྱས་ལ་ཨུཙྪུཥྨའི་ཕྱག་གཡས་པར་ཨོཾ་ལས་གྲུ་གསུམ་པ་ཅིག་བསམ་སྟེ། དེ་ལ་སྭ་སྟི་ཀ་ཞེས་བྱ་བའི་གྲུ་གསུམ་ནང་དུ་བྃ་ལས་བུམ་པ་བཟང་པོ་བདུད་རྩི་འབོ་བཞིན་པ་ཅིག་བསམ་མོ། །ཡི་གེ་དགོད་པ་ནི་ལག་པའི་དབུས་སུ་བུམ་པའི་རྩར་ཛྃ། སྭཱ་དང་ཧཱ་གཉིས་ལག་པའི་ཟུར་གཉིས་ལ། དེ་ནས་ཨིནྡྲཱ་ཎིའི་སྔགས་རེ་བརྗོད་པས་ཁ་བསྔགས་ཏེ། ཁར་ཆུ་ཁྱོར་གང་བླུགས་ཏེ། དེ་ནས་ཡང་ཁ་ནས་ཁྱོར་བར་བླུགས་ཏེ། ཨོཾ་ཛ་ལུྃ་སྭཱ་ཧཱ། ཞེས་བརྗོད་པས་ཛམྦྷ་ལའི་ཞལ་དུ་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་ཡང་ཛམྦྷ་ལའི་ལུགས་སྐུ་ནག་པོ་མདུན་དུ་བཞུགས་པ་ལ་ཡེ་ཤེས་པ་བསྟིམ་པ་ལ་བྱའོ། །སྐུ་མེད་ན་གོང་ལྟར་རོ། །ཁ་ཅིག་ན་རེ།

p. 249

གཡས་ཨོཾ་ལས་གྲུ་གསུམ་པ་ནི་ནོར་སྦྱིན་གྱི་ལག་པ་ཡིན་ཟེར་ཏེ། ཨུཙྪུཥྨ་བདེའོ། །སེམས་ཅན་གྱི་དབུལ་བའི་སྡུག་བསྔལ་ཞི་བར་བྱ་བའི་དོན་དུ་དེ་བསྒོམ་ན་མྱུར་དུ་དེ་འདྲ་བའི་ནོར་འོང་བར་འགྱུར་རོ། །བཟླས་པ་བྱ་ལུགས་མི་གསུང༌། །། བླ་མ་ས་སྐྱ་པ་ཆེན་པོས་མཛད་པའོ། ༈ །འཕགས་པ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ཨོཾ་སྭ་སྟི། ཛམྦྷ་ལ་ནག་པོ་བསྒོམ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་པོ་ཛམྦྷ་ལ་སྐུ་མདོག་ནག་པོ་མིའུ་ཐུང་གི་གཟུགས་ཅན། གསུས་པ་འཕྱང་བ། གཅེར་བུ་རྣ་བ་མ་ཕུག་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་མཆེ་བ་གཙིགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་ན་ཐོད་པ་ཁྲག་གིས་གང་བ་དང༌། གཡོན་ན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། ཞབས་གཡས་བརྐྱང་པའི་སྟབས་ཀྱིས་ནོར་བདག་སེར་པོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གན་རྐྱལ་དུ་འགྱེལ་བའི་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ་མནན་པ། སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོ་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཛམྦྷ་ལའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་

p. 250

བརྒྱན། ཐུགས་ཀར་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བར་སེམས་གཏད་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་དང༌། ཨོཾ་ཨིནྡྲཱ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཞེས་ཅི་ནུས་བཟླ། མཐར་གདན་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ཏེ། རང་ལ་ཐིམ་པར་བསམས་ལ། དགེ་བ་བསྔོ། །རྗེས་གནང་བྱེད་ན་མཆོད་པ་བྱིན་གྱིས་བརླབས་ལ། བདག་བསྐྱེད་གོང་བཞིན་བྱ། ཚོམ་བུ་ལྷར་བསྐྱེད། མཆོད་བསྟོད། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ་བཟླས་པ་བྱ། སློབ་མས་མཎྜལ་ཕུལ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་འཕགས་པ་ཛམྦྷ་ལའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་པ་རྣམས་ལན་གསུམ་གསུམ་དང་གཞི་དགོད་པའི་སླད་དུ་སློབ་མ་ལ་བསྐྱེད་བསྟིམ་བྱ། རྗེས་སུ་བཟླས་པ་ལན་གསུམ་དང༌། བཅོམ་ལྡན་བདག་ལ་སོགས། བཅོམ་ལྡན་འདི་ལ་སོགས་བརྗོད། དམ་བཅའ་བ་སྤྱི་དང་མཐུན། བྱིན་གྱིས་བརླབ་པའི་ཕྱིར་དུ་རིགས་འདྲ་བསྟིམ། གཙོ་བོས་སོགས་འདྲ། རྗེས་མཆོད་བསྟོད་བྱས་ཏེ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བསྡུས་ལ་བཀྲ་ཤིས་བྱའོ། །ཞེས་པ་འདི་ཡང་དོན་གཉེར་འགའ་ཞིག་ལ་ཕན་པའི་ཕྱིར། ཤཱཀྱའི་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས་སྦྱར་བའོ།། །།མངྒ་ལཾ།། །།

ལྷ་མོ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ།

p. 251

ལྷ་མོ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།།

p. 252

རྒྱ་གར་སྐད་དུ། བ་སུ་དྷཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་ནོར་རྒྱུན་མའི་སྒྲུབ་པའི་ཐབས། ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གཞན་ཡང་«་་་་་དཔལ་གྱི་འབྱོར་པ་ཆེན་པོ་ཐོབ་པའི་ཕྱིར།» ནོར་རྒྱུན་མ་བསྒོམ་པར་འདོད་པས། དེ་ལ་«་་་་་སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་བྃ། དེའི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་གསོག་པ་»སྔོན་«་་་་་སྒྲུབ་ཐབས་རྣམས་སུ་ཇི་སྐད་བསྟན་པ་»བཞིན་དུ་ཐམས་ཅད་དེ་ལྟར་བྱའོ། །འོན་ཀྱང་«་་་་་དངོས་གཞི་ཁྱད་པར་པདྨ་དང་ཟླ་བའི་སྟེང་དུ་ཨཱ་ལི་སྡེ་ཚན་དང་པོར་བགྲང་བའི་སྡེ་ཚན་»དྲུག་པ་ «པ་སྡེ»འི་གསུམ་པ་«བ»འི་ས་བོན་ཟླ་ཕྱེད་དང་ཐིག་ལེས་བརྒྱན་པ་སྟེ་«་་་་་བྃ་སེར་པོའོ།» དེ་ཉིད་ལས་«་་་་་འཕྲོས་འདུས་ཡོངས་སུ་»རྫོགས་པའི་ནོར་རྒྱུན་མ་མདོག་སེར་བ། འབྲས་ཀྱི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབེབས་བཞིན་པའི་བུམ་པ་ནི་གཡོན་པའི་ཕྱག་ནའོ། །གཡས་པ་མཆོག་སྦྱིན་པ། «དར་དང་རིན་པོ་ཆེའི་་་་་་»རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། «།ཛམྦྷ་ལ་དང་དཔལ་ཆེན་མོ་སོགས་་་་་་»མཛའ་བའི་སྐྱེ་འགྲོ་

p. 253

རྣམས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། «།ལྷ་སྐུའི་གསལ་སྣང་ལ་ཡུན་རིང་དུ་སེམས་བཟུང་ནས་་་་་་»བདག་ཉིད་ནོར་རྒྱུན་མ་ཞེས་«་་་་་ང་རྒྱལ་»བསྒོམ་པར་བྱའོ། «།གནས་གསུམ་བྱིན་གྱིས་བརླབ་པའི་སླད་་་་་་»ལག་པ་གཉིས་ཁུ་ཚུར་བཅིངས་ཏེ་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པ་«་་་་་ནོར་བུ་འདྲ་བར་བྱས་པ་»ནི་ནོར་རྒྱུན་མའི་ཕྱག་རྒྱའོ། །དེ་ནས་«་་་་་བསྒོམས་པས་སྐྱོན་སྔགས་»བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བ་སུ་ནི་དྷཱ་ན་ཀྵེ་ཏྲེ་སྭཱ་ཧཱ།«་་་་་བཟླས་ཟིན་ནས་ཐང་སྐུའི་འདུན་སར་བཅོམ་ལྡན་འདས་མ་ལ་མཆོད་པ་ཆེན་པོ་བྱས་ནས་བསྐུམ་ཞིང་ཉལ་བར་བྱའོ། །དེས་བཅོམ་ལྡན་འདས་མ་འགྲུབ་པར་འགྱུར་རོ།» ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། བ་སུ་དྷཱ་ར་དྷཱ་ར་ཎཱི་ཨུ་པ་དེ་ཤ །བོད་སྐད་དུ། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག འཕགས་མ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། «།རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང་་་་་་»ནོར་རྒྱུན་མའི་«་་་་་རྟོག་པ་ལས་གསུངས་པའི་»བྲིས་སྐུའམ་«་་་་་སྔར་

p. 254

ཇི་སྐད་བསྟན་པའི་མངོན་རྟོགས་ལྟར་གྱི་»སྐུ་གཟུགས་བཀྲམ་ནས་«དེའི་་་་་་»མདུན་དུ་ཙནྡན་«་་་་་དཀར་པོ་»གྱི་མཎྜལ་གྲུ་བཞི་པ་བྱས་ནས། དེ་ནས་«་་་་་མངོན་རྟོགས་གང་ཡང་རུང་བས་»བཅོམ་ལྡན་འདས་མ་བསྐྱེད་ནས་«་་་་་ཉེ་བར་སྤྱོད་པ་ཅི་འབྱོར་པས་»མཆོད་ཅིང་ལག་པ་ཙནྡན་གྱིས་བྱུགས་ཏེ་ནོར་རྒྱུན་མའི་གཟུངས་ཀྱི་པུསྟི་«་་་་་གཞོན་ནུ་མས་བཀལ་བའི་»སྐུད་པས་བཅིངས་ནས་«སླར་ཡང་་་་་་»མེ་ཏོག་«་་་་་གི་ཕྲེང་བས་»བཅིངས་ཏེ་མདུན་དུ་ཆུའི་སྣོད་བཞག་ནས་ནང་དུ་«་་་་་གཟུགས་བརྙན་འཆར་བར་བྱས་ནས་»བཅུག་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་ཏེ་དངོས་གྲུབ་མངོན་པར་འདོད་པས་«་་་་་གཟུངས་ཀྱི་པུསྟེ་»སྙིང་གར་བཟུང་སྟེ་ནོར་རྒྱུན་མའི་གཟུངས་བཀླག་པར་བྱའོ། །ཀློག་པ་ཡང་«་་་་་གཟུངས་ཀྱི་ན་མོ་ནས་དབུ་བཟུང་སྟེ་མཐར་»སྭཱ་ཧཱ་དང་ལྡན་པས་«་་་་་ཡང་ནས་ཡང་དུ་ཀློག་སྟེ།» སྔགས་རྣམས་ཀྱི་སྭཱ་ཧཱ་ཞེས་པའི་སྒྲ་བརྗོད་པ་ན། མེ་ཏོག་དཀར་པོ་དཱུརྺ་དང་བཅས་ཏེ་ཀ་ར་དང་འབྲས་དག་ཆུའི་སྣོད་དུ་«་་་་་གུས་པས་དངོས་གྲུབ་གསོལ་བའི་ཡིད་ཀྱིས་»དབུལ་བར་བྱའོ། «།ཁྲུས་དང་གཙང་སྦྲ་དང་སྨྱུང་བར་གནས་པས་་་་་་»གོས་དང་ཕྱོགས་གཙང་མར་ཇི་སྲིད་ཟླ་བ་དྲུག་བཀླག་ཅིང་«་་་་་མཆོད་ཡོན་གྱི་སྣོད་ཀྱི་ཆུས་ཕྱོགས་ཐམས་ཅད་དུ་འཐོར་ཞིང་ལྷག་མ་རྒྱ་མཚོར་འབབས་པའི་»ཆུའི་ནང་དུ་གཤེགས་པར་བྱའོ། །ནོར་རྒྱུན་མའི་གཟུངས་ཀྱི་མན་ངག་«་་་་་སྒྲུབ་པའི་ཐབས་རྒྱ་མཚོ་ལས་བྱུང་བ་»རྫོགས་སོ། །པཎྜི་ཏ་ཀཱིརྟི་ཙནྡྲ་དང་ཡར་ཀླུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའོ། ༈ །ནོར་རྒྱུན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སིཾ་ཧཱ་ཡ། གུར་ནས་གསུངས་པའི་ནོར་རྒྱུན་མ་བསྒོམ་པར་འདོད་པས་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ། རང་སྐད་ཅིག་གིས་ལྷ་མོ་ནོར་རྒྱུན་མར་གསལ་བའི་

p. 255

ཐུགས་ཀར་པདྨའི་སྟེང་དུ་བྃ་ལས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས་དང༌། ཨོཾ་སྭ་བྷཱ་ཝ་སོགས་བརྗོད། རང་གི་ཕུང་ཁམས་བསྐྱེད་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་འབྲས་ཀྱི་སྙེ་མ་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པའི་བུམ་པ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཛའ་བའི་སྐྱེ་འགྲོ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་

p. 256

དབང་བསྐུར་བ་སྩལ་དུ་གསོལ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་ཤྲཱི་བ་སུ་ནི་དྷཱ་ན་ཀྵེ་ཏྲེ་སྭཱ་ཧཱ། ཞེས་ཅི་ནུས་བཟླའོ། །བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་རང་ལ་ཐིམ། དགེ་བ་འདི་ཡིས་སོགས་བརྗོད། འདིའི་རྗེས་གནང་བྱ་ཚུལ་ནི། ཚོམ་བུའི་མཐར་མཆོད་གཏོར་སོགས་བཤམ་པ་དང༌། མཆོད་པ་བྱིན་རླབས་བདག་བསྐྱེད་གོང་ལྟར་བྱ། མདུན་བསྐྱེད་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་སོགས་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་པ་བྱིན་རླབས་ནས། ཨོཾ་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཕུན་ཚོགས་དགེ་ལེགས་སོགས་ཀྱིས་བསྟོད། གཏོར་མ་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པས་དབུལ། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། སློབ་མས་མཎྜལ་དབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་ཀྱིས་གསོལ་བ་གདབ། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་ལྷ་མོ་ནོར་རྒྱུན་

p. 257

མའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་དང་བཅས་པ་རྣམས་ལན་གསུམ་དང༌། གཞི་དགོད་པའི་སླད་དུ་སློབ་མ་ལ་བསྐྱེད་བསྟིམ་བྱ། རྗེས་སུ་བཟླས་པ་ལན་གསུམ་དང༌། བཅོམ་ལྡན་བདག་ལ་སོགས་དང༌། བཅོམ་ལྡན་འདི་ལ་སོགས་བརྗོད། དམ་བཅའ་བ་སྤྱི་དང་མཐུན། བྱིན་གྱིས་བརླབ་པའི་ཕྱིར་དུ་རིགས་འདྲ་བསྟིམ། གཙོ་བོས་སོགས་དང༌། རྗེས་མཆོད་བསྟོད་བྱས་ལ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། གནས་གསུམ་བསྲུངས་ལ་བསྔོ་བ་དང་བཀྲ་ཤིས་བྱའོ། །ཡང་ན་སྒྲུབ་ཐབས་རྒྱ་མཚོ་ལྟར་བྱའོ། །ཞེས་པ་འདི་ནི་རང་གི་དྲན་པ་གསོ་ཕྱིར་དུ་བྲང་བཙུན་ག་ག་ན་ཤྲཱི་བྷ་དྲས་སྦྱར་བའོ། ༈ །ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་འདོད་རྒུའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། འཕགས་མ་གང་མཚན་འཛིན་ཙམ་གྱིས། །ནོར་གྱི་རྒྱུན་འབེབས་ལྷ་མོ་ལ། །བཏུད་ནས་དེ་ཡི་སྒྲུབ་རྗེས་དང༌། །ལས་ཚོགས་འདོད་རྒུའི་སྤྲིན་ཕུང་དབྱེ། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་ག ལས་ཀྱི་ཚོགས་མདོ་ཙམ་བཤད་པའོ། །དང་པོ་ལ་གཉིས། མངོན་རྟོགས་སྤྱིར་བསྟན་པ་དང༌། བསྙེན་ཐབས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པའི་སྒྲུབ་པ་པོས། གནས་དབེན་པར་བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་

p. 258

པས་འཁོད་དེ། སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་རྒུད་པ་ཐམས་ཅད་བསལ་ནས་ཕན་པ་དང་བདེ་བའི་འབྱོར་པ་ཟད་མི་ཤེས་པ་ལ་དགོད་པར་འདོད་པའི་ལྷག་བསམ་རྩེ་གཅིག་པས་ཀུན་ནས་བསླངས་ཏེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་དང༌། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་མ་ནོར་རྒྱུན་མའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ་གྱིས་སེམས་བསྐྱེད། རང་སྐད་ཅིག་གིས་ལྷ་མོ་ནོར་རྒྱུན་མར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་བྃ་ཡིག་གསེར་བཙོ་མའི་མདོག་ཅན། དེ་ལས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་

p. 259

རྒྱུད་སྦྱངས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསག ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་སྟོང་པར་སྦྱངས་ཏེ་ཡེ་ཤེས་ཀྱི་ཚོགས་ལ་མཉམ་པར་གཞག སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ཡིག་གསེར་བཙོ་མའི་མདོག་ཅན། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ཏེ། དཔལ་འབྱོར་གྱི་བདེ་བས་ཚིམ་པའི་གོ་འཕང་ལ་བཀོད། མཆོད་ཡུལ་རྣམས་ཀྱི་བྱིན་རླབས་དང༌། བརྟན་གཡོའི་དྭངས་བཅུད་མ་ལུས་པ་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་འབྲས་ཀྱི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབེབས་བཞིན་པའི་གཏེར་ཆེན་པོའི་བུམ་པ་བཟང་པོ་བསྣམས་པ། དར་སྔོན་པོའི་ཤ་འགག དཀར་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་གཡོགས་རྣམས་དང་ནོར་བུ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཛམྦྷ་ལ་དང་དཔལ་ཆེན་མོ་སོགས་མཛའ་བའི་སྐྱེ་འགྲོ་ཡིད་འཕྲོག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་བྃ་ཡིག་སེར་པོ། དེ་ལས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་

p. 260

ཧོཿས་གཉིས་སུ་མེད་པར་ཐིམ་པའི་མོས་པ་བྱ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། ལྷ་སྐུའི་གསལ་སྣང་ལ་ཡུན་རིང་དུ་སེམས་གཟུང༌། དེས་སྐྱོ་ན་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ལ་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ཏེ་འདོད་རྒུའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱས། མཆོད་ཡུལ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ནུས་མཐུ་ཐམས་ཅད་དང༌། བརྟན་གཡོའི་དཔལ་འབྱོར་དྭངས་བཅུད་མ་ལུས་པ་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། ཨོཾ་ཤྲཱི་བ་སུ་ནི་དྷཱ་ན་ཀྵེ་ཏྲེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་གཅིག་པའི་སྔགས་མྱུར་བ་དང་བུལ་བ་ལ་སོགས་པའི་སྐྱོན་སྤངས་ཏེ་རྩེ་གཅིག་པའི་ཡིད་ཀྱིས་བཟླ། ཐུན་བསྡུ་བའི་ཚེ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་མཐུན་གྱི་འབྱོར་པ་ཟད་མི་ཤེས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་དང་

p. 261

གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་བརྗོད་ཅིང་བསམས་ལ་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་རྒྱུན་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང༌། འབད་དང་རྩོལ་བས་མ་གོས་པ་ཞེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །གཉིས་པ་ནི། དབེན་ཞིང་ཡིད་དང་རྗེས་སུ་མཐུན་པའི་བསམ་གཏན་གྱི་ཁང་བུར་ཕྱག་དར་ལེགས་པར་བྱ། འབྱོར་ན་འདི་ཉིད་ཀྱི་སྐུ་བརྙན་བྲིས་འབུར་གང་རིགས་བཤམ། གང་ལྟར་ཡང་འབུལ་གཏོར་དཀར་ཟླུམ་ཤིང་ཏོག་དང་དཀར་གསུམ་སོགས་ཟས་སྣ་གཙང་མས་གཏམས་པ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། རང་གི་མདུན་དུ་རྡོར་དྲིལ་གྱིས་མཚོན་དགོས་པའི་ཡོ་བྱད་རྣམས་བཀོད་མཛེས་སུ་བསྟར། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་མཚམས་དམ་པར་བཅད་ལ་ཐུན་བཞི་ལ་སོགས་པར་མངོན་རྟོགས་ཇི་སྐད་བཤད་པ་བཞིན་བསྒོམ། སྔགས་འབུམ་ཕྲག་བཅུ་གཅིག་ཁ་སྐོང་ཁྲི་ཕྲག་བཅུ་གཅིག་སོགས་བཟླ། སྤྲོ་ཞིང་ནུས་ན་དེ་ཉིད་བཞི་འགྱུར་རམ་བརྒྱད་འགྱུར་དུ་བཟླ་བར་བཤད་པས། འབུམ་ཕྲག་བཞི་བཅུ་རྩ་བཞི་འམ། བརྒྱད་ཅུ་རྩ་བརྒྱད་ཁ་སྐོང་དང་བཅས་པ་བཟླ་བ་ནི་བསྙེན་སྒྲུབ་ཆབ་ཅིག་པ་ཡིན། ཐུན་གཉིས་སམ་སྔ་ཐུན་གྱི་མཇུག་ཏུ་གཏོར་མ་དབུལ་བར་བྱ་སྟེ། གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་ཞེས་པའི་རྗེས་སུ། གཏོར་མར་ཆབ་བྲན་ཏེ།

p. 262

ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། གཏོར་མགྲོན་ནི་རྒྱས་པར་སྤྲོ་ན། མདུན་གྱི་ནམ་མཁར་པྃ་ལས་སྣ་ཚོགས་པདྨ་སོགས་ནས། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། རང་ཉིད་ཅེས་པའི་ཚིག་དོར་ཞིང༌། འདི་ལ་མངོན་པར་དབང་བསྐུར་བ་ཞེས་བསྒྱུར། མི་ནུས་ན། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། གང་ལྟར་ཡང་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་དབུལ། ཨོཾ་ཤྲཱི་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་སྦྱར་བས་མཆོད། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་པའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །ཅེས་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་འབྱོར་པ་ཟད་མི་ཤེས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་འདིར་ནི་

p. 263

གཟུགས་དང་སོགས་བརྟན་བཞུགས་དང༌། མེད་ན། ཨོཾ་ཁྱེད་ཀྱིས་སོགས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། གནས་གསུམ་བསྲུང་བ་དང་བསྔོ་སྨོན་བཀྲ་ཤིས་གོང་ལྟར་བྱ། ཐུན་མཚམས་རྣམས་སུ་ནོར་རྒྱུན་མའི་གཟུངས་ཀློག་པ་དང༌། མཆོད་སྦྱིན་སོགས་ཚོགས་སྒོ་དུ་མ་ནས་བསག གཞན་མཚམས་ཀྱི་སྤང་བླང་སྤྱི་ལྟར་ཤེས་པར་བྱས་ལ་ཉམས་སུ་བླངས་ཤིང༌། གྲུབ་ན་ཁ་སྐོང་གི་དོན་དུ་ཞི་བའི་སྦྱིན་སྲེག་ཀྱང་བྱའོ། །གཉིས་པ་རྗེས་གནང་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་དྲི་བཟང་གི་ཐིག་ལེ་བྱས་ལ་མེ་ཏོག་གི་ཚོམ་བུ་གཅིག་དགོད། དེའི་མདུན་དུ་འབུལ་གཏོར་དང༌། བྱང་ཤར་ནས་བརྩམས་ཏེ་མཚམས་འཛིན་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་དགོས་པའི་ཡོ་བྱད་རྣམས་འདུ་བྱ། མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླུས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། དྷརྨཱ་ར་ཎི་ཏ་ལན་གསུམ་གྱིས་བྱིན་དབབ། སྐྱབས་འགྲོ་ནས་བཟུང་བཟླས་པའི་རྗེས་ཀྱི་གསོལ་བ་འདེབས་པ་བདག་བསྐྱེད་གོང་ལྟར་བྱ། ཚོམ་བུ་བསང་སྦྱངས། སྟོང་

p. 264

པའི་ངང་ལས་པྃ་ལས་སོགས་ནས། དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། རང་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ཤྲཱི་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱངས་བྱིན་གྱིས་བརླབ་པ་གོང་ལྟར་དང༌། སྔགས་མཐར་ཨ་ཀཱ་རོ་བཏགས་པ་གསུམ་གྱིས་དབུལ། མཆོད་བསྟོད་གསོལ་བ་གདབ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ལ་བཟླས་པ་ཅུང་ཟད་བྱའོ། །གཉིས་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང༌། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་བདུན་ཅེས་ཐུབ་པས་གསུངས། །ཞེས་མཐོ་རིས་ཀྱི་འབྱོར་པའི་མཐར་ཐུག་པ་ཡོན་ཏན་བདུན་ཅེས་བསྔགས་པའི་རྒྱན་གཅིག་པུ། ལྷ་ཆོས་དང་མི་ཆོས་མཐའ་དག་གི་མཐུན་རྐྱེན། ཁྱད་པར་དུ་རྒྱལ་བའི་སྲས་ཀྱི་སྤྱོད་པ་མཆོག་ལ་གཞོལ་བ་རྣམས་ཀྱི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡ་གྱལ་སྦྱིན་པ་རྣམ་པ་གསུམ་དུ་ཕྱེ་བའི་ནང་གསེས་ཟང་ཟིང་གི་སྦྱིན་པ་དང༌། བསྡུ་བའི་དངོས་པོ་བཞིའི་གཞིར་གྱུར་ཅིང༌། རྫས་ལས་བྱུང་བའི་བསོད་ནམས་བདུན་གྱི་ཉེར་ལེན་མེད་དུ་མི་རུང་བ་ནི་ནོར་གྱི་འབྱོར་པ་ཉིད་ཡིན་ལ། དེ་སྒྲུབ་པའི་ཐབས་ཀྱང་རྒྱུའི་ཐེག་པར་དཀོན་མཆོག་ལ་མཆོད་པ་དང༌། དབུལ་ཕོངས་ལ་སྦྱིན་པ་གཏོང་བ་སོགས་

p. 265

བགྱིས་ན་རྒྱུ་འབྲས་མི་བསླུ་བའི་ཕྱིར་ལོངས་སྤྱོད་ཁྱད་པར་ཅན་མཐོང་བའི་ཆོས་ལ་འཐོབ་པར་གསུངས་པས་མཚོན་རྒྱ་ཆེ་བའི་ཐབས་ཇི་སྙེད་ཅིག་བསྟན་ཅིང༌། དེ་དག་ལས་ཆེས་ཁྱད་པར་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གནོད་སྦྱིན་ནོར་ལྷའི་སྒྲུབ་པའི་ཐབས་རབ་འབྱམས་ལ་བརྟེན་ནས་གནས་སྐབས་སུ་ཆོས་མཐུན་གྱི་འབྱོར་པ་ནམ་མཁའི་མཛོད་ལ་མངའ་བསྒྱུར་བས་བསྟན་པ་དང༌། སེམས་ཅན་གྱི་ཕན་བདེ་མཐའ་ཡས་པ་སྒྲུབ་པ་དང༌། མཐར་ཐུག་འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཐམས་ཅད་མཁྱེན་པའི་གོ་འཕང་དཀའ་བ་མེད་པར་སྒྲུབ་པའི་ཐབས་ཟབ་མོ་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་པོར། ནོར་གྱི་བློ་གྲོས་ཆེན་པོ་འདི། །དེ་ལྟར་སྔགས་པས་བསྒོམ་ན་དེས། །དཔག་ཚད་བདུན་ནི་རྒྱས་པར་ཡང༌། །ནོར་གྱི་ཆར་གྱིས་ཁྱབ་པར་མཛོད། །ཅེས་དང༌། བཅོམ་ལྡན་ནོར་རྒྱུན་ཞེས་བྱ་བའི། །མཚན་ནི་མི་མཆོག་སྒྲོགས་བགྱིད་ན། །དེ་ལ་ནོར་གྱི་རྒྱུན་འབེབས་ཤིང༌། །ནོར་ཆེན་དང་ནི་ལྡན་པར་བགྱི། །ཞེས་སྐུའི་སྣང་བརྙན་བསྒོམ་པ་དང༌། མཚན་འཛིན་པ་ཙམ་ལའང་འདོད་རྒུའི་དབྱིག་གི་ཆར་ཆེན་པོ་འབེབས་པར་བསྔགས་པའི་བཅོམ་ལྡན་འདས་མ་ནོར་རྒྱུན་མ་ལ་རྒྱུད་སྡེ་ཆེན་པོ་བཞི་ནས་དཀྱིལ་འཁོར་གྱི་གཙོ་མོ་དང༌། འཁོར་གྱི་ཚུལ་དུ་བསྟན་པའི་སྒྲུབ་ཐབས་མང་དུ་གསུངས་པ་ལས། འདིར་ནི་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། བྃ་གྱི་ཡི་གེ་ལས་བྱུང་བ། །ནོར་འཛིན་ཤིན་ཏུ་ཁ་དོག་སེར། །ལག་པ་མཆོག་སྦྱིན་འབྲས་སྙེ་མ། །

p. 266

རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ལས། །ཡན་ལག་རིན་ཆེན་འབྱུང་གནས་བརྒྱན། །སྤྱན་ནི་ཤིན་ཏུ་སྒེག་པ་ནི། །གནོད་སྦྱིན་རྒྱལ་མོ་བསྒོམ་པར་བྱ། །ནོར་གྱི་བདག་མོ་ངེས་པར་འགྲུབ། །ཅེས་གསུངས་པ་སོགས་ལ་བརྟེན་ནས། པཎ་གྲུབ་དབང་པོ་རྡོ་རྗེ་གདན་པས་ལེགས་པར་བཀྲལ་ཞིང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་འཕགས་མ་ནོར་རྒྱུན་མ་སེར་མོའི་རྗེས་སུ་གནང་བ་ཟབ་མོ་བསྒྲུབ་པ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ནས་སློབ་མས་མཎྜལ་དབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་ཀྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་བྱ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་ལྷ་མོ་ནོར་རྒྱུན་མའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་ལན་གསུམ་དང༌། གཞི་དགོད་པའི་སླད་དུ་སློབ་མ་ལྷ་མོར་བསྐྱེད། གནས་གསུམ་བྱིན་བརླབ། ཡེ་ཤེས་པ་བསྟིམ། རྗེས་སུ་བཟླས་པ་ལན་གསུམ་དང༌། བཅོམ་ལྡན་བདག་ལ་དང༌། བཅོམ་ལྡན་འདི་ལ་སོགས་བརྗོད། དམ་བཅའ་བ་སྤྱི་དང་མཐུན། བྱིན་གྱིས་བརླབ་པའི་ཕྱིར་རིགས་འདྲ་བསྟིམ་པ་བཅས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གི་ཆིངས་སྦྱར། རྗེས་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱ། གསུམ་པ་ནི། མཆོད་པ་བྱིན་བརླབ། གཏང་རག་གི་མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང༌། བསྔོ་སྨོན་བཀྲ་ཤིས་བྱའོ། །གསུམ་པ་ལས་ཚོགས་མདོ་ཙམ་བཤད་པ་ལ་གསུམ། རྒྱས་པའི་སྦྱིན་སྲེག གཟུངས་ཀྱི་ཆོ་ག གཏེར་

p. 267

བུམ་བསྒྲུབ་པའོ། །དང་པོ་ནི། འདས་པའི་མེ་ལྷའི་བསྐྱེད་ཆོག་དང་སྔགས་ཀྱི་འབྱིན་འཇུག་གཙོ་བོར་གྱུར་པའི་ཁྱད་པར་གྱི་ཆོས་འགའ་ཞིག་མ་གཏོགས་ཀྱེ་རྡོར་གྱི་རྒྱས་པའི་སྦྱིན་སྲེག་ཇི་ལྟ་བ་སྟེ། དེའང་ཐབ་ཀྱི་དབུས་སུ་ཕྱག་མཚན་ནམ་ཚོན་ཕུང་སེར་པོ་བྱ། མཆོད་པ་བཤམས་པ་དང་བྱིན་རླབས། འབུལ་བ་བཅས་ཀྱི་སྐབས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཁོ་ནས་མཐུས། ནང་མཆོད་དང༌། རྫས་ལ་བདུད་རྩི་ལྔས་གཏོར་བ་སོགས་མི་དགོས། བསང་ཆུ་ལ་ཨ་མྲྀ་ཏས་བརླབ། བསྲེག་རྫས་དང་མཆོད་རྫས་བྱིན་རླབས་སྐབས། ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སོགས་སྦྱར། མེ་ལྷ་གོང་འོག་གི་སྐྱེ་མཆེད་བྱིན་རླབས་མི་དགོས། གནས་གསུམ་བྱིན་རླབས་ཀྱིས་འཐུས། གཽ་རཱི་ཨཱ་ཀརྵ་སོགས་མི་དགོས། ཛཿཧཱུྃ་བཾ་ཧོཿས་བསྟིམ། འདས་པའི་མེ་ལྷའི་བསྲེག་རྫས་རྫོགས་སྐབས་མཆོད་བསྟོད་རྒྱས་པར་སྤྲོ་ན་འོག་ཏུ་གཟུངས་མཆོག་སྐབས་འབྱུང་བ་ལྟར་སྦྱར། གཏོར་མ་གོང་ལྟར་ཕུལ་བས་མཚོན་ཁྱད་ཆོས་ཕྲ་མོ་རྣམས་མ་འདྲེས་པར་བྱ། ཡང་ན་གསང་བ་སྤྱིའི་ལུགས་ཀྱི་རྒྱས་པའི་སྦྱིན་སྲེག་གི་ཆོ་ག་ཡང་རུང་བས་ཁོག་དབུབ་ཀྱང་རུང༌། གང་ལྟར་ཡང་འདས་པའི་མེ་ལྷའི་སྐབས་སུ་ལྷ་མོ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་དང༌། སྔགས་ཡི་གེ་བཅུ་གཅིག་པ་དང་སྤེལ་ཚིག བདག་གམ་སྦྱིན་པའི་བདག་པོའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་དང༌། རྫས་གཙོ་བོ་ཞོ་ཟན་ལ་མངར་གསུམ་སྦྱར་བའི་ཟས་མཆོག་དང༌། གུར་གུམ་ལ་སོགས་པའི་ཁ་དོག་སེར་ཞིང་དྲི་བསུང་རྒྱས་པའི་སྨན་གྱི་མེ་ཏོག་དངོས་སམ། མ་འབྱོར་

p. 268

ན་འབྲས་ལ་སོགས་པའི་འབྲུ་གུར་གུམ་གྱིས་ཁ་བསྒྱུར་བ་ལ་གྲངས་བཟུང་སྟེ་འབུམ་ཕྲག་ལ་སོགས་པ་དང༌། རྫས་གཞན་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་ཕུལ་བས་དངོས་གྲུབ་མྱུར་དུ་འཐོབ་པའི་ཚུལ། འབར་བ་ཚིམ་པས་ལྷ་མཉེས་ཤིང༌། །དངོས་གྲུབ་མ་ལུས་མྱུར་དུ་འགྲུབ། །ཚེ་དང་དབང་ཕྱུག་ཕུན་ཚོགས་ཤིང༌། །འབྱོར་པ་ཆེན་པོ་འཐོབ་པར་འགྱུར། །ཅེས་སོགས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་བསྙེན་སྒྲུབ་ཁ་སྐོང་གི་དོན་གྱི་ཕྱིར་ཞི་བའི་སྦྱིན་སྲེག་བྱེད་པར་སྤྲོ་ནའང༌། གོང་དུ་སྨོས་པ་ལྟར་ཀྱེ་རྡོར་རམ། གསང་བ་སྤྱིའི་ལུགས་ཀྱི་ཞི་བའི་སྦྱིན་སྲེག་ལ་ཁ་བསྒྱུར་ཞིང་རྫས་ཏིལ་དང༌། སྔགས་བཅུ་ཆ་སོགས་ཇི་ལྟར་ནུས་པ་ཕུལ་བས་ལྷག་ཆད་ཁ་བསྐང་ཞིང་ལས་མྱུར་དུ་འགྲུབ་པའི་ཚུལ་དཔལ་ཁ་སྦྱོར་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ནས་དངོས་གྲུབ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །དེ་ཀུན་སྦྱིན་སྲེག་གིས་ནི་དགང༌། །ཞེས་སོ། །གཞན་ཡང་རྟོག་པ་ལས། ཏིལ་གྱི་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྒྱལ་རིགས་ལས་རྙེད་པས་ཆེན་པོ་ཐོབ་བོ། །ཡུངས་ཀར་མར་ལ་བསྲེས་ནས་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་དུ་བྱེད་དོ། །ཀུན་«་་་་་ས་གཤེར་ཅན་ཞེས་བྱ་བའི་ཤིང་དྲི་བཟང་པོ་ཅན་ཞིག་སྟེ། མ་རྙེད་ན་བལ་བུའི་མེ་ཏོག་གིས་ཚབ་རུང༌།» དུ་རའི་སྦྱིན་སྲེག་བྱས་ན་བློན་པོ་དབང་དུ་བྱེད་དོ། །ཞེས་གསུངས་པའང་ཇི་ལྟར་རིགས་པ་ཉམས་སུ་བླང་ངོ༌། །གཉིས་པ་ལ་གསུམ། བྲིས་སྐུ་འབྲི་ཚུལ། གཟུངས་ཆོག་དངོས། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། འགྲུབ་ཏུ་རུང་ན་ཆུར་ཁྲུ་བདུན་ཞེང་དུ་ཁྲུ་གསུམ་པའི་རས་གཞིའམ། ཡང་ན་ཞེང་དུ་མཐོ་གང༌། སྲིད་དུ་མཐོ་དོའི་ཚད་ཀྱི་རས་གཞི་ལ་ལྷ་བཟོ་གསོ་སྦྱོང་

p. 269

དང་ལྡན་པས། དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ལྷ་མོ་ནོར་རྒྱུན་མ་སོགས་ནས། སྟེང་གི་ནམ་མཁར་ལྷའི་བུ་རིན་པོ་ཆེའི་ཆར་འབེབས་པའི་ཚོགས་ཀྱི་བར་འོག་གི་མངོན་རྟོགས་ནས་ཇི་ལྟར་འབྱུང་བ་བཞིན་དང༌། འོག་ཏུ་སྒྲུབ་པ་པོ་པུས་མོ་བཙུགས་ཤིང༌། ཐལ་མོ་སྦྱར་བའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་ཐོགས་ནས་བཅོམ་ལྡན་འདས་མ་ལ་རྩེ་གཅིག་ཏུ་བལྟ་བ་གུས་པའི་ངང་ཚུལ་ཅན་བྲི། རབ་ཏུ་གནས་པ་རྒྱས་བསྡུས་ཅི་རིགས་པས་མངའ་དབུལ་བར་བྱའོ། །གཉིས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བསྙེན་པ་སྔོན་དུ་སོང་བའི་སྒྲུབ་པ་པོས། དཔྱིད་ཟླ་ར་བ་སོགས་ཤིས་པའི་དུས་སུ་ཚེས་གཅིག་གི་སྔར་ཉིན་གནས་ཁང་ཕྱག་དར་བྱ། དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་དང༌། བྲིས་སྐུ་ཞལ་ནུབ་ཏུ་ཕྱོགས་ནས་བཀྲམ་པའི་མདུན་དུ་མཎྜལ་གྲུ་བཞི་པ་ཙནྡན་དཀར་པོས་བྱུགས་ཤིང་མེ་ཏོག་སིལ་མ་དགྲམ་པ་དང༌། གཏོར་མ་དཀར་ཟླུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཤམ། དེ་དང་ཉེ་བའི་རང་གི་མདུན་དུ་རིན་པོ་ཆེའི་སྣོད་རྒྱུན་འབབ་ཀྱི་ཆུས་བཀང་བའི་ནང་དུ་བྲིས་སྐུའི་གཟུགས་བརྙན་འཆར་བར་བྱ། དེའི་དབུས་སུ་མཉྩིའི་ཁར་འདི་ཉིད་ཀྱི་གཟུངས་མདོའི་གླེགས་བམ་ཆུང་ངུ་ན་བཟའ་དང་བཅས་གཞོན་ནུ་མས་བཀལ་བའི་སྐུད་པ་དང་མེ་ཏོག་གི་ཕྲེང་བས་བཅིངས་པ་བཞུགས། རང་གི་མདུན་དུ་རིན་པོ་ཆེའི་སྣོད་དུ་མེ་ཏོག་དཀར་པོ། དཱུརྦ། ཀ་ར། འབྲས་དང་བཅས་པ་སྦྱར་བའི་མཆོད་པ་དང༌། གཞན་ཡང་རྡོར་དྲིལ་སོགས་ཇི་ལྟར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་

p. 270

པར་བྱའོ། །གཉིས་པ་ནི། ཚེས་གཅིག་གི་ནངས་པར་སྔ་བར་ལངས་ཏེ། ཐེག་པ་ཆེན་པོའི་གསོ་སྦྱོང་བླང༌། ཁྲུས་དང་གཙང་སྦྲ་ལ་གནས་པས་སྐྱབས་འགྲོ་ནས་བཟུང་བདག་བསྐྱེད་བཟླས་པ་དང་བཅས་པ་གདན་བསྡུ་བའི་བར་སྔོན་དུ་འགྲོ་བས་མདུན་གྱི་བྲིས་སྐུ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཡིད་འཕྲོག་པའི་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་ལྗང་སེར་ཞལ་གཅིག་ཕྱག་གཉིས་མ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་རྒྱས་པ། ཕྱག་གཡས་པ་ན་འབྲས་བུ་ཆེན་པོ་དང༌། གཡོན་ན་སྒྲུབ་པ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཟ་མ་ཏོག་མུ་ཏིག་དང༌། རྡོ་རྗེ་ཕ་ལམ་དང་བཻ་ཌཱུརྻའི་འབྲས་བུ་ཅན་བསྣམས་པ། དར་སྔོན་པོའི་ཤམ་ཀག་དང༌། དཀར་པོའི་སྟོད་གཡོགས་དང༌། ཁ་དོག་སྣ་ཚོགས་པའི་ཤམ་ཐབས་མནབས་པ། ནོར་བུ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྒྱ་མཚོའི་དབྱངས་སྐུ་མདོག་དམར་སེར་གཡས་མཆོག་སྦྱིན་དང༌། གཡོན་ཁུ་ཚུར་བརླར་བཞག་པ། དེའི་གཡས་སུ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་གསལ། གཡས་མཆོག་སྦྱིན་དང༌། གཡོན་རོལ་པའི་ཚུལ་གྱིས་གདན་ལ་བསྟེན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་སྔོན་ཅུང་ཟད་ཁྲོས་པའི་ཉམས་ཅན། གཡས་རྡོ་རྗེ་དང༌། གཡོན་རོལ་པའི་ཚུལ་ཅན། གསུམ་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། ལྷ་མོའི་

p. 271

གཡས་ལོགས་སུ་དཔལ་ཆེན་མོ་པདྨའི་ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དགོངས་བཞིན་པ། གཡོན་དུ་པདྨའི་དཔལ་ཕྱག་ཐལ་མོ་སྦྱར་བའི་སྙིམ་པ་རིན་པོ་ཆེས་གང་བ། གཉིས་ཀའང་སྐུ་མདོག་དམར་སེར་དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་སེམས་མའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། སྟེང་གི་ནམ་མཁར་ལྷའི་བུ་རིན་པོ་ཆེའི་ཆར་འབེབས་པའི་ཚོགས་དང༌། རྒྱལ་བ་སྲས་དང་བཅས་པ། མཐའ་སྐོར་ཀུན་ཏུ་ཛམྦྷ་ལ་དང་དཔལ་ཆེན་མོ་སོགས་མཛའ་བའི་སྐྱེ་འགྲོ་ཡིད་འཕྲོག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་བྃ་ཡིག་སེར་པོ། དེ་ལས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་བྱ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཞེས་བརྗོད། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབ། ཐལ་

p. 272

མོ་སྦྱར་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །འཕགས་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་དང༌། པཱ་དྱཾ། མེ་ཏོག་དང༌། པུཥྤེ། བདུག་སྤོས་དང༌། དྷཱུ་པེ། མར་མེ་དང༌། ཨཱ་ལོ་ཀེ། དྲི་མཆོག་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་དྱ། རོལ་མོ་དང༌། ཤབྡའི་བར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྤྲོ་ན་འདོད་ཡོན་ལྔ། རིན་ཆེན་བདུན། གོས་ཟུང་རྣམས་སྤྱི་ལྟར་དབུལ། མཎྜལ་ཚོམ་བུ་བདུན་མའམ་སོ་བདུན་མ་དཀྱུས་བཞིན་ལ། མ་ཚང་བ་མེད་པ་འདི་ཉིད་ལྷ་མོ་ནོར་རྒྱུན་མ་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་མཐུན་གྱི་འབྱོར་པ་ཟད་མི་ཤེས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་སྦྱར། བསྟོད་པ་ནི་རྡོ་རྗེ་དྲིལ་བུ་འཛིན་པས། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་སོགས་བྲིས་སྐུ་དང་མཐུན་པའི་བསྟོད་པ་རྒྱས་པས་བསྟོད་ཅིང་འདོད་དོན་གསོལ་བའི་སྐབས་སུ་ཐལ་མོ་སྦྱར་ཞིང་མེ་ཏོག་འཐོར། དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་ནས་དངོས་གྲུབ་མངོན་པར་འདོད་པའི་ཡིད་ཀྱིས་གཟུངས་ཀྱི་གླེགས་བམ་སྙིང་གར་བཟུང་སྟེ། གླེང་གཞི་ནས་བརྩམས་ཏེ། ཨོཾ་བ་སུ་སྭཱ་ཧཱ་ཞེས་པའི་བར་གསལ་ངག་སྙན་པའི་ངག་གིས་བཀླག སྭཱ་ཧཱ་ཞེས་པའི་སྔགས་རྣམས་བརྗོད་པ་དང་ལྷན་ཅིག་ཏུ་དཔལ་གྱི་འབྱོར་པ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ་སྙམ་པས་མེ་ཏོག་དཀར་པོ་སོགས་ཀྱི་

p. 273

མཆོད་པ་ཆུ་སྣོད་དུ་དབུལ་བ་རེ་བྱ། དེ་ལྟ་བུའི་ཚུལ་གྱིས་གཟུངས་ཁོ་ན་ཇི་ཙམ་ནུས་པ་བཟླ། ཐུན་ལས་ལྡང་བ་ན་མཇུག་ཏུ་གཟུངས་ཀྱི་ཕན་ཡོན་སོགས་རྫོགས་པར་བཏོན་ཏེ་གླེགས་བམ་སྔར་བཞིན་བཞུགས་སུ་གསོལ། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ཨོཾ་ཤྲཱི་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་བདུན་གྱིས་གཏོར་མ་དབུལ། ཨོཾ་ཤྲཱི་བ་སུ་དྷཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་སྦྱར་བས་མཆོད། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་པའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །ཅེས་དང༌། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་འབྱོར་པ་ཟད་མི་ཤེས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་གདབ། གཏང་རག་གི་མཆོད་པ་བསང་སྦྱངས་བྱིན་རླབས་སྔོན་དུ་འགྲོ་བས་མཆོད་བསྟོད་རྒྱས་བསྡུས་གང་རིགས་དང༌། བཅོམ་ལྡན་འདས་མས་སོགས་འདོད་དོན་གསོལ། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། འདིར་ནི་གཟུགས་དང་སོགས་ནས། བཛྲཱ་ཡ་སྭཱ་ཧཱ་ཞེས་བརྟན་བཞུགས་བྱ་ཞིང་

p. 274

མེ་ཏོག་འཐོར། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་རྒྱུན་ལྷ་མོ་འགྲུབ་གྱུར་སོགས་བསྔོ་སྨོན་དང༌། ཆེ་བའི་ཆེ་མཆོག་སོགས་ཀྱིས་མཚོན། མདོ་རྒྱུད་ལས་བྱུང་བའི་ཤིས་བརྗོད་རྒྱས་པར་བྱས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག ཐུན་བར་སོགས་སུ་ཤེར་ཕྱིན་སོགས་ཀྱི་མདོ་བཀླག་པ། སཱཙྪ་གདབ་པ། ཆུ་གཏོར་གཏང་བ་སོགས་རང་ངམ་གཞན་གྱིས་གང་འགྲུབ་བྱ། དེ་ལྟ་བུའི་རིམ་པས་ཟླ་བ་དྲུག་གམ། ཟླ་གཅིག་གམ། ཞག་བདུན་ནམ། ཐ་ནའང་ཉིན་ཞག་གཅིག་སོགས་ཇི་ལྟར་རིགས་པ་རྩེ་གཅིག་པའི་ཡིད་ཀྱིས་འབད་པས་རང་རང་གི་སྐལ་བ་དང་འཚམས་པའི་དངོས་གྲུབ་འབྱུང་བར་འགྱུར་རོ། །དེ་ཡང་ཉིན་དང་མཚན་དུ་ཐུན་བཅད་ལ་འབད་ཅིང༌། ཁྱད་པར་ཚེས་བརྒྱད་དང་བཅོ་ལྔ་ལྟ་བུའི་དུས་བཟང་རྣམས་སུ་མཚན་ཐོག་ཐག་ཏུ་བཟླས་པ་བགྱིས་ན་གཞུང་ནས་གསུངས་པ་དང་མཐུན་པས་ཤིན་ཏུ་ལེགས། གསུམ་པ་ནི། ཆོ་ག་རྫོགས་པ་ན། བྲིས་སྐུ་མཛོད་ཀྱི་ཕུག་ཏུ་བཞུགས་ཏེ་དུས་དང་རྒྱུན་དུ་མཆོད། ཞིང་རྨོ་བའི་ཚེ་ཞིང་གི་དབུས་སུ་སྤྱན་དྲངས་ལ་བཅོམ་ལྡན་འདས་མར་བསྐྱེད་ཅིང་མཆོད་བསྟོད་བཟླས་པ་བྱ། གཏོར་མ་དབུལ། བུམ་པའི་ཆུ་སྔགས་ཀྱི་བྱིན་གྱིས་བརླབས་པས་ཞིང་རྨོ་མཁན་སོགས་དང༌། ས་བོན་ལ་གཏོར། ཆུ་རྒྱུན་གྱིས་ཞིང་ལ་གཡས་སྐོར་དུ་བྱ། དེ་ལྟ་བུའི་རིམ་པས་བཙས་མ་བརྔ་བ་དང༌། གཡུལ་འཆག་པ་དང༌། འབྲུ་མཛོད་དུ་གཞུག་པ་སོགས་ཀྱི་ཚེའང་ཆོ་ག་ཇི་ལྟར་རིགས་པ་བྱ་བའི་ཚུལ་རྟོག་པ་ལས་ཤེས། གཟུངས་ཀྱི་གླེགས་བམ་རིན་པོ་ཆེའམ་རྫའི་གའུར་རིན་ཆེན་འབྲུ་སྨན་དར་ཟབ་སོགས་དང་ལྷན་ཅིག་པར་བཅུག་ལ་བང་མཛོད་ཀྱི་དབུས་སུ་བཀུར་སྟི་དང་བཅས་ཏེ་

p. 275

བཞུགས་ཤིང་དུས་དུས་སུ་བཀླག མཆོད་ཡོན་ཕུལ་བའི་ཆུས་ཁྱིམ་ཐམས་ཅད་དང༌། ཕྱུགས་ཀྱི་རྭ་བ་དང༌། ཞིང་དང༌། སྐྱེད་མོའི་ཚལ་སོགས་སུ་གཏོར། རང་གཞན་གྱིས་བཏུང༌། ས་བོན་གདབ་བྱའི་འབྲུ་ལའང་ཁྱབ་པར་བྲན། ལྷག་མ་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གསུམ་པ་དེ་ལྟར་བརྩོན་པའི་ཕན་ཡོན་ནི། གཟུངས་ལས། རིགས་ཀྱི་བུ་སུ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནུབ་གཅིག་བཏོན་ན། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །རྒྱས་པའི་དོན་དུ་བདག་གི་ཁྱིམ་མམ། གཞན་གྱི་ཁྱིམ་མམ། གནས་གཙང་མ་བང་མཛོད་དམ། གནས་གང་ཡང་རུང་བར་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷའི་ཕྱིར་ཙནྡན་གྱི་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ནུབ་གཅིག་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་ནོར་བུ་དང༌། འབྲུ་དང༌། གསེར་དངུལ་དང༌། ཡོ་བྱད་ཐམས་ཅད་ཀྱི་རྒྱུན་མི་ཆེན་པོའི་ཚད་ཙམ་གྱིས་གང་བར་འགྱུར་རོ། །འཇིགས་པ་དང་གནོད་པ་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །ཞེས་དང༌། རྟོག་པ་ལས། སྟན་གཅིག་ལ་གནས་ཏེ་བཅོམ་ལྡན་འདས་མའི་ཞལ་ལ་དམིགས་ལ་ནུབ་མོ་མཚན་ཐོག་ཐག་ཏུ་བཟླས་པ་བྱས་ན། དེ་ནས་སྐྱ་རེངས་ཤར་བའི་དུས་སུ་སྐྱེས་བུ་ཆེན་པོ་ཙམ་གྱི་ནོར་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུན་འབབ་ཅིང་ཁང་པ་གང་བར་འགྱུར་རོ། །ཞེས་དང༌། ཟླ་བ་གཅིག་གི་སྦྱོར་བས་

p. 276

ནོར་གྱི་རྒྱུན་འབབ་པར་འགྱུར་ཏེ། མི་ཤེས་པ་ཁ་གཅིག་འཕེལ་བར་འགྱུར་རོ། །ཞེས་དང༌། ཆོ་ག་འདིས་ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ལ་བཟླས་པ་བྱས་ན་འཁོར་ལོས་སྒྱུར་བ་ཐོབ་ཅིང་བཅོམ་ལྡན་འདས་མ་ནོར་རྒྱུན་མ་དངོས་སུ་མཐོང་ཞིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །ཡང་རྒྱ་གཞུང་ལས། ནོར་རྒྱུན་མའི་བྲིས་སྐུའམ་གཟུགས་དགྲམ་ཞེས་གསུངས་པས། གོང་དུ་སྨོས་པའི་བྲིས་སྐུ་འབྲི་བ་མ་གྲུབ་ན། གཙོ་རྐྱང་གི་སྐུ་བྲིས་འབུར་གང་རུང་བཤམ། དེའང་མ་གྲུབ་ན་ཚོམ་བུ་ཙམ་ལ་བརྟེན་ནའང་རུང་བས། དེའི་ཚེ་མདུན་བསྐྱེད་གསལ་གདབ་སྐབས་གོང་དུ་རྗེས་གནང་སོགས་ཀྱི་སྐབས་སུ་སྨོས་པ་ལྟར་གཙོ་རྐྱང་མདུན་བསྐྱེད་ལྟར་གསལ་གདབ་ཅིང༌། གཞན་མཆོད་བསྟོད་གཟུངས་བཟླ་བ་སོགས་ཇི་སྐད་བཤད་པ་བཞིན་བགྱིས་པས་ཀྱང་རུང་ལ། ཚོམ་བུ་ཙམ་ལ་བརྟེན་པའི་སྐབས་མཇུག་ཏུ་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྟིམ་པའམ། རིན་པོ་ཆེ་དང་བང་མཛོད་སོགས་ཀྱི་རྟེན་ལ་བཞུགས་སུ་གསོལ་བས་ཀྱང་རུང་བར་གསུངས་སོ། །གསུམ་པ་གཏེར་བུམ་སྒྲུབ་པའི་ཚུལ་ལ། རིན་པོ་ཆེའམ་རྫའི་བུམ་པ་བྲེ་གང་ཤོང་བ་ལས་མི་ཆུང་བའི་ནང་དུ་བུམ་རྫས་ཉེར་ལྔ་གཙོ་བོར་གྱུར་པའི་རིན་ཆེན་འབྲུ་སྨན་དར་ཟབ་དཀར་མངར་སོགས་ཀྱི་ཕུད་གཙང་ཞིང་སྐྱོན་དང་བྲལ་བས་ལེགས་པར་བཀང་བའི་དབུས་སུ་འབྱོར་ན་གཙོ་མོའི་བྲིས་སྐུ་དང༌། གང་ལྟར་ཡང་རབ་གཟུངས་ཀྱི་ཆོ་ག་བྱས་པའི་གླེགས་བམ། དེ་མིན་གཟུངས་ཚང་བའམ། རྩ་སྔགས་ཡི་གེ་བཅུ་གཅིག་པ་དང༌། གཟུངས་སྔགས་དངོས་གཞིའི་མཐར། བདག་དང་

p. 277

སྦྱིན་པའི་བདག་པོའི་ཚེ་བསོད་དཔལ་འབྱོར་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སོགས་འདོད་གསོལ་རྒྱས་བསྡུས་གང་རིགས་སྦྱར་བ་གཞུག སླར་ཡང་ཁ་རིན་ཆེན་འབྲུ་སྨན་སྤོས་ཕྱེ་སོགས་དང་འཇིམ་པས་གཅད་ཅིང་དར་རས་དཀར་སེར་གང་རུང་གིས་བཀབ་ལ་ཚོན་སྐུད་ཀྱིས་བཅིངས་པ་སྟེགས་བུའི་དབུས་སུ་གཞག མདུན་དུ་འབུལ་གཏོར་དཀར་ཟླུམ་དང༌། བྱང་ཤར་ནས་བརྩམས་ཏེ་མཚམས་འཛིན་གྱི་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར་དུ་བཤམ། མཆོད་པ་བྱིན་རླབས་དང་སྐྱབས་སེམས་ནས་བཟུང་གདན་བསྡུ་བའི་བར་བདག་བསྐྱེད་སྔོན་དུ་འགྲོ་བས། ཁྲུས་བུམ་རྣམ་འཇོམས་སོགས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྒྲུབ་པའམ། གཟུངས་སྒྲུབ་མདོར་བསྡུས་སམ། སྔགས་བཟླས་པ་ཙམ་གྱིས་ཆུ་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ། བུམ་པ་རྣམས་ལ་དམིགས་ཏེ་སྦྱོང་བ་གསུམ་སྤྱི་ལྟར་ལ་བཀའ་བསྒོ་བའི་ཚེ། དེང་འདིར་གཏེར་ཆེན་པོའི་བུམ་པ་བཟང་པོ་བསྒྲུབ་པ་ལ་བར་དུ་གཅོད་པར་རྩོམ་པའི་སོགས་ཁ་སྒྱུར་དང༌། ཁྲུས་གསོལ་རྒྱས་«་་་་་གྲངས་གསོག་གི་ཚེ་སྦྱོང་ཁྲུས་འདི་ཐུན་དང་པོ་མ་གཏོགས་གཞན་ལ་མི་དགོས།» བསྡུས་གང་རིགས་སྤྱི་ལྟར་བྱ། དེ་ནས་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་སོགས་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་གྱུར། ཅེས་དང༌། ཆོས་ཉིད་རྣམ་པར་དག་པའི་སྔགས་རྒྱས་སྦྱང་བ་ནི་ཐལ་མོ་

p. 278

ཁོང་སྟོང་དུ་སྦྱར་བ་སྙིང་གར་བཞག་ལ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཞེས་པས་ཡོ་བྱད་མ་དག་པ་རྣམས་སྦྱངས་ཏེ་སྐྱོན་ཐམས་ཅད་དང་བྲལ་བར་བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་བ་ནི། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ཚིགས་བར་མ་རྣམས་བཅག་པ་དཔྲལ་བར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམ། བདུད་རྩི་འཁྱིལ་པའི་སྔགས་རྒྱས་བསྒྱུར་བ་ནི། ཐལ་མོ་སྦྱར་བའི་ཁ་གྱེན་དུ་ཕྱེ་སྟེ་མཐེ་བོང་བསྣོལ་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་རྫས་རྣམས་འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་ཅིང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་རྒྱས་སྤྱོད་པར་དབང་བ་ནི། གཡས་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་པའི་འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང༌། སེམས་ཅན་རྣམས་ཀྱི་དབང་པོ་ལྔའི་སྤྱོད་ཡུལ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་བསམ། ཡེ་ཤེས་སྐར་མདའི་སྔགས་རྒྱས་ཐོབ་པར་བྱ་བ་ནི། གཡས་ཁུ་ཚུར་བཅངས་པ་སྙིང་གར་གཞག གཡོན་མཐེ་བོང་ལག་མཐིལ་དུ་བཞག་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཛྙཱ་ན་ཨ་

p. 279

ཝ་ལོ་ཀི་ཏེ། ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཞེས་པས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པ་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང་སེམས་ཅན་རྣམས་ཡོད་བྱད་ལ་རྒྱལ་ཕམ་དང་རྩོད་པ་མེད་པར་སོ་སོའི་མོས་པ་བཞིན་ཐོབ་པར་བསམ། དབང་བསྒྱུར་འཁོར་ལོའམ། ལྷ་མགོན་སྤྱིའི་སྔགས་རྒྱས་དབང་དུ་བྱ་བ་ནི། སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་ལས། མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་ལ། ན་མསྶ་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་པས་མགྲོན་ཐམས་ཅད་ཀྱང་དམ་ཚིག་གི་དབང་གིས་བདག་ལ་འགོ་ཞིང་ཕན་པ་དང་བདེ་བའི་ཕྲིན་ལས་འབའ་ཞིག་སྒྲུབ་ཅིང༌། སེམས་ཅན་གྱི་དོན་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛད་པར་བསམས་ཏེ། སྔགས་བརྗོད་པ་དང་བསྟུན་ཕྱག་རྒྱ་གནས་སོ་སོར་བསྐོར་ཏེ་ཕྱོགས་བཅུར་བསྟན་པའི་མོས་པ་བྱ། བསྡུ་ན། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། དེ་ལྟ་བུའི་བུམ་པའི་སྟོད་ཀྱི་ཆར་པྃ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ཡིག་གསེར་བཙོ་མའི་མདོག་ཅན། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ཏེ། དཔལ་འབྱོར་གྱི་བདེ་བས་ཚིམ་པའི་གོ་འཕང་ལ་བཀོད། མཆོད་ཡུལ་རྣམས་ཀྱི་བྱིན་རླབས་དང༌། བརྟན་གཡོའི་དྭངས་བཅུད་མ་ལུས་པ་ཚུར་འདུས་ཡོངས་སུ་གྱུར་པ་ལས་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་འབྲས་ཀྱི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་པའི་

p. 280

ཆར་འབེབས་བཞིན་པའི་གཏེར་ཆེན་པོའི་བུམ་པ་བཟང་པོ་བསྣམས་པ། དར་སྔོན་པོའི་ཤ་འགག དཀར་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་གཡོགས་རྣམས་དང་ནོར་བུ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཛམྦྷ་ལ་དང་དཔལ་ཆེན་མོ་སོགས་མཛའ་བའི་སྐྱེ་འགྲོ་ཡིད་འཕྲོག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་བྃ་ཡིག་སེར་པོ། དེ་ལས་འོད་ཟེར་འཕྲོས་པས་ལྷ་མོ་ནོར་རྒྱུན་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བུམ་པའི་ལྷ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ལ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབ། སྤྲོ་ན་ཚིགས་བཅད་དང༌། བསྡུ་ན་སྔགས་ཙམ་གྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་དབུལ། རྒྱས་པར་བྱེད་ན་འདོད་ཡོན་ལྔ། རིན་ཆེན་བདུན།

p. 281

གོས་ཟུང་རྣམས་སྤྱི་ལྟར་དང༌། མཎྜལ་བཅས་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་སོགས་བསྟོད་པ་དང༌། མེ་ཏོག་དང་བཅས་ཐལ་མོ་འདུད་པའི་རྒྱས་ཚིགས་མཚམས་རྣམས་སུ་མེ་ཏོག་འཐོར་བ་དང་བཅས། དཔལ་མོ་དབྱིག་གི་དབང་ཕྱུག་སོགས་འདོད་གསོལ་རྣམས་ཕན་བདེའི་སྤྲིན་ཕུང་ལྟར་བྱ། གྲངས་གསོག་ལྟ་བུའི་ཚེ་ཤིན་ཏུ་བསྡུ་དགོས་བྱུང་ན། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་སོགས་ཤློ་ཀ་གཅིག་དང༌། བཅོམ་ལྡན་འདས་མས་སོགས་ཀྱིས་འདོད་དོན་གསོལ། གང་ལྟར་ཡང་གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ་བར་བྱས། སྣོད་བཅུད་སྲིད་ཞིའི་དགེ་མཚན་ལེགས་ཚོགས་དཔལ་ཡོན་དྭངས་བཅུད་མ་ལུས་པ་བསྡུས་ཏེ་མདུན་གྱི་བུམ་པའི་ནང་གི་རྫས་རྣམས་ལ་ཐིམ་པས་འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་གཏེར་ཆེན་པོའི་བུམ་པ་བཟང་པོར་གྱུར་པར་བསམས་ལ། ཨོཾ་ཤྲཱི་བ་སུ་ནི་དྷཱ་ན་ཀྵེ་ཏྲེ་སྭཱ་ཧཱ། ཞེས་གཙོ་བོར་བཟླ་ཞིང༌། སྤྲོ་ན་གཟུངས་མདོའང་བཀླག་ཅིང་གཟུངས་ཅི་ནུས་བཟླ། ཐུན་བསྡུ་བ་ནི་གཏང་རག་གི་སླད་དུ་མཆོད་པ་བསང་སྦྱངས་བྱིན་གྱིས་བརླབ། མཆོད་བསྟོད་དང་འདོད་གསོལ་མདོར་བསྡུས་བྱ། གཏོར་མ་བསང་སྦྱངས་བྱིན་རླབས་འབུལ་བ་དང་མཆོད་བསྟོད་འདོད་གསོལ་རྣམས་གོང་གི་བྲིས་སྐུ་སྒྲུབ་པའི་སྐབས་ལྟར་བྱ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་ཐོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སོགས་བརྟན་བཞུགས་སྤྱི་ལྟར་ལ།

p. 282

བྱེ་བྲག་ཏུ་གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་མོ་ནོར་རྒྱུན་མ་འཁོར་དང་བཅས་པ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་ལོག་པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་སམ། བསྡུ་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་བརྗོད། གང་ལྟར་ཡང་སུ་པྲ་ཏིཥྛ་དང་ཡེ་དྷརྨཱ་མང་དུ་བཟླ་ཞིང་མེ་ཏོག་འཐོར། རང་གི་གནས་གསུམ་བསྲུང་བ་དང༌། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །བུམ་པ་མང་པོ་སྒྲུབ་པའི་ཚེ་གྲངས་གསོག་ན། བདག་བསྐྱེད་ཚར་གཅིག་གིས་འཐུས། བུམ་པ་བསང་སྦྱངས་ནས་བརྟན་བཞུགས་བར་བསྐྱར། དེ་ལྟར་ཐུན་བཞི་སོགས་སུ་བཅད་ནས་ལེགས་པར་བསྒྲུབས་པའི་རྗེས་བང་མཛོད་དང༌། ཁྱིམ་གྱི་ཕུག་གམ། ཞིང་དང་ཕྱུགས་ལྷས་ཀྱི་གོང་སོགས་གཙང་ཞིང་ཡིད་དང་མཐུན་པའི་སར་བཀུར་སྟི་དང་བཅས་སྤྱན་དྲངས་ལ་སྦ་ཞིང༌། དེའི་ཚེའང་བྱུང་ན་ཆོ་ག་ཚར་གཅིག་བསྐྱར། མ་གྲུབ་ན་བརྟན་བཞུགས་ཤིས་བརྗོད་རྒྱས་པར་བྱས་ཀྱང་རུང་ངོ༌། །འདི་ནི་རྒྱུད་སྡེ་རྣམས་ནས་བུམ་པ་བཟང་པོའི་དངོས་གྲུབ་བསྒྲུབ་པར་གསུངས་པ་དང་རྗེས་སུ་མཐུན་ཞིང༌། གཟུངས་ལས། ནོར་གྱི་རྒྱུན་གྱི་གཟུངས་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གི་ཁྱིམ་ན་ཡོད་དེ། སོགས་ནས། དེ་ལ་ཡུན་རིང་པོའི་དོན་དང༌། ཕན་པ་དང༌། དགེ་བ་དང༌། གྲུབ་པ་དང༌། བདེ་བ་དང༌། ལོ་ལེགས་པར་འགྱུར་རོ། །ཞེས་

p. 283

གཟུངས་སྔགས་གང་དུ་བཞུགས་པས་ཕན་ཡོན་རྒྱ་ཆེར་འབྱུང་བར་གསུངས་པའང་འདི་ལྟ་བུའི་ཆོ་ག་ལ་བརྟེན་ནས་འཐོབ་པར་འགྱུར་བས་མཚོན་འཕྲལ་དང་ཡུན་དུ་དགེ་མཚན་གྱི་དཔལ་ཕུན་སུམ་ཚོགས་པ་རྒྱས་པར་འགྱུར་བ་ཉིད་དོ། །དཔལ་ལྡན་འཕགས་མ་ནོར་རྒྱུན་མའི། །གདམས་ཟབ་རྫོགས་ལྡན་སྤྲིན་ཕུང་ལས། །དགེ་ལེགས་འདོད་རྒུའི་ཆར་ཕབ་པས། །འགྲོ་ཀུན་ཕན་བདེས་འབྱོར་གྱུར་ཅིག །ཅེས་པའང་གཟུངས་རྟོག་པ་དང་བཅས་པ་དང༌། རྒྱ་གཞུང་དང་བོད་གཞུང་གི་ཡི་གེ་རྙིང་པ་ཅི་རིགས་པ་ཐོས་ཤིང་མཐོང་བ་རྣམས་ཀྱི་དགོངས་དོན་མ་འཁྲུལ་བར་ཕྱོགས་གཅིག་ཏུ་སྡེབ་པ་པོ་ནི། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ། ལྷག་པའི་བསམ་པ་རྣམ་པར་དག་པས་སྦྱར་བའི་དགེ་བས་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་ལ་འདོད་རྒུར་ལོངས་སྤྱོད་ཅིང༌། དགེ་བ་བཅུའི་ལས་ཀྱི་ལམ་ལ་གོམས་པས་སྣོད་བཅུད་ཀྱི་དཔལ་འབྱོར་ཐམས་ཅད་ངང་གིས་འཕེལ་བ་དང༌། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དེར་འཛིན་དང་བཅས་པའང་རྙེད་པ་དང་བཀུར་སྟི་དང་བཅས་ཡུན་རིང་དུ་གནས་ཤིང༌། མཐར་ཐུག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་འབྱོར་པའི་རྒྱུར་གྱུར་ཅིག སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ། ༈ །དཔལ་ལྷ་མོ་ནོར་རྒྱུན་མ་ལ་བསྟོད་པ་ཕན་བདེའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །དེ་བཞིན་གཤེགས་པ་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་པའི་དབང་ཕྱུག་ནོར་རྒྱུན་མ། །

p. 284

ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །འདོད་རྒུའི་འབྱོར་པའི་སྤྲིན་ཕུང་འཁྲིགས་པའི་གཞིར། །སྣ་ཚོགས་པདྨའི་ཟེའུ་འབྲུས་ལེགས་བསྟེན་པའི། །ཆུ་ཤེལ་དཀྱིལ་འཁོར་སྟེང་ན་རབ་རྩེན་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གང་སྐུ་གསེར་གྱི་ལྷུན་པོ་ལྟར་མཛེས་ཤིང༌། །ཐབས་དང་ཤེས་རབ་ཕྱག་གིས་ལེགས་བརྒྱན་ནས། །འགྲོ་ལ་ཟད་མེད་གཏེར་ཆེན་སྩོལ་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། ༈ །ཕྱག་གཡས་མཆོག་སྦྱིན་འབྱོར་པའི་དཔལ་སྟེར་ཞིང༌། །གཡོན་པས་འབྲས་སྙེ་རིན་ཆེན་བུམ་བཟང་གིས། །ཕུན་ཚོགས་དབྱིག་གི་གྲུ་ཆར་འབེབས་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། ༈ །ཞལ་གྱི་དཀྱིལ་འཁོར་འཛུམ་པའི་འོད་ཟེར་ཅན། །ཡངས་པའི་སྤྱན་གྱིས་འགྲོ་ལ་ལེགས་གཟིགས་མ། །མཛེས་པའི་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །མཐིང་མདོག་ཤ་འགག་དཀར་པོའི་སྟོད་གཡོགས་དང༌། །དབང་པོའི་གཞུ་ལྟར་བཀྲ་བའི་སྨད་དཀྲིས་ཅན། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །དཔག་ཡས་ནོར་བུ་རིན་ཆེན་ལས་གྲུབ་པའི། །དབུ་རྒྱན་མགུལ་རྒྱན་མཛེས་པའི་རྣ་ཆ་གཡོ། །ཕྱག་ཞབས་རིན་ཆེན་གདུ་བུས་ཉེར་མཛེས་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །པདྨ་རཱ་ག་སྤུག་དང་ཀརྐེ་ཏ། །ཆུ་ཤེལ་ལ་སོགས་ཕྲེང་བའི་དོ་ཤལ་ཅན། །མུ་ཏིག་སེ་མོ་དོ་ཡིས་ལེགས་སྤྲས་མ། །བཅོམ་ལྡན་ནོར་རྒྱུན་མ་

p. 285

ལ་ཕྱག་འཚལ་ལོ། །གསུང་གི་ཆུ་འཛིན་ཤིན་ཏུ་སྟུག་པོ་ལས། །དམ་ཆོས་བདུད་རྩིའི་ནོར་གྱི་རྒྱུན་ཕབ་སྟེ། །དད་པ་ལྟེང་ཀའི་བང་མཛོད་འགེངས་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཐུགས་ནི་སྟོན་ཀའི་ཟླ་བ་ལྟར། །ཡོན་ཏན་འོད་ཟེར་དཔག་མེད་རབ་རྒྱས་ནས། །ཉེས་པའི་མུན་པ་མ་ལུས་དྲུང་འབྱིན་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྔོན་གྱི་སྦྱིན་པའི་དཔལ་ལས་ལེགས་གྲུབ་ཅིང༌། །མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་ནས། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གང་གིས་ཁྱེད་ཀྱི་མཚན་ཙམ་དྲན་པས་ཀྱང༌། །ཡིད་ལ་མངོན་འདོད་འབྲས་བུ་མཆོག་སྩོལ་ཞིང༌། །སེར་སྣ་ཆེ་བའི་ཉེས་ཚོགས་ཞི་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གཏེར་འཆང་རྨུགས་འཛིན་དབང་པོ་དང༌། །དཔལ་ཆེན་མ་སོགས་འཛད་མེད་འབྱོར་པའི་བདག །མཛའ་བའི་སྐྱེ་འགྲོའི་ཚོགས་ཀྱིས་ཡོངས་བསྐོར་བའི། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། ༈ །དཔལ་མོ་དབྱིག་གི་དབང་ཕྱུག་ནོར་རྒྱུན་མ། །སྙན་གྲགས་ཚེ་དང་དམ་ཆོས་རིན་ཆེན་གཏེར། །ཆོ་ག་བཞིན་དུ་དང་བས་གསོལ་འདེབས་ཀྱི། །དམ་ཆོས་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར། །ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཚད་མེད་མཁྱེན་དང་བརྩེ་བའི་དཔལ་མངའ་ཞིང༌། །

p. 286

རྒྱལ་བའི་བསྟན་པ་སྲོག་པས་གཅེས་འཛིན་པའི། །མཚུངས་མེད་བླ་མ་དགེ་བའི་བཤེས་གཉེན་རྣམས། །སྐུ་ཚེ་རིང་ཞིག་རྒྱས་པར་མཛད་དུ་གསོལ། །འགྲོ་ལ་དགེ་བའི་ལམ་བཟང་སྣང་མཛད་ཅིང༌། །འཆད་དང་སྒྲུབ་པའི་བྱ་བ་ལྷུར་ལེན་པའི། །ཆོས་བྱེད་དགེ་འདུན་དེ་དག་ཞབས་བརྟན་ཞིང༌། །ཕྲིན་ལས་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །མི་རྣམས་ན་རྒ་འཆི་བའི་འཇིགས་མེད་ཅིང༌། །འཇིག་རྟེན་ཡང་དག་ལྟ་བ་དང་ལྡན་པས། །ཕན་ཚུན་བྱམས་པའི་ཡིད་དང་ལྡན་གྱུར་ཅིང༌། །ཚད་མེད་དགའ་བ་རྒྱས་པར་མཛད་དུ་གསོལ། །གྲོང་རྣམས་འཇམ་པོའི་རླུང་གིས་གཡོ་བ་ཡི། །བ་དན་ཀར་པོའི་ཕྲེང་བས་རབ་མཛེས་ཤིང༌། །གོས་བཟང་རིན་ཆེན་རྒྱན་དང་ལྡན་པ་ཡི། །འབྱོར་ལྡན་སྐྱེ་བོས་གང་བར་མཛད་དུ་གསོལ། །མཁའ་ལ་གློག་ཕྲེང་འགྱུ་བའི་སྤྲིན་མཛེས་ཤིང༌། །ས་ལ་རྨ་བྱ་དགའ་བའི་གར་མཛེས་པ། །ཟིམ་བུ་དལ་གྱིས་འབབ་པའི་ཆར་རྒྱུན་གྱིས། །འགྲོ་རྣམས་དགའ་བ་རྒྱས་པར་མཛད་དུ་གསོལ། །རི་རྣམས་རྩྭ་དང་མེ་ཏོག་འབབ་ཆུས་བརྒྱན། །ཀླུང་རྣམས་སྣ་ཚོགས་ཕྱུགས་དང་འབྲུ་ཡིས་གང༌། །མི་རྣམས་རབ་ཏུ་དགའ་བའི་གླུ་ལེན་ཞིང༌། །དྲེགས་དང་འཐབ་རྩོད་མེད་པར་མཛད་དུ་གསོལ། །རྒྱལ་པོས་ཆབ་སྲིད་ཞི་བས་ལེགས་སྐྱོང་ཞིང༌། །འབངས་རྣམས་རྒྱལ་པོའི་བཀའ་ལུང་གུས་ལེན་པས། །ཕྱི་དང་ནང་གི་འཁྲུག་རྩོད་ཉེར་ཞི་ནས། །རྫོགས་ལྡན་བཞིན་དུ་བདེ་བར་མཛད་དུ་གསོལ། །གཙུག་ལག་ཁང་རྣམས་རྒྱལ་བའི་སྐུ་གཟུགས་དང༌། །དམ་ཆོས་གླེགས་བམ་དུ་མས་རབ་མཛེས་པ། །ལྷ་རྫས་མཆོད་པའི་སྤྲིན་ཚོགས་

p. 287

དཔག་མེད་ཀྱིས། །མཆོད་པའི་ཆར་ཆེན་རྒྱས་པར་མཛད་དུ་གསོལ། །དགོན་གནས་ཐམས་ཅད་ཐུབ་བསྟན་སྐྱོང་བྱེད་པའི། །བཤེས་གཉེན་ངུར་སྨྲིག་འཛིན་པས་ཡོངས་གང་སྟེ། །འཆད་རྩོད་རྩོམ་པའི་བྱ་བས་དུས་འདས་ཞིང༌། །ཀློག་དང་ཁ་ཏོན་རྒྱས་པར་མཛད་དུ་གསོལ། །དགེ་བསྙེན་དགེ་ཚུལ་དགེ་སློང་ཕ་མ་རྣམས། །དྲི་མ་མེད་པའི་ཚུལ་ཁྲིམས་དང་ལྡན་ཞིང༌། །རྣམ་དག་ཐོས་བསམ་སྒོམ་པའི་བྱ་བ་ཡིས། །བདེ་གཤེགས་བསྟན་པ་རྒྱས་པར་མཛད་དུ་གསོལ། །སྒྲུབ་པ་པོ་རྣམས་གཡེང་བ་ཀུན་སྤངས་ནས། །འཚེ་བ་ཀུན་བྲལ་འདུ་འཛིས་རྣམ་དབེན་པའི། །ཞི་བའི་གནས་སུ་སྤོང་བ་ལྷུར་ལེན་པས། །རྟོགས་པའི་ཡོན་ཏན་རྒྱས་པར་མཛད་དུ་གསོལ། །ལྷག་པར་དད་པས་གསོལ་བ་འདེབས་བྱེད་པ། །སྒྲུབ་པོ་བདག་ཅག་འཁོར་དང་བཅས་རྣམས་ལ། །ལོག་འཚོ་བྲལ་བའི་དཔལ་འབྱོར་ཕུན་ཚོགས་དང༌། །ཚེ་དང་དམ་ཆོས་རྒྱས་པར་མཛད་དུ་གསོལ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་མེད་སོགས་ཀྱིས། །རང་ལ་སངས་རྒྱས་ཆོས་ཀུན་ཡོངས་རྫོགས་ནས། །ལུང་རྟོགས་ཡོན་ཏན་རྒྱས་པར་མཛད་དུ་གསོལ། །སྦྱིན་དང་སྙན་པར་སྨྲ་བས་འཁོར་བསྡུས་ནས། །དོན་སྤྱོད་དམ་ཆོས་ཚུལ་བཞིན་བཤད་པའི་མཐུས། །རང་གཞན་དོན་མཐུན་ཆོས་ལ་ལེགས་སྦྱར་ནས། །གཞན་དོན་ཆོས་བཞིན་རྒྱས་པར་མཛད་དུ་གསོལ། །ཆོས་ཀྱི་འགལ་རྐྱེན་མཐའ་དག་ཉེར་ཞིང་ཞིང༌། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་གྱུར་ནས། །གང་དང་གང་ལ་ཐུབ་པས་རབ་བསྔགས་པའི། །དགེ་

p. 288

བ་དེ་དག་རྒྱས་པར་མཛད་དུ་གསོལ། །རྒྱལ་བས་ནོར་གྱི་རྒྱུན་གྱི་གཟུངས་མཆོག་ཏུ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང༌། །བརྟུལ་ཞུགས་ལྡན་ཞིང་ཤིན་ཏུ་མཉམ་གཞག་པས། །ཉིན་མཚན་བདུན་དུ་འཕགས་མ་བསྒོམས་པ་དང༌། །འགྲོ་ལ་ཕན་དང་བདེ་བའི་བསམ་སྦྱོར་གྱིས། །གཟུངས་སྔགས་ཆོ་ག་བཞིན་ཏུ་རབ་བཟླས་ཤིང༌། །རྒྱ་ཆེན་མཆོད་པའི་ཚོགས་དང་གཏོར་མ་དང༌། །ཉེ་བར་མཁོ་བ་ཀུན་གྱིས་ལེགས་མཆོད་ན། །མིག་བཙུམ་ཙམ་ལ་དཔལ་མོ་ནོར་རྒྱུན་མས། །ནོར་དང་སོ་བ་གསེར་དངུལ་ལ་སོགས་པ། །ཉེ་བར་མཁོ་བས་བང་མཛོད་ཀུན་འགེངས་ཤིང༌། །ཉེར་འཚེ་ཀུན་དང་བྲལ་བར་འགྱུར་རོ་ཞེས། །ཡང་དག་བཀའ་ལས་འབྱུང་བ་ལེགས་མཐོང་ནས། །ཇི་སྐད་གསུངས་བཞིན་འབད་པས་མཆོད་བགྱིད་ན། །བྱང་ཆུབ་བར་གྱི་དངོས་གྲུབ་མ་ལུས་པ། །འབད་མེད་རྒྱུན་མི་ཆད་པར་སྩལ་དུ་གསོལ། །ཆང་དང་བསད་ཤ་གཞན་འཕྲོག་ནོར་རྫས་དང༌། །མཆོད་རྟེན་དཀོར་སོགས་སྡིག་པའི་ལོངས་སྤྱོད་དག །འཇིག་རྟེན་ལྷ་མི་དག་གིའང་སྟེར་ནུས་ན། །འཕགས་མ་ཁྱོད་ལ་གསོལ་བའི་དགོས་པ་ཅི། །ཡེ་ཤེས་སྤྱན་མངའ་ལྷ་ཁྱོད་གུས་བསྟེན་ཅིང༌། །འདོད་ཆགས་བྲལ་བའི་རིག་སྔགས་བཟླས་པའི་མཐུས། །ཚུལ་ཁྲིམས་དག་ཅིང་བཤད་སྒྲུབ་རྒྱས་པ་དང༌། །ལོག་འཚོ་མེད་པའི་ཕུན་ཚོགས་སྩལ་དུ་གསོལ། །དེ་ལྟར་རྒྱས་པའི་རིགས་ཀྱི་ལྷ་མོ་ཡི། །ཡོན་ཏན་རྒྱས་པར་བརྗོད་པའི་དགེ་བ་དེས། །འགྲོ་བ་ཀུན་ལ་ཕན་བདེ་རབ་རྒྱས་ནས། །ཆོས་དང་དཔལ་འབྱོར་ཕྱོགས་བཅུར་རྒྱས་པར་ཤོག །ནོར་རྒྱུན་དཔལ་མོའི་རིག་སྔགས་མཐུ་སྟོབས་དང༌། །ཆོས་ཀུན་དེ་བཞིན་ཉིད་

p. 289

ཀྱི་བདེན་པ་དང༌། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་གསོལ་བ་དེ་བཞིན་འགྲུབ་གྱུར་ཅིག །ཅེས་པའང་རྒྱལ་བས་ལུང་བསྟན་པའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་རབ་རྟོག་པ་ལས་གསུངས་པའི་ནོར་རྒྱུན་མ་ལྷ་བཅུ་དགུའི་དཀྱིལ་འཁོར་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཆོས་དང་དཔལ་འབྱོར་རྒྱས་བྱེད་ཉིད་བྱིན་རླབས་མཚུངས་པ་དང་བྲལ་བས་གཞིར་བཞག་ནས་གཙོ་རྐྱང་གི་མངོན་རྟོགས་དང་མཐུན་པར་སྐབས་སུ་བབས་པའི་ཚིག་གི་འབྱིན་འཇུག་ཅུང་ཟད་ཅིག་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བགྱིས་པའི་དགེ་བས་ཡིད་ཅན་ཐམས་ཅད་ཆོས་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་ལ་འདོད་རྒུར་སྤྱོད་པའི་རྒྱུར་གྱུར་ཅིག། ༈ །ཡང་གོང་གི་བསྟོད་ཚིག་བྲིས་སྐུའི་མངོན་རྟོགས་དང་མཐུན་པར་བྱེད་ན། ཤློ་ཀ་དང་པོ་གསུམ་འདྲ། དེ་ནས། ཕྱག་གཡས་འབྲས་བུ་ཆེན་པོས་མཆོག་སྩོལ་ཞིང༌། །གཡོན་པས་ནོར་བུའི་འབྲས་འབར་རིན་པོ་ཆེའི། །ཟ་མ་ཏོག་ལས་འདོད་རྒུའི་ཆར་འབེབས་པའི། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཞེས་བསྒྱུར། གཙོ་མོའི་བསྟོད་པའི་རྗེས་སུ། སྟེང་གི་དབུས་སུ་པདྨ་ཟླ་བ་ལ། །བདེ་གཤེགས་རྡོ་རྗེ་འཛིན་པ་རྒྱ་མཚོའི་དབྱངས། །ངེས་པར་སྒྲོགས་མཛད་གུར་གུམ་བཟང་པོའི་མདོག །རྡོ་རྗེའི་སྐྱིལ་ཀྲུང་བཞུགས་ལ་ཕྱག་འཚལ་ལོ། །ཕྱག་གཡས་མཆོག་སྦྱིན་སྐྱེ་རྒུའི་རེ་སྐོང་ཞིང༌། །ཕྱག་གཡོན་ཁུ་ཚུར་བརླར་བཞག་འགྱིང་བག་ཅན། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །མཐའ་ཡས་མཚན་དཔེས་

p. 290

སྤྲས་ལ་ཕྱག་འཚལ་ལོ། །གང་གསུང་ཡན་ལག་དྲུག་ཅུའི་དབྱངས་སྙན་པོས། །མཐའ་ཡས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་ཤིང༌། །རྒྱས་པའི་རིགས་ཀྱི་རྒྱུད་སྡེ་མ་ལུས་པས། །འགྲོ་ལ་ཆོས་ཆར་འདེབས་ལ་ཕྱག་འཚལ་ལོ། །གཡས་ཀྱི་ཕྱོགས་སུ་སེམས་དཔའ་སྤྱན་རས་གཟིགས། །རིན་ཆེན་བྱེ་རུའི་མདོག་ཅན་ཞི་བའི་སྐུ། །མཆོག་སྦྱིན་ཕྱག་རྒྱས་འགྲོ་ལ་མཆོག་སྩོལ་ཞིང༌། །ཕྱག་གཡོན་རོལ་པས་བཞུགས་ལ་ཕྱག་འཚལ་ལོ། །གཡོན་དུ་དཔའ་བོ་ཕྱག་ན་རྡོ་རྗེ་འཛིན། །མརྒད་མདོག་ཅན་ཅུང་ཟད་ཁྲོས་པའི་སྐུ། །ཕྱག་གཡས་རྡོ་རྗེ་གཡོན་པས་རོལ་པའི་ཚུལ། །རྡོ་རྗེའི་སྐྱིལ་ཀྲུང་བཞུགས་ལ་ཕྱག་འཚལ་ལོ། །འོག་གི་གཡས་སུ་ལྷ་མོ་དཔལ་ཆེན་མོ། །མདོག་བཟང་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉི་གཞོན་དྲྭ་བས་འཁྱུད་པའི་འཇོ་སྒེག་ཅན། །ཕྱག་གཡས་པདྨ་བསྣམས་ལ་ཕྱག་འཚལ་ལོ། །གཡོན་དུ་འབྱོར་པའི་མཛོད་འཆང་པདྨའི་དཔལ། །དམར་སེར་གུར་གུམ་གཞོན་ནུའི་མཚར་སྡུག་གི། །སྙིམ་པའི་མེ་ཏོག་ནོར་བུ་རིན་པོ་ཆེས། །ཡོངས་སུ་གང་བས་མཛེས་ལ་ཕྱག་འཚལ་ལོ། །འཆི་མེད་ལམ་གྱི་རྫོགས་ལྡན་སྤྲིན་ཆེན་ལས། །ལྷ་བུ་གཞོན་ནུས་རིན་ཆེན་ཆར་འབེབས་ཤིང༌། །ཕྱོགས་ཀུན་ནོར་སྦྱིན་ཕོ་མོའི་ཚོགས་རྣམས་ཀྱིས། །འབྱོར་པའི་དགེ་མཚན་སྤེལ་ལ་ཕྱག་འཚལ་ལོ། །དཔལ་མོ་དབྱིག་གི་དབང་ཕྱུག་སོགས་སྦྲེལ་ལོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་སརྦ་ས་ཏྭཱ་ཤྲཱི་བྷཱུ་ཏི་པུཥྚིཾ་བྷ་བ་ཏུ། ༈ །ནོར་རྒྱུན་མ་སེར་མོའི་རྗེས་གནང་གི་བརྒྱུད་འདེབས་དངོས་གྲུབ་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །

p. 291

ཐུབ་པའི་དབང་པོ་གསང་བདག་ཛཻ་ཏཱ་རི། །རྡོ་རྗེ་གདན་པ་རྣམ་གཉིས་རིན་ཆེན་གྲགས། །ས་ཆེན་རྩེ་མོ་གྲགས་པཎྜི་ཏ། །ཚོགས་སྒོམ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །བསོད་ནམས་བརྟན་པ་བླ་མ་བསོད་ནམས་སྐྱབས། །མཁས་གྲུབ་གཟུངས་དཔལ་དཔལ་ལྡན་ཚུལ་ཁྲིམས་དང༌། །ཡེ་ཤེས་རྒྱལ་མཚན་ངོར་ཆེན་རྡོ་རྗེ་འཆང༌། །ཀུན་དགའ་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །ཡོངས་འཛིན་ལྷ་མཆོག་སེང་གེ་བུདྡྷའི་མཚན། །བྲང་ཏི་པཎ་ཆེན་ནམ་མཁའ་སངས་རྒྱས་ཞབས། །ནམ་མཁའ་དཔལ་བཟང་སངས་རྒྱས་ཕུན་ཚོགས་དང༌། །བསྟན་འཛིན་ལྷུན་གྲུབ་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་བསམ་འགྲུབ་ས་ཆེན་ཀུན་བློའི་ཞབས། །རིན་ཆེན་རྒྱལ་མཚན་ཀུན་དགའ་བཀྲ་ཤིས་དཔལ། །སྨོན་ལམ་གྲགས་པ་བརྒྱུད་སྲོལ་ཀུན་འདུས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བླ་མའི་བྱིན་རླབས་དང༌། །ནོར་རྒྱུན་དཔལ་མོའི་བསྙེན་སྒྲུབ་ལས་སྦྱོར་མཐུས། །དངོས་གྲུབ་སྤྲིན་ཕུང་རོལ་པའི་ཆར་ཆེན་པོས། །སྲིད་ཞིའི་ཕུན་ཚོགས་འཕེལ་བའི་བཀྲ་ཤིས་སྩོལ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་སརྦ་ཤྲཱི་བྷཱུ་ཏི་སིདྡྷི་རསྟུ།། །།

པཎྜི་ཏ་ཛ་མཱ་རིའི་ལུགས་ཀྱི་འཕགས་མ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ།

p. 292
p. 293

པཎྜི་ཏ་ཛ་མཱ་རིའི་ལུགས་ཀྱི་འཕགས་མ་ནོར་རྒྱུན་མ་སེར་མོའི་སྒྲུབ་ཐབས་མན་ངག་དང་བཅས་པ་བཞུགས་སོ།།

p. 294

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཛ་མཱ་རི་པཎྜི་ཏ་ཞེས་བྱ་བ་ནམ་མཁའ་དང་མཉམ་པའི་མཁས་པ་ཡིན་ཡང༌། ཤིན་ཏུ་དབུལ་བར་གྱུར་ཏེ། རང་དང་བུ་སྨད་ཀྱི་འཚོ་བ་ཉིན་རེ་བཞིན་དུ་གྲོང་དུ་བསོད་སྙོམས་ཀྱིས་ཚོལ་དགོས་པ་ལས། དུས་རེ་ཞིག་རྒྱ་གར་ཤར་ཕྱོགས་ནས་རྣལ་འབྱོར་པ་ཅིག་བྱུང་ནས། ཁྱོད་ཀྱི་དབུལ་བ་འདི་སེལ་བའི་ཐབས་ཤིག་ང་ལ་ཡོད་དེ། ཁྱེད་པཎྜི་ཏ་བྱ་བ་ང་རྒྱལ་ཆེ་བ་ཡིན་པས་མི་ཉན་ནམ་ཟེར་སྐད། བདག་ཤིན་ཏུའང་ཉན་པར་ཞུ་འཚལ་བྱས་པས། འོ་ན་ཟླ་བ་ཕྱི་མའི་ཚེས་བརྒྱད་ཀྱི་དུས་སུ། མེ་ཏོག་དཀར་པོ་ཤིང་ཏོག་སྔོན་པོ་པི་ཙུརྻ་ཕ་ལ་དང༌།«་་་་་མེ་ཏོག་སྔོན་པོ་འབྲས་བུས་གང་བ་ཅིག་ཡོད་གསུངས།» ཙན་དན་དཀར་པོ་ཚགས་གྱིས་ཤིག་དང༌། ང་འོང་གསུངས་ནས་དེ་རྣམས་བསགས་ནས་བསྡད་པ་དང༌། དུས་དེར་བྱོན་ནས་འདི་གནང༌། འདིའི་ལག་ལེན་ནི། མཎྜལ་རིན་པོ་ཆེ་ཡོད་ན་ལེགས། མེད་ན་ཚད་ཁྲུ་གང་པ་ཆུས་མི་འཇིག་པ་ཅིག་བྱས་ལ་རང་ཁ་བྱང་དུ་བལྟས་ལ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་སྙམ་དུ་སེམས་བསྐྱེད། མཎྜལ་ཐོག་མར་ཙན་དན་

p. 295

གྱི་ཆུས་གཡས་སྐོར་དུ་གྲུ་བཞིར་བྱུག དེ་ནས་ཆོས་འབྱུང་དུ། དེ་ནས་སོར་མོ་ཁ་ནང་དུ་བསྟན་ནས་ཟླུམ་པོར་བྱུགས་ལ། གཡས་སུ་མེ་ཏོག་གཅིག་སྤུངས་པ་ཇོ་མོ་ནོར་རྒྱུན་པར་བསམ། དེ་ཉིད་སྐུ་མདོག་གསེར་བཙོ་མ་འདྲ་བ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ། དར་ལ་བབས་པ། ཕྱག་གཡས་པ་ན་པི་ཙུརྻ་ཕ་ལ་བཟུང་བ། གཡོན་ན་འབྲས་ཀྱི་སྙེ་མ་བཟུང་བ། རིན་པོ་ཆེའི་བུམ་པ་ཞབས་སྤྲས་པ་རིན་པོ་ཆེ་འཛག་པའི་སྟེང་ན། ཞབས་གཉིས་གཤིབས་ཏེ་བཞེངས་ནས་བཞུགས་པ་ཅིག་ཏུ་ཝལ་གྱིས་བསྒོམ། དེ་ནས་སྔགས་རེ་བརྗོད་ཅིང་མེ་ཏོག་རེ་ཕུལ་བས། ཇོ་མོ་ལ་གདུགས་དཀར་པོ་རེ་ཕུལ་བར་བསམ། སློབ་མའི་སྤྱི་བོར་མེ་ཏོག་རེ་རེ་སྤུངས། བྱིན་རླབས་ཞུ་བ་ཡིན་གསུངས། དེ་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ་ཞེས་ལན་གསུམ་མམ། ལྔའམ། བདུན་བརྗོད་ཅིང་ཐམས་ཅད་ཀྱིས་གསོལ་བ་གདབ། ཕྱིས་ཀྱང་དེ་བཞིན་དུ་བྱ། ཉི་ཤུ་རྩ་གཅིག་གི་ཚད་ནི་ཐོག་མར་

p. 296

ལུང་སྟེར་«་་་་་འདིའི་ལུང་ལེན་པའི་དུས་ཚེས་བརྒྱད་ཡིན། མེ་ཏོག་འབུལ་བའི་དུས་སུ་མངར་གསུམ་ཁར་མུར་ཞིང་ཕུལ་ན་རྟེན་འབྲེལ་བཟང་གསུངས།» བའི་གྲངས་ཡིན། གཞན་ནུས་ཚད་དུ་བྱའོ། །པཎྜི་ཏ་དེས་ཟླ་བ་གསུམ་ཙམ་དུ་ནུས་ཚད་དུ་བྱས་པས། བི་ཀྲ་མ་ལ་ཤཱི་ལར་ཆོས་ཀྱི་གྲགས་པའི་པ་ཏྲ་«་་་་་ཆུའམ་རྒྱུན།» མི་བཅུ་དྲུག་རེ་འཚོ་བ་ཕུལ། གཞན་ནོར་དང་འབྲུ་ལ་སོགས་པ་མང་པོ་ཐོབ་གསུངས། དེས་བླ་མ་ཨཾ་བྷ་བ་ལ། དེས་ཤཱཀྱ་རཀྵི་ཏ་ལ། དེས་འཛིམ་ལོ་ཙཱ་བ་ལ། དེས་བླ་མ་ཁམས་པ་ལ། དེས་མ་ཧཱ་ལོ་ཙཱ་བ་ལའོ། མཆོད་པའི་དུས་མིན་པར་ཟློས་པ་མིན་ནོ། །ཐེ་ཚོམ་ཟ་མི་དགོས་གསུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་གྷ་ཏཾ་ཛཱི་བཱ་སཾ་རཀྵ་ཎི། ཕ་ལ་ཧཥྚི། བཱ་སུ་དྷ་རི་ཏེ། ཤཱི་བཾ་ཀ་རི། ཤཱནྟིཾ་ཀུ་རུ། པཥྚིཾ་ཀུ་རུ། བྷཱ་ཡ་ན་སེ་ནི། སརྦ་དུཥྚ་ན། བྷཉྫ་བྷཉྫ། ཛམྦྷ་ཛམྦྷ། སྟྭམྦྷ་སྟྭམྦྷ། ཨ་མྲྀ་ཏེ། ཨུཏ་བྷ་བེ། ཀུ་རུ་ཀུ་རུ། མ་མ་ཀ་རཱ་ཛྱེ་སྭཱ་ཧཱ། མན་ངག་འདི་ཡི་གེ་ལ་བཀོད་པ་མེད་སྙན་བརྒྱུད་ཡིན་གསུངས། འདིའི་དམ་ཚིག་ནི་རང་འདོད་ཀྱི་ཞེན་འཁྲིས་མེད་པར་གཞན་དོན་དུ་བྱེད་པ་དགོས་གསུངས་སོ། །ཞེས་དཔལ་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོའི་མན་ངག་བརྒྱ་རྩ་ལས་བྱུང་བའོ། ༈ །ཨོཾ་སྭ་སྟི། གང་ལ་ལོངས་སྤྱོད་ཕུན་སུམ་ཚོགས། །དཀའ་བ་མེད་པར་ཐོབ་འགྱུར་བ། །གནོད་སྦྱིན་མོ་ཡི་རིག་སྔགས་མཆོག །ཤིན་ཏུ་ཟབ་གྱུར་མདོ་ཙམ་བྲི། །མཎྜལ་ཁྲུ་གང་པ་ལ་ཙན་དན་གྱི་ཆུས་ཕྱིར་གྲུ་བཞིར་བྱུག དབུས་སུ་ཟླུམ་སྐོར་ལ་ཐུག་པར་བྱུག མེ་ཏོག་གི་ཚོམ་བུ་བཞི་དགོད། མེ་ཏོག་དཀར་པོའི་ཕུང་པོ་དང༌། ཤིང་པི་ཙུ་རའི་འབྲས་བུ་དགོས་པར་བཤད་ཀྱང༌། མ་རྙེད་ན་བིལ་བས་དོད་བྱ། བདག་བསྐྱེད་ཁྲོ་བོ་གང་རུང་ཞིག་སྔོན་དུ་འགྲོ་བས། མཎྜལ་གྱི་དབུས་སུ་ནོར་རྒྱུན་མ་གསེར་བཙོ་མ་ལྟ་བུ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ལང་ཚོ་ཕུན་སུམ་ཚོགས་པ། ཕྱག་གཡས་པི་ཙུ་རའི་འབྲས་བུ་སྔོ་དམར་བསྣམས་པ། གཡོན་

p. 297

འབྲས་ཀྱི་སྙེ་མ་འཛིན་པ། རིན་པོ་ཆེའི་བུམ་པ་ཞབས་སྤྲད་ཅིང༌། ཁ་གཉིས་ནས་རིན་པོ་ཆེའི་རྒྱུན་འབབ་བཞིན་པའི་སྟེང་ན་མཉམ་པར་བཞེངས་པ། སྔགས་རེ་རེ་བརྗོད་ཅིང་མེ་ཏོག་རེ་འབུལ་བ་ལན་ཉི་ཤུ་རྩ་གཅིག་བྱས་པས། གདུགས་དཀར་པོ་རེ་རེ་དབུ་ཐོག་ཏུ་བྱུང་བར་བསམ། བདག་དང་མཐའ་ཡས་པའི་སེམས་ཅན་ལ་དངོས་གྲུབ་སྩལ་དུ་གསོལ། ཞེས་ལན་བདུན་གསོལ་བ་གདབ། སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་གྷ་ཏཾ་ཛཱི་བཱ་སཾ་རཀྵ་ཎི། ཕ་ལ་ཧཥྚི། བཱ་སུ་དྷ་རི་ཏེ། ཤཱི་བཾ་ཀ་རི། ཤཱནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ། བྷཱ་ཡ་ན་སེ་ནི། སརྦ་དུཥྚ་ན། བྷཱཉྫ་བྷཱཉྫ། ཛམྦྷ་ཛམྦྷ། སྟམྦྷ་སྟམྦྷ། ཨ་མྲྀ་ཏེ། ཨུཏ་བྷ་བེ། ཀུ་རུ་ཀུ་རུ། མ་མ་ཀ་རཱ་ཛྱེ་སྭཱ་ཧཱ། ཞེས་པའོ། །གཤེགས་གསོལ་མི་དགོས། དགེ་བ་བསྔོ། འདི་རྒྱུན་གྱི་ཉམས་ལེན་ཡིན་ལ། བསྙེན་པའི་ཚེ། སྔགས་དང་བཅས་ཏེ་མེ་ཏོག་ཅི་ནུས་སུ་འབུལ་བ་ཡིན་ལ། འབུམ་ཕྲག་བཞིའམ། ཟླ་བ་གསུམ་གྱིས་བསྙེན་པ་རྫོགས་པར་བཞེད་དོ། །འདིའི་རིག་གཏད་ནི། རྒྱུན་གྱི་ཉམས་ལེན་དེ་ཉིད་སློབ་དཔོན་གྱིས་ཚང་བར་བྱས་པའི་རྗེས་ལ། སློབ་མས་ཡོན་དང་མཎྜལ་དབུལ། མེ་ཏོག་དཀར་པོ་བཞི་བཅུ་ཞེ་གཉིས་ལས་མི་ཉུང་བ་སློབ་དཔོན་གྱི་ཕྱག་ཏུ་གཏད། སློབ་དཔོན་གྱིས་མེ་ཏོག་དེ་མདུན་བསྐྱེད་ལ་དབུལ། མེ་ཏོག་རེ་སློབ་མའི་སྤྱི་བོར་སྤུངས། སློབ་མ་འདི་ལ་དངོས་གྲུབ་སྩལ་དུ་གསོལ་ཞེས་བརྗོད། དེ་ལྟར་ལན་ཉེར་གཅིག་བྱས་ལ། སྒྲུབ་ཐབས་བཤད་པ་ཉིད་ཀྱིས་དོན་འགྲུབ་པ་ཡིན་ནོ། །མདུན་བསྐྱེད་མི་དམིགས་པར་བཞག་པ་ཉིད་ཀྱིས་ཆོག རྗེས་ཆོག་མི་དགོས་སོ། །ནོར་རྒྱུན་སྒྲུབ་ཐབས་ཆེས་ཟབ་པ། །ཀུན་ལ་མ་གྲགས་རབ་དགའི་ཏོག །འཛིམ་ལོའི་མན་ངག་སྙིང་པོ་འདི། །གསལ་བར་བཀོད་པའང་རྨད་དུ་བྱུང༌། ཛ་མཱ་རིའི་ལུགས་ཀྱི་ནོར་རྒྱུན་མའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ། ༈ །འདིའི་རིག་

p. 298

གཏད་སྐབས། སློབ་དཔོན་གྱི་བྱ་བ་གོང་གསལ་ལྟར་ལ། སློབ་མ་མདུན་དུ་འཁོད་པར། སེམས་བསྐྱེད་གསལ་འདེབས་དང༌། དེ་ལ་འདིར་པཎྜི་ཏ་ཆེན་པོ་ཛ་མཱ་རི་ནས་བརྒྱུད་དེ། འཛིམ་ལོ་ཙཱ་བ་དང༌། ཁྲོ་ཕུ་ལོ་ཆེན་བྱམས་པའི་དཔལ་གྱིས་ཐུགས་གཙིགས་སུ་མཛད་པའི་འཕགས་མ་ནོར་རྒྱུན་མ་སེར་མོའི་རིག་གཏད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ནས་མེ་ཏོག་དཀར་པོ་བཞི་བཅུ་རྩ་གཉིས་ལས་མི་ཉུང་བ་སློབ་དཔོན་གྱི་ཕྱག་ཏུ་འབུལ་བར་ཞུ་ཞེས་བརྗོད་ལ་སློབ་མས་མེ་ཏོག་དབུལ། དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་མཎྜལ་གྱི་དབུས་སུ་ནོར་རྒྱུན་མ་སོགས་ནས། མཉམ་པར་བཞེངས་པ་དགྱེས་བཞིན་དུ་བཞུགས་པ་ལ། སློབ་དཔོན་གྱིས་སྔགས་རེ་རེ་བརྗོད་ཅིང་མེ་ཏོག་རེ་ཕུལ་བ་ལན་ཉི་ཤུ་རྩ་གཅིག་ཏུ་བྱས་པས། མདུན་བསྐྱེད་ཀྱི་ལྷ་མོའི་དབུ་ཐོག་ཏུ་གདུགས་དཀར་པོ་རེ་རེ་ལམ་ལམ་བྱུང་བས་འདོད་རྒུའི་དངོས་གྲུབ་མ་ལུས་པ་སྩལ་བའི་མོས་པ་མཛོད་ཅེས་བརྡ་སྦྱར་ལ། སྔགས་རེ་བརྗོད་ལ་མདུན་བསྐྱེད་ལ་མེ་ཏོག་རེ་རེ་དབུལ། མེ་ཏོག་རེ་རེ་སློབ་མའི་སྤྱི་བོར་སྤུངས་ལ། སློབ་མ་འདི་ལ་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད། དེ་འདྲ་ལན་ཉེར་གཅིག་བྱ། དེས་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་པས། དངོས་གྲུབ་སྒྲུབ་པའི་ཐབས་ནི་འདི་ལ་གསན་པས་ཁྱབ་སྟེ། འཕགས་མ་ནོར་རྒྱུན་མ་སེར་མོ་ལ་བརྟེན་ནས་འདོད་རྒུའི་དངོས་གྲུབ་བསྒྲུབ་པར་འདོད་པས། མཎྜལ་ཁྲུ་གང་པ་ལ་སོགས་ནས། ཟླ་བ་གསུམ་གྱིས་བསྙེན་པ་རྫོགས་པར་བཞེད་དོ། །དེས་པཎྜི་ཏ་ཆེན་པོ་ཛ་མཱ་རིའི་ལུགས་ཀྱི་ནོར་རྒྱུན་མ་སེར་མོའི་རིག་གཏད་ཟབ་མོ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། ཞེས་དང༌། བསོད་ནམས་འདི་ཡིས་སོགས་དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་གྱེས། བདག་བསྐྱེད་ཁྲོ་བོ་གང་རུང་བྱེད་པར་གསུངས་པ་ནི་ཕྱག་རྡོར་འབྱུང་འདུལ་ལྟ་བུ་ལེགས་ཤིང༌། རིག་གཏད་འདི་ཚེས་བརྒྱད་ལ་བྱ། སློབ་མས་མེ་ཏོག་ཕུལ་བའི་ཚེ་མངར་གསུམ་

p. 299

བཟའ་བཞིན་དུ་ཕུལ་ན་རྟེན་འབྲེལ་ལེགས་པར་གསུངས་སོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །།སརྦ་མངྒ་ལཾ།། །།

དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས་གསུངས་པའི་གནོད་སྦྱིན་ཛམྦྷ་ལ་ཡབ་ཡུམ་གྱི་སྒྲུབ་ཐབས་མན་ངག་དང་བཅས་པ།

p. 300
p. 301

དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ལས་གསུངས་པའི་གནོད་སྦྱིན་ཛམྦྷ་ལ་ཡབ་ཡུམ་གྱི་སྒྲུབ་ཐབས་མན་ངག་དང་བཅས་པ་བཞུགས་སོ།།

p. 302

ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁཱི་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། བདག་ཉིད་ཛམྦྷ་ལའི་གཟུགས་སུ་བསྒོམས་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བ་སུ་དྷཱ་ར་གསེར་གྱི་མདོག་ཅན་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ན་ལྷ་མོ་བཞིས་བསྐོར་བ་གཡས་ཀྱིས་མཆོག་སྦྱིན་པ། གཡོན་གྱིས་འབྲས་ཀྱི་སྙེ་མ་བསྣམས་པ་བསྒོམས་ན་ཡིད་ལ་རེ་བ་རྫོགས་པར་བྱེད་དོ། །བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་ཁྲུ་དོ་པའི་ཚད་དུ་བྱས་ལ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས་པ་བྱས་ན་ཟླ་བ་དྲུག་གིས་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང༌། ཡི་གེ་འབུམ་བཟླས་ན་དཔལ་ཆེན་པོ་འགྲུབ་པར་བྱེད་དོ། །གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་འབུམ་བྱས་ན་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་དོ། །ཨོཾ་བ་སུ་དྷཱ་རི་ཎི་ཨ་མུ་ཀེ་ཀ་ནྱཱཾ་མེ་དེ་ཧི། དྭ་པ་ཡ་སྭཱ་

p. 303

ཧཱ། སྔགས་འདི་ཆུའི་ནང་དུ་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་བཟླས་པ་བྱས་ན། མངོན་པར་འདོད་པའི་བུ་མོ་ཐོབ་པར་འགྱུར་རོ། །མཚན་མོ་འོ་མ་ཅན་གྱི་ཡམ་ཤིང་གིས་གྲོང་གི་མིང་ནས་སྨོས་ནས་སྦྱིན་སྲེག་འབུམ་བྱས་ན་གྲོང་རྙེད་པར་འགྱུར་རོ། །ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱན་ཏྱཻ་སྭཱ་ཧཱ། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ། ཨོཾ་དེ་བྱཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏྱཻ་སྭཱ་ཧཱ། གསེར་གྱི་བྱང་བུའམ་དངུལ་གྱི་བྱང་བུའམ་ཟངས་མའི་བྱང་བུའི་མེ་ཏོག་ལ་འདབ་མ་བརྒྱད་པའི་དབུས་སུ་བ་སུ་དྷཱ་ར། ཤར་ལ་སོགས་པའི་འདབ་མ་ལ་ཙནྡྲ་ཀཱནྟྱཻ་ལ་སོགས་པ་གནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱང་དུ་བྱས་པའི་ནང་དུ་མར་དང་སྦྲང་རྩི་དང་ཀ་ར་བཅུག་སྟེ། གོང་དུ་བཤད་པའི་ཚོགས་སྔར་སྨོས་པའི་ལས་རྣམས་བྱེད་པར་འགྱུར་རོ། །དབུས་སུ་ནི་ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཕྱོགས་སུ་ནི་ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པཱུཎྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། མཚམས་སུ་

p. 304

ནི་ཨོཾ་ཀི་ལི་མཱ་ལི་ནི་སྭཱ་ཧཱ། ཨོཾ་ཙི་པི་ཀུཎྜ་ལི་ནི་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཙ་རེནྡྲཱ་ཡ་སྭཱ་ཧཱ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །བཅོམ་ལྡན་འདས་ནི་བ་སུ་དྷཱ་རི་དང་བཅས་པ་གསེར་གྱི་མདོག་ཅན། ནེའུ་ལེ་དང་བཱི་ཛ་པཱུ་ར་ས་བོན་གྱིས་བཀང་བ་ཕྱག་ན་བསྣམས་པ། གསུས་པ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོང་དུ་བཤད་པའི་གནོད་སྦྱིན་མོ་དང༌། གནོད་སྦྱིན་གྱི་དབང་པོ་དང་བཅས་པ་ལ། དུས་གསུམ་དུ་མཆོད་པ་བྱས་ནས། བསྒོམས་ཤིང་བཟླས་པ་བྱས་ན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད་དོ། །ཐོ་རངས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པ་དང༌། བྱ་རོག་གི་སྐད་མ་གྲགས་པར་ཆུའི་ནང་དུ་བཞུགས་ཏེ། བཟླས་པ་བྱས་པ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འགྱུར་རོ། །ཡང་ན་གསེར་ལ་སོགས་པའི་བྱང་བུ་ལ་བ་སུ་དྷཱ་ར་གནོད་སྦྱིན་མོ་དང་བཅས་པ་དང༌། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛམྦྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ། ཁ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་ན་དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་བར་མཛད་ན། གྲུབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཞེས་བྱ་བ་ནི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་ལེའུ་གཉིས་པ་ལས་ཕྱུང་བའོ། ༈ །གསང་སྔགས་བཅུ་བདུན་པའི་བདག་ཉིད་ཛམྦྷ་ལའི་གཟུགས་སུ་ཞེས་བྱ་བ་ནི། ཚོགས་གཉིས་བསགས་པ་རྒྱས་པའམ། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་དང༌། སྟོང་པ་ཉིད་བསྒོམ་པ་ཙམ་ལས་པདྨ་དང་ཟླ་བའི་སྟེང་དུ་ཛྃ་མམ། ཛྃ་ལས་བྱུང་བའི་བཱི་ཛ་པཱུ་ར་ལས་ཛམྦྷ་ལ་བསྐྱེད། དེའི་སྙིང་གར་རང་རང་གི་སྔགས་སམ་བྃ་ཙམ་ལས་གཙོ་འཁོར་ལྔ་བསྐྱེད་པར་བྱ་སྟེ། དབུས་སུ་ནོར་རྒྱུན་མ། ཤར་དུ་དཔལ་ནོར་ཅན། ལྷོར་ནོར་གྱི་དཔལ་མོ། ནུབ་ཏུ་དཔལ་ནོར་གྱི་གདོང་

p. 305

ཅན། བྱང་དུ་དཔལ་ནོར་གྱི་བློ་གྲོས་མ་སྐུ་མདོག་དང་ཕྱག་མཚན་གཙོ་མོ་དང་མཐུན་པ་བསྐྱེད་ལ། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་བྱ། དེ་ནས་གཞུང་ནས་འབྱུང་བ་བཞིན་བསྒྲུབས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །བཅུ་དགུ་པ་དང་ཉི་ཤུ་པའི་མངོན་པར་རྟོགས་པ་ནི། སྔོན་དུ་འགྲོ་བ་ཚོགས་གཉིས་བསགས་པ་རྒྱས་བསྡུས་གང་རུང་བྱ། བྷྲཱུྃ་ལས་གཞལ་ཡས་ཁང་བསྒོམ། དབུས་སུ་པདྨ་འདབ་མ་བརྒྱད་པ་ལ་ནོར་རྒྱུན་མ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་བསྒོམ་པ་དང༌། ཛམྦྷ་ལ་གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་བསྐོར་བ་བསྒོམ་པ་དང༌། ཡབ་ཡུམ་གཉིས་སུ་མེད་པར་བསྒོམ་པ་སྟེ་སྒྲུབ་ཐབས་གསུམ་ཡིན་ནོ། །གང་ལྟར་ཡང་བསྐྱེད་པའི་ཆོ་ག་ནི་རང་རང་གི་སྔགས་ཀྱིས་རིམ་པ་བཞིན་དུ་བསྐྱེད་པ་དང༌། བྃ་ལས་འབྲས་ཀྱི་སྙེ་མ་ལས་གཙོ་མོ་གྲུབ་པའི་ལྷ་མོ་རྣམས་བསྒོམ་ཞིང༌། ཛྃ་དང་བཱི་ཛ་པཱུ་ར་ལས་ཛམྦྷ་ལ་བསྐྱེད་པའི་དུས་སུ་གནོད་སྦྱིན་རྣམས་བསྐྱེད་པ་གང་རུང་ཡིན་ནོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ལ། བདག་ཉིད་ལ་མཆོད་བསྟོད་བྱས་ནས། གཙོ་བོ་ཡབ་ཡུམ་གྱི་སྔགས་འབུམ་ཕྲག་བཞི་སྔོན་དུ་བསྙེན་པ་བྱས་ལ་ལས་རྣམས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟ་བུའི་བསྙེན་པ་མ་གྲུབ་ཀྱང་རུང་སྟེ། མཉེས་པར་བྱ་བའི་ཆོ་ག་ནི། གསེར་རམ། དངུལ་ལམ། ཟངས་སམ། ཤོག་བུ་ལ་པདྨ་འདབ་མ་བརྒྱད་པ་གཉིས་བྱ། གཅིག་ལ་གནོད་སྦྱིན་ཕོ་དགུ། གཅིག་ལ་གནོད་སྦྱིན་མོ་དགུ་བྲིས་པ་སྟེ། དེ་ཡང་གཟུགས་ཀྱི་སྙིང་གར་སྔགས་བྲི་བའམ། གཟུགས་མེད་ན་སྔགས་རང་བྲི་བར་གང་རུང་ཡིན་ནོ། །སྔགས་ལ་སྤེལ་ཚིག་ཡོད་པའམ་མེད་པ་གང་རུང་བྲི་སྟེ། སྤེལ་ཚིག་དང་བཅས་པ་ནི། ཨོཾ་བཛྲ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་མ་མ་དྷཱ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ཞེས་བྱ་བ་སྟེ། གཞན་རྣམས་ལའང་དེ་བཞིན་

p. 306

དུ་སྦྱར་བར་བྱའོ། །དེ་ལྟ་བུ་བྲིས་ལ་སྣོད་ཀྱི་ནང་དུ་མདུན་དུ་བཞག་ལ། པཱུ་ཛ་དང་གཏོར་མ་རྒྱ་ཆེན་པོ་བཤམ། བདག་ཡི་དམ་གྱི་ལྷར་བསྒོམ། ལྷ་བཅོ་བརྒྱད་སོ་སོ་རང་རང་གི་གནས་སུ་བསྐྱེད། ཡེ་ཤེས་སེམས་དཔའ་བཀུག་ལ་བསྟིམ། པཱུ་ཛ་དང་གཏོར་མ་རྒྱ་ཆེན་པོ་དབུལ། མར་དང་སྦྲང་རྩི་དང་ཤ་ཁ་རའི་ཆུས་ཁྱབ་པར་བསྐུ། དེ་ནས་ཐབས་ཤེས་རབ་གཉིས་སུ་མེད་པར་རྗེས་སུ་ཆགས་པའི་པཱུ་ཛ་བཅས་པར་བཤམས་ལ། རང་རང་གི་ཡབ་དང་ཡུམ་མ་འཁྲུལ་པར་ཡི་གེ་དང་ཞལ་རྣམས་ཐད་ཀར་སྦྱར་ལ། མོའི་ཙཀྲ་འོག ཕོའི་སྟེང་དུ་འབྱུང་ཞིང་ཕྱོགས་རྣམས་ཀྱང་མ་འཁྲུལ་བར་ཡོང་བར་བྱས་ལ་སྐུད་པ་སེར་པོས་རྒྱ་གྲམ་དུ་དཀྲིས་ལ་དེའང་ཟ་མ་ཏོག་ཆེན་པོའི་ནང་དུ་བཞག་ལ། མར་དང་སྦྲང་རྩི་དང་ཤ་ཁ་རས་ནུབ་པར་བྱས་ཏེ། དུས་རྒྱུན་དུ་མེ་ཏོག་དང་གཏོར་མ་ལ་སོགས་པས་མཆོད་པ་བྱས་ན་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྙིང་གར་ལྷ་ལྔ་བསྒོམ་པ་ལ་སྒྲུབ་ཐབས་གཅིག་དང༌། འདི་ལ་སྒྲུབ་ཐབས་མི་འདྲ་བ་གསུམ་ལོགས་ནའང་ཡོད་དོ། །ཞེས་རྗེ་བཙུན་རིན་པོ་ཆེ་གྲགས་པའི་འགྲེལ་པ་ལས་ཕྱུང་བའོ། ༈ །ཨོཾ་སྭ་སྟི་སིདྡྷཾ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་སྤེལ་བའི་སླད་དུ་གནོད་སྦྱིན་འཁོར་ལོ་སྒྲུབ་པའི་ཚུལ་ལག་ཏུ་བླང་བ་ལ་གསུམ། བདག་བསྐྱེད་བྱ་བ། འཁོར་ལོ་བྲིས་ཏེ་རབ་གནས་བྱ་བ། མདུན་བསྐྱེད་བྱས་ཏེ་འཇུག་པ་སོགས་བྱ་བའོ། །བདག་བསྐྱེད་ནི། ནོར་རྒྱུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའམ། ཡང་ན་འདི་ཕ་རྒྱུད་དང་མཐུན་པས་གསང་འདུས་རིགས་གསུམ་གང་རུང་གི་དཀྱིལ་འཁོར་དུ་དབང་ཐོབ་ལ་མ་ཉམས་པའི་རྣལ་འབྱོར་པས་གནས་དབེན་པར། མཆོད་ཡོན་

p. 307

སྔོན་འགྲོའི་ཉེར་སྤྱོད་ལྔ། གཏོར་མ་གཅིག་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་གཞག སྟན་བདེ་བ་ལ་ཁ་བྱང་དུ་ཕྱོགས་པར་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་ནོར་རྒྱུན་མར་གསལ་བའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་བྃ་ཡིག་གསེར་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་དང་ནོར་རྒྱུན་མ་གཉིས་སུ་མེད་པའི་ནོར་ལྷའི་དཀྱིལ་འཁོར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཐལ་མོ་སྦྱར་ནས། ན་མོ་གུ་རུ་བྷྱཿས་བླ་མ་དང༌། ན་མཿཤྲཱི་བ་སུ་དྷ་རི་ཎྱཻ་མཎྜལ་ལེ་བྷྱཿ ཞེས་པས་ནམ་མཁར་གནས་པའི་དཀྱིལ་འཁོར་ལ་ཕྱག་བྱ། ཨོཾ་ཤྲཱི་དྷ་ནཾ་དེ་ཧི་མཎྜ་ལ་ས་པ་རི་ཝཱ་ར་ཞེས་པ་སོ་སོའི་མགོར་སྦྱར་བའི། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ། དེ་བཞིན་དུ། བཛྲ་པུཥྤེ། བཛྲ་དྷཱུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱ། བཛྲ་ཤབྡ་རྣམས་ཀྱི་མཇུག་ཏུ། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྦྱར་ལ་མཆོད། དོན་ཡིད་ལ་དྲན་བཞིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་བདུན་རྣམ་དག་བྱ། སེམས་ཅན་ཐམས་ཅད་སོགས་ཚད་མེད་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཡེ་ཤེས་ཚོགས་གསོག་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་བསམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་སྔོན་འགྲོའོ། །དངོས་གཞི་ལ་རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པ་གཉིས་ལས། དང་པོ་ནི་སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཞུ་བ་ལས་བྱུང་བའི་རྡོ་རྗེའི་ས་གཞི། རྭ་བ། གུར་མེ་རི་དང་བཅས་པའི་དབུས་སུ་བྷྲྃའུ་ལས་སྣ་ཚོགས་རྡོ་

p. 308

རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་དཀར་སྔོ་དམར་ལྗང་སེར་བའི་རྩིག་པ་ལྔ་དང་ལྡན་པའི་སྟེང་དུ་ཕ་གུ་སེར་པོ། དེའི་སྟེང་དུ་བྲེ་ཕུལ་ལ་བརྟེན་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ། ཆུ་སྲིན་གྱི་ཁ་ནས་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་གི་བྱ་འདབ་ལ་མདའ་ཡབ་དང་པུ་ཤུས་བསྐོར་བ་ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་ཕུབ་པའི་སྟེང་དུ་རྡོ་རྗེ་དང་རིན་པོ་ཆེའི་ཏོག་གིས་སྤྲས་པ། རྩིག་པའི་ཕྱི་རོལ་ན་འདོད་སྣམ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྐོར་བ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞིའི་སྟེང་དུ་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། རི་དྭགས་དང༌། གཞན་ཡང་གོས་དང༌། འཕན་ལ་སོགས་པའི་རྒྱན་དུ་མས་བརྒྱན་པའི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང༌། དབུས་སེར་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་པ་ནི་རྟེན་བསྐྱེད་པའོ། །བརྟེན་པ་ལྷ་ལ་བཞི་ལས། དམ་ཚིག་པ་བསྐྱེད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་བྃ་དང་འབྲས་ཀྱི་སྙེ་མ་ལས་བདག་ཉིད་ནོར་རྒྱུན་མར་གསལ་བའི་བརླ་གཡོན་པའི་སྟེང་དུ། ཛྃ་དང་བཱི་ཛ་པཱུ་ར་ཀ་ལས་ཛམྦྷ་ལ་དང་འཁོར་རྣམས་ལ་སྐད་ཅིག་གིས་ཤར་དུ་ཟླ་འོད་མ་དང་ནོར་བུ་བཟང་པོ། ལྷོར་སྦྱིན་མ་དང་གང་བ་བཟང་པོ། ནུབ་ཏུ་རབ་ཏུ་སྦྱིན་མ་དང་ནོར་སྦྱིན། བྱང་དུ་འཕགས་མ་དང་རྣམ་ཐོས་སྲས། ཤར་ལྷོར་རབ་ཏུ་བཟང་མོ་དང་རོལ་པའི་ཕྲེང་བ། ལྷོ་ནུབ་ཏུ་སྦས་མ་དང་འཇམ་པོ་འཁྱིལ་པ། ནུབ་བྱང་དུ་མཛེས་མ་དང་གདོང་གི་

p. 309

དབང་པོ། བྱང་ཤར་དུ་དབྱངས་ཅན་མ་དང་སྤྱོད་པའི་དབང་པོ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་གྱི་ན་བཟའ་ཅན། མོ་རྣམས་ཀྱི་ཕྱག་གཡས་པས་ཤིང་ཐོག་བཱི་ཛ་པཱུ་ར་ཀ་དང་བཅས་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། གཡོན་པ་རྣམས་ཀྱིས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིངས་པ། རིན་པོ་ཆེ་འབར་བ་སྐྱུགས་པར་གྱུར་པའི་པདྨའི་གཏེར་ལ་སོགས་པའི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་བརླ་གཡོན་པ་རྣམས་ཀྱི་སྟེང་དུ། ཕོ་རྣམས་རོལ་པའི་སྟབས་ཀྱིས་བཞུགས་པའི་ཕྱག་གཡས་པ་རྣམས་ཤིང་ཐོག་བཱི་ཛ་པཱུ་ར་ཀ་འཛིན་པས་མོ་རྣམས་ཀྱི་གཡོན་ནས་མགུལ་པར་འཁྱུད་པ། གཡོན་པ་རྣམས་ཀྱིས་ནེའུ་ལེ་འཛིན་པའོ། །ཉེར་སྒྲུབ་ནི། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སྒྲུབ་པ་ནི། རང་གི་སྙིང་གའི་བྃ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་མོ་ནོར་རྒྱུན་མ་ལ་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཚོགས་ཞིང་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་བསྟིམ་མོ། །སྒྲུབ་ཆེན་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་སྦྱར་བའི་ཨརྒྷཾ་སོགས་ཆུ་གཉིས་སྔོན་འགྲོའི་མཆོད་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་སོགས་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། ཐམས་ཅད་ལ་རིན་ཆེན་འབྱུང་ལྡན་གྱི་དབུར་བརྒྱན་པར་

p. 310

བསམ། དེ་ནས་མཆོད་པ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་རྣམས་ཀྱི་ནང་དུ་ལྷ་རྫས་ལས་བྱུང་བའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར་པར་བསམ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་སྤེལ་ལ་མཚན་སྔགས་རེ་རེ་སྦྱར་བས་མཆོད། གཎྜེ་ར་ཎིས་རོལ་མོ་དབུལ། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་པའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད། དེ་ནས་བཟླས་པ་ནི། རང་ནོར་རྒྱུན་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྃ་སེར་པོའི་མཐར། ཨོཾ་བ་སུ་དྷཱ་རི་ཎྱཻ་སྭཱ་ཧཱས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འདོད་དགུ་འབྱུང་བའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས་ནས་རང་གི་སྙིང་གར་ཐིམ་པས་དཔལ་དང་འབྱོར་པའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་བ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ། ཞེས་པ་འབུམ་ཕྲག་བཅུ་བཟླས་ལ། ཐུན་མཚམས་རྣམས་སུ་འཁོར་རྣམས་ལ། ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ། དཏྟཱ་ཡཻ། སུ་དཏྟཱ་ཡཻ། ཨཱརྻ་ཡཻ། སུ་བྷ་དྲཱ་ཡཻ། གུཔྟཱ་ཡཻ། དེ་བྱཻ། ས་ར་སྭ་ཏྱཻ། ཞེས་པས་ཡུམ་རྣམས་དང༌། ཛམྦྷ་ལ་ཛ་ལེནྡྲཱ་ཡ། མ་ཎི་བྷ་དྲཱ་ཡ། པཱུརྞ་བྷ་དྲཱ་ཡ། དྷ་ན་དཱ་ཡ། བཻ་ཤྲ་ཝ་ཎཱ་ཡ། ཀེ་ལི་མཱ་ལི་ནི། ཙི་པི་ཀུཎྜ་ལེ་ནི། མུ་ཁེནྡཱ་ཡ། ཨོཾ་ཙ་རེནྡྲཱ་ཡ་སྭཱ་ཧཱ། ཞེས་པ་ཁྲི་ཕྲག་བཅུ་རེ་བཟླ་ཞིང་ཐུན་བཞིར་བྱས་ལ། ཐུན་རྗེས་སུ་ཐལ་མོ་སྦྱར་ཏེ།

p. 311

བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་སྲུང་བའི་འཁོར་ལོ་ལ། དེ་གཞལ་ཡས་ཁང་ལ། དེ་འཁོར་རྣམས་ལ། དེ་གཙོ་བོ་ཡབ་ཡུམ་ལ། ཡབ་ཀྱང་ཡུམ་ལ་བསྡུས་ལ་སྨོན་ལམ་གདབ། ཐུན་མཚམས་རྣམས་སུ་གཏོར་མ་གཏང་ན། གཏོར་མ་ཆུ་གཙང་མས་སྦྱངས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་མོ་ནོར་རྒྱུན་མའི་དཀྱིལ་འཁོར་ལ་ནོར་ལྷའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་གོང་གི་སྔགས་ཕྲེང་གི་མཐར། ཨི་དཾ་བ་ལིཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་སིདྡྷིམྨེ་པྲ་ཡཙྪནྟུ་ཧཱུྃ་ཕཊ། ཅེས་པ་ལན་གསུམ་ལ་སོགས་པས་ཕུལ་ལ། མཆོད་བསྟོད་གོང་བཞིན་བྱ། འདོད་དོན་གསོལ་བ་གདབ། གནས་གསུམ་བསྲུངས་ལ་བཛྲ་མུཿས་གཏོར་མགྲོན་རང་གནས་སུ་གཤེགས་པར་བསམས་ལ་སྨོན་ལམ་གང་ཤེས་བྱའོ། །འཁོར་ལོ་བྲིས་ཏེ་རབ་གནས་བྱ་བ་ནི། སྐར་མ་རྒྱལ་ལ་བབ་དུས། བྲི་གཞི་གསེར་དངུལ་ཟངས་སམ་གང་རུང་ལ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ལྷའི་སྐུའམ། སྔགས་བྲིས་པའམ། མ་འབྱོར་ན་ཤོག་བུ་ལ་གསེར་ཤོག་སྦྱར་བའམ། གུར་གུམ་དང་གི་ཝང་སོགས་བྱུགས་པ་ལ། གསེར་གྱིས་པདྨ་འདབ་བརྒྱད་ཚད་མཉམ་པ་གཉིས་བྲིས་པའི་མོ་འཁོར་འོག་དང༌། ཕོ་འཁོར་སྟེང་དུ་འོང་བར་བྱའོ། །འཁོར་ལོའི་དཔེ་རིས་འོག་ཏུ་བྲིས་པ་བཞིན་ནོར་འཁྲུལ་མེད་པས་འདི་ལྟར་བྲིས་ཤིག དེ་ནས་འཁོར་ལོ་ཟངས་གཞོང་སོགས་སྣོད་གཙང་མའི་སྟེང་དུ་རིན་

p. 312

པོ་ཆེ་སྣ་ཚོགས་བཀྲམ་པའི་དབུས་སུ་འཁོར་ལོ་གཉིས་ཕྱི་ནས་རང་ལ་ཞལ་ཕྱོགས་པར་བཤམས་པའི་མདུན་དུ་མཆོད་ཡོན་སྔོན་འགྲོའི་མཆོད་པ་བཤམ། སྦྱོང་ཆས་མཐེབ་ཀྱུ། ཏིང་ལོ། ཟན་ཆང༌། གུ་གུལ། ཡུངས་ཀར། འཐོར་ནས་རྣམས་སྟ་གོན་བྱ། རྡོ་རྗེ་དྲིལ་བུའང་བཤམས་ལ། རྣལ་འབྱོར་པ་ཞལ་བྱང་དུ་ཕྱོགས་པས་གོང་བཞིན་བདག་བསྐྱེད། བཟླས་པ། དཀྱིལ་འཁོར་བསྡུ་བའི་བར་བྱ། མཐེབ་ཀྱུ་ཆབ་ཀྱིས་བྲན། ཏིང་ལོ་སྦར་ལ། མཐེབ་ཀྱུས་འཁོར་ལོ་ལ་བསྐོར་ཞིང༌། སརྦ་བིགྷྣཱན་སོགས་གསུམ། ཏིང་ལོ་དང་ཟན་ཆང་གིས་སུམྦྷ་སོགས་གསུམ་བརྗོད་ལ། འདིར་གནོད་སྦྱིན་འཁོར་ལོ་སྒྲུབ་པ་ལ་བར་ཆད་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོངས་ཤིག ཅེས་དང༌། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་དང༌། རྗེ་བཙུན་རྩ་བ་དང་སོགས་ཀྱིས་བདེན་པ་བརྡར། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། འདིར་གནོད་སྦྱིན་འཁོར་ལོ་ལ་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་ལ་རྒྱུད་སྡེ་དང་མཐུན་པའི་སྦྱོང་བ་བྱས་ཟིན་པས་འདིར་མ་གནས་པར་གཞན་དུ་སོངས་ཤིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་མེ་འབར་བའི་རྡོ་རྗེས་མགོ་བོ་ཚལ་པར་འགས་པར་འགྱུར་རོ། །ཞེས་དང༌། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། སུམྦྷ་སོགས་དང༌། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ་ཧཱུྃ་གིས་བགེགས་དྲག་པོས་སྦྱང༌། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ཁྲུས་བྱས་པར་བསམས་ལ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་འཁོར་ལོ་མི་དམིགས་ཏེ་སྟོང་པའི་ངང་ལས། རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདང་པདྨ་ལས་འོད་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་

p. 313

གི་ཕྱག་རྒྱ་ཅན། དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་དང་རང་བཞིན་གྱི་གནས་ནས། སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རང་འདྲའི་རིགས་བདག་གིས་དབུར་བརྒྱན་པར་བསམ། དེ་ནས་མཆོད་པ་རྣམས་ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཧཱུྃ་ཞེས་པས་སྦྱང༌། བྱིན་གྱིས་བརླབས་ལ། ཨོཾ་ཨ་མཱི་ཏ་བྷཱ་ཝ་ཧྲཱིཿས་པ་རི་ཝཱ་ར་སོ་སོར་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། གཎྜེ་ར་ཎིས་རོལ་མོ་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། འདོད་ཆགས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཞེས་པས་བསྟོད། འོད་དཔག་མེད་ཞུ་བ་ལས་བྱུང་བའི་འཁོར་ལོའི་ཡིག་འབྲུར་གྱུར་པར་བསམས་ལ། འཁོར་ལོ་ལ་བཀོད་པའི་སྔགས་རྣམས་བརྒྱ་རྩ་རེ་དང༌། ཡེ་དྷརྨཱ་བརྒྱ་རྩ་རེ་བཟླས་པས་བརྟན་པར་བྱ། མེ་ཏོག་དོར་ཞིང༌། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཡང་ཡང་བརྗོད། སྦྱིན་བདག་གི་འབྱོར་པ་རྒྱས་པའི་འདོད་དོན་གསོལ་ལོ། །དེ་ནས་འཁོར་ལོ་གཉིས་ལ་གསེར་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ། གུར་གུམ་སོགས་དྲི་ཞིམ་པོ་རྣམས་མར་དང༌། སྦྲང་རྩི་དང༌། ཀ་ར་ལ་སྦྱར་ཞིང་བྱུགས་ལ་ཁ་སྦྱར། ཕོ་འཁོར་སྟེང་དང་མོ་འཁོར་འོག་ཏུ་ཞལ་སྦྱོར་ཡོད་པར་བྱ། དར་རམ་རས་སྐུད་

p. 314

སེར་པོས་ནུབ་པར་དཀྲིས། སྐུད་པའི་ལྷག་མ་ཕོ་འཁོར་གྱི་སྟེང་དུ་མདུད་པའི་ཁུག་སོ་བྱས་ལ་སྟེང་འོག་མི་ནོར་བའི་རྟགས་བྱའོ། །མདུན་བསྐྱེད་བསྒྲུབ་པ་ནི། གནས་དབེན་པར་ཕྱག་དར་བྱ། སྟེགས་བུ་གྲུ་བཞི་པ་དར་རམ་རས་སེར་པོས་བཀབ་པའི་སྟེང་དུ་ཟངས་གཞོང་ལ་སོགས་པར་འབྲུ་སྣ་དང༌། རིན་པོ་ཆེ་སྣ་ཚོགས། གོས་དར་སྣ་ཚོགས། ཟས་སྣ་ཚོགས་ཚད། སྨན་སྣ་ཚོགས་གཅལ་དུ་བཀྲམ་པའི་དབུས་སུ། དར་སེར་པོའི་སྟེང་དུ་འཁོར་ལོ་ཞལ་ལྷོར་ཕྱོགས་པར་བཤམས་པའི་སྟེང་དུ་དར་སེར་པོའི་གུར་ཕུབ། འཁོར་ལོའི་སྟེང་གི་སྐུད་པའི་ཁུག་སོ་ལ་གཟུངས་ཐག་སེར་པོ་གདགས། མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་ལྔ་བཤམ། དཀར་གསུམ་མངར་གསུམ་གྱི་གཏོར་མ་གཅིག་བཤམ། སྒྲུབ་པ་པོ་གྲངས་དུ་ཡོད་ཀྱི་མདུན་དུ་རྡོར་དྲིལ་མེ་ཏོག་སེར་པོ་རྣམས་གཞག བསྙེན་སོང་གི་སྒྲུབ་པ་པོ་ཞལ་འཁོར་ལོ་ལ་ཕྱོགས་པར་འདུག བདག་བསྐྱེད་བཟླས་པ། དཀྱིལ་འཁོར་བསྡུ་བའི་བར་གོང་བཞིན་བྱ། འཁོར་ལོ་བསང་སྦྱང༌། སྟོང་པའི་ངང་ལས། སྲུང་འཁོར་ནས་བརྩམས་ཏེ་ཡན་ལག་བཞི་རྫོགས་སུ་བདག་བསྐྱེད་ལྟར་རིགས་བདག་གི་རྒྱས་གདབ་པའི་བར་བྱ། མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་གོང་བཞིན་བྱས་རྗེས་གཟུངས་ཐག་ནས་བཟུང་ལ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་སེར་པོ་གཟུངས་ཐག་ལ་བརྟེན་ཏེ་སོང༌། འཁོར་ལོའི་ལྷའི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྦྱིན་བདག་གིས་གཙོ་བྱས་སེམས་ཅན་ཐམས་ཅད་ལ་ཕོག་པས། ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ། སླར་ཡང་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འདོད་དགུ་འབྱུང་བའི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས།

p. 315

འཁོར་ལོ་ཡོན་བདག་དང་བཅས་པ་ལ་ཐིམ་པར་བསམས་ལ། འཁོར་ལོ་ལ་བཀོད་པའི་སྔགས་རྣམས་བརྒྱ་རྩ་ལ་སོགས་པ་བཟླ། ཐུན་འཇོག་དུས། བཅོམ་ལྡན་འདས་མས་སྦྱིན་པའི་བདག་པོས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་ཟས་ནོར་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ་ལོ། །ཞེས་བརྗོད་ལ་མེ་ཏོག་གཏོར། གོང་ལྟར་མཆོད་བསྟོད་བྱའོ། །གཏོར་མ་བྱིན་རླབས་བདག་བསྐྱེད་ཀྱི་སྐབས་བཞིན་དབུལ། ལྷ་ཞུ་བ་ལས་བྱུང་བའི་འཁོར་ལོར་བསམ། རྣལ་འབྱོར་པ་མང་པོ་ཡོད་ན། གསུང་མི་ཆག་གི་ཚུལ་དུ་བྱ་སྟེ། ཐུན་ལེན་རན་ན་ཐུན་ལེན་པས་བདག་བསྐྱེད་དཀྱིལ་འཁོར་བསྡུ་བའི་བར་བྱ། མཆོད་པ་བྱིན་རླབས་ནས་བཟུང༌། མདུན་བསྐྱེད་གོང་བཞིན་བྱ། ཐུན་ལེན་ལ་གཏང་ལ། རང་གིས་མཆོད་བསྟོད་གཏོར་མ་ཕུལ་ནས། ལྷ་འོད་དུ་ཞུ་བ་སོགས་ཀུན་གྱིས་ཤེས་པར་བྱས་ལ། སྦྱིན་བདག་དང་རྣལ་འབྱོར་པ་ལ་རྨི་ལྟས་བཟང་པོ་མ་བྱུང་གི་བར་ལ་བསྒྲུབ། གྲུབ་ནས་རྟེན་གྱི་ཞབས་དང་གཞན་ཡང་བང་མཛོད་དུ་བཀུར་སྟི་དང་བཅས་ཏེ་བཞག་ལ། གསང་ཞིང་ཟས་ནོར་གང་བྱུང་གི་ཕུད་ཕུལ་ན་ལོངས་སྤྱོད་འཕེལ་ངེས་སོ། །གོང་ལྟར་འཁོར་ལོའི་སྟེང་འོག་ཕྱོགས་མཚམས་རྣམས་སུ་འབྲུ་སྣ། སྨན་སྣ། དར་སྣ། རིན་པོ་ཆེའི་རིགས་གང་འབྱོར་དར་སེར་པོས་དྲིལ་ལ་གཞུག་གོ །འདི་རྗེ་བླ་མའི་གསུང་དང་ཕྱག་ལེན་འཁྲུལ་མེད་ཡིན་པས་འདི་ཁོ་ན་ལྟར་བྱའོ། །ཞེས་རྗེ་བཙུན་ཨེ་ཝྃ་ཆེན་པོ་དཀོན་མཆོག་དཔལ་ལྡན་པས་མཛད་པའི་རབ་གནས་ཀྱི་ཆོ་ག་དཔལ་འབྱོར་རྒྱ་མཚོ་ལས་ཁོལ་དུ་ཕྱུང་བའོ། །སརྦ་དཱ་ཤྲཱི་བྷཱུ་ཏི་མངྒ་ལ་བརྡྷནྟུ།། །།

p. 316

འདི་ནི་དེང་སང་ཕྱག་ལེན་ཡོངས་གྲགས་ཀྱི་འཁོར་ལོ་འབྲིང་པོ་ཡིན་ལ། རྒྱས་པར་སོ་སོའི་སྐུ་གཟུགས་བྲིས་པའི་ཐུགས་ཀར་འཁོར་ལོ་འདི་ལྟར་བྲི་བ་དང༌། བསྡུས་པར་ཛཾ་དགུ་ལྃ་དགུ་ཙམ་བྲིས་པས་ཆོག་པར་སྟག་ཚང་ལོ་ཙཱ་བའི་རྟེན་གསུམ་བཞེངས་ཐབས་དཔལ་འབྱོར་རྒྱ་མཚོ་སོགས་ལས་གསུངས་སོ།། །།མངྒ་ལཾ།། །། དོགས་པ་ «གནོད་སྦྱིན་ཕོ་དགུ་དང་མོ་དགུའི»་«འཁོར་ལོའི་རི་མོ་གཉིས་འདུག །

