← Search

སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།

བློ་གཏེར་དབང་པོ། བློ་བཟང་བསྐལ་བཟང་རྒྱ་མཚོ། བློ་གསལ། ཀུན་དགའ་བཟང་པོ། དགེ་ལེགས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། ངག་དབང་ལེགས་གྲུབ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཚུལ་ཁྲིམས་རིན་ཆེན། ཐང་སྟོང་རྒྱལ་པོ། དངུལ་ཆུ་ཐོགས་མེད།

ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ།

p. 1

ཨདྷིཥྛཱནཀཱམདྷེནུརྤནྠོགམྦྷཱིརགུརོརྻོགནཱམབིཧརཏིསྨ།།
ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།

p. 2

བླ་མ་ཡི་དམ་ཞི་ཁྲོ་ཡི། །རྣམ་པར་ཤར་ལ་གུས་བཏུད་ནས། །དེ་ཉིད་མཉེས་པར་བྱེད་པ་ཡི། །མཆོད་ཆོག་སྙིང་པོར་དྲིལ་ཏེ་བཀོད། །དེ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བླ་མའི་རྣལ་འབྱོར་ལ་བརྟེན་ནས་འགྲུབ་པར་མདོ་རྒྱུད་རྣམས་ལས་མང་དུ་གསུངས་པའི་དོན་ཉམས་སུ་ལེན་པ་ལ་གསུམ་སྟེ། སྦྱོར་དངོས་རྗེས་སོ། །དང་པོ་ནི། རྩ་བའི་བླ་མ་ཡི་དམ་གང་གི་རྣམ་པར་བསྐྱེད་པ་དེའི་དབང་བྱིན་རླབས་རྗེས་གནང་སོགས་ཐོབ་ཅིང་དམ་ཚིག་དང་སྡོམ་པར་གནས་པའི་གང་ཟག་གིས་གནས་དབེན་པར་བྱི་དོར་བྱས་པའི་དབུས་སུ། ཤར་རམ་ལྷོར་ཕྱོགས་པའི་སྟེགས་བུའི་དབུས་སུ་བླ་མའི་སྐུ་འབག་སོགས་དཀོན་མཆོག་གི་རྟེན་གསུམ་བཞུགས་པའི་སྤྱན་སྔར། འོག་ཏུ་ཇི་ལྟར་དགོས་པའི་མཆོད་གཏོར་རྣམས་ཚང་བར་བཤམས་ནས་སྒྲུབ་པ་པོ་བསམ་གཏན་གྱི་སྤྱོད་ལམ་གྱིས་སྟན་བདེ་བར་འཁོད། གཉིས་པ་དངོས་གཞི་ལ། གནས་དང་མཆོད་པ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་

p. 3

ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས། སྐྱབས་ཡུལ་གསལ་གདབ་པ་ནི། རང་ཉིད་གནས་པའི་ས་ཕྱོགས་དེར་སྲུང་འཁོར་གཞལ་ཡས་ཁང་ཕྱི་བལྟས་ནང་གསལ། ནང་བལྟས་ཕྱི་གསལ་བའི་ཞིང་ཁམས་སུ་བསྒོམ། རང་ཉིད་ཐུན་མཚམས་ཀྱི་ལྷ་གང་རུང་དུ་བསམས་པ་ནི། ལྷ་ལ་ལྷས་མཆོད་པ་ཡིན་པས་ཚོགས་མྱུར་དུ་རྫོགས་པའི་རྟེན་འབྲེལ་ཡིན་ནོ། །གཞལ་ཡས་ཁང་གི་དབུས་སུ་སེང་གེའི་ཁྲི་སྣ་ཚོགས་པདྨ་བསམས་ལ། ཀྱེ་རྡོར་ལྟ་བུར་མཚོན་ན། ཉི་མ་བདུད་བཞིའི་གདན་གྱི་སྟེང་དུ་ཀྱེ་རྡོ་རྗེ་ཞལ་བརྒྱད་པ་ཡུམ་དང་བཅས་པ། བླ་མ་རིགས་བདག་གི་ཚུལ་དུ་བཞུགས་པ་སངས་རྒྱས་སྤངས་རྟོགས་ཀྱི་སྟོན་པ། ཨཱ་ལི་ཀཱ་ལི་སོགས་དངོས་སུ་ཤར་བ་ཆོས། འཁོར་

p. 4

ལྷ་མོ་རྣམས་དགེ་འདུན་དང༌། མཐའ་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས། ཆོས་སྲུང་ནོར་ལྷའི་ཚོགས་སྤྲིན་བཞིན་དུ་འདུས་པར་བསམ། དུས་འཁོར་ལ། པདྨ་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་དུས་ཀྱི་འཁོར་ལོ་ཞལ་བཞི་ཕྱག་ཉེར་བཞི་ཡུམ་དང་བཅས་པ། བདེ་མཆོག་ལ། པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ། གསང་འདུས་པད་ཉིའི་སྟེང་དུ་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ། འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་རང་འོད་ཀྱི་ཡུམ། འཇིགས་བྱེད་ཞལ་དགུ་ཕྱག་སུམ་ཅུ་རྩ་བཞི་པ། ཚར་ལུགས་ལྟར་ན་ཡུམ་དང་བཅས་པ། མཁའ་སྤྱོད་མ་པད་ཉི་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཞལ་གཅིག་ཕྱག་གཉིས་མ། བདེ་དགྱེས་གསང་གསུམ་སོགས་དཔའ་གཅིག་ཐམས་ཅད་ལའང་ཞལ་གཅིག་ཕྱག་གཉིས་པ་དང༌། གཞན་ཡང་རྩ་བའི་བླ་མ་རང་ཡི་དམ་གང་ལ་མོས་པ་དེའི་རྣམ་པར་བསྒྱུར་ནས་སྒོམ་ཤེས་པར་བྱའོ། །གང་ལྟར་རུང༌། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའ་ཡི། །མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པ། །དུས་འདི་ནས་ནི་བྱང་ཆུབ་མ་ཐོབ་བར། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །གཅིག་ཏུ་བསྡུས་པ་སངས་རྒྱས་ཀུན་གྱི་དངོས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་མངའ་བདག་ཆེ། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །སྤངས་རྟོགས་མཐར་ཕྱིན་སྟོན་པ་སངས་རྒྱས་ལ། །སྒོ་གསུམ་གུས༴ ལུང་རྟོགས་བདག་ཉིད་བསྟན་པ་དམ་ཆོས་ལ། །སྒོ་གསུམ༴ རྒྱལ་སྲས་བསྟན་འཛིན་འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་

p. 5

ཅི་མང་བརྗོད་པའི་མཐར། ཐལ་མོ་སྙིང་གར་སྦྱར་ལ། བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེ། །རྣམ་པ་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཁྱེད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་ལོངས་པར༴ ལམ་གྱི་འཁྲུལ་པ་ཞི་བར༴ འཁྲུལ་སྣང་དབྱིངས་སུ་འཆར་བར༴ ཆོས་མིན་རྣམ་རྟོག་འགག་པར༴ བྱམས་དང་སྙིང་རྗེ་སྐྱེ་བར༴ བྱང་ཆུབ་སེམས་གཉིས་འབྱོང་པར༴ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་ལན་གཅིག་དང༌། མར་གྱུར་འགྲོ་རྣམས་སྲིད་ལས་བསྒྲལ་བའི་ཕྱིར། །བདག་གིས་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ། །དེ་ཡི་ཆེད་དུ་སངས་རྒྱས་ཀུན་གྱི་ལམ། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གསུམ། ཆོས་དབྱིངས་འོད་གསལ་ཆེན་པོའི་དཀྱིལ་འཁོར་དུ། །འཇིགས་མེད་སེང་གེས་བཏེག་པའི་རིན་ཆེན་ཁྲི། །སྣ་ཚོགས་ཆུ་སྐྱེས་ཉིན་བྱེད་དཀྱིལ་འཁོར་དབུས། །ཚངས་དབང་ཁྱབ་འཇུག་དྲག་པོ་བརྩེགས་པའི་སྟེང༌། །འཁོར་ལོའི་མགོན་པོ་དྲིན་ཅན་ཆོས་ཀྱི་རྗེ། །རྩ་བའི་བླ་མ་དགེས་པའི་རྡོ་རྗེའི་སྐུ། །ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་ཞབས་བཞི་པ། །བདག་མེད་ཡུམ་དང་རོལ་པའི་གར་གྱིས་བཞུགས། །དུས་འཁོར་ལ། པདྨ་ཟླ་བ་ཉི་མ་སྒྲ་གཅན་སྟེང༌། །རྩ་བའི་བླ་མ་དུས་ཀྱི་འཁོར་ལོའི་སྐུ། །ཞལ་བཞི་ཉེར་བཞིའི་ཕྱག་ཅན་ཟུང་གི་ཞབས། །སྣ་ཚོགས་ཡུམ་དང་རོལ་པའི་གར་གྱིས་བཞུགས། །བདེ་མཆོག་ལ། པདྨ་ཉི་མ་འཇིགས་བྱེད་དུས་མཚན་སྟེང༌། །རྩ་བའི་བླ་མ་འཁོར་ལོ་བདེ་མཆོག་སྐུ། །ཞལ་བཞི་བཅུ་གཉིས་ཕྱག་ཅན་ཞབས་བཞི་པ། །ཕག་མོ་ཡུམ་དང་རོལ་པའི་གར་གྱིས་བཞུགས། །འཇིགས་བྱེད་ལ། པདྨ་ཉི་མ་ཚངས་སོགས་བསྒྱེལ་བའི་སྟེང༌། །རྩ་བའི་བླ་མ་རྡོ་རྗེ་འཇིགས་བྱེད་སྐུ། །ཞལ་དགུ་ཕྱག་ནི་སུམ་ཅུ་རྩ་བཞི་པ། །བཅུ་དྲུག་ཞབས་ཅན་ཡུམ་དང་རོལ་པས་བཞུགས། །

p. 6

གསང་འདུས་ལ། སྣ་ཚོགས་ཆུ་སྐྱེས་ཉིན་བྱེད་དཀྱིལ་འཁོར་སྟེང༌། །རྩ་བའི་བླ་མ་གསང་བ་འདུས་པའི་སྐུ། །ཞལ་གསུམ་དྲུག་གི་ཕྱག་ཅན་ཞབས་གཉིས་པ། །རེག་བྱ་རྡོ་རྗེ་མ་དང་མཉམ་སྦྱོར་བཞུགས། །གསང་འདུས་གཞན་གཉིས་ལ་ཡུམ་ཁ་བསྒྱུར། མཁའ་སྤྱོད་མ་ལ། པདྨ་ཉི་མ་འཇིགས་བྱེད་དུས་མཚན་སྟེང༌། །རྩ་བའི་བླ་མ་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །འཇིགས་བྱེད་དུས་མཚན་སྟེང་ན་གར་གྱིས་བཞུགས། །གཞན་ཡང་བདེ་དགྱེས་གསང་གསུམ་དཔའ་གཅིག་གིས་མཚོན་པའི་རྩ་བའི་བླ་མ་རང་གང་ལ་མོས་པའི་ཡི་དམ་གྱི་རྣམ་པར་བསྒྱུར་ཤེས་པར་བྱའོ། །གང་དེའི་དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ། པད་ཉིའི་སྟེང་ན་འོད་དང་གཟི་བརྗིད་འབར། །གཟུགས་ཕུང་རྣམ་སྣང་ཚོར་ཕུང་རིན་ཆེན་འབྱུང༌། །འདུ་ཤེས་སྣང་མཐའ་འདུ་བྱེད་དོན་ཡོད་གྲུབ། །རྣམ་ཤེས་མི་བསྐྱོད་ཀུན་འདུས་རྡོ་རྗེ་འཆང༌། །ས་ཁམས་སྤྱན་མ་ཆུ་ཁམས་མཱ་མ་ཀཱི། །མེ་ཁམས་གོས་དཀར་རླུང་ཁམས་དམ་ཚིག་སྒྲོལ། །ནམ་མཁའ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །འདྲེན་བྱེད་ས་སྙིང་སྒྲ་འཛིན་གསང་བའི་བདག །དྲི་འཛིན་ནམ་སྙིང་རོ་འཛིན་སྤྱན་རས་གཟིགས། །སྐུ་ལུས་སྒྲིབ་སེལ་ཡིད་དབང་འཇམ་པའི་དབྱངས། །ཚིགས་མཚམས་ཀུན་བཟང་རྩ་རྒྱུས་བྱམས་པ་མགོན། །ཕྱག་གཡས་དུས་དགྲ་གཡོན་པ་གཞན་མི་ཐུབ། །ཞལ་སྒོ་རྟ་མགྲིན་རྡོ་རྗེ་བདུད་རྩི་འཁྱིལ། །དཔུང་གཡས་མི་གཡོ་གཡོན་པ་འདོད་པའི་རྒྱལ། །པུས་གཡས་དབྱུག་སྔོན་ཅན་དང་གཡོན་སྟོབས་ཆེན། །སྤྱི་གཙུག་འཁོར་སྒྱུར་ཞབས་མཐིལ་གནོད་མཛེས་རྒྱལ། །ཟག་མེད་ཡུལ་རྣམས་གཟུགས་སྒྲ་དྲི་རོ་དང༌། །རེག་དང་ཆོས་ཁམས་རྡོ་རྗེ་ལྷ་མོ་ཡི། །ངོ་བོར་བཞུགས་པ་རྩ་བའི་བླ་མ་མཆོག །གཞན་ཡང་དེ་མཐར་བརྒྱུད་པའི་བླ་མ་དང༌། །ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས། །ཉན་ཐོས་རང་རྒྱལ་ཆོས་སྐྱོང་སྲུང་མ་དང༌། །ནོར་ལྷའི་ཚོགས་རྣམས་དགེས་བཞིན་བཞུགས་པར་གྱུར། །ཅེས་བརྗོད། དུས་འཁོར་ལ། གང་དེའི་དཔྲལ་བར་སྣང་བ་མཐའ་

p. 7

ཡས་དང༌། །མགྲིན་པར་རིན་འབྱུང་སྙིང་གར་དོན་ཡོད་གྲུབ། །ལྟེ་བར་རྣམ་སྣང་གཙུག་ཏོར་མི་བསྐྱོད་པ། །གསང་བའི་གནས་སུ་རྡོ་རྗེ་སེམས་དཔའ་སོགས། །ཕྱི་ནང་གཞན་གསུམ་དག་པའི་ལྷ་རྣམས་ནི། །མངོན་སུམ་བཞིན་དུ་སྐུ་ལ་གསལ་བར་གྱུར། །ཡང་ན་དཀྱུས་ལྟར་བརྗོད་ནའང་ཆོག །བདེ་མཆོག་ལ། གང་དེའི་སྙིང་གར་རྩ་ཐིག་དག་པ་ཡི། །ཧེ་རུ་ཀ་དཔལ་ཡབ་ཡུམ་རླུང་དག་པ། །མཁའ་འགྲོ་མ་སོགས་སྤྱི་བོ་ལ་སོགས་པར། །གནས་ཡུལ་ཉི་ཤུ་རྩ་བཞི་དག་པ་ནི། །དཔའ་བོ་དཔའ་མོ་ཉི་ཤུ་རྩ་བཞིར་གྱུར། །སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས། །མགོ་བོར་ན་མ་ཧི་སེར་རྣམ་སྣང་མཛད། །སྤྱི་གཙུག་སྭཱ་ཧཱ་ཧཱུྃ་དམར་གར་གྱི་དབང༌། །ཕྲག་པ་བཽ་ཥཊ་ཧེ་ན་ག་ཧེ་རུ་ཀ །མིག་གཉིས་ཧཱུྃ་ཧོཿདམར་སེར་རྡོ་རྗེ་ཉི། །ཡན་ལག་ཕཊ་ཧཾ་ལྗང་གུ་རྟ་མཆོག་དང༌། །ཡུམ་མཆོག་རྡོ་རྗེ་ཕག་མོའི་གནས་རྣམས་སུ། །ལྟེ་བར་ཨོཾ་བྃ་དམར་མོ་ཕག་མོ་དང༌། །སྙིང་གར་ཧྃ་ཡྃ་སྔོན་མོ་གཤིན་རྗེ་མ། །ཁ་ལ་ཧྲིཾ་མྃ་དཀར་མོ་རྨོངས་བྱེད་མ། །དཔྲལ་བར་ཧྲེཾ་ཧྲེཾ་སེར་མོ་སྐྱོད་བྱེད་མ། །སྤྱི་གཙུག་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། །ཚིགས་བརྒྱད་ཕཊ་ཕཊ་དུད་ཀ་ཙཎྜི་ཀཱ །ཀུན་ཀྱང་ལྷ་ཉིད་ཡི་གེའི་གཟུགས་སུ་ཤར། །གཞན་རྣམས་དཀྱུས་ལྟར་བརྗོད་པས་གྲུབ་པོ། །དེ་ནས་གུས་པའི་གདུང་ཤུགས་དང་བཅས་པས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་འཛིན་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་འགྱུར། །དེས་ན་ཁྱོད་ཉིད་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་ཁྱོད་ལ་བདག་སྐྱབས་མཆི། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་