དཔལ་ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེ་གཙོ་འཁོར་བཞིའི་རྗེས་གནང་གི་ཕྱག་གཞེས་གསལ་བའི་སྒྲོན་མེ།

p. 317

དཔལ་ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེ་གཙོ་འཁོར་བཞིའི་རྗེས་གནང་གི་ཕྱག་གཞེས་གསལ་བའི་སྒྲོན་མེ་བཞུགས་སོ།།

p. 318

ཟླ་བའི་སྐུ་ཅན་དཔལ་འབྱོར་འདོད་འཇོའི་དཔལ། །སྐྱོན་ཀུན་སྤངས་ཀྱི་རྗེས་ཆགས་བདེ་བའི་སྐུ། །དངོས་གྲུབ་ནོར་བུའི་བང་མཛོད་ཚོགས་ཀྱི་བདག །ལྷ་ཆེན་ཆགས་པ་རྡོ་རྗེས་འགྲོ་འདི་སྐྱོངས། །འདིར་ཇོ་བོ་རྗེ་ནས་བརྒྱུད་པའི་ཚོགས་བདག་དཀར་པོ་ཆགས་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་གཙོ་འཁོར་བཞི་པའི་རྗེས་གནང་གི་ཕྱག་གཞེས་ལ། གནས་དབེན་པར་ཚོགས་བདག་གི་སྐུ་ཡོད་ན་དགྲམ། དེའི་མདུན་དུ་མཎྜལ་གྱི་ཁར། རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དཀར་པོའི་སྟེང་དབུས་སུ་གཿཡིག་དཀར་པོ་ཞིག་བྲིས་པའམ། ཡང་ན་ཚོན་སྤུངས་དཀར་པོ་ཆེ་བ་གཅིག དེའི་མདུན་དུ་ཚོན་སྤུངས་དམར་པོ་ཕྱི་ནས་ཅུང་ཟད་བྱུགས་པ་དབུས་མ་ལས་ཆུང་བ། དེའི་མདུན་དུ་ཚོན་སྤུངས་དམར་སེར་དེ་ལས་ཅུང་ཟད་ཆུང་བ་གཉིས་གཤིབས་ནས་བཤམ། བསྡུ་ན་ཚོམ་བུ་བཞི་མཎྜལ་སྟེང་དུ་ཚོན་སྤུངས་ཀྱི་རིམ་པ་ལྟར་དགོད། དེའི་གཡས་སུ་ཐོད་ཆང་དང་མདུན་དུ་ཞོ་མར་གྱིས་སྦྲུས་པའི་གཏོར་མ་དཀར་པོ་གྲུ་བཞི་པ་མཐོ་གང་ཙམ། གཏོར་མ་དངོས་གཞི་ལ་མར་དཀར་བཞུས་པའི་ཁུ་བས་བྱུགས་པ་རྩེ་རྒྱན་དང༌། ཆུ་

p. 319

གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། གནས་གསུམ་དུ་བྱུག་རྒྱུའི་གི་ཝཾ་ཙནྡན་དམར་པོ་བསྲེས་པའི་ཕྱི་མའམ། སིནྡྷུ་ར་ཞིག་ཀྱང་མཎྜལ་དང་ཉེ་བར་བཞག དེ་ནས་སློབ་དཔོན་གྱིས་ཕྱག་རྡོར་འབྱུང་པོ་འདུལ་བྱེད་དམ་ཕྱག་རྡོར་གྱི་རིགས་གང་ཡང་རུང་བ་ཞིག་གི་བསྒོམ་བཟླས་བྱས་ནས། མདུན་གྱི་རྡུལ་ཚོན་ཚོམ་བུ་ལ་དམིགས་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་གཿདཀར་པོ་ལས་དཔལ་ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་གླང་པོ་ཆེ། གཡས་བྱི་བ། གཡོན་སྤྲེའུའི་ཞལ། ཕྱག་དྲུག་གི་གཡས་གསུམ་གྱིས་རྡོ་རྗེ། ལ་ཕུག རལ་གྲི། གཡོན་གསུམ་གྱིས་ལ་དུ་དང༌། ཆང་གིས་གང་བའི་ཐོད་པ། དགྲ་སྟྭ་རྣམས་འཛིན་པ། ཞབས་ཕྱི་མ་གཉིས་ཅུང་ཟད་བརྐྱང་ཞིང་བསྐུམ་པ། ནང་མ་གཉིས་བསྣོལ་བ། ཁུ་བ་འདྲེན་པའི་འདུག་སྟངས་བྱས་ནས། རིན་པོ་ཆེའི་རྒྱན་དང༌། པདྨའི་ག་ཤ་ཅན་གཅེར་བུར་བཞུགས་པ། དེའི་མདུན་ན་བྱང་སེམས་འབེབས་པའི་ལྷ་མོ་དཀར་ལ་དམར་བའི་མདངས་ཆགས་པ།

p. 320

ཞལ་གྱེན་དུ་བསྟན་ནས་ཡབ་ཀྱི་གསང་བའི་རྡོ་རྗེའི་ཕྱེད་ཙམ་ཞལ་དུ་ཚུད་ནས་འཇིབ་པ། རིན་པོ་ཆེའི་རྒྱན་དང་ཨུཏྤལ་སྔོན་པོའི་ག་ཤ་ཅན། ཡབ་ཀྱི་ཞབས་ཕྱི་མ་གཉིས་ལྷ་མོའི་ཕྱག་གཉིས་ཀྱིས་འདེགས་པ། ཞབས་ནང་མ་གཉིས་ཡུམ་གྱི་དཔུང་པའི་སྟེང་ན་ཡོད་པ། ཡུམ་གྱི་ཞབས་གཉིས་ཆགས་པའི་ཚུལ་གྱིས་བགྲད་པ། སྐུ་ཤ་རྒྱས་ཤིང་ནུ་མ་དང་ལྡན་པ། སྤྲེའུའི་དབུ་ཅན། ཡུམ་གྱི་ཞབས་གཉིས་སྤྲེའུ་དམར་པོ་ལ་སེར་པོའི་མདངས་དང་ལྡན་པ་གཉིས་ཀྱི་མགོ་བོ་མནན་པ། དེ་གཉིས་ཀྱི་ལག་པར་བུམ་པ་བཟང་པོ་བཟེད་པའི་ནང་དུ་ཡུམ་གྱི་མཁའ་ནས་རིན་པོ་ཆེའི་ཆར་འབེབས་པས་བུམ་པ་གང་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ། དེ་གཉིས་ཀྱི་འོག་ཏུ་པདྨ་དང་ཟླ་བའི་གདན། དེ་དག་གི་མཐའ་སྐོར་དུ་བུམ་པ་བཟང་པོ་དང༌། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་དང༌། རྟགས་བརྒྱད་དང༌། དཔག་བསམ་གྱི་ཤིང་དང༌། འདོད་འཇོའི་བ་དང༌། རིན་པོ་ཆེའི་གཏེར་ལ་སོགས་པ་ལྷ་མིའི་དཔལ་དང་འབྱོར་པ་བསམ་གྱིས་མི་ཁྱབ་པས་གང་བ། གཙོ་འཁོར་བཞིའི་གནས་གསུམ་བྱིན་གྱིས་བརླབ། གཙོ་བོའི་ཐུགས་ཀའི་དབུས་སུ་གཿཡིག་ཤེལ་དཀར་དྭངས་པའི་མདངས་ཅན། སློབ་དཔོན་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཕོག ཐུགས་ཀ་ནས་འོད་ཟེར་དཀར་པོ་དང་དམར་སེར་ལ་སོགས་པ་ལྕགས་ཀྱུ་དང་ཞགས་པའི་ཚུལ་ཅན་དཔག་ཏུ་མེད་པ་འཕྲོས། སུམ་ཅུ་རྩ་གསུམ་གྱི་གནས་ནས་ཚོགས་བདག་གཙོ་འཁོར་བཞི་ལ་ནོར་ལྷ་གཏེར་བདག་གི་ཚོགས་ཀྱིས་བསྐོར་བ་དཔག་ཏུ་མེད་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་མདུན་བསྐྱེད་ལ་བསྟིམ། ཨོཾ་མ་ཧཱ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཚོགས་རྗེ་ཚོགས་བདག་དབང་གི་བདག །

p. 321

བགེགས་ཀྱི་གཙོ་ལ་མཆོད་ཅིང་བསྟོད། །མེ་ཏོག་ལ་སོགས་མཆོད་པ་དང༌། །ལ་དུ་ལ་སོགས་མཐུན་རྫས་ཀྱིས། །བགེགས་རྒྱལ་ཚོགས་བདག་འཁོར་བཅས་མཆོད། །དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །ཞེས་བསྟོད། གཏོར་མ་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་བྷྲཱུྃ་ག་ཎ་པ་ཏི་ཡེ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་གྱིས་དབུལ། མཆོད་བསྟོད། འདོད་དོན་གསོལ་གདབ་བྱ། རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཚོགས་བདག་འཁོར་བཅས་ལ་ཕོག་པས་དེ་དག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་ཁམས་གསུམ་གྱི་འགྲོ་བ་ཟས་ནོར་ཐམས་ཅད་དབང་དུ་བསྡུས་ནས་རང་ལ་ཐིམ་ཞིང་གཞལ་ཡས་ཁང་ཡུལ་ཕྱོགས་ལ་སོགས་པ་གང་བར་བསམས་ལ། ཨོཾ་གྃ་ག་ཎ་པ་ཏི་སྭཱ་ཧཱ། བརྒྱ་རྩ་ལ་སོགས་པ་དང༌། ཨོཾ་ན་མསྟུ་རེ་མ་ཧཱ་ག་ཎ་པ་ཏ་ཡེ། ཨོཾ་གཿགཿགཿགཿགཿ གཿགཿགཿཨོཾ་ག་ཎ་པ་ཏི་ཡེ་སྭཱ་ཧཱ། ཨོཾ་ག་ཎཱ་དྷི་པ་ཏི་ཡེ། ཨོཾ་ག་ཎེ་ཤྭ་ར་ཡེ་སྭཱ་ཧཱ། ཨོཾ་ག་ཎ་པ་ཏི་པཱུ་ཛི་ཏ་སྭཱ་ཧཱ། ཨོཾ་ཀ་ཊ་ཀ་ཊ། མ་ད་མ་ད། ད་ར་ད་ར། བི་ད་ར་བི་ད་ར། ཧ་ན་ཧ་ན། གྲྀཧྞ་གྲྀཧྞ། དྷ་བྷ་དྷ་བྷ། བྷཉྫ་བྷཉྫ། སྟྭམྦྷ་སྟྭམྦྷ། མོ་ཧ་མོ་ཧ། དེ་ཧི་དེ་ཧི། ད་ད་པ་ཡ་ད་ད་པ་ཡ། དྷ་ན་སིདྡྷིམྨེ་པྲ་ཡཙྪ། ན་མཿསྟུ་ཏེ་མ་ཧཱ་རཱུ་དྲ་པ་ཙ་ན་ཡ་སྭཱ་ཧཱ། ཞེས་ཅི་མང་བཟླ། དཔལ་ཚོགས་ཀྱི་བདག་པོས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་སློབ་མ་བླ་མེད་ཀྱི་དབང་ཐོབ་པ་གྲལ་ལ་འཁོད་པ་ལ། སེམས་

p. 322

ཅན་ཐམས་ཅད་ཀྱི་ཞེས་པ་ནས་གསན་པར་ཞུ་བར་སྤྱི་ལྟར། གསན་པར་བྱ་བའི་ཆོས་ནི་ཆོས་ལྡན་གྱི་དཔལ་དང་འབྱོར་པ་བསྒྲུབ་པའི་ཕྱིར། ནོར་ལྷ་ཁྱད་པར་དུ་འཕགས་པ་དཔལ་ཚོགས་ཀྱི་བདག་པོ་ཞེས་པ་འདི་ཡིན་ལ། དེ་ལ་རིགས་མང་དུ་ཡོད་པ་ལ་ད་ལན་འདིར་ཇོ་བོ་རྗེ་ནས་བརྒྱུད་པའི་བཀའ་གདམས་པའི་ལུགས་ཀྱི་ཚོགས་བདག་དཀར་པོ་གཙོ་འཁོར་བཞིའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སྔོན་འགྲོ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་སློབ་དཔོན་ཕྱག་ན་རྡོ་རྗེར་གསལ་བ་ལ་ཚོགས་བདག་དཀར་པོའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ། གཙོ་བོ་བདག་ལ་དགོངས་སུ་གསོལ། །ལྷ་ཆེན་ཚོགས་ཀྱི་བདག་པོ་ཡི། །ལྷ་ཡི་དཔལ་འབྱོར་ཐོབ་བྱའི་ཕྱིར། །བདག་ལ་བཀའ་དྲིན་གནང་བར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་ལན་གསུམ། རྗེས་གནང་གི་གཞི་ལུས་བསྒྲུབ་པའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བར་ཞུ། སློབ་དཔོན་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག དེ་དག་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་དམར་པོ་དམར་སེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་རྣམས་དང༌། ཁྱད་པར་དབུལ་ཞིང་ཕོངས་པའི་རྒྱུར་གྱུར་པའི་ལས་ངན་གཞན་གྱི་འཚོ་བའི་ཡོ་བྱད་འཕྲོགས་པ་ལ་སོགས་པ་བྱང་ཞིང་དག་པར་བྱས། ལུས་འོད་ཀྱི་གོང་བུར་གྱུར། དེ་ལ་དམིགས་ཏེ། སྭ་བྷཱ་ཝ་སོགས་བརྗོད་པས་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་དཔལ་ཚོགས་ཀྱི་བདག་པོ་ཆགས་པའི་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཞེས་པ་ནས། གཙོ་བོའི་

p. 323

ཐུགས་ཀའི་དབུས་སུ་གཿཡིག་ཤེལ་དཀར་དྭངས་པའི་མདོག་ཅན་བསྒོམས་པའི་བར་མདུན་བསྐྱེད་བཞིན། དེ་ནས་སློབ་དཔོན་ལ་ཕྱག་ན་རྡོ་རྗེའི་སྐུ་ཅན་དུ་མོས་པ་གནང་བས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སུམ་ཅུ་རྩ་གསུམ་གྱི་གནས་ནས་ཚོགས་བདག་ཆགས་པའི་རྡོ་རྗེ་གཙོ་འཁོར་བཞི་ལ་ནོར་ལྷ་གཏེར་བདག་གིས་བསྐོར་བ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྐུ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། དྲིལ་གསིལ་རོལ་ཆེན་བྱ། སྔགས་སྙིང་པོ་བཟླ། དེ་ནས་ཙཀླི་སྤྱི་བོར་བཞག་པའམ་མེད་ཀྱང་རུང༌། ཕྱག་ལེན་ལ་མི་མཛད་གསུངས། མདུན་བསྐྱེད་ཀྱི་ལྷ་བཞི་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་སྐུ་ལ་ཐིམ་པས་མོས་པ་མཛོད། བུ་འདི་དཀྱིལ་འཁོར་ཆེན་པོ་རུ། །སྔོན་དུ་ལེགས་པར་ཞུགས་ཟིན་གྱི། །ལྷ་ཆེན་འདི་ལ་དགོངས་སུ་གསོལ། །ལྷ་ཆེན་འདི་ལ་སྩལ་ལགས་ཀྱི། །ལྷ་ཆེན་འདི་ལ་རྟག་བཞུགས་ནས། །ལྷ་ཡི་དཔལ་ནི་སྩལ་དུ་གསོལ། །འདི་ལ་བགེགས་ནི་མེད་པར་མཛོད། །ཨོཾ་མ་ཧཱ་ག་ཎ་པ་ཏི་ཀཱ་ཡ་སིདྡྷི་ཨོཾ། ཞེས་བརྗོད། དེས་ལུས་ཀྱི་བར་ཆད་ཞི་བར་བྱས་ཏེ་སྐུའི་རྗེས་གནང་ཐོབ་པ་ཡིན་ཞེས་བརྡ་སྤྲད། གསུང་གི་རྗེས་གནང་གི་དོན་དུ་ཐུགས་འདུན་འདི་བཞིན་གནང་བར་ཞུ། སློབ་དཔོན་ཕྱག་རྡོར་དུ་གསལ་བའི་ཐུགས་ཀར་ཚོགས་བདག་གཙོ་འཁོར་བཞི་བཞུགས་པའི་གཙོ་བོའི་ཐུགས་ཀར་གཿཡིག་ཤེལ་དཀར་གྱི་མདོག་ལྟ་བུ་ལ་སྙིང་པོའི་སྔགས་དང་སྔགས་རིང་གིས་བསྐོར་བ་ལས་སྔགས་ཕྲེང་འོད་ཟེར་དཀར་པོ་ལ་སོགས་པ་འཕྲོ་བ་དང་བཅས་པ་ཆད་དེ་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཚོགས་ཀྱི་བདག་པོར་གསལ་བའི་སྣ་གཡོན་ནས་ཞུགས། སྙིང་གའི་གཿཡིག་གི་མཐར་འཁོད་པས་བྱིན་

p. 324

གྱིས་བརླབས་པའི་མོས་པ་མཛོད། མདུན་བསྐྱེད་དུ་བཤད་པའི་སྙིང་པོ་དང་སྔགས་རིང་གི་རྗེས་ཟློས་ལན་གསུམ་བྱ། དེ་ནས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་བྱིན་གྱིས་བརླབས་ནས་ཐོད་ཆང་ནས་སློབ་མ་ལ་སྟེར་ཞིང༌། ལྷ་ཆེན་དགྱེས་པའི་དམ་ཚིག་འདི། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་ཏེ། །བཏུང་བ་རིན་པོ་ཆེ་འདི་ནི། །གསང་བའི་དངོས་གྲུབ་རྫས་སུ་བསྔགས། །དཔལ་དང་གཟི་བརྗིད་བསྐྱེད་པའི་ཕྱིར། །བུ་ཁྱོད་ཀྱིས་ནི་མྱང་བར་གྱིས། །ཨོཾ་མ་ཧཱ་ག་ཎ་པ་ཏི་ཝཱཀ་སིདྡྷི་ཨཱཿ ཞེས་བརྗོད། དེས་ངག་གི་བར་ཆད་ཞི་བར་བྱས་ཏེ་གསུང་གི་རྗེས་སུ་གནང་བ་ཐོབ་པ་ཡིན། ཐུགས་ཀྱི་རྗེས་གནང་གི་དོན་དུ་ཐུགས་འདུན་འདི་བཞིན་གནང་བར་ཞུ། སློབ་དཔོན་གྱི་ཐུགས་ཀའི་ཚོགས་བདག་གཙོ་འཁོར་བཞི་པ་དེ་ལས་དེ་འདྲ་བ་ཆད་དེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད། སློབ་མ་ལ་མེ་ཏོག་འཐོར་ཞིང༌། ལྷ་ཆེན་མཁའ་འགྲོ་མ་ཡི་ཚོགས། །འདི་ཡི་རྗེས་སུ་འཇུག་པར་མཛོད། །འདི་ཡི་རྗེས་སུ་ཞུགས་ནས་ཀྱང༌། །བྱིན་རླབས་དངོས་གྲུབ་ཆར་ཆེན་ཕོབ། །ཨོཾ་མ་ཧཱ་ག་ཎ་པ་ཏི་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེས་སེམས་ཀྱི་བར་ཆད་ཞི་བར་བྱས་ཏེ་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན། དེ་ནས་གཏོར་མ་སྐད་ཅིག་ཙམ་གྱིས་ཚོགས་བདག་ཏུ་གྱུར་པ་སྤྱི་བོར་བཞག ཨོཾ་ག་ཎ་པ་ཏི་སྭཱ་ཧཱ། ཞེས་བརྗོད། དཔལ་ཕྱག་ན་རྡོ་རྗེ། རྒྱལ་པོ་ཨིནྡྲ་བོ་དྷི་ལ་སོགས་པ་གོང་མ་རྣམས་དང༌། ཁྱད་པར་ཇོ་བོ་རྗེ་ལྷ་གཅིག་དང༌། རྒྱ་བརྩོན་སེང་ནས་བཟུང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར། ལྷ་ཆེན་པོ་ཁྱོད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། འགལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བ་དང༌། ཁམས་གསུམ་དབང་དུ་བསྡུས་ནས་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཕོངས་པ་མེད་ཅིང་བསྟན་པ་

p. 325

དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཕྲིན་ལས་མཛོད། གཏོར་མ་ལྷ་ཆེན་པོར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། གིའུ་ཝང་ངམ་སིནྡྷུ་རས་དཔྲལ་བ། མགྲིན་པ། སྙིང་ག་གསུམ་དུ་ཐིག་ལེ་བྱས་ལ། འདི་ནི་ཁམས་གསུམ་མ་ལུས་པ། །དབང་དུ་སྡུད་པར་བྱེད་པ་ཡི། །རྟགས་སུ་དབང་གི་ཐིག་ལེས་གདབ། །དམ་ཚིག་རྒྱ་འདིས་བརྒྱན་པར་གྱིས། །གཿགཿལ་སོགས་པ་བརྒྱད་ཀྱི་བར་དང༌། སརྦ་རཏྣ་སིདྡྷི་ཧཱུྃ། དེས་ནི་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན། རྗེས་གཙོ་བོས་སོགས་འདྲ། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་འདོད་གསོལ་དཀྱུས་བཞིན། ཡིག་བརྒྱ་ཚར་གསུམ། ནོངས་པ་བཟོད་པར་གསོལ་སྐུ་ཡོད་ན་བརྟན་བཞུགས་བྱ། མདུན་བསྐྱེད་ཀྱི་དམ་ཡེ་གཉིས་ཀ་རང་ལ་བསྟིམ། དགེ་བ་བསྔོ། ཤིས་པ་བརྗོད། ལས་ཀྱི་རྗེས་བསྡུ། འདི་ཡི་རྗེས་གནང་ཡོད་ཅེས་འགའ་སྨྲ་ཡང༌། །ཚད་ལྡན་ལུང་དང་བླ་མའི་གསུང་རྒྱུན་ལས། །བྱུང་བའི་ལྷ་བཞིའི་སྒྲུབ་ཐབས་སྔགས་བཅས་ཀྱི། །རྗེས་གནང་འཁྲུལ་མེད་ཨུ་དུམ་ཝཱ་ར་བཞིན། །ཞེས་པ་འདི་ནི་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་སྡེ་སྣོད་གསུམ་པ་ངག་དབང་ཆོས་གྲགས་ཀྱིས་འདིའི་བཀའ་མི་ནུབ་པར་བྱ་བའི་ཕྱིར་ཤིང་མོ་གླང་གི་ལོ་ཟླ་བ་བདུན་པའི་ཡར་ཚེས་བཅུ་པའི་ཉིན། ཚོགས་ཀྱི་བདག་པོའི་འགྱུར་གེགས་སེལ་བའི་སྒྲུབ་ཐབས་སོགས་དང་རྗེས་གནང་གི་ཡིག་རྙིང་ལ་བརྟེན་ནས་དཔལ་རྩེ་གདོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་གྲྭར་བསྒྲིགས་པའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ།། །།ལྷ་བཞིའི་རྗེས་གནང་དང་སྒྲུབ་ཡིག་གི་བརྒྱུད་པ་ནི། རྒྱལ་པོ་ཨིནྡྲ་བོ་དྷི། རྒྱལ་པོ་གྲགས་པ། བྱང་ཆུབ་འབྱུང་གནས། རིན་ཆེན་འོད་ཟེར། ཡང་དག་སྦྱིན་པ། རིན་ཆེན་འབྱུང་

p. 326

གནས་ཞི་བ། ཇོ་བོ་རྗེ། རྒྱ་བརྩོན་སེང༌། གྲུབ་ཐོབ་ཤོལ་པོ་པ། སངས་རྒྱས་དབོན་སྟོན། སངས་རྒྱས་སྟོན་ཚུལ། ཁྱུང་ཚང་བ་ཚུལ་ཁྲིམས་རྒྱལ་མཚན། སློབ་དཔོན་གྲགས་ཚུལ། སྣར་ཐང་མཁན་པོ་ཉི་མ་རྒྱལ་མཚན། དབུ་མ་པ་གྲུབ་པ་བརྩོན་འགྲུས། བླ་མ་བཀའ་བཅུ་པ། གུང་པ་བཀྲ་ཤིས་བཟང་པོ། གཉག་ཕུ་བ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས། རྗེ་བླ་མ་དབང་ཕྱུག་རབ་བརྟན། དེས་བདག་ངག་དབང་ཆོས་གྲགས་ལའོ། །བརྒྱུད་པའི་ཁ་སྐོང་ནི། མཁན་ཆེན་ངག་དབང་ཆོས་གྲགས་ནས། འཇམ་དབྱངས་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་བསོད་ནམས་དབང་ཕྱུག སྔགས་འཆང་ཀུན་དགའ་བཀྲ་ཤིས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེས་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལའོ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

དཔལ་ས་སྐྱ་པའི་གདམས་ངག་ཁྱད་པར་ཅན་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་མན་ངག་གི་སྐོར་རྣམས།

p. 327

དཔལ་ས་སྐྱ་པའི་གདམས་ངག་ཁྱད་པར་ཅན་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་མན་ངག་གི་སྐོར་རྣམས་བཞུགས་སོ།།

p. 328

རྒྱ་གར་སྐད་དུ། པི་ཤཱ་ཙི་ཡཀྵཱི་ཌཱ་ཀི་ནཱི་ཀལྤ་ཨུཏྤཱ་ཏཱ་ཀུཎྜ་ལི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཤ་ཟའི་གནོད་སྦྱིན་མོ་མཁའ་འགྲོ་མ་ཀུན་ནས་འཁྱིལ་པའི་རྟོག་པ་ལས་ཕྱུང་བའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ཤ་ཟའི་མཁའ་འགྲོ་མ། །གནོད་སྦྱིན་ཀུན་ནས་འཁྱིལ་པ་ཡི། །སྒྲུབ་ཐབས་རིམ་པ་འདི་ལྟ་སྟེ། །གནས་དབེན་ནགས་ཚལ་ལ་སོགས་པར། །དད་ལྡན་སྐྱེ་བོ་དབུལ་འདོར་ཕྱིར། །མཎྜལ་བྱི་དོར་རྟེན་རྫས་བཤམ། །རས་ཆེན་ཤིང་ཤུན་གཞི་དག་ལ། །ཀུན་ནས་འཁྱིལ་པའི་རཱུ་པ་བྲི། །དམ་རྫས་དགོས་པ་ཚང་བར་དགོད། །ཅི་བདེར་གནས་པའི་རྣལ་འབྱོར་པས། །དང་པོར་ལྷ་བསྒོམ་དེ་མདུན་དུ། །ཀུན་ནས་འཁྱིལ་པའི་གཙོ་བོ་གསུམ། །ལྷག་པའི་ཆོ་གས་ཚང་བར་བསྒོམ། །མཐིང་ག་ལྗང་དང་དམར་བའི་སྐུ། །ཞལ་གཅིག་ཕྱག་གཉིས་གཞོན་ནུའི་ཞལ། །བརྐྱང་བསྐུམ་ཤ་རྒྱས་ནུ་མ་འབུར། །རྒྱན་ལྡན་མཛེས་པ་ཞི་བའི་ཚུལ། །མགོ་སྐྱེས་ལི་ལ་བུམ་པ་དང༌། །ནོར་བུ་འཛིན་པའི་ཕྱག་རྒྱའོ། །པདྨའི་གདན་ལ་ལེགས་གནས་པའི། །ཤ་ཟའི་མཁའ་འགྲོ་མ་གསུམ་བསྐྱེད། །རིག་པས་དགུག་

p. 329

གཞུག་དངོས་ཉིད་བལྟ། །དེ་ལ་དམིགས་ཏེ་གསང་སྔགས་བཟླ། །ཟས་ནོར་གོས་མཆོག་རིམ་པར་སྟེར། །ཨོཾ་ཨི་ལི་ཀི་ལི་སི་ལི་ཀི་ཀི་ལི་སྭཱ་ཧཱ། ཨོཾ་ཨ་ན་ལེ་ཀུཎྜ་ལི་གྲྀཧྞ་པིཎྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ནཱ་མཿཤུཀྵ་ཎ་བྷ་སུ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། བདུན་གསུམ་ཟས་ལ་བསྔགས་ལ་བསྒྲུབ། །བུད་མེད་ཚུལ་བཟང་ཟས་སྟེར་དང༌། །རྟགས་བཟང་ཐོན་ནས་ལས་ལ་སྦྱར། །རྟེན་སོགས་བླ་རྡོ་སྲོག་གི་ཚུལ། །མི་མཐོང་གནས་སྦ་མཆོད་གཏོར་གྱིས། །མཉེས་པར་བྱས་ལ་གསོལ་བ་གདབ། །གཏོར་མ་ཆང་ཟན་རྒྱན་གྱིས་བརྒྱན། །བྱིན་རླབས་སྔགས་ཀྱི་ཤམ་བུ་བསྐྱུར། །ལས་ལ་སྦྱར་བ་རྒྱུན་དུ་ནི། །ཟས་ཟ་ཕུད་དང་ལྷག་མ་ཡིས། །ཆང་རྗེས་ཟན་ལ་མངོན་བསྔགས་ནས། །མདུན་དུ་བསྐྱུར་ན་ཅི་འདོད་འབྱུང༌། །དམ་ཚིག་རྒྱུན་དུ་མ་བརྗེད་འབྲང༌། །མདུན་དུ་བསྐྱེད་ལ་མདུན་དུ་སྦྱིན། །འདི་ཉིད་ཐེ་ཚོམ་ཡོངས་སྤངས་ནས། །བསྙེན་སྒྲུབ་ཚུལ་བཞིན་བྱས་གྱུར་ན། །ཡིད་ལ་རེ་བ་ནོར་བུ་ལྟར། །བསམ་པ་ཐམས་ཅད་རྫོགས་པར་གྱུར། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤ་ཟ་མོ་རིག་པ་འཛིན་པའི་རྟོག་པ་ལས་ཕྱུང་བ་རྫོགས་སོ། །བླ་མ་རྡོ་རྗེ་གདན་པའི་ཞལ་སྔ་ནས་

p. 330

དང༌། བ་རི་ལོ་ཙཱ་བས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཡཀྵི་ཎྱཱ་ཀུཎྜ་ལཱི་པིཎྜཱརྠ་ཊཱི་ཀ བོད་སྐད་དུ། གནོད་སྦྱིན་མོ་ཀུན་ནས་འཁྱིལ་པའི་དོན་བསྡུས་པའི་འགྲེལ་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་འདི་ལ་དོན་ལྔ་སྟེ། དང་པོ་རྟེན་བཅའ་བ་དང༌། ལྷ་བསྒོམ་ཞིང་བསྙེན་པ་བྱ་བ་དང༌། བླ་རྡོ་གཟུང་བ་དང༌། ཐུན་མཚམས་སུ་གཏོར་མ་འབུལ་བ་དང༌། ལས་ལ་སྦྱར་ཞིང་གསོལ་བ་གདབ་པ་དང་ལྔའོ། །རྟེན་བཅའ་བ་ནི། རོ་རས་སམ་ཤིན་ཤུན་ལ་གུ་གུལ་གྱི་དུད་པས་བདུགས་ལ། རས་འདུལ་བྱས་ལ་སྐྱ་རིས་ཀྱི་དུས་སུ། སྙིང་པོའི་སྔགས་མཚལ་དང༌། རང་བྱུང་གི་ཁྲག སིནྡྷུ་ར། ཙནྡན་དམར་པོ། གུ་གུལ་གྱིས་བྲིས་ལ་དེ་རྣམས་ཚོན་གསེབ་ཏུའང་གཏང་ངོ༌། །དེ་ནས་སྐུ་གསུམ་པོ་གཡས་སུ་ལྗང་གུ། དབུས་སུ་མཐིང་ག གཡོན་དུ་དམར་པོ། གསུམ་ག་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་ཐམས་ཅད་རིན་པོ་ཆེའི་དགྲ་སྟྭ་འཛིན་པ། གཡོན་ཐོད་པ་རིན་པོ་ཆེས་གང་བ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། རིན་པོ་ཆེ་དང་རུས་པའི་རྒྱན་དུ་མས་བརྒྱན་པ། སྐྲ་ལི་བ། ཞལ་འཛུམ་པ། ནུ་མ་འབུར་བ། ཤ་རྒྱས་པ། གཞོན་ནུའི་ཆ་ལུགས་ཅན། པདྨའི་གདན་ལ་བཞུགས་པ་བྲིས་ལ་རབ་གནས་བྱས་ཏེ། ཐོད་པ་ཁ་སྦྱར་བའམ་གའུར་བཅུག་ལ། སྒྲུབ་པའི་བར་ལ་རྟེན་དམ་པར་བཅའོ། །ལྷ་བསྒོམ་ཞིང་བསྙེན་པ་བྱ་བ་ནི། མཎྜལ་བྱི་དོར་བྱས་ལ། མེ་ཏོག་ཚོམ་བུ་ལྔའམ་དགུ་བཀྲམ་ལ་དེར་སྐུ་གསུམ་པོ་བཞུགས། མདུན་དུ་ཅི་འབྱོར་པའི་གཏོར་མ་ཤ་ཆང་རྒྱན་དང་བཅས་པ་བཤམས་ལ། རང་སྟན་བདེ་བ་ལ་འདུག་སྟེ། དང་པོར་བླ་མ་དཀོན་མཆོག་ལ་ཞེ་ཐག་པ་ནས་སྐྱབས་འགྲོ་བྱ། དེ་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ། དེའི་རྒྱགས་དང་མཐུན་རྐྱེན་བསྒྲུབ་པའི་ཕྱིར། མཁའ་འགྲོ་སྤུན་གསུམ་བསྒྲུབ་སྙམ་དུ་བསམ། བདག་དང་སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་དུཿཁ་

p. 331

བསལ་སྙམ་པ་དུང་པ་བྱ། དེ་ནས་རང་ཡི་དམ་དུ་བསྐྱེད། མདུན་དུ་གནོད་སྦྱིན་མོའི་ཙཀླི་བྲིས་པ་གསུམ་པོ་ཇི་ལྟ་བར་བསྐྱེད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལྷོ་ནུབ་ནས་གནོད་སྦྱིན་མ་གསུམ་རང་འདྲ་བའི་ཡེ་ཤེས་པ་བཀུག་ལ་བསྟིམ་དེ་གསུམ་བདག་གི་བཀའ་ཉན་པར་བསམ་ཞིང་སྔགས་བཟླའོ། །དེ་ཡང་གསུང་གི་མཁའ་འགྲོ་མ་དམར་མོས་ཟས་སྒྲུབ་སྟེ། ཨོཾ་ཨི་ལི་ཀི་ལི་སི་ལི་ཀི་ཀི་ལི་སྭཱ་ཧཱ། དེ་ལ་ཞག་བདུན་ནོ། །དེ་ནས་སྐུའི་མཁའ་འགྲོ་མ་ལྗང་གུས་གོས་སྒྲུབ་སྟེ། ཨོཾ་ཨ་ན་ལེ་ཀུཎྜ་ལི་གྲྀཧྞ་པིཎྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། དེ་ལ་ཞག་བདུན་ནོ། །དེ་ནས་ཐུགས་ཀྱི་ཌཱ་ཀི་མ་སྔོན་མོས་ནོར་སྒྲུབ་སྟེ། ཨོཾ་ན་མ་ཤུཀྵ་ཎ་བྷ་སུ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། དེ་ལ་ཞག་བདུན་ཏེ་ཞག་ཉེར་གཅིག་བསྙེན་པ་བྱས་པས་རྟགས་སུ་ཉམས་དང་རྨི་ལམ་དུ་བུད་མེད་མང་པོས་ཕྱག་དང་བཀུར་སྟི་བྱེད། ཟས་ནོར་སྟེར། གཏེར་རྙེད་པ་ལ་སོགས་པ་ཉམས་དང་རྨི་ལམ་དུ་འོང་ངོ༌། །བུད་མེད་ཀྱིས་འཐབ་པ་དང༌། ནོར་འཕྲོག་པ་རྨི་ན་བར་ཆད་འོང་བས། ཡི་དམ་གྱི་བཟླས་བསྒོམ་དང༌། དགེ་སྦྱོར་ལ་འབད་པར་བྱའོ། །བླ་རྡོ་གཟུང་བ་ནི། ཀརྵཱ་པ་ཎ་བུ་མ་གསུམ། མུ་ཏིག་གསུམ། བྱེ་རུ་གསུམ། སྐུ་གསུམ་དར་དམར་པོས་དྲིལ་ལ་རས་ཀྱི་ཁུག་མར་བཅུག་ལ་མཆན་ཁུང་གཡོན་དུ་གདགས་སོ། །ཐུན་མཚམས་སུ་གཏོར་མ་འབུལ་ཞིང་གསོལ་བ་གདབ་པ་ནི། ཆང་བུ་དང༌། ཤ་ཆང་དང༌། ཤིང་ཐོག་སྣ་ཚོགས་ཀྱིས་བརྒྱན་པའི་གཏོར་མ་གསུམ་མམ། ཡང་ན་ཆང་བུ་གསུམ་གྱིས་གཏོར་མ་གསུམ་ཞག་རེ་ལ་གསོས་པའང་རུང་སྟེ། དེ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། མཁའ་འགྲོ་མ་གསུམ་པོ་མདུན་དུ་བསམས་ལ། རང་རང་གི་སྔགས་གསུམ་པོའི་མཇུག་ཏུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་དབུལ། གནོད་སྦྱིན་ཤ་ཟ་མོ་ཁྱེད་རྣམས་ཀྱིས་བདག་གི་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བདག་ཆོས་སྒྲུབ་པའི་རྒྱགས་ཟས་གོས་

p. 332

དང་ནོར་འབྲུ་མང་པོ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་བསྟོད་པ་འདིས་བསྟོད་དོ། །ཧཱུྃ། དུར་ཁྲོད་ཤིང་དྲུང་ནགས་ཚལ་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟའི་མཁའ་འགྲོ་མ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་མཛད་པའི་དཔལ། །སྣ་ཚོགས་སྐུར་སྟོན་ཡིད་བཞིན་ནོར་འདྲའི་ལྷ། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང༌། །མི་ཟད་གཏེར་ལས་གྲུབ་པའི་བུམ་པ་འཛིན། །འདོད་ཡོན་ཅི་འདོད་འབྱུང་ལ་ཕྱག་འཚལ་བསྟོད། །ཇི་ལྟར་འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཅེས་བསྟོད་དོ། །ལས་ལ་སྦྱར་ཞིང་རྒྱུན་དུ་ཉམས་སུ་བླང་བ་ནི། ཟས་ཀྱི་དུས་སུ་ཟས་ཀྱི་རྣལ་འབྱོར་ཟིན་པ་དང༌། མདུན་དུ་ཀུཎྜ་ལི་འཁོར་བཅས་བསམ། དེའང་འདིར་ཕྱག་ན་རིན་པོ་ཆེའི་བུམ་པ་དང་ཡིད་བཞིན་གྱི་ནོར་བུ་བསྣམས་པ། བདག་ལ་དགེས་པས་ཞལ་སྐད་ཅིག་གིས་གཟིགས་པར་བསམ། ལྷག་མའི་ཆང་བུ་ལ་སྔགས་ནི། ན་མ་ཤུཀྵ་ལན་གསུམ་མམ་བདུན་བཟླས་ལ་བྱིན། དེས་ནོར་སྟེར་བར་བྱེད་དོ། །ཡང་ལྷག་མའི་ཆང་བུ་ལ་སྔགས། ཨ་ན་ལེ་ལན་གསུམ་མམ་བདུན་བསྔགས་ཏེ་བྱིན་ན་ཉི་མ་རེ་ལ་གོས་ཟུང་རེ་རྙེད་དོ། །དང་པོའི་ཆང་བུ་ལ། ཨི་ལི་ཀི་ལིའི་སྔགས་བདུན་བཟླས་ཏེ་བྱིན་ན་མ་བསླངས་པར་ཟས་གོས་རྙེད་པར་འགྱུར་རོ། །ནོར་དང་ཟས་གོས་ཀྱིས་མི་ཕོངས་ཤིང༌། དེ་དག་ཀྱང་ཆོས་ཀྱི་གྲོགས་སུ་འགྲོའོ། །དེ་ལྟར་གསོལ་བ་ཡང་ཡང་གདབ་བོ། །ཤ་ཟ་མོ་རིག་པ་འཛིན་པའི་རྒྱུད་དང༌། འབྱུང་པོ་འདུལ་བྱེད་ནས་བསྡུས་པ། གནོད་སྦྱིན་ཤ་ཟ་མོ་ཀུན་ནས་འཁྱིལ་པའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ལས། དོན་གྱི་འགྲེལ་པ་བླ་མ་རྡོ་རྗེ་གདན་པས་མཛད་པ་རྫོགས་སོ། །བ་རི་ལོ་ཙཱ་བས་བསྒྱུར་བའོ། །ཕྱིས་པ་ལོ་ཙཱ་བས་ཀྱང་བསྒྱུར་རོ། ༈ །བླ་མ་བ་རི་བ་རྒྱ་གར་ན་བཞུགས་དུས་ཤིན་ཏུ་བཀྲེས་པ་ན། བླ་མ་རྡོ་རྗེ་གདན་པས་མན་ངག་འདི་གནང་ངོ༌། །འདི་ལ་བསྙེན་པ་ཞག་ཉེར་གཅིག་བྱས་ན་ཟས་གོས་ནོར་གསུམ་ཚེགས་མེད་འོང་གསུངས།

p. 333

འདི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་སྟེ། གནས་རྡོ་རྗེ་གདན་གྱི་ལྷོ་ནུབ་དུར་ཁྲོད་ཤིང་དྲུང་དུ་གནས། འཇིག་རྟེན་ནོར་ཟས་ཀྱི་བདག་མོ་ཡིན། འདི་ལ་ཐེ་ཚོམ་མ་ཟ། བསྙེན་པ་ལ་སྔགས་གསུམ་པོ་དྲིལ་ལ་ཞག་ཉེར་གཅིག་བཟླ། ཡང་ན་ཟས་ལ་བདུན། གོས་ལ་བདུན། ནོར་ལ་བདུན་བསྒྲུབ། རྟགས་རྣམས་བྱུང་ནས་ལས་ལ་སྦྱོར་བ་ལ་ཆང་བུ་བྱིན། ཆང་བུ་གསུམ་པོ་དང་པོར་བྱས་ཀྱང་བཏུབ། ལྷག་མ་ལ་བྱས་ཀྱང་བཏུབ། བསྙེན་པའི་དུས་སུ་ཡེ་ཤེས་པ་དགུག་གཞུག་བྱའོ། །བདག་ལ་ཟས་གོས་ནོར་འབྲུའི་དངོས་གྲུབ་གནང་བར་གསོལ་བ་གདབ་བོ། །བླ་རྡོ་མི་མཐོང་བར་ལུས་ལ་བཅང་ངོ༌། །ཡོ་བྱད་བྱུང་བ་ལ་བདག་གི་འདོད་རློམས་མི་སྤྱད། དཀོན་མཆོག་ལ་མཆོད་པ་དང༌། སྡུག་ཕོངས་ལ་སྦྱིན་པ་དང༌། རང་ཆོས་སྒྲུབ་པའི་ཆོས་རྒྱགས་སུ་བྱའོ། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མན་ངག་འདི་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བ་ལ་གནང་བ། མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས་ཞེས་བྱ་བ་ཡིན་ཏེ་བླ་མ་བ་རི་བ་བོད་དུ་བྱོན་པའི་དུས་སུ་བླ་མ་རྡོ་རྗེ་གདན་པས་སྐྱེལ་ཐུང་མཛད་ནས་ད་བུ་ཁྱོད་བོད་དུ་འགྲོ་བ་ལ་བོད་ཁ་བ་ཅན་བྱ་བ་ཤིན་ཏུ་བཀྲེས་པ་ཡིན་པས་ངས་བཟའ་བཏུང་གིས་ཉོན་མི་མོངས་པའི་གདམས་པ་ཅིག་སྦྱིན་གྱིས་གསུངས་ནས་འདི་གནང་བ་ཡིན་ནོ། །འདི་ལ་གསུམ་སྟེ། ཆང་བུ་ལ་བརྟེན་ཏེ་སྒྲུབ་པ་དང༌། འཁོར་ལོ་ལ་བརྟེན་ཏེ་སྒྲུབ་པ་དང༌། རྒྱུན་དུ་ནར་མར་སྒྲུབ་པའོ། །དང་པོ་ནི། ཟས་ཀྱི་རྣལ་འབྱོར་བྱས་ཏེ་བླ་མ་དང་དཀོན་མཆོག་ལ་ལྷ་བཤོས་དབུལ། འགྲོ་དྲུག་ལ་གཏོར་མ་གཏང༌། དེ་ནས་མཁའ་འགྲོ་མ་གསུམ་ལ་དབུལ་ཏེ། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་པིཎྜ་ཡེ་སྭཱ་ཧཱ།«་་་་་ལྷ་མོ་དམར་མོ་ཕྱག་ན་ཟས་ཐོགས་པས་ཟས་ཐམས་ཅད་ཀྱི་ཆར་ཕབ་པར་བསམ། རང་ཡི་དམ་དུ་བསྒོམས་པའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཤ་ཟ་གསུམ་སྤྱན་དྲངས། ཤ་ཟ་གསུམ་གྱིས་གཏོར་མ་འདི་བཞེས་ནས། བདག་རྫོགས་པའི་སངས་རྒྱས་སྒྲུབ་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་སླད་དུ། ཟས་དང་ནོར་དང་གོས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་

p. 334

བོ།» །ཨོཾ་གྲྀཧྞ་པིཎྜ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ།«་་་་་ལྷ་མོ་སེར་མོ་ནོར་ཐོགས་པ།» ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ།«་་་་་ལྷ་མོ་སྔོན་མོ་གོས་ཐོགས་པ།» ཞེས་བྱ་བའི་སྔགས་གསུམ་པོ་དེ་ཆང་བུ་གསུམ་ལ་ལན་གསུམ་གསུམ་བཟླས་ལ་དབུལ་ལོ། །གཉིས་པ་ནི། འཁོར་ལོ་རྩིབས་བཞི་པ་ཅིག་གཡས་སྐོར་དུ་བྲིས་ལ། དེའི་རྩིབས་བཞི་ལ་གཡོན་སྐོར་དུ། ཨོཾ་ཨཾ་པ་ཀཾ་པ་ཞི་པ་ཨ། ཨོཾ་མ་པེ་ལ་དུམ་པ་ཞི་སྭཱ་ཧཱ། ལྟེ་བ་ལ་གང་དམིགས་པའི་མིང་རུས་བྲིས་ལ་དབང་དུ་བསྡུའོ། །ཆེ་གེ་མོ་བདག་གི་དབང་དུ་སྡུས་ཤིག་ཅེས་བྲིའོ། །མུ་ཁྱུད་ལ་གོང་གི་སྔགས་དང་མི་དང་མི་མ་ཡིན་པ་ཐམས་ཅད་བདག་གི་དབང་དུ་འདུ་བར་གྱུར་ཅིག ཅེས་པའི་འཁོར་ལོ་མཚལ་གྱིས་བྲིའོ། །གལ་ཏེ་དབང་དུ་མ་འདུས་ནའང་སྔགས་གཉིས་བསྐྱར། འཁོར་ལོ་བསྒྲུབ་བྱའི་ཐེམ་པའི་འོག་ལ་སོགས་པར་གདགས་ཏེ་དེས་མི་འདུ་མི་སྲིད་དོ། །དེ་ནས་འཁོར་ལོ་མདུན་དུ་བཞག་ལ་ཞག་གསུམ་སྔགས་ཁྲི་ཚོ་གཅིག་བཟླས་ལ་རང་གི་གོང་བ་གཡས་པ་ལ་བཙེམ་མོ། །དེས་མི་དབང་དུ་འདུས་ཏེ་སྦྱིན་བདག་ཏུ་འགྱུར་རོ། །གསུམ་པ་ནི། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་ནེ་དུ་ཁ་ཐན་སྭཱ་ཧཱ། ཞེས་པའི་སྔགས་འདི་སྲོད་ལ་བཞི་བརྒྱ་ཙམ་རེ་མ་ཆག་པར་བཟླས་ན་ཟས་ནོར་གྱི་དངོས་གྲུབ་འབྱུང་ཞིང་མི་ཐམས་ཅད་བདག་ལ་བྱམས་པར་འགྱུར་རོ། །བླ་མ་རྡོ་རྗེ་གདན་པའི་གདམས་ངག བ་རི་ལོ་ཙཱ་བའི་ཐུགས་དམ་མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས་ས་མ༌། ༈ །ན་མོ་གུ་རུ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བ་བོད་དུ་གཤེགས་ཀར་ཟས་ནོར་འཚོ་བའི་ཆ་རྐྱེན་དུ་འདི་བསྐུར་རོ། །དེ་ལ་ཆང་བུ་གསུམ་བཅད་དེ། ཆང་བུ་དང་པོ་ལ་སྔགས་འདིས་ལན་བདུན་མངོན་པར་བསྔགས་ནས་ནོར་ཕྱུགས་འབྱུང་བར་གསོལ་བ་གདབ་བོ། །ཨོཾ་ཨི་ལི་ཀི་ལི་སི་ལི་ཀི་ཀི་ལི་སྭཱ་ཧཱ། ཆང་བུ་བར་པ་ལ་སྔགས་འདིས་ལན་བདུན་མངོན་པར་བསྔགས་

p. 335

ཏེ་གོས་ཀྱི་གསོལ་བ་གདབ་བོ། །ཨོཾ་ཨ་ན་ལེ་ཀུཎྜ་ལི་གྲྀཧྞ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཆང་བུ་ཐ་མ་ལ་སྔགས་འདིས་ལན་བདུན་མངོན་པར་བསྔགས་ཏེ་ཟས་ནོར་འབྱུང་བར་གསོལ་བ་གདབ་བོ། །ཨོཾ་ན་མཿཤུཀྵ་ཎ་བ་སུ་མུ་ཁཾ་པི་ཤ་ཙི་ན་ཡེ་སྭཱ་ཧཱ། དེའི་རྗེས་ཚིག་འདི་སྐད་ཅེས་བརྗོད། ཧཱུྃ། མཁའ་འགྲོ་ཆེན་མོ་ཁྱེད་གསུམ་ལ། །མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །ཟས་ནོར་གོས་ཀྱིས་མི་ཕོངས་ཤིང༌། །ཆོས་ཀྱི་གྲོགས་སུ་འགྱུར་བར་མཛོད། །བདག་ལ་སྐལ་པ་མེད་མོད་ཀྱང༌། །ལོག་འཚོ་མེད་པར་མཛད་དུ་གསོལ། །ཅེས་བརྗོད་གཏོར་མ་ས་གཙང་སར་གཏོང་བར་བྱའོ། །ཆང་བུ་གསུམ་གྱི་གཏོར་མ་རྟག་ཏུ་བྱ། སྔགས་གསུམ་ག་དྲིལ་བ་རབ་ཞག་ཉེར་གཅིག འབྲིང་བརྒྱད། ཐ་མ་གསུམ་དུ་བསྙེན་པ་བྱའོ། །བུད་མེད་མཛེས་མས་བདག་ལ་ཟས་ནོར་ལོངས་སྤྱོད་སྟེར་བ་རྨིས་ན་འགྲུབ་པའི་རྟགས་ཡིན། དེ་ལ་རང་སྐད་ཅིག་གིས་གནོད་སྦྱིན་མོ་ཀུཎྜ་ལི་སྐུ་མདོག་མཐིང་ག་སྤྱན་གསུམ་དམར་བ་ཞག་གཅིག་ཕྱག་གཉིས་ཀྱི་བར་ན་རིན་པོ་ཆེ་བསྣམས་པ་བསྒོམ་མོ། །འདུལ་འཛིན་སེར་པོ་ལ་བ་རི་ལོ་ཙཱ་བས་གནང༌། དེས་ས་སྐྱ་པ་ལ་གནང༌། བླ་མ་རྡོ་རྗེ་གདན་པའི་གདམས་པ་རྫོགས་སོ། ༈ །དབྱུ་གུ་མ་སྤུན་གསུམ་ཁ་དོག་སྔོ་སངས་དར་དཀར་གྱིས་སྨད་གཡོགས་ཤིང༌། དར་ཟབ་ཀྱིས་སྟོད་གཡོགས་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་ན་བུམ་པ་རིན་པོ་ཆེ་སྐྱུགས་པ་འཛིན་པ། གཡོན་ནོར་བུ་འབར་བ་བསྣམས་པས་ཡར་སངས་རྒྱས་ལ་མཆོད་པ། མར་སེམས་ཅན་ལ་སྦྱིན་པ་གཏོང་བ་ཡིན་ཏེ། ལྷ་མོ་གསུམ་སངས་རྒྱས་ཀྱི་ཕྱག་གཡས་པའི་མཐེའུ་ཆུང་གི་མེ་ཏོག་མཉྫུ་ཤཱི་ཀའི་ཁོག་པ་ཁ་ཕྱེ་བ་ནས་བྱུང་ངོ༌། །ཆང་བུ་ལ་བརྟེན་ནས་རྒྱུན་དུ་ཚོགས་བསགས་པས་འཆི་བ་བསླུ་བའི་མཆོག་ཀྱང་ཡིན་གསུངས་སོ། །ཟས་གོས་ནོར་

p. 336

གསུམ་བཙལ་སླ་བ་ཡིན་ནོ། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དབྱུ་གུ་སྤུན་གསུམ་གྱི་མན་ངག་འདི་བླ་མ་རྡོ་རྗེ་གདན་པས་བ་རི་ལོ་ཙཱ་བ་ལ་བུ་ཁྱོད་བོད་དུ་འགྲོ་བ་ལ་འཚོ་བའི་བར་ཆད་འོང་ཉན་ཡོད་པས་མན་ངག་འདི་ཁྱེད་ལ་བོད་དུ་སྒྲུབ་པ་པོ་ལྟོ་གོས་ལ་གྱོང་བསྐུར་བ་རྣམས་ལ་སྤེལ་ཅིག འདི་སངས་རྒྱས་ཀྱིས་གསུངས་པ་ཡིན་པས་ཤིན་ཏུ་ཟབ་གསུངས་ནས་སྤུན་གསུམ་གྱི་སྒྲུབ་ཐབས་འདི་གནང་ངོ༌། །འདི་ལ་གཉིས་ཏེ། རྟེན་བཅའ་བ་དང༌། གཏོར་མ་གཏང་བའོ། །རྟེན་བཅའ་བ་ནི་རྒྱའི་པགས་པ་ལ་བྱི་བའི་ཁ་ནས་རིན་པོ་ཆེ་སྐྱུགས་པ་མདུན་སྤྲད་བྲིས་ལ། ཕྱེ་འཕེལ་བར་འདོད་ན་དཀར་པོ་བྲིས་ལ་ཕྱེ་སྣོད་དུ་གཞུག ནས་དང་གོས་ལ་སེར་པོ་བྱས་ལ་བང་བའམ་གོས་གསེབ་ཏུ་གཞུག་གོ །ཤ་ལ་དམར་པོ། ཕྱུགས་ལ་ནག་པོ་བྱས་ལ་ཕྱུགས་རྭར་སྦའོ། །གཉིས་པ་གཏོར་མ་ནི་སྣོད་གཙང་མར་ཆང་བུ་གསུམ་བཅུག་ལ་རང་རང་གི་སྔགས་ཀྱིས་དབུལ་ལོ། །དེ་ལྟར་བྱས་ན་དབྱུ་གུ་སྤུན་གསུམ་གྱིས་ཕུན་སུམ་ཚོགས་པར་བྱེད་དོ། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྡོ་རྗེ་གདན་པས་བླ་མ་བ་རི་ལོ་ཙཱ་བ་ལ་གནང་བའི་གདམས་པ། མཁའ་འགྲོ་མ་སྤུན་གསུམ་ཞེས་ཀྱང་བྱ། ནོར་སྐྱེད་མ། ཟས་སྐྱེད་མ། གོས་སྐྱེད་མ་ཞེས་ཀྱང་བྱ། སྤྱིར་ཡང་གཏམ་སྙན་དང་ལུང་སྟོན་པར་འགྱུར་བའི་སྔགས་ནི་འདི་ཉིད་དོ། །ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་བྷནྡྷ་ཡེ་སྭཱ་ཧཱ། ཨོཾ་གྲྀཧྞ་བྷནྡྷ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་ཆང་བུ་དབུལ། འདོད་དོན་ལ་གསོལ་བ་གདབ། སེམས་ཅན་རྒྱའི་པགས་པ་ལ་བྱི་བའི་ཁ་ནས་རིན་པོ་ཆེ་སྐྱུགས་པའི་གཟུགས་བྲིས་པའི་ནང་དུ་སྤོས་ལྔ་དང༌། རིན་པོ་ཆེ་ལྔ། འབྲུ་ལྔ། སྨན་ལྔ། སྙིང་པོ་ལྔ་ལ་སོགས་པ་བླུགས་ལ་ནོར་དང་ཟས་གོས་ཀྱི་དངོས་གྲུབ་གང་འདོད་པའི་མིང་བྲིས་ལ་བཅུག དར་དམར་རམ། རས་སམ། དེ་གཉིས་གང་རུང་གིས་གཏུམ་ལ་

p. 337

མཛོད་ཕུགས་སུ་སྦའོ། །དེ་རྟེན་ཡིན་ནོ། །ཤ་ཆང་ལ་སོགས་རང་གང་ཟ་བའི་ཕུད་ཀྱིས་དེ་མཆོད། གཏོར་མ་གཏང༌། རྟག་ཏུ་སྔགས་བཟླ། འབྲུ་དང་ཕྱེ་འཕེལ་བར་འདོད་ན་བྱི་ལ་དཀར་པོ་བྱ། ཆང་དང་ཟས་ནོར་འཕེལ་བར་འདོད་ན་བྱི་ལ་དམར་པོ་བྱ། ནོར་དང་ཡོ་བྱད་འཕེལ་བར་འདོད་ན་སེར་པོ་བྱ། ཕྱུགས་འཕེལ་བར་འདོད་ན་ནག་པོ་བྱ། མི་དང་གོ་ཆ་འཕེལ་བར་འདོད་ན་བྱི་ལ་སྔོན་པོ་བྱ་སྟེ། མ་ཆག་པར་གསང་ལ་བསྒྲུབ་བོ། །མཁའ་འགྲོ་མ་སྤུན་གསུམ་གྱི་བླ་རྡོ་བཅའ་བའི་མན་ངག་ལ། མཁའ་འགྲོ་སེར་མོ་ཟས་ཀྱི་གཞོང་པ་ཐོགས་པ། དམར་མོ་རིན་པོ་ཆེ་འབར་བ་ཐོགས་པ། སྔོན་མོ་ལྷའི་ན་བཟའ་པཉྩ་ལི་ཀ་ཐོགས་པ། གཅེར་བུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་ལྟ་བུའི་ཙཀླི་ཆུང་ཆུང་རེ་བྲིས་ལ། འགྲོན་བུ་ཕྱེད་མ་རེ་དང་བསྡེབས་ལ་དྲིལ་གཏེར་གྱིས་དྲིལ། ཞིང་ལྤགས་ཀྱི་ཁུག་མར་བཅུག་ལ་མཆན་ཁུང་གཡོན་ཏུ་བཅུག་གོ །དེས་ནི་ལུས་དང་གྲིབ་མ་བཞིན་དུ་འོང་ངོ༌། །ཟབ་ཏིག་སྙིང་གི་གདམས་པ༌། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས་ཞེས་བྱ་བ་འདི་བླ་མ་བ་རི་ལོ་ཙཱ་བས་རྒྱ་གར་ནས་བོད་དུ་བྱོན་པའི་དུས་སུ་བླ་མ་རྡོ་རྗེ་གདན་པས་སྐྱེལ་ཐུང་མཛད་ནས་བུ་ཁྱོད་བོད་དུ་འགྲོ་བ་ལ། བོད་ཁ་བ་ཅན་དེ་ཤིན་ཏུ་བཀྲེས་པ་ཡིན་པས་ངས་བཟའ་བཏུང་གིས་ཉོན་མི་མོངས་པའི་གདམས་པ་ཅིག་སྦྱིན་གྱི། ཆོས་སྒྲུབ་པ་པོ་ལྟོ་གོས་ལ་གྱོང་བསྐུར་བ་གཞན་ལའང་བྱིན་ཅིག་གསུངས། འདི་ནི་སངས་རྒྱས་ཉིད་ཀྱིས་གསུངས་པ་ཡིན་པས་ཤིན་ཏུ་ཟབ་གསུངས་ནས་དབྱུ་གུ་མ་སྤུན་གསུམ་གྱི་སྒྲུབ་ཐབས་འདི་གནང་ངོ༌། །འདི་ལ་བྱུང་ཁུངས་དང༌། རྟེན་བཅའ་ཐབས་དང༌། གཏོར་མ་གཏང་ཐབས་དང་གསུམ་མོ། །དང་པོ་ནི། དབྱུ་གུ་མ་སྤུན་གསུམ་འདི་སྐུ་མདོག་སྔོ་སངས་དར་དཀར་གྱིས་སྨད་གཡོགས་པ། ཟབ་ཆེན་གྱིས་སྟོད་གཡོགས་པ།

p. 338

རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་པས་རིན་པོ་ཆེ་བུམ་པ་རིན་པོ་ཆེ་སྐྱུགས་པ་ཐུགས་ཀར་འཛིན་པ། གཡོན་པས་ནོར་བུ་རིན་པོ་ཆེ་འབར་བ་བསྣམས་པས་ཡར་སངས་རྒྱས་མཆོད་ཅིང༌། མར་སེམས་ཅན་ལ་སྦྱིན་པ་གཏོང་བའོ། །ལྷ་མོ་འདི་གསུམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱག་གཡས་པའི་མཐེའུ་ཆུང་གི་མེ་ཏོག་མཉྫུ་ཤཱི་ཀ་ཁ་བྱེ་བའི་ནང་ནས་བྱུང་ངོ༌། །ཆང་བུ་ལ་བརྟེན་ནས་རྒྱུན་དུ་ཚོགས་བསགས་པས་འཆི་བ་བསླུ་བའི་མཆོག་ཡིན་ནོ། །རྒྱུན་དུ་མཆོད་པས་ཟས་གོས་ནོར་གསུམ་མ་བཙལ་ཀྱང་རྙེད་པ་ཡིན་གསུངས་སོ། །གཉིས་པ་རྟེན་བཅའ་ཐབས་ནི། རྒྱའི་པགས་པ་ལ་བྱི་བའི་ཁ་ནས་རིན་པོ་ཆེ་སྐྱུགས་པ་མདུན་སྤྲད་པ་བྲིས་ལ་ཕྱེ་འཕེལ་བར་འདོད་ན་དཀར་པོ་བྱས་ལ་ཕྱེའི་ནང་དུ་གཞུག ནས་དང་གོས་ལ་སེར་པོ། ཤ་ལ་དམར་པོ། ཕྱུགས་ལ་ནག་པོ་བྱས་ལ་ཕྱུགས་རྭར་སྦའོ། །གསུམ་པ་གཏོར་མ་གཏོང་བ་ནི། སྣོད་གཙང་མ་གཅིག་ཏུ་ཆང་བུ་གསུམ་བཞག་ལ་ཁ་ཟས་ཀྱི་རྣལ་འབྱོར་བསམས་ལ། བླ་མ་དང་དཀོན་མཆོག་ལ་བཤོས་དབུལ། དེ་ནས་མཁའ་འགྲོ་མ་རྣམས་ལ་ཆང་བུ་ཕུལ་ཏེ། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་བྷནྡྷ་ཡེ་སྭཱ་ཧཱ།«་་་་་ལྷ་མོ་སྔོན་མོ་ནོར་ཐོགས་པ་མདུན་དུ་བསམ།» ཨོཾ་གྲྀཧྞ་བྷནྡྷ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ།«་་་་་མཁའ་འགྲོ་མ་དམར་མོ་ཕྱག་ན་ཟས་ནོར་དཔག་ཏུ་མེད་པ་ཐོགས་ནས་རང་ལ་དགོས་འདོད་ཀྱི་ཆར་འབེབས་པར་བསྒོམ།» ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ།«་་་་་ལྷ་མོ་སེར་མོ་གོས་ཐོགས་པ་མདུན་དུ་བསམ།» རེ་རེའི་མཐར་ཆོས་སྒྲུབ་པ་ལ་ལོངས་སྤྱོད་གང་གིས་ཀྱང་ཕོངས་པ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་སྔགས་དེ་ཆང་བུ་རེ་རེ་ལ་ལན་གསུམ་གསུམ་བཟླས་ཏེ་ཕུལ་ན། དབྱུ་གུ་མ་སྤུན་གསུམ་གྱིས་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པར་བྱེད་དོ། ༈ །འཁོར་ལོ་ལ་བརྟེན་ནས་སྒྲུབ་པ་ནི། འཁོར་ལོ་རྩིབས་བཞི་པ་ཅིག་བྱས་ལ། དེའི་རྩིབས་བཞི་ལ། ཨོཾ་ཨ་པ་ཀཾ་པ་ཞི་པ་ཨ།

p. 339

ཨོཾ་མ་པེ་ལ་དུམ་པ་ཞི་སྭཱ་ཧཱ། ཞེས་པ་གཡོན་སྐོར་དུ་བྲི། ལྟེ་བ་ལ་གང་འདོད་པའི་མིང་རུས་བྲིས་ལ་དབང་དུ་སྡུས་ཤིག་ཅེས་པ་བྲི། མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་དང་རྡོ་རྭ་མེ་རི་བྲིའོ། །དེ་ནས་འཁོར་ལོ་མདུན་དུ་བཞག་ལ་ཞག་གསུམ་འཁོར་ལོའི་སྔགས་ཁྲི་ཚོ་གཅིག་བསྙེན་པ་བྱས། དེ་ནས་རང་གི་མཐང་ག་གཡས་པ་ལ་བཙེམ་མོ།«་་་་་མངོན་ཆུང་ན་ཟབ།» དེས་མི་རྣམས་དབང་དུ་འདུས་ནས་སྦྱིན་བདག་ཏུ་འགྱུར་རོ། །དུས་རྒྱུན་དུ་ཡི་དམ་དུ་བྱ་བ་ནི། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཞེས་པའི་སྔགས་འདི་སྲོད་ལ་བརྒྱ་ཙམ་རེ་མ་ཆག་པར་བཟླས་ན་ཟས་ནོར་གྱི་དངོས་གྲུབ་ཐམས་ཅད་འབྱུང་ཞིང་མི་ཐམས་ཅད་བདག་ལ་བྱམས་པར་འགྱུར་རོ། །བླ་མ་རྡོ་རྗེ་གདན་པའི་མན་ངག་བ་རི་ལོ་ཙཱ་བའི་ཐུགས་དམ་མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས་མ་ཞེས་བྱ་བ་རྫོགས་སོ། །ཐུན་མོང་མ་ཡིན་པའོ། ༈ །རྣལ་འབྱོར་པ་གང་ཞིག་ཟས་དང་གོས་དང་ནོར་གྱི་ལོངས་སྤྱོད་རྒྱས་པར་འདོད་པས་མཁའ་འགྲོ་མ་སྤུན་གསུམ་གྱི་སྒྲུབ་པ་བྱ་བ་ནི། རིན་པོ་ཆེའི་སྣོད་དུ་ཅི་འབྱོར་པས་བ་ལིཾ་བཅས་ལ། ཅི་ཟའི་ཕུད་ཀྱིས་དེ་མཆོད་ཅིང༌། རང་ཡི་དམ་དུ་བསྒོམས་པའི་མདུན་དུ་ལྷ་མོ་དམར་མོ་ཕྱག་ན་ཟས་སྣོད་ཐོགས་པས་ཟས་ཀྱི་ཆར་དང༌། ལྷ་མོ་སེར་མོ་ཕྱག་ན་གོས་ཐོགས་པས་གོས་ཀྱི་ཆར་དང༌། ལྷ་མོ་སྔོན་མོའི་ཕྱག་ན་ནོར་ཐོགས་པས་ནོར་ཐམས་ཅད་ཀྱི་ཆར་འབེབས་པར་བསམས་ལ། རིམ་པ་བཞིན་བ་ལིཾ་ཕུལ་ནས་ལྷ་མོ་གསུམ་མཆོད་པས་མཉེས་ནས་བདག་ལ་ཅི་འདོད་པའི་ཟས་གོས་ནོར་གསུམ་ལ་སོགས་པའི་ཆར་དབབ་པར་བསམ་མོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། ཤ་ཟ་མཁའ་འགྲོ་མཆེད་གསུམ་གྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འགྲོ་ཀུན་ཕྱིར། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །སྦྱིན་པའི་ཕ་རོལ་ཕྱིན་པ་ནི། །ཡོངས་སུ་རྫོགས་པར་བགྱི་སླད་དུ། །སྐྱེ་བ་འདི་

p. 340

དང་གཞན་དག་ཏུ། །ཟས་གོས་ནོར་གྱིས་མི་ཕོངས་ཤིང༌། །ཆོས་སྤྱོད་སྒྲུབ་པ་འཕེལ་བར་མཛོད། །ཅེས་གསོལ་བ་གདབ། དེ་ལྟར་གཏོར་མ་ཟླ་བ་གཅིག་གི་བར་དུ་དུས་གསུམ་དུ་བྱའོ། །དེ་ནས་དུས་བཟང་པོ་དང་གནས་སྐབས་ཀུན་ཏུ་བྱའོ། །སྔ་དྲོ་ཕྱི་དྲོ་གུང་ལ་བྱའོ། །མཁའ་འགྲོ་མའི་དངོས་གྲུབ་ལག་བཅངས་མ་རྫོགས་སོ། ༈ །ཧཱུྃ། ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཕྱག་གཡས་མཐེའུ་ཆུང་ལས་སྐྱེས་པའི། །མེ་ཏོག་མཉྫུ་ཤཱི་ཀའི་དབུས། །ལེགས་འཁྲུངས་ལྷ་མོ་མཆེད་གསུམ་ནི། །སྐུ་མདོག་སྔོ་སངས་འཛུམ་པའི་ཞལ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །ཕྱག་གཡོན་ཡིད་བཞིན་ནོར་བུ་འཛིན། །སྐུ་ལ་ཟ་འོག་སྟོད་གཡོགས་དང༌། །དར་དཀར་སྨད་གཡོགས་མཛེས་པར་གསོལ། །ཞི་རྒྱས་ལ་སོགས་ལས་མཛད་པའི། །ལྷ་མོ་མཆེད་གསུམ་ཕྱག་འཚལ་བསྟོད། །དཀོན་མཆོག་མཆོད་པའི་ལས་མཛད་ཅིང༌། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །དབུལ་ཕོངས་སྡུག་བསྔལ་སེལ་མཛད་པའི། །ལྷ་མོ་མཆེད་གསུམ་ཕྱག་འཚལ་བསྟོད། །བདག་གིས་གུས་པས་བཤམས་པ་ཡི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །ཟས་གོས་ནོར་གྱི་ལོངས་སྤྱོད་རྣམས། །ཆོས་དང་མཐུན་པར་སྩལ་དུ་གསོལ། །དགོས་འདོད་ཆར་བཞིན་དབབ་ཏུ་གསོལ། །དབུལ་ཕོངས་སྡུག་བསྔལ་བསལ་དུ་གསོལ། །སྐྱེ་བ་འདི་དང་གཞན་དག་ཏུ། །རྟག་ཏུ་ཐུགས་རྗེས་གཟུང་དུ་གསོལ། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །རྒྱལ་བློན་བཙུན་མོ་འཁོར་འབངས་དང༌། །ཁ་རྗེ་དབང་ཐང་ཟས་ནོར་བཅས། །ཇི་སྙེད་མ་ལུས་ཐམས་ཅད་ནི། །བདག་གི་དབང་དུ་བསྡུས་ནས་ནི། །ཚེ་དང་བསོད་ནམས་ལོངས་སྤྱོད་སོགས། །ཟླ་བ་ཡར་གྱི་ངོ་བཞིན་དུ། །གོང་ནས་

p. 341

གོང་དུ་འཕེལ་བར་མཛོད། །ཅེས་བསྟོད་ཅིང་འདོད་དོན་གསོལ། ཐུན་གྱི་མགོ་མཇུག་གི་སྐབས་སུ་ལྷ་མོ་དམར་མོ་དང་སེར་མོ་དང་སྔོན་མོས་རིམ་པ་ལྟར་ཟས་དང༌།«་་་་་དམར་མོ།» གོས་དང༌།«་་་་་སེར་མོ།» ནོར་རྫས་ཐོགས་པ་«་་་་་སྔོན་མོ།» དཔག་ཏུ་མེད་པ་སྤྲོས་པའི་ཕྱག་གི་ལྕགས་ཀྱུས་ཕོ་རིགས་ཀྱི་སྙིང་དཀར་ནག་མཚམས་སུ་དང༌། མོ་རིགས་ཐམས་ཅད་ཀྱི་པདྨའི་ཟེའུ་འབྲུའི་རྩ་ནས་བཟུང་བ་དང༌། དེ་དག་གི་ཁ་རྗེ་དང་དབང་ཐང་དང་ཟས་གོས་ལ་སོགས་པའི་ལོངས་སྤྱོད་མཁོ་རྒུ་རྣམས་བདག་གི་དབང་དུ་བསྡུས་ནས་རང་གི་ལུས་དང་གནས་ཁང་བང་མཛོད་དང་བཅས་པ་ལ་ཐིམ་པར་བསམ་མོ། །དེ་ལྟར་བསྒྲུབས་པ་ལ་བརྟེན་ནས་ཟས་གོས་ནོར་ལ་སོགས་པའི་དངོས་གྲུབ་ཅི་བྱུང་ཐམས་ཅད་བླ་མ་དཀོན་མཆོག་ལ་མཆོད་པ་དང༌། སེམས་ཅན་ལ་སྦྱིན་པ་གཏོང་བ་དང༌། བདག་གིས་དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་འབྱུང་བའི་ཆེད་དུ་སྤྱད། དེ་ལྟར་ལག་ལེན་དུ་ཐེབས་པར་བྱའོ་སྙམ་པ་ནི་མྱུར་དུ་འགྲུབ་པའི་ཞལ་གྱི་གདམས་པ་མཆོག་ཏུ་གྱུར་པའོ། ༈ །ན་མོ་གུ་རུ་ཝེ། འཇིག་རྟེན་འདྲེན་པའི་ཕྱག་གི་ལྷུང་བཟེད་དབུས། །མཉྫུ་ཤཱི་ཀའི་མཚོ་སྐྱེས་ལས་ཐོན་པའི། །སྔོ་དམར་སེར་བའི་ཡིད་འོང་ལྷ་མོ་གསུམ། །ལེགས་པར་བསྟོད་ནས་དེ་ཡི་མན་ངག་བཤད། །འདིར་ཕྲིན་ལས་ཆེན་མོ་ཤ་ཟ་མ་སྤུན་གསུམ་གྱི་མན་ངག་བྲི་བ་ལ། དོན་རྣམ་པ་བཞི་སྟེ། ལོ་རྒྱུས་བརྒྱུད་པའི་རིམ་པ་དང༌། རྟེན་བཅའ་ཞིང་བླ་རྡོ་གཟུང་བ་དང༌། བསྙེན་པ་བྱ་ཞིང་གཏོར་མ་གཏོང་བ་དང༌། ལས་ལ་སྦྱར་ཞིང་ལས་སྣ་ཚོགས་སྟོན་པའོ། །དང་པོ་ལོ་རྒྱུས་ནི། བཅོམ་ལྡན་འདས་རྡོ་རྗེ་གདན་དུ་འཁོར་རྣམ་པ་བཞི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། ཁྱིམ་བདག་ཞིག་གིས་གདུགས་ཚོད་ལ་སྤྱན་དྲངས་པ་ན། བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་དབུས་སུ། མེ་ཏོག་མཉྫུ་ཤཱི་ཀའི་སྡོང་པོ་གཅིག་གི་དབུས་སུ་ལྷ་མོ་སྐུ་མདོག་སྔོན་

p. 342

མོ་ལོ་བརྒྱད་པའི་རྣམ་པ་ཅན་གསུམ་བྱུང་སྟེ་སྒྲུབ་པ་པོ་རྣམས་ཀྱི་དབུལ་བ་སེལ་བར་ཁས་བླངས་ཏེ། བཅོམ་ལྡན་འདས་ཀྱིས་སྒྲུབ་པ་བྱེད་པའི་རྒྱགས་སྐྱེལ་བར་བྱིན་གྱིས་བརླབས་སོ། །བརྒྱུད་པའི་རིམ་པ་ནི། དེ་ལྟར་ལྷ་མོ་སྤུན་གསུམ་གྱི་སྒྲུབ་ཐབས་འདི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ནས་ཉམས་སུ་བླངས། དེས་སངས་རྒྱས་ཡེ་ཤེས། དེས་ཁ་ཆེ་རིན་ཆེན་རྡོ་རྗེ། དེས་རྡོ་རྗེ་གདན་པ་ཆེ་བ། དེ་ལ་བ་རི་ལོ་ཙཱ་བས་ཞུས། བླ་མ་བ་རི་ལོ་ཙཱ་བ་བོད་དུ་འབྱོན་ཁར་རྡོ་རྗེ་གདན་པ་མཇལ་དུ་ཕྱིན། ཕྱག་ཕུལ་བས་བླ་མ་རྡོ་རྗེ་གདན་པའི་ཞལ་ནས། བ་རི་ལོ་ཙཱ་བ་ཁྱོད་བོད་དུ་འབྱོན་པ་ལ། ཁྱེད་བོད་འབྱོར་པ་ཆུང་ཞིང་སྙིང་རུས་ཆུང་བར་འདུག་པས་ངས་བསྒྲུབ་མི་དགོས་པའི་ཚེགས་ཆུང་ལ་དོན་ཆེ་བའི་གདམས་པ་ཅིག་སྦྱིན་གྱི་འདི་ཁྱོད་ཀྱི་ལམ་རྒྱགས་གྱིས་ཤིག སྒྲུབ་པ་པོ་རི་ཁྲོད་འགྲིམ་པ་དཀའ་ཐུབ་ཀྱིས་དུབ་པ་འབྱོར་པ་ཆུང་བ་རྣམས་ལ་རྒྱ་ཆེར་སྤེལ་ཅིག འདི་ནི་ཟབ་མོ་ཡིན་པས་བྱིན་རླབས་མྱུར་ཏེ་ལག་ཏུ་བླང་མ་ཁད་ཀྱི་དངོས་གྲུབ་འབྱུང་བ་ཡིན་ནོ། །ཆང་བུ་ལྟོ་ཟ་ཁ་དེ་ལ་ཕུལ་བས་རྣལ་འབྱོར་པ་འཚོ་བས་ཕོངས་པ་མི་སྲིད་གསུངས་ནས་གནང་ངོ༌། །དེ་ནས་བླ་མ་བ་རི་བས་ས་སྐྱ་པ་ཆེན་པོ། དེས་སློབ་དཔོན་རིན་པོ་ཆེ། དེས་རྗེ་བཙུན་རིན་པོ་ཆེ། དེས་ས་སྐྱ་པཎྜི་ཏ། དེས་འཕགས་པ་རིན་པོ་ཆེ། དེས་ཞང་དཀོན་མཆོག་དཔལ། དེས་བྲག་ཕུག་པ། དེས་དྲུང་ཆོས་རྗེ་བསོད་ནམས་རྒྱལ་མཚན། དེས་ཡར་ཀླུང་པ་སེང་གེ་རྒྱལ་མཚན། དེས་མཁན་ཆེན་བསོད་ནམས་རྒྱལ་མཆོག་གོ། ༈ །གཉིས་པ་རྟེན་བཅའ་ཐབས་ནི། དར་རམ་རས་ཀྱི་གཞི་དྲི་མ་མེད་པ་གང་ཡང་རུང་བ་ལ་དབྱུ་གུ་མ་སྤུན་གསུམ་གྱི་སྐུ་བྲི་བར་བྱ་སྟེ། མེ་ཏོག་མཉྫུ་ཤཱི་ཀའི་སྟེང་དུ་ལྷ་མོ་སྤུན་གསུམ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གཏེར་གྱི་བུམ་པ་འཕྱར་ཐབས་སུ་བསྣམས་པ། གཡོན་ནོར་བུ་འབར་བ་ཐུགས་ཀར་འཛིན་པ།

p. 343

རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཟབ་ཆེན་གྱི་སྟོད་གཡོགས་དང༌། དར་དཀར་གྱི་སྨད་གཡོགས་གསོལ་བ། ཞབས་གཉིས་མེ་ཏོག་གི་སྟེང་ན་ལྡེམ་ཚུལ་དུ་བཞེངས་པ་གསུམ་བྲིའོ། །དེ་མཎྜལ་པདྨ་འདབ་མ་བཞི་པའི་སྟེང་དུ་བཙུགས་ལ། མཆོད་པ་ལྔ་དང་ཆང་བུ་གསུམ་གྱི་གཏོར་མ་བཤམ། བྲིས་སྐུ་གསུམ་གྱི་རྒྱབ་ཏུ་རང་གི་མིང་དང༌། ལྷ་མོ་གསུམ་གྱི་སྔགས་བྲིའོ། །འཁོར་ལོ་བྲི་རྫས་ནི། གུར་གུམ། གིའུ་ཝང༌། མཚལ། རྒྱ་སྐག པདྨ་རཀྟ་རྣམས་བསྲེས་ལ་བྱའོ། །བླ་རྡོ་གཟུང་བ་ནི། འགྲོན་བུ་བུ་ཅན་གསུམ་གྱི་ནང་དུ་ལྷ་མོ་གསུམ་གྱི་སྔགས་བྲིས་ལ་བཅུག དེ་སྐུ་གསུམ་བྲིས་ལ་དྲིལ། དེ་དར་དམར་པོས་དྲིལ། དེ་མི་གྲིར་ཤི་བའི་པགས་པའི་ནང་དུ་དྲིལ་ལ་རང་གི་མཆན་ཁུང་གཡོན་དུ་གདགས་སོ།«་་་་་འདི་མིས་མ་མཐོང་བ་ཟབ།» །གསུམ་པ་བསྙེན་པ་བྱ་བ་ནི། གོང་གི་རྟེན་མཆོད་བཤམས་པའི་མདུན་དུ་རང་ཉིད་འདུག་ལ་ཡན་ལག་བདུན་པ་སྔོན་དུ་འགྲོ་བའི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བསྒོམ། བྲིས་སྐུ་གསུམ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྲིས་པ་ལྟར་བསྐྱེད་ལ། རང་ལྷའི་ང་རྒྱལ་དང་ལྡན་པས་ཆང་བུ་དུས་བཞིར་འབུལ་ཞིང་སྔགས་འདི་བསྙེན་པ་རབ་ཟླ་བ་གཅིག འབྲིང་ཞག་ཉེར་གཅིག ཐ་མ་བདུན། ཡང་མཐའ་ཞག་གསུམ་མམ། གཅིག་ལས་མ་གྲུབ་ནའང་བྱའོ། །བསྙེན་པ་མ་བྱས་ཀྱང་རུང༌། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཞེས་པ་འདི་གཙོ་བོར་བཟླ་ཞིང༌། སྐབས་སུ་ལྷ་མོ་གསུམ་སོ་སོའི་སྔགས་འདི་དག་ཀྱང་བཟླའོ། །རྡོ་རྗེ་མཁའ་འགྲོའི་སྔགས། ཨོཾ་གྲྀཧྞ་བྷནྡྷ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། རིན་ཆེན་མཁའ་འགྲོའི་སྔགས། ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། པདྨ་མཁའ་འགྲོའི་སྔགས། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། གཏོར་མ་གཏོང་བ་ནི། རིན་པོ་ཆེའི་སྣོད་དུ་ཆང་བུ་ལག་པའི་

p. 344

རི་མོ་ཡོད་པ་གསུམ་བཙུགས་པའམ། ཡང་ན་ཕྲེང་སྟབས་སུ་བཞག་ལ། དཀར་གསུམ་མངར་གསུམ་བླུགས་ལ་སྔགས་གསུམ་པོའི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པ་གསུམ་མམ་བདུན་གྱིས་དབུལ། འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། ཤ་ཟ་ཌཱ་ཀི་སྤུན་གསུམ་གྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་དང་སེམས་ཅན་ཀུན་དོན་དུ། །རྫོགས་པའི་སངས་རྒྱས་སྒྲུབ་པ་ལ། །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ཕྱིར། །བདག་ལ་ཟས་ནོར་གོས་གསུམ་གྱི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་བསྟོད་ཅིང་གསོལ་བ་གདབ་བོ། །བཞི་པ་ལས་ལ་སྦྱར་བ་ལ། མན་ངག་རྒྱུན་ཁྱེར་དུ་བྱ་བ་ནི་འདི་ཡིན་ཏེ། སྐད་ཅིག་གིས་མེ་ཏོག་གི་སྟེང་དུ་ལྷ་མོ་གསུམ་བསྐྱེད། དེའང་དབུས་སུ་ལྷ་མོ་སྔོན་མོ་གོང་བཞིན་ལ། དེའི་གཡས་སུ་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་གོས་བསྣམས་པ། གཡོན་དུ་ལྷ་མོ་དམར་མོ་ཕྱག་གཉིས་ཀྱིས་ཟས་ཐོགས་པ། རྒྱན་དང་ཆ་ལུགས་བྱད་བཞིན་གོང་དང་འདྲ་བ་ཅིག་བསྐྱེད་ལ་མོས་གུས་དུང་པ་ཅིག་བྱ། དེ་ནས་རང་གི་ཟས་ཀྱི་ཕུད་དམ། བར་རམ། ལྷག་མ་གང་ཡང་རུང་བ་ལ་ཆང་བུ་གསུམ་བྱས་ལ། ཨོཾ་གྲྀཧྞ་བྷནྡྷ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་དབུས་ཀྱི་ནོར་བདག་མོ་སྔོན་མོ་ལ་ཕུལ་བས་ནོར་གྱི་ཆར་དབབ་པར་བསམ་མོ། །ཆང་བུ་གཅིག་ལ། ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ནོར་བདག་སེར་མོ་ལ་ཕུལ་བས་གོས་ཀྱི་ཆར་དབབ་པར་བསམ་མོ། །ཆང་བུ་གཅིག་ལ། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་བྷནྡྷ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཟས་ཀྱི་བདག་མོ་དམར་མོ་ལ་ཕུལ་བས་ཟས་ཀྱི་ཆར་དབབ་པར་བསམ་མོ། །མན་ངག་འདི་མ་ཆག་ན་ཟས་སྐོམ་གྱིས་ཕོངས་པར་མི་སྲིད་དོ། །བསྟོད་པ་ནི། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་འཕྲུལ་ལས། །མཉྫུ་ཤཱི་ཀའི་མེ་ཏོག་ལས་འཁྲུངས་ཤིང༌། །ཕྲིན་

p. 345

ལས་ལྷུན་གྲུབ་ཤ་ཟའི་སྐུར་སྤྲུལ་མ། །ལྷ་མོ་གསུམ་ལ་གུས་པས་ཕྱག་འཚལ་ལོ། །ཆོས་ཉིད་མི་འགྱུར་བཻ་ཌཱུརྻ་ཡི་མདོག །དབུལ་བ་སེལ་ཕྱིར་བུམ་པ་བཟང་པོ་གཡས། འདོད་རྒུ་འབྱུང་ཕྱིར་རིན་ཆེན་འབར་བ་གཡོན། །ཕྱག་ཞབས་རྣམ་འགྱུར་མཐུན་ལ་ཕྱག་འཚལ་ལོ། །སྣ་ཚོགས་དོན་མཛད་ཟབ་ཆེན་སྐུ་ལ་གསོལ། །དར་དཀར་ན་བཟའི་སྨད་གཡོགས་ལེགས་པར་གསོལ། །མཉམ་པའི་སྟབས་ཀྱིས་པདྨའི་གདན་སྟེང་ན། །འགྲོ་རྣམས་བརྩེ་བས་སྐྱོང་ལ་ཕྱག་འཚལ་ལོ། །ཁྱོད་ལ་གུས་པས་གསོལ་བ་འདེབས་པ་དང༌། །མཆོད་ཅིང་གཏོར་མ་ཕུལ་བའི་རྣལ་འབྱོར་པ། །ལོངས་སྤྱོད་དཔལ་འབྱོར་མ་ལུས་རྒྱས་པ་དང༌། །ནད་མེད་ཚེ་མཆོག་མ་ལུས་རྒྱས་པར་མཛོད། །ཡང་སྲོད་ལ་སྔགས་འདི་བཞི་བརྒྱ་རེ་མ་ཆག་ན་འདོད་པའི་ཡོན་ཏན་ཆར་བཞིན་དུ་འབབ་བོ། །ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཞེས་སོ། །ལས་ཚོགས་ནི། རྒྱའི་པགས་པ་ལ་བྱི་བ་དཀར་པོ་ཁ་སྤྲོད་དུ་ཁ་ནས་ནོར་བུ་བསྐྱུགས་པ་སྦོ་འོག་ཏུ་འཁྱིལ་པ་བྲིས་ནས་མཐའ་མར་སྔགས་ཚན་གསུམ་གྱིས་བསྐོར་བའི་རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི། རབ་གནས་བྱས་ནས་ལུས་ལ་བཅངས་ན་ཟས་ནོར་གོས་གསུམ་གྱི་རྩོལ་བ་མ་བྱས་ཀྱང་འབྱུང་གསུངས། ནས་འཕེལ་བར་འདོད་ན་བྱི་བ་ཁྲ་བོ་དར་ཁྲ་བོས་དྲིལ་ལ་ནས་བང་གི་སྟེང་དུ་བཞག ཕྱེ་འཕེལ་བར་འདོད་ན་བྱི་བ་དཀར་པོ་དར་དཀར་པོས་དྲིལ་ལ་གདགས། མར་འཕེལ་བར་འདོད་ན་མར་རྣམས་ཀྱི་ཁ་ལ་གདགས། ནོར་དང་གོས་འཕེལ་བར་འདོད་ན་བྱི་བ་སེར་པོ་དར་སེར་པོས་དྲིལ་ལ་གོས་ཀྱི་གོང་བ་དང༌། གསེར་སྣོད་ཀྱི་ཁ་ལ་གདགས། སོ་སོའི་སྤེལ་ཚིག་རྒྱས་པར་བརྗོད་པ་དང༌། དེ་དག་གི་ཕུད་ཀྱིས་མཆོད་པ་མན་ངག་ཡིན། ཕྱུགས་འཕེལ་བར་འདོད་ན་བྱི་བ་རྒྱ་ལྤགས་ཀྱི་འཁོར་ལོ་དང༌། ལྷ་མོ་སྤུན་གསུམ་གྱི་སྐུ་མདོག་མཐིང་ནག་གཡས་དགྲ་སྟྭ། གཡོན་བྷནྡྷ་བསྣམས་པ་ཤོག་བུ་ལ་བྲིས་པ་དང་ལྷན་ཅིག་ཏུ་

p. 346

དྲིལ་ལ་ནོར་ཕྱུགས་ཀྱི་སྐེ་ལ་བཏགས་ན་ནོར་ཕྱུགས་འཕེལ་བར་འགྱུར་རོ། །རྗེས་གནང་གི་ཡི་གེ་ཐོ་ཆུང་ཟུར་ན་ཡོད་པས་དེར་བལྟ་བར་བྱའོ། །ནོར་འདོད་ན་ལྷ་མོ་སྔོན་མོ། གོས་འདོད་ན་ལྷ་མོ་སེར་མོ། ཟས་འདོད་ན་ལྷ་མོ་དམར་མོ་བྱེད་པའི་ལུགས་ཀྱང་སྣང་ངོ༌། །སྔགས་འདི་རྣམས་ལ་འདྲ་མིན་མང་པོ་འདུག་པ་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ་དག་གིས་ཡོངས་འཛིན་མཁས་པའི་དྲུང་དུ་དཔྱད་པར་མཛོད་ཅིག འདིར་བཀོད་པའི་སྔགས་རྣམས་རྗེ་བཙུན་བླ་མའི་གསུང་གི་བདུད་རྩི་དང༌།«་་་་་མཁན་ཆེན་བསོད་ནམས་རྒྱལ་མཆོག» རང་གི་ཉམས་ལེན་དང་སྦྱར་ནས་བཀོད་པ་ཡིན་པས་ཐེ་ཚོམ་གྱི་གནས་མེད་དོ། །དཔལ་ལྡན་ས་སྐྱ་པའི་ཟབ་དོན་དབྱུ་གུ་མ་སྤུན་གསུམ་གྱི་མན་ངག་གོ །ཟས་གོས་ནོར་གྱི་མཐུན་རྐྱེན་སྒྲུབ་པའི་ཐབས། །ཚེགས་ཆུང་དོན་ཆེ་འབྲས་བུ་མྱུར་བ་འདིས། །སྲིད་ལ་རྒྱབ་ཕྱོགས་རྣམ་མཁྱེན་ལྷུར་ལེན་པའི། །རི་ཁྲོད་འགྲིམ་པའི་ཆ་རྐྱེན་འཛོམ་གྱུར་ཅིག །ལྕགས་རི་ནང་འཁོར་གྱི་ཆོས་ཚན་སུམ་ཅུ་རྩ་གཉིས་ལས་འདི་ཟབ་ལ་མྱུར་བ་ཡིན་ཞེས་བླ་མས་གསུངས་སོ། ༈ །བྲིས་སྐུའི་རབ་གནས་ནི། རྡོ་རྗེ་གདན་གྱི་ནུབ་བྱང་མཚམས་ནས་ལྷ་མོ་སྤྱན་དྲངས་ལ་བྲིས་སྐུ་ལ་བསྟིམ་མོ། །སྐུ་བྲི་བའི་རྫས་ནི་པདྨ་རཀྟ་དང་དུར་ཁྲོད་ཀྱི་རས་ལ་བྲིའོ། །མ་རྙེད་ན་དུར་ཁྲོད་ཀྱི་ཤོག་བུའམ་གྲོ་ག་ལ་བུ་མོ་གཙང་མའི་གསོན་ཁྲག་གིས་ཀྱང་རུང་ངོ༌། །དུར་ཁྲོད་ཀྱི་རུས་པ་བརྡར་པའི་ཁུ་བས་ཀྱང་རུང་ངོ༌། །སྤྲོས་པ་ལ་དགའ་ན་ཐུན་མཚམས་སུ་བསྟོད་པ་འདི་བྱའོ། །ཧཱུྃ། ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཕྱག་གཡས་མཐེའུ་ཆུང་ལས་སྐྱེས་པའི། །མེ་ཏོག་མཉྫུ་ཤཱི་ཀའི་དབུས། །ལེགས་འཁྲུངས་ལྷ་མོ་མཆེད་གསུམ་ནི། །ཞེས་སོགས་གོང་བཞིན་རྒྱས་པར་བསྟོད་དོ། ༈ །ན་མོ་གུ་རུ་ཝེ། དབྱུ་གུ་མ་སྤུན་གསུམ་གྱི་ཡིག་ཆུང་ལ། བྱི་བ་ཁ་སྤྲོད་ཀྱི་མཐའ་མར་སྔགས་གསུམ་གྱིས་བསྐོར། རྟེན་འབྲེལ་སྙིང་པོ་བྲི། དེ་ནས་དར་དབང་རྒྱལ་གྱི་

p. 347

དྲིལ་ལ་མཆན་ཁུང་གཡོན་པར་གདགས། རང་ཡི་དམ་དུ་བསྒོམས་པའི་འོད་ཟེར་གྱིས་ཤ་ཟ་མོ་གསུམ་སྤྱན་དྲངས་ལ་གཏོར་མ་དབུལ། གཏོར་སྔགས་ནི། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་བྷནྡྷ་ཡེ་སྭཱ་ཧཱ། ཨོཾ་གྲྀཧྞ་བྷནྡྷ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། སྔགས་གསུམ་པོ་ལན་གསུམ་བཟླས་ལ་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། ཤ་ཟ་ཆེན་མོ་ཁྱེད་གསུམ་གྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གིས་སེམས་ཅན་འཁོར་བ་ལས། །མ་བརྒལ་བ་རྣམས་བསྒྲལ་བའི་དོན། །སྦྱིན་པའི་ཕ་རོལ་ཕྱིན་པ་ནི། །ཡོངས་སུ་རྫོགས་པར་བགྱིད་སླད་དུ། །ཟས་དང་ནོར་དང་གོས་ལ་སོགས། །ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཀྱིས། །ཡོངས་སུ་འབྱོར་པར་མཛད་དུ་གསོལ། །ལྷ་མོ་དམར་མོ་ཕྱག་ན་ཟས་ཐོགས་པས་ཟས་ཕུན་སུམ་ཚོགས་པའི་ཆར་དབབ་པར་བསམས་ལ། ཨོཾ་ཨ་ན་ལེ་ཞེས་པའི་སྔགས་དང༌། དེ་བཞིན་དུ་སྔོན་མོ་གོས་ཐོགས་པས་གོས་ཀྱི་ཆར་དབབ་པར་བསམས་ལ། ཨོཾ་གྲྀཧྞ་སོགས། སེར་མོ་ནོར་ཐོགས་པས་ནོར་གྱི་ཆར་དབབ་པར་བསམས་ལ། ཨོཾ་ཤུ་ཀྲ་སོགས། ཐམས་ཅད་ཀྱི་མཇུག་ཏུ། ལོངས་སྤྱོད་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། འཁོར་ལོ་ལ། ཨོཾ་ཨ་བྷེ་ཤི་པ་ལ། ཨོཾ་མས་དུ་ཤི་པ་སྭཱ་ཧཱ། ཨོཾ་ཨཾ་བྷ་ཀཾ་བྷ་ཤི་པ་ལ། ཨོཾ་མ་སེལ་དུམ་པ་ཤི་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཚ་མེ་ནི་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། བསྙེན་པའི་སྔགས་འདི་བྲི་གསུངས། ཙཀྲ་མཚལ་གྱིས་ཤོག་བུ་ལ་བྲི་བ་ནི། འཁོར་ལོ་རྩིབས་བཞི་པ་བྲི། ལྟེ་བར་གང་དབང་དུ་བསྡུ་བའི་མིང་རུས་ཆེ་གེ་མོ་དབང་དུ་སྡུས་ཤིག་སོགས་བྲི། རྩིབས་བཞི་ལ་ལས་སྔགས། མུ་ཁྱུད་ལ་མི་ཆེ་གེ་མོ་དང༌། མི་མ་ཡིན་ཆེ་གེ་མོ་སོགས་ཆེ་གེ་ཞེས་བྱ་བའི་དབང་དུ་སྡུས་ཤིག་སོགས་བྲི། དེ་ལ་རབ་

p. 348

གནས་བྱ་བ་ནི། མདུན་དུ་ནས་ཀྱི་ཚོམ་བུའི་སྟེང་དུ་མིང་རུས་ལ་བསྒྲུབ་བྱ་དགུག་གཞུག་བྱ། སྔགས་ཁྲི་ཚོ་གསུམ་བསྙེན་པ་བསྐྱལ། ཞག་བདུན་བསྒྲུབ། གཏོར་མ་དབུལ། གསོལ་བ་གདབ། འཁོར་ལོའི་ཡིག་འབྲུ་འོད་ཟེར་དམར་པོས་བསྒྲུབ་བྱ་བཀུག་ནས་རང་དབང་མེད་པར་འདུས་པར་བསམ། དེ་ནས་འཁོར་ལོ་དེ་རང་གི་མཐང་ག་གཡས་པ་ལ་བཙེམ། དེ་བསྒྲུབ་བྱས་མཐོང་ན་དབང་དུ་གྱུར་རོ། །རང་གིས་འགོམ་མི་ཉན། དེས་ཀྱང་མ་འགྲུབ་ན་སྔགས་ཁྲི་བསྐྱལ་ལ་འཁོར་ལོ་བསྒྲུབ་བྱའི་སྒོ་ཐེམ་གཡས་སུ་མནན་པས་འགྲུབ་བོ། །འཁོར་ལོ་ལ་བརྟེན་ནས་གཞན་དབང་དུ་བསྡུ་བའོ། །འཁོར་ལོ་ལ་བརྟེན་པའི་དུས་སུ་གོང་གི་སྔགས་རྣམས་བཟླའོ། །རི་ཁྲོད་དུ་ཞག་བདུན་བསྒྲུབ་ན་ཐེ་ཚོམ་མེད་དོ། །ཆང་བུ་གསུམ་གྱི་གཏའ་གཏོར་བྱའོ། །སྔགས་གསུམ་དྲིལ་ལ་རབ་ཞག་བཅུ་བཞི། འབྲིང་བརྒྱད། ཐ་མའང་གསུམ་བསྙེན་པར་བྱའོ། །འདིའི་དམ་ཚིག་ཏུ་བུད་མེད་ལ་སྤྱད་པར་མི་བྱ། དམོད་པར་མི་བྱ། བྱང་ཆུབ་ཀྱི་སེམས་མ་ཉམས་པར་བྱ། ཚོགས་དང་གཏོར་མ་གང་འགྲུབ་བྱ། གྲིབ་ཅན་དང༌། ཁྲིམས་ཉམས་པ་དང༌། སྡོམ་དང་དམ་ཚིག་ཉམས་པའི་མི་དང་ཁ་མི་བསྲེ། སྟན་གཅིག་ལ་ལྷན་ཅིག་ཏུ་མི་འདུག ཁྱད་པར་དུའང་བུད་མེད་ལ་འཕྱ་དམོད་བརྡེག་བཙོག་མི་བྱའོ། ༈ །ན་མོ་གུ་རུ་བཛྲ་ཌཱ་ཀི་ནི། དབུལ་བ་སེལ་བའི་གཏེར་ཆེན་མི་ཟད་པ། །བླ་མ་རྣམས་དང་མཁའ་འགྲོ་མ་ལ་འདུད། །རྣལ་འབྱོར་ཟས་ནོར་དངོས་གྲུབ་ཐོབ་འདོད་པས། །མཁའ་འགྲོ་གསུམ་གྱི་སྒྲུབ་ཐབས་འདི་ལྟར་བྱ། །མཁའ་འགྲོའི་ལག་སྒུལ་འདི་ལ་གསུམ་སྟེ། ལོ་རྒྱུས། སྒྲུབ་ཐབས། ཕན་ཡོན་དང་གསུམ་མོ། །དང་པོ་ནི། མཁའ་འགྲོ་མ་དེ་གསུམ་སངས་རྒྱས་ཀྱི་ཕྱག་གཡས་པའི་མཐེའུ་ཆུང་གི་རྩེ་མོ་ལས་མེ་ཏོག་མཉྫུ་ཤཱི་ཀ་ཁ་བྱེ་བ་ལས་བྱུང་ངོ༌། །གདམས་པ་འདི་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཆེད་གསུམ་པོ་དེས་

p. 349

བླ་མ་རྡོ་རྗེ་གདན་པ་ལ་གནང་ངོ༌། །བ་རི་ལོ་ཙཱ་བས་རྡོ་རྗེ་གདན་པའི་དྲུང་དུ་ལོ་བཅུ་གཉིས་སུ་བཞུགས་ནས། གསང་སྔགས་ཕྱི་ནང་མ་ལུས་པ་གསན་ནས་སྒྲོ་འདོགས་བཅད། བོད་ལ་འབྱོན་ཁར་སྐྱེལ་ཐུང་མཛད་པའི་ལམ་ཁར་ཁྱོད་བོད་དུ་འགྲོ་བ་ལ་བོད་ཁ་བ་ཅན་བྱ་བ་བཀྲེན་པ་ཡིན་པས་བཟའ་བཏུང་གིས་མི་ཕོངས་པའི་གདམས་པ་འདི་སྦྱིན་གྱི་གསུངས་ནས་གདམས་པ་རྣམ་པ་ལྔ་པོ་འདི་གནང་ངོ༌། །ཞལ་གདམས་ནི། རྒྱུ་རྣམས་ཆུང་ལ་ཕན་ཡོན་ཆེ། །གང་ཟག་ལམ་གྱི་རིམ་པ་ཡིན། །དགོས་འདོད་འབྱུང་བའི་ནོར་བུ་འདྲ། །ཁྱད་པར་འཕགས་པའི་གདམས་པ་ཡིན། །ཆོས་དང་ལྡན་པ་མ་གཏོགས་པ། །གཞན་ལ་སྤེལ་ན་དམ་ཚིག་ཉམས། །ཞེས་གསུངས་ནས་བ་རི་བ་ལ་གནང་བའོ། །དེ་ནས་རིམ་བཞིན་བརྒྱུད་དེ་བྱམས་པ་བསྟན་པའི་མངའ་བདག་ལ་གནང༌། དེས་ཆོས་རྗེ་བོ་དོང་པ་ལའོ། །གཉིས་པ་ནི། གདམས་ངག་དངོས་ལ་ཉེར་སྤྱོད་ལྔ་སྟེ། གཏོར་མ་དང་སུ་རཱུ་པ་ལ་བརྟེན་ནས་སྒྲུབ་པ། བྱི་བ་ལ་བརྟེན་ནས་སྒྲུབ་པ། འཁོར་ལོ་ལ་བརྟེན་ནས་སྒྲུབ་པ། ཆང་བུ་ལ་བརྟེན་ནས་སྒྲུབ་པ། རྒྱུན་དུ་ཡི་དམ་ལ་བརྟེན་ནས་སྒྲུབ་པ་དང་ལྔའོ། །ཁྱད་པར་སྒྲུབ་ཆུང་ནི་རྒྱུན་གྱི་རྣལ་འབྱོར་གྱི་རིམ་པ་ཡིན་ནོ། །དེ་ལ་ཆང་བུ་ལ་བརྟེན་ནས་སྒྲུབ་པ་ནི། ཟས་ཀྱི་རྣལ་འབྱོར་བྱས་ལ་བླ་མ་དཀོན་མཆོག་མཆོད་ནས་ཌཱ་ཀི་མ་གསུམ་ལ་ཕུལ་བ་ནི། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་པིཎྜ་ཡེ་སྭཱ་ཧཱ། ཨོཾ་གྲྀཧྞ་པིཎྜ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་སྔགས་རེ་རེ་བཞིན་གསུམ་གསུམ་གྱིས་ཆང་བུ་རེ་ཕུལ་ལ། བདག་ལ་ཆོས་དང་མཐུན་པའི་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་ཟས་ནམ་ཟ་དུས་མ་ཆག་ན་དངོས་གྲུབ་མྱུར་དུ་འབྱུང་ངོ༌། །དེས་གང་དུའང་མི་ཐམས་ཅད་ཀྱིས་བྱམས་པ་ཡིན་པས་མཁའ་

p. 350

འགྲོའི་དངོས་གྲུབ་ལག་བཅངས་ཞེས་བྱའོ། །ཟབ་བོ། ༈ །དབང་སྡུད་ཆེན་མོའི་བཅའ་གཞི་ནི་ཤོག་བུ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཕྱི་ནང་གཉིས་ཡོད་པ་བྲིས་ལ། ལྟེ་བར་བསྒྲུབ་བྱ་དབང་དུ་སྡུད་པའི་མིང་རུས་སྤེལ་ཚིག་དང་བཅས་པ་བྲི། རྩིབས་བཞི་ལ། ཨོཾ་ཨཾ་པ་ཀཾ་པ་ལཾ་ཞི་པ་ཨ། ཨོཾ་མ་སེ་ལ་དུཾ་པ་ཞི་སྭཱ་ཧཱ། ཞེས་པ་འདི་གཡོན་སྐོར་དུ་བྲི། མུ་ཁྱུད་ལ། ཙཀྲ་ཤ་ནི་ཙཀྲ་ཤ་ནི། ཀྲོ་ཤ་ནི་ཀྲོ་ཤ་ནི། དྷི་རི་དྷི་རི་སྭཱ་ཧཱ། ཞེས་འཁོར་ལོ་མཚལ་གྱིས་བྲིས་ལ་རང་གི་མདུན་དུ་སྟེགས་བུའི་ཁར་བཞག་ནས། སྔགས་གོང་མ་ཁྲི་ཚོ་གཅིག་བཟླས་ལ་དགུག་གཞུག་ལན་གསུམ་བྱས་ཏེ། བསྙེན་སྔགས་ཀྱི་ཧ་ཧུས་བཏབ་ལ། དེ་ལེགས་པར་དྲིལ་ལ་དར་དམར་པོས་གཏུམ་ཏེ། གོང་བ་གཡས་ལ་བཙེམ་མོ། །དེས་ཁ་མཆུ་ཟུག་པའང་དབང་དུ་འདུས་ན་གཞན་ལ་ལྟ་ཅི་སྨོས། ཐུན་མོང་མ་ཡིན་པའི་མན་ངག་གོ །གལ་ཏེ་དབང་དུ་མ་འདུས་ན་བསྙེན་པ་ཁྲི་ཚོ་གཅིག་བསྐྱར་ལ་འཁོར་ལོ་ལ་ཆས་གཏུམ་ཐེམ་འོག་ཏུ་མནན་ནོ། །དེས་དབང་དུ་མི་འདུ་བ་མི་སྲིད་དོ། །དེས་བྱེས་སུ་ཟས་སྐོམ་རྙེད། ཡུལ་དུ་སྲིས་རྨི། གོས་མི་ཟད་འཇམ་ལ་སྣུམ། མཐོང་བ་ཐམས་ཅད་དགའ་བར་འགྱུར་རོ། །དབང་སྡུད་འཁོར་ལོ་མཁའ་འགྲོ་མ་གསུམ་གྱི་གདམས་པ༌། ༈ །བྱི་བ་ལ་བརྟན་ནས་སྒྲུབ་པ་ནི། རི་དྭགས་རྒྱའི་པགས་པ་ལ་བྱི་བའི་ཁ་ནས་རིན་པོ་ཆེ་སྐྱུགས་པ་གཉིས་ཁ་སྤྲོད་དུ་བྲིས་ལ། འབྲུ་ལ་སེར་པོ་བྱས་ནས་འབྲུ་གསེབ་ཏུ་སྦ། དེ་བཞིན་དུ་གོས་ལ་སེར་པོ། ཤ་ལ་དམར་པོའི་བྱི་བ་ཁ་སྤྲོད་ཀྱི་མཐར་ཌཱ་ཀི་མའི་གོང་གི་སྔགས། ཨོཾ་ཨཾ་པ་སོགས་ཀྱི་མཇུག་ཏུ་གང་འདོད་ཀྱི་སྤེལ་ཚིག་ཁ་བསྒྱུར་དང་བཅས་པ་བྲིའོ། །དེ་དར་དཀར་དམར་གང་རུང་དུ་དྲིལ། ཟངས་སམ་རྫའམ་ཤིང་གི་ཟ་མ་ཏོག་ཏུ་བཅུག་ལ་འབྲུ་སོགས་རྫས་ཀྱི་ཁྲོད་དུ་མིས་མ་མཐོང་བར་སྦའོ། །རྒྱུན་དུ་ཌཱ་ཀི་མའི་སྔགས་བཟླའོ། །བྱི་

p. 351

བ་ལ་བརྟེན་པ་ཌཱ་ཀི་མའི་སྒྲུབ་པའོ་ཟབ། བྱི་བ་ཕོའི་སྔགས་ནི། ཨོཾ་སྭ་ཏི་སྒོ་རུ་སྲུངས་སྒོ་རུ་སྐྱོབས། མོའི་སྔགས་ནི། ཨོཾ་མ་མ་ཏི་སྒོ་རུ་སྲུངས་སྒོ་རུ་སྐྱོབས།«་་་་་ཕོ་སྔགས་མོ་སྔགས་འདི་གཉིས་བྱི་བ་ཁ་སྤྲོད་ཀྱི་ལུས་སམ་གདོང་པའི་ཁ་ལ་བསྐོར་བ་བྲི།» ཞེས་སོ། །འདི་ནི་བྱི་བ་ལ་བརྟེན་ནས་ཌཱ་ཀིའི་སྒྲུབ་པའོ། །ཆུ་སྦྱིན་དང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་ནི། ཡི་དྭགས་ལ་ཆུ་སྦྱིན་དང༌། ཟས་ཟ་ཁ་སུ་རཱུ་པ་གལ་ཆེའོ། །གཞན་ཡང་སེར་སྣ་མེད་པར་སྦྱིན་པ་དང་ཞེན་ཆགས་ཆུང་བར་བྱའོ། །སྔགས་ལ་བརྟེན་ནས་སྒྲུབ་པ་ནི། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་དུ་ཁ་ཐན་སྭཱ་ཧཱ། ཞེས་རྣམ་པར་མི་རྟོག་པའི་སྔགས་འདི་སྲོད་མཁའ་འགྲོ་འདུ་བའི་དུས་ཡིན་པས་བརྒྱ་རྩ་རེ་མ་ཆག་ན་ཟས་ནོར་འདུ། སྲིས་རྨེ། མིས་བྱམས། མཁའ་འགྲོ་འདུ་བར་འགྱུར་རོ། །ཉེར་སྤྱོད་ལྔའི་སྒྲུབ་ཐབས་རྫོགས་སོ། ༈ །ཡང་མཁའ་འགྲོ་མ་ལག་འགུལ་གྱི་གདམས་པ་ནི། ཨོཾ་ཨུཥྞཱི་ཥཱ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ། ཞེས་བརྒྱ་རྩ་རྒྱུན་དུ་བཟླའོ། །བསྙེན་པ་མཁའ་འགྲོ་མ་གསུམ་གྱི་སྔགས་དང་སྙིང་པོ་སྔགས་ཁྲི་ཚོ་གཅིག་ངག་བཅད་བསྐྱལ་ལོ། །དེ་ནས་གསོལ་བ་བཏབ་ན་ལས་གང་ཡང་གྲུབ་པ་ཡིན་ནོ། །ཌཱ་ཀི་མ་ལ་ཉེ་བའི་གདམས་པའོ། །ཌཱ་ཀི་མ་དཀར་མོས་ཟས་སྟེར། དམར་མོས་གོས་སྟེར། སེར་མོས་ནོར་སྟེར་བར་བྱེད་དོ། །འདིའི་དམ་ཚིག་ཏུ་མི་ལ་གསང་བ་དང༌། ཟས་ཕུད་མི་གཞན་ལ་མི་སྟེར་རོ། །གསུམ་པ་ནི། སྒྲུབ་ཐབས་འདི་རྣམས་ཚུལ་བཞིན་བྱས་ན་བདག་མཐོང་བས་མི་ཐམས་ཅད་དགའ་བར་འགྱུར་རོ། །དགེ་བཤེས་མི་ཆེན་སོགས་ཕོ་མོ་གང་ཡང་བདག་གི་དབང་དུ་འགྱུར་རོ། །ཐ་ན་ཁྱི་དང་བྱིས་པ་ཡན་དགའ་བར་འགྱུར་རོ། །གང་དུ་འགྲོའང་འབྱུང་པོ་ཐམས་ཅད་ཀྱིས་གྲོགས་བྱེད་པར་འགྱུར་རོ། །ཌཱ་ཀི་མ་རེ་རེ་ལ་ཡང་འཁོར་ཞིང་རྡུལ་དང་མཉམ་པ་ཡོད། དེ་རྣམས་དུར་ཁྲོད་བདག་མོ་ཡིན་པས་གསང་སྟེ་བསྒྲུབ་པར་བྱའོ། །

p. 352

མཁའ་འགྲོ་མའི་ལག་སྒུལ་དངོས་གྲུབ་ལག་བཅངས་ཞེས་བྱ་བ་བླ་མ་རྡོ་རྗེ་གདན་པའི་གདམས་པ་བྱང་ཆུབ་སེམས་དཔའ་བ་རི་བ་ལ་གདམས་པ་རྫོགས་སོ། །མན་ངག་འདི་རི་ཁྲོད་པ་མིན་པའི་མི་ལ་མི་སྦྱིན་ནོ། །གཞན་ཡང་མཁའ་འགྲོས་དངོས་སུ་གནང་བའི་མན་ངག་འདི་ནངས་པར་སྔ་བར་ལངས་ལ་ལྷུངས་བཟེད་ལ་སྔགས་འདི་གདབ་བོ། །ཨོཾ་ཨཾ་མ་སེ་ལ་དུཾ་པ་ཞི་པིཎྜ་སྭཱ་ཧཱ། ཞེས་སྔགས་བརྒྱ་རྩ་བཟླས་པས་ལྷུང་བཟེད་ལ་བརྟེན་ནས་བསོད་སྙོམས་རྙེད་པར་འགྱུར་རོ། །མཁའ་འགྲོའི་ལས་སྔགས་ལ་བརྟེན་ནས་སྒྲུབ་པའོ། །མཁའ་འགྲོ་ལག་སྒྲུབ་རྒྱལ་པོ་དེ་ཤཾ་ཀུནྟིའི་མན་ངག བླ་མ་རྡོ་རྗེ་གདན་པ་ལ་མཁའ་འགྲོ་མས་དངོས་སུ་གནང་བའི་ཞལ་གདམས་ཐུགས་ཀྱི་དཀྱིལ་ནས་ཕྱུང་བ་བ་རི་བ་ལ་གནང་བ༌། ༈ །དེ་ནས་བརྟེན་བཅའ་བ་ནི། རི་དྭགས་རྒྱའི་པགས་པ་བྱི་དོར་ལེགས་པར་བྱས་ནས། བྱི་བ་ཁ་སྤྲོད་ཁ་ནས་ནོར་བུ་སྐྱུགས་པ་གཉིས་བྲིས་ལ། ཕྱེ་འཕེལ་བར་འདོད་ན་དཀར་པོ་བྱས་ལ་ཕྱེ་རྐྱལ་དུ་གཞུག་གོ །ནས་དང་གོས་ལ་སེར་པོ་བྱས་ལ་དེའི་ཁྲོད་དུ་སྦ། ཤ་ལ་དམར་པོ་བྱས་ལ་སྔར་བཞིན་ནོ། །ཕྱུགས་ལ་ནག་པོ་བྱས་ལ་རྭ་བར་སྦའོ། །བྱི་བའི་ཕོ་སྔགས་མོ་སྔགས་གོང་དང་འདྲའོ། །ཨོཾ་ཨཾ་བྷ་ཀཾ་བྷ་ལཾ་བྷ་ཨ། ཨོཾ་མ་སེ་ལ་དུམ་པ་ཤི་སྭཱ་ཧཱ། གསེར་དང་དངུལ་གྱི་བྱི་བ་ལ་བརྟེན་ནས་ཟས་ནོར་སྒྲུབ་པའོ། །ཟབ་བོ། །གཏོར་མ་ལ་བརྟེན་ནས་སྒྲུབ་པ་ནི། སྣོད་གཙང་མར་ཆང་བུ་གསུམ་གཞུག གོང་གི་ཨོཾ་ཨ་ན་ལེ་སོགས་ལ་པིཎྜའི་ཚབ་ཏུ་བྷནྡྷ་བཅུག་པའི་སྔགས་ཀྱིས་དབུལ། ཨོཾ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཀྱིས་མཆོད། དེ་ནས་བསྟོད་པ་ནི། ཧཱུྃ། དུར་ཁྲོད་ནགས་ཚལ་ཤིང་དྲུང་ཆེན་པོ་རུ། །གཏེར་བདག་ཤ་ཟ་སྤུན་གསུམ་མཁའ་འགྲོ་མ། །དམར་སེར་མང་པོ་མཛེས་སྡུག་ལྡན། །རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན། །ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །སྐུ་སྨད་དར་དཀར་ཤམ་ཐབས་ཅན། །སྐུ་

p. 353

སྟོད་ཟ་འོག་སྟོད་འགག་གསོལ། །ན་བཟའ་དར་གྱི་ལྷབ་ལྷུབ་མཛེས། །བདག་ལ་བརྩེ་སྐྱོང་ཁྱོད་ལ་འདུད། །ཕྱག་གཡས་མི་ཟད་གཏེར་བུམ་བསྣམས། །གཡོན་པས་ནོར་བུ་འབར་བ་འཛིན། །དབུལ་ཕོངས་འགྲོ་ལ་གཟིགས་ཕྱིར་དུ། །ཅི་འདོད་སྩོལ་ལ་ཕྱག་འཚལ་བསྟོད། །སྣ་ཚོགས་སྐུར་སྟོན་ཡིད་བཞིན་ནོར་འདྲའི་དཔལ། །དཔག་བསམ་ཤིང་ལྟར་དགོས་འདོད་མ་ལུས་འབྱུང༌། །དུས་གསུམ་སངས་རྒྱས་མཆོད་ཕྱིར་ནོར་བུ་བསྣམས། །སེམས་ཅན་རེ་སྐོང་གསུམ་ལ་ཕྱག་འཚལ་བསྟོད། །ཧཱུྃ། གནོད་སྦྱིན་མཁའ་འགྲོ་སྤུན་གསུམ་འཁོར་བཅས་ལ། །བདག་གིས་མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །བདག་གཞན་དོན་དུ་བྱང་ཆུབ་སྒྲུབ་པ་ལ། །སྦྱིན་པའི་ཕ་རོལ་ཕྱིན་འབྲས་བསོད་ནམས་ནི། །ཡོངས་སུ་རྫོགས་པར་བགྱི་བའི་དོན་སླད་དུ། །བདག་ལ་ཟས་ནོར་ལོངས་སྤྱོད་རབ་འཕེལ་ཞིང༌། །དེ་ཉིད་ལོག་པའི་འཚོ་བར་མི་འགྱུར་བར། །འདུ་ཞིང་བསོད་ནམས་རྫོགས་པར་མཛད་དུ་གསོལ། །ཞེས་དང༌། གཞན་ཡང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱའོ། །པཎ་གྲུབ་རྡོ་རྗེ་གདན་པའི་ཟབ་དོན་མཆོག །ལོ་ཆེན་རིན་ཆེན་གྲགས་པའི་ཐུགས་ཀྱི་བཅུད། །ས་སྐྱའི་རྗེ་བཙུན་མཆོག་གི་སྙན་བརྒྱུད་འདི། །འཐོར་བ་སྡུད་དང་འཁྲུགས་པ་བསལ་བའི་ཕྱིར། །དམ་པའི་གསུང་བཞིན་མ་ནོར་ཡི་གེར་བཀོད། །དགེ་དེས་བསྟན་པའི་མངའ་བདག་ས་སྐྱ་པའི། །སྙན་བརྒྱུད་མི་ནུབ་ཕྱོགས་བཅུར་འཕེལ་གྱུར་ཅིག། ༈ །ནོར་གྱི་ལྷ་མོ་དབྱུ་གུ་མ་མཆེད་གསུམ་གྱི་སྒྲུབ་ཐབས་ངག་འདོན་གསལ་བར་བཀོད་པ་སིདྡྷི་ཕ་ལའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། འདོད་འཇོའི་ལྷ་མོ་བསྒྲུབ་པར་འདོད་པས། སྟན་བདེ་བ་ལ་འདུག་སྟེ། སེམས་གཞན་དུ་མ་ཡེངས་པར་ངག་བཅད་དེ་དམིགས་པ་དང་བཅས་ཏེ། སྐྱབས་འགྲོ་ཅི་ནུས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་

p. 354

སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཁྲོ་བོ་འབྱུང་པོ་འདུལ་བྱེད་བསྒོམ་པར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི་ཁོར་ཡུག་རྡོ་རྗེའི་རྭ་བ་སྟེང་རྡོ་རྗེའི་གུར། ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་འབར་བས་ཡོངས་སུ་བསྐོར་བའི་སྲུང་འཁོར་གྱི་དབུས་སུ་པདྨ་དང་ཉི་མ་དྲག་པོ་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་ལ་ཕུག་འཛིན་པ། མགོ་བོ་གཡོན་གྱི་ཕྱོགས་སུ་བསྟན་པ་འགྱེལ་བའི་སྟེང་དུ་རང་གི་སེམས་ཡི་གེ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་དང༌། ནུས་པ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་ཏེ་འཛིན་པ། གཡོན་དང་པོས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་ཞགས་པ་འཛིན་པ། ཕྱག་འོག་མ་གཉིས་ཀྱིས་རང་གི་ཕྱག་རྒྱ་ཐུགས་ཀར་བསྣོལ་བ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། སྐུ་ཆེ་ཞིང་ཡན་ལག་རགས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ།

p. 355

ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཁྲོ་བོའི་རྒྱལ་པོའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་བསམས་ཞིང༌། ཨོཾ་བྷཱུ་ཏ་ཌཱ་མ་ར། བྷཱུ་ཏ་ཨ་དྷི་པ་ཏི། ཨཀྵོ་བྷྱཿཀི་རཱི་ཊི་ཎ། སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙི་ན་ཨུཏྶཱ་དྷ་ཡ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ལ་སོགས་པ་བཟླས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་མཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ལ། གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པར་བསམ། དེ་ནས་མཎྜལ་སྟེང་གི་བྲིས་སྐུ་ལ་དམིགས་ཏེ་ངག་ཏུ། རང་ཉིད་ཁྲོ་བོའི་དབང་པོའི་སྐུར་གསལ་བའི། །མདུན་དུ་སྣ་ཚོགས་པད་གདན་གསུམ་གྱི་སྟེང༌། །ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་པོ། །སྐུ་མདོག་མཐིང་དམར་སེར་བའི་མདངས་དང་ལྡན། །ཞལ་གཅིག་ཕྱག་གཉིས་གཡས་པས་རིན་པོ་ཆེའི། །རབ་མཛེས་བུམ་པ་ནོར་བུས་གང་བ་དང༌། །གཡོན་པ་ནོར་བུ་

p. 356

འབར་བས་སངས་རྒྱས་ལ། །མཆོད་ཅིང་འགྲོ་ལ་དགོས་འདོད་སྩོལ་བ་འཛིན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དབུ་རྒྱན་ཅན། །ཞལ་འཛུམ་ཤ་རྒྱས་ནུ་འབུར་ཟུང་གིས་མཛེས། །རབ་དཀར་སྲབ་འཇམ་དར་གྱིས་སྨད་གཡོགས་ཤིང༌། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དུ་མ་གསོལ། །ཡིད་འོང་རིན་ཆེན་དུ་མས་སྤྲས་པའི་སྐུ། །རྣམ་གསུམ་མངོན་སུམ་ལྟ་བུར་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ལ། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ནས་ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པས་ཡེ་ཤེས་པའི་ངོ་བོར་གྱུར། ཅེས་བརྗོད། དེ་ནས་ལྷ་མོ་གསུམ་གྱི་ཐུགས་རྒྱུད་བསྐུལ་ཞིང་བཀའ་ཉན་པར་བསམས་ལ། ངག་ཏུ་གསུང་གི་མཁའ་འགྲོ་མ་དམར་མོའི་སྔགས། ཨོཾ་ཨི་ལི་ཀི་ལི་པི་ལི་ཀི་ཀི་ལི་སྭཱ་ཧཱ། ཞེས་དང༌། སྐུའི་མཁའ་འགྲོ་མ་ལྗང་གུའི་སྔགས། ཨོཾ་ཨ་ན་ལེ་ཀུཎྜ་ལི་གྲྀཧྞ་པིཎྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་དང༌། ཐུགས་ཀྱི་མཁའ་འགྲོ་མ་སྔོན་མོའི་སྔགས། ཨོཾ་ན་མ་ཤུཀྵ་ཎ་བ་སུ་མུ་ཁཾ་མཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་གསུམ་པོ་འདི་རྒྱུན་དུ་ཅི་ནུས་བཟླ། བསྙེན་པའི་ཚད་ནི་འབུམ་ཕྲག་རེ་ཡིན། ཐུན་ལས་ལྡང་བར་འདོད་ན། ཐལ་མོ་སྙིང་གར་སྦྱར་ལ་གསོལ་བ་གདབ་པ་ནི། རྩེ་གཅིག་གསོལ་བ་བཏབ་པས་ཟས་གོས་ནོར། །ལོངས་སྤྱོད་ཆར་གྱིས་བང་མཛོད་ཀུན་གང་ཞིང༌། །ལྷ་ཀླུ་མི་རྣམས་དབང་འདུས་མངའ་ཐང་རྒྱས། །སྙན་པའི་གདུགས་དཀར་ས་གསུམ་གཡོ་བར་ཤོག །ཅེས་བརྗོད། གཏོར་མ་ཆུ་ཆང་གིས་བྲན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་

p. 357

ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་མཐར་སེ་གོལ་དང་བཅས་པས། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་བྷནྡྷ་ཡེ་སྭཱ་ཧཱ། ཨོཾ་གྲྀཧྞ་བྷནྡྷ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱི་དབུལ། ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་པར་བསམས་ལ། ཨོཾ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། དུར་ཁྲོད་ཤིང་དྲུང་ནགས་ཚལ་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟའི་མཁའ་འགྲོ་མ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་མཛད་པའི་དཔལ། །སྣ་ཚོགས་སྐུར་སྟོན་ཡིད་བཞིན་ནོར་འདྲའི་ལྷ། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང༌། །མི་ཟད་གཏེར་ལས་གྲུབ་པའི་བུམ་པ་འཛིན། །འདོད་ཡོན་ཅི་འདོད་འབྱུང་ལ་ཕྱག་འཚལ་ལོ། །ཇི་ལྟར་བསམ་པའི་དོན་རྣམས་འགྲུབ་པར་མཛོད། །གནོད་སྦྱིན་ཤ་ཟ་མཁའ་འགྲོ་ཁྱེད་རྣམས་ཀྱིས། །བདག་གིས་དངོས་བཤམས་ཡིད་སྤྲུལ་འདི་བཞེས་ལ། །བདག་གཞན་དོན་ཏུ་བྱང་ཆུབ་སྒྲུབ་པ་ཡི། །སྦྱིན་པའི་ཕ་རོལ་ཕྱིན་འབྲས་བསོད་ནམས་ནི། །ཡོངས་སུ་རྫོགས་པར་བགྱི་བའི་དོན་སླད་དུ། །བདག་གི་ཟས་ནོར་ལོངས་སྤྱོད་རབ་འཕེལ་ཞིང༌། །དེ་ཉིད་ལོག་པའི་འཚོ་བར་མི་འགྱུར་བར། །ཆོས་སྒྲུབ་གྲོགས་སུ་འགྲོ་བར་མཛད་དུ་གསོལ། །ཞེས་བརྗོད་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བྲིས་སྐུ་འདི་ལ་ནོར་གྱི་ལྷ་མོ་མཆེད་གསུམ་བརྟན་པར་བཞུགས་ནས་ནོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཐོགས་མེད་སྩལ་དུ་གསོལ། ཞེས་དང༌། ཡེ་དྷརྨཱ་

p. 358

བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་ལྷ་མཆེད་གསུམ་འགྲུབ་གྱུར་ནས། །འགྲོ་ཀུན་དབང་དུ་འདུ་བ་དང༌། །ཀུན་ཀྱང་ཆོས་ལ་སྤྱོད་པར་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ། །ཞེས་པ་འདི་ནི་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་གསུང་གི་བདུད་རྩི་ཐོབ་པ་གནམ་ལྷ་གན་ཛ་རྒྱལ་པོའི་གདུང་རབས་སུམ་ཅུ་པ་ཤཱཀྱའི་བཙུན་པ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་ངག་འདོན་ཆོག་བསྒྲིགས་སུ་བཀོད་པའོ། །ཡང་རྒྱུན་དུ་བཟླས་པ་ལ་བརྟེན་ནས་སྒྲུབ་པ་ནི། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་ནི་དུ་ཁ་ཐན་སྭཱ་ཧཱ། ཞེས་སྔགས་འདི་སྲོད་ལ་བཞི་བརྒྱ་ཙམ་རེ་རྒྱུན་དུ་མ་ཆག་པར་བཟླས་ན་ཟས་གོས་ནོར་གྱིས་མི་ཕོངས་སོ། །འདིའི་ལུང་རྗེ་བླ་མ་ཉིད་ལ་བདག་ལྷུན་གྲུབ་ཀྱིས་ཞུས་སོ། ༈ །དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་དབྱུ་གུ་མཆེད་གསུམ་གྱི་སྒྲུབ་ཐབས་བསམ་དོན་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་དྷྭ་ཛཱ་ཡ། སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །འབྲེལ་ཚད་དོན་ལྡན་བླ་མ་ལ་བཏུད་ནས། །ཆོས་མཐུན་ཟས་གོས་ནོར་སོགས་སྩོལ་བའི་ལྷའི། །སྒྲུབ་ཐབས་བསམ་དོན་ཀུན་འགྲུབ་བཤད་པར་བྱ། །དེ་ལ་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་སྒྲུབ་ཐབས་ལ་རྣམ་པ་མང་ཡང༌། ཆང་བུ་དང་རྒྱུན་དུ་བཟླས་པ་ལ་བརྟེན་ནས་བསྒྲུབ་པའི་ཚུལ་འདི་ལྟ་སྟེ། དང་པོ་ཆང་བུ་ལ་བརྟེན་ནས་སྒྲུབ་པ་ནི། སྣོད་གཙང་མ་ཞིག་ཏུ་ཆང་བུ་གསུམ་བཞག་ལ་ཆབ་ཀྱིས་བྲན་ཏེ། རང་ཉིད་ཐུན་མཚམས་ཀྱི་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་པས་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བརྗོད། དེ་ནས་གོང་དུ་བཤམས་པའི་ཆང་བུ་འབྲུ་གསུམ་བརྗོད་པས་བདུད་རྩིར་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། དེ་ནས། རང་ཉིད་ཐུན་མཚམས་ལྷག་པའི་ལྷར་གསལ་བའི། མདུན་དུ་སྣ་

p. 359

ཚོགས་པད་གདན་གསུམ་གྱི་སྟེང༌། །ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་པོ། །སྐུ་མདོག་མཐིང་དམར་ལྗང་ངམ་དཀར་དམར་སེར། །ཡང་ན་གསུམ་ག་སྔོ་སངས་རབ་དྭངས་པ། །ཞལ་གཅིག་ཕྱག་གཉིས་གཡས་པ་རིན་པོ་ཆེའི། །རབ་མཛེས་བུམ་པ་ནོར་བུས་གང་བ་དང༌། །གཡོན་པས་ནོར་བུ་འབར་བས་སངས་རྒྱས་ལ། །མཆོད་ཅིང་འགྲོ་ལ་དགོས་འདོད་སྩོལ་བ་འཛིན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དབུ་རྒྱན་ཅན། །ཞལ་འཛུམ་ཤ་རྒྱས་ནུ་འབུར་ཟུང་གིས་མཛེས། །རབ་དཀར་སྲབ་འཇམ་དར་གྱིས་སྟོད་གཡོགས་ཤིང༌། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དུ་མ་གསོལ། །ཡིད་འོང་རིན་ཆེན་དུ་མས་སྤྲས་པའི་སྐུ། །རྣམ་གསུམ་མངོན་སུམ་ལྟ་བུར་གསལ་བར་གྱུར། །ཅེས་བརྗོད་ལ་བསམ། དེ་ནས། ཨོཾ་ཨ་ན་ལེ་ཀུཎྜ་ལི་མ་ཧཱ་གྲྀཧྞ་བྷནྡྷ་ཡེ་སྭཱ་ཧཱ། ཨོཾ་གྲྀཧྞ་བྷནྡྷ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཨོཾ་ཤུ་ཀྲ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་གསུམ་པོ་འདི་ལན་གསུམ་མམ་བདུན་བརྗོད་ལ་དབུལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔས་མཆོད་པར་བསམས་ལ། ཨོཾ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བརྗོད། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། དུར་ཁྲོད་ཤིང་དྲུང་ནགས་ཚལ་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟའི་མཁའ་འགྲོ་མ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་མཛད་པའི་ལྷ། །སྣ་ཚོགས་སྐུར་སྟོན་ཡིད་བཞིན་ནོར་འདྲའི་ལྷ། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང༌། །མི་ཟད་གཏེར་ལས་གྲུབ་པའི་བུམ་པ་འཛིན། །འདོད་ཡོན་ཅི་འདོད་འབྱུང་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ཤ་ཟ་མཁའ་འགྲོ་ཁྱེད་གསུམ་གྱིས། །བདག་གིས་དངོས་བཤམས་ཡིད་སྤྲུལ་འདི་བཞེས་ལ། །བདག་གཞན་དོན་དུ་བྱང་ཆུབ་སྒྲུབ་པ་ཡི། །སྦྱིན་པའི་ཕ་རོལ་ཕྱིན་འབྲས་བསོད་

p. 360

ནམས་ནི། །ཡོངས་སུ་རྫོགས་པར་བགྱི་བའི་དོན་སླད་དུ། །བདག་གི་ཟས་ནོར་ལོངས་སྤྱོད་རབ་འཕེལ་ཞིང༌། །དེ་ཉིད་ལོག་པའི་འཚོ་བར་མི་འགྱུར་བར། །ཆོས་སྒྲུབ་གྲོགས་སུ་འགྱུར་བར་མཛད་དུ་གསོལ། །ཞེས་བརྗོད། དེ་ནས་ལྷ་མོ་མཆེད་གསུམ་བདག་ལ་ཤིན་ཏུ་དགེས་པའི་ངང་ནས་མི་སྣང་བར་གྱུར་པར་བསམས་ལ་དགེ་བ་བསྔོ་བར་བྱའོ། །གཉིས་པ་རྒྱུན་དུ་བཟླས་པ་ལ་བརྟེན་ནས་སྒྲུབ་པ་ནི། ཏདྱ་ཐཱ། ཨོཾ་ཚ་མེ་ཨུ་མེ་ནི་དུ་ཁ་ཐན་སྭཱ་ཧཱ། ཞེས་པའི་སྔགས་འདི་སྲོད་ལ་བཞི་བརྒྱ་ཙམ་རེ་དུས་རྒྱུན་དུ་མ་ཆག་པར་བཟླའོ། །ནོར་ལྷ་མཆེད་གསུམ་གྱི་སྒྲུབ་ཐབས་ཉམས་སུ་བླངས་པའི་ཕན་ཡོན་ནི། ཆོས་དང་མཐུན་པའི་ཟས་གོས་ནོར་གསུམ་གྱིས་མི་ཕོངས་ཤིང༌། དགེ་བཤེས་དང་མི་ཆེན་སོགས་དབང་དུ་འདུ་བ་དང༌། མི་ཐམས་ཅད་གུས་པར་འགྱུར་ཞིང༌། ཐ་ན་ཁྱི་ལ་སོགས་པས་ཀྱང་བྱམས་པར་བྱེད་པ་དང༌། འབྱུང་པོ་ཐམས་ཅད་ཀྱང་མཐུན་གྲོགས་བྱེད་པར་འགྱུར་བར་བཤད་ཅིང༌། ཆང་བུ་ལ་བརྟེན་ནས་སྒྲུབ་པ་འདི་རྒྱུན་དུ་མ་ཆག་པར་བགྱིས་ན་འཆི་བ་བསླུ་བའི་མཆོག་ཀྱང་ཡིན་པར་གསུངས་སོ། །ཞེས་པ་འདི་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པ་མཐར་ཕྱིན་པའི་རབ་འབྱམས་སྨ་བ་དགེ་སློང་རྡོ་རྗེ་འཛིན་པ་དགེ་འདུན་འོད་ཟེར་དང༌། དུལ་བའི་སེམས་ལྡན་རབ་འབྱམས་པ་ཚུལ་ཁྲིམས་བཟང་པོ་དང༌། བརྟན་པའི་སེམས་ལྡན་དགེ་ཚུལ་བྱམས་པ་བཟང་པོ་རྣམས་ཀྱིས་བསྐུལ་བའི་ངོར། རབ་འབྱམས་རྒྱལ་བའི་རྣམ་འཕྲུལ། ཁམས་གསུམ་འགྲོ་བའི་འདྲེན་པ། དུས་གསུམ་མཁྱེན་པའི་བཤེས་གཉེན། མཚན་ཐོས་པར་དཀའ་བ་རྗེ་བཙུན་མུས་ཆེན་སངས་རྒྱས་རྒྱལ་མཚན་པའི་ཞབས་རྡུལ་སྤྱི་བོས་ལེན་པ་ཤྲཱི་ས་སྐྱ་པ་ཤཱཀྱའི་བཙུན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ཆོས་སྐོར་འདིའི་ཡིག་ཆ་རྙིང་པ་རྣམས་ལ་ཤིན་ཏུ་འདྲིས་པར་བྱས་ནས་བླ་

p. 361

བྲང་ཕུན་ཚོགས་གླིང་གི་ཐོས་བསམ་འབྲུག་སྒྲ་ཚལ་གྱི་ཀུན་གསལ་བདེ་ཆེན་ཕོ་བྲང་དུ་བྲིས་པའོ། །སྔོན་ནས་ཤེས་བྱའི་ཚོགས་ལ་ལེགས་སྦྱངས་པས། །ཚེ་འདིར་རབ་གསལ་བློ་གྲོས་དང་ལྡན་ཕྱིར། །གདམས་པ་ཟབ་མོ་ཡི་གེར་བྲིས་འདི་ལ། །འགལ་དང་འཁྲུལ་པའི་ཉེས་པ་མེད་སྙམ་སེམས། །འོན་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་ཕྱིར། །ནོངས་པ་མཆིས་ན་བླ་མ་མཁའ་འགྲོར་བཤགས། །འདིར་འབད་དགེ་བས་ཆོས་དང་མཐུན་པའི་དོན། །ཐམས་ཅད་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །དཔལ་ས་སྐྱ་པའི་ཟབ་ཆོས་ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་མན་ངག་ཙཀྲ་ལ་བརྟེན་ནས་དབང་སྡུད་ཟབ་མོའི་ལག་ལེན་གསལ་བར་བཀོད་པའི་ཡི་གེ་བསམ་འཕེལ་ནོར་བུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་དྷྭ་ཛཱ་ཡ། རྗེ་བཙུན་བླ་མའི་ཞབས་ལ་གུས་བཏུད་ནས། །ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་གྱི། །ཙཀྲ་ལ་བརྟེན་དབང་སྡུད་ཟབ་མོ་ཡི། །ལག་ལེན་བསམ་འཕེལ་ནོར་བུ་འདིར་སྤེལ་ལོ། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་རིན་པོ་ཆེ་ལ་སོགས་པའི་སྣོད་བཟང་པོ་གསུམ་དུ་གཏོར་མ་དཀར་གཏོར་ཟླུམ་པོ་གསུམ་ཆང་གིས་སྦྲུས་པ་ལ་དཀར་དམར་གྱི་རྒྱན་ཅི་མཛེས་ཀྱིས་བརྒྱན་པ་ཀུན་གྱིས་མི་མངོན་པར་བྱས་ལ་བཤམ། སྣོད་གཞན་ཞིག་ཏུ་མཚམས་མ་གྲོལ་གྱི་བར་གྱི་ཐུན་གཏོར་གསོ་ཆས་ཀྱི་ཆང་བུ་ལག་གཡོན་གྱིས་བཟོས་པ་མང་དུ་བཅུག་ལ་གཞག གཏོར་མའི་རྒྱབ་ཏུ་མཎྜལ་ནས་ཀྱི་ཚོམ་བུ་ལྔའམ་བཅུ་བཀོད་པ་ལ་རོ་རས་སམ་ཤིང་ཤུན་སོགས་ལ་བྲིས་པའི་དབྱུ་གུ་མ་མཆེད་གསུམ་གྱི་བྲིས་སྐུ་རབ་གནས་ཅན་བཞུགས་སུ་གསོལ། གཏོར་མའི་མདུན་དུ་མཆོད་པའི་བྱེ་བྲག་འབྱོར་ཚད་བཤམས་ཏེ། རྒྱ་དཔངས་མི་ཆུང་བ་བྱེད་པ་རྟེན་འབྲེལ་གྱི་གནད་ཡིན་ནོ། །དབང་སྡུད་ཙཀྲ་ལག་ལེན་ལྟར་

p. 362

བྲིས་པ་ཡང་སྟ་གོན་བྱའོ། །གཉིས་པ་དངོས་གཞི་ལ། རང་སྟན་བདེ་བ་ལ་རྟེན་ལ་ཁ་ཕྱོགས་བར་འདུག་སྟེ། སྐྱབས་འགྲོ་སྤྱི་དང་མཐུན་པ་ལན་གྲངས་ཉེར་གཅིག་ལ་སོགས་པ་བྱས་ལ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས་པས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར། ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་འབར་བས་ཡོངས་སུ་བསྐོར་བའི་སྲུང་འཁོར་གྱི་དབུས་སུ་པདྨ་ཉི་མ་དྲག་པོ་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་ལ་ཕུག་འཛིན་པ། མགོ་བོ་གཡོན་ཕྱོགས་སུ་བསྟན་པ་འགྱེལ་བའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་རྣམས་འོད་ཟེར་སྔོན་པོའི་རྣམ་པར་ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་ཏེ་འཛིན་པ། གཡོན་དང་པོས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཞགས་པ་དང༌། ཕྱག་འོག་མ་གཉིས་ཀྱིས་རང་གི་ཕྱག་རྒྱ་ཐུགས་ཀར་བསྣོལ་བ། ཞལ་མཆེ་བ་གཙིགས་ཤིང་

p. 363

ལྗགས་འདྲིལ་བ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༌། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། རིན་པོ་ཆེའི་རྒྱན་དང༌། སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། སྐུ་ཆེ་ཞིང་ཡན་ལག་རགས་པ་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཁྲོ་བོའི་རྒྱལ་པོའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་རང་ལ་ཐིམ། ཞེས་བརྗོད་ཅིང་བསམས་ལ། ཨོཾ་བྷཱུ་ཏ་ཌཱ་མ་ར། བྷཱུ་ཏ་ཨ་དྷི་པ་ཏི། ཨཀྵོ་བྷྱཿཀི་རཱི་ཊི་ཎ། སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙི་ན་ཨུཏྶཱ་དྷཱ་ཡ་ཧཱུྃ་ཕཊ། ཅེས་དང༌། ཧཱུྃ་བཛྲ་ཕཊ། ཅེས་པའི་སྔགས་རིང་ཐུང་གཉིས་བརྒྱ་རྩ་ལ་སོགས་པ་བཟླས་ལ། དེ་ནས་བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པས་འདོད་དོན་ལ་གསོལ་བ་བཏབ་ལ། གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ་

p. 364

ཞེས་བརྗོད། །དེ་ནས་མཎྜལ་གྱི་སྟེང་གི་བྲིས་སྐུ་ལ་དམིགས་ཏེ། ངག་ཏུ། རང་ཉིད་ཁྲོ་བོའི་རྒྱལ་པོའི་སྐུར་གསལ་བའི། །མདུན་དུ་སྣ་ཚོགས་པད་གདན་གསུམ་གྱི་སྟེང༌། །ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་པོ། །སྐུ་མདོག་མཐིང་དམར་ལྗང་ངམ་དཀར་དམར་སེར། །ཡང་ན་གསུམ་ག་སྔོ་སངས་རབ་དྭངས་པ། །ཞལ་གཅིག་ཕྱག་གཉིས་གཡས་པ་རིན་པོ་ཆེའི། །རབ་མཛེས་བུམ་པ་ནོར་བུས་གང་བ་དང༌། །གཡོན་པས་ནོར་བུ་འབར་བས་སངས་རྒྱས་ལ། །མཆོད་ཅིང་འགྲོ་ལ་དགོས་འདོད་སྩོལ་བ་འཛིན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དབུ་རྒྱན་ཅན། །ཞལ་འཛུམ་ཤ་རྒྱས་ནུ་འབུར་ཟུང་གིས་མཛེས། །རབ་དཀར་སྲབ་འཇམ་དར་གྱིས་སྟོད་གཡོགས་ཤིང༌། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དུ་མ་གསོལ། །རབ་མཛེས་རིན་ཆེན་དུ་མས་སྤྲས་པའི་སྐུ། །རྣམ་གསུམ་མངོན་སུམ་ལྟ་བུར་གསལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ལ། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་ནས་ནོར་གྱི་ལྷ་མོ་དབྱུ་གུ་མ་མཆེད་གསུམ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པས་ཡེ་ཤེས་པའི་ངོ་བོར་གྱུར། ཅེས་བརྗོད་ཅིང་བསམས་ལ། དེ་ནས་ལྷ་མོ་དེ་གསུམ་གྱི་ཐུགས་རྒྱུད་བསྐུལ་ཞིང་རང་གི་བཀའ་ཉན་པར་བསམས་ལ། ངག་ཏུ་གསུང་གི་མཁའ་འགྲོ་དམར་མོའི་སྔགས། ཨོཾ་ཨི་ལི་ཀི་ལི་པི་ལི་ཀི་ཀི་ལི་སྭཱ་ཧཱ། ཞེས་དང༌། སྐུའི་མཁའ་འགྲོ་མ་ལྗང་གུའི་སྔགས། ཨོཾ་ཨ་ན་ལེ་ཀུཎྜ་ལི་གྲྀཧྞ་པིཎྜ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་དང༌། ཐུགས་ཀྱི་མཁའ་འགྲོ་མ་སྔོན་མོའི་སྔགས། ཨོཾ་ན་མ་ཤུ་ཀྵ་ཎ་བ་སུ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་གསུམ་པོ་འདི་དུས་རྒྱུན་པའི་སྐབས་སུ་ཅི་ནུས་བཟླས་པས་རུང་ལ། བསྙེན་པའི་སྐབས་སུ་སྔགས་གསུམ་པོ་འདི་ལྷན་ཅིག་ཏུ་ཞག་ཉེར་གཅིག་བཟླ་བའམ་ཡང་ན་སྐུ་གསུང་

p. 365

ཐུགས་ཀྱི་སྔགས་གསུམ་པོ་སོ་སོར་བྱས་ལ་ཞག་བདུན་བདུན་དུ་ངག་བཅད་དེ་བཟླ་བར་བྱའོ། །དེ་ལྟ་བུའི་ཞག་ཉེར་གཅིག་ཏུ་བྱས་པ་འདི་ནི་བསྙེན་པ་རབ་ཀྱི་དུས་ཀྱི་ཚད་ཡིན་ལ། འབྲིང་ཞག་བརྒྱད། ཐ་མ་ཞག་གསུམ་གྱིས་ཀྱང་ཆོག་པར་བཤད་ཅིང༌། དེ་གཉིས་ལ་ཡང་སྔགས་གསུམ་ལྷན་ཅིག་ཏུ་བཟླ་བའམ་སོ་སོར་བཟླ་བ་ནི་གང་བདེ་ཡིན་ནོ། །དེ་ལྟ་བུའི་བསྙེན་པའི་སྐབས་འདིར་ཐུན་གསུམ་གྱི་བྱ་བས་ཉམས་སུ་བླང་བར་བྱ་སྟེ་ཐུན་ལས་ལྡང་བ་དང་གོང་དུ་བཤམས་པའི་གཏོར་མ་གསུམ་ཆང་གིས་སྦྱངས་པ་ལ། ངག་ཏུ། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། མང་དུ་བརྗོད་པས་བྱིན་གྱིས་བརླབས་ལ། དེ་ནས། ཨོཾ་ཨི་ལི་ཀི་ལི་པི་ལི་ཀི་ཀི་ལི། ཨ་ན་ལེ་ཀུཎྜ་ལི་གྲྀཧྞ་བྷནྡྷ་པི་ཤཱ་ཙི་ན་ཡེ། ན་མ་ཤུཀྵ་ཎ་བ་སུ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་མམ་བདུན་གྱིས་དབུལ། དེ་ནས་བསྟོད་ཅིང་གསོལ་བ་གདབ་པ་ནི། ངག་ཏུ། ཧཱུྃ། དུར་ཁྲོད་ཤིང་དྲུང་ནགས་ཚལ་ཆེན་པོ་རུ། །ལྷག་པར་གནས་བཅས་ཤ་ཟའི་མཁའ་འགྲོ་མ། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་མཛད་པའི་ལྷ། །སྣ་ཚོགས་སྐུར་སྟོན་ཡིད་བཞིན་ནོར་འདྲའི་དཔལ། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང༌། །མི་ཟད་གཏེར་ལས་གྲུབ་པའི་བུམ་པ་འཛིན། །འདོད་ཡོན་ཅི་འདོད་སྩོལ་ལ་བསྟོད་པར་བགྱི། །ཇི་ལྟར་བསམ་པའི་དོན་རྣམས་གྲུབ་པར་མཛོད། །གནོད་སྦྱིན་ཤ་ཟ་མཁའ་འགྲོ་ཁྱེད་རྣམས་ཀྱིས། །བདག་གི་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གཞན་དོན་དུ་བྱང་ཆུབ་སྒྲུབ་པ་ཡི། །སྦྱིན་པའི་ཕ་རོལ་ཕྱིན་འབྲས་བསོད་ནམས་ནི། །ཡོངས་སུ་རྫོགས་པར་བགྱི་བའི་དོན་སླད་དུ། །བདག་གི་ཟས་ནོར་ལོངས་སྤྱོད་རབ་འཕེལ་ཞིང༌། །དེ་ཉིད་ལོག་པའི་འཚོ་

p. 366

བར་མི་འགྱུར་བར། །ཆོས་སྒྲུབ་གྲོགས་སུ་འགྱུར་བར་མཛད་དུ་གསོལ། །ཞེས་བརྗོད། དེ་ནས་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཏེ་ནོར་ལྷ་མཆེད་གསུམ་གྱི་བྲིས་སྐུ་ལ་བརྟན་བཞུགས་བྱས་ལ། གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་ལྷ་མཆེད་གསུམ་འགྲུབ་གྱུར་ནས། །འགྲོ་ཀུན་དབང་དུ་འདུ་བ་དང༌། །ཀུན་ཀྱང་ཆོས་ལ་སྤྱོད་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱས་ནས་སྤྱོད་ལམ་ལ་འཇུག་གོ །ཐུན་གཉིས་པ་མན་ཆད་ལ་གོང་དུ་སྟ་གོན་བྱས་པའི་ཆང་བུ་གསུམ་གྱིས་གཏོར་མ་གསུམ་པོ་ཁ་གསོས་ལ་ཆང་གིས་སྦྱང་བར་བྱའོ། །དེ་ལྟར་ཉམས་ལེན་ལ་བརྩོན་པར་བྱས་པས། བུད་མེད་ཚུལ་བཟང་ཟས་སྟེར་དང༌། །རྟགས་བཟང་འཐོན་ནས་ལས་ལ་སྦྱར། །ཅེས་འཕགས་པ་ཀླུ་སྒྲུབ་ཀྱིས་ཤ་ཟ་མོ་རིག་པ་འཛིན་པའི་རྟོག་པ་ལས་ཕྱུང་ནས་གསུངས་པ་ལྟར་དངོས་སམ་ཉམས་སམ་རྨི་ལམ་དུ་བུད་མེད་མང་པོས་ཕྱག་དང་བཀུར་བསྟི་བྱེད་པ་དང༌། བུད་མེད་མཛེས་མས་བདག་ལ་ཟས་ནོར་སྟེར་བ་དང༌། གཏེར་རྙེད་པ་སོགས་བྱུང་ན་འགྲུབ་པའི་རྟགས་ཡིན་ལ། བུད་མེད་ཀྱིས་འཐབ་པ་དང༌། ནོར་འཕྲོག་པ་སོགས་རྨིས་ན་བར་ཆད་འོང་བའི་རྟགས་ཡིན་པས་ཡི་དམ་གྱི་བཟླས་བསྒོམ་སོགས་དགེ་སྦྱོར་ལ་འབད་པར་བྱའོ། །དེ་ལྟར་བསྙེན་པ་རབ་འབྲིང་ཐ་གསུམ་སྔོན་དུ་སོང་ནས། དེ་ནས་དབང་སྡུད་ཀྱི་ཙཀྲ་བསྒྲུབ་པའི་ཚུལ་འདི་ལྟར་བྱ་སྟེ། གོང་དུ་སྟ་གོན་བྱས་པའི་ཙཀྲ་ལག་ལེན་ལྟར་བྲིས་པ་རང་གི་མདུན་དུ་གོས་དར་སོགས་གཞི་དམར་པོའི་སྟེང་དུ་གཞག ཉི་མ་གསུམ་དུ་ཐུན་གསུམ་གྱི་བྱ་བས་གོང་དུ་བསྟན་པ་ལྟར་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་རང་ཉིད་ཁྲོ་བོའི་དབང་པོ་དཔལ་ཕྱག་ན་རྡོ་རྗེ་བསྒོམ་ཞིང་བཟླས་པ་བྱ། མདུན་དུ་ནོར་ལྷ་མཆེད་གསུམ་བསྐྱེད་དེ། ཡེ་ཤེས་པ་གཞུག་

p. 367

ཅིང་ཐུགས་རྒྱུད་བསྐུལ་བའི་བཟླས་པ་གཏོར་འབུལ་བསྔོ་བ་སྨོན་ལམ་བཀྲ་ཤིས་ཡན་ཆད་རྫོགས་པར་བཤར་སྒོམ་གྱི་ཚུལ་དུ་བྱས་ལ། ཨོཾ་ཨཾ་པ་ཀཾ་པ་ཞི་པ་ཨ། ཨོཾ་མ་སེ་ལ་དུཾ་པ་ཞི་སྭཱ་ཧཱ། ཞེས་པའི་སྔགས་འདི་ཐུན་རེ་ལ་བརྒྱ་སྟོང་ལ་སོགས་པ་བཟླ་ཞིང༌། ཡང་དྲིལ་ལ་ཉི་མ་གསུམ་པོ་དེའི་བར་ཁྲི་ཕྲག་གཅིག་རྫོགས་པར་བཟླའོ། །སྔགས་བཟླ་བའི་ཚེ་རང་གི་མདུན་གྱི་ཙཀྲ་ལ་ཧ་ཡང་ཡང་གདབ། ཡི་གེ་རྙིང་མ་ལས་དམིགས་ཡུལ་ཙཀྲ་ལ་དགུག་གཞུག་གཟིར་གསུམ་བྱ་བར་བཤད་ཀྱང༌། ཨོཾ་ཨཾ་པ་སོགས་སྔགས་བཟླས་ལ་བསྒྲུབ་བྱ་དམིགས་ཡུལ་དེ་ཡིད་གཟུགས་ཀྱི་རྣམ་པས་འཁོར་ལོ་ལ་ཐིམ་པར་ཡང་ཡང་བསམ་ཞིང༌། དམིགས་ཡུལ་དེ་མྱུར་དུ་དབང་དུ་འདུས་པར་མཛོད་ཅིག་སྙམ་པས་ནོར་ལྷ་མཆེད་གསུམ་ལ་ཡིད་ཀྱིས་ཕྲིན་ལས་བཅོལ་བ་རྟག་ཏུ་བྱ་བ་འདི་ཙམ་གྱིས་དོན་ཚང་བར་སེམས་སོ། །ཐུན་ལས་ལྡང་བ་དང༌། དགེ་བ་འདི་ཡི་བསོད་ནམས་ཀྱིས། །དམིགས་ཡུལ་དབང་དུ་རབ་འདུས་ནས། །བདེ་སྐྱིད་མ་ལུས་འབྱུང་བའི་གཞི། །བདེ་གཤེགས་བསྟན་པ་རྒྱས་པར་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱས་ལ་སྤྱོད་ལམ་ལ་འཇུག་གོ །དེ་ལྟར་འཁོར་ལོ་བསྒྲུབ་པ་མཐར་ཕྱིན་ནས། འཁོར་ལོ་ལེགས་པར་དྲིལ་དར་དམར་པོས་གཏུམ་ཏེ་རང་གི་གོས་ཀྱི་གོང་བ་གཡས་པའི་ནང་དུ་མི་མངོན་པར་བྱས་ཏེ་བཙེམས་ཏེ་བཅང༌། དེ་ལྟར་བྱས་པས་བསྒྲུབ་བྱ་དམིགས་ཡུལ་དེ་དབང་དུ་འདུས་ནས་སྦྱིན་བདག་ཏུ་འགྱུར་བ་ཡིན་ཏེ། ཡི་གེ་རྙིང་པ་ལས། དེས་ཁ་མཆུ་ཟུག་པའང་དབང་དུ་འགྱུར་ན་གཞན་ལ་ལྟ་ཅི་སྨོས་ཞེས་འབྱུང་ངོ༌། །ཙཀྲ་འདི་ནི་ཆ་མང་པོ་དུས་གཅིག་ལ་བསྒྲུབ་ནས་གོས་མང་པོའི་གོང་བར་རེ་རེ་བཙེམས་ཀྱང་རུང་ལ། གོས་རྙིང་པ་འདོར་བ་དང༌། ཙཀྲ་གོས་གསར་པ་ལ་སྤོས་ཀྱང་རུང་གསུངས། གལ་ཏེ་དབང་དུ་མ་འདུས་ནའང་ཙཀྲ་ལག་ལེན་ལྟར་བྲིས་ལ་རབ་

p. 368

གོང་ལྟར་ཞག་གསུམ་དུ་ཐུན་གསུམ་གསུམ་དུ་བྱས་ནས་སྔགས་ཁྲི་ཕྲག་གཅིག་བཟླ་བའམ། དེ་ཙམ་མ་གྲུབ་ན། ཨོཾ་ཨཾ་པ་སོགས་བརྒྱ་སྟོང་ཙམ་བཟླས་ཏེ་ཙཀྲ་ལ་ཧས་བཏབ་ལ། དེ་ནས་ཙཀྲ་དེ་ལ་ཆས་དྲིལ་ལ་རབ་དམིགས་བྱ་དེའི་ཐེམ་འོག་ཏུ་སྦ། དེ་མ་གྲུབ་ན་རང་གི་སྒྲུབ་ཁང་གི་ཐེམ་འོག་ཏུ་སྦས་ཀྱང་རུང་ལ། མཆོད་གནས་དབང་སྡུད་ཡིན་ན་སྒོའི་ཡ་ཐེམ་ལ་སྦ་བ་ཡིན། དེ་ལྟར་བྱས་པས་བསྒྲུབ་བྱ་དམིགས་ཡུལ་དེ་དབང་དུ་མི་འདུས་མི་སྲིད་པར་བཤད་པས་ཡིད་གཉིས་མི་བྱེད་པ་གལ་ཆེ། དེ་ལྟར་དབང་སྡུད་ཟབ་མོའི་བསྙེན་སྒྲུབ་མཐར་ཕྱིན་ནས། གསུམ་པ་རྗེས་ཀྱི་བྱ་བ་ནི། ནོར་ལྷ་འདིའི་སྒྲུབ་ཐབས་ལ་རྣམ་པ་མང་ཡང་རྒྱུན་དུ་བཟླས་པ་དང་ཆང་བུ་ལ་བརྟེན་ནས་བསྒྲུབ་པའི་ཚུལ་ཁོ་བོས་ལོགས་སུ་བྲིས་པ་ལྟར་ཆག་མེད་དུ་ཉམས་སུ་ལེན་པ་དང༌། འདི་སྒྲུབ་པ་དང་གྲུབ་རྟགས་རྣམས་གཞན་ལ་གསང་རྒྱ་དམ་པར་བྱ་ཞིང༌། རང་གི་ཟས་ཕུད་ནས་གཞན་ལ་མི་སྟེར། རྒྱུན་དུ་ཡི་དྭགས་ལ་ཆུ་སྦྱིན་དང༌། ཟས་ཟ་ཁ་སུ་རཱུ་པ་མ་ཆག་པར་བྱ། ཟས་ནོར་ལོངས་སྤྱོད་ཅི་བྱུང་ཡང་སེར་སྣ་དྲག་པོས་བདག་འཛིན་འདོད་རློམས་མི་བྱེད་པར་ཡར་བླ་མ་དཀོན་མཆོག་མཆོད་པ་དང༌། མར་སྡུག་ཕོངས་ལ་སྦྱིན་པ་གཏོང་བ་དང༌། རང་ཆོས་སྒྲུབ་པའི་ཆོས་རྒྱགས་བྱེད་པ་སོགས་ལས་ལོག་འཚོར་མ་སོང་བར་བྱ། རྒྱལ་པོ་སོགས་སྟོབས་ལྡན་དབང་དུ་འདུས་ན་གཙུག་ལག་ཁང་བཞེངས་པ་དང༌། དགེ་འདུན་གྱི་སྡེ་ཆེན་པོ་འཛུགས་པ་སོགས་ལ་འབད་པར་བྱའོ། །འདི་ལྟ་བུའི་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་ཙཀྲ་ལ་བརྟེན་པའི་དབང་སྡུད་ཟབ་མོའི་མན་ངག་ཉམས་སུ་བླངས་པས་བྱེ་བྲག་གི་ཕན་ཡོན་ནི་གོང་དུ་བསྟན་པ་ལྟར་ཡིན་ལ། སྦྱིན་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་མན་ངག་ཟབ་མོ་རྣམས་ཉམས་སུ་བླངས་པའི་ཕན་ཡོན་ནི། བདག་མཐོང་བ་ཙམ་གྱིས་མི་ཐམས་ཅད་དགའ་བར་འགྱུར་བ་དང༌། དགེ་བཤེས་དང་མི་ཆེན་སོགས་ཕོ་མོ་གང་ཡང་རུང་བ་བདག་གི་དབང་དུ་འགྱུར་བ་དང༌།

p. 369

ཐ་ན་བྱིས་པ་ཆུང་ངུ་དང་ཁྱི་ལ་སོགས་པས་ཀྱང་བྱམས་པར་འགྱུར་བ་སོགས་བརྗོད་ཀྱིས་མི་ལང་ངོ༌། །དེ་ལྟར་ཤེས་པར་བྱས་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་དྲག་པོས་ཀུན་ནས་བསླངས་ཏེ། མན་ངག་ཉམས་ལེན་ཟབ་མོ་འདི་ལྟ་བུ་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །དེ་ལྟར་གོང་དུ་བསྟན་པའི་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་ཙཀྲ་ལ་བརྟེན་ནས་དབང་སྡུད་ཟབ་མོའི་མན་ངག་ཉམས་སུ་ལེན་པ་ལ་སྔོན་དུ་མེད་ཐབས་མེད་པའི་འགབ་འདྲེ་མནན་ཚུལ་གྱི་ལག་ལེན་ནི། ཤོག་བུ་ལ་གནོད་སྦྱིན་སྤྱང་མགོ་ཅན་གྱི་གཟུགས་བརྙན་མི་ལུས་ལ་སྤྱང་མགོ་ཅན་གྱི་གཟུགས་གན་རྐྱལ་དུ་བསྒྱེལ་བའི་ལག་མགོ་གཉིས་པུས་མོའི་ཐད་ཀར་སླེབ་པའི་གྲུ་མོ་གཉིས་དང་སྒྱིད་པ་ལྕགས་སྒྲོག་གིས་བསྡམ་ཞིང༌། རྐང་པའང་ལྕགས་སྒྲོག་གིས་བཅིངས་པ་བྲིས་པའི་དཔུང་མགོ་གཉིས་སུ་ཛཿཧཱུྃ་དང༌། ནུ་མའི་བར་དུ་ཛ་ཏྲི་བྲི། ཏྲི་དེ་དང་ནུ་མ་གཡོན་པའི་བར་དུ་ཛཿཡིག་ཟློག་པ་བྲི། ཕོ་བར་མཱ་ར་ཡ། ལྟེ་བར་རྦད། བརླ་གཉིས་ལ་བྃ་ཧོཿ པུས་མོ་གཉིས་ལ་བྲང་རྡུངས་ཞེས་པ་བྲི། གཟུགས་དེའི་མགོ་བོའི་ཐད་ནས་བཟུང་གཡོན་སྐོར་དུ།«་་་་་ཡི་གེ་ཕྲེང་གཉིས་རིམ་སུམ་རིམ་གང་རིགས་ཀྱིས།» སརྦ་ན་ཏྲི་ནི་ཧཱུྃ་ཛཿ ཤ་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ཎི་ཏྲི་ནི་ཧཱུྃ་ཛཿཛཿ གནོད་སྦྱིན་མོ་སྤྱང་མགོ་ཅན། སྟྭཾ་བྷ་ཡ་ནན། ལཾ་ནན། ཧཱུྃ་ནན། མཱ་ར་ཡ་ནན། གནོད་སྦྱིན་མོ་ནོར་ལ་འབྲང་བའི་ལུས་ངག་ཡིད་གསུམ་གྱི་གདུག་རྩུབ་མཱ་ར་ཡ་སྟྭཾ་བྷ་ཡ་ནན། ཞེས་བྲི། འདིའི་ལུས་ལ་བཀོད་པའི་སྔགས་རྣམས་ཡི་གེ་གཟབ་ཆུང་དུ་བྲི་དགོས་ཤིང༌། མཐའ་སྐོར་གྱི་སྔགས་དང་བོད་སྐད་གཉིས་ཀ་ཡི་གེ་དབུ་ཆུང་དུ་བྲིས་པས་ཆོག་ལ། མཐའ་སྐོར་གྱི་སྔགས་བོད་སྐད་གཉིས་ཀ་ཚག་མེད་ཡིག་མགོ་ནང་བསྟན་དུ་བྲིས་པ་དེ་མདུན་དུ་བཞག་ལ། རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ངག་ཏུ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་

p. 370

རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བདེན་པ་དང༌། ཁྱད་པར་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་གྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དེང་འདིར་ནོར་ལྷ་དབྱུ་གུ་མ་མཆེད་གསུམ་བསྒྲུབ་ཅིང་གྲུབ་པ་ལ་རྗེས་སུ་འབྲང་ཞིང་འཁུ་ལྡོག་པ་དང༌། སྒྲུབ་པ་པོའི་འཁོར་གཡོག་ལ་གནོད་པར་བྱེད་པའི་བགེགས་ཀྱི་རིགས་རྣམས་རྟེན་འདི་ཉིད་ལ་ཐིམ་པར་གྱུར་ཅིག་ཅེས་དང༌། ཛཿཧཱུྃ་བཾ་ཧོཿ ཡང་ཡང་དུ་བརྗོད་པས་དགུག་གཞུག་བྱས་ལ། གཟུགས་དེའི་སྐེའི་མཚམས་ནས་མར་བཅག རྐང་པའི་མགོ་ནས་ཡར་བཅག དེ་ནས་རྐེད་པ་ནས་བཅག་པའི་གཟུགས་དེའི་མགོ་ཕྱོགས་སུ་ཤོག་བུ་བལྟབ་རྩིས་རིམ་གསུམ་དང༌། རྐང་པ་ཕྱོགས་སུ་གཉིས་ཡོད་པར་བྱས་པའི་མགོའི་ཕྱོགས་ཀྱི་ཤོག་བུའི་མཐའ་ཕྱི་དང༌། རྐང་པའི་ཕྱོགས་ཀྱི་ཤོག་བུའི་མཐའ་ནང་དུ་བཅུག་ལ་བལྟབས་པ་རྐེད་པ་ནས་བཅག་པ་སྐུད་པ་སྔོན་དམར་སྣེ་སྦྲེལ་བས་རྒྱ་གྲམ་དུ་བསྡམ་མོ། །དེ་ཡང་ཞི་བ་གཙོ་བོར་བྱེད་ན་དམར་པོ་ནང་ལ་བྱས་ཏེ་ཕྲེད་ལ་བསྡམ། དེའི་ཕྱི་ནས་སྐུད་པ་སྔོན་པོས་དཀྱུས་ནས་བསྡམ། དྲག་པོ་བྱེད་ན་དེ་ལས་གོ་ལྡོག་སྟེ་བསྡམ་མོ། །དེ་ནས་གཟུགས་དེ་རང་གི་མལ་འོག་གམ། སྐུ་རྟེན་གྱི་འོག་ཏུ་མནན། དབང་སྡུད་སོགས་ཤིན་ཏུ་མྱུར་བར་འདོད་ན། མཆོད་རྟེན་ནག་པོའི་འོག་ཏུ་མནན་པ་ཞེས་བྱ་བ་ནི་འཇིམ་པ་ནག་པོ་ལ་སཱཙྪ་བཏབ་པའི་ཁོག་ཏུ་གཟུགས་དེ་བཅུག་ལ་གྲོག་པོ་མགོ་ཟླུམ་དུ་སྦ་བར་བྱའོ། །འདི་ལྟ་བུ་འགབ་འདྲེ་གནོན་པའི་ལག་ལེན་སྒྲུབ་པ་པོ་སུ་ཞིག་གིས་བྱས་པ་དེའི་སློབ་བརྒྱུད་བདུན་ཚུན་ཆད་ཀྱིས་འདིའི་ལག་ལེན་མ་བྱས་ཀྱང་ཉེས་སྐྱོན་མེད་ཅེས་གསུངས་སོ། །དེ་ལྟར་འགབ་འདྲེ་གནོད་སྦྱིན་འདི་མནན་དགོས་པའི་རྒྱུ་མཚན་ནི། ནོར་ལྷ་དབྱུ་གུ་མ་མཆེད་གསུམ་འདི་

p. 371

རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་དུ་བཞུགས་ནས་འཇིག་རྟེན་ནོར་རྫས་ཐམས་ཅད་ཀྱི་བདག་མོའི་ཚུལ་བཟུང་སྟེ་སྒྲུབ་པ་པོ་ལ་ཟས་ནོར་སོགས་གང་འདོད་པའི་རེ་བ་ཡིད་བཞིན་དུ་སྩོལ་བར་མཛད་པ་ལ་གནོད་སྦྱིན་སྤྱང་མགོ་ཅན་འདིས་བགེགས་བྱེད་པས། དེའི་བར་ཆད་ཞི་བར་བྱེད་པའི་ཟབ་ཡིག་འདིའང་མེད་ཐབས་མེད་པའི་མན་ངག་ཡིན་ནོ། །གོང་དུ་དབང་སྡུད་ཟབ་མོའི་ཙཀྲ་འབྲི་བར་བཤད་པའི་ལག་ལེན་ནི་འདི་ཡིན་ཏེ། རྒྱ་ཤོག་ལ་མཚལ་གྱིས་འཁོར་ལོ་རྩིབས་བཞི་པ། རྩིབས་ཀྱི་རྩེ་མཐའ་དང་རྩ་བར་མུ་ཁྱུད་རེ་ཡོད་པ་བྲིས་ལ། རྩིབས་ཀྱི་རྩ་བའི་མུ་ཁྱུད་ཀྱི་ནང་འཁོར་ལོའི་ལྟེ་བར་གང་དམིགས་བྱའི་མིང་བྲིས་པའི་མཇུག་ཏུ་རུས་བརྒྱུད་དང་བཅས་པ་དབང་དུ་སྡུས་ཤིག་ཅེས་བྲི། དེའི་ཡི་གེའི་དབུ་ཕྱོགས་ཀྱི་འཁོར་ལོའི་རྩིབས་དང་པོ་ལ་ཨོཾ་དང༌། དེའི་འོག་ཏུ་ཨཾ༵་པ༵་ཀཾ །ཡི་གེ་དེ་གསུམ་གྱི་འོག་ཏུ་པ༵་ལ༵་བྲི། གཡོན་སྐོར་གྱི་རྩིབས་གཉིས་པ་ལ་ཞི༵་པ༵་ཨ༵་ཞེས་པ་བྲི། རྩིབས་གསུམ་པ་ལ་ཨཾ༵་དང༌། དེའི་འོག་ཏུ་མ༵་སེ༵་ལ༵་ཞེས་པ་བྲི། རྩིབས་བཞི་པ་ལ༵་དུཾ་པ༵་དང༌། དེའི་འོག་ཏུ་པ༵་ཞི༵་སྭཱ༵་ཧཱ།༵ ཞེས་པ་རྣམས་བྲི། རྩིབས་ཀྱི་རྩ་བའི་མུ་ཁྱུད་ལ་ལྟེ་བའི་ཡི་གེའི་དབུ་ཕྱོགས་ནས་དབུ་བཟུང་སྟེ་གཡས་སྐོར་དུ་མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་སྡུས་ཤིག་ཅེས་དང༌། ཁྱད་པར་གང་དམིགས་བྱའི་མིང་དང་རུས་བརྒྱུད་དང་བཅས་པ་དབང་དུ་སྡུས་ཤིག་ཅེས་བྲི། རྩིབས་ཀྱི་རྩེ་མཐའི་མུ་ཁྱུད་ལ་ལྟེ་བའི་ཡི་གེའི་དབུ་ཕྱོགས་ནས་བཟུང་གཡས་སྐོར་དུ། ཙཀྲ་ཤ་ནི་ཙཀྲ་ཤ་ནི། ཀྲོ་ཤ་ནི་ཀྲོ་ཤ་ནི། དྷི་རི་དྷི་རི་སྭཱ་ཧཱ། ཞེས་པ་དང༌། དེའི་མཇུག་ཏུ་གང་དམིགས་བྱའི་རུས་བརྒྱུད་དང་བཅས་པ་དང་མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་སྡུས་ཤིག་ཅེས་པ་བྲི། མུ་ཁྱུད་གཉིས་སྲུབ་མ་ལུས་པར་ཡི་གེས་ཁེངས་པར་བྱེད། ཡི་གེ་ཐམས་ཅད་གཟབ་ཆུང་དུ་བྲི་ཞིང་བྲི་རྫས་མཚལ་ཁོ་ནས་བྱའོ། །དེ་ལྟར་ཙཀྲ་བྲིས་གྲུབ་པ་དང་སྐྱབས་

p. 372

འགྲོ་སེམས་བསྐྱེད་སངས་རྒྱས་ཆོས་ཚོགས་མ་བྱས་ལ། རྟེན་འབྲེལ་སྙིང་པོས་ནས་ལ་བསྔགས་ཏེ་ཙཀྲ་ལ་གཏོར། སུ་པྲ་ཏིཥྛ་བརྗོད་པས་རབ་གནས་དང་བཀྲ་ཤིས་རྒྱས་པར་བྱ་བ་དམ་པ་གོང་མའི་ཕྱག་ལེན་དུ་སྣང་བས་མ་ཆད་པ་གལ་ཆེ་བ་ལགས། དེ་རྣམས་ཀྱིས་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་ནོར་གྱི་ལྷ་མོ་དབྱུ་གུ་མ་མཆེད་གསུམ་གྱི་མན་ངག་ཙཀྲ་ལ་བརྟེན་ནས་དབང་སྡུད་ཟབ་མོའི་ལག་ལེན་ཞར་བྱུང་དང་བཅས་པ་བསྟན་ཟིན་ཏོ། །འདིར་སྨྲས་པ། ཡོངས་རྫོགས་བསྟན་པའི་རྒྱལ་སྲིད་ཆེན་པོ་ལ། །དབང་བསྒྱུར་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ། །བརྒྱུད་པར་བཅས་པའི་ངོ་མཚར་རྣམ་ཐར་ལ། །ཤེས་ནས་དད་པས་ཀུན་ནས་ཕྱག་བགྱིའོ། །ཚད་ལྡན་གོང་མའི་གསུང་རབ་ཆུ་གཏེར་ལས། །བདག་བློ་དད་བརྩོན་ལྡན་པའི་དེད་དཔོན་གྱིས། །ལེགས་པར་བསྡུས་ནས་ཚར་དུ་དངར་བ་འདི། །དགོས་འདོད་འབྱུང་བའི་བསམ་འཕེལ་ནོར་བུ་ཡིན། །དཔལ་ལྡན་ས་སྐྱ་པ་ཡི་རྗེས་འཇུག་ཅེས། །མིང་སྟོང་ཙམ་གྱིས་ཆོག་པར་འཛིན་རྣམས་ལ། །འདི་ལྟའི་ངོ་མཚར་རྣམ་དབྱེ་ལྟ་ཞོག་གི །ཟབ་ཆོས་འདི་ཡི་མིང་ཙམ་ཐོས་པ་མེད། །ཁོ་བོ་སྐྱེས་སྟོབས་བློ་ཡི་མིག་གསལ་ཞིང༌། །ཡོངས་འཛིན་འབྲེལ་ཚད་དོན་ལྡན་གྱིས་བསྐྱངས་པས། །དེང་དུས་ས་སྐྱའི་རྗེ་བཙུན་མཆོག་རྣམས་ཀྱི། །བཞེད་གཞུང་ཟབ་རྒྱས་ཆོས་ཀྱི་བཀའ་བབས་པས། །ཚུལ་འདི་འཛམ་གླིང་འགྲོ་བའི་ལེགས་བྱས་ཀུན། །གཅིག་ཏུ་བསྡུས་པའི་མཐུ་ལས་གྲུབ་མིན་ནམ། །འོན་ཀྱང་སྙིགས་མའི་དུས་འདིར་བདག་སྐྱེས་པས། །དཔེར་ན་ཕྱུགས་དག་འཚོ་བའི་རྫི་བོ་བཞིན། །བླུན་པོ་བརྒྱ་ཕྲག་འཚོགས་པའི་དོ་རྭ་རུ། ཤེས་ལྡན་མཁས་པ་གཅིག་པུར་གནས་པས་ན། །གང་ལའང་རྨོངས་པའི་ནོར་ལྡན་སྐྱེ་བོ་དང༌། །ཁྱད་པར་མེད་པ་བླུན་པོ་འགའ་ཡིས་འཛིན། །དེ་ལྟ་ན་ཡང་བླང་དོར་འབྱེད་ཤེས་པའི། །དཔྱོད་ལྡན་མཁས་རྣམས་གཅིག་ཏུ་དད་མོས་ཀྱང༌། །དུས་ངན་སྐྱེ་བོའི་བསམ་ངན་སྦྱོར་རྩུབ་ཀྱི། །ཆོས་མཐུན་

p. 373

བསམ་དོན་འགྲུབ་པར་དཀའ་བ་དེ། །སྔོན་ལས་ཞེས་བྱའི་གྲགས་ལྡན་དེ་ཡིན་ནོ། །འོན་ཀྱང་དམ་པའི་བཀའ་དྲིན་སྙིང་ལ་ཞུགས། །སྐལ་ལྡན་ཚོགས་ན་ལེགས་བཤད་སྤེལ་བས་ཆོག །གཅིག་པུར་འདུག་ན་སེམས་ལ་བལྟས་པས་ཆོག །ཇི་ལྟར་བྱས་ཀྱང་བདེ་བ་བླ་མའི་དྲིན། །དྲིན་ལན་འཁོར་ཐབས་མེད་པའི་མུས་པ་རྗེས། །ད་དུང་བྱང་ཆུབ་བར་དུ་ཐུགས་རྗེས་སྐྱོངས། །ཞེས་དཔལ་ས་སྐྱ་པའི་ཡབ་ཆོས་ནོར་གྱི་ལྷ་མོ་དབྱུ་གུ་མ་མཆེད་གསུམ་གྱི་མན་ངག་ཙཀྲ་ལ་བརྟེན་ནས་དབང་སྡུད་ཟབ་མོའི་ལག་ལེན་གསལ་བར་བཀོད་པའི་ཡི་གེ་བསམ་འཕེལ་ནོར་བུ་ཞེས་བྱ་བ་འདི་ནི། ངེད་རང་དཔལ་ས་སྐྱ་པའི་རྗེ་བཙུན་གོང་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་དེ་རྣམས་ཡོངས་རྫོགས་བསྟན་པའི་མངའ་བདག་ཏུ་གྱུར་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པའི་མན་ངག་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བ་ཡིན་མོད་ཀྱང༌། དེང་སང་གི་རྗེས་འཇུག་རྣམས་དོན་གཉེར་ཞན་པས་ལག་ལེན་གྱི་འཕྲང་ལ་བརྡུགས་ཤིང༌། གཞན་ཕྱོགས་ཀྱི་གྲུབ་མཐའི་སྲོལ་འཛིན་དོན་གཉེར་ཅན་འགའ་ཞིག་གིས་ངོམས་ཟས་བྱེད་པར་མཐོང་ནས། ས་སྐྱ་པ་ལ་ཞེན་ཕོ་རུས་དང་ལྡན་པའི་རྗེས་འཇུག་རྣམས་ལ་ཕན་པའི་བསམ་པས་ཀུན་ནས་བསླངས་ཤིང༌། ལྷག་པར་མན་ངག་འདི་ལ་དོན་གཉེར་བློ་མཆོག་དང་ལྡན་པ་ཤཱཀྱའི་དགེ་སློང་རཏྣའི་མཐའ་ཅན་གྱིས་ཡུན་རིང་མོ་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོས་ལེན་པ་དཔལ་ས་སྐྱ་པ་ཤཱཀྱའི་དགེ་སློང་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་རྒྱ་གར་ལུགས་ལ་སིདྡྷཱརྠ་ཞེས་པ་དོན་གྲུབ་དང༌། རྒྱ་ནག་ལུགས་ལ་ས་མོ་ལྕག་གི་ལོ་ཕལྐུ་ནི་ཀཿཞེས་པ་དབོ་ཟླ་བའི་དཀར་ཕྱོགས་རྫོགས་པའི་ཚེས་ལ་དཔལ་ས་སྐྱ་པའི་གནས་མཆོག་ཆུ་མིག་རྫིང་ཁའི་བླ་བྲང་བདེ་མཆོག་

p. 374

ཕོ་བྲང་གི་ཡང་རྩེར་སྦྱར་བ་འདིས་འཕྲལ་དང་ཡུན་དུ་དགེ་ལེགས་སུ་གྱུར་ཅིག །ཡང་སྨྲས་པ། བསྟན་དང་འགྲོ་ལ་ཕན་པའི་ལྷག་བསམ་གྱིས། །ཟབ་དོན་མ་སྦས་གསལ་བར་བཤད་འདི་ལ། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་ནས་ཀྱང༌། །ཁམས་གསུམ་དབང་དུ་འདུས་པའི་ཕྲིན་ལས་མཛོད། །འགྲོ་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག། །།སརྦ་མངྒ་ལཾ།། །།

དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་ངག་འདོན་སྙིང་པོ་གསལ་བ།

p. 375

དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་ངག་འདོན་སྙིང་པོ་གསལ་བ་ཞེས་བྱ་བ་བཞུགས་སོ།།

p. 376

ན་མོ་གུ་རུ་ཤྲཱི་ཧེ་བཛྲཱ་ཡ། བསྡུས་པའི་ཚུལ་གྱིས་དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་བསྒོམ་པར་འདོད་པས། བདེ་བའི་བསྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སེམས་ཅན་

p. 377

ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་སོགས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་ཧཱུྃ་ལས་ཐོད་པ་དུམ་བུ་གསུམ་པ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེའི་གཡོན་ཏུ་ཨྃ་ལས་གྲི་གུག་སྔོ་ནག་ཡུ་བ་ལ་ཨྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་དཔལ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་སྔོན་པོ། གཡས་དཀར། གཡོན་དམར། སྟེང་ཞལ་དུད་ཀ ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་

p. 378

པ་ན་གླང་སེར་པོ། ལྔ་པ་ན་རྔ་མོ་ཐལ་ཀ དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་བླ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་དགུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་འཛིན་སེར་པོ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། སྒེག་ཅིང་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་ངམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་ཏུ་བརྫེས་པ། གཡས་གྲི་གུག གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔལ་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག

p. 379

ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་དབུར་བརྒྱན། ཞེས་བརྗོད་ཅིང་བསམས་ལ་ལྷའི་ང་རྒྱལ་དང་གསལ་སྣང་ལ་སེམས་བཟུང༌། དེ་ནས་བཟླས་པ་བྱ་བར་འདོད་པས། ཡུམ་གྱི་ཐུགས་ཀའི་ཨྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་ཞལ་ནས་འཐོན་ཡབ་ཀྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་སྟེ་ཡུམ་གྱི་པདྨར་ཞུགས། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཏེ་རྒྱུན་མི་ཆད་པར་འཁོར་བས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམས་ལ། ཨོཾ་ཨཥྚཱ་ན་ནཱ་ཡ། པིངྒ་ལོརྡྷྭ་ཀེ་ཤ་ཝརྟམ་ནེ། ཙ་ཏུརྦིངྴ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ། ཨདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྟུ་དཾ་ཥྚཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫཛ་ཡ་གརྫཛ་ཡ། ཏརྫཛ་ཡ་ཏརྫཛ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བནྡྷ་བནྡྷ། ནཱ་གཱནྟུ་ཀཱ་ན། གྲྀཧྞ་གྲྀཧྞ། ཤ་ཏྲཱུན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། ཞེས་ཉི་ཤུ་རྩ་གཅིག་སོགས་ཅི་ནུས་དང༌། སྤྲོ་ན། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང༌། ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླས་མཐར་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྙིང་པོ་ཀྱེ་རྡོ་རྗེའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཀྱི་ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ལ་ཐིམ། རང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་ནས། ཐུགས་རྡོ་རྗེ་མ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དགེ་བ་འདི་ཡིས་མྱུར་དུ་བདག །དགེས་པ་རྡོ་རྗེ་འགྲུབ་གྱུར་ནས་སོགས་དང༌། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་

p. 380

དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའི་ཚེ་རང་དང་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་ཤེས་པས། ཟས་ཡེ་ཤེས་ཀྱི་བདུད་རྩིས་སྙིང་གའི་ཧཱུྃ་ལྷ་ཐམས་ཅད་ཀྱི་ངོ་བོར་མཆོད་པའི་བསམ་པས་ལོངས་སྤྱད། ནུབ་མོ་ལྷར་སྣང་འོད་གསལ་གྱི་དབྱིངས་སུ་སྦྱངས་ཏེ་ཉལ། ཐོ་རངས་ལྷའི་ང་རྒྱལ་གྱིས་ལྡངས་ཏེ་ལམ་ཟབ་མོའི་རྣལ་འབྱོར་ལ་འཇུག་པར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ལུགས་འདི་ལ་ཚད་མར་གྱུར་པའི་གཞུང་ལས་བཏུས་ཏེ་བྱ་བྲལ་བ་མཉྫུ་གྷོ་ཥས་བྲིས་པའི་དགེ་བས་འགྲོ་ཀུན་དཔལ་ཧེ་རུ་ཀ་དགེས་པ་རྡོ་རྗེའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།

དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་ལ་ལུས་དཀྱིལ་དང་ལམ་དུས་ཀྱི་སྦྱར་བའི་ངག་འདོན།

p. 381

དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་ལ་ལུས་དཀྱིལ་དང་ལམ་དུས་ཀྱི་སྦྱར་བའི་ངག་འདོན་དང༌། ཞར་བྱུང་ལུས་དཀྱིལ་རྐྱང་པ་ཉམས་སུ་ལེན་ཚུལ་བཅས་བཞུགས་སོ། །ན་མོ་གུ་རུ་ཝེ། དཔལ་ཀྱེ་རྡོ་རྗེ་གཙོ་རྐྱང་གི་མངོན་རྟོགས་ལ་ལུས་དཀྱིལ་དང་ལམ་དུས་ཀྱི་དབང་སྦྱར་བའི་ངག་འདོན་ནི། སྐྱབས་འགྲོ་སེམས་བསྐྱེད་དང༌། རང་སྐད་ཅིག་གིས་སོགས་ནས་བཏང་སྙོམས་ལ་གནས་པར་གྱུར་ཅིག་བར་འདྲ། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་ཧཱུྃ་དང་ཨྃ་ལས་ཐོད་པ་དང་གྲི་གུག་ཧཱུྃ་དང་ཨྃ་གིས་མཚན་པ་ལས་རང་ཉིད་དཔལ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོགས་ནས་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་ནས་ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ་པའི་རྐྱེན་གྱིས་ལུས་དཀྱིལ་བསྐྱེད་པ་དང༌། དབང་ལྷ་སྤྱན་དྲངས་ནས་དབང་བླང་བ་རྣམས་རྒྱས་པར་བྱས་མཐར། ཆུའི་ལྷག་མ་ཡར་ལུད་པ་ལས་ཕྱིའི་ཧེ་རུ་ཀ་ཡབ་ཡུམ་ལ་མི་བསྐྱོད་པ། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན། འཁོར་དམིགས་གསལ་བཏབ་ནས་ཨཥྚ་ཅི་ནུས་བཟླ། བདེ་བར་གཤེགས་པ་སོགས་ཀྱིས་འདོད་དོན་གསོལ། སྐྱེ་མཆེད་བསྲུངས་ཏེ་བསྔོ་སྨོན་བྱ། གཙོ་རྐྱང་གི་སྐབས་སུ་བསོད་ནམས་ཚོགས་བསག་ཚད་མེད་བཞི་ཙམ་གྱིས་ཆོག་པར་བཤད་ཀྱང་ལམ་དུས་ཀྱི་དབང་དང་འབྲེལ་ན་རྒྱུན་བཤགས་སྡོམ་བཟུང་ངེས་པར་དགོས་ཞེས་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་སོགས་ཀྱིས་གསུངས་པ་དོན་ལ་གནས་སོ། །ལམ་དུས་ཐུན་བཞི་སོགས་ལེན་མཁན་རྣམས་ཀྱིས་

p. 382

ཐུན་བར་མ་ལ་དབང་འབྲིང་བསྡུས་བླང་ཆོག་ལ་ཐུན་རེ་ལས་མི་ལེན་ན་རྒྱས་པ་ཁོ་ན་དགོས་པས་འདིར་དབང་རྒྱས་པ་ལེན་རྒྱུ་བྱས་ཡོད་པས། འབྲིང་བསྡུས་གཉིས་ཀྱིས་ཆག་མེད་ཀྱི་གོ་མི་ཆོད་པ་ཤེས་དགོས་སོ། །ཞེས་པ་འདི་ཡང་གོང་མའི་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར་ཝཱ་གིནྡྲ་སུ་སིདྡྷིས་དོན་གཉེར་གྱི་ངོར་བྲིས་པ་དགེ། ༈ །ཡང་ལུས་དཀྱིལ་རྐྱང་པ་ཉམས་སུ་ལེན་ན། སྐྱབས་སེམས། རྡོར་སེམས་བསྒོམ་བཟླས། ཚོགས་ཞིང་སྤྱན་དྲངས་པ་སོགས་འདྲ་བ་ལས་རིགས་ལྔའི་སྡོམ་བཟུང་གི་རྗེས་སུ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་སོགས་ཀྱིས་ཚོགས་ཞིང་རང་ལ་བསྟིམ། གཉིས་སུ་མེད་པར་ཐིམ་པའི་སོགས་ཀྱིས་ལུས་དཀྱིལ་བསྐྱེད། ལམ་དུས་ཀྱི་དབང་བླང་བ་སོགས་དཀྱུས་བཞིན་རིགས་བདག་གི་རྒྱས་འདེབས་གོང་གཙོ་རྐྱང་དང་འདྲ། དེ་ནས་སྤྲོ་ན་ཨཥྚ་ཅུང་ཞིག་བཟླ། བསྔོ་སྨོན་ཇི་ལྟར་རིགས་པར་བྱ། འདི་ནི་རྒྱུད་གསུམ་མཛེས་རྒྱན་དང་བསྟུན་ཏེ་ངག་དབང་ལེགས་གྲུབ་ཀྱིས་བྲིས་པའོ།། །།

དཔལ་ཀྱེ་རྡོ་རྗེ་གཏོར་ཆོག་མཛེས་རྒྱན།

p. 383

དཔལ་ཀྱེ་རྡོ་རྗེ་གཏོར་ཆོག་མཛེས་རྒྱན་བཞུགས་སོ།།

p. 384

ན་མཿཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྡྷཱ་ཡ། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོས་ཡི་དམ་ཆོས་སྐྱོང་ལ་གཏོར་མ་འབུལ་བར་འདོད་པས། གནས་ཁང་བླ་རེ་དང་ཡོལ་བ་ལ་སོགས་པས་བརྒྱན། ཆོས་སྐྱོང་གི་བྲིས་སྐུ་ཡོད་ན་ཞལ་ཤར་རམ་ལྷོར་ཕྱོགས་པར་དགྲམ། དེའི་མདུན་དུ་སྟེགས་བུ་ཇི་ལྟར་རིགས་པ་རས་ལ་སོགས་པས་བཀབ་པའི་སྟེང་དུ་འབྲུ་སྣ་ཚོགས་གཅལ་དུ་བཀྲམ། དེའི་སྟེང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་སམ་ལྔ་ལ་སོགས་པ་པདྨའི་དབྱིབས་ཅན་བསད་ཤ་མ་ཡིན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལ་སོགས་པ་གཙང་ཞིང་བཀོད་པ་མཛེས་པར་བཤམ། རྣལ་འབྱོར་པ་རྣམས་ཀྱི་མདུན་ཏུ། རྡོ་རྗེ་དྲིལ་བུ་དང་ནང་མཆོད་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་མ་ཚང་བ་མེད་པར་བཤམས་ལ། ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ་རྡོ་རྗེའི་རྩེས་ནང་མཆོད་ནས་གཏོར་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་

p. 385

མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཤར་དུ་གོ་ལས་བ་ལང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །ཤ་དེ་རྣམས་རེ་རེའི་སྟེང་དུ་ཡང༌། ཤར་དུ་བྷྲཱུྃ་ལས་དྲི་ཆེན། ལྷོར་ཨཱྃ་ལས་རཀྟ། ནུབ་ཏུ་ཛྲཱིཾ་ལས་བྱང་སེམས། བྱང་དུ་ཁྃ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་ཧཱུྃ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷྲཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོར་ཨཱྃ་མཉམ་པ་ཉིད་ཀྱི་ཡེ་ཤེས། ནུབ་ཏུ་ཛྲཱིཾ་སོ་སོར་རྟོག་པའི་ཡེ་ཤེས། བྱང་དུ་ཁྃ་བྱ་བ་གྲུབ་པའི་ཡེ་ཤེས། དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་བའི་མཐར་གཡོན་སྐོར་གྱིས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿགཡས་སྐོར་གྱིས་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཥ་ཤ་ས་ཧ་ཀྵ། དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་བོ་ཐུར་དུ་བལྟས་པ། དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་

p. 386

ལྟེ་བ་ལ་ཧཱུྃ་གིས་མཚན་པ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པ་རླུང་གི་བ་དན་ལ་ཕོག་པས་རླུང་གཡོས་མེ་སྦར་བས་ཤ་ལྔ་བདུད་རྩི་ལྔ་རྣམས་སྐོལ་ཞིང་འོད་དུ་ཞུ་བའི་རླངས་པ་གྱེན་ལ་སོང་བས། ཨོཾ་དང་རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཕོག་པས་བདུད་རྩིའི་རྒྱུན་འཛག ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་བྱོན་ཏེ་རྡོ་རྗེ་ལྟེ་བའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་འོད་དུ་ཞུ་ནས་སྔར་གྱི་བདུད་རྩི་རྣམས་དང་གཉིས་སུ་མེད་པར་གྱུར་ཏེ་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་གསུམ་མམ་ལྔ་བརྗོད་དེ་བྱིན་གྱིས་བརླབས་ལ། གཏོར་མའི་སྟེང་གི་ནམ་མཁར་ཨེ་ཨེ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་སུམ་བརྩེགས་ཀྱི་ནང་དུ་པྃ་པྃ་པྃ་ལས་པདྨ་འདབ་བརྒྱད་རེ་རེ། སྟེང་གི་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཨོཾ་དགུ་ཡོངས་སུ་གྱུར་པ་ལས་དབུས་སུ་སྐུ་རྡོ་རྗེ། ཤར་དུ་དབང་ཕྱུག་ཆེན་པོ། ལྷོར་ལྷའི་དབང་པོ། ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག ཤར་ལྷོར་འདོད་པའི་རྒྱལ་པོ། ལྷོ་ནུབ་ཏུ་ཚོགས་ཀྱི་བདག་པོ། ནུབ་བྱང་དུ་བྷྲྀངྒི་རི་ཏི། བྱང་ཤར་དུ་གཞོན་ནུ་ཀཱརྟི་ཀ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་རིག་མ་ལ་འཁྱུད་པ། བར་གྱི་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བར་དབུས་སུ་ཧཱུྃ་ལས་དཔལ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་སྔོན་པོ། གཡས་དཀར། གཡོན་དམར། སྟེང་ཞལ་དུད་ཀ ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་

p. 387

དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་སེར་པོ། ལྔ་པ་ན་རྔ་མོ་ཐལ་ཀ དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་ན་བྱི་བླ་གྭ་པ། གཡོན་གྱི་གཉིས་པ་ནི་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་གུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་འཛིན་སེར་པོ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་ངམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་དུ་ཨྃ་ལས་ཡུམ་རྡོ་རྗེ་བདག་མེད་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམ་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་དུ་གྃ་ལས་གཽ་རཱི་ནག་མོ་གཡས་གྲི་གུག གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙྃ་ལས་ཙཽ་རཱི་དམར་མོ་གཡས་ཅང་ཏེའུ། གཡོན་ཕག་པ་འཛིན་པ། ནུབ་ཏུ་བྃ་ལས་བེ་ཏཱ་ལཱི་སེར་མོ་གཡས་རུས་སྦལ། གཡོན་ཐོད་པ་འཛིན་པ། བྱང་དུ་གྷྃ་ལས་གྷསྨ་རཱི་ལྗང་གུ་གཡས་སྦྲུལ། གཡོན་ཐོད་པ་འཛིན་པ། བྱང་ཤར་དུ་པྃ་ལས་པུཀྐ་སཱི་སྔོན་མོ་གཡས་སེང་གེ། གཡོན་དགྲ་སྟྭ་འཛིན་པ། ཤར་ལྷོར་ཤྃ་ལས་རི་ཁྲོད་མ་དཀར་མོ་གཡས་དགེ་སློང༌། གཡོན་གསིལ་བྱེད་འཛིན་པ། ལྷོ་ནུབ་ཏུ་ལྃ་ལས་གདོལ་བ་མོ་སྔོ་དམར་

p. 388

གཡས་འཁོར་ལོ། གཡོན་ཐང་གཤོལ་འཛིན་པ། ནུབ་བྱང་དུ་ཌཱྃ་ལས་གཡུང་མོ་ཁ་དོག་སྣ་ཚོགས་པ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང༌། སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡོན་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། འདབ་མ་བརྒྱད་ལ་ཧཱུྃ་བརྒྱད་ཡོངས་སུ་གྱུར་པ་ལས་ཤར་དུ་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་ཏེ་ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་རིག་མ་ལ་འཁྱུད་པ། འོག་གི་ཆོས་འབྱུང་ལ་གནས་པའི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་ཨཱཿདགུ་ཡོངས་སུ་གྱུར་པ་ལས་དབུས་སུ་གསུང་རྡོ་རྗེ། ཤར་དུ་སྟོབས་ཀྱི་རྒྱུ། ལྷོར་དུང་སྐྱོང༌། ནུབ་ཏུ་མཐའ་ཡས། བྱང་དུ་ནོར་རྒྱས། ཤར་ལྷོར་འཇོག་པོ། ལྷོ་ནུབ་ཏུ་རིགས་ལྡན། ནུབ་བྱང་དུ་པདྨ། བྱང་ཤར་དུ་པདྨ་ཆེན་པོ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་རིག་མ་ལ་འཁྱུད་པ། འབྱུང་པོ་ཉེར་བཞི་པོ་འདི་དག་ཐམས་ཅད་པདྨ་དང་ཉི་མའི་གདན་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་རུས་པའི་རྒྱན་གྱིས་བརྒྱན་པ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟེང་གི་ལྷ་ཐམས་ཅད་ལྷ་ཆེན་བརྒྱད་ལ་ཐིམ། ས་སྟེང་ན་གནས་པའི་སེམས་ཅན་ཐམས་ཅད་ཕྱོགས་སྐྱོང་བརྒྱད་ལ་ཐིམ། ས་འོག་གནས་པའི་སེམས་ཅན་ཐམས་ཅད་ཀླུ་ཆེན་པོ་བརྒྱད་ལ་ཐིམ། དེ་ཐམས་ཅད་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་

p. 389

དཔའ་ཐམས་ཅད་ཀྱེ་རྡོ་རྗེ་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་དང་བཅས་པའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿཞེས་དང་སེ་གོལ་གྱི་སྒྲས་སྤྱན་དྲངས། སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཙཽ་རཱི་པྲ་ཝེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེ་ཏཱ་ལཱི་བནྡྷ་བྃ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤཾ་ཀུ་རུ་ཧོཿ སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཐལ་མོ་སྦྱར་ཏེ། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །འདི་རྣམས་ཀྱིས་ནི་གཙོ་བོར་མཆོད། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་འདི་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་པར་སྣང་མཛད། གཙོ་བོ་ཡབ་ཡུམ་གཉིས་གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་ཝ་རཱི་ལ་རྣམ་པར་སྣང་མཛད། བེ་ཏཱ་ལཱི་དང་ཙཎྜ་ལཱི་ལ་རིན་ཆེན་འབྱུང་ལྡན། གྷསྨ་རཱི་དང་ཌོཾ་བི་ནཱི་ལ་འོད་དཔག་མེད། ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་ནཱི་རཱི་ཧཱུྃ་ཁྃ་སྭཱ་ཧཱ། ཨོཾ་བཛྲ་ནི་ཝི་ཏི་ཧཱུྃ་ཁྃ་སྭཱ་ཧཱ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་ཛཿཧཱུྃ་བཾ་ཧོཿཁྃ་རྃ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་རྣམས་ཕྱག་རྒྱ་དང་བཅས་པས་ཆུ་བཞི་ཕུལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་

p. 390

བྱུང་བའི་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པ་ལས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་དྲངས་ཏེ་གསོལ་བར་བསམ་ཞིང༌། པད་སྐོར་སྔོན་དུ་འགྲོ་བས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བ་ཧྣི། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏཱ་ལེ། ཨཱཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷཱུཔྤ། མཱཾ་ས། པིཾ་གྷ། ཨམྦྷ། སཔྤ། ཀཛྫ། སཱ་ད། ཁིནྟི། ཁུ་ཎི། ཕ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་སེ་གོལ་བརྡབ། དེ་ལྟ་བུ་གསུམ་མམ་ལྔ་ལ་སོགས་པས་གཏོར་མ་ཕུལ་ལ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་དེ་བཞིན་དུ་ཐོག་མཐའ་འདྲ་བར་སྦྱར་ལ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཞེས་པས་མཆོད། ཧཱུྃ་ཨྃ་གྃ་ཙྃ་བྃ་བྷྃ་པྃ་ཤྃ་ལྃ་ཌྃ་ཨོཾ་ཨཱཿཧཱུྃ་ཀྱེ་རྡོ་རྗེ་ལྷ་དགུ་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཞེས་དང༌། མཐེ་བོའི་ཐོར་མས་ནང་མཆོད་ཕུལ་ལ། རྡོ་རྗེ་དང་བཅས་པའི་ཐལ་མོ་དང༌། དྲིལ་བུ་གསུམ་བརྡུང་བྱ་ཞིང༌། དཀར་མོ་རི་དྭགས་སོགས་ནས་འཁྱུད་པ་ཉིད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་

p. 391

འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། རྡོ་རྗེ་ཐུགས་ཀར་བཟུང༌། དྲིལ་བུ་ཆིག་བརྡུང་བྱ་ཞིང༌། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་པོ་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས་རྣམས༴ འབྱུང་པོའི༴ ཡི་དགས༴ ཤ་ཟའི༴ སྨྱོ་བྱེད༴ རྗེད་བྱེད༴ མཁའ་འགྲོའི༴ མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་གཞོལ། གཏོར་མ་གཞན་རྣམས་ཀྱི་བྱིན་རླབས་སྔར་དུས་གཅིག་ལ་གྲུབ་ཟིན་ཡང༌། བྱིན་རླབས་དྲན་པའི་ཕྱིར་གཏོར་མ་ལ་ལག་པ་གཡོན་པ་བསྟན་ཏེ་ཨོཾ་ཞེས་བརྗོད་པས་སྟོང་པར་བསམ། གཡས་པ་བསྟན་ཏེ་ཨཱཿཞེས་བརྗོད་པས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པ། གཉིས་ཀ་བསྟན་ཏེ་ཧཱུྃ་ཞེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔས་གང་བ། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ་ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད། དེ་ནས། མདུན་གྱི་ནམ་མཁའི་

p. 392

གནས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ་ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ཅེ་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་ཅོད་པན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་ཊྃ་ལས་ཨེ་ཀ་ཛ་ཊཱི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་ཤིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ་ཁྲོ་མོའི་རྣམ་པ་ཅན། དེའི་ལྟེ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་ནང་དུ་བྷྱོ་ལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། བོང་བུ་གྭ་པ་ལ་ཞོན་པ་སྐུ་མདོག་སྔོ་ནག་ཞག་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། གཡོན་གྱི་དང་པོ་ན་མདུང༌། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་དབང་པོའི་སྐ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་མི་རོ་

p. 393

རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང་གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་པ། ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུྃ་དང་བྷྱོའི་སྒྲ་སྒྲོགས་པ། ལྕམ་དྲལ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང༌། རང་བཞིན་གྱི་གནས་ནས་ལྷ་མོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་སེ་གོལ་གྱི་སྒྲ་བྱ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མགོན་པོའི་དམ་རྒྱ་བཅས་ཏེ། མཛུབ་མོ་གཡབ་པའམ། རྡོ་རྗེས་གཡབ་ཅིང་དྲིལ་བུ་བཅད་གཏུབས་སུ་དཀྲོལ་ལ། མགོན་པོ་ཀུན་གཤེགས་གདན་ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཧྱེ་ཧི་ཞེས་དང༌། སོར་མོ་ཕན་ཚུན་ཅུང་ཟད་བསྣོལ་བའི་རྡོ་རྗེ་ཐལ་མོ་སྦྱར་བ་ལྷ་མོའི་དམ་རྒྱ་གཡབ་པའམ། རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་མོ་ཀུན་གཤེགས་སོགས་ནས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿསོ་སོ་ལ་ཐིམ། ཐལ་མོ་སྦྱར་བའི་སོར་མོ་དབུས་མ་གསུམ་སོ་སོར་བསྐྱེད་དེ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་པས་པདྨའི་གདན་ཕུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྲྀཧྣེ་དཾ། མ་ཧཱ་ཀཱ་ལཱི་དེ་ཝཱི་གྲྀཧྣེ་དཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུ་ཥྤེ་སོགས་ནས་ཤབྡ་ཨཱཿཧཱུྃ་ཞེས་པས་མཆོད། མགོན་པོའི་དམ་རྒྱ་སྙིང་གར་བཅས་ཏེ་དེའི་སྤྱི་བོར་བཞག་པར་བསམས་ལ། ཡི་དམ་གྱི་ང་རྒྱལ་བརྟན་པོས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ལྷ་མོའི་དམ་རྒྱ་སྙིང་གར་བཅས་ཏེ་དེའི་སྤྱི་བོར་བཞག་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་མ་ཡ་སྨ་ར་ཞེས་སོགས་ཀྱིས་དམ་ལ་བཞག སྤྲོ་ན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་

p. 394

ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་ཡང་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང༌། བདག་གིས་ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་པ་དང༌། བསྐྲད་ཅིང་གཟིར་བ་དང༌། དབྱེ་བ་དང༌། བསྡིགས་ཤིང་སྤ་བཀོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང་བསྟན་པ་དང་བསྟན་པ་འཛིན་པ་དང་འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ་ཞེས་བརྗོད་ཅིང་ཐལ་མོ་བརྡབ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁྃ་ཨུདྒ་ཏེ། སྥ་ར་ཎ་ཨི་མཾ། ག་ག་ན་ཁྃ་གྲྀཧྣེ་དཾ་བ་ལྱ་དི་སྭཱ་ཧཱ། ཞེས་གསུམ་མམ། ལྔ་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱིཛྙ་སྨ་ར་སི་ཏ་དཱ། ཨི་དྃ་དུཥྚྃ་ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཅེས་གསུམ་མམ་ལྔས་མགོན་པོ་དང༌། ཨོཾ་ཤྲཱི་མཧཱ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་ཞེས་སོགས་གསུམ་མམ་ལྔས་ལྷ་མོ་ལ་ཕུལ་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་གྲྀཧྣེ་དཾ་ཞེས་སོགས་ནས་ཤབྡའི་བར་གྱིས་གོང་ལྟར་མཆོད། ནང་མཆོད་ཕུལ་ཏེ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང༌། ཨོཾ་རོ་རུ་རོ་རུ་བི་ཏིཥྛ། བ་དྷོཏྶཱི་ཀ་མ་ལ་རཀྑ་སཱི་ཧཱུྃ་བྷྱོཿཧཱུྃ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་

p. 395

བསྟན་པ་དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། རྡོ་རྗེ་དང་བཅས་པའི་ཐལ་མོ་དང༌། དྲིལ་བུ་ཆིག་བརྡུང་བྱ་ཞིང༌། ཧཱུྃ་གི་ཡེ་ཤེས་ལས་བྱུང་བའི། །ནག་པོ་ཆེན་པོ་ཕྱག་གཉིས་པ། །ཞལ་གཅིག་མདོག་སྔོན་ཆེར་འབར་ཞིང༌། །ཟངས་གྲི་ཐོད་པ་བསྣམས་ལ་བསྟོད། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་གཙིགས་ཤིང་འཇིགས་སུ་རུང༌། །བོང་ཐུང་གཟི་བརྗིད་ཆེན་པོ་སྟེ། །ཞལ་དམར་རྣམ་པར་གཡོ་ལ་བསྟོད། །སློབ་དཔོན་ལ་རྟག་སྡང་བ་དང༌། །གང་ཞིག་དཀོན་མཆོག་གསུམ་ལ་གནོད། །སེམས་ཅན་སྣ་ཚོགས་གསོད་པ་རྣམས། །ཟ་བྱེད་ནག་པོ་ཆེ་ལ་བསྟོད། །བྷྱོཿརྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞག །རྫོང་དང་དཀའ་བཟློག་ནག་མོ་སྟེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མི་ཤེས། །དེ་ལ་འཇིགས་པ་མེད་པར་མཛད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ཅེས་པས་བསྟོད། རྡོ་རྗེ་སྙིང་གར་བཟུང་སྟེ། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་དང༌། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང༌། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༌། །བསྟན་འཛིན་ཐམས་ཅད་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང༌། །ཚེ་དང་བློ་གྲོས་བསོད་ནམས་རབ་རྒྱས་ནས། །ཐོས་བསམ་བསྒྲུབ་པ་འཕེལ་བར་མཛད་དུ་གསོལ། །བདག་གི་འདོད་པའི་ཕྲིན་ལས་ཞུ་བ་ནི། །འཆི་བདག་བདུད་ཀྱི་བར་ཆད་ཀུན་ཞི་ཞིང༌། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞིའི། །བཤད་བསྒྲུབ་

p. 396

བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་བརྗོད། དེ་ནས་གདོང་བཞི་པའི་གཏོར་མ་མགོན་པོའི་སྐབས་ལྟར་བྱིན་རླབས་དྲན་པར་བྱས་ལ། མདུན་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ། རྩ་ཞལ་བརྩེགས་མ་གཉིས་ནག་པོ། གཡས་གཡོན་གཉིས་ལྗང་ནག ཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་དང༌། གཡོན་འོག་མས་རུས་ཕྲེང་འཕྱར་ཐབས་སུ་མཛད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་ཤིང་མ་མཆུ་འཕྱང་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཚངས་པའི་སྐུད་པ་དང་རུས་པ་དང་སྦྲུལ་གྱིས་བརྒྱན་ཞིང་ཞབས་གཡས་བསྐུམ་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། དྲག་ལ་རྔམ་པའི་ཆ་ལུགས་ཅན། ངག་ཏུ་ཧ་ཧ་དང༌། ཧཱུྃ་ཧཱུྃ་དང༌། ཀྵིཾ་ཀྵིཾ་གི་སྒྲ་སྒྲོགས་པ། དེའི་གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་མོ་དམར་མོ། རྒྱབ་ཏུ་སིཾ་གྷ་ལཱི་མ་སེར་ནག བཞི་ཀའང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་རྒྱན་མེད་པ་རབ་ཏུ་གྲིམས་ཤིང་ཁྲོས་པའི་ཆ་ལུགས་ཅན། གཡོན་བརྐྱང་གཡས་བསྐུམ་བཞེངས་པའི་ཚུལ་གྱིས་བཞུགས་པ། གཙོ་འཁོར་ལྔ་ཀའི་དཔྲལ་བར་ཨོཾ་སོགས་ནས། ཧཱུྃ་ལས་འོད་འཕྲོས་པས་ཏི་སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་དགོད་པའི་དུར་ཁྲོད་ནས་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿཞེས་དང་སེ་གོལ་གྱི་སྒྲ་བྱ། ཐལ་མོ་སྦྱར་བའི་སྲིན་ལག་ནང་དུ་བཀུག་ལ་མཛུབ་མོ་གུང་མོའི་རྒྱབ་ནས་རྭ་ལྟར་བྱས་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ལས་མཛུབ་མོ་གཡབ་པའམ། རྡོ་རྗེ་དྲིལ་བུ་འཛིན་པས། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །ཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ། རཱ་ཏྲི་ཏ། ཌོཾ་བི་ནཱི། ཙཎྜ་ལཱི། རཀྑ་སཱི། སིཾ་གྷ་ལཱི།

p. 397

དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ། སྔར་ལྟར་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་སོགས་ནས་དེ་ཝཱི་ས་པ་རི་ཝཱ་ར་གྲྀཧྣེ་དཾ་ཨརྒྷཾ་སོགས་ནས་ཤབྡའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་གར་བཅས་ཏེ་དེའི་སྤྱི་བོར་བཞག་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་སོགས་ནས་དེ་ཝཱི་ས་མ་ཡ་སྨ་ར་སོགས་ཀྱིས་དམ་ལ་བཞག སྤྲོ་ན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་ཞེས་སོགས་ཀྱིས་བཀའ་བསྒོས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་སོགས་ནས། དེ་ཝཱི་ན་མཿསརྦ་ཏ་ཐཱ་ག་ཏེ་ཞེས་སོགས་བཏགས་པ་གསུམ་མམ་ལྔ་དང༌། སྤྲོ་ན་འོག་གི་སྔགས་རིང་གིས་ཀྱང་ཕུལ། གོང་ལྟར་མཆོད་ལ་ནང་མཆོད་ཕུལ་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་སོགས་ནས་དེ་ཝཱིའི་མཐར་ཨོཾ་ཨཱཿཧཱུྃ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཞེས་སོགས་གོང་ལྟར་བརྗོད་ལ། དྲིལ་བུ་ཆིག་བརྡུང་བྱ་ཞིང༌། ཧཱུྃ་མི་རྟོག་དབྱིངས་ལས་ཐུགས་རྗེའི་སྐུར་བཞེངས་ཤིག །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ལས་བཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གདོང་བཞི་ལྡན་ཁྱོད་ཏི་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་ཞལ་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྐྱོང་བ་དང༌། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད། དེ་ནས་ལས་མགོན་གྱི་གཏོར་མ་བྱིན་རླབས་སྔར་ལྟར་དྲན་པར་བྱས་ལ། མགོན་པོའི་ཐུགས་ཀ་ནས་ཡ་དང༌། ལྷ་མོའི་ཐུགས་ཀ་ནས་མྨྃ་མདུན་དུ་སྤྲོས་པས། པདྨ་དང་ཉི་མའི་སྟེང་དུ། ཡ་ལས་ནག་པོ་གནོད་སྦྱིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གཡོན་

p. 398

ཐོད་པ་ཁྲག་གིས་གང་བ་འཛིན་པ། མི་ལྤགས་ཀྱི་གཡང་གཞི་གྱོན་ཞིང་གསེར་གྱི་རྣ་ཆ་ཅན། དེའི་གཡོན་དུ་མྨྃ་ལས་ནག་མོ་གནོད་སྦྱིན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་སྤུ་གྲི། གཡོན་ཀླད་ཁྲག་གིས་གང་བའི་ཐོད་པ་འཛིན་པ། དར་ནག་གི་ན་བཟའ་གྱོན་ཞིང་བྱི་རུའི་ལན་ཚར་ཅན། དེ་གཉིས་ཀྱི་ཐུགས་ཀ་ནས་ཡབ་ལས་ཏྲི་གཉིས་དང་ཡུམ་ལས་བྷྱོཿགཅིག་མདུན་དུ་སྤྲོས་པ་ལས་པུ་ཏྲ་མིང་སྲིང་གསུམ་དུ་གྱུར་ཏེ། ཏྲི་ལས་པུ་ཏྲ་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། དར་གྱི་ཨང་རག་དང་དར་ནག་གི་ན་བཟས་བརྒྱན་པ། ཏྲི་ལས་བྷ་ཊ་ནག་པོ་སྟག་སློག་ཅན། གཡས་དམ་ཤིང་དང༌། གཡོན་མིའི་སྙིང་འཛིན་པ། བྷྱོཿལས་སྲིན་པོ་རལ་གཅིག་མ། གཡས་གསེར་གྱི་སྤུ་གྲི་དང༌། གཡོན་རྒྱུ་མ་འཛིན་ཞིང་ཁ་ནས་མེ་འབར་བ། ལྔ་ཀའང་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་པ། རུས་པའི་ཕྲེང་བ་དང་མི་མགོ་རློན་པའི་དོ་ཤལ་གྱིས་བརྒྱན་པ། རྔམ་ཞིང་འཁྲུགས་པས་གདུག་པ་ཅན་ཚར་གཅོད་པའི་ཚུལ་གྱིས་བཞུགས་པ། གཞན་ཡང་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་གི་གཟུགས་ཅན་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་སྔགས་པ་ནག་པོ་བརྒྱ། མདུན་གྱི་ཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག་ཁྱི་ནག་མི་ནག་ཅེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལས་ཀྱི་མགོན་པོ་རྣམས་ལ་བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་པས་ཐིམ་པར་བསམ། མགོན་པོའི་སྐབས་ཀྱི་དམ་རྒྱ་བཅས་ཏེ་དེ་རྣམས་ཀྱི་སྤྱི་བོར་བཞག་པར་བསམས་ལ། ཨ་ལི་ཨ་ལི་མ། ཛ་ཛ། ཤྃ་ཤྃ། ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས། པུ་ཏྲཱི། ཨ་ལི་མ། ཛ་ཛ། ནག་མོ་ཤ་ལ་རུབ། ཛ་ཛ། ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ། ཨ་ཤུག་མེ། མ་ཧཱུྃ་མ་བྷྱོཿཛཿཛཿས་མ་ཡ་སྨ་ར་སོགས་ཀྱིས་དམ་ལ་བཞག སྤྲོ་ན་ལས་ཀྱི་མགོན་པོ་བཀའ་སྡོད་ཕོ་ཉ་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་ཞེས་

p. 399

སོགས་ཀྱིས་བཀའ་བསྒོས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨ་ལི་ཨ་ལི་མ་སོགས་ནས་མ་ཧཱུྃ་མ་བྷྱོཿཛཿཛཿཨི་དཾ་བ་ལིཾ་བྷུཉྫ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་ལྔ་ལ་སོགས་པས་གཏོར་མ་ཕུལ་ལ། ཨོཾ་ཨརྒྷཾ་སོགས་ཀྱིས་མཆོད་ནས། ནང་མཆོད་ཕུལ་ཏེ། དམ་ཅན་གནོད་སྦྱིན་ཡབ་ཡུམ། བཀའ་སྡོད་པུ་ཏྲ་མིང་སྲིང༌། སྤྲུལ་པའི་རུ་འདྲེན་སྡེ་བཞི། དྲེགས་པ་ཕོ་རྒྱུད་མོ་རྒྱུད། ཕོ་ཉ་ལས་མཁན་འཁོར་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཞེས་སོགས་གོང་ལྟར་བརྗོད་ལ། དྲིལ་བུ་ཆིག་བརྡུང་བྱ་ཞིང༌། ཧཱུྃ་གནོད་སྦྱིན་ཡབ་ཡུམ་འཇིགས་པའི་གཟུགས། །རྔམ་ཞིང་འཁྲུགས་པའི་ཆ་ལུགས་ཀྱིས། །བདུད་དང་དགྲ་བགེགས་འཇོམས་མཛད་པ། །བསྟན་སྲུང་ཡབ་ཡུམ་ཆེ་ལ་བསྟོད། །མོན་བུ་པུ་ཏྲ་ནག་པོ་སྐྱོང༌། །མེན་གྱི་ག་ཤ་སྐུ་ལ་གསོལ། །ཤི་ཤིང་གསེག་ཤང་ཕྱག་ན་བསྣམས། །པུ་ཏྲ་ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་ཊ་སྟག་སློག་བཀྲ། །དར་གྱི་ག་ཤ་སྐུ་ལ་གསོལ། །ཕྱག་ན་དམ་ཤིང་རྣོན་པོ་བསྣམས། །མོན་བུ་བྷ་ཊ་ཁྱོད་ལ་བསྟོད། །མོན་མོ་གསེར་གྱི་སྤུ་གྲི་མ། །ནག་མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །ནག་མོ་ཁྱོད་ལ་བསྟོད་པ་འབུལ། །བུད་མེད་ནག་མོ་ཆེན་མོ་བརྒྱ། །གཤེགས་ཀྱི་དེ་ནི་ཤུལ་ཡང་འདྲེན། །གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ། །སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། །གཡོན་གྱི་ཕྱོགས་ནས་རུ་འདྲེན་པ། །དགེ་སློང་ཉན་ཐོས་དགྲ་བཅོམ་བརྒྱ། །སླད་ཀྱི་རྗེས་འབྲང་འཇིགས་རུང་བ། །བནྡེ་ནག་པོ་ཕུར་ཐོགས་བརྒྱ། །འཁོར་བཅས་ཀུན་ལ་བསྟོད་པ་འབུལ། །སྐབས་གསུམ་དག་ཀྱང་བསྟོད་པ་འབུལ། །ཞེས་པས་བསྟོད། རྡོ་རྗེ་སྙིང་གར་བཟུང་སྟེ། ལས་ཀྱི་མགོན་པོ་ཕོ་ཉ་འཁོར་བཅས་རྣམས། །ཕྱི་ནང་གསང་བ་ཞེས་སོགས་སྔར་ལྟར་སྦྱར་ལ་ཕྲིན་ལས་གཞོལ། མཁའ་འགྲོ་སྤྱི་གཏོར་བྱིན་རླབས་དྲན་པ་གོང་ལྟར་བྱས་ལ། ལག་པའི་མཛུབ་མོ་གཉིས་ལུ་གུ་རྒྱུད་དུ་སྦྲེལ། མཐེ་བོང་གཉིས་དང་གུང་མོ་གཉིས་སོ་སོར་སྦྱར། སོར་མོ་ལྷག་མ་རྣམས་འབར་བ་ལྟར་བྱས་པ་དཔྲལ་བའི་སྟེང་དུ་གཡོན་དུ་བསྐོར། གདོང་བསྒྱུར་ཞིང་མིག་གྱེན་དུ་བལྟ་བ་དང་བཅས་པས། ཕཻཾ་ཞེས་དང་ཨོཾ་བཛྲ་ཨ་རལླི་ཧོཿཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱཿས་མ་ཡ་

p. 400

སྟྭཾ་དྲྀ་ཤྱ་ཧོཿ ཞེས་བརྗོད་དེ། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། དེ་རྣམས་ལ་གཏོར་མ་ཕུལ་བར་བསམས་ཏེ། ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙི། ཨུནྨཱ་ད། ཨ་པ་སྨཱ་ར། ཌཱ་ཀ ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྷི་མྤྲ་ཡ་ཙྪནྟུ། ཡ་ཐཻ་བྃ། ཡ་ཐཻ་ཥྚྃ། བྷུཉྫ་ཐ། ཛི་གྷ་ཐ། པི་པ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡཱ། སཏྶུ་ཁཾ་བི་ཤུདྡྷ་ཡེ། སཱ་ཡི་ཀ་བྷ་ཝནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ། ཨོཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སོགས་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་ཕུལ་ཏེ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་ལ་སོགས་པ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ་ཞེས་སོགས་གོང་ལྟར་བརྗོད་ལ། དྲིལ་བུ་ཆིག་བརྡུང་བྱ་ཞིང༌། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས་དང༌། །གནོད་སྦྱིན་ཚོགས་རྣམས་ཞེས་སོགས་ནས། མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་བཞེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཚོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་ཀྱིས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་བརྗོད། བཟླས་པ་བྱེད་ན། ཡུངས་ཀར། གུ་གུལ། དུག ཚིལ་ཆེན་རྣམས་བསྲེས་པའི་བདུག་སྤོས་བསྲེག་ཅིང༌། དེ་ཝ་པི་ཙུ་ཕྲེང་སྐོར་གཅིག་བཟླས་ལ། རང་ཡིད་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་

p. 401

པ་འཕྲོས། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཕོག་པས། ཐུགས་རྒྱུད་བསྐུལ་ཏེ་གང་བསྒོ་བ་ཉན་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་ཅེས་ཡི་གེ་བདུན་པ་དང༌། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་བཅུ་གཉིས་པ་དང༌། ཤཱ་ས་ན་རྣམས་ཅི་ནུས་བཟླ། སྔགས་གསུམ་པོ་གོ་རིམ་སྤྱི་དང་མཐུན་པར་བཟླས་ཀྱང་རུང་ངོ༌། །དེ་ནས་ལྷ་མོ་ལ་དམིགས་པ་གཏད་ལ་རོ་རུ་སོགས་དང༌། སྤྲོ་ན་ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལཱི་ཀཱ་ལི་ཧཱུྃ་བྷྱོཿཞེས་པ་བཟླ། དེ་བཞིན་དུ་ཞལ་བཞི་པ་ལ་དམིགས་ལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་གཙོ་བོར་བཟླ། རྗེས་སུ་ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཊྚ་ཀ་རཱ་ལ། ལམྦི་ཏ་ཨོ་ཋ། ལམྦཱ་ཀ་བེ་ཀ ལམྦ་ཀ་བཱ་ལེ། ར་ཝི་གྷཎྜེ། རུ་ཏྲ་མཱ་ལ་བི་ཧུ་རེ། ཙྪེ་ད་ཧ་ཀ་ལེ། ཧ་ལེ་ན་ཧ་ལེ་པི་མྦི་ཛཱ་ལེ། བཱ་མི་གྷུནྡི་དྷ་རི་ཡཾ་མ་ཨེཾ། ད་ཧི་ན་ཀརྟི་ཀ་ཀཱ་རོ་ཊི། བི་བྷི་ཥ་ཎ་དྷ་ཨེཾ། བཱ་མེ་ཤཱུ་ལ་པཱ་ཎི། ཧ་ར་དོ་ར་ན་ར་སཱི་ར་མཱ་ལ། བཱ་ཏཱ་ལེ་ཀྵིཾ་ཀཱ་ར་ག་ལ། མ་ཧཱ་བོ་ཊ་ལེ། མ་ཧཱ་ཀཱ་ལ། ཤྲཱི་ཀ་པཱི་ལ། ཀེ་ལ་སཾ་ཀྵེ་ཊ་པཱ་ལ། ཧཱ་ཧཱ་ཀཱ་རེ་ཧཱུྃ་ཧཱུྃ་ཀཱ་རེ། པུརྦ་བྷཱ་ཥ་བྷི་ཨུཾ། ཛཽ་ཛནྟི་མཾ་ས་བྷ་ཏ། ཕུལླ་དྷཱུ་པ། ཨི་ཀཱ་ཧཱ་བ་ལེ་ཛི་གྷ་ཧ། ད་ཤ་དི་ཀ་ཨུཏྟ་ར་ཝུ་རི། ཌོཾ་བི་ནཱི་ཙཎྜ་ལཱི་རཀྑ་སཱི་སིཾ་ག་ལཱི་དེ་ཝཱི། ཧ་ན་ཧ་ན། བནྡྷ་བནྡྷ། མ་ར་མ་ར། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵིཾ་ཀྵིཾ། ལེ་ཧི་བ་ལིཾ་དེ་ཧི་སིདྡྷི་བི་ཀཱ་ལ་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། དེ་ནས་ལས་མགོན་རྣམས་ལ་དམིགས་པ་གཏད་ལ། འཇིག་རྟེན་པ་རྣམས་མོས་ཕོ་བསྐུལ་བ་ཡིན་པས་ཐོག་མར་ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཞེས་སོགས་མོའི་བོད་པ་ཆ་གཉིས་སུ་བཟླ། དེ་ནས་ཨ་ལི་ཨ་ལི་མ་ཞེས་སོགས་ཕོའི་བོད་པ་ཆ་གཅིག་ཏུ་བཟླ། བཟླས་པ་རྫོགས་པ་ན་ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་གྲྀཧྣེ་དཾ་ཨརྒྷཾ་སོགས་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་དབུལ་ཞིང་སྔགས་རྣམས་ཀྱི་མཐར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །ཞེས་སོགས་སྔར་བཞིན་བརྗོད། རྡོ་རྗེ་དྲིལ་བུ་འཛིན་པས། བསྟོད་པ་གསར་རྙིང་གང་རུང་ཤློ་ཀ་རེས་བསྟོད་ལ། རྡོ་རྗེ་སྙིང་གར་བཟུང༌། དྲིལ་བུ་ལྡིང་ཁུགས་སུ་དཀྲོལ་ཏེ། ཀོལླ་ཨི་རེཏྛི་ཨ་བོ་ལཱ། མུ་མྨུ་ཎི་རེ་ཀཀྐོ་ལཱ།

p. 402

གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གཱ་ཌྷེཾ་མ་ཨ་ནཱ་པིཛྫ་ཨི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིཧླཱ། ཀཱཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཊ་ཀ་རེནྟ། ཤུདྡྷ་ཨ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཾ་སུ་ཨཾ་ཀེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུན་དུ་རུ་བཱ་ཊ་ཨི། ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཞེས་རྡོ་རྗེའི་གླུ་བླང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་བཀྲ་ཤིས་བརྗོད། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ། གཏོར་མ་སྐྱོང་ན་འདས་གཏོར་བར་ཆད་བསྲུང་བའི་ཆེད་དུ་བཞག འཇིག་རྟེན་པའི་གཏོར་མ་མཚན་མོ་ཡིན་ན་དཔལ་འབར་དང་བཅས་ནས་ཁྱེར་ཏེ་འོག་ནས་འབྱུང་བ་ལྟར་སྤྱི་བསྟབས་བྱས་ལ། ནང་དུ་ལོག་ནས་ལྷག་ཆད་ཁ་བསྐང་བ་སོགས་རྗེས་ཀྱི་ཆོ་ག་རྣམས་བྱའོ། །གལ་ཏེ་དེ་དང་འབྲེལ་བར་བསྐང་བཤགས་ལ་སོགས་པ་བྱེད་ན། བཟླས་པའི་རྗེས་ཀྱི་མཆོད་པ་ཡན་ཆད་རྫོགས་པར་བྱས་

p. 403

ནས་རྟེན་ལ་ཁ་ཕྱོགས་པར་ལངས་ཏེ། བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པ་ལ་ཕྱག་འཚལ་བའི་ཚིག་གང་རིགས་སྔོན་དུ་འགྲོ་བས་མེ་ཏོག་དང་བཅས་ཏེ་བཤགས་པའི་ཚིག་རྣམས་ལན་གསུམ་བརྗོད། བསྐང་གསོ་དང་འབྲེལ་ན་གུར་མགོན་གྱི་བསྐང་གསོ་སྐབས་འདིར་བྱ་ཞིང༌། གདོང་བཞི་པའི་བསྐང་གསོ་ནི་ཕྱག་ལེན་ལ་གཏོར་འབུལ་དང་འབྲེལ་བར་གོང་དུ་མཛད་ལ། འདིར་བྱེད་པར་སྤྲོ་ན་སྤྱན་འདྲེན་གྱི་ཚིག་རྣམས་གོང་དུ་བྱས་ནས། བསྐང་གཏོར་བྱིན་རླབས། འབུལ་བ། བསྐང་གསོ་དངོས་གཞི་རྣམས་འདིར་བྱས་ཀྱང་ཉེས་པ་མེད་དོ། །བསྟོད་པ་ལ་དབྱངས་བྱེད་ན་གོང་དུ་མཆོད་གཏོར་འབུལ་བ་ཙམ་ལས་བསྟོད་པ་དང་བསྟབས་པའི་ཚིག་རྣམས་མི་བྱ་བར། སྐབས་འདིར་མགོན་པོ་ལྕམ་དྲལ་དང་གདོང་བཞི་པའི་བསྟོད་པ་དང་བསྟབས་པ་རྣམས་རིམ་པར་བྱས་ལ། དེའི་རྗེས་སུ་སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་ཐུན་མོང་དུ་ཕྲིན་ལས་བཅོལ། རྡོ་རྗེ་དྲིལ་བུ་འཛིན་པས། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཞེས་སོགས་དང་རྡོ་རྗེའི་གླུ་བཀྲ་ཤིས་སྨོན་ལམ་རྣམས་བྱ། དེ་ནས་ལས་མགོན་གྱི་བསྟོད་བསྐུལ་བྱས་ལ། གནས་ཁང་དེ་ཉིད་དམ། ཁང་ཐོག་ལ་སོགས་པ་ས་ཕྱོགས་གཙང་མར་སྤོས་ཀྱིས་སྣ་དྲངས་ཏེ། འཇིག་རྟེན་པའི་གཏོར་མ་རྣམས་མཐའ་ནས་རིམ་པས་བཏེག་ལ་རོལ་མོ་དང་བཅས་པས། ཧཱུྃ་དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་དང༌། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕགས་སྤྱང་འཁོར་དང་བཅས། །པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །སྲུང་མ་རྒྱ་མཚོའི་ཚོགས་རྣམས་འཁོར་

p. 404

དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྤུ་ཏི་ཀའི་ཞལ་ཟས་འདི་བཞེས་ཤིག །ཆང་དང་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོ་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོ་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་བརྗོད་ལ་ཤཱ་ས་ན་བཟླ་ཞིང་གཏོར་མ་ས་གཙང་སར་བཏང༌། མགྲོན་རྣམས་གཏོར་མས་ཚིམ་སྟེ་དགེས་བཞིན་དུ་རང་གནས་སུ་གཤེགས་པར་བསམ། ནང་དུ་འོངས་ཏེ་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་བརྗོད། རྟེན་ཡོད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་རྟེན་ལ་མེ་ཏོག་གཏོར། རྟེན་མེད་པ་རྣམས་ལ། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་དང་མཐེབ་སྲིན་གྱིས་སེ་གོལ་བྱས་ལ། རྟེན་ལ་མ་བརྟེན་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་རང་ལ་གཉིས་སུ་མེད་པར་

p. 405

ཐིམ། ཛཿཧཱུྃ་བཾ་ཧོཿ རང་གི་མིག་ཏུ་གཏི་མུག་རྡོ་རྗེ་མ། །ཞེས་སོགས་ནས་ཐུགས་ཀར་ཐུགས་རྡོ་རྗེ་མ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ་ཞེས་པས་བསྲུང་བ་བྱས་ལ། དགེ་རྩ་བྱང་ཆུབ་ཏུ་བསྔོ་ཞིང་ཆོས་མཐུན་གྱི་སྤྱོད་པས་དུས་འདའ་བར་བྱའོ། །འདི་ནི་གཏོར་བསྔོ་ཙམ་དང་འབྲེལ་བར་བསྐང་བཤགས་ལ་སོགས་པ་བྱ་བའི་ཚུལ་ཡིན་ལ། གཏོར་མ་ལ་བརྟེན་ནས་ལས་བསྒྲུབ་པ་ལ་གཏོར་སྒྲུབ་ཅེས་གྲགས་པའི་ཆོ་གའི་རིམ་པ་ནི་གཏོར་ཆོག་དགྲ་ལས་རྣམ་རྒྱལ་དང༌། དེའི་ལྷན་ཐབས་གཡུལ་ལས་རྣམ་རྒྱལ་ནས་འབྱུང་བའི་དོན། མན་ངག་དང་ཕྱག་ལེན་གྱིས་བརྒྱན་ནས་ཤེས་པར་བྱ་དགོས་ཀྱི། དབྱངས་དང་རྔ་བརྡུང་མི་བྱེད་པ་ལ་གཏོར་བསྔོ་དང༌། དེ་རྣམས་བྱེད་པ་ལ་གཏོར་སྒྲུབ་ཏུ་འཛིན་པ་ལ་སོགས་པའི་ལོག་རྟོག་རྣམས་རྒྱང་རིང་དུ་དོར་ལ། ལེགས་པར་བསླབས་ཏེ་བརྡ་དང་ཐ་སྙད་ཙམ་ལ་ཡང་མཁས་པར་བྱས་ནས་བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་ཅི་འགྱུར་གྱི་ཐབས་ལ་འབད་དགོས་སོ་ཞེས་ལག་ལེན་པ་རྣམས་ལ་གསོལ་བ་འདེབས་སོ། །དེ་ལྟར་ཡི་དམ་ཆོས་སྐྱོང་གི། །གཏོར་མའི་ཆོ་ག་མཛེས་རྒྱན་འདི། །བཀའ་དྲིན་མཉམ་མེད་འཁོར་ལོའི་མགོན། །རཏྣ་ཝརྡྷཱ་ཡབ་སྲས་ཀྱི། །ཞབས་ཀྱི་རྡུལ་ཕྲེང་ལ་རེག་པའི། །བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། །བློ་དམན་འཇུག་པ་བདེ་བའི་ཕྱིར། །ཨེ་ཝྃ་ཆོས་ལྡན་དགོན་པར་སྦྱར། །སྔགས་རྣམས་ཕལ་ཆེར་རྒྱ་དཔེ་ལ། །གཏུགས་ཏེ་དག་པར་བགྱིས་པས་ན། །རིང་ཐུང་གཅོད་མཚམས་ལ་སོགས་པ། །འདི་ཉིད་ཁོ་ན་དང་དུ་ལོང༌། །འདི་ལ་ནོངས་གང་སྒོ་གསུམ་གྱི། །སྡིག་དང་ལྷན་ཅིག་མགོན་ལ་བཤགས། །ལེགས་པའི་དགེ་དེས་བདག་གཞན་ཀུན། །བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག«་་་་་སླར་ཡང་སྒྲུབ་པའི་ཐབས་ཀུན་ལས་བཏུས་པའི་བཀའི་བསྡུ་བ་ཆེན་པོ་བགྱིས་པའི་སྐབས་སོགས་ཁོངས་རྣམས་དཀྱུས་སུ་བཅུག་སྟེ་བཀླགས་པས་གྲུབ་པར་མཁྱེན་བརྩེའི་དབང་པོས་དྲིས་པ་སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ།

p. 406
p. 407

གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། རྡོ་རྗེའི་རྩེས་ནང་མཆོད་འཐོར་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་མཛེས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོད་རྫས་རྣམས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི། ཞབས་བསིལ། ཞལ་བསིལ། འཐོར་འཐུང༌། མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་གྱུར་ཅེས་དང་སོ་སོའི་ཕྱག་རྒྱ་བྱས་ཏེ། ཨོཾ་ནཱི་རཱི་ཧཱུྃ་ཁྃ་སྭཱ་ཧཱ། ཨོཾ་བཛྲ་ནི་ཝི་ཏི་ཧཱུྃ་ཁྃ་སྭཱ་ཧཱ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་ཛཿཧཱུྃ་བཾ་ཧོཿཁྃ་རྃ་མཧཱ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་གཉིས་འོག་མ་རྣམས་ལའང་སྦྱར་ཏེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡའི་བར་དང༌། མཐར་རྡོ་རྗེ་སྙིང་གར་བཟུང༌། དྲིལ་བུ་རྒྱུན་དཀྲོལ་དང་རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱ་སྟེ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ། ནཱ་ད་སྭ་བྷཱ་ཝེ་བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དེ་གནས་དང་མཆོད་པའི་ཡོ་བྱད་རྣམས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་པར་བསམ་མོ། །མཆོད་པ་རྣམས་ཀྱི་ཕྱག་རྒྱ་ནི། ཁུ་ཚུར་ཁ་སྦྱར་གུང་མོ་གཉིས། །བརྐྱངས་ཏེ་རྩེ་སྦྱར་དུ་བཞིའི་རྒྱ། །ཁུ་ཚུར་གྱེན་འཐོར་མེ་ཏོག་གི །ཐུར་དུ་བླུགས་པར་བདུག་པའི་འོ། །མཐེ་བོང་གྱེན་

p. 408

བསྒྲེང་མར་མེའི་སྟེ། །ཐལ་མོ་ཕྱིར་བསྟན་དྲི་མཆོག་གི །དེ་ཉིད་གྱེན་བཀན་ཞལ་ཟས་སོ། །སེ་གོལ་གཏོགས་པ་རོལ་མོའི་སྒྲ། །ཞེས་པ་ལྟར་རོ།། །།

བཟླས་པ་རྫོགས་པའི་རྗེས་སུ།

p. 409

བཟླས་པ་རྫོགས་པའི་རྗེས་སུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤྲཱི་མ་ཧཱ་ཀ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ཤབྡ་ཨཱཿཧཱུྃ་ཞེས་པའི་བར་གྱིས་ཕྱི་མཆོད་དང༌། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་རོ་རུ་རོ་རུ་བི་ཏིཥྛ། བ་དྷོཏྶཱི་ཀ་མ་ལ་རཀྑ་སཱི་ཧཱུྃ་བྷྱོ་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ། རཱ་ཏྲི་ཏ། ཌོཾ་བྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིཾ་གྷ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། ཞེས་པས་ནང་མཆོད་དབུལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། རྡོ་རྗེ་དྲིལ་བུ་འཛིན་པས། དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་རྡོ་རྗེ་གུར་སོགས་ནས། རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ་ཞེས་པའི་བར་གྱིས་བསྟོད་དོ།། ༈ །བཤགས་པ་བྱེད་ན། ཐོག་མར་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བའི་འདམ་རྫབ་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་འདྲེན་མཛད་ཅིང༌། །ཡེ་ཤེས་བདུད་རྩིས་ཚིམ་མཛད་པ། །བླ་མའི་ཞབས་ཀྱི་པདྨོར་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །ཀྱེ་ཡི་རྡོ་རྗེ་ལ་ཕྱག་འཚལ། །ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་

p. 410

ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་རྡོ་རྗེའི་གུར། །ཁྱབ་བདག་སྟོན་པ་ཀྱེ་ཡི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ལས་སྤྲུལ་པའི་སྲུང་མ་མཆོག །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །འདོད་ཁམས་དབང་ཕྱུག་ལྷ་མོ་ནམ་གྲུ་མ། །སྲིད་གསུམ་གནས་པའི་དགྲ་ལས་རྣམ་རྒྱལ་མ། །ལྷ་ཆེན་དེ་ཝས་མཆོད་པའི་དཔལ་ལྡན་མ། །མ་ལུས་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །གང་གི་མཐུ་སྟོབས་ཡེ་ཤེས་རྡོ་རྗེ་ཡིས། །ལྷ་མིན་བདུད་ཀྱི་དཔུང་ཚོགས་རབ་བཅོམ་ནས། །ཐུབ་བསྟན་ལྷ་དབང་གྲོང་ཁྱེར་སྐྱོང་མཛད་པའི། །གདོང་པ་བཞི་ལྡན་ནག་པོ་ཆེ་ལ་བསྟོད། །པུ་ཏྲ་ནག་པོ་ཧ་ཧའི་བཞད་སྒྲ་ཅན། །རལ་གྲི་ཐོད་པས་བརྒྱན་པའི་ཕྱག་གཉིས་ཀྱིས། །གནོད་པའི་དགྲ་བགེགས་མ་ལུས་ཚར་བཅད་ནས། །བསྟན་དང་བསྟན་འཛིན་སྐྱོང་མཛད་ཁྱོད་ལ་བསྟོད། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བཤགས་པ་དངོས་ནི། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྟོད་འཁོར་དང་བཅས་པ་རྣམས་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པ་རྣམས་དང༌། གཞན་ཡང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ལ་ཞུ་ཞིང་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་གྲོགས་མཆེད་འཁོར་དང་བཅས་པ་རྣམས་ཀྱིས་ལས་དང་ཉོན་མོངས་པ་དང༌། མི་ཤེས་པ་དང༌། མ་གུས་པ་དང༌། བག་མེད་པ་དང༌། སྙོམ་ལས་ཀྱི་དབང་དུ་གྱུར་པས། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་བགྱིས་པ་དང༌། དམ་ཚིག་དང་མི་ལྡན་པ་དང༌། དམ་ཚིག་མ་དག་པ་དང༌། ཚོགས་འདྲེས་པ་དང༌། སྤྱོད་ཡུལ་གཅིག་ཏུ་གྱུར་པ་དང༌། བསྙེན་པ་དང་སྒྲུབ་པ་ལ་མ་བརྩོན་པ་དང༌། སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་དུས་དུས་སུ་མ་མཆོད་ཅིང༌། མ་གསོལ་བའི་དབང་གིས་སྐུ་

p. 411

གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཏུ་གྱུར་པ་དང༌། ཁྱེད་རྣམས་ཀྱི་ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ་དེ་དག་ཐམས་ཅད་སྤྲོས་མེད་རྣམ་པར་མི་རྟོག་པའི་ངང་ནས། ཐུགས་རྗེ་དང་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཁྱད་པར་ཅན་ཁྱེད་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །མཁའ་ལ་སྤྲིན་དེངས་པའམ། རྒྱ་མཚོ་ལ་རླབས་ཞི་བ་ལྟར། ནོངས་པར་སྤྱད་པ་དང་དེའི་འབྲས་བུ་ཐམས་ཅད་མེད་པར་གྱུར་ཅིག ཞི་བར་གྱུར་ཅིག རབ་ཏུ་ཞི་བར་གྱུར་ཅིག སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱན་གྱིས་བརྒྱན་པ་འདི་དང༌། རྟ་མཆོག་རྒྱན་གྱིས་བརྒྱན་པ་འདི་དང༌། ཚོགས་ཀྱི་འཁོར་ལོ་དམ་པ་དང་བཅས་པའི་མཆོད་པ་འདིས། དཔལ་མགོན་ཁྱད་པར་ཅན་ཁྱེད་རྣམས་ཀྱི་ཐུགས་དམ་སྐོང་བར་གྱུར་ཅིག བཞེད་པ་འགྲུབ་པར་གྱུར་ཅིག རེ་བ་རྫོགས་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་གྲོགས་མཆེད་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང༌། གདོན་དང༌། རིམས་དང༌། བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། དགྲ་དང་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བཟློག་ཏུ་གསོལ། ཚེ་དང་དཔལ་དང༌། འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་པའི་མཐར། ཁྱེད་ཐུགས་གསང་བ་དམ་པའི་མཛོད། །དགེས་པ་ཆེན་པོའི་སྒོ་ཕྱེ་ནས། དངོས་གྲུབ་ཕྲིན་ལས་བདུད་རྩི་ཡི། །རྒྱུན་གྱིས་བདག་རྒྱུད་གཏམས་པར་མཛོད། །ལན་གསུམ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་མགོན་ཞལ་བཞི་པ་འཁོར་དང་བཅས་པ་རྣམས་དང༌། གཞན་ཡང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་སྐུའི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །གསུང་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་

p. 412

ཅད་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། །ཚངས་པར་སྩལ་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་གཏོར་ལ་ཕྱག་བྱའོ།། །།

ཐེག་པ་ཆེན་པོའི་སྨོན་ལམ།

p. 413

ཐེག་པ་ཆེན་པོའི་སྨོན་ལམ་བཞུགས་སོ། །དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །བདག་གིས་དུས་གསུམ་དགེ་བ་ཅི་བསགས་པ། །ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་ཀུན། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག །བདག་ཀྱང་སངས་རྒྱས་མ་ཐོབ་བར། །སྐྱེ་དང་སྐྱེ་བར་གནས་བཟང་པོ། །རིགས་བཟང་སྤྱོད་པ་བཟང་བ་དང༌། །གྲོགས་བཟང་བླ་མས་རྗེས་འཛིན་ཤོག །ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིམ། །རྣམ་པར་དག་ཅིང་རྒྱུ་གཅིག་པ། །བསྐལ་བཟང་སྤྱོད་པས་རྣམ་བརྒྱན་ཏེ། །ཐོས་ནས་གཞན་ལ་སྟོན་པར་ཤོག །མགོ་བོར་བླ་མའི་ཅོད་པན་འཆང༌། །ལག་པས་ཐབས་ཤེས་རྡོར་དྲིལ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླས། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །འདི་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་ལྷ་དང་མི་འབྲལ་ཞིང༌། །བསྒྲུབ་ལ་བར་ཆད་མེད་པ་དང༌། །བསྟན་ལ་བྱ་བ་བྱེད་པར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་འདིའི་ཤློ་ཀ་གོང་མ་དྲུག་པོ་འདི་འཕགས་པས་མཛད་ཅིང༌། འོག་མ་གཅིག་འདི་རྒྱུད་སམྦུ་ཊ་ལས་འབྱུང་བའི་སྨོན་ལམ་ཡིན་ནོ། །བཀྲ་ཤིས་ནི། མཚུངས་མེད་བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །མཐུ་སྟོབས་དབང་ཕྱུག་བླ་མ་བརྒྱུད་པར་བཅས། །མཚན་ནས་བརྗོད་དམ་ཅུང་ཟད་དྲན་ཡང་རུང༌། །བཀྲ་ཤིས་འཕེལ་ཞིང་སྐྱེ་རྒུ་བདེ་ལེགས་ཤོག །པདྨའི་ལྟེ་བར་བདུད་བཞིའི་སྟེང་ན་བརྗིད། །ཡོན་ཏན་མཐའ་ཡས་ཡེ་ཤེས་ལྔ་ཡི་དངོས། །ཧེ་རུ་ཀ་དཔལ་བདག་མེད་རྣལ་འབྱོར་མ། །བཀྲ་ཤིས་དེས་ནི་སྐྱེ་རྒུ་བདེ་ལེགས་ཤོག །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །བར་ཆད་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་

p. 414

ནོར་འཆང་དབང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་ནོར་ལྷའི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོགས་ཅི་རིགས་པར་བྱའོ།། །།སརྦ་མངྒ་ལཾ་བྷ་བ་ཏུ།། །།

དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་བསྐོར་རྣམས།

p. 415

དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་བསྐོར་རྣམས་བཞུགས་སོ།།

p. 416

བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀྱིལ་འཁོར་བསྡུས་པའི་རྟོག་པ་ལེའུ་«ཐ་མ་»བཅོ་ལྔ་པ་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་«ཧེ་བཛྲའི་བསྟན་པ་བསྲུང་ཞིང་འཕེལ་བའི་ཕྱིར་»ནག་པོ་ཆེན་པོ་འདི་ཉིད་ཀྱི་སྐུ་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །དེ་ཉིད་«བསྐྱེད་པ་»ཧཱུྃ་ཡིག་ལས་སྐྱེས་པ། །ལག་པ་གཉིས་པ་མགོ་གཅིག་«ལྡན་»པ། །ཁ་དོག་ནག་«ཅིང་ཆེར་འབར་བ་»པོ་དྲག་པོ་ཆེ། །འབར་བའི་གྲི་གུག་«གཡས་དང་གཡོན་»ཐོད་པ་འཛིན། །མགོ་བོ་རློན་པའི་«ཕྲེང་བ་ལྔ་བཅུས་»དོ་ཤལ་བྱས། །འཇིགས་བྱེད་ནག་པོ་མཆེ་བ་གཙིགས། །གཟུགས་ཐུང་གཟི་བརྗིད་ཆེན་པོ་ཉིད། །ཁ་ནས་ཁྲག་ནི་འཛག་པ་པོ། «།དེ་ལྟ་བུའི་དམ་ཚིག་པ་དེ་ལ་ཡེ་ཤེས་པ་གཞུག་ཅིང༌། མངོན་སྤྱོད་བྱ་བའི་ཡུལ།» སློབ་དཔོན་ལ་«སྨད་ཅིང་བསྟན་པ་ལ་»རྟག་«ཏུ་»གང་སྡང་དང༌། །དཀོན་མཆོག་གསུམ་ལ་«ཁྲོ་བས་»འཁྲུགས་དང་ལྡན་དང༌། །སེམས་ཅན་དུ་མ་གསོད་«བྱེད་»པ་རྣམས། «།སྡིག་ཅན་»རང་གི་ཡན་ལག་ཤ་བཅད་ནས། །ནག་པོ་ཆེན་པོས་ཟ་

p. 417

བར་འགྱུར། །ཁྲག་གི་རྒྱུན་ཡང་འཐུང་བར་བྱེད། །ཡང་ན་«དེའི་»མགོ་བོའི་སྟེང་འདུག་ནས། །ཏིལ་ཙམ་དུ་ནི་གཅོད་པར་བྱེད། «།མེད་ཐབས་མེད་པ་»ཆང་དང་ཤིས་བྱེད་«འབྲུ་ཆེན་དང༌།» «མོན་»སྲན་དྲེའུ། །མེ་ཏོག་«ནག་པོ་བདུག་»སྤོས་དང་བྱུག་པ་དང༌། «།གཏོར་མའི་རྒྱུ་»ཤ་ལྔ་བདུད་རྩི་ལྔ་ཉིད་ཀྱི། །གཏོར་མས་ནག་པོ་ཆེན་པོ་མཆོད། «།ཅིང་བསྙེན་སྒྲུབ་ལས་སྦྱོར་འདིས་བྱ།» ཨོཾ་མ་ཧཱ་ཀཱ་ལཱ་ཡ།«་་་་་ནག་པོ་ཆེན་པོ་»ཤཱ་ས་ན་«་་་་་བསྟན་པ་ལ།» ཨུ་པ་ཧཱ་རི་ཎི་«་་་་་ཉེ་བར་འཚེ་བ་སྒྲུབ་པ་»ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་«་་་་་ཕྱི་མ་མིན་པའི་དུས་འདིར་»ཨ་ཡཾ་ཨི་དཾ་«་་་་་དེ་འདི་རྣམས་»རཏྣ་ཏྲ་ཡཱ་ཡ།«་་་་་དཀོན་མཆོག་གསུམ་ལ་»ཨ་པ་ཀ་རི་ཎི་«་་་་་གནོད་པར་བྱེད་པ་རྣམས་»ཡ་དི་པྲ་ཏི་ཛྙཱ་«་་་་་གལ་ཏེ་དམ་བཅས་པ་བཞིན་»སྨ་ར་སི་ཏ་ཏཾ་«་་་་་དྲན་པ་དེའི་ཚེ་»ཨི་དཾ་«་་་་་འདི་»དུཥྚཾ་«་་་་་གདུག་པ་ཅན་»ཁ་ཁ་«་་་་་ཟོ་ཟོ་»ཁཱ་ཧི་ཁཱ་ཧི་«་་་་་ངེས་པར་ཟོ་ངེས་པར་ཟོ།» མཱ་ར་མཱ་ར་«་་་་་སོད་སོད།» གྲྀཧྞ་གྲྀཧྞ་«་་་་་ཟུངས་ཟུངས་»བནྡྷ་བནྡྷ་«་་་་་ཆིངས་ཆིངས་»ཧ་ན་ཧ་ན་«་་་་་རྒྱོབ་རྒྱོབ།» ད་ཧ་ད་ཧ་«་་་་་སྲེགས་སྲེགས།» པ་ཙ་པ་ཙ་«་་་་་ཚོས་ཚོས།» དཱི་ན་མེ་ཀེ་ན་མཱ་ར་ཡ་«་་་་་ཉི་མ་གཅིག་ལ་སོད། མཱ་ར་ཡའི་གོང་དུ་བསྒྲུབ་བྱ་གང་ཡིན་པ་དེའི་མིང་སྦྱར།» ཧཱུྃ་ཧཱུྃ་ཕཊ་ཕཊ། ཚ་བ་གསུམ་«སྟེ་སྒ། པི་ལིང༌། ན་ལེ་ཤམ་གསུམ་»གྱིས་«དགྲ་བོའི་»གཟུགས་བརྙན་བྱས་པའི་ལུས་ལ་དུག་

p. 418

དང་སྐེ་ཚེས་ཆོ་ག་བཞིན་དུ་«སྟེ་སྒྲུབ་པའི་དུས་སུ་སྐེ་ཚེ། ཤང་ཚེ། ལང་ཏང་ཙེས་གྲོ་གའམ་ཤོག་བུ་ལ་འཁོར་ལོ་བྲི། སྙིང་གར་མིང་རུས་བྲི། གཟུགས་དེའི་སྙིང་གར་གཞུག དེ་ནས་དེའི་ལུས་བྲུབ་ཁུང་དུ་བཞག་ལ། དེའི་སྟེང་དུ་མགོན་པོ་བསྐྱེད། སྤྱན་དྲངས། དེ་ལ་ལས་གཞོལ། རྟགས་བྱུང་ནས་ལས་སྦྱོར་ཕུར་པས་གདབ་ཅིང་ཁ་སྦྱོར་ཕྱེ་ལ་བསྲེག་པ་ནི་»ཚེར་མས་བཀང་བའི་མེ་ལ་གོང་གི་མིང་དང་བཅས་པ་བསྲོ་བར་བྱས་ན། དེ་དེའི་མོད་ལ་མི་མཐོང་བར་འགྱུར་རོ། །པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་ལས་བྲིས་པའོ། །ཞེས་གསུངས་སོ། །བླ་མ་དམ་པ་རྒྱལ་ཚ་ལུང་མང་པོ་ཁུ་དབོན་གྱི་ཕྱག་དཔེ་ལས། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་ཞུས་གཏུགས་བགྱིས་པའོ། ༈ །སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་«་་་་་མགོན་པོ་འདི་ལ་སྒྲུབ་ལུགས་བཞི་སྟེ། བཀའ་སྡོད་དང༌། ཚོགས་བདག་དང༌། གནོད་སྦྱིན་དང༌། གཤིན་རྗེའོ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནི་བཀའ་སྡོད་དོ། །ཨོཾ་མ་ཧཱ་ཀཱ་ལ་ཡེ་ཧ་ན་ཧ་ན་བཛྲི་ཎ་སྭཱ་ཧཱ། དེ་ནི་ཚོགས་བདག་ཏུ་སྒྲུབ་པའོ། །དེ་ལ་ཚོགས་བདག་ནི་རྒྱ་ནག་པོའི་ལུགས་ཅན་གོས་ལྷབ་ལྷུབ་གྲི་དང་ཐོད་པ་ཅན་ནོ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ། དེ་ནི་གནོད་སྦྱིན་ལྟར་སྒྲུབ་པའོ། །ཨོཾ་མ་ཧཱ་ཀཱ་ལ་རཱུ་པ་ཤ་ཧཱུྃ་ཕཊ། དེ་ནི་གཤིན་རྗེ་ལྟར་བསྒྲུབ་པའོ། །དེ་ལ་འདི་ནི་བཀའ་སྡོད་དུ་སྒྲུབ་པ་ཡིན་ནོ།། »སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་སྙིང་རྗེར་ལྡན། །ཚུལ་ཁྲིམས་སོགས་ལྡན་བསྡུ་དངོས་བཞིས། །སེམས་ཅན་དོན་བྱེད་བརྩོན་འགྲུས་ལྡན། །རྟག་ཏུ་སྒྲུབ་ལ་བརྩོན་པ་ཡིས། །སློབ་དཔོན་ལ་སྨོད་བསྟན་ལ་སྡང༌། «།རྡོ་རྗེ་ཐེག་པའི་»དམ་ཚིག་ལས་འཆལ་«བས་སེམས་ཅན་མང་པོ་ལ་འཚེ་ཞིང་»མཚམས་མེད་བྱེད། །དེ་རྣམས་བསྒྲལ་བར་བྱ་བ་ཡིན། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །དང་པོར་བདག་ཉིད་ཡི་དམ་ལྷར། །རིམ་པ་ཐམས་ཅད་«བཟླས་

p. 419

པའི་བར་དུ་»རྫོགས་བསྒོམས་ལ། །བསྟན་པ་བསྲུང་ཕྱིར་ནག་པོ་མཆོད། །«རི་རབ་»བྲག་སྟེང་དཀྱིལ་འཁོར་གྲུ་གསུམ་ནག «།པདྨ་དང་ཉི་མའི་སྟེང་དུ་»ཧཱུྃ་སྐྱེས་«འོད་ཟེར་མི་བཟོད་པ་»འབར་བ་ནག་པོ་ཆེ། །གྲི་གུག་ཐོད་པ་ལག་ན་ཐོགས། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་གཙིགས་གཟུགས་ཐུང་གཟི་བརྗིད་ཆེ། །ཁ་ནས་ཁྲག་འཛག་ཁྲོས་ཙམ་ན། «།གདུག་པ་འདུལ་བའི་རྟགས་»རང་གི་ཡན་ལག་ཤ་གཅོད་བྱེད། «།གྲི་གུག་གི་ཡུ་བས་»ཁྲག་གི་རྒྱུན་ཡང་འཇིབ་པར་བྱེད། །སློབ་དཔོན་ལ་སྨོད་པ་བསྟན་ལ་སྡང༌། །མཚམས་མེད་ལ་སོགས་«ཏེ་སེམས་ཅན་མང་པོ་ལ་འཚེ་བ་»བྱེད་རྣམས་ཀྱི། །དེ་རྣམས་མགོ་ནས་«སྤྲུལ་པ་མང་པོས་»ཏིལ་ཙམ་ཟ། །དེ་ལྟར་«བདག་དམ་ཚིག་པར་»གསལ་བར་བསམས་ནས་ནི། །རང་གི་གནས་«ཏེ་རྡོ་རྗེ་འཆང་ངམ་རྣམ་སྣང་གི་ཐུགས་ཀ་»ནས་སྤྱན་དྲང་བྱ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་བཞུགས། །མྱུར་བར་འོངས་པ་དེ་ལ་བསྟིམ། «།དམ་བཞག་གསུམ་དང་མཆོད་པ་བྱས་ལ།» །མོན་སྲན་དྲེའུ་ཛམ་བུ་ཏི། «སྟེ་འབྲས་ཆན་དང་སྲན་ཆན་དང་སྲན་མ་འདྲེས་པའི་གཏོར་མ།» །མེ་ཏོག་བདུག་སྤོས་ཤ་ལྔ་དང༌། །བདུད་རྩི་ལྔ་སྦྱར་«མན་ངག་བཞིན་»གཏོར་མ་སྦྱིན། །ཨོཾ་མ་ཧཱ་ཀཱ་ལ་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ན། ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎི། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་ཏཾ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མ་ཀེ་ན་སརྦ་དུཥྚཱ་ན་མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ནག་པོ་ཆེན་པོ་ཁྱོད་ཀྱིས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ། བདག་ཅག་རྣམས་ཀྱིས་ལས་ཅི་བཅོལ་བ་བཞིན་དུ་གྱིས་ཤིག གལ་

p. 420

ཏེ་དེ་ལྟར་མ་བྱས་ན་མགོ་བོ་ཨརྫ་ཀའི་དོག་པ་ལྟར་ཚལ་པར་འགས་པར་འགྱུར་རོ།«་་་་༌།འདི་རྣམས་ཆོ་འཕྲུལ་ཆུང་ན་མ་གཏོགས་བྱ་མི་དགོས། བྱས་ན་སླར་མཁའ་འགྲོ་ནུས་པ་ཉམས་སུ་འགྲོ་གསུངས།» དམ་ཆུ་བླུད་ལ་ལག་ཏུ་རྡོ་རྗེ་སྦྱིན། དེ་ནས་བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པའི། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་སྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ།«་་་་༌།མྱུར་བར་འདོད་ན་འདི་ཉིད་ཀྱིས་བསྟོད་དོ། །འཇམ་པར་འདོད་ན་ལས་བྱང་ནས་བྱུང་བས་བསྟོད་དོ།།» དེ་ནས་«གཏོར་མ་ལ་ཕུད་ཅིག་ཕུལ་ལ། བར་འདིར་ལས་བྱང་བཞིན་བཟླས་པ་བྱ། བཟླས་པ་ཐོན་པ་དང༌། ཡང་ཁྲག་དང་ཕུད་བསྲེས་ལ་གཏོར་མ་ལ་ཕུལ་ནས»་བསྐུལ་པ་བྱ་སྟེ། ཧཱུྃ། འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་སེམས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་བརྫེས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འདྲིལ་བར་གྱི་ལྷ་གདོན་བསྡིགས། །གཡས་པའི་གྲི་གུག་གནོད་སེམས་ཅན་ལ་སྡང༌། །གཡོན་པའི་ཐོད་ཁྲག་གདུག་པའི་ཁྲག་རྒྱུན་གསོལ། །ཞབས་བརྡབས་གནོད་སེམས་ཅན་གྱི་ལུས་ལ་ཉེད། །གང་ཞིག་དཀོན་མཆོག་གསུམ་ཁྲོ་དང༌། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིངྒ་འདི་ལ་མྱུར་དུ་ཆུག །དེ་ཡི་ཤ་ཟོ་ཁྲག་ལ་འཐུངས། །རུས་པ་ཀླད་པ་ནང་ཁྲོལ་ཟོ། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །

p. 421

མཛའ་བ་ཀུན་དང་ཕྲོལ་ལ་ཐོངས། །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །ཅེས་བསྐུལ་ལོ། «།བར་འདིར་དམ་ལ་བཞག་པ། མནའ་ཆུ་བླུད་པ། རྡོ་རྗེ་སྦྱིན་པ་གསུམ་བྱ། འདི་མཁའ་འགྲོ་གཤེགས་ཁ་ཡིན་པས་ནུས་པ་ལ་མི་གནོད་གསུངས་སོ།» །གོང་གི་སྔགས་སམ། ཡང་ན། ཨོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། སྟོང་རྩ་བརྒྱད་བཟླ། «ནག་པོ་ཆེན་པོ་གཤེགས། གཏོར་ཆུང་གཤེགས། གནས་གསུམ་བསྲུང་ངོ༌།» །དེ་ནས་སྦྱོར་བ་བཤད་པར་བྱ། །ཚ་བ་གསུམ་«དང་རྐང་རྗེས་རྡུལ»་ལ་གཟུགས་བརྙན་བྱ། «།བྲི་བའི་སྣག་ཚལ་»དུག་དང་སྐེ་ཚེ་ལན་ཚྭ་དང༌། །ཚྭ་གསུམ་སྨྱོ་བྱེད་སྲིན་ལག་ཁྲག «།བསྲེས་པས་འཁོར་ལོ་རྩིབས་བརྒྱད་དམ། ཡང་ན་ལས་བྱང་བཞིན་ཟུར་དྲུག་པ་བྱས་ལ་མུ་ཁྱུད་ལ་སྔགས་རིང་གིས་བསྐོར་ཏེ་ལྟེ་བ་དང་རྩིབས་དང་གོང་རས་རྣམས་ལ་ཆེ་གེ་མོ་དྷི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བྲིས་ལ་བྱའོ།» །གོང་བར་སྔགས་སྤེལ་«གཟུགས་བརྙན་གྱི་»སྙིང་གར་གཞུག །དུག་གི་ཚེར་མས་ལུས་ལ་དགང༌། །དུར་ཁྲོད་མེ«འམ་ཡང་ན་འབྲས་ཕུབ་»ལ་བདུགས་«རྩ་བའི་སྔགས་»བཟླས་ན། །དེ་མ་ཐག་ཏུ་«ནད་ལ་སོགས་པས་ཐེབས་ནས་»མེད་པར་འགྱུར། «།འདི་མན་ཆད་དུར་ཁྲོད་ནག་པོ་ན་གསལ་ལོ།» །ཡང་ན་རབས་ཆད་ཐོད་པ་རུ། །བཅུག་ལ་གྲི་ཡི་དུར་བཅུག་ན། །ཐེ་ཚོམ་མེད་པར་གང་བསྒོ་འགྲུབ། །ཀླུ་ཡོད་གནས་སུ་གང་བསྒོ་འགྲུབ། །ནག་པོའི་འཕན་ནམ་རྒྱལ་མཚན་ལ། །སྔགས་དང་མིང་སྤེལ་བྱས་ནས་ནི། །རྫས་ཀྱི་བྱུགས་ཏེ་རབ་སྦྱར་ཏེ། །མཆོད་རྟེན་བཏགས་ན་གང་བསྒོ་འགྲུབ། །གང་འདོད་ཚུལ་གྱི་ལྷ་རྟེན་གནས། །ནག་པོ་བསྐྱེད་ལ་གཏོར་མ་སྦྱིན། །གོང་གསུམ་བཟླས་པ་ཚར་བར་བྱ། །ཡུལ་འདིར་ཐོག་སེར་མྱུར་དུ་ཕོབ། །བསྒོ་ན་མྱུར་དུ་འབེབས་པར་བྱེད། །དེ་རུ་གཏོར་མ་གཏེར་དུ་སྦ། །དེ་ཡིས་ཀྱང་ནི་གང་བསྒོ་བྱེད། །ཡུལ་ལྷའི་སྟེང་དུ་ནག་པོ་བཞག །དེ་ཡི་སྔགས་བཟླས་ཕུར་བུ་ནི། །ཡུལ་ལྷའི་སྙིང་གར་གདབ་པར་

p. 422

བྱ། །དེས་ནི་ཐེ་ཚོམ་མེད་པར་འགྲུབ། །ཁྱི་ཡི་ཐོད་པ་ཤ་མེད་པར། །སྔགས་དང་མིང་སྤེལ་དགྲ་ཁྱིམ་སྦ། །དེ་ཡིས་ཀྱང་ནི་གང་བསྒོ་བྱེད། །ཐལ་བའམ་ཡུངས་ཀར་གང་རུང་ལ། །བཟླས་ནས་གཏོར་བས་སེར་སོགས་ཆད། །དེ་སོགས་ནག་པོ་ཆེན་པོ་ཡི། །སྦྱོར་བའི་ཡོན་ཏན་བརྗོད་མི་ནུས། །ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲརྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །ནག་པོ་ཆེན་པོའི་གཞུང་འདི་ས་སྐྱ་པའི་བླ་མ་གོང་མའི་ཕྱག་དཔེ། ཆོས་རྗེ་ས་སྐྱ་པཎྜི་ཏའི་ཕྱག་ན་བཞུགས་པ་ལས། བླ་མ་དོ་པ་སྟོན་ཚུལ་གྱིས་བྲིས་པ། བླ་མ་དམ་པ་རྒྱལ་ཚ་ལུང་མང་པོའི་ཕྱག་དཔེ་ལས། ས་ཆེན་གྱི་མཆན་དང་བཅས་ལེགས་པར་བྲིས་པའོ། །དུས་ཕྱིས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་གཟིགས་ཕུལ་ཏེ། མངོན་པར་བསྔགས་པ་མཛད་ཅིང་ཕྱག་དཔེ་དང་འདྲ་བསྡུར་ཏེ་མཐུན་པར་སྣང་ཞིང་ཡར་ལུང་པ་སེང་གེ་རྒྱལ་མཚན་དཔལ་གྱིས་ཞུས་གཏུགས་བགྱིས་པའོ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང་བྱ་ཚུལ་བཞུགས་སོ། །བླ་མ་ཡི་དམ་ཆོས་སྐྱོང་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་ཀྱེ་རྡོ་རྗེའི་བདག་བསྐྱེད་བཟླས་པ་དང་བཅས་པ་དང༌། གཏོར་བསྔོས་གྲུབ་ནས། སློབ་མ་ལ་རྗེས་གནང་བྱ་བ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་མེ་ཏོག་བཀྲམ་ནས། སློབ་དཔོན་གྱིས་འདི་སྐད་བརྗོད་དོ། །འོ་ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་རྗེས་སུ་གནང་བ་ཞུ་བ་དེ་ལེགས། དེ་ལ་སློབ་དཔོན་གྱི་བྱ་བ་ཡི་དམ་གྱི་བདག་བསྐྱེད་

p. 423

བཟླས་པ་དང་བཅས་པ་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་འབུལ་བ་རྣམས་ཚར་ནས། སློབ་མའི་བྱ་བ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ཚར་བ་དང༌། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སོགས་ནས། རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཤློ་ལ་གཅིག་ལན་གསུམ་བརྗོད། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཀྱེ་རྡོ་རྗེ་ལ་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་མཛད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །སོགས་ལན་གསུམ། དེ་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་ཁྱེད་ཀྱིས་བདག་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད། དེ་ནས་དངོས་གཞི་ལ། སྐུ་གསུང་ཐུགས་ཀྱི་རྗེས་གནང་དང༌། ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་དང་བཞི་ལས། དང་པོ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཐུགས་ཀར་ཕོག དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་ལ་

p. 424

ཕོག ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བར་དུ་གཅོད་པ་ཐམས་ཅད་དང་རྣམ་སྨིན་ཤ་རུས་དང་བཅས་པ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པའི་མོས་པ་མཛོད། ཨོཾ་སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཉི་མ་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་མཐིང་ནག་ཅིག་ཏུ་གྱུར་པའི་མོས་པ་མཛོད། དེ་ལས་འོད་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ་སྐུ་མདོག་མཐིང་ནག་ཅེས་པ་ནས་ཧཱུྃ་དང་བྷྱོའི་སྒྲ་སྒྲོགས་པའི་ལྕམ་དྲལ་གཉིས་ཀྱི་སྐུར་གྱུར་པའི་མོས་པ་མཛོད། ཅེས་པའི་བར་གཏོར་ཆོག་ལྟར་བརྗོད། དེ་ནས་གུས་འདུད་དྲག་པོ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་དང༌། ཁྱད་པར་འོག་མིན་གྱི་གནས་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་དང༌། མདུན་བསྐྱེད་ཀྱི་མགོན་པོའི་ཐུགས་ཀ་ནས་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་བསམ་གྱིས་མི་ཁྱབ་པ་བྱུང༌། ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་བྱས་ལ། སློབ་མ་ལ་གུ་གུལ་གྱིས་བདུག སློབ་དཔོན་གྱིས་དྲིལ་བུ་གསིལ། ཤཱ་ས་ན་དང༌། རོ་རུ་སོགས་ལན་གསུམ་བརྗོད། གཞན་ཡང་རྔ་དང་ཆ་ལང་ལ་སོགས་པའི་སྒྲ་ཡང་བྱ་སྟེ། དེ་ནི་སྐུའི་རྗེས་གནང་ངོ༌། །གསུང་གི་རྗེས་སུ་གནང་བ་ནི། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་ནག་པོ་ཆེན་པོ་ལྕམ་དྲལ་གྱི་ཐུགས་ཀར་ཕོག མགོན་པོའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ཡིག་ལ་ཐིམ་པའི་མོས་པ་མཛོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ན་སོགས་དང༌། ཡི་

p. 425

གེ་བཅུ་གཉིས་མ། ཡི་གེ་བདུན་མ་རྣམས་ལན་གསུམ་གྱི་རྗེས་ཟློས་དང༌། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་ཀྱང་སྔགས་ཕྲེང་བྱུང༌། ཞལ་ནས་ཐོན། ཁྱེད་རང་གི་གཡོན་གྱི་ལྷ་མོའི་ཞལ་དུ་ཞུགས། ཐུགས་ཀའི་བྷྱོཿལ་ཐིམ་པར་མོས་པ་མཛོད། ཨོཾ་རོ་རུ་སོགས་ལན་གསུམ། དེ་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སོགས་ལན་གསུམ་བྱས་ལ། མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་ཁྱེད་རང་གི་སྤྱི་བོ་ནས་བླུགས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། རིག་པ་འཛིན་པ་འདིའི་རྒྱུད་ལ་དཔལ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་གསུང་གི་རྗེས་སུ་གནང་བ་དང་བྱིན་རླབས་འཇུག་པར་གྱུར་ཅིག ཅེས་བརྗོད་ལ་མེ་ཏོག་མགོ་བོར་བཞག ཐུགས་ཀྱི་རྗེས་གནང་ནི། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོ་ལྕམ་དྲལ་གྱི་ཐུགས་ཀར་ཕོག དེའི་ཐུགས་ཀ་ནས་ཐུགས་ཡེ་ཤེས་ལྔའི་ངོ་བོ། གྲི་གུག ཐོད་པ། གཎྜི། རལ་གྲི། མདུང༌། རྩེ་གསུམ་པའི་ཕྱག་མཚན་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་གི་ཐུགས་ཀར་ཐིམ་པར་མོས་པ་མཛོད་བྱས་ལ་སློབ་དཔོན་གྱིས་དྲིལ་བུ་དཀྲོལ། ཤཱ་ས་ན་ལ་སོགས་པའི་སྔགས་རྣམས་ལན་གཅིག་བརྗོད། དེ་ནས་མགོན་པོ་ལྕམ་དྲལ་གྱི་སྐུ་གསུང་ཐུགས་དང༌། ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པར་བྱིན་གྱིས་བརླབས་པར་མོས་པ་མཛོད། ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། ལྕམ་དྲལ་གྱི་གཏོར་མ་སློབ་མའི་མགོ་བོར་བཞག་ལ། གཏོར་མ་འདི་ཁྱེད་རང་གི་སྤྱི་བོར་བཞག་པའི་ཚེ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་དུ་མོས་ལ། དེའི་སྤྱི་བོ་ནས་ཡར་བླ་མ་བརྒྱུད་པ་རྣམས་ཐོ་བརྩེགས་སུ་བཞུགས་པར་མོས་ཏེ། རྩ་བའི་བླ་མས་བཀའ་བསྒོས་པས། བླ་མ་བརྒྱུད་པ་དང་བཅས་

p. 426

པ་ཐམས་ཅད་ཀྱིས་གཅིག་ཅར་དུ་གསུངས་པས་ཕྲིན་ལས་ཐམས་ཅད་བསྒྲུབས་པར་མོས་པ་མཛོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་མ་ཡ་སྨ་ར་སོགས་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་མ་ཡ་སྨ་ར་སོགས་ནས་རཀྵནྟུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། སློབ་དཔོན་བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲརྡྷཱ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། གུ་རུབ་རིན་ཆེན་བསོད་ནམས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ་བ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཐམས་ཅད་བསྒྲུབ་པ་དང༌། ལུས་ངག་ཡིད་གསུམ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། འགོ་བ་དང༌། བསྙེན་པ་དང༌། ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག ཅེས་བྱ། དེ་ནས་ཆོས་སྐྱོང་ལྕམ་དྲལ་ཁྱེད་རང་གི་སྤྱི་བོ་ནས་ཐིམ་པའི་མོས་པ་བྱས་ལ། གཏོར་མ་གྲལ་ལ་བཞག རྗེས་ཀྱི་བྱ་བ་ནི། རྗེས་གནང་འདི་ཐོབ་པའི་བླ་མ་ལ་མོས་གུས་བསྒོམ། ཆོས་སྐྱོང་ལ་གཏོར་མ་འབུལ་བ་ལ་བརྩོན་པར་བྱའོ། །བྱ་ནག་དང་ཁྱི་ནག་ལ་གནོད་འཚེ་མི་བྱའོ། །དེ་ནས་གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་ལན་གསུམ་བརྗོད་དུ་གཞུག དེ་ནས་རྗེས་གནང་

p. 427

ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་ལན་གསུམ་བྱེད་དུ་གཞུག དེ་ནས་སློབ་དཔོན་གྱིས་གཏོར་མགྲོན་ལ་ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་བ་དང༌། གཤེགས་གསོལ་བྱ་ཞིང༌། རང་ལ་བསྲུང་བ་དང༌། བཀྲ་ཤིས་བྱའོ། །ཞེས་པ་འདི་ནི་སངས་རྒྱས་རིན་ཆེན་དཔལ་བཟང་པོས་སྦྱར་བའོ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་ཀྱི་རྗེས་གནང་བྱ་ཚུལ་བློ་ཡི་མུན་སེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཤྲཱི་ཝཱ་ནེ། བླ་མ་མཆོག་དང་ཀྱེ་ཡི་རྡོ་རྗེ་ཡི། །ཐུགས་ལས་སྤྲུལ་པའི་བསྟན་སྲུང་ཀུན་གྱི་གཙོ། །ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་བཅས་ཀྱི། །རྗེས་གནང་བྱ་ཚུལ་བླ་མའི་གསུང་བཞིན་བྲི། །དེ་ལ་འདིར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་ཀྱི་རྗེས་སུ་གནང་བའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་དབེན་ཞིང་བཀྲ་ཤིས་པའི་གནས་སུ་འདིའི་བྲིས་སྐུ་སོགས་བཀྲམ་པའི་མདུན་དུ་སྟེགས་ཇི་ལྟར་རིགས་པའི་སྟེང་དུ་གཏོར་མ་ཟླུམ་གཏོར་ལྔ་རྒྱན་ཅི་མཛེས་དང༌། དེ་དག་ལ་དར་གྱི་ཅོད་པན་གྱིས་བརྒྱན་པ། དེའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་དང༌། ཡང་དེའི་མདུན་དུ་མགོན་པོའི་སྐོང་གཏོར་ཛཾ་བཤོས་ལྟ་བུ་ལ་མར་གྱི་ཉི་ཟླ་ནོར་བུ་ཕྱག་མཚན་མེ་རི་སོགས་རྒྱན་ཅི་མཛེས་བརྒྱབས་པ་ལ་དར་ནག་གི་ཅོད་པན་གྱིས་བརྒྱན་པ། དེའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང༌། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ། ནང་མཆོད། མེ་ཏོག སློབ་མ་ལ་སྟེར་རྒྱུའི་ནས་ནག མཎྜལ། གུ་གུལ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཀོད་པ་ཅི་མཛེས་སུ་བཤམ་མོ། །གཉིས་པ་དངོས་གཞི་ལ་སློབ་དཔོན་གྱིས་དཔལ་ཀྱེ་རྡོ་རྗེའི་བདག་བསྐྱེད་དཀྱིལ་འཁོར་བསྡུ་བའི་

p. 428

བར་དང༌། དེ་ནས་གཏོར་མ་ནང་མཆོད་སོགས་ཀྱིས་སྦྱངས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་པ་སོགས་ནས་རྡོ་རྗེའི་གླུ་བསྔོ་བ་བཀྲ་ཤིས་ཀྱི་བར་གཏོར་ཆོག་མཛེས་རྒྱན་ལྟར་གྲུབ་རྗེས། བདུན་ནམ་བཅུ་གཅིག་ལ་སོགས་པ་གྲངས་ཁ་ཡར་བ་ཀྱེ་རྡོ་རྗེ་དབང་ཐོབ་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་གྲུབ་ནས། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བ་དང༌། གནས་སྐབས་སུ་དམ་པའི་ཆོས་སྒྲུབ་པ་ལ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བྱེད་པའམ། སེལ་བར་བྱེད་པའི་ཆེད་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཟབ་མོ་ཞུས་ལ་དམ་ཚིག་དང་སྡོམ་པ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་རྒྱུའི་རྗེས་སུ་གནང་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང༌། ཁམས་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པར་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། །ཞེས་དང༌། ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་བསྟན་བཅོས་སྡོམ་གསུམ་རབ་དབྱེ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་ནི། །རྟག་ཏུ་འཚེ་བའང་མང་ཞེས་གསུངས། །ཞེས་གསུངས་པ་ལྟར་དམ་པའི་ཆོས་རྣམ་པར་དག་པ་བྱེད་པའི་གང་ཟག་རྣམས་ལ་བདུད་རིགས་ཀྱི་ལྷ་རྣམས་ཀྱི་འཚེ་བའི་བར་ཆད་བྱེད་པ་ཡིན་པས། བར་ཆད་དེ་དག་ཟློག་པའམ་སྲུང་བར་བྱེད་པ་ལ་ཆོས་སྐྱོང་ཁྱད་འཕགས་རེ་བསྟེན་དགོས་པ་ཡིན་ཏེ། དེའང་འཇིག་རྟེན་པའི་སྲུང་མ་དང༌། འཇིག་རྟེན་ལས་འདས་

p. 429

པའི་སྲུང་མ་གཉིས་ལས། དང་པོ་འཇིག་རྟེན་པའི་སྲུང་མ་ཕོ་ལྷ་དང༌། མོ་ལྷ་དང༌། ཞང་ལྷ་ལ་སོགས་པ་བསྟེན་ཀྱང་ཚེ་འདིར་འགལ་རྐྱེན་བར་ཆད་ཕྲ་མོ་ཙམ་སེལ་བ་དང༌། མཐུན་རྐྱེན་ཅུང་ཟད་ཙམ་བསྒྲུབ་ནུས་ཀྱང་མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་འགལ་རྐྱེན་བར་ཆད་ཞི་བ་དང༌། མཐུན་རྐྱེན་བྱང་ཆུབ་བསྒྲུབ་པར་མི་ནུས་པས་བསྟེན་ཀྱང་དོན་ཆུང་བ་ཡིན་ཏེ། རྒྱལ་སྲས་སེམས་དཔའ་ཆེན་པོས། རང་ཉིད་འཁོར་བའི་བཙོན་རར་བཅིངས་གྱུར་ན། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་སྙིང་རྗེའི་བསམ་པས་གཏོར་མ་རེ་ཙམ་སྟེར་བ་མ་གཏོགས། བསྟེན་ཅིང་སྲུང་སྐྱོབ་བྱེད་པའི་ལྷ་མ་ཡིན་པས། སྐྱབས་སུ་བསྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་བཤད་པ་ཡིན་ཏེ། མདོ་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་བསྟེན་ཀྱང་དགོས་པ་ཆུང་བ་ཡིན་ནོ། །གཉིས་པ་འཇིག་རྟེན་ལས་འདས་པའི་སྲུང་མ་ལའང་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་སྲུང་མ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་གསུངས་པའི་ཚེ། རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཞལ་གྱིས་གཞེས་པའི་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་སྟེ། དེ་རྣམས་བསྟེན་པས་དོན་འགྲུབ་པར་བཤད་ཀྱང༌། དེ་ལས་ཁྱད་པར་དུ་འཕགས་པའི་རྡོ་རྗེ་ཐེག་པ་ནས་གསུངས་པའི་སྲུང་མ་རེ་བསྟེན་དགོས་པ་ཡིན་ཏེ། དེའང་བྱ་རྒྱུད་ནས་གསུངས་པའི་སྲུང་མ་དང༌། སྤྱོད་རྒྱུད་དང༌། རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་བླ་མེད་ནས་གསུངས་པའི་སྲུང་མ་དང་བཞི་ལས་འདིར་ཕྱི་མ་ཡིན། དེ་ལའང་ཕ་རྒྱུད། མ་རྒྱུད། གཉིས་

p. 430

སུ་མེད་པའི་རྒྱུད་ནས་གསུངས་པའི་སྲུང་མ་གསུམ་ལས་འདིར་ཕྱི་མ་ཡིན། དེ་ལའང་འདིར་དཔལ་ཀྱེ་རྡོ་རྗེའི་བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར་གྱི་རྒྱུད་ལེའུ་བཅོ་ལྔ་པ་ལས། དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རྡོ་རྗེ་ནག་པོ་ཆེན་པོ་འདི་ཕྱུང་ངོ༌། །ཧཱུྃ་གི་ཡི་གེ་ལས་སྐྱེས་པ། །ཞེས་སོགས་གསལ་བར་གསུང་ལ། མགོན་པོ་མངོན་པར་འབྱུང་བའི་རྒྱུད་ལས་ཀྱང༌། མགོན་པོ་ཕྱག་གཉིས་པ་ནས། ཕྱག་འབུམ་པའི་བར་གྱི་སྒྲུབ་ཐབས་གསུངས་པ་ལས། ཕྱག་གཉིས་པ་འདི་ཉིད་རྒྱས་པར་བསྟན་པ་ཡིན་ཅིང༌། དུར་ཁྲོད་ནག་པོའི་རྒྱུད་ལས། ལྷ་ལྔ་མ། ལྷ་བཅུ་གཉིས་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་དང༌། སྒྲུབ་ཐབས་རྒྱ་ཆེར་བཤད་ལ། རྒྱུད་དེ་རྣམས་ལ་བརྟེན་ནས་རྗེ་བཙུན་ས་སྐྱ་པ་རྣམས་ལ་མགོན་པོའི་བཀའ་བབས་རྣམ་པ་བཞི་བཞུགས་ཏེ། བརྒྱུད་པའི་བཤད་སྲོལ་དང་པོ་ནི། པཎྜི་ཏ་ག་ཡ་དྷ་ར་ནས་འབྲོག་མི་ལོ་ཙཱ་བ་ལ་བརྒྱུད་པ་འདི་རྡོ་རྗེ་གུར་ལེའུ་བཅོ་ལྔ་པར་སྒྲུབ་ཐབས་གསུངས་ལ། དེའི་འགྲེལ་བ་གུར་རྒྱན་དུ་བསྙེན་སྒྲུབ་ལས་གསུམ་ཚང་བའི་མན་ངག་ཅིག་བཤད། འདི་ལ་མན་ངག་ཟུར་པ་གཅིག་ཡོད་ཀྱང༌། གུར་རྒྱན་ལས་ཕྱུང་བ་ཡིན་ནོ། །ལས་ཚོགས་ལ་གཞན་གྱི་རིགས་སྔགས་དང་རྦོད་གཏོང་ཟློག་པའི་མན་ངག རྨི་ལམ་ངན་པ་དང་ལྟས་ངན་པ་ཟློག་པའི་མན་ངག སྲུང་འཁོར་བྲིས་ནས་རང་སྲུང་བའི་མན་ངག་དང་གསུམ། དང་པོ་ལ་དབྱེ་ན་སྲུང་ཟློག་བསད་གསུམ་གྱི་མན་ངག་གསུམ་དུ་འགྱུར་རོ། །འདིའི་རྗེས་གནང་དང་ལུང་ལ་སོགས་པ་རྣམས་བཀའ་སྲོལ་མ་ཉམས་པར་བཞུགས་སོ། །བརྒྱུད་པའི་བཀའ་བབས་གཉིས་པ་ནི། པཎྜི་ཏ་དོན་ཡོད་རྡོ་རྗེ་ནས་བ་རི་ལོ་ཙཱ་བ་ལ་བརྒྱུད་པ་མགོན་པོ་རྐྱང་པའི་རྗེས་གནང་དང༌། དེའི་སྒྲུབ་

p. 431

ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྒྱ་གཞུང་རྩོད་མེད་སྒྲུབ་ཐབས་བརྒྱ་རྩ་ན་བཞུགས་པ། དེའི་ས་བཅད་རྗེ་བཙུན་གྱི་སྒྲུབ་ཐབས་བརྒྱ་རྩའི་ཊཱི་ཀའི་ནང་ན་ཡོད་ཅིང༌། དེ་རྣམས་ཀྱི་རྗེས་གནང་ལུང་དང་བཅས་པ་དེང་སང་གི་བར་དུ་བཀའ་མ་ཆད་པར་ཡོད་དོ། །བརྒྱུད་པའི་བཀའ་སྲོལ་གསུམ་པ་ནི། པཎྜི་ཏ་ཆེན་པོ་ཤྲརྡྷཱ་ཀ་ར་ཝརྨ་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་མལ་ལོ་ཙཱ་བ་ནས་བརྒྱུད་པ་འདི་མན་ངག་གཞན་ལས་རྒྱས་ཤིང༌། མངའ་རིས་སྟོད་དུ་བོན་པོ་མང་པོ་ལ་དྲག་ལས་བྱས་པས་མན་ངག་ལག་ལེན་མ་ཉམས་པར་ཡོད་པས་བརྒྱུད་པ་འདི་ལ་ཐུགས་རྩིས་ཆེ་བར་མཛད་ཅིང༌། འདི་ལའང་རྐྱང་སྒྲུབ་དང་སྦགས་སྒྲུབ་ལ་སོགས་པའི་རྣམ་གཞག་དང༌། མགོན་པོ་ལྷ་བཅུ་གཉིས་མ། ལྷ་ལྔ་མ་རྣམས་ཀྱི་དབང་བསྐུར་བ་དང༌། ལྕམ་དྲལ་ལྷ་གསུམ་དང༌། ལྷ་བརྒྱད་དང༌། ལྷ་བཅུ་གཉིས་མ་དང༌། འཁོར་རྐྱང་གི་རྗེས་གནང་ཕྱི་ནང་གསང་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཤིན་ཏུ་རྒྱས་པར་བཞུགས་པ་ཡིན་ནོ། །བརྒྱུད་པའི་བཀའ་བབས་བཞི་པ་ནི། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་ལས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་གསན་པ་བྲམ་ཟེ་མཆོག་སྲེད་ཀྱི་གཞུང་དང༌། དེའི་མན་ངག་གསང་སྒྲུབ་སྤུ་གྲི་སྐོར་གསུམ་ཞེས་ཡོངས་སུ་གྲགས་པའི་ལུང་དང་བཅས་པ་བཞུགས་པ་ཡིན་ནོ། །དེ་ལའང་ལུགས་དང་པོ་གཉིས་དང༌། ཕྱི་མ་རྣམས་ལ་ནི་ཕོ་རྐྱང་དུ་སྒྲུབ་པའི་ལས་ཚོགས་ཅུང་ཟད་མ་གཏོགས་རྒྱ་ཆེར་མི་སྣང་ཞིང༌། མལ་ལོ་ཙཱ་བའི་ལུགས་ཞེས་གྲགས་པ་འདི་ཉིད་ལ་སྒྲུབ་ཚུལ་གྱི་རྣམ་གཞག་རྐྱང་སྒྲུབ་དང་སྦགས་སྒྲུབ་གཉིས་ལས། དང་པོ་ལ་གསུམ། ཕོ་རྐྱང་དུ་སྒྲུབ་པ་དང༌། མོ་རྐྱང་དུ་སྒྲུབ་པ་དང༌། འཁོར་རྐྱང་དུ་སྒྲུབ་པའོ། །དང་པོ་ལའང་ཚོགས་བདག་གི་ཚུལ་དུ་སྒྲུབ་པ། བཀའ་སྡོད་ལྟར་སྒྲུབ་པ། གནོད་

p. 432

སྦྱིན་ལྟར་སྒྲུབ་པ། གཤིན་རྗེ་ལྟར་སྒྲུབ་པའོ། །འདི་རྣམས་ལ་བསྙེན་སྒྲུབ་ལས་སྦྱོར་སོ་སོའི་བྱེད་པའི་མན་ངག་དང༌། བསྙེན་སྒྲུབ་སྦྲགས་ནས་བྱེད་པའི་མན་ངག་ཡོད་དོ། །འདིའི་ལས་ཚོགས་ལ་གཏོར་མ་མེད་པར་ཁ་ཟས་ལ་བརྟེན་ཏེ་དགྲ་བསད་པ་དང༌། དགྲ་བགེགས་ཚོགས་སུ་ཟ་བ་དང༌། བྱད་ཤ་སྤགས་པ་དང༌། བཟླས་པའི་མན་ངག་གིས་སྲོག་འཕྲོག་པ་ལ་སོགས་པ་བཞི་ཡོད་དོ། །གཉིས་པ་མོ་རྐྱང་དུ་སྒྲུབ་པ་ལ། ཞི་བ་ནང་པའི་སྒྲུབ་པ་ཞེས་པ་བྲམ་ཟེ་མཆོག་སྲེད་ཀྱི་བསྟོད་པ་རྐང་པ་བརྒྱད་པ་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཅིག་ཡོད་དོ། །དྲག་པོ་གསང་སྔགས་ཕྱི་པའི་སྒྲུབ་ལུགས་ཞེས་པ་སློབ་དཔོན་ལོ་ཀ་ཤྲཱིས་བསྒྱུར་བའི་གཞུང་དང༌། དེ་ལ་བརྟེན་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག ལས་བཞི་ཁ་བསྒྱུར་གྱི་མན་ངག་ཟུར་ཙམ་དང་བཅས་པ་ཡོད་དོ། །འདི་རིག་པ་མཆོག་གི་རྒྱུད་ན་གསལ་བར་བཞུགས་ཤིང༌། ལྷ་མོ་ནག་མོའི་གཟུངས་བ་རི་ལོ་ཙཱ་བས་བསྒྱུར་བ་དང༌། གདན་བཞིའི་ལྷག་གཏོར་གྱི་སྐབས་སུ་བཤད་པའི་བསྟན་སྲུང་ཆེན་མོ་ཡིན་ལ། བླ་མ་རྔོག་པ་རྣམས་དུད་སོལ་ལྷ་མོ་ཞེས་པའི་མཚན་དང༌། སྔར་གྱི་ལོ་ཀ་ཤྲཱིས་བསྒྱུར་བའི་གཞུང་དེ་ལ་བླ་མ་ནཱ་རོ་པས་མཛད་པའི་སྒྲུབ་ཐབས་ཞེས་པར་འདོགས་སོ། །གསུམ་པ་འཁོར་རྐྱང་དུ་སྒྲུབ་པ་ལ་བཞི་ལས་དང་པོ་ནི། ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་དང༌། གཉིས་པ་ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན། དེ་གཉིས་ལའང་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཁྱད་པར་དུ་འཕགས་པ་ཡོད་དོ། །གསུམ་པ་གསང་བའི་ལས་མཁན་པུ་ཏྲ་ལྕམ་སྲིང་ལ་མོན་པ་མིང་སྲིང་ལྔའི་སྒྲུབ་ཐབས་ཚིགས་བཅད་མ་མདོར་བསྡུས་པ་གཅིག་དང༌། དེ་ལ་བརྟེན་ནས་དམ་པ་ཀུན་དགའ་གྲགས་ཀྱི་བསྙེན་སྒྲུབ་ལས་གསུམ་ཐན་འགྱེད་དང་བཅས་

p. 433

པ། བརྒྱུད་པའི་ལོ་རྒྱུས་དང༌། རྗེས་གནང་གི་ཡི་གེ་རྣམས་ཡོད་དོ། །བཞི་པ་ནི་བྲན་བདུད་གཤིན་རྗེ་ནག་པོ་ལ་སོགས་པའོ། །གཉིས་པ་སྦགས་སྒྲུབ་ལ་གཉིས་ལས། དང་པོ་ལྕམ་དྲལ་སྦགས་སྒྲུབ་ལ་མགོན་པོ་དང་ལྷན་ཅིག་ཏུ་བསྐྱེད་པ་ལ་བསྙེན་སྒྲུབ་ལས་གསུམ་དྲག་པོའི་སྦྱིན་སྲེག་ཟུར་དུ་ཁ་འཕངས་པ་དང་བཅས་པ་བླ་མ་ཆོས་ཀྱི་རྒྱལ་པོས་མཛད་པ། དེའི་རྗེས་གནང་གི་ཆོ་ག་འདམ་དུ་སྦྱར་བ་དང༌། གཉིས་པ་ལམ་གྱི་ཡན་ལག་ལ་རྟེན་གཏོར་གྱི་མན་ངག གཏོར་མ་ལ་བརྟེན་ཏེ་དགྲ་བསད་པ། གསང་རྟེན་ལུས་ལ་བཅིངས་པ། དེའི་དམིགས་པ་ཟབ་མོ་ཅིག་རྣམས་ཡོད་དོ། །གཉིས་པ་མཁའ་འགྲོའི་སྦགས་སྒྲུབ་ལ། འཇམ་ཞིང་ཞི་བའི་ལས་ལ་ཡུན་བསྲིངས་ཏེ་སྒྲུབ་པ། མྱུར་བར་འདོད་ན་དཀྱིལ་འཁོར་ལ་བརྟེན་ཏེ་རྩུབ་མོར་སྒྲུབ་པ། ཤིན་ཏུ་མྱུར་བས་ཞག་བདུན་གྱིས་རྩལ་ཆེན་གྱི་ལས་རྫོགས་པ། རྒྱུན་དུ་བསྟེན་པ་ཞི་དྲག་ཕྱེད་མར་སྒྲུབ་པ་སྟེ་མན་ངག་བཞི་པོ་འདི་དག་རེ་རེ་ལའང་བསྙེན་སྒྲུབ་ལས་གསུམ་སྦྱར་བ་སྟེ་གསུམ་གསུམ་ཡོད་དོ། །སྒྲུབ་པའི་སྐབས་སུ་མཁའ་འགྲོའི་འཁུ་ལྡོག་སྤངས་པའི་མན་ངག ལས་སྦྱོར་ལ་བསད་པའི་ལས་དགུའོ། །འདིའི་མན་ངག་ལ་མགོན་པོའི་བྲིས་སྐུ་བཞེངས་པའི་མན་ངག འཁོར་ལོ་ལྔ་ལ་བརྟེན་པའི་བསམ་གཏན་གྱི་ལས་སྦྱོར་རྣམས་ཡོད་དོ། །གཉིས་པ་དེ་རྣམས་ཀྱི་མན་ངག་ལྕམ་དྲལ་དང་ལས་མགོན་གསུམ་གཙོ་འཁོར་གསུམ་སྦགས་སྒྲུབ་ཏེ་སྒྲུབ་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག རྩ་གསུམ་ལ་བརྟེན་པའི་བསམ་གཏན་གྱི་ལས་སྦྱོར་རྣམས་ཡོད་དོ། །གཉིས་པ་དེ་རྣམས་ཀྱི་ནང་ནས་ཤིན་ཏུ་ཟབ་པའི་གདམས་པ་ནི། རྐྱང་སྒྲུབ་རྣམས་ལས་སྦགས་སྒྲུབ་རྣམས་ཟབ་ཅིང༌། དེ་ལའང་ལྕམ་དྲལ་སྦགས་

p. 434

སྒྲུབ་དང༌། ལྷ་བརྒྱད་དང༌། ལྷ་བཅུ་གཉིས། ལྷ་བཅུ་བདུན་སྦགས་ཏེ་སྒྲུབ་པ་ལས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་པར་འཕགས་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་སྦགས་ཏེ་སྒྲུབ་པའི་ལུགས་ཡིན། དེ་ལའང་གནས་སྐབས་སུ་བདུད་དང་གཤིན་རྗེའི་འཇིགས་པ་ལས་སྐྱོབ་ཅིང༌། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་ནུས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་སྦགས་ཏེ་སྒྲུབ་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ། གང་གིས་སྒྲུབ་པར་བྱེད་པའི་སློབ་དཔོན་ནི། འདིའི་རྗེས་སུ་གནང་བ་ཐོབ་པ་དང༌། ཡི་དམ་ལ་སོགས་པའི་བསྙེན་པ་དང༌། དེའི་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་སྔོན་ཆད་ཆོག་མཐོང་བ་ལ་སོགས་པ་ཞིག་དགོས་པ་ཡིན་ལ། གང་ལ་བྱ་བའི་སློབ་མ་ནི། ཀྱེ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་ཐོབ་པ་དང༌། འདིའི་རྗེས་སུ་གནང་བ་དོན་དུ་གཉེར་ཞིང་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བྱེད་པ་ཞིག་ལ་བྱ་དགོས་པ་ཡིན་ལ། ནམ་བྱ་བའི་དུས་ནི། རྩ་རྒྱུད་ལས། ཡི་དྭགས་ཟླ་ཕྱེད་བཅུ་གཉིས་དང༌། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། །ཅེས་གསུངས་པའི་དོན། ཡི་དྭགས་ཞེས་པ་འདིར་འབྱུང་པོ་སྟེ་མཁའ་འགྲོ་ཡིན་ལ། དེའི་འདུ་བའི་དུས་ནི་ཡར་ངོ་དང༌། མར་ངོའི་བཅུ་བཞི་དང༌། དེ་བཞིན་དུ་ཚེས་བརྒྱད་གཉིས་ཏེ་དེ་རྣམས་གང་རུང་ལ་བྱ་དགོས་པ་ཡིན་ལ། གང་དུ་བྱ་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་བསྐྱང་བ། ཕྱི་ནང་གི་ཉེར་འཚེ་མེད་པ་ཞིག་ཏུ་བྱ་བར་བཤད་ལ། ཚུལ་ཇི་ལྟར་བྱ་བའི་ཆོ་ག་ལ་གཉིས་ལས། དང་པོ་སློབ་དཔོན་གྱིས་དཔལ་ཀྱེ་རྡོ་རྗེའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བའི་ཕྱི་ནང་གི་མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་འབུལ་བ་དང༌། བཟླས་པ་རྡོ་རྗེའི་གླུ་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་བར་བྱ་བའམ།

p. 435

ཚོགས་འཁོར་ཡོད་ན་ལྷག་གཏོར་གྱི་བར་བྱ་དགོས་པས་དེ་རྣམས་སྔོན་དུ་ལེགས་པར་གྲུབ་ནས། གཉིས་པ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། རྗེས་གནང་གི་སྔོན་དུ་འགྲོ་བ་མཎྜལ་འབུལ་བ། གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་དགོས་པ་ལས། ཐོག་མར་སློབ་དཔོན་ལ་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས། རྗེས་སུ་གནང་བ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་མེ་ཏོག་དང་བཅས་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་ནས། པད་ལ་འདུད། དུས་གསུམ་སངས་རྒྱས་ཐམས་ཅད་དང་ནས། སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ། དཔལ་ནག་པོ་ཆེན་པོ་ལྷ་བརྒྱད་ལ་ཆོས་སྐྱོང་བའི་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་མངོན་སུམ་བཞིན་དུ་བཞུགས་པར་མོས། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པའི་བསམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག ཅེས་རྒྱུན་བཤགས་བྱས་ནས་«་་་་་འགའ་ཞིག་འདིར་རིགས་ལྔའི་སྡོམ་གཟུང་མཛད་ཀྱང་དཔེ་འདིའི་དཀྱུས་སུ་མི་སྣང༌།» ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་སངས་རྒྱས་ཀྱི་

p. 436

བསྟན་པ་སྲུང་བའི་དོན་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་པ་རྣམས་སྔོན་འགྲོ་ཡིན་ལ། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་དང༌། ཡོན་ཏན་ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་རྣམས་སུ་ཡོད་པ་ལས་ཐོག་མར་སྐུའི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱི་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་བསྐལ་པའི་མེ་ལྟ་བུ་འཕྲོས་པས་མདུན་བསྐྱེད་ཀྱི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་ཤར་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས། ཁྱེད་རང་གི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། ཁྱད་པར་དུ་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་གཞོབ་ཐུལ་གྱིས་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པར་མོས། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས་ཧཾ་ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་སྟོང་པ་ཉིད་དུ་སངས་ཀྱིས་སྦྱངས་པར་མོས་པ་མཛོད། སྟོང་པའི་ངང་ལས་རང་གནས་པའི་ས་ཕྱོགས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་མི་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་རེ་རེར་གྱུར་པར་མོས་ནས་དེ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད།

p. 437

ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཆེར་འབར་བ་ཞེས་པ་ནས། སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག་གཤོག་སྐོར་བྱེད་པ། གཡོན་ན་ཁྱི་ནག་ཁེངས་ཤིང་ཟུག་པ། རྒྱབ་ན་ཅེ་སྤྱང་བྲོས་དེད་བྱེད་པ། མདུན་དུ་མི་ནག་གནམ་དུ་འོ་དོད་འབོད་པ། སྟེང་ན་རིགས་ལྔའི་ངོ་བོ་ཁྱུང་ཆེན་ལྡིང་བ། མི་བསྐྱོད་པའི་ཅོད་པན་ཅན། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་གཡོན་ཕྱོགས་སུ་ལུས་དང་གྲིབ་མའི་ཚུལ་དུ་ཊཱྃ་ལས་ཞེས་སོགས་ནས་བྷྱོའི་སྒྲ་སྒྲོགས་པའི་སྐུ་ཅན་དང༌། དེའི་མདུན་དུ་པདྨ་ཉི་མའི་གདན་རེ་རེའི་སྟེང་དུ་ཡ་ལས་སོགས་ནས་ལན་ཚར་ཅན། དེ་གཉིས་ཀྱི་མདུན་དུ་ཏྲི་ལས་པུ་ཏྲ་སོགས་ནས་གདུག་པ་ཅན་ཚར་གཅོད་པའི་ཚུལ་གྱིས་བཞུགས་པའི་སྐུ་ཅན་རེ་རེར་གསལ་ལམ་གྱིས་བཏབ་ནས། སློབ་དཔོན་ལ་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་དང་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་མདུན་བསྐྱེད་ཀྱི་དཔལ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པ་དང༌། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀ་དང་རང་བཞིན་གྱི་གནས་དང་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་དང༌། མདུན་བསྐྱེད་ཀྱི་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀ་ནས་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་རྡུལ་ཕྲན་ཙམ་ཚད་མེད་གྲངས་མེད་པའི་རྣམ་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་ཅན་དུ་གསལ་བའི་

p. 438

སྐུ་ལུས་ཀྱི་སྤྱི་བོའི་གཙུག བ་སྤུའི་བུ་ག དབང་པོའི་སྒོ་ལ་སོགས་པ་རྣམས་ན་མར་མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་གཉིས་སུ་མེད་པར་ཐིམ་པས་ལུས་ཀྱི་ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་ནས་སྐུའི་ངོ་བོར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། དེ་བཞིན་དུ་རང་བཞིན་གྱི་གནས་དང་མདུན་བསྐྱེད་ཀྱི་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས་ཀྱི་ཐུགས་ཀ་ནས་དཔལ་ལྡན་ལྷ་མོ་གནོད་སྦྱིན་ཡབ་ཡུམ་པུ་ཏྲ་བྷ་ཊ་སྲིང་མོ་རལ་གཅིག་མ་དང༌། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་གིས་བསྒོམས་པའི་ལས་མགོན་སོ་སོ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། རྡོ་རྗེ་གསོར། དྲིལ་བུ་དྲག་ཏུ་དཀྲོལ་ཞིང༌། ངག་ཏུ་ཤཱ་ས་ན་དང༌། ཨོཾ་རོ་རུ་དང༌། ཨ་ལི་ཨ་ལི་སོགས་བརྗོད་ཅིང་གུ་གུལ་གྱིས་བདུག དེ་ལྟར་བྱིན་གྱིས་བརླབས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྐུའི་བྱིན་རླབས་ཞུགས། ཁྱད་པར་དུ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པ་རྣམས་ཀྱི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པའི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཔལ་ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་སྔགས་ཀྱི་ཕྲེང་བ་དང་བཅས་པ་གསལ་བར་དམིགས། ཁྱེད་རང་རྣམས་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་

p. 439

ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་ཞིག་གསལ་བཏབ་ནས། སློབ་དཔོན་ལ་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་སྟེ། སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་པར་མོས་ནས་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་བརྗོད་ལ་རང་གི་ཕྲེང་བ་འདྲེན་དུ་བཅུག་ལ་སློབ་མ་ཉུང་ན་དེ་ལྟར་བྱ། མང་ན་མི་ཐུབ། གང་ལྟར་ཡང་ཤཱ་ས་ན་དང༌། ཡི་གེ་བདུན་མ་རྣམས་ལན་གསུམ་གྱི་རྗེས་ཟློས་བྱར་གཞུག ཡང་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་དཔལ་ལྡན་ལྷ་མོ་གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་ཞལ་ནས་ཐོན། ཁྱེད་རང་རྣམས་རྡོ་རྗེ་ནག་པོ་ཆེན་པོར་གསལ་བའི་ལྟེ་བར་ཐིམ་པས་འཁོར་ཐམས་ཅད་དབང་དུ་འདུས་པར་མོས་ནས་སྔགས་འདི་གཉིས་ཀྱི་རྗེས་ཟློས་མཛོད། ཨོཾ་རོ་རུ་དང༌། ཨ་ལི་ཨ་ལི་སོགས་ལན་གསུམ། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་ནས། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་སྟེ། གསོལ་བ་འདེབས་པའི་བསམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ནས། ཁྱེད་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ་

p. 440

བ་དེ་ཉིད་སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བའི་རང་བཞིན་དུ་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་འཇུག་པར་གྱུར་ཅིག དེ་ལྟར་བྱིན་གྱིས་བརླབས་པས་གོང་གི་སྐུ་ཞེས་པའི་ཚབ་ཏུ་གསུང་ཞེས་འདོན་པ་སྤོ་བ་མ་གཏོགས་རིགས་འགྲེའོ། །ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་དཔལ་ཀྱེ་རྡོ་རྗེ་ཞེས་སོགས་ནས་ཐུགས་ཀ་ནས་ཞེས་པའི་བར་གོང་བཞིན་ལས། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་འབྲས་ཙམ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག བ་སྤུའི་བུ་ག དབང་པོའི་སྒོ་ལ་སོགས་པ་རྣམས་ན་མར་གཉིས་སུ་མེད་པར་ཐིམ། སེམས་ཀྱི་ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་ནས་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་ཐུགས་ཀའི་ངོ་བོར་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། རྡོ་རྗེ་གསོར་བ་སོགས་གོང་བཞིན་བྱའོ། །དེ་ལྟར་བྱིན་གྱིས་བརླབས་པས་སོགས་གསུང་དང་ཐུགས་འདོན་པ་སྤོ་བ་མ་གཏོགས་རིགས་འགྲེའོ། །དེའི་མཐའ་རྟེན་དུ་ཡོན་ཏན་ཕྲིན་ལས་གཏོར་མའི་བཀའ་བསྒོ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མཚན་མོ་ཡིན་ན་དཔལ་འབར་འཛུགས། ཉིན་མོ་འཛུགས་མི་

p. 441

དགོས་སོ། །སློབ་དཔོན་གྱིས་མགོན་པོའི་གཏོར་མ་སློབ་མའི་མགོ་བོར་བཞག ལས་མགོན་གྱི་གཏོར་མ་ལག་ཏུ་གཏད་ལ། གཏོར་མ་འདི་ཉིད་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་འཁོར་དང་བཅས་པ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་དམ་པ་ཆོས་སྐྱོང་བའི་སྲུང་མའི་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པར་མོས། དེའི་སྟེང་གི་ཆ་ལ་རྩ་བའི་བླ་མ་ནས་བརྒྱུད་པའི་བླ་མ་ཐམས་ཅད་ཐོ་བརྩེགས་སུ་བཞུགས་པར་མོས་ཏེ། རྩ་བའི་བླ་མས་བཀའ་བསྒོས་པ་བཞིན་དུ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་མགྲིན་གཅིག་ཏུ་བཀའ་བསྒོས་པར་མོས་པ་མཛོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་མ་ཡ་སྨ་ར་སོགས་དང༌། ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་མ་ཡ་སོགས་དང༌། ཨ་ལི་ཨ་ལི་མ་སོགས་ནས་སྨ་ར་ས་མ་ཡ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲརྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་

p. 442

མཚན། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། ས་ལོ་ཐམས་ཅད་མཁྱེན་པ། རྗེ་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། གཟར་ཆེན་སངས་རྒྱས་དཔལ་ལྡན། མཚུངས་མེད་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། འཇམ་མགོན་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང༌། འཇམ་དབྱངས་རིན་ཆེན་མཆོག་གྲུབ། བྱམས་པ་ནམ་མཁའ་འཆི་མེད། བདག་ཅག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང༌། རྡོ་རྗེ་སློབ་མ་འདི་རྣམས་ལ་བསྲུང་བ་དང༌། བསྐྱབ་པ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག འདི་རྣམས་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ས་མཛོད་ཅིག སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ། འོག་གདོན་ཀླུ་དང་ས་བདག་གི་གནོད་པ། བར་གདོན་བཙན་དང་རྒྱལ་པོ་དང༌། ཐེའུ་རང་གི་གནོད་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག མཐུན་པའི་རྐྱེན་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད་ཅིག ལྷ་འདྲེ་མི་གསུམ་གྱི་འགྲོ་བ་མང་པོ་དབང་དུ་བསྡུས་ནས་

p. 443

ཟས་གོས་ལོངས་སྤྱོད་ཀྱིས་ཕོངས་པ་མེད་པར་ཡིད་བཞིན་དུ་འབྱོར་པ་དང༌། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགྲོ་བ་མང་པོ་ལ་ཕན་ཐོགས་པའི་ཕྲིན་ལས་མཛོད་ཅིག རིག་པ་འཛིན་པ་འདི་རྣམས་ཀྱིས་དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པ་ལ་བར་ཆད་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་མི་ཐུལ་བ་མེད་པས། མངོན་སྤྱོད་ཀྱི་ལས་ཀྱིས་ཚར་བཅད་ནས་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག མདོར་ན་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། ཇི་སྲིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྲིན་ལས་མཛོད་ཅིག དེ་ནས་སློབ་དཔོན་གྱིས་ནས་ནག་མགོ་ཐོག་ཏུ་བཞག་ཅིང་ལག་ཏུ་བྱིན་པར་མོས་པ་མཛོད་བྱས་ལ། ཤཱ་ས་ན་འདོན་བཞིན་པས་ནས་ནག་སྤྱི་བོར་བཞག་ཅིང་ལག་ཏུའང་སྦྱིན་ནོ། །དེ་ལྟར་བཀའ་བསྒོས་པས་མདུན་གྱི་གཏོར་མའི་སྟེང་གི་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་སྐུ་ལས་དེ་འདྲ་བའི་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་སྐུ་མཐེ་བོང་གི་ཚད་ཙམ་པ་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ་སྙིང་པདྨ་འདབ་བརྒྱད་དུ་གྱུར་པའི་ལྟེ་བར་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་འབྲལ་མེད་དུ་བཞུགས་པའི་པདྨ་ཁ་ཟུམ་པའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཕྱེད་པ་རེས་རྒྱས་བཏབ་སྟེ། དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། འགལ་རྐྱེན་ཐམས་ཅད་སེལ་བ་དང༌། མཐུན་རྐྱེན་ཐམས་ཅད་སྒྲུབ་པར་མོས་པ་མཛོད། དེ་ལྟར་བསྒོམས་པས་འདིའི་འཁོར་གྱི་གནོད་

p. 444

པ་དང༌། རྡོ་རྗེ་ནག་པོ་ཆེན་པོ་འདིའི་སྒོ་ནས་གཞན་གྱིས་མནན་གཏད་གཟེར་གསུམ་བྱས་པ་རྣམས་ཀྱིས་མི་ཚུགས་པའི་གདམས་ངག་མཆོག་ཏུ་གྱུར་པ་ཡིན་ནོ། །དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། རྗེས་མི་འབྲལ་བར་བྱ་བ་ལ་གཉིས་ལས། དང་པོ་སྒྲུབ་པ་པོ་ཆོས་སྐྱོང་དང་མི་འབྲལ་བའི་ཆེད་དུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བྱེད་པ་དང༌། བྱེ་བྲག་ཏུ་གསང་སྔགས་ཀྱི་ཆོས་ཞུས་པའི་བླ་མ་ལ་གུས་པར་བྱ་བ་དང༌། ཁྱད་པར་རྡོ་རྗེ་ནག་པོ་ཆེན་པོ་འདི་ཉིད་ཀྱི་རྗེས་སུ་གནང་བ་དང་གདམས་ངག་ཞུས་པའི་བླ་མ་དང་ཆོས་བརྒྱུད་ལ་དད་ཅིང་གུས་པར་བྱས་པས་ལུས་དང་གྲིབ་མའི་ཚུལ་དུ་འཁོར་བ་ཆོས་ཉིད་ཡིན་པས་དེ་ལྟར་བྱ་དགོས་པ་ཡིན་ནོ། །གཉིས་པ་ཆོས་སྐྱོང་སྒྲུབ་པ་པོ་དང་མི་འབྲལ་བ་ནི། འདིའི་རྗེས་གནང་ལེགས་པར་ཐོབ་ཕྱིན་ཆད་རབ་ཀྱིས་ཐུན་བཞིའམ། གསུམ་མམ། གཉིས་སམ། ཐ་མས་ཀྱང་ཐུན་གཅིག་ལ་སོགས་པ་ལ་གཏོར་མ་འབུལ་བའམ། དེ་ཙམ་མ་གྲུབ་ན་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་མར་ངོའི་ཚེས་བརྒྱད་གཉིས་དང༌། ཡར་ངོའི་བཅུ་བཞི་དང༌། མར་ངོའི་བཅུ་བཞི་སོགས་ལ་གཏོར་མ་འབུལ་བའམ། རང་གིས་མི་ཤེས་ན་གཞན་འབུལ་དུ་གཞུག་པ་ལ་བརྩོན་པར་བྱ་དགོས་པ་ཡིན་ནོ། །དེ་ལྟར་ཕུལ་བའི་དགོས་པ་ནི། རྒྱུད་ལས། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟེན། །ཞེས་གསུངས་པ་ལྟར་ཡིན་ལ། དེ་བཞིན་དུ་གསང་བར་གདམས་པ་ནི། རྒྱ་མཚོའི་ནང་གི་རྡོ་བ་བཞིན། །ཁ་རུ་དབྱུང་བར་མི་བྱའོ། །ཞེས་གསུངས་པ་ལྟར། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་གསང་ནས་ཉམས་སུ་ལེན་དགོས་ལ། ཁྱད་པར་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་བསྙེན་པ་དང༌། སྒྲུབ་པ་དང༌། ལས་སྦྱོར་དང༌། རྗེས་སུ་

p. 445

གནང་བ་དང༌། གདམས་པ་ལ་སོགས་པ་སྟོན་པའི་ཚེ། དབང་མ་ཐོབ་པ་དང་དམ་ཚིག་དང་མི་ལྡན་པའི་གང་ཟག་རྣམས་ལ་གསང་དགོས་པ་ཡིན་ནོ། །གསང་བའི་ཆོས་མི་འདོད་པ་ལ་སྟོན་པ་ནི་ཡན་ལག་གི་ལྟུང་བར་བཤད་པ་ཡིན་ནོ། །འོ་ན་རྩ་བ་ནས་གསང་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། མན་ངག་གསེར་གྱི་ཡང་ཞུན་ནི། །སྣོད་ལྡན་གཅིག་ལ་ནུབ་མི་བྱ། །ཞེས་གསུངས་པ་ལྟར་སྣོད་དང་ལྡན་པའི་སློབ་མ་རེ་རེ་ཙམ་ལ་སྟེར་ནའང་བཀའ་རྒྱ་དང་བཅས་པའི་སྒོ་ནས་བསྟན་དགོས་པ་ཡིན་ནོ། །གཞན་ཡང་འཁོར་དུ་གཏོགས་པའི་བྱ་ནག་ཁྱི་ནག་སོགས་ལ་རྡོ་མི་འཕེན་པ་དང༌། མི་ནག་དང༌། ཨ་ཙ་ར་དང༌། མོན་པ་ཕོ་མོ་ལ་སོགས་པ་འཁོར་དུ་བསྟེན་པའམ་བསྟེན་མི་ནུས་ན་ལོངས་སྤྱོད་ཀྱིས་མཉེས་པར་བྱ་བ་ལ་བསླབ་དགོས་པར་བཤད་པ་ཡིན་ནོ། །མདོར་ན་དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་དང༌། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ལ་སོགས་པ་སློབ་དཔོན་ལ་དྲིན་ལན་དུ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། དེང་ནས་སོགས་བརྗོད། དེས་རྗེ་བཙུན་ས་སྐྱ་པ་ཆེན་པོའི་ཆོས་སྲུང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བརྒྱད་སྦགས་ཏེ་སྒྲུབ་པའི་རྗེས་སུ་གནང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད། གསུམ་པ་མཇུག་ནི། ཡི་གེ་བརྒྱ་པ་སོགས་རྗེས་ཀྱི་བྱ་བ་རྣམས་གཏོར་ཆོག་ལྟར་བྱའོ། །དེ་ལྟར་བསྟན་སྲུང་ཀུན་གྱི་གཙོ་བོ་མཆོག །རྡོ་རྗེ་ནག་པོ་ཆེན་པོ་ལྷ་བརྒྱད་ཀྱི། །རྗེས་གནང་བྱ་ཚུལ་

p. 446

གསལ་བར་བཀོད་པ་འདི། །གཞན་དོན་མཛད་པ་དག་གིས་བསྐུལ་ཕྱིར་བྲིས། །འདི་ལ་ལྷག་ཆད་འགལ་འཁྲུལ་གྱུར་པ་རྣམས། །བླ་མ་མཆོག་དང་ནག་པོ་ཆེ་ལ་བཤགས། །དགེ་དེས་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཕྱི་ནང་འགལ་རྐྱེན་ཞི་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ནི་རྗེ་བཙུན་ཨེ་ཝྃ་པ་ཆེན་པོ་དཀོན་མཆོག་དཔལ་ལྡན་གྱི་ཞབས་རྡུལ་སྤྱི་བོས་ལེན་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ས་ཕོ་སྤྲེའུའི་ལོ་ས་ག་ཟླ་བའི་ཡར་ངོའི་གྲལ་ཚེས་བཅུ་བཞི་པ་མཁའ་འགྲོ་འདུ་བའི་དུས་ལ་ཤྲཱི་ཨེ་ཝྃ་ཆོས་ལྡན་དུ་དགེ་བར་སྦྱར་བའོ།། །།བཀྲ་ཤིས།། །།

དཔལ་མགོན་གདོང་བཞི་པའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ།

p. 447

དཔལ་མགོན་གདོང་བཞི་པའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་བཞུགས་སོ།།

p. 448

རྒྱ་གར་སྐད་དུ། ཙ་ཏུརྨུ་ཁ་ས་མ་ཡ་སིདྡྷི་སཱ་དྷ་ནཱ་མ། བོད་སྐད་དུ། ཞལ་བཞི་པའི་དམ་ཚིག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་ནི་ཡི་དམ་ལྷ། །ཞིང་སྐྱོང་འཁོར་དང་བཅས་ལ་འདུད། །རྩ་ཞལ་ནག་པོ་རོ་ཟ་བ། །གཡས་ཞལ་དཀར་པོ་ཁྲོ་ཞིང་འཛུམ། །གཡོན་པ་དམར་ཞིང་རྒྱ་ཆེར་བཞད། །སྟེང་ཞལ་ནག་པོ་ཁྲོ་ཞལ་ནི། །བདུད་དང་སྲིན་པོ་ལྷ་སྲིན་དང༌། །གཤིན་རྗེ་ལ་སོགས་སྐྲག་པར་མཛད། །དྲག་རྒྱས་དབང་དང་ཞི་བ་ནི། །ཞལ་བཞིའི་ཁ་དོག་དག་གིས་ཤེས། །དེ་དག་བླ་མའི་ཞལ་ཤེས་ནི། །ལས་བཞི་བསྒྲུབ་པར་འདོད་པ་ཡིས། །ཕུག་དང་ནགས་དང་དུར་ཁྲོད་དང༌། །དམར་ཞིང་མཐོ་བ་མེ་ཏོག་བརྒྱན། །དབེན་ཞིང་ཉམས་དགའ་སྒྲུབ་པའི་གནས། །དེར་འདུག་སྤྲོས་པ་བཅད་པར་བྱ། །ཤོག་གུ་གྲོ་ག་དུར་ཁྲོད་རས། །དུང་དང་གུར་གུམ་སིནྡྷཱུ་ར། །དུར་ཁྲོད་སོལ་བས་སྣག་ཚའོ། །རྩ་བ་དང་ནི་ཤམ་བུའི་སྔགས། །བཏོན་དང་བཅུག་པ་མན་ངག་ཡིན། །བསྙེན་ཏེ་སྒྲུབ་པ་ལས་ལ་སྦྱར། །དུང་དང་ར་གན་ཟངས་དང་ལྕགས། །མཎྜལ་སྣོད་ཀྱི་བྱེ་བྲག་གོ །ལྷ་དང་འཁོར་ལོ་འོད་ཟེར་ཡང༌། །བསྒོམ་པའི་རིམ་པ་ཤེས་པར་བྱ། །སྔ་དྲོ་དུས་དང་ཉི་མའི་ཟེར། །ཟླ་བ་ཡར་ངོ་མར་ངོ་ཡི། །དེ་དག་དུས་ཀྱང་ཤེས་པར་བྱ། །ཕྲེང་བ་གོས་དང་རྒྱན་རྣམས་ཤེས། །མར་དང་སྦྲང་རྩི་བུ་རམ་དང༌། །

p. 449

ཞོ་དང་འབྲུ་དང་རིན་ཆེན་ལྔ། །དུག་ཡུངས་ཁྲག་སོགས་དབྱེ་བ་ཤེས། །མ་རུངས་ཞི་དང་མངོན་སྤྱོད་རྒྱས། །སྒྲུབ་དང་དབང་སྡུད་ཚར་གཅོད་པ། །བསམ་པའི་བྱེ་བྲག་ཤེས་པར་བྱ། །རང་དང་བསྒྲུབ་བྱའི་བསོད་ནམས་བརྟག །སྒྲུབ་པའི་མཚན་ཉིད་དེ་ཡིས་ཤེས། །བསྟན་པའི་དོན་སྤྱད་ཐེ་ཚོམ་མེད། །རྒྱལ་ཁམས་དང་ནི་གྲོང་ཁྱེར་གཅིག །དབྱེ་བའི་རིམ་པས་ཤེས་པར་བྱ། །ལས་མཐའ་སྡུད་པ་མན་ངག་ཡིན། །ཞལ་གྱི་ཨུ་པ་དེ་ཤ་འདི། །རཀྵི་ཏ་ཡིས་མཛད་པ་ལས། །གཉན་ལོ་དར་མ་གྲགས་ཀྱིས་བསྒྱུར། །བླ་མ་ཡི་དམ་ཆོས་སྐྱོང་ལ། །ཉེས་པ་གང་སྣང་བཟོད་པར་གསོལ། ༈ །དཔལ་མགོན་གདོང་བཞི་པའི་སྒྲུབ་ཐབས་ཀྱི་རྩ་བ་རི་སུལ་གྱི་རྣལ་འབྱོར་མས་མཛད་པའི་སྒྲུབ་ཐབས་མཆན་བཤད་དུ་གྲགས་པ་བཞུགས་སོ། །ཤྲཱི་མ་ཧཱ་ཀཱ་ལ་པཱུ་ཛི་ཏི།«་་་་་དཔལ་ནག་པོ་ཆེན་པོ་མཆོད་ན།» ནིར་མ་ཕུ་ལན་ཙ།«་་་་་མེ་ཏོག་རྙིང་པ།» མ་ཧཱ་མཱཾ་ས་དྷཱུཔྤ།«་་་་་ཤ་ཆེན་གྱི་དུད་པ་བཏང༌།» དྷོ་སི་མཎྜ་ལ།«་་་་་རྡོ་ཡི་དཀྱིལ་འཁོར་བྱས་ལ།» ཨེ་ཀ་མནྟྲ་ལ།«་་་་་སྔགས་གཅིག་གིས།» ཡཀྵ་ནཱི་ད་སྲཱི་ལ་བྱིན།«་་་་་གནོད་སྦྱིན་མོ་དང༌། དཔལ་ལྡན་མ།» བྷ་ལིང་བྷནྡྷ། དེ་ཝཱི་ཀ་ར་ཡེ། «ཡུམ་གྱི་གཏོར་མ་གཉིས་བྱ་ཟེར་བ་བླ་དཔེ་ལ་སྣང་ཟེར་ཡང་མ་བཞིའོ།» ཡཀྵི་ནཱི་བྷ་ལིཾ་མི་ཏཾ།«་་་་་གནོད་སྦྱིན་ཕོ་མོ་གཉིས་ཀྱི་གཏོར་མ་ནུབ་མོ་བསྔོས། »

p. 450

ཤྲཱི་ཧེ་ཀ་ར་ཏྲི་ཐ་པ་ཡེ་ཏ།«་་་་་དཔལ་ལྡན་མ་མཚན་མོ།» ཨ་ཀཱ་རོ་མ་ད་ན་བྷནྡྷ་སཱ་ཏཱ་ཏ་བྱ།«་་་་་ཆང་གི་སྣོད་དྲག་ཏུ་དབུལ།» ཨ་བྷ་ཝ་བེ་ས་ད་ཐ་བ་ཡ་ཏ།«་་་་་ཡུམ་གྱི་གཏོགས་པ་ནུབ་མོ་དབུལ།» པུ་རཀྵོ་པ་མནྟྲ་དང༌།«་་་་་གྲོང་ཁྱེར་བསྐྱོད་པའི་སྔགས།» སཱ་དྷ་ནཱ་མ་དང༌།«་་་་་བསྒྲུབ་བྱའི་མིང་བྲི།» འདི་ཨུ་ཙ་ར་ནཾ་ཀ་ཏ་བྱ།«་་་་་བརྗོད་པར་བྱ་བ་གང་ཞེ་ན།» ས་ཨི་ཡཾ།«་་་་་ས་ཨི་ཡཾ་ལ་སོགས་པ་ལྔའོ།།» ཀ་ར་ལ་ཧི་ཡཾ། བ་ཧུ་བཾ། གྷྲྀ་ཏ་ཀཱི་ལི་ཀཱི་ལཱ་ཡ། བི་བྷི་ཤ་ནཱ་པ་ཏ་ན་མོ། སྔགས་འདི་གསུམ་ཨན་ཏ་མུ་ཤར་བཅུག་ལ། པུས་མོ་ནུབ་ཙམ་གྱི་ཆུ་ནང་དུ་སྦའོ། །ཀི་ཙུ་བི་སི།«་་་་་གནོད་པ་ཆུང་དུ་བསྟན་པ།» ཤ་ཀ་ར་དུ་མིད་ཙ་པ་དང༌། འགྲོ་བའི་ལམ་དུ་ཨན་ཏ།«་་་་་ལ་སྦལ།» མུ་ཤར་བཅུག་ལ་སྦའོ། །ཡར་ངོའི་བརྒྱད་དང༌། མར་ངོའི་བརྒྱད་ལ་བྷ་ལིཾ་ཏ་དང༌། སྔགས་འདི་ཚར་གསུམ་མམ་གཅིག་བཟླས་ནས། གཏོར་མ་གོང་མ་གཙང་སར་དོར། འོག་མ་བཞག་ལ་ནང་པར་བཏང༌། དུས་གཅིག་ཏུ་བྱིན་གྱིས་བརླབ། དུས་གཅིག་ཏུ་བསྔོའོ། །རྟེན་གྱི་མདུན་དུ་བྱ་བའི་ལས་ལ། ཚེས་བརྒྱད་དང་བཅུ་བཞི་ལ་མེ་ཏོག་རྙིང་པ་དང༌། ཚིལ་ཆེན་གྱི་དུད་པ་བཏང༌། ལྷ་བཤོས་ཁྲག་གིས་བྱུགས། ཚིལ་ཆེན་མར་མེ་བྱ། དྲི་མི་ཞིམ་པ་དང༌། སྲན་མ་ལ་སོགས་པའི་གཏོར་མ་གཉིས་བྱས་ལ། ཡབ་ལ་སྔགས་གོང་མས་ནུབ་མོ་དབུལ། ཡུམ་ལ་སྔགས་འོག་མས་ནུབ་མོ་བྱིན་ལ་ནང་པར་བཏང་ངོ༌། ། ༈ །ཞིང་སྐྱོང་ཆེན་པོ་ཙ་ཏུརྨུ་ཁའི་རྗེས་གནང་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སིདྷཱ་ཡ། དཔལ་ལྡན་གསང་བ་འདུས་པ་ཡི། །ཐུགས་ལས་སྤྲུལ་པའི་ཡེ་ཤེས་པ། །གཉེན་མགོན་ཞལ་བཞི་འཁོར་བཅས་ཀྱི། །རྗེས་གནང་ཆོ་ག་བཤད་ཀྱིས་ཉོན། །དེ་ལ་འདིར་དཔལ་མགོན་གྱི་རྗེས་སུ་གནང་བ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་འདིའི་བསྙེན་པ་དང་རྗེས་སུ་གནང་བ་ཐོབ་པས་གནས་དབེན་པར་ཚེས་བརྒྱད་ལ་སོགས་པ་དུས་ཁྱད་པར་ཅན་ལ་མདུན་གྱི་སྟེགས་ཇི་ལྟར་རིགས་པ་ལ་རྡོ་ནག་གི་མལ་ལ་ནས་ནག་གི་ཚོམ་བུ་ལྔ་བཀོད་ལ། དེའི་མདུན་ཏུ་གཏོར་མ་འཇིག་རྟེན་ལས་འདས་པ་གུར་གྱི་གཏོར་མ། འདིའི་སྐོང་གཏོར་དང༌། ལས་མགོན་དང་མཁའ་འགྲོ་སྤྱི་གཏོར། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཚན་པ་

p. 451

གཉིས་དང༌། ལྷ་བཤོས་གྲུ་གསུམ་ཁྲག་གིས་བྱུགས་པ་ལྔ་དང༌། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་ནས་ནག་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམས་ལ། སློབ་དཔོན་གྱིས་གསང་བ་འདུས་པའི་བདག་བསྐྱེད་དམ། ཡང་ན་ཀྱེ་རྡོ་རྗེའི་བདག་བསྐྱེད་བཟླས་པ་གཏོར་མ་འབུལ་བ་དང་བཅས་པ་སྔོན་དུ་འགྲོ་བས་ཡི་དམ་དང༌། མགོན་པོ་ལྕམ་དྲལ་ལ་གཏོར་འབུལ་གྲུབ་མཚམས་དཔལ་མགོན་གཏོར་མ་བྱིན་རླབས་བྱས་ལ། མདུན་གྱི་མཎྜལ་གྱི་ཚོམ་བུའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཞེས་པ་ནས་མདུན་བསྐྱེད་སྤྱན་འདྲེན། གཏོར་འབུལ། སྐོང་གསོ་བཅས་དང༌། ལས་མགོན་དང༌། མཁའ་འགྲོ་སྤྱི་གཏོར། མདུན་བཟླས། བཤགས་པ། བསྟོད་པ། རྡོ་རྗེའི་གླུ་བཀྲ་ཤིས་སྨོན་ལམ་བར་མཐོང་བརྒྱུད་ལྟར་བྱ་བ་ནི་སློབ་དཔོན་གྱིས་བྱ་བའི་རིམ་པའོ། །གཉིས་པ་དངོས་གཞི་སློབ་མ་ལ་བྱ་བའི་རིམ་པ་ནི། གསང་བ་འདུས་པའམ། ཀྱེ་རྡོར་གང་རུང་གི་དབང་གིས་སྨིན་པའི་སློབ་མ་བདུན་ནམ་དགུ་ལ་སོགས་པ་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་སོགས་གྲུབ་ནས་སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བ་དང༌། གནས་སྐབས་སུ་དམ་པའི་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང༌། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཆེད་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞིང་སྐྱོང་ཙ་ཏུརྨུ་ཁའི་རྗེས་སུ་གནང་བ་ཟབ་མོ་གསན་ལ་ཐུགས་ཉམས་སུ་བཞེས་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། །ཞེས་གསུངས་པས་སྙིགས་མ་ལྔ་བདོ་བའི་དུས་འདིར་ཆོས་སྤྱོད་པའི་གང་ཟག་ཉུང་ཞིང་རེ་རེ་ཙམ་བྱུང་བའང་བར་ཆད་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་བས་དེ་ཉིད་ཟློག་པའི་ཐབས་ལ་སྲུང་མ་ཁྱད་པར་ཅན་རེ་བསྟེན་དགོས། དེ་ལ་འཇིག་རྟེན་པ་དང་འཇིག་

p. 452

རྟེན་ལས་འདས་པ་གཉིས་ལས། འཇིག་རྟེན་པའི་སྲུང་མ་རྣམས་ནི་བསྟེན་ཀྱང་དགོས་པ་ཆུང་བ་ཡིན་ཏེ། རྒྱལ་སྲས་སེམས་དཔའ་ཆེན་པོས། རང་ཉིད་འཁོར་བའི་བརྩོན་རྭར་འཆིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་གསུངས་པས་ཆོས་བྱེད་པའི་གང་ཟག་རྣམས་ཀྱིས་འཇིག་རྟེན་པའི་སྲུང་མ་རྣམས་ལ་སྙིང་རྗེས་གཏོར་མ་རེ་ཙམ་སྟེར་བ་མ་གཏོགས་བསྟེན་ཅིང་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེས་ན་འཇིག་རྟེན་ལས་འདས་པའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རེ་བསྟེན་དགོས་པས། དེ་ལ་རྒྱུད་སྡེ་སོ་སོ་ནས་གསུངས་པའི་ཆོས་སྐྱོང་བའི་སྲུང་མ་བསམ་གྱིས་མི་ཁྱབ་པའི་ནང་ནས་འདིར་དཔལ་གསང་བ་འདུས་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་མཆོག་ཏུ་གྱུར་པ་ཟབ་པ་ལས་ཀྱང་ཆེས་ཟབ་ཅིང་གཉེན་པ་ནི། རྡོ་རྗེ་ནག་པོ་ཆེན་པོ་གཉན་མགོན་ཞལ་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་འདི་ཉིད་ཡིན་ཏེ། དེའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པའི་ཕྱིར་ལོ་རྒྱུས་ཀྱི་དབང་དུ་བྱས་ན་སྔོན་གྱི་དུས་སུ་བླ་མ་གཉན་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱིས་རྒྱ་གར་དུ་ཆོས་སློབ་ཏུ་བྱོན་ནས་བླ་མ་སནྡྷེ་པ་ཆེན་པོ་རཏྣ་ཀཱིརྟི་དང་རྡོ་རྗེ་གདན་པ་སོགས་ལས་ཆོས་མང་དུ་གསན། རིག་པའི་གནས་ལྔ་ལ་མཁས་པར་མཁྱེན་ནས་བོད་ལ་ལོག་འབྱོན་ཁར་བླ་མ་སནྡྷེ་པ་ལས་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང་ཞུས་པས་ངས་མི་འོང༌། ཁ་སརྤཱ་ཎའི་ལྷོ་ཕྱོགས་ཀྱི་རི་སུལ་གྱི་ནགས་གསེབ་ཅིག་ན་ང་ཡི་མཆེད་མོ་རྣལ་འབྱོར་མ་ཀུ་སཱ་ལི་པ་བྱ་བ་ཞིག་གསང་བ་འདུས་པའི་སྒྲུབ་པ་མཛད་ཅིང་ཡོད་པས་དེར་སོང་ལ་ཞུས་ཤིག ཁྱེད་དང་ལས་ཀྱི་འབྲེལ་བ་ཡོད་པས་དབང་དང་གདམས་ངག་གནང་བར་འདུག་གི་གསུངས། ཁ་སརྤཱ་ཎིའི་ལྷོ་ཕྱོགས་ཟེར་བའི་རྒྱུ་མཚན་ཡང་དགེ་བསྙེན་ཞི་བའི་གོ་ཆས་རི་བོ་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ཁ་སརྤཱ་ཎི་དངོས་སུ་སྤྱན་དྲངས་ནས་དེ་ཝཱི་ཀོ་ཊ་ན་བཞུགས་ཤིང༌། དེའི་ལྷོ་ཕྱོགས་ཀྱི་རི་སུལ་ན་ཡོད་པས་དེ་སྐད་བྱ་བ་ཡིན་ནོ། །གོང་ལྟར་བླ་མ་སནྡྷེ་པའི་བཀའ་བཞིན་མཛད་ནས་གཉན་ལོས་བྱོན་པས་ཇི་ལྟར་གསུངས་པ་བཞིན་རི་སུལ་གྱི་ནགས་གསེབ་ན་ཤིང་སྡོང་པོ་ཆེན་པོ་ཞིག་གི་

p. 453

ཁོག་པ་ན་རྣལ་འབྱོར་མ་དཔོན་གཡོག་བཞི་གདའ་སྐད། དེའི་ནང་ནས་གཡོག་མོ་གསུམ་རས་མོས་ཀྱིས་གྲོང་འདབས་ན་ཕར་ཕྱིན་ཏེ་འཚོ་བ་བཙལ་ནས་སྒྲུབ་པ་མཛད་ཀྱིན་འདུག་པ་ལ། ལོ་ཙཱ་བས་བླ་མས་ལུང་བསྟན་པའི་རྣལ་འབྱོར་མ་ཡིན་མིན་བརྟག་པའི་ཕྱིར་གཡོག་མོ་རྣམས་རྣལ་འབྱོར་མ་ཡིན་ན་ནུས་པ་ཅིག་སྟོན་དང་གསུངས་པས། གཅིག་གིས་བྲང་གཤགས་ནས་ཁོག་པའི་ནང་ནས་བླ་མ་གསང་འདུས་ཀྱི་ལྷ་གྲངས་དང་མཉམ་པའི་མར་མེ་བསྟན་པས་ངེས་ཤེས་སྐྱེས་ནས་གཙོ་མོ་ལ་ཕྱག་དང་མཎྜལ་ཕུལ་ཏེ་གསང་བ་འདུས་པའི་དབང་བསྐུར་ཞུས་པས་ཁྱོད་ལ་སུས་ལུང་བསྟན་གསུང༌། ང་ལ་བླ་མ་སནྡྷེ་པས་ལུང་བསྟན་ཞུས་པས། ངས་འཇམ་པའི་རྡོ་རྗེ་ལས་གནང་བ་མ་ཐོབ་པས་ཁྱོད་རང་སྡོད་ཁོམ་ན་ལོ་གཅིག་ནས་དབང་བསྐུར་བྱ་གསུང༌། དེ་བཞིན་བགྱི་ཞུས་པས། འོ་ན་ཁྱོད་ལ་མཐའ་འཁོབ་ཀྱི་མི་ངན་དང༌། གཅན་གཟན་དང༌། དུག་སྦྲུལ་ལ་སོགས་པའི་འཚེ་བ་འབྱུང་དོགས་ཡོད་པས་གྲོང་འདབས་ཕ་ཀི་ན་བྲམ་ཟེ་མདོག་སྔོ་བ་མི་རྐང་གི་གླིང་བུ་ཐོགས་པ་གཅིག་ཡོད་པས་དེ་དང་འགྲོགས་ལ་ཅི་ཟ་ཅི་འཐུང་གི་ཕུད་ནས་བྱིན། ཅི་འབྱོར་པའི་མཆོད་པ་དང་བསྙེན་བཀུར་གྱིས་ཤིག ངས་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་གསུངས། དེ་བཞིན་བྱས་པས་ལོ་གཅིག་སོང་ནས་ད་ངས་ལྷ་ལ་གནང་བ་ཐོབ་པས་དབང་བྱ་ཡིས། ཚོགས་ཀྱི་ཡོ་བྱད་ཚོལ་ཅིག་གསུངས་ནས་གསེར་ཞོ་གསུམ་ལ་ཞོ་གང་ལ་འབྲས་ཁལ་བཅུ་གསུམ་བླངས་ནས་ཆང་བྱས། ཞོ་གང་ལ་ཤ་དང༌། ཞོ་གང་ལ་སྤོས་ལ་སོགས་པ་གཞན་དགོས་པའི་ཡོ་བྱད་རྣམས་བསྒྲུབས་ནས་ཁྱེར་ཏེ། རྣལ་འབྱོར་མའི་དྲུང་དུ་ཕྱིན་ནས་ཚོགས་རྫས་རྣམས་ཕུལ། གདན་མང་པོ་བཤམས་ཚར་བ་དང༌། རྣལ་འབྱོར་མའི་ཞལ་ནས་མགྲོན་སྤྱན་དྲོངས་ཤིག་གསུང་བ་ལ་བདག་གིས་མི་རྙེད་ཞུས་པས། འོ་ན་ཁར་སེང་གི་གྲོགས་པོ་བྲམ་ཟེ་དེ་བོས་གསུངས་ནས། བྲམ་ཟེ་བོས་པས་དེས་སྐྲ་གསེབ་ནས་མི་རྐང་གི་གླིང་བུ་ཕྱུང་སྟེ་བུས་མ་ཐག་ཕྱོགས་བཞི་མཚམས་བརྒྱད་ནས་དཔའ་བོ་མཁའ་འགྲོ་རྣལ་འབྱོར་ཕོ་མོ་རྒྱན་ཆ་ལུགས་

p. 454

མི་འདྲ་བ་དུ་མ་དང༌། ཞིང་སྐྱོང་བཀའ་སྡོད་བསམ་གྱིས་མི་ཁྱབ་པ་འདུས་ནས་གྲལ་ལ་འཁོད་ཅིང༌། ཚོགས་ཀྱིས་ཚིམ་པར་བྱས་པས་མཉེས་ཏེ་དབང་ཡོངས་སུ་རྫོགས་པར་གནང༌། དེ་ནས་གདམས་པ་རྒྱ་མཚོ་ལྟར་གསན་ཅིང༌། སྤྱིར་ཐུན་མོང་མ་ཡིན་པའི་གདམས་པ། ཐུགས་དམ་དུ་གསང་བ་འདུས་པ་དང༌། ཨུཥྞཱི་ཥ། སྦྱོར་བ་ཡན་ལག་དྲུག་པ། སྒྲོལ་མའི་སྒྲུབ་ཐབས། ཆོས་སྐྱོང་གི་གདམས་པ་དང་ལྔ་གནང་ངོ༌། །ཁྱད་པར་དུ་ཆོས་སྐྱོང་འདི་དངོས་སུ་གནང་སྟེ། དབང་གི་དུས་སུ་བྲམ་ཟེ་དེ་ལ་ཁྱོད་ཀྱིས་འདིའི་གཡོག་གྱིས། འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་སྒྲུབས་ཤིག ཅེས་བཀའ་བསྒོས་ནས་མི་ལ་མི་ངོ་སྤྲོད་པ་བཞིན་དུ་དངོས་སུ་གནང་བ་ནི་ཆོས་སྐྱོང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཡིན་པས་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པས་སྒྲུབ་ཐག་ཉེ་བའི་གདམས་པ་ཤིན་ཏུ་ཐུགས་རྩིས་ཆེ་བ་ཡིན་ནོ། །དེ་ནས་བླ་མ་གཉན་ལོ་ཙཱ་བས་རྒྱ་གར་ནས་བོད་ལ་འབྱོན་དུས་བལ་ཡུལ་ཕན་ཆད་དུ་དངོས་སུ་འགྲོགས་པ་ལ། བོད་ཀྱི་སྣེ་ཟིན་ནས་དངོས་སུ་མ་བྱུང༌། དགོས་སྐབས་ཆེ་དུས་དངོས་སུ་ཡོང་ཞེས་གྲགས། བླ་མ་གཉན་ལོ་ཙཱ་བ་ཆེན་པོ་ཁ་ཆེ་ཁྲི་སྟན་ནས་པུ་ཧྲང་བྱས་བྱོན་པས་མངའ་བདག་རྩེ་ལྡེའི་བསམ་པ་ལ་ང་རྒྱལ་པོ་ཡིན། མངའ་རིས་སྟོད་ན་ང་ལས་གྲགས་ཆེ་བ་དང་དབང་སྟོབས་ཆེ་བ་མེད་པས་ལོ་ཙཱ་བ་ང་ལ་མཇལ་དུ་ཡོངས་ནས་ཕྱག་འཚལ་སྙམ་པ་ལ། བླ་མ་གཉན་གྱི་ཐུགས་དགོངས་ལ། ང་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་སློབ་མ་ལོ་ཙཱ་བ་ཆེན་པོ་ཡིན། ཁྱད་པར་དུ་རྡོ་རྗེ་གདན་པ་དང༌། བླ་མ་སནྡྷེ་པ་རིན་ཆེན་གྲགས་པ། མར་མེ་མཛད་བཟང་པོ་རྣམས་ཀྱི་ཆོས་བརྒྱུད་འཛིན་པ་ཡིན་པས་བཙད་པོས་ང་ལ་ཕྱག་དང་སྣ་ལེན་སོགས་བྱེད་དམ་སྙམ་ནས་བླ་མ་ཚོང་པ་མང་པོ་དང་འགྲོགས་ནས་བྱོན་དུས་མངའ་བདག་ལ་རྒྱ་གར་ནས་ཕྲ་མ་བྱུང་སྟེ། གཉན་ལོ་ཟེར་བ་འདིས་རྒྱ་གར་གྱི་ངན་སྔགས་ཐམས་ཅད་བསླབས་ནས་སོང་བས་དེར་གཤའ་མ་མི་བྱེད་ཟེར་བ་དང༌། རྒྱལ་པོ་ཡང་ངན་ཆགས་ཆེ་བས་འཁྲུལ་ནས་བདེན་སྙམ། བློན་པོ་དཔའ་རྩལ་དང་ལྡན་པའི་རྟ་པ་སུམ་ཅུ་བླ་མ་བཀྲོངས་དུ་བཏང་བས། བླ་མའི་མནལ་ལམ་དུ་རྒྱལ་པོས་བརྫངས་པའི་བློན་པོ་གདུག་པ་

p. 455

ཅན་རྣམས་མཁྱེན་ཏེ་ཚོང་པ་རྣམས་ལ་ཕྱེ་ཕུད་སྡུས་ཤིག ངེད་རང་ཚོ་ལ་བར་ཆད་ཅིག་ཡོང་བར་འདུག་པས་ཆོས་སྐྱོང་རྣམས་ལ་གཏོར་མ་ཆེན་པོ་བཏང་དགོས་པར་འདུག་གསུངས་ནས། གཏོར་མའི་རྒྱུ་ལ་སྤོས་འབྲུ་སྨན་སོགས་བཏབ་ནས་ཕུལ། ཞིང་སྐྱོང་ཆེན་པོ་ཙ་ཏུརྨུ་ཁ་འདི་ལ་གསོལ་བ་བཏབ་ཅིང་སྔགས་བཟླས་པ་ཙམ་གྱིས་ཚོང་པ་རྣམས་ཀྱི་མཐོང་སྣང་ལ་མོན་པ་སྔོན་པོ་ལྔ་གར་བྱེད་པ། བྲོ་བྱེད་པ་གཉིས། གྲི་སྐོར་བྱེད་པ་གཉིས། ཇོ་མོ་ཞྭ་ཐེབས་ཅན་གཅིག འཁོར་བཀའ་སྐྱོང་མང་པོ་བྱུང་བ་མཐོང་སྐད། དེ་ནས་རླུང་ནག་འཚུབས་མར་སོང་ནས་མཐའ་བསྐོར། བླ་མ་དཔོན་སློབ་དབུས་སུ་བཅུག་ནས་བྱོན་པས། བློན་པོ་རྣམས་ཀྱི་མཐོང་སྣང་ལ་རླུང་ནག་འཚུབས་མའི་གསེབ་ནས་ཨ་ཙ་ར་གྲི་སྐོར་བྱེད་པ་གཉིས་མིན་པ་གཞན་ཅི་ཡང་མ་མཐོང་ཞིང༌། ཕྱིར་ལོག་ནས་ཡོང་བས་བླ་མ་དཔོན་སློབ་རྣམས་ཕེབས་གྲུབ་འདུག་པ་དང་ལོ་རྒྱུས་རྣམས་རྒྱལ་པོ་ལ་ཞིབ་པར་ཞུས་པས་མངའ་བདག་རྒྱལ་པོའི་བསམ་པ་ལ། བླ་མ་འདི་ཆོས་སྐྱོང་བྲན་དུ་ཁོལ་ནུས་པ་ཞིག་འདུག་སྙམ་པས་སླར་འགྱོད་པ་སྐྱེས་ནས་བཤགས་པ་ཕུལ། ཞབས་སྤྱི་བོར་བླངས་པས་རྒྱལ་པོ་རང་མ་གྲོངས་ཙམ་བྱུང་ཡང༌། བློན་པོ་ལ་ལ་ཁ་ནས་ཁྲག་སྐྱུགས་ནས་ཤི། ལ་ལ་བརྒྱལ། ལ་ལ་སྨྱོ། ལ་ལ་རེངས། ལ་ལ་འབོགས་ཏེ་ཐམས་ཅད་ཤི་བས་ཆོས་སྐྱོང་གི་ནུས་མཐུ་ཡིན་པར་གྲགས་སོ། །དེ་ནས་རིམ་གྱིས་བྱོན་ཏེ་དཔལ་ས་སྐྱའི་ཕུ་གནམ་ཁའུ་སྐྱེད་ལྷས་སུ་ཕེབས། མགོན་པོ་བཞུགས་པའི་གཙུག་ལག་ཁང་བཞེངས་ནས་ཕྱག་ནས་མཛད། ཆོས་སྐྱོང་འདི་ལ་བཀའ་གཏད་མཛད་དུས་གཙུག་ལག་ཁང་ལ་མེ་འབར་བས་མེ་འབར་གྱི་གཙུག་ལག་ཁང་ཞེས་གྲགས་སོ། །གཉན་ལོ་ཙཱ་བ་ཆེན་པོས་བླ་མ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་ལ་ཆོས་སྐྱོང་འདིའི་རྗེས་གནང་སོགས་གདམས་པ་རྫོགས་པར་གནང༌། འདིའི་ལས་ཚོགས་ལ་བརྟེན་ནས་ཁའུའི་མདུན་རི་ལ་བོན་པོའི་གྲོང་མང་དུ་ཡོད་པ་དང་འགྲས་པ་ལ། ལོ་གཅིག་གི་ནང་དུ་བོན་པོ་ཕོ་མོ་བརྒྱ་ཙམ་ཤི་ནས་གྲོང་ཁྱེར་བརླག་པར་མཛད་པ་ནི་ཆོས་སྐྱོང་འདིའི་ནུས་མཐུའི་སྒོ་ནས་ཡིན་པས་ནུས་མཐུ་མྱུར་ཞིང་ཚ་བར་གྲགས་སོ། །

p. 456

དེ་ནས་དུས་རེ་ཞིག་ལོན་པ་ན་བླ་མ་གཉན་ལོ་སྐུ་མྱ་ངན་ལས་འདའ་ཁར་ཆོས་སྐྱོང་གི་རྣམ་འཕྲུལ་བན་ཆུང་དེ་ལ་ང་མྱ་ངན་ལས་འདའ་བར་འདུག་པས་ཁའུ་བྲག་རྫོང་ན་ངེད་ཀྱི་བུའི་མཆོག་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཡོད་པས། དེའི་དྲུང་དུ་སོང་ལ་ང་ལ་ཇི་ལྟར་བྱེད་པ་བཞིན་ཁོང་གི་གཡོག་ཚུལ་བཞིན་དུ་གྱིས་ལ་ཁོང་མྱ་ངན་ལས་འདས་པ་དང་རྒྱ་གར་འཕགས་པའི་ཡུལ་དུ་གཤེགས་ཤིག ཅེས་བཀའ་གནང་བ་དང་བཀའ་བཞིན་དུ་གནམ་ཁའུ་རུ་བྱོན་ནས་བླ་མ་གནམ་གྱི་ཉེ་གནས་མཛད་དོ། །དེ་ནས་དུས་རེ་ཞིག་ལོན་པ་ན་ཞིང་སྐྱོང་ཆེན་པོ་འདི་ཉིད་བོད་ཁ་བ་ཅན་འདིར་བསྟན་པ་བསྲུང་བར་བཞུགས་པའི་རྟེན་འབྲེལ་གྱིས་ཉིན་གཅིག་ཁ་བ་བུ་ཡུག་འཚུབས་པ་ཅིག་དང་བསྟུན། གསོལ་ཆུ་འཆུ་བའི་སྐྱོགས་རི་འགྲམ་གྱི་ཆུ་ཁར་ལུས་པ་ཁའུའི་བྲག་རྫོང་གི་རྩེའི་སྒྲུབ་ཁང་གི་སྐར་སེང་ནས་ཕྱག་རིང་བརྐྱངས་ནས་བཞེས་པ་བླ་མ་གནམ་གྱིས་གཟིགས་པས་ཁྱེད་མི་གཞན་པས་རྩལ་ཆེ་ཞིང་རྫུ་འཕྲུལ་དུ་མ་སྟོན་པ་ཅིག་འདུག་པ་དང༌། ཁྱད་པར་ད་ལན་རྫུ་འཕྲུལ་གྱིས་སྐྱོགས་ལེན་ལུགས་དེ་བཞིན་ངོ་མཚར་ཆེ་བས་སྤྲུལ་པ་ཡིན་ངེས་སུ་འདུག་པས་སྐུ་དངོས་སུ་སྟོན་པ་ཅིག་འཚལ་ཞེས་གསོལ་བ་བཏབ་པས་བླ་མ་དེ་སྐད་མི་གསུང་བ་ཞུ། ངེད་རང་གཉིས་ཀ་ལ་མི་ལེགས་གསུངས་པ་ལ། སླར་ཡང་གསོལ་བ་བཏབ་པས་ང་དམ་ཚིག་བསྲུང་དུ་ཆུག སྔོན་རི་སུལ་གྱི་རྣལ་འབྱོར་མའི་བཀའ་བཞིན་གཉན་གྱི་ཆག་ཕྱི་བྱས། ད་ཡང་གཉན་གྱི་བཀའ་བཞིན་ཁྱེད་ནམ་གཤེགས་བར་ཆག་ཕྱི་བྱས་མཐར་རྒྱ་གར་ལ་འགྲོར་ཆུག་གསུངས། སླར་ནན་གྱིས་གསོལ་བ་བཏབ་པས་དེས་ན་བླ་མ་རང་སྐྲག་པའི་སྣང་བ་ཅུང་ཟད་ཙམ་ཡང་མཛད་མི་འཚལ་གསུངས་ནས་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་ནམ་མཁའི་ཁམས་ཁྱབ་པ་ཞིག་སྤྲུལ་ཏེ་བསྟན་པས་ཟིལ་ཆེས་པས་བླ་མ་ཡང་ཅུང་ཟད་རྟོག་མེད་དུ་གྱུར། དེ་ལས་སངས་ཏེ་གཟིགས་པས་ཤངས་མཚལ་ཅུང་ཟད་ཀྱང་བྱུང་འདུག་པ་དང་ཆོས་སྐྱོང་གི་སྐུ་སྔར་བཞིན་འདུག་པས་ཤངས་མཚལ་གྱིས་རས་ལ་སྐུ་དེ་ཇི་ལྟ་བ་བཞིན་གཡས་དཀར་གཡོན་དམར་ཡོད་པ་བྲིས་ཚར་བ་དང༌། གཟིགས་སྣང་གི་སྐུ་དེ་ཉིད་

p. 457

འཇའ་འོད་ཀྱི་རྣམ་པས་སྒྲུབ་ཁང་དེའི་བྲག་སྐྱིབས་ལ་ཐིམ། བྲག་སྒོར་དེང་སང་གི་བར་དུ་དངོས་སུ་བཞུགས་ཞེས་གྲགས་པ་འདི་ཡིན་ནོ། །བྲིས་སྐུ་དེ་ཡང་བླ་མ་གནམ་གྱི་ཞལ་གཟིགས་མར་གྲགས་པ་ད་ལྟ་ཡང་བྲག་སྒོ་རང་ན་བཞུགས་སོ། །དེ་ལྟ་བུའི་ཆོས་སྐྱོང་གཉེན་ཞིང་མཐུ་རྩལ་དང་ལྡན་པའི་གདམས་པ་ཟབ་མོ་རྣམས་བླ་མ་གཉན་དང་གནམ་ཁའུ་པ་གཉིས་ག་ལས་བླ་མ་ས་སྐྱ་པ་ཆེན་པོས་གསན་པའི་ཞིང་སྐྱོང་ཆེན་པོ་ཞལ་བཞི་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ། གང་གིས་སྒྲུབ་པར་བྱེད་པའི་སློབ་དཔོན་ནི། ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་སོགས་སོང་བ་ཞིག་དགོས་པ་ཡིན་ལ། གང་ལ་བྱ་བའི་སློབ་མ་ནི་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལ་སོགས་པའི་དབང་ཐོབ་པ་ཞིག་ལ་བྱ་བར་བཤད་ལ། ནམ་བྱ་བའི་དུས་ལ། ཁྱད་པར་གྱི་དུས་ནི། ཟླ་བ་ཡར་ངོ་མར་ངོའི་ཚེས་བརྒྱད་གཉིས་དང༌། བཅུ་བཞི་དང༌། གནམ་སྟོང་སྟེ་དེ་རྣམས་གང་རུང་རྣམས་ལ་བྱ་དགོས་པ་ཡིན་ནོ། །གང་དུ་བྱ་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་བ་ཉེར་འཚེ་མེད་པ་ཞིག་ཏུ་བྱ་དགོས་པ་ཡིན་ནོ། །ཚུལ་ཇི་ལྟར་བྱ་བའི་ཆོ་ག་ལ་གཉིས་ལས། དང་པོ་སློབ་དཔོན་གྱིས་མཁའ་འགྲོ་ཆོས་སྐྱོང་གཏོར་མས་མཉེས་པར་བྱ་བ་ལ། དཔལ་ཀྱེ་རྡོ་རྗེའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བའི་སྒོ་ནས་གཏོར་ཆོག་ནས་འབྱུང་བ་ལྟར་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་བསྐྱེད་ལ་གཏོར་མ་འབུལ་བ་དང༌། སྐོང་གསོ་མཆོད་གཏོར་བཟླས་པ་བྱ་བ་རྡོ་རྗེའི་གླུ་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་བར་རམ། ཚོགས་འཁོར་ཡོད་ན་ལྷག་གཏོར་གྱི་བར་དུ་བྱ་དགོས་པ་གྲུབ་ཟིན་ནས། གཉིས་པ་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ་རྗེས་སུ་གནང་བའི་སྔོན་འགྲོ་ལ། སློབ་དཔོན་ལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་སྒོ་ནས་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་སོགས་ནས། བདག་སྐྱབས་མཆི། ཞེས་དང༌། ཀུན་མཁྱེན་

p. 458

ཡེ་ཤེས་ཕུང་པོ་ཅན། །ནས། གནང་བར་མཛོད། །ཅེས་དང༌། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་བདག་ལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས་རྒྱུན་བཤགས་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཀྱེ་རྡོ་རྗེའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང༌། འོག་གི་ཆ་ལ་ཡེ་ཤེས་ཀྱི་མགོན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་འཁོར་དྲེགས་པ་སྡེ་བརྒྱད་དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པའི་སྤྱན་སྔར་བདག་དང་གཞན་གྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ཞེས་སོགས་ནས། འགྲུབ་པར་ཤོག་ཅེས་པ་རྣམས་སྔོན་འགྲོ་ཡིན་ལ། དངོས་གཞི་ལ་གསུམ་ལས། ཐོག་མར་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་བསྐལ་པའི་མེ་ལྟ་བུ་འཕྲོས་པས་མདུན་བསྐྱེད་ཀྱི་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་ཤར་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པ་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། ཁྱད་པར་དུ་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་གཞོབ་ཐུལ་གྱིས་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པར་མོས། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་ནས་ཧཾ་ཞེས་བརྗོད་

p. 459

པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པ་ཉིད་དུ་སངས་ཀྱིས་སྦྱངས་པར་མོས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ས་ཕྱོགས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་མི་རོ་དམར་སེར་མགོ་བོ་གཡས་སུ་བསྟན་པའི་སྟེང་དུ་ཁྱེད་རང་རྣམས་ཀྱིས་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་རེ་རེར་གྱུར་པར་མོས་ནས། དེ་ལས་འོད་ཟེར་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཞེས་པ་ནས། གཡས་ན་བྱ་ནག་གཤོག་སྐོར་བྱེད་པ། གཡོན་ན་ཁྱི་ནག་འཁང་ཞིང་ཟུག་པ། རྒྱབ་ན་ལྕེ་སྤྱང་འབྲོས་འདེད་བྱེད་པ། མདུན་ན་མི་ནག་གནམ་དུ་འོ་དོད་འབོད་པ། སྟེང་ན་རིགས་ལྔའི་ཁྱུང་ཆེན་ལྡིང་བ། མི་བསྐྱོད་པའི་ཅོད་པན་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་བར་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་ན་མགོན་པོར་བསྐྱེད། མ་ཐོབ་ན་ཡི་དམ་དུ་བསྐྱེད་གསུངས་པ་ནི། སྟོང་པའི་ངང་ལས་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཀྱེ་རྡོ་རྗེ་ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ལྟར་ཁྱེད་རང་རྣམས་དཔལ་ཀྱེ་རྡོ་རྗེའམ་རྡོ་རྗེ་ནག་པོ་ཆེན་པོའི་ང་རྒྱལ་དུ་གནས་པའི་མདུན་དུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་ཞེས་སོགས་ནས། བཞེངས་པའི་ཚུལ་གྱིས་བཞུགས་པའི་མཐའ་སྐོར་དུ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་མོས་པ་མཛོད། དེ་ནས་སློབ་དཔོན་ལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་ཕོ་ཉ་དང་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་དང་མདུན་བསྐྱེད་ཀྱི་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་མ་བཟོད་དེ་འདར་ཕྲི་ལི་ལི་བྱེད་པའི་ངང་ནས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་རྣམས་ཀྱི་སྐུ་བསམ་གྱིས་མི་ཁྱབ་

p. 460

པ་སྤྱན་དྲངས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གང་ནས་དགྲ་བགེགས་ལོག་འདྲེན་གྱི་ཚོགས་ཐམས་ཅད་ཚར་བཅད་ཚུར་འདུས་ཏེ་ཆ་གཉིས་སུ་བྱས་ཏེ་ཆ་གཅིག་ཁྱེད་རང་རྣམས་ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀར་ཐིམ། གཅིག་ཁྱེད་རང་རྣམས་ཀྱི་མདུན་དུ་བསྐྱེད་པའི་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པའི་སྤྱི་བོར་ཐིམ་པས་ལུས་ཀྱི་བར་དུ་གཅོད་པའི་འགལ་རྐྱེན་ནད་གདོན་བར་ཆད་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་ནས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་སྐུའི་ངོ་བོར་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། སྔགས་རིང་བཟླ་ཞིང་རོལ་མོ་དྲག་ཏུ་བྱ་ཞིང་གུ་གུལ་གྱིས་བདུག དེས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་སྐུའི་རྗེས་སུ་གནང་བ་ཐོབ་པ་ཡིན་སྙམ་དུ་མོས་པ་མཛོད། གཉིས་པ་གསུང་གི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་ཕོ་ཉ་དང་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང༌། མདུན་བསྐྱེད་ཀྱི་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་འཁོར་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་མ་བཟོད་དེ་འདར་ཕྲི་ལི་ལི་བྱེད་པའི་ངང་ནས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་རྣམས་ཀྱི་གསུང་གི་རང་བཞིན་ནམ་སྲོག་གི་སྙིང་པོ་ཐམས་ཅད་སྔགས་ཀྱི་ཕྲེང་བ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གང་ནས་དགྲ་བགེགས་ལོག་འདྲེན་གྱི་ཚོགས་ཐམས་ཅད་ཚར་བཅད་ཚུར་འདུས་ཏེ་ཆ་གཉིས་སུ་བྱས་ཏེ་ཆ་གཅིག་ཁྱེད་རང་རྣམས་ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀར་ཐིམ། ཆ་གཅིག་ཁྱེད་རང་རྣམས་ཀྱི་མདུན་དུ་བསྐྱེད་པའི་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞིའི་འཁོར་དང་བཅས་པའི་མགྲིན་པར་ཐིམ་པས་ངག་གི་བར་དུ་གཅོད་པའི་འགལ་རྐྱེན་ནད་གདོན་བར་ཆད་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་ནས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་

p. 461

དང་བཅས་པའི་གསུང་གི་ངོ་བོར་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། སྔགས་རིང་བཟླ་བ་སོགས་སྔར་བཞིན་ནོ། །སླར་ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་ཕོ་ཉ་དང་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་མདུན་བསྐྱེད་ཀྱི་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་འཁོར་དང་བཅས་པ་རྣམས་དང༌། ཁྱད་པར་དུ་ཡང་ཁྱེད་རང་རྣམས་ཀྱི་མདུན་དུ་བསྐྱེད་པའི་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་མ་བཟོད་དེ་འདར་ཕྲི་ལི་ལི་བྱེད་པའི་ངང་ནས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་རྣམས་ཀྱི་གསུང་གི་རང་བཞིན་ནམ་སྲོག་གི་སྙིང་པོ་ཐམས་ཅད་སྔགས་ཀྱི་ཕྲེང་བའི་ཚུལ་དུ་བྱུང་སྟེ་ཁྱེད་རང་རྣམས་ཡི་དམ་གྱི་ལྷའམ་མགོན་པོར་གསལ་བའི་ཐུགས་ཀའི་ས་བོན་ལ་ཐིམ་པས་སྲོག་སྙིང་ཐམས་ཅད་དབང་དུ་འདུས་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། སྔགས་རིང་ཐུང་གཉིས་ལན་གསུམ་དང༌། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་ཏེ་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པོ་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ལྟར་མེ་ཏོག་ཕུལ་བ་དེ་དང་མཎྜལ་གྱི་དབུས་ན་མེ་ཏོག་གི་ཚོམ་བུ་བླངས་པ་དེ་ཉིད་ཁྱེད་རང་གི་སྤྱི་བོར་བཞག་སྟེ། མགོན་པོ་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་འགོ་བར་མཛད་སོགས་ལན་གསུམ་བརྗོད། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་སྔགས་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་རྒྱུད་ལ་འཇུག་པར་གྱུར་ཅིག དེས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་གསུང་གི་སོགས་འགྲེའོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་

p. 462

མཛོད། སློབ་དཔོན་ལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཚར་ཞིང་རྩུབ་པ་ཕོ་ཉ་དང་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་དང་མདུན་བསྐྱེད་ཀྱི་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་མ་བཟོད་དེ་འདར་ཕྲི་ལི་ལི་བྱེད་པའི་ངང་ནས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གྲི་གུག་ཐོད་པ་ཁྲག་གིས་གང་བ་རལ་གྲི་རུས་པའི་ཕྲེང་བ་བུམ་པ་རྣམས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གང་ནས་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་ཚུར་འདུས་པ་ཆ་གཉིས་སུ་བྱས་ཏེ་ཅིག་ཁྱེད་རང་རྣམས་ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀར་ཐིམ། ཆ་གཅིག་ཁྱེད་རང་རྣམས་ཀྱི་མདུན་དུ་བསྐྱེད་པའི་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་སྲིང་མོ་བཞི་འཁོར་དང་བཅས་པའི་ཐུགས་ཀར་ཐིམ་པས་སེམས་ཀྱི་བར་དུ་གཅོད་པའི་འགལ་རྐྱེན་ནད་གདོན་བར་ཆད་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་ནས་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པའི་ཐུགས་ཀྱི་ངོ་བོར་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། སྔགས་རིང་བཟླ་བ་སོགས་དང༌། དེས་སོགས། ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པ་ཡིན་སྙམ་དུ་མོས་པ་མཛོད། དེ་ནས་མཐའ་རྟེན་གཏོར་མས་བཀའ་བསྒོ་བའི་སླད་དུ་སློབ་དཔོན་གྱིས་གཏོར་མ་སློབ་མའི་ལག་གཡས་སུ་གཏད་དེ་དམིགས་པ་འདི་བཞིན་མཛོད། གཏོར་མའི་སྟེང་དུ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་ཡུམ་ཆེན་མོ་སྲིང་མོ་བཞི་དང་བཅས་པའི་མཐའ་སྐོར་དུ་བཀའ་སྡོད་ཞིང་སྐྱོང་སྤྲུལ་པ་ཡང་སྤྲུལ་དུར་ཁྲོད་ཀྱི་བདག་པོ་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པར་མོས་པ་མཛོད། དེ་རྣམས་ཀྱི་སྟེང་དུ་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་བསམ་གྱིས་མི་ཁྱབ་པས་བསྐོར་བར་མོས་ཏེ་རྩ་བའི་བླ་མས་བཀའ་བསྒོས་པ་ལྟར་བརྒྱུད་

p. 463

པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་བཀའ་བསྒོས་པས་བཀའ་བསྒོ་ཞལ་གྱིས་བཞེས་པར་མོས་པ་མཛོད། སྔགས་རིང་གི་རྗེས་སུ། ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་སྡེ་བ། བི་མ་ལ་གུཔྟ།«་་་་་དྲི་མེད་སྦས་པ།» རིན་ཆེན་རྡོ་རྗེ། བླ་མ་སནྡྷེ་པ་ཆེན་པོ།«་་་་་རིན་ཆེན་གྲགས་པ།» རི་སུལ་གྱི་རྣལ་འབྱོར་མ། བླ་མ་གཉན་ལོ་ཙཱ་བ་དར་མ་གྲགས། བླ་མ་གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ།«་་་་་ཡང་ན་དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ།» ན་བཟའ་བྲག་ཕུག་པ་ཆེན་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ།«་་་་་ཡང་ན་མུས་ཆེན་དཀོན་མཆོག་རྒྱལ་མཚན།» རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེང་གེ། འདྲེན་མཆོག་དཀོན་མཆོག་འཕེལ་བ།«་་་་་ཡང་ན་རྗེ་སངས་རྒྱས་རིན་ཆེན།» རྒྱལ་བ་ལྷ་མཆོག་སེང་གེ། རྡོ་རྗེ་འཆང་སངས་རྒྱས་སེང་གེ།«་་་་་ས་ལོ་ཀུན་དགའ་བསོད་ནམས།» ཁ་སྐོང་ནི། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་ནམ་མཁའ་སངས་རྒྱས།«་་་་་ཟང་ཆེན་སངས་རྒྱས་དཔལ་ལྡན།» རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང༌།«་་་་་ངག་དབང་ཀུན་དགའ་བློ་གྲོས།» དེ་དབོན་རིན་ཆེན་མཆོག་གྲུབ། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དཔལ་ས་སྐྱ་པ་སྔགས་འཆང་བླ་མ་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་ལ་སོགས་པ་རྣམས་

p. 464

ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང༌། རྡོ་རྗེ་སློབ་མ་འདི་རྣམས་ལ་བསྲུང་བ་དང༌། བསྐྱབ་པ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག འདི་རྣམས་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ། འོག་གདོན་ཀླུ་དང་ས་བདག་གི་གནོད་པ། བར་གདོན་བཙན་དང་རྒྱལ་པོ་དང༌། ཐེའུ་རང་གི་གནོད་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག མཐུན་པའི་རྐྱེན་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅིག ལྷ་འདྲེ་མི་གསུམ་གྱི་འགྲོ་བ་མང་པོ་དབང་དུ་བསྡུས་ནས་ཟས་གོས་ལོངས་སྤྱོད་ཀྱིས་ཕོངས་པ་མེད་པར་ཡིད་བཞིན་དུ་འབྱོར་པ་དང༌། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགྲོ་བ་མང་པོ་ལ་ཕན་ཐོགས་པའི་ཕྲིན་ལས་མཛོད་ཅིག རིག་པ་འཛིན་པ་འདི་རྣམས་ཀྱི་དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པ་ལ་བར་ཆད་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་མི་ཐུལ་བ་མེད་པས། མངོན་སྤྱོད་ཀྱི་ལས་ཀྱིས་ཚར་བཅད་ནས་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད་ཅིག མདོར་ན་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། ཇི་སྲིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྲིན་ལས་མཛོད་ཅིག ཁྱེད་ཀྱིས་འདི་རྣམས་ཀྱི་ཁོལ་པོ་དང་སྟོང་གྲོགས་གྱིས། བར་ཆད་སེལ་བ་དང་དགྲ་བགེགས་ཐུལ་ལ་བསམ་དོན་ཐམས་ཅད་སྒྲུབས་ཤིག ཅེས་བཀའ་བསྒོས་པས་བཀའ་བསྒོ་ཞལ་གྱིས་བཞེས་ཏེ་ཁྱེད་རང་གི་ཕྱི་བཞིན་དུ་འབྲང་བར་མོས་པ་མཛོད། རྡོ་ནག་གི་མཎྜལ་སྟེང་ནས་མེ་ཏོག་བླངས་ལ་སློབ་

p. 465

མའི་སྤྱི་བོར་བཞག་སྟེ། མདུན་བསྐྱེད་དང་གཏོར་མའི་སྟེང་དུ་ཁྱེད་རང་གི་མདུན་དུ་བསྐྱེད་པའི་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པ་འཁོར་དང་བཅས་པ་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ཏེ། ཁྱེད་རང་མགོན་པོར་གསལ་བའི་ཐུགས་ཀའི་ས་བོན་ལ་ཐིམ་པས་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགལ་རྐྱེན་བར་ཆད་སེལ་ཞིང་མཐུན་རྐྱེན་ཐམས་ཅད་བསྒྲུབ་པར་མོས་པ་མཛོད། ཅེས་བཀའ་བསྒོའོ། །མན་ངག་གི་ལུང་«་་་་་ཏ་ཐཱ་ག་ཏའི་རྒྱ་གཞུང་དང༌། སྒྲུབ་ཐབས་མཆན་བཤད་ཀློག་པ་བརྒྱུད་པའི་ཕྱག་གཞེས་ཡིན་གསུངས། མཆན།» སྦྱིན་པ་ནི་འདིའི་དཔེ་རྣམས་ཀྱི་ལུང་རྫོགས་པར་སྦྱིན་པའམ་ཡང་ན་འདིའི་རྗེས་གནང་གི་དཔེ་ཙམ་གྱི་ལུང་བྱའོ། །རྗེས་མི་འབྲལ་ཞིང་གསང་བར་གདམས་པ་ལ་གཉིས་ཀྱི། དང་པོ་མི་འབྲལ་བར་བྱ་བ་ལ་གཉིས་ལས། དང་པོ་སྒྲུབ་པ་པོ་ཆོས་སྐྱོང་དང་མི་འབྲལ་བའི་ཆེད་དུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བྱེད་པ་དང༌། བྱེ་བྲག་ཏུ་གསང་སྔགས་ཀྱི་ཆོས་ཞུས་པའི་བླ་མ་ལ་གུས་པར་བྱ་བ་དང༌། ཁྱད་པར་རྡོ་རྗེ་ནག་པོ་ཆེན་པོ་འདི་ཉིད་ཀྱི་རྗེས་སུ་གནང་བ་དང་གདམས་ངག་ཞུས་པའི་བླ་མ་དང་ཆོས་བརྒྱུད་ལ་དད་ཅིང་གུས་པར་བྱས་པས་ལུས་དང་གྲིབ་མའི་ཚུལ་དུ་འཁོར་བ་ཆོས་ཉིད་ཡིན་པས་དེ་ལྟར་བྱ་དགོས་པ་ཡིན་ནོ། །གཉིས་པ་ཆོས་སྐྱོང་སྒྲུབ་པ་པོ་དང་མི་འབྲལ་བ་ནི། འདིའི་རྗེས་གནང་ལེགས་པར་ཐོབ་ཕྱིན་ཆད་རབ་ཀྱིས་ཐུན་བཞིའམ། གསུམ་མམ། གཉིས་སམ། ཐ་མས་ཀྱང་ཐུན་གཅིག་ལ་སོགས་པ་ལ་གཏོར་མ་འབུལ་བའམ། དེ་ཙམ་མ་གྲུབ་ན་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་མར་ངོའི་ཚེས་བརྒྱད་གཉིས་དང༌། ཡར་ངོའི་བཅུ་བཞི་དང༌། མར་ངོའི་བཅུ་བཞི་སོགས་ལ་གཏོར་མ་འབུལ་བའམ། རང་གིས་མི་ཤེས་ན་གཞན་འབུལ་དུ་གཞུག་པ་ལ་བརྩོན་པར་བྱ་དགོས་པ་ཡིན་ནོ། །དེ་ལྟར་ཕུལ་བའི་དགོས་པ་ནི། རྒྱུད་ལས། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཞེས་གསུངས་པ་

p. 466

ལྟར་ཡིན་ལ། གཉིས་པ་གསང་བར་གདམས་པ་ནི། རྒྱ་མཚོའི་ནང་གི་རྡོ་བ་བཞིན། །ཁ་རུ་དབྱུང་བར་མི་བྱའོ། །ཞེས་གསུངས་པ་ལྟར། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་གསང་ནས་ཉམས་སུ་ལེན་དགོས་ལ། ཁྱད་པར་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་བསྙེན་པ་དང༌། སྒྲུབ་པ་དང༌། ལས་སྦྱོར་དང༌། རྗེས་སུ་གནང་བ་དང༌། གདམས་པ་ལ་སོགས་པ་སྟོན་པའི་ཚེ། དབང་མ་ཐོབ་པ་དང་དམ་ཚིག་དང་མི་ལྡན་པའི་གང་ཟག་རྣམས་ལ་གསང་དགོས་པ་ཡིན་ནོ། །གསང་བའི་ཆོས་མི་འདོད་པ་ལ་སྟོན་པ་ནི་ཡན་ལག་གི་ལྟུང་བར་བཤད་པ་ཡིན་ནོ། །འོ་ན་རྩ་བ་ནས་གསང་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། མན་ངག་གསེར་གྱི་ཡང་ཞུན་ནི། །སྣོད་ལྡན་གཅིག་ལ་ནུབ་མི་བྱ། །ཞེས་གསུངས་པ་ལྟར་སྣོད་དང་ལྡན་པའི་སློབ་མ་རེ་རེ་ཙམ་ལ་སྟེར་ནའང་བཀའ་རྒྱ་དང་བཅས་པའི་སྒོ་ནས་བསྟན་དགོས་པ་ཡིན་ནོ། །ཞེས་ལྷ་བརྒྱད་ལྟར་བྱའོ། །མདོར་ན་དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་དང༌། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་ཕུལ་ནས་ལུས་ལོངས་སྤྱོད་ལ་སོགས་པ་སློབ་དཔོན་ལ་དྲིན་ལན་དུ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། དེང་ནས་སོགས་བརྗོད། དེས་རྗེ་བཙུན་ས་སྐྱ་པ་ཆེན་པོའི་བཀའ་བསྲུང་ཐུན་མོང་མ་ཡིན་པ་དཔལ་སྟོབས་འཕྲོག་དབང་པོ་གདོང་བཞི་པའི་རྗེས་སུ་གནང་བ་ཐུན་མོང་བ་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད། གསུམ་པ་རྗེས་ཀྱི་བྱ་བ་ནི་ཡི་གེ་བརྒྱ་པ་སོགས་གཏོར་ཆོག་ལྟར་བྱའོ། །མ་ཧཱ་པཎྜི་ཏ་ག་ག་ན་ཤྲཱི་བྷ་དྲས་སོ། ༈ །འདིའང་ཐར་པཎ་གྱི་གསུང་ལ་སོགས་ཁོངས་བཀྲོལ་ཏེ་ནག་འགྲོས་སུ་ཕུད་པ་དགེ་ལེགས་འཕེལ། ༈ །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཊྚ་ཀཱ་རཱ་ལ། ལཾ་བི་ཏ་ཨོ་ཋ། ལམྦཱ་ཀ་བེ་ཀ ལམྦ་ཀ་བཱ་ལེ། ར་ཝི་གྷཎྚ། རུ་དྲ་མཱ་ལ་བི་ཧུ་རེ། ཙྪ་ད་ཧ་ལེ། ཧ་ལེ་ན་ཧ་ལེ་བིམྦི་ཛཱ་ལི། བཱ་མེ་གྷུནྡྷི་དྷ་

p. 467

རཾ་ཡཾ་མ་ཨེཾ། ད་ཧི་ན་ཀརྟིཀ་ཀཱ་རོ་ཊི། བི་བྷི་ཥ་ཎ་དྷ་ཨེཾ། བ་ལེ་ཤུ་ལ་པཱ་ཎི། ཧ་ར་དོ་ར། ན་ར་སཱི་ར་མཱ་ལ། བཱ་ཏཱ་ལེ་ཀྵིཾ་ཀཱ་ར་ཀཱ་ལ། མ་ཧཱ་པོ་ཊ་ལེ། མ་ཧཱ་ཀཱ་ལ། ཤྲཱི་ཀ་བི་ལ། ཀེ་ལ་སཾ་ཀྵེ་ཊ་པཱ་ལ། ཧཱ་ཧཱ་ཀཱ་རེ། ཧཱུྃ་ཧཱུྃ་ཀཱ་རེ། པུརྦ་བྷ་ཥ་བྷི་ཨུྃ། ཛཽ་ཛནྟི་མཱྃ་ས་བྷ་ཏ། ཕུལླ་དྷཱུ་པ། ཨི་ཀཱ་ཧི་བ་ལི་ཛི་གྷ་ཏ། ད་ཤ་དི་ག་ཨུཏྟ་ར་ཝུ་རི། ཌོམྦྷི་ནཱི། ཙཎྜ་ལཱི། རཀྑ་སཱི། སིཾ་གྷ་ལཱི་དེ་ཝཱི། ཧ་ན་ཧ་ན། བྷནྡྷ་བྷནྡྷ། མཱ་ར་མཱ་ར། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵིཾ་ཀྵིཾ། ལེ་ཧི་བ་ལིཾ་ད་ཧི་སིབྦྷེ། བི་ཀཱ་ལ་ཤ་ཏྲུ་ན་མཱ་ར་ཡ་ཧཱུྃ་ཕཊ྄། སྔགས་རིང་ཡིན་ནོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་ཐུང་ཡིན་ལགས། འཁོར་ལོའི་སྔགས་ལྔ་ནི། ས་ཨི་ཡྃ། ས་ཀ་ར་ལ་ཡྃ། ས་ཧུ་བྃ། གྷྲྀ་ཏ་ཀཱི་ལི་ཀཱི་ལཱ་ཡ། བི་བྷི་ཥ་ན་བ་ཏ་ན་མཿ འདི་ལ་ཤན་པ་ལྔའི་སྔགས་མང་ཟེར། གྲོང་ཁྱེར་དཀྲུགས་པའི་སྔགས་ནི། ཨོཾ་ཨུ་ཙ་ཊ་ཙ་ཊེ་སྭཱ་ཧཱ། སརྦ་མངྒ་ལཾ།། །།

དཔལ་མགོན་ཞལ་བཞི་པ་དཀར་པོ་ཚེ་འཕེལ་གྱི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་ངག་ཟླ་བའི་བདུད་རྩི།

p. 468
p. 469

དཔལ་མགོན་ཞལ་བཞི་པ་དཀར་པོ་ཚེ་འཕེལ་གྱི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་ངག་ཟླ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།

p. 470

ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་ཡེ་ཤེས་མགོན་པོ་ཞལ་བཞི་པ། །དཀར་པོ་ཚེ་དང་བསོད་ནམས་འཕེལ་མཛད་པའི། །ཆོས་སྐྱོང་མཆོག་དང་དབྱེར་མེད་བླ་མ་ལ། །བཏུད་ནས་འཆི་མེད་གྲུབ་པའི་གདམས་པ་བྲི། །དེ་ལ་དཔལ་འཁོར་ལོ་སྡོམ་པ་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། ལུས་དང་སེམས་ནི་བརྟན་གྱུར་ན། །བདེ་བ་ཐམས་ཅད་བརྟན་པར་འགྱུར། །དེ་བས་རྣལ་འབྱོར་བཟང་པོ་ཀུན། །ཚེ་རིང་བ་ནི་དགེ་བའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞི་གཅིག་པུ་དལ་འབྱོར་གྱི་ལུས་ཡུན་རིང་དུ་འཚོ་བའི་ཐབས་ཚུལ་ལྷུར་ལེན་པ་ཤིན་ཏུ་གལ་ཆེ་བས། མདོ་རྒྱུད་བསྟན་བཅོས་རྣམས་ནས་ཚེ་སྲིང་བའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་དཔལ་གསང་བ་འདུས་པའི་རྒྱུད་ནས་ལེགས་པར་བསྟན་ཅིང༌། གྲུབ་པའི་མན་ངག་གིས་ཕྱེ་བའི་གཉན་མགོན་ཞལ་བཞི་པའི་ཆོས་སྐོར་ལ། ཕྱི་བྲམ་ཟེ། ནང་ཞིང་སྐྱོང༌། གསང་བ་སྟོབས་

p. 471

འཕྲོག་དབང་པོ་ལྟར་སྒྲུབ་པ་རྣམས་ཀྱི་ཕྱི་མ་ལའང་བསྙེན་དུས། སྒྲུབ་དུས། ལས་སྦྱོར། དཔོགས་ཆོག ཤི་ས་བསྟན་པ། ལས་བཞི། གསང་བ་ཐུང་མོང་མ་ཡིན་པ་སོགས་མང་དུ་ཡོད་པ་ལས། འདིར་ལས་བཞིའི་མགོན་པོའི་ནང་ནས་དཀར་པོ་ཚེ་འཕེལ་ལ་བརྟེན་ནས་ཚེ་སྒྲུབ་པ་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། འདིར་ཕྱི་མ་ཉམས་སུ་ལེན་པའི་གདམས་ངག་ཅུང་ཟད་གསལ་བར་ཕྱེ་བ་ལ་གསུམ། དང་པོ་ལྷ་ཉེ་བར་བསྙེན་པ། བར་དུ་དངོས་གྲུབ་སྒྲུབ་པ། མཐར་གྲུབ་པའི་བདུད་རྩིས་རང་གཞན་ལ་ཕན་གདགས་པའི་ལས་ཀྱི་རིམ་པའོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་དང༌། འདི་ཉིད་ཀྱི་རྗེས་སུ་གནང་བ་མན་ངག་དང་བཅས་པ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་སུ་བྱེད་པའི་རྣལ་འབྱོར་པས། ཡར་ངོའི་གཟའ་ཚེས་ལེགས་པའི་སྔ་དྲོའི་ཆར། གནས་ཁང་བཀྲ་ཤིས་ཤིང་ཡིད་དང་མཐུན་པ་ལ་བསམ་གཏན་གྱི་ཚེར་མ་མི་འབྱུང་

p. 472

བའི་སར་མཚམས་དམ་པར་བཅད། འདི་ཉིད་ཀྱི་བྲིས་སྐུ་སོགས་ཡོད་ན་བཤམས་པའི་མདུན་དུ། འབུལ་གཏོར་དང་མཆོད་པ་བཤམ། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། རྡོ་རྗེ་འཆང་དབང་འཕགས་མཆོག་ཀླུ་སྒྲུབ་དང༌། །བ་ལིཾ་ཏ་པ་སངས་རྒྱས་ཡེ་ཤེས་ཞབས། །མར་མེ་མཛད་དང་གྲུབ་ཆེན་དཔལ་བདེ་བར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དྲི་མེད་སྦས་པ་རིན་ཆེན་རྣམ་པ་གཉིས། །བསོད་སྙོམས་པ་དང་གཉན་ལོ་དར་མ་གྲགས། །ཁའུ་པ་དང་རྗེ་བཙུན་ས་སྐྱ་པར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་ཁུ་དབོན་ཞབས། །ཞང་སྟོན་ཆོས་རྗེ་རྗེ་བཙུན་བྲག་ཕུག་པ། །བླ་མ་དམ་པ་སེང་གེ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བསོད་ནམས་རྒྱལ་མཆོག་འཇམ་དབྱངས་ནམ་མཁའི་མཚན། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་དཔལ། །གྲུབ་པ་མཆོག་བརྙེས་རྗེ་བཙུན་རྡོ་རིང་པར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚར་ཆེན་རྗེ་དང་མཻ་ཏྲི་དོན་གྲུབ་ཞབས། །སྤྱན་སྔ་མི་ཕམ་དབང་ཕྱུག་རབ་བརྟན་དང༌། །བསོད་ནམས་མཆོག་གྲུབ་མཁྱེན་རབ་བྱམས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྨོར་ཆེན་རྗེ་དང་སངས་རྒྱས་རྒྱ་མཚོའི་ཞབས། །ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་དང༌། །ཀུན་དགའ་བཀྲ་ཤིས་ཀུན་དགའ་རིན་ཆེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྣང་སྟོང་ལྷ་སྐུར་ཤར་བའི་མཁའ་དབྱིངས་སུ། །གྲགས་སྟོང་རིག་སྔགས་ནམ་མཁའི་རྔ་སྒྲར་བཅས། །བདེ་སྟོང་བདུད་རྩིའི་བཅུད་ཀྱི་རྒྱུན་བབས་པས། །ལྷན་སྐྱེས་ཡེ་

p. 473

ཤེས་འཛིན་མ་རྒྱས་པར་ཤོག །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་ཚར་ཆེན་རིན་པོ་ཆེས་མཛད་པའི་བརྒྱུད་འདེབས་ཞལ་སྐོང་བཅས་སྔོན་དུ་འགྲོ་བས། སྐྱབས་ཡུལ་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བདུན་ནམ་ཉེར་གཅིག་ཙམ་བརྗོད་པའི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལན་གཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་ཚེ་སྒྲུབ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚར་གཅིག་བརྗོད་པས་ཚད་མེད་བཞི་བསྒོམ། གཉིས་པ་དངོས་གཞི་ལ། ལྷའི་རྣལ་འབྱོར་དང༌། སྔགས་ཀྱི་བཟླས་བརྗོད་ལ་བརྟེན་ནས་ཚེ་སྒྲུབ་པའོ། །དང་པོ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་

p. 474

པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་གངས་རིའི་ཕུང་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དཀར་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་ཤེལ་དཀར་གྱི་ཕྲེང་བ་དང་གཡོན་གཉིས་པས་པདྨ་དཀར་པོ་བསྣམས་པ། རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་དང༌། དར་དཀར་པོའི་སྟོད་གཡོགས་ཅན། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྙིང་«་་་་་འདི་ལ་ས་ཆེན་ཀུན་བློས་ཡན་ལག་བཞི་རྫོགས་དང་སྔགས་བཟླ་བ་ཡང་གསུངས་འདུག་ཀྱང་འདིར་ཚར་ཆེན་དང་རྨོར་ཆེན་གྱི་གསུང་ལྟར་རོ།།» གར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་དཀར་པོ་འོད་དུ་ཞུ་བ་ལས་ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ་སྐུ་མདོག་དུང་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་ལྟར་འོད་འཕྲོ་བ། ཞལ་བཞི་ཕྱག་བཞི་པ། རྩ་ཞལ་དཀར་བ། གཡས་ཞལ་སྔོ་བ། གཡོན་ཞལ་དམར་བ། སྟེང་ཞལ་དུད་ཀ་རྣམས་འཛུམ་ཞིང་ཁྲོ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་ཤིང༌། དབུ་སྐྲ་དང་སྨ་ར་དང་སྨིན་མ་དམར་སེར་གྱེན་དུ་འབར་བ། ཕྱག་གཡས་དང་པོས་བུམ་པ་བདུད་རྩིས་གང་བ་དང༌། །གཡོན་དང་པོས་ཐོད་པ་ཚེ་ཡི་བདུད་རྩིས་གང་བ་གཉིས་ཐུགས་ཀར་བསྣོལ་ནས་འཛིན་པས་སྒྲུབ་པ་པོ་ལ་འཆི་མེད་ཚེའི་དངོས་གྲུབ་སྩོལ་བ། གཡས་གཡོན་གྱི་འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་འཕྱར་ཐབས་སུ་འཛིན་པས་ཚེ་ཡི་བར་ཆད་སྲུང་བ། རིན་པོ་ཆེ་དང་རུས་པའི་ཕྲེང་བ་དང་གཡེར་ཁའི་དྲྭ་བས་སྤྲས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡས་སུ་གཡུང་མོ་སྔོན་མོ། གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་

p. 475

མོ་དམར་མོ། རྒྱབ་ཏུ་སིངྒ་ལཱི་སེར་མོ། བཞི་ཀའང་འཛུམ་ཞིང་ཁྲོ་བ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་བུམ་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས་གཙོ་བོ་ལ་ཕྱོགས་པས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཙ་ཏུརྨུ་ཁ་གཙོ་འཁོར་ལྔའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། «འདིར་ཡན་ལག་ཕྱི་མ་ཚར་ཆེན་གྱིས་མ་གསུངས་ཀྱང་རྨོར་ཆེན་རྡོ་རྗེ་འཆང་གིས་གསུངས་པས།་་་་་»སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ཞེས་བརྗོད་ཅིང་བསམས་ལ་ལྷ་སྐུའི་གསལ་སྣང་ལ་ཡུན་རིང་དུ་སེམས་འཛིན། གཉིས་པ་ནི་གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་སྐོར་དུ་འཁོར་བ། དེ་ལས་འོད་ཟེར་འཕྲོས་པའི་སྣ་ལ་ཚེའི་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ། ཚེའི་རིག་འཛིན་བརྙེས་པའི་ལྷ་དང་དྲང་སྲོང་གི་ཚོགས་ཐམས་ཅད་སྤྱན་དྲངས། སྔགས་ཕྲེང་ཧཱུྃ་ཡིག་དང་བཅས་པ་ལ་ཐིམ། དེ་ལས་འཆི་མེད་ཚེའི་

p. 476

བདུད་རྩིའི་ཆུ་རྒྱུན་དཀར་ཞིང་དྭངས་པ་དཔག་ཏུ་མེད་པ་སྐྱ་ཆི་ལི་ལི་བབས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག ལུས་སེམས་བདེ་བ་ཆེན་པོས་ཁྱབ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲྀ་ཏ། ཌོམྦི་ནཱི་ཙཎྜ་རཀྑ་སཱི་སིངྒ་ལཱི་དེ་ཝཱི་མ་མ་ཨཱ་ཡུར་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱི་འབྱུང་བའི་བཅུད། ནང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འོད་ཟེར་དཀར་དམར་གྱི་རྣམ་པར་བསྡུས་པ་ཕྱག་གི་བུམ་ཐོད་ཀྱི་ནང་དུ་ཐིམ་པས། བུམ་པའི་ནང་ནས་ཐབས་ཀྱི་བདུད་རྩི་དཀར་པོ་དང༌། ཐོད་པའི་ནང་ནས་ཤེས་རབ་ཀྱི་བདུད་རྩི་དམར་པོ་ལུད་ཅིང་ཕྱུར་བས། བདུད་རྩི་དཀར་དམར་བདེ་བ་ཆེན་པོའི་རང་བཞིན་གྱིས་ལུས་ཐམས་ཅད་ཁྱབ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ་ཞིང་སེམས་འཛིན་མེད་ཀྱི་ངང་དུ་ཅི་གནས་བཞག རླུང་བུམ་ཅན་མང་དུ་འཛིན། གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན། ཐལ་མོ་སྦྱར་ཏེ། དཔལ་ཡེ་ཤེས་ཀྱི་མགོན་པོ་དཀར་པོ་ཚེ་འཕེལ་འཁོར་དང་བཅས་པས་བདག་གི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ཞི་བ་དང༌། འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་ཡི་དམ་དུ་གསལ་བ་ལ་ཐིམ། དེ་ཐུགས་ཀའི་ཡུམ་བཞི་ལ། དེ་གཙོ་བོ་ལ། དེ་ཐུགས་ཀའི་ཧཱུྃ་ལ། ཧཱུྃ་གི་ཞབས་ཀྱུ་ཧ་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་

p. 477

ལེ་ལ། ཐིག་ལེ་ནཱ་ད་ལ། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྤྲོས་བྲལ་གྱི་ངང་དུ་བཞག སླར་ཡང་རང་སྐད་ཅིག་གིས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །འཆི་མེད་རིག་འཛིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང༌། ལོ་བརྒྱ་ཐུབ་ཅིང་སོགས་བསྔོ་སྨོན་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད། དེ་ལྟར་ཐུན་གསུམ་མམ་བཞི་བཅད་པས་སྔ་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་བ་ནི། གཏོར་མགྲོན། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པདྨ་དམར་པོ་ནས་གཉིས་སུ་མེད་པར་ཐིམ་པར་གོང་བཞིན་བསྐྱེད། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་སོགས་ནས་དེ་ཝཱི་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་བཏགས་པ་ལན་གསུམ་མམ་ལྔས་གཏོར་མ། སྔགས་དེ་ཉིད་ཀྱི་མཐར་ས་པ་རི་ཝཱ་རའི་རྗེས་སུ་གྲྀཧྞ་དཾ་ཨརྒྷཾ་སོགས་སྦྱར་བས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་རྣམས་ཕུལ་ལ། དཔལ་མགོན་ཞལ་བཞི་པ་དཀར་པོ་ཚེ་འཕེལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང༌། བྱང་ཆུབ་མ་ཐོབ་བར་དུ་བསྲུང་བསྐྱབ་སྦ་བའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། ཧཱུྃ། དཔལ་

p. 478

ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་འདུད། །གཡུང་མོ་གཏུམ་མོ་སྲིན་མོ་དང༌། །སིངྒ་ལར་གནས་རྣལ་འབྱོར་མ། །དམར་སེར་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་བསྟོད་པར་བྱ། །དེ་ལྟར་བསྟོད་ཅིང་རབ་བསྔགས་པས། །བདག་ཅག་འཁོར་བཅས་བསྲུང་བ་དང༌། །འདོད་པ་ཐམས་ཅད་བསྒྲུབ་པ་དང༌། །བགེགས་རྣམས་མ་ལུས་མེད་པར་མཛོད། །གདོང་བཞི་དྲེགས་པ་རྩལ་ཆེན་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམྦུ་ཏི་པའི་ཞལ་ཟས་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་དང༌། ཨོཾ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་བསྟོད་ཅིང་བསྟབ་པར་བྱའོ། །འདོད་དོན་གསོལ་གདབ། ཡིག་བརྒྱ་ལན་གསུམ། རྟེན་

p. 479

ཡོད་ན་བརྟན་བཞུགས། མེད་ན་གཤེགས་གསོལ། དགེ་བསྔོ་བཀྲ་ཤིས་རྣམས་སྤྱི་བཞིན་བྱ། སྔགས་ཀྱི་གྲངས་འབུམ་ཕྲག་བཞི་ལ་སོགས་པའམ། ཞག་ཉེར་གཅིག་གི་བར་དུ་བརྩོན་པས་ཉམས་སུ་བླངས་ན་དུས་མ་ཡིན་པའི་འཆི་བ་ཟློག་ཅིང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་ངེས་པ་ཡང་དག་གོ །དེ་དག་ནི་བསྙེན་པའི་རིམ་པའོ། །གཉིས་པ་བར་དུ་དངོས་གྲུབ་སྒྲུབ་པའི་ཐབས་ལ་གཉིས། བདག་དོན་དང༌། གཞན་དོན་ནོ། །དང་པོ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་བདག་མདུན་གྱི་རྣལ་འབྱོར། མཇུག་ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ནི། དཀར་པོ་ཚེ་འཕེལ་གྱི་སྒྲུབ་གཏོར་བུམ་ཐོད་བཅས་པ་དང༌། ཆོས་སྐྱོང་གི་མཆོད་གཏོར་སོགས་འོག་རྗེས་གནང་གི་སྐབས་ལྟར་དང༌། གཞན་ཡང་ཇི་ལྟར་དགོས་པའི་ཡོ་བྱད་རྣམས་བཤམ། གཉིས་པ་ལ་གཉིས། བདག་བསྐྱེད་དང༌། མདུན་བསྐྱེད་དོ། །དང་པོ་ནི། མཆོད་པ་བྱིན་རླབས་རྒྱས་བསྡུས་གང་རིགས་བྱས་ལ། སྐྱབས་འགྲོ་ནས་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་གོང་བཞིན་བྱ། གཉིས་པ་མདུན་བསྐྱེད་ལ། གཏོར་མ་དང་བུམ་ཐོད་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དམར་པོ་སོགས་ནས། གཉིས་སུ་མེད་པར་ཐིམ་པར་གོང་བཞིན། གཏོར་ཆུ་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་འབུལ་བ་དང༌། ཕྱི་ནང་མཆོད་པ་ཕྲིན་བཅོལ་བསྟོད་བསྟབ་བཅས་གོང་བཞིན། གཙོ་བོའི་ཐུགས་ཀར་ཉི་མའི་སོགས་ནས། ཆི་ལི་ལི་བབས་པས་བུམ་པ་དང་ཐོད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་བདུད་རྩིས་གང་བར་བསམས་ལ། གཙོ་བོར་བདག་བསྐྱེད་སྐབས་ཀྱི་བཟླས་པ་དང༌། སྤྲོ་ན་འོག་ཏུ་རྗེས་གནང་གི་སྐབས་སུ་བཤད་པའི་ཨོཾ་བཛྲ་ཨཱ་ཡུ་ཥེ་སོགས་ཀྱང་ཇི་ལྟར་རིགས་པ་བཟླ། སླར་

p. 480

ཡང་སོགས་ནས། བདེ་བ་ཆེན་པོའི་རང་བཞིན་གྱིས་བུམ་པ་དང་ཐོད་པའི་ནང་གང་བར་བསམས་ལ་སྔགས་བཟླ། གསུམ་པ་ནི། ཐུན་མཚམས་ཐམས་ཅད་ལ་མདོ་བཀླག་པ། སཱཙྪ་གདབ་པ། སྲོག་བསྐྱབ་པ། གཏོར་མ་གཏང་བ་སོགས་ཚེ་བསྲིང་བའི་ཐབས་ལ་བརྩོན་པར་བྱའོ། །གཉིས་པ་གཞན་དོན་བྱ་བ་ལ། སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི་འདྲ་ལ། གཉིས་པ་ལ་བདག་མདུན་སྒྲུབ་པ་གཏོར་མ་གཏང་བ་ཡན་འདྲ། བཟླས་པའི་ཚེ། གཙོ་བོའི་ཐུགས་ཀ་སོགས་ནས། ཆི་ལི་ལི་བབས་པས་བར་གོང་བཞིན། དེའི་མདུན་ཕྱོགས་སུ་ཟླ་བའི་གདན་ལ་བསྒྲུབ་བྱ་དངོས་སུ་གསལ་བའི་སྤྱི་གཙུག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་སོགས་ནས། དངོས་གྲུབ་ཐམས་ཅད་ཐོབ་པར་གོང་བཞིན། བཟླ་བྱའི་སྔགས་ཀྱི་མ་མ་ཞེས་པའི་མལ་དུ། སྦྱིན་བདག་གང་ཡིན་གྱིས་མིང་སྤེལ་ཏེ་དཔེར་ན། ཝཱ་གིནྡྲ་དྷརྨ་པཱ་ལ་བྷ་དྲ་སྱ་ཨཱ་ཡུར་སོགས་ལེགས་སྦྱར་རམ། མི་ཤེས་ན་དེ་ཉིད་བོད་སྐད་དུ། ངག་དབང་ཆོས་སྐྱོང་བཟང་པོའི་ཨཱ་ཡུར་པུཎྱེ་སོགས་སྦྲེལ། འོན་ཀྱང་དེ་ལྟ་བུ་འདོན་སྟབས་མི་བདེ་ན་མ་མ་ཞེས་བོད་སྐད་དུ་བདག་གི་ཞེས་པར་འགྱུར་བས་བདག་དང་སྦྱིན་པའི་བདག་པོའི་ངོ་བོ་དབྱེར་མེད་བློ་འདས་བརྗོད་བྲལ་དུ་ཤེས་པས། རྣམ་པ་སྦྱིན་པའི་བདག་པོའི་གཟུགས་བརྙན་དངོས་སུ་གསལ་བ་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་གསལ་སྣང་བརྟན་པོར་བགྱིས་པས་ཀྱང་དོན་གྲུབ་པ་ཡིན་ནོ། །གང་ལྟར་ཡང་སྔགས་སྤེལ་ཚིག་དང་བཅས་པ་སུམ་བརྒྱ་སོ་གསུམ་བཟླ། སླར་ཡང་ཐུགས་ཀ་སོགས་ནས། རང་བཞིན་གྱིས་བར་གོང་བཞིན་ལ། བསྒྲུབ་བྱའི་ལུས་ཀྱི་ནང་ཐམས་ཅད་ལ་ཁྱབ་པས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར་ཅེས་དང༌། གོང་གི་སྔགས་བཞི་བརྒྱ་ཞེ་བཞི་བཟླ། གསུམ་པ་ནི། དཔལ་རྡོ་རྗེ་ནག་པོ་ཆེན་པོ་དཀར་པོ་