p. 8

རྣམས་ཀུན་གྱི་རིན་ཆེན་གཏེར། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །དཔལ་ལྡན་བླ་མ་དེ་ལ་འདུད། །ཁྱོད་ནི་གདུལ་བྱ་སྨིན་པའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམ་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཆང༌། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ཀུན་ཏུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཉོན་མོངས་ཡེ་ཤེས་གནས་གྱུར་པ། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་མཁྱེན། །ཐམས་ཅད་སྤྲོ་བའི་ཕྲིན་ལས་ཀྱིས། །རྫོགས་པའི་སངས་རྒྱས་ཐམས་ཅད་སྤྲུལ། །གཅིག་ཏུ་བསྡུས་པའི་སྦྱོར་བ་ནི། །སངས་རྒྱས་ཀུན་བདག་རྡོ་རྗེ་འཆང༌། །བག་ཆགས་བཅས་པའི་སྒྲིབ་ཀུན་སྤངས། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱོད་ཀྱི་ཕྲིན་ལས་ངོ་མཚར་རྨད། །གང་གིས་གཡོ་མེད་ཁྱོད་བསྟེན་པ། །དེ་ལ་དེ་མ་ཐག་བྱིན་རློབ། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། །ཡང་ན་ཕུན་ཚོགས་ཐམས་ཅད་འགྲུབ། །དེས་ན་རྡོ་རྗེ་སློབ་དཔོན་མཆོག །དངོས་པོ་ཀུན་གྱིས་དེ་ལ་འདུད། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །ཕྱི་ནང་གསང་བ་དེ་ཁོ་ན། །ལུས་དང་ལོངས་སྤྱོད་འབྲེལ་པ་ཀུན། །སྲོག་གི་བར་གྱིས་ཁྱོད་མཉེས་བགྱི། །ཇི་སྲིད་རྣམ་པར་གྲོལ་བའི་ས། །བདག་གཞན་ཀུན་གྱིས་མ་ཐོབ་བར། །དེ་སྲིད་མཆོད་པ་མཆོག་གི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས། །ཆེས་ལྷག་གྱུར་པས་ཁྱོད་མཆོད་དོ། །ཁྱོད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་སྒྲུབ་པར་ཤོག །མི་མཉེས་བྱེད་པ་རྣམ་སྤངས་ཏེ། །རྣམ་པ་ཀུན་ཏུ་ཁྱོད་བསྟེན་ནོ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་སླད་དུ། །མགོན་པོ་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་བགྱི། །དགེ་བ་འདི་ཡིས་བདག་གཞན་ཀུན། །ཁྱོད་མཉེས་བགྱིད་པའང་

p. 9

ཐོབ་པར་ཤོག །དུས་འཁོར་ལ། དེ་བཞིན་གཤེགས་པ་རྣམ་པ་དྲུག །ཁྱོད་ཀྱི་ཁམས་དྲུག་རྣམ་པར་སྟོན། །སྤྱན་སོགས་མན་ཆད་རིགས་འགྲེ། བདེ་མཆོག་ལ། ཁྱོད་ནི་གདུལ་བྱ་སྨིན་པའི་ཕྱིར། །ཧེ་རུ་ཀ་དཔལ་ཡབ་ཡུམ་ནི། །རྩ་དང་ཁམས་ཀྱི་དྭང་མར་སྟོན། །མཁའ་འགྲོ་མ་སོགས་རྣམ་པ་བཞི། །དཔའ་བོ་དཔའ་མོ་ཉེར་བཞི་རྣམས། །རླུང་དང་གནས་ཡུལ་མིང་ཅན་གྱི། །རྩ་ཁམས་དང་ནི་རྡོར་སེམས་སོགས། །དེ་བཞིན་གཤེགས་པ་རྣམ་པ་དྲུག །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །མན་ཆད་རིགས་འགྲེ། གཞན་ཐམས་ཅད་ལ་དཀྱུས་ལྟར་བརྗོད་པས་གྲུབ་བོ། །སྐུ་ཡི་སྤྱོད་པ་རྣམ་དག་པ། །སངས་རྒྱས་དགེས་པའི་ཚུལ་ཁྲིམས་ལྡན། །གསུང་གི་ཕྲིན་ལས་ཕུན་སུམ་ཚོགས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །མཁས་པ་ཐམས་ཅད་དགའ་མཛད་པའི། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་མངའ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བསྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བ་འབྱུང༌། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང༌། །དམ་ཆོས་རྟག་ཏུ་ཉན་པ་དང༌། །བཀའ་བཞིན་སྒྲུབ་པ་བྱེད་པར་ཤོག །འདིར་རང་རང་གི་རྩ་བའི་བླ་མའི་གསོལ་འདེབས་གང་ཤེས་ཀྱི་མཐར། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་

p. 10

དྲིན་ཅན་གྱི་ཐུགས་རྗེ་ཟུང༌། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །འདྲེན་པ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་སོགས། གོང་གི་འགྲེས་སོ། །ཡི་དམ་ཀུན་འདུས༴ སངས་རྒྱས་ཀུན་འདུས༴ དམ་ཆོས་ཀུན་འདུས༴ དགེ་འདུན་ཀུན་འདུས༴ བྱང་སེམས་ཀུན་འདུས༴ ཉན་རང་ཀུན་འདུས༴ ཆོས་སྐྱོང་ཀུན་འདུས༴ ནོར་ལྷ་ཀུན་འདུས༴ སྐུ་བཞིའི་བདག་ཉིད་བླ་མ༴ ཡེ་ཤེས་ལྔ་ལྡན༴ ཚོགས་གཉིས་མཐར་ཕྱིན༴ དོན་གཉིས་ལྷུན་གྲུབ༴ མ་རིག་མུན་སེལ༴ ཐར་པའི་ལམ་སྟོན༴ དགོས་འདོད་ཀུན་འབྱུང༴ བསམ་འཕེལ་ནོར་བུ༴ ཡིད་བཞིན་རིན་ཆེན༴ དབང་གི་རྒྱལ་པོ༴ དྲན་པས་གདུང་སེལ༴ འགྲོ་བའི་འདྲེན་པ༴ གཅིག་ཆོག་རྒྱལ་པོ་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་ཟུང༌། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །དེ་ནས་བརྒྱུད་པའི་གསོལ་འདེབས་ལ། དང་པོ་ཀྱེ་རྡོ་རྗེའི་བླ་མ་བརྒྱུད་པ་ལ་ཕྱག་འཚལ་བ་ནི། ཁྱབ་བདག་རྡོ་རྗེ་འཆང་དབང་བདག་མེད་མ། །མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་ནག་པོ་པ། །ཌ་མ་རུ་པ་ཨ་ཝ་དྷཱུ་ཏི་པ། །ག་ཡ་དྷ་ར་རྣམས་ལ་ཕྱག་འཚལ་ལོ། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་བརྩེ་ཆེན་སྙིང་པོའི་ཞབས། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བུདྡྷ་ཤྲཱི་དང་ངོར་ཆེན་རྡོ་རྗེ་འཆང༌། །སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །བློ་གྲོས་རྒྱལ་མཚན་ཀུན་སྤངས་ཆེན་པོ་དང༌། །བློ་གསལ་རྒྱ་མཚོ་མཁྱེན་བརྩེའི་དབང་ཕྱུག་ཞབས། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་ཏེ། །བསོད་ནམས་མཆོག་ལྡན་རྣམས་ལ༴ བསོད་ནམས་མཆོག་གྲུབ་ངག་དབང་ལྷུན་གྲུབ་དང༌། །ཀུན་དགའ་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཞབས། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང༌། །

p. 11

ཀུན་དགའ་བསྟན་འཛིན༴ བསྟན་པའི་རྒྱལ་མཚན་མཁྱེན་བརྩེའི་དབང་པོ་དང༌། །ནམ་མཁའ་རྒྱལ་མཚན་ཤེས་རབ་རྒྱ་མཚོའི་ཞབས། །བསོད་ནམས་རྒྱལ་མཚན་བློ་གྲོས་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ༴ ཞེས་དང༌། དུས་འཁོར་ལ། དུས་ཀྱི་འཁོར་ལོ་ཟླ་བ་བཟང་པོ་དང༌། །ལྷ་དབང་གཟི་བརྗིད་ཅན་དང་ཟླ་བས་བྱིན། །ལྷ་དབང་སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །འཇམ་དཔལ་གྲགས་པ་རྣམས༴ པདྨ་དཀར་པོ་འཇམ་དབྱངས་སྤྲུལ་པ་དང༌། །ཙི་ལུ་པཎ་ཆེན་པི་ཊོ་ཨཱ་ཙརྻ། །དུས་ཞབས་ཆུང་བ་མཉྫུ་ཀཱིརྟིའི་ཞབས། །ས་མནྟ་ཤྲཱི་རྣམས་ལ༴ རྭ་ཆོས་ཡེ་ཤེས་སེང་གེ་འབུམ་སེང་དང༌། །རྒ་ལོ་ཤེར་སེང་དཔལ་ལྡན་སེང་གེའི་ཞབས། །ཡོན་ཏན་རྒྱ་མཚོ་བུ་སྟོན་རིན་ཆེན་གྲུབ། །ཐུགས་སྲས་ལོ་ཙཱ་རྣམས༴ །འཇམ་དབྱངས་གྲགས་པ་ཡེ་ཤེས་རྒྱ་མཚོ་དང༌། །མཁྱེན་རབ་ཆོས་རྗེ་བསོད་ནམས་མཆོག་གྲུབ་ཞབས། །དཀོན་མཆོག་དཔལ་བཟང་དོན་གྲུབ་རྒྱལ་མཚན་དང༌། །རིན་ཆེན་བཀྲ་ཤིས་རྣམས་ལ༴ མཁྱེན་བརྩེའི་དབང་ཕྱུག་དབང་ཕྱུག་རབ་བརྟན་དང༌། །བསོད་ནམས་མཆོག་གྲུབ་ཀླུ་སྒྲུབ་རྒྱལ་མཚན་ཞབས། །སྨོན་ལམ་ལྷུན་གྲུབ་བློ་བཟང་མཁས་བཙུན་དང༌། །འཇམ་དཔལ་བཟང་པོ༴ སྨོན་ལམ་བསམ་གཏན་བྱམས་པ་ཆོས་འཕེལ་དང༌། །ཡེ་ཤེས་དཔལ་འབྱོར་བློ་གསལ་བསྟན་སྐྱོང་ཞབས། །མཁྱེན་བརྩེའི་དབང་པོ་ཡོན་ཏན་རྒྱ་མཚོ་སོགས། །དངོས་བརྒྱུད་བླ་མ༴ བདེ་མཆོག་ལ། རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་དང༌། །ས་ར་ཧ་པ་འཕགས་མཆོག་ཀླུ་སྒྲུབ་ཞབས། །ཤ་བ་རི་པ་གྲུབ་ཆེན་ལཱུ་ཧི་པ། །དཱ་རི་ཀ་པ་རྣམས་ལ༴ དྲིལ་བུ་པ་དང་རྣམ་རྒྱལ་རུས་སྦལ་ཞབས། །ཛ་ལནྡྷ་རི་ནག་པོ་གུ་ཧྱ་པ། །རྣམ་རྒྱལ་ཏཻ་ལོ་ན་རོ་ཕམ་མཐིང་པ། །ངག་གི་དབང་ཕྱུག༴ ཤེས་རབ་བརྩེགས་དང་མལ་ལོ་བློ་གྲོས་གྲགས། །ཀུན་དགའ་སྙིང་པོ་རྗེ་བཙུན་སྐུ་མཆེད་ཞབས། །ཆོས་རྗེ་ཁུ་དབོན་དཀོན་དཔལ་བྲག་ཕུག་པ། །བླ་མ་དམ་པ༴ དཔལ་ལྡན་ཚུལ་ཁྲིམས་ཡེ་ཤེས་རྒྱལ་མཚན་དང༌། །ཀུན་དགའ་བཟང་པོ་དཀོན་མཆོག་རྒྱལ་མཚན་ཞབས། །བསོད་ནམས་སེང་གེ་སངས་རྒྱས་རིན་ཆེན་དང༌། །ལྷ་མཆོག་སེང་གེ་རྣམས༴ ནམ་མཁའ་དཔལ་བཟང་ནམ་མཁའ་སངས་རྒྱས་དང༌། །དམ་ཆོས་

p. 12

བསམ་འགྲུབ་སངས་རྒྱས་ཕུན་ཚོགས་ཞབས། །ཀུན་དགའ་བཀྲ་ཤིས་བསོད་ནམས་རིན་ཆེན་དང༌། །ཀུན་དགའ་བློ་གྲོས་རྣམས༴ ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་དང༌། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོའི་ཞབས། །ཤེས་རབ་རྒྱ་མཚོ་བློ་གྲོས་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ་རྣམས༴ ཚར་ལུགས་འཇིགས་བྱེད་ལ། རྡོ་རྗེ་འཇིགས་བྱེད་ཡུམ་མཆོག་རོ་ལངས་མ། །ལ་ལི་ཏ་པ་ཨ་མོ་གྷ་བཛྲ། །འབྱུང་གནས་སྦས་པ་པདྨ་བཛྲ་ཞབས། །བྷ་རོ་ཕྱག་རྡུམ་རྭ་ཆེན་ལོ་ཙཱ་བ། །ཆོས་རབ་ཡེ་ཤེས་སེང་གེར༴ འབུམ་སེང་རྣམ་རྒྱལ་རྡོ་རྗེ་ཤེར་སེང་དང༌། །གཞོན་ནུ་ཚུལ་ཁྲིམས་ཚུལ་ཁྲིམས་རྒྱལ་མཚན་ཞབས། །ཤེས་རབ་དཔལ་བཟང་དགེ་བ་རྒྱལ་མཚན་ཆེ། །ཟླ་བའི་དབང་པོ་རྣམས༴ རྡོ་རིང་པ་དང་བློ་གསལ་རྒྱ་མཚོ་དང༌། །མཁྱེན་བརྩེའི་དབང་ཕྱུག་བསོད་ནམས་ཆོས་འཕེལ་ཞབས། །དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་དང༌། །ངག་དབང་རྣམ་རྒྱལ་རྣམས༴ བཟང་པོ་རྒྱལ་མཚན་ཀུན་དགའ་ལྷུན་གྲུབ་དང༌། །ལེགས་པའི་འབྱུང་གནས་བསོད་ནམས་དཔལ་བཟང་ཞབས། །ཆོས་ཉིད་ཡེ་ཤེས་བསྟན་པའི་ཉི་མ་དང༌། །ཀུན་དགའ་རིན་ཆེན༴ སྨོན་ལམ་གྲགས་པ་འཇམ་དབྱངས་བློ་གསལ་དང༌། །འཇིགས་མཛད་རྡོ་རྗེ་མཁྱེན་བརྩེའི་དབང་པོའི་ཞབས། །དངོས་བརྒྱུད་བླ༴ བརྒྱུད་པ་གཞན། ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་དང༌། །མཁས་གྲུབ་དབང་པོ་རྣམས་ལ༴ རྡོ་རྗེ་འཆང་དབང་ཀུན་དགའ་བསྟན་འཛིན་དང༌། །འཇམ་དཔལ་དབྱངས་དངོས་བསྟན་པའི་རྒྱལ་མཚན་ཞབས། །བྱང་སེམས་དཔལ་ལྡན་བློ་གྲོས་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ་རྣམས་ལ༴ གསང་འདུས་མི་བསྐྱོད་པ་ལ། རྡོ་རྗེ་འཆང་དབང་ཕྱག་ན་རྡོ་རྗེ་དང༌། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་རྣལ་འབྱོར་མ། །བྷི་སུ་ཀ་ཝ་ས་ར་ཧ་པ་དང༌། །འཕགས་མཆོག་ཀླུ་སྒྲུབ་རྣམས་ལ༴ ཨཱརྻ་དེ་བ་ཤཱཀྱ་བཤེས་གཉེན་དང༌། །ཀླུ་ཡི་བྱང་ཆུབ་མ་ཏཾ་གི་པའི་ཞབས། །ཟླ་བ་གྲགས་པ་སློབ་པའི་རྡོ་རྗེ་དང༌། །ནག་པོ་སྤྱོད་པ་རྣམས་ལ༴ ས་འདྲེས་པ་དང་བཱིརྻ་བྷ་དྲ་དང༌། །དེ་བ་ཙནྡྲ་ཤྲཱི་ཛྙཱ་ནའི་ཞབས། །ཁུག་པ་ལྷས་བཙས་ཆོས་ཀྱི་རྒྱལ་མཚན་དང༌། །དར་མ་རྒྱལ་

p. 13

མཚན་རྣམས་ལ༴ ས་ཆེན་ཀུན་སྙིང་རྡོ་རྗེ་བདུད་འཇོམས་དང༌། །རྗེ་བཙུན་གྲགས་པ་ཆོས་རྗེ་པཎྜི་ཏ། །འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་བ་རྣམས་ལ༴ བསོད་ནམས་དཔལ་དང་བསོད་ནམས་རྒྱལ་མཚན་དང༌། །དཔལ་ལྡན་ཚུལ་ཁྲིམས་བུདྡྷ་ཤྲཱིའི་ཞབས། །ངོར་ཆེན་ཀུན་བཟང་དཀོན་མཆོག་རྒྱལ་མཚན་དང༌། །བསོད་ནམས་སེང་གེ་རྣམས་ལ༴ དཀོན་མཆོག་འཕེལ་དང་སངས་རྒྱས་རིན་ཆེན་དང༌། །ས་ལོ་འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་ཞབས། །ཀུན་དགའ་རིན་ཆེན་དཀོན་མཆོག་རྒྱལ་མཚན་དང༌། །སངས་རྒྱས་རྒྱལ་མཚན་རྣམས་ལ༴ ཨ་མེས་ཞབས་དང་ཀུན་དགའ་བཀྲ་ཤིས་དང༌། །དཀོན་མཆོག་རྒྱལ་པོ་བསོད་ནམས་རིན་ཆེན་ཞབས། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང༌། །ཀུན་དགའ་བསྟན་འཛིན་རྣམས་ལ༴ རྡོ་རྗེ་འཆང་དངོས་མཁྱེན་བརྩེའི་དབང་པོ་སོགས། །བརྒྱུད་པ་གཞན། ཀུན་དགའ་བསྟན་འཛིན་ནས། ངག་དབང་ལེགས་གྲུབ་གྲུབ་མཆོག་བསོད་ནམས་བཟང༌། །ཤེས་རབ་རྒྱ་མཚོ་བློ་གྲོས་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ་རྣམས་ལ༴ གསང་འདུས་འཇམ་རྡོར་ལ། རྡོ་རྗེ་འཆང་དབང་འཇམ་པའི་རྡོ་རྗེ་དང༌། །སངས་རྒྱས་ཡེ་ཤེས་མར་མེ་མཛད་བཟང་པོ། །ཀུན་སྙིང་ཐ་ག་ན་དང་རིན་འབྱུང་ཞབས། །དད་བྱེད་གོ་ཆ་རྣམས་ལ༴ པདྨཱ་ཀ་ར་ཝརྨ་རིན་ཆེན་བཟང༌། །རྐྱང་པོ་ཆོས་ལོ་དགེ་བཤེས་སེང་གེའི་ཞབས། །རྡོ་རྗེ་སྲ་བརྟན་དཀོན་མཆོག་འབར་བ་དང༌། །དབང་ཕྱུག་རིན་ཆེན་རྣམས་ལ༴ །ཤཱཀྱ་རྡོ་རྗེ་རོང་པ་ཆོས་མགོན་དང༌། །ལེགས་པའི་བློ་གྲོས་དཔལ་ལྡན་སེང་གེའི་ཞབས། །རིན་ཆེན་གྲུབ་དང་ཁྱུང་པོ་ལྷས་པ་དང༌། །ཡེ་ཤེས་རྒྱལ་མཚན་རྣམས་ལ༴ རྡོ་རྗེ་འཆང་དབང་ཀུན་དགའ་བཟང་པོ་དང༌། །རྒྱལ་ཚབ་ཀུན་དབང་བསོད་ནམས་སེང་གེའི་ཞབས། །སངས་རྒྱས་རིན་ཆེན་ས་ལོ་འཇམ་པའི་དབྱངས། །དཀོན་མཆོག་ལྷུན་གྲུབ་རྣམས་ལ༴ སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་དང༌། །དཔལ་ལྡན་དོན་འགྲུབ་ཤེས་རབ་འབྱུང་གནས་ཞབས། །ཡེ་