p. 481

ཚེ་འཕེལ་གཙོ་འཁོར་ལྔས་སྦྱིན་པའི་བདག་པོའི་བར་ཆད་ཐམས་ཅད་ཞི་བ་དང༌། སྐུ་ཚེ་སྐུ་བསོད་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ལ་སྐོང་གསོ་བྱེད་པར་སྤྲོ་ན་འདིར་བྱ་ཞིང༌། མཇུག་ཏུ་རྩ་ལྟུང་བཤགས་པ་ཡང་བྱའོ། །གསུམ་པ་ནི། མཇུག་ཆོག་ཡིག་བརྒྱ། སྐུ་རྟེན་དང་བཞུགས་ཁང་གཏོར་མ་ལའང་བརྟན་བཞུགས། གྲོལ་ཉིན་མདུན་བསྐྱེད་འདོད་གསོལ་རྫོགས་ནས། གཙོ་འཁོར་ལྔར་གསལ་བ་འཆི་མེད་ཚེའི་ཆུ་རྒྱུན་དུ་ཞུ་ནས་བསྒྲུབ་བྱའི་དབུ་གཙུག་ཏུ་ཐིམ་པས་སྐུ་ཚེ་དང་སོགས་བརྗོད། རྟེན་ཡོད་ན་བརྟན་བཞུགས་བྱ། གནས་གསུམ་བསྲུང༌། དགེ་བ་བསྔོ། བཀྲ་ཤིས་རྣམས་སྐབས་སུ་གང་བབ་བྱའོ། །གསུམ་པ་ཐ་མར་གྲུབ་པའི་བདུད་རྩིས་རང་གཞན་ལ་ཕན་གདགས་པའི་རིམ་པ་ལ་གཉིས། བདག་དོན་དངོས་གྲུབ་བླང་བ་དང༌། གཞན་དོན་དུ་འཆི་མེད་ཚེའི་རྗེས་གནང་སྦྱིན་པའོ། །དང་པོ་ནི། སྒྲུབ་པ་ཞག་བདུན་གསུམ་སོགས་ཇི་ལྟར་རིགས་པ་གྲུབ་པའི་སང་ནངས་པར་དངོས་གྲུབ་བླང་བའི་དོ་ནུབ་ནས་མཆོད་གཏོར་སོགས་གསར་པ་བཤམ། ནངས་པར་བདག་མདུན་སྒྲུབ་པ་སོགས་དཀྱུས་ལྟར་སོང་རྗེས། བུམ་པ་སྤྱི་བོར་བླང་ཞིང་བུམ་ཆུ་མྱང༌། ཐབས་ཀྱི་ངོ་བོ་ཚེ་ཆུ་དཀར་པོ་སོགས་ནས། སྔགས་བཟླ་བའི་བར་བྱ། ཐོད་པའི་ཚེ་ཆང་ཡང་དེ་བཞིན་དུ་བྱས་ལ། ཤེས་རབ་ཀྱི་ངོ་བོ་ཚེའི་སོགས་ནས། དངོས་གྲུབ་ཐོབ་པར་གྱུར་སྔགས་བཅས་བརྗོད། གཏོར་མ་ལྷར་གསལ་བའི་སྤྱི་བོར་བཞག་ལ་ཚེ་སྔགས་བརྗོད་པས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་དང་ནུས་པས་རྩ་ཁམས་ཐམས་ཅད་གང༌། འཆི་མེད་ཚེའི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བསམས་ལ་རྗེས་ཆོག་བྱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད། གཉིས་པ་གཞན་དོན་

p. 482

དུ་འཆི་མེད་ཚེའི་རྗེས་གནང་སྦྱིན་པ་ལ། སྒྲུབ་པ་དང་འབྲེལ་ན་བདག་དོན་དུ་དངོས་གྲུབ་བླང་བའི་རྗེས་སུ་གཏོར་མ་འོད་དུ་ཞུ་ནས་བསྟིམ་པ་མི་བྱེད་པར་སྤྱི་བོར་བཞག་ནས་སྔགས་བརྗོད་པའི་རྗེས་དེ་མ་ཐག་པར་རྗེས་སུ་གནང་བ་བྱིན་པས་ཆོག མ་འབྲེལ་ན་སྦྱོར་བ་གནས་ཁང་ཡིད་དུ་འོང་བར་བླ་མ་ཡི་དམ་ཆོས་སྐྱོང་སོགས་ཀྱི་རྟེན་བཤམས་པའི་མདུན་དུ། ཡི་དམ་སྤྱན་རས་གཟིགས་ལ་ཟླུམ་གཏོར་གཅིག མགོན་པོའི་གཏོར་མ་ཟུར་གསུམ་ཆེ་བ་གཅིག་ལ་ཕྱོགས་བཞིར་བཤོས་བུ་གྲུ་གསུམ་དབུས་མའི་སུམ་གཉིས་ཙམ་སླེབས་པ། མཐར་མཐེབ་ཀྱུ་ཉེར་གཅིག་གམ། ལྔ་བཅུ་རྩ་བཞིའམ་བརྒྱ་རྩ་གཅིག་གིས་བསྐོར། མདའ་དར་དཀར་པོ་གཟུགས། དེའི་མདུན་དུ་ཐུན་གཏོར་སྙིང་གཟུགས་མ། གཡས་སུ་བུམ་པ་བདུད་རྩིས་གང་བ། གཡོན་དུ་ཐོད་པ་ཆང་དང་བདུད་རྩི་རིལ་བུ་བཏབ་པ་དར་དམར་གྱི་ཁེབས་སྦྲོན་སྐྱོགས་བཅས། མཐར་མཆོད་པ་ཆུ་གཉིས་སྔོན་དུ་འགྲོ་བའི་བསྐོར་བཤམ་བྱ། དངོས་གཞི་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། མཆོད་པ། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་སོགས་ནས་གཎྜེ་ར་ཎི་ཏའང་ཚར་གསུམ་བརྗོད་པའི་བར་སྤྱི་ལྟར་བྱ། དེ་ནས་བདག་བསྐྱེད་གོང་བཞིན་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་སོང་རྗེས། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་ཨཱརྻ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་མམ་བདུན་

p. 483

གྱིས་གཏོར་མ་དབུལ། མཚན་སྔགས་སྔོན་དུ་འགྲོ་བས་ཕྱི་ནང་གི་མཆོད་པ་བྱ། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། སྒྲུབ་གཏོར་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་སོ་སོའི་སྐུ་མདོག་དང་མཐུན་པའི་ཧཱུྃ་རེ་རེ། དེ་འོད་དུ་ཞུ་བ་ལས་ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ་གཙོ་འཁོར་ལྔ་བསྐྱེད་པ་ནས། གཉིས་སུ་མེད་པར་ཐིམ་བར་བརྗོད། གཏོར་མ་བྱིན་བརླབ། གོང་ལྟར་དབུལ། བཟླས་པ་མཉེས་བྱེད་བཟླས་དམིགས་སྤྱི་འགྲེ་ལ། ཚེ་བཅུད་བསྡུ་བའི་དམིགས་པ་གཙོ་བོའི་ཐུགས་ཀ་ནས་ཆི་ལི་ལི་བབས་པས་བར་གོང་བཞིན། དེ་ནས། མདུན་བསྐྱེད་ཀྱི་གཡས་གཡོན་བུམ་པ་དང་ཐོད་པའི་ནང་དུ་བབས་པས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་བདུད་རྩིས་གང་བར་གྱུར། སྔགས་གོང་བཞིན་བཟླ། སླར་ཡང་ཐུགས་ཀ་སོགས་ནས། རྣམ་པར་བསྡུས་ནས་གཡས་གཡོན་གྱི་སོགས་ནས་བཟླས་པའི་བར་གོང་བཞིན་དང༌། དབང་ཕྱུག་རབ་བརྟན་གྱིས་བུམ་ཐོད་སྦྱིན་སྐབས། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་སོགས་བརྗོད་པར་གསུངས་པས། སྔགས་དེ་ཉིད་བཟླ་བར་འདོད་ན། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿ ཨོཾ་ཨཱ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་བིནྡྷུ་བིནྡྷུ་ཧཱུྃ་ཧཱུྃ་ཚེ་བྷྲཱུྃ་བྷྲཱུྃ་ཚེ་བྷྲཱུྃ་ནྲྀ་ཁུག་བིནྡྷུ་བྷྲཱུྃ་ཧྲཱིཿཧྲཱིཿཔུཎྱེ་པུཎྱེ་ཧཱུྃ་བྷྲཱུྃ་སྭཱ་ཧཱ། ཞེས་པའང་ཇི་ལྟར་རིགས་པ་བཟླས་ལ། མཐར་འདོད་དོན་གསོལ་བ་བཏབ་ལ། བདག་དང་རྡོ་རྗེ་སློབ་མ་རྣམས་ཀྱི་ཚེའི་བར་ཆད་ཐམས་ཅད་ཞི་བ་དང་སོགས་གོང་བཞིན་བརྗོད་པ་ནི་སློབ་དཔོན་གྱི་བྱ་བའོ། །སློབ་མ་ལ་བྱ་བ་ནི། དབང་གིས་སྨིན་ཅིང་དམ་ཚིག་དང་ལྡན་པའི་སློབ་མ་རྣམས་

p. 484

གྲལ་ལ་འཁོད། མེ་ཏོག་བཀྱེ་བསྡུ་གྲུབ་ནས། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དཔལ་མགོན་གདོང་བཞི་པའི་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་པ་དང༌། ཁྱད་པར་རྡོ་རྗེ་ཐེག་པ་ནས་བཤད་པའི་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ལུས་དྲང་པོར་གནས་པ་སོགས་ཀྱི་འདུག་སྟངས་དང༌། སེམས་ཀྱིས་གནས་ཁང་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་རྡོ་རྗེའི་སྲུང་འཁོར་གྱི་ནང་དུ་ཆུད་པ་དང༌། སློབ་དཔོན་ཡང་རྡོ་རྗེ་འཛིན་པ་དངོས་ཡིན་སྙམ་པ་དང༌། ཁྱེད་རང་རྣམས་ཀྱང་ལྷག་པའི་ལྷའི་ང་རྒྱལ་ལ་གནས་པས། ཆོས་ཀྱི་སྒྲ་ཡང་གྲགས་སྟོང་སྐྱེ་བ་མེད་པ་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་བྱེད་པའི་སྒྲ་ལྷང་ལྷང་ཡོད་སྙམ་པའི་གསལ་སྟོང་འཛིན་མེད་ཀྱི་ངང་ནས་ཡེངས་མེད་དུ་གསན་པར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། དཔལ་འཁོར་ལོ་སྡོམ་པ་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། ལུས་དང་སེམས་ནི་ཞེས་སོགས་ནས། ཐུན་མོང་མ་ཡིན་པ་གཉིས་ལས་ཞེས་པའི་བར་གོང་གི་ཡིག་ཆའི་དབུར་བཀོད་པ་ལྟར་བརྗོད་རྗེས། དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བའི་རིམ་པ་འབུལ་བའི་སྐབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། སློབ་དཔོན་དང་ལྷག་པའི་ལྷ་ཐ་མི་དད་སྙམ་པའི་སྒོ་ནས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་དང༌། ཀུན་མཁྱེན་ཡེ་ཤེས་སྦྲེལ་བ་

p. 485

ལན་གསུམ། རྒྱུད་དག་པའི་སླད་དུ་མདུན་གྱི་མགོན་པོ་འཁོར་དང་བཅས་པའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་བླ་མ་ཡི་དམ་སངས་རྒྱས་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། ཁྱད་པར་ཅན་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུང་བར་ཞུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས་བདག་ལ་ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ་གྱི་བྱིན་གྱིས་རློབ་ལ་རྗེས་སུ་གནང་བ་དང་ཚེའི་དབང་བསྐུར་བ་སྩལ་དུ་གསོལ། ལན་གསུམ། དེ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ། ཐོག་མར་མདུན་བསྐྱེད་སྔར་ཡོད་གསལ་གདབ་པའི་ཚུལ་དུ་བསྐྱེད་པ་ཡིན་ཏེ། མདུན་གྱི་གཏོར་མ་འདི་ཉིད་པདྨ་དམར་པོ་འདབ་མ་བཞི་པ་དང་ཉི་མའི་དབུས་སུ་ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ་སོགས་ནས། བཞུགས་པ་བར་བརྗོད། དེ་ཡང་སྔོན་བླ་མ་གོང་མ་རྣམས་ཀྱི་བཀའ་བསྒོས་དམ་ལ་བཞག་པ་དང༌། རྟེན་འབྲེལ་གྱི་དབང་གིས་མངོན་སུམ་དུ་བཞུགས་ངེས་སྙམ་དུ་མོས་པ་མཛོད། དེ་ནས་རྗེས་གནང་གི་གཞི་ལུས་དགོད་པའི་སླད་དུ་ཐུགས་འདུན་སྤྱན་དམིགས་འདི་བཞིན་གནང་བར་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ཡི་གེ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྐུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས། སྐུ་ལུས་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་འདི་ཉིད་འོད་གསལ་གྱི་དབྱིངས་སུ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་

p. 486

ཐམས་ཅད་དང་འོད་ཀྱི་གོང་བུ་དེ་ཉིད་ཀྱང་སྟོང་ཉིད་ནམ་མཁའ་ལྟ་བུར་གྱུར་པར་མོས་པ་མཛོད། སྟོང་ཉིད་དེའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་གངས་རིའི་ཕུང་པོ་ལ་ཉི་མ་ཤར་བ་སོགས་ནས། གཙོ་བོ་ལ་ཞལ་ཕྱོགས་པས་བཞུགས་པ་བར་བདག་བསྐྱེད་ལྟར། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བཏབ་པ་ནི་རྗེས་གནང་གི་གཞི་དགོད་པ་ཡིན། རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་མཐའ་རྟེན་དང་བཅས་པ་རྣམས་སུ་ཡོད་པ་ལས། སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་གངས་ཏི་སེ། དུར་ཁྲོད་བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་དགོད་པའི་དུར་ཁྲོད། སིངྒ་ལའི་གླིང༌། དར་ལུང་གཉན་གྱི་ཕོ་བྲང༌། གནས་མཆོག་ཁའུ་བྲག་རྫོང༌། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གཙུག་ལག་ཁང་ལ་སོགས་པ་བླ་མ་གོང་མ་རྣམས་ཀྱིས་བསྙེན་ཅིང་སྒྲུབ་པའི་གནས་ན་བཞུགས་པའི་དཔལ་མགོན་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས། ཐུགས་རྒྱུད་བསྐུལ་ཏེ་དཔལ་མགོན་དཀར་པོ་ཚེ་འཕེལ་འཁོར་དང་བཅས་པའི་སྐུའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོ་གཙོ་འཁོར་ལྔའི་སྐུ་ཆེ་བ་རི་རབ་ཙམ། འབྲིང་པོ་མི་ཚད་ཙམ། ཆུང་བ་ནས་འབྲས་དང་རྡུལ་ཕྲན་ཙམ་གྱི་བར་གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ས་གཞི་བར་སྣང་གང་བ་ལྟ་བུ་འུར་འུར་ཐིབ་ཐིབ་བྱོན།

p. 487

ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དྲིལ་གསིལ་དང༌། བསྙེན་སྔགས་ཚར་གསུམ་གྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཅི་རིགས་དང༌། གུ་གུལ་གྱི་དུད་པ་དང་རོལ་ཆེན་བྱ། དེས་སྐུའི་རྗེས་སུ་གནང་བ་གྲུབ། གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ་ཐུགས་འདུན་འདི་བཞིན་གནང་བར་ཞུ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སོགས་ནས། འཁོར་དང་བཅས་པའི་གསུང་གི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་སྔགས་ཀྱི་རྣམ་པ་ཁ་དོག་དཀར་པོ་ནམ་མཁའ་གང་བ་འུར་འུར་ཐིབ་ཐིབ་བྱོན། ཁྱེད་རང་རྣམས་ཀྱི་མགྲིན་པ་ལ་སོགས་པའི་གནས་རྣམས་ནས་མར་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དྲིལ་གསིལ་དང་བསྙེན་སྔགས་བརྗོད་པ་འདྲ། བཟླས་པའི་ལུང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་དང་པོ་གཉིས་པ་གསུམ་པ་རྣམས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱི་མཐའ་སྐོར་དུ་དང་པོས་སྔར་མེད་གསར་བྱུང་དུ་འཁོད། གཉིས་པ་དང་གསུམ་པ་དེ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སླར་ཡང་འོད་ཟེར་འཕྲོས་པའི་སྣེ་ལ་ཚེའི་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཚེའི་རིག་འཛིན་བརྙེས་པའི་ལྷ་དང་དྲང་སྲོང་གི་ཚོགས་ཐམས་ཅད་སྤྱན་དྲངས། སྔགས་ཕྲེང་ཧཱུྃ་ཡིག་དང་བཅས་པ་ལ་ཐིམ། དེ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་དཀར་ཞིང་དྭངས་པ་དཔག་ཏུ་མེད་པ་སྐྱ་ཆི་ལི་ལི་བབས་པས་

p. 488

ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས། ལུས་སེམས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། བསྙེན་སྔགས་ལ་སྤེལ་ཚིག་དང་བཅས་པ་ལན་གསུམ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སོགས། དེ་ལྟར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ། སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བར་བསྒྱུར་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བརྟན་ཅིང་ནུས་ལྡན་དུ་བྱས་པར་མོས་པ་མཛོད། མགོན་པོ་འདི་ལ་སྩལ་ལགས་ཀྱི། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །སླར་ཡང་མེ་ཏོག་གཏོར་ལ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་དཀར་པོ་ཚེ་འཕེལ་གཙོ་འཁོར་ལྔའི་གསུང་གསང་སྔགས་ཀྱི་ནུས་མཐུ་དང་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ཐུགས་རྒྱུད་ལ་འཇུག་པར་གྱུར་ཅིག དེས་གསུང་གི་རྗེས་གནང་གྲུབ། གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་ཐུགས་འདུན་འདི་བཞིན་གནང་བར་ཞུ། སློབ་དཔོན་ལ་ལྷག་པའི་ལྷ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་སོགས་ནས། ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་གྲི་གུག་དང༌། ཐོད་ཁྲག བུམ་པ། ཐོད་པ་བདུད་རྩིས་གང་བ། ནོར་བུ་སོགས་ཕྱག་མཚན་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་

p. 489

མདུན་གྱི་ནམ་མཁར་མཚོན་ཆའི་རིགས་དེ་རྣམས་ཕན་ཚུན་གཟེངས་ཤིང་འཁྲུགས་པས་ཚེ་ལ་བར་དུ་གཅོད་པའི་ཚོགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་ཚར་བཅད། སླར་གྲི་གུག་སོགས་ཕྱག་མཚན་རྣམས་འོད་སྔོན་པོ་བདེ་བ་ཆེན་པོའི་རང་བཞིན་བདུད་རྩིའི་རྣམ་པར་ཞུ་སྟེ་སྐུ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། བསྙེན་སྔགས་ལ་ཨཱ་བེ་ཤ་ཡ་བཏགས་པ་ལན་གསུམ་བརྗོད། དེས་ཐུགས་ཀྱི་རྗེས་གནང་གྲུབ། བཞི་པ་མཐའ་རྟེན་དུ་འཆི་མེད་ཚེའི་བུམ་པ་སྤྱི་བོར་བཞག་པས་ཐབས་ཀྱི་ངོ་བོ་ཚེ་ཆུ་དཀར་པོ་ཤེལ་ཞུ་བའི་མདོག་ལྟར་དཀར་བ་སྤྱི་བོ་ནས་ཞུགས་པ་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ། སྡིག་སྒྲིབ་དག ལུས་ནོར་བུ་ཆུ་ཤེལ་དཀར་པོ་ལྟར་འོད་ཀྱི་རང་བཞིན་ཅན་དུ་གྱུར་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་མོས་པ་མཛོད། ངག་ཏུ་བསྙེན་སྔགས་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སོགས་བརྗོད་ལ་སྦྱིན། ཐོད་པའི་ཚེ་ཆང་ནས་སྦྱིན་ལ། ཤེས་རབ་ཀྱི་ངོ་བོ་ཚེའི་བདུད་རྩི་མཚལ་ཅོག་ལ་མའི་མདོག་ལྟར་དམར་བ་ཁྱེད་རང་རྣམས་ཀྱི་ཞལ་དུ་གསོལ་བ། ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་ལུས་དཀར་ལ་དམར་བའི་མདངས་ཆགས་པར་གྱུར་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། སྔགས་བརྗོད་ལ་བདུད་རྩི་སྦྱིན། དེས་རྗེས་གནང་གི་དངོས་གཞི་མཐའ་རྟེན་བཅས་གྲུབ་ནས། རྗེས་ལ་བཞི་ཡོད་པ་ལས། དང་པོ་ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། སློབ་དཔོན་ལྷག་པའི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་གཏོར་མ་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་དབུ་ཐོག་ཏུ་ཡེར་གྱིས་བྱོན་པ་ལ། ད་ལྟར་གྱི་རྩ་བའི་བླ་མས་དམ་ཚིག་གི་རྡོ་རྗེས་བཀའ་བསྒོས་པས་སྟེང་གི་ནམ་མཁར་བཞུགས་

p. 490

པའི་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་བཀའ་བསྒོས་པའི་མོས་པ་མཛོད། སྔགས་ཀྱི་དེ་ཝཱིའི་མཇུག་ཏུ། ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། གྲུབ་ཆེན་དཔལ་བདེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། བསོད་སྙོམས་པ་ཆེན་པོ། གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ་ཆོས་ཀྱི་རྒྱལ་མཚན། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེས་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ལུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། ཁྱབ་བདག་དབང་ཕྱུག་རབ་བརྟན། མཁན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ཀུན་དགའ་ལྷུན་གྲུབ། མཐུ་སྟོབས་ཀྱི་དབང་ཕྱུག་སངས་རྒྱས་རྒྱ་མཚོ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ཀུན་དགའ་བཀྲ་ཤིས། མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་སོགས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་

p. 491

འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། བྱེ་བྲག་ཏུ་རྡོ་རྗེ་སློབ་མ་འདིའི་ལུས་དང་གྲིབ་མ་ལྟར་འགྲོགས་ལ་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པ་དང༌། བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྲིན་ལས་དང་སྟོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཁྱད་པར་དུ་རྡོ་རྗེ་སློབ་མའི་ཚེའི་འགལ་རྐྱེན་བར་ཆད་མཐའ་དག་ཞི་ཞིང༌། འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་ཕྲིན་ལས་མཛད་དུ་གསོལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཏོར་མ་དང་དབྱེར་མེད་པའི་དཔལ་མགོན་དཀར་པོ་ཚེ་འཕེལ་གཙོ་འཁོར་ལྔ་ཁྱེད་རང་རྣམས་ཀྱི་དབུ་གཙུག་ནས་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་མགོན་པོའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པས་འཆི་མེད་ཚེའི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། གཉིས་པ་ཡོན་ཏན་སྒྲུབ་པའི་ལུང་སྦྱིན་པ་ནི། འདི་ལྟ་བུའི་རྗེས་སུ་གནང་བ་ཐོབ་ནས་ཞིང་སྐྱོང་དབང་པོའི་ཕྱི་ནང་གསང་གསུམ་གྱི་མན་ངག་དང༌། ཁྱད་པར་དུ་ཙ་ཏུརྨུ་ཁ་དཀར་པོ་ཚེ་འཕེལ་གྱི་བདག་མདུན་གྱི་རྣལ་འབྱོར་ལ་བརྟེན་པའི་མན་ངག་རྣམས་ཉན་པ་ལ་དབང་བ་ཡིན་པས་བླ་མ་མཚན་ཉིད་དང་ལྡན་པའི་དྲུང་དུ་ཞུས་ཏེ་རང་གཞན་ལ་ཕན་གདགས་པའི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཅི་ནུས་སུ་བསྒྲུབ་པ་ལ་བརྩོན་པར་བྱའོ། །གསུམ་པ་མི་འབྲལ་བར་བསྟེན་ཅིང་གསང་བར་གདམས་པ་ནི། འདི་ལྟ་བུའི་མན་ངག་དང་གཏོར་མ་བསྔོ་བ་རྣམས་ཐུན་བཞི། གསུམ། གཉིས། ཐ་ནའང་ཐུན་རེ་ལ་བརྩོན་པར་བྱ་བ་སོགས་ཆོས་སྐྱོང་མཉེས་པའི་ཐབས་ལ་འབད་པ་དང༌། རྗེས་གནང་དང་དངོས་གྲུབ་སྐོར་རྣམས་དམ་ཚིག་དང་མི་ལྡན་པ་རྣམས་ཀྱི་རྣ་ལམ་དུ་མཚན་ཙམ་ཡང་མི་བསྒྲག་ཅིང༌། ལྟ་གྲུབ་མི་

p. 492

གཅིག་པ་དང༌། ཉམས་ལེན་ལ་མི་བརྩོན་པ་དག་ལ་བཤད་པར་མི་བྱ། འདི་སྟོན་པའི་བླ་མ་ལ་རྡོ་རྗེ་འཆང་གི་འདུ་ཤེས་བསྐྱེད། དམ་ཚིག་མཐའ་དག་ཅི་ནུས་སུ་བསྲུང༌། ཁྱད་པར་ཀླུ་སྒྲུབ་ཀྱི་ལྟ་བའི་སྲུང་མ་ཡིན་པས་དབུ་མའི་ལྟ་བ་ལ་ཤིན་ཏུ་གུས་པར་བྱ། ཡུམ་ཆེན་བཞི་པོ་བདེ་མཆོག་གི་སྒོ་མཚམས་མ་བཞི་ཁྲོས་པ་ཡིན་པས་བདེ་མཆོག་གི་གདོང་བརྙན་ལའང་གུས་པ་དང༌། གཞན་བྱ་ནག་ཁྱི་ནག་མི་ནག་པོ་ལ་སྡང་བར་མི་བྱ་ཞིང་བསྙེན་བཀུར་བྱ་བ་རྣམས་དམ་ཚིག་དང་བསླབ་བྱ་ཡིན་ནོ། །བཞི་པ་དེ་ལྟར་ཁས་བླངས་པའི་དམ་ཚིག་རྣམས་མདོར་བསྡུས་ཏེ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་དབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་དང༌། རྗེས་ཀྱི་རིམ་པ་གོང་བཞིན་བྱའོ། །སླར་སྨྲས་པ། རྡོ་རྗེ་ཞལ་བཞིའི་རྣམ་འགྱུར་ཟླ་ཤེལ་ལྟར། །རབ་དཀར་གདམས་ངག་བདུད་རྩིའི་འོད་བཟང་པོ། །ཅུང་ཟད་ཕྱེ་ལས་གྲུབ་པའི་དགེ་ཚོགས་ཀྱིས། །འགྲོ་ཀུན་ཚེ་དང་ཡེ་ཤེས་འཕེལ་གྱུར་ཅིག། །།དེ་ལྟར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་དཀར་པོ་ཚེ་འཕེལ་འདི་ལ་གཉན་ལོ་ཙཱ་བ་དང༌། ཐེག་ཆེན་ཆོས་རྗེས་མཛད་པའི་གཞུང་ལ་བརྟེན་ནས་ཚར་ཆེན་རྡོ་རྗེ་འཆང་སོགས་ཀྱི་སྒྲུབ་ཐབས་རྗེས་གནང་གི་རིམ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། གསང་སྒྲུབ་ཀྱི་ལས་སྦྱོར་ཐུན་མིན་སྐབས་སོགས་སུ་བྱུང་བའི་མན་ངག་ཟབ་ལ་གཉན་པ་མང་དུ་བཞུགས་པའི་ནང་ནས་ཕྱི་སྒྲུབ་ཐུན་མོང་མ་ཡིན་པའི་སྒོ་ནས་ཚེ་སྒྲུབ་པའི་རིམ་པ་སྐྱབས་མཆོག་ཐར་རྩེ་མཆོག་སྤྲུལ་དམ་པའི་གསུང་གི་དགོངས་དོན་ལྟར་ཚར་ཆེན་རྡོ་རྗེ་འཆང་དང༌། རྨོར་ཆེན་རིན་པོ་ཆེ། འཇམ་མགོན་ས་སྐྱ་པ་ཀུན་དགའ་བློ་གྲོས་རྣམས་ཀྱིས་རྩལ་བའི་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར། དཔལ་སྡེ་དགེ་ལྷུན་གྲུབ་

p. 493

སྟེང་གི་ཤར་བླ་མིང་ཀུན་དགའ་དཔལ་ལྡན་པས་མགོན་ཁང་བདུད་དཔུང་ཟིལ་གནོན་དུ་ཡར་ཚེས་བཅོ་ལྔའི་ཉིན་དགེ་བའི་ལེགས་ཚོགས་དང་བཅས་པའི་སྒོ་ནས་བྲིས་པ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བསྟན་འགྲོར་ཕན་བདེ་མཐའ་ཡས་པ་འབྱུང་བ་དང༌། སྙོམ་ལས་པའང་སྐྱབས་མཆོག་དམ་པའི་གསུང་གི་བདུད་རྩི་ངོམ་པ་མེད་པར་རོལ་ཞིང་ཅི་བྱེད་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།

དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ།

p. 494
p. 495

དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།།

p. 496

རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །ལྷ་མོ་དང་བཅས་འཁོར་ལོ་ལ། །བཏུད་དེ་ནག་པོ་ཆེན་པོ་ཡི། །སྒྲུབ་པའི་རིམ་པ་བྲི་བར་བྱ། །དབང་གིས་སྨིན་བྱས་དམ་ཚིག་ལྡན། །བླ་མ་ལ་གུས་སྙིང་བརྩེར་ལྡན། །ཤེས་རབ་བཟོད་ལྡན་བརྩོན་འགྲུས་ཆེ། །སྒྲུབ་ལ་དཔའ་བའི་སྔགས་པ་ཡི། །ཡིད་འོང་དབེན་པའི་གནས་དག་གམ། །རི་བོ་དུར་ཁྲོད་མ་མོ་དང༌། །གཤིན་རྗེ་འཇིགས་སུ་རུང་བ་ཡི། །གནས་སུ་ནག་པོ་བསྒྲུབ་པར་བྱ། །མཎྜལ་མཆོད་དང་གཏོར་མ་བཤམ། །རྟེན་བཤམ་བདེ་བའི་སྟན་ལ་འདུག །རང་གི་ལྷ་ཡི་རྣལ་འབྱོར་དུ། །ཞུགས་ཏེ་ཆོ་ག་རྫོགས་པ་དང༌། །བླ་མ་ལ་སྨོད་བསྟན་ལ་སྡང༌། །དེ་དག་རབ་ཏུ་ཞི་བའི་ཕྱིར། །བདག་གིས་ནག་པོ་བསྒྲུབ་པར་བྱའོ། །སྙམ་དུ་བློ་ནི་བསྐྱེད་བྱ་སྟེ། །སྐད་ཅིག་གིས་ནི་སྟོང་པར་བྱ། །མདུན་དུ་པདྨ་ཉི་མ་ལ། །གནས་པའི་ཡི་གེ་ཧཱུྃ་ནག་པོ། །བསམས་ཏེ་དེ་ཡི་འོད་ཟེར་གྱིས། །གདུག་པ་མ་ལུས་ཞི་བྱས་ཏེ། །འགྲོ་ཀུན་བདེ་བ་ལ་བཞག་ནས། །སླར་འདུས་ཧཱུྃ་ལ་ཐིམ་གྱུར་ཏེ། །ཡི་གེ་གྱུར་པས་སྐད་ཅིག་གིས། །བྱ་རོག་གདོང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །དང་པོ་བྷཻ་ཏའི་འབྲས་བུ་དམར། །གཉིས་

p. 497

པ་རལ་གྲི་འཛིན་པའོ། །གཡོན་གྱི་དང་པོ་རཀྟ་ཡིས། །རབ་ཏུ་གང་བའི་ཐོད་པ་འཛིན། །གཉིས་པ་ཁ་ཊྭཱཾ་འཛིན་པའོ། །སྟག་གི་པགས་པས་སྨད་དཀྲིས་ཤིང༌། །དབུ་སྐྲ་ཨག་ཚོམ་སྨིན་མ་སེར། །སྤྱན་གསུམ་མཆེ་གཙིགས་འཇིགས་པར་བྱེད། །ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན། །སྣ་ཚོགས་པདྨ་ཉི་སྟེང་དུ། །དཔའ་བོའི་འདུག་སྟངས་ཀྱིས་གནས་པའོ། །དེ་ནས་རང་གི་སྙིང་ག་ཡི། །ས་བོན་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་ལ་ཛཿཧཱུྃ་བཾ་ཧོཿཡིས། །དགུག་གཞུག་བསྟིམ་དང་མཉེས་པར་བྱ། །སྤྱི་བོ་མགྲིན་པ་སྙིང་ག་རུ། །པདྨ་ཉི་མའི་གདན་སྟེང་དུ། །ཧཱུྃ་དང་ཨཱཿདང་ཨོཾ་གསུམ་གྱིས། །སྐུ་གསུང་ཐུགས་གསུམ་བྱིན་གྱིས་བརླབས། །ལེགས་པར་མཆོད་དེ་བསྟོད་ནས་ནི། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། །ཅེས་པའི་སྔགས་ནི་ཅི་ནུས་པར། །མན་ངག་བཞིན་དུ་བཟླ་བར་བྱ། །སྐྱོ་ན་གཏོར་མ་བྱིན་བརླབས་ཏེ། །རང་སྔགས་ཀྱིས་ནི་བསྔོ་བར་བྱ། །ལེགས་པར་མཆོད་ལ་དེ་ཉིད་ཀྱི། །རྐང་པ་བརྒྱད་པས་བསྟོད་པར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་གང་ཡིན་དེ་བཅོལ་བྱ། །ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ། །བློ་ལྡན་མཚན་མ་མ་བྱུང་གི། །བར་དུ་འབད་དེ་བསྒྲུབ་པར་བྱ། །མཚན་མ་བྱུང་ན་བླ་མ་ཡི། །མན་ངག་བཞིན་དུ་ལས་ལ་སྦྱར། །བླ་མའི་

p. 498

གསུང་གི་རྗེས་འབྲངས་ཏེ། །བདག་གིས་ནག་པོ་སྒྲུབ་པའི་ཐབས། །བྲིས་པའི་བསོད་ནམས་ཐོབ་པ་དེས། །བགེགས་ཞི་མཐུ་དབང་ཐོབ་པར་ཤོག །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། ལོ་ཙཱ་བ་ཙ་མི་ཆེན་པོས་བསྒྱུར་བའོ།།«་་་་་སྒྲུབ་ཐབས་རྒྱ་མཚོར་ཡང་ཡོད།» ༈ །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཨནྟ་རཾ་སཱ་དྷ་ནཱ་མ། བོད་སྐད་དུ། དཔལ་མགོན་པོའི་ནང་སྒྲུབ་ཅེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་སྒྲུབ་འདོད་རྣལ་འབྱོར་གྱིས། །ཡིད་དང་མཐུན་པའི་དབེན་གནས་སུ། །རྟེན་དང་མཆོད་པ་རྫས་བཤམས་ཏེ། །དང་པོ་བྱང་ཆུབ་སེམས་བསྐྱེད་ལ། །མདུན་དུ་སྐད་ཅིག་འདབ་བརྒྱད་དེར། །དཔལ་ལྡན་ནག་པོ་ཆེན་པོ་ལ། །ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཡང༌། །བྱ་རྒོད་མགོ་དང་ཁྱུང་གི་མགོ །ཁྭ་ཡི་མགོ་དང་འུག་པའི་མགོ །དེ་བཞི་ཕྱོགས་ཀྱི་ལྷ་མོའོ། །ཕག་གི་གདོང་དང་ཁྱི་གདོང་མ། །སྤྱང་ཀུ་སྟག་གི་གདོང་ཅན་བཞི། །མཚམས་ཀྱི་ལྷ་མོར་ཤེས་པར་བྱ། །ཀུན་ཀྱང་ནག་མོ་གྲི་ཐོད་ཐོགས། །པདྨ་རོ་དང་ཉི་སྟེང་ན། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས། །དེ་ལ་བདུན་པོ་རྣམ་དག་གིས། །མཆོད་ཅིང་གསོལ་བ་བཏབ་བྱས་ལ། །རང་བཞིན་གནས་སུ་གཤེགས་སུ་གསོལ། །རང་ཉིད་ཡི་དམ་གསལ་བའི་མདུན། །སྟོང་པའི་ངང་ལས་པྃ་དང་རྃ། །པདྨ་ཉི་མའི་སྟེང་དུ་ཧཱུྃ། །འཕྲོས་འདུས་གྲི་གུག་ཧཱུྃ་གིས་མཚན། །འོད་འཕྲོས་དོན་བྱས་སླར་འདུས་ནས། །ས་བོན་ཕྱག་མཚན་གྱུར་པ་ལས། །དཔལ་ལྡན་མགོན་པོའི་སྐུར་གྱུར་ཏེ། །ཞལ་གཅིག་སྤྱན་གསུམ་སྨིན་མ་འཁྱུག །ཁྲོ་གཉེར་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །ཕྱག་བཞི་གཡས་གཉིས་གྲི་གུག་དང༌། །རལ་གྲི་འབར་བ་འཛིན་པ་དང༌། །གཡོན་པའི་ཕྱག་གཉིས་ཐོད་ཁྲག་དང༌། །མདུང་རྩེ་གསུམ་པ་བསྣམས་པའོ། །ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་ཅན། །སྟག་ལྤགས་མགོ་ཕྲེང་དོ་ཤལ་བྱས། །ཕྱག་རྒྱ་ལྔ་དང་ལྡན་པ་ལ། །

p. 499

ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན། །ལྷ་མོ་བརྒྱད་དང་གདོང་ཅན་གསུམ། །དེ་ལྟར་དམ་ཚིག་པ་བསྐྱེད་ལ། །ཡེ་ཤེས་སྤྱན་དྲངས་མཆོད་ཅིང་བསྟོད། །ཛཿཧཱུྃ་བཾ་ཧོཿདགུག་གཞུག་བྱ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཨོཾ་བཛྲ་ཀའུ་བ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། མན་ངག་བཞིན་དུ་བཟླ་བར་བྱ། །སྐྱོ་ནས་གཏོར་མ་འབུལ་བྱས་ལ། །མཆོད་ཅིང་གསོལ་གདབ་ཡེ་ཤེས་གཤེགས། །དམ་ཚིག་བསྡུས་ལ་དགེ་བ་བསྔོ། །དགེ་བས་བར་ཆད་ཀུན་བསལ་ནས། །བསྟན་པ་དར་ཞིང་རྒྱས་པར་ཤོག །མགོན་པོ་བྱ་རོག་གདོང་ཅན་གྱི་ནང་སྒྲུབ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། ལོ་ཙཱ་བ་ཙ་མི་ཆེན་པོས་སྒྱུར་བའོ། ༈ །དཔལ་མགོན་པོའི་གསང་བའི་སྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་ཡ་ནཱ་ཐ་གུ་ཧྱ་སཱ་དྷ་ནཱ་མ།«་་་་་མར་པ་ཇོ་སྲས་ཀྱི་འགྲེལ་པ་ཡོད་པ་གསལ་བར་སྣང༌།» བོད་སྐད་དུ། དཔལ་མགོན་པོ་ཆེན་པོའི་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། ཡེ་ཤེས་མགོན་པོ་ལ་ཕྱག་འཚལ་ལོ། །དབང་«་་་་་ཞག་བདུན་ཞལ་ལྟའི་རྒྱ་གཞུང་ཁྲག་མཚོ་ཁོལ་མའི་ལེའུ་ཞེ་གཅིག་པ་ལས།» དང་དམ་ཚིག་ལྡན་པ་ཡིས། །གསང་བའི་རྣལ་འབྱོར་བསྒྲུབ་པའི་ཕྱིར། །མཆོད་དང་གཏོར་མ་ལྡན་པ་ཡིས། །མགོན་པོ་སྲོག་གི་སྙིང་པོ་བསྒྲུབ། །སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས། །ཚད་མེད་བསོད་ནམས་ཚོགས་གཉིས་བསགས། །སྟོང་པའི་ངང་ལས་པད་ཉིའི་སྟེང༌། །ཧཱུྃ་ལས་འོད་འཕྲོས་དོན་བྱས་ཏེ། །འདུས་པས་ནག་པོ་ཆེན་པོ་ནི། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །གྲི་གུག་རལ་གྲི་ཐོད་ཁྲག་དང༌། །ཁ་ཊྭཱཾ་ག་བསྣམས་དྲག་པོའི་སྐུ། །རྒྱན་ཆ་རྣམ་པ་རྫོགས་པར་བསྐྱེད། །ཡུམ་ནི་འདོད་པའི་དབང་ཕྱུག་མ། །མཁའ་འགྲོ་བརྒྱད་ཀྱིས་བསྐོར་བ་ཡང༌། །ཤར་དུ་བྱ་རྒོད་གདོང་ཅན་མ། །བྱང་དུ་ཁྱུང་གི་གདོང་ཅན་མ། །ནུབ་ཏུ་ཁྭ་ཏའི་མགོ་ཅན་མ། །ལྷོ་རུ་འུག་པའི་མགོ་ཅན་མ། །ཤར་ལྷོར་ཕག་གི་མགོ་ཅན་མ། །ལྷོ་ནུབ་ཁྱི་ཡི་མགོ་ཅན་མ། །ནུབ་བྱང་སྤྱང་ཀུའི་མགོ་ཅན་མ། །བྱང་ཤར་སྟག་གི་གདོང་ཅན་མའོ། །ཞལ་གཅིག་ཕྱག་གཉིས་འགྱིང་

p. 500

བག་ཅན། །གཅེར་བུ་དུམ་བུའི་རྒྱན་གྱིས་སྤྲས། །བཅུ་དྲུག་ལོ་ལོན་སྒེག་པའི་ཚུལ། །ཕྱི་ནང་གསང་བའི་གནས་ཚུལ་གྱིས། །གར་བྱེད་བདེ་བའི་ལྷ་མོ་བསྐྱེད། །གསང་བའི་སྔགས་ནི་འདི་དག་སྟེ། །ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀའུ་པ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་གྲྀ་ཌྷ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གུ་རུ་ཌ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀ་ཀ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱུ་ལུ་ཀ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཱ་རཱ་ཧ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྭ་ནེ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྲཱིཾ་ག་ལ་སྱཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱ་གྷྲཱ་སྱཻ་ཧཱུྃ་ཧཱུྃ་ཕཊ། འོད་ཟེར་སྤྲོ་བསྡུས་དབང་དུ་བསྡུ། །ཕྲིན་ལས་བཅོལ་དུས་གཏོར་མ་འབུལ། །བསྐྱེད་བསྟིམ་བྱིན་རླབས་དབང་བསྐུར་ལ། །རྒྱས་གདབ་ཉེར་བསྡུའི་རིམ་པའོ། །ཐུན་མཚམས་བསྐུལ་པ་དབྱེ་བསྡུ་ཞིང༌། །ཡང་དག་ཡེ་ཤེས་སྣང་བར་རོལ། །མི་འགྱུར་མཆོག་ཏུ་བསྒྲུབ་པའོ། །བདེ་ཆེན་ངོ་བོའི་གནས་ཐོབ་གྱུར། །གསང་སྒྲུབ་ཐུན་མོང་མ་ཡིན་པ་སློབ་དཔོན་ཆེན་པོ་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ། །དཔལ་རྒྭ་ལོས་བསྒྱུར་བའོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་རྡོར། ཀླུ་སྒྲུབ། དྲིལ་བུ་པ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཨ་ཝ་དྷཱུ་ཏཱི། བྱང་ཆུབ་བཟང་པོ། རྡོ་རྗེ་གདན་པ། ཨ་བྷ་ཡཱ་ཀ་ར། ཙ་མི་ལོ་ཙཱ། དཔལ་རྒྭ་ལོ་ཙཱ། ཕག་མོ་གྲུ་པ། འཇིག་རྟེན་གསུམ་མགོན་སོགས་ནས་བརྒྱུད་དོ། ༈ །ཡེ་ཤེས་མགོན་པོ་སྐུ་རེགས་མའི་རྒྱ་གཞུང་བཞུགས་སོ། །རྒྱ་གར་སྐད་དུ། ཙིཏྟ་གུ་ཧྱ་ས་མ་ཡ་མཧཱ་ཀྲྀཥྞ་སཱ་དྷ་ནི། བོད་སྐད་དུ། ནག་པོ་ཆེན་པོ་གསང་བ་དམ་ཚིག་གི་ཐུགས་སུ་སྒྲུབ་པའི་ཐབས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་གསང་བ་ཡི། །སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས། །ཆགས་པས་དབང་དུ་བསྡུ་བ་དང༌། །དྲག་པོ་ལས་ལ་སྦྱར་བ་ཡི། །གསང་བའི་མན་ངག་བསྟན་འདིའོ། །སྐུ་གསུང་ཐུགས་དང་ཕྲིན་ལས་དང༌། །ཡོན་ཏན་སྒྲུབ་པ་འདི་ཉིད་དེ། །སྲོག་དང་སྲོག་མ་ཡིན་པ་དང༌། །དྭངས་མ་དང་ནི་སྙིགས་མ་ལ། །ཐུན་མོང་ཁྱད་པར་ཤེས་པར་བྱ། །གཏོར་དང་དྲིལ་བ་ལས་ཀྱི་སྔགས། །ཡེ་ཤེས་མགོན་པོ་ཆེན་

p. 501

པོ་ཡི། །ཡབ་ཡུམ་སྦྲེལ་མར་སྒྲུབ་པ་འདིས། །སངས་རྒྱས་བསྟན་པའི་སྙིང་པོ་སྲུང༌། །ལས་མགོན་གསུམ་ནི་འདི་ཡིན་ཏེ། །ཚེ་བདག་སྐུ་དང་འཆི་བདག་གསུང༌། །སྲོག་བདག་ཐུགས་ཏེ་གསུམ་ཡིན་ནོ། །ལས་བྱེད་བདུད་དང་རྒྱལ་པོ་དང༌། །མ་མོ་གསུམ་དུ་ཤེས་པར་བྱ། །གསང་བའི་ཡུམ་ནི་ཁྲོས་མ་ཆེ། །དཔུང་སྒྲོལ་ནག་མོ་ཆེན་མོ་ཡིན། །འདི་ཡི་གསང་སྔགས་སྐྱེད་ཚུལ་དག །སྦས་པ་དྲག་མོ་ཞེས་བྱ་ཡིན། །གསང་རྟེན་ཙིཏྟའི་ཡང་སྙིང་འདི། །ལུས་ལ་བཅང་བ་བརྟེན་པའི་རྫས། །དར་ནག་བྲིས་སྐུ་སྲོག་སྙིང་བཅས། །ལུས་དང་གྲིབ་མ་བཞིན་དུ་བསྟེན། །ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས། །བསད་དང་གསོ་བ་འདིར་མི་དགོས། །ཕྱི་ནང་གསང་བ་མ་ལུས་པའི། །སྐུ་གསུང་ཐུགས་ནི་འདི་ཡིན་ཏེ། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །འདི་ནི་ཡོད་པ་ཙམ་གྱིས་ནི། །འབོད་ཅིང་བསྙེན་པ་སྒྲུབ་པ་དང༌། །རྣལ་འབྱོར་ཕྲིན་ལས་འདི་ཡིས་འགྲུབ། །ཅེས་པ་འདི་དཔལ་ཕག་མོ་གྲུ་པའི་སྐུ་རེགས་ཀྱི་ལྡེབ་ནས་དར་དམར་པོ་སུམ་ཡུག་གཅིག་གིས་དྲིལ་ནས་ཕྱུང་བ་ཡིན་ནོ། ༈ །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྱཱཥྚ་པཱ་ད་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་གྲུབ་པར་གྱུར་ཅིག ཧཱུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་ཤིང༌། །ཧ་ཧཊྚཱ་ཊྚཱ་ཞེས་བཞད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། །ཀྃ་ཀྃ་ཀྃ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོ་མཆུ་དང་མཚུངས་པའི་སྐུ། །བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང༌། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །རྃ་རྃ་རྃ་ཞེས་སྤྱན་དམར་འཁྲུག་ཅིང་སྒྱུར་མཛད་ཀྲཱུྃ་ཀྲཱུྃ་ཀྲཱུྃ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧཱ་ཧཱ་ཧཱུྃ་དང་ཀི་ལི་ཀི་ལི་ཞེས་སྒྲོགས་ཕྱག་གཡོན་ཁ་ཊྭཱཾ་གར་

p. 502

བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང༌། །ཁྃ་ཁྃ་ཁྃ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པའི། །ཌྃ་ཌྃ་ཌྃ་ཞེས་ཌ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང༌། །ཀྵཱིཾ་ཀྵཱིཾ་ཀྵཱིཾ་ཞེས་བཟོད་པའི་གཟུགས་ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་བུས་སྣ་ཚོགས་མནན་ཅིང་མནན་ནས་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཻཾ་ཀྵྱྃ་ཤྲཱི་ཡི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་རོལ་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཕཻཾ་ཕཻཾ་ཕཻཾ་ཞེས་སྒྲོགས་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙྃ་ཙྃ་ཙྃ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲྃ་ཀྲྃ་ཀྲྃ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང༌། །སྃ་སྃ་སྃ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །པྃ་པྃ་པྃ་ཞེས་གཤིན་རྗེ་ལྟར་ཁྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང༌། །ཡྃ་ཡྃ་ཡྃ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླཱྃ་ཀླཱྃ་ཀླཱྃ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང༌། །ཀྵཱྃ་

p. 503

ཀྵཱྃ་ཀྵཱྃ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །པྃ་པྃ་པྃ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱིས་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་སྐྱོང་དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཞིང་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང༌། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་ནི་རྟག་ཏུ་ཉམས་པར་འགྱུར། །དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །རྒྱ་གར་ཀྱི་མཁན་པོ་ཀོ་ས་ལའི་རྣལ་འབྱོར་པ་བཻ་རོ་ཙ་ན་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་བཙུན་པ་དིང་རི་ཆོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །ཀླུ་སྒྲུབ་ལུགས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་བཞུགས་སོ། །ན་མོ་རཏྣ་ཝརྡྷཱ་ཡ། སྐུ་བཞི་ཡེ་ཤེས་ལྔའི་རང་བཞིན། །འཁོར་ལོ་སྡོམ་པ་ལ་བཏུད་དེ། །གྲུབ་པའི་ནག་པོ་ཆེན་པོ་ཡི། །བསྙེན་པའི་ཆོ་ག་བཤད་ཀྱིས་ཉོན། །དབེན་པའི་གནས་སུ་མཆོད་གཏོར་བཤམས་ལ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་པྃ་ལས་པདྨ་དང་ཨ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་གྲུབ་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་སྤྱན་དྲང༌། སྙིང་གའི་ཧཱུྃ་ཡིག་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་

p. 504

མཆོད། སྤྲོ་ན། གུས་པས་ཕྱག་འཚལ་མཆོད་དང་སྡིག་པ་བཤགས། །གསུམ་ལ་སྐྱབས་འགྲོ་བྱང་ཆུབ་སེམས་མཆོག་བསྐྱེད། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་གསོལ། །དགེ་ལ་ཡི་རང་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བརྗོད་དེ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། ཨོཾ་ཤཱུ་ནྱ་ཏཱའི་སྔགས་བརྗོད་དེ། འཁོར་འདས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པར་གྱུར། སྟོང་པའི་ངང་ལས་ནམ་མཁའི་དབྱིངས་སུ་པྃ་ལས་པདྨ་དང༌། ཨ་ལས་ཟླ་བ་དང་མི་རོ་སེར་པོའི་སྟེང་དུ་ཧཱུྃ་ལས་རལ་གྲི་ཆང་ཟུང་གི་དབུས་སུ་ཟླ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། གྲུབ་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་གཅིག ཕྱག་བཞི་པ། གཡས་གཉིས་ཀྱིས་རལ་གྲི་དང་མཆོག་སྦྱིན། གཡོན་གཉིས་ཀྱིས་རྩེ་གསུམ་དང་ཐོད་པ་འཛིན་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། དཔའ་བོའི་སྐྱིལ་ཀྲུང་གིས་བཞུགས་ཤིང་འོད་ཟེར་དྲག་པོ་འཕྲོ་བའོ། །སྤྲོ་ན། དེའི་དཔྲལ་བར་པདྨ་ལ་གནས་པའི་ཨོཾ་དཀར་པོ། མགྲིན་པར་ཟླ་བ་ལ་གནས་པའི་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་བསྒོམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ཆེན་པོ་ནས་གྲུབ་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨརྒྷཾ་ཨཱཿཧཱུྃ་ཞེས་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཡུམ་བཞིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ།

p. 505

ཞེས་གསུང་ཞིང་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ། དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། རང་གི་ཐུགས་ཀ་ནས་སྤྲུལ་པའི་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ་གོང་ལྟར་མཆོད། བསྟོད་པ་གང་ཤེས་ཀྱིས་བསྟོད། གཏོར་མ་བྱིན་རླབས་རྒྱས་བསྡུས་གང་རིགས་བྱས་ལ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། བདུད་རྩི་ཐབ་སྦྱོར་གྱི་སྔགས་རིང་གི་མཐར། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ་ཨོཾ་ཨཱ་ཿཧཱུྃ། ཨོཾ་མྃ་མྃ་ཧྃ་ཧྃ་ཀྃ་ཀྃ་རྃ་རྃ་ར་ར་མ་ཧཱ་ཀཱ་ལཱ་ཡ་པིངྒ་ལོརྡྷ་ཀེ་ཤ་བནྡྷེ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཨི་དཾ་ཀརྨ་ཀུ་རུ། ཨོཾ་ཨཱཿཧཱུྃ་སརྦ་བིགྷྣཱན་བི་ནཱ་ཡ་ཀཱན། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་གསུམ་མམ་ལྔ་ལ་སོགས་པས་ཕུལ། གོང་ལྟར་མཆོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ་ལ་འདོད་དོན་གསོལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྐང་པ་བརྒྱད་པས་བསྟོད། དེ་ཙམ་མི་ནུས་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མཆོག །གྲུབ་པའི་རྡོ་རྗེ་ནག་པོ་ཆེ། །ཞིང་རྣམས་སྐྱོང་མཛད་ཁྱོད་ལ་བསྟོད། །བདེ་སྐྱོང་མ་ཤ་འབྲས་ཆན་དང༌། །ཉ་དང་ཤ་དང་ཁྲག་དང་ཆང༌། །ཉེར་སྤྱོད་བདུད་རྩི་ལྔས་བཀང་སྟེ། །གྲུབ་པའི་ནག་པོ་ཆེ་ལ་འབུལ། །རྒྱལ་བའི་བསྟན་པ་བསྲུང་བ་དང༌། །བདག་ཅག་འཁོར་བཅས་བསྐྱང་བ་དང༌། །སྐྱེ་འགྲོ་བདེ་ཞིང་སྐྱིད་པ་སོགས། །འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བསྟོད་ཅིང་ཕྲིན་ལས་ཞུས་ལ། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་བསམས་ཏེ། དེའི་འོད་ཟེར་གྱི་སྤྲོ་བསྡུས་གང་འདོད་པའི་ཕྲིན་ལས་བསྐུལ་བར་བསམ་ཞིང༌། ཨོཾ་ཨཱཿམྃ་ཧྃ་རྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་དང༌། སྤྲོ་ན། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ། ཅེས་དང་ཤཱ་ས་ན་རྣམས་ཇི་ལྟར་རིགས་པ་བཟླ། མཐར་མཆོད་བསྟོད། འདོད་དོན་ཞུས་ནས། གདན་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ཏེ་སྐུ་ལ་ཐིམ་པར་

p. 506

བསམས་ལ། གནས་གསུམ་བསྲུང་སྟེ་དགེ་བ་བསྔོ་ཞིང་བཀྲ་ཤིས་བྱ་བ་ནི་གཞུང་གིས་དངོས་བསྟན་བདག་བསྐྱེད་ལྟར་བསྒྲུབ་པའོ། །མདུན་བསྐྱེད་ལྟར་བསྒྲུབས་ནས་བྲིས་སྐུ་ལ་སོགས་པའི་མདུན་དུ་མཆོད་གཏོར་བཤམས་ལ། ཐོག་མར་གཏོར་མ་བྱིན་བརླབ། ནམ་མཁའི་དབྱིངས་སུ་གཏོར་མགྲོན་བསྐྱེད་པ་སོགས་གཞན་རྣམས་གོང་བཞིན་བྱས་ལ། ཡི་དམ་གྱི་སྔགས་ཀྱིས་མགོ་དྲངས་པའི་བཟླས་པ་བྱ། བཟླས་པའི་མཆོད་བསྟོད། འདོད་དོན་སོགས་བྱས་ལ། མཐར་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། སྐུ་ཡོད་ན་བརྟན་བཞུགས་བྱ། མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བསྲུངས་ལ་བཛྲ་མུཿ མཐེབ་སྲིན་གྱི་སེ་གོལ་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །འདི་ནི་འཕགས་མཆོག་ཀླུ་སྒྲུབ་ཀྱི། །གཞུང་གི་དགོངས་པ་ཇི་བཞིན་ཏུ། །བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། །དག་ཅིང་གསལ་བར་བཀོད་པ་སྟེ། །དགེ་དེས་གྲུབ་པའི་ནག་པོ་ཆེས། །རྟག་ཏུ་བུ་བཞིན་བསྲུང་བ་དང༌། །ཚེ་དཔལ་ཡེ་ཤེས་རབ་རྒྱས་ཏེ། །རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་ཤོག །འདིའི་རྗེས་གནང་བཀའ་བསྒོ་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། བ་ལིཾ་ཏ་པ། ཡེ་ཤེས་ཞབས། མར་མེ་མཛད། དུས་ཞབས་པ་ཆེ་ཆུང༌། རྩྭ་མི་སངས་རྒྱས་གྲགས། ཨ་བྷ་ཡཱ་ཀ་ར། ཤུ་བྷཾ་ཀ་ར། པཱུ་ཛི་ཏི། རཏྣ་རཀྵི་ཏ། ཀརྟི་པཎྜི་ཏ། ཡར་ལུང་པ་གྲགས་རྒྱལ། བླ་མ་རྒྱལ་མཚན་རིན་ཆེན། གར་ཐིག་པ་བསོད་རྒྱལ། བཀའ་བཅུ་པ་གཞོན་སེང༌། བླ་མ་མགོན་པོ་འབུམ། བླ་མ་དཔལ་ལྡན་པ། ཆོས་རྗེ་ཤར་པ། རྗེ་རྡོ་རྗེ་འཆང༌། འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཡོངས་འཛིན་དཀོན་མཆོག་འཕེལ། འཇམ་དབྱངས་ནམ་མཁའ་བརྟན་པ། དེས་བདག་དཀོན་མཆོག་ལྷུན་གྲུབ་ལའོ། །རྗེས་གནང་གི་ཆིངས་སྒྲུབ་ཐབས་རྒྱ་མཚོ་བཞིན་མཛད་པའོ།།

p. 507

ཕྱག་བཞི་པའི་རྗེས་གནང་གི་ཆོ་ག་བཞུགས། ན་མཿཤྲཱི་ཙ་ཏུརྦྷུ་ཛཱ་ཡ། འདིའི་རྗེས་གནང་ལ། བྲིས་སྐུའི་མདུན་ནམ། ལྷ་གྲངས་ཀྱི་ཚོམ་བུའི་མཐར་མཆོད་གཏོར་སོགས་འོག་ཏུ་དགོས་པ་རྣམས་བཤམ། བདག་བསྐྱེད་བདེ་མཆོག་བསྒོམ། མདུན་བསྐྱེད་བྲིས་སྐུ་དང་དབྱེར་མེད་དམ། ཚོམ་བུ་ལྷར་བསྐྱེད། ཡན་ལག་བཞི་རྫོགས་བྱ། གཏོར་མ་རྣམས་ཡི་དམ་ཆོས་སྐྱོང་སོ་སོ་ལ་ཕུལ། སློབ་མས་ཁྲུས་བྱས་ལ་མཎྜལ་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །ཐུགས་ལས་སྤྲུལ་པའི་ཡེ་ཤེས་སྐུ། །བསྟན་སྲུང་མགོན་པོ་འཁོར་བཅས་ཀྱི། །བྱིན་རླབས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། གུར་གྱི་རྒྱུན་བཤགས། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཟེར་དང༌། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས། སློབ་མ་རྣམས་གཏོར་ཆོག་ལྟར་ཆོས་སྐྱོང་འཁོར་བཅས་སུ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། མདུན་བསྐྱེད་དང་འོག་མིན་སོགས་ནས་མགོན་པོ་དང༌། བསིལ་བའི་ཚལ་དང་དུར་ཁྲོད་བརྒྱད་ནས་ལས་མགོན་རྣམས་སྤྱན་དྲངས་ལ་བསྟིམ། སྔགས་རྣམས་དང༌། ཐུགས་ཕྱག་མཚན་བསྟིམ། སྡེ་ཚན་རེ་རེ་ལ་སྔགས་དང་རོལ་མོ་བྱ། གུ་གུལ་བསྲེག མེ་ལོང་ལ་སྐུ་བསྟན་ལ་མགོན་པོའི་སྐུ་སྣང་ལ་རང་བཞིན་མེད་པར་སྒོམས་ཤིག་ཅེས་དང༌། སྔགས་རྣམས་ཀྱི་བཟླས་ལུང་བྱ། ཕྱག་མཚན་བཻ་ཏ་བྱིན་ལ། དཔལ་ལྡན་ཁྱོད་ཀྱིས་གདུལ་བྱ་ལ། །ཚེ་དང་བསོད་ནམས་ཡོན་ཏན་འཕེལ། །ཕན་དང་བདེ་བ་སྒྲུབ་བྱེད་པའི། །རྒྱས་པའི་ཕྲིན་ལས་བསྒྲུབ་པར་གྱིས། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལཱ་ཡ་ན་རི་ཀེ་ལ་ཨ་བྷི་ཥིཉྩ་མི་ཧཱུྃ། ཐོད་པ་བྱིན་ལ། འདི་ནི་དངོས་གྲུབ་ཀུན་གྱི་གནས། །ཐོད་པ་བདུད་རྩིས་གང་བ་འདིས། །སྣ་ཚོགས་དབང་དུ་སྡུད་པ་ཡི། །དབང་གི་ཕྲིན་ལས་བསྒྲུབ་པར་གྱིས། །སྔགས་གོང་འོག་འདྲ་བ་ལ། ཀ་པཱ་ལ་ནི་ཨ་མྲྀ་ཏ་ཞེས་དང༌། རལ་གྲི་བྱིན་ལ། འདི་ནི་གཡུལ་ལས་རྒྱལ་བྱེད་ཅིང༌། །བདུད་ལས་རྣམ་པར་རྒྱལ་

p. 508

བྱེད་པའི། །གཅོད་བྱེད་རལ་གྲི་འབར་བ་འདིས། །དྲག་པོའི་ཕྲིན་ལས་བསྒྲུབ་པར་གྱིས། །ཁཌྒ་ཞེས་དང༌། ཁ་ཊྭཱཾ་ག་བྱིན་ལ། ལུས་ངག་ཡིད་གསུམ་ཉེས་པ་རྣམས། །ཚར་གཅོད་རྩེ་གསུམ་འབར་བ་ཡིས། །ཡེ་ཤེས་སྐུ་གསུམ་རྟོགས་འགྱུར་བས། །རྣམ་རྟོག་ཞི་བས་སྒྲོལ་བར་མཛོད། །ཏྲི་ཤཱུ་ལ་བཛྲ་ཞེས་སོགས་བརྗོད། གཏོར་མ་མགོ་ཐོག་ཏུ་བཞག་ལ་མགོན་པོར་བསམ། དེ་ལས་བདུད་རྩིའི་རྒྱུན་བྱུང་སྟེ། དཔྲལ་མགྲིན་སྙིང་ལྟེ་རྐང་མཐིལ་ཡན་ཆད་རིམ་གྱིས་གང་བས་ལུས་ངག་ཡིད་ཡོན་ཏན་བྱ་བྱེད་རྣམས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ་སོ་སོའི་ཁ་དོག་ཅན་དུ་གྱུར་པར་བསམས་ལ། སྔགས་རྣམས་བརྗོད། བླ་མ་བརྒྱུད་པའི་མཚན་ནས་སྨོས་ལ་བཀའ་དང་དམ་ལས་མ་འདའ་ཞིག་ཅེས་སོགས་བརྗོད། དེ་རྣམས་ཀྱིས་ཡེ་ཤེས་མགོན་པོ་འཁོར་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ། རྗེས་གནང་ལྔ་བཀའ་བསྒོའི་མཐའ་རྟེན་དང་བཅས་པ་ལེགས་པར་ཐོབ་པས་ཆོས་སྐྱོང་འདི་ལ་དད་ཅིང་གུས་པ་དང༌། སྤྱི་དང་ཁྱད་པར་གྱི་དམ་ཚིག་བསྲུང་སྙམ་པའི་འདུན་པས། གཙོ་བོས་སོགས་སྤྱི་དང་མཐུན་པར་བྱས་ལ། སློབ་དཔོན་གྱིས་རྟེན་ལ་བརྟན་བཞུགས་བྱ། མཎྜལ་ཡིན་ན་དངོས་གྲུབ་བླངས་ལ་གཤེགས་སུ་གསོལ། བཀྲ་ཤིས་དགའ་སྟོན་བྱའོ། །དཔལ་ས་སྐྱ་ལོ་ཙཱ་བའི་བཀའ་དྲིན་ལས་བཙུན་པ་རཏྣ་ནི་རཱ་བྷོ་གས་ཐོབ་བོ། །འདི་ལ་ཅུང་ཟད་རྒྱས་པ་ཞིག་ཀྱང་ཡོད་དོ། །འདིའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། བ་ལིཾ་ཏ་པ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དུས་ཞབས་པ་ཆེ་ཆུང༌། རྩྭ་མི་སངས་རྒྱས་གྲགས། དཔལ་ཆེན་རྒ་ལོ། ཕག་མོ་གྲུ་པ། འབྲི་གུང་འཇིག་རྟེན་མགོན་པོ། སྐྱིད་ཤོད་པ་བཀྲ་ཤིས་འབུམ། སྐྱིད་ཤོད་པ་གྲགས་པ་སེང་གེ། སློབ་དཔོན་སངས་རྒྱས་གཞོན་ནུ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎ་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། འཇམ་དབྱངས་ཀུན་དགའ་བསོད་ནམས། དེས་བདག་ལའོ། །ཡང་ན་ལོ་ཙཱ་

p. 509

བ་མ་ཎི་ཀ་ཤྲཱི་ནས། སྤྲུལ་སྐུ་ནམ་མཁའ་རྒྱལ་མཚན། མཁས་བཙུན་ནམ་མཁའ་རྩེ་མོ། པཎ་ཆེན་མན་འདྲའོ། ༈ །ཡེ་ཤེས་མགོན་པོའི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་པ་བཞུགས། ན་མོ་ཛྙཱ་ན་ནཱ་ཐཱ་ཡ། སྐྱབས་སེམས་ཅི་ནུས་བྱ། ཚད་མེད་བཞི་བསྒོམ། སྭ་བྷཱ་བ་སོགས་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ། རང་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་གྲི་ཐོད། གཡས་འོག་མས་རྩེ་གསུམ་དང༌། གཡོན་འོག་མས་བདུད་རྩི་འཁྱིལ་པའི་ཞགས་པ་བསྣམས་པ། རིན་པོ་ཆེ་དང་དར་གྱིས་བརྒྱན་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པ། སྐུའི་བ་སྤུའི་བུ་ག་ཐམས་ཅད་ལས་འཆི་མེད་བདུད་རྩིའི་ཆུ་རྒྱུན་འཛག་པའི་སྐུ་ཅན་དུ་བསྒོམས་ལ། སྐུ་སྣང་ལ་རང་བཞིན་མེད་པ་ལ་ཡུན་རིང་དུ་སེམས་གཏད། ཨོཾ་ཨ་མཱ་ར་ཛ་སྭཱ་ཧཱ། ཞེས་སྟོང་ལ་སོགས་པ་བཟླས། མཐར་རླུང་བུམ་པ་ཅན་ཅི་ནུས་བཟུང་ལ་དགེ་བ་བསྔོའོ། །ས་ལོ་འཇམ་པའི་རྡོ་རྗེ་ལས། །བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། །ཇི་ལྟར་ཐོས་བཞིན་བྲིས་པ་སྟེ། །དགེ་བས་རྡོ་རྗེའི་སྐུ་ཐོབ་ཤོག། ༈ །མགོན་པོ་ཕྱག་བཞི་པའི་གཏོར་ཆོག་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སིདྷཱ་ཡ། དཔལ་མགོན་ཕྱག་བཞི་པའི་གཏོར་ཆོག་གི་ངག་འདོན་ལ་སྦྱོར་བ་ནི། རྗེས་གནང་གི་ཡི་གེར་བཤད་པ་བཞིན་བྱའོ། །དངོས་གཞི་ནི། བདེ་མཆོག་ལོ་ནག་སོགས་ཀྱི་བདག་བསྐྱེད་དང༌། གཏོར་མ་བྱིན་རླབས་སོགས་བདག་བསྐྱེད་གང་བྱས་ལྟར་བྱས་པའི་རྗེས་སུ། ཨོཾ་ཨཱཿཧཱུྃ་ཧོཿཧ་ཧོཿཧྲཱིཿ ལན་གསུམ་བརྗོད་པའི་མཐར། གཏོར་མའི་སྟེང་གི་ནམ་མཁར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ། གུར། བླ་རེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་དུ་ལྷ་སྣམ་སྔོན་པོའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག དེའི་དབུས་སུ་པདྨ་ཉི་མ་མི་རོའི་སྟེང་དུ་ཧཱུྃ་མཐིང་ནག་ལས་རལ་གྲི་ཡུ་བར་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཕྱོགས་བཅུའི་

p. 510

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང་ཁྲོ་མོ་ཆོས་སྐྱོང་ཐམས་ཅད་ཀྱི་སྟོབས་དང་ནུས་མཐུ་ཐམས་ཅད་ཚུར་འདུས་ཧཱུྃ་ཡིག་རལ་གྲི་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར་བརྗིད་ཅིང་ཉི་མ་འབུམ་གྱི་གཟི་འོད་འཕྲོ་བ་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་བགྲད་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ། སྨ་ར་དང་སྨིན་མ་དང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་བཞིའི་གཡས་ཀྱི་དང་པོས་མཆོག་སྦྱིན་གྱི་ཕྱག་རྒྱས་བེ་ཏའི་འབྲས་བུ་དང༌། གཡོན་གྱི་དང་པོས་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། གཡས་འོག་མས་ཡིད་བཞིན་གྱི་ནོར་བུས་མཚན་པའི་རལ་གྲི། གཡོན་འོག་མས་ཁ་ཊྭཱཾ་ག་རྩེ་གསུམ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། དར་ནག་གི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཉིས་དཔའ་བོའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྟེང་གི་ཆ་ལ་གཡས་སུ་གནོད་སྦྱིན་གང་པོ་དང༌། གཡོན་དུ་མཛེས་ལྡན་སྐུ་མདོག་སེར་པོ་ཕྱག་གཉིས་ཀྱིས་བུམ་པ་ལྷའི་བདུད་རྩིས་གང་ཞིང་ཡིད་བཞིན་གྱི་ནོར་བུས་ཁ་བརྒྱན་པ་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །གཞན་ཡང་མཁའ་ལྡིང༌། བྱ་ནག མི་ནག ཅེ་སྤྱང་ལ་སོགས་པས་བསྐོར་བའོ། །དེའི་གཡོན་ཟུར་དུ་པདྨ་ཉི་མ་མི་རོའི་སྟེང་དུ་བྷྱོཿལས་ཙཎྜི་ཀ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་དམར་ལ་བགྲད་ཅིང་ལྗགས་འདྲིལ་བ། ཕྱག་གཡས་གཉིས་ན་རལ་གྲི་དང་རྩེ་གསུམ། གཡོན་གཉིས་ན་མདའ་གཞུ་དང་དགྲ་མགོ་འཛིན་པ། རུས་པའི་རྒྱན་ལྔས་བརྒྱན་པ། གཡང་གཞིའི་སྟོད་གཡོགས་དང༌། གཟིག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་རོལ་པས་བཞུགས་པ། ཆོས་འབྱུང་གི་ནང་གི་ཟུར་གསུམ་དུ་པདྨ་ཉི་མ་མི་རོའི་

p. 511

སྟེང་དུ་གཡས་ཟུར་དུ་ཧཱུྃ་དང་རལ་གྲི་ལས་སྐུའི་སྤྲུལ་པ་སེང་གེའི་གདོང་པ་ཅན་རབ་ཏུ་འཇིགས་ཤིང་གཡས་རལ་གྲི་གཡོན་ཐོད་ཁྲག་འཛིན་པ། གཡོན་ཟུར་དུ་ཛྃ་དང་གྲི་གུག་ལས་གསུང་གི་སྤྲུལ་པ་ཅེ་སྤྱང་གི་གདོང་པ་ཅན་མཆེ་བ་གཙིགས་པ། གཡས་གྲི་གུག་དང་གཡོན་འདྲ། གདོང་ཟུར་དུ་ཀྃ་དང་གྲི་གུག་ལས་ཐུགས་ཀྱི་སྤྲུལ་པ་བྱ་རོག་གི་གདོང་པ་ཅན་ཁ་གདངས་པ། གཡས་སོགས་འདྲའོ། །གསུམ་ཀ་ཡང་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན་སྟག་ལྤགས་ཀྱི་ཤམ་ཐབས་ཅན། དྲག་ཅིང་རྔམས་པས་གཡོན་བརྐྱངས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། འདབ་མ་བརྒྱད་ལ་པདྨ་ཉི་མ་མི་རོའི་སྟེང་དུ་ཧཱུྃ་བརྒྱད་ལས་ཤར་དུ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དུ་ཁྱུང་གི༴ ནུབ་ཏུ་ཁྭ་ཏའི༴ ལྷོར་འུག་པའི༴ མེར་ཕག་གི༴ བདེན་བྲལ་དུ་ཁྱིའི༴ རླུང་དུ་ཅེ་སྤྱང་གི༴ དབང་ལྡན་དུ་སྟག་གི་གདོང་པ་ཅན་ཏེ་ཐམས་ཅད་ཀྱང་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་དང༌། གཡོན་ཐོད་ཁྲག་འཛིན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་སྟག་གི་ལྤགས་པའི་ཤམ་ཐབས་ཅན་སྤྱན་གསུམ་དང་ལྡན་པ། སྐྲ་དམར་སེར་གྱེན་དུ་འབར་བ། དྲག་མོ་ཤིན་ཏུ་ཁྲོས་པ། ཞབས་གཉིས་གར་སྟབས་ཀྱིས་མེ་འབར་བའི་དབུས་ན་བཞུགས་པ། ཆོས་འབྱུང་ཕྱི་མའི་ཟུར་གསུམ་དུ་པདྨ་ཉི་མའི་སྟེང་དུ་གདོང་ཟུར་དུ་བྷེ་ལས་གནོད་སྦྱིན་བྱ་རོག་གདོང་ཅན་གཡས་རིན་པོ་ཆེ་དང་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ་སེང་གེ་སྔོན་པོའི་སྟེང་ན་བཞུགས་པ། གཡས་ཟུར་དུ་ཡ་ལས་སྲོག་བདག་བྱ་རོག་གདོང་ཅན་གཡས་དུས་ཀྱི་དབྱུག་པ་དང་གཡོན་ཞགས་པ་འཛིན་པ། མ་ཧེ་སྨུག་པོའི༴ གཡོན་ཟུར་ཀེཾ་ལས་བདུད་པོ་བྱ་རོག་གདོང་ཅན་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང༌། གཡོན་རྭའི་མདའ་གཞུ་འཛིན་པ། སྟོད་མི་ལ་སྨད་སྦྲུལ་མཇུག་འཁྱིལ་པ་ལུས་ཐམས་ཅད་མིག་གིས་སྤྲས་པ། གསུམ་ཀའང་དྲག་ཅིང་རྔམས་ལ་གཏུམ་པ། མི་མགོའི་ཕྲེང་བ་དང་མི་སྡུག་པའི་རྒྱན་གྱིས་

p. 512

སྤྲས་པ། སྟག་ལྤགས་ཀྱིས་སྨད་དཀྲིས་པའོ། །ཆོས་འབྱུང་ཕྱི་མའི་ཁ་ཁྱེར་ལ་རྒྱལ་ཆེན་བཞི་ལ་སོགས་པ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་དང༌། ཕྱིའི་འཁོར་ཡུག་ལ་མགོན་པོ་བེང་འཛིན། ལས་མགོན་སྡེ་ལྔ། ཨེ་ཀ་ཛཱ་ཊི་སྔགས་སྲུང་ནག་མོ་ལ་སོགས་པ་ཐམས་ཅད་ཀྱང་མི་སྡུག་པའི་ཆ་ལུགས་ཅན་མཚོན་ཆ་སྣ་ཚོགས་འཛིན་པ། དུར་ཁྲོད་བརྒྱད་དུ་ནག་པོ་སྟོང༌། ཤ་ཟ་འབུམ་ལ་སོགས་པས་ཡོངས་སུ་གང་བ་ཐམས་ཅད་ཀྱང་དྲག་པོའི་ཆ་ལུགས་ཅན། མེ་འབར་བའི་དབུས་ན་བཞུགས་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་དང༌། རྡོ་རྗེ་གདན། ནཱ་ལེནྡྲ། བསིལ་བའི་ཚལ་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་སྔོན་ཚེ་ཤཱཀྱ་སེང་གེའི་སྤྱན་སྔ་རུ། །མགོན་པོ་ཁྱོད་ཀྱིས་ཇི་ལྟར་དམ་བཅས་བཞིན། །ཞི་རྒྱས་དབང་དྲག་ལས་ལ་སྤྱན་འདྲེན་ན། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་ནས། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་གདན་ཕུལ། ཨོཾ་མ་ཧཱ་ཀཱ་ལ་ནས་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས་དབང་ལྷས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ་དང་འཁོར་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་རེ་རེས་དབུ་བརྒྱན་པར་བསམ། ཐལ་མོ་ཁ་ཕྱེ་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་ཀའུ་ཝ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཨོཾ་ཨཱཿམྃ་ཧྃ་རྃ་ཧཱུྃ་ཕཊ་སྭཱ་ཧཱའི་མཐར། ཨི་དཾ་བ་ལིཾ་ཏ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། ཤཱ་ས་

p. 513

ན་ལན་གསུམ་དང༌། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿཛཿ ཨོཾ་ཨཱཿཧཱུྃ། དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་སོགས་ནས་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། རྡོར་དྲིལ་འཛིན་པས། ཧཱུྃ་རྒྱ་གར་དབུས་ཀྱི་རྡོ་རྗེ་གདན། །འགྱུར་མེད་རྒྱུན་ཏུ་རྟག་པའི་གནས། །དུས་གསུམ་སངས་རྒྱས་བྱོན་པའི་ཡུལ། །རྡོ་རྗེ་གདན་གྱི་ཤར་ཕྱོགས་ན། །གཙུག་ལག་ཁང་ཆེན་ནཱ་ལེནྡྲའི། །ཆོས་སྐྱོང་སྲུང་མར་མངའ་གསོལ་བའི། །ཡེ་ཤེས་མགོན་པོ་བྱ་རོག་མཚན། །ཁྲག་འཐུང་རྒྱལ་བའི་སྤྲུལ་པ་སྟེ། །བསྟན་པ་བསྲུང་ཕྱིར་འཇིགས་པའི་གཟུགས། །ནག་པོ་ཆེན་པོ་མཐུ་སྟོབས་ཅན། །ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཁམས་གསུམ་མ་ལུས་དབང་དུ་སྡུས། །དགྲ་བགེགས་མ་ལུས་རྡུལ་དུ་རློག །བདུད་དགྲ་འདུལ་ལ་ཕྱག་འཚལ་བསྟོད། །ལྷ་མོ་ལ། བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང༌། །འདབ་ལྡན་རྟ་བདུན་དབུགས་བྲལ་སྟེང༌། །བྷྱོཿལས་བྱུང་བའི་ཙཎྜི་ཀ །དམར་ནག་ཁྲོས་པའི་བཞིན་ཅན་བསྟོད། །གཡས་གཉིས་མདའ་གྲི་རྩེ་གསུམ་འཕྱར། །གཡོན་གཉིས་མདའ་གཞུ་དགྲ་མགོ་འཛིན། །མི་སྡུག་རྒྱན་དང་རོལ་སྟབས་ཅན། །ཧཱུྃ་ཕཊ་སྒྲ་སྒྲོགས་དྲག་མོར་བསྟོད། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་མཁས་ཐུགས་རྗེའི་རྣམ་འཕྲུལ་ཅན། །ཁྲོ་དང་འཁྲུགས་དང་རྔམས་པ་ཡི། །བགེགས་འཇོམས་ལྷ་མོ་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །གཏོར་མ་གསུམ་པ་ནི་གདོང་ཅན་རྣམས་ཀྱིས་གསོལ་བར་བསམས་ནས། ཨོཾ་མ་ཧཱ་ཀཱ་ལི་ཀཱ་ཀ་སྱཻ་ཧཱུྃ་ཕཊ་ཅེས་ཐོག་མཐའ་འདྲ་བ་ལས། བར་གྱི་སིཾ་ཧ་སྱཻ། ཛམྦྷ་ཀ་སྱཻ། ཀ་ཀ་སྱཻ། གྷྲི་ཌྷ་སྱཻ། ག་རུ་ཌ་སྱཻ། ཀྲཎྜ་ཀ་ཀ་སྱཻ། ཨཱུ་ལུ་ཀ་སྱཻ། སུ་ཀ་ར་སྱཻ། ཤྭ་ན་སྱཻ། ཤྲིཾ་གཱ་ལ་སྱཻ། བྱཱ་གྷྲ་སྱཻ་ཧཱུྃ་ཕཊ་ཀྱི་ཤམ་དུ་བ་ལིཾ་ཏ་བཏགས་པ་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུྃ། བྱ་རོག་གདོང་ཅན་ལ་སོགས་པ་རྣམས་ཀྱི་ཞལ་དུ་མཆོད་པ་སོགས་འདྲའོ། །བསྟོད་པ་ནི།

p. 514

གང་གི་འཕྲུལ་དང་མངོན་པར་ཤེས་པའི་ཞེས་སོགས་ཀྱིས་བསྟོད་དོ། །གཏོར་མ་བཞི་པ་ནི། ཁ་ཁྱེར་བ་སོགས་ལ་ཕུལ་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་ལ་སོགས་པས་མཆོད། ཨོཾ་ཨཱཿཧཱུྃ་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་རྣམས་ཀྱི་ཞལ་དུ་སོགས་བརྗོད། བཀའ་ཉན་ཕོ་ཉའི་དབང་འཛིན་དང༌། །གདོང་ཅན་གསུམ་དང་གཙང་རིས་ཀྱི། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །སྤྲུལ་པ་འཁོར་དང་བཅས་ལ་བསྟོད། །ཕྱི་རོལ་གནས་པའི་དུར་ཁྲོད་དུ། །ནག་པོའི་གཟུགས་ཅན་ཤ་ཟ་དང༌། །མ་མོ་གནོད་སྦྱིན་ལ་སོགས་པའི། །ལས་བྱེད་བཀའ་ཉན་འཁོར་བཅས་བསྟོད། །སྐུ་གསུང་ཐུགས་དང་ཡོན་ཏན་ཆེ། །ཕྲིན་ལས་མགོན་པོ་འཁོར་བཅས་ལ། །བདག་གིས་གཏོར་མ་ཕུལ་བ་ཡིས། །དཀོན་མཆོག་དབུ་འཕང་དམོད་བྱེད་དང༌། །ཐེག་པ་ཆེན་པོ་སུན་འབྱིན་དང༌། །བླ་མའི་སྐུ་ལ་བསྡོ་བ་དང༌། །རྣལ་འབྱོར་བདག་ལ་གང་སྡང་རྣམས། །ནག་པོ་ཆེན་པོས་སྒྲོལ་བར་མཛོད། །ཅེས་བརྗོད་ཅིང་ཕྲིན་ལས་བཅོལ། གཏོར་མ་ལྔ་པ་མཁའ་འགྲོ་སྤྱི་གཏོར་ཉིད་དོ། །ཡི་དམ་སོགས་ཀྱི་སྔགས་བཟླས་པ་དང༌། ཕྱག་མཚན་ལ་དམིགས་ནས་སྔགས་ཅུང་ཟད་བཟླའོ། །དེ་ནས་རྗེས་གནང་སོགས་ཁོ་བོས་བྱས་པའི་ཡི་གེ་བཞིན་བྱའོ། །འདི་ནི་རང་གི་བརྗེད་ཐོར་བྲིས་པའོ། ༈ །མགོན་པོ་ཕྱག་བཞི་པ་ལྷ་མང་གི་རྗེས་གནང་བྱ་ཚུལ་བཀླགས་པས་དོན་གྲུབ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་སིདྷཱ་ཡ། དཔལ་ལྡན་འཁོར་ལོ་བདེ་མཆོག་གི། །ཐུགས་ལས་སྤྲུལ་པའི་ཡེ་ཤེས་པ། །མགོན་པོ་ཕྱག་བཞི་འཁོར་བཅས་ཀྱི། །རྗེས་གནང་ཚེ་འཕེལ་བདག་གིས་བཤད། །འདིར་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ལ་གསུམ་ལས། དང་པོ་སྦྱོར་བ་ནི། གནས་དབེན་ཞིང་ཉམས་དགའ་བར་སྟེགས་བུ་ཇི་ལྟར་རིགས་པའི་སྟེང་དུ་འདིའི་བྲིས་སྐུ་སོགས་དགྲམ། མཎྜལ་ལ་ཆོས་འབྱུང་གྲུ་གསུམ། དེའི་ཕྱི་རོལ་དུ་པདྨ་འདབ་བརྒྱད། དེའི་ཕྱི་རོལ་དུ་ཆོས་འབྱུང་གྲུ་གསུམ། དེའི་ཕྱི་རོལ་དུ་ལྷ་སྣམ་ཟླུམ་པོ། དེའི་ཕྱི་རོལ་དུ་དུར་

p. 515

ཁྲོད་བརྒྱད། རྡོ་རྗེའི་རྭ་བ་མེ་རི་བྲིས་ཏེ་ཆོས་འབྱུང་གཉིས་ཁ་དོག་སྔོན་པོ། ཁྱམས་དམར་པོ། པདྨ་སྣ་ཚོགས། ལྷ་སྣམ་སྔོན་པོ། དུར་ཁྲོད་དང་རྡོ་རྭ་མེ་རི་རྣམས་སྤྱི་དང་མཐུན་ནོ། །དབུས་སུ་ཉི་མ་ལ་གཙོ་བོའི་དང༌། དེའི་གཡོན་དུ་ཡུམ་དང༌། ཟུར་གསུམ་དུ་པད་ཉི་དང༌། པད་འདབ་བརྒྱད་རྣམས་ལ་ཚོམ་བུ་སྔོན་པོ་རེ་རེ། ཆོས་འབྱུང་ཕྱིའི་ཟུར་གསུམ་དུ་ལས་མགོན་སོ་སོའི་ཚོམ་བུ། ལྷ་སྣམ་ལ་ཚོམ་བུ་སྔོན་པོ་ཤས་ཆེ་བ་མང་དུ་བཀོད་དོ། །དེའི་མཐར་མཚམས་འཛིན་གྱི་མེ་ཏོག ཆུ་གཉིས་ཉེར་སྤྱོད་དང་བཅས་པ། དེའི་མདུན་ན་ཕར་ཕྱག་མཚན་ཙ་ཀ་ལི། དེའི་མདུན་དུ་བྱང་ཤར་ནས་ཤར་ལྷོའི་བར་ཡི་དམ་གྱིས་གཏོར་མ་ཟླུམ་པོ། གཉིས་པ་དང་གསུམ་པ་ནི་གཏོར་མ་སུམ་ཆ་ཟླུམ་པོ། སུམ་གཉིས་གྲུ་གསུམ་མི་རྣོ་བ་བེ་ཏའི་རྣམ་པ་ལྟ་བུ། བཞི་པ་དང་ལྔ་པ་སྔ་མ་དང་འདྲ་བ་ལ་མར་རྒྱན་ཅི་མཛེས་དང༌། གཏོར་དར་དང༌། ཡོད་ན་མགོན་པོའི་ཙ་ཀ་ལི་བཙུགས། གཞན་ཡང་ཤ་ལ་སོགས་པ་དང༌། བུམ་པ་གཟུངས་རྡོར། རྡོ་དྲིལ། དུང༌། མེ་ཏོག་གི་སྣོད། ཌ་མ་རུ། རྔ། ནང་མཆོད། ཆ་ལང་ལ་སོགས་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ་མོ། །གཉིས་པ་དངོས་གཞི་ནི། མཆོད་པ་རྣམས་སུམ་བྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སོགས་ནས་མཆོད་པ་རྣམས་བྱིན་གྱིས་བརླབ། བདེ་མཆོག་ལོ་ནག་དྲིལ་གསུམ་གང་རུང་གི་བདག་བསྐྱེད་དཀྱིལ་འཁོར་བསྡུ་བའི་བར་བྱའོ། །བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཉི་མ་དང༌། འཇིགས་བྱེད་དུས་མཚན་དང་བཅས་པའི་སྟེང་དུ་ཧཱུྃ་དང་བྃ་ལས་རྡོ་རྗེ་དང་གྲི་གུག་ལས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སོགས་ལོ་ནག་གང་རུང་དུ་བསྐྱེད། ཕེཾ་ཐུགས་ཀའི་ས་བོན་ལས་འོད་

p. 516

ཟེར་འཕྲོས་པས་འཁོར་ལོ་བདེ་མཆོག་ཡབ་ཡུམ་མདུན་གྱི་ནམ་མཁར་བྱོན། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཕེཾ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་འཁོར་ལོ་བདེ་མཆོག་མདུན་གྱི་ནམ་མཁར་བྱོན། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷས་ཇི་ལྟར་བལྟམས་པ་སོགས་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་དང་རྣམ་སྣང་གིས་དབུ་བརྒྱན། ཨོཾ་ཤྲཱི་ཙཀྲ་སཾ་ཝ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་རོལ་ཆེན་དང༌། འཁོར་ལོ་བདེ་མཆོག་གི་ཞལ་དུ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཆོས་དབྱིངས་རྣམ་དག་སོགས་ཀྱིས་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་བྱུང་བ་བུམ་པའི་ལྷ་ལ་ཕོག་པས་བདུད་རྩིའི་རྒྱུན་བྱུང་བས་བུམ་པ་གང་བར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས་ཡབ་ཡུམ་གྱི་སྔགས་ཅི་ནུས་བཟླ། མཆོད་བསྟོད། མ་འབྱོར་པ་དང་ཉམས་པ་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་མཆོད་གཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། མདུན་བསྐྱེད་བསང་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཞེས་སོགས་ནས་རེ་རེས་དབུ་བརྒྱན་ཞེས་པའི་བར་གཏོར་ཆོག་ལྟར་བྱའོ། །མཆོད་པ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་ནས་ཤབྡ་རོལ་ཆེན་དང༌། དུས་གསུམ་སངས་རྒྱས་སོགས་ནས་ཁྱོད་ལ་བསྟོད། གཏོར་མ་བདེ་མཆོག་གི་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་ཡི་དམ་ལ་འབུལ། གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་རྣམས་གཏོར་མ་བྱིན་རླབས་དྲན་པར་བྱས་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་མ་ཧཱ་ཀཱ་ལ་སོགས་ནས་ཀུན་འགྲུབ་ཤོག་གི་བར་དང༌། ཡི་དམ་གྱི་སྔགས་སོགས་བཟླ་བ་དང༌། ཕྱག་མཚན་རྣམས་ལ་དམིགས་ཏེ་བཟླས་པ་ཅུང་ཟད་བྱའོ་ཞེས་པའི་བར་གུ་གེ་པཎ་ཆེན་གྱིས་མཛད་པའི་གཏོར་ཆོག་བཞིན་བྱའོ། །སློབ་མ་བདེ་མཆོག་གི་དབང་ཐོབ་པ་བདུན་ནམ་ཉེར་ལྔ་སོགས་ཁྲུས་བྱས་ནས་གྲལ་ལ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་ལེགས་པར་གྲུབ་ནས་སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་

p. 517

ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བ་དང་གནས་སྐབས་སུ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཆེད་དུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་ཡང་འོ་སྐོལ་རྣམས་ཀྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང༌། །ཞེས་གསུངས་པའི་དོན། སྙིགས་མའི་དུས་འདིར་ཆོས་བྱེད་པའི་གང་ཟག་ཆེས་དཀོན་ཞིང༌། རེ་རེ་ཙམ་བྱུང་བ་ལ་ཡང་ཕྱི་ནང་གི་ཉེར་འཚེའམ་བར་ཆད་ཤིན་ཏུ་མང་བས། དེའི་ཉེར་འཚེའམ་བར་ཆད་སེལ་བར་བྱེད་པ་ལ་སྲུང་མ་རེ་བསྟེན་དགོས་ཏེ། དེ་ཡང་འཇིག་རྟེན་པའི་སྲུང་མ་དང༌། འཇིག་རྟེན་ལས་འདས་པའི་སྲུང་མ་གཉིས་ལས། དེ་ལ་འཇིག་རྟེན་པའི་སྲུང་མ་ནི་ཕོ་ལྷ་དང་མོ་ལྷ་ལ་སོགས་པ་བསྟེན་ཀྱང་ཚེ་འདིར་འཕྲལ་གྱི་ཟས་ནོར་དང༌། འཁོར་གཡོག་འདུ་བ་ལ་སོགས་པ་མཐུན་རྐྱེན་ཅུང་ཟད་སྒྲུབ་ནུས་ཀྱང༌། མཐར་རང་ཉིད་ལ་གནོད་ཅིང་ཉེར་འཚེ་བྱེད་པ་ཡིན་ནོ། །གཉིས་པ་འཇིག་རྟེན་ལས་འདས་པའི་སྲུང་མ་ལ་ཡང༌། ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་སྲུང་མའམ་ཆོས་སྐྱོང་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་གསུངས་པའི་ཚེ། རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་སྟེ། དེ་རྣམས་བསྟེན་པས་དོན་འགྲུབ་པར་བཤད་ཀྱང༌། དེ་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེ་ཐེག་པ་ནས་གསུངས་པའི་ཆོས་སྐྱོང་རེ་བསྟེན་དགོས་པ་ཡིན། དེ་ལ་ཡང་རྒྱུད་སྡེ་བཞི་ནས་གསུངས་པའི་ཆོས་སྐྱོང་སྲུང་མའི་རིགས་དུ་མ་ཡོད་པ་ལས། འདིར་མ་རྒྱུད་སྲུང་བའི་ཆོས་སྐྱོང་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པའི་ནང་ནས། མགོན་པོ་མངོན་འབྱུང་གི་རྒྱུད་ཀྱི་དངོས་བསྟན་རྡོ་རྗེ་མཁའ་འགྲོ་དང་གདན་བཞི་ལ་སོགས་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ། འཕགས་

p. 518

པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཆོས་སྐྱོང༌། དུས་ཞབས་པ་ལ་སོགས་པའི་བཀའ་སྲུང་ཡིན་ཞིང༌། བསྟེན་ན་འཕྲལ་གྱི་ཟས་ནོར་དང་ཚེ་རིང་བ་ལ་སོགས་པ་འགྲུབ་ཅིང༌། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྟེར་ནུས་པ་ཡིན་པས་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བའི་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། གང་གིས་སྒྲུབ་པར་བྱེད་པའི་སློབ་དཔོན་ནི། ཡི་དམ་གྱི་བསྙེན་པ་སོགས་སྔོན་དུ་སོང་བ་ཞིག་དགོས་པ་ཡིན་ལ། གང་ལ་བྱ་བའི་སློབ་མ་ནི་བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་དུ་དབང་ཐོབ་པ་ཞིག་ལ་བྱ་བར་བཤད་པ་ཡིན་ལགས། ནམ་བྱ་བའི་དུས་ནི་ཡར་ངོ་མར་ངོའི་ཚེས་བཅོ་ལྔ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་བྱ་དགོས་པ་ཡིན་ལ། གང་དུ་བྱ་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་ཞིང་ཕྱི་ནང་གི་ཉེར་འཚེ་མེད་པ་ཞིག་ཏུ་བྱ་བར་བཤད་པ་ཡིན་ལགས། ཚུལ་ཇི་ལྟར་བྱ་བའི་ཆོ་ག་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་ལས། དང་པོ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་ལ་བྱ་བ་ལ་རྗེས་སུ་གནང་བའི་སྔོན་འགྲོ། སློབ་དཔོན་ལ་འཁོར་ལོ་བདེ་མཆོག་དངོས་ཡིན་སྙམ་པའི་སྒོ་ནས་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ་ནས་ཕྱག་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ནས་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་ལ་དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པར་མོས་ནས། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་

p. 519

རྗེས་ཟླས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་འགྲུབ་པར་ཤོག་ཅེས་རྒྱུད་དག་པར་བྱ་བ་ནི་སྔོན་འགྲོ་ཡིན་ལགས། དངོས་གཞི་ལ་རྗེས་གནང་དངོས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་དང་ཡི་དམ་སོགས་ནས་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་འཁོར་ལོ་བདེ་མཆོག་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསྐལ་པའི་མེ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རེག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་ཁྱད་པར་དུ་རྣམ་སྨིན་གྱི་ཕུང་ཁམས་སྐྱེ་མཆེད། ནད་གདོན་དགྲ་བགེགས་བར་དུ་གཅོད་པ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་བསྲེགས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པར་མོས། དེ་ཉིད་ལ་སློབ་དཔོན་གྱིས་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་ནས་ཧཾ་ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སངས་ཀྱིས་སྦྱངས་པར་མོས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས། སློབ་དཔོན་ལ་འཁོར་ལོ་བདེ་མཆོག་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན། རྡོ་རྗེ་གདན། ན་ལེནྡྲ། མདུན་བསྐྱེད་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མགོན་པོའི་སྐུ་ཆེ་བ་རི་རབ་ཙམ་ཆུང་བ་རྡུལ་ཕྲན་ཙམ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་བ་སྤུའི་བུ་ག་ན་མར་ཐིམ་པར་མོས། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བསིལ་བའི་ཚལ། དུར་ཁྲོད་བརྒྱད། མདུན་བསྐྱེད་དང་བཅས་པ་རྣམས་ལ་ཕོག་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ལས་ཀྱི་མགོན་པོ་དཔག་ཏུ་མེད་པར་སྤྱན་དྲངས་ཏེ། ལས་མགོན་སོ་སོ་ལ་གཉིས་སུ་མེད་པར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས། ཨོཾ་ཤྲཱི་ཧེ་རུ་ཀ་སོགས་དང༌། ཨོཾ་མ་ཧཱ་ཀཱ་ལ་སོགས་

p. 520

བརྗོད་ཅིང་རོལ་མོ། གུ་གུལ་གྱི་བདུག དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ཁྱེད་རང་གི་ལུས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པའི་སྐུའི་ངོ་བོར་གྱུར་པ་ཡིན་སྙམ་དུ་མོས་པ་མཛོད། ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཞེས་པ་ནས། མདུན་བསྐྱེད་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་ཐུགས་ཀ་ནས་གསུང་གི་ངོ་བོ་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་རྣམས་རང་རང་གི་ཡི་གེ་འབྲུག་གི་སྒྲ་ལྟར་སྒྲོགས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་མོས། སློབ་དཔོན་སོགས་ནས་ལས་མགོན་རྣམས་ཀྱི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་ཀ་ནས་སྲོག་སྙིང་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྨད་ལ་ཐིམ་པར་མོས་པ་མཛོད། ཨོཾ་ཤྲཱི་ཧེ་རུ་སོགས་གོང་ལྟར་བརྗོད། དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་བར་ཆད་ཐམས་ཅད་ཞི་བར་བྱས། ཁྱེད་རང་གི་ངག་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པའི་གསུང་གི་ངོ་བོར་གྱུར་པ་ཡིན་སྙམ་དུ་མོས་པ་མཛོད། སླར་ཡང་དམིགས་པ་སོགས་ནས། ཐུགས་ཀ་ནས་ཕྱག་མཚན་གྱི་ངོ་བོ་བེ་ཏའི་འབྲས་བུ་དང་ཐོད་པ་བདུད་རྩིས་གང་བ་དང༌། རྡོ་རྗེ་སྔོན་པོའི་ཚོགས་བསམ་གྱིས་མི་ཁྱབ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་ཤྲཱི་བཛྲ་ཧེ་སོགས་སྔར་ལྟར་བརྗོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། སེམས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ཁྱེད་རང་རྣམས་ཀྱི་སེམས་ཀྱི་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པའི་ཐུགས་ཀྱི་ངོ་བོར་གྱུར་པ་ཡིན་སྙམ་དུ་མོས། དེ་ལྟར་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དེ་ཉིད་སྤྱི་བོར་རྡོ་རྗེ་བཞག་སྟེ་ཏིཥྛ་བཛྲ་ཞེས་བརྟན་པར་མོས་པ་མཛོད། ཕེཾ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་ཉིད་ལ་སློབ་དཔོན་གྱིས་མཆོད་པར་མོས་ཏེ། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ་ཞེས་མཆོད་ནས། ནམ་མཁར་བཞུགས་པའི་

p. 521

དབང་ལྷ་དང་སློབ་དཔོན་གྱིས་བཀྲ་ཤིས་ཀྱིས་མངའ་གསོལ་བར་མོས་ནས། མེ་ཏོག་གཏོར་ཏེ་རྡོ་དྲིལ་འཛིན་པས། བཀྲ་ཤིས་གང་ཞིག་ཆོས་ཀྱི་སོགས་ནས་ཤློ་ཀ་དང་པོ་བརྗོད་ནས། བཀྲ་ཤིས་ཀྱི་ཚིག་སྔོན་དུ་འགྲོ་བས་སློབ་དཔོན་དབང་ལྷ་དང་བཅས་པས་བུམ་པ་བདུད་རྩིས་གང་བ་རེ་ཁྱེད་རང་གི་སྤྱི་བོར་བཞག་སྟེ་དབང་བསྐུར་བར་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་ནས་མི་བསྐྱོད་པ་རེ་རེས་དབུ་བརྒྱན་པར་མོས། དེ་ཉིད་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རབ་ཏུ་གནས་པར་བྱས་པར་མོས། ཨོཾ་སུ་པྲ་སོགས་དང༌། མེ་ཏོག་སྤྱི་བོར་བཞག་སྟེ། དེ་རྗེས་གནང་གི་གཞི་དགོད་པ་ཡིན། རྗེས་གནང་དངོས་ལ། སྐུ་བསྒོམ་པའི་རྗེས་སུ་གནང་བ་ནི། མེ་ལོང་ནང་དུ་བྲིས་སྐུའམ། ཙ་ཀ་ལི་འཆར་བར་བྱས་ཏེ་སློབ་མར་བལྟར་བཅུག་ལ། ཕྱིན་ཆད་ཁྱེད་རྣམས་ཀྱིས་བྲིས་སྐུ་ལྟ་བུའམ། ལྡེར་བཟོ་ལྟ་བུ་མ་ཡིན་པར། སྐུ་གསལ་ལ་དྭངས་ཤིང་རྫོགས་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ངོ་བོ་བདེ་སྟོང་གི་བདག་ཉིད་དུ་བསྒོམ་པར་གྱིས་ཤིག་པའི་དོན་ཡིན། གསུང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང༌། ཞལ་ནས་འཐོན་ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ནས་མེ་ཏོག་དང་བཅས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། གསུམ། ཨོཾ་བཛྲ་ཀའུ་ཝ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། གསུམ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཤཱ་ས་ན་སོགས་ལན་གསུམ། ཨོཾ་ཧཱུྃ་ཤྲཱི་སོགས་གསུམ་དང༌། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ལས་མཁན་རྣམས་ཀྱི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་སྲོག་སྙིང་རྣམས་ཀྱང་བྱུང་སྟེ། ཁྱེད་རང་རྣམས་ཡེ་ཤེས་ཀྱི་མགོན་པོར་གསལ་བ་ལ་ཕུལ་བར་མོས་ནས་སྔགས་འདི་རྣམས་ཀྱིས་རྗེས་ཟློས་ལན་གསུམ་མཛོད། ཨོཾ་མ་ཧཱ་ཀཱ་ལི་སོགས་ནས་སྱཻ་ཧཱུྃ་ཕཊ་རྣམས་བརྗོད། དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་

p. 522

བྱས། གསུམ་པས་བརྟན་པར་མོས་ནས། གསོལ་བ་འདེབས་པའི་ཡིད་ཀྱིས་སློབ་དཔོན་ལ་དྲིན་ལན་གྱི་མེ་ཏོག་གཏོར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །སློབ་དཔོན་གྱིས། ཁྱེད་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ་བ་དེ་སྔགས་ཀྱི་ཕྲེང་བའི་རང་བཞིན་དུ་བྱས་ཏེ། སྤྱི་བོར་མེ་ཏོག་བཞག་སྟེ་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པའི་གསུང་གི་བྱིན་རླབས་མ་ལུས་པ་རྒྱུད་ལ་འཇུག་པར་གྱུར་ཅིག ཐུགས་ཕྱག་མཚན་གྱི་རྗེས་སུ་གནང་བ་ལ། ཐོག་མར་ཕན་བདེ་བསྒྲུབ་པའི་ཕྱིར་དུ་ཁྱེད་རྣམས་ཀྱི་ཕྱག་གཡས་སུ་བེ་ཏའི་འབྲས་བུ་གཏད་དེ་རྗེས་སུ་གནང་བ་བྱིན་པར་མོས། དཔལ་ལྡན་ཁྱོད་ཀྱིས་གདུལ་བྱ་ལ། །ཚེ་དང་བསོད་ནམས་ཡོན་ཏན་འཕེལ། །ཕན་དང་བདེ་བ་སྒྲུབ་བྱེད་པའི། །རྒྱས་པའི་ཕྲིན་ལས་སྒྲུབ་པར་གྱིས། །ཨོཾ་བཛྲ་ཀའུ་ཝ་མ་ཧཱ་ཀཱ་ལ་ན་རི་ཀེ་ལ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་དང༌། སྣ་ཚོགས་དབང་དུ་སྡུད་པའི་ཕྱིར་དུ་ཕྱག་གཡོན་པར་ཐོད་པ་གཏད་དེ། འདི་ནི་དངོས་གྲུབ་ཀུན་གྱི་གནས། །ཐོད་པ་བདུད་རྩིས་གང་བ་འདིས། །སྣ་ཚོགས་དབང་དུ་སྡུད་པ་ཡིན། །དབང་གི༴ །སྔགས་མགོ་མཇུག་འདྲ་བ་ལས། ཀ་པཱ་ལི་ནི་ཨ་མྲྀ་ཏ། བདུད་ལས་རྒྱལ་བར་བྱ་བའི་ཕྱིར་དུ་རལ་གྲི་ཁྱེད་རྣམས་ཀྱི་ཕྱག་གཡས་སུ་གཏད་དེ། འདི་ནི་གཡུལ་ལས་རྒྱལ་བྱེད་ཅིང༌། །བདུད་ལས་རྣམ་པར་རྒྱལ་བ་འདི། །གཅོད་བྱེད་རལ་གྲི་འབར་བ་ཡིས། །དྲག་པོའི༴ ཁཌྒ། སྒོ་གསུམ་གྱི་ཉེས་པ་ཚར་གཅོད་པར་བྱ་བའི་ཕྱིར་དུ་ཕྱག་གཡོན་པར་ཁ་ཊྭཱཾ་ག༴ ལུས་ངག་ཡིད་གསུམ་ཉེས་པ་རྣམས། །ཚར་གཅོད་རྩེ་གསུམ་འབར་བ་ཡིས། །ཡེ་ཤེས་སྐུ་གསུམ་མངོན་གྱུར་པས། །རྣམ་རྟོག་ཞི་བས་སྒྲོལ་བར་མཛོད། །ཏྲི་ཤཱུ་ལ་བཛྲ། ཡུམ་གྱི་ཕྱག་མཚན་ལ། ཕུང་པོའི་བདུད་ཚར་གཅོད་པའི་ཕྱིར་དུ་ཕྱག་གཡས་པར་རལ་གྲི༴ མཉམ་ཉིད་ཡེ་ཤེས་ཆེན་པོ་ལ། །མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ། །ཕུང་པོའི་བདུད་རྣམས་འཇོམས་

p. 523

བྱེད་པ། །དགའ་བ་ཆེན་པོའི་དབང་བསྐུར་རོ། །འཆི་བདག་གི་སོགས་ནས་ཕྱག་གཡོན་པར་རྩེ་གསུམ༴ སངས་རྒྱས་ཀུན་གྱི་ཡོན་ཏན་ཆེ། །ཚེ་འདི་ཉིད་ལ་སྒྲུབ་བྱེད་ཅིང༌། །འཆི་བདག་བདུད་རྣམས་འཇོམས་པ་ཡི། །མཆོག་དགའ༴ ལྷའི་བུའི་བདུད་སོགས་ནས་གཡོན་དུ་མདའ་གཞུ༴ འདི་ནི་རང་བྱུང་ཡེ་ཤེས་ཏེ། །ལྷན་ཅིག་སྐྱེས་པ་ཆོས་ཀྱི་དབྱིངས། །ལྷ་ཡི་བུ་ཡི་བདུད་འཇོམས་པ། །དགའ་བྲལ༴ ཉོན་མོངས་པའི་བདུད་སོགས་ནས་ཕྱག་གཡོན་དུ་ཚངས་མགོ༴ དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །བདེ་སྟོང་གཉིས་མེད་ཡེ་ཤེས་ཆེ། །ཉོན་མོངས་བདུད་རྣམས་འཇོམས་བྱེད་པ། །ལྷན་ཅིག་སྐྱེས་དགའི་དབང་བསྐུར་རོ། །གདུག་པ་ཅན་རྣམས་བསྒྲལ་བར་བྱ་བའི་ཕྱིར་དུ་ཕྱག་གཡས་གཡོན་དུ་གྲི་གུག་དང་ཐོད་པ་བྱིན་ཏེ་རྗེས་སུ་གནང་བ་བྱིན་པར་མོས། ཧཱུྃ། ལས་ཀྱི་མགོན་པོ་འཁོར་བཅས་ཀྱི། །ཕྱག་མཚན་གྲི་ཐོད་འབར་བ་འདིས། །གདུག་པ་ཅན་རྣམས་བསྒྲལ་བ་དང༌། །ཉམས་པ་རྣམས་ཀྱི་ཁྲག་རྒྱུན་འཐུངས། །སངས་རྒྱས་བསྟན་པ་རིང་དུ་སྲུངས། །རྡོ་རྗེ་འཆང་གི་བཀའ་བཞིན་སྒྲུབས། །ཁ་དྷི་ཀ་ཀ་པཱ་ལ༴ ཡོན་ཏན་གཏོར་མས་བྱིན་གྱིས་བརླབ་ཅིང་བཀའ་བསྒོ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆོས་སྐྱོང་སྲུང་མ་རྣམས་མདུན་གྱི་ནམ་མཁར་སྤྲིན་ཕུང་འཐིབས་པ་བཞིན་དུ་མངོན་སུམ་དུ་བཞུགས་པར་མོས་པ་མཛོད། གཏོར་མ་མགོར་བཞག་སྟེ་མགོན་པོའི་སྔགས་རྣམས་བརྗོད་ལ། གཏོར་མ་ཡེ་ཤེས་ཀྱི་མགོན་པོའི་རང་བཞིན་ལས་བདུད་རྩིའི་རྒྱུན་བྱུང་སྟེ། ཁྱེད་རང་གི་མགོ་བོའི་ནང་གང་བས་ལུས་ཀྱི་སྒྲིབ་པ་དག སྐུ་ཡེ་ཤེས་ཀྱི་མགོན་པོ་དཀར་པོའི་ངོ་བོར་གྱུར་པར་མོས། མགྲིན་པའི་ནང་གང་བས་ངག་གི་དྲི་མ་དག གསུང་ཡེ་ཤེས་ཀྱི་མགོན་པོ་དམར་པོའི་ངོ་བོར་གྱུར་པར་མོས། སྙིང་གའི་ནང་གང་བས་ཡིད་གྱི་དྲི་མ་དག ཐུགས་ཡེ་ཤེས་ཀྱི་མགོན་པོ་མཐིང་གའི་ངོ་བོར་གྱུར་པར་མོས། ལྟེ་བའི་ནང་ཡན་ཆད་གང་བས་ལུས་ངག་ཡིད་གསུམ་ཀྱི་དྲི་མ་དག ཡོན་ཏན་ཡེ་ཤེས་ཀྱི་མགོན་པོ་སེར་པོའི་ངོ་བོར་

p. 524

གྱུར་པར་མོས། རྐང་མཐིལ་ཡན་ཆད་གང་བས་བག་ཆགས་དང་བཅས་པའི་དྲི་མ་མཐའ་དག་དག ཕྲིན་ལས་ཡེ་ཤེས་ཀྱི་མགོན་པོ་ལྗང་གུའི་ངོ་བོར་གྱུར་པར་མོས་ཏེ། དམ་ལ་བཞག་པ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་ཁྱེད་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མགོན་པོ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ། ཨཱརྻ་དེ་ཝ། མར་མེ་མཛད་བཟང་པོ། དུས་ཞབས་པ་ཆེ་ཆུང༌། རྩྭ་མི་སངས་རྒྱས་གྲགས། དཔལ་ཆེན་རྒྭ་ལོ། བདེ་གཤེགས་ཕག་མོ་གྲུབ། འབྲི་གུང་འཇིག་རྟེན་མགོན་པོ། སྐྱིད་ཤོད་པ་བཀྲ་ཤིས་འབུམ། སྐྱིད་ཤོད་པ་གྲགས་པ་སེང་གེ། སློབ་དཔོན་སངས་རྒྱས་གཞོན་ནུ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས། ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས། གཉན་ལོ་གྲགས་པ་བློ་གྲོས། རྡོ་རྗེ་འཆང་སངས་རྒྱས་སེང་གེ་ལ་སོགས་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་བསྲུང་བ་དང༌། བསྐྱབ་པ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག འདི་རྣམས་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བའི༴ སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ༴ འོག་གདོན་ཀླུ་དང་ས་བདག་གི་གནོད་པ༴ བར་གདོན་བཙན་དང༌། རྒྱལ་པོ་དང༌། ཐེའུ་རང་གི་གནོད་པ་ཐམས་ཅད་ཞི་བ་དང༌། གཞན་ཡང་གཟུགས་མེད་ཀྱི་གནོད་པ། ཕ་རོལ་གྱི་རྦོད་གཏོང༌། མནན་གཏད་གཟེར་གསུམ་ལ་སོགས་པའི་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག མཐུན་པའི་རྐྱེན་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། ནང་གི་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད་ཅིག ལྷ་འདྲེ་མི་

p. 525

གསུམ་གྱི་འགྲོ་བ་མང་པོ་དབང་དུ་བསྡུས་ནས། ཟས་གོས་ལོངས་སྤྱོད་ཀྱིས་ཕོངས་པ་མེད་པ་ཡིད་བཞིན་དུ་འབྱོར་པ་དང༌། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང༌། འགྲོ་བ་མང་པོ་ལ་ཕན་ཐོགས་པའི༴ རིག་པ་འཛིན་པ་འདི་རྣམས་ཀྱི་དམ་པའི་ཆོས་སྒྲུབ་པའི་བར་ཆད་ཞི་བ་དང༌། ས་དང་ལམ་གྱི་རྟོགས་པ་ཐམས་ཅད་ཡར་འཕེལ་དུ་གྱུར་ཏེ། མཐར་ཐུག་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པའི་གྲོགས་ལྡན་དང་འཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག་ཅེས་པ་ནི་གཏོར་མའི་བཀའ་བསྒོ་བ་ཡིན་ལ། ཕྲིན་ལས་སྒྲུབ་པའི་རྗེས་སུ་གནང་བ་ནི། ཞི་རྒྱས་དབང་དང་མངོན་སྤྱོད་དང༌། །བསྐྲད་དང་དབྱེ་དང་དགུག་པ་དང༌། །རིལ་བུ་མིག་སྨན་མཆིལ་ལྷྭམ་སོགས། །ལས་རྣམས་ཐམས་ཅད་ཅི་དགར་སྒྲུབས། །ཁྱེད་ཀྱིས་བླ་མའི་སྐུ་དགྲ་དང༌། །དཀོན་མཆོག་བརྙས་ཤིང་བསྟན་པ་བཤིག །སེམས་ཅན་ཀུན་ལ་འཚེ་བ་རྣམས། །སྙིང་རྗེའི་ཤུགས་ཀྱིས་བསྒྲལ་བར་གྱིས། །དེ་ལས་འདའ་བར་བྱ་བ་མིན། །ཅེས་གསུངས་པའི་དམ་ཚིག་རྣམས་ལ་སྲུང་སྡོམ་ཚུལ་བཞིན་དུ་གྱིས་ཤིག་པའི་དོན་ཡིན་ལགས། དེས་དངོས་གཞི་གྲུབ་ནས། རྗེས་མི་འབྲལ་བར་བྱ་བ་ལ་གཉིས་ལས། དང་པོ་སྒྲུབ་པ་པོ་ཆོས་སྐྱོང་དང་མི་འབྲལ་བའི་ཆེད་དུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་བསྡོམ་ཚུལ་བཞིན་དུ་བྱེད་པ་དང༌། བྱེ་བྲག་ཏུ་གསང་སྔགས་ཀྱི་ཆོས་ཞུས་པའི་བླ་མ་ལ་གུས་པར་བྱེད་པ་དང༌། ཁྱད་པར་དུ་རྡོ་རྗེ་ནག་པོ་ཆེན་པོ་འདི་ཉིད་ཀྱི་རྗེས་སུ་གནང་བ་དང་གདམས་ངག་ཞུས་པའི་བླ་མ་དང་ཆོས་རྒྱུད་ལ་དད་ཅིང་གུས་པས། ལུས་དང་གྲིབ་མའི་ཚུལ་དུ་འཁོར་བ་ཆོས་ཉིད་ཡིན་པས་དེ་ལྟར་བྱ་དགོས་པ་ཡིན་ནོ། །གཉིས་པ་ཆོས་སྐྱོང་སྒྲུབ་པ་པོ་དང་མི་འབྲལ་བ་ནི། འདིའི་རྗེས་གནང་ལེགས་པར་ཐོབ་ཚུན་ཆད་རབ་ཀྱིས་ཐུན་བཞིའམ། གསུམ་མམ། གཉིས་སམ། ཐ་མས་ཀྱང་ཐུན་གཅིག་ལ་སོགས་པ་ལ་གཏོར་མ་འབུལ་བའམ། དེ་ཙམ་མ་གྲུབ་ན་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་མར་ངོའི་ཚེས་བརྒྱད་གཉིས་དང་ཡར་ངོའི་བཅུ་བཞི་དང༌། མར་ངོའི་ཚེས་བཅུ་བཞི་སོགས་ལ་གཏོར་མ་འབུལ་

p. 526

བའམ། རང་གིས་མི་ཤེས་ན་གཞན་འབུལ་དུ་འཇུག་པ་ལ་བརྩོན་པར་བྱ་དགོས་པ་ཡིན་ནོ། །དེ་ལྟར་ཕུལ་བའི་དགོས་པ་ནི་རྒྱུད་ལས། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཞེས་གསུངས་པ་ལྟར་ཡིན་ལ། དེ་བཞིན་དུ་གསང་བར་གདམས་པ་ནི། རྒྱ་མཚོའི་ནང་གི་རྡོ་བ་བཞིན། །ཁ་རུ་དབྱུང་བར་མི་བྱའོ། །ཞེས་གསུངས་པ་ལྟར། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་གསང་ནས་ཉམས་སུ་ལེན་དགོས་པ་ལ། ཁྱད་པར་དུ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་བསྙེན་པ་དང་སྒྲུབ་པ་དང་ལས་སྦྱོར་དང་རྗེས་སུ་གནང་བ་དང་གདམས་པ་ལ་སོགས་པ་སྟོན་པའི་ཚེ་དབང་མ་ཐོབ་པ་དང༌། དམ་ཚིག་དང་མི་ལྡན་པའི་གང་ཟག་རྣམས་ལ་གསང་དགོས་པ་ཡིན་ནོ། །གསང་བའི་ཆོས་མི་འདོད་པ་ལ་སྟོན་པ་ནི་ཡན་ལག་གི་ལྟུང་བར་བཤད་པ་ཡིན་ནོ། །འོ་ན་རྩ་བ་ནས་གསང་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། མན་ངག་གསེར་གྱི་ཡང་ཞུན་ནི། །སྣོད་ལྡན་ཞིག་ལ་ནུབ་མི་བྱ། །ཞེས་གསུངས་པ་ལྟར། སྣོད་དང་ལྡན་པའི་སློབ་མ་རེ་རེ་ཙམ་ལ་སྟེར་ན་ཡང་བཀའ་རྒྱ་དང་བཅས་པའི་སྒོ་ནས་བསྟན་དགོས་པ་ཡིན་ནོ། །གཞན་ཡང་ཆོས་སྐྱོང་གི་འཁོར་དུ་གཏོགས་པའི་བྱ་ནག་ཁྱི་ནག་སོགས་ལ་རྡོ་མི་འཕེན་པ་དང༌། མི་ནག་དང་ཨ་ཙ་ར་དང༌། མོན་པ་ཕོ་མོ་ལ་སོགས་པ་འཁོར་དུ་བསྟེན་པའམ་བསྟེན་མི་ནུས་ན་ལོངས་སྤྱོད་ཀྱིས་མཉེས་པར་བྱ་བ་ལ་བསླབ་དགོས་པར་བཤད་པ་ཡིན་ནོ། །མདོར་ན་གནས་སྐབས་སུ་ཐོབ་པའི་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་དང༌། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། ལུས་ལོངས་སྤྱོད་ཐམས་ཅད་སློབ་དཔོན་ལ་འབུལ་ན་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་སོགས་བརྗོད། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་བཅས་ཀྱི་རྗེས་སུ་གནང་བ་གསན་པ་ཡིན་པས་མཆོད་གཏོར་ལ་བརྩོན་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས་སོགས་དང༌། སློབ་མ་རྣམས་རང་གནས་སུ་

p. 527

གཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་རྣམས་བྱིན་གྱིས་བརླབ། ཨོཾ་ཤྲཱི་མ་ཧཱ་སོགས་ནས་བསྟོད་ཅེས་པའི་བར་དང༌། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་སོགས་དང༌། ཕྱོགས་བཅུ་ན་བཞུགས་པའི་སོགས་ནས། བཛྲ་མུཿ ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་རང་ལ་ཐིམ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཨོཾ་ཧ། ན་མ་ཧི་སོགས་གོ་ཆ་གསུམ་དང༌། ཚམ་རྔམ་སྔགས་ཀྱིས་བསྲུང༌། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །འདིའི་རྗེས་གནང་ཅུང་ཟད་བསྡུས་པ་བྱེད་པར་འདོད་ན་ཐམས་ཅད་མཁྱེན་པ་བྷཊྚ་ར་ཀ་རཏྣ་ནི་རཱ་བྷོ་གས་མཛད་པའི་གསུང་རབ་ལས་ཤེས་པར་བྱའོ། །དེ་ལྟར་ཡེ་ཤེས་མགོན་པོ་ཕྱག་བཞི་པའི། །རྗེས་གནང་བྱ་ཚུལ་བཀླགས་པས་དོན་གྲུབ་འདི། །སྦྱར་བའི་དགེ་བས་བར་ཆད་ཞི་བ་དང༌། །མཐར་ཐུག་འཁོར་ལོ་བདེ་མཆོག་ཐོབ་པར་ཤོག །ཅེས་པ་འདི་ནི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་གཞི་སྡེ་ཆོས་རྗེ་དཔལ་ལྡན་ཕུན་ཚོགས་པས་ཆབ་གསེར་གྱི་མེ་ཏོག་དང༌། བཀའ་ལུང་ནན་ཆེན་པོས་རྒྱང་རིང་མོ་ནས་བསྐུལ་བའི་ངོར། རྡོ་རྗེ་འཆང་ཆེན་པོ་བུདྡྷ་སིདྷའི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་བྷ་དནྟ་ག་ག་ན་ཤྲཱི་བྷ་དྲས་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ག་ཆེན་ཀུན་དགའ་དཔལ་ལེགས་སོ།། །།མངྒ་ལཾ།། །།