p. 14

ཤེས་བཟང་པོ་སངས་རྒྱས་ཕུན་ཚོགས་དང༌། །བསྟན་འཛིན་ལྷུན་གྲུབ་རྣམས་ལ༴ བཀྲ་ཤིས་ལྷུན་གྲུབ་སངས་རྒྱས་ཡེ་ཤེས་དང༌། །ངག་གི་དབང་པོ་ཀུན་དགའ་བློ་གྲོས་ཞབས། །མཁས་ཤིང་གྲུབ་བརྙེས་ནམ་མཁའ་འཆི་མེད་དང༌། །མཁས་གྲུབ་དབང་པོ་རྣམས་ལ༴ མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་དང༌། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོའི་ཞབས། །སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ་རྣམས་ལ༴ མཁའ་སྤྱོད་མ་ལ། རྡོ་རྗེ་འཆང་དབང་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་དྲིལ་བུ་པ་དང་ཌིངྒི་པ། །ཨནྟར་པ་དང་ཏཻ་ལོ་ནཱ་རོའི་ཞབས། །ཕམ་མཐིང་སྐུ་མཆེད་རྣམས་ལ༴ ཤེས་རབ་བརྩེགས་དང་མལ་ལོ་བློ་གྲོས་གྲགས། །བླ་མ་ས་ཆེན་རྗེ་བཙུན་སྐུ་མཆེད་ཞབས། །ཆོས་རྗེ་ཁུ་དབོན་དཀོན་མཆོག་དཔལ་བ་དང༌། །བསོད་ནམས་དཔལ་བ་རྣམས་ལ༴ བསོད་ནམས་རྒྱལ་མཚན་སེང་གེ་རྒྱལ་མཚན་དང༌། །རྒྱལ་བ་མཆོག་དབྱངས་འཇམ་དབྱངས་ནམ་མཁའི་མཚན། །བློ་གྲོས་རྒྱལ་མཚན་རྡོ་རིང་ཀུན་སྤངས་རྗེ། །བློ་གསལ་རྒྱ་མཚོ་རྣམས་ལ༴ མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་རྒྱལ་མཚན་དང༌། །དབང་ཕྱུག་རབ་བརྟན་བསོད་ནམས་མཆོག་ལྡན་ཞབས། །བསོད་ནམས་མཆོག་གྲུབ་ངག་དབང་ལྷུན་གྲུབ་དང༌། །ཀུན་དགའ་ལྷུན་གྲུབ་རྣམས་ལ༴ ལེགས་པའི་འབྱུང་གནས་ཀུན་དགའ་བློ་གྲོས་དང༌། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་ཞབས། །རྡོ་རྗེ་འཆང་དངོས་མཁྱེན་བརྩེའི་དབང་པོ་སོགས། །དངོས་བརྒྱུད་བླ་མ་ལ་ཕྱག་འཚལ་ལོ། །ཞེས་བརྗོད། བླ་མེད་དཔའ་གཅིག་གམ། ལྷན་སྐྱེས་གང་བསྐྱེད་ནའང་གསོལ་འདེབས་ཆོས་ཚན་གྱི་བརྒྱུད་འདེབས་འདོན་པས་གྲུབ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །འགྲོ་བའི་དོན་དུ་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཐོག་མ་བར་དང་མཐར་དགེ་ཞིང༌། །རྣམ་པར་དཀར་ལ་མ་འདྲེས་པ། །ངེས་པར་འབྱུང་བ་མཆོག་གི་ལམ། །དམ་

p. 15

པའི་ཆོས་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་ཞིང༌། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་ལེགས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །མཆོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པ། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ནས་དབུལ་བར་བགྱི། །རབ་དྭང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོ་བརྙེས་གྱུར་ཅིག །མཆོད་པ་བྱིན་རླབས་བླ་མེད་སྤྱི་ལྟར་བྱས་ལ་རྒྱུད་སྡེ་རང་རང་གི་གཞུང་ནས་འབྱུང་བ་ལྟར་རམ། མི་ནུས་ན་སྤྱི་ཁྱབ་ཏུ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མར་མཆོད། །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དང༌། ཨརྒྷཾ་གྱི་མལ་དུ། པུཥྤེ།

p. 16

དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས། སྒེག་སོགས་ནི་ཁུ་ཚུར་གཉིས་སྐེད་པར་བཞག་ལ། གཟུགས་མཛེས་ལྟ་བས་མི་ངོམས་རེག་ན་བདེ། །ཡིད་འཕྲོག་སྙེམས་མའི་ཚུལ་འཛིན་སྒེག་མོ་ཡིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་ཀུན། །བཀང་སྟེ་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་རེ་བཛྲ་ལཱ་སྱེ་པཱུ་ཛི་ཏེ་ཨཱཿཧཱུྃ། ཁུ་ཚུར་གཉིས་ཀྱིས་ཕྲེང་བ་འཛིན་པའི་ཚུལ་དང༌། ཨིནྡྲ་ནཱི་ལ་སོགས་འཇིག་རྟེན་ན། །ཤིན་ཏུ་དཀོན་པའི་རིན་ཆེན་ཕྲེང་བ་འཛིན་གྱིས། །བཛྲ་མཱ་ལེ། ཁུ་ཚུར་གཉིས་ཁ་ནས་ཚིག་འབྱིན་པའི་ཚུལ་དང༌། དྲུག་གི་རྗེས་སུ་སྐྱེས་སོགས་སྙན་པའི་དབྱངས། །ཐོས་ནས་ཚིམ་པ་ལེན་བྱེད་གླུ་མ་ཡིས། །བཛྲ་གཱི་ཏཱི། ལག་པ་གཉིས་གར་མཁན་གྱི་ཚུལ་བྱ་ཞིང༌། གཅིག་ཉིད་དུ་མའི་ཚུལ་དུ་རབ་བསྟན་ནས། །འགྲོ་བ་དགའ་སྐྱེད་གར་གྱི་མཆོད་པ་ཡིས། །བཛྲ་ནྲྀ་ཏྱེ། པི་ཝཾ་སྦྲེང་བའི་ཚུལ་དང༌། རྒྱུད་དང་པགས་པ་སྐྱེས་བུའི་རྩོལ་བ་སོགས། །དུ་མའི་རྟེན་འབྲེལ་ལས་བྱུང་པི་ཝཾ་སྒྲས། །བཛྲ་ཝཱི་ཎི། གླིང་བུ་བསྒྱུར་བའི་ཚུལ་དང༌། གང་གི་ལག་པ་བསྐྱོད་པའི་ཁྱད་པར་ལས། །སྣ་ཚོགས་རྣར་སྙན་སྐྱེད་བྱེད་གླིང་བུ་ཡིས། །བཛྲ་ཝཾ་སེ། རྫ་རྔ་རྡུང་བའི་ཚུལ་དང༌། མཛེས་པའི་གཟུགས་ལྡན་སྐད་སྙན་དུ་མ་ཡིས། །མ་ལུས་འགྲོ་བ་ཚིམ་བྱེད་རྫ་རྔའི་སྒྲས། །བཛྲ་མྲྀ་ཏངྒེ། པ་ཊ་ཧ་བ་རྡུང་ཚུལ་དང༌། དབྱིབས་ལེགས་དྲྭ་བས་ལེགས་སྤྲས་ཡིད་དུ་འོང༌། །ཤིན་ཏུ་བརྗིད་པའི་སྒྲ་འབྱིན་རྔ་ཟླུམ་གྱིས། །བཛྲ་པ་ཊ་ཧ། གོས་ཟུང་འབུལ་བའི་ཚུལ་དང༌། ལྷ་རྫས་ལས་གྲུབ་ཡང་འཇམ་རེག་ན་བདེ། །ཁ་དོག་ལྔ་ལྡན་ཟུང་དུ་སྦྱར་བ་ཡིས། །བཛྲ་ཝས། ལག་གཡོན་མཉམ་གཞག་གཡས་བླ་བྲེ་བྲེ་བའི་ཚུལ་དང༌། ཤིན་ཏུ་ཐགས་བཟང་སྣ་ཚོགས་རི་མོས་མཛེས། །རིན་ཆེན་དྲྭ་བས་བརྒྱན་པའི་བླ་བྲེ་ཡིས། །བཛྲ་པི་ཏཱ་ནཱཾ། ལག་གཡོན་ཁུ་ཚུར་ནང་དུ་བཞག་པའི་སྟེང་དུ་གཡས་པའི་ཁུ་ཚུར་བཞག་ལ། ཚོགས་པ་ལས་བྱུང་སྟོང་ཉིད་སྒྲ་སྙན་སྒྲོགས། །ཆོས་རྣམས་སྟོང་ཉིད་མཚོན་

p. 17

བྱེད་དྲིལ་བུའི་སྒྲས། །བཛྲ་གྷཎྜེ། རྡོ་རྗེ་ཐལ་མོ་རྔ་ཡབ་གཡོབ་པའི་ཚུལ་དང༌། རྡུལ་དང་ཚད་པས་གདུངས་པ་ལ་སོགས་པ། །སེལ་བྱེད་རྡུལ་ཡབ་སྦྲང་ཡབ་བསིལ་ཡབ་ཀྱིས། །ཙཱ་མར། ལག་གཉིས་འདུད་པའི་ཚུལ་དང༌། བསྒོ་བ་ཉན་ཞིང་བྱ་བའི་ལས་ལ་མཁས། །བརྩོན་པས་འདོད་དོན་སྒྲུབ་བྱེད་བྲན་ཚོགས་ཀྱིས། དཱ་ས་དཱ་སེ། དཔྲལ་བར་ནམ་མཁའ་མཛོད་ལ་མཛུབ་མོ་ཕྲལ་བའི་ཕྱག་རྒྱ་དང༌། བསམ་པ་ཙམ་གྱིས་འདོད་རྒུ་འབྱུང་བ་ཡི། །མཛེས་པའི་གཟུགས་ལྡན་འདོད་འཇོའི་བ་ཚོགས་ཀྱིས། །ཀ་རི་ཎི། རྟའི་ཕྱག་རྒྱ་དང༌། མདོག་སྔོ་རྟ་རྒྱལ་བརྒྱད་ཁྲིས་རབ་བསྐོར་ཞིང༌། །ཤིན་ཏུ་བརླིང་ཞིང་རླུང་ལྟར་མགྱོགས་པའི་རྟས། །ཨ་ཤྭ། གླང་པོའི་ཕྱག་རྒྱ་དང༌། ཐལ་ཀར་མཆེ་བ་དྲུག་ལྡན་རིན་ཆེན་གྱི། །དྲྭ་བས་སྤྲས་པའི་སྟོབས་ལྡན་གླང་པོ་ཡིས། །ག་ཛ། རིན་ཆེན་བདུན་ནི་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིཏ་སོགས་ཀྱིས་མང་པོར་སྤེལ། ཕྱག་རྒྱ་རྣམས་ནི་སྤྱི་དང་མཐུན། འོན་ཀྱང་ཁྱིམ་བདག་ནམ་མཁའ་མཛོད་ཀྱི་ཕྱག་རྒྱའོ། །གསེར་ལས་གྲུབ་ཅིང་རྩིབས་སྟོང་མུ་ཁྱུད་ལྡན། །དགྲ་ལས་རྒྱལ་བྱེད་འཁོར་ལོ་རིན་ཆེན་གྱིས། །ཙཀྲ་རཏྣ། དཔག་ཚད་དུ་མར་སྣང་བའི་འོད་འགྱེད་ཅིང༌། །འདོད་རྒུས་རེ་སྐོང་ནོར་བུ་རིན་ཆེན་གྱིས། །མ་ཎི་རཏྣ། ཕྲག་དོག་སྐྱོན་བྲལ་བདེ་བའི་དཔལ་སྐྱེད་ཅིང༌། །གཟུགས་མཛེས་ལྟ་སྡུག་བཙུན་མོ་རིན་ཆེན་གྱིས། །ཝ་སྟི་རཏྣ། ཆོས་མིན་སྤོང་ཞིང་འགྲོ་ལ་ཕན་པ་སྒྲུབ། །མཁས་གསལ་ཡིད་གཞུང་བློན་པོ་རིན་ཆེན་གྱིས། །པུ་རུ་ཥ་རཏྣ། ཐལ་དཀར་གླང་ཆེན་སྟོབས་ཀྱིས་ཤུགས་ཀྱིས་འགྲོ། །ཡན་ལག་བདུན་ལྡན་གླང་པོ་རིན་ཆེན་གྱིས། །ཧསྟཾ་རཏྣ། འདོད་པའི་གནས་སུ་སྐད་ཅིག་ཙམ་ལ་བགྲོད། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རྟ་མཆོག་གིས། །ཨ་ཤྭ་རཏྣ། ནོར་མང་རྣམ་ཐོས་བུ་ཡི་དཔལ་དང་མཚུངས། །ལྷ་མིག་དང་ལྡན་ཁྱིམ་བདག་རིན་ཆེན་གྱིས། །གྲྀ་ཧ་པ་ཏི་རཏྣ། ཞེས་བརྗོད་དོ། །ཉེ་བའི་རིན་ཆེན་བདུན་ནི། གཡུལ་ལས་རྒྱལ་བར་བྱེད་པའི་

p. 18

རལ་གྲི་དང༌། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང༌། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང༌། །དགའ་མགུར་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་ལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་བསྲེག་བཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་བྱིངས་ངལ་དུབ་མེད་པའི་ལྷྭམ། །ཉེ་བའི་རིན་ཆེན་སྣ་བདུན་འདི་དག་གིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་རྣམས། །བཀང་སྟེ་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་གུ་རུ་བུདྡྷ་སོགས། སཔྟ་ཨུ་པ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་སོགས་བྱའོ། །ཡང་ན། འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཡིད་འཕྲོག་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །པདྨ་ཅན་སོགས་ཕྱག་རྒྱའི་གཟུགས་མཆོག་རྣམས། །དཔལ་ལྡན་བླ་མ་འཁོར་ལོའི་མགོན་ལ་འབུལ། །ཨོཾ་གུ་རུ་བུདྡྷ་སོགས། ཨོཾ་ཨཱཿརཱུ་པ་བཛྲཱི་ཧཱུྃ། ཟུར་གྱིས་ལྟ་ཞིང་འཛུམ་པའི་བཞིན་རས་ཅན། །དྲུག་ལྡན་ལ་སོགས་ཡང་དག་གླུ་ལ་མཁས། །པདྨ་ཅན་སོགས་ཕྱག་རྒྱའི་གླུ་དབྱངས་མཆོག །དཔལ་ལྡན༴ ཤབྡ་བཛྲཱི། ལྷན་ཅིག་སྐྱེས་དང་སྦྱར་བ་བཟང་པོའི་དྲི། །གང་གི་ལུས་ལས་རྟག་ཏུ་རྣམ་འབྱུང་བ། །པདྨ་ཅན་སོགས་ཕྱག་རྒྱའི་དྲི་མཆོག་རྣམས། །དཔལ་ལྡན༴ གནྡྷེ་བཛྲཱི། གང་ཞིག་མྱངས་པས་བྱང་ཆུབ་སེམས་ཞུ་བ། །བིམྦ་ལྟར་དམར་མ་མཆུའི་སྦྲང་རྩི་སོགས། །པདྨ་ཅན་སོགས་ཕྱག་རྒྱའི་རོ་མཆོག་རྣམས། །དཔལ་ལྡན༴ ར་ས་བཛྲཱི། གསང་བ་སྣ་རྩེ་ཕན་ཚུན་ཕྲད་པ་ཡི། །རེག་བྱ་མྱངས་པས་གཏུམ་མོ་སྐུལ་བྱེད་པ། །པདྨ་ཅན་སོགས་ཕྱག་རྒྱའི་རེག་བྱ་མཆོག །དཔལ་ལྡན་བླ་མ་འཁོར་ལོའི་མགོན་ལ་འབུལ། །སྤརྴེ་བཛྲཱི་ཧཱུྃ། ཞེས་དང་ཕྱག་རྒྱ་རྣམས་སྤྱི་དང་མཐུན། བཀྲ་ཤིས་རྟགས་བརྒྱད་ནི། མགོན་པོ་ཐུགས་རྗེ་ཆེན་པོས་བྱིན་བརླབས་པའི། །དྲི་མེད་ཤིན་ཏུ་མཛེས་པའི་དཔལ་བེའུ་འདི། །གང་ལ་ཕུལ་བ་དེ་ཡི་སྐད་ཅིག་ལ། །ཀུན་མཁྱེན་ཡེ་ཤེས་ཉིད་དང་ལྡན་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་མངྒ་ལ་ཤྲཱི་ཛདྨ་ཛ་པཱུ་ཛི་ཏེ་ཧཱུྃ། ཚིག་རྐང་དང་པོ་

p. 19

དང་གསུམ་པ་འོག་མ་རྣམས་ལ་སྦྱར་བས། བསོད་ནམས་རྒྱུ་ལས་གྲུབ་པའི་འཁོར་ལོ་འདི། །དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །སྔགས་ཀྱི་ཐོག་མཐའ་འདྲ་བ་ལས། མིག་ལ་ཙཀྲ། འདམ་སྐྱེས་འདམ་གྱིས་མ་གོས་པདྨ་འདི། །འཁོར་པའི་ཉེས་པ་སྐྱོན་གྱིས་མ་གོས་ཤོག །པདྨ། དམ་ཆོས་མི་ནུབ་རྒྱལ་མཚན་དམ་པ་འདི། །ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་འཛུགས་པར་ཤོག །དྷྭ་ཛ། རྒྱན་གྱིས་སྤྲས་པའི་རིན་ཆེན་གདུགས་མཛེས་འདི། །ཀུན་ལ་སྐྱབས་ཀྱི་དམ་པ་བྱེད་པར་ཤོག །ཚཱ་ཏཱཾ་ག རིན་ཆེན་བཅུད་ཀྱིས་གང་བའི་བུམ་པ་འདི། །བསོད་ནམས་ཚོགས་རྫོགས་རྒྱན་གྱིས་བརྒྱན་པར་ཤོག །ཀ་ལ་ཤ། གཡས་འཁྱིལ་ཤིན་ཏུ་དཀར་བའི་དུང་ཆེན་འདི། །སྨྲ་ངན་ཕམ་བྱེད་ཆོས་སྒྲ་སྒྲོགས་པར་ཤོག །ཤཾ་ཁ། ཤིན་ཏུ་གསལ་བའི་མིག་ལྡན་གསེར་ཉ་འདི། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་ཤོག །མཾ་ག་ལ་ཉ་ཚ་ཞེས་དང༌། མཎྜལ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད་པས་དབང་ཆེན་གསེར་གྱི་ས་གཞིར་བསམ། གུང་མོ་ཁོར་ཡུག་ཏུ་བསྐོར་ལ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་དང༌། ཧཱུྃ་ཞེས་པས་བསྲུང༌། དེ་ནས་ཚོམ་བུ་རྣམས་རིམ་པར་བཀོད་ལ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུའི་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཐོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ཞེས་བརྗོད་ཅིང་དེ་དག་ཉིད་ཡིན་པར་བསམ། ཡང་མེ་ཏོག་གཅིག་བཀྲམ་ལ། ལྷ་དང་མིའི་

p. 20

དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ། གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་རྒུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པའི། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། དེ་ནས་ནང་གི་མཆོད་པ་ནི། བདུད་རྩི་དངོས་སུ་ཡོད་པའམ། མེད་ཀྱང་མཐེབ་སྲིན་གྱིས་འབུལ་ཚུལ་བྱ་ཞིང༌། དངོས་གྲུབ་འགུགས་ཤིང་མཁའ་འགྲོ་འདུ་བའི་གཞི། །ཁ་ན་མ་ཐོ་མེད་པའི་ལྕགས་ཀྱུ་ལྔས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་རྣམས། །བཀང་སྟེ་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་ཤྲཱི་ཧཱུྃ་གྷུྃ་ཛྃ་སྭཱ་ཧཱ། རང་ལྷའི་ང་རྒྱལ་བཏང་སྙོམས་བཞག་ལ་སླར་ཡང་དམིགས་པ་གསལ་བ་དང་བཅས་པས། རང་ལུས་ཕལ་པར་སྣང་བའི་ལག་གཡས་སུ། །ཤེས་རབ་རལ་གྲི་འབར་བ་ལེགས་ཐོགས་ཏེ། །ཐ་མལ་ལུས་སུ་སྣང་བའི་མགོ་བོ་ཡི། །ཡ་ཐོད་བཅད་ནས་མདུན་དུ་བཀན་ཏེ་བཞག །གང་དེ་ཆེས་དཀར་

p. 21

ཡངས་པའི་སྣོད་གྱུར་པར། །རྐང་གཡས་གཡོན་དང་ཁོག་སྨད་ནང་ཁྲོལ་དང༌། །ཁོག་སྟོད་ལག་གཡོན་མགོ་བོའི་ལྷག་མ་དང༌། །ལག་གཡས་རལ་གྲི་བཅས་པ་དེ་ནང་བསྐྱུར། དེ་ལ་བསང་སྦྱང་བྱིན་རླབས་རྒྱས་པར་བྱ་བའམ། དེ་ཙམ་མི་ནུས་ན། ཨོཾ་ལས་ཆོས་དབྱིངས་སྟོང་པའི་ངང་ཉིད་ལས། །ཨཱཿལས་ཡེ་ཤེས་ཐོད་པ་ཆེ་ནང་དུ། །ཧཱུྃ་ལས་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཧོཿལས་དབྱེར་མེད་བདུད་རྩིའི་རྒྱ་མཚོར་གྱུར། །སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །བདག་གིས་མངོན་པར་བཤམས་པའི་མཆོད་པ་འདི། །བདག་ལ་བརྩེ་བའི་ཐུགས་ཀྱིས་ལེགས་དགོངས་ལ། །དགྱེས་པ་ཆེན་པོས་བཞེས་པར་མཛད་དུ་གསོལ། །རང་ལུས་ལྷ་སྐུར་གསལ་བའི་ཐུགས་ཀ་ནས། །ཡིད་འཕྲོག་མཆོད་པའི་ལྷ་མོ་མང་སྤྲོས་པས། །ཕྱག་གི་ཐོད་པས་བདུད་རྩི་ལེགས་བླངས་ནས། །མཆོད་ཡུལ་རྣམས་ལ་ཕུལ་ཏེ་མཆོད་པར་གྱུར། དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་ཅན། །འཁོར་ལོའི་མགོན་པོའི་ཞལ་དུ་ཨོཾཿཨཱཿཧཱུྃ། སྐྱབས་གནས་ཀུན་འདུས་ཞལ་དུ་ཨོཾ་ཨཱཿཧཱུྃ། །དགེས་པ་རྡོ་རྗེའི་ཞལ་དུ༴ ཡི་དམ་གཞན་གྱི་ཚེ་རང་རང་གི་མཚན་དུ་བསྒྱུར། བརྒྱུད་པའི་བླ་མའི་ཞལ་དུ༴ ཡི་དམ་ལྷ་ཚོགས༴ སངས་རྒྱས་བྱང་སེམས༴ ཉན་ཐོས་རང་རྒྱལ༴ ཆོས་སྲུང་ནོར་ལྷའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཆོད་པའི་ལྷ་རྣམས་རྩ་བའི་བླ་མ་ཡི། །ཐུགས་ཀར་ཐིམ་པས་ཐུགས་རྒྱུད་ཟག་མེད་ཀྱི། །བདེ་བ་ཆེན་པོས་ཡོངས་སུ་མཉེས་གྱུར་ཏེ། །མཆོག་ཏུ་དགེས་པའི་ཉམས་དང་ལྡན་པར་གྱུར། །བདུད་རྩིའི་ལྷག་མ་རིགས་དྲུག་སེམས་ཅན་རྣམས། །ལྷ་རུ་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཆགས་སྡང་རྨོངས་གསུམ་རྣམ་རྟོག་ཞི་བ་དང༌། །བྱང་ཆུབ་སེམས་འབྱོངས་སངས་རྒྱས་ཐོབ་པར་ཤོག །ཅེས་པའི་བར་བརྗོད། གསང་བའི་མཆོད་པ་ནི། གཟུགས་མཛེས་སྒྲ་སྙན་དྲི་ཞིམ་བདེ་བའི་རོ། །འདོད་དགུའི་རེག་བྱ་ཚད་མེད་བདེ་བ་སྐྱེད། །རྡོ་རྗེ་

p. 22

དབྱིངས་ཀྱི་དབང་ཕྱུག་མ་ཡི་དངོས། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕྱག་རྒྱ་འབུལ། །ཟག་མེད་དགའ་བཞིའི་ཡེ་ཤེས་ལྷན་ཅིག་སྐྱེས། །རྣམ་པར་རྟོག་བྲལ་རང་རིག་འོད་གསལ་མཆོག །འགྱུར་མེད་བདེ་ཆེན་ཡང་དག་དོན་གཟིགས་པའི། །སྤྲོས་བྲལ་ཡེ་ཤེས་ལྷག་པར་མངོན་མཛད་ནས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །སྲིད་པའི་རྩ་བ་འཕོ་ཆགས་ཕྲ་མོ་འདི། །ཟུང་འཇུག་ཡེ་ཤེས་ཉིད་དུ་བྱིན་བརླབས་ནས། །ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །ཨོཾ་གུ་རུ་སོགས། པྲཛྙཱ་མུ་དྲཱ་ཧ་ར་སྱ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བརྗོད། ཞེན་པ་སྤང་བ་ནི། གང་ལ་ཆགས་ན་ཉེས་ཀུན་འབྱུང་བའི་གཞི། །ཉོན་མོངས་ཀྱིས་བསགས་ཟས་ནོར་ལོངས་སྤྱོད་རྣམས། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །རྒྱགས་དང་སེར་སྣ་ཞི་བར་བྱིན་གྱིས་རློབས། །རང་གི་ཞེ་སྡང་རང་གཟུགས་ཤར་བ་ཡི། །གནོད་བྱེད་དགྲ་འདྲེར་སྣང་བ་ཅི་མཆིས་པ། །རྗེ་བཙུན་བླ་མའི་འཁོར་དུ་དབུལ་བར་བགྱི། །ཞེ་སྡང་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །ལྟར་སྣང་ཕན་པས་འཁོར་བར་འཆིང་བའི་གྲོགས། །གཉེན་དང་མཛའ་བཤེས་འཁོར་གཡོག་ལ་སོགས་པ། །དེ་ཀུན་བླ་མ་མཆོག་ལ་དབུལ་བར་བགྱི། །འདོད་ཆགས་རྣམ་རྟོག་ཞི་བར་བྱིན་གྱིས་རློབས། །ཚེ་རབས་དུ་མར་གྲངས་མེད་མར་བྱས་ཀྱང༌། །ལས་ཉོན་དབང་གིས་གཉེན་ངོ་མ་ཤེས་པའི། །བར་མའི་འགྲོ་རྣམས་ཁྱེད་ལ་དབུལ་བར་བགྱི། །རྨོངས་དང་ཕྲག་དོག་ཞི་བར་བྱིན་གྱིས་རློབས། །ཞེས་བརྗོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མཆོད་ཡུལ་གྱུར་པའི་བླ་མ་དམ་པ་དང༌། །མཆོད་པའི་དངོས་པོ་ཕྱི་ནང་གསང་བའི་རྫས། །མཆོད་པར་བྱེད་མཁན་སྒྲུབ་པོ་བདག་ཅག་རྣམས། །ལོགས་ན་མེད་ཀྱི་དབྱིངས་ཀྱི་རོལ་པར་སྣང༌། །ཞེས་དང༌། རྡོ་རྗེ་ཐེག་པ་མཉེས་བྱེད་པ། །འདི་ནི་དོན་དམ་མཆོད་པ་ཡིན། །གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་ཞིང༌། །ལུས་དང་སེམས་ནི་རྣམ་དག་པ། །དེ་ཡི་མཆོད་པ་བླ་ན་མེད། །སེམས་ཅན་གང་

p. 23

གིས་དབུ་མ་ཡི། །ཐེག་པ་བསྒོམ་པ་མ་བསྒོམས་ན། །ཐེག་པ་དམན་ལ་ལྷག་པར་མོས། །དེ་ཡི་མཆོད་པ་ཀུན་རྫོབ་ཡིན། །ཞེས་དེ་ཁོ་ན་ཉིད་ལ་ཅུང་ཟད་མཉམ་པར་བཞག་ལ། དེ་ནས་འདོད་གསོལ་ནི། བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང༌། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རངས། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང༌། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཡེ་ཤེས་གསལ་བའི་སྤྱན་ལྡན་པའི། །བརྩེ་ལྡན་བླ་མའི་ཚོགས་རྣམས་དང༌། །རྒྱལ་བ་སྲས་དང་བཅས་པ་ཀུན། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །མ་རིག་པ་ཡིས་ལྡོང་གྱུར་ཅིང༌། །ལས་ཀྱི་ཆུ་ཀླུང་གིས་འཕངས་པས། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཏེ། །ཉོན་མོངས་ཆུ་སྲིན་དབང་གྱུར་པས། །མི་བཟད་སྡུག་བསྔལ་གྱིས་གཟིར་བའི། །ཉམ་ཆུང་བློ་གྲོས་རབ་དམན་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐྱོབ་པ་མཛད་པར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱིས་རབ་འབད་ཀྱང༌། །ཐར་པའི་གོ་སྐབས་རྙེད་པར་དཀའ། །ཁྱོད་ཀྱིས་ཐུགས་རྗེའི་ཕྱག་བརྐྱངས་ནས། །སྲིད་

p. 24

པའི་མཚོ་ལས་བསྒྲལ་དུ་གསོལ། །མངོན་པར་འདུ་བྱེད་ཀུན་གྱི་གཞི། །ཚུལ་མིན་ཡིད་ལ་བྱེད་པའི་རྒྱུ། །མ་རིག་མུན་པ་འཐིབས་པོ་ཆེ། །ཡེ་ཤེས་ཟེར་གྱིས་བསལ་དུ་གསོལ། །སྲིད་པའི་ཉེས་ཀུན་འབྱུང་བའི་གཞི། །རྟོག་པ་ཐམས་ཅད་སྐྱེད་བྱེད་པ། །བདག་ཏུ་འཛིན་པའི་ཁྲི་ཤིང་ན། །ཤེས་རབ་རལ་གྲིས་བཅད་དུ་གསོལ། །ཀུན་རྨོངས་ཀུན་འཁྲུགས་ཀུན་ནས་དཀྲིས། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །མགོན་པོ་ཁྱོད་ཀྱི་མཐུ་ཆེན་གྱིས། །ཡེ་ཤེས་ཆེན་པོར་བསྒྱུར་དུ་གསོལ། །སྲིད་པ་ཐོག་མེད་དུས་ནས་སུ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བག་ཆགས་དྲི་མ་གང་བསགས་པ། །ཡེ་ཤེས་ཆུ་ཡིས་སྦྱང་དུ་གསོལ། །རང་གིས་མངོན་པར་སྤྱད་པའི་མཐུས། །རང་ལ་རང་དབང་མེད་པར་ནི། །སྡུག་བསྔལ་རྒྱ་མཚོར་འཕེན་བྱེད་པའི། །ལས་ཀྱི་རླུང་ཤུགས་བཟློག་ཏུ་གསོལ། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །སྐྱེ་རྒ་ན་དང་འཆི་ལ་སོགས། །སྡུག་བསྔལ་འདུ་བྱེད་འགྱུར་བ་ཡི། །སྡུག་བསྔལ་ཞི་བར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །འཇིག་རྟེན་པ་ཡིས་དོན་གཉེར་བའི། །རྙེད་དང་བཀུར་སྟེ་ལ་སོགས་པ། །སྙིང་པོ་མེད་པའི་བྱ་བ་ལས། །ཡིད་ནི་རབ་ཏུ་བཟློག་ཏུ་གསོལ། །ཀུན་གཞིའི་ལྟེ་བ་རབ་བརྟན་ཅིང༌། །རྟེན་འབྲེལ་ཡན་ལག་རྩིབས་བཅུ་གཉིས། །སྡུག་བསྔལ་མུ་ཁྱུད་ཀྱིས་བསྐོར་བའི། །སྲིད་པའི་འཁོར་ལོ་ཞིག་ཏུ་གསོལ། །གཞན་དོན་ལ་སྐྱོ་བདག་ཆགས་པས། །རང་ཉིད་ཞི་བ་དོན་གཉེར་བ། །ཉན་ཐོས་ཐེག་པ་དམན་པའི་སེམས། །རྣམ་པ་ཀུན་ཏུ་དགག་ཏུ་གསོལ། །བདག་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་སྒོ་ནས་ཀྱང༌། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཕན་པ་རྒྱ་ཆེན་འབྱུང་བར་མཛོད། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །

p. 25

བཤེས་གཉེན་གྲོགས་མཆོག་དམ་ཆོས་དང༌། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང༌། །འགྲོ་ཀུན་རྟག་ཏུ་འདུན་པ་དང༌། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །བླ་མ་མཆོག་དང་ཧེ་རུ་ཀ །མཁའ་འགྲོའི་དབང་པོ་དཔག་ཡས་ཀྱིས། །མཁའ་སྤྱོད་གནས་སུ་བཀྲི་བར་མཛོད། །མང་དུ་སྨོས་ཀྱང་ཅི་འཚལ་ཏེ། །དབང་བཅུ་ལྡན་པ་ཁྱེད་རྣམས་ཀྱིས། །ཇི་ལྟར་གོ་འཕང་མཆོག་བརྙེས་པ། །དེ་ལྟར་བདག་གིས་ཐོབ་པར་མཛོད། །བདག་གཞན་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པ་ཀུན་ཏུ་ཉམ་ཐག་པས། །མི་ཤེས་བཞིན་དུ་གསོལ་བ་ལ། །ཉེས་པ་སྣང་གང་བཟོད་པར་གསོལ། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམས་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདག་ནི་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་ཤེས་རབ་དང༌། །དབང་ཕྱུག་ཕུན་སུམ་ཚོགས་གྱུར་ཅིང༌། །ནད་མེད་ཚེ་དང་ལྡན་གྱུར་ཅིག །སངས་རྒྱས་འབྱུང་བ་མཉེས་བྱེད་ཅིང༌། །དམ་ཆོས་རྟག་ཏུ་སྤྱོད་པ་དང༌། །འཕགས་པའི་དགེ་འདུན་རྒྱ་མཚོའི་ཚོགས། །རྣམ་པ་ཀུན་ཏུ་མཆོད་པར་ཤོག །ཀུན་དགའི་གསུང་རབ་རྟག་ཉན་ཅིང༌། །སྐུ་ཡི་རྒྱལ་མཚན་བལྟ་བ་དང༌། །དེ་ཡི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་བདག་ནི་སྐྱོང་བར་ཤོག །དད་དང་བརྩེ་དང་བརྩོན་པའི་མཐུས། །བྱང་ཆུབ་ལམ་རྣམས་རྫོགས་བྱེད་ཅིང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །སེམས་ཅན་སྨིན་པར་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བདག་ལས་སེམས་ཅན་ཐམས་ཅད་ཀྱི། །ཡིད་ལ་འདོད་རྒུ་འབྱུང་འགྱུར་ཞིང༌། །འགྲོ་ཀུན་ཚིམ་པར་བྱེད་པར་ཤོག །བདག་ལ་བརྟེན་ནས་འགྲོ་བ་ཀུན། །ཟབ་མོའི་ལམ་ལ་རབ་