དཔལ་མགོན་ལེགས་ལྡན་མཆེད་གསུམ་ལ་གཏོར་མ་འབུལ་བའི་ཆོ་ག་བར་ཆད་ཀུན་སེལ།

p. 528
p. 529

དཔལ་མགོན་ལེགས་ལྡན་མཆེད་གསུམ་ལ་གཏོར་མ་འབུལ་བའི་ཆོ་ག་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ།།

p. 530

ན་མསྶངྒུ་རུ་པཱ་དཱ་ཡ། བཅོམ་ལྡན་འདས་མ་གདུགས་དཀར་ཅན་ཕྱག་རྒྱའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །དེ་ནས་འདིར་གདུགས་དཀར་ཅན་གྱི་རྒྱུད་ནས་གསུངས་ཤིང༌། དཔལ་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་མགོན་པོ་ལེགས་ལྡན་མཆེད་གསུམ་ལ་གཏོར་མ་འབུལ་བར་འདོད་ན། གཙང་ཞིང་དབེན་པའི་གནས་སུ་དཀོན་མཆོག་གི་རྟེན་དང༌། ཁྱད་པར་ཆོས་སྐྱོང་འདིའི་སྐུ་ཡོད་ན་བཞུགས་སུ་གསོལ། དེའི་མདུན་དུ་ཡི་དམ་གྱི་གཏོར་མ་སོགས་ཇི་ཙམ་དགོས་པ་དང༌། འདིའི་གཏོར་མ་ནས་ནག་དང་སྲན་ནག་གི་ཕྱེ་ལ་གཞི་བྱས་པའི་གྲུ་གསུམ་པ་ཤ་ཁྲག་དང༌། དར་ནག་གིས་བརྒྱན་པ་ཞིག་བྱ། དེ་དག་གི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང༌། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཉེར་མཁོ་ཐམས་ཅད་ཚང་བར་བཤམ་མོ། །དེ་ནས་གདུགས་དཀར་གྱི་དབང་ཐོབ་ན་དེའི་བདག་བསྐྱེད་བྱ། མ་ཐོབ་ན་རང་གང་བྱེད་ཀྱི་ཡི་དམ་གྱི་མངོན་པར་རྟོགས་པ་བཟླས་པ་དང་བཅས་པ་བྱས་ལ། གཏོར་མ་རྣམས་ཡི་དམ་གང་དང་འབྲེལ་བའི་ཆོ་གས་བྱིན་གྱིས་བརླབ་ཅིང༌། ཡི་དམ་ལ་ཕུལ་བའི་

p. 531

རྗེས་སུ། འདིའི་གཏོར་མ་བྱིན་རླབས་དྲན་པར་བྱས་ལ། མདུན་དུ་སུྃ་ལས་རི་རབ་གྲུ་བཞི་པ། ལྕོགས་བརྒྱད་དང་ལྡན་པའི་སྟེང་དུ། དུར་ཁྲོད་ཆེན་པོ་བརྒྱད་རོ་དང༌། རོ་ལངས་དུ་མས་གར་བྱེད་པ་དང༌། ཕན་ཚུན་དུ་རྒྱུག་པ་དང༌། འདྲེ་དང༌། སྲིན་པོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་རྣམས་རོ་ལ་རྩེ་ཞིང༌། ཤ་ཁྲག་ལ་རོལ་པ། ཁྭ་དང༌། འུག་པ་དང༌། བྱ་རྒོད་དང༌། ཀཾ་ཀ་ལ་སོགས་དགྲ་བགེགས་ཀྱི་རོ་ལ་ཟ་ཞིང༌། རྒྱུ་མ་དྲངས་ནས་ནམ་མཁར་ལྡིང་བ། སྤྲུལ་པ་གླང་གི་མགོན་ཅན་ཕྱོགས་བཅུར་རྒྱུག་པ་དང༌། རོ་ཕྱེད་ཚིག་པ་དང༌། གསལ་ཤིང་ལ་བཏགས་པ་དང༌། མགོ་བོ་དང་ཀེང་རུས་ཀྱི་དུམ་བུས་ཁྱབ་པའི་དབུས་སུ། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ་མེ་ཕུང་འབར་བས་བསྐོར་བའི་ནང་དུ་པྃ་ལས་སྣ་ཚོགས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གསུམ་གྱི་དབུས་སུ། གདུག་པ་ཅན་གྱི་རོ་ཁ་ནས་ཁྲག་སྐྱུགས་པ་གསུམ་གྱི་སྙིང་གར་ཧཱུྃ་མཐིང་ནག་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་དང་

p. 532

བཅས་པའི་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས་དཔལ་མགོན་ལེགས་ལྡན་ནག་པོ་མཆེད་གསུམ་ཁྲོས་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་གདངས་ཤིང་གློག་ལྟར་འཁྱུག་པ། སྨིན་མ་གཡོ་ཞིང་ཁྲོ་གཉེར་བསྡུས་པ། སྨ་ར་དང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་པས་ཙན་དན་གྱི་དབྱུག་པ་ནམ་མཁའ་ལ་འཕྱར་བ། གཡོན་པས་དགྲ་བགེགས་ཀྱི་ཤ་ཁྲག་དང༌། དོན་སྙིང་གིས་གང་བའི་ཐོད་པ་བཟུང་ནས་ཞལ་དུ་གསོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བ་དང༌། སྦྲུལ་ནག་གི་ཆུན་པོས་དོ་ཤལ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་ནག་གི་ན་བཟའ་དང༌། དར་སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱིས་མཛེས་པ། ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས་འགྱིངས་ཤིང་བརྗིད་པ། ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམ། དེའི་བཀའ་ཉན་གྱི་འཁོར་ནི། བྱང་ཕྱོགས་ཀྱི་གནོད་སྦྱིན་རྣམས་ཁྱུང་དང༌། བྱ་རྒོད་ལ་སོགས་པའི་འདབ་ཆགས་སུ་སྤྲུལ་ནས་ནམ་མཁར་ལྡིང་ཞིང་འཁོར་བས་སྟེང་གི་གནོད་བྱེད་ཐམས་ཅད་ཚར་གཅོད་པ། ལྷོ་ཕྱོགས་ཀྱི་གཤིན་རྗེ་རྣམས་སེང་གེ་དང༌། སྟག་ལ་སོགས་པའི་གཅན་གཟན་གྱི་ཚོགས་སུ་སྤྲུལ་ནས་འོག་ཕྱོགས་ཀྱི་གདོན་ཐམས་ཅད་རླག་པར་བྱེད་པ། གཞན་ཡང་དམ་ཅན་རྒྱ་མཚོའི་ཚོགས་དཔག་ཏུ་མེད་པ་རྔམ་ཞིང་ཁྲོས་པ། ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། མཚོན་ཆ་སྣ་ཚོགས་འཕེན་ཤིང་འདེབས་པས་བསྐོར་བར་བསམ་མོ། །དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འོག་མིན་དང༌། རི་རབ་ཀྱི་སྟེང་དང༌། དུར་ཁྲོད་ཆེན་

p. 533

པོ་སོ་ཤ་གླིང་ལ་སོགས་པ་ནས་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་མཆེད་གསུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་གུ་གུལ་དཀར་ནག ཤ་ཆེན། དུག་སྣ། སྒོག་སྐྱ་རྣམས་སྦྱར་བའི་བདུག་སྤོས་སྲེག་ཅིང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། མཐུ་ཆེན་མགོན་པོ་ནག་པོ་ནི། །མཆེད་གསུམ་འཁོར་དང་བཅས་པ་རྣམས། །སྔོན་ཚེ་ཤཱཀྱ་སེང་གེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་ཕྱིར། །དད་པ་དང་ནི་དམ་ཚིག་གིས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སོགས་སྔོན་དུ་འགྲོ་བའི་ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿ ཞེས་པས་བསྟིམ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་དམ་ཚིག་གི་ཕྱག་རྒྱ་མགོན་པོ་འཁོར་བཅས་ཀྱི་སྤྱི་བོར་བཞག་ནས་སྔོན་གྱི་དམ་བཅས་བསྐུལ་བར་བསམས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ཞེས་བརྗོད། སྤྲོ་ན། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་གདུང་བདུན་ལ་སོགས་པའི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས་ཞེས་སོགས་སྤྱི་དང་མཐུན་པར་བརྗོད་ཅིང་དམ་ལ་བཞག འཁོར་དང་བཅས་པས་གཏོར་མ་གསོལ་བར་བསམས་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཤ་རི་བྷྱོ། མ་ཧཱ་ཀཱ་ལ་དུ་ཏྲི་བྷྱོ། མ་ཧཱ་ཀཱ་ལ་དུཥྚཾ་བྷྱོ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་ལ་སོགས་པས་དབུལ། སླར་ཡང་གོང་བཞིན་མཆོད་ནས། ཧཱུྃ། བསྟན་པ་སྲུང་བའི་མཐུ་སྟོབས་ཅན། །ལེགས་ལྡན་ནག་པོ་དཀའ་

p. 534

ཐུབ་ལས། །ཟློག་པར་བྱེད་པའི་བདག་པོ་དང༌། །ལྷན་ཅིག་གནས་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་རྫུ་འཕྲུལ་ཅན། །ལེགས་ལྡན་ནག་པོ་སྲེད་མེད་བུ། །ཕྱག་རྒྱ་ཆེན་པོ་ལྔ་རྣམས་ཀྱིས། །ཕྱག་བྱས་པ་ལ་བདག་བསྟོད་དོ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པའི། །ལེགས་ལྡན་ནག་པོ་དུར་ཁྲོད་ན། །གནས་པར་མོས་པ་མ་མོ་ཡི། །ཚོགས་ཀྱིས་ཕྱག་བྱས་ཁྱོད་ལ་འདུད། །ཅེས་པས་བསྟོད། དཔལ་མགོན་ལེགས་ལྡན་འཁོར་བཅས་རྣམས། །ཤ་ཁྲག་དམར་གྱིས་ལེགས་བརྒྱན་ཅིང༌། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ལས་གཞོལ་ལོ། །བཟླས་པ་བྱེད་ན་མགོན་པོ་གསུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་རེ་རེའི་མཐར་རང་རང་གི་སྔགས་ཀྱིས་བསྐོར་བ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མགོན་པོ་འཁོར་བཅས་ཀྱི་རྒྱུད་བསྐུལ་བས་གང་འདོད་པའི་ཕྲིན་ལས་འབད་མེད་དུ་སྒྲུབ་པར་བསམས་ལ། ཡི་དམ་གྱི་སྔགས་བརྒྱ་རྩ་ལ་སོགས་པའི་རྗེས་སུ། དབུས་མ་ལ། ཨོཾ་མ་ཧཱ་ཀཱ་ལ་ཤ་རི་བྷྱོ་ཧཱུྃ་ཕཊ། གཡས་པ་ལ། ཨོཾ་མ་ཧཱ་ཀཱ་ལ་དུ་ཏྲི་བྷྱོ་ཧཱུྃ་ཕཊ། གཡོན་པ་ལ། ཨོཾ་མ་ཧཱ་ཀཱ་ལ་དུཥྚ་བྷྱོ་ཧཱུྃ་ཕཊ། ཅེས་པ་རྣམས་གཙོ་བོར་བཟླ་ཞིང༌། ཐུན་མོང་དུ་ཤཱ་ས་ན་ཅི་ནུས་བཟླས་ལ་མཐར་མཆོད་བསྟོད་བྱ། འདོད་དོན་ཞུ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་པ་རྣམས་ལ་གཤེགས་གསོལ་སྤྱི་དང་མཐུན་པར་བྱས་ཏེ། རང་གི་གནས་གསུམ་བསྲུང་བ་སོགས་བྱའོ། །ཞེས་པ་འདི་ནི་ཆོས་འདི་ལ་དོན་དུ་གཉེར་བའི་སློབ་མ། ཁམས་སྟོན་དགེ་འདུན་དཔལ་བཟང་ལ་སོགས་པས་བསྐུལ་བའི་ངོར་དགའ་ལྡན་པ་བཀྲ་ཤིས་དཔལ་གྱིས་མཛད་པའི་

p. 535

གདུགས་དཀར་གྱི་གཏོར་ཆོག་ནས་འབྱུང་བ་དང༌། མཁན་ཆེན་རིན་ཆེན་རྒྱལ་མཚན་པའི་གསུང་རབ་ལས་འབྱུང་བའི་དོན། རྗེ་བཙུན་བླ་མ་དམ་པ་དཔལ་ལྡན་ཆོས་བཟང་གི་དྲུང་དུ་ཐོབ་པ་བཞིན། ཤཱཀྱའི་དགེ་སློང་དཔལ་ལྡན་དོན་གྲུབ་ཀྱིས་ཨེ་ཝཾ་ཆོས་འཁོར་རྩེར་སྦྱར་བའོ། །མངྒ་ལཾ། ༈ །དཔལ་མགོན་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་བྱ་ཚུལ་བཞུགས། ན་མསྶངྒུ་རུ་པཱ་དཱ་ཡ། ཆོས་སྐྱོང་བའི་སྲུང་མ་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་བྱ་བའི་ཚུལ་ནི། དབེན་པའི་གནས་སུ་བྱི་དོར་བྱས་པའི་སར། མཎྜལ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་དབུས་དང༌། དེའི་གཡས་གཡོན་དུ་པདྨ་དང་ཉི་མ་རོའི་གདན་ལ་ཚོན་སྤུངས་སྔོན་པོ་གསུམ་བྱ། ཆོས་འབྱུང་གི་ཕྱི་རོལ་དུ། དུར་ཁྲོད་ལ་སོགས་པ་བསྐྱེད་ཆོག་ནས་འབྱུང་བ་ལྟར་བྲིས་པ་བཞག དེའི་མདུན་དུ་མགོན་པོའི་ཙ་ཀ་ལི། གཡས་སུ་དབྱུག་པ། གཡོན་དུ་ཐོད་ཁྲག་དང་ཕུར་བུ། དེ་དག་གི་མདུན་དུ་ཡི་དམ་དང་ཆོས་སྐྱོང་གི་གཏོར་མ་དང༌། མཆོད་པ་ལ་སོགས་པ་གཏོར་ཆོག་ཏུ་བཤད་པ་ལྟར་བཤམ་མོ། །དེ་ནས་ཡི་དམ་གང་བྱེད་ཀྱི་བདག་བསྐྱེད་དང༌། གཏོར་མ་བྱིན་རླབས་ནས་ཡི་དམ་ལ་འབུལ་བའི་བར་བྱས་ལ། མདུན་གྱི་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་སུྃ་ལས་རི་རབ་གྲུ་བཞི་པ་ཞེས་པ་ནས། བཟླས་པའི་བར་གཏོར་ཆོག་ཇི་ལྟ་བ་བཞིན་བྱ་སྟེ། སྤྲོ་ན་སྐོང་བཤགས་ལ་སོགས་པའང་བྱའོ། །དེ་ནས་དོན་དུ་གཉེར་བའི་སློབ་མ་རྣམས་བོས་ལ། ཁྲུས་བྱས་ཡོན་ཕུལ་སྙིམས་པ་མེ་ཏོག་དང་བཅས་འཁོད་པ་ལ། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་དྲི་མ་མེད་པའི་ལུང་ལས་འབྱུང་བ་ལྟར་བཤད་ལ། ངེས་འབྱུང་གི་བློ་དང་སྤྲོ་བ་བསྐྱེད། ཁྱད་པར་དུ་རང་རེ་རྣམས་ཀྱིས་རྟེན་རྣམ་པར་དག་པ་ཐོབ་ནས། དེ་ལ་སྙིང་པོ་བླང་བའི་ཕྱིར་དམ་པའི་ཆོས་

p. 536

གཤའ་མ་ཞིག་བྱ་དགོས་ཤིང༌། དེ་ཡང་སྙིགས་མའི་དུས་འདིར་འགལ་རྐྱེན་མང་ཞིང་མཐུན་རྐྱེན་རྙེད་དཀའ་བས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ལ་སྲུང་མ་ཁྱད་པར་ཅན་རེ་བསྟེན་དགོས། དེ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཇི་སྙེད་ཅིག་གསུངས་པའི་ནང་ནས། འདི་བྱ་བའི་རྒྱུད་གཙུག་ཏོར་གདུགས་དཀར་ནས་གསུངས་པ་ཡིན་ཞིང༌། དེ་ལ་གདུགས་དཀར་གྱི་གཟུངས་གསུམ་ཡོད་པའི་གསུམ་ཀ་ནས་གསུངས་ཤིང༌། ཁྱད་པར་གདུགས་དཀར་མཆོག་གྲུབ་མར་གྲགས་པའི་གླེང་གཞི་ལས། ལེགས་ལྡན་ནག་པོའི་དཀའ་ཐུབ་ཟློག་པའི་བདག་པོ་འཁོར་དང་བཅས་པ་དང༌། ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་དང༌། ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་དང༌། ཞེས་གསུངས་ཤིང༌། གཟུངས་འདིའི་འགྲེལ་པ་སློབ་དཔོན་ཤཱུ་རཱངྒ་ཝརྨས་མཛད་པ་ལས་ལྷ་དེ་གསུམ་གྱི་མཚན་ཉིད་དང་བཅས་པ་གསུངས་པས་དྲི་མ་མེད་པའི་ལུང་གིས་གྲུབ་པའི་ཆོས་སྐྱོང་ཡིན། དེ་ཉིད་བོད་ཡུལ་འདིར་རང་དགར་སྨྲ་བ་རྣམས་ལ་གྲགས་པ་ལས་ཁྱད་པར་དུ་འཕགས་པ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་བཀའ་བབས་པའི་དཔལ་མགོན་ལེགས་ལྡན་མཆེད་གསུམ་གྱི་རྗེས་སུ་གནང་བ་སྒྲུབ་པ་ལ། གང་གིས་སྒྲུབ་པར་བྱེད་པའི་སློབ་དཔོན་ནི། བརྟེན་ཞིང་དུལ་བ་ལ་སོགས་པ་རྒྱུད་སྡེ་ནས་གསུངས་པའི་མཚན་ཉིད་དང་ལྡན་པ་དང༌། ཁྱད་པར་བསྙེན་སྒྲུབ་ལས་སུ་རུང་བར་བྱས་པ་ཆོས་སྐྱོང་འདིའི་རྗེས་སུ་གནང་བ་ཐོབ་ཅིང༌། ཆོ་གའི་ཚུལ་ལ་མཁས་པ་ཞིག་དགོས་པ་ཡིན། གང་ལ་བྱ་བའི་སློབ་མ་ནི། ཐེག་པའི་རིམ་པར་རྒྱུད་སྦྱངས་ཤིང་དབང་གིས་སྨིན་པ་དང༌། འདིའི་རྗེས་སུ་གནང་བ་དོན་དུ་གཉེར་བ་ཞིག་དགོས། གང་དུ་བྱ་བའི་གནས་ནི། ཕྱི་ནང་གི་ཉེར་འཚེ་མེད་ཅིང༌། དབེན་ཞིང་ཉམས་དགའ་སྒྲུབ་

p. 537

པའི་གནས་སུ་འོས་པ་ཞིག་དགོས། ནམ་བྱ་བའི་དུས་ནི། ཟླ་བ་ཡར་ངོ་མར་ངོའི་ཚེས་བརྒྱད་དང༌། བཅུ་དང༌། བཅུ་བཞི། བཅོ་ལྔ་སྟེ་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་ལ་བྱ་དགོས། ཇི་ལྟར་བྱ་བའི་ཆོ་ག་དངོས་ལ། སློབ་དཔོན་གྱིས་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་ལས། སློབ་དཔོན་གྱིས་བྱ་བར་འོས་པ་ཡི་དམ་གྱི་ལྷའི་སྒོམ་བཟླས་དང༌། མདུན་དུ་ནག་པོ་ཆེན་པོ་འཁོར་དང་བཅས་པ་བསྐྱེད་ཅིང་གཏོར་མ་འབུལ་བ་ཐུགས་རྒྱུད་བསྐུལ་བའི་ཕྱིར་བཟླས་པ་བྱ་བ་རྣམས་དགོས་པ་ལེགས་པར་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། རྗེས་སུ་གནང་བ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ། མཎྜལ་དབུལ་ཞིང་གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་བྱ་དགོས་པ་ལ། ཐོག་མར་སློབ་དཔོན་ལ་ཡི་དམ་གྱི་ལྷ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས། རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ལན་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཡི་དམ་ལྷ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དང༌། དེའི་འོག་གི་ཆ་ལ་དཔལ་མགོན་ལེགས་ལྡན་མཆེད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་མོས་ནས། དེ་རྣམས་ཀྱི་སྤྱན་སྔར་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། ཐུན་

p. 538

མོང་མ་ཡིན་པའི་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ་དཔལ་མགོན་ལེགས་ལྡན་མཆེད་གསུམ་གྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད། དེ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ་རྗེས་སུ་གནང་བའི་གཞི་དགོད་པ་དང༌། དེ་ལ་བརྟེན་ནས་རྗེས་གནང་དངོས་བྱ་བ་གཉིས་ལས། དང་པོ་ནི། སློབ་དཔོན་ལ་གུས་འདུད་ཆེར་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་མགོན་པོའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་དང་བར་དུ་གཅོད་པ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པའི་མོས་པ་མཛོད། དེ་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། ཞེས་བརྗོད་པས་འོད་ཀྱི་གོང་བུ་དེ་ཡང་མི་དམིགས་ཏེ། སྟོང་པར་གྱུར་པའི་མོས་པ་མཛོད། སྟོང་པའི་ངང་ལས་སུྃ་ལས་རི་རབ་གྲུ་བཞི་པ། ཞེས་པ་ནས། གནས་གསུམ་བྱིན་གྱིས་བརླབ་པའི་བར་གཏོར་ཆོག་བཞིན་བྱ། དེ་ནས་སློབ་དཔོན་དང་མདུན་བསྐྱེད་ཀྱི་མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་དེ་རྣམས་ཀྱི་ཐུགས་ཀ་དང༌། འོག་མིན་གྱི་གནས་དང༌། རི་རབ་ཀྱི་སྟེང་དང༌། དུར་ཁྲོད་ཆེན་པོ་སོ་ཤ་གླིང་ལ་སོགས་པ་ནས་དཔལ་མགོན་ལེགས་ལྡན་མཆེད་གསུམ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་མགོན་པོར་གསལ་བའི་སྐུ་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། ཅེས་དང་རོལ་མོའི་སྒྲ་བྱ། གུ་གུལ་གྱི་དུད་པས་བདུག་ཅིང༌། ཨོཾ་མ་ཧཱ་ཀཱ་ལ་སོགས། ཨཱ་བེ་ཤ་ཡ་ཛཿཛཿ ས་མ་ཡ་ཏིཥྛ་བཛྲ་ཧཱུྃ། ཞེས་མང་དུ་བརྗོད། དེས་རྗེས་སུ་གནང་

p. 539

བའི་གཞི་དགོད་པ་ཡིན། རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་རྣམས་ལས། སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་དཔལ་མགོན་མཆེད་གསུམ་གྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་ཐུགས་ཀ་ནས་མགོན་པོའི་སྐུ་དཔག་ཏུ་མེད་པ་བྱུང་བས་ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཐིམ་པར་མོས་པ་མཛོད། ཅེས་དང༌། ཙ་ཀ་ལི་ལ་སོགས་མགོན་སྐུ་སྤྱི་བོར་བཞག་སྟེ། སངས་རྒྱས་རྣམས་ཀྱི་སྐུ་ཡི་རྟགས། །གང་ཞིག་བསྒོམས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་ཐོབ་འགྱུར་བ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨོཾ། ཞེས་བརྗོད་པས་ཁྱེད་རྣམས་ཀྱི་རྒྱུད་ལ་སངས་རྒྱས་བྱང་སེམས་ཐམས་ཅད་དང༌། མགོན་པོ་མཆེད་གསུམ་གྱི་སྐུའི་བྱིན་རླབས་ཞུགས་ཏེ། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ། སོགས་ནས། ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་གསུང་གི་བྱིན་རླབས་ཀྱི་ངོ་བོ་ཐོད་པ་བདུད་རྩིས་གང་བ་དཔག་ཏུ་མེད་པ་བྱུང་བ་ཁྱེད་རྣམས་ཀྱི་མགྲིན་པར་ཐིམ་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་གསུང་གི་རྟགས། །གང་ཞིག་བཟུང་བ་ཙམ་གྱིས་ནི། །ཉོན་མོངས་གདུག་པ་འཇོམས་བྱེད་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་ཤྲཱི་སོགས། ཝཱཀ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ཅིང་ཐོད་པ་མགྲིན་པར་རེག་ཙམ་བྱས་ལ་ལག་པ་གཡོན་ཏུ་གཏད། དེ་དང་འབྲེལ་བར་བཟླས་པའི་ལུང་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སོགས་ནས། ཐུགས་རྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་རང་རང་གི་སྔགས་ཀྱི་ཕྲེང་བ་བྱུང༌། ཞལ་ནས་འཐོན་ཏེ། ཁྱེད་རྣམས་མགོན་པོར་གསལ་

p. 540

བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ། ཧཱུྃ་གི་མཐར་འཁོད་པར་བསམས་ནས། འདིའི་རྗེས་ཟློས་མཛོད་བྱས་ལ། ཨོཾ་མ་ཧཱ་ཀཱ་ལ་སོགས་སྔགས་གསུམ་གྱི་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་ནས། སློབ་དཔོན་ལ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་སོགས་ལན་གསུམ་དང༌། ཁྱེད་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་སྔགས་སུ་བྱིན་གྱིས་བརླབས་ནས་སྤྱི་བོར་བཞག་སྟེ། བྱིན་གྱིས་བརླབ་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས་ལན་གསུམ་བརྗོད། དེས་ཁྱེད་རྣམས་ཀྱི་རྒྱུད་ལ་སོགས་ནས། གསུང་གི་བྱིན་རླབས་ཞུགས། ངག་གི་བར་ཆད་ཐམས་ཅད་ཞི་བར་མོས་པ་མཛོད། ཐུགས་ཀྱི་རྗེས་སུ་གནང་བའི་སོགས་ནས། ཐུགས་རྒྱུད་བསྐུལ་བས་དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཙནྡན་གྱི་དབྱུག་པ་དཔག་ཏུ་མེད་པ་བྱུང་བ་ཁྱེད་རྣམས་ཀྱི་སྙིང་གར་ཐིམ་པ་མོས་པ་མཛོད། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རྟགས། །གང་ཞིག་བཟུང་བ་ཙམ་གྱིས་ནི། །སྙིང་རྗེ་ལྡན་ཞིང་བདུད་སྐྲག་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་ཤྲཱི་སོགས་ནས། ཙིཏྟ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང༌། དབྱུག་པ་སྙིང་ཁར་རེག་ཅིང་ལག་པ་གཡས་སུ་གཏད་དེ། དེས་ཁྱེད་རྣམས་ཀྱི་རྒྱུད་ལ་སོགས་ནས། ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་བར་ཆད་ཐམས་ཅད་ཞི་བར་མོས་པ་མཛོད། ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་སུ་གནང་བའི་སླད་དུ་སོགས་ནས། ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་ཐུགས་ཀ་ནས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་ཕུར་བུ་དཔག་ཏུ་མེད་པ་བྱུང་བས་ཁྱེད་རྣམས་

p. 541

ལ་བྱིན་པས། ཕྲིན་ལས་མཐའ་དག་བསྒྲུབ་པ་ལ་དབང་བར་བྱས་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་ཕྲིན་ལས་རྟགས། །གང་ཞིག་བཅངས་པ་ཙམ་གྱིས་ནི། །དགྲ་བགེགས་ཐམས་ཅད་སྒྲོལ་བྱེད་པ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་ཤྲཱི་སོགས་ནས། བཛྲ་ཀཱི་ལ་ཡ། ཀརྨ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་ཕཊ། ཅེས་དང༌། ལག་པ་གཡས་སུ་གཏད། དེས་ཁྱེད་རྣམས་ཀྱི་རྒྱུད་ལ་སོགས་ནས། ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཞུགས། ཡོན་ཏན་ཕྲིན་ལས་ཀྱི་བར་ཆད་ཐམས་ཅད་ཞི་བར་མོས་པ་མཛོད། གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། གཏོར་མའི་སྟེང་དུ་དཔལ་མགོན་ལེགས་ལྡན་མཆེད་གསུམ་ལ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་དང༌། དེ་རྣམས་ཀྱི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་མངོན་སུམ་དུ་བཞུགས་པར་མོས་ནས། དངོས་སུ་སློབ་དཔོན་གྱིས་བཀའ་བསྒོས་པས། མགོན་པོ་འཁོར་བཅས་དམ་ཚིག་གི་དབང་གིས་ཁྱེད་རྣམས་ཀྱི་ཕྱི་བཞིན་དུ་འབྲངས་ནས་འགལ་རྐྱེན་སེལ་ཞིང༌། མཐུན་རྐྱེན་སྒྲུབ་པར་མཛད་པ་ཡིན་སྙམ་དུ་མོས་པ་མཛོད། ཨོཾ་མ་ཧཱ་ཀཱ་ལ་སོགས། སྔགས་གསུམ་གྱི་རྗེས་སུ། སངས་རྒྱས། གཙུག་ཏོར་དཀར་མོ། ཙནྡྲ་གོ་མཱི། གི་རི་ཝ་ཏི། བཛྲ་དཀྵི། ཤཱུ་རཱངྒ་ཝརྨ། སངས་རྒྱས་གསང་བ། ཁ་ཆེ་པཎྜི་ཏ་དཀར་པོ། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། རྩེ་མོའི་ཞབས། རྗེ་བཙུན་པ། ཆོས་རྗེ་པ། རིག་འཛིན་གྲགས། བླ་མ་ཤེར་འབྱུང༌། བླ་མ་ཡེ་ཤེས། ཞང་ཡེ། སློབ་དཔོན་དཀོན་མཆོག་ཚུལ་ཁྲིམས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། རྗེ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང༌། རྒྱལ་བ་ཡོན་ཏན་འོད།

p. 542

རྗེ་སེང་གེ་རྒྱལ་མཚན། རྗེ་བསོད་ནམས་བཟང་པོ། སྐུ་ཞང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རིག་འཛིན་རྒྱལ་པོ། །བླ་མ་ཆོས་རིག་རྒྱལ་མཚན། ཆོས་རྗེ་བསོད་ནམས་དཔལ་འབྱོར། རིན་ཆེན་བཀྲ་ཤིས་རྒྱལ་མཚན། མཚུངས་མེད་བླ་མ་དམ་པ་དཔལ་ལྡན་ཆོས་བཟང་ལ་སོགས་པ་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་གདུང་བདུན་ལ་སོགས་པའི་བཀའ་དང་དམ་ལས་མ་འདའ་བར། དཔལ་མགོན་ལེགས་ལྡན་མཆེད་གསུམ་འཁོར་དང་བཅས་པས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་རྡོ་རྗེ་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་ཕྱི་ནང་གསང་གསུམ་གྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག མཐུན་པའི་རྐྱེན་ཚེ་དང་བསོད་ནམས་དང༌། དཔལ་དང་འབྱོར་པ་དང༌། སྙན་པ་དང་གྲགས་པ་དང༌། ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅིག མདོར་ན་ཅི་བསམ་ཐམས་ཅད་ཆོས་དང་མཐུན་པ་ཡིད་བཞིན་དུ་འགྲུབ་ཅིང༌། བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པའི་ཕྲིན་ལས་མཛོད་ཅིག ཅེས་བརྗོད་པས་མགོན་པོ་འཁོར་བཅས་ཁྱེད་རྣམས་ཀྱི་ཕྱི་བཞིན་དུ་འབྲང་བར་མོས་པ་མཛོད། ཅེས་བརྗོད་དོ། །གསུམ་པ་རྗེས་ནི། གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་དང་མཐུན་པར་བྱས་ལ། སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །དེ་ནས་སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་དང༌། དངོས་གྲུབ་ཞུ་བ་སོགས་གཏོར་ཆོག་བཞིན་བྱའོ། །ཞེས་པ་འདི་ནི་རང་གི་སློབ་མ་དོན་གཉེར་ཅན་དགེ་འདུན་དཔལ་

p. 543

བཟང་ལ་སོགས་པས་བསྐུལ་བ་ལ་བརྟེན་ནས། མཚུངས་མེད་བླ་མ་དམ་པ་དཔལ་ལྡན་ཆོས་བཟང་གི་དྲུང་དུ་ཇི་ལྟར་ཐོབ་པ་བཞིན། ཤཱཀྱའི་དགེ་སློང་དཔལ་ལྡན་དོན་གྲུབ་ཀྱིས་ཨེ་ཝྃ་ཆོས་འཁོར་རྩེར་བྲིས་པའོ། །མངྒ་ལཾ། འདི་ཉིད་གདུགས་དཀར་གྱི་དབང་རྗེས་གནང་སོགས་ནང་འབྲེལ་པར་བྱེད་ན། དམ་ཚིག་ཁས་བླངས་ཀྱི་གོང་དུ་བྱས་ནས། མཇུག་གི་ཆོས་རྣམས་ལྷན་ཅིག་ཏུ་བྱ་བ་ཕྱག་ལེན་ནོ།། །།

དམག་ཟོར་རྒྱལ་མོའི་རྗེས་གནང་བྱ་ཚུལ།

p. 544
p. 545

དམག་ཟོར་རྒྱལ་མོའི་རྗེས་གནང་བྱ་ཚུལ་བཞུགས་སོ།།

p. 546

ན་མོ་གུ་རུ་རཏྣ་ཤྲཱི་ཝཱ་ནེ། བླ་མ་མཆོག་དང་གཤིན་རྗེ་གཤེད། །དབྱེར་མེད་ཞབས་ལ་གུས་བཏུད་ནས། །དེ་ཡི་བཀའ་སྲུང་དྲག་མོའི་གཙོ། །དམག་ཟོར་གཉན་གྱི་རེ་ཝ་ཏཱིའི། །རྗེས་གནང་བྱ་ཚུལ་ཆོ་གའི་རིམ། །ཚིག་ཉུང་དོན་གསལ་གོ་བདེ་བས། །བློ་གསལ་མགྲིན་པ་མཛེས་བྱའི་ཕྱིར། །དཔལ་ལྡན་བླ་མའི་གསུང་བཞིན་བྲི། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། གནས་ཁང་མཚན་ཉིད་དང་ལྡན་པ་ཡིད་དུ་འོང་བར། སྟེགས་ཇི་ལྟར་རིགས་པར་ལི་ལ་སོགས་པའི་མཎྜལ་གང་འབྱོར་ལ་གྲི་ཁྲག་དང་རོ་སོལ་བྱུགས་པའམ། མ་འབྱོར་ན་ཆང་ལ་བདུད་རྩི་རིལ་བུ་བཏབ་པ་བྱུགས་ལ་བསྐམ། དེའི་སྟེང་རྡུལ་ཚོན་དམར་པོས་ཆོས་འབྱུང་བྲིས། གོང་རས་དང་ཆོས་འབྱུང་གི་བར་མུ་ཁྱུད་སོར་གཅིག་ཙམ་བསྐོར་བ་ལྗང་གུ། ཆོས་འབྱུང་གི་མཐའི་ཟླ་གམ་སྔོན་པོ། དེ་རྣམས་ཀྱི་བཅད་དམར་པོས་བྱས་ལ་བཞག དེའི་སྟེང་མཉྫིའི་ཁར་མཚན་ལྡན་གྱི་ཐོད་པའམ། སྣོད་གཙང་མར་གཏོར་ཆོག་ཏུ་བཤད་པ་ལྟར་སྐོང་གཏོར་བཤོས་བུ་བཞི་དང་བཅས་པ་མདའ་དར་ནག་པོའི་སྟེང་དུ་ལྷ་མོའི་སྐུ་ཙ་ཀ་ལི་རབ་གནས་ཅན་བཙུགས་པ་བཞག དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མདུན་དུ་ཁྲག་གི་མཆོད་ཡོན། དབང་

p. 547

པོའི་མེ་ཏོག ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་རྣམས་ཕྱག་ལེན་བཞིན་བཤམ། སློབ་མ་ལ་དགོས་པའི་ཐོད་པ་མཚན་ལྡན་གྱི་ནང་དུ་ནང་མཆོད་ཅུང་ཟད་བླུགས། སེང་ལྡེང་གི་བེ་ཅོན། སློབ་དཔོན་གྱི་མདུན་དུ་ནང་མཆོད་ལ་བུ་རམ་དང་བདུད་རྩི་རིལ་བུ་བཏབ་པ་སློབ་མ་དུ་ཡོད་པར་ལྡང་བ་བཤམ་པའོ། །གཉིས་པ་དངོས་གཞི་ནི། སློབ་དཔོན་རང་ཉིད་ཀྱི་བྱ་བ་ཡི་དམ་གང་རུང་གི་བདག་བསྐྱེད་བསྒོམས་ལ། ལྷ་མོ་ལ་གཏོར་ཆོག་ལྟར་གཏོར་མ་ཕུལ། བཟླས་པ་བྱས། སྐོང་བ་དང་བསྟོད་པ་རྒྱས་བསྡུས་གང་རུང་བྱས་ནས། སློབ་མའི་བྱ་བ་ནི། སློབ་མ་གཤིན་རྗེའི་གཤེད་དམ། བླ་མེད་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་ཅིང་དམ་ཚིག་དང་ལྡན་པ་བདུན་ལ་སོགས་པ་ཟུང་དུ་མ་གྱུར་པ་ཇི་ལྟར་རིགས་པ་ཁྲུས་བྱས་པར་མོས་ནས་ཆབ་བླངས་ལ་ནང་དུ་འོང་དུས། ལས་ཀྱི་རྡོ་རྗེས་སློབ་མ་རྣམས་གུ་གུལ་གྱིས་བདུག རོལ་མོ་དྲག་ཏུ་བྱ། སློབ་དཔོན་གྱིས་རྡོ་རྗེ་གསོར། དྲིལ་བུ་གསིལ། ཡི་དམ་གང་བྱས་ཀྱི་སྔགས་བཟླས་པས་བགེགས་བསྐྲད། སློབ་མ་རྣམས་གྲལ་ལ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་

p. 548

གྱིས། འོ་གནས་སྐབས་སུ་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང༌། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ། རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་འདིར་ཆོས་སྐྱོང་བའི་སྲུང་མ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས། ཤིན་ཏུ་ཟབ་པ་དཔལ་ལྡན་ལྷ་མོ་འདོད་པའི་ཁམས་ཀྱི་དབང་ཕྱུག་མ་ཞེས་གྲགས་པ་འདི་སྔོན་གྱི་བསྟན་བཅོས་འཆི་མེད་མཛོད་དང༌། དེའི་འགྲེལ་པ་རབ་འབྱོར་ཟླ་བས་མཛད་པ་དང༌། ཡང་སྣ་ཚོགས་གསལ་བ་ཞེས་བྱ་བ་མིང་གཞན་དུ་མུ་ཏིག་ཕྲེང་བར་གྲགས་པ་སློབ་དཔོན་དཔལ་འཛིན་སྡེས་མཛད་པ་སོགས་ལས་ཨུ་མ་དང་གཅིག་པར་བཤད་ནས་མིང་གི་རྣམ་གྲངས་དགུ་བཅུ་ཙམ་དུ་གསུངས་ཤིང་གཟུངས་བསྡུས་ཀྱི་ནང་དུ་ལྷ་མོའི་བསྟོད་པ་དང་མཚན་བརྒྱ་རྩ་བརྒྱད་བཤད། གསང་སྔགས་རྙིང་མའི་རྒྱུད་རྣམས་ལས་སྔགས་སྲུང་དྲག་མོའི་སྒྲུབ་ཚུལ་རབ་ཏུ་མང་པོ་དང༌། ལྷག་མའི་སྐབས་སུ་ཡང་རྒྱས་པར་བཤད་ལ། གསང་སྔགས་གསར་འགྱུར་གྱི་བྱ་བའི་རྒྱུད་རིག་པ་མཆོག་གི་རྒྱུད་ལས། ཕྱག་ན་རྡོ་རྗེས་ནམ་གྲུའི་རིགས་དང་ཆོ་འབྲང་ལ་བསྟོད་ནས་སངས་རྒྱས་ཀྱིས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ་གསང་སྔགས་སྤྱིའི་སྲུང་མར་བསྐོས་ཤིང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྡོ་རྗེ་གདན་བཞི། རྡོ་རྗེ་མཁའ་འགྲོ། བདེ་མཆོག་རྩ་རྒྱུད། ཀྱེ་རྡོ་རྗེ་བརྟག་གཉིས། སཾ་བུ་ཊའི་རྒྱུད་སོགས་ལས་བཤད་པའི་ཡུལ་ཉེར་བཞི་དང༌། གནས་སོ་གཉིས་ཀྱི་ནང་ཚན་དེ་ཝཱི་ཀོ་ཊ་ཞེས་པ་བོད་སྐད་དུ་ལྷ་མོའི་མཁར་ཞེས་པ་དེ་ན་གནས་ནས་ཞིང་སྐྱོང་མ་མོ་ཐམས་ཅད་ཀྱི་གཙོ་མོ་མཛད་པར་བཤད། ཕྱི་རོལ་པའི་ལྷ་མོའི་གནས་མཁར་དང་གནས་མཆོག་གི་རྒྱུད་སོགས་ལས་ཀྱང་ཆེས་མང་བར་བཤད། བོད་དུ་བཀའ་སྲོལ་ཡང་བླ་མ་མལ་ལོ་ཙཱ་བ་ནས་རྗེ་ས་སྐྱ་པ་ཡབ་སྲས་སོགས་ནས་བརྒྱུད་པ་དང༌། ཡང་ཇོ་བོ་ནཱ་རོ་པ་ནས་མར་པ་ལོ་ཙཱ་བ་ལ་བརྒྱུད་པ་དུད་སོལ་ལྷ་མོར་བཏགས་པ་དང༌། གཞན་ཡང་དམག་དང་ཟོར་གྱི་ལས་གཙོ་བོར་སྒྲུབ་

p. 549

པའི་དམག་ཟོར་རྒྱལ་མོ་ལ་སོགས་པ་མོ་རྐྱང་གི་སྒྲུབ་སྐོར་རབ་ཏུ་མང་བར་སྣང་བ་ལས། འདིར་དཔལ་ལྡན་ལྷ་མོ་རེ་ཝ་ཏཱི་དམག་ཟོར་རྒྱལ་མོའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། གང་གིས་རྗེས་སུ་གནང་བར་བྱེད་པའི་སློབ་དཔོན་ནི། གཤིན་རྗེའི་གཤེད་དམ་ཡི་དམ་གང་ཡང་རུང་བའི་བསྙེན་པ་ལས་སུ་རུང་བར་སོང་ཞིང༌། ཁྱད་པར་དཔལ་ལྡན་ལྷ་མོ་ཉིད་ཀྱི་རྗེས་གནང་ཐོབ་པ་ཞིག་གིས་བྱེད་དགོས། གང་ལ་བྱ་བའི་སློབ་མ་ནི། གཤིན་རྗེའི་གཤེད་ལ་སོགས་པ་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ་གཅིག་ནས་བདུན་གྱི་བར་དུ་ཟུང་མ་གྱུར་པ་ཅིག་ལ་བྱ་དགོས་ཤིང༌། ནམ་བྱ་བའི་དུས་ནི་ཉི་ཤུ་དགུ་ལ་སོགས་པའི་དུས་བཟང་གང་རུང་ལ་བྱ་ཞིང༌། ཇི་ལྟར་བྱ་བའི་ཆོ་ག་ནི། སློབ་དཔོན་གྱིས་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་སོང་ནས་དཔལ་ལྡན་ལྷ་མོ་ཉིད་ལ་མཆོད་གཏོར་འབུལ་བའི་རིམ་པ་རྣམས་ལེགས་པར་གྲུབ་སྟེ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། བླ་མ་དང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཐ་དད་མེད་པའི་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སོགས་ཤློ་ཀ་གཅིག གཙོ་བོ་ལྷ་མོར་བཅས་པ་ཡི། །སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། །དཔལ་ལྡན་ལྷ་མོའི་རྗེས་གནང་གི །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་བརྗོད། དེ་ལྟར་རྒྱུད་དག་པར་བྱས་ནས་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། ཐོག་

p. 550

མར་སྐུའི་རྗེས་སུ་གནང་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་མཛོད། ཧེ་རུ་ཀ་དཔལ་རྡོ་རྗེ་ཅན། །དཔའ་བོ་ཆེན་པོ་དགོངས་སུ་གསོལ། །ཤཱཀྱ་སེང་གེའི་བསྟན་པ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཙོ་བོ་སྟོན་པའི་བཀའ་སྲུང་གིས། །འདྲེན་པའི་བསྟན་པ་བསྲུང་བ་དང༌། །སེམས་ཅན་ཀུན་ལ་སྨན་སླད་དུ། །མ་མོ་དྲག་མོ་ལ་སོགས་པའི། །མཐུ་དང་དངོས་གྲུབ་འབྱུང་བའི་རྒྱུ། །དམ་ཚིག་ཅན་དེ་བདག་ལ་སྩོལ། །དེ་ལྟར་གསོལ་བ་བཏབ་ནས་ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་དཔལ་ལྡན་ལྷ་མོ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་དུང་པ་བྱས་པས། སློབ་དཔོན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྟོང་པར་གྱུར། སྟོང་པའི་ངང་ལས་རླུང་ནག་འཚུབས་མའི་གུར་ཁང་མེ་རི་རབ་ཏུ་འབར་བའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལ་སོགས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཁྲག་ཞག་འཁྲུགས་པའི་ཀློང་དཀྱིལ་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྵཿལས་བེ་ཅོན་ཀྵཿས་མཚན་པ་ལས། དཔལ་ལྡན་ལྷ་མོ་རེ་ཝ་ཏཱི་དམག་ཟོར་རྒྱལ་མོ་དྲེལ་རྟ་ལ་ཞོན་པ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། ཞལ་མཆེ་བ་གཙིགས་ཤིང་མི་རོ་རེངས་པ་ཁར་བཅུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྨིན་མའི་དབུས་སུ་ཁྲོ་གཉེར་རབ་ཏུ་བསྡུས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ་ལ་མེ་ལྕེ་དང་མེ་སྟག་དུ་མ་འཕྲོ་བ། སྙན་གཡས་པ་ལ་དུག་སྦྲུལ་དང་གཡོན་པ་ལ་སེང་གེས་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང༌། རྒྱུ་མ་ལ་བརྒྱུས་པའི་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ལ་ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། ཞིང་ཆེན་གྱི་གཡང་གཞི་དང་རེ་ལྡེས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་གྱི་སྐ་རགས་དང་དོ་ཤལ་ལ་སོགས་པ་དཔལ་གྱི་ཆས་བརྒྱད་ཀྱིས་

p. 551

བརྒྱན་པ། ཕྱག་གཡས་རྡོ་རྗེས་མཚན་པའི་ཙནྡན་གྱི་བེ་ཅོན་ནམ་མཁའ་ལ་འཕྱར་བ། གཡོན་ཡུངས་ཀར་དང་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། སྒའི་སྔ་ཤ་ལ་ནད་ཀྱི་རྐྱལ་པ། བཙན་གྱི་བྱད་དམར། ཤྭ་རྡེའུ་དཀར་ནག་འཕྱང་བ། ཕྱི་ཤ་ལ་ཚོན་གྱི་གྲུ་གུ་བཏགས་ཤིང་བདུད་ཀྱི་ཁྲོམ་ཤིང་སྐེད་ལ་གཟེར་བ། ལྟེ་བའི་ཐད་ཀ་ནས་ཉི་མ་དང་སྤྱི་གཙུག་ནས་ཟླ་བ་འཆར་བ། དབུའི་སྟེང་དུ་རྨ་བྱའི་གདུགས་ཕུབ་པ། འཁོར་བདུད་ཕྲུག་བྱེ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་མིག་རྩ་དམར་ཞིང་རབ་ཏུ་ཁྲོས་པའི་ཆ་ལུགས་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་ན་ཡུངས་ཀར་དང་ཁྲག་གིས་གང་བའི་ཐོད་པ། གཡས་མཚོན་ཆ་སྣ་ཚོགས་པ་བསྣམས་པ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྐུ་ཅན་རེ་རེར་གྱུར་པའི་སྙིང་གར་བྷྱོཿཡིག་མཐིང་ནག་ལས་འོད་ཟེར་འཕྲོས་པས། བྱང་ཤར་མཚོ་མུ་ལེ་དིང་ནས་དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་དཔག་ཏུ་མེད་པ། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པས། གནས་སྐབས་སུ་ལུས་ཀྱི་བར་ཆད་ཞི་ཞིང་ལྷ་མོའི་སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཅེས་དང༌། བདག་བསྐྱེད་ཡི་དམ་གང་བྱས་ཀྱི་སྔགས་ཀྱི་མཇུག་ཏུ་ཨཱ་ཝེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་པའི་སྔགས་རྣམས་ཡང་ཡང་བརྗོད། ལྷ་མོ་རང་གི་སྦྱར་སྤོས་སམ། གུ་གུལ་གྱིས་བདུག རོལ་མོ་སོགས་བྱ། དེ་ནས་ལྷ་མོའི་ཕྱག་མཚན་བེ་ཅོན་དང་ཐོད་པ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་ཅིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང་རྩ་སྔགས་བརྗོད་ཅིང་གཏད་ཚར་བ་དང༌། ལྷ་མོའི་གཏོར་མ་སློབ་མའི་མགོ་ཐོག་ཏུ་བཞག་ལ། མ་མོ་མཁའ་འགྲོ་དམ་ཚིག་ཅན། །མ་སྲིང་མཛའ་མོ་བྲན་མོ་ཡི། །ཚུལ་གྱིས་སྒྲུབ་པའི་སྲུང་མ་རུ། །མ་བས་བྱམས་ཤིང་སྲིང་བས་བརྩེ། །གྲོགས་པས་

p. 552

གདུངས་ཤིང་བྲན་པས་ཉན། །བཀའ་སྡོད་སྲུང་མའི་དབང་ཐོབ་ཤོག །རཀྨོ་བྷྱོཿསོགས་ཀྱི་མཇུག་ཏུ་མ་མ་ཏྲག་རཀྵ་ས་མ་ཡ་ཞེས་པ་དང༌། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །བར་ཆད་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །དེ་རྣམས་ཀྱིས་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་དྲི་མ་དག དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོ་ཁྱེད་རང་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་མོས་པ་མཛོད། དེ་ནི་སྐུའི་རྗེས་གནང་ངོ༌། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧེ་རུ་ཀ་དཔལ་རྡོ་རྗེ་ཅན། །སོགས་གོང་བཞིན་དང༌། དེ་ལྟར་གསོལ་བ་བཏབ་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་མ་བཞག་ཅིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང༌། གཏོར་མ་མགོ་ཐོག་ཏུ་བཞག་སྟེ། དམ་རྫས་གཏོར་མའི་དབང་བསྐུར་བས། །གསུང་གི་ཕྲིན་ལས་ལྷུན་གྲུབ་ནས། །དམ་ཅན་འདུ་ཞིང་འཁོར་བ་དང༌། །དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག །རཀྨོ་སོགས་ཀྱི་མཇུག་ཏུ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་བརྗོད་ཅིང་ཚར་བ་དང་གཏོར་མ་བསྡུས། རཀྨོ་བྷྱོཿསོགས་བརྗོད་ཅིང་ནང་མཆོད་ནས་སློབ་མ་རྣམས་བདུད་རྩི་བྱིན་ནས། གོང་བཞིན་བཀྲ་ཤིས་བརྗོད། དེ་ནས་བླ་མའི་ཞལ་ནས་ལྷ་མོའི་རྩ་སྔགས་རཀྨོ་བྷྱོཿསོགས་ཀྱི་སྔགས་ཕྲེང་བྱུང༌། ཁྱེད་རང་གི་ཞལ་དུ་ཞུགས། སྙིང་གའི་བྷྱོཿཡིག་ལ་ཐིམ་པས་གསུང་གི་བྱིན་རླབས་ཞུགས་པར་མོས་ནས། སྔགས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་མཛོད། བྷྱོཿརཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རག་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ཞེས་བྷྱོཿབདུན་མ་ལན་གསུམ་གྱི་བར་དུ་རྗེས་ཟློས་བྱེད་དུ་བཅུག དེ་ལྟར་བྱས་པས་ལྷ་མོའི་གསུང་གི་བྱིན་རླབས་ཞུགས་པར་མོས་ནས། ངག་གི་དྲི་མ་དག ལྷ་མོ་ལ་བཀའ་ཇི་ལྟར་བསྒོས་པ་སྒྲུབ་པར་མོས་པ་མཛོད། དེ་ནི་གསུང་གི་རྗེས་གནང་ངོ༌། །གསུམ་པ་ཐུགས་ཀྱི་རྗེས་གནང་གི་དོན་དུ་གོང་

p. 553

བཞིན། ཧེ་རུ་ཀ་དཔལ་སོགས་ལན་གསུམ་གྱིས་གསོལ་བ་གདབ། ཡང་གཏོར་མ་མགོ་ཐོག་ཏུ་བཞག་སྟེ། དམ་རྫས་གཏོར་མས་དབང་བསྐུར་བས། །ཐུགས་ཀྱི་ཕྲིན་ལས་ལྷུན་གྲུབ་ནས། །དམ་ཅན་འདུ་ཞིང་འཁོར་བ་དང༌། །དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག །རཀྨོ་དང༌། ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧཱུྃ། ཞེས་བརྗོད་ཅིང་གོང་བཞིན་བདུད་རྩི་བྱིན། བཀྲ་ཤིས། དེ་ལྟར་བདུད་རྩི་བྱིན་པ་དེ་ཉིད་སྙིང་གའི་བྷྱོཿཡིག་ལ་ཐིམ་པས་བྷྱོཿཡིག་ཤེལ་ལྟར་དྭངས་ལ་གསལ་བས་སྣང་བ་ཐམས་ཅད་ཁྱབ་པའི་མོས་པ་མཛོད། དེ་ལྟར་བསམས་པས་ལྷ་མོའི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་དྲི་མ་དག ཁྱེད་རང་རྣམས་ཀྱི་སེམས་དང་ལྷ་མོའི་ཐུགས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། དེ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་ཞིང་བྱིན་གྱིས་བརླབ་པའི་དོན་དུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། གོང་བཞིན་ཧེ་རུ་ཀ་དཔལ་བརྗོད། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་གུས་འདུད་དུང་པ་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་ལྷ་མོའི་ཐུགས་ཀའི་བྷྱོཿཡིག་དབང་མེད་དུ་བཀུག་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པ་ལ་བརྟེན་ནས་ཕྲིན་ལས་རྣམ་པ་བཞི་གང་བཅོལ་བསྒྲུབ་པར་མོས་པ་མཛོད། ཅེས་བརྗོད་ལ་གཏོར་མ་མགོ་ཐོག་བཞག་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གྱི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། ཁྱད་པར་དུ་སྔོན་རྒྱལ་བ་རྡོ་རྗེ་འཆང་གི་སྤྱན་སྔར་ཁས་བླངས་པ་ལྟར། རྡོ་རྗེ་སློབ་མ་ཁྱེད་རྣམས་ཀྱིས་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཚེ་དང་བསོད་ནམས་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་འབད་མེད་ལྷུན་

p. 554

གྲུབ་ཏུ་སྒྲུབ་པའི་ཕྲིན་ལས་མཛོད་ཅིག ལྷ་མོའི་རྩ་སྔགས་རཀྨོ་སོགས་དང༌། མ་མ་སརྦ་ཀརྨ་སིདྡྷི་ཀུ་རུ་ཞེས་བརྗོད། རོལ་མོ་དང་བདུག་པ་སོགས་བྱས་ལ། དེ་ནས་གོང་བཞིན་བཀྲ་ཤིས་བརྗོད། དེ་ལྟར་ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོས་པས་ཤཱཀྱ་སེང་གེའི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་ལྟར་ཁྱེད་རང་རྣམས་ཀྱིས་གང་བསྒོ་བ་རྣམས་ཇི་ལྟར་བསམ་པ་བཞིན་བསྒྲུབ་པར་ལྷ་མོས་ཁས་བླངས་ཤིང་དམ་བཅས་པར་བསམ་མོ། །དེ་རྣམས་ཀྱི་སྒོ་ནས་རྗེས་གནང་ཟབ་མོ་ཐོབ་པས། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བསྡམ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་དང༌། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། དེང་ནས་སོགས་གསུམ། དེ་རྣམས་ཀྱིས་དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་ཐོབ་པས་རང་གཞན་གྱི་དོན་རྒྱ་ཆེ་བར་མཛོད། བསོད་ནམས་འདི་ཡིས་སོགས་སྤྱི་འགྲེ། གསུམ་པ་རྗེས་ཀྱི་བྱ་བ་ནི་གཏོར་ཆོག་བཞིན། ཙ་ཀ་ལི་ལ་བརྟན་བཞུགས་བྱ། མཎྜལ་བསྡུའོ། །དེ་ལྟར་དམག་ཟོར་རྒྱལ་མོ་ཡི། །རྗེས་སུ་གནང་བ་བྱ་བའི་ཚུལ། །གསལ་བར་བཀོད་པའི་དགེ་བ་ཡིས། །དཔལ་ལྡན་ལྷ་མོས་རྗེས་འཛིན་ཤོག །ཅེས་པ་འདི་ནི་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་དཔལ་ལྡན་གྱི་གསུང་ལས་ཇི་ལྟར་ཟིན་པ་དེའི་ཞབས་རྡུལ་སྤྱི་བོས་གུས་པར་ལེན་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་བྱམས་པ་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། ཤྲཱི་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་ཆེན་པོར་ལེགས་པར་སྦྱར་བའོ།། །།སརྦ་མངྒ་ལཾ།། །།

འདོད་ཁམས་དབང་ཕྱུག་དམག་ཟོར་མའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་བསམ་འཕེལ་ནོར་བུ།

p. 555
p. 556

འདོད་ཁམས་དབང་ཕྱུག་དམག་ཟོར་མའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་བསམ་འཕེལ་ནོར་བུ་ཞེས་བྱ་བ་བཞུགས་སོ།།

p. 557

ཨོཾ་སྭ་སྟི་པྲ་ཛེ་བྷྱཿ བླ་མ་མཆོག་དང་གཤིན་རྗེའི་གཤེད། །དབྱེར་མེད་ཞབས་ལ་གུས་བཏུད་ནས། །དཔལ་ལྡན་དམག་ཟོར་རྒྱལ་མོ་ཡི། །རྗེས་གནང་བྱ་ཚུལ་བཤད་པར་བྱ། །འདིར་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོའི་རྗེས་གནང་བྱ་ཚུལ་ལ། སྦྱོར་བ་རྟེན་དང་མཆོད་པ་བཤམ་པ། དངོས་གཞི་བདག་མདུན་སློབ་མའི་བྱ་བ། རྗེས་ཆོ་གའི་མཇུག་བསྡུ་བ་གསུམ་ལས། དང་པོ་ནི་སློབ་དཔོན་ཉིད་ཀྱིས་རྗེས་སུ་གནང་བ་མན་ངག་དང་བཅས་པ་ལེགས་པར་ཐོབ་ནས། ཡིད་དང་མཐུན་པའི་གནས་སུ་སྟེགས་ཇི་ལྟར་རིགས་པའི་སྟེང་མཎྜལ་ལ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མུ་ཁྱུད་ལྗང་གུ། དེའི་མཐར་ཟླུམ་པོས་བསྐོར་བའི་ཟླ་གམ་གསུམ་སྔོན་པོ་བཅད་དམར་པོ་བྱས་པ་རྡུལ་ཚོན་གྱིས་བྲིས་པའམ་རས་ལ་བྲིས་པ་བཤམ། དེའི་སྟེང་དུ་མཉྫིའི་ཁར་གཏོར་མ་གྲུ་གསུམ་ཆེ་བ་གཅིག་ལ་ཆུང་བ་བཞིས་བསྐོར་བ་རྩི་དམར་པོ་བྱུགས་ཤིང་མར་རྒྱན་གྱིས་སྤྲས་པ། མདའ་ལ་དར་ནག་བཏགས་པ་ལྷ་མོའི་ཙ་ཀ་ལི་རབ་གནས་ཅན་བཙུགས་ལ་མདུན་དུ་འབུལ་གཏོར་དེ་འདྲ་བ་ཆུང་བ་ཞིག་དང༌། གཡས་སུ་སྨན་ཕུད། གཡོན་དུ་རཀྟ། དེ་རྣམས་ཀྱི་མདུན་དུ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་སྦྲེང་ཚར་དུ་བཤམ། སེང་ལྡེང་གི་བེ་ཅོན་དང༌། ཐོད་པ་བདུད་རྩི་ཅུང་ཟད་བླུགས་པ་གཏོར་མའི་

p. 558

གཡས་གཡོན་གང་བདེར་བཞག རང་གི་མདུན་དུ་ནང་མཆོད་བུ་རམ་དང་བདུད་རྩི་རིལ་བུ་བཏབ་པ་སློབ་མ་དུ་ཡོད་ལྡངས་པ་དང༌། རྡོར་དྲིལ། ཌ་མ་རུ། མེ་ཏོག་གི་སྣོད་རྣམས་སྟ་གོན་བྱ་བ་སྔོན་འགྲོའོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད་མདུན་བསྐྱེད་སློབ་མའི་བྱ་བའོ། །དང་པོ་ནི། མཆོད་པ་རྣམས་ཧྲཱིཿཥྚཱིཿས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཌ་དྲིལ་དཀྲོལ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཊ་པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ་བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། བདག་དང་འགྲོ་བ་སོགས་སྐྱབས་འགྲོ་བཞི་སྐོར་ཚར་བདུན་སོགས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་གཤིན་རྗེའི་གཤེད་བསྒོམ་པར་བགྱིའོ། །ལན་གསུམ། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་ཉི་མ་མ་ཧེའི་གདན་གྱི་སྟེང་དུ་རང་སྐད་ཅིག་གིས་ཞེ་སྡང་གཤིན་

p. 559

རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་རྡོ་རྗེས་མཚན་པའི་ཐོད་དབྱུག་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པ་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་བསྣམས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཞིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མ་ཧེ་དམར་པོའི་སྟེང་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གཤིན་རྗེའི་གཤེད་ལ་སངས་རྒྱས་དང་བྱང་སེམས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཐུགས་ཀར་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར། ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་དང༌། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་བརྗོད། དེ་ནས་གཉིས་པ་མདུན་བསྐྱེད་ནི། ཧྲཱྀཿཥྚཱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ། བདུད་རྩི་ལྔ། ཡེ་ཤེས་ལྔ་དང་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ལག་པ་གཡོན་པ་བསྟན་ཏེ། ཨོཾ་ཞེས་བརྗོད་པས་སྟོང་པར་བསམ། གཡས་པ་བསྟན་ཏེ། ཨཱཿཞེས་བརྗོད་པས་ཐོད་པའི་སྣོད་དུ་བསམ། གཉིས་ཀ་བསྟན་ཏེ། ཧཱུྃ་ཞེས་བརྗོད་པས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མར་བསམ། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ།

p. 560

ཧ་ཧོ་ཧྲཱིཿཞེས་བརྗོད་པས་འདོད་དགུ་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། རང་གི་མདུན་གྱི་ནམ་མཁར་རླུང་ནག་འཚུབས་མའི་གུར་ཁང་མེ་རི་རབ་ཏུ་འབར་བའི་ནང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ལ་སོགས་པ་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཁྲག་ཞག་འཁྲུགས་པའི་ཀློང་དཀྱིལ་དུ། ཀྵ་ལས་བེ་ཅོན་ཀྵས་མཚན་པ་ལས། དཔལ་ལྡན་ལྷ་མོ་རེ་ཝ་ཏཱི་དམག་ཟོར་རྒྱལ་མོ་དྲེའུ་རྟ་ལ་ཞོན་པ། སྐུ་མདོག་ཐིང་ནག་ཞལ་གཅིག་ཕྱག་གཉིས་མ། ཞལ་མཆེ་བ་གཙིགས་ཤིང་མི་རོ་རེངས་པ་ཁར་བཅུག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྨིན་མའི་དབུས་སུ་ཁྲོ་གཉེར་རབ་ཏུ་བསྡུས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ་ལས་མེ་ལྕེ་དང་མེ་སྟག་དུ་མ་འཕྲོ་བ། སྙན་གཡས་པ་ལ་དུག་སྦྲུལ། གཡོན་པ་ལ་སེང་གེས་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཞིང༌། རྒྱུ་མ་ལ་བརྒྱུས་པའི་རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། སྐུ་ལ་ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། ཞིང་ཆེན་གྱི་གཡང་གཞི་དང་རི་ལྡེས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་གྱི་སྐ་རགས་དང་དོ་ཤལ་སོགས་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེས་མཚན་པའི་ཙནྡན་གྱི་བེ་ཅོན་ནམ་མཁའ་ལ་འཕྱར་བ། གཡོན་ཡུངས་ཀར་དང་ཁྲག་གིས་གང་བའི་ནལ་ཐོད་ཐུགས་ཀར་འཛིན་པ། སྒའི་སྔ་ཤལ་ནད་ཀྱི་རྐྱལ་པ། བཙན་གྱི་བྱང་དམར། ཤྭ་རྡེའུ་དཀར་ནག་འཕྱང་བ། ཕྱི་ཤ་ལ་ཚོན་གྱི་གྲུ་གུ་བཏགས་ཤིང༌། བདུད་ཀྱི་ཁྲམ་ཤིང་རྐེད་ལ་གཟེར་བ། ལྟེ་བའི་ཐད་ནས་ཉི་མ་དང༌། སྤྱི་གཙུག་ནས་ཟླ་བ་འཆར་བ། དབུ་སྟེང་དུ་རྨ་བྱའི་གདུགས་ཕུབ་པ། འཁོར་བདུད་ཕྲུག་གི་ཚོགས་བསམ་གྱིས་མི་ཁྱབ་པ། མིག་རྩ་དམར་ཞིང་རབ་ཏུ་རྔམ་པའི་ཆ་ལུགས་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་ན་ཡུངས་ཀར་དང་

p. 561

ཁྲག་གིས་གང་བའི་ཐོད་པ། གཡས་མཚོན་ཆ་སྣ་ཚོགས་པ་བསྣམས་པ་དཔག་ཏུ་མེད་པས་བསྐོར་བ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། བྱང་ཤར་མཚོ་མུ་ལེ་དིང་ནས་དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང༌། ལྷ་མོའི་སྒོས་ཀྱི་སྤོས་ཚིལ་ཆེན་ཤ་ཆེན་གུ་གུལ་ཅོང་ཞི། མངལ་ཁྲག་རྣམས་བསྲེས་པའི་བདུག་སྤོས་ཡོད་ན་བསྲེགས། མ་འབྱོར་ནའང་གུ་གུལ་རྐྱང་པ་བསྲེག་ཅིང་དྲིལ་བུ་གསིལ། དྲིལ་བུ་མ་འབྱོར་ན་མ་མོ་སྤྱིའི་དམ་རྒྱ་མགོ་ཐོད་ཀྱི་ཕྱག་རྒྱ་བཅས་ལ་མཛུབ་མོ་གཉིས་གཡབ་ཅིང༌། བྷྱོཿཆོས་འཁོར་ཡོངས་ཀྱི་སྲུང་མ་རེ་ཝ་ཏཱི། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན། །བསྟན་པ་བསྲུང་དང་སྒྲུབ་ལ་ཕན་གདགས་ཕྱིར། །བྱང་ཤར་མཚམས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །བྷྱོཿརཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ ར་ཀྨོ་ཁ་ལ་རག་ཆེན་མོ་རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿརུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ཨོཾ་ཧཱུྃ་ཤྲཱི་ཡེ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ས་མཱ་ཛཿ ཨཱ་ཀརྵ་ཡ་ཨེ་ཧྱེ་ཧི་ཊཀྐི་ཛཿཧཱུྃ། ཞེས་པས་མདུན་དུ་ཡེ་ཤེས་པ་སྤྱན་དྲངས། བྷྱོཿནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་མ། །ནག་མོ་གཙོ་མོ་དྲེའུ་རྟ་བཅིབས། །འདིར་བྱོན་དྲེའུ་རྟའི་གདན་ལ་བཞུགས། །རཀྨོ་སོགས་ཀྱི་རྗེས་སུ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ་ཏིཥྛནྟུ་དྲྀ་ཤྱ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་ཡེ་ཤེས་པ་དམ་ཚིག་པ་ལ་བསྟིམ། དེ་ནས་རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ལྷ་མོ་ལ་ཕྱག་འཚལ་བ་ནི། བྷྱོཿཟ་བྱེད་ནག་མོ་མཆེ་བ་ཅན། །དགོད་བྱེད་ཧ་ཧ་ནག་མོ་ཁྱོད། །གསོད་ལ་དགའ་བར་བྱེད་པ་མོར། །བདག་ནི་བརྡ་ཡིས་ཕྱག་བགྱིད་དོ། །རཀྨོ་སོགས་ཀྱི་རྗེས་སུ། ཨ་ཏི་པུ་ཧོཿ ཞེས་བརྗོད་ཅིང་ཐལ་མོ་སྦྱར་ནས་ལྷ་མོ་ལ་ཕྱག་བཙལ་བར་མོས་ལ་མགོ་དུད་ཙམ་བྱས། པྲ་ཏཱིཙྪ་ཧོཿཞེས་བརྗོད་པས་ལྷ་མོས་བདག་ལ་གུས་པས་ཕྱག་འཚལ་བར་བསམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་གཤིན་རྗེའི་གཤེད་རིགས་ལྔ་འཁོར་དང་བཅས་

p. 562

པ་བཛྲ་ས་མཱ་ཛཿ ཨ་བྷི་ཥིཉྩ་ཏུ་མཱཾ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཤིན་རྗེའི་གཤེད་ཀྱིས་དབུར་བརྒྱན། དེ་ནས་བདུད་རྩི་སྨན་ཕུད་ནས་ཕུལ་བར་བསམ། ནང་མཆོད་ནས་མཐེབ་སྲིན་གྱིས་གཏོར་ལ། ཕྲ་མོ་སྦོམ་པོ་ལས་བྱུང་བའི། །བདུད་རྩིས་བྲན་པ་ཛ་གད་འདི། །དམག་ཟོར་རྒྱལ་མོ་ལ་འབུལ་གྱིས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རཀྨོ་སོགས་ཀྱི་རྗེས་སུ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡང་རཀྟ་ནས་ཕུལ་བར་བསམ། ནང་མཆོད་ནས་མཐེབ་སྲིན་གྱིས་གཏོར་ལ། ཆུ་དང་མ་འདྲེས་དྭངས་མའི་ཁྲག །དྭངས་མ་ཡི་ནི་ཁྲག་ཆེན་པོ། །དམག་ཟོར་རྒྱལ་མོ་ལ་འབུལ་གྱིས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རཀྨོ་སོགས་ཀྱི་རྗེས་སུ། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བརྗོད། འཁུ་ལྡོག་མི་འོང་ཞིང་དམ་ཚིག་བསྲེ་བའི་ཕྱིར། རང་ཡི་དམ་གྱི་ལྷ་དང་ལྷ་མོ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་སེམས་དཀར་དམར་སྦྱོར་མཚམས་ནས་བླངས་ཏེ་ལྷ་མོ་མཆོད་ཅིང་དམ་ཚིག་བསྲེས་པར་བསམས་ལ་ནང་མཆོད་ནས་བླངས་ཏེ། རང་གི་ལྕེ་ཐོག་ཏུ་བཞག་ཅིང་ལྷ་མོའི་སྔགས་ལ་ཕུལ་བར་བསམ་ཞིང་འབྲུ་གསུམ་བརྗོད་ལ་གཏོར། དེ་ནས་གཏོར་མ་ཕུལ་བ་ནི། ལྷ་མོ་འཁོར་བཅས་ཀྱི་ལྗགས་ལས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་ལ་ཟུག་པས་གསོལ་བར་བསམ་ཞིང༌། པད་སྐོར་དང་བཅས་པས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཤ་ཁྲག་བདུད་རྩི་ལྔ་སྦྱར་བ། །འབྲུ་སྣ་ལྔ་སྦྱར་གཏོར་མ་འདི། །དམག་ཟོར་རྒྱལ་མོ་ལ་འབུལ་གྱིས། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རཀྨོ་སོགས་ཀྱི་རྗེས་སུ། ཨོཾ་ཤྲཱི་ཡེ་དེ་ཝཱི་མ་ཧཱ་ཀཱ་ལི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པའི་གཏོར་སྔགས་ལན་གསུམ་མམ་ལྔ་བདུན་ལ་སོགས་པས་ཕུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བདུད་རྩི་གཏོར་ཞིང་འབྲུ་གསུམ་བརྗོད་པས་ནང་མཆོད་ཕུལ་ལ། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་

p. 563

རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། བསྟན་པ་དང་སེམས་ཅན་ལ་འཚེ་བ། རྣལ་འབྱོར་པ་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་ཅིང་ཞི་བ་དང༌། བདག་ཅག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ལོངས་སྤྱོད་དབང་ཐང་རིགས་རྒྱུད་ལ་སོགས་པ་ཐམས་ཅད་རྒྱས་པ་དང༌། འགྲོ་བ་མ་ལུས་པ་དབང་དུ་འདུ་ཞིང་ལེགས་པའི་ཡོན་ཏན་མཐའ་དག་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། བདག་ཅག་དུས་འདིར་ཚེ་རིང་ཞིང༌། །བུ་དང་ཚ་བོ་རྒྱས་པ་དང༌། །འཁོར་དང་ལོངས་སྤྱོད་རབ་འཕེལ་ཞིང༌། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །ཡིད་ལ་བརྣག་པའི་དགྲ་དང་བགེགས། །བདུད་དང་བར་ཆད་རྣམ་མང་པོ། །ཐམས་ཅད་གཏན་ནས་བརླག་པ་དང༌། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གསོལ་བ་གདབ་ཅིང་ཕྲིན་ལས་བཅོལ། དེ་ནས་བཟླས་པ་བྱ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་མོའི་ཐུགས་རྒྱུད་བསྐུལ་བས་བཀའ་བསྒོ་བ་ཉན་ཅིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམས་ལ། བྷྱོཿརཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ རཀྨོ་ཁ་ལ་རཀྵནྨོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ཞེས་ཅི་ནུས་བཟླས། མཐར། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། རྡོ་རྗེ་དྲིལ་བུ་འཛིན་པས། བྷྱོཿ བཅོམ་ལྡན་གཤིན་རྗེའི་གཤེད་པའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ཁས་བླངས་མ། །དྲེལ་རྟ་ལ་ཞོན་རྔམས་ཞིང་ཤིན་ཏུ་བརྗིད། །སྲིད་པའི་རྒྱལ་མོ་ཆེན་མོ་ཁྱེད་ལ་བསྟོད། །ཀྱེ་ཀྱེ་མ་གཅིག་གཉེན་གྱི་རེ་ཝཱ་ཏཱི། །ཁྱོད་ལ་དམ་རྫས་མཆོད་གཏོར་འདི་འབུལ་བས། །བདག་ཅག་འཁོར་བཅས་སྲུང་ཞིང་སྐྱོང་བ་དང༌། །འདོད་དོན་མ་ལུས་སྒྲུབ་མཛད་ཁྱེད་ལ་བསྟོད། །ནད་དང་གནོད་པ་ཐམས་ཅད་རབ་ཞི་ཞིང༌། །ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་མཛད་ཅིང༌། །སྐྱེ་འགྲོ་དབང་སྡུད་མངོན་སྤྱོད་དྲག་པོ་ཡིས། །དགྲ་བགེགས་རྩད་ནས་ཚར་གཅོད་མ་ལ་བསྟོད། །ཅེས་པས་བསྟོད་ཅིང༌། དེ་རྣམས་སློབ་

p. 564

དཔོན་གྱི་བྱ་བའོ། །གསུམ་པ་སློབ་མའི་བྱ་བ་ལ། ཐོག་མར་སློབ་དཔོན་གྱིས་བགེགས་བསྐྲད་པའི་ཕྱིར་རྡོར་དྲིལ་གསོར་དཀྲོལ་བྱ། ཡུངས་ཀར་གྱིས་བྲབ་ཅིང་ཧྲཱིཿཥྚཱིཿབཟླས། སློབ་མ་རྣམས་གྲལ་ལ་འཁོད། ཁྲུས་བྱས་མེ་ཏོག་བཀྱེ་བསྡུ་གྲུབ་ནས། འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་བྱ་ཆོས་ཀྱི་ངོ་བོ་ནི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། །ཞེས་གསུངས་པ་ལྟར། རང་རེ་སྙིགས་མར་སྤྱོད་པའི་འགྲོ་བ་རྣམས་ལ་ཆོས་སྤྱོད་པའི་གང་ཟག་དཀོན་ཞིང་རེ་རེ་ཙམ་བྱུང་བ་ལ་ཡང་བར་ཆད་ཀྱི་རིགས་ཤིན་ཏུ་མང་བས་དེ་ཟློག་པའི་ཐབས་ལ་ཆོས་སྐྱོང་བའི་སྲུང་མ་མང་དུ་གསུངས་པའི་ནང་ནས་འདིར་སྐབས་སུ་བབས་པ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མ་ཡིན། དེ་ཡང་སྔོན་གྱི་བསྟན་བཅོས་འཆི་མེད་མཛོད་སོགས་ན་ལྷ་མོ་དབུ་མ་དང་གཅིག་པར་བཤད་ནས་མིང་གི་རྣམ་གྲངས་དགུ་བཅུ་ཙམ་གསུངས་ཤིང༌། བྱ་རྒྱུད་རིག་པ་མཆོག་གི་རྒྱུད་ལས། ཕྱག་ན་རྡོ་རྗེས་ནམ་གྲུའི་རིགས་ལ་བསྟོད་ནས་སྟོན་པས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར། གསང་སྔགས་སྤྱིའི་སྲུང་མར་བསྐོས་ཤིང་བླ་མེད་ཀྱི་རྒྱུད་རྡོ་རྗེ་གདན་བཞི་སོགས་ནས་དེ་ཝཱི་ཀོ་ཊར་གནས་ནས་ཞིང་སྐྱོང་མ་མོ་ཐམས་ཅད་ཀྱི་གཙོ་མོ་མཛད་པར་བཤད། དེ་ལྟ་བུའི་སྲུང་མ་ཁྱད་པར་ཅན་འདི་ཉིད་ནི་བླ་མ་ཨཱ་ཙརྻ་དམར་པོའམ་པཎྜི་ཏ་གསང་བ་ཤེས་རབ་ཏུ་གྲགས་པས་སྤྱན་དྲངས་ཤིང༌། ལྕེ་འབྱུང་གནས་བཟང་པོ་སོགས་ནས་རིམ་པར་བརྒྱུད་དེ། བདག་གི་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་པའི་དཔལ་ལྡན་ལྷ་མོའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སྔོན་འགྲོ་སློབ་དཔོན་གྱིས་བྱ་བར་འོས་པ་ཐམས་ཅད་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། སློབ་དཔོན་ལ་གཤིན་རྗེའི་

p. 565

གཤེད་དང་ཐ་མི་དད་པར་མོས་ནས་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཙོ་བོ་ལྷ་མོར་བཅས་པ་ཡི། །སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། །དཔལ་ལྡན་ལྷ་མོའི་རྗེས་གནང་གི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དཔལ་ལྡན་དམག་ཟོར་རྒྱལ་མོ་སོགས་ཀྱི་སྤྱན་སྔར་ཁྱེད་རང་རྣམས་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ལྟར་རྒྱུད་དག་པར་བྱས་ནས་ཐོག་མར་སྐུའི་རྗེས་གནང་གི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་རྡོ་རྗེ་ཅན། །དཔའ་བོ་ཆེན་པོ་དགོངས་སུ་གསོལ། །ཤཱཀྱ་སེང་གེའི་བསྟན་པ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གཙོ་བོ་སྟོན་པའི་བཀའ་སྲུང་གིས། །འདྲེན་པའི་བསྟན་པ་བསྲུང་བ་དང༌། །སེམས་ཅན་ཀུན་ལ་སྨན་སླད་དུ། །མ་མོ་དྲག་མོ་ལ་སོགས་པའི། །མཐུ་དང་དངོས་གྲུབ་འབྱུང་བའི་རྒྱུ། །དམ་ཚིག་ཅན་དེ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་གཤིན་རྗེ་གཤེད་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་བྱས་པས། སློབ་དཔོན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་ནས་སྟོང་པར་གྱུར། དེའི་ངང་ནས་རླུང་ནག་འཚུབས་མའི་ཞེས་པ་ནས་ཀློང་དཀྱིལ་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྵཿལས་སོགས། ཐུགས་ཀར་ཧཱུྃ།

p. 566

ཧཱུྃ་གི་སྟེང་དུ་བྷྱོཿཡིག་མཐིང་ནག་རེ་རེ་ཡོད་པའི་མོས་པ་མཛོད། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀའི་ཧཱུྃ་དང༌། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་བྷྱོཿཡིག་ལས་འོད་ཟེར་འཕྲོས་པས་བྱང་ཤར་མཚོ་མུ་ལེ་དིང་ནས་དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་སྐུ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པས་ལུས་ཀྱི་བར་ཆད་ཐམས་ཅད་ཞི་ཞིང་ལྷ་མོའི་སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཅེས་བརྗོད། ཌ་དྲིལ་སོགས་རོལ་མོའི་སྒྲ་དང་གུ་གུལ་གྱིས་བདུག ཧྲཱིཿཥྚཱིཿདང༌། བྷྱོཿརཀྨོ་སོགས་ཀྱི་མཐར་ཨཱ་བེ་ཤ་ཡ་ཨཱཿཛཿཧཱུྃ་བཾ་ཧོཿབཏགས་པ་དྲག་ཏུ་བརྗོད། དེ་ནས་སློབ་དཔོན་གྱིས་ལྷ་མོའི་ཕྱག་མཚན་བེ་ཅོན་དང་ཐོད་པ་ཁྱེད་རང་རྣམས་ཀྱི་ལག་པ་གཉིས་སུ་བྱིན་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། བྷྱོཿརཀྨོ་སོགས་བརྗོད་ཅིང་གཏད། དེ་ནས་གཏོར་མ་ལྷ་མོར་གསལ་བ་ཁྱེད་རང་རྣམས་ཀྱི་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་པའི་མོས་པ་མཛོད། དམ་རྫས་གཏོར་མའི་དབང་བསྐུར་བས། །སྐུ་ཡི་ཕྲིན་ལས་ལྷུན་གྲུབ་ནས། །དམ་ཅན་འདུ་ཞིང་འཁོར་བ་དང༌། །དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག །བྷྱོཿརཀྨོ་སོགས་བརྗོད། གཏོར་མ་བཞག དྲིལ་བུ་གསིལ་མེ་ཏོག་གཏོར། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །བར་ཆད་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །དེ་རྣམས་ཀྱིས་ལྷ་མོའི་སྐུའི་རྗེས་གནང་ཐོབ། ལུས་ཀྱི་དྲི་མ་དག དཔལ་ལྡན་ལྷ་མོ་ཁྱེད་རང་རྣམས་ཀྱི་ལུས་དང་གྲིབ་མ་ལྟར་འགྲོགས་པའི་མོས་པ་མཛོད། དེ་སྐུའི་རྗེས་གནང་ཡིན། གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གོང་གི་ཧེ་རུ་ཀ་དཔལ་སོགས། དེ་ལྟར་གསོལ་བ་བཏབ་ནས་སློབ་དཔོན་གྱིས་གཏོར་མ་ལྷ་མོར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས་པའི་མོས་པ་མཛོད། དམ་རྫས་གཏོར་མའི་དབང་བསྐུར་

p. 567

བས། །གསུང་གི་ཕྲིན་ལས་ལྷུན་གྲུབ་ནས། །དམ་ཅན༴ དགྲ་བགེགས༴ བྷྱོཿརཀྨོ་སོགས་བརྗོད། གཏོར་མ་བཞག སྔགས་བརྗོད་ཅིང་བདུད་རྩི་སྦྱིན། སྔོན་ཚེ་བཅོམ་ལྡན་སོགས་ཤིས་པ་བརྗོད། དེ་ནས་སློབ་དཔོན་གྱི་ཞལ་ནས་སྔགས་ཕྲེང་བྱུང༌། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་བྷྱོཿཡིག་ལ་ཐིམ་པས་གསུང་གི་བྱིན་རླབས་ཞུགས་པར་མོས་ནས་སྔགས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། བྷྱོཿརཀྨོ་སོགས་ལན་གསུམ་གྱི་རྗེས་ཟློས་བྱས་པས་ལྷ་མོའི་གསུང་གི་བྱིན་རླབས་ཞུགས། ངག་གི་དྲི་མ་དག ལྷ་མོས་ཁྱེད་རང་རྣམས་ཀྱིས་བཀའ་བསྒོ་བ་བཞིན་བསྒྲུབས་པའི་མོས་པ་མཛོད། དེ་གསུང་གི་རྗེས་གནང་ཡིན། ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་སོགས། ཡང་གཏོར་མ་ལྷ་མོར་གསལ་བ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས་པའི་མོས་པ་མཛོད། དམ་རྫས་གཏོར་མའི་དབང་བསྐུར་བས། །ཐུགས་ཀྱི་ཕྲིན་ལས་ལྷུན་གྲུབ་ནས། །དམ་ཅན་འདུ་ཞིང་འཁོར་བ་དང༌། །དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག །བྷྱོཿརཀྨོ་སོགས་བརྗོད། གོང་ལྟར་བདུད་རྩི་སྦྱིན། བཀྲ་ཤིས་བརྗོད། དེས་ལྷ་མོའི་ཐུགས་ཀྱི་རྗེས་གནང་ཐོབ། སེམས་ཀྱི་དྲི་མ་དག ཁྱེད་རང་རྣམས་ཀྱི་སེམས་དང་ལྷ་མོའི་ཐུགས་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། དེ་ཐུགས་ཀྱི་རྗེས་གནང་ཡིན། ཕྲིན་ལས་གཏོར་མས་བཀའ་བསྒོ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་སོགས། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། གཏོར་མ་འདི་ཉིད་ལྷ་མོར་གསལ་བ་ཁྱེད་རང་རྣམས་ཀྱི་དབུ་ཐོག་ཏུ་བཞག་ནས་བཀའ་བསྒོ་བ་ཕུལ་བའི་མོས་པ་མཛོད། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། པཎྜི་ཏ་ཤེས་རབ་གསལ་བ། ལྕེ་འབྱུང་གནས་བཟང་པོ། གནུབས་རྒྱལ་བ་ཡེ་ཤེས། ཞང་ཤེས་རབ་བླ་མ། ཞང་«སཾ་གྷ་་་་་་»པདྨ་བྷ་དྲ། ཞང་དཔལ་ཆེན་འོད། ཞང་རྡོ་རྗེ་རྩེ་མོ། ཞང་ཉི་མ་«གྲགས་་་་་་»འོད། ཞང་རིན་ཆེན་རྣམ་རྒྱལ། བསམ་གླིང་པ་སངས་རྒྱས་འབྱུང་བ།

p. 568

འཁོན་སྟོན་ཐུགས་རྗེ་རིན་ཆེན། བྱང་སེམས་«རིན་ཆེན་་་་་་»བློ་གྲོས་མགོན་པོ། ཉི་མ་བཤེས་གཉེན། དཀོན་མཆོག་བཟང་པོ། འཇམ་དབྱངས་མགོན་པོ། འཇམ་དབྱངས་རལ་གྲི། ནམ་མཁའ་«མ་བྱུང་་་་་་»སྨོན་ལམ། འཕགས་པ་ནམ་མཁའི་སྙིང་པོ། ལྷ་བཙུན་ནམ་མཁའ་རྒྱལ་མཚན། བྱས་འགྱུར་བསོད་ནམས་«སེང་གེ་་་་་་»རྒྱལ་མཚན། དཔལ་ལྡན་བཀྲ་ཤིས། མུས་ཆེན་ནམ་མཁའ་དབང་ཕྱུག འཇམ་དབྱངས་ཀུན་དགའ་ལེགས་གྲུབ། བྱམས་པ་ཀུན་དགའ་ཆོས་གྲགས། གྲུབ་ཆེན་ཀུན་དགའ་རྣམ་རྒྱལ། མཁྱེན་རབ་ངག་གི་དབང་ཕྱུག དྲིན་ཆེན་རྩ་བའི་བླ་མ་དམ་པ་དང༌། གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་འདོད་ཁམས་དབང་ཕྱུག་ལྷ་མཆོག་དམག་ཟོར་རྒྱལ་མོ་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཚེ་དང་དཔལ་འབྱོར་སྙན་གྲགས་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ། བྷྱོཿརཀྨོ་སོགས་ཀྱི་མཇུག་ཏུ་མ་མ་སརྦ་ཀརྨ་སིདྡྷི་ཀུ་རུ་ཧཱུྃ་ཞེས་བརྗོད། གཏོར་མ་མགོར་བཞག དེ་ལྟར་བཀའ་བསྒོས་ནས་ལྷ་མོས་བཀའ་བསྒྲུབ་པར་ཞལ་གྱིས་བཞེས་པའི་མོས་པ་མཛོད། དེ་རྣམས་ཀྱིས་རྗེས་གནང་གི་དངོས་གཞི་གྲུབ་ནས་དེ་དག་གི་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། རྗེས་གནང་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཀྱང་འབུལ་བས་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེས་ཁྱེད་རང་རྣམས་ཀྱིས་འདོད་ཁམས་དབང་ཕྱུག་དམག་ཟོར་མའི་རྗེས་གནང་ཐུན་མོང་མ་ཡིན་པ་ལེགས་པར་ཐོབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་

p. 569

སོགས་ཀྱིས་དགེ་བ་བསྔོས། སློབ་མ་རང་གནས་སུ་བཏང༌། གསུམ་པ་རྗེས་ནི། ལྷ་མོ་ལ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཧོཿ མ་ཧཱ་རཀྟ་པཱུ་ཛ་ཧོཿ ཞེས་སྨན་རཀ་ཕུལ། བཅོམ་ལྡན་གཤིན་རྗེ་གཤེད་པོའི་སྤྱན་སྔ་རུ། །ཞེས་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་བཟོད་པར་གསོལ། ཙ་ཀ་ལི་ལ་སོགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། རྟེན་མེད་པ་རྣམས་ཨོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཞེས་གནས་གསུམ་བསྲུང༌། དགེ་བ་བསྔོ་བ་དང་བཀྲ་ཤིས་རྒྱས་པར་བྱའོ། །དེ་ལྟར་འདོད་ཁམས་དབང་ཕྱུག་དམར་ཟོར་མའི། །གཏོར་ཆོག་རྗེས་གནང་ཆོ་གར་བཅས་པ་རྣམས། །གོ་བདེའི་ངག་གིས་གསལ་བར་བཤད་པའི་དགེས། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འགྲུབ་པར་ཤོག །ཅེས་འདོད་ཁམས་དབང་ཕྱུག་དམག་ཟོར་མའི་ཐུན་མོང་མ་ཡིན་པའི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་བསམ་འཕེལ་ནོར་བུ་ཞེས་བྱ་བ་འདི་ཡང་དོན་གཉེར་གྱི་རྡོ་རྗེ་སློབ་བུ་རྣམས་ཀྱི་གསུང་གིས་བསྐུལ་ངོར། ཤཱཀྱའི་བཙུན་པ་ཀུན་དགའ་ལྷུན་གྲུབ་ཀྱིས་ཤར་ཆེན་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་ཡི་གེ་ལས་གསལ་བར་བཀོད་པ་འདི་ཡང་འཕར་བ་ཞེས་པ་ལྕགས་གླང་མཆུ་ཟླ་བ་ཕྱི་མའི་ཚེས་དགེ་བར་དབེན་གནས་རྨོར་དགོན་པར་བྲིས་པའོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། པཎྜི་ཏ་ལྭ་བ་དམར་པོ། ལྕེ་འབྱུང་གནས་བཟང་པོ། གནུབས་རྒྱལ་བ་ཡེ་ཤེས། ཞང་ཅོག་གྲུ་ཤེས་རབ་བླ་མ། སྲས་སཾ་གྷ་བྷ་དྲ། སྲས་དཔལ་ཆེན་འོད་པོ། དེ་སྲས་ཞང་མདོ་སྡེ་རྩེ་མོ། ཞང་དིང་རི་བ་ཉི་མ་གྲགས། བསྟན་བཟང་བ་རིན་ཆེན་རྣམ་རྒྱལ། བསམ་གླིང་པ་སངས་རྒྱས་འབྱུང་བ། འཇམ་དབྱངས་འཁོན་སྟོན་ཐུགས་རྗེ་རིན་ཆེན། བྱང་སེམས་རིན་ཆེན་མགོན་པོ། ཆོས་རྗེ་ཉི་མ་བཤེས་གཉེན། ཆོས་རྗེ་དཀོན་མཆོག་དཔལ་བཟང་པོ། རྗེ་བཙུན་འཇམ་དབྱངས་མགོན་པོ། བོ་དོང་བ་འཇམ་དབྱངས་རལ་གྲི། ནམ་མཁའ་སྨོན་ལམ། རྗེ་ནམ་མཁའི་སྙིང་པོ། རྗེ་ནམ་མཁའ་རྒྱལ་མཚན།

p. 570

བྱ་འགྱུར་བ་བསོད་ནམས་སེང་གེ། ཡང་དགོན་པ་དཔལ་ལྡན་བཀྲ་ཤིས། སྔགས་འཆང་ཀུན་དགའ་རིན་ཆེན། ངོར་ཆེན་དཀོན་མཆོག་དཔལ་ལྡན། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། ཤར་པ་ཡེ་ཤེས་བཟང་པོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་མན་བཙལ།། །།

ཆོས་ཀྱི་རྒྱལ་པོའི་རྒྱ་གཞུང་ལ་ལི་ཏ་བཛྲ་གྱིས་མཛད་པ།

p. 571
p. 572

ཆོས་ཀྱི་རྒྱལ་པོའི་རྒྱ་གཞུང་ལ་ལི་ཏ་བཛྲ་གྱིས་མཛད་པ་བཞུགས་སོ།།

p. 573

རྒྱ་གར་སྐད་དུ། ཡ་མ་ཀརྨ་རཱ་ཛ་དྷརྨཱ་སཱ་དྷ་ན་ནཱ་མ། བོད་སྐད་དུ། ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཞེས་བྱ་བ། འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །འཆི་བ་ཡི་དྭགས་རྒྱལ་པོ་ནི། «།མིང་གི་རྣམ་གྲངས།་་་་་»འཆི་བདག་བདུད་«་་་་་ལྷན་ཅིག་སྐྱེས་པའི་»ཅེས་བྱ་བ་སྟེ། «།གང་གི་བདུད་ན་་་་་་»འགྲོ་བ་ཀུན་གྱི་ལས་ཀྱི་བདུད། «།ཇི་ལྟར་གནས་ན།་་་་་»ལུས་དང་གྲིབ་མའི་ཚུལ་བཞིན་དུ། «།གང་ལ་ཡོད་ན་་་་་་»འགྲོ་བ་ཀུན་ལ་སྣང་བ་སྟེ། །ཕུང་པོ་ཉིང་མཚམས་སྦྱོར་«་་་་་ཀུན་གྱི་སྲོག་ལེན་པར་བྱེད་»བ་ཡིས། །འཇིགས་པ་དེ་ཡི་གཟུགས་མཐོང་ནས།«་་་་་སྲོག »།ཡ་«་་་་་གཤིན་རྗེ་»མ་དེ་ཡི་དྲི་ངན་འབྱུང༌། །དེས་ན་རང་གི་སྲོག་«་་་་་ལེན་པས་»གི་བདུད། །ལྟག་པའི་ཕྱོགས་ན་«་་་་་རྩ་གཤིན་རྗེའི་གདོང་པ་ལྟ་བུ་སྟེ་»གནས་པ་སྟེ། «།མཆེ་བ་་་་་་»གཙིགས་པ་ཅན་ལ་ཕྱག་འཚལ་ལོ། །དེ་ལ་«་་་་་གཟུགས་བརྙན་ལ་བརྟེན་ཏེ་བསྒྲུབ་པ།» འཆི་བདག་སྐྱེས་བུའི་གཟུགས། །ཁྲུ་གང་ཡི་དྭགས་གོས་«་་་་་རོ་རམ་»ལ་བྲི། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །འཇིགས་«་་་་་སུ་རུང་བ་»པ་རལ་པ་མཆེ་བཞི་གཙིགས། །རྒྱན་«་་་་་སྦྲུལ་དང་སྟག་ལྤགས་ལ་སོགས་»མེད་རུས་པའི་ཕྲེང་བ་ཅན། །གཡས་པ་ཡ་མའི་དབྱུག་པ་ཅན། །སྡིགས་མཛུབ་ཞགས་པ་གཡོན་ན་བསྣམས། །གདན་མ་ཧེ་དག་ལ་གནས་པ་བྲི། །དེ་ནས་རྣལ་འབྱོར་ཆེན་པོ་ཡི།«་་་་་སྒྲུབ་པ་པོ།» «།ཡ་མའི་་་་་་»མདུན་དུ་གནས་ལ་ཞི་གནས་བྱ། །ཡང་ན་«་་་་་ཡའམ་དབྱུག་པའམ་གྲི་གུག་

p. 574

ས་ཏི་རྣམ་«་་་་་ས་བོན་ཕྱག་མཚན་ལྷ་སྐུ།» གསུམ་ལས། །ཧཱུྃ་«་་་་་ཡང་ན་»ལས་ནག་པོ་ཆེན་པོ་སྟེ། །ཡི་གེ་བཅུ་གཅིག་བརྗོད་བྱས་ལ། །རས་ལ་བྲིས་པ་བཞིན་དུ་བསྒོམ། །ཨོཾ་«་་་་་གཟུགས་ནག་པོ་གཤིན་རྗེའི་རྒྱལ་པོ།» ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ། དེ་ནས་བསྙེན་པ་བྱ་བར་གསུངས། །དུར་ཁྲོད་ནགས་ཚལ་སོང་བྱས་ལ། །བཟླས་«་་་་་འཇིགས་བྱེད་ཀྱི»་བརྗོད་བྱས་པའི་ཚུལ་དག་གིས། །ཧ་ཧ་བཞད་«་་་་་དང་པོ་རྨི་ལམ་དུ་»ཅིང་ཡོང་བར་རིག །མངོན་དུ་གྱུར་ནས་བ་ལིཾ་སྦྱིན། །དེ་ལ་«་་་་་བསྙེན་པ་དང་གཏོར་མ་གཉིས་འོང་བ་ལ་ཐོག་མར་འདིའོ།» བསྙེན་པའི་སྙིང་པོ་འདིའོ། །ཨོཾ་ཀཱ་ལ་རཱུ་«་་་་་གཟུགས་ནག་པོ་འཇིགས་པའི་གནོད་སྦྱིན་»པ་བྷི་མ་ཡཀྵ་ཧཱུྃ་མ་«་་་་་ཁྲོ་བོ་ཆེན་པོ།» ཧཱ་རོ་ཥ་ཎ། «མིའི་གྲུབ་པ་་་་་»ན་ར་«་་་་་བར་བཅུ་བཞི་»སིདྡྷ་ཡེ། སརྦ་བྷཱུ་«་་་་་འབྱུང་པོ་ཐམས་ཅད་ཀྱི་མངའ་བདག་»ཏ་ཨ་དྷི་པ་ཏ་ཡེ། ཡ་མ་«་་་་་ཐ་མ»་རཱ་«་་་་་གཤིན་རྗེའི་རྒྱལ་པོ།» ཛཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཐོག་མ་«་་་་་བཅོ་ལྔ་དང་»མཐའ་«མ་»དང་ཡང་དག་ལྡན། །བཅུ་བཞི་«་་་་་བར་གྱི་»ཕྱེ་བ་བསྙེན་པ་ཡིན། །རིམ་པ་བཞིན་དུ་མ་ཕྱེ་བ། །ཉེ་བའི་བསྙེན་«་་་་་ཁྱད་པར་གྱི།» པ་ཡིན་པར་ཤེས། །གྲུབ་«་་་་་རྟགས་རྨི་ལམ་དུ་གསལ»་སྟེ་མངོན་དུ་གྱུར་པ་ན།«་་་་་ནུབ་མང་དུ་བྱུང་ན་གཏར་བཟུང་བའི།» །ཤ་ཆེན་གཏོར་མ་ཆེན་པོ་སྦྱིན། །ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ། ཨི་དཾ་བ་ལིནྟ་«་་་་་གཏོར་མའི་སྔགས་»གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚོགས་ལ་«་་་་་བསྙེན་པ་ཐོན་པ་དང་ཉེ་བསྙེན་བྱ་བསྟོད།» སོགས་པ་སྔོན་དུ་སྦྱིན། །

p. 575

དེ་ལྟར་གྲུབ་ནས་ལས་བྱ་སྟེ། །བྷནྡྷ་མཚན་ངན་«་་་་་རབས་ཆད་»བཟང་པོར་བསྩལ། །དུམ་བུ་གཅིག་གམ་གཉིས་པ་ལ། །དཔྲལ་བའི་ངོས་ནས་ལྟག་པར་དྲང༌། །མི་ཐོད་དག་གམ་རོ་རས་ལ། །གནོད་སྦྱིན་བཻ་བྷ་སྭ་ཏའི་གཟུགས། །སྣག་ཚ་བྱ་རོག་ཁྲག་དང་ནི། །དུར་ཁྲོད་སོལ་བ་བོང་བུའི་ཆུས། །མི་རྐང་སྨྱུག་གུས་ལེགས་པར་བྲིས། «།ཉེ་བསྙེན་དུས་སུ།» སྤྱི་བོའི་ངོས་ཀྱི་ཕྱོགས་དག་ལ། །རས་ལ་འཁོར་ལོ་བྲི་བར་བྱ། །རིམ་པ་གསུམ་བསྐོར་ལྡན་པ་ལ། །རིམ་པ་གཉིས་པ་དག་ལ་ནི། །རྩིབས་གཉིས་གཉིས་ཀྱི་ཚད་ལ་བྲི། །དེ་ལ་གསང་སྔགས་འགོད་པ་ནི། །མ་མ་ཤ་ཏྲཱུཾ་ཨ་མུ་ཀཾ །འཁོར་ལོ་ལྟེ་བའི་དབུས་སུ་བྲི། །ཤར་ནས་བརྩམས་པས་འདི་ལྟ་སྟེ། ༡ །ཏྲོ་ས་ཡ་ཏྲོ་ས་ཡ། ༢ ཨ་ཀཌྜྷ་ཡ་ཨ་ཀཌྜཏ་ཡ། ༣ ཤོ་ཥ་ཡ་ཤོ་ཥ་ཡ། ༤ ཧ་ན་ཧ་ན། ༥ ད་ཧ་ད་ཧ། ༦ པ་ཙ་པ་ཙ། ༧ བནྡྷ་བནྡྷ། ཙུརྞ་ཙུརྞ། ༨ རིམ་པ་ཐ་མ་དག་ལ་ནི། །ཤར་ནས་བརྩམས་ནས་འདི་ལྟར་བྲི། ༡ །ཙཀྵ་བཛྲ་ན་གྷོ་ར་ས་ཏྲ་ཡ། ༢ ཀྵེ་ཊ་པཱ་ལ་ཡ། ༣ ཚིནྡྷ་ཚིནྡྷ། ༤ བྷིནྡྷ་བྷིནྡྷ། ༥ ཐཱཾ་ཀཾ་བྷ་ཛཾ་པཱ་ཏི། ༦ རུ་དྷི་ར་ཨརྒྷ་པ། ༧ མཱཾ་ས་ཡ། ༨ བཛྲ་ཡེ་བཛྲ་ཡེ། སྟྭཾ་བྷ་ཡ་ཧཱུྃ་ཕཊ། བར་དུ་དགྲ་ཡི་མིང་རུས་བྲི། །རྒྱ་སྲུབ་དག་ལ་གསང་སྔགས་བྲི། །སྐུད་པ་སྔོན་པོ་ནག་པོ་ཡིས། །ཐོད་པ་དེ་ནི་བསྡམ་པར་བྱ། །རོ་ཤིང་མེ་ལ་བྷནྡྷ་བསྲོ། །དེ་ལྟར་ཞག་གསུམ་བྱས་ནས་ནི། །ལས་ཀྱི་འཆི་བདག་ཁྲུ་གང་པ། །ཞལ་«ཨོཾ་མཱ་ར་ཡ་ཞེས་ཟེར་བ་འདུག་གོ་»གཅིག་ཕྱག་གཉིས་མཆེ་བ་གཙིགས། །གྲོག་མཁར་བདུན་དང་རྣམ་སྣང་དང༌། །དུར་ཁྲོད་སོལ་བའི་རྒྱུད་དག་ལ། །བོང་བུའི་ཆུ་ཡིས་གཟུགས་བྱས་ཏེ། །དེ་ཡི་སྙིང་གར་ཐོད་པ་གཞུག །འཁོར་ལོ་ལ་བྲིས་སྔགས་བཟླས་ཏེ། །མར་ཚེས་བཅུ་བཞི་དང་བརྒྱད་ལ། །དུར་ཁྲོད་ལྷ་ཁང་དག་ཏུ་མནན། །དེ་ལྟར་ལས་ནི་རྫོགས་གྱུར་ན། །གང་ལ་བྱས་པའི་དངོས་པོ་དེ། །རང་གི་བདུད་ཀྱི་དབང་དུ་འགྱུར། །འཆི་བ་ཡི་དྭགས་རྒྱལ་པོ་ནི། །མ་དྲོས་མཚོ་ཡི་འབྲི་འཁྱིལ་ལ། །རི་ནག་དགུ་ཡི་ཕ་མཐའ་སྟེ། །སྤོས་ངད་རི་བོའི་བར་དག་ན། །ཆུ་དང་ཞེང་དུ་ཆ་མཉམ་མཚོ། །དེ་འོག་དཔག་ཚད་ལྔ་བརྒྱའི་འོག །འཆི་བདག་ཡི་དྭགས་རྒྱལ་པོའི་གནས། །འགྲོ་བའི་ལྟག་པའི་ཕྱོགས་ན་

p. 576

གནས། །དེ་ཡི་ཡུམ་སྟེ་ཙཱ་མུཎྜཱི། །རབས་ཆད་ཕོ་མོའི་ཐོད་པ་ལ། །ཡ་གཉིས་དག་གི་བར་དུ་ཡང༌། །རོ་རས་དག་ལ་གཟུགས་བྲི་བ། །ཞལ་དང་ཕྱག་ཞབས་སྔོན་བཞིན་བྲི། །དེ་ལ་འཆི་བདག་ཙཱ་མུཎྜཱི། །ནག་པོ་མིག་གསུམ་ཁྲོ་གཉེར་ཅན། །ཁ་གདངས་སྐྲ་བརྫེས་ནུ་མ་འཕྱངས། །གསུས་ཆེན་དུད་འགྲོའི་གོས་གྱོན་མ། །གཡས་ན་ཏྲི་ཤཱུལ་གཡོན་པ་ཡང༌། །མི་ཡི་ཐོད་པ་དག་དང་སྦྱར། །མི་ཡི་རྒྱུས་པས་བསྡམས་པ་ཡི། །བར་དུ་འཁོར་ལོ་གཞུག་པར་བྱ། །དེ་ནས་འཆི་བདག་འཁོར་ལོ་ནི། །སྔ་མ་བཞིན་དུ་བྲི་བར་བྱ། །དེ་ལ་ཡ་མ་མོ་འཁོར་ནི། །རས་ལ་འཆི་བདག་ཚུལ་བཞིན་དུ། །རྩིབས་བརྒྱད་གཉིས་དང་ལྡན་པ་ཡི། །དབུས་ནས་བརྩམས་ནས་འདི་བཞིན་བྲི། །མ་མ་སརྦ་ཤ་ཏྲཱུཾ། ལྟེ་བའི་དབུས་སུ་བྲི་བར་བྱ། ཤར་ནས་རིམ་པ་འདི་བཞིན་བྲི། །ཨ«ཀ»་མུ་ཀ་སྱ། དྷུ«ཁ»་ན་དྷུ་ན། བ«ག»ནྡྷ་བནྡྷ། མ«ང»་ཐཱ་མ་ཐཱ། པྲ«ཅ»་མ་ཐཱ་པྲ་མ་ཐཱ། «ཆ»ཧཱུྃ་ཛྭ་ར་ཛྭ་ར། «ཇ»ཛྭ་རེ་ནེ་བྷྱ། «ཉ»དྷི་རོ་གེ་ནཾ། རིམ་པ་ཐ་མ་དག་ལ་ནི། །ཤར་ནས་རིམ་པ་འདི་ལྟ་སྟེ། །«ཀ»ཉི་ཀ་ན་ཤི་བཾ། «ཁ»ཡཾ་རཾ་རཾ་ཚུ་སྱ། ཨ«ག»་བི་ཥ་ཡ། ཛ«ང»མ་བྷཾ་ཧྲི་ད་ཡཾ། ཚི«ཅ»ནྡྷ་ཚིནྡྷ། མ«ཆ»་དེ་པ་ཤི་བཾ། མཱ«ཇ»་ར་ཡ་མཱ་ར་ཡ། ནཱ«ཉ»་ཤ་ཡ་ཧཱུྃ་ཕཊ། འཁོར་ལོ་གཉིས་ཀྱི་བར་དུ་ཡང༌། །གང་ལ་བྱ་བའི་མིང་རུས་གཞུག །བླ་མས་འཆི་བདག་བསམ་བྱས་ཏེ། །སྲོག་གི་སྙིང་པོ་གདོན་པར་བྱ། །གོས་སྔོན་གྱོན་པ་དེ་བཞིན་དུ། །ཡུམ་མམ་ལས་མཁན་དཔའ་བོ་ནི། །ཡུམ་གྱི་སྲོག་སྙིང་བཅུ་པ་འདོན། །ཨོཾ་ཧྲཱིཿཙཱ་མུཎྜཱི་བྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡབ་ཡུམ་འཁོར་ལོ་གང་ཡིན་པ། །གང་གི་ཐོད་པར་གཞུག་པར་བྱ། །ཤི་བའི་སྐྲ་ཡི་སྐུད་པའམ། །མི་རྒྱུས་དག་གིས་མཁས་པས་བསྡམ། །མི་ཡི་རྒྱུས་པས་གཟུངས་ཐག་བྱས། །གཙོ་དང་ཡུམ་གྱི་གཟུགས་བྱས་ནས། །མཎྜལ་སྟེང་བཞག་བཟླས་པ་བྱ། །འཁོར་ལོ་སྟེང་འོག་སྔགས་བཟླས་པ། །གཙོ་དང་ཡུམ་གྱི་འབུམ་ཕྲག་བཟླས། །དེ་ནས་བཟླས་པ་རྫོགས་པ་དང༌། །དུར་ཁྲོད་དང་ནི་ལྷ་ཁང་ངམ། །ལྷ་ཀླུ་དྲག་པོའི་གནས་སུ་མནན། །ལྷ་ལ་སོགས་པ་ཤི་བར་བསྟན། །དེ་ཡི་སྒྲུབ་པའི་གནས་རྣམས་ཀྱང༌། །དབེན་པའི་ཕྱོགས་སུ་བྱས་ནས་ནི། །

p. 577

བླ་མ་ཕ་མ་མཆོད་པའི་གནས། །དེ་ལ་གནོད་པའི་དགྲ་བོ་རྣམས། །གང་བྱུང་ཡང་ནི་བསྒྲལ་བར་བྱ། །དེ་ཚེ་བསྒྲལ་བར་མ་བྱས་ན། །རང་ཉིད་འཆི་བར་བསྟན་པ་ཡིན། །གསང་བྱ་གཞན་ལ་བསྟན་མི་བྱ། །ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས། སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ་རྫོགས་སོ། །བལ་པོ་ཐུགས་རྗེ་ཆེན་པོ་དང༌། བོད་ཀྱི་བནྡེ་ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ། ༈ །དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱི་བསྙེན་པ་སྔོན་དུ་སོང་ནས། དགྲ་བོ་རང་གི་སྲོག་གི་བདུད་ལུས་དང་གྲིབ་མའི་ཚུལ་བཞིན་དུ། འཆི་བདག་གི་བདུད་ལྟག་པའི་ཕྱོགས་ནས་གཤིན་རྗེའི་གདོང་ལྟ་བུའི་རྩ་ལ་བརྟེན་ནས་དགྲ་བོ་བསད་པའི་མན་ངག་ལ་གསུམ་སྟེ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་དུར་ཁྲོད་ཀྱི་རས་ལ་འཆི་བདག་ཞལ་གཅིག་ཕྱག་གཉིས་པ་མདོག་ནག་པོ་རལ་པ་དང་བཅས་ཤིང་མཆེ་བ་གཙིགས་པ། གཅེར་བུ་རུས་པའི་རྒྱན་ཅན་ཕྱག་གཡས་པས་ཐོད་དབྱུག་འཛིན་པ། གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། མ་ཧེའི་སྟེང་ན་གནས་པ་བྲིའོ། །དེའི་ཡུམ་ཙ་མུཎྜཱི་མདོག་ནག་མོ་སྤྱན་གསུམ་པ་ཁྲོ་གཉེར་ཅན་ཞལ་གདངས་ཤིང་སྐྲ་བརྫེས་པ། ནུ་མ་འཕྱང་བ་གླང་པོ་ཆེའི་ཀོ་རློན་གོན་པ། ལག་པ་གཡས་ན་ཏྲི་ཤཱུ་ལ། གཡོན་ན་ཐོད་པ་བསྣམས་པ་བྲིའོ། །དེ་ལ་རབ་ཏུ་གནས་པར་བྱ་བ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་པར་རྟོགས་པ་གསལ་བར་བསྒོམས་ལ་བཟླས་པ་ཅུང་ཟད་ཅིག་བྱས་ལ། བྲིས་སྐུ་སྭ་བྷཱ་ཝས་སྟོང་པར་བྱས་ལ། དེའི་ངང་ལས་ས་བོན་ཕྱག་མཚན་ལས་ཇི་ལྟར་བྲིས་པ་བཞིན་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། འདི་ནས་དཔག་ཚད་ལྔ་བརྒྱའི་ས་འོག་ནས་འཆི་བདག་ཡབ་ཡུམ་བཀུག་ལ་དགུག་གཞུག་བྱའོ། །དེ་ནས་རིག་ལྔས་དབང་བསྐུར་བས་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་བསྒོམས་ལ། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ། བརྒྱ་རྩ་བརྒྱད་བཟླས་ནས་མེ་ཏོག་གཏོར་རོ། །དེ་ནས་གནས་དབེན་པར་མཆོད་པ་དང་གཏོར་མ་བཤམས་ལ། རང་ཉིད་འཇིགས་བྱེད་དུ་གསལ་བའི་ཐུགས་ཀ་ནས་

p. 578

འོད་འཕྲོས་པས། གཤིན་རྗེ་ཕོ་མོས་ལས་བྱེད་པར་བསམ་ཤིང༌། ཨོཾ་ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ། མཧཱ་རོ་ཥ་ཎ། ཡ་མ་རཱ་ཛཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་གཅིག་བཟླས་སོ། །ཐུན་མཚམས་སུ་མཆོད་པ་དང་གཏོར་མ་འབུལ། བསྟོད་པ་བྱས། ཕྲིན་ལས་བཅོལ། བསྙེན་པ་བྱ་བའོ། །གཉིས་པ་སྒྲུབ་པ་ནི། དུར་ཁྲོད་ལ་སོགས་པའི་གནས་སུ་ཕྱིན་ནས་མཆོད་གཏོར་གོང་བཞིན་བཤམ། ཁྱད་པར་དུ་གཏོར་མ་ཤ་ཆེན་དང་ཁྲག་གིས་བརྒྱན། དམིགས་པ་ནི་དགྲ་བོའི་ལིངྒ་དང་འཁོར་ལོའི་མིང་སྤེལ་ལ་རྣམ་ཤེས་དགུག་གཞུག་བྱས་ལ། སྔགས་རིམ་པ་བཞིན་དུ་མ་འཆོལ་བར་བཟླས་པ་ནི། ཨོཾ་ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ། མ་ཧཱ་རོ་ཥ་ཎ། ན་ར་སིདྡྷ་ཡེ། སརྦ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ། ཡ་མ་རཱ་ཛཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ཧྲཱིཿཙ་མུནྜཱི་བྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་རྟགས་མ་བྱུང་བར་དུ་བཟླས་སོ། །རྟགས་བྱུང་ནས་གཏོར་མ་བྱིན་གྱིས་བརླབས་ནས་སྔགས་འདིས་འབུལ་ལོ། །ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ། ཨི་དཾ་བ་ལིཾ་ཏ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་བཟླས་པས་ཕུལ་ལ་མཆོད་བསྟོད་འཕྲིན་ལས་གཞོལ། སྒྲུབ་པའོ། །ལས་ལ་སྦྱར་བ་ནི། ཐོད་པ་མཚན་ངན་དུམ་བུ་གཅིག་པའམ་གཉིས་པ་ལ་དཔྲལ་བའི་ངོས་ནས་ལྟག་པར་དྲངས་ལ། དེ་ནས་དུར་ཁྲོད་ཀྱི་རས་ལ་སྣག་ཚ་བྱ་རོག་གི་ཁྲག་དང༌། དུར་ཁྲོད་ཀྱི་སོལ་བ་དང༌། བོང་བུའི་ཆུ་བསྲེས་ལ་མི་རྐང་གི་སྨྱུག་གུས་འཁོར་ལོ་དཔེའུ་ཆུང་བཞིན་བྲིས་ལ། ཡུམ་གྱི་འཁོར་ལོ་ཡང་དཔེའུ་ཆུང་བཞིན་བྲིས་ཏེ་ཐོད་པ་གཉིས་ཀྱི་རྒྱ་སྲུབ་ལ་ཡང་རབ་ཏུ་དགྲ་བོའི་མིང་རུས་དང་སྔགས་ཚང་བར་བྲི། ཐོད་པ་གཉིས་ལ་ཡབ་ཡུམ་གཉིས་ཀྱི་འཁོར་ལོ་བག་ཆུས་སྦྱར་ལ། བར་དགྲ་བོའི་ལིངྒས་བར་མཚམས་མེད་པར་བཀང་ལ། ཐོད་པ་གཉིས་ཁ་སྦྱར་ལ། སྲད་བུ་ནག་པོས་རྒྱ་གྲམ་དུ་བསྡམས་ལ་དུར་ཁྲོད་ཀྱི་མེ་ལ་བསྲོ་ཞིང་བསྙེན་པ་ཞག་གསུམ་བྱ། དེ་ནས་ཐོད་པ་མཎྜལ་གྱི་སྟེང་དུ་བཞག་ལ་མིའི་རྒྱུས་པས་གཟུངས་ཐག་བཏགས་ནས། འཁོར་ལོ་སྟེང་འོག་གི་སྔགས་དང༌། གཙོ་བོ་དང་ཡུམ་གྱི་སྔགས་འབུམ་ཕྲག་བཟླས་པ་རྫོགས་པ་ན། གཤིན་རྗེའི་འཁྲུལ་འཁོར་སྙིང་གར་

p. 579

བཅུག་ནས། དུར་ཁྲོད་དམ་ལྷ་ཁང་ངམ་ལྷ་ཀླུ་དྲག་པོའི་གནས་སུ་མནན་ནོ། །དེ་ལྟར་བྱས་པས་ལྷ་ལ་སོགས་པ་ཡང་འཆི་བར་འགྱུར་ན་འགྲོ་བ་གཞན་ལྟ་ཅི་སྨོས། ཕ་མ་བླ་མ་མཆོད་པའི་གནས། །གང་ཡིན་མཆོད་པ་ཉིད་དུ་བྱ། །ངེས་པར་འགྲུབ་གསུངས། བསྙེན་སྒྲུབ་བསད་གསུམ་གྱི་མན་ངག རྒྱ་རྒྱ་རྒྱ། ཁ་ཐཾ། ཁ་ཐཾ། ཤིན་ཏུ་གསང་ངོ༌། ༈ །འཆི་བདག་ལས་ཀྱི་གཤིན་རྗེའི་སྒྲུབ་ཐབས་རྒྱ་སྟོན་རིན་པོ་ཆེས་མཛད་པ་བཞུགས་སོ། །རྡོ་རྗེ་འཇིགས་བྱེད་ཕྱག་འཚལ་ནས། །ལས་ཀྱི་གཤིན་རྗེའི་སྒྲུབ་ཐབས་བྲི། །སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲ་གྱིས་མཛད་པའི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ལ་གསུམ། བསྙེན་པ། སྒྲུབ་པ། ལས་ལ་སྦྱར་བའོ། །གནས་དབེན་པར་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་སྔོན་དུ་སོང་བས། རོ་རས་ལ་གྲི་ཁྲག་དང་དུག་དང་རོ་སོལ་གྱིས་ཡབ་ཡུམ་གྱི་ཐང་ཀ་ཁྲུ་གང་གི་ཚད་དུ་བྲི། རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་བསྒོམ། མཚོ་མ་དྲོས་པའི་འོག་ནས་ཆོས་རྒྱལ་ཡབ་ཡུམ་སྤྱན་དྲངས་ལ་བསྟིམ། སྤྱི་བོར་རྡོ་རྗེ་ནག་པོ་རེས་དབུ་བརྒྱན་པར་བསམ། ཐང་ཁ་ཁ་བྱང་དུ་བསྟན། རང་རེ་ལྷོར་བལྟ། མདུན་དུ་དམར་གཏོར་རེ་བཤམ། ཐུན་གཏོར་མགོ་རང་ཉིད་རྡོ་རྗེ་འཇིགས་བྱེད་དུ་བསྒོམས་ལ། ཧྲཱིཿཥྚཱིཿབརྒྱ་རྩ་རེ་བཟླ། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཅེས་བརྗོད་པས་ཐང་ཀ་མི་དམིགས་པ་ལས་ཧཱུྃ་མཐིང་ནག་ཏུ་གྱུར། དེ་ལས་འོད་འཕྲོས་དགྲ་བགེགས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མ་ཧེ་སྔོ་ནག་རབ་ཏུ་ཁྲོས་པའི་སྟེང་ན་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྐུ་མདོག་ཆར་སྤྲིན་ལྟར་ནག་པ། མ་ཧེའི་ཞལ་ཅན་སྤྱན་གསུམ་དམར་ལ་ཟླུམ་པ། མཆེ་བ་བཞི་གཙིགས་པ། རལ་པ་ཁམ་སེར་གྱེན་དུ་བརྫེས་པ། གཅེར་བུ་རུས་པའི་ཕྲེང་བས་མགུལ་པ་བརྒྱན་པ། གཡས་པས་དབྱུག་ཏོ་འཕྱར་བ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ནག་པོ་འཛིན་པ། ཨོཾ་ཧྲཱིཿཥྚཱིཿཙ་མུཎྜཱི་ཧཱུྃ་ཕཊ། ཅེས་བརྗོད་པས་དེའི་གཡོན་དུ་ཧྲཱིཿམཐིང་ནག་ལས་འོད་འཕྲོས་པས། དགྲ་བགེགས་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཙ་མུཎྜཱི་མཐིང་ནག་

p. 580

སྤྱན་གསུམ་པ། ཁ་གདངས་པ། ཁྲོ་གཉེར་བསྡུས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ནུ་མ་འཕྱང་བ། གསུས་པ་ཆེ་བ། ཡན་ལག་ཐུང་ཞིང་རགས་པ། གཡས་ཏྲི་ཤཱུ་ལ་གཡོན་ཐོད་ཁྲག་འཛིན་པ། སྟག་གི་པགས་པ་གྱོན་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མཚོ་མ་དྲོས་པའི་འོག་ནས་ཡབ་ཡུམ་སྤྱན་དྲངས་ལ་བསྟིམ། རྡོ་རྗེའི་ཕྱག་རྒྱ་བསྟན་ལ་ས་མ་ཡ་སྟྭཾ། ཞེས་པས་དམ་ལ་བཞག རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཡབ་ཀྱི་ཐུགས་ཀའི་ཧཱུྃ་དང་ཡུམ་གྱི་ཐུགས་ཀའི་ཧྲཱིཿམཐིང་ནག་ལ་ཕོག་པས་འདར་ཕྲི་ལི་ལི་བྱེད་པར་བསམ། ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ་ཨ་དྷི་པ་ཏ་ཡེ། ཡ་མ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་བསྙེན་པ་ལ་འབུམ་ཚོ་གཅིག་བཟླས། ཨོཾ་ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ་མ་ཧཱ་རོ་ཥ་ཎ་ན་ར་སིདྡྷ་ཡེ་སརྦ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ་ཡ་མ་རཱ་ཛཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བསྙེན་པ་སྟེ། རྟགས་མ་བྱུང་བར་དུ་བཟླ། ཨོཾ་ཧྲཱིཿཙ་མུཎྜཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཡུམ་གྱི་བསྙེན་པའོ། །རྟགས་ནི་སྐུ་གཟུགས་འདར་བ་དང༌། མེ་སྟག་འཕྲོ་བ་དང༌། ཐོག་འཚེག་པ་དང༌། ས་གཡོ་བ་དང༌། མི་ནག་དང༌། བུད་མེད་ནག་མོའི་ཚོགས་རྨི་བའོ། །གཏོར་མ་ཡང་ཨོཾ་ཨཱཿཧཱུྃ་གིས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམས་ལ། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ། ཨོཾ་ཧྲཱིཿཙ་མུཎྜཱི་ཡེ་ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་དབུལ། གསུར་ཆེན་གྱི་དུད་པ་བཏང༌། འཆི་བདག་ནག་པོ་ལྷོ་ཕྱོགས་ཀྱི། །ཞེས་སོགས་ཀྱིས་བསྐུལ་ལོ། །གཉིས་པ་སྒྲུབ་པ་ནི། གྲོག་མཁར་གྱི་ས་དང༌། རྣམ་སྣང་གི་ལྡེར་སོ་ཞིག་པོའི་ས་དང༌། རོ་སོལ་དང་ས་མན་བསྲེས་ལ་བོང་བུའི་ཆུས་སྦྲུས་ཏེ། ལས་གཤིན་གྱི་གཟུགས་ཁྲུ་གང་པ་ཁོང་སྟོང་བྱ། མི་རབས་ཆད་ཀྱི་ཐོད་པ། བམ་རིལ་གྱི་ཡ་ཐོད། འཆི་བདག་བཻ་བྷ་སྭ་ཏའི་གཟུགས་རང་ཡོད། བྱ་རོག་གི་ཁྲག་རོ་སོལ་དང་བོང་བུའི་ཆུས་བསྲེས་ལ་སྣག་ཚ་བྱ། མི་རྐང་གི་སྨྱུག་གུས་བཻ་བྷ་སྦ་ཏའི་གཟུགས་གསལ་བཏབ། རོ་རས་ལ་གོང་གི་སྣག་ཚ་དང༌། སྨྱུག་གུས་གཙོ་བོའི་ང་རྒྱལ་གྱིས་བལྟས་ཏེ། ཡབ་ཆོས་རྒྱལ་གྱི་ལྟེ་བར་འཁོར་ལོ་རིམ་པ་གསུམ་གྱི་ལྟེ་བར་དགྲ་བོའི་མིང་དང་སརྦ་ཤ་ཏྲཱུཾ་ཨ་མུ་ཀ་

p. 581

ཞེས་པ་བྲི། བར་གྱི་རེ་མིག་བརྒྱད་ལ་ཤར་དུ། ཏྲོ་ས་ཡ་ཏྲོ་ས་ཡ་དགྲ་བོ་མཱ་ར་ཡ་ཕཊ། ཤར་ལྷོར་ཨ་ཀ་ཌ་ཌྷ་ཡ་ཨ་ཀ་ཌ་ཌྷ་ཡ་དགྲ་བོ་མཱ་ར་ཡ་ཕཊ། དེ་བཞིན་དུ་ལྷོར་ཤོ་ཥ་ཡ་ཤོ་ཥ་ཡ། ལྷོ་ནུབ་ཏུ་ཧ་ན་ཧ་ན། ནུབ་ཏུ་ད་ཧ་ད་ཧ། ནུབ་བྱང་དུ་པ་ཙ་པ་ཙ། བྱང་དུ་བྷནྡྷ་བྷནྡྷ། བྱང་ཤར་དུ་ཙུརྞ་ཙུརྞ། མཐའ་མའི་རེའུ་མིག་བརྒྱད་ལ། ཤར་དུ་ཙཀྲ་བཛྲ་ན་གྷོ་ར་ས་ཏྲ་ཡ་དགྲ་བོ་མཱ་ར་ཡ་ཕཊ། དེ་བཞིན་དུ་ཤར་ལྷོར་ཀྵེ་ཏྲ་པཱ་ལ་ཡ། ལྷོར་ཚིནྡྷ་ཚིནྡྷ། ལྷོ་ནུབ་ཏུ་བྷིནྡྷ་བྷིནྡྷ། ནུབ་ཏུ་ཐཾ་ཁ་བྷ་ཛེ་པ་ཏི། ནུབ་བྱང་དུ་རུ་དྷི་ར་ཨརྒྷ་པ། བྱང་དུ་མཱ་ད་ས་ཡ། བྱང་ཤར་དུ་བཛྲ་ཡེ་བཛྲ་ཡེ། སྟྭཾ་བྷ་ཡ་དགྲ་བོ་མཱ་ཡ་ཡ་ཕཊ྄། ཅེས་པ་བྲི། ཡུམ་ཙ་མུཎྜཱི་ལྟོ་བར་འཁོར་ལོ་རིམ་པ་གསུམ་བྲིས་པའི་ལྟེ་བར་སརྦ་ཤ་ཏྲཱུཾ། པ་ར་པ་ར་ཨ་མུ་ཀ་སྱ། དགྲ་བོ་མཱ་ར་ཡ་ཕཊ། དེ་བཞིན་དུ་ཤར་ལྷོར་དྷུ་ན་དྷུ་ན། ལྷོར་བྷནྡྷ་བྷནྡྷ། ལྷོ་ནུབ་ཏུ་མཱ་ཐ་མཱ་ཐ། ནུབ་ཏུ་པྲ་མཱ་ཐ་པྲ་མཱ་ཐ། ནུབ་བྱང་དུ་ཧཱུྃ་ཛྭ་ར་ཛྭ་ར། བྱང་དུ་ཛྭ་རེ་ན་བྷྱོ། བྱང་ཤར་དུ་དྷི་རོ་གེ་ནི། རིམ་པ་ཐ་མའི་ཤར་དུ་ཉི་ཀ་ན་ཤཾ་བཾ་དགྲ་བོ་མཱ་ར་ཡ་ཕཊ། དེ་བཞིན་དུ་ཤར་ལྷོར་ཡཾ་རཾ་རཾ་ཚུས་ཡ། ལྷོར་ཨ་བྷི་ཥ་ཡ། ལྷོ་ནུབ་ཏུ་ཛཾ་བཾ་ཧྲི་ད་ཡཾ། ནུབ་ཏུ་ཚིནྡྷ་ཚིནྡྷ། ནུབ་བྱང་དུ་མ་ར་བ་ཤི་བྷཾ། བྱང་དུ་མཱ་ར་ཡ། བྱང་ཤར་དུ་ནཱ་ཤ་ཡ་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་ནི། འཁོར་ལོ་དེ་གཉིས་ཀྱི་བར་དུ་དགྲའི་ལིང་ག་མིང་རུས་ཐམས་ཅད་བྲིས་ནས་གཞུག བཻ་བྷ་སྭ་ཏའི་གཟུགས་ཀྱི་སྟེང་དུ་མོ་འཁོར་འོག་ཕོ་འཁོར་སྟེང་དུ་བཞག མིའི་རུས་པས་འཁོར་ལོ་གཉིས་རྒྱ་གྲམ་དུ་བཅིང༌། དེ་ནས་ཡ་ཐོད་སྟེང་ནས་དགབ། རྒྱ་སྲུབས་ལ་ཧྲཱིཿཥྚཱིཿབྲི། སྐུད་པ་སྔོན་དམར་གྱིས་རྒྱ་གྲམ་དུ་བཅིངས་ལ། ལྡེར་སོའི་ནང་དུ་གཞུག ལྡེར་སོའི་བྲུབ་ཁུང་ཟུར་གསུམ་དུ་བྱས་ལ་ཁ་ལྷོར་བསྟན་ལ་བཞག མདུན་དུ་དམར་གཏོར་བཤམ། རང་ཉིད་དེའི་རྒྱབ་ཏུ་ཁ་ལྷོར་བལྟས་ལ་འདུག བདག་ཉིད་ཡི་དམ་གྱི་ང་རྒྱལ་གྱིས་འཁྲུལ་འཁོར་གཉིས་པོ་གཤིན་རྗེ་གཤེད་ཡབ་ཡུམ་དུ་བསྐྱེད། དེ་གཉིས་སྦྱོར་མཚམས་སུ་དགྲ་བོའི་རྣམ་ཤེས་བསྐྱེད་ལ། ཐུན་མགོ་ལ་དགུག་གཞུག་བྱ། ཉིན་པར་གཤིན་རྗེ་ཕོ་ཉ་བས། ཡབ་ཀྱི་བསྙེན་པ་བྱས་ཏེ། ཏྲོ་ས་ཡ་གཉིས། ཨ་ཀ་ཌ་ཌྷ་ཡ་གཉིས། ཤོ་ཥ་

p. 582

ཡ་གཉིས། ཧ་ན་གཉིས། ད་ཧ་གཉིས། པ་ཙ་གཉིས། བྷིནྡྷ་གཉིས། ཙུརྞ་གཉིས། དགྲ་བོ་མཱ་ར་ཡ་ཕཊ། ཅེས་ཉིན་ཕྱེད་ཚུན་ཆད་བཟླས། ཙཀྵ་བཛྲ་ན་གྷོ་ར་ས་ཏྲ་ཡ། ཀྵེ་ཊ་པཱ་ལ་ཡ། ཚིནྡྷ་གཉིས། བྷིནྡྷ་གཉིས། ཐཾ་ཀ་པ་ཙ་པ་ཏི། རུ་ངྟི་ར་ཨརྒྷཾ་པ། མཱཾ་ས་ཡ། བཛྲ་ཡེ་གཉིས། སྟྭཾ་བྷ་ཡ་གཉིས། དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་ཕྱི་དྲོ་བཟླའོ། །གཤིན་རྗེ་ཕོ་མོའི་དམག་ཚོགས་ཀྱིས་དགྲ་བོ་བསད། ཤ་ཟོས་ཁྲག་འཐུང་བར་བསམས་ལ། ཐོད་པ་ལ་ཐུན་གྱིས་བྲབ། མཚན་མོ་གཤིན་རྗེ་མོ་ཉེ་བས་ཡུམ་གྱི་བཟླས་པ་བྱ་སྟེ། སྲོད་ལ་ཨ་མུ་ཀ་སྱ། དྷུ་ན་གཉིས། བྷིནྡྷ་གཉིས། མཱ་ཐ་གཉིས། པྲ་མ་ཐཱ་གཉིས། ཧཱུྃ་ཛྭ་རེ་གཉིས། ཛྭ་རེ་ན་བྷྱོ། དྷི་རོ་གེ་ནཾ། དགྲ་བོ་མཱ་ར་ཡ་ཕཊ། ཅེས་བཟླས། ཐོ་རངས་ཉི་ག་ན་ཤཾ་བཾ། ཡཾ་རཾ་རཾ་ཚུས་ཡ། ཨ་བྷི་ཤ་ཡ། ཛ་བྷཾ་ཧྲི་ད་ཡཾ། ཚིནྡྷ་གཉིས། མཱང་ས་ཤི་བྷཾ། མཱ་ར་ཡ། ནཱ་ཤ་ཡ། དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་ཏེ་ཐུན་གྱིས་བྲབ་ལ། གཤིན་རྗེ་མོའི་དམག་ཚོགས་རྣམས་ཀྱིས་དགྲ་བོ་རྣམས་བསང༌། ཤ་ཟོས་ཁྲག་འཐུང་བར་བསམས་ལ། ཐུན་བར་གོང་གི་བཞིན་དུ་གཏོར་མ་ཡང་དབུལ། དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ལ་སོགས་པར་བསྒྲུབས་པས་མི་ནག་པོ་ཕོ་མོས་དགྲ་བོ་བསད་པའི་གློ་སྙིང་སྟེར་བ་ལ་སོགས་པའི་རྟགས་འབྱུང་ངོ༌། །རྟགས་མ་བྱུང་ན་ཐོད་པ་དང༌། ལྡེར་སོ་དུར་ཁྲོད་ཀྱི་མེ་ལ་བདུག་ཅིང༌། གོང་གི་སྔགས་རྣམས་བཟླས་པས་རྟགས་འབྱུང་ངོ༌། །གསུམ་པ་ལས་ལ་སྦྱར་བ་ནི། མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་དམ་ལྷ་ཁང་ངམ་ལྷ་ཀླུ་དྲག་པོ་གནས་པའི་ས་རུ་དོང་གྲུ་གསུམ་དུ། འཁོར་ལོ་ལྡེར་སོ་དང་བཅས་པའི་མགོ་ལྷོར་བསྟན་ལ་ཁ་སྦུབ་ཏུ་མནན། རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང་རི་རབ་བྲིས་པས་མནན་ནོ། །ཆོས་རྒྱལ་ཡབ་ཡུམ་སྒྲུབ་ཐབས་འདི། །བཤེས་གཉེན་ཚུལ་ཁྲིམས་བླ་མ་ཡིས། །བསྐུལ་བའི་ངོར་བྱས་རྒྱ་སྟོན་གྱིས། །དབེན་གནས་གངས་དཀར་རྩ་བར་བྲིས། །འདི་ཤིན་ཏུ་ཟབ་པས་དཔེ་ལ་བལྟས་པས་ཆོག ལག་ལེན་རང་ཤེས་ཡིན་པས་གསང་བ་གལ་ཆེ། ༈ །དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་དང་བཅས་པ་

p. 583

བཞུགས་སོ། །ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། ཆོས་སྐུ་ཞི་བའི་ངང་ཉིད་ལས། །གཟུགས་སྐུ་ཁྲོ་ཆེན་སྐུར་བཞེངས་ནས། །ལས་ཉོན་གཤིན་རྗེ་འཇོམས་མཛད་པའི། །བླ་མ་འཇིགས་བྱེད་ལ་བཏུད་ནས། །དེ་ཡི་བཀའ་སྡོད་དྲེགས་པའི་གཙོ། །དམ་ཅན་ཆོས་ཀྱི་རྒྱལ་པོ་ནི། །འཁོར་དང་བཅས་པའི་གཏོར་ཆོག་དང༌། །རྗེས་གནང་ཆོ་ག་བཤད་ཀྱིས་ཉོན། །རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་པས་དབེན་པའི་གནས་སུ། ཡི་དམ་ཆོས་སྐྱོང་གི་བྲིས་སྐུ་དང༌། ཤ་ཁྲག་གིས་བརྒྱན་པའི་གཏོར་མ་དུ་དགོས་པ་དང༌། མཆོད་པ་ཅི་འབྱོར་པ་བཤམས་ལ། བདག་བསྐྱེད་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་རྒྱས་བསྡུས་ཅི་རིགས་པ་སྔོན་དུ་འགྲོ་བས། མཆོད་པ་བྱིན་རླབས་བྱས་ལ། གཏོར་མ་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབ། ཡི་དམ་ཆོས་སྐྱོང་ཕྱོགས་སྐྱོང་རྣམས་ལ་སོ་སོའི་ཆོ་གས་ཕུལ། ལས་གཤིན་གྱི་གཏོར་མ་བྱིན་རླབས་དྲན་པར་བྱས་ལ། ནམ་མཁའི་ཁམས་སུ་རླུང་ནག་རྡོ་རྗེ་བུ་ཡུག་གི་འཚུབ་མའི་ནང་དུ་བསྐལ་པ་འཇིག་པའི་དུས་ཀྱི་ཉི་མ་ལྟ་བུའི་ཁ་དོག་སྣ་ཚོགས་པའི་མེ་དཔུང་རབ་ཏུ་འབར་བས་བསྐོར་བའི་དབུས་སུ། རྡོ་རྗེའི་ས་གཞི་ལྕགས་ཞུན་མ་ལྟ་བུའི་སྟེང་དུ། རཀྟའི་རྒྱ་མཚོ་ཆེན་པོ་གདུག་པའི་སྲོག་ཆགས་དུ་མས་ཡོངས་སུ་ཁྱབ་པ། དེའི་དབུས་སུ་ཀེང་རུས་ཀྱི་རི་རབ་བྱ་དང་གཅན་གཟན་གཏུམ་པོའི་ཚོགས་ཀྱིས་ཡོངས་སུ་གང་བའི། དུར་ཁྲོད་ཀྱིས་བསྐོར་བའི་ནང་དུ་གཤིན་རྗེའི་གྲོང་ཁྱེར་ཆེན་པོ། ཐོད་པ་ལྕགས་ཀྱི་གཞལ་ཡས་ཁང་ཟླུམ་པོ་སྒོ་བཞི་པ། སྟེང་ཀེང་རུས་ཀྱིས་ཕུབ་པ། གཡང་གཞིའི་བླ་བྲེ་དང༌། རྒྱུ་རློན་གྱི་ལྡ་ལྡི་དང༌། རུས་པའི་ཕྲེང་བས་བརྒྱན་པ། ཕྱི་ནང་ཀུན་ཏུ་ཁྲག་དང་ཞག་དང་ཀེང་རུས་ཀྱི་དུམ་བུས་ཁྱབ་པའི་དབུས་སུ། གནམ་ལྕགས་འབར་བ་ལས་གྲུབ་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པདྨ་དང༌། ཉི་མ་དང༌། མ་ཧེའི་སྟེང་དུ་ཡ་ལས་ཐོད་དབྱུག་ཡས་མཚན་པ་ལས། འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་སྐུ་མདོག་ནག་པོ་མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན། ཕྱག་གཡས་པས་ཐོད་དབྱུག གཡོན་པས་ཞགས་པ་འཛིན་པ་དུར་ཁྲོད་ཀྱི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལིངྒ་དམར་པོ་གྱེན་དུ་ལངས་པ། ཞབས་གཡོན་

p. 584

བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་ཧྲཱིཿལས་རྩེ་གསུམ་ཧྲཱིཿས་མཚན་པ་ལས། འཆི་བདག་ཆེན་མོ་ཙ་མུཎྜཱི་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཏྲི་ཤཱུ་ལ་དང་གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། ནུ་མ་འཕྱང་ཞིང་ལྟོ་བ་ཆེ་བ་བ་ལང་གི་ཀོ་བ་རློན་པ་གྱོན་ཞིང་རུས་པའི་ཕྲེང་བས་བརྒྱན་པ། འཁོར་ལོའི་ཕྱོགས་ཀྱི་རྩིབས་བཞི་ལ་ཡ་བ་ཏི་དང༌། ཕྱ་བསང་དང༌། རྨིགས་པ་དང༌། རལ་པ་ཚར་དགུ་སྟེ་ལས་ཀྱི་གཤེད་པོ་བཞི་ཀའང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྣམས་ན་རིམ་པ་བཞིན་དུ་བེ་ཅོན་དང༌། འཁོར་ལོ་དང༌། གསལ་ཤིང་དང༌། མདུང་ཐུང་རྣམས་འཛིན་ཞིང༌། གཡོན་པ་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་འཕེན་ཞིང་འདེབས་པ། རྒྱལ་པོ་དང༌། བློན་པོ་དང༌། དེད་དཔོན་དང༌། ཕོ་ཉའི་ཚུལ་འཛིན་པ། མཚམས་བཞིར་ཀཱ་ལ་ར་ཏྲྀ་དང༌། གསོད་བྱེད་ནག་མོ་དང༌། ནག་མོ་ཆེན་མོ་དང༌། ནམ་གྲུ་ཆེན་མོ་སྟེ་སྲིད་པའི་མ་མོ་བཞི་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་ནག་འཇིགས་ཤིང་མི་སྡུག་པའི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་པ་རྣམས་ན་ལས་ཀྱི་མེ་ལོང་དང༌། ནད་ཀྱི་རྐྱལ་པ་དང༌། ཚོན་གྱི་གྲུ་གུ་དང༌། བདུད་ཀྱི་ཁྲམ་ཤིང་རྣམས་འཛིན་ཅིང༌། གཡོན་པ་ཐམས་ཅད་ཤོ་རྡེ་དཀར་ནག་འགྱེད་པ། སྒོ་བཞིར་སྒྲོལ་བའི་གྱིང་ཆེན་པོ་བཞི་ནི། ཡ་མ་ད་དྷི་དང༌། ཀཱ་ལ་པཱ་ཤ་དང༌། ཡ་མ་དཎྜཱི་དང༌། ཡ་མ་དཾཥྚཱི་སྟེ་བཞི་ཀའང་སྐུ་མདོག་དཀར་པོ། འཇིགས་ཤིང་རྔམ་པའི་གཟུགས་ཅན་ཕྱག་གཡས་པ་རྣམས་ཀྱིས། ལྕགས་ཀྱུ་དང༌། ཞགས་པ་དང༌། དབྱུག་ཐོ་དང༌། མཆེ་བ་འབར་བ་རྣམས་འཛིན་ཅིང༌། གཡོན་པ་རྣམས་ཀྱིས་ཐོད་ཁྲག་འཛིན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས། དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ་འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་པོ། །གསོན་གཤིན་

p. 585

ཀུན་གྱི་ཐམ་ཁ་བ། །གསོན་པོ་བསྐོས་ལ་འདེབས་པ་པོ། །ཤི་བ་རྣམས་ཀྱི་གཤེད་བུ་ཆེ། །དགེ་བ་ཅན་གྱི་སྟངས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཧྲཱིཿཥྚཱིཿའི་མཐར་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ། དེ་བཞིན་དུ་དབང་ལྷ་གཤིན་རྗེའི་གཤེད་རིགས་ལྔ་སྤྱན་དྲངས། ཉེར་སྤྱོད་ལྔས་མཆོད་དེ་གསོལ་བ་བཏབ་པས། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེ་རེས་དབུར་བརྒྱན་པར་བསམ། གཡས་པའི་སྡིགས་མཛུབ་བསྒྲེང་བ་བེ་ཅོན་གྱི་ཕྱག་རྒྱ་བསྟན་ཏེ། ཧྲཱིཿཥྚཱིཿའི་མཐར་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ་ཞེས་པས་དམ་ལ་གཞག རྡོ་རྗེ་བསྡམས་པའི་སྲིན་མཛུབ་གཉིས་གཤིབས་ཏེ་བསྒྲེངས་པ་བསྟན་ནས། གཤིན་རྗེའི་རྒྱལ་པོ་འཁོར་བཅས་རྣམས། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང༌། །ཕྲིན་ལས་མཛད་ཅིང་དེ་སྲིད་དུ། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧོཿ ཞེས་བརྗོད། སྤྲོ་ན་མཆོད་པ་རྣམས་ཚིགས་བཅད་དང་བཅས་པས་དབུལ་ཏེ། གཡས་པས་བེ་ཅོན་གྱི་ཕྱག་རྒྱ་དང༌། གཡོན་པས་མཆོད་པ་སོ་སོའི་ཕྱག་རྒྱ་བྱས་ལ། དགྲ་བགེགས་མ་ལུས་བསྒྲལ་བའི་ཁྲག་གི་མཚོ། །ཞག་གི་མེ་ཏོག་དབའ་རླབས་ཕྲེང་བ་གཡོ། །གཏིང་མཐའ་མི་མངོན་ཨརྒྷའི་མཆོད་པ་འདི། །ཡ་མ་རཱ་ཛ་འཁོར་དང་བཅས་ལ་འབུལ། །ཧྲཱིཿཥྚཱིཿདང་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨོཾ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། ཞེས་དང༌། མེ་ཏོག་བླ་བྲེ་གདུགས་དང་ཕྲེང་བས་བརྒྱན། །རིན་ཆེན་རང་བཞིན་ཏོག་དང་ཁ་བད་བཅས། །ཀ་བ་བརྒྱད་ལྡན་ཁང་བུ་བརྩེགས་པ་འདི། །ཡ་མ་རཱ་ཛ་སོགས་རྐང་པ་བཞི་པ་དང༌། སྔགས་ཀྱི་ཐོག་མཐའ་འདྲ་བར་སྦྱར་ཏེ། པུཥྤེ། བདུག་པའི་སྤྲིན་ཕུང་བཻ་ཌཱུརྻ་ཡི་མདོག །རིན་ཆེན་བརྩེགས་པའི་དབྱིབས་

p. 586

འདྲ་དྲི་ཞིམ་ལྡན། །སྣ་ཚོགས་སྤོས་ཀྱི་ཁང་བཟང་མཛེས་པ་འདི། །དྷཱུ་པེ། ཉིན་མོར་བྱེད་པའི་ནོར་བུ་རྒྱས་པ་ལྟར། །ཕྱོགས་མཚམས་མུན་པ་དྲུང་ནས་འབྱིན་བྱེད་པའི། །སྣང་གསལ་གཞལ་ཡས་ཀུན་ནས་འབར་བ་འདི། །དཱི་པེ། ལུས་ངག་ནས་ཀྱི་དྲི་མ་འཁྲུད་བྱེད་ཅིང༌། །རེག་ན་བདེ་བའི་རེག་བྱ་དང་ལྡན་ཞིང༌། །ཡིད་འོང་དྲི་མཆོག་གཟི་བརྗིད་ལྡན་པ་འདི། །གནྡྷེ། ཁ་དོག་དབྱིབས་ལེགས་དྲི་ཞིམ་རོ་བརྒྱ་ལྡན། །ཕྱོགས་རྣམས་ཀུན་ན་ཞལ་ཟས་ཅི་མཆིས་པ། །གཅིག་ཏུ་བསྡུས་པའི་བདུད་རྩི་ཆེན་པོ་འདི། །ནཻ་ཝི་དྱ། བསིལ་སྙན་ལ་སོགས་རོལ་མོ་དུ་མའི་ཚོགས། །སྣ་ཚོགས་ཡིད་འོང་ང་རོ་ལྡན་པའི་སྒྲ། །ཁམས་གསུམ་ཀུན་ཏུ་གསལ་བར་སྒྲོག་པ་འདི། །ཤབྡ། ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་ཤིང༌། །དཀར་སེར་དམར་ལྗང་སྔོ་བའི་གཟི་འབར་བ། །ཁམ་ཟས་ལ་བརྟེན་སྐྱེ་དགུ་ཚིམ་བྱེད་འདི། །བ་ལྱཱ་དི་ཞེས་སོགས་དང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ཅེས་གསུམ་མམ་ལྔའམ་བདུན་ལ་སོགས་པས་གཏོར་མ་ཕུལ་ལ། ཧྲཱིཿཥྚཱིཿཅི་མང་གི་མཐར། ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཨོཾ་ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ་ཨ་དྷི་པ་ཏ་ཡེ་ཡ་མ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ་མཧཱ་རོ་ཥ་ཎ་ན་ར་སིདྡྷ་ཡེ་སརྦ་བྷཱུ་ཏ་ཨ་བྷི་པ་ཏ་ཡེ་ཡ་མ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཙ་མུཎྜཱི་བྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་རྣམས་གང་ལ་མོས་པ་གཙོ་བོར་བཟླ་ཞིང་གཞན་རྣམས་ཅི་རིགས་པ་བཟླས་ལ། གོང་གི་འདི་ནས་ལྷོ་ཡི་ཞེས་སོགས་ནས་མཐུ་རླབས་ཅན་ཞེས་པའི་མཐར། འཁོར་བཅས་འདིར་ནི་བདག་ལ་དགོངས། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ། །རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱུད་ནི་ཡེ་ཤེས་རྡོ་རྗེ་འཆང༌། །གཟི་བྱིན་སྐུ་གསུང་ཐུགས་ཀྱིས་བསྐྱེད། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་

p. 587

གསུམ་གྱི་བཀའ། །ཆོས་རྒྱལ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་བརྗོད་ལ། གཏོར་མ་ལྷོ་ཕྱོགས་སུ་གོམ་བདུན་དུ་ཕྱིར་མིག་མི་བལྟ་བར་ཕྱིན་ལ་ས་གཙང་སར་བསྐྱལ། ཁྲུས་བྱས་ནས་ནང་དུ་འོངས་ལ་རྗེས་ཆོག་བྱ། དྲུག་ཅུ་པ་སོགས་ཀྱི་ཚེ་དྲག་པོའི་སྐུལ་བྱེད་ན། སྤྱན་འདྲེན་གྱི། འདིར་གཤེགས་རྣལ་འབྱོར་བདག་ལ་དགོངས། །ཞེས་པའི་རྗེས་སུ། རྒྱལ་པོ་འཁོར་དང་བཅས་པ་ལ། །དྲག་པོའི་ལས་འདི་གཏད་པར་འདོད། །བསྟན་ལ་གནོད་བྱེད་དགྲ་བོ་འདི། །གསོན་ན་འགྲོ་བ་ཡོངས་ལ་གནོད། །དཀོན་མཆོག་གསུམ་ལ་རྣམ་པར་འཚེ། །དམིགས་ཀྱི་རྣལ་འབྱོར་ཡོངས་ལ་སྡང༌། །འདི་དག་མྱུར་དུ་བསྒྲལ་བའི་ཕྱིར། །རྒྱལ་པོ་འཁོར་བཅས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཞེས་པ་སྔགས་དང་བཅས་པས་སྤྱན་དྲང་བ་སོགས་ཆོ་ག་ཐམས་ཅད་གོང་བཞིན་བྱས་ལ། བཅོམ་ལྡན་གཤིན་རྗེའི་གཤེད་པོའི་བཀའ། །ཞེས་སོགས་ཀྱིས་བསྐུལ་བྱས་ནས། དམར་གྱི་ཨརྒྷཾ་སྦྲེང་བ་སོགས་དྲུག་ཅུ་པའི་གཏོར་ཆོག་ལྟར་བྱའོ། ༈ །རྗེས་གནང་བྱེད་ན་སྦྱོར་བའི་སྐབས་སུ་མཎྜལ་གོང་གི་སྒོམ་དོན་དང་བསྟུན་པའི་དཀྱིལ་འཁོར་བྲི། ལྷ་གནས་རྣམས་སུ་ཕྱག་མཚན་སྐུ་མདོག་དང་མཐུན་པའི་ཚོམ་བུ་དགོད། མཐའ་སྐོར་དུ་མཆོད་པ་བཤམ། མཎྜལ་གྱི་མཐའ་འམ་ཅི་རིགས་པར་རྗེས་གནང་གི་ཡོ་བྱད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་རྣམས་རབ་གནས་ཅན་བཀོད་པ་ཅི་མཛེས་སུ་གཞག སློབ་དཔོན་གྱིས་གོང་དུ་སྨོས་པ་རྣམས་བཟླས་པའི་བར་དུ་རྫོགས་པར་བྱས་ནས། རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཐོབ་ཅིང་དམ་ཚིག་གཙང་བའི་སློབ་མ་གྲལ་བྱས་ལ་མཎྜལ་དབུལ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་རྣམས་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ་དང༌། རྒྱུད་དག་པའི་སླད་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བྱ། གཞི་དགོད་པའི་སླད་དུ། སྭ་བྷཱ་ཝའི་