p. 26

ཞུགས་ནས། །སྲིད་དང་ཞི་ལ་མི་གནས་པའི། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །བློ་གྲོས་སྒྲིབ་གཉིས་རྣམ་དག་པས། །ཤིན་ཏུ་ཟབ་པའི་བློ་གྲོས་དང༌། །རྒྱ་ཆེའི་བློ་གྲོས་དང་ལྡན་པའི། །བློ་གྲོས་ཆེན་པོར་བདག་གྱུར་ཅིག །ཚུལ་ཁྲིམས་རྒྱལ་མཚན་དང་ལྡན་ཞིང༌། །ཆོས་ཀྱི་རྒྱལ་མཚན་ལེགས་བཟུང་བས། བསྟན་པའི་རྒྱལ་མཚན་བརྟན་བྱས་ནས། །ཐར་པའི་རྒྱལ་མཚན་སློང་བར་ཤོག །ཚོགས་གཉིས་དཔལ་རབ་རྫོགས་གྱུར་ནས། །འགྲོ་བའི་དཔལ་མགོན་འབྱུང་བའི་གཞི། །སྐུ་གསུམ་དཔལ་འབྱོར་ལྷུན་གྲུབ་སྟེ། །སྲིད་ཞིའི་དཔལ་དུ་བདག་གྱུར་ཅིག །སྨོན་ལམ་བཟང་པོ་ལས་བྱུང་བའི། །ཕྲིན་ལས་བཟང་པོས་འགྲོ་བ་ཀུན། །སྐལ་བ་བཟང་པོར་ལེགས་བསྒྲུབ་པའི། །བརྟུལ་ཞུགས་བཟང་པོར་བདག་གྱུར་ཅིག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང༌། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པར་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང༌། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང༌། འབྱུང་པོའི་གནོད་པ་དང༌། ཉེ་བར་འཚེ་བ་དང༌། བྱུར་དང་

p. 27

སྐལ་བ་ངན་པ་དང༌། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པ་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང༌། གཞན་གྱི་དོན་ལ་སྐྱོ་བ་དང༌། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང༌། བག་ཡོད་པ་དང༌། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང༌། སྡིག་པ་དང་སྒྲིབ་པ་དང་ལྟུང་བ་དང་ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས། ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོག་པ་དགེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང༌། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང༌། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང༌། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་

p. 28

ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ། ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གསུམ་པ་རྗེས་ལ། མཆོད་བསྟོད་བསྡུས་པ་དང་བཅས། དཔལ་ལྡན་བླ་བརྒྱུད་བླ་མའི་ཚོགས་རྣམས་ལ། །མི་ཕྱེད་གུས་པ་ཆེན་པོས་གསོལ་འདེབས་ན། །མཁྱེན་བརྩེ་ནུས་པས་བདག་རྒྱུད་བྱིན་བརླབས་ཤིང༌། །དབང་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་བླ་མ་ཡིས། །མཐའ་སྐོར་བཞུགས་པ་རྣམས་ལ་ཆེར་གཟིགས་ཏེ། །དབང་བཞི་བསྐུར་རམ་མི་བསྐུར་ཚུལ་མཛད་པས། །ཀུན་ཀྱང་དེ་བཞིན་དགོངས་པ་མཛད་ནས་ནི། །རྗེ་བཙུན་མཆོག་གི་མཐའ་སྐོར་བཞུགས་པ་ཡི། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང༌། །ཉན་ཐོས་རང་རྒྱལ་ཆོས་སྲུང་ནོར་ལྷ་རྣམས། །དབྱིངས་ཀྱི་རོལ་པས་བླ་མའི་ཐུགས་ཀར་ཐིམ། །ཞེས་དང༌། དབང་དང་དངོས་གྲུབ་བླང་བ་ནི། བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་པོ། །ཨོཾ་གྱི་གཟུགས་བྱུང་རང་གི་དཔྲལ་བར་ཐིམ། །བུམ་པའི་དབང་ཐོབ་ལུས་ཀྱི་སྒྲིབ་པ་དག །སྐུ་ཡིས་བྱིན་བརླབས་སྤྲུལ་སྐུའི་ས་བོན་བཞག །བླ་མའི་མགྲིན་པའི་ཨཱཿལས་འོད་དམར་པོ། །ཨཱཿཡི་གཟུགས་བྱུང་རང་གི་མགྲིན་པར་ཐིམ། །གསང་བའི་དབང་ཐོབ་ངག་གི་དྲི་མ་དག །གསུང་གིས་བྱིན་བརླབས་ལོངས་སྐུའི་ས་བོན་བཞག །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་པོ། ཧཱུྃ་གི་གཟུགས་བྱུང་རང་གི་སྙིང་གར་ཐིམ། །གསུམ་པའི་དབང་ཐོབ་སེམས་

p. 29

ཀྱི་དྲི་མ་དག །ཐུགས་ཀྱིས་བྱིན་རླབས་ཆོས་སྐུའི་ས་བོན་བཞག །བླ་མའི་ཡི་གེ་གསུམ་ལས་འོད་སྣ་ཚོགས། །འབྲུ་གསུམ་གཟུགས་བྱུང་རང་གི་གནས་གསུམ་ཐིམ། །བཞི་པའི་དབང་ཐོབ་སྒྲིབ་པའི་དྲི་མ་དག །ཀུན་གྱིས་བྱིན་བརླབས་ངོ་བོ་ཉིད་སྐུར་གྱུར། །ཅེས་དང༌། དེ་ཁོ་ན་ཉིད་ལ་མཉམ་པར་བཞག དེ་ནས་སྨོན་ལམ་ནི། སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་དང༌། །སེམས་ཉིད་འོད་གསལ་ནང་གི་བླ་མ་དང༌། །རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་གསུམ། །དབྱེར་མེད་སྙིང་པོའི་བླ་མ་རྟོགས་པར་ཤོག །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ཉིད། །ལྷག་པའི་ལྷ་རུ་ཤེས་པའི་མོས་གུས་ཀྱིས། །དབང་དང་དངོས་གྲུབ་རྟག་ཏུ་ལེན་པར་ཤོག །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིས་རྟག་ཏུ་མཉེས་བྱས་ནས། །ཅི་མཛད་རྒྱལ་བའི་མཛད་པར་ལེགས་རྟོགས་ཏེ། །རྨད་བྱུང་ཕྲིན་ལས་སྒྲུབ་ལ་བརྩོན་པར་ཤོག །ཅེས་དང༌། སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར། །རྣམ་དག་བཤེས་གཉེན་དམ་པས་རྗེས་བཟུང་ནས། །གཞོན་ནུ་ཉིད་ནས་བསྟན་ལ་རབ་བྱུང་སྟེ། །ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་བར་ཤོག །བསྟན་པའི་རྩ་བ་སོ་སོར་ཐར་པ་ཡི། །བསླབ་བྱ་རྣམ་གསུམ་རིམ་གྱིས་སློབ་པ་དང༌། །ཐུབ་པའི་དབང་པོའི་གསུང་གི་མཛོད་འཛིན་ཕྱིར། །ངུར་སྨྲིག་གོས་མཆོག་རྟག་ཏུ་འཛིན་པར་ཤོག །རྒྱལ་བའི་སྲས་ཀྱི་སྤྱོད་པ་བསྒྲུབ་པའི་ཕྱིར། །གཞན་དོན་ལྷུར་མཛད་རྡོ་རྗེ་སློབ་དཔོན་ལ། །ཁྱད་པར་གཉིས་ལྡན་སེམས་བསྐྱེད་ལེགས་བླངས་ནས། །དམན་པའི་བསམ་པ་རིང་དུ་སྤོང་བར་ཤོག །སྐྱེ་བ་ཀུན་ཏུ་གཞན་དོན་ཁོ་ནའི་ཕྱིར། །སེར་སྣ་མེད་པར་མགོ་དང་རྐང་ལག་སོགས། །བདོག་པའི་དངོས་པོ་ཐམས་ཅད་གཏོང་བ་དང༌། །རྒྱལ་སྲས་རྣམས་ཀྱི་རྗེས་སུ་འཛིན་པར་ཤོག །ཐེག་མཆོག་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལ། །རྣམ་དག་ཆོ་གས་དབང་བཞི་ལེགས་བླངས་ནས། །དམ་

p. 30

ཚིག་སྡོམ་ལ་རིམ་གྱིས་སློབ་པར་ཤོག །བསྐྱེད་རྫོགས་ལམ་ལ་འབད་པ་ཆེར་བྱས་ཤིང༌། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླངས་པའི་མཐུས། །སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་དམ། །བར་དོར་ཕྱག་ཆེན་དངོས་གྲུབ་ཐོབ་པར་ཤོག །མདོར་ན་རྫོགས་པའི་སངས་རྒྱས་མ་ཐོབ་བར། །སྐྱེ་དང་སྐྱེ་བར་དལ་འབྱོར་ལུས་ཐོབ་ནས། །དམ་པས་རྗེས་བཟུང་ཟབ་མོའི་དོན་ལ་མཁས། །རྟག་ཏུ་གཞན་དོན་སྒྲུབ་ལ་བརྩོན་པར་ཤོག །དངོས་བརྒྱུད་བླ་མའི་ཐུགས་རྗེའི་བྱིན་རླབས་དང༌། །ཡི་དམ་ལྷ་ཚོགས་རྒྱལ་དང་དེ་སྲས་དང༌། །ཆོས་སྲུང་ནོར་ལྷའི་མཐུ་དང་བྱིན་རླབས་ཀྱིས། །བསམ་དོན་ཐམས་ཅད་ཆོས་བཞིན་འགྲུབ་པར་ཤོག །ཅེས་དང༌། སླར་ཡང་གསོལ་བ་གདབ་པ་ནི། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །བདག་གི་རྒྱུད་ལ་འབྲལ་མེད་བརྟན་བཞུགས་གསོལ། །དེ་ལྟར་གསོལ་བས་རྩ་བའི་བླ་མ་ཉིད། །དགྱེས་པ་ཆེན་པོས་རང་གི་སྤྱི་བོར་ཐིམ། །སྙིང་གར་པདྨ་འདབ་བརྒྱད་ཟླ་བའི་སྟེང༌། །བཞུགས་ནས་དུས་ཀུན་དངོས་གྲུབ་སྩལ་བར་གྱུར། །ཅེས་བརྗོད་ལ། དུས་རྟག་ཏུ་བྱིན་གྱིས་རློབ་ཅིང་མགོན་སྐྱབས་དང་དཔུང་གཉེན་མཛད་པ་ཡིན་སྙམ་དུ་བསམས་ལ་དད་པ་དང་མོས་པ་རྩེ་གཅིག་པ་དེ་ཉིད་ལ་ཡིད་ཅུང་ཟད་མཉམ་པར་བཞག ཐུན་ལས་ལྡང་བ་ན། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང༌། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང༌། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེངས་པ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གའི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་

p. 31

ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང༌། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་འདེབས་ན། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས། མྱུར་ཐོབ་ཤོག སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང༌། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་ཏེ། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་སོགས། མཆོག་གི་བཀྲ་ཤིས་ཤོག །ཅེས་དང༌། ཐུན་དང་ཐུན་མཚམས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱིས་བློ་སྣ་འཕྲོག་པས་དུས་འདའ་བར་བྱའོ། །གསང་ཆེན་རྒྱུད་སྡེའི་ཆུ་གཏེར་ཆེན་པོ་ལས། །བསླུ་མེད་རྗེ་བཙུན་མཆོག་གི་དེད་དཔོན་གྱིས། །མན་ངག་ནོར་བུའི་ཕྲེང་བ་ལེགས་བླངས་ཏེ། །ཀུན་གྱི་གཙུག་ཏོར་རྣལ་འབྱོར་འདི་ཡིན་ནོ། །སངས་རྒྱས་བསྟན་པ་རིན་ཆེན་རྙེད་དཀའ་ཞིང༌། །མི་ལུས་ཐོབ་ཀྱང་ཆོས་དང་མཇལ་བ་དཀའ། །ཆོས་ཀྱི་ནང་ནས་གསང་ཆེན་རྒྱ་མཚོའི་བཅུད། །རྣལ་འབྱོར་མཆོག་འདི་ཐོས་པ་ཤིན་ཏུ་དཀའ། །ཐོས་ཀྱང་ཡིད་ཆེས་ཉིན་མོའི་སྐར་མ་ཙམ། །ཡིད་ཆེས་ན་ཡང་མང་པོའི་ཚུལ་གྱིས་ཁེངས། །ཐོས་པའི་ཆང་གིས་མྱོས་ཤིང་རིག་པ་ཡིས། །ཀུན་ཏུ་དྲེགས་ཤིང་རྣམ་པར་གཡེང་བས་ན། །ཡིད་བཞིན་ནོར་བུ་མཆོག་འདི་སྤོང་དུ་དོགས། །མ་སྤངས་ན་ཡང་སྙོམ་ལས་ལེ་ལོས་ཁྱེར། །མིན་ཡང་ཕལ་ཆེར་བཏང་སྙོམས་བཞུགས་པ་ལས། །སྒྲུབ་པའི་རྒྱལ་མཚན་འཛིན་པ་ཆེས་ཆེར་དཀོན། །འགའ་ཞིག་གཞན་དོན་ལྟར་སྣང་བདུད་ཀྱིས་ཁྱེར། །ལ་ལ་ཅོལ་ཆུང་མན་ངག་མིག་དང་བྲལ། །ཁ་ཅིག་སྙིང་པོའི་དོན་གྱི་བརྡ་མི་གོ །གཞན་དག་ཆགས་སྡང་འཁྲུལ་པའི་དྲི་མས་གོས། །ཀྱེ་མ་ད་ནི་སྙིགས་མ་ལྔ་ཡི་དུས། །དལ་འབྱོར་ཆུད་ཟོས་སྟོང་ལོག་མ་བྱེད་པར། །འཁོར་བའི་སྡུག་བསྔལ་མི་རྟག་དྲན་བྱོས་ལ། །རྩེ་གཅིག་ཟབ་མོའི་ཏིང་འཛིན་སྒོམ་རེ་རན། །སྙོམ་ལས་ཕྱི་

p. 32

བཤོལ་བདུད་ཀྱིས་མ་ཁྱེར་བར། །མི་ཚེ་ཐོས་པར་བསྐྱལ་ཀྱང་དོན་གོ་ཆུང༌། །དེ་བས་སྙིང་པོའི་དོན་མཆོག་བླ་མ་བསྟེན། །ཐབ་དགུ་ཉོན་ལ་ཉམས་ལེན་གཅིག་ཏུ་དྲིལ། །རྣམ་གྲངས་མང་ཡང་དགོས་དུས་ཕན་མི་ཐོགས། །ཁ་བཤད་ཆོས་ཀྱི་བར་དོའི་འཕྲེང་མི་ཁེགས། །ཉམས་མྱོང་མེད་པས་འཆི་ཁར་ཙབ་ཙོབ་ལྡང༌། །གནད་གཅིག་མ་ཟིན་ཅལ་ཅོལ་མང་པོས་བསླུ། །དེས་ན་ཚེ་འདིའི་འདུན་མ་བློས་བཏང་ནས། །རྣལ་འབྱོར་ཟབ་མོ་འདི་ལ་ནན་ཏན་བྱ། །ཡེངས་མེད་བརྗེད་མེད་བླ་མ་སྤྱི་བོར་བསྒོམ། །ཁ་ཙམ་མིན་པར་སྙིང་ནས་ཡང་ཡང་བསམ། །དམྱལ་བར་སོང་ཡང་རེ་ས་གཞན་ན་མེད། །སྙིང་ནས་དད་གུས་ཁ་ཞེ་མཐུན་བྱས་ན། །ནམ་ཡང་མི་བསླུ་ཐུགས་རྗེས་མྱུར་བཟུང་ནས། །བདེ་ཆེན་མཆོག་གི་གནས་སུ་འདྲེན་པར་ངེས། །ཞེས་སོ། །རྒྱུད་སྡེ་འོག་མ་གསུམ་གྱི་ཡི་དམ་དང་བླ་མ་དབྱེར་མེད་དུ་ཉམས་སུ་ལེན་པར་འདོད་ན་མཆོད་པ་རྣམས་གཙང་ཞིང༌། རང་ཉིད་ཀྱང་ཁྲུས་སོགས་ཀྱི་གཙང་སྦྲ་ལ་གནས་པ་དང༌། མཆོད་པ་བྱིན་རླབས་རྒྱུད་སྡེ་འོག་མ་བཞིན་དང༌། ཕྱག་ཚིག་ཀྱང་ཕུང་ཁམས་སྐྱེ་མཆེད་ཀྱི་དག་པ་མི་བརྗོད། མཆོད་ཚིག་ཕྱི་མཆོད། རྒྱལ་སྲིད་སྣ་བདུན་དང༌། འདོད་ཡོན་ལྔ་ཐུན་མོང་བ་ལས་གཞན་མི་དགོས། དབང་བཞི་བླང་བའང་མེད་པ་སོགས་འདོར་ལེན་ཤེས་པར་བྱའོ། །འདིར་འབད་དགེ་བས་བདག་སོགས་འགྲོ། །བླ་མར་མཉེས་པ་གསུམ་བསྒྲུབས་ནས། །ཚེ་འདིར་བླ་མའི་གསང་ལམ་ནས། །རྡོ་རྗེ་འཛིན་སར་བགྲོད་པར་ཤོག །ཅེས་པ་འདིའང་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཞལ་སྐོང་དུ་བློ་གཏེར་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།

ཐང་རྒྱལ་ལུགས་ཀྱི་བླ་མ་རྡོ་རྗེ་འཆང་གི་སྒོམ་ལུང་མཆོད་ཆོག་དང་བཅས་པ།

p. 33

ཐང་རྒྱལ་ལུགས་ཀྱི་བླ་མ་རྡོ་རྗེ་འཆང་གི་སྒོམ་ལུང་མཆོད་ཆོག་དང་བཅས་པ་བཞུགས་སོ།།

p. 34

ཨོཾ་ཨཱཿཧཱུྃ། འདིར་གྲུབ་ཐོབ་ཆེན་པོས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལས་དངོས་སུ་གསན། ལས་ཅན་གྱི་གདུལ་བྱ་སངས་རྒྱས་ཀྱི་ཉེ་ལམ་ལ་བཀོད་པའི་ལམ་ཟབ་མོ་བླ་མའི་སྒྲུབ་པ་ལ། སྔོན་འགྲོ། མ་ནམ་མཁའ་མའི་གསོལ་འདེབས་ཡང་རྩེ་གཅིག་པས་བརྒྱ་སྟོང་མང་དུ་བྱས་རྗེས། ཚོགས་དྲུག་སྒྱུ་མའི་ལམ་ཆད་པའི་རང་རིག་རྗེན་པའི་མདངས་དེར། སྐད་ཅིག་ཡིད་འགྱུས་ལ་རང་གང་དུ་འདུག་པའི་གནས་ཁང་བླ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པའི་གནས་མཆོག་ཏུ་ཤར་བའི་མདུན་གྱི་ནམ་མཁར། སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། ཆོས་ཐམས་ཅད་རྩ་བ་གཅིག་ཏུ་འདུས་པའི་བརྡར། དྲིན་ཅན་རྩ་བའི་བླ་མ་ཉིད་ཆོས་སྐུ་རྡོ་རྗེ་འཆང་ཡབ་ཡུམ་ནམ་མཁའ་སྤྲིན་གྱིས་མ་གོས་པ་ལྟར་སྔོ་ལ་དྭངས་པ། རྡོ་རྗེ་དང་དྲིལ་བུ་བསྣོལ་མར་འཛིན་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། མཚན་དང་དཔེ་བྱད་གཟི་འོད་འབར་བ། ཡབ་རྡོ་རྗེ་སྐྱིལ་ཀྲུང་དང༌། ཡུམ་པདྨའི་འདུག་སྟངས་ཀྱིས་འཁྱུད་པ། སྐུའི་བ་སྤུའི་ཁུང་བུ་གཅིག་ཏུ་ཡང༌། སངས་རྒྱས་ཀྱི་ཞིང་རབ་འབྱམས་སྣང་ཞིང༌། སྐུ་ལས་སྤྲོས་པའི་འོད་ཟེར་གཅིག་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་

p. 35

ཡོངས་སུ་ཁྱབ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་དག་ལས་འོད་འཕྲོས། དབང་བསྐུར་དང༌། སེམས་ངོ་སྤྲད་པ་མན་ཆད་ནས། ཀ་ཁ་ཡིག་ངོ་བསྟན་པ་ཡན་ཆད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། དཔལ་མགོན་ཆོས་སྐྱོང་སྲུང་མ། གནོད་སྦྱིན་ནོར་ལྷ། དཔའ་བོ་མཁའ་འགྲོ་སོགས་སྐྱབས་ཡུལ་ཁྱད་པར་ཅན་ཐམས་ཅད་སྤྱན་དྲངས་ནས་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས། གསོལ་བ་བཏབ་ན་སྨོས་ཅི། མཚན་ཙམ་ཐོས་པས་ཀྱང་ངན་འགྲོའི་སྒོ་ཁེགས་ཤིང༌། ཕྱིར་མི་ལྡོག་པའི་ས་ལ་འགོད་པར་མཛད་པའི་བདག་ཉིད་ཅན་དུ་སྙིང་ནས་ངེས་ཤེས་བསྐྱེད་ཅིང་མོས་གུས་དུང་དུང་པ་བྱས་ལ། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དབང་བཞིའི་རྟོགས་པ་ཆིག་ཆོད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ལྟོས་མེད་བཞི་ལ་རང་རྒྱུད་

p. 36

འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་བཞིའི་རྟེན་འབྲེལ་ཚེ་འདིར་འགྲིགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ། སྟན་ཐོག་འདི་ཉིད་དུ། ཕྱི་དུས་ལ་མ་ལྟོས་པར་མངོན་སུམ་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མའི་དཔྲལ་མགྲིན་སྙིང་ག་ནས་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བྱོན། རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་གོང་མ་གསུམ་ཐོབ་པར་མོས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་ཅག་མོས་པ་དག་པའི་གདུལ་བྱ་ལ། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་ཞུགས་ཏེ། མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བླ་མ་རང་ལ་ཐིམ། དབང་བཞི་པ་ཐོབ། དམ་ཚིག་ཉམས་ཆག་ཐམས་ཅད་གསོས་པར་མོས། དེ་ནས་འཕོ་བ་ཐར་པའི་སྒོ་འབྱེད་བསྒོམ་སྟེ། རང་ལུས་བུམ་ནང་ལྟ་བུའི་ནང་ནས་རང་སེམས་བླ་མར་ཤར་བ་བྱ་འཕུར་གྱིས་སྤྱི་བོ་ཚངས་སྒོའི་རྒྱ་དཀར་ནས་རྒྱངས་ཏེ་ཐོན། དག་པའི་ཞིང་དུ་གཤེགས་པར་བསམ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་བྱའོ། །། གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྡོ་རྗེ་འཆང་ལས་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། གྲུབ་ཆེན་ལྕགས་ཟམ་པ་ཆེན་པོ། སྟག་ལུང་པ་བདེ་ཆེན་དཔལ་བཟང༌། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། འཇམ་མགོན་ཀུན་དགའ་གྲོལ་མཆོག ངག་དབང་ཉི་ཟླ་བཟང་པོ། རྗེ་དཔོན་ངག་དབང་ཉི་མ། ཀུན་དགའ་བསོད་ནམས་དབང་ཕྱུག རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ར་སྨད་མཁན་ཆེན་ངག་དབང་བསོད་ནམས་མཆོག་གྲུབ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། དེས་བདག་པདྨ་

p. 37

བཤེས་གཉེན་ལའོ།། ༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང༌། །མཁྱེན་བརྩེའི་དབང་པོ་དབྱེར་མེད་པའི། །རྡོ་རྗེ་འཆང་ལ་གུས་བཏུད་ནས། །མཉེས་བྱེད་མཆོད་པའི་ཆོ་ག་བྲི། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་གཙང་མར་རྒྱན་དང་ཡོད་བྱད་ཀྱི་བཀོད་པས་སྤྲས་པའི་གུང་དུ་ཚོགས་ཀྱི་རྟེན་བྲིས་སྐུ་ལ་སོགས་པ་བཞུགས་སུ་གསོལ་བའི་སྤྱན་སྔར། མཎྜལ། ཆུ་གཉིས་ཉེར་སྤྱོད་གཙོ་བོར་གྱུར་པའི་མཆོད་རྫས་ཅི་ཙམ་འབྱོར་པ་དག་གཙང་ཞིང་དག་ལ་སེར་སྣས་མ་སྤགས་པ་བཤམ་མོ། །དངོས་གཞི་ངག་འདོན་ལ། ཐོག་མར་མཆོད་པ་བྱིན་གྱིས་བརླབ་པ་ནི། བསངས་ཆུ་ལ་དམིགས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཉེར་གཅིག་ཙམ་གྱིས་བྱིན་བརླབས་ལ་འཐོར་ཏེ་སྔགས་དེ་ཉིད་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བཟང་ཞིང་དགེ་བ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཞེས་རོལ་མོས་བྱིན་དབབ། སྐྱབས་འགྲོ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། ཞེས་ཉེར་གཅིག་

p. 38

ལ་སོགས་པ་ཅི་ནུས་དང༌། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མ་མཆོད་པའི་ཆོ་ག་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་བཞི་བསྒོམ། དེ་ནས་ཚོགས་རྟེན་སྒྲུབ་པ་ནི། ཚོགས་དྲུག་སྒྱུ་མའི་ལམ་ཆད་པའི་རང་རིག་རྗེན་པའི་མདངས་དེར། སྐད་ཅིག་ཡིད་འགྱུས་ལ་རང་གང་དུ་འདུག་པའི་གནས་ཁང་བླ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པའི་གནས་མཆོག་ཏུ་ཤར་བའི་མདུན་གྱི་ནམ་མཁར། སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། ཆོས་ཐམས་ཅད་རྩ་བ་གཅིག་ཏུ་འདུས་པའི་བརྡར། དྲིན་ཅན་རྩ་བའི་བླ་མ་ཉིད་ཆོས་སྐུ་རྡོ་རྗེ་འཆང་ཡབ་ཡུམ་ནམ་མཁའ་སྤྲིན་གྱིས་མ་གོས་པ་ལྟར་སྔོ་ལ་དྭངས་པ། རྡོ་རྗེ་དང་དྲིལ་བུ་བསྣོལ་མར་འཛིན་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། མཚན་དང་དཔེ་བྱད་གཟི་འོད་འབར་བ། ཡབ་རྡོ་རྗེ་སྐྱིལ་ཀྲུང་དང༌། ཡུམ་པདྨའི་འདུག་སྟངས་ཀྱིས་འཁྱུད་པ། སྐུའི་བ་སྤུའི་ཁུང་བུ་གཅིག་ཏུ་ཡང༌། སངས་རྒྱས་ཀྱི་ཞིང་རབ་འབྱམས་སྣང་ཞིང༌། སྐུ་ལས་སྤྲོས་པའི་འོད་ཟེར་གཅིག་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་དག་ལས་འོད་འཕྲོས། དབང་བསྐུར་དང༌། སེམས་ངོ་སྤྲད་པ་མན་ཆད་ནས། ཀ་ཁ་ཡིག་ངོ་བསྟན་པ་ཡན་ཆད་ཀྱི་བླ་མ་

p. 39

ཡི་དམ་ཞི་ཁྲོ་རབ་འབྱམས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། དཔལ་མགོན་ཆོས་སྐྱོང་བའི་སྲུང་མ། གནོད་སྦྱིན་ནོར་ལྷ། དཔའ་བོ་མཁའ་འགྲོ་སོགས་སྐྱབས་ཡུལ་ཁྱད་པར་ཅན་ཐམས་ཅད་སྤྱན་དྲངས་ནས་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས། གསོལ་བ་བཏབ་ན་སྨོས་ཅི། མཚན་ཙམ་ཐོས་པས་ཀྱང་ངན་འགྲོའི་སྒོ་ཁེགས་ཤིང༌། ཕྱིར་མི་ལྡོག་པའི་ས་ལ་འགོད་པར་མཛད་པའི་བདག་ཉིད་ཅན་དུ་སྙིང་ནས་ངེས་ཤེས་བསྐྱེད་ཅིང་མོས་གུས་དུང་དུང་པ་བྱས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ། །བདེ་སྟོང་ཟུང་འཇུག་རྡོ་རྗེ་འཆང༌། །རིགས་ཀུན་ཁྱབ་བདག་ཞབས་ལ་འདུད། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན། །ཟག་མེད་བདེ་ཆེན་སྒྱུ་མའི་སྐུ། །བདེ་གཤེགས་ཐམས་ཅད་སྐྱེད་པའི་ཡུམ། །རྡོ་རྗེ་བཙུན་མོ་ལ་ཕྱག་འཚལ། །ཞེས་དང༌། ཀུན་རྫོབ་བདེན་པ་ལ་ཕྱག་འཚལ། །དོན་དམ་ཁྱོད་ལ་ཕྱག་འཚལ་ལོ། །བདེན་གཉིས་དབྱེར་མེད་ལ་ཕྱག་འཚལ། །རྡོ་རྗེའི་སྐུ་ཁྱོད་ལ་ཕྱག་འཚལ། །སྐུ་དང་གསུང་དང་ཐུགས་ནི་དག །སྐུ་ནི་གདོད་ནས་ནམ་མཁའི་སྐུ། །རྣམ་པར་མི་རྟོག་དམིགས་པ་མེད། །རང་བཞིན་མེད་པ་ཁྱོད་ཕྱག་འཚལ། །དགེ་དང་མི་དགེའི་རྣམ་རྟོག་དང༌། །ཡིད་ལ་བྱེད་དང་སེམས་པ་མེད། །རང་བཞིན་གྱིས་ནི་ནམ་མཁའི་ཚུལ། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །འཁོར་བའི་སྒྲུབ་པས་འཁོར་གྱུར་པའི། །ཕུང་པོ་ལྔ་ནི་རྣམ་པར་དག །

p. 40

སངས་རྒྱས་ལྔ་ཡི་ངོ་བོ་ཉིད། །ནམ་མཁར་གནས་པ་ཁྱོད་ཕྱག་འཚལ། །ཡོངས་སུ་མི་ཤེས་འཁོར་བ་ཡི། །རྒྱ་མཚོར་འཁྱམས་པའི་ལུས་ཅན་ཕྱིར། །ཡོངས་ཤེས་སྐྱེ་བ་འཛིན་པ་ཡི། །དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །རྟག་དང་མི་རྟག་སོགས་རྣམས་ལ། །རྟག་དང་མི་རྟག་སོགས་རྣམས་ཀྱིས། །རྣམ་དག་ལམ་སྟོན་ལ་མཁས་པ། །རྡོ་རྗེ་སློབ་དཔོན་ཁྱོད་ཕྱག་འཚལ། །རང་གི་སྡེ་དང་གཞན་གྱི་སྡེ། །ལྟ་བའི་རིམས་ཀྱིས་བཏབ་པ་ཡི། །ནད་པ་རྣམས་ནི་གསོ་མཛད་པ། །སྨན་པའི་རྒྱལ་པོ་ཁྱོད་ཕྱག་འཚལ། །སྣ་ཚོགས་རྣམ་པར་རྟོག་པ་ཡི། །འདམ་གྱིས་མ་གོས་གཙང་བའི་སྐུ། །འོད་གསལ་བར་ནི་ངང་གིས་གནས། །པདྨ་ཆེན་པོ་ཁྱོད་ཕྱག་འཚལ། ཞེས་པ་ནམ་མཁའ་ཆེན་པོའི་རྒྱུད་ལས་འབྱུང་བ། རྡོ་རྗེ་འཆང་ཆེན་པོའི་བསྟོད་པ། ཕྱག་ན་རྡོ་རྗེས་མཛད་པ་དང༌། རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་པ་མེད། །ཕུན་ཚོགས་གསུང་དབྱངས་ཤེས་བྱ་མ་ལུས་ཁྱབ། །ཟབ་དང་རྒྱ་ཆེའི་དེ་ཉིད་མཁྱེན་པའི་ཐུགས། །རྡོ་རྗེ་གསུམ་དངོས་དཔལ་ལྡན་བླ་མར་འདུད། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་ནས་སྤངས། །དག་པ་གཉིས་ལྡན་ཡོན་ཏན་ཐམས་ཅད་རྫོགས། །རང་གཞན་དོན་གྱུར་སྐུ་གཉིས་མངོན་མཛད་པ། །འཁོར་འདས་མ་ལུས་སྤྲུལ་པར་མཛད་ལ་འདུད། །གཡོ་མེད་སེམས་ཀྱིས་བསྟེན་ན་སྐད་ཅིག་ལ། །བྱིན་གྱིས་བརླབས་པས་བླ་མེད་བྱང་ཆུབ་ལམ། །ཡང་ན་འདོད་པ་མཆོག་དང་ཐར་པ་ཡི། །དམ་པ་ངེས་པར་སྦྱིན་མཛད་ཁྱོད་ལ་འདུད། །ལྷན་སྐྱེས་ཟུང་འཇུག་སྲིད་གསུམ་བདེ་ཆེན་དངོས། །དམིགས་མེད་ཐུགས་རྗེས་ཁམས་གསུམ་འགྲོ་ཀུན་སྒྲོལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཟད་མི་མངའ། །ཆོས་དབྱིངས་རྣམ་དག་གཡོ་མེད་ཁྱོད་ལ་འདུད། །ཉིད་ཀྱི་ཡེ་ཤེས་གཅིག་གི་རང་སྣང་ལས། །མ་ལུས་རྒྱལ་བ་སྲས་བཅས་སྤྲིན་སྤྲོ་བ། །བདེན་པ་གཉིས་ཀྱི་རྣམ་ཐར་ཚད་མི་མངའ། །སངས་རྒྱས་ཐམས་

p. 41

ཅད་འདུས་པའི་ངོ་བོར་འདུད། །བདུད་དཔུང་འཇོམས་མཛད་སྨུག་ནག་ཁྲོ་བོའི་སྐུ། །ལྟ་བའི་གདིང་ལྡན་བརྟུལ་ཞུགས་སྤྱོད་པ་སྐྱོང༌། །སྦས་པའི་རྣལ་འབྱོར་འགྲོ་བ་ཡོངས་ཀྱི་མགོན། །ཨོ་རྒྱན་ལུང་བསྟན་སྐྱེས་མཆོག་སྤྲུལ་པའི་སྐུ། །ཐང་སྟོང་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱི་མཆོད་འབུལ་བ་ནི། མདོག་བཟང་དབྱིབས་ལེགས་ཚིམས་པའི་དྲི་བསུང་ཅན། །མནྡཱ་ར་དང་ཨུཏྤལ་ཀུ་མུད་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་བཱ་ར་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རྒྱུ་བཟང་མནམས་ན་ཞིམ་པའི་དྲི་ངད་ཅན། །ཨ་ག་རུ་དང་ཙནྡན་སྦྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་བཱ་ར་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མུན་སེལ་དངོས་ཀུན་གསལ་བའི་གཟི་བརྗིད་ཅན། །སྒྲོན་མ་ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སྣང་གསལ་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་བཱ་ར་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲི་ཞིམ་བྱུག་ན་བདེ་བའི་རེག་མཆོག་ཀུན། །ག་བུར་གླ་རྩི་མནོམས་པའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་དྲི་མཆོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་