p. 588

སྔགས་ཀྱིས་སློབ་མ་རྣམས་སྟོང་པར་བསམ། དེའི་ངང་ལས་གོང་ལྟར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ལྷ་ཕྱོགས་དང་མདུན་བསྐྱེད་ལས་འཁོར་བཅས་སྔགས་རྒྱས་སྤྱན་དྲངས་ལ་བསྟིམ། དྲིལ་གསིལ་མི་མཛད། དབང་ལྷ་སྤྱན་དྲངས་ཏེ་དབང་བསྐུར། རྡོ་རྗེ་རྩེ་ལྔ་པའི་རྒྱས་བཏབ་པར་བསམ། རྗེས་གནང་དངོས་ལ་དམ་ཅན་གྱི་སྐུ་སློབ་མའི་སྤྱི་བོར་བཞག་སྟེ། གཏི་མུག་ཁྲོས་པ་ཡ་མ་རཱ་ཛ་ནི། །གཏི་མུག་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག །གཏི་མུག་ཚུལ་གྱིས་གཏི་མུག་དགྲ་བགེགས་སྒྲོལ། །མེ་ལོང་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྚཱིཿའི་མཐར་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཙཀྲ་ཨ་བྷི་ཥིཉྩ་མི། ཞེས་པ་སྐུའི་དང༌། སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་སྟེ་སློབ་མ་དམ་ཅན་དུ་གསལ་བའི་ཐུགས་ཀར་ཐིམ་པར་བསམས་ལ། ཧྲཱིཿཥྚཱིཿས་མགོ་དྲངས་པའི་སྔགས་རྣམས་ཀྱི་བཟླས་ལུང་དང༌། བཅོམ་ལྡན་བདག་ལ་སོགས་དང༌། བཅོམ་ལྡན་འདི་ལ་སོགས་ཀྱི་མཐར་སྔགས་མགྲིན་པར་བཞག་སྟེ། འདོད་ཆགས་ཁྲོས་པ་སོགས་ཚིགས་བཅད་ལྷག་མ་དང་སྔགས་ཀྱི་ཐོག་མཐའ་འདོན་པ་བསྒྱུར་ལ། སོར་རྟོག་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །པདྨ་ཞེས་པ་གསུང་གི་དང༌། ཐོད་དབྱུག་སྙིང་གར་བཞག་སྟེ། ཞེ་སྡང་ཁྲོས་པ་སོགས་ནས། ཆོས་དབྱིངས་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །བཛྲ་ཞེས་པ་ཐུགས་ཀྱི་དང༌། དམ་ཅན་གྱི་སྒྲུབ་སྐོར་ལག་པ་གཡས་སུ་བྱིན་ཏེ། སེར་སྣ་ཁྲོས་པ་སོགས་ནས། མཉམ་ཉིད་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །རཏྣ་ཞེས་པ་ཡོན་ཏན་གྱི་དང༌། ལས་གཤིན་ཕོ་མོའི་འཁོར་ལོ་ལག་པ་གཡོན་དུ་བྱིན་ཏེ། ཕྲག་དོག་ཁྲོས་པ་སོགས་ནས། བྱ་གྲུབ་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཀརྨ་ཞེས་པ་ཕྲིན་ལས་ཀྱི་རྗེས་སུ་གནང་བ་སྦྱིན་པས། སློབ་མས་ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྗེས་སུ་གནང་བ་ཐོབ་ནས། ཉོན་མོངས་པ་དུག་ལྔ་འཁྲུལ་པའི་དབང་གིས་བདུད་དང་གཤིན་རྗེར་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་དཔྱད་ན། གཤིས་ལུགས་ལ་ཅིར་ཡང་མ་གྲུབ་པའི། སྟོང་པ་འོད་གསལ་ཆེན་

p. 589

པོར་ཤེས་པའི་ངང་ནས་སྣང་བ་སྣང་སྟོང༌། གསལ་བ་གསལ་སྟོང༌། རིག་པ་རིག་སྟོང་གི་ངང་ཅུང་ཟད་ཅིག་མཉམ་པར་བཞག གཏོར་དབང་བྱེད་ན་སྔགས་བརྗོད་ཅིང༌། ལས་གཤིན་གྱི་གཏོར་མ་མགོ་བོར་བཞག་ལ་བླ་མ་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་བསྒོ་བྱའོ། །གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་དང་མཐུན། སློབ་དཔོན་གྱིས་མདུན་བསྐྱེད་ལ་ཅི་ལྟར་རིགས་པས་མཆོད། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་བྱ། གཞན་རྣམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད་སོགས་ཀྱི་མཐར་གཤེགས་སུ་གསོལ། མཎྜལ་གྱི་རྡུལ་ཚོན་མཐའ་ནས་བསྡུས་ཏེ་ཆུར་དོར། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །དེ་ལྟར་རྡོ་རྗེ་འཇིགས་བྱེད་ཀྱི། །བཀའ་སྡོད་དམ་ཅན་འཁོར་བཅས་ཀྱི། །སྒྲུབ་ཐབས་རྗེས་གནང་ཆོ་གར་བཅས། །དོན་གཉེར་སློབ་མས་བསྐུལ་བའི་ངོར། །སྦྱར་བའི་དགེ་བས་འགྲོ་བ་ཀུན། །བདུད་དང་གཤིན་རྗེའི་འཇིགས་པ་ལས། །རྒྱལ་ནས་བདེ་ཆེན་རྡོ་རྗེའི་སྐུ། །སྐྱེ་འཆི་མེད་པ་དེ་ཐོབ་ཤོག །འདིའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང༌། རོང་པ་རྒ་ལོ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ། བླ་མ་སེང་གེ་རྒྱལ་མཚན། ཞང་སྟོན་བསོད་ནམས་གྲགས། གཉན་སྟོན་རྡོ་རྗེ་གྲགས། ཇོ་གདན་ནམ་མཁའ་ལྷུན་བཟང༌། སྔགས་འཆང་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། འཇམ་དབྱངས་ཀུན་དགའ་བསོད་ནམས། དེས་བཀའ་དྲིན་གྱིས་བསྐྱངས་པ་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་རང་གི་བླ་མ་ལས་ཇི་ལྟར་ཐོས་པ་ལྟར་མེ་ལུག་སྣྲོན་གྱི་ཟླ་བའི་ཉེར་དགུའི་ཉིན་དཔལ་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ། ༈ །བརྒྱུད་པའི་ཁ་སྐོང་ནི། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ནས། མཚུངས་མེད་དཀོན་མཆོག་དཔལ་ལྡན། པཎ་ཆེན་ནམ་མཁའ་དཔལ་བཟང༌།

p. 590

རྗེ་བཙུན་ནམ་མཁའ་སངས་རྒྱས། རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རིགས་བརྒྱའི་མགོན་པོ་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་འགྲུབ་ལའོ། ༈ །དམ་ཅན་ཆོས་རྒྱལ་འཁོར་བཅས་ཀྱི་རྗེས་གནང་མཚམས་སྦྱོར་མདོར་བསྡུས་བཞུགས་སོ། །ན་མསྶངྒུ་རུ་པ་དཱ་ཡ། འདིར་དམ་ཅན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱི་རྗེས་གནང་སྒྲུབ་པ་ལ། སྔོན་འགྲོ་སློབ་དཔོན་གྱི་བྱ་བ་རྣམས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་བཞིན་གྲུབ་རྗེས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཐོབ་པའི་དམ་ཚིག་དང་ལྡན་ཞིང་ནང་གཤིན་པ་བཅུ་གཅིག་ཚུན་ཇི་ལྟར་རིགས་པ་ཁྲུས་བྱས། མེ་ཏོག་བཀྱེ་བསྡུ་གྲུབ་ནས། སློབ་དཔོན་གྱིས་ཟང་ཟིང་ལ་མི་བལྟ་བའི་སྙིང་རྗེ་དང༌། ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པའི་སྒོ་ནས་འདི་སྐད་ཅེས་བརྗོད་དོ། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བ་དང༌། གནས་སྐབས་སུ་དམ་པའི་ཆོས་སྒྲུབ་པ་ལ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བྱེད་པའམ། སེལ་བར་བྱེད་པའི་ཆེད་དུ་དམ་ཅན་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཟབ་མོ་ཞུས་ལ་དམ་ཚིག་དང་སྡོམ་པ་ལ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་རང་རེས་ཆོས་སྒྲུབ་པ་ལ་བདུད་རིགས་ཀྱི་བར་ཆད་ཉེ་བར་འཚེ་བ་དུ་མ་འབྱུང་བར་གསུངས་ཏེ། ཤེར་ཕྱིན་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་རྣམས་ལས་རྒྱ་ཆེར་གསུངས་སོ། །དེ་ཡང་གང་ཟག་རབ་ལ་ནི་བར་ཆད་ཀྱིས་མི་ཚུགས་ལ། ལས་དང་པོ་པ་དད་བརྩོན་དང་ལྡན་པ་ལམ་ཉམས་སུ་ལེན་པ་རྣམས་ལ་འབྱུང་སྟེ། འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས་ཀྱང༌། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །ཞེས་སོགས་བར་ཆད་ཀྱི་རྟགས་ནི། ཚེ་འདིའི་རྙེད་བཀུར་སོགས་འདོད་པ་ཡིན་ཏེ། དེ་ལ་བརྟེན་ནས་ཐོས་བསམ་སྒོམ་པ་ལ་མི་བརྩོན་པ་དང༌། ཆགས་སྡང་

p. 591

རྒྱས་ཤིང་ཆོས་ལ་སེམས་ཞུམ་པ་དང༌། འཇིག་རྟེན་གྱི་བྱ་བ་ཆེར་འབར་བ་སོགས་འབྱུང་བར་བཤད་དོ། །བར་ཆད་ཀྱི་ཚུལ་ནི། ལྷའི་བུའི་བདུད་ཅེས་པ་འཕྲལ་རྙེད་བཀུར་སོགས་འཕེལ་བ་ལྟར་བྱས་ནས་ཆོས་ལ་བར་དུ་གཅོད། ཉོན་མོངས་པའི་བདུད་འདོད་ཆགས་ཞེ་སྡང་སོགས་རང་དབང་མེད་པར་སྐྱེ། ཕུང་པོའི་བདུད་ན་ཚ་སྡུག་བསྔལ་སྐྱེད། འཆི་བདག་གི་བདུད་སྲོག་རྩ་ལ་ཞུགས་ནས་བར་དུ་གཅོད་པར་བྱེད་དོ། །བར་ཆད་དེ་རྣམས་ཞི་བར་བྱེད་པའི་ཐབས་ལ་གཉིས་ལས། དང་པོ་ཐབས་ཀྱི་སྒོ་ནས་ཞི་བར་བྱེད་པ་ནི། བདུད་ལས་རྣམ་རྒྱལ་ལས། བར་དུ་གཅོད་པའི་བདུད་རྣམས་ཀྱང༌། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་བཟློག །ཅེས་པའི་ཚུལ་གྱིས་ཆོས་བརྒྱད་དོར་ནས་དམ་ཚིག་དང་སྡོམ་པ་ལ་གནས་པས། ཕྲག་དོག་ལ་སོགས་པ་རྣམས་སྤངས་ནས་བྱང་ཆུབ་ཀྱི་སེམས་གཙོ་བོར་བསྒོམ་པའམ། ཡང་ན་སྲུང་བའི་འཁོར་ལོ་སྔགས་མདུད་སོགས་ཀྱི་སྒོ་ནས་སེལ་བར་བྱེད་དགོས་པ་ཡིན་ནོ། །གཉིས་པ་ཤེས་རབ་ཀྱི་སྒོ་ནས་ཞི་བར་བྱེད་པ་ནི། རང་སེམས་འཁྲུལ་པའི་དབང་གིས་མེད་པ་ལ་ཡོད་པར་འཛིན་པའི་དགྲ་འདྲེར་སྣང་བ་ལ་སོགས་པ་རྣམས་བར་ཆད་ཡིན་ཞིང༌། དེ་ཉིད་རང་གི་ངོ་བོས་སྟོང་ཞིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བློས་ཅིར་ཡང་མི་གཟུང་བར་དེ་ཁོ་ན་ཉིད་ཀྱི་ངང་ལས་མ་བཅོས་པར་བཞག་པ་ནི་དོན་དམ་པའི་སྲུང་བའོ། །འདིར་སྔ་མ་ལྟར་ཐབས་ཀྱི་སྒོ་ནས་སྲུང་བར་བྱེད་པ་ལ་ཆོས་སྐྱོང་ཁྱད་འཕགས་རེ་བསྟན་དགོས། དེ་ལ་འཇིག་རྟེན་པའི་སྲུང་མ་དང་འཇིག་རྟེན་ལས་འདས་པའི་སྲུང་མ་གཉིས་ལས། དང་པོ་ནི། ཕོ་ལྷ་མོ་ལྷ་ཞང་ལྷ་སོགས་བསྟེན་ཀྱང་ཚེ་འདིར་འགལ་རྐྱེན་བར་ཆད་ཕྲ་མོ་ཙམ་སེལ་བ་དང༌། མཐུན་རྐྱེན་ཅུང་ཟད་སྒྲུབ་ནུས་ཀྱང༌། མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་འགལ་རྐྱེན་བར་ཆད་ཞི་བ་དང༌། མཐུན་རྐྱེན་བྱང་ཆུབ་སྒྲུབ་པར་མི་ནུས་པས་བསྟེན་ཀྱང་དོན་ཆུང་བ་ཡིན་ཏེ། རྒྱལ་སྲས་སེམས་དཔའ་ཆེན་པོས། རང་ཉིད་འཁོར་བའི་བཙོན་རར་བཅིངས་གྱུར་ན། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་སྙིང་རྗེའི་བསམ་པས་གཏོར་མ་རེ་ཙམ་སྟེར་བ་མ་གཏོགས་

p. 592

བསྟེན་ཅིང་སྲུང་སྐྱོབ་བྱེད་པའི་ལྷ་མ་ཡིན་ཏེ། སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་མདོ་ལས་བཤད། གཉིས་པ་འཇིག་རྟེན་ལས་འདས་པའི་སྲུང་མ་ལའང༌། ཕར་ཕྱིན་གྱི་སྲུང་མ་ནི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་ཏེ། དེ་རྣམས་བསྟེན་དོན་འགྲུབ་པར་བཤད། འདིར་དེ་ལས་ཁྱད་པར་དུ་འཕགས་པའི་རྡོ་རྗེའི་ཐེག་པ་ནས་གསུངས་པའི་སྲུང་མ་རེ་བསྟེན་དགོས། དེ་ལ་རྒྱུད་སྡེ་བཞིའི་སྲུང་མ་མང་དུ་ཡོད་པ་ལས། འདིར་རྣལ་འབྱོར་བླ་མེད་ཀྱི་སྲུང་མ་ཡིན། དེ་ལ་ཐབས་ཤེས་གཉིས་མེད་གསུམ་ལས། འདིར་ཐབས་རྒྱུད་ཡིན། དེ་ལ་ཕ་རྒྱུད་སྡེ་གསུམ་དུ་གྲགས་པ་ལས་འདིར་གཤིན་རྗེའི་གཤེད་ཀྱི་སྐོར་ཡིན། དེ་ལ་དམར་ནག་འཇིགས་གསུམ་ལས། འདིར་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་སྲུང་ཐུན་མོང་མ་ཡིན་པ་དམ་ཅན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱི་རྗེས་གནང་སྒྲུབ་པའི་སྐབས་སུ་བབས་པ་ཡིན། འདི་ལ་རྒྱུད་ཡོངས་སུ་མ་བསྒྱུར་བའི་དབང་དུ་བྱས་ནས། འཇིག་རྟེན་གྱི་འཆི་བདག་གཤིན་རྗེ་རང་རྒྱུད་པའི་ལོ་རྒྱུས་དང༌། རྒྱུད་ཡོངས་སུ་བསྒྱུར་བ་འཇིག་རྟེན་ལས་འདས་པའི་གཤིན་རྗེའི་གཤེད་ཀྱི་ལོ་རྒྱུས་གཉིས་ལས། དང་པོ་ནི། ལ་ལི་ཏ་བཛྲས་མཛད་པའི་ལས་གཤིན་གྱི་སྒྲུབ་ཐབས་ལས། ཤི་བ་ཡི་དྭགས་རྒྱལ་པོ་ནི། །འཆི་བདག་བདུད་ཅེས་བྱ་བ་སྟེ། །འགྲོ་རྣམས་ཀུན་གྱི་ལས་ཀྱི་བདུད། །ལུས་དང་གྲིབ་མའི་ཚུལ་བཞིན་དུ། །འགྲོ་བ་ཀུན་ལ་སྣང་བ་སྟེ། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡིས། །འཇིགས་པ་དེ་ཡི་གཟུགས་མཐོང་ནས། །གཤིན་རྗེ་དེ་ཡི་དྲི་ངན་འབྱུང༌། །དེས་ན་རང་གི་སྲོག་གི་བདག །ལྟག་པའི་ཕྱོགས་ན་གནས་པ་སྟེ། །གཙིགས་པ་ཅན་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཤིང༌། འཆི་བ་ཡི་དྭགས་རྒྱལ་པོ་ནི། །མ་དྲོས་མཚོ་ཡི་འབྲི་མིག་ནས། །རི་ནག་དགུ་ཡི་ཕ་མཐའ་སྟེ། །སྤོས་ངད་རི་བོའི་བར་དག་ལ། །མཆུ་དང་ཞེང་དུ་ཆ་མཉམ་མཚོ། །དེ་འོག་དཔག་ཚད་ལྔ་བརྒྱའི་འོག །འཆི་བ་ཡི་དྭགས་རྒྱལ་པོའི་གནས། །འགྲོ་བའི་ལྟག་པའི་ཕྱོགས་ན་གནས། །ཞེས་གསུངས་པས། ཕྱིའི་གནས་ནི་མཚོ་མ་དྲོས་པའི་འོག་དཔག་ཚད་ལྔ་བརྒྱའི་ས་ན་ཡོད་ཅིང༌། ནང་དུ་སྐྱེ་

p. 593

འགྲོའི་ལྟག་ཁུང་དུ་གནས་པ། ལུས་དང་གྲིབ་མའི་ཚུལ་དུ་གནས་པ། ཕུང་པོ་ཉིང་མཚམས་སྦྱོར་བའི་ཚེ་འཆི་བདག་ཏུ་འགྱུར་བ་ཡིན་ལ། གཉིས་པ་རྒྱུད་ཡོངས་སུ་བསྒྱུར་བ་འཇིག་རྟེན་ལས་འདས་པའི་གཤིན་རྗེའི་གཤེད་ཀྱི་ལོ་རྒྱུས་ནི། སྔོན་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་གསུངས་པའི་ཚེ། གདུལ་བྱ་ཐུན་མོང་བའི་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་བཏུལ། དེ་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ལས་བརྒལ་ཏེ་གཤིན་རྗེ་གྲོང་ཁྱེར་ཆེན་པོ་སྒོ་མེད་ལྕགས་མཁར་བཅུ་དྲུག་གི་སྟེང་དུ་བྱོན་ཏེ། འཆི་བདག་ལས་ཀྱི་གཤིན་རྗེ་བཏུལ་ནས། དཔལ་གཤིན་རྗེ་གཤེད་ཉིད་འཆི་བདག་གི་གཟུགས་སུ་སྤྲུལ་པའི་ཡེ་ཤེས་པ་ཁོ་ན་ཡིན་ནོ། །དེས་ན་འཇིག་རྟེན་པའི་གཤིན་རྗེ་རང་རྒྱུད་པ་དང་འཁྲུལ་པར་མི་བྱའོ། །དེ་ལྟར་ན་འཆི་བདག་གི་གཉེན་པོ་ཡིན་པས་ཆོས་སྐྱོང་འདི་ཤིན་ཏུ་ཟབ་པ་ཡིན་ནོ། །དེ་ལྟ་བུའི་རྗེས་སུ་གནང་བ་སྒྲུབ་པ་ལ། སྔོན་འགྲོ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རྣམས་གྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དངོས་ཡིན་སྙམ་པའི་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་རྣམས་བདག་ལ་སྩལ་དུ་གསོལ། །ཞེས་པས་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་རྡོ་རྗེ་འཇིགས་བྱེད་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་གཞན་ཡང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། འོག་གི་ཆ་ལ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ལ་གཞན་ཡང་ཆོས་སྐྱོང་བའི་སྲུང་མ་བགྲང་བ་ལས་འདས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་ཆེན་པོ་འཐིབས་པ་ལྟར་དུ་བཞུགས་པར་མོས་པ་བྱ། དེ་དག་གི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་

p. 594

པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ཞེས་པས་རྒྱུད་དག་པར་བྱས་ནས། དངོས་གཞི་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དངོས་ཡིན་སྙམ་པའི་གུས་འདུད་བྱས་ཏེ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་ལ་རེག་པ་ཙམ་གྱིས་ཐམས་ཅད་ཚིག་པར་བྱེད་པའི་ནུས་པ་ཅན་གྱི་འོད་ཟེར་ཕོ་ཉ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། ཁྱད་པར་དུ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་དང་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་གཟུང་འཛིན་ཐ་མལ་དུ་འཛིན་པ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གང་བུ་རེ་རེར་གྱུར་པའི་མོས་པ་བྱས་ཏེ་དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། སྟོང་པའི་ངང་ལས་ནམ་མཁའི་ཁམས་སུ་རླུང་ནག་རྡོ་རྗེའི་སོགས་ནས། གནམ་ལྕགས་འབར་བ་ལས་གྲུབ་པའི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པདྨ་དང་ཉི་མ་དང་མ་ཧེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཡ་ལས་ཐོད་དབྱུག་ཡས་མཚན་པ་ལས་ནས། དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ ཞེས་པས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཤིན་རྗེའི་གཤེད་རིགས་ལྔ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་སོགས་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན་པར་མོས་པ་མཛོད། དེ་ནི་རྗེས་གནང་གི་གཞི་འགོད་པ་ཡིན། དེ་ལ་བརྟེན་ནས་རྗེས་གནང་དངོས་བྱ་བ་ལ་ཐོག་མར་

p. 595

སྐུའི་རྗེས་སུ་གནང་བའི་སླད་དུ་སློབ་དཔོན་གྱིས་དམ་ཅན་ཆོས་ཀྱི་རྒྱལ་པོའི་སྐུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས། སྐུའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། གཏི་མུག་ཁྲོས་པ་ཡ་མ་རཱ་ཛ་ནི། །གཏི་མུག་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག །གཏི་མུག་ཚུལ་གྱིས་གཏི་མུག་དགྲ་བགེགས་སྒྲོལ། །མེ་ལོང་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྚཱིཿའི་མཐར་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཙཀྲ་ཨ་བྷི་ཥིཉྩ་མི། ཞེས་པ་སྐུའི་རྗེས་གནང་ཡིན། གསུང་གི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་སྟེ་ཁྱེད་རང་རྣམས་དམ་ཅན་དུ་གསལ་བའི་ཐུགས་ཀར་ཐིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛད་པར་ཞུ། ཧྲཱིཿཥྚཱིཿའི་མཐར། ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ། ཨོཾ་ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ་ཨ་དྷི་པ་ཏ་ཡེ་ཡ་མ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཀཱ་ལ་རཱུ་པ་བྷི་མ་ཡཀྵ་ཧཱུྃ་མཧཱ་རོ་ཥ་ཎ་ན་ར་སིདྡྷ་ཡེ་སརྦ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ་ཡ་མ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཙ་མུཎྜཱི་བྃ་ཧཱུྃ་ཕཊ་སྭཱ་ཧཱ། སོ་སོར་ལན་གསུམ་རེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་གཏོར་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ལན་གསུམ། སློབ་དཔོན་གྱིས་ཀྱང་ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་སུ་བྱས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཚར་གཅིག་བརྗོད་པས་མེ་ཏོག་སྔགས་སུ་བྱས་པ་སློབ་མའི་སྤྱི་བོར་བཞག སླར་ཡང་སྔགས་བྱུང་མགྲིན་པར་བཞག་སྟེ། དེ་དག་བརྟན་པར་བྱས་ཏེ་གསུང་གི་བྱིན་རླབས་མ་ལུས་པ་ངག་ལ་ཞུགས་པའི་མོས་པ་མཛོད། འདོད་ཆགས་ཁྲོས་པ་ཡ་མ་རཱ་ཛ་ནི། །འདོད་ཆགས་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག །འདོད་ཆགས་ཚུལ་

p. 596

གྱིས་འདོད་ཆགས་དགྲ་བགེགས་སྒྲོལ། །སོར་རྟོག་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྚཱིཿའི་མཐར་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་པདྨ་ཨ་བྷི་ཥིཉྩ་མི། ཞེས་པ་གསུང་གི་རྗེས་གནང་ཡིན། ཐུགས་ཀྱི་རྗེས་གནང་གི་སླད་དུ། སློབ་དཔོན་གྱིས་ཐོད་དབྱུག་སྙིང་གར་བཞག་པས་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཞེ་སྡང་ཁྲོས་པ་ཡ་མ་རཱ་ཛ་ནི། །ཞེ་སྡང་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག །ཞེ་སྡང་ཚུལ་གྱིས་ཞེ་སྡང་དགྲ་བགེགས་སྒྲོལ། །ཆོས་དབྱིངས་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྚཱིཿའི་མཐར་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་པ་ཐུགས་ཀྱི་རྗེས་གནང་ངོ༌། །ཡོན་ཏན་གྱི་རྗེས་གནང་གི་སླད་དུ། དམ་ཅན་གྱི་སྒྲུབ་སྐོར་ལག་པ་གཡས་སུ་བྱིན་ཏེ། ཡོན་ཏན་གྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་བཞུགས་པའི་མོས་པ་མཛོད། སེར་སྣ་ཁྲོས་པ་ཡ་མ་རཱ་ཛ་ནི། །སེར་སྣ་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག །སེར་སྣའི་ཚུལ་གྱིས་སེར་སྣའི་དགྲ་བགེགས་སྒྲོལ། །མཉམ་ཉིད་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྚཱིཿའི་མཐར་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་རཏྣ་ཨ་བྷི་ཥིཉྩ་མི། ཞེས་པ་ཡོན་ཏན་གྱི་རྗེས་གནང་ངོ༌། །ཕྲིན་ལས་ཀྱི་རྗེས་གནང་གི་སླད་དུ། ལས་གཤིན་ཕོ་མོའི་འཁོར་ལོ་ལག་པ་གཡོན་དུ་བྱིན་ཏེ། ཕྲིན་ལས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཕྲག་དོག་ཁྲོས་པ་ཡ་མ་རཱ་ཛ་ནི། །ཕྲག་དོག་ཅན་གྱི་རྒྱུད་ལ་ཁྱབ་པར་འཇུག །ཕྲག་དོག་ཚུལ་གྱིས་ཕྲག་དོག་དགྲ་བགེགས་སྒྲོལ། །བྱ་གྲུབ་ཡེ་ཤེས་དམ་ཚིག་ཁྱོད་ལ་སྦྱིན། །ཧྲཱིཿཥྚཱིཿའི་མཐར་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཀརྨ་ཨ་བྷི་ཥིཉྩ་མི། ཞེས་པ་ཕྲིན་ལས་ཀྱི་རྗེས་སུ་གནང་བ་སྟེ། དེ་ལྟར་ན་ཁྱེད་རང་རྣམས་ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྗེས་སུ་གནང་བ་ཐོབ་ནས། ཉོན་མོངས་པ་དུག་ལྔར་འཁྲུལ་པའི་དབང་གིས་བདུད་དང་གཤིན་རྗེར་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་ལ་དཔྱད་ན། གཤིས་ལུགས་ལ་ཅིར་ཡང་མ་གྲུབ་པའི་སྟོང་པ་འོད་གསལ་ཆེན་པོར་ཤེས་པའི་ངང་ནས་སྣང་བ་སྣང་སྟོང༌། གསལ་བ་གསལ་སྟོང༌། རིག་པ་རིག་སྟོང་གི་ངང་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། སློབ་དཔོན་གྱིས་མེ་ཏོག་གཏོར་

p. 597

ལ། བཅོམ་ལྡན་འདི་ལ་སོགས་བརྗོད་པའི་མཐར་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག དེས་རྗེས་གནང་གི་དངོས་གཞི་གྲུབ་ནས་གཏོར་མའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་ན་ཡོད་པའི་གཏོར་མ་འདི་ཉིད་པདྨ་དང་ཉི་མ་མ་ཧེ་དང་བཅས་པའི་གདན་གྱི་སྟེང་དུ་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེའི་སྟེང་ནས་ཡར་ལ་རྩ་བའི་བླ་མ་ནས་བརྒྱུད་པའི་བླ་མའི་བར་ཐོ་བརྩེགས་སུ་བཞུགས་པ་ལ། རྩ་བའི་བླ་མས་བཀའ་བསྒོ་བ་བཞིན་དུ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མགྲིན་གཅིག་ཏུ་བཀའ་བསྒོས་པའི་མོས་པ་མཛོད། ཨོཾ་ཧྲཱིཿཥྚཱིཿསོགས་དང༌། དཔལ་རྡོ་རྗེ་འཇིགས་བྱེད། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང༌། རོང་པ་རྒྭ་ལོ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ། བླ་མ་སེང་གེ་རྒྱལ་མཚན། ཞང་སྟོན་བསོད་ནམས་གྲགས། གཉེན་སྟོན་རྡོ་རྗེ་གྲགས། ཇོ་གདན་ནམ་མཁའ་ལྷུན་བཟང༌། སྔགས་འཆང་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། འཇམ་དབྱངས་ཀུན་དགའ་བསོད་ནམས། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མཚུངས་མེད་དཀོན་མཆོག་དཔལ་ལྡན། བྱམས་པ་ཀུན་དགའ་བཀྲ་ཤིས། ཤར་ཆེན་ཤེས་རབ་འབྱུང་གནས། མཚུངས་མེད་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། རྡོ་རྗེ་འཆང་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང༌། སྐུ་དབོན་རིན་ཆེན་མཆོག་གྲུབ། བྱམས་པ་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་རྣལ་འབྱོར་གྱི་དབང་ཕྱུག་འཇམ་

p. 598

དཔལ་བཟང་པོ་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་ཡང་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་དང༌། ཁྱད་པར་དུ་ཡང་དྲག་པོ་མངོན་སྤྱོད་ཀྱི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབས་ཤིག ཅེས་བསྒོས་པས་ལས་གཤིན་འཁོར་བཅས་ཀྱིས་ཀྱང་དེ་ལྟར་བགྱིའོ་ཞེས་ཞལ་གྱིས་བཞེས། འཁོར་རྣམས་གཙོ་བོ་ལ་ཐིམ། གཙོ་བོ་ཡང་ཁྱེད་རྣམས་ལ་ཐིམ་པར་མོས་པ་མཛོད། རྗེས་གཙོ་བོས་སོགས་དང་གཏང་རག་གི་མཎྜལ། དེང་ནས་སོགས་སྤྱི་དང་མཐུན་པར་བྱ། སློབ་མ་རང་གནས་སུ་བཏང་ངོ༌། །ཞེས་དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་གནང་གི་ལྷན་ཐབས་འདིའང་རྒྱལ་ཁམས་ཀྱི་མུ་ཏོ་བ་ངག་དབང་ལེགས་གྲུབ་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ།། །།སརྦ་མངྒ་ལཾ།། །།

བཅོམ་ལྡན་འདས་ཡང་གསང་ཁྲོས་པ་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་མྱུར་སྩོལ།

p. 599
p. 600

བཅོམ་ལྡན་འདས་ཡང་གསང་ཁྲོས་པ་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་མྱུར་སྩོལ་བཞུགས་སོ།།

p. 601

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་སྒྲུབ་ཐབས་རྒྱས་པ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་ཡོངས་རྫོགས། འབྲིང་པོ་ཡབ་ཡུམ་རྐྱང་སྒྲུབ། བསྡུས་པ་དཔའ་བོ་གཅིག་པ་དང་གསུམ་འབྱུང་བ་ལས་འདིར་ཡབ་ཡུམ་རྐྱང་སྒྲུབ་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པའི་རྟེན་གང་ཟག་འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པས། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་གནས་ལ། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་བཞུགས་པར་དམིགས་ཏེ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ །དམ་པའི་ཆོས་རྣམས་ལ༴ །འཕགས་པའི་དགེ་འདུན་རྣམས་ལ༴ །ཞེས་པ་ཉེར་གཅིག་ཙམ་དང༌། «བཻ་རོས།་་་་་»པདྨ་དབང་ཆེན་དཀྱིལ་འཁོར་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །པདྨ་དབང་ཆེན་སྒོམ་བཟླས་ནི། །བདག་གིས་སེམས་ཅན་

p. 602

དོན་དུ་བགྱི། །ཞེས་ཚར་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་དང༌། «བཻ་རོས།་་་་་»སེམས་ཅན་ཐམས་ཅད་བདེ་དང་ལྡན། །སེམས་ཅན་སྡུག་བསྔལ་མེད་གྱུར་ཅིག །སེམས་ཅན་བདེ་ལ་རྟག་པར་གནས། །འགྲོ་རྣམས་སངས་རྒྱས་ཐོབ་གྱུར་ཅིག །ཅེས་པས་ཚད་མེད་བཞི་བསྒོམ། རང་སྐད་ཅིག་གིས་ཐུན་མཚམས་ཀྱི་པདྨ་དབང་ཆེན་དུ་གསལ་བས། ཨོཾ་རྃ་བཛྲ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རྃ་ཏཱིཀྵྞ་བི་ཤྭ་ཛྭ་ལ་རྃ་ཕཊ་རྃ་རྃ། རྃ་ཨ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ་སོགས་ཐོག་མཐའ་འདྲ་བ་ལ། པུཥྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ། ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཛི་ཏེ་ཛོ་ཧཱུྃ། ཨོཾ་མ་ཧཱ་པདྨ་རཀྟ་ཧཱུྃ། ཞེས་པས་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་རྣམས་བྱིན་གྱིས་བརླབ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་པདྨ་མཎྜ་ལ། སྣ་ཚོགས་པདྨའི་ལྟེ་བར། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར། ཨ་ཙནྡྲ་མཎྜ་ལ། ཟླ་བའི་དཀྱིལ་འཁོར། རུ་དྲ་བྃ། བདུད་ནག་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པས་ས་བོན་གྱི་ཡིག་འབྲུ་ཧྲཱིཿདམར་པོ་དང༌། མྃ་སྔོན་པོར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་གསུམ་ནས་རྡོ་རྗེ་

p. 603

གསུམ་གྱི་ངོ་བོ་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་སྤྱན་དྲངས། སཾ་ཧ་རཎ་ཧཱུྃ། ཚུར་འདུས་ཡིག་འབྲུ་ལ་ཐིམ་པས་པདྨ་དམར་པོ་དང་བྷནྡྷ་ཁྲག་གིས་གང་བའི་རྣམ་པར་གྱུར། ཏིཥྛ་བཛྲས་བརྟན་པར་བྱས། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། པདྨ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག ཞབས་བཞི་པ། རྩ་བའི་ཞལ་དམར་ནག གཡས་ཞལ་དཀར་བ། གཡོན་ཞལ་ལྗང་གུ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། ཁྲོ་གཉེར་རབ་ཏུ་བསྡུས་པ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ། རྩ་ཞལ་གྱི་སྤྱི་བོར་རྟ་མགོ་ལྗང་གུ། རྔོག་མ་དམར་པོ། ཕྲུམ་ཕྲུམ་སེར་པོ། ཞུར་དཀར་པོ། རྟ་སྐད་དྲག་པོ་ལྷང་ལྷང་འཚེར་བ། སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་འབར་བ། ཕྱག་གཡས་ཀྱི་དང་པོ་པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། གཡོན་གྱི་དང་པོ་བྷནྡྷ་ཁྲག་གིས་གང་བ་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་པས་ལྕགས་ཀྱུ། གཡོན་གཉིས་པས་རྒྱུ་མའི་ཞགས་པ། གཡས་གསུམ་པས་ཙནྡན་གྱི་བེ་ཅོན་དང༌། གཡོན་གསུམ་པས་རལ་གྲི་རབ་ཏུ་འབར་བ་འཕྱར་ཐབས་སུ་འཛིན་པ། ཐོད་པ་སྐམ་པོ་ལྔའི་དབུ་བརྒྱན་དང༌། ཚལ་བུའི་དཔུང་རྒྱན། སྐམ་པོ། རློན་པ། རྙིད་པ་སྟེ་ཐོད་ཕྲེང་ཚར་གསུམ་གྱི་དོ་ཤལ་ཅན། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང༌། གླང་ཆེན་གྱི་ཀོ་རློན་གསོལ་བ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། སྦྲུལ་རིགས་བཞི་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་ཁྱུང་གཤོག་སྔོན་པོས་བར་སྣང་ཁྱབ་པ། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་བ། སྙིང་རྗེ་རྔམ་དང་ཞི་བ་སྟེ། གར་དགུའི་ཉམས་དང་ལྡན་པ། ཞབས་གཡས་གཉིས་བསྐུམས་ཤིང༌། གཡོན་གཉིས་བརྐྱངས་པའི་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། བྷནྡྷ་ཁྲག་གང་ཡོངས་སུ་གྱུར་པ་

p. 604

ལས། དེའི་པང་ན་ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་མ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མི་སྙིང་རློན་པ་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་དུང་ཆེན་དམར་འཁྱིལ་ཡབ་ཀྱི་ཞལ་དུ་སྟོབ་པ། སྤྱན་གསུམ་ཁྲག་མིག་ཏུ་བལྟ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། རལ་པ་ནག་པོ་མུན་ལྟར་འཐིབས་པས་སྐུ་རྐེད་ཡན་ཆོད་ནོན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་ཉི་མ་སྟོང་ལས་ལྷག་པའི་གཟི་འོད་འབར་བ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །ཡེ་ཤེས་པ་སྤྱན་དྲང་བ་ནི། ཡབ་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཁྲག་འཐུང་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་པདྨེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། ཀནྡྷེ། ནཻ་ཝི་དྱཱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧིས་ཕྱི་ནང་གསང་གསུམ་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། ཧཱུྃ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། རང་གི་སྤྱི་བོར་ཧཱུྃ་སྔོན་པོ་ལས་བཛྲ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཨོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨོཾ། མཚོག་མར་ཨོཾ་དཀར་པོ་ལས་བུདྡྷ་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཏྲཱྃ། རྣ་ལྟག་གཡས་པར་སྭཱ་སེར་པོ་ལས་རཏྣ་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཨཱྃ་པདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧྲཱིཿ ལྟག་པར་ཨཱྃ་དམར་པོ་ལས་པདྨ་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། ཧཱ་ཀརྨ་

p. 605

ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨཱཿ རྣ་ལྟག་གཡོན་པར་ཧཱ་ལྗང་གུ་ལས་ཀརྨ་ཧེ་རུ་ཀ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དེ་ལྔ་གའང་ཐོད་སྐམ་གྱི་ཁང་བུ་རེ་རེར་བཞུགས་པས་དབུ་བརྒྱན་པར་བསམ། དེ་ནས་སྔར་ལྟར་སྔགས་ཙམ་གྱིས་ཕྱི་མཆོད་དང༌། སྔགས་ཀྱི་རྗེས་སུ་མ་ཧཱ་སརྦ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་སྨན་རཀ་གཏོར་གསུམ་གྱིས་མཆོད། རྒྱས་པར་རྟགས་བསྟོད་དམ། བསྡུ་ན། ཀུན་མཁྱེན་མུས་སྲད་པས་མཛད་པ། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་བདུད་བསྣོལ་གདན་སྟེང་དུ། །རྣམ་ཤེས་གནས་གྱུར་པདྨ་ཧེ་རུ་ཀ །ཞེ་སྡང་རྣམ་དག་ཆོས་དབྱིངས་ཡེ་ཤེས་དང༌། །རྒྱུད་དྲུག་ཉོན་མོངས་ཞེ་སྡང་འཇོམས་མཛད་པ། །ཁྲོ་རྒྱལ་རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །དགའ་བཞི་བདེ་བ་ཆེན་པོའི་དཀྱིལ་འཁོར་ནས། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །བདེ་སྟོང་ཟུང་འཇུག་ཐབས་དང་ཤེས་རབ་རོལ། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཁྲོ་བའི་སྐུ། །རྒྱུད་དྲུག་ལས་དང་ཉོན་མོངས་འཇོམས་མཛད་མ། །ཁྲོ་མོ་གར་དབང་ཡུམ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་བསྟོད། དེ་ནས་རླུང་རོ་བུས་ནས་འོག་རླུང་གྱེན་དུ་འཐེན་པས། རང་གི་ལྟེ་བ་ནས་འོད་དམར་ཞིང་གསལ་བ་སྒྲོན་མེ་བཏེག་པ་ལྟ་བུ་བདེ་བའི་རང་བཞིན་དམར་ཁྱུག་གིས་བྱུང་བས་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་གང༌། སྡིག་སྒྲིབ་བག་ཆགས་དང་བཅས་པ་སྐད་ཅིག་དེ་ཉིད་ལ་སངས་ཀྱིས་དག འོད་དམར་པོ་དེ་ཉིད་སྣ་བུག་གཉིས་ནས་ཕྱིར་སོར་བཞི་ཙམ་ཐོན་ནས་དམར་ལམ་མེ་ཡོད་པ་ལ་སེམས་གཏད་དེ་རླུང་ཕྱིར་ཐུབ་ཚད་དུ་མནན། མི་ཐུབ་པ་དང་རླུང་ནང་དུ་དྲངས་པ་དང་མཉམ་དུ་འོད་སྔར་ལས་ཀྱང་ཆེས་ཆེར་གསལ་བས་ལུས་ཐམས་ཅད་ཁྱབ་པས་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར། རང་ཉིད་ལྷའི་སྐུ་ཡབ་ཡུམ་ཞལ་སྦྱོར་སྤྱན་གྱི་དཀར་ནག་མ་འདྲེས་པར་མེ་དཔུང་གི་དབུས་ན་གསལ་སེང་ངེ་བཞུགས་

p. 606

པ། མེ་ལོང་ནང་གི་གཟུགས་བརྙན་ནམ། རྨི་ལམ་གྱི་སྣང་བའམ། ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དེ། རླུང་ནང་དུ་ཅི་ཐུབ་འཛིན་ཅིང༌། སེམས་འཛིན་མེད་དུ་འཇོག དེ་ལྟར་ཡང་ཡང་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཞིང༌། རྒྱས་པར་ལྷ་ཁྲིད་སེམས་བཟུང་གི་ཤོག་དྲིལ་དང༌། བསྐྱེད་རྫོགས་ཟུང་འཇུག་གི་ཤོག་དྲིལ། དེའི་བོགས་འདོན་དུག་ལྔ་ལམ་སློང་གི་ཤོལ་དྲིལ། གཏུམ་མོ་དྲོད་ཀྱི་ཤོག་དྲིལ་སོགས་བླ་མ་དམ་པའི་ཞལ་ཤེས་ཀྱིས་བརྒྱན་ནས་ཉམས་ཁྲིད་དུ་བྱས་པ་ལས་རྟོགས་པར་འགྱུར་རོ། །བཟླས་པ་བྱ་བར་འདོད་པས། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་སྔགས་ཕྲེང་ཁ་དོག་དམར་ནག་ཡིག་འབྲུ་གྱེན་དུ་ལངས་པས་བསྐོར་བར་བསམ། དེ་རྣམས་ལས་འོད་ཟེར་དཀར་དམར་འདྲེས་པ་ཉི་མའི་འོད་ཟེར་རམ། གསེར་གྱི་བ་ཐག་འཛིངས་པ་བཞིན་བུན་བུན་འཕྲོས་པས། ལུས་ཀྱི་ནང་གང་བས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྐད་ཅིག་ལ་སངས་དག འོད་ཟེར་བ་སྤུའི་བུ་ག་དང༌། ཡབ་ཡུམ་གྱི་སྦྱོར་མཚམས་སོགས་ནས་ཕྱིར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ། སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་པ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་རྣམས་ཉེར་སྤྱོད་ལྔ་ལ་སོགས་པ་ཕྱིའི་མཆོད་པ། སྨན་རཀ་གཏོར་གསུམ་སོགས་ནང་གི་མཆོད་པ། སྦྱོར་བ་དང་སྒྲོལ་བ་སོགས་གསང་བའི་མཆོད་པ། གནས་ལུགས་རང་ངོ་ཤེས་པས་མཆོད་བྱ་མཆོད་བྱེད་དང་བྲལ་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཀྱིས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། བྱེ་བྲག་ཏུ་དགྲ་བགེགས་ལོག་པར་འདྲེན་པ་རྣམས་ལ་འོད་ཟེར་ཕོག་པའི་མོད་ལ་ཚར་བཅད། ཐམས་ཅད་དཔལ་རྟ་མགྲིན་གྱི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་

p. 607

ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་འོད་ཟེར་ཁ་དོག་སྣ་ལྔ་པ་བསམ་གྱིས་མི་ཁྱབ་པ་དང་ལྷན་ཅིག་ཏུ་མཚོ་ལ་སེར་ཆེན་བབས་པ་བཞིན་དུ་རང་ལ་ཆེམ་གྱིས་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ། ཧྲཱིཿ བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ། །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧྲཱིཿ །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས། །སེམས་ཅན་སྒོ་གསུམ་སྒྲིབ་པ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ། །ཞེས་པས་གསལ་བཏབ་ནས་རིག་པ་མ་ཡེངས་པའི་ངར་དང་བཅས་པས། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པ་དང༌། ཡུམ་གྱི་ཐུགས་ཀར་པདྨའི་ལྟེ་བར་མ་ཡིག འདབ་མ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུ་གོང་བཞིན་བྱས་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཅེས་པ་ཇི་ལྟར་རིགས་པ་བཟླས་པའི་རྗེས་སུ། འཛབ་བསྟོད་ནི། ཧྲཱིཿ པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་རྔམས་བརྗིད་གཏུམ། །སྐུ་མདོག་དམར་ནག་འགྱིང་ཞིང་བརྗིད། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །མེ་དཔུང་འབར་བའི་ཀློང་ན་བཞུགས། །རྔམས་པའི་ང་རོ་འབྲུག་སྟོང་སྒྲོགས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་དང༌། འཛབ་ཀྱི་དངོས་གྲུབ་བླང་བ་ནི། ཧྲཱིཿ ཁྲོ་རྒྱལ་དབང་ཆེན་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། །ཨོཾ་པདྨཱནྟ་ཀྲྀ་ཏ་པདྨེ་ཤྭ་ར་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་མ་མ་ཏྲག་མོ་དུནྟི་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཛཿ ཞེས་པ་ཉེར་གཅིག་ཙམ་དང༌། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད་པས་དངོས་གྲུབ་ཐམས་ཅད་རང་བཞིན་གྱིས་ཐོབ་ཅིང་

p. 608

བརྟན་པར་བསམ། དེ་ལྟར་ཉམས་སུ་ལེན་པའི་ཚེ་བར་ཆད་ཀྱི་རྣམ་པ་ཅི་བྱུང་ཡང་སྔགས་ཀྱི་ངར་བཏགས་ཏེ་ཚར་གཅོད་པ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་ཁྲོ་ཆུང་དམར་ནག་ཁྲོ་ཞིང་རྔམས་པ་གྲངས་མེད་པ་དང༌། མཚོན་ཆ་རྣོ་ཞིང་རྩུབ་པ་དང༌། མེ་དཔུང་ཚ་ཞིང་རྩུབ་པ་འབར་བ་འུར་སྒྲ་དང་བཅས་པ། ཉི་ཟེར་གྱི་རྔུལ་ལྟར་འཕྲོས་པས་གདོན་བགེགས་ལོག་འདྲེན་ཐམས་ཅད་སྐད་ཅིག་ཉིད་ལ་ཚར་བཅད་ཅིང༌། སྟོང་གསུམ་གྱི་ཕ་རོལ་ནམ་མཁའི་མཐར་ཡུད་ཀྱིས་བསྐྲད་ནས། སྔར་གྱི་སྤྲོས་པ་རྣམས་ཚུར་འདུས་རང་གི་མཐའ་སྐོར་དུ་ཁྲོ་བོའི་གུར་ཁང་སྔགས་ཀྱི་ང་རོ་འབྲུག་ལྟར་ལྡིར་བ། དེའི་ཕྱིར་མཚོན་ཆའི་གུར་ཁང༌། དེའི་ཕྱིར་མེ་དཔུང་གི་གུར་ཁང་གསལ་བཏབ། དེ་རྣམས་ལས་མེ་མཚོན་ཁྲོ་བོའི་ཚྭ་ཚྭ་ལྕགས་ཀྱི་ཞུན་མ་འཐོར་བ་ལྟར་ཕྱོགས་བཅུར་འཕྲོས་པས། གདོན་བགེགས་གདུག་པ་ཅན་ཐམས་ཅད་རྩྭ་སྦུར་མེས་ཚིག་པའམ། མེ་སྟག་ཆུ་ནང་ཤོར་བ་ལྟར་རྗེས་མེད་དུ་སོང་བར་བསམས་ལ། ཨོཾ་རྃ་བཛྲ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རྃ་ཏཱིཀྵྞ་བི་ཤྭ་ཛྭ་ལ་རཾ་ཕཊ། རཾ་རཾ་ཞེས་མཚམས་སྔགས་དང༌། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མཧཱ་ཙནྡྲ་རཱ་ག་པཱ་ཤཾ་ཀུ་རུ། པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཙནྡྲ་རཀྵ་མཧཱ་བ་ལ་མ་མེ་ཤྭ་རི། པདྨ་ཀྲོ་དྷཱི་ཧྲཱིཿཧྲཱིཿསརྦ་དུཥྚཱཾ་ཏྲིག་ནན་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཙིཏྟ་རྦད་ནན། མྱོག་ཐུཾ་རིལ་རྦད། ཧུར་ཐུཾ་ཛཿ མཱ་ར་ཡ་རྦད། སྟྭཾ་བྷ་ཡ་ནན། ཅེས་པ་ལྕགས་མཁར་སྤུ་གྲིའི་སྔགས་ཤིན་ཏུ་རྣོ་ཞིང་གཉན་པ་དང༌། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་པཱ་ཎི་ཀཱི་ལ་ཡ། ཡ་མ་མཧཱ་ཡཀྵ། ཀཱ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རཾ་ཧཱུྃ་ཕཊ། ནཱ་ག་དུ་ཙནྟེ་ཙནྟེ། མི་ལི་མི་ལི་ཧཱུྃ་ཕཊ། ཅེས་པ་བདེ་གཤེགས་གཅིག་དྲིལ་གྱི་སྔགས་ཟབ་མོ་རྣམས་ཐུན་མཚམས་སུ་བརྒྱ་རྩའམ་ཉེར་གཅིག་ཡན་བཟླ་བར་བྱའོ། །ཐུན་འཇོག་ཁར་ལྷག་ཆད་ཁ་སྐོང་བ་དང༌། བྱིན་རླབས་བརྟན་པའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ་བཟླ། སྔར་ལྟར་མཆོད་བསྟོད་བྱ། ཧ་ཡ་གྲཱི་བ་ཧྲཱིཿགབ། བ་མོ་དྷ་ཡ་ཧྲཱིཿགབ། པདྨ་བྷནྡྷ་ཧྲཱིཿགབ། ཙཎྜ་རཀྵ་ཧྲཱིཿགབ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པས་གནས་ལྔར་ཕྱག་རྒྱ་བཅས་པས་ལུས་བསྲུང༌། ཐུན་མཚམས་སུ་རང་དཔལ་གྱི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐོན་ལ་སྤྱོད་ལམ་བྱའོ། །ནང་

p. 609

དུ་འཇུག་པ་ན་སྔར་གྱི་དེ་ལ་ཐིམ་པར་བསམ། ཉལ་བའི་རྣལ་འབྱོར་ལྟ་བུའི་ཚེ་ལྷ་བསྡུ་བར་འདོད་པས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཡབ་ཡུམ་གྱི་བར་དུ་ཐིམ། ཡུམ་ཡབ། ཡབ་ཧྲཱིཿཡིག་གི་བར་དུ་བསྡུས། ཧྲཱིཿཡིག་གི་གུའི་བར་བསྡུས། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རིག་སྟོང་གི་ངང་དུ་མཉམ་པར་བཞག་ནས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། མཐར། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །ཅེས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་བར་བྱའོ། །མཐར་ལྡང་བར་འདོད་པས་དེའི་ངང་ལས་རང་ཉིད་སྐད་ཅིག་གིས་དཔལ་གྱི་སྐུར་ལངས་པར་བསམས་ལ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཅེས་བརྗོད། དེ་ལྟ་བུའི་ཚུལ་གྱིས་གཞིའི་བསྙེན་པ་བྱ་བར་འདོད་པས། ཞག་རེ་ལ་ཐུན་བཞིར་བཅད་ནས་ཉམས་སུ་བླང༌། དུས་ཀྱི་བསྙེན་པ་ཟླ་བ་དྲུག་གམ་གསུམ་ལ་སོགས་པ་ཡིན་ལ། གྲངས་ནི་ཡབ་ལ་འབུམ་ཕྲག་བཅུ་བཞི། ཡུམ་ལ་དེའི་ཕྱེད། རྟགས་སམ་མཚན་མ་ནི། གསང་རྒྱུད་ལས། སྐུ་ཉིད་དངོས་སུ་མཐོང་བའམ། །སློབ་དཔོན་ཉི་ཟླ་མགོ་ལ་འཆང༌། །རྫས་ལ་མེ་འབར་འོད་འཕྲོ་ཞིང༌། །སྣང་སྲིད་མེ་ཏོག་པདྨས་གང༌། །སྒྲུབ་ཁང་གཡོ་འགུལ་སྒྲ་ཆེན་འབྱུང༌། །པདྨའི་སྙིང་པོར་བདག་འདུག་དང༌། །སངས་རྒྱས་ཉག་གཅིག་ཆོས་ཉན་པས། །ཞེས་སོགས་རྣམས་རྨི་ལམ་ཉམས་སྣང་མངོན་སུམ་དུ་འབྱུང་བ་ནི་རིམ་བཞིན་ཕྱི་ནང་གསང་གསུམ་གྱི་རྟགས་སུ་བཤད་དོ། །འདི་ཉིད་ཤིན་ཏུ་ཟབ་ཅིང་གསང་བ་སྒྲུབ་ཐག་ཉེ་བའི་མཐར་ཐུག་པ་ཡིན་ཞིང༌། ཁྱད་པར་སྙིགས་མའི་དུས་སུ་རྒྱལ་པོ་དང་ཀླུའི་གནོད་པ་ཕལ་ཆེ་བ་འབྱུང་བས། དེའི་གཉེན་པོར་འདི་བས་ལྷག་པ་མེད་པས་ནན་ཏན་དུ་ཉམས་སུ་བླང་བར་བྱའོ། །གསང་སྔགས་སྙིང་པོ་མ་ཧཱ་ཡོ་གའི་བཅུད། །སྒྲུབ་སྡེ་བརྒྱད་ཀྱི་ཟབ་དོན་པདྨ་གསུང༌། །དེ་ཡི་མཐར་ཐུག་ཡང་གསང་ཁྲོས་པ་ཞེས། །ཨོ་རྒྱན་མཁན་པོའི་ཞལ་གྱི་བདུད་རྩིའི་རྒྱུན། །འདར་ཕྱར་གྲུབ་དབང་བརྒྱུད་པར་བཅས་

p. 610

པ་ཡི། །སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་ཀྱི། །བཀའ་བབས་ལས་འོངས་ཡབ་ཡུམ་སྒྲུབ་པའི་ཐབས། །དངོས་གྲུབ་མྱུར་སྩོལ་དེང་འདིར་ཁོ་བོས་སྦྱར། །བཅོམ་ལྡན་འདས་ཡང་གསང་ཁྲོས་པ་ཡབ་ཡུམ་རྐྱང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་མྱུར་སྩོལ་ཞེས་བྱ་བ་འདི་ནི། རང་གི་སློབ་བུ་བློ་དམན་པ་དག་ལ་ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ། ཡང་གསང་ཁྲོས་པའི་རྣལ་འབྱོར་པ་པདྨ་དྲག་པོ་རྩལ་གྱིས་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་དགོན་པར་སྦྱར་བའོ། ༈ །དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ཡབ་ཡུམ་ཕྱག་རྒྱ་རྐྱང་སྒྲུབ་ཀྱི་རྣལ་འབྱོར་བཞུགས་སོ། །ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཕྱག་རྒྱ་རྐྱང་སྒྲུབ་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས་དབེན་པའི་གནས་སུ་མཆོད་གཏོར་སོགས་ཚོགས་པར་བྱས་ཏེ། སྐྱབས་སེམས་ནི། པདྨ་དབང་ཆེན་དཀྱིལ་འཁོར་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །པདྨ་དབང་ཆེན་སྒོམ་བཟླས་ནི། །བདག་གིས་སེམས་ཅན་དོན་དུ་བགྱིད། །ལན་གསུམ། རང་སྐད་ཅིག་གིས་པདྨ་དབང་ཆེན་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་མཚོན་ཆའི་ཚོགས་ཐོགས་པ་སྤྲོས་ཏེ་བགེགས་རྣམས་ཚར་བཅད་པར་གྱུར། ཨོཾ་རཾ་ཀྲོ་དྷ་བཛྲ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིཀྵྞ་བི་ཤྭ་བཛྲ་ཛྭ་ལ་རྃ་ཕཊ་ཕཊ་རྃ་རྃ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ། དྷུ་པེ་ནས། ཤབྡའི་བར་བརྗོད། ཨོཾ་སརྦ་པཉྩ་ཨ་མྲྀ་ཏེ་ཧཱུྃ། ལན་གསུམ་གྱིས་མཆོད་རྫས་བརླབ། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨའི་ལྟེ་བར། རྃ་ལས་ཉི་མ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བདུད་ནག་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ། རང་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་དང༌། མ་སྔོན་པོར་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚུར་འདུས། པདྨ་བྷནྡྷར་གྱུར། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་

p. 611

ཕཊ། པདྨ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། རྩ་བའི་ཞལ་དམར་ནག ཞལ་གཡས་དཀར་བ། གཡོན་ཞལ་ལྗང་བ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་བགྲད་ཅིང་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་ཁྲོ་གཉེར་འབར་བ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་པའི་སྤྱི་བོར་རྟ་མགོ་ལྗང་གུ། རྔོག་མ་དམར་པོ། ཕྲུམ་ཕྲུམ་སེར་པོ། ཞུར་དཀར་པོ། རྟ་སྐད་དྲག་པོ་ལྷང་ལྷང་འཚེར་བ། སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་འབར་བ། ཕྱག་གཡས་ཀྱི་དང་པོ་པདྨ་འབར་བ་འདབ་མ་བརྒྱད་པ་དང༌། གཡོན་གྱི་དང་པོར་བྷནྡྷ་ཁྲག་གིས་གང་བ་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་པས་ལྕགས་ཀྱུ། གཡོན་གཉིས་པས་རྒྱུ་ཞགས། གཡས་གསུམ་པས་ཙནྡན་གྱི་བེ་ཅོན། གཡོན་གསུམ་པས་རལ་གྲི་རབ་ཏུ་འབར་བ་འཕྱར་སྟབས་སུ་འཛིན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཚལ་བུའི་དབུ་བརྒྱན། སྐམ་རློན་རྙིད་པ་སྟེ་ཐོད་ཕྲེང་ཚར་གསུམ་གྱི་དོ་ཤལ་དང༌། ཞིང་ཆེན་དང་གླང་ཆེན་ཀོ་རློན་གྱིས་སྟོད་གཡོགས་པ། སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་ཞིང༌། སྦྲུལ་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཁྲག་ཞག་ཐལ་ཆེན་གྱི་ཚོམ་བུས་སྤྲས་ཤིང༌། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་ཁྱུང་གཤོག་སྔོན་པོས་བར་སྣང་ཁྱབ་པ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའི་ཞབས་གཡས་གཉིས་བསྐུམས་ཤིང་གཡོན་གཉིས་བརྐྱངས་པའི་གྱད་ཀྱི་དོར་ཐབས་སུ་བཞུགས་པ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། བྷནྡྷ་ཁྲག་གང་ཡོངས་སུ་གྱུར་པ་ལས། དེའི་པང་ན་ཡུམ་པདྨ་གར་གྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མི་སྙིང་རློན་པ་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཡབ་གྱི་ཞལ་དུ་སྟོབ་པ། སྤྱན་གསུམ་ཕྲག་མིག་ཏུ་བལྟ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། རལ་པ་ནག་པོ་མུན་ལྟར་

p. 612

འཐིབས་པས་སྐུ་སྐེད་ཡན་ཆད་ནོན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེ་དང་རུས་པས་བརྒྱན་པ་གཟིག་གི་པགས་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བརྐྱངས་གཡོན་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཉི་མ་སྟོང་ལས་ལྷག་པའི་གཟི་འོད་འབར་བ། བསྐལ་པའི་མེ་ལྟར་འཁྲུགས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀ་དང་སྤྱི་བོར་ཧཱུྃ་སྔོན་པོ། མཚོགས་མར་ཨོཾ་དཀར་པོ། རྣ་ལྟག་གཡས་སུ་སྦཱ་སེར་པོ། ལྟག་པར་ཨཱོཾ་དམར་པོ། རྣ་ལྟག་གཡོན་དུ་ཧཱ་ལྗང་གུ། དེ་རྣམས་སྐུ་གསུང་ཐུགས་དང་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་དུ་གྱུར། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཁྲག་འཐུང་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཨེ། ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་པ༔ དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས༔ དབུས་ཀྱི་ཡེ་ཤེས་གཞལ་ཡས་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ དགའ་བཞི་བདེ་བཞིའི་གཞལ་ཡས་ནས། །ཡུམ་ཆེན་ཁྲོ་མོ་གཤེགས་སུ་གསོལ། །གར་གྱི་དབང་ཕྱུག་གཤེགས་སུ་གསོལ། །ཕྱོགས་བཞི་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ སྤྲུལ་པའི་ཁྲོ་རྒྱལ་བཞི་རྣམས་གཤེགས་སུ་གསོལ༔ སྒོ་བཞི་གནས་ཀྱི་གཞལ་ཡས་ནས། །སྒོ་སྐྱོང་ཁྲོ་མོ་བཞི་རྣམས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡཨཱཿཧཱུྃ་གིས་ཕྱི་མཆོད་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧིས་བདུད་རྩི་དང༌། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧིས་རཀྟ་དང༌། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧིས་གཏོར་མ་རྣམས་འབུལ། ཞིང་ཁམས་ཐམས་ཅད་དབང་དྲག་གཞལ་ཡས་ཁང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྷ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཚད་མེད་བཞི་དང་ཕྲིན་ལས་རྣམ་བཞིར་

p. 613

ལྡན། །ཐུགས་རྗེ་ཁྲོས་པ་ཁྲོ་བཞད་རྔམས་པའི་ཞལ། །ཡབ་ཡུམ་སྤྲུལ་འཁོར་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་ནི། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་དུ་བྱེ་བའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས་སྔགས་ཕྲེང་ཁ་དོག་དམར་ནག ཡིག་འབྲུ་གྱེན་དུ་ལངས་པས་བསྐོར་བ་རྣམས་ལས་འོད་ཟེར་དཀར་དམར་འདྲེས་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་ནས་ལུས་ཀྱི་ནང་གང༌། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག འོད་ཟེར་བ་སྤུའི་བུ་ག་དང་སྦྱོར་མཚམས་ནས་ཕྱིར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ། སྒྲུབ་སྡེ་བརྒྱད་ལ་སོགས་པ་ཡི་དམ་ཞི་ཁྲོའི་ལྷ་ཚོགས། དཔའ་བོ་དང་རྣལ་འབྱོར་མ། དམ་ཅན་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པས་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། བྱེ་བྲག་དགྲ་བགེགས་ལོག་འདྲེན་ལ་ཕོག་པའི་མོད་ལ་ཚར་བཅད། དཔལ་རྟ་མགྲིན་གྱི་གོ་འཕང་ལ་བཀོད། མཆོད་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་འོད་ཟེར་ཁ་དོག་སྣ་ལྔ་བསམ་གྱིས་མི་ཁྱབ་པ་མཚོ་ལ་སེར་ཆེན་བབས་པ་བཞིན་རང་ལ་ཐིམ་པས། དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྃ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རྃ། ཏཱིཀྵཱ་བི་ཤྭ་ཛྭ་ལ་རྃ། སྤྱི་སྔགས། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ མ་ཧཱ་ཙཎྜ་རཱ་ག་པཱ་ཤཾ་ཀུ་རུ་པདྨཱཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཙཎྜ་རཀྵ་མ་ཤཱ་བ་ལ། མ་མ་ཤྭ་རི། པདྨ་པདྨ་ཀྲོ་དྷ། ཧྲཱིཿཧྲཱིཿསརྦ་དུཥྚཱན་ཏྲིག་ནན། ཧ་ན་ཧ་ན། པ་ཙ་པ་ཙ། ཙིཏྟ་རྦད་ནན་མྱོགས་ཐུཾ་རིལ་རྦད། ཧུར་ཐུཾ་ཛ། མཱ་ར་ཡ་རྦད། སྟྭཾ་བྷ་ཡ་ནན། ལྕགས་མཁར། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་པཱ་ཎི་ཀཱི་ལ་ཡ། ཡ་མ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ། ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ་ཕཊ྄། ནཱ་ག་དུ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་ཧཱུྃ་ཕཊ། དབྱངས་གསལ་རྟེན་སྙིང་དང་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ཧ་ཡ་གྲཱི་བ་ཧྲི་གབ། བ་མོ་དྷ་ཡ་ཧྲི་གབ། པདྨ་བྷནྡྷ་ཧྲི་གབ། ཙཎྜ་རཀྵ་ཧྲི་གབ། རུ་ལུ་རུ་ལུ་ཧཱུྃ་

p. 614

བྷྱོ་ཧཱུྃ། ཞེས་པའི་སྔགས་ཀྱིས་བསྲུང་ཞིང་བསྔོ་སྨོན་ཤིས་བརྗོད་སོགས་རྒྱས་པར་བྱའོ། །ཞེས་པའང་གསུང་རྒྱུན་ལྟར་དག་པར་བྲིས་པ་དགེ། ༈ །དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བྱིན་རླབས་གཏོར་མའི་དབང་བསྐུར་དངོས་གྲུབ་ཀུན་སྩོལ་ཅེས་བྱ་བ་བཞུགས་སོ། །དཔལ་ལྡན་པདྨ་གར་གྱི་དབང༌། །ཁྱབ་བདག་བླ་མ་ལ་བཏུད་ནས། །བྱིན་རླབས་གཏོར་མའི་དབང་བསྐུར་བ། །དངོས་གྲུབ་ཀུན་སྩོལ་འབྲི་བར་བྱ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་ཁར། མཉྫིའི་སྟེང་དུ་དཔལ་གཏོར་པད་འདབ་བཞི་པ་མཚམས་ཐེབ་ཀྱུ་དང་རིལ་བུས་བསྐོར་བ་རྒྱན་སྤྲོས་གང་མཛེས་དང་རྟ་མགོས་མཚན་པའི་རྩེར་སྐུ་རྟེན་ཙཀླི་གཏོར་གདུགས་དམར་པོ་རྔམས་བརྗིད་དང་ལྡན་པར་བཤམས་པའི་མདུན་དུ་མཆོད་གཏོར་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ། དེའི་མདུན་དུ་བཀའ་སྲུང་གི་གཏོར་མ། སྨན་རག ཕྱི་མཆོད་སོགས་ལེགས་པར་བཤམས། དཀྱིལ་འཁོར་གྱི་བྱང་ཤར་དུ་ལས་བུམ་བཀོད། ལས་བྱང་རྒྱས་བསྡུས་ཇི་ལྟར་རིགས་པའི་གཞུང་བསྲངས་ནས། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང༌། ལས་བུམ་དུ་སྐད་ཅིག་གིས་ཧྲཱིཿལས་ཁྲོ་རྒྱལ་རྟ་མགྲིན་དམར་པོ་གཡས་ཙནྡན་གྱི་བེ་ཅོན་ནམ་མཁར་འཕྱར་ཞིང༌། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། ཁྲོ་བོའི་རྒྱན་དང་རྣམ་འགྱུར་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། རྩ་སྔགས་ཅི་ནུས་བཟླ། མཐར་མཆོད་བསྟོད། ཆོས་སྲུང་གི་གཏོར་བསྔོ། ཚོགས་འཁོར་སོགས་གྲུབ་ནས། གཉིས་པ་དངོས་གཞི་ནི། སློབ་མ་རྣམས་གྲལ་ལ་འཁོད། གཞི་བདག་སྤྱི་གཏོར་བཏང༌། ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ་པ་རྣམས་སྤྱི་ལྟར་གྲུབ་རྗེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བ་དང༌། གནས་སྐབས་སུའང་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་བའི་སླད་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ནས་དོན་ཚུལ་བཞིན་དུ་

p. 615

ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་ཆོས་དུ་མའི་སྒོ་ནས་ཁྱད་པར་དུ་འཕགས་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལའང་གསར་རྙིང་གི་ལུགས་སྲོལ་མང་དུ་ཡོད་པ་ལས། ད་ལམ་འདིར་སྔ་འགྱུར་རྙིང་མའི་ཕྱོགས་ཡིན། དེ་ལའང་རྒྱུད་སྡེ་དང༌། སྒྲུབ་སྡེ་གཉིས་སུ་ཡོད་པ་ལས་སྒྲུབ་སྡེ་ཡིན། སྒྲུབ་སྡེ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀའ་རྣམ་པ་བརྒྱད་དུ་ཡོད་པ་ལས། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པ་ཡེ་ཤེས་སྒྱུ་མའི་གཟུགས་སུ་ཤར་བ་བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་སྐོར་ཡིན་ཅིང༌། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་ཚུལ་ཐ་དད་པ་ལས། འདིར་ནི་གཏེར་སྟོན་སུམ་ཚོགས་ཀྱིས་ཡེར་པ་སེ་བ་ལུང་ནས་སྤྱན་དྲངས་པའི་ཉེ་བརྒྱུད་གཏེར་མ་དང༌། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་དཔལ་ལྡན་གྲུབ་ཐོབ་འདར་འཕྱར་བ་རིན་ཆེན་བཟང་པོ་ལ་དངོས་སུ་གནང་བའི་ཟབ་མོ་དག་སྣང་གི་ཆོས་སྐོར་གཉིས་ཟུང་དུ་འབྲེལ་ཞིང༌། ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་རིག་འཛིན་རྩལ་འཆང་གི་བརྒྱུད་པ་བར་མ་ཆད་པར་བྱོན་པ། བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་བྱིན་རླབས་གཏོར་མའི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལའང༌། སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ཟིན་ནས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལས། ཐོག་མར་བླ་མ་དང་དཔལ་པདྨ་དབང་ཆེན་ཐ་མི་དད་པ་ལ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། དེ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། པདྨ་སེམས་གཙོ་ཁྱོད་ལ་འདུད༔ ཐར་ལམ་ཆེན་པོ་བདག་འདོད་ན༔ དེ་ཉིད་དབང་དང་དངོས་གྲུབ་སྩོལ༔ མགོན་པོ་དཔའ་བོར་སྐྱབས་གསོལ་གྱི༔ ཐེག་ཆེན་ཁང་པར་གཞུག་པ་དང་༔ མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ༔ རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་

p. 616

མེད་པའི་བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་དཀྱིལ་འཁོར་ལ་ཕྱོགས་བཅུའི་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བའི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང༌། མཆོད་པ་འབུལ་ཞིང་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རངས་ཤིང་དོན་དམ་བྱང་སེམས་བསྐྱེད་པ་དང༌། ལུས་འབུལ་ཞིང་ཡོངས་སུ་བསྔོ་བ་སྟེ་ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་བསག་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། བྱིན་དབབ་པའི་སླད་དུ་ཐུགས་དམིགས་འདི་བཞིན་མཛོད། གཏོར་མ་འདི་ཕྱི་གཏོར་མའི་རྣམ་པ་ལ་ནང་དབང་ཆེན་གྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དུར་ཁྲོད་རྡོ་རྭ་མེ་རི་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང༌། དབུས་གྲུ་གསུམ་དམར་ནག་ཟླ་གམ་དམར་པོ་གསུམ་པ། དེའི་ཕྱི་རོལ་དུ་ཐོད་ཕྲེང་དཀར་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཞི་པ། སྒོ་བཞིར་ཟླ་བའི་གདན་དང་བཅས་པའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་རུ་དྲ་ཕོ་མོ། ཤར་རྩིབས་ལ་དྲི་ཟ་ཕོ་མོ། ལྷོ་རྩིབས་ལ་གྲུལ་བུམ་ཕོ་མོ། ནུབ་རྩིབས་ལ་ཀླུ་དབང་ཕོ་མོ། བྱང་རྩིབས་སུ་གནོད་སྦྱིན་ཕོ་མོའི་གདན་གྱི་སྟེང་དུ། དབུས་སུ་བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། རྩ་བའི་ཞལ་དམར་ནག ཞལ་གཡས་དཀར་བ་གཡོན་ཞལ་ལྗང་བ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་བགྲད་ཅིང་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་ཁྲོ་གཉེར་འབར་བ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་པའི་སྤྱི་བོར་རྟ་མགོ་ལྗང་གུ། རྔོག་མ་དམར་པོ། ཕྲུམ་ཕྲུམ་སེར་པོ། ཞུར་དཀར་པོ། རྟ་སྐད་དྲག་པོ་ལྷང་ལྷང་འཚེར་བ། སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་འབར་བ། ཕྱག་གཡས་ཀྱི་དང་པོ་པདྨ་འབར་བ་འདབ་མ་བརྒྱད་པ་དང༌། གཡོན་གྱི་དང་པོ་བྷནྡྷ་ཁྲག་གིས་གང་བ་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་པས་ལྕགས་ཀྱུ། གཡོན་གཉིས་པས་རྒྱུ་ཞགས། གཡས་གསུམ་པས་ཙནྡན་གྱི་བེ་ཅོན། གཡོན་གསུམ་པས་རལ་གྲི་རབ་ཏུ་འབར་བ་འཕྱར་

p. 617

སྟབས་སུ་འཛིན་པ་དང༌། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཚལ་བུའི་དཔུང་རྒྱན། སྐམ་རློན་རྙིད་པ་སྟེ་ཐོད་ཕྲེང་ཚར་གསུམ་གྱི་དོ་ཤལ་དང༌། ཞིང་ཆེན་དང་གླང་ཆེན་ཀོ་རློན་གྱིས་སྟོད་གཡོགས་པ། སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་ཞིང༌། སྦྲུལ་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ། ཁྲག་ཞག་ཐལ་ཆེན་གྱི་ཚོམ་བུས་སྤྲས་ཤིང༌། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་ཁྱུང་གཤོག་སྔོན་པོས་བར་སྣང་ཁྱབ་པ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམས་དང་བཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའི་ཞབས་གཡས་གཉིས་བསྐུམས་ཤིང་གཡོན་གཉིས་བརྐྱངས་པའི་གྱད་ཀྱི་དོར་ཐབས་སུ་བཞུགས་པ། དེའི་པང་ན་ཡུམ་པདྨ་གར་གྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། གཡས་པས་མི་སྙིང་རློན་པ་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། གཡོན་པ་ཐོད་པ་ཁྲག་གིས་བཀང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། སྤྱན་གསུམ་ཕྲག་མིག་ཏུ་བལྟ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། རལ་པ་ནག་པོ་མུན་ལྟར་འཐིབས་པས་སྐུ་སྐེད་ཡན་ཆད་ནོན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེ་དང་རུས་པས་བརྒྱན་པ། གཟིག་གི་པགས་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བརྐྱངས་གཡོན་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཉི་མ་སྟོང་ལས་ལྷག་པའི་གཟི་འོད་འབར་བ། བསྐལ་པའི་མེ་ལྟར་འཁྲུགས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། ཤར་རྩིབས་ལ་རྡོ་རྗེ་དབང་ཆེན་དཀར་པོ། ལྷོ་རྩིབས་ལ་རིན་ཆེན་དབང་ཆེན་སེར་པོ། ནུབ་རྩིབས་ལ་པདྨ་དབང་ཆེན་དམར་པོ། བྱང་རྩིབས་སུ་ཕྲིན་ལས་དབང་ཆེན་ལྗང་གུ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ། རིན་པོ་ཆེ། པདྨ། རལ་གྲི། གཡོན་པ་རྣམས་ཀྱིས་དབྱུག་ཏོ་ལྕགས་ཀྱུ་ཞགས་པ་ཁ་ཊྭཱྃ་རྩེ་གསུམ་འཛིན་པ། དཔལ་ཆེན་གྱི་ཆས་བརྒྱད་དང་ལྡན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ།

p. 618

ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་ལྗང་གུ། དེ་ཐམས་ཅད་ཀྱང་ཕྱག་གཡས་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག དྲིལ་བུ་དང༌། གཡོན་ཐམས་ཅད་མིའི་ཙིཏྟ་ཐོགས་པ། ཞབས་གཉིས་འགྱིང་སྟབས་ཀྱིས་མེ་འབར་བའི་དབུས་ན་བཞུགས་པའི་དབུ་གཙུག་ཏུ་བརྒྱུད་པའི་བླ་མ་རྣམས་ཀྱང་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་དཔག་ཏུ་མེད་པ་སྤྱན་དྲངས། མདུན་བསྐྱེད་དང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་ཀྱི་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛོད། ཨེ། ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་པ༔ དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས༔ དབུས་ཀྱི་ཡེ་ཤེས་གཞལ་ཡས་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ དགའ་བཞི་བདེ་བཞིའི་གཞལ་ཡས་ནས༔ ཡུམ་ཆེན་ཁྲོ་མོ་གཤེགས་སུ་གསོལ༔ གར་གྱི་དབང་ཕྱུག་གཤེགས་སུ་གསོལ༔ ཕྱོགས་བཞི་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ སྤྲུལ་པའི་ཁྲོ་རྒྱལ་བཞི་རྣམས་གཤེགས་སུ་གསོལ༔ སྒོ་བཞི་གནས་ཀྱི་གཞལ་ཡས་ནས༔ སྒོ་སྐྱོང་ཁྲོ་མོ་བཞི་རྣམས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་གིས་ཕྱི་མཆོད་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིས་བདུད་རྩི་དང༌། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིས་རཀྟ་དང༌། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧིས་གཏོར་མ་རྣམས་འབུལ། ཞིང་ཁམས་ཐམས་ཅད་དབང་དྲག་གཞལ་ཡས་ཁང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ཤེས་ལྷ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཚད་མེད་བཞི་དང་ཕྲིན་ལས་རྣམ་བཞིར་ལྡན། །ཐུགས་རྗེ་ཁྲོས་པ་ཁྲོ་བཞད་རྔམས་པའི་ཞལ། །ཡབ་ཡུམ་གཙོ་འཁོར་བཅུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཁྲོ་རྒྱལ་རྔམས་ཆེན་རྟ་མཆོག་དཔལ༔ དཔལ་གྱི་སྐུ་གསུང་

p. 619

ཐུགས་མཆོག་ལས༔ མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག༔ དུས་འདིར་སྐལ་ལྡན་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ་ནས་ཐུགས་དམིགས་འདི་བཞིན་མཛོད། གཏོར་མ་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། སྐུ་དགེས་པའི་གར་མཛད། གསུང་སྔགས་ཀྱི་རང་སྒྲ་སྒྲོག ཐུགས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་སེམས་ལ་ཞུགས་པས་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང༌། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛོད། མཐར་ཐུག་ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་བརྟན་པོ་གནང་བར་ཞུ། ཧྲཱིཿ རྨད་དུ་བྱུང་བ་དཔལ་གྱི་གཏོར་མ་འདི༔ ཌཱ་ཀི་ཆོས་སྐྱོང་དམ་ཅན་མཆོད་པའི་ཕྱིར༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་ཁྱོད་ལ༔ རྨད་བྱུང་མཆོད་པ་གཏོར་མའི་དབང་བསྐུར་བས༔ དམ་ཅན་འདུ་ཞིང་མཐུ་རྩལ་ལྡན་པར་ཤོག༔ གཏོར་མ་སྤྱི་བོར་བཞག་ལ། མ་ཧཱ་བ་ལིཾ་ཏ་ཧཱུྃ་ཁཱ་ཧི་ཨ་བྷི་ཥིཉྩ་ཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། དཔལ་ལྡན་གྲུབ་ཐོབ་འདར་འཕྱར། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། ཀུན་མཁྱེན་དཔལ་ལྡན་སེང་གེ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། བྱམས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། འཁྲུལ་ཞིག་དཀོན་མཆོག་བཟང་པོ། དྲན་ཆོག་རཏྣ་བཛྲ། མུས་ཆེན་དཀོན་མཆོག་དཔལ་བཟང༌། འཁྲུལ་ཞིག་དཀོན་མཆོག་བཟང་པོ། སྔགས་འཆང་ཕྱག་ན་རྡོ་རྗེ། བླ་མ་གུ་རུ་རིན་ཆེན། འདར་ནག་རྒྱལ་སྲས་བདེ་བ་བཟང་པོ། འཇམ་དབྱངས་ཀུན་མཁྱེན་ཕྲིན་ལས། དབང་ཆེན་བསྟན་འཛིན་དར་རྒྱས། རིག་འཛིན་ངག་དབང་ཕྲིན་ལས། འདར་སྟོན་ངག་དབང་འཇིགས་བྲལ། འདར་སྟོན་པདྨ་བདུད་འདུལ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་

p. 620

པདྨ་དབང་ཆེན་བློ་བཟང་བསྟན་པའི་ཉི་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་རིག་འཛིན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ། ཆོས་སྲུང་དྲེགས་བྱེད་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདི་རྣམས་ལ་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་གཉན་ས་བདག བར་གདོན་རྒྱལ་བཙན་འབྱུང་པོའི་གནོད་པ་ལ་སོགས་པ་གདོན་བགེགས་ཀྱི་གནོད་པ་ཐམས་ཅད་སྲུང་བ་དང༌། ཞི་བ་དང༌། ཚར་བཅད་པར་མཛད་དུ་གསོལ། གཞན་ཡང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་སྲུང་བ་དང༌། མཐུན་རྐྱེན་སྲིད་ཞིའི་དགེ་ལེགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ། མཐར་ཐུག་ཚེ་འདི་ཉིད་ལ་དཔལ་པདྨ་དབང་ཆེན་རྟ་མཆོག་རོལ་པའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷ་སྔགས་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག་ཅིང༌། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེ་ལྟར་བྱིན་གྱིས་བརླབས་པས་ཁྱེད་རང་རྣམས་དཔལ་དབང་ཆེན་ཡང་གསང་ཁྲོས་པའི་སྐུར་གྱུར་པའི་མོས་པ་མཛོད། དེ་ནས་བཟླས་ལུང་གི་སླད་དུ། ཐོག་མར་མདུན་བསྐྱེད་ཀྱི་ལྷ་ལ་གསོལ་བ་འདེབས་པ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། མགོན་པོ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སླར་ཡང་ཁྱེད་རང་རྣམས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པོ་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྙིང་པོ་ལན་གསུམ། རྐྱེན་སེལ་ཙམ་ལ་བཟླས་ལུང་འདི་མ་བྱས་ཀྱང་རུང༌། མཐར་གཏོར་

p. 621

མའི་ལྷ་ཚོགས་འོད་དུ་མེར་གྱིས་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་སིབ་ཀྱིས་ཞུགས་པས། སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་ན་ཡོད་པའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས་པས་ལུས་ཐམས་ཅད་འོད་དམར་པོས་ཁེངས། བ་སྤུའི་བུ་ག་ཚུན་ཆད་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གཏམས་པས་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག ཤིས་པ་བརྗོད། རྗེས་དམ་ཚིག་ཁས་བླང་བ་ནི། དེས་གཏོར་དབང་ཟབ་མོ་ལེགས་པར་གསན་པ་ཡིན་པས། དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། སླར་ཡང་ལུས་ལོངས་སྤྱོད་དང་བཅས་པ་འབུལ་ན་ཆ་ཤས་ནས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དཔལ་དབང་ཆེན་ཡང་གསང་ཁྲོས་པའི་བྱིན་རླབས་གཏོར་མའི་དབང་བསྐུར་ལེགས་པར་གསན་པ་ཡིན་པས། དེ་ལས་བྱུང་བའི་དགེ་ཚོགས་སེམས་ཅན་གྱི་དོན་དུ་བསྔོ་བ་ལྷན་ཅིག་ཏུ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏོང༌། རྗེས་ཆོག་ལས་བྱང་གི་དཀྱུས་བཞིན་བྱའོ། །ཡང་ནད་པ་སོགས་ཀྱི་དོན་དུ་བརྒྱ་ཚར་བྱེད་ན། ཐོག་མར་བཟླས་ལུང་གི་བར་སྔར་བཞིན་ཚར་གཅིག་གི་རྗེས། སླར་ཡང་ཐུགས་དམིགས་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་དཔལ་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུའི་དཀྱིལ་འཁོར་ལ། རྩ་གསུམ་ཆོས་སྲུང་རྒྱ་མཚོས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས། སོགས་གོང་བཞིན་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། དཔལ་ལྡན་གྲུབ་ཐོབ་འདར་འཕྱར་ནས། བདག་ཅག་གི་བླ་མ་དམ་པའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་

p. 622

རྣམས་ཀྱི་བྱང་ཆུབ་མ་ཐོབ་བར་དུ་འགལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྩ་སྔགས་ཀྱི་མཐར། ཀཱ་ཡ་སིདྡྷི་སོགས་བརྗོད། སྤྲོ་ན་བཀྲ་ཤིས་ཚིགས་བཅད་རེ་བྱ། མཐར་བཟླས་ལུང་སོགས་གོང་བཞིན་བྱ། གསུམ་པ་རྗེས་ནི། བདག་བསྐྱེད་ལ་མཆོད་བསྟོད་ནོངས་བཤགས་གོ་ཆ་བགོ་བ་བསྔོ་སྨོན་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །ཞེས་པའང་འདར་སྟོན་པདྨ་དབང་ཆེན་གྱི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ནོས་པའི་སྐབས། འདར་འཕྱར་བ་པདྨ་བདུད་འདུལ་གྱིས་མཛད་པའི་གཏོར་དབང་གི་ཆོ་ག་ལས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་དབེན་པའི་སྒྲུབ་གནས་བསམ་གཏན་གྱི་སྦུགས་སུ་ཟིན་བྲིས་ཏེ་བཏབ་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།

པདྨ་དབང་ཆེན་ཡང་གསང་ཁྲོས་པ་དཔའ་བོ་གཅིག་པ།

p. 623
p. 624

པདྨ་དབང་ཆེན་ཡང་གསང་ཁྲོས་པ་དཔའ་བོ་གཅིག་པ་བཞུགས་སོ།།

p. 625

ཨོཾ་སྭ་སྟི། བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པ་དཔའ་བོ་གཅིག་པ་བསྒོམ་པར་འདོད་པས། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་ལམ་གྱི་རིམ་པ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། མ་སཱུརྻ་མཎྜ་ལ། རུ་ཏྲ་བཾ། པདྨ་ཉི་ཟླ་བདུད་ནག་ཕོ་མོའི་གདན་གྱི་སྟེང་དུ་ཧྲཱིཿསྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཧྲཱིཿཡིག་དམར་ནག་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་པདྨ་དབང་ཆེན་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཙནྡན་གྱི་བིང་ཆེན་ནམ་མཁའ་ལ་འཕྱར་བ། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ་ལས་བསྐལ་པའི་མེ་འབར་བ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་མཆེ་བ་གཙིགས་

p. 626

ཤིང་ལྗགས་འདྲིལ་བ། སྨིན་མ་དང་སྨ་ར་དང༌། དབུ་སྐྲ་ཁམས་སེར་གྱེན་དུ་འབར་བ། དབུ་གཙུག་ན་རྟ་མགོ་སྔོ་ལྗང་རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། ཚལ་བུའི་དཔུང་རྒྱན། ཐོད་པ་སྐམ་རློན་ལྔ་བཅུ་ཚར་གསུམ་གྱི་དོ་ཤལ་བྱས་པ། སྦྲུལ་རིགས་བཞི་དང་རིན་པོ་ཆེའི་ཕྲེང་བས་སྐུ་ལ་སྤྲས་པ། གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གཡང་གཞིའི་སྟོད་གཡོགས་གསོལ་བ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ཁམས་གསུམ་ལས་རྣམ་པར་རྒྱལ་བ་རྡོ་རྗེའི་ཁྱུང་གཤོག་སྔོན་པོ་གདེངས་པས་བར་སྣང་ཁེངས་པ། ཞབས་གཡས་བསྐུམས་ཞིང་གཡོན་བརྐྱངས་པའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་པདྨ་དབང་ཆེན་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཧཱུྃ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་པས། བཛྲ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་བསམ། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿཡིག་དམར་པོ། འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་བཛྲ། ཀྲོ་དྷ།

p. 627

ཧ་ཡ། གྲཱི་ཝ། ཧུ་ལུ། ཧུ་ལུ། ཧཱུྃ། ཕཊ། ཅེས་པ་རྣམས་ཁ་དོག་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་རྒྱུད་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ་ཞིང༌། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ལ་སོགས་པ་ཅི་ནུས་བཟླས་པའི་མཐར། ཧ་ཡ་གྲཱི་ཝ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རྃ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧྲཱིཿ རྒྱལ་བ་ཀུན་བདག་ཆོས་སྐུ་པདྨའི་གདུང༌། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམས་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །ཞེས་པས་མཆོད་ཅིང་བསྟོད། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས། །མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ། །རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པར་ཤོག །ཅེས་སྨོན་ལམ་གདབ། དེ་ལྟར་ཁྲག་འཐུང་དཔའ་གཅིག་གི། །སྒྲུབ་ཐབས་ཉུང་ངུ་རྣམ་གསལ་འདི། །དང་པོའི་ལས་ཅན་ཉམས་ལེན་ཕྱིར། །བནྡེ་བློ་གསལ་རྒྱ་མཚོས་སྦྱར། །དགེའོ། ༈ །གནོད་སྦྱིན་ལྕམ་དྲལ་གྱི་གཏོར་ཆོག་བསྡུས་པ་བཞུགས། བཅོམ་ལྡན་འདས་དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་ལྕམ་སྲིང་ལ་གཏོར་མ་འབུལ་བའི་ཚུལ་ནི། མཆོད་གཏོར་རྣམས་ཕྱག་ལེན་བཞིན་དུ་བཤམས་ནས་བྱིན་རླབས་ལ། ཆོས་སྐྱོང་འཁོར་བཅས་བསྐྱེད་པ་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རང་གི་མདུན་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དྭངས་པ། རྦ་ཀློང་གྲུ་གསུམ་བསྣོལ་མར་འཁྲུགས་པའི་དབུས་སུ། ཟངས་ཀྱི་རི་གྲུ་བཞི་པའི་སྟེང་དུ། པདྨ་ཉི་མ་རྟ་རོ་མི་རོ་བརྩེགས་པའི་སྟེང་ན། པྲྃ་ལས་ཟངས་ཀྱི་རལ་གྲི་ལས་སྐྱེས་པའི་གནོད་སྦྱིན་ཆེན་པོ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་

p. 628

རབ་ཏུ་འབར་བ་དང་བཅས་པའི་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་ཅིང༌། གཡོན་མདའ་གཞུ་དང་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་བསེའི་རུ་མཚོན་དམར་པོ་བསྣམས་པ། ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་ནས་ལྗགས་འདྲིལ་བ། སྤྱན་གསུམ་དང་ལྡན་པ་ཁྲོ་གཉེར་ཤིན་ཏུ་བསྡུས་པ། སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་འབར་བ། དབུ་སྐྲ་ཁམ་སེར་ལྟག་པར་བཅིངས་པ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཟངས་ཀྱི་བེག་ཙེ་དང་དར་གྱི་རལ་གུ་དམར་པོས་བརྒྱན་ཅིང༌། ཞབས་ལ་སག་ལྷྭམ་དམར་པོ་གསོལ་བ། སྒེག་པ་དཔའ་བ་མི་སྡུག་པའི་གཟུགས་ཅན། ཞབས་གཡས་བསྐུམས་ཞིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་མྃ་ལས་སྲིད་པའི་ལྷ་མོ་གདོང་དམར་མ་སྐུ་མདོག་སྔོ་ནག གདོང་པ་བསེ། སོ་དུང༌། སྨིན་མ་གཡུ། མེའི་རལ་པ་ལ་མཆོང་དང་མུ་མེན་གྱིས་བརྒྱན་ཞིང་གསེར་གྱི་རྣ་ཆ་འཆང་བ། གཅེར་མོ་སྤྱན་དང་ཞལ་བགྲད་པ། གཡས་ཟངས་ཀྱི་རལ་གྲི་དགྲ་ལ་འཕྱར་བ། གཡོན་ལྕགས་ཀྱི་ཕུར་བུ་བགེགས་ལ་འདེབས་པ། དྲེད་མོ་མི་ཟན་ལ་ཞོན་པ། གཙོ་བོའི་གཡས་སུ་པྲྃ་ལས་ལས་མཁན་སྲོག་བདག་དམར་པོ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་བསེ་མདུང་དམར་པོ་འཕྱར་ཞིང༌། གཡོན་བཙན་གྱི་ཞགས་པ་དགྲ་ལ་འདེབས་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཅིང་ཅེ་སྤྱང་ལ་ཞོན་པ། མཚན་མོ་རྒྱུ་ཞིང་དགྲ་བགེགས་ལ་འོ་དོད་འབོད་པ། གཙོ་འཁོར་གསུམ་གྱི་ཤར་དུ་མི་དམར་ཁྲ་མ། ལྷོར་རི་རྩི་མི་དམར། ནུབ་ཏུ་ཀྲོ་ཏི་མི་དམར། བྱང་དུ་སྲོག་བདག་ཀོ་ཤ ཤར་ལྷོར་ཨཾ་གྲི་མི་དམར། ལྷོ་ནུབ་ཏུ་རོ་ཀྲི་མི་དམར། ནུབ་བྱང་དུ་ཧ་ཤང་མི་དམར། བྱང་ཤར་དུ་སྲོག་བདག་ཐལ་བ་སྟེ་གྲི་ཐོགས་བརྒྱད་དང༌། ཤན་པ་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ། གཡས་ཟངས་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་ལ་ལ་རྒྱུ་

p. 629

མ་ལག་སྡོགས་བྱེད་པ། ལ་ལ་གློ་སྙིང་མཆིན་པ་འདྲད་པ། ལ་ལ་སྙིང་ཁྲག་ཀླད་པ་ལྡགས་པ། ལ་ལ་ཤ་ཁྲག་སྦར་གྱིས་འདེབས་པ། ལ་ལ་རུས་པ་རྐང་མར་འཆའ་བ། ལ་ལ་པགས་པ་དམར་ཤུས་བྱེད་པ། ལ་ལ་ཤ་གདན་དམར་པོ་འདིང་བ། ཐམས་ཅད་ཀྱང་དགྲ་བོའི་སྲོག་དབུགས་ལེན་པ། མི་ལྤགས་ཀྱི་གཡང་གཞི་དང༌། བ་གླང་གི་ཀོ་བ་རློན་པ་གྱོན་པ། གཞན་ཡང་བཙན་དམར་སྟོང༌། བདུད་དང་གནོད་སྦྱིན་སྲིན་པོ་སུམ་སྟོང༌། མ་མོ་འབུམ། ཐེའུ་རང་སྟོང་ལ་སོགས་པ་དམ་ཅན་རྒྱ་མཚོའི་དམག་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། བྱང་ཤར་མ་རུ་ཙེའི་དུར་ཁྲོད་བྲག་དམར་མཆོང་ལྡིང་གི་ཕོ་བྲང་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་སྐད་ཅིག་གིས་བཛྲ་ས་མཱ་ཛཿ ཀྱཻ་ཡུལ་གཅིག་མྱ་ངམ་འདས་བདུན་ཕ་རོལ་ན། །མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་བརྩིགས། །མི་རོ་རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མང་པོ་མཚོ་ལྟར་འཁྱིལ། །འཁོར་ཡུག་ཟངས་ཀྱི་ཕྲེང་བས་ཀུན་ནས་བསྐོར། །བསེ་མཁར་སྨུག་པོ་མཆོང་གི་བ་གམ་ཅན། །ཐོད་པ་བརྩིགས་པའི་གཞལ་ཡས་ཆེན་པོ་ནས། །ཆོས་སྐྱོང་དྲེགས་པ་ལྕམ་དྲལ་གཤེགས་སུ་གསོལ། །འཁོར་ཚོགས་ཤན་པའི་ཚོགས་ཀྱང་གཤེགས་སུ་གསོལ། །ཞིང་བཅུའི་དམ་ཉམས་དགྲ་བོ་འདུལ་བ་དང༌། །རྣལ་འབྱོར་བདག་གི་ལས་བཅོལ་བསྒྲུབ་པའི་ཕྱིར། །ད་ལྟ་ཉིད་དུ་གནས་འདིར་གཤེགས་སུ་གསོལ། །ད་ལྟ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༌། །རིངས་པའི་ཚུལ་གྱིས་མཆོད་གཏོར་འདི་བཞེས་ལ། །ནག་པོའི་ཕྱོགས་དང་གང་ལ་དམིགས་པ་ཡི། །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཨོཾ་རཀྨཽ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལཱ་ཡ་སྟྭཾ། ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་སྟོན་པ། །མཐུ་

p. 630

སྟོབས་ཕུན་ཚོགས་བསྟན་པ་སྐྱོང་མཛད་པའི། །སྒྲོལ་གིང་སྲོག་བདག་དམར་པོ་ལ་ཕྱག་འཚལ། །བཀའ་ཡི་འཁོར་གནས་ཡེ་ཤེས་སྲུང་མའི་ཚོགས། །རྣལ་འབྱོར་འདོད་པའི་བདེ་སྟེར་གསང་བའི་ཡུམ། །ལས་བྱེད་ཤན་པ་གཏུམ་པོ་སྡེ་ལྔ་དང༌། །མ་མོ་ཐེའུ་རང་ཚོགས་ལ་གུས་པར་འདུད། །ཅེས་ཕྱག་བྱ། ཨོཾ་རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་སྦྱར་ལ་མཆོད་པ་འབུལ། ཨོཾ་ཨཱཿཧཱུྃ་བཏགས་ལ་ནང་མཆོད་ཕུལ་ཏེ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ཆོས་སྐྱོང་ལྕམ་སྲིང་གི་ཐུགས་ཀར་ཉི་མའི་སྟེང་དུ་རང་གི་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བས་རང་དབང་མེད་པར་བཀའ་ཉན་ཅིང་ཅི་འདོད་པའི་ལས་བསྒྲུབས་པར་བསམས་ལ། ཨོཾ་རཀྨོ་པྲ་ཎ་ཨཱཏྨ་ཀྵེ་རུ་པུ་རུ་ཥ་ལོ་ཧི་ཏ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཡབ་ཀྱི་སྔགས། ཨོཾ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ་པྲ་ཏི་དེ་ཝཱི་ཧཱུྃ་སྲོག་ལ་ཡ་མ་ཛཿ སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ། ཅེས་ཡུམ་གྱི་རྩ་སྔགས་ཅི་མང་བཟླས་པའི་མཐར། ཆོས་སྐྱོང་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་གསོལ་བར་བསམས་ལ། ཨོཾ་རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་སརྦ་བིགྷྣཱཾ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ་ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ་སླར་ཡང་ཕྱི་མཆོད་ནང་མཆོད་ཕུལ་ལ། ཀྱཻ་རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་གནས་སྲུང༌། ལི་ཡུལ་ཆོས་ཀྱི་སྲུང་མ། མ་ཧཱ་དེ་ཝའི་བཀའ་ཉན། གཤིན་རྗེ་གཤེད་ཀྱི་བཀའ་སྡོད། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན། ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན། སྲས་གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མ། འཁོར་སྲོག་གཅོད་ཤན་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་ཕང་བསྟོད། དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས།

p. 631

རྣལ་འབྱོར་པ་བདག་སངས་རྒྱས་མ་ཐོབ་བར་གྱི་འགལ་རྐྱེན་སོལ། མཐུན་རྐྱེན་ཐམས་ཅད་སྒྲུབས། ཞེས་བཀའ་བསྒོའོ། །ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའོ། ༈ །བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་ལྕམ་དྲལ་གྱི་རྗེས་གནང་བྱེད་པར་འདོད་པས། ཡི་དམ་དང་འདི་ཉིད་ཀྱི་བྲིས་སྐུ་སོགས་རྟེན་གྱི་དྲུང་དུ། སྤྱི་སྒོས་ཀྱི་མཆོད་གཏོར། ཁྱད་པར་འདི་ཉིད་ཀྱི་རྗེས་གནང་གི་གཏོར་མ་ཆེ་བ་མདའ་དར་དང་ཙ་ཀ་ལིས་བརྒྱན་པ་འབུལ་གཏོར་དང་བཅས་པ་བཤམ། སློབ་དཔོན་གྱིས་ཡང་གསང་ཁྲོས་པའི་ཕྲིན་ལས་འཛབ་བསྟོད་ཡན་རྫོགས་པར་བྱས། དེ་ནས་གནོད་སྦྱིན་འཁོར་བཅས་བསྐྱེད་ཆོག་མཆོད་གཏོར་བཟླས་པའི་བར་བྱས་ཏེ། སློབ་མ་མདུན་དུ་འཁོད་པ་ལ་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་ཀྱིས་མཚམས་སྦྱར་ནས། རྗེས་གནང་གི་ཡོན་དུ་མཎྜལ་ཕུལ་ནས། གསོལ་བ་གདབ་པ་ནི། ཐུགས་རྗེ་ཆེན་པོའི་མངའ་བདག་ཉིད། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བླ་མ་དགེ་འདུན་སངས་རྒྱས་བསྟན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །ལྕམ་དྲལ་རྗེས་གནང་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད། སློབ་དཔོན་གྱིས། ཆོས་སྐྱོང་དྲེགས་པ་ལྕམ་དྲལ་ནི། །ཁྱོད་ཀྱིས་བརྩོན་པས་མཆོད་ནུས་སམ། །ཕྲིན་ལས་བཅོལ་དང་དམ་ཚིག་རྣམས། །རྗེས་སུ་མཐུན་པར་བསྒྲུབ་ནུས་སམ། །ཞེས་དྲིས། སློབ་མས་གོང་གི་ཚིག་ལ་མཆོད་ནུས་སོ་དང༌། སྒྲུབ་ནུས་སོ། །ཞེས་འདོན་པ་བསྒྱུར་ལ་ལན་གདབ། དེ་ནས་བླ་མས། སྣོད་དང་ལྡན་པའི་བུ་ཁྱོད་ཀྱིས། །བསྟན་པའི་སྤྱི་དགྲ་བསྒྲལ་བའི་ཕྱིར། །དྲག་པོའི་སྒྲུབ་པ་ངས་སྦྱིན་གྱིས། །ཁྱོད་ཀྱི་སྤྲོ་བས་བརྩོན་པས་མཆོད། །ཅེས་ཁས་བླངས་ནས། ཁྱད་པར་གྱི་གསོལ་བ་འདེབས་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཤློ་ཀ་གཅིག་སྔོན་དུ་འགྲོ་བས། བླ་མ་རྡོ་རྗེ་འཛིན་པས་བདག་ལ་གནོད་སྦྱིན་ལྕམ་དྲལ་གྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཅེས་ལན་གསུམ་བརྗོད། དེ་ནས་སློབ་མ་སྟོང་པའི་ངང་ལས་ཆོས་སྐྱོང་འཁོར་བཅས་སུ་བསྐྱེད།

p. 632

སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་གྱི་ཆོས་སྐྱོང་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་རང་འདྲ་བའི་སྐུ་དཔག་ཏུ་མེད་པ་བྱུང་ནས་སློབ་མ་ལ་ཐིམ། བྱང་ཤར་གྱི་གནས་ནས་ཀྱང་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་ནས་སློབ་མ་ལ་ཐིམ་པར་བསམ་ཞིང༌། ཡི་དམ་གྱི་སྔགས་ཀྱིས་མགོ་དྲངས་ནས་ཡབ་ཡུམ་གྱི་སྲོག་སྙིང་བརྗོད་ཅིང་རོལ་མོ་བྱ་བ་ནི་སྐུའི་རྗེས་གནང་ངོ༌། །ཡང་མདུན་གྱི་ཆོས་སྐྱོང་ལྕམ་དྲལ་གྱི་ཐུགས་ཀ་ནས་སྲོག་སྔགས་ལས་སྲོག་སྔགས་གཉིས་པ་ཞིག་མཆེད་དེ་སློབ་མའི་སྙིང་གའི་ས་བོན་གྱི་མཐར་འཁོད་པར་བསམས་ལ། ལྕམ་སྲིང་གི་སྲོག་སྙིང་ལན་གསུམ་རྗེས་ཟློས་བྱེད་དུ་འཇུག་པ་ནི་གསུང་གི་རྗེས་གནང་ངོ༌། །དེ་ནས་གཏོར་མ་སློབ་མའི་མགོ་ཐོག་ཏུ་བཞག་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁྲོ་རྒྱལ་རྟ་མཆོག སྤྲུལ་སྐུ་པདྨ་འབྱུང་གནས། དཔལ་ལྡན་གྲུབ་ཐོབ་འདར་ཕྱར། ཆོས་རྒྱལ་བོ་དོང་རིན་པོ་ཆེ། ཇོ་སྲས་སངས་རྒྱས་རིན་ཆེན། སློབ་དཔོན་ཤེས་རབ་འཚོ། བླ་མ་བསོད་ནམས་དབང་ཕྱུག ལྕང་སྤེ་བ་སེང་གེ་འབུམ། ཀུན་མཁྱེན་དཔལ་ལྡན་སེང་གེ། ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་དཔལ་བ། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། ཆོས་རྗེ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ།«་་་་་ཡང་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། འཁྲུལ་ཞིག་རཏྣ་བྷ་དྲ། རྩ་བའི་བླ་མ་བློ་གསལ་རྒྱ་མཚོ།» རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེའི་སློབ་མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བསྐྱབ་སྦ་བ་དང༌། བྲན་གཡོག་བཀའ་སྡོད་གྱིས་ཤིག ཅེས་བརྗོད་ཅིང་སྲོག་སྙིང་བརྗོད་པས། ལྕམ་དྲལ་འཁོར་བཅས་འོད་དུ་ཞུ་ནས་སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པར་བསམས་ལ། སྤྲོས་བྲལ་གྱི་ངང་དུ་ཅི་གནས་ལ་མཉམ་པར་བཞག རྗེས་ཀྱི་ཡོན་དང་མཎྜལ་ཕུལ་ཞིང༌། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཉེས་པར་བྱའོ། །ཞེས་པ་འདི་ནི་ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པའི་རྗེས་གནང་གི་ཐོ་ཡིག་ལས་ཅུང་ཟད་གསལ་བར་བནྡེ་བློ་གསལ་གྱིས་བགྱིས་པ་ལ་གནོད་སྦྱིན་འཁོར་བཅས་བཟོད་པར་མཛད་ཅིང་ཕྲིན་ལས་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ།། །།ཤུ་བྷཾ།། །།

གནོད་སྦྱིན་ལྕམ་སྲིང་གི་རྗེས་གནང་གི་ལག་ལེན་ཁྲིག་ཆགས་སུ་བཀོད་པ།

p. 633
p. 634

གནོད་སྦྱིན་ལྕམ་སྲིང་གི་རྗེས་གནང་གི་ལག་ལེན་ཁྲིག་ཆགས་སུ་བཀོད་པ་བཞུགས་སོ།།

p. 635

བླ་མ་དང་དཔལ་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ། །ཆོས་སྲུང་ལྕམ་སྲིང་གི་རྗེས་གནང་བྱེད་ཚུལ་སྒྲུབ་མཆོད་དང་འབྲེལ་ན་རྟ་མགྲིན་གྱིས་ལས་གཞུང་བསྲང་ཞིང༌། འཛབ་བསྟོད་ཚར་བའི་རྗེས་སུའམ། མ་འབྲེལ་ན་གནས་དབེན་པར་ཡི་དམ་གྱི་གཏོར་མ་སྙིང་གཟུགས་ཅན་མཐེབ་ཀྱུས་བསྐོར་བ་རྒྱན་ལྡན་དང༌། ཡང་སྣོད་གཅིག་ཏུ་ལྕམ་སྲིང་གི་གཏོར་མ་ཟུར་གསུམ་ཆེ་བ་གཅིག་གི་གཡོན་དུ་ཟུར་གསུམ་ཆུང་བ་གཅིག་བསླན་ལ་ཅིག་ཤོས་ལས་རྩེ་ཅུང་ཟད་དམའ་བ། གཉིས་ཀའི་ཐ་མ་མཐེབ་ཀྱུས་བསྐོར་བ་རྒྱན་ལྡན་མདའ་དར་དམར་པོ་བཙུགས། ཡོད་ན་ལྕམ་སྲིང་གི་ཙ་ཀ་ལི་ཡང་བཙུགས། དེའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ། ཆོས་སྐྱོང་ལ་འབུལ་གཏོར་ཟུར་གསུམ་ཆུང་ངུ་གཉིས་ཀྱང་བཤམ། དེ་ནས་སློབ་དཔོན་གྱིས་སློབ་མ་ལྷར་བསྐྱེད་པའི་སྐབས་སུ་འབྱུང་བའི་དཔལ་པདྨ་དབང་ཆེན་ཡབ་ཡུམ་གྱི་མངོན་རྟོགས་དང༌། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷེ་ཤྭ་ར་ཧཱུྃ་ཕཊ། ཅེས་བཟླས་པའི་བར་བྱས་ལ། མདུན་གྱི་ཡི་དམ་གཏོར་མ་ལ་དམིགས་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།

p. 636

ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་པདྨ་དབང་ཆེན་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་མ་ཧཱ་པདྨེ་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་འབུལ། མ་ཧཱ་པདྨེ་ཤྭ་ར་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་ནང་མཆོད་འབུལ། རྒྱལ་བ་ཀུན་བདག་ཆོས་སྐུ་པདྨའི་གསུང༌། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་དབང་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །དཔལ་པདྨ་དབང་ཆེན་གྱི་ལྷ་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། དེ་ནས་ཆོས་སྐྱོང་གི་གཏོར་མ་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད། སྟོང་པའི་ངང་ལས་ཡི་དམ་གྱི་མདུན་ངོས་ཀྱི་འོག་ཕྱོགས་སུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དྭངས་པ་རྦ་ཀློང་གྲུ་གསུམ་བསྣོལ་མར་འཁྲུགས་པའི་ཀློང་དཀྱིལ་དུ་པདྨ་དང་ཉི་མའི་གདན་ལ་རྟ་རོ་དང་མི་རོ་བརྩེགས་པའི་སྟེང་དུ། པྲྃ་དང་ཟངས་ཀྱི་རལ་གྲི་ལས་སྐྱེས་པའི་གནོད་སྦྱིན་ཟངས་ཀྱི་བེག་རྩེ་ཅན་སྐུ་

p. 637

མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཟངས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བས་དམ་ཉམས་ཀྱི་སྲོག་རྩ་གཅོད་པར་བྱེད་པ། གཡོན་མདའ་གཞུ་དང་བཅས་པའི་དགྲ་བགེགས་ཀྱི་གློ་སྙིང་ཐུགས་ཀར་འཛིན་པའི་མཆན་ཁུང་གཡོན་དུ་བསེའི་རུ་མཚོན་དམར་པོ་འཕྱར་བ། སྐུ་ལ་ཟངས་ཀྱི་བེག་རྩེ་དང༌། དར་གྱི་རལ་གུ་དམར་པོས་བརྒྱན་པ། ཞབས་གཉིས་སག་ཏིའི་ལྷྭམ་འབོབ་གསོལ་ཞིང༌། བརྐྱང་བསྐུམ་འདོར་ཐབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་པདྨ་དང་ཉི་མའི་གདན་ལ། མྃ་ལས་རིག་པའི་ལྷ་མོ་གདོང་དམར་མ་སྐུ་མདོག་སྔོ་ནག གདོང་པ་བསེ། སོ་དུང༌། སྨིན་མ་གཡུ། མེའི་རལ་པ་ལ་མཆོང་དང་མུ་མེན་གྱིས་བརྒྱན་པ། གསེར་གྱི་རྣ་རྒྱན་ཅན། ཕྱག་གཡས་ཟངས་ཀྱི་རལ་གྲི་དགྲ་ལ་འཕྱར་བ། གཡོན་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ་བགེགས་ལ་འདེབས་པ། དྲེད་མོ་ནག་མོ་མི་ཟན་ལ་ཞོན་ནས་སྟོང་གསུམ་སྐད་ཅིག་ལ་ཉུལ་བ། ལྕམ་སྲིང་དེ་གཉིས་ཀྱི་བཀའ་འཁོར་དུ་བཀའ་ཉན་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། བྱང་ཤར་དབང་ལྡན་མ་རུ་ཙེའི་དུར་ཁྲོད་ནས་གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཀྱཻ་ཡུལ་གཅིག་མྱ་ངམ་འདས་བདུན་ཕ་རོལ་ན། །མདའ་ན་ཁྲག་མཚོ་ཕུ་ན་ཟངས་བྲག་རི། །བསེ་མཁར་སྨུག་པོ་དུང་གི་བ་གམ་ཅན། །ཐོད་སྐམ་བརྩེགས་པའི་གཞལ་ཡས་ཆེན་པོ་ནས། །ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གཤེགས་སུ་གསོལ། །རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ། ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ། གནོད་སྦྱིན་དྲེགས་པ་ལྕམ་སྲིང་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་

p. 638

མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཆོས་སྒྲུབ་འཁོར་བཅས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་སརྦ་བིགྷྣཱན་ཤ་ཏྲཱུྃ་མཱ་ར་ཡ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་རཀྨོ་པྲཱ་ཎ་ཨཱཏྨ་ཀྵེ་རུ་པུ་རུ་ཥ་ལོ་ཧི་ཧ་སརྦ་ཤ་ཏྲཱུྃ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ། པྲ་ཏི་དེ་ཝཱི་ཧཱུྃ། སྲོག་ལ་ཡ་མ་ཛ། སརྦ་ཤ་ཏྲཱུྃ་མཱ་ར་ཡ་རྦད་ཕཊ། ལན་གསུམ་མམ་ལྔ་བཟླས། ཨོཾ་རཀྨོ་པྲཱ་ཎ་ཨཱཏྨ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། ནང་མཆོད་དངོས་སུ་ཕུལ་བའམ་སྟངས་ཀ་བྱེད། ཀྱཻ་དམར་ཆེན་གྱི་གཏོར་མ་རོ་བརྒྱ་དང་ལྡན་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། གཤིན་རྗེའི་གཤེད་ཀྱི་བཀའ་སྡོད། མ་ཧཱ་དེ་ཝའི་བཀའ་ཉན། རྒྱ་གར་ཡུལ་གྱི་དགྲ་ལྷ། མ་རུ་ཙེའི་གནས་སྲུང༌། ལི་ཡུལ་ཆོས་ཀྱི་སྲུང་མ། བོད་ཡུལ་མ་མོའི་སྟོང་དཔོན། ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་དང༌། ཡུམ་སྲིན་མོ་ཁྲག་གི་རལ་པ་ཅན་གྱི་སྲས་གནོད་སྦྱིན་ཟངས་ཀྱི་བེག་རྩེ་ཅན། སྲིང་མོ་སྲིད་པའི་ལྷ་མོ་གདོང་དམར་མོ་འཁོར་དང་བཅས་པ་རྣམས་ལ་འབུལ་བ་ཡིན་པས། སངས་རྒྱས་ཀྱི་བསྟན་པ་སྲུངས། ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་རྣལ་འབྱོར་བདག་ཅག་དཔོན་སློབ་ཆོས་སྒྲུབ་པ་འཁོར་བཅས་ལ་སྡང་ཞིང་མཐོ་འཚམས་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པ་དང༌། མཐུན་རྐྱེན་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པའི་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། དེ་ནས་སློབ་མ་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཆོས་སྐྱོང་ལྕམ་སྲིང་གི་རྗེས་གནང་གསན་སྙམ་པ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གནོད་སྦྱིན་ཆེན་པོ་བེག་གདོང་ལྕམ་སྲིང་འདི་ནི། གསང་སྔགས་སྔ་འགྱུར་བ་ལ་གྲགས་པའི་པདྨ་དབང་ཆེན་

p. 639

ཡང་གསང་ཁྲོས་པའི་ཆོས་སྐོར་བསམ། དབང་ཆེན་ཐུགས་གསུང་སྐུའི་སྤྲུལ་པ་གཟའ་བེག་གྱིང་གསུམ་གྱི་རྣམ་བཞག་འབྱུང་བ་ལས། རྟ་མགྲིན་གྱི་གསུང་གི་སྤྲུལ་པར་བཤད་པས་ངོ་བོ་ཡེ་ཤེས་པ་ཡིན་ལ། དྲང་དོན་དུ་གཏམ་རྒྱུད་ཁུངས་མ་རྣམས་ནས། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྒྱལ་པོ་ཞིག་ལ་སྲས་གཉིས་ཡོད་པའི་ཆེ་བ་གྲགས་ལྡན་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡིན་པས་བྱང་ཆུབ་ཀྱི་སྤྱོད་པ་ལ་ཐུགས་གཞོལ། ཆུང་བ་གྲགས་སྐྱེས་ནི་ཤིན་ཏུ་གཏུམ་ཞིང་གསོད་གཅོད་ཁོ་ན་ལ་དགའ་བས་གཅེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ཀྱང་མ་ཉན་པར། མཐར་སྲིན་པོ་ལྟ་བུར་གྱུར་ཚེ་སླར་ཡང་གཅེན་གྱིས་བཀའ་བསྒོས་ཕས་མ་འོངས་པ་ན་ཁྱོད་ཀྱི་བསྟན་པ་ལ་གནོད་སྦྱིན་མཐུ་རྩལ་ཅན་ཅིག་ཏུ་སྐྱེས་ནས་བསྟན་པ་སྲུང་བར་སྨོན་ལམ་བཏབ། གཅེན་གྱིས་ཀྱང་ཆས་དང་ཕྱག་མཚན་གྱིས་མཐུ་སྟོབས་དང་ལྡན་པར་དབང་བསྐུར། ཤཱཀ་ཐུབ་འཇིག་རྟེན་དུ་འབྱོན་པ་ཙམ་གྱི་དུས་སུ་འཛམ་བུ་གླིང་གི་བྱང་ཤར་དུར་ཁྲོད་མ་རུ་ཙེ་ཞེས་པ་འཇིགས་ཤིང་ཡ་ང་བའི་གནས་དེར། གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་དང༌། སྲིན་མོ་ཁྲག་གི་རལ་པ་ཅན་གཉིས་བཤོས་པ་ལས་ཟངས་ཀྱི་སྒོ་ང་གཅིག་དང༌། མཆོང་གི་སྒོ་ང་གཅིག་སྐྱེས། སྒོ་ང་དེ་གཉིས་ནམ་མཁའ་ས་འོག་ས་སྟེང་ཐམས་ཅད་དུ་འཕུར་ཞིང་འགྲིམས་པ་ལྷ་ཀླུ་གཟའ་སྐར་ཕྱོགས་སྐྱོང་ཐམས་ཅད་དབང་དུ་བསྡུས་ཤིང་བྲན་དུ་བཀོལ། རེ་ཞིག་ན་དེ་གཉིས་བརྡོལ་བའི་ནང་ནས་ལྕམ་སྲིང་གཉིས་པོ་འདི་བྱུང་ངོ༌། །ལྷ་ཆེན་ཡབ་ཡུམ་གྱིས་དམ་ལ་བཏགས་ཤིང་བསྟན་པ་སྲུང་བར་བསྐོས། སླར་ཡང་དཔལ་གཤིན་རྗེ་གཤེད་དང༌། རྟ་མགྲིན་གྱིས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། དམ་ལ་བཞག་སྟེ་སྲོག་སྙིང་བཞེས་སོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་མཐུས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་མཇལ་ཏེ་བསྟན་པ་དང་བསྟན་པ་འཛིན་པ་རྣམས་སྲུང་ཞིང་སྐྱོང་བར་ཁས་བླངས་སོ། །བོད་ཡུལ་འདིར་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གཏེར་ཁ་དུ་མར་འདིའི་སྒྲུབ་སྐོར་རྣམས་སྦས་པ་ཉང་གནུབས་སོགས་ཀྱིས་སྤྱན་དྲངས་

p. 640

པ་རྣམས་རིམ་བཞིན་གྲུབ་ཐོབ་ཆེན་པོ་འདར་ཕྱ་རུ་བ་རིན་ཆེན་བཟང་པོ་ལ་བཀའ་བབས། བསྟན་པ་ཕྱི་དར་གྱི་དུས་སུ་སྐད་གཉིས་སྨྲ་བའི་དབང་པོ་གཉན་དར་མ་གྲགས་ཀྱིས་གཙུག་ལག་ཁང་བརྒྱ་རྩ་བརྩིགས་བཞེད་ཀྱིས་རྒྱ་གར་ནས་བསྟན་སྲུང་མང་པོ་སྤྱན་དྲངས་པའི་ཡ་གྱལ་ཞིག་ཡིན་ལ། ལྕམ་སྲིང་འདི་དང་གནོད་སྦྱིན་ཤུ་ཀྲ་ནག་པོ་གཉིས་ལ་དཔལ་མགོན་གདོང་བཞི་པའི་ལས་མཁན་ཤན་པ་དམར་ནག་ཅེས་མངའ་གསོལ་བའི་དམར་པོ་ལྕམ་སྲིང་གི་རྗེས་གནང་གདམས་པའི་སྐོར་རྣམས་གཉན་ལོ་ནས། གནམ་ཁའུ་པ། རྗེ་ས་སྐྱ་པ་ཆེན་པོ། ས་ཤུད་བུ་བཀྲ་ཤིས་འོད་ཟེར་རྣམས་བརྒྱུད་དེ་གྲུབ་ཐོབ་འདར་ཕྱར་ལ་བཀའ་བབས། གྲུབ་ཐོབ་ཆེན་པོས་ལི་ཡུལ་ལྕང་ར་སྨུག་བོ་ནས་སློབ་དཔོན་ཆེན་པོ་པདྨའི་ཕྱག་བཟོ་བསེ་ལས་གྲུབ་པའི་ལྕམ་སྲིང་གི་འཆམས་སྐུ་རྫུ་འཕྲུལ་གྱིས་གདན་དྲངས་ཏེ་བྲག་རམ་གྱི་གཙུག་ལག་ཁང་དུ་བཞུགས་སུ་གསོལ། ཆོས་སྐྱོང་བཀའ་གཉན་ཅིང་མཐུ་རྩལ་ཆེ་བར་རྒྱལ་ཁམས་ཐམས་ཅད་དུ་གྲགས། འཇམ་མགོན་ས་པཎ་གྱི་དངོས་སློབ་བོ་དོང་རིན་ཆེན་བརྩོན་འགྲུས་རྡོ་རྗེ་དང༌། ཀུན་མཁྱེན་མུས་སྲད་པ་དཔལ་ལྡན་སེང་གེ་དང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང༌། རྡོ་རྗེ་འཆང་ཚར་པ་རིན་པོ་ཆེ་སོགས་མཁས་གྲུབ་ཆེན་པོ་རྣམས་ཀྱིས་སྲུང་མ་དམ་ཚིག་ཅན་ཁྱད་པར་དུ་འཕགས་པར་བསྔགས་ཤིང་བསྟེན་པས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས། གྲུབ་ཐོབ་འདར་ཕྱར་ནས་བཀའ་གཏེར་གཉིས་ཀ་ཕྱོགས་གཅིག་ཏུ་འདྲིལ་བའི་མན་ངག་ལག་ལེན་མ་ནུབ་པར་བཞུགས་པ་ལས། ཐོག་མར་སྒྲུབ་པ་པོ་ཆོས་སྐྱོང་དང་ངོ་སྤྲོད་པར་བྱེད་པའམ། བསྙེན་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ལ་དབང་བར་བྱེད་པ་རྗེས་གནང་གི་རིམ་པ་ལ། ལྕམ་སྲིང་གཉིས་དང༌། འཁོར་མང་གི་རྗེས་སུ་གནང་བའི་བཀའ་སྲོལ་གཉིས་ལས། འདིར་ལྕམ་སྲིང་གི་རྗེས་གནང་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱིས་བགྱི་འོས་རྣམས་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་དུ་གཞུག གང་གི་དྲིན་གྱིས་ནས།

p. 641

རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་རྡོ་རྗེ་འཛིན་པ་ཡིས། །བདག་ལ་ཆོས་སྐྱོང་ལྕམ་སྲིང་གི། །རྗེས་སུ་གནང་བ་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་ལན་གསུམ། རྗེས་གནང་གི་གཞི་ལུས་བསྒྲུབ་པའི་སླད་དུ་ཐུགས་འདུན་དམིགས་པ་འདི་བཞིན་མཛད་པར་ཞུ། སློབ་དཔོན་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས། རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་འདི་ཡང་འོད་གསལ་གྱི་ངང་དུ་གཙང་སིང་སྦྱངས་ཏེ། སྐུ་ལུས་འོད་ཀྱི་གོང་བུར་གྱུར། དེ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཅི་ཡང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། སྟོང་ཉིད་དེ་ཀའི་ངང་ལས་པདྨ་དང་ཉི་མ་རུ་ཏྲ་ཕོ་མོ་མནན་པའི་སྟེང་དུ། ཁྱེད་རང་རྣམས་བཅོམ་ལྡན་འདས་དཔལ་པདྨ་དབང་ཆེན་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར། གཡོན་ལྗང༌། དབུས་དམར་ནག་སྤྱི་གཙུག་ན་རྟ་མགོ་ལྗང་གུ། རྔོག་མ་དམར་པོ་ཕྲུམ་ཕྲུམ་སེར་པོ། ཞུར་དཀར་པོ་རྟ་སྐད་འཚེར་བཞིན་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་སེར་པོ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཕྱག་དང་པོ་པདྨ་དང་བནྡྷ། བར་པ་གཉིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་གཉིས་བེ་ཅོན་དང་རལ་གྲི། སྐུ་ལ་ཞིང་ཆེན་གྱི་གཡང་གཞི་དང༌། གླང་ཆེན་གྱི་ཀོ་རློན་གསོལ་བ། སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་གྱི་དབུ་རྒྱན། ཚལ་བུའི་དཔུང་རྒྱན། ཐོད་རློན་ལྔ་བཅུ་ཚར་གྱི་དོ་ཤལ། སྦྲུལ་རིགས་བཞི་དང་རིན་པོ་ཆེས་སྐུ་ལ་བརྒྱན་པ། ཞག་གི་ཟོ་རིས། རཀྟའི་ཐིག་ལེ། ཐལ་ཆེན་གྱི་ཚོམ་བུ་ཅན། གར་གྱི་ཉམས་དགུ་དང་ལྡན་པ། ཁམས་གསུམ་

p. 642

ལས་རྣམ་པར་རྒྱལ་བའི་གཤོག་པ་ཅན། ཞབས་བཞི་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། དེའི་པང་ན་ཡུམ་པདྨ་གར་གྱི་དབང་ཕྱུག་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་སྡང་མིག་ཏུ་ལྟ་བ། ཞལ་བགྲད་ཅིང་མཆེ་བ་གཙིགས་པ། དབུ་སྐྲ་རལ་པ་ནག་པོ་མུན་པ་ལྟར་གཏིབས་པ། ཕྱག་གཡས་ཙིཏྟ་ཐོགས་ནས་ཡབ་ལ་འཁྱུད་པ། གཡོན་དུང་ཆེན་དམར་འཁྱིལ་གཙོ་བོ་ལ་སྟོབ་པའི་སྐུ་ཅན་རེར་གསལ་ལམ་སྟེ་གྱུར་པའི་མོས་པ་གནང་བར་ཞུ། མདུན་གྱི་གཏོར་མ་དང་གཉིས་སུ་མེད་པའི་ཆོས་སྐྱོང་ལྕམ་སྲིད་སྔར་ཡོད་གསལ་བཏབ་པའི་ཚུལ་གྱིས་བསྐྱེད་པ་ཡིན་ཏེ། དེ་ཡང་མདུན་གྱི་གནས་འདི་ཉིད་དུ་རྟ་ཁྲག་དང་མི་ཁྲག་གི་རྒྱ་མཚོ་དམར་ལ་དྭངས་བ་ཞེས་པ་ནས། བཀའ་ཉན་དམ་ཅན་རྒྱ་མཚོས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་ཐུགས་མོས་གནང་བ་དང༌། བླ་མ་གོང་མ་རྣམས་ཀྱི་བཀའ་དང་དམ་ཚིག་དང་རྟེན་འབྲེལ་གྱི་དབང་གིས་དོན་ལ་ཡང་བཞུགས་ངེས་ཤེས་པ་ཡིན་ཞེས་བརྡ་སྤྲད། སློབ་དཔོན་དཔལ་པདྨ་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཆོས་སྐྱོང་ལྕམ་སྲིང་ལ་ཕོག ཐུགས་རྒྱུད་བསྐུལ་བས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཆོས་སྐྱོང་ལྕམ་སྲིང་གི་སྐུ་རེ་ཆད་ནས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། གུ་གུལ་གྱི་དུད་པ་དང་རོལ་ཆེན་བྱས་ལ་ལྕམ་སྲིང་གི་སྲོག་སྔགས་བརྗོད། ཡང་ཐུགས་འདུན་དམིགས་པ་འདི་བཞིན་གནང་བར་ཞུ། སློབ་དཔོན་དཔལ་པདྨ་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ལྕམ་སྲིང་གི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ་ཐུགས་ཀའི་སྲོག་སྔགས་གཉིས་པ་ཆད། ཁྱེད་རང་རྣམས་དཔལ་པདྨ་དབང་ཆེན་དུ་གསལ་བའི་སྙིང་གར་བསྟིམས་ཚར་བའི་ཆོས་སྐྱོང་ལྕམ་སྲིང་གི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ། སྤོས་རོལ་བྱ་ཞིང་སྲོག་སྔགས་བརྗོད། དེ་ནས་རཀྨོ་པྲ་ཎ་ཨཱཏྨ་ཞེས་སོགས་སྲོག་སྔགས་ཀྱི་རྗེས་

p. 643

ཟློས་ལན་གསུམ་དང༌། སློབ་དཔོན་ལ་མེ་ཏོག་འཐོར་ཞིང༌། ཆོས་སྐྱོང་བདག་ལ་སྩལ་ལགས་ཀྱི། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ། དེ་ནས་སློབ་དཔོན་གྱིས་དྲིལ་བུ་གསིལ། སློབ་མ་ལ་མེ་ཏོག་འཐོར་ཞིང༌། ཆོས་སྐྱོང་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཅེས་བརྗོད། དེ་ནས་གནོད་སྦྱིན་གཏོར་མ་སློབ་མ་པདྨ་དབང་ཆེན་དུ་གསལ་བའི་ལག་ཏུ་བཞག་ལ། དཔལ་པདྨ་དབང་ཆེན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། དཔལ་ལྡན་གྲུབ་ཐོབ་འདར་འཕྱར། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང་པོ། ཀུན་མཁྱེན་དཔལ་ལྡན་སེང་གེ་ལ་སོགས་པ་ནས་བཟུང་སྟེ། བྲག་རམ་བཀའ་བཞི་ཆེན་མོ། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག དྲིན་ཆེན་བསོད་ནམས་ཆོས་འཕེལ་གྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེ་སློབ་མ་འདི་ལ་བྱང་ཆུབ་མ་ཐོབ་བར་དུ་སྲུང་སྐྱོབས་གསུམ་མཛད་པ་དང༌། འདི་ཡི་བྲན་གཡོག་བཀའ་སྡོད་གྱིས་ལ་ཅི་བཅོལ་བའི་ལས་རྣམས་སྒྲུབས། ཞེས་བརྗོད་ལ་གཏོར་མ་སྔར་གྱི་སྟེགས་ཀྱི་སྟེང་དུ་བཞག ཡང་སློབ་དཔོན་གྱིས་ལྕམ་སྲིང་གི་སྲོག་སྔགས་ཚར་གཅིག་བརྗོད་པ་དེས་རྐྱེན་བྱས། མདུན་གྱི་ལྕམ་སྲིང་འཁོར་བཅས་རྣམས་དགྲ་བགེགས་ལ་རྔམས་ཞིང་ཁྲོས་པར་གྱུར་ཏེ། སྤྲུལ་པ་ཡང་སྤྲུལ་དུ་མ་ཆད་ནས་འཇིག་རྟེན་གྱི་ཁམས་གང༌། སྒྲུབ་པ་པོ་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བྱས་ནས་ཚུར་འདུས་ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་སྙིང་གར་བཞུགས་པའི་ཆོས་སྐྱོང་ལྕམ་སྲིང་གི་ཐུགས་ཀར་ཐིམ་པའི་མོས་པ་མཛོད་ཅེས་པའམ། སྤྲོས་པ་ལ་དགའ་ན་འདིར་ཡང་གུ་གུལ་གྱི་དུད་པ་དང་རོལ་ཆེན་བྱ་ཞིང་སྲོག་སྔགས་བརྗོད། རྗེས་གཙོ་བོས་ཇི་ལྟར་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་འདྲ། དེ་ནས་ཐུན་གཏོར་འབུལ་ཞིང༌། ཀྱཻ་དཔལ་ལྡན་མ་རུ་ཙེ་ཡི་དུར་ཁྲོད་ནས། །

p. 644

མཆོང་དམར་བྲག་ལ་བརྟེན་པའི་གནས་བཅས་པ། །ཞེས་སོགས་སྤྱི་བསྟབ་དང༌། ཡིག་བརྒྱ། ནོངས་པ་བཟོད་པར་གསོལ། རྟེན་ལ་བརྟན་བཞུགས། དགེ་བ་བསྔོ་བ། བཀྲ་ཤིས་ཀྱི་ཕྲེང་བས་མཐའ་བརྟན་པར་བྱའོ། །ཞེས་པ་འདི་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བའི་རྗེ་བཙུན་རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ་གྱི་བཀའ་འབངས་དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་རྗེ་བླ་མ་ལས་རྗེས་གནང་དུས་ཀྱི་ཡིག་རྙིང་དང༌། ཕྱག་བཞེས་ཇི་ལྟར་མཛད་པ་ལ་གཞི་བརྟེན་ནས་རང་དང་སྐལ་བ་མཉམ་པ་རྣམས་ལ་ཕན་པའི་དོན་དུ་ས་མོ་ལུག་ལོ་དབྱར་དུས་ཟླ་བ་དྲུག་པའི་ཡར་ངོའི་ཚེས་བཅུའི་ཉིན་བུལ་རོང་དབེན་པའི་རི་ཁྲོད་དུ་ལེགས་པར་སྦྱར་བའོ། །རང་གི་བརྒྱུད་པའི་ལུགས་མཆོག་གཙོར་བཟུང་ནས། །བསྟན་དང་བསྟན་འཛིན་ཀུན་ལའང་ཕྱོགས་འཛིན་གྱི། །དྲི་མས་མ་སྦགས་དག་སྣང་སྒར་སྒྲུབ་བརྩོན། །གཟུར་གནས་སྐྱེས་བུ་དེ་ལ་ཆོས་སྐྱོང་འགོ །ཞེས་ཀྱང་སྨྲས་སོ། །འདིས་ཀྱང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།འདིའི་རྗེས་གནང་གི་ལོ་རྒྱུས་བཤད་པ་རྗེ་ངག་དབང་ལེགས་གྲུབ་ཀྱི་འཁོར་མང་རྗེས་གནང་ནས་བློ་གཏེར་དབང་པོས་བསབས་པའོ།། །།ཤུ་བྷཾ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས།

p. 645
p. 646

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་སྐོར་རྣམས་བཞུགས་སོ།།

p. 647

བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དཔལ་འབྱོར་ནོར་བུ་ལས། །གདུལ་བྱའི་རེ་བ་སྐོང་མཛད་པ། །དངོས་གྲུབ་མཆོག་སྩོལ་མགོན་པོ་ཡི། །ལོ་རྒྱུས་རིམ་པ་འབྲི་བར་བྱ། །བླ་མ་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་པ་སྐྱེ་རྒུ་རྣམས་ཀྱི་ཡིད་ཀྱི་ས་གཞིར་ཟབ་དོན་གདམས་པའི་ཆར་རྒྱུན་གྱིས་བརླན་པར་མཛད་པ་ལས། ཐར་པ་ཆེན་པོའི་བྱང་ཆུབ་ཀྱི་མྱུ་གུ་འཐོན་པ། ངེས་པར་ལེགས་པ་འབྲས་བུའི་མཆོག་དཔལ་རྡོ་རྗེ་འཆང་ཆེན་པོ་སྐུ་ཚེ་འདི་ཉིད་དུ་བདེ་བླག་ཏུ་བསྐྲུན་པར་མཛད་པ་ལས། ལྷ་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྣམ་པར་འདྲེན་པ་ཆེན་པོ། ལུང་དང་མན་ངག་མངོན་པར་རྟོགས་པའི་ཡོན་ཏན་མཐའ་དག་ལ་མངའ་བརྙེས་པ། མཁས་པའི་ཡང་མཁས་པ་ཆེན་པོ། ཐུབ་པའི་དབང་པོ་དང་གཉིས་སུ་མེད་པར་གྱུར་པའི་བདག་ཉིད་ཆེན་པོ་ཁྱུང་པོ་རྣལ་འབྱོར་ཞེས་མཚན་ཡོངས་སུ་གྲགས་པ་འཇིག་རྟེན་གསུམ་གྱི་མགོན་པོ་ལྟ་བུར་གྱུར་པའི་སྐྱེས་བུ་དམ་པས། བླ་མ་དམ་པ་མཻ་ཏྲི་པ་ཀོ་ས་ལ་བྷིཀྵའི་དུར་ཁྲོད་ན་བཞུགས་པ་ལ་གསེར་སྲང་ཉིས་བརྒྱ་ཕུལ་ནས། བོད་ལོངས་སྤྱོད་ཆུང་བས་ནོར་སྒྲུབ་མྱུར་ལ་རྟགས་མཚན་

p. 648

ཆེ་བ་ཞིག་ཞུ་བྱས་པས། བླ་མ་མཻ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་ནོར་བུའི་མགོན་པོ་ཞེས་ཀྱང་བྱ། ཤིང་ཕུང་ཅན་གྱི་མགོན་པོ་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། ཚེ་འདི་དང་བར་དོའི་འཇིགས་པ་ལས་སྐྱོབ་པ། ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། དགྲ་ཐམས་ཅད་བརླག་པར་བྱེད་པ། བཟློག་པས་མི་ཚུགས་པ། མཆོག་དང་ཐུན་མོང་ལོའམ་ཟླ་བ་ཙམ་གྱིས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ་ཅིག་ཡོད་གསུངས། དེ་སུ་ལ་ཞུས་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོས་སེམས་བསྐྱེད་དོ། །འཁོར་བའི་རྒྱ་མཚོ་འདི་མ་སྟོངས་ཀྱི་བར་དུ་བདག་འཚང་རྒྱ་བར་མ་གྱུར་ཅིག གལ་ཏེ་སེམས་བསྐྱེད་དེ་ཉམས་པར་གྱུར་ན། མགོ་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག ཅེས་དམ་བཅས་ཏེ། རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པས་འཇུག་ཅིང་གང་ལ་གང་འདུལ་གྱི་དོན་བྱེད་པར་གྱུར་ཏོ། །དེ་ནས་ལོ་