p. 42

རི་བཱ་ར་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མདོག་བཟང་མྱངས་ན་བདེ་བའི་རོ་བཅུད་ཅན། །འབྲས་ཆན་ཀ་ར་རྒྱ་གཏར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་བཱ་ར་ནཻ་ཝི་དྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་དང་ཕེག་རྡོབ་རྒྱུད་མངས་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་བཱ་ར་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེ་སྐུ་ཐོབ་ཤོག །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་བཱ་ར་བཛྲ་ཝསྟྲ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བར་འདིར་མཎྜལ་ཚོམ་བུ་སོ་བདུན་མ་སྤྱི་མཐུན་རྒྱས་པ་དང༌། བཀོད་པ་ཤིན་ཏུ་མཛེས་པའི་མཎྜལ་མཆོག །དབུས་ཀྱི་རི་རྒྱལ་གླིང་བཞི་གླིང་ཕྲན་བཅས། །གསལ་བྱེད་ཉི་མ་ཟླ་བས་བསྐོར་ཞིང་མཛེས། །ཕྱི་རོལ་ལྕགས་རི་བར་ནི་རོལ་མཚོས་བརྒྱན། །རིན་ཆེན་དཔག་བསམ་ཤིང་དང་འདོད་འཇོའི་བ། །རྒྱལ་སྲིད་སྣ་བདུན་རིན་ཆེན་གཏེར་དང་བརྒྱད། །མ་རྨོས་ལོ་ཏོག་ཡན་ལག་བརྒྱད་ལྡན་ཆུ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་བསམ་མི་ཁྱབ། །དགའ་དང་སྤྲོ་བ་སྐྱེད་པའི་མཎྜལ་འདི། །དོན་གཉིས་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བརྩོན་པའི་སྟོབས་ཀྱིས་བླ་མ་ཡི་དམ་དང༌། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་དབུལ་བར་བྱ། །སངས་རྒྱས་ཀུན་གྱི་གདུང་འཛིན་རྣལ་འབྱོར་པས། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །ཉེས་སྐྱོན་དྲི་མའི་ཚོགས་རྣམས་ཀུན་སྤངས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་མཎྜལ་བཀའ་རྒྱ་མའང་འབུལ། འཁོར་ལོ་ནོར་བུ་བཙུན་མོ་དམ་པ་དང༌། །བློན་པོ་གླང་པོ་རྟ་མཆོག་དམག་དཔོན་སྟེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་དཔག་མེད་ཀྱང༌། །མངོན་པར་སྤྲུལ་ནས་བླ་མ་མཆོག་ལ་འབུལ། །རལ་གྲི་པགས་པ་སྐྱེ་ཚལ་ཁང་ཁྱིམ་དང༌། །གཟིམས་ཆ་གོས་དང་མཆིལ་

p. 43

ལྷྭམ་རིན་པོ་ཆེ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་བཅས་ལ་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་རྣམས་ཀྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་སྟེར་མ། །མེ་ལོང་པི་ཝང་སྤོས་ཁང་བཟའ་བཏུང་སྣོད། །རས་ཕྲན་བཟང་དང་པདྨ་བྷཉྫ་ནཾ། །ཅང་ཏེའུ་སྒྲ་སྒྲོག་ཁ་ཊྭཱཾ་ལ་བརྟེན་མ། །དཀར་སྔོ་སེར་དང་དམར་དང་ལྗང་བའི་གཟུགས། །གཟུགས་མཛེས་དབྱངས་སྙན་དྲི་ལྡན་བཅུད་ལྡན་མ། །བདེ་ལྡན་ལང་ཚོས་དྲེགས་པའི་སྨིན་ལེགས་མ། །ནམ་མཁའ་གང་བས་བླ་མ་ལྷ་ཚོགས་མཆོད། །བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་གསལ་མ། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །རྒོད་དང་སྒེག་དང་གླུ་ལེན་གྲོ་གར་མཁན། །མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་མ། །གཟུགས་མ་རོ་མ་རེག་མ་ཆོས་འབྱུང་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །རྡོ་རྗེ་རིག་མ་དགའ་བས་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ཁྲུས་ཀྱི་རྫིང་བུ་དམ་པ་དང༌། །རེག་ན་བདེ་བ་ལྷ་ཡི་གོས། །མཁའ་ལྡིང་ཁྱུ་མཆོག་རྨ་བྱ་དང༌། །གླང་པོ་རྟ་སོགས་ཐེག་པའི་མཆོག །དགོས་འདོད་འབྱུང་བའི་འདོད་འཇོའི་བ། །མ་རྨོས་འཁྲུངས་པའི་མེ་ཏོག་དང༌། །དཔག་བསམ་ཤིང་དང་འབྲས་བུའི་མཆོག །བུམ་བཟང་ནམ་མཁའ་གང་བས་མཆོད། །བདག་གིས་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཀུན་ཡང་འབུལ། །གསེར་དངུལ་མུ་ཏིག་བཻ་ཌཱུརྻ། །རིན་ཆེན་ཞིང་རྣམས་བཀང་ནས་འབུལ། །དབང་སྔོན་རྡོ་རྗེ་པདྨ་དམར། །མརྒད་བྱེ་རུ་ཛམྦུའི་གསེར། །ཟླ་ཤེལ་རིན་ཆེན་བདུན་གྱི་རི། །ཞིང་གི་རྡུལ་སྙེད་འབུལ་བར་བགྱི། །ཨུཏྤལ་པདྨ་ཁ་དོག་ལྔ། །ཛཱ་ཏི་ཁ་དོག་རྣམ་པ་གསུམ། །མེ་ཏོག་ཀརྞྀ་ཀ་ར་དང༌། །མཱ་ལི་ཀ་དང་ཡུ་ཐི་ཀ །མེ་ཏོག་ཀ་ར་ཝཱི་ར་ཡང༌། །བསམ་གཏན་སྟོབས་ཀྱིས་ཁྱོད་ལ་འབུལ། །

p. 44

མི་འཇིགས་སེང་གེ་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་མཆོག་དང༌། །རྣ་རྒྱན་དང་ནི་གདུ་བུ་དང༌། །མགུལ་རྒྱན་སོར་གདུབ་དམ་པ་དང༌། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །དབུ་རྒྱན་དར་དབྱངས་དོ་ཤལ་བཅས། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་གནག་དང་སེར་སྐྱ་དང༌། །དེ་བཞིན་གོས་ནི་སྣ་ཚོགས་དང༌། །མེ་ཏོག་ཕྲེང་བ་དུ་མ་དང༌། །བླ་བྲེ་དག་ལས་དར་དཔྱངས་པའི། །མདའ་དང་ཡོལ་བས་ཤིན་ཏུ་མཛེས། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་པས་མཆོད་པར་བྱ། །གསེར་ནི་བརྒྱ་སྟོང་དུ་མ་དང༌། །རིན་ཆེན་རྣམ་པ་སྣ་ཚོགས་དང༌། །རས་ནི་ཟུང་གྱུར་བརྒྱ་ཉིད་དང༌། །གླང་པོ་རྟ་དང་ཡུལ་འཁོར་དང༌། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་དང༌། །བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །སྒྲོན་མ་ལྔ་ཡི་བཟའ་བ་ནི། །སངས་རྒྱས་ཀུན་གྱི་དམ་ཚིག་གཙོ། །ཉེས་བྲལ་ཞི་བའི་བཏུང་བ་མཆོག །སྦྲང་རྩི་བུ་རམ་འབྲུ་དང་ཤིང༌། །བཅོས་པའི་མྱོས་བྱེད་རྣམ་པ་ལྔ། །ཤེས་རབ་རང་བཞིན་དབུལ་བར་བགྱི། །ཨོཾ་ཨཱཿཧཱུྃ། ཐབས་ཤེས་ལྷན་ཅིག་སྦྱོར་བ་ལས། །རང་བཞིན་སྣང་བ་ཡོངས་དག་པའི། །ཞུ་བདེས་ཁམས་གསུམ་ཀུན་ཁྱབ་པ། །གསང་བའི་མཆོད་པས་མཉེས་པར་བགྱི། །ཞེས་མཆོད་པའི་ཚོགས་ཕུལ་ནས། བསྟོད་པ་ནི། རིགས་ཀུན་བདག་ཉིད་ཐོག་མ་ཐ་མ་མེད། །དངོས་གཅིག་བརྟན་གཡོ་ཀུན་ཁྱབ་ཟུང་དུ་འཇུག །རང་བཞིན་འོད་གསལ་བདེ་ཆེན་ཡེ་ཤེས་སྐུ། །ཁྱབ་བདག་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །སྤྲོས་པ་ཀུན་བྲལ་སྟོང་ཉིད་སངས་རྒྱས་ས། །རྡོ་རྗེ་བཙུན་མོའིབྷ་ག་གསང་བའི་དབྱིངས། །ཆོས་འབྱུང་ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །གདོད་ནས་མངོན་བྱང་ཆུབ་ལ༴ །གཉིས་མེད་གཡོ་

p. 45

བ་མེད་དང་རིས་མེད་དང༌། །འདོད་དང་མཆོག་ཏུ་མི་འགྱུར་འདོད་ཆགས་ཆེ། །དངོས་དང་དངོས་པོ་མེད་པ་ཟད་པ་དང༌། །ཡེ་ཤེས་དང་ནི་སེམས་དཔའ་ཀུན་ཏུ་བཟང༌། །ཉོན་མོངས་མེད་དང་ཉོན་མོངས་ཆེན་པོ་དང༌། །ལྷན་སྐྱེས་དཔལ་ལྡན་བྱང་སེམས་ཐིག་ལེ་འཛིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང༌། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་མཚན། །རྣམ་གྲངས་དུ་མར་ལྡན་ལ༴ སྟོང་ཉིད་སྙིང་རྗེ་དབྱེར་མེད་མི་འགྱུར་བའི། །བདེ་བ་ཆེན་པོ་ཡོད་མེད་མཐའ་བཞི་ལས། །རྣམ་གྲོལ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །དོན་དམ་ཡེ་ཤེས་སྐུ་ལ༴ ཤེས་དང་ཤེས་བྱ་གཅིག་གྱུར་སྤྲོས་པའི་མཐའ། །ཀུན་ལས་རབ་འདས་རྒྱུ་འབྲས་མ་ལུས་པ། །ཡེ་ཤེས་གཅིག་གིས་གཅིག་ཅར་གཟིགས་གྱུར་པ། །དཔེ་བྲལ་ཆོས་ཀྱི་སྐུ་ལ༴ སྟོང་ཉིད་སྒྲ་བརྙན་ཤར་བའི་ཉིན་མོར་བྱེད། །ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་ནི། །སྣང་ལ་རང་བཞིན་མ་གྲུབ་མཁའ་ལྟར་ཁྱབ། །ལོངས་སྤྱོད་ཡོངས་སུ་རྫོགས་ལ༴ བཟོ་སྐྱེ་མཆོག་སོགས་དག་དང་མ་དག་པའི། །གཟུགས་བརྙན་པདྨ་འདབ་མ་རྒྱས་པའི་སྤྱན། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །གང་ལ་གང་འདུལ་སྟོན་ལ༴ སྣ་ཚོགས་གཟུགས་དང་རྣམ་པ་ཐམས་ཅད་གསུང༌། །མི་འགྱུར་བདེ་བ་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་ཟུང་འཇུག་གསང་བ་བསམ་མི་ཁྱབ། །མི་ཟད་རྒྱན་གྱི་འཁོར་ལོར༴ རིགས་དྲུག་བདེན་དོན་རྣམ་པ་བཅུ་གཉིས་དང༌། །དེ་ཉིད་བཅུ་དྲུག་རིགས་བརྒྱ་མཐའ་ཡས་རིགས། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་པ། །རིགས་ཀུན་ཁྱབ་བདག་དེ་ལ༴ ཆོས་རྣམས་ཀུན་ལ་ཉེ་རིང་མེད་པར་ཁྱབ། །འགྲོ་ཁམས་ཟད་མེད་རྗེས་སུ་འཛིན་པ་ལ། །འཕེལ་འགྲིབ་མི་མངའ་རྟག་པར་བཞུགས་ནས་སུ། །རྩོལ་མེད་དོན་ཆེན་སྒྲུབ་ལ༴ གཞི་དུས་རང་བཞིན་འོད་གསལ་ངོ་བོ་ཉིད། །ལམ་དུས་ཟག་མེད་བདེ་སྟོང་རྣལ་འབྱོར་གྱིས། །བྲལ་འབྲས་དག་པ་

p. 46

གཉིས་ཀྱི་མཐར་ཐུག་པ། །སྤངས་པ་ཆེན་པོ་དེ་ལ༴ སྒྱུ་མ་རྨི་ལམ་པྲ་ཕབ་བརྒྱད་བཞིན་དུ། །ཇི་སྙེད་ཤེས་བྱ་རྟོག་བྲལ་མ་འཁྲུལ་གཟིགས། །ཆོས་ཅན་ཇི་ལྟ་བ་ཉིད་མངོན་གྱུར་པའི། །རྟོགས་པ་ཆེན་པོ་དེ་ལ༴ ནམ་མཁའ་ཇི་སྲིད་འགྲོ་བ་མ་ལུས་པའི། །དོན་རྣམས་འབད་མེད་ལྷུན་གྱིས་གྲུབ་པ་ཡི། །དམིགས་མེད་ཐུགས་རྗེ་ཆད་པ་མེད་པར་འཇུག །སེམས་དཔའ་ཆེན་པོ་དེ་ལ༴ ས་ཆུ་མེ་རླུང་ནམ་མཁའ་ཉི་ཟླ་དང༌། །རྣམ་པར་ཤེས་པ་སྒྲིབ་བྲལ་དག་པ་ཡི། །མཐའ་ཡས་སྟོབས་དང་ནམ་ཡང་སྐྱོན་མེད་སོགས། །ཡོན་ཏན་བརྒྱད་ལྡན་དེ་ལ༴ རྟག་པ་དང་ནི་མི་གདུང་རབ་ཏུ་བསིལ། །གཅིག་པུ་འགྱུར་མེད་བདེ་ལྡན་དྲི་མ་མེད། །དགའ་དང་རྟག་ཏུ་མཉམ་འཇོག་ཡིད་དྭང་བ། །རོ་མྱང་བརྒྱད་དང་ལྡན་ལ༴ །བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས་ལྡན་ཅིང༌། །རྫུ་འཕྲུལ་མཐའ་ཡས་གནས་སྐབས་ཀུན་ཏུ་ཁྱབ། །གནས་གྱུར་དོན་སྒྲུབ་བྱང་ཆུབ་སྐྱེད་མཛད་པ། །དབང་ཕྱུག་བརྒྱད་དང་ལྡན་ལ༴ །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་བ་ཆེ། །རང་བཞིན་མ་མཆིས་སྙིང་རྗེས་ཡོངས་སུ་གང༌། །སྐུ་དང་ཡེ་ཤེས་མི་འཆད་མི་འགོག་པའི། །ཡན་ལག་བདུན་དང་ལྡན་ལ༴ །གཟུགས་ཕྲ་རེག་པ་ཡང་ཞིང་ཀུན་ཏུ་ཁྱབ། །ཡང་དག་ཐོབ་བརྙེས་རབ་གསལ་བརྟན་དང་ལྡན། །དབང་ཕྱུག་ཆེན་པོ་འདོད་རྒུར་སྒྱུར་བར་མཛད། །ཁྱད་འཕགས་བརྒྱད་ལྡན་དེ་ལ༴ །རང་བཞིན་མེད་ཅིང་རང་རིག་འཕེལ་བ་དང༌། །འགྲིབ་པ་མ་མཆིས་རྣམ་པར་མི་རྟོག་པར། །དངོས་པོ་ཀུན་གྱི་གཟུགས་བརྙན་སྣང་བ་ཡི། །ཟབ་པའི་ཡེ་ཤེས་ལྡན་ལ༴ །བསོད་ནམས་ཡེ་ཤེས་དེ་ཡི་སྤྱོད་ཡུལ་སྣང༌། །ཆོས་ཀུན་ལ་དམིགས་ཐམས་ཅད་རྣམ་པས་འཇུག །ཀུན་ནས་ཐམས་ཅད་དོན་སྤྱོད་ཕྲིན་ལས་ཏེ། །རྒྱ་ཆེའི་ཡེ་ཤེས་རྫོགས་ལ༴ །ཡུལ་དང་དུས་ལ་ཉེ་རིང་མ་མཆིས་ཤིང༌། །ངོ་བོ་དབྱེར་མེད་དེ་ཉིད་ཐ་མི་དད། །ཆོས་ཀུན་མི་རྟོག་མཉམ་པ་ཉིད་གཟིགས་པས། །ཁྱབ་པའི་

p. 47

ཡེ་ཤེས་བརྙེས་ལ༴ །རྒྱུན་མི་འཆད་ཅིང་འགོག་པའི་ཆོས་མི་མངའ། །ཕྲ་རབ་རྡུལ་དང་འགྱུར་བ་གཏན་ནས་སྤངས། །རྒྱལ་སྲས་ཀྱིས་ཀྱང་བསམ་པའི་ཡུལ་ལས་འདས། །རྟག་པའི་ཡེ་ཤེས་ལྡན་ལ༴ །ཁ་སྦྱོར་སྐུ་དང་འགྱུར་མེད་བདེ་བའི་ཐུགས། །རྣམ་པ་སྙིང་རྗེ་རྟོག་པའི་ཉེ་སྦྱོར་ཐིམ། །རླུང་འགག་ཞུ་བདེ་མངོན་གྱུར་བྱང་ཆུབ་སེམས། །མི་འགྱུར་བདེ་བ་རྫོགས་ལ༴ །སྟོང་ཉིད་ལས་སྐྱེས་ལས་སྣང་སྡུག་བསྔལ་འགོག །གར་ཡང་ཕྱིན་ཅིང་གཡོ་མེད་རླུང་སེམས་གཟུགས། །ཤེས་བྱ་མི་འགལ་མཚན་དཔེ་རྫོགས་པའི་སྐུ། །རང་འདྲའི་སྤྲིན་ཕུང་འཕྲོ་ལ༴ །གཉིས་ཀ་མ་ཡིན་མི་རྟོག་ཆོས་ཀུན་གྱི། །རང་བཞིན་ལ་ཞུགས་དག་པ་རབ་འབྱམས་སྣང༌། །ཀུན་ཏུ་དོན་མཛད་གོ་འཕང་མི་གཡོ་བ། །ཟུང་འཇུག་ཡན་ལག་རྫོགས་ལ༴ །ཡེ་ཤེས་གཅིག་གིས་ཆོས་ཀུན་སྒྲིབ་མེད་གཟིགས། །ཤེས་བྱ་མཉམ་ཉིད་ཇི་སྙེད་མ་འདྲེས་རྟོག །གདུལ་བྱ་འདུལ་མཁྱེན་ཀུན་ལ་རྣམ་མི་རྟོག །ཡེ་ཤེས་ལྔ་དང་ལྡན་ལ༴ །སྟོབས་བཅུ་མི་འཇིགས་བཞི་དང་མ་འདྲེས་ཆོས། །བཅོ་བརྒྱད་སྐྱེ་ལ་ཐུགས་རྗེ་ཆེན་པོ་མངའ། །ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་སོགས། །ཆོས་སྐུའི་ཡོན་ཏན་རྫོགས་ལ༴ །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང༌། །གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས་པ། །གཞན་དོན་གཟུགས་སྐུ་རྣམ་པ་གཉིས་པོ་ཡི། །ཡོན་ཏན་འབྱུང་གནས་དེ་ལ༴ །རྩོལ་མེད་ལྷུན་གྲུབ་རྒྱུན་གྱིས་རྟག་པ་ཡིས། །འགྲོ་ཀུན་ལམ་སྟེགས་ལ་འགོད་ལམ་དུ་གཞུག །ངེས་ལེགས་མཐར་ཕྱིན་མཛད་པའི་ཕྲིན་ལས་ནི། །གང་འདུལ་མཁའ་དང་མཉམ་ལ་ཕྱག་འཚལ་བསྟོད། །བདག་ཀྱང་སྲིད་ཞིའི་མཐའ་ལ་མི་གནས་པར། །སྐུ་བཞིའི་དབང་ཕྱུག་དངོས་ཀུན་ཁྱབ་པའི་བདག །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་འགྲུབ་ནས། །མི་ཟད་རྒྱན་གྱི་འཁོར་ལོར་རྟག་སྤྱོད་ཤོག ༈ །དཔའ་བོ་མཁའ་འགྲོའི་