p. 649

དཔག་ཏུ་མེད་པའམ་བསྐལ་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས་སེམས་ཅན་ཟད་པ་ཙམ་དུ་སོང་ལས་ཆེ་སྙམ་ནས་པོ་ཏ་ལ་ནས་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད་པའི་སྟེང་དུ་སྙིགས་མར་སོང་ནས་ཉོན་མོངས་རགས་ལ་གདུག་པ་ཆེ་བར་སོང་འདུག་པས། ད་ནི་བདག་གིས་སེམས་ཅན་འགའ་ཡང་སྒྲོལ་བར་མི་ནུས་པར་འདུག་སྙམ་ནས་སེམས་བསྐྱེད་བཏང་བ་དང༌། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས་རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་མ་ལེགས་ཀྱི། དེའི་བཤགས་པ་ལ་སེམས་བསྐྱེད་དེ་བས་ཀྱང་རྒྱ་ཆེ་བ་ཞིག་སྐྱོར་ཅིག་གསུངས་ནས་དབུ་ཚལ་པ་སྟོང་དུ་གས་པ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་སྔར་གྱི་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་མེད་ཅིང༌། དེའི་ཆ་ཙམ་ཞིག་ལས་མ་ནུས་པས། དེ་ལས་རྒྱ་ཆེ་བའི་ཐབས་ནི་ཅིའང་མེད་སྙམ་ནས། ཞག་བདུན་གི་བར་དུ་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་དེ་སངས་པ་དང༌། དེ་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་ལ་བར་ཆད་མང་བས་རྐྱེན་དབང་འབའ་ཞིག་ཏུ་འགྲོ་བས། ལོངས་སྤྱོད་ཆུང་བ། འཚོ་བ་དམན་པ། བསྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བར་བཟློག་པ་དང་ནང་དམེ་བྱེད་པ། ཕལ་ཆེར་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས། ཡུན་རིང་བསྒྲུབས་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་ཙམ་གྱིས་འདི་ཕྱིའི་འཇིགས་པ་ལས་སྐྱོབ་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་གིས་བརླག་པར་བྱེད་པ། མཆོག་དང་ཐུན་མོང་ཐམས་ཅད་རྩོལ་པས་བསྒྲུབ་ན་ཟླ་བ་གཅིག་འབྱུང་བའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམ་ནས། ཐུགས་ཀ་ནས་ཧཱུྃ་མཐིང་ནག་འཐོན་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་

p. 650

ལྟ་བུར་གྱུར་པ་དང་ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་མགྲིན་གཅིག་ཏུ་བསྡེབས་ནས། རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཚུལ་བཞིན་དུ་སྐོང་བའི་སྤྱོད་པ་འདི་ལྟ་བུ་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་གསང་བ་ལས་བྱུང་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་ཕྲིན་ལས་ཀྱི་ནུས་མཐུ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མས་དབང་གི་རང་བཞིན་གྱི་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང༌། གཤིན་རྗེ་དང༌། སྲིན་པོ་དང༌། མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་སྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་བསྒྲུབས་པ་དང༌། མཆོད་པ་དང༌། དྲན་པས་ཀྱང་དངོས་གྲུབ་མ་ལུས་ཐམས་ཅད་སྟེར་བར་འགྱུར་རོ། །མ་བསྒྲུབས་པ་ཉིད་ནས་བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་དངོས་སུ་ཞལ་མཐོང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་དཔལ་ཤཱ་བ་རི་པ་ཞེས་བྱ་བ་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་ལྡན་འབྲས་སྤུངས་དང་ཉེ་བ་ན་གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གཉིས་ཡོད་པའི་དབུས་ན་ཏྲི་པཱ་ལ་ཞེས་བྱ་བར་རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་པོ་ཅིག་ན་སྒྲུབ་པ་མཛད་ཅིང་བཞུགས་ཙ་ན་ནམ་མཁའ་ལ་ཌ་མ་རུ་དང༌། དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པས་ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས། རིགས་ཀྱི་བུ་ངའི་སྒྲུབ་ཐབས་འདི་ཟུངས་ཤིག་གསུངས་ནས་ཤཱ་བ་རི་པས་སྒྲུབ་ཐབས་ཡི་གེར་བཀོད་དོ། །ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་དང་མན་ངག་རྣམས་ཞུས་དུས་སུ་དཔལ་ཕྱག་དྲུག་པ་འདི་གནང་ནས་ཞག་ཉི་ཤུ་རྩ་གཅིག་ནས་ཞལ་

p. 651

མཐོང་ངོ༌། །ཁྱེད་ཀྱིས་ཀྱང་དཔལ་ཕྱག་དྲུག་པ་འདི་ལ་ནས་རྗེན་འཐག་གི་གཏོར་མ་དང་སྤོས་སྦྱར་མས་མཆོད་པར་གྱིས། ཁྱི་ནག་ལ་རྡོ་མ་རྡེག ཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་པས་སྒྲུབ་གནས་ཐམས་ཅད་དུ་འཚོ་བ་སྦྱོར་བར་འགྱུར་རོ། །ཞག་བཅུ་གསུམ་གྱིས་སློབ་མ་དང་བཅས་པ་ལ་ཞལ་དངོས་སུ་བསྟན་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་ཀྱང་ཚུལ་བཞིན་དུ་སྟེར་བར་བྱེད་དོ། །ཞེས་ལུང་བསྟན་ནས་བཀའ་བསྒོས་ལན་གསུམ་མཛད་དོ། །བྱམས་བརྩེའི་འོད་སྟོང་འཁྲིགས་པ་ན། །མཁྱེན་པའི་ཡེ་ཤེས་ནམ་མཁའ་ལས། །གདུལ་བྱ་འདུལ་བའི་སྐྱེས་བུ་ཆེ། །བླ་མ་ཁྱུང་པོ་ལས་བརྒྱུད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་པའི། །ཐུགས་བསྐྱེད་ལམ་གྱི་རིམ་པ་འདི། །བྲིས་པའི་དགེ་བ་རྒྱ་ཆེན་དེས། །བདག་སོགས་སེམས་ཅན་བྱང་ཆུབ་ཤོག །སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག། ༈ །རྒྱ་གར་སྐད་དུ། ཨ་དྷིཥྛཱ་ན་མ་ཧཱ་ཀཱ་ལ་སཱ་དྷ་ནཱ་མ། བོད་སྐད་དུ། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། «མྱུར་དུ་འབྱུང་བའམ། ནམ་མཁའ་ལ་མགྱོགས་པར་འབྱོན་པས།» མྱུར་མཛད་སྤྱན་རས་གཟིགས་«ཀྱིས་སྣ་དྲངས་ནས་འབྱོན་པ་»ལ་ཕྱག་འཚལ་ལོ། «།དྲིལ་བུ་གཡེར་ཁ་»ཞབས་གདུབ་དང་བཅས་«བགེགས་»བི་ནཱ་ཡ་ཀ་«གདན་བྱས་»མནན། «།ཆོས་ཉིད་མི་འགྱུར་བའི་བརྡར་སྐུ་མདོག་»ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། «གྱི་སྟེང་ན་དར་ལྗང་གུའི་སྐེ་རག་བྱས་པ།» །ཕྱག་དྲུག་«ཀླུ་ཆེན་པོ་བརྒྱད་»སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་«ཉོན་མོངས་པ་གཅོད་པའི་བརྡར་»གྲི་གུག་བར་པས་«སེམས་ཅན་གྱི་དོན་མི་བརྗེད་པའི་བརྡར་»ཕྲེང་བ་འཛིན། །ཐ་མས་«ཆོས་ཀྱི་སྒྲ་སྒྲོགས་པའི་བརྡར་»ཌ་མ་རུ་ནི་«གནོད་བྱེད་འཇིགས་པར་བྱེད་པའི་ཚུལ་གྱིས་»དྲག་ཏུ་འཁྲོལ། །གཡོན་པས་«རྣམ་རྟོག་གཅོད་པའི་བརྡར་»ཐོད་ཁྲག་དང་ནི་«དུག་གསུམ་རྩད་ནས་གཅོད་པའི་བརྡར་»མདུང་རྩེ་གསུམ། །དེ་བཞིན་«སེམས་ཅན་འཁོར་བ་ནས་འདྲེན་པའི་བརྡར་»ཞགས་པས་བཟུང་ནས་འཛིན་པར་བྱེད། «།ཤིན་ཏུ་འཇིགས་ཤིང་རྔམས་པའི་»དྲག་པོའི་ཞལ་ལས་མཆེ་བ་

p. 652

རྣམ་པར་གཙིགས། «སྨ་ར་ཨག་ཚོམ་གྱེན་དུ་བརྗེས་པ།» སྤྱན་གསུམ་«དམར་ཞིང་ཟླུམ་»དྲག་པོའི་དབུ་སྐྲ་«ཁམས་སེར་»གྱེན་དུ་འབར། «བ་སྦྲུལ་གྱིས་བཅིངས་པ་»དཔྲལ་བར་སིནྡྷུ་ར«འམ་ཡང་ན་མཚལ་གྱིས་»ཡིས་ལེགས་པར་བྱུགས། །སྤྱི་བོར་«སྐྲའི་གསེབ་ན་»མི་བསྐྱོད་པ་«ཐུགས་ཀ་ཡན་ཆད་གསལ་བ་དབང་བསྐུར་བའི་ཚུལ་དེ་»ཡིས་རབ་ཏུ་བརྒྱན། ད«མ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་བརྟན་པར་བཞུགས་པའི་ཚུལ་དུ་རྟག་པར་རང་གི་སྟེང་ན་བཞུགས་པའོ།» «།དུས་རྟག་པར་ཤིང་གི་ཁ་ལ་བཞུགས་ཏེ།» །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་དམིགས། «ལ་བསྙེན་སྔགས། »ཨོཾ་བཛྲ་མ་ཧཱ་ལ་«རྡོ་རྗེ་ནག་པོ་ཆེན་པོ་ཀྵཱིཾ་ས་བོན་»ཀྵི་ཏྲ་«པཱ་ལ་སྟེ་ཞིང་སྦྱོང་»བིགྷྲཱན྄་«བགེགས་སྟེ་གནོད་སྦྱིན་»བི་ནཱ་ཡ་ཀ་«ལོག་འདྲེན་ཏེ་ཚོགས་ཀྱི་བདག་པོ་»ཧཱུྃ་ཧཱུྃ་ཕཊ།«་་་་་གསུང་རྒྱུན་ལ་ཕཊ་ཕཊ་སྭཱ་ཧཱ་ཡོད། ཅེས་པའི་སྔགས་འདི་»ལན་བདུན་བརྗོད་ལ་གཏོར་མ་སྦྱིན། །བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས། །སློབ་དཔོན་ཤཱ་ཝ་རིས་མཛད་པ་རྫོགས་སོ། ༈ །ནག་པོ་ཆེན་«གསུང་རྒྱུན་ལ་པཱ་ལ་སྦྱར་བའང་མང་»པོའི་སྒྲུབ་ཐབས་སྲིའུ་གསོ་བའི་ལས་མཐའ་དང་བཅས་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་དྷིཥྛཱ་ན་མ་ཧཱ་ཀཱ་ལ་སཱ་དྷ་ནཱ་མ། བོད་སྐད་དུ། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པ་གྲི་གུག་བར་པ་ཕྲེང་བ་བསྣམས། །ཐ་མ་ཌ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་ལས་མཆེ་བ་རྣམས་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡིས་ལེགས་པར་བྱུགས། །རིན་ཆེན་ཐོད་སྐམ་རིགས་ལྔས་དབུ་ལ་སྤྲས། །སྤྱི་བོར་མི་བསྐྱོད་པ་ཡི་རྒྱས་བཏབ་བརྟན། «པས་ན་རྡོ་རྗེ་རིགས་ཀྱི་ལྷ་ཡིན།» ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །སྣ་ཚོགས་པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང༌། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞེངས། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་དམིགས། «།བསྙེན་པའི་སྔགས།» ཨོཾ་

p. 653

བཛྲ་མ་ཧཱ་ཀཱ་ལ་ཀྵཱིཾ་ཀྵེ་ཏྲ་བི་གྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། «ཕྲིན་ལས་སྒྲུབ་སྔགས།» ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀྵཱིཾ་ཀྵེ་ཏྲ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་རུ་དྷི་ར་མཱཾ་ས་ཧསྟ། གྲྀ་ཧི་ཏ་བྷསྨི་ཀུ་རུ་ཧྲཱིཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལས་སྦྱོར་སྔགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་བ་ཧ་རི་ནིས་ཨེ་ཥོ྅པ་ཤྩི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱིཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚ་ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ལན་བདུན་བརྗོད་ལ་གཏོར་མ་སྦྱིན། དཔལ་ལྡན་ནག་པོ་ཆེ་བའི་མཆོག །ཡེ་ཤེས་ཕྱག་དྲུག་བསྒྲུབ་འདོད་པའི། །རྣལ་འབྱོར་པ་ཡིས་འདི་ལྟར་བྱ། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །དཀྱིལ་འཁོར་མདའ་གང་གྲུ་བཞི་བྱ། །འཐས་པར་བྱས་ལ་ཆག་ཆག་གདབ། །ཐིག་གདབ་བསྒོ་བཞི་གྲུ་ཆད་ལྡན། །ཕོ་བྲང་འཁོར་ལོ་རྩིབས་བཞི་དགོད། །ཁ་དོག་ཕྱོགས་དང་མཐུན་པར་བྱ། །སྒོ་ཁྱམས་ནག་པོ་ནང་ཁྱིམ་དམར། །གྲུ་ཆད་སྨུག་པོ་མུ་ཁྱུད་མཐིང༌། །རྩིབས་མཆན་དཀར་པོ་ཞི་བར་བྱ། །ཕོ་བྲང་དབུས་སུ་གཏའ་གཏོར་བཅའ། །ཤར་སྒོ་རྡོ་རྗེ་ལྷོར་གྲི་གུག །ནུབ་ཏུ་ཐོད་པ་ལྟག་སྤྲོད་རྔ། །བྱང་སྒོར་རྒྱན་གཏོར་གཞག་པར་བྱ། །ཤ་ཆེན་གྲི་ཁྲག་དག་གིས་བརྒྱན། །མགོན་པོའི་སྤྲོས་བསྲེག་མར་མེ་གཏམས། །བདེ་བའི་སྟན་ལ་འདུག་ནས་ནི། །ཡེ་ཤེས་ལྷ་ཡི་རྣལ་འབྱོར་བསྒོམ། །དཀྱིལ་འཁོར་པྃ་ལས་པད་འདབ་བརྒྱད། །དེ་སྟེང་རྃ་ལས་ཉི་མའི་དཀྱིལ། །དེ་སྟེང་ཟླ་ཐོག་བགེགས་ཀྱི་རྒྱལ། །བི་ནཱ་ཡ་ཀ་ཁ་སྦུབ་འགྱེལ། །དེ་ཡི་སྟེང་དུ་ཧཱུྃ་ནག་པོ། །དེ་ལས་འོད་འཕྲོས་ལས་བཞི་བསྒྲུབ། །ཚུར་འདུས་གྲི་གུག་ནག་པོ་ཡི། །ཡུ་བ་གསེར་གྱི་རྡོ་རྗེས་མཚན། །རྣོ་དབལ་ཐུར་ལ་བལྟས་པའོ། །རྡོ་རྗེའི་ལྟེ་བར་ཉི་མའི་དཀྱིལ། །དེ་སྟེང་ཧཱུྃ་ཡིག་ནག་པོས་མཚན། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་པ་ལས་དམ་ཚིག་པའི། །མགོན་པོ་གཞུང་བཞིན་བསྒོམ་པར་བྱ། །ཞབས་གཉིས་བརྐྱང་བསྐུམས་བགེགས་ཆེན་གཟིར། །རུས་པའི་ཞབས་གདུབ་རྒྱལ་རིགས་གླུ། །

p. 654

དཀར་ཁྲའི་སྦྲུལ་གྱིས་བརྒྱན་པའོ། །སྟག་གི་པགས་པའི་ཤམ་ཐབས་ཅན། །ལྟོ་བ་ཐུར་ལ་འཕྱངས་པ་ལ། །ཐུང་ཞིང་སྦོམ་རགས་གེལ་པའི་གཟུགས། །གནག་ཅིང་གཟི་བརྗིད་ཆེ་བ་ལ། །མི་མགོ་ལྔ་བཅུའི་དོ་ཤལ་ཅན། །དྲིལ་བུ་གཡེར་ཁས་བརྒྱན་པའོ། །ཞལ་བགྲད་མཆེ་གཙིགས་ལྗགས་དྲིལ་ཞིང༌། །ཨག་ཚོམ་སེར་ནག་སྨ་ར་ཅན། །ཤངས་རྡོག་ཆེ་ཞིང་ཁྲོ་གཉེར་བསྡུས། །སྤྱན་དམར་གྲུ་གསུམ་སྡང་མིག་གཟིགས། །དམ་ལ་གནས་པའི་རྟགས་ཀྱི་མཆོག །དཔྲལ་བར་སིནྡྷུ་ར་དག་གི། །ཐིག་ལེ་འབར་བས་མཚན་པའོ། །དབུ་སྐྲ་ཁམ་ནག་གྱེན་ལ་བརྫེས། །སངས་རྒྱས་རིགས་ལྔས་མཚན་པ་ཡི། །ཐོད་སྐམ་ལྔ་བཅུས་དབུ་ལ་བརྒྱན། །དམངས་རིགས་ནག་ཁྲའི་སྦྲུལ་གྱིས་བཅིངས། །མི་བསྐྱོད་པ་ཡི་རྒྱས་གདབ་ཅིང༌། །བྲམ་ཟེ་དམར་ཁྲས་མགྲིན་པ་སྙན། །རྗེ་རིགས་སེར་ཁྲས་ཕྱག་གདུབ་བརྒྱན། །གཡས་ཀྱི་དང་པོས་ཐོད་ཕྲེང་འཛིན། །བར་པས་རྡོ་རྗེ་གྲི་གུག་འཕྱར། །ཐ་མས་ཐོད་པ་ལྟག་སྤྲོད་རྔ། །དྲིལ་བུ་གཡེར་ཁས་བརྒྱན་པའོ། །གཡོན་གྱི་དང་པོས་ཐོད་ཁྲག་གསོལ། །བར་པས་ཁ་ཊྭཱཾ་རྩེ་གསུམ་བསྒྲེངས། །ཐ་མས་རྡོ་རྗེ་ལྕགས་སྒྲོག་གི། །ཞགས་པས་དགྲ་བགེགས་ལུས་ལ་འདེབས། །དེ་ཡི་ཐུགས་ཀར་པད་ཉིའི་སྟེང༌། །ཧཱུྃ་ནག་འབར་བས་མཚན་པར་བསམ། །འོད་ཟེར་ཌ་མ་རུ་ཡི་སྒྲས། །ལྷོ་ཕྱོགས་དུར་ཁྲོད་བསིལ་ཚལ་གྱི། །ཙནྡན་སྡོང་པོའི་སྟེང་དག་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ། །ཐུགས་ཀར་ས་བོན་ཧཱུྃ་ནག་ལ། །རྩ་བའི་སྔགས་ཀྱིས་བསྐོར་བར་བལྟ། །ཕུབ་རལ་ཅན་དང་གྲི་གུག་བིང༌། །དཔལ་ལྡན་ལྷ་མོ་ལ་སོགས་པའི། །བཀའ་སྡོད་ལས་མཁན་ཕྱོགས་བཞིར་འཁོད། །གང་བཅོལ་ཕྲིན་ལས་བསྒྲུབས་པར་བསམ། །དེ་ནས་བདག་གིས་སྔགས་བཟླས་པས། །གཙོ་བོའི་ཐུགས་

p. 655

ཀའི་གསང་བའི་སྔགས། །གྱེན་དུ་བྱུང་སྟེ་ཞལ་དུ་འཐོན། །བདག་གི་ཞལ་ཐིམ་དངོས་གྲུབ་ཐོབ། །ཐུགས་ཀ་ནས་ཐོན་ཐུགས་ཀར་ཐིམ། །ཐུགས་དམ་ཐུགས་རྒྱུད་མགལ་མེ་ཡི། །འཁོར་ལོའི་ཚུལ་གྱིས་སྔགས་བཟླས་པས། །སྔགས་ལས་ཕྲིན་ལས་བཞི་ཡི་འོད། །འཕྲོས་པས་ལས་བཞི་བྱས་པར་བལྟ། །དེ་ནས་ཐུན་བཞིར་བརྗོད་བྱ་ཞིང༌། །ཐུན་མཚམས་དག་ཏུ་གཏོར་མ་བསྔོ། །ཡི་གེ་བརྒྱ་པས་ཉམས་ཆག་བསྐང༌། །ཡེ་ཤེས་མི་གཤེགས་སྔ་སོར་གཞག །སེམས་ཅན་དོན་དུ་བསྔོ་བ་བྱ། །བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས། །ཟ་འཆག་ཉལ་འདུག་སྤྱོད་ལམ་བཞིར། །དུས་དང་ཡི་གེ་གྲངས་དང་ནི། །རྟགས་རྣམས་མ་རྫོགས་བར་དུ་བཟླ། །དུས་ཀྱི་བསྙེན་པ་ཟླ་བ་དྲུག །ཡི་གེ་བྱེ་བ་ཕྲག་གཉིས་ཏེ། །གྲངས་ཀྱི་བསྙེན་པ་འབུམ་ཚོ་གཉིས། །རྟགས་ནི་སྒྲུབ་ལ་བརྩོན་པ་ཡིས། །ལུས་ངག་ཡིད་གསུམ་གཡེང་བ་སྤང༌། །དམིགས་པ་རྩེ་གཅིག་གསལ་བར་བཟླ། །བྱ་ནག་ལྡིང་དང་ཁྱི་ནག་འཁོར། །སྔགས་པ་ཆས་གོས་ནག་པོ་ཅན། །བྲན་གཡོག་ཚུལ་དུ་ལས་བྱེད་ཅིང༌། །ཟས་ནོར་སྟེར་བ་རྨི་བའོ། །དེ་དག་ཁྲོ་ཞིང་རྒྱགས་པ་དང༌། །བདག་གི་ལད་མོ་སྣ་ཚོགས་བྱེད། །མིག་ལོག་མཆུ་དམིགས་བྱེད་པ་རྣམས། །ལས་མགོན་ཁྲོས་པའི་རྟགས་ཡིན་པས། །གཏོར་མ་གཏོང་ཞིང་བཤགས་པ་བྱ། །དེ་ལ་གཏོར་མའི་མན་ངག་ནི། །རིན་ཆེན་སྣོད་དང་ཀ་པཱ་ལར། །འབྲུ་སྣ་གསུམ་གྱི་ཟན་གྱིས་དགང༌། །གྲི་ཤ་གྲི་ཁྲག་ལ་སོགས་པའི། །རྒྱན་གྱིས་བརྒྱན་ཏེ་ཆང་གིས་བྲན། །དེ་ནས་སེམས་བསྐྱེད་ཡི་དམ་བསྒོམ། །སྭ་བྷཱ་ཝ་ཡི་སྔགས་ཀྱིས་ནི། །ཕྱི་ནང་སྣོད་བཅུད་སྟོང་པར་བསམ། །སྐད་ཅིག་ཙམ་ལས་སྣོད་ཀྱི་ནང༌། །རྃ་ལས་ཉི་དཀྱིལ་དེ་སྟེང་དུ། །ཤ་ལྔ་བདུད་རྩི་ལྔ་ཉིད་ཀྱི། །ས་བོན་གསལ་བར་གྱུར་པ་དང༌། །འོག་ཏུ་ཡྃ་དང་རྃ་ཉིད་ལས། །ཡྃ་ལས་རླུང་བྱུང་རྃ་ལས་མེ། །འབར་ཏེ་ཡིག་འབྲུ་ཞུ་བ་ལས། །ཨོཾ་ཨཱཿཧཱུྃ།

p. 656

འབྲུ་གསུམ་བརྗོད་པས་ཡེ་ཤེས་ཀྱི། །བདུད་རྩི་དཔག་མེད་འཕེལ་བར་བསམ། །དེ་ནས་དམ་ཚིག་མགྲོན་བསྐྱེད་དེ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །བསྟིམས་ཏེ་ཕུལ་བས་མཉེས་པར་བསམ། །ཧཱུྃ། བདེ་གཤེགས་བླ་མ་མགོན་དང་བཅས། །ཡེ་ཤེས་ཕྱག་དྲུག་གཙོ་འཁོར་དང༌། །དམ་ཅན་མཁའ་འགྲོའི་ཚོགས་རྣམས་ཀུན། །བསྟན་བསྲུང་ཕྲིན་ལས་བསྒྲུབ་དོན་དུ། །རྣལ་འབྱོར་བདག་གི་གནས་འདིར་གཤེགས། །གདུང་བའི་སེམས་ཀྱིས་སྤྱན་འདྲེན་གྱི། །ཐུགས་དམ་ཐུགས་རྗེའི་དབང་གིས་ནི། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀྵཱིཾ། ཞེས་པའི་རྩ་སྔགས་ལན་བདུན་བརྗོད། །སྐར་མདའ་ལམ་དུ་ཞུགས་ཚུལ་གྱིས། །གནས་ནས་བྱོན་ནས་ཐིམ་པར་བསམ། །ཧཱུྃ། མཉམ་མེད་མཐུ་ཆེན་མེ་ལྟར་འབར། །དགྲ་བགེགས་མ་ལུས་ཐལ་བར་རློག །ཐལ་བྱེད་གཞོན་ནུ་འཇིགས་པའི་སྐུ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་པས་སྒོ་གསུམ་གུས་ཕྱག་འཚལ། །རྩ་སྔགས་བདུན་ལ་བ་ལིཾ་གདགས། །གཙོ་བོ་ཡེ་ཤེས་པ་ལ་དབུལ། །ལས་སྔགས་བདུན་གྱིས་འཁོར་ལོ་དབུལ། །བསྟོད་པ་བྱ་ཞིང་ཕྲིན་ལས་བཅོལ། །དེ་ཡི་དུས་སུ་སྤོས་བསྲེགས་ཏེ། །བཙན་དུག་ཉུངས་ཀར་སྒོག་སྐྱ་གསུམ། །གྲི་ཁྲག་དང་སྦྱར་རིལ་བུ་བྱ། །ཡང་ན་གུ་གུལ་ནག་པོ་དང༌། །བཙན་དུག་ཡུངས་ཀར་བུ་རམ་རྣམས། །གྲི་ཤ་དག་དང་སྦྱར་བྱས་ཏེ། །རིལ་བུ་སྲན་མ་ཙམ་བྱས་ནས། །སོལ་བའི་མེ་ལ་བསྲེག་པར་བྱ། །ལྷ་རྣམས་འདུ་ཞིང་བགེགས་རྣམས་སྐྲག །དེ་ལས་དངོས་གྲུབ་ཐོབ་པར་འགྱུར། །འདི་ནི་མན་ངག་དམ་པའོ། །དེ་ནས་གསོ་བའི་ལས་བསྟན་པ། །འཁོར་ལོ་ཚེ་ཐག་བླ་ཕུར་རྣམས། །བསྲུང་བྱའི་གོ་ཁྲབ་རྡོ་རྗེ་ཡིན། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ལྡན། «ཀྵཱིཾ་ཀྵེཏྲ།་་་་་»།ལྟེ་བར་རྩ་སྔགས་བསྲུང་བྱའི་མིང༌། །མུ་ཁྱུད་ནང་མ་སྒྲུབ་སྔགས་ཏེ།«་་་་་ཤྲཱི་བཛྲ།» །ཕྱི་མ་རྟེན་འབྲེལ་སྔགས་ཀྱིས་བསྐོར། །རྩིབས་ལ་ཧཱུྃ་ཆེན་འབར་བ་བརྒྱད། །

p. 657

རྩིབས་ཆེན་རྣམས་ལ་ལས་སྔགས་དགོད།«་་་་་ཤཱ་ས་ན།» །མཆོད་པ་ལྔ་བཤམ་རབ་གནས་བྱ། །དེ་ཉིད་གང་རུང་ལུས་ལ་གདགས། །བགེགས་ཀྱིས་མེ་ཕུང་འབར་བར་མཐོང༌། །ཚེ་ཡི་ཐག་པས་བསྲུང་བ་ནི། །དར་རམ་གཡང་མོ་ལུག་གི་སྤུ། །ལེགས་པར་བཀལ་ཏེ་སུམ་སྒྲིལ་བྱ། །བསྙེན་སྔགས་སྒྲུབ་པ་ལས་སྦྱོར་སྔགས། །སྟོང་རྩ་གཅིག་ལ་སོགས་པ་བཟླ། །སྔགས་དེ་རྡོ་རྗེ་ལུ་གུ་རྒྱུད། །གསེར་གྱི་ཁ་དོག་འབར་བ་ལས། །ཡིག་འབྲུ་ཐམས་ཅད་འཁྲིལ་བར་བསམ། །མདུད་པ་གསུམ་ལ་སྐུ་གསུང་ཐུགས། །བསྒོམས་ཏེ་རབ་ཏུ་གནས་པ་བྱ། །གང་བསྲུང་ལུས་ལ་བཏགས་པ་ཡིས། །རྡོ་རྗེ་རྭ་བའི་ནང་ཞུགས་པས། །ལོག་འདྲེན་བགེགས་ཀྱིས་མཐོང་མི་འགྱུར། །བླ་ཡི་ཕུར་པ་བཅའ་ཐབས་ནི། །ལྕགས་སམ་སེང་ལྡེང་སྨུག་པོ་ལ། །རབ་ཚ་ཁྲུ་གང་ཡོད་པ་ལས། །རྒྱ་མདུད་གཉིས་དང་གཅུམ་གཞོག་བརྒྱད། །དབལ་གསུམ་རྩེ་མོ་རྣོ་བར་བྱ། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་དགོད། །ལས་སྔགས་མགུལ་དུ་བཏགས་ནས་ནི། །ནག་པོ་ཆེན་པོར་མངའ་གསོལ་ལ། །གང་བསྲུང་དེ་ཡིས་སྔས་སུ་གཟུག །བགེགས་རྣམས་དག་ཅིང་འབྱེར་བར་འགྱུར། །གལ་ཏེ་འཚེ་ཞིང་ཉོད་གྱུར་ན། །ཟབ་མོ་དུ་བ་འཕྲོ་གཅོད་སྔགས། །དྲི་བཟང་སྨན་གྱིས་ལེགས་བྲིས་ཏེ། །རབ་གནས་ཚུལ་བཞིན་བྱས་ལ་གདགས། །ཟླ་གཏོར་བརྒྱ་རྩ་མ་ཆག་གཏོང༌། །དེ་ཡིས་ཁྲག་བཅད་བཞིན་དུ་འགྲོ། །ཨོཾ་ན་མོ་མ་ཏྲི་གྷ་ན་སེ་ཙིའུ་ཏྲིའུ་ཏརྫ་སྭཱ་ཧཱ། ལྷག་ཆད་མེད་པ་རབ་ཏུ་གཅེས། །ཚར་ནས་གཏང་རག་དུས་སུ་གཏོང༌། །མིང་ཉིད་ཆོས་སྐྱོང་མཐའ་ཅན་གདགས། །གདུག་པ་ཅན་གྱི་གནོད་བྱེད་ལ། །དང་པོ་གླུད་དང་གཏོར་མ་སྦྱིན། །ཚད་མེད་བཞི་ཡི་ཏིང་འཛིན་གྱིས། །ཆོས་བཤད་བདེན་པ་བདར་བར་བྱ། །ལས་ངན་དབང་གིས་སྤོགས་གྱུར་ན། །དྲག་སྔགས་མེ་ཡི་འཁོར་ལོ་འདི། །ལས་སྦྱོར་སྔགས་ཀྱི་ཤམ་བུར་གདགས། །དུས་བཞི་དག་ཏུ་གཟིར་བར་བྱ། །ཨོཾ་རཱ་ག་མ་ཧཱ་རཱ་ག ཌཱ་

p. 658

ཀ་ཌཱ་ཀི་ནཱི། བྷྲ་མ་ར་ཁ་སྭཱ་ཧཱ། པྲེ་ཏ་པྲེ་ས་ཙ་ར་རི། ཧ་ར་ཧཱུྃ་ཕཊ་སྭཱ་ཧཱ། ཨ་བྷི་ས་ག་མཱ་ར་ཡ། རཱ་ག་ས་ཕཊ་སྭཱ་ཧཱ། གདུག་པ་འཇིལ་བྱེད་སྔགས་རྒོད་འདི། །ཤཱ་ཝ་རི་ངས་རབ་ཏུ་གསང༌། །ལས་ངན་ཅན་གྱི་སྲི་ཅན་ལ། །མནན་པའི་ལས་ཀྱིས་གདུལ་འདོད་ན། །ཁམ་སའི་བུམ་པ་གསར་པ་གཅིག །ས་དཀར་ཚོན་གྱིས་ལེགས་བྱུགས་ཏེ། །རྒྱལ་བསེན་དཀོར་བདག་གང་གནོད་པའི། །མཚན་མ་བརྟགས་ལ་ལིང་ག་བཅའ། །དེ་ཡི་སྙིང་གར་ཡི་གེ་ཏྲི། །གྲི་རྒོད་གཡག་པའི་ཁྲག་གིས་བྲི། །ཡེ་ཤེས་ལྷ་ཡི་ང་རྒྱལ་དང༌། །ཕྱག་རྒྱ་བཞི་ཡི་སྔགས་ཀྱིས་བཀུག །ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས། །གང་ན་གནས་པའི་ས་ཕྱོགས་ནས། །དྲངས་ཏེ་གཉིས་མེད་བསྟིམ་པར་བྱ། །སྒྲུབ་པ་ཞག་གསུམ་བར་མི་བཅད། །ལིང་ག་བུམ་པར་བཅུག་ནས་ནི། །དེ་ཡི་སྟེང་དུ་དངུལ་ཆུ་དང༌། །དངུལ་ཐལ་ཟངས་དང་ར་གན་དང༌། །འབྲས་དང་ནས་དང་བྲ་བོ་རྣམས། །ཡོངས་སུ་བརྔོས་ཏེ་བླུག་པར་བྱ། །ཁམ་ཕོར་གསར་པས་ཁ་བཅད་ལ། །ཁ་རྒྱན་ཤུ་དག་ནག་པོས་བྱ། །ལྷ་ཁང་མགོན་པོའི་ཞབས་འོག་གམ། །མཆོད་རྟེན་རྙིང་པའི་འོག་ཏུ་མནན། །ཡང་ན་རྒྱ་གྲམ་ལམ་དུའོ། །དེ་ཡི་གསང་སྔགས་བསྟན་པ་ནི། །ཨོཾ་ཀ་མི་ནི་རཱ་ཛ་སྭཱ་ཧཱ། ཀ་ནི་རཀྵ་ནི་ཕཊ། སྟྭཾ་བྷ་ནི་ཕཊ། མོ་ཧ་ནི་ཕཊ། དང་པོའི་ཞག་ཏུ་ཆོས་སྐྱོང་སྔགས། །དེ་ནས་མན་ངག་འདི་ཉིད་བཟླ། །གང་གནོད་ཐེམ་བུ་བཀག་པ་བཞིན། །འགྲོ་འགྱུར་ཐེ་ཚོམ་མེད་པ་ཡིན། །བསྲེག་བྱའི་ལིང་ག་དཔལ་འབར་ལ། །མཆོད་གཏོར་དཔལ་གཏོར་ཟོར་གཏོར་རྣམས། །རིམ་པ་བཞིན་དུ་གནས་སུ་གཏོང༌། །རྟེན་གསུམ་བཅའ་བའི་མན་ངག་ནི། །སྐུ་རྟེན་ལུགས་སུ་བླུགས་པ་དང༌། །འབུར་དུ་གཏོད་དང་རིས་སུ་བྲིས། །མཚན་ལྡན་བླ་མས་རབ་གནས་པའི། །གསུང་རྟེན་གསང་སྔགས་གསེར་ཡིག་ལ། །ཐུགས་རྟེན་བདེ་གཤེགས་གདུང་ལ་བྱ། །ལས་ཀྱི་ཀཱ་ལའི་རྟེན་དག་ནི། །སངས་རྒྱས་བསྟན་པའི་སྤྱི་

p. 659

དགྲ་གཅིག །གཡུལ་ལམ་ཕ་ཚན་ནང་དམེ་ཡིས། །སྐད་ཅིག་ཙམ་གྱིས་སྲོག་བཅད་པའི། །གྲི་རྒོད་ཆུ་ཀྲོག་མ་རེག་པའི། །ཙིཏྟ་འབར་བ་གཅིག་ལ་བྱ། །སྲོག་རྩ་དབུ་མར་རང་བསྲེལ་གཞུག །གཡས་སུ་གསུང་རྟེན་གཞུག་པར་བྱ། །གཡོན་དུ་རིན་ཆེན་སྣ་ལྔ་དང༌། །དྲི་བཟང་སྨན་དང་སྤོས་ཀྱི་དགང༌། །དར་སྣ་ལྔ་ཡིས་དྲིལ་བྱས་ཏེ། །རྒྱུན་པར་མཆན་ཁུང་གཡོན་པར་བཅང༌། །སྒྲུབ་པའི་དུས་སུ་དལ་སྟེང་བཞུགས། །དེ་ཡིས་ལུས་དང་གྲིབ་མ་བཞིན། །ཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར། །གསོ་དང་བསད་པ་རྣམ་གཉིས་ལས། །མཆོག་ཏུ་གསོ་བའི་ལས་ལ་ཤིས། །བསད་པའི་ལས་ཐབས་གཞན་དུ་ཤེས། །རྟེན་གྱི་མན་ངག་ཟབ་མོ་འདི། །དམུ་རྒོད་སེམས་ཅན་གདུལ་དཀའ་རྣམས། །ཆོས་འདོད་སློབ་དཔོན་མི་འདོད་པས། །གདམས་ངག་ཐོབ་ནས་བླ་མ་སྤངས། །དམ་ཉམས་ལག་ཏུ་ཤོར་བ་སྲིད། །སྣོད་མེད་རྣམས་ལ་གསང་བར་བྱ། ༈ །སྦྱོར་བ་དངོས་གཞི་མཇུག་གསུམ་དུ། །རྟགས་འདི་དག་ལ་ཡིད་བརྟན་བྱ། །ཕྱི་རྟགས་ནང་རྟགས་གསང་བའི་རྟགས། །ཁྲོས་པའི་རྟགས་དང་བཞི་རུ་བསྟན། །ཕྱི་རྟགས་བསྙེན་སྒྲུབ་བྱེད་པའི་དུས། །དལ་ལས་འོད་དང་མེ་སྟག་འཕྲོ། །སྒྲུབ་ཁང་ཐོག་འཚེགས་བྱ་རོག་ལྡིང༌། །མོན་པ་ནག་པོ་གླུ་ལེན་ཅིང༌། །དར་ནག་ཐོགས་ནས་འཕྱར་བ་འོངས། །ནང་རྟགས་སློབ་དཔོན་ཆོས་འཆད་ཅིང༌། །གདུགས་ཕུབ་སེང་ཁྲིར་སྡོད་པ་དང༌། །ཕེབ་པར་སྨྲ་དང་ལུང་སྟོན་དང༌། །བྷནྡྷ་མཚན་ལྡན་ཟས་ཀྱི་སྣོད། །བྱེད་པར་རྨི་ན་ལྷ་ཉེའོ། །གསང་རྟགས་མགོན་པོ་རྨི་ལམ་དང༌། །དངོས་སུ་ཞལ་སྟོན་གྲི་གུག་དང༌། །ཐོད་ཕྲེང་ཅང་ཏེ་ཀ་པཱ་ལ། །རྩེ་གསུམ་ཞགས་པ་སྟེར་བ་དང༌། །སྟག་སེང་མཆོང་བར་སྟོན་པ་དང༌། །ཤེལ་གྱི་མཆོད་རྟེན་ལ་འཛེགས་ཤིང༌། །དེ་ལ་བསྐོར་བ་བྱེད་པ་དང༌། །ཆོས་ནོར་གཏེར་བཏོན་གྲུབ་རྟགས་སོ། །ཨ་ཙར་ནང་འཁྲུགས་བྱེད་པ་དང༌། །རལ་གྲིའི་ཆར་པ་འབེབས་པ་དང༌། །བྱ་ནག་ལུག་ནག་འབབ་པ་དང༌། །བུད་མེད་ནག་མོ་ཁྲོ་ཞིང་བརྡེག །མི་སྡུག་སྣ་ཚོགས་སྟོན་པ་སོགས། །ཁྲོས་པའི་རྟགས་ཡིན་བཤགས་པར་བྱ། །

p. 660

དམ་རྫས་དཔུང་བསྐྱེད་བསྙེན་བསྒྲུབ་ལ། །བརྩོན་འགྲུས་དྲག་པོས་འབད་པར་བྱ། །དེ་ལྟར་བྱས་པས་འདི་འགྲུབ་སྟེ། །ཐེ་ཚོམ་ཡིད་གཉིས་སྤང་བར་བྱ། །ཆོས་སྐྱོང་འདི་ཡི་ཁྱད་པར་ནི། །འཁོར་ལ་མི་གནོད་རྦད་སར་འགྲོ། །དཀར་དང་ནག་མོ་ཀླུ་བདུད་དང༌། །བཙན་དང་ཐེའུ་རང་རྒྱལ་པོ་སོགས། །དགྲ་བགེགས་རྡུལ་དུ་བརླག་པར་བྱེད། །ནག་པོ་ཆེན་པོ་ཕྱག་དྲུག་པའི་སྒྲུབ་ཐབས། དཔལ་ཤཱ་ཝ་རི་དབང་ཕྱུག་གིས་ཞལ་མངོན་སུམ་དུ་གཟིགས་ནས་མཛད་པ་མན་ངག་དང་བཅས་པ་རྫོགས་སོ། ༈ །མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་ཀྱི་གཏོར་ཆོག་དང་རྗེས་གནང་རྒྱས་པ་བར་ཆད་ཀུན་སེལ་གྱི་ཕྱག་ལེན་བཞུགས་སོ། །རྒྱལ་ཀུན་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །མྱུར་མཛད་དབང་གི་རྒྱལ་པོར་སྐུ་སྤྲུལ་ནས། །འགྲོ་བའི་དོན་སྒྲུབ་བརྟན་གཡོ་ཀུན་གྱི་བདག །ཆོས་སྲུང་མ་ཧཱ་ཀཱ་ལས་འགྲོ་འདི་སྐྱོངས། །ཡིད་བཞིན་ནོར་བུ་ལྟ་བུའི་མགོན་པོ་ཡི། །བྱིན་རླབས་རྗེས་སུ་གནང་བའི་ཆོ་གའི་ཁྲིགས། །མ་ནོར་དོན་ཚང་ལག་ལེན་བཀླག་ཆོག་འདི། །གོ་བདེའི་ངག་གིས་འཆད་ལ་བདག་བློ་སྤྲོ། །དེ་ལ་འདིར་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ལྷ་མང་གི་རྗེས་གནང་གཏོར་དབང་བར་ཆད་ཀུན་སེལ་དུ་གྲགས་པ་འདི། སྣོད་ལྡན་གྱི་སློབ་མ་ལ་ཇི་ལྟར་བྱ་བའི་ཚུལ་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་བླ་མ་དང་མགོན་པོ་འཁོར་བཅས་ཀྱི་བྲིས་སྐུ་ལ་སོགས་པའི་རྟེན་ཡོད་ན་དགྲམ། དེའི་མདུན་སྟེགས་བུའི་ཁར་རྡུལ་ཚོན་གྱིས་ཆོས་འབྱུང་གྲུ་གསུམ་མཐིང་ནག་རེ་ཁཱ་རིམ་པ་གཉིས་དང་ལྡན་པ། མཐའ་མེ་རི་འབར་བས་བསྐོར་བ་ཟུར་གཅིག་རང་ལ་བསྟན་པ། དེའི་དབུས་སུ་གྲི་གུག་མཐིང་ནག་གི་ལྟེ་བ་ལ་ཧཱུྃ་ཡིག་སྔོན་པོས་མཚན་པའམ། ཡང་ན་ཧཱུྃ་ཡིག་རྐྱང་པ་བྲིས་པའམ་ཚོན་ཕུང་བཀོད་ཀྱང་ཆོག དེ་

p. 661

ལྟ་བུའི་ཆོས་འབྱུང་གི་དབུས་སུ་མཉྫིའི་ཁར་གཏོར་མ་དཔལ་བཤོས་ཟུར་གསུམ་པ་མཐའ་མཐེབ་ཀྱུས་བསྐོར་བ་དེ་ལ་མདའ་རྒོད་སྒྲོ་མ་དར་ནག་གི་ཅོད་པན་ཅན་གཟུག མགོན་པོའི་ཙཀླི་ཡོད་ནའང་གཏོར་མ་ལ་འཛུགས་པ་ཕྱག་ལེན་ཡིན། ཆོས་འབྱུང་གི་གཡས་སུ་ཡི་དམ་གཏོར་མ་དང༌། གཡོན་དུ་གཞི་བདག་གཏོར་མ་གཉིས་ཟླུམ་པོ་མཐེབ་ཀྱུས་བསྐོར་བ། མདུན་དུ་མགོན་པོ་འདི་ཉིད་ཀྱི་འབུལ་གཏོར་གྲུ་གསུམ་མཐེབ་ཀྱུས་བསྐོར་བ། གཞན་ཡང་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་བཅས་པ། སྒྲུབ་པ་པོ་རང་ཉིད་ཀྱི་མདུན་དུ་ནང་མཆོད། རྡོར་དྲིལ། མེ་ཏོག་ཕོར་བུ་འབྲུས་བཀང་བ་ལ་སོགས་པ་མ་ཚང་བ་མེད་པར་བཤམ། དེ་ནས་སློབ་དཔོན་གྱིས་ཀྱེ་རྡོར་བདེ་མཆོག་གམ་སྤྱན་རས་གཟིགས་སམ་རྟ་མགྲིན་གསང་སྒྲུབ་ལ་སོགས་པ་འདི་དང་འབྲེལ་ཆགས་ཤིང་སྐབས་སུ་བབ་པའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་བའི་མཐར། མདུན་གྱི་ཆོས་འབྱུང་གཏོར་མ་དང་བཅས་པ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རི་འབར་བའི་ནང་དུ་སྣ་ཚོགས་པདྨ་ཉི་མ་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་རྣམས་བརྩེགས་པའི་སྟེང་ཧཱུྃ་ལས་གྲི་གུག་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག གཉིས་པ་ན་ཐོད་ཕྲེང༌། གསུམ་

p. 662

པ་ན་ཌ་མ་རུ་འཁྲོལ་བ། གཡོན་གྱི་དང་པོ་ན་ཐོད་ཁྲག གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེའི་ཞགས་པ་བསྣམས་པ། ཀླུ་བརྒྱད་ཀྱིས་བརྒྱན་ཅིང༌། གླང་པོ་ཆེའི་པགས་པའི་སྟོད་གཡོགས་དང༌། སྟག་གི་པགས་པའི་ཤམ་ཐབས་ལ་དར་ལྗང་གུའི་སྐེ་རགས་བཅིངས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་ཤིང༌། སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་པ། ཕྱག་ཞབས་ཐམས་ཅད་ལ་རུས་པའི་ཕྲེང་བ་དང༌། དྲིལ་བུ་གཡེར་ཁས་བརྒྱན་པ། ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་རཀྟའི་རྒྱ་མཚོ་དམར་ལ་དྭངས་པའི་ནང་དུ་བྷྱོ་ལས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་གྲི་གུག གཡོན་གྱི་དང་པོ་ན་རྒྱལ་མཚན། གཉིས་པ་ན་ཐོད་རློན་ཁྲག་གིས་གང་བ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་པ། སྙན་གཡས་པ་ལ་སེང་གེ་དང་གཡོན་པ་དུག་སྦྲུལ་གྱིས་བརྒྱན་པ། དབུ་སྐྲ་དང་སྨིན་མ་དམར་ལ་སེར་བ། དབུ་ལ་ཟླ་ཚེས་དང་རྨ་བྱའི་མདོངས་ཀྱིས་སྤྲས་པ། ལྟེ་བའི་ཐད་ནས་ཉི་མ་འཆར་བ། ཞིང་ཆེན་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་རེ་ལྡེའི་ཤམ་ཐབས་ལ་སྦྲུལ་ནག་གི་སྐེ་རགས་བཅིངས་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། མ་མོ་དང་ཤ་ཟ་འབུམ་སྡེའི་དབུས་ན་བྷྱོའི་སྒྲ་སྒྲོགས་པ། གཙོ་བོའི་མདུན་དུ་ཀྵཱིཾ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དོམ་ནག་སྨྱོན་པ་ལ་ཆིབས་པ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་གཙོ་བོའི་ཞལ་དུ་སྟོབ་པ། རལ་པ་གྱེན་དུ་གཟིངས་ཤིང་སྤྱན་གསུམ་དམར་ལ་ཟླུམ་པ། མགོན་པོའི་གཡས་སུ་ཛིཾ་ལས་དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་

p. 663

དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཐོད་པའི་ཌ་མ་རུ་འཁྲོལ་ཞིང༌། གཡོན་ཐོད་ཁྲག་འཛིན་པ། མགོན་པོའི་རྒྱབ་ཏུ་ཊཱྃ་ལས་གཤིན་རྗེ་ཊཱ་ཀི་རཱ་ཛ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྒྱུ་མའི་ཞགས་པ་འཕྱར་ཞིང༌། གཡོན་སྡིགས་མཛུབ་ཀྱི་རྩེ་ལས་མེ་འབར་བ། ལྷ་མོའི་གཡོན་དུ་ཧཱུྃ་ལས་བདུད་མགོན་ཏྲག་ཤད་ནག་པོ། གཡས་རུ་མཚོན་དམར་པོ་འཕྱར་ཞིང༌། གཡོན་ཙནྡན་གྱི་བེང་ཤིང་བསྣམས་པ། ཟ་འོག་སྔོ་ཁྲའི་བེར་གསོལ་ཞིང་རྟ་ནག་རྟིང་དཀར་ལ་བཅིབས་པ། བཞི་ཀའང་རྔམས་ཤིང་མཆེ་བ་གཙིགས་པ། སྨ་ར་དང་སྨིན་མ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྤྱན་གསུམ་དམར་ལ་གཡོ་བ་དགྲ་བགེགས་ལ་སྡང་མིག་ཏུ་གཟིགས་པ། ཁྲོ་བོའི་རྒྱན་གྱིས་མཛེས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེ་དག་གི་ཕྱི་རོལ་དུ་ཕྱོགས་སྐྱོང་བ་བཅུ་དང༌། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། འཇིག་རྟེན་སྐྱོང་བ་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་དང༌། བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ས་གཞི་དང་བར་སྣང་ཐམས་ཅད་གང་བ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་མདུན་གཉིས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཙནྡན་གྱི་སྡོང་པོ་རྐང་གཅིག་པའི་དྲུང་ནས། དཔལ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དྲིལ་བུ་གསིལ་ཞིང༌། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པའི། །འཁོར་གྱི་གནོད་སྦྱིན་བཀའ་ཉན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། མ་ཧཱ་ཀཱ་

p. 664

ལཱི་དེ་ཝཱི་ཡཀྵ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་མདུན་བསྐྱེད་ལ་བསྟིམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བའི་མཐར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། མ་ཧཱ་ཀཱ་ལ་ཕྱག་དྲུག་འཇིགས་པའི་སྐུ། །སྐུ་ཡི་ཆ་ལུགས་མི་བཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན་པའོ། །གསུང་གི་ང་རོ་མི་བཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡིས་སྟོང་གསུམ་ཁེངས། །རྣམ་དག་ཐུགས་ནི་མི་བཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅི་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཅེས་པས་བསྟོད་ལ། དེ་ནས་ཡི་དམ་གྱི་གཏོར་མ་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ཡི་དམ་གྱི་ལྷ་གང་ཡིན་གྱི་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་དབུལ། མཚན་སྔགས་ཀྱི་མཐར། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། མཚན་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། ལྷ་རང་རང་གི་བསྟོད་པས་བསྟོད། མདུན་གྱི་ཆོས་སྐྱོང་གི་གཏོར་མ་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔས་གང་བ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། འབྲུ་གསུམ་ལན་གསུམ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵཱིཾ་ཀྵེ་ཏྲ་པ་ལ་བིགྷྣཱན་བི་ནཱ་ཡ་ཀ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ལན་གསུམ་གྱིས་གཙོ་བོ་ལ་དབུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵཱིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་རཀྨོ་བ་ལིཾ་ཏ་མཱ་ས་རཀྟ་རུ་དྲ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ལྷ་མོ་ལ་དབུལ། དེ་ནས་ཆོས་སྐྱོང་སྤྱིའི་སྔགས་ཤཱ་ས་ན་ལན་གསུམ་གྱིས་གཙོ་འཁོར་ཐམས་

p. 665

ཅད་ལ་དམིགས་ནས་ཐུན་མོང་དུ་ཕུལ་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་ལྡན་ལྷ་མོ་རེ་མ་ཏཱི། འཁོར་གནོད་སྦྱིན་བཞི། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང༌། བསམ་སྦྱོར་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་དང་སྟོང་གྲོགས་མཛད་དུ་གསོལ། ཞེས་བརྗོད། དེ་ནས་གཙོ་བོ་ལ་དམིགས་ཏེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵཱིཾ་ཀྵེ་ཏྲ་པཱ་ལ་བིགྷྣན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་བགྲང༌། ལྷ་མོ་ལ་དམིགས་ནས། ཨོཾ་བཛྲ་ན་རཀྵཱིཾ་ཀྵཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་གྲངས་ཇི་ལྟར་རིགས་པ་བཟླ། འཁོར་གནོད་སྦྱིན་རྣམས་ལ་དམིགས་ནས་རིམ་བཞིན། ཨོཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་ཧཱུྃ་ཕཊ། ཨོཾ་ཛཱི་ན་མི་ཏྲ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་ཊཱ་ཀི་རཱ་ཛ་ས་མ་ཡ་བྷྱོཿཧཱུྃ་ཕཊ། ཨོཾ་དུད་ཡག་ཛ་མ་ཧཱ་ཀཱ་ལ་ཏྲག་ཤད་ཧཱུྃ་ཛཿ ཞེས་པ་ཉེར་གཅིག་རེ་བཟླ། གཉིས་པ་དངོས་གཞི་ནི། སློབ་མ་བོས་ལ་ཁྲུས་བྱས། ཕྱག་དང་གཡོན་ཕུལ་ཏེ་གྲལ་ལ་འཁོད་པ་ལ། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་ཉམས་སུ་ལེན་སྙམ་པའི་བསམ་པ་དྲག་པོ་རེ་བསྐྱེད་མཛོད། དེའང་དམ་པའི་ཆོས་ཉམས་སུ་ལེན་པ་ལ་བར་ཆད་སེལ་བར་བྱེད་པའི་སྲུང་མ་ཁྱད་པར་ཅན་རེ་བསྟེན་དགོས་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གདུལ་བྱའི་དོན་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་སྲུང་མའི་དབང་པོའི་སྐུར་སྤྲུལ་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ཡིན་ལ། འདི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་མངའ་བདག་མཻ་ཏྲི་པ་ལ་གསེར་སྲང་བདུན་ཕུལ་ནས་དེས་བོད་རྣམས་ལོངས་སྤྱོད་ཆུང་བ་ཡིན་པས་ནོར་སྒྲུབ་མཐུ་མྱུར་ལ་

p. 666

རྟགས་མཚན་ཆེ་བ་ཞིག་ཞུ་བྱས་པས། མཻ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་ནོར་བུའི་མགོན་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། བར་དོའི་འཇིགས་པ་ལས་སྐྱོབ། ལྷ་འདྲེ་མི་གསུམ་དབང་དུ་སྡུད། མི་ནོར་ཟས་གསུམ་ཤུགས་ལ་འབྱུང༌། དགྲ་ཐམས་ཅད་བརླག་པར་བྱེད། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ཟླས་འགྲུབ་པ་ཞིག་ཡོད་པ་དེ་སྦྱིན་གསུངས། དེ་བླ་མས་སུ་ལ་གསན་ཞུས་པས། མཻ་ཏྲི་པའི་ཞལ་ནས། ཁོ་བོས་ཤཱ་ཝ་རི་དབང་ཕྱུག་ལས་ཐོབ། ཤཱ་ཝ་རི་པ་དེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་སྒྲུབ་པ་མཛད་ཀྱིན་བཞུགས་པའི་ཚེ་ནམ་མཁའ་ལ་ཌ་མ་རུ་དང༌། དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པ་དང༌། ཡེ་ཤེས་ཀྱི་མགོན་པོ་འདི་བྱོན་ནས་རིགས་ཀྱི་བུ་སྒྲུབ་ཐབས་འདི་ཟུངས་ཤིག་གསུངས་ནས་ཤཱ་ཝ་རི་པས་སྒྲུབ་ཐབས་ཡི་གེར་བཀོད་པར་ཡང་མཛད་གསུངས། ཡང་སྔོན་གྱི་དུས་ན་དུར་ཁྲོད་ཆེན་པོ་མུན་པ་མི་ཟད་པ་ཞེས་བྱ་བར་སློབ་དཔོན་དྷ་ན་སཾ་སྐྲྀ་ཏ་ཞེས་བྱ་བས་ཡེ་ཤེས་ཀྱི་མགོན་པོ་འདི་མངོན་སུམ་དུ་གཟིགས། འཁོར་གནོད་སྦྱིན་རྣམས་ཀྱིས་སྲོག་སྔགས་ཕུལ་ནས་ལས་ཐམས་ཅད་བསྒྲུབ་པར་ཁས་བླངས་པའི་བླ་མ་དེས་རཱ་ཧུ་ལ་གུཔྟ་བཛྲ་ལ་གནང༌། རཱ་ཧུ་ལས་བོད་དུ་གདམས་ངག་སྒོ་སྐྱེལ་མཛད་དུ་བྱོན་ནས་ཁྱུང་པོ་ལ་གནང༌། ཁྱུང་པོ་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བ་ཡིན་པས་ཡིད་ཆེས་པའི་གནས་སུ་མཛད་འཚལ། དེ་ལྟ་བུའི་ཡེ་ཤེས་ཀྱི་མགོན་པོའི་རྗེས་སུ་གནང་བ་ལ་སྔོན་འགྲོའི་སློབ་དཔོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ཟིན། དངོས་གཞི་སློབ་མ་དང་ཐུན་མོང་དུ་བྱ་བའི་རིམ་པ་ལ། ཐོག་མར་མཎྜལ་ཕུལ་ནས་སྔོན་འགྲོ་སྐྱབས་སེམས་བྱ་བ་ནི། མདུན་གྱི་ནམ་མཁར་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཁའ་འགྲོ་ཆོས་སྲུང་དང་བཅས་པ་མངོན་

p. 667

སུམ་དུ་ཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་དང༌། བླ་མ་དང་ཡི་དམ་གྱི་ལྷ་དང༌། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དུ་གཞུག སེམས་བསྐྱེད་པ་ནི། གོང་གི་སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ་བརྗོད་དུ་གཞུག རྗེས་གནང་དངོས་ལ་མདུན་དུ་རྟེན་གསལ་བཏབ་ཅིང་ཡེ་ཤེས་པ་སྤྱན་དྲངས་པ། དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ། གཏོར་མའི་བཀའ་བསྒོ་བ། སྔགས་ཀྱི་བཟླས་ལུང་སྦྱིན་པ་དང་བཞི་ཡོད་པའི་དང་པོ་ནི། མདུན་ཕྱོགས་ཀྱི་ཆོས་འབྱུང་གཏོར་མ་དང་བཅས་པའི་གནས་འདི་ཉིད་དུ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཙནྡན་གྱི་ནགས་ཚལ་འཁྲིགས་པའི་གཞིར་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་པདྨ་ཉི་མ་ཚོགས་ཀྱི་བདག་པོ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་བྱ་བ་ནས། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ཞེས་པའི་བར་མདུན་བསྐྱེད་ཀྱི་སྐབས་ཀྱི་མངོན་རྟོགས་ཇི་ལྟ་བ་བཞིན་བརྗོད་ལ། འདི་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་མོས་པ་མཛོད། དེ་ནས་སློབ་དཔོན་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་ཞེས་པ་ནས། བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་པའི་བར་ལན་གསུམ་བརྗོད་དུ་གཞུག ཡང་སློབ་དཔོན་ཡི་དམ་དུ་གསལ་བ་དང༌། མདུན་བསྐྱེད་ཀྱི་ཆོས་སྐྱོང་འཁོར་བཅས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས།

p. 668

ཁྱེད་རང་གི་སྐུ་ལུས་ལ་ཕོག་པས་ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་ཞེས་པ་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་བར་སྤྱི་དང་འདྲ། སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་པ་ནས། ཆོས་འབྱུང་གི་ནང་དུ་པདྨ་ཉི་མ་ཚོགས་བདག་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་ནག་དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་པ་ནས། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་དང་བཅས་པའི་བར་མངོན་རྟོགས་ལྟར་བསྐྱེད། དེ་ཐམས་ཅད་ཀྱི་སོགས་གནས་གསུམ་བྱིན་གྱིས་བརླབ། སློབ་དཔོན་ལ་གུས་འདུད་བྱས་པས་སློབ་དཔོན་དང༌། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་དང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཀྱི་དབུས། ཤིང་ཙནྡན་གྱི་སྡོང་པོ་རྐང་གཅིག་པའི་དྲུང་ན་མགོན་པོ་འཁོར་དང་བཅས་པ་བཞུགས་པའི་ཐུགས་ཀར་ཕོག ཐུགས་རྗེ་དང་ཐུགས་དམ་གྱི་རྒྱུད་བསྐུལ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཡེ་ཤེས་ཀྱི་མགོན་པོ་དེ་ཉིད་ཐོགས་མེད་དུ་བཞེངས་ནས་བྱོན་པ་ལ་གཡས་ནས་དཔའ་བོ་བསམ་གྱིས་མི་ཁྱབ་པ། གཡོན་ནས་དཔའ་མོ་བསམ་གྱིས་མི་ཁྱབ་པ། མ་གཅིག་དཔལ་ལྡན་ལྷ་མོ། བཀའ་ཉན་གྱི་གནོད་སྦྱིན་ཆེན་མོ་བཞི། གཙང་རིས་ཀྱི་མགོན་པོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བ་ཁྲོ་ཞིང་འཁྲུགས་ལ་དགེས་ཤིང་འཛུམ་པའི་མདངས་དང་ལྡན་པ། འུར་འུར་ཐིབ་ཐིབ་བྱོན་ནས་མདུན་བསྐྱེད་ཀྱི་མགོན་པོ་འཁོར་བཅས་ལ་ཐིམ་པའི་མོས་པ་མཛོད་བྱས་ལ་དྲིལ་གསིལ་དང་རོལ་ཆེན་བྱ་ཞིང༌། མདུན་བསྐྱེད་ཀྱི་སྐབས་སུ་བརྗོད་པའི་སྤྱན་འདྲེན་གྱི་ཚིགས་བཅད་སྔགས་དང་བཅས་པའི་རྗེས་སུ་ཀྵཱིཾ་ཉེར་གཅིག་དང་ཛཿཧཱུྃ་བཾ་ཧོཿཞེས་བརྗོད། དེ་ལྟར་བྱས་པས་

p. 669

མདུན་བསྐྱེད་ཀྱི་མགོན་པོ་དེ་ཉིད་ཡེ་ཤེས་པ་དང་དབྱེར་མེད་པའི་མྱུར་མཛད་ཀྱི་མགོན་པོ་དངོས་ཡིན་སྙམ་པའི་མོས་གུས་དང་ངེས་ཤེས་བསྐྱེད་མཛོད། གཉིས་པ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ནི། ཁྱེད་རང་མགོན་པོར་གསལ་བ་དང་མདུན་བསྐྱེད་ཀྱི་མགོན་པོ་གཉིས་ཆར་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རེ་གསལ་ལ་སློབ་དཔོན་ལ་གསོལ་བ་འདེབས་པ་འདི་གསུང་བར་ཞུ། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ལུས་ཀྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ། སྐུའི་བྱིན་རླབས་ལུས་ལ་འཇུག་པར་མཛད་དུ་གསོལ། ཚར་གཅིག སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་མགོན་པོའི་དཔྲལ་བའི་ཨོཾ་ལ་ཕོག་པས་མགོན་པོའི་ཐུགས་རྒྱུད་བསྐུལ། ཨོཾ་དེ་ལས་མགོན་པོའི་སྐུའི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། ཁྱེད་རང་གི་དཔྲལ་བའི་ཨོཾ་ལ་ཐིམ་སྟེ་འོད་ཟེར་དཀར་པོ་བྱུང་བས་ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་འཁོར་བ་ཐོག་མ་མེད་པ་ནས་ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག མགོན་པོའི་སྐུའི་བྱིན་རླབས་མ་ལུས་པ་ཞུགས། བུམ་པའི་དབང་ཐོབ་སྙམ་པའི་མོས་པ་མཛོད། སློབ་དཔོན་གྱི་དྲིལ་བུ་གསིལ། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་བྷྱཿ བཛྲ་ཝཱི་ར་ཝཱི་ར་ཎི་ཤྲཱི་ཡེ། བཛྲ་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནི། སརྦ་བུདྡྷ་བོ་དྷི་སཏྭ་ཤ་ར་ཎཾ་གཙྪ་མི་ཀྱཻ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག གནས་གསུམ་གྱི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ།

p. 670

མཐུ་སྟོབས་ལ་ཐོགས་པ་མི་མངའ། ཐུགས་རྗེ་ལ་ཕྱི་ཤོལ་མི་མངའ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་རྡོ་རྗེའི་སློབ་མ་འདིའམ་འདི་རྣམས་ལ་ཞེས་པ་སྐབས་དང་སྦྱར་ལ་དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག ཅེས་དང༌། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵཱིཾ་ཀྵེ་ཏྲ་པཱ་ལ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མང་དུ་བརྗོད། ཡང་གསང་དབང་གི་སླད་དུ་གསོལ་བ་འདེབས་པ་འདི་གསུང་བར་ཞུ། བླ་མ་རིན་པོ་ཆེ་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ངག་གི་སྡིག་སྒྲིབ་དག་པར་མཛད་དུ་གསོལ། གསུང་གི་བྱིན་རླབས་ངག་ལ་འཇུག་པར་མཛད་དུ་གསོལ། ཚར་གཅིག སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་མགོན་པོའི་མགྲིན་པའི་ཨཱཿལ་ཕོག་ཐུགས་རྒྱུད་བསྐུལ། ཨཱཿདེ་ལས་མགོན་པོའི་གསུང་གི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་འཕྲོས་པ་སོགས་ནས་སྔགས་བརྗོད་པའི་བར་རིགས་འགྲེ། ཡང་གསོལ་འདེབས་འདི་གསུང་བར་ཞུ། བླ་མ་རིན་པོ་ཆེ་བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཡིད་ཀྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ། ཐུགས་ཀྱི་བྱིན་རླབས་ཡིད་ལ་འཇུག་པར་མཛད་དུ་གསོལ། ཚར་གཅིག ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཕོག་པ་ནས་འོད་ཟེར་སྔོན་པོ་འཕྲོ་འདུ་སོགས་དང༌། སྔགས་བརྗོད་པའི་བར་རིགས་འགྲེ། ཡང་འདི་གསུང་བར་ཞུ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར་དུ་གསོལ། སྒོ་གསུམ་གྱི་སྡིག་སྒྲིབ་དག་པར་མཛད་དུ་གསོལ། ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་འཇུག་པར་མཛད་དུ་གསོལ། ཚར་གཅིག སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་ལ་ཕོག་པས། ཡིག་འབྲུ་གསུམ་ལས་དེ་འདྲ་བ་རེ་བྱུང་ནས་ཁྱེད་རང་གི་གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། ཡང་ཁྱེད་རང་གི་དཔྲལ་

p. 671

བའི་ཨོཾ་མགྲིན་པའི་ཨཱཿལ་ཐིམ། མགྲིན་པའི་ཨཱཿཐུགས་ཀའི་ཧཱུྃ་ལ་ཐིམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་མགོན་པོའི་སྐུ་དང་དབྱེར་མེད་དུ་འདྲེས། དེས་ཀྱང་བརྟན་གཡོ་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་དེ་ཐམས་ཅད་འོད་ཟེར་སྔོན་པོ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། དེ་ཉིད་མཐའ་ནས་རིམ་བཞིན་བསྡུས་ཏེ་དབུས་སུ་ནམ་མཁའ་ལ་དུ་བ་ཡལ་བ་ལྟར་སྔོ་ཡལ་སོང་བས་གསལ་སྟོང་ཟུང་འཇུག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་དུ་ལུས་སེམས་ཁོང་གློད་དེ་ཇི་ཙམ་གནས་ཀྱི་བར་དུ་འཇོག་པར་ཞུ། སློབ་དཔོན་གྱིས་དྲིལ་བུ་གསིལ་ཞིང༌། ན་མོ་བུདྡྷཱ་ཡ་ཞེས་པ་ནས་སྔགས་བརྗོད་པའི་བར་སྔ་མ་གསུམ་དང་འདྲ། གསུམ་པ་གཏོར་མའི་བཀའ་བསྒོ་བ་ནི། མདུན་གྱི་གཏོར་མ་དེ་ཉིད་སློབ་མའི་སྤྱི་བོར་སྤྱན་དྲངས་ལ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་མགོན་པོ་འཁོར་བཅས་ཁྱེད་རང་གི་སྤྱི་བོར་འུར་འུར་ཆེམ་ཆེམ་བཞུགས་པའི་སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་རྣམས་དང༌། མཐའ་སྐོར་ཀུན་ཏུ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པའི་བླ་མ་རྣམས་ཀྱི་སྐུ་ལས་འོད་ཟེར་བདེ་བ་ཆེན་པོའི་རང་བཞིན་ཅན་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག མགོན་པོའི་སྐུ་ལས་མགོན་པོའི་སྐུ་ཆུང་ལ་ཡན་ལག་རགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པ་ལུས་ཀྱི་ཆ་ཤས་ཐམས་ཅད་ནས་ཐོགས་མེད་དུ་ཞུགས། ལུས་ཀྱི་ནང་གང༌། སྐུ་དགེས་པའི་གར་མཛད། གསུང་སྔགས་ཀྱི་སྒྲ་སྒྲོགས་ཤིང་ནད་གདོན་ཐམས་ཅད་ཞལ་དུ་དམར་འཇི་རི་རི་གསོལ་བའི་མོས་པ་མཛོད། དེ་ལྟར་གསལ་བའི་བླ་མ་དང་མགོན་པོ་རྣམ་པ་ཐ་དད་ཀྱང་ངོ་བོ་དབྱེར་མེད་པ་ལ་མོས་གུས་ཀྱི་ཤུགས་དྲག་པོ་བསྐྱེད་ལ། རྒྱས་པ་བརྒྱུད་འདེབས་གནས་

p. 672

སྦྱར་མ་དབྱངས་དང་བཅས་པའམ། ཡང་ན་སངས་རྒྱས་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤཱ་ཝ་རི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མྱུར་མཛད་སྤྱན་རས་གཟིགས་དབང་གིས་བྱིན་གྱིས་རློབས་ཤིག དེ་བཞིན་དུ་མཻ་ཏྲི་པ་ནས་བཟུང་བླ་མ་བརྒྱུད་པ་གསུམ་རེའི་མཐར་བླ་མ་མགོན་པོ་དབྱེར་མེད་ཅེས་སོགས་སྦྱར། མདོར་བསྡུ་ན། བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། །ཕ་མཚན་ལྡན་གྱི་བླ་མ། ཕ་མཚན་ལྡན་གྱི་ཆོས་རྗེ། དུས་ངན་སྙིགས་མའི་སེམས་ཅན་ལ་ཐུགས་རྗེས་གཟིགས། སྙིགས་མ་ལྔ་བདོའི་སེམས་ཅན་ལ་ཐུགས་རྗེས་གཟིགས། ལས་ངན་འཁོར་བར་འཁྱམས་ལ་ཐུགས་རྗེས་གཟིགས། ཞེས་གསོལ་བ་གདབ། བཀའ་བསྒོ་བ་དངོས་ནི། དཔལ་ལྡན་མ་ཧཱ་ཀཱ་ལ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ། དཔལ་ལྡན་ལྷ་མོ་ནག་མོ། གནོད་སྦྱིན་ཀྵེ་ཏྲ་པཱ་ལ། གཤིན་རྗེ་ཊཱ་ཀི་རཱ་ཛ། བདུད་མགོན་ཏྲག་ཤད་ནག་པོ། མ་གཅིག་དུས་མཚན་མཁའ་འགྲོ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ། དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་རྡོ་རྗེ་སློབ་མ་འདི་ཉིད་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་ལུང་རྟོགས་ཡོན་ཏན་ལ་སོགས་པ་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ།

p. 673

ཞེས་དང༌། གོང་གི་མགོན་པོ་འཁོར་བཅས་ཀྱི་སྔགས་ཀྱི་མཐར་ཛཿཧཱུྃ་བཾ་ཧོཿཞེས་བརྗོད། སྟེང་གི་བླ་མ་བརྒྱུད་པ་རྣམས་རིམ་པ་བཞིན་འོད་དུ་ཞུ་ནས་མགོན་པོ་འཁོར་བཅས་ལ་ཐིམ། འཁོར་རྣམས་ཀྱང་གཙོ་བོ་མགོན་པོ་ཉིད་ལ་ཐིམ། དེ་ཉིད་ཀྱང་འོད་ཟེར་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས། ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་ལུས་ངག་ཡིད་གསུམ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམས་ལ་བརྗོད་བྲལ་ཕྱག་རྒྱ་ཆེན་པོའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེའི་ངང་ལས་མ་གཡོས་པར་སླར་ཡང་རང་ཉིད་སྣང་སྟོང་དབྱེར་མེད་ཀྱི་མགོན་པོའི་སྐུར་གསལ་ལམ་གྱིས་གྱུར་པར་མོས་པ་མཛོད། བཞི་པ་སྔགས་ཀྱི་རྗེས་གནང་སྦྱིན་པ་ནི། སློབ་དཔོན་ལ་གསོལ་བ་འདེབས་པ་འདི་གསུང་བར་ཞུ། མགོན་པོ་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བྱེད་དུ་གཞུག སློབ་དཔོན་གྱིས་ཀྱང་མདུན་བསྐྱེད་ཀྱི་མགོན་པོ་ལ་དམིགས་ནས། མགོན་པོ་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། ཡང་དམིགས་པ་འདི་བཞིན་དུ་གནང་བར་ཞུ། མདུན་གྱི་མགོན་པོ་འཁོར་བཅས་ཀྱི་ཐུགས་ཀའི་སྔགས་ཕྲེང་རྣམས་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་བྱོན། སོ་སོའི་ཞལ་ནས་ཐོན། ཁྱེད་རང་མགོན་པོར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་མཐིང་ནག་ཅིག་བསམས་པའི་མཐར་གཡས་སྐོར་གྱིས་འཁོད་པར་བསམས་ལ་འདིའི་རྗེས་ཟློས་གསུང་བར་ཞུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་སོགས་མགོན་པོའི་སྲོག་སྔགས་དང༌། ཤཱ་ས་ན་དང་ལྷ་མོ་གནོད་སྦྱིན་བཞིའི་སྔགས་རྣམས་རིམ་བཞིན་ལན་གསུམ་རེ་སློབ་དཔོན་གྱི་ཕྲེང་བ་ལ་འཇུས་ཏེ་རྗེས་ཟློས་བྱེད་དུ་གཞུག དེས་སྔགས་ཐམས་ཅད་ཀྱི་བཟླས་ལུང་བྱིན་པའི་མོས་པ་མཛོད། དེ་ནས་སློབ་དཔོན་གྱིས་ཕྲེང་བའམ་མེ་ཏོག་སློབ་

p. 674

མའི་སྤྱི་བོར་བཞག་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་དང་བཅས་པའི་ཐུགས་རྗེ་དང་ནུས་པ་སྔགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་པར་གྱུར་ཅིག ཅེས་བརྗོད། ད་ཁྱེད་རྣམས་ཀྱིས་འདི་ལྟ་བུའི་རྗེས་སུ་གནང་བ་ཐོབ་ནས་བླ་མ་དང་མགོན་པོ་དབྱེར་མེད་དུ་ལྟོས་ལ་གསོལ་བ་ཐོབ། ནས་ནག་རྗེན་བཏགས་ཀྱི་གཏོར་མ་དང༌། སྤོས་སྦྱོར་རྒྱུན་མ་ཆད་པར་ཕུལ། བྱ་ནག་ཁྱི་ནག་སོགས་ལ་རྡོ་མི་རྒྱག་པ་སོགས་བསླབ་བྱ་རྣམས་ལ་བསླབ་པར་བྱ། དེ་ལྟར་བྱས་པས་ཆོས་སྒྲུབ་པའི་འཚོ་བའི་ཡོ་བྱད་རྙེད་སླ་ཞིང༌། མགོན་པོ་འདི་ངོ་བོ་སྤྱན་རས་གཟིགས་ཡིན་པས་ཐུགས་རྗེ་གཞན་ལས་མྱུར་བ་དང་སྒྲུབ་ཐག་ཉེ་བ་ཡིན། དེ་ནས་གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་གི་མཎྜལ། དེང་ནས་སོགས་སྤྱི་དང་འདྲ། གསུམ་པ་རྗེས་ནི། ཐུན་གཏོར་འབུལ། མདུན་བསྐྱེད་ལ་མཆོད་བསྟོད་སོགས་དང༌། རྟེན་ཡོད་ན་བརྟན་བཞུགས་བྱ། བསྔོ་སྨོན་གྱི་རྒྱས་གདབ། བཀྲ་ཤིས་རྒྱས་པར་བརྗོད་པར་བྱའོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། དཔལ་ཤཱ་ཝ་རི་དབང་ཕྱུག མངའ་བདག་མཻ་ཏྲི་པ། གྲུབ་ཐོབ་རཱ་ཧུ་ལ་གུཔྟ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། མཉམ་མེད་རིན་ཆེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མཁས་བཙུན་རྒྱལ་མཚན་འབུམ་པ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བཏང་རི་ཁྲོད་རས་ཆེན། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། ཕ་རྒོད་ཐར་པ་དཔལ་བཟང༌། དྲིན་ཆེན་སངས་རྒྱས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རྗེ་བླ་མ་དབང་ཕྱུག་རབ་བརྟན། ཡར་ཚར་ཆེན་ནས། རྗེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་བ་ཆོས་ཀྱི་རྒྱ་མཚོ། དེས་བདག་ལ་ཐུགས་

p. 675

བརྩེ་བ་ཆེན་པོས་གནང་བ་ལགས་སོ། །དེ་ལྟར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་ཀྱི་རྗེས་གནང་བར་ཆད་ཀུན་སེལ་འདི་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོས་རྒྱས་པར་མཛད་པ་ལ་གཞི་བརྟེན་ཅིང་དེ་ཀ་བཞིན་འཛོལ་མེད་གཞུང་བསྲངས་ལ། འོན་ཀྱང་ལས་དང་པོ་པ་ལ་ཕན་པར་བྱ་བའི་ཕྱིར་དུ་ཚིག་གི་ཚོགས་བསྐྱུངས་ཏེ་གོ་བདེ་བཀླག་ཆོག་ཏུ་བཀོད་པ་འདི་ནི། རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་རྡོ་རྗེ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་ཆོས་གྲྭར་ཆུ་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཡར་ཚེས་བཅུའི་ཉིན་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྙན་བརྒྱུད་ཟབ་མོའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། ༈ །།བརྒྱུད་པའི་ཁ་སྐོང་ནི། མཁན་ཆེན་ངག་དབང་ཆོས་གྲགས་ནས། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། འདྲེན་མཆོག་སངས་རྒྱས་བསྟན་པ། མཁན་ཆེན་སངས་རྒྱས་དཔལ་བཟང༌། འཇམ་མགོན་བསོད་ནམས་དཔལ་བཟང༌། མུས་ཆེན་ཆོས་ཉིད་ཡེ་ཤེས། མཚུངས་མེད་ཡེ་ཤེས་རྒྱལ་མཆོག ཡོངས་འཛིན་བློ་གྲོས་རྒྱ་མཚོ། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། དེས་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལའོ།། །།སརྦ་མངྒ་ལཾ།། །།

དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་ཆོག་དང་རྗེས་གནང་བྱ་ཚུལ་གྱི་ཆོ་གའི་ཕྱག་ལེན།

p. 676

དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་ཆོག་དང་རྗེས་གནང་བྱ་ཚུལ་གྱི་ཆོ་གའི་ཕྱག་ལེན་བཞུགས་སོ།།

p. 677

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་རྗེ་བཙུན་ས་སྐྱ་པ་ནས་བརྒྱུད་པའི་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་བསྙེན་པ་མཆོད་གཏོར་བསྡུས་པ་བྱ་བའི་ཚུལ་ནི། བླ་མ་མཚན་ཉིད་དང་ལྡན་པ་ལས་འཁོར་ལོ་བདེ་མཆོག་གམ་བླ་མེད་གང་རུང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་ཅིང་དམ་ཚིག་དང་ལྡན་པའི་སློབ་མས་གསོལ་བ་བཏབ་པའི་ངོར། ཐོག་མར་འདིའི་རྗེས་སུ་གནང་བ་བྱིན་ཏེ་དེ་ནས་ཉམས་སུ་བླང་བའི་ཚུལ་ནི། སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་སྲུང་འཁོར་དང་ཡི་དམ་གྱི་སྒོམ་བཟླས་ཅི་ནུས་བྱས་ལ། ཡི་དམ་ཆོས་སྐྱོང་ཆེ་ཆུང་གི་མཆོད་གཏོར་གྱི་རྗེས་ལ་སྔོན་དུ་འདིའི་གཏོར་མ་བྱིན་གྱིས་བརླབ་པའམ། ཡང་ན་སྔོན་དུ་ཆོས་སྐྱོང་བསྐྱེད་ན། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་མདུན་གྱི་ནམ་མཁར་ཧཱུྃ་ཡིག་ལས་ཨེ་ཆད་པ་ལས་ནམ་མཁའ། ཡྃ་ལས་རླུང་གི་དཀྱིལ་འཁོར། ར་ལས་རཀྟའི་རྒྱ་མཚོ། སུྃ་ལས་ཞིང་ཆེན་གྱི་ས་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རྃ་ལས་ཉི་མའི་དཀྱིལ་འཁོར། བྲཱུྃ་ལས་ཐོད་མཁར་གྱི་གཞལ་ཡས་ཁང་མི་མགོ་སྐམ་པོ་ལས་གྲུབ་པའི་གྲུ་བཞི་པ། མི་རུས་ཀྱི་ཀ་བ་དང་རྩིབས་རུས་སྣ་ཚོགས་ཀྱི་སྟེང་ཐོག་ཕུབ་པ། ཐོད་སྐམ་གྱི་མདའ་ཡབ་དང་པུ་ཤུས་བརྒྱན་ཅིང་གློ་སྙིང་དང་རྒྱུ་རློན་གྱི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། འོག་ཏུ་རུས་པ་དང་ཤ་ཁྲག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། དེའི་ནང་དུ་པདྨ་མཎྜལ་ཧཱུྃ་གིས་པདྨའི་གདན། མ་སཱུརྻ་མཎྜ་ལ་ཧཱུྃ་གིས་ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ་ཧཱུྃ་གིས་ཟླ་བའི་གདན་གཉིས་སུ་གྱུར། གདན་གྱི་སྟེང་དུ་ས་བོན་ཧཱུྃ་དང་ཨྃ་ལས་དུང་དང་མགྲོན་བུ་ཧཱུྃ་དང་ཨྃ་གྱིས་མཚན་པ་ལས་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གཉིས་སྐུ་མདོག་དཀར་ཞིང་འོད་ཟེར་འཕྲོ་བ། ཀེང་རུས་ཤིན་ཏུ་བརྗིད་པའི་གཟུགས་ཅན་ཕྱག་གཉིས་པ། «རྗེ་གྲོལ་མཆོག་གི་བཞེད་པ་སྤྱན་གསུམ།་་་་་»སྤྱན་བགྲད་ཅིང་ལྗགས་འདྲིལ་བ། མཆེ་བ་གཙིགས་པ། ཕྱག་གཡས་ཀྱིས་ཐོད་སྐམ་གྱི་དབྱུག་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་བསྣམས་ཤིང་ཞལ་དུ་གསོལ་བ། ཞབས་གཡས་བསྐུམས་

p. 678

པས་གཡོན་བརྐྱངས་པའི་བརླ་ལ་བརྟེན་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་དང༌། ཐོད་སྐམ་ལྔ་དང་རིན་པོ་ཆེའི་དབུ་རྒྱན་དང་སྙན་ཆས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཡབ་ཡུམ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་གཉིས་སུ་གྱུར། དེ་གཉིས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་«་་་་་དང་རང་གི་སྙིང་ག་ནས།» འོད་འཕྲོས་པས་རང་བཞིན་གྱི་གནས་དང༌། ཨུ་རྒྱན་མཁའ་འགྲོའི་ཡུལ་ནས་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་ནས་«་་་་་ཨོཾ་བཛྲ་ས་མཱ་ཛཿ» ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །ཕྲིན་ལས་རྣམ་བཞིས་དོན་མཛད་པ། །དང་ལྡན་དམ་ཚིག་ཆེན་པོ་ཡི། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཤྲཱི་ཤྨ་ཤ་ན་ཨ་དྷི་པ་ཏ་ཡེ་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། གཉིས་སུ་མེད་པར་བསྟིམ། རང་སྐད་ཅིག་གིས་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་དབང་གི་ལྷ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུངས་ཤིང༌། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་དབང་བསྐུར། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པས་དབུ་བརྒྱན། དེ་ལ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱལ་བའི་ཐུགས་ཀྱི་ཕྲིན་ལས་ཀུན། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །ཅེས་པས་བསྟོད། «རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་གར་བཅས་ལ།་་་་་»ཨོཾ་བཛྲ་ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ དཔལ་དུར་ཁྲོད་བདག་པོ་འཁོར་དང་བཅས་པ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་དང་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྣལ་འབྱོར་

p. 679

པ་བདག་ཅག་འཁོར་དང་བཅས་པ་དང་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ལོག་འདྲེན་རྣམས་ཚར་བཅད་པ་དང༌། ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་ཞིང་ཆོམ་རྐུན་ཐམས་ཅད་བཅིང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་པས་ཕྲིན་ལས་བཅོལ། གཏོར་མ་ཤ་ཁྲག་དང་དར་དཀར་པོའི་ཅོད་པན་གྱིས་བརྒྱན་པ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ། ཨ་མྲྀ་ཏས་བསང༌། ཨོཾ་སྟོང་པ། ཨཱཿཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་དགྲ་བགེགས་ཀྱི་ཤ་ཁྲག་དང་ཤ་ལྔ་བདུད་རྩི་ལྔ། ཧོཿས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་མོས་ལ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་མོས་ལ། ཨོཾ་གྷྲྀ་རཱ་ཛ་གྷྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཤྲཱི་ཤྨ་ཤ་ན་ཨ་དྷི་པ་ཏི་མཧཱ་པི་ཤཱ་ཙི་ན་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱིས་ཕུལ་བས་གསོལ་ཏེ་དགེས་པར་བསམས་ལ། ཨརྒྷཾ་ལ་སོགས་པས་མཆོད། ནང་མཆོད་གཏོར་ཞིང༌། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། དཔལ་དུར་ཁྲོད་ཀྱི་བདག་པོ་འཁོར་དང་བཅས་པ་ཞེས་སོགས་གོང་བཞིན་བརྗོད་ནས་ཕྲིན་ལས་བཅོལ། ཧཱུྃ། རྒྱལ་བའི་སོགས་ནས་བདག་པོར་བསྟོད་ཀྱི་བར་གོང་བཞིན་དང༌། རྣམ་དཀར་ཀེཾ་རུས་དག་པའི་གཟུགས། །ཕྲིན་ལས་རྣམ་བཞི་ཐོགས་མེད་པར། །གང་ལ་ཅི་འདོད་དངོས་གྲུབ་ཀུན། །ཉེ་བར་སྩོལ་མཛད་ཁྱེད་ལ་བསྟོད། །ཡང་དག་ལམ་ལ་ཉེར་བརྟེན་ཏེ། །ལུས་ཅན་བདེ་ལ་འགོད་མཛད་པའི། །སྲིད་པའི་འཆིང་བ་ཀུན་ལས་སྐྱོབས། །ཕན་བདེ་ཀུན་སྩོལ་ཁྱེད་ལ་བསྟོད། །གང་གིས་ཁྱོད་སྒྲུབ་ཁྱོད་མཆོད་ན། །དམ་བཅའ་ཇི་བཞིན་ཉེར་དགོངས་ནས། །ཇི་ལྟར་གསོལ་བ་བཏབ་པ་བཞིན། །བདག་ལ་དངོས་གྲུབ་མ་ལུས་སྩོལ། །མཆོད་སྦྱིན་གཏོར་མ་རྒྱ་མཚོའི་དང༌། །དངོས་གྲུབ་ཀུན་འབྱུང་དམ་རྫས་ཀྱིས། །དཔལ་ལྡན་བསྟན་སྲུང་འཁོར་བཅས་མཆོད། །ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །ཅེས་པས་བསྟོད། །སྔགས་བཟླ་བར་འདོད་པས་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ཆོས་སྐྱོང་ལྕམ་དྲལ་ལ་ཕོག ཐུགས་རྒྱུད་

p. 680

བསྐུལ། ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་དང་ཨྃ་ལས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བཀུག་སྟེ་བདག་ལ་སྩོལ་ཞིང༌། ཆོམ་རྐུན་ལ་སོགས་པའི་གདོན་དང་ལོག་འདྲེན་ཐམས་ཅད་ཚར་བཅད་པར་མོས་ཏེ། ཨོཾ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞེས་ཅི་མང་དུ་བཟླས་པའི་མཐར་ཨརྒྷཾ་ལ་སོགས་པའི་མཆོད་བསྟོད་དང་གསོལ་གདབ་བྱས། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། བྲིས་སྐུ་ཡོད་ན་བརྟན་བཞུགས་བྱ། མེད་ན་བཛྲ་མུཿས་གཤེགས་སུ་གསོལ་ནས་བསྲུང་བ་བྱ། ལམ་བསྲུང་བར་འདོད་ན་འགྲོ་ཁར་ཡབ་ཡུམ་ལ་གཏོར་མ་བྱིན་ལ་ཆོམ་རྐུན་ཆིངས་ཤིག་པར་གསོལ་བ་གདབ། གཏོར་མ་དགྲ་ཕྱོགས་སུ་བཏང༌། རང་ཡི་དམ་དུ་གསལ་བས་གསེག་མའམ། བྱེ་མ་ལ་རྩ་སྔགས་ལ། ཆོམ་རྐུན་བྷནྡྷ་བྷནྡྷ་ཞེས་བཏགས་པ་མང་དུ་བཟླས་ལ་འགྲོ་ཕྱོགས་སུ་གཏོར་ཞིང་རང་དང་འཁོར་རྫས་ཀུན་ལ་ཡང་གཞན་གྱི་མ་ཚོར་བར་ཅུང་ཟད་ཕོག་པར་བྱས་ནས། རང་འཁོར་བཅས་ཀྱི་མདུན་རྒྱབ་ཏུ་ཆོས་སྐྱོང་ཡབ་ཡུམ་གྱི་སྐུ་དཔག་ཏུ་མེད་པ་སྤྲོས། དབྱུག་པས་དགྲ་བགེགས་རྡུལ་དུ་བརླག་པར་བྱས། ཞགས་པས་ཡན་ལག་བསྡམས། རྣམ་ཤེས་དབང་པོ་ཐམས་ཅད་རྨུགས་ཤིང་ཉམས་པར་བྱས་པར་མོས་ནས། རྩ་སྔགས་ཀྱི་རྗེས་སུ་མ་ཧཱ་ཐ་ནུ་ཆོམ་རྐུན་བྷནྡྷ་བྷནྡྷ་སྭཱ་ཧཱ། ཞེས་བཟླས་ཤིང་རང་གིས་སྣ་དྲངས་ནས་འགྲོ། དེ་ནས་ཅི་བདེར་བྱ། ཞེས་ལས་དང་པོ་རྣམས་ཀྱི་ཉམས་ལེན་དུ་བྲིས་པའོ། ༈ །ཨོཾ་སྭ་སྟི། བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་སུ་གནང་བ་བྱ་བའི་ཚུལ་ནི། ཟླ་བ་ཡར་ངོ་མར་ངོའི་ཚེས་བཅུ་བཞི་གང་རུང་གཉིས་ལ། མཁའ་འགྲོ་ཕྱི་ནང་མཉེས་པའི་མཆོད་གཏོར། ཁྱད་པར་འདིའི་གཏོར་མ་སྟོད་ཟུར་གསུམ་སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ། མར་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་དར་དཀར་པོའི་ཅོད་པན་དང་ཡབ་ཡུམ་གྱི་ཙ་ཀ་ལི་བཙུགས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་བཤམ། རང་གི་

p. 681

མདུན་དུ་ནང་མཆོད་རྡོ་དྲིལ་བཞག དེ་ནས་རང་གིས་དཔལ་འཁོར་ལོ་བདེ་མཆོག་གི་བདག་བསྐྱེད་སྔོན་དུ་འགྲོ་བའི་མཆོད་གཏོར་བྱིན་གྱིས་བརླབས་ལ། འདས་པའི་གཏོར་མ་དང་ཆོས་སྐྱོང་ཆེ་ཆུང་གི་གཏོར་མ་རྣམས་འབུལ་ཚར་བའི་རྗེས་གཏོར་ཆོག་ནས་འབྱུང་བ་ལྟར། དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གཏོར་མ་དབུལ། བཟླས་པ་ཅུང་ཟད་བྱ། དེ་ནས་ལས་མགོན་གྱི་གཏོར་མ་ཡང་ཕུལ་ཚར་བ་དང༌། བདེ་མཆོག་ལ་སོགས་པའི་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་སློབ་མ་དམ་ཚིག་དང་ལྡན་པ་གྲལ་ལ་འཁོད། མཎྜལ་ཕུལ་ཏེ། དཀོན་མཆོག་གསུམ་དང་དབྱེར་མེད་ཅིང༌། །ཡི་དམ་ལྷ་ཡི་ངོ་བོ་ཉིད། །བླ་མ་དམ་པའི་ཐུགས་རྗེ་ཡིས། །བྱིན་གྱིས་བརླབ་པ་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱེད་དུ་བཅུག དེ་ནས་རྗེས་གནང་གི་གཞི་འགོད་པའི་དོན་དུ། སློབ་མ་རྣམས་གཏོར་ཆོག་ནས་འབྱུང་བ་ལྟར་ཆོས་སྐྱོང་ཡབ་ཡུམ་དུ་བསྐྱེད། དངོས་གཞི་ལ་སྐུ་གསུང་ཐུགས་གཏོར་མའི་བཀའ་བསྒོ་རྣམས་ལས། སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དང་རང་བཞིན་གྱི་གནས་ནས་ཆོས་སྐྱོང་ཡབ་ཡུམ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་བཀུག སློབ་དཔོན་གྱི་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་ཡུམ་གྱི་མཁར་ཆོས་སྐྱོང་ཡབ་ཡུམ་གྱི་སྐུ་དཔག་ཏུ་མེད་པར་གྱུར་ནས་ཁྱེད་རང་གི་ལུས་ལ་ཐིམ་པར་མོས་པ་མཛོད་བྱས་ལ། གུ་གུལ་གྱིས་བདུག དྲིལ་བུ་གསིལ། ཡབ་ཡུམ་གྱི་སྔགས་ཀྱི་རྗེས་སུ་པྲ་ཝེ་ཤ་ཡ་ཧཱུྃ། ཨཱ་ཝེ་ཤ་ཡ་ཧཱུྃ་ཨཱཿ ཞེས་མང་དུ་བཟླས། སྐུའི་བྱིན་གྱིས་བརླབས་པར་མོས་པ་མཛོད། དེ་ནི་སྐུའི་རྗེས་གནང་ངོ༌། །གསུང་ལ་ཡང༌། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་ཡབ་ཡུམ་གྱི་མཁར་བབས་པའི་བར་འདྲ་ལ། དེ་ནས་ཡི་གེ་ཨཱ་ལི་ཀཱ་ལི་དང་ཡབ་ཡུམ་གྱི་སྔགས་སུ་གྱུར་ནས་ཁྱེད་རང་

p. 682

རྣམས་ཀྱི་མགྲིན་པར་ཐིམ་པར་མོས་ཏེ། སྔར་ལྟར་དྲིལ་བུ་གསིལ། ཡབ་ཡུམ་གྱི་སྔགས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་བཅུག བཅོམ་ལྡན་བདག་ལ་སོགས་དང༌། སློབ་དཔོན་གྱིས་ཀྱང༌། བཅོམ་ལྡན་འདི་ལ་སོགས་བྱ། གསུང་གི་བྱིན་གྱིས་བརླབས་པར་མོས་པ་མཛོད་བྱས་ལ། ཐུགས་ལ་ཡང་ཡུམ་གྱི་མཁར་བབས་པའི་བར་འདྲ་ལ། དེ་ནས་ཕྱག་མཚན་གྲི་གུག་དང་རྡོ་རྗེ་དང་དབྱུག་ཏོ་དང་དགྲ་སྟྭ་ལ་སོགས་པ་དཔག་ཏུ་མེད་པར་གྱུར་ནས་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་མཐོ་གང་ཙམ་དུ་ཅུང་ཟད་གནས་ཏེ། དེ་ནས་ཐུགས་ཀར་ཐིམ་པར་མོས་པ་མཛོད་བྱས་ལ་སྔགས་དང་དྲིལ་གསིལ་སྔར་ལྟར་བྱའོ། །དེ་ནས་དེ་དག་བརྟན་པར་བྱ་བའི་ཕྱིར་དུ་གཏོར་མ་མགོ་ཐོག་ཏུ་བཞག་ལ། ཏིཥྛ་བཛྲ་ཧཱུྃ་ཨཱཿ ཧཱུྃ་ཨཱཿཏིཥྛ་བཛྲ་ཞེས་བརྗོད་ལ་ཉམས་གང་སྐྱེས་སྐྱོང་དུ་བཅུག དེ་ནས་གཏོར་མ་དེ་ཁ་གསོས་བྱིན་གྱིས་བརླབས་ལ་ཕུལ། གཏོར་མ་མགོ་ཐོག་ཏུ་བཞག་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། རཱ་ཧུ་ལ། སློབ་དཔོན་སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། བཻ་རོ་ཙ་ན། ཁམས་པ་རྒྭ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། བླ་ཆེན་ཡར་སྒོམ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོ། ཡར་ལུང་པ་སེང་གེ་རྒྱལ་མཚན། བླ་མ་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། དྲིན་ཆེན་རྩ་བའི་བླ་མ་དཔལ་ལྡན་རྒྱལ་ལ་པོ་སོགས་པའི་བླ་མ་བརྒྱུད་པ་རྣམས་དང་དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པས་སློབ་མ་འདི་དག་ལ་འགོ་བར་མཛད་དུ་གསོལ། སངས་རྒྱས་མ་ཐོབ་ཀྱི་བར་དུ། ཞི་དང་རྒྱས་དང་དབང་གི་ལས། །བསད་བསྐྲད་དབྱེ་རྨོངས་རེངས་ལ་སོགས། །ཇི་ལྟར་བསྒོ་བའི་ལས་སྒྲུབ་ཅིང༌། །སངས་རྒྱས་དམ་ཚིག་རྗེས་དྲན་མཛོད། །ཅེས་

p. 683

བཀའ་བསྒོ། ཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ། དེ་ནས་གཙོ་བོས་ཇི་ལྟར་བཀའ་སོགས་ལན་གསུམ་གྱི་རྗེས་ལ་མཎྜལ་ཕུལ། དེང་ནས་བརྩམས་ཏེ་བདག་བྲན་སོགས་བརྗོད་ལ། སློབ་མ་རྣམས་བཏང༌། སློབ་དཔོན་གྱིས་ནོངས་པ་བཟོད་པར་གསོལ། གཏོར་མགྲོན་གཤེགས་གསོལ་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་རྒྱས་གདབ་བོ། །དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་སུ་གནང་བ་བྱ་བའི་རིམ་པ་འདི་ནི། བླ་མ་དམ་པ་དཔལ་ལྡན་རྒྱལ་པོའི་གསུང་ལས་ཇི་ལྟར་འབྱུང་བ་བཞིན་དགེ་སློང་སངས་རྒྱས་རིན་ཆེན་གྱིས་བྲིས་པའོ། ༈ །དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་གནང་བྱ་ཚུལ་ས་ལོའི་གསུང་བཞིན་བཀོད་པ་བཞུགས་སོ། །བླ་མ་དང་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་དུར་ཁྲོད་ཀྱི་བདག་པོའི་རྗེས་གནང་བྱེད་ཚུལ་ས་ལོའི་གསུང་བཞིན་བྲི་བར་བྱའོ། །དེ་ལ་སྦྱོར་བ་རྟེན་དང་མཆོད་གཏོར་བཤམ་པ། དངོས་གཞི་ཆོ་གའི་རིམ་པ་དངོས་བསྟན་པ། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་གནས་ཁང་ཡིད་དུ་འོང་བར་བླ་མ་ཡི་དམ་ཆོས་སྲུང་གི་རྟེན་དང་ཁྱད་པར་དུ་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་གང་འབྱོར་བཤམས། མདུན་དུ་སྟེགས་ཇི་ལྟར་རིགས་པ་ལ་ཡི་དམ་ཆོས་སྐྱོང་སོགས་ཀྱི་གཏོར་མ་རང་གི་ཕྱག་ལེན་བཞིན་དང༌། ཁྱད་པར་དཔལ་དུར་ཁྲོད་ཀྱི་བདག་པོའི་གཏོར་མ་པད་མ་ཟླུམ་པོ་སྟོད་ཟུར་གསུམ་རྣོ་བ་ལ་རྩེ་ཉི་ཟླ་ནོར་བུ་ཟུར་ལ་མེ་རི་སོགས་རྒྱན་ཅི་མཛེས་དམར་རྒྱན་གྱིས་བརྒྱན་པ་ལ་མདའ་གཙང་མ་དར་དཀར་པོས་བརྒྱན་པའི་སྟེང་དུ་དཔལ་དུར་ཁྲོད་བདག་པོའི་སྐུ་ཙ་ཀ་ལི་རབ་གནས་ཅན་བཏགས་པ་དང༌། གཏོར་མའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་རྣམས་བཤམ། རང་གི་མདུན་སྟེགས་ཀྱི་སྟེང་དུ་རྡོར་དྲིལ། ཌ་མ་རུ། ནང་མཆོད། འཐོར་ནས། སློབ་མ་ལ་དགོས་པའི་མཎྜལ་མེ་ཏོག་སོགས་དགོས་པའི་ཡོ་བྱད་

p. 684

མ་ཚང་བ་མེད་པ་འདུ་བྱ་བའོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལ་གཉིས་ཀྱི་དང་པོ་སློབ་དཔོན་གྱི་བྱ་བ་ནི། བདེ་མཆོག་ལ་སོགས་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བྱས་ལ་ཡི་དམ་གང་དགོས་པ་དང༌། གུར་ཞལ་གྱི་རྗེས་ལ་དུར་ཁྲོད་ཀྱི་བདག་པོ་འདི་ཉིད་ཀྱི་གཏོར་མ་ས་ལོ་ཐམས་ཅད་མཁྱེན་པའི་གཏོར་ཆོག་བཞིན་ཕུལ། གཞན་ཡང་ལས་མགོན་སོགས་གཏོར་མ་འབུལ་བའི་རིམ་པ་རང་རང་གི་ཕྱག་ལེན་བཞིན་ཕུལ་ཚར་བ་དང༌། གཉིས་པ་སློབ་མ་ལ་བྱ་བའི་རིམ་པ་ནི། སློབ་མ་རབ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་ཐོབ་པ། དེ་ལྟར་མིན་ན་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་དབང་ཐོབ་པ་བདུན་ལ་སོགས་པ་ཁྲུས་བྱས། ནང་དུ་འོང་དུས་ལས་ཀྱི་སློབ་མས་རོལ་མོ་དང༌། གུ་གུལ་གྱི་དུད་པས་བདུག སློབ་དཔོན་གྱིས་རྡོ་རྗེ་གསོར། དྲིལ་བུ་དྲག་ཏུ་དཀྲོལ་ཞིང༌། གོང་དུ་བདག་བསྐྱེད་གང་བྱས་ཀྱི་རྩ་སྔགས་བཟླས་ཤིང་བགེགས་བསྐྲད། སློབ་མ་རྣམས་གྲལ་ལ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། འོ་གནས་སྐབས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང༌། མཐར་ཐུག་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་འདིར་ཆོས་སྐྱོང་བའི་སྲུང་མ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་འདི་ནི་འཁོར་ལོ་བདེ་མཆོག་གི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་ཡིན་ཏེ། གསང་བ་སྙིང་གི་འཁོར་ལོའི་རྒྱུད་ཀྱི་གླིང་གཞི་ལས། དཔལ་ཧེ་རུ་ཀ་སྐྱེ་བ་མེད་པའི་ངང་ལས་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པ་སྤྲུལ་པ་ཡང་སྤྲུལ་དང་བཅས་ཏེ་དུར་ཁྲོད་ཆེན་པོའི་གནས་ན་དངོས་གྲུབ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་

p. 685

ཞུགས་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་ཧཱུྃ་ཕཊ། ཅེས་གསུངས་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་བརྒྱལ་བར་གྱུར་ཏོ། །བརྒྱལ་སངས་པ་དང༌། འཁོར་དེ་རྣམས་ཀྱི་ནང་ནས་དཔལ་དུར་ཁྲོད་ཀྱི་བདག་པོ་སྟན་ལས་ལངས་ཏེ་དཔལ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་པ། ཀྱཻ། གདུག་པ་འདུལ་མཛད་ཧེ་རུ་ཀ །བསྐལ་པ་སྙིགས་མ་ལྔ་ཡི་དུས། །གདུག་པ་ཅན་རྣམས་འཁྲུགས་པ་དང༌། །ས་བདག་ཀླུ་ཡི་ནད་རྣམས་དར། །མ་མོ་མཁའ་འགྲོ་འཁྲུགས་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང༌། །རང་བསགས་དངོས་པོ་སྤྱད་དབང་མེད། །ཕ་དང་བུ་བྲལ་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་འདི། །དཔའ་བོ་བདག་གིས་བསྲུང་བར་བྱ། །ཞེས་གསོལ་བ་དང༌། དཔལ་ཆེན་ཧེ་རུ་ཀས། ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཞེས་གསུངས་པ་དང༌། ཏདྱ་ཐཱ། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞེས་མདོངས་གསོལ་དང་བཅས་སྲོག་སྙིང་ཕུལ་ཞིང༌། དམ་ལ་བཏགས་པའི་སྲུང་མའི་དབང་པོ་ཁྱད་པར་ཅན་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་སུ་གནང་བ་སྒྲུབ་པ་ལ། དུས་ཁྱད་པར་ཅན་བཅུ་བཞི་རྣམ་པ་གཉིས། བརྒྱད་གཉིས་གང་ཡང་རུང་བ་ལ་བྱ་དགོས་ཤིང༌། དེ་ལ་སློབ་དཔོན་གྱི་བྱ་བ་ཡི་དམ་ལྷའི་བདག་བསྐྱེད་དང༌། ཡི་དམ་ཆོས་སྐྱོང་སྲུང་མ་རྣམས་ལ་གཏོར་མ་འབུལ་བ། ཁྱད་པར་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་ལ་མཆོད་གཏོར་འབུལ་བ་སོགས་ཕྱག་ལེན་བཞིན་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། བླ་མ་དང་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གཉིས་སུ་མེད་པ་ལ་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། དཀོན་མཆོག་གསུམ་

p. 686

དང་དབྱེར་མེད་ཅིང༌། །ཡི་དམ་ལྷ་ཡི་ངོ་བོ་ཉིད། །བླ་མ་དམ་པའི་ཐུགས་རྗེ་ཡི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་ཕྱིར་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་བརྗོད། དེ་ལྟར་རྒྱུད་དག་པར་བྱས་ནས་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་ཐོག་མར་སྐུའི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་དཔལ་འཁོར་བདེ་མཆོག་དངོས་ཡིན་སྙམ་དུ་གུས་འདུད་དྲག་པོ་དུང་པ་རེ་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། ཁྱེད་རང་རྣམས་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་མོས་པ་མཛོད། དེ་ལ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་ཞེས་བརྗོད་པའི་རྐྱེན་གྱིས་སྟོང་པར་བསམ། སྟོང་པའི་ངང་ལས་པྃ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པད་ཉི་ཟླ་བའི་གདན་གཉིས་ཀྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཀྱི་ངོ་བོ་ཧཱུྃ་དང་ཨྃ་ལས་དུང་དང་མགྲོན་བུ་ཧཱུྃ་དང་ཨྃ་གིས་མཚན་པ་སོགས་གཏོར་ཆོག་ལྟར་བསྐྱེད། སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས་སློབ་དཔོན་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨུ་རྒྱན་མཁའ་འགྲོའི་གླིང་དང༌། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ་ཐམས་ཅད་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྐུའི་རྣམ་པ་བསམ་

p. 687

གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ལས། དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྐུ་དཔག་ཏུ་མེད་པར་གྱུར་པ་སྦྱོར་མཚམས་ནས་ཕྱིར་འཐོན། ཁྱེད་རང་རྣམས་ཀྱི་ལུས་ཀྱི་བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པ་ལ་བརྟེན་ནས་སྐུའི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད། ཅེས་བརྗོད། གུ་གུལ་གྱིས་བདུག དྲིལ་བུ་སོགས་རོལ་མོ་བྱ། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། པྲ་ཝེ་ཤ་ཡ་ཧཱུྃ། ཨཱ་ཝེ་ཤ་ཡ་ཨཿ ཞེས་མང་དུ་བཟླས་པས། དེའི་རྗེས་གནང་ཐོབ་པས་གནས་སྐབས་སུ་ལུས་ཀྱི་བར་ཆད་ཐམས་ཅད་ཞི་ཞིང༌། མཐར་ཐུག་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྐུའི་བྱིན་རླབས་དང༌། ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། གསུང་གི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས་སློབ་དཔོན་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། ཨོ་རྒྱན་མཁའ་འགྲོའི་གླིང་དང༌། རང་བཞིན་གྱི་གནས་ནས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་གསུང་གི་རང་བཞིན་རྩ་སྔགས་ཡིག་འབྲུའི་རྣམ་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ལས་ཡི་གེ་ཨཱ་ལི་ཀཱ་ལི་དང༌། ཡུམ་གྱི་སྐུ་དཔག་ཏུ་མེད་པར་གྱུར་པ་སྦྱོར་མཚམས་ནས་ཕྱིར་འཐོན། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་སིབ་སིབ་ཐིམ་པ་ལ་བརྟེན་ནས་གསུང་གི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད། ཅེས་བརྗོད། སྔགས་དང་རོལ་མོ་བདུག་པ་རྣམས་གོང་བཞིན་བྱ། དེ་ནས་བཟླས་པའི་ལུང་གི་དོན་དུ་དམིགས་པ་འདི་བཞིན་

p. 688

མཛོད། ཁྱེད་རང་རྣམས་དང་སློབ་དཔོན་གཉིས་ཀ་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་ཐུགས་ཀའི་ཧྲཱིཿཡིག་ས་བོན་སྔགས་ཕྲེང་དང་བཅས་པ་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རང་རྣམས་དུར་ཁྲོད་བདག་པོ་ཡབ་ཡུམ་དུ་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་དང་པོ་ཐིམ། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛད་ནས། སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། དེ་ནས་ཁྱེད་རང་རྣམས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་བརླབས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་ནས་སློབ་མ་རྣམས་ལ་མེ་ཏོག་འཐོར། དེ་རྣམས་ཀྱིས་གསུང་གི་རྗེས་གནང་ཐོབ་པས། གནས་སྐབས་སུ་གསུང་གི་བར་ཆད་ཐམས་ཅད་ཞི་ཞིང༌། མཐར་ཐུག་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་གསུང་གི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། ཐུགས་ཀྱི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་

p. 689

གུས་འདུད་དྲག་པོ་བྱས་པས། སློབ་དཔོན་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། ཨོ་རྒྱན་མཁའ་འགྲོའི་གླིང་དང༌། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ་ཐམས་ཅད་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ཐུགས་ཀྱི་རང་བཞིན་ཕྱག་མཚན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ལས། ཕྱག་མཚན་གྱི་རྣམ་པ་གྲི་གུག་དང༌། རྡོ་རྗེ་དང༌། དབྱུག་པ་དང༌། ཐོད་པ་དང་དགྲ་སྟྭ་ལ་སོགས་པ་དཔག་ཏུ་མེད་པར་གྱུར་ཏེ། སྦྱོར་མཚམས་ནས་ཕྱིར་འཐོན། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་མཐོ་གང་ཙམ་དུ་ཅུང་ཟད་གནས་ཏེ། དེ་མ་ཐག་ཐུགས་ཀར་སིབ་སིབ་ཐིམ་པ་ལ་བརྟེན་ནས་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས་པའི་མོས་པ་མཛོད་བྱས་ལ། སྔགས་དང་རོལ་མོ་བདུག་པ་སོགས་འདྲ། དེས་ཐུགས་ཀྱི་རྗེས་གནང་ཐོབ་པས་གནས་སྐབས་སུ་སེམས་ཀྱི་བར་ཆད་ཐམས་ཅད་ཞི་ཞིང༌། མཐར་ཐུག་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཞུགས་པའི་མོས་པ་མཛོད། དེ་ནས་སྲོད་ཡིན་ན་གཏོར་མ་ལ་དཔལ་འབར་བཙུགས། ཉིན་མོ་ཡིན་ན་སྤོས་རེངས་བཙུགས། ལས་ཀྱི་རྡོ་རྗེ་སློབ་དཔོན་གྱི་ཕྱག་ཏུ་གཏོར་མ་ཕུལ། སློབ་དཔོན་གྱིས་མགོ་ཐོག་ཏུ་འཇོག་པ་དང༌། ཏིཥྛ་བཛྲ་ཧཱུྃ་ཨཱཿ ཧཱུྃ་ཨཱཿཏིཥྛ་བཛྲ་ཞེས་པ་དང༌། གཞན་རྣམས་ཀྱིས་རོལ་མོ་བདུག་པ་གོང་བཞིན་བྱ། ཐམས་ཅད་ཚར་བ་དང་གཏོར་མ་སྔར་ཤུལ་དུ་བཞག མཆོད་གཡོག་པས་གཏོར་མ་གསོས་ལ་སྦྱང༌། སློབ་དཔོན་གྱིས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས་ནས་གཏོར་སྔགས་གསུམ་གྱིས་ཕུལ། འབྲུ་གསུམ་གྱིས་ནང་མཆོད་ཕུལ་ལ། བདག་ཅག་གི་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་

p. 690

ཅན་སྐྱེ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཕྲིན་ལས་བཅོལ། སླར་གཏོར་མ་སློབ་དཔོན་གྱིས་བཟུང་ལ་དཔལ་འབར་སོགས་གོང་བཞིན། དེ་ནས་ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གསལ་བའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་དུ་བཞུགས་པ་ཡིན་སྙམ་དུ་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པས། རྩ་བའི་བླ་མས་བཀའ་བསྒོས་པ་བཞིན་དུ། བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་བཀའ་བསྒོས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། རཱ་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། མཁས་པ་བཻ་རོ་ཙ་ན། དཔལ་ཆེན་རྒྭ་ལོ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་སྒོམ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། ཡར་ཀླུང་པ་སེང་གེ་རྒྱལ་མཚན། བླ་མ་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་ཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། བླ་མ་སངས་རྒྱས་རྒྱལ་མཚན། འཇམ་མགོན་གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན། གནས་གསར་བ་ངག་དབང་ཀུན་དགའ་ནམ་མཁའ་

p. 691

ལེགས་པ་ལྷུན་གྲུབ། དྲིན་ཆེན་རྡོ་རྗེ་འཛིན་པ་ངག་དབང་ཆོས་འབྱོར་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱི་རྡོ་རྗེ་སློབ་མ་འདི་རྣམས་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག ཁྱད་པར་སངས་རྒྱས་མ་ཐོབ་ཀྱི་བར་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་བཅོལ་པ་ཐམས་ཅད་འབད་མེད་དུ་སྒྲུབ་པ་དང༌། དམ་ཚིག་རྗེས་སུ་དྲན་པར་མཛོད་ཅིག ཅེས་བསྒོ་ཞིང་ཕྲིན་ལས་སྒྲུབ་པར་བསམས་ལ། གཏོར་མ་སློབ་མ་རྣམས་ཀྱི་མགོ་ཐོག་ཏུ་བཞག་ཅིང༌། སློབ་མ་འདི་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། རོལ་མོ་བདུག་པ་གོང་བཞིན་བྱ། ཐམས་ཅད་ཀྱི་མགོ་ཐོག་ཏུ་བཞག་ཚར་བ་དང༌། གཏོར་མ་དུར་ཁྲོད་བདག་པོ་ཡབ་ཡུམ་དུ་གསལ་བ་འོད་དུ་ཞུ། སྤྱི་བོ་ནས་ཞུགས་སྙིང་གའི་ས་བོན་ལ་ཐིམ་པ་ལས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང༌། དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་མི་འབྲལ་ཞིང་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་རྣམས་ཀྱི་སྒོ་ནས་རྗེས་སུ་གནང་བ་ཟབ་མོ་ཐོབ་པས། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་ཏུ་མཎྜལ་འབུལ་བ། དེང་ནས་བརྩམས་ཏེ་སོགས་སྤྱི་འགྲོ། དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང་གསན་པས་རང་གཞན་གྱི་དོན་རྒྱ་ཆེ་བར་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད། སློབ་མ་རྣམས་རང་གནས་སུ་གཏང་ངོ༌། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཐུན་

p. 692

གཏོར་འབུལ་དགོས་ན་ཕུལ། དེ་ནས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་པ་ལ་བརྟན་བཞུགས། རྟེན་མེད་པ་ལ་གཤེགས་གསོལ། གུར་ལྷ་བརྒྱད་ཀྱི་སྐུ་མེད་ན་ལྷ་བརྒྱད་རང་གི་སྙིང་གར་བསྡུ། གནས་གསུམ་བསྲུང་བ་གོ་བགོ་བ་སོགས་བདག་བསྐྱེད་དང་བསྟུན་ལ་བྱ། དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་གནང་བྱ་ཚུལ་གསལ་བར་བཀོད་པ་འདི་ནི་རང་གི་དྲན་པ་གསོ་བ་དང༌། རིགས་ཀྱི་བུ་ངག་དབང་བསོད་ནམས་སྤུན་དང༌། ཆོས་ཚུལ་འདི་ལ་དད་པ་རྣམས་ལ་ཕན་པའི་བསམ་པས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ས་ལོ་འཇམ་པའི་རྡོ་རྗེའི་གསུང་རྒྱུན་ཕྱག་ལེན་གྱིས་བརྒྱན་ཏེ། སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་ལྡན་པ་ངག་དབང་དཔལ་འབྱོར་ག་ཆེན་ནོ།། །།མངྒ་ལཾ།། །།

འཕགས་པ་ཚོགས་བདག་དཀར་པོ་ཇོ་བོ་ལུགས་ཀྱི་རྗེས་གནང་བྱ་ཚུལ་གསལ་བ་ཞིག

p. 693
p. 694

འཕགས་པ་ཚོགས་བདག་དཀར་པོ་ཇོ་བོ་ལུགས་ཀྱི་རྗེས་གནང་བྱ་ཚུལ་གསལ་བ་ཞིག་བཞུགས་སོ།།

p. 695

ན་མོ་ལོ་ཀེ་ཤྭ་རཱ་ཡ། ཚོགས་བདག་དཀར་པོའི་རྗེས་གནང་བྱ་བར་འདོད་པས། སྐར་མ་རྒྱལ་གྱི་དུས་སུ་གནས་དབེན་པར་རྡུལ་ཚོན་གྱི་ས་གཞི་གྲུ་བཞིའི་དབུས་སུ་པདྨ་འདབ་བརྒྱད་དཀར་པོ་བྲིས་པའམ། མཎྜལ་ལ་ཚོམ་བུ་གཅིག་དགོད། སྐུ་ཡང་བཞུགས་སུ་གསོལ། མཐར་མཆོད་པས་བསྐོར། གཏོར་མ་རྒྱན་ལྡན་ཆེ་བ་གཅིག་བཤམ། རང་ཁ་བྱང་དུ་ཕྱོགས་ལ་སྟན་བདེ་བ་ལ་འདུག་སྟེ། རྡོ་རྗེ་མཁའ་འགྲོ་ནས་འབྱུང་བའི་འབྱུང་འདུལ་གྱི་བསྒོམ་བཟླས་ཚོགས་བདག་དམར་ཆེན་གྱི་སྐབས་ལྟར་བྱ་བར་གསུངས་པས། མཆོད་པ་བྱིན་རླབས་དང༌། སྐྱབས་སེམས་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་འབྱུང་པོ་འདུལ་བྱེད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་དང་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བྷཱུ་ཏ་ཌཱ་མ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། ཨོཾ་ཤཱུ་ནྱ་

p. 696

ཏཱ་སོགས་ནས་ཧཾ་ཞེས་བརྗོད་པས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་གྱུར། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ། པཾ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་རྡོ་རྗེ་བ་དན་རྩེ་གསུམ་དང་ལྡན་པ་དང༌། གཡོན་དང་པོས་ཐོད་ཁྲག་ལྕང་ལོ་དང་ལྡན་པ་ཐུགས་ཀར་འཛིན་པ། འོག་མ་གཉིས་མདའ་གཞུ་རྒྱབ་ནས་འགེངས་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། ཧ་ཧའི་གད་རྒྱང་གིས་སུམ་ཅུ་རྩ་གསུམ་ལ་སོགས་པའང་འཇིགས་པར་མཛད་པ། སྨ་ར་དང་སྨིན་མ་དང་དབུ་སྒྲ་སེར་པོ་གྱེན་དུ་

p. 697

བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། མི་རོའི་སྟེང་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་མོས་ལ་ཚོགས་ཞིང་གི་སྐབས་ལྟར་མཆོད། འབར་བའི་སྐུ་ཅན་ཉི་མ་འབུམ་གྱི་གཟི། །དཔའ་བོའི་སྟངས་སྟབས་ཞབས་ཀྱིས་ས་འོག་གཡོ། །རབ་ཏུ་ཁྲོས་པའི་ཁྲོ་གཉེར་གློག་སྟོང་འཁྱུག །དཔལ་ཆེན་འབྱུང་པོའི་དགྲ་ལ་ཕྱག་འཚལ་ལོ། །བཞད་པའི་ང་རོས་སུམ་ཅུ་རྩ་གསུམ་འཇིགས། །ཀུན་ཏུ་ཐོགས་མེད་གདུག་པའི་མཚོན་ཆ་བསྣམས། །སྙིང་རྗེའི་དབང་གིས་ཞི་ཞིང་འགྲོ་ལ་བརྩེ། །དངོས་གྲུབ་སྩོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ནང་མཆོད་བྱིན་གྱིས་བརླབས་ལ་ཨོཾ་ཨཱཿཧཱུྃ་གིས་མྱང༌། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས།

p. 698

གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པར་བསམས་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧུྃ་ཧཱུྃ་ཕཊ། བརྒྱ་རྩ་ལ་སོགས་པ་བཟླས་པའི་མཐར་འདོད་པའི་དོན་ལ་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ། དེ་ནས་མདུན་གྱི་ཚོམ་བུ་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། གཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ་མདོག་དཀར་པོ་གླང་པོ་ཆེའི་ཞལ་ཅན། ཕྱག་བཞི་པ་གཡས་དང་པོས་ལ་ཕུག་ལོ་མ་དང་བཅས་པ། གཉིས་པས་དགྲ་སྟྭ། གཡོན་གྱི་དང་པོས་ཀ་པཱ་ལ་ནོར་བུས་གང་བ། གཉིས་པས་རྩེ་གསུམ་རྣམས་འཛིན་པ། གསུས་ཁྱིམ་ཆེ་ཞིང་མིའུ་ཐུང་གི་གཟུགས་ཅན་ཟླ་ཚེས་ཀྱི་ཅོད་པན་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། བྱི་བ་སྔོན་པོའི་གདན་ལ་ཕྱེད་ཀྲུང་གིས་བཞུགས་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་སྟེང་དུ་གཿཡིག་ཤེལ་དཀར་པོ་ལྟར་འོད་འཕྲོ་བ་དེ་ལས་འོད་འཕྲོས་པས་རི་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷ་ཆེན་ཚོགས་ཀྱི་བདག་པོ་ནོར་ལྷའི་འཁོར་གྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ཧཱ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་བསྟིམ། གླང་པོའི་ཕྱག་རྒྱ་དམ་ཚིག་གི་ཕྱག་རྒྱར་བསྟན་ལ་སྔགས་གསུམ་པོ་ལན་གཅིག་བརྗོད། དེ་ནས་མཆོད་པ་བྱིན་གྱིས་བརླབས་ནས་མཚན་སྔགས་རེ་རེ་

p. 699

བཞིན་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་ཤབྡས་མཆོད་ལ། རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཚོགས་རྗེ་ཚོགས་དབང་ཚོགས་ཀྱི་བདག །བགེགས་ཀྱི་གཙོ་ལ་མཆོད་ཅིང་བསྟོད། །མེ་ཏོག་ལ་སོགས་མཆོད་པ་དང༌། །ལ་དུ་ལ་སོགས་མཐུན་རྫས་ཀྱིས། །བགེགས་རྒྱལ་ཚོགས་བདག་འཁོར་བཅས་མཆོད། །དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །ཞེས་པས་བསྟོད། གཏོར་མ་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ཨོཾ་ཞུ་བ་ལས་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་བྷྲཱུྃ་ག་ཎ་པ་ཏི་ཡེ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་སོགས་ནས་བ་ལིཾ་ཏེ་སྭཱ་ཧཱ། ལན་གསུམ་མམ་ལྔས་ཕུལ་ལ་མཆོད་བསྟོད་འདོད་དོན་གསོལ་གདབ་བྱ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་ཀྱི་ཚོགས་བདག་འཁོར་བཅས་ལ་ཕོག་པས་དེའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། ཁམས་གསུམ་གྱི་འགྲོ་བ་ཟས་ནོར་ཐམས་ཅད་དབང་དུ་བསྡུས་ནས་རང་ལ་ཐིམ་ཞིང་གདོན་བགེགས་བར་ཆད་ཐམས་ཅད་ཞི་བར་བྱས་པར་བསམས་ལ། ཨོཾ་ཝ་ར་ཏ་ཀ་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཝ་ཀ་ཏེ་ཀ་དཥྚཱི་བྷིནྡྷ་ཧཱུྃ་ཕཊ། སྙིང་པོའོ། །ཨོཾ་བྷྲཱུྃ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། མཚན་སྔགས་ཏེ་བསྙེན་པ་བྱེད་ན་གསུམ་ག་ལ་འབུམ་ཕྲག་གསུམ་རེ་བཟླ་བར་གསུངས་ལ། འདིར་ཅི་ནུས་བཟླས་པའི་མཐར་དཔལ་ཚོགས་ཀྱི་བདག་པོས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། དེ་ནས་རྗེས་གནང་ཞུ་བར་འདོད་པའི་སློབ་མ་ཇི་ལྟར་རིགས་པ་གྲལ་ལ་འཁོད་པ་ལ་

p. 700

མེ་ཏོག་བཀྲམ་བསྡུ་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་གནང་ཟབ་མོ་ཞུ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་ཆོས་ལྡན་གྱི་འཚོ་བས་མི་ཕོངས་པར་བྱ་བའི་ཕྱིར་ནོར་ལྷ་ཁྱད་པར་དུ་འཕགས་པ་དཔལ་ཚོགས་ཀྱི་བདག་པོ་ཞེས་བྱ་བ་འདི་ཉིད་ལ་རིགས་མང་དུ་ཡོད་པ་ལས། ད་རེས་འདིར་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་བཀའ་གདམས་ལུགས་ཀྱི་ཚོགས་བདག་དཀར་པོའི་རྗེས་གནང་ཟབ་མོ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་ལ་དཔལ་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པའི་སྒོ་ནས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གཙོ་བོ་བདག་ལ་དགོངས་སུ་གསོལ། །ལྷ་ཆེན་ཚོགས་ཀྱི་བདག་པོ་ཡི། །ལྷ་ཡི་དཔལ་ནི་ཐོབ་བྱའི་ཕྱིར། །བདག་ལ་བཀའ་དྲིན་གནང་བར་མཛོད། །རྒྱུད་དག་པར་བྱ་བའི་ཕྱིར་དུ་རྒྱུན་བཤགས་བྱ་དགོས་པས་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔལ་ཚོགས་ཀྱི་བདག་པོ་སོགས་ཆོས་སྐྱོང་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་སྤྲིན་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་བརྗོད། དེ་ནས་རྗེས་གནང་དངོས་ལ། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ། ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་རྣམས་སུ་ཡོད་པ་ལས། སྐུའི་རྗེས་སུ་གནང་བའི་དོན་དུ་དམིགས་

p. 701

པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པའི་མོས་པ་མཛོད། ཨོཾ་སྭ་བྷཱ་ཝ་སོགས་བརྗོད། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་གཿཡིག་ཤེལ་དཀར་པོ་དྲི་མ་མེད་པ་ལྟ་བུར་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་ཚོགས་ཀྱི་བདག་པོ་ཞེས་པ་ནས་ཛཿཧཱུྃ་བཾ་ཧོཿས་བསྟིམ་པའི་བར་མདུན་བསྐྱེད་ལྟར་བྱ། དེ་བརྟན་པར་བྱ་བའི་ཆེད་དུ་ཚོགས་བདག་གི་སྐུ་སློབ་མའི་སྤྱི་བོར་བཞག་ཅིང༌། བུ་འདི་དཀྱིལ་འཁོར་ཆེན་པོ་རུ། །སྔོན་དུ་ལེགས་པར་ཞུགས་ཟིན་གྱི། །ལྷ་ཆེན་འདི་ལ་དགོངས་སུ་གསོལ། །ལྷ་ཆེན་འདི་ལ་སྩལ་ལགས་ཀྱི། །ལྷ་ཆེན་འདི་ལ་བརྟན་བཞུགས་ནས། །ལྷ་ཡི་དཔལ་ནི་སྩལ་དུ་གསོལ། །འདི་ལ་བགེགས་ནི་མེད་པར་མཛོད། །ཨོཾ་མ་ཧཱ་ག་ཎ་པ་ཏི་ཀཱ་ཡ་སིདྡྷི་ཨོཾ། ཞེས་བརྗོད། སྐུ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཁྱེད་རང་རྣམས་ལ་ཐིམ་པས། ལུས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱས། སྐུའི་རྗེས་གནང་ཐོབ་པའི་མོས་པ་མཛོད། གསུང་གི་རྗེས་སུ་གནང་བའི་དོན་དུ་སློབ་དཔོན་གྱི་ཐུགས་ཀར་ལྷ་ཆེན་ཚོགས་ཀྱི་བདག་པོ་བཞུགས་པར་དམིགས། དེའི་ཐུགས་ཀར་གཿཡིག་དཀར་པོའི་མཐར་སྔགས་ཕྲེང་ལས་བཞི་གང་སྒྲུབ་པའི་ཁ་དོག་ཅན་གྱིས་བསྐོར་བ་ལས། སྔགས་ཕྲེང་འོད་ཟེར་འཕྲོ་བ་དང་བཅས་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷ་ཆེན་ཚོགས་ཀྱི་བདག་པོར་གསལ་བའི་སྣ་ནས་ཞུགས། སྙིང་གའི་ས་བོན་གྱི་མཐར་ལན་དང་པོས་འཁོད། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བསམས་ལ། སྔགས་གསུམ་པོའི་རྗེས་ཟློས་ལན་གསུམ་བྱ། དེ་བརྟན་པར་བྱ་བའི་ཕྱིར་ནང་མཆོད་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་དེ་ནས་སློབ་མ་ལ་

p. 702

བྱིན་ལ། ལྷ་ཆེན་དགྱེས་པའི་དམ་ཚིག་འདི། །དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་ཏེ། །བཏུང་བ་རིན་པོ་ཆེ་འདི་ནི། །གསང་བའི་དངོས་གྲུབ་རྫས་སུ་བསྔགས། །དཔལ་དང་གཟི་བརྗིད་བསྐྱེད་པའི་ཕྱིར། །བུ་ཁྱོད་ཀྱིས་ནི་མྱང་བར་གྱིས། །ཨོཾ་མ་ཧཱ་ག་ཎ་པ་ཏི་ཝཱཀ་སིདྡྷི་ཨཱཿཞེས་བརྗོད། དེ་ལྟར་བྱས་པས་ངག་གི་བར་ཆད་ཞི་བར་བྱས། གསུང་གི་རྗེས་གནང་མ་ལུས་པ་ཐོབ་པའི་མོས་པ་མཛོད། དེ་ནས་ཐུགས་ཀྱི་རྗེས་གནང་གི་དོན་དུ། སློབ་དཔོན་གྱི་ཐུགས་ཀའི་ལྷ་ཆེན་ཚོགས་ཀྱི་བདག་པོ་ལས་དེ་འདྲ་བ་ཞིག་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད། དེ་བརྟན་པར་བྱ་བའི་དོན་དུ་མེ་ཏོག་གཏོར་ཞིང༌། ལྷ་ཆེན་མཁའ་འགྲོ་མ་ཡི་ཚོགས། །འདི་ཡི་རྗེས་སུ་འཇུག་པར་མཛོད། །འདི་ཡི་རྗེས་སུ་ཞུགས་ནས་ཀྱང༌། །བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབ། །ཨོཾ་མ་ཧཱ་ག་ཎ་པ་ཏི་ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེ་ལྟར་བྱས་པས་སེམས་ཀྱི་བར་ཆད་ཞི་བར་བྱས། ཐུགས་ཀྱི་རྗེས་གནང་མ་ལུས་པ་ཐོབ་པའི་མོས་པ་མཛོད། དེ་ནས་ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ལ། སློབ་དཔོན་གྱིས་གཏོར་མ་ལག་ཏུ་བཟུང་ནས། གཏོར་མ་འདི་ཉིད་དཔལ་ཚོགས་ཀྱི་བདག་པོར་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང༌། མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་ཀྱིས་བསྐོར་ནས་སྤྲིན་གཏིབས་པ་བཞིན་བཞུགས་པ་ལ། རྩ་བའི་བླ་མས་བཀའ་བསྒོས་པའི་དུས་སུ་བརྒྱུད་པའི་བླ་མ་རྣམས་ཀྱིས་བཀའ་བསྒོས་པས། དཔལ་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་ཁྱེད་རང་རྣམས་ལ་འབྲལ་མེད་དུ་བཞུགས་ནས་ཁམས་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛད་པ་ཡིན་སྙམ་པའི་མོས་པ་མཛོད། དཔལ་ཕྱག་ན་རྡོ་རྗེ། ཇོ་བོ་ཆེན་པོ། དཔལ་ལྡན་དགོན་པ་བ། སྤྱན་སྔ་ཚུལ་ཁྲིམས་འབར།

p. 703

སྤྲུལ་སྐུ་བྱ་ཡུལ་བ། གཙང་པ་རིན་པོ་ཆེ། ཕ་སངས་རྒྱས་སྒོམ་པ་བ། ཟེམ་རིན་པོ་ཆེ། ཁམས་པ་ལུང་པ། སངས་རྒྱས་ཇོ་བོ། སངས་རྒྱས་སྟོན་པ། སངས་རྒྱས་སྒོམ་པ་གསར་མ། རིན་པོ་ཆེ་བཅུ་བཞི་པ། རིན་པོ་ཆེ་ཚེས་བཅུ་པ། སྤྱན་སྔ་གྲགས་ཤེ་བ། ལོ་པ་ཚུལ་དར། རིན་ཆེན་བསོད་ནམས་ལྷའི་དབང་པོ། རྒྱལ་སྲས་ངག་དབང་ཆོས་གྲགས། རྩ་བའི་བླ་མའི་བར་གྱི་བླ་མ་དམ་པ་རྣམས་དང༌། དཔལ་ཕྱག་ན་རྡོ་རྗེའི་བཀའ་ལས་མ་འདའ་བར་ལྷ་ཆེན་པོ་ཁྱོད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགལ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བ་དང༌། ཁམས་གསུམ་དབང་དུ་བསྡུས་ནས། ཟས་གོས་ལོངས་སྤྱོད་ཐམས་ཅད་ལ་ཕོངས་པ་མེད་ཅིང༌། དེས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཕྲིན་ལས་མཛོད། ཅེས་བརྗོད་ཅིང༌། གཏོར་མ་མགོ་ཐོག་ཏུ་བཞག་ལ་སྔགས་རྣམས་ཀྱི་མཐར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་ཧཱུྃ་ཞེས་པ་དང༌། གཏོར་མ་ལྷ་ཆེན་པོར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་པ་མཛོད་བྱས་ནས་གཏོར་མ་ནས་ཅུང་ཟད་བཅད་དེ་སློབ་མ་རྣམས་ལ་སྦྱིན་ནས་ཟར་གཞུག དེ་བརྟན་པར་བྱ་བའི་ཕྱིར། འདི་ཡིས་ཁམས་གསུམ་མ་ལུས་པ། །དབང་དུ་སྡུད་པར་བྱེད་པ་ཡི། །རྟགས་སུ་དབང་གི་ཐིག་ལེ་གདབ། །དབང་གི་རྒྱ་འདིས་བརྒྱན་པར་གྱིས། །གཿབརྒྱད་དང་སརྦ་རཏྣ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་གིའུ་ཝང་དང་ཙནྡན་དམར་པོའི་ཕྱེ་མས་སློབ་མའི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ཐིག་ལེ་བྱ། དེས་རྗེས་གནང་མ་ལུས་པ་ཐོབ་ནས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། གཙོ་བོས་སོགས། མཎྜལ། དེང་ནས་བརྩམས་ཏེ་སོགས་སྤྱི་འགྲོ་ལྟར་རོ། །དེ་ནས་སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོ། བྱིན་རླབས་བྱས་ལ། ཨོཾ་བྷྲཱུྃ་

p. 704

ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པས་བསྟོད། དཔལ་ཚོགས་ཀྱི་བདག་པོས་བདག་དང་སེམས་ཅན་ཐམས་ཅད་ཆོས་དང་ལྡན་པའི་འབྱོར་པ་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་བ་གདབ། ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་སོགས་ནོངས་པ་བཟོད་པར་གསོལ། སྐུ་ལ་བརྟན་བཞུགས་བྱ། རང་གནས་བསྲུང༌། དགེ་བ་བསྔོ་ཞིང་ཤིས་པ་བརྗོད། ལས་རྗེས་བསྡུའོ། །ཞེས་པ་འདི་ནི་བཅོ་བརྒྱད་ཆོས་རྗེའི་བཀས་བསྐུལ་ནས། དགེ་སློང་ཤེའུ་ལོ་ཙཱ་བས་ཡིག་རྙིང་ལ་ཞིབ་ཏུ་བརྟགས་ནས་བཀོད་པ་ཡིན་ལ། འདིར་མི་གསལ་བ་གཞན་ནས་རིགས་འགྲེ་སྦྱར་བ་ལ། སླད་ནས་ཡིག་ཆ་གསལ་བ་དང༌། ཕྱག་ལེན་ཁུངས་ཐུབ་མཐོང་ན་དཔྱད་པར་བྱའོ། །འདིས་འགྲོ་བ་མང་པོ་ལ་ཕན་པར་གྱུར་ཅིག བརྒྱུད་པའི་ཁ་སྐོང་ནི། རྒྱལ་སྲས་ངག་དབང་ཆོས་གྲགས་ནས། ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ཀུན་དགའ་མཁས་གྲུབ་དབང་པོ། རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། དེས་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལའོ།། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

Pecha page