p. 48

ཚོགས་ཀྱི་རྗེ། །གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར། །ཚེ་དབང་མངའ་བརྙེས་ལྕགས་ཟམ་པ། །ཐང་སྟོང་རྒྱལ་པོའི་ཞབས་ལ་འདུད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། དཀོན་མཆོག་གསུམ་དང་རྩ་བ་གསུམ། །མ་ལུས་གཅིག་ཏུ་འདུས་པའི་དངོས། །གཅིག་ཆོག་རྒྱལ་པོ་སྐྱབས་ཀྱི་ཕུལ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད། །སྙིགས་དུས་སློབ་དཔོན་གཟུགས་སུ་འཕྲུལ། །བསམ་མི་ཁྱབ་པའི་མཛད་པ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཁམས་དབང་མོས་པའི་བྱེ་བྲག་ལྟར། །གསང་གསུམ་རྣམ་ཐར་སྣ་ཚོགས་སྟོན། །ཐབས་མཁས་ཐུགས་རྗེ་ཆེ་མངའ་བའི། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཉེས་པའི་སྐྱོན་རྣམས་རབ་ཏུ་ཟད། །ལེགས་པའི་ཡོན་ཏན་མ་ལུས་རྫོགས། །རྒྱལ་བ་སྲས་བཅས་སྐྱེད་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །མཚན་ཙམ་ཐོས་པས་ངན་འགྲོ་སྒྲོལ། །གསོལ་བ་བཏབ་པས་བྱིན་རླབས་སྩོལ། །གུས་པས་བརྟེན་ན་འདོད་རྒུ་འབྱུང༌། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །རྩ་བརྒྱུད་བླ་མ་རིན་པོ་ཆེ། །འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི། །བདག་སོགས་མཁའ་མཉམ་སེམས་ཅན་གྱིས། །རྡུལ་སྙེད་ལུས་དང་བསྟོད་པའི་ངག །ཡིད་ནི་རྩེ་གཅིག་གུས་བཏུད་དེ། །ཕྱག་འོས་ཁྱོད་ལ་ཕྱག་བགྱིའོ། །ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན། །སྒོ་གསུམ་དགེ་རྩ་དང་བཅས་པ། །ནམ་མཁའ་ལྟ་བུའི་བློས་བཟུང་སྟེ། །མཆོད་འོས་རྣམས་ལ་རྟག་ཏུ་མཆོད། །ཐོག་མེད་སྒྲིབ་པ་ཆེན་པོ་དང༌། །བཅས་པའི་ཁ་ན་མ་ཐོ་སོགས། །ནོངས་པ་སྙིང་ནས་འགྱོད་བཤགས་ན། །འགྲོ་བའི་མགོན་པོས་ཚངས་པ་སྩོལ། །སྐྱེས་མཆོག་རྣམས་ཀྱི་རྣམ་པར་

p. 49

ཐར། །ངོ་མཚར་བླ་ན་མེད་པ་དང༌། །སྲིད་ཞིའི་ལེགས་སྤྱད་ཅི་མཆིས་ལ། །དགའ་ཞིང་གུས་པས་ཡི་རང་ངོ༌། །རིགས་དང་མཐུན་པའི་ཆོས་སྒོ་དང༌། །ཁྱད་པར་སྲས་བཅས་རྒྱལ་བ་ཀུན། །བགྲོད་པ་གཅིག་པའི་འཁོར་ལོ་ཡིས། །འཁོར་བ་དོང་ནས་སྤྲུགས་པར་གསོལ། །ཆོས་སྐུ་རྒྱུན་གྱིས་རྟག་པའི་ཕྱིར། །གཟུགས་སྐུ་འཆར་ནུབ་མི་སྟོན་པར། །མངོན་སུམ་དབང་པོའི་སྤྱོད་ཡུལ་དུ། །རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །བསོད་ནམས་འདི་དང་འགྲོ་ཀུན་གྱི། །དགེ་རྩ་ཐུན་མོང་ཉིད་བྱས་ཏེ། །བླ་མའི་གསང་གསུམ་མཛད་པར་བཅས། །ཚེ་གཅིག་ཁོ་ནས་འགྲུབ་ཕྱིར་བསྔོ། །ཆོས་ཀྱི་རྒྱལ་པོ་སྲས་བཅས་ཀྱི། །ཐུགས་རྗེའི་ཕྱག་གིས་ཡོངས་བཟུང་སྟེ། །ལམ་གྱི་མངོན་རྟོགས་མཐར་ཕྱིན་ནས། །རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །བླ་མ་ལས་གཞན་རྒྱལ་མེད་པས། །ནམ་ཡང་མི་མཉེས་མ་གྱུར་ཅིང༌། །སྒོ་གསུམ་ཞབས་ཏོག་དགུ་ཕྲུག་གིས། །མཉེས་པ་ཁོ་ན་སྒྲུབ་ནུས་ཤོག །རྟག་ཏུ་དགྱེས་པས་བྱིན་རློབས་ཤིང༌། །ཐུགས་ཡིད་དབྱེར་མེད་འདྲེས་ནས་སུ། །སྤང་རྟོགས་བུམ་པ་གང་བྱོ་ཞིང༌། །བདག་གི་རྒྱུད་ལ་འཕོ་བར་ཤོག །རྣམ་ཐར་ཇི་བཞིན་རྟོགས་པ་དང༌། །གསུང་གི་གསང་བ་མ་ལུས་པ། །སྩལ་ནས་ལེགས་པར་འཛིན་ནུས་ཤིང༌། །དར་རྒྱས་བྱེད་པའི་སྐལ་ལྡན་ཤོག །རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ། །བླ་མས་རྗེས་བཟུང་དམ་ཚིག་འཆང༌། །རྡོ་རྗེ་དྲིལ་བུ་མི་འབྲལ་བར། །ཡེ་ཤེས་ཡངས་པའི་གར་བྱེད་ཤོག །རྡོ་རྗེའི་གསང་བ་འཛིན་པ་དང༌། །བླང་དོར་བྲལ་བའི་དོན་རྟོགས་ནས། །བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་ཡིས། །འཇིག་རྟེན་སྒྲོན་མེ་གཅིག་གྱུར་ཤོག །གཞན་ཡང་དཔལ་དང་དབང་ཕྱུག་དང༌། །ནད་མེད་པ་དང་རྡོ་རྗེའི་ཚེ། །ཆོས་མཐུན་འབྱོར་པ་རབ་རྒྱས་ཤིང༌། །བསྟན་པ་ཕྱོགས་བརྒྱར་སྤེལ་བྱེད་ཤོག །ཚེ་འདིར་མཆོག་དངོས་མ་གྲུབ་ན། །འཕོས་མ་ཐག་ཏུ་བདེ་བ་

p. 50

ཅན། །རྗེ་བཙུན་བླ་མའི་ཞབས་དྲུང་དུ། །སྐད་ཅིག་ཙམ་གྱིས་སྐྱེ་བར་ཤོག །བཟང་ངན་བར་མའི་འབྲེལ་ཐོགས་ཀུན། །སྒྲིབ་པ་གཉིས་པོ་རབ་བསལ་ནས། །སྣང་བ་མཐའ་ཡས་ཞིང་ཁམས་དེར། །སྤྲུལ་པ་དུས་མས་འདྲེན་ནུས་ཤོག །རྩ་བརྒྱུད་བླ་མའི་རྣམ་པར་ཐར། །མ་ལུས་བདག་གིས་མྱུར་འགྲུབ་སྟེ། །སྲིད་པའི་མཚོ་ལས་འགྲོ་སྒྲོལ་བའི། །དེད་དཔོན་ཁྱོད་དང་མཚུངས་པར་ཤོག །ཟབ་མོ་བླ་མའི་རིམ་པ་ཡིས། །ཚེ་གཅིག་སངས་རྒྱས་སར་སྦྱོར་བ། །རྡོ་རྗེ་འཆང་གིས་རབ་གསུངས་པའི། །བདེན་པས་སྨོན་ལམ་ཀུན་འགྲུབ་ཤོག །ཅེས་ཡན་ལག་བདུན་པས་བསག་སྦྱང་བྱས་ཏེ། གོང་གི་བསྟོད་པ་གསོལ་འདེབས་སུ་ཁ་བསྒྱུར་བ་དང༌། བདུད་དཔུང་འཇོམས་མཛད་སོགས་ནས། ཐང་སྟོང་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་བརྩོན་འགྲུས་བཟང་པོའི་ཞབས། །རྒྱ་བོད་ཡུལ་གྲུ་ཀུན་ཏུ་བརྟུལ་ཞུགས་ཀྱི། །སྤྱོད་མཛད་ཐང་སྟོང་རྒྱལ་པོར་སྙན་པར་གྲགས། །ཨུརྻཱན་གཉིས་པའི་ཞབས་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་རྟེན་ཆུ་ལ་ལྕགས་ཟམ་སོགས། །རྣམ་པར་དཀར་བའི་དགེ་ཚོགས་དཔག་མེད་ཀྱིས། །སྔོན་མེད་ཉི་མ་གསར་པའི་དགེ་མཚན་ཅན། །གྲུབ་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མགོན་ཁྱོད་གུས་པས་གསོལ་བ་བཏབ་པའི་མཐུས། །ཆོས་མཐུན་ཚེ་དཔལ་བསོད་ནམས་རབ་རྒྱས་ཏེ། །ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་གྱུར་ནས། །སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་གསོལ་འདེབས་ཅི་ནུས་བྱ། ཚོགས་མཆོད་དང༌། གཏོར་འབུལ་སྤྲོ་ན་འདིར་རིགས་མཐུན་འཇུག་བདེ་སྦྱར་ཞིང་གང་ལྟར། སླར་ཡང་མཎྜལ་ཕུལ་ཏེ། ཡིད་ལ་འདོད་རྒུ་འབྱུང་བའི་རིན་པོ་ཆེ། །མགོན་པོ་ཁྱོད་ལ་ཞུ་ཞིང་གསོལ་བ་ནི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་དམ་པའི་ཆོས། །ཐོས་བསམ་སྒྲུབ་པས་རྒྱས་པར་མཛད་དུ་གསོལ། །ཐར་པའི་དེད་དཔོན་

p. 51

བསྟན་འཛིན་བཤེས་གཉེན་རྣམས། །སྐུ་ལ་སྙུན་མེད་ཕྲིན་ལས་རབ་རྒྱས་ཤིང༌། །རྟག་ཏུ་སྡུག་བསྔལ་གྱུར་པའི་འགྲོ་བ་རྣམས། །ཐར་པའི་བདེ་ལ་འགོད་པར་མཛད་དུ་གསོལ། །དམ་ཆོས་སྒྲུབ་ལ་བརྩོན་པ་ཐམས་ཅད་ཀྱིས། །ཟབ་ལམ་བླ་མའི་མོས་གུས་མཐར་ཕྱིན་ནས། །སྤང་རྟོགས་མཐར་སོན་བླ་མའི་ས་ཐོབ་སྟེ། །གཞན་ཕན་ཚད་མེད་འགྲུབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུའང༌། །བླ་མ་མཆོག་གིས་རྟག་ཏུ་རྗེས་འཛིན་ཅིང༌། །ལུས་དང་ལོངས་སྤྱོད་དགེ་བས་མཉེས་བྱས་ཏེ། །བརྩེ་བས་བྱིན་རླབས་འཇུག་པར་མཛད་དུ་གསོལ། །ཞེས་སྤྱིར་འདོད་པའི་དོན་ལ་གསོལ་བ་བཏབ་ཅིང༌། བྱེ་བྲག་ཏུ་གསོལ་བ་ཕུར་ཚུགས་སུ་གདབ་པ་ནི། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དབང་བཞིའི་རྟོགས་པ་ཆིག་ཆོད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ལྟོས་མེད་བཞི་ལ་རང་རྒྱུད་འབྱོངས་པར་བྱིན༴ སྐུ་བཞིའི་རྟེན་འབྲེལ་ཚེ་འདིར་འགྲོགས་པར་བྱིན༴ ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་བྱིན༴ དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ། སྟན་ཐོག་འདི་ཉིད་དུ། ཕྱི་དུས་ལ་མ་ལྟོས་པར་མངོན་སུམ་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མའི་དཔྲལ་མགྲིན་སྙིང་ག་ནས་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བྱོན། རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་གོང་མ་གསུམ་ཐོབ་པར་མོས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་ཅག་མོས་པ་དག་པའི་གདུལ་བྱ་ལ། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་ཞུགས་ཏེ། །མྱུར་དུ་ཁྱོད་རང་ལྟ་བུར་བྱིན་

p. 52

གྱིས་རློབས། །དཔལ་ལྡན་བླ་མའི་སྐུ་དང་བདག་གི་ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ཅི་གསུང་བསྒྲུབ་པ་དང༌། །གསུང་ངག་དབྱེར་མེད་གསུང་གི་རྡོ་རྗེར་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་པ་དག །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །བླ་མ་དགྱེས་པའི་བྱ་བ་ཀུན་བསྒྲུབས་ནས། །མཛད་པ་ཕྲིན་ལས་མཚུངས་པར་བྱིན་གྱིས་རློབས། །མགོ་བོར་བླ་མའི་ཅོད་པན་འཆང༌། །ལག་ཏུ་རྡོ་རྗེ་དྲིལ་བུ་འཛིན། །ངག་ཏུ་གསང་སྔགས་རྒྱལ་པོ་བཟླ། །ཡིད་ཀྱིས་ཟུང་འཇུག་བསྒོམ་པར་ཤོག །ནོངས་པ་བཤགས་པ་ནི། ཡིག་བརྒྱ་བརྗོད་ལ། བདག་ནི་མི་ཤེས་བག་མེད་དབང་གྱུར་པས། །མ་རིག་ཉེས་པའི་ཚོགས་རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱོད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་བཞིན་ཅན་གྱིས་བཟོད་པར་གསོལ། །བསྡུ་རིམ་ནི། སྐྱབས་མཆོག་ཁྱེད་ནི་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང༌། །གཟུགས་སྐུ་བདག་གི་ལུས་ལ་རབ་བསྐྱོད་ནས། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་རྡོ་རྗེ་འཆང་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་རང་ལ་ཐིམ། དབང་བཞི་པ་ཐོབ། དམ་ཚིག་ཉམས་ཆག་ཐམས་ཅད་གསོས། རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར། ཅེས་བཟོ་མེད་ཀྱི་ངང་དུ་ཡུན་རིང་མཉམ་པར་བཞག དེ་ལས་ལྡང་བ་ན། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང༌། ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང༌། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་

p. 53

འབྱིན་ཅིང༌། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེངས་པ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ཏེ། །སྙིང་གི་ཆུ་སྐྱེས་ཐིག་ལེ་ཟླ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བགྱིད་ཅིང༌། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་འདེབས་ན། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །སོགས་དང༌། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །སོགས་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྨོན་ལམ་རྣམ་པར་དག་པ་གདབ་ཅིང༌། མདོ་རྒྱུད་ལས་བྱུང་བའི་བཀྲ་ཤིས་ཅི་རིགས་པ་དང༌། གྲུབ་ཆེན་ཉིད་ཀྱི་གསུང་བཀྲ་ཤིས་ཡིན་ལུགས་མ་སོགས་བརྗོད་པས་དགེ་ལེགས་སུ་བྱའོ། །ཞེས་པའང་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཞལ་སྐོང་དུ་རྩ་བ་རྡོ་རྗེ་འཆང་དངོས་ཀྱིས་རྗེ་གྲུབ་ཐོབ་ཆེན་པོར་དངོས་སུ་གནང་བའི་བླ་མའི་རྣལ་འབྱོར་དང༌། ཤངས་ལུགས་ཀྱི་བླ་མ་མཆོད་པའི་ཆོ་གས་ཁོག་ཕུབ་སྟེ་བློ་གཏེར་དབང་པོས་ལེགས་པར་བསྡེབས་པའི་དགེ་བས་བདག་སོགས་འགྲོ་ཀུན་བླ་མའི་ལམ་གྱིས་གྲོལ་བར་གྱུར་ཅིག། །།མངྒ་ལཾ།། །།

བླ་མ་དོན་ཡོད་གྲུབ་པའི་མཆོད་ཆོག་བིལྦའི་སྙེ་མ།

p. 54
p. 55

བླ་མ་དོན་ཡོད་གྲུབ་པའི་མཆོད་ཆོག་བིལྦའི་སྙེ་མ་ཞེས་བྱ་བ་བཞུགས་སོ།།

p. 56

རྒྱལ་ཀུན་ཕྲིན་ལས་མརྒད་ཀྱི། །ཕུང་པོར་འབབས་པའི་བཅོམ་ལྡན་འདས། །དབྱེར་མེད་བླ་མ་ལ་བཏུད་ནས། །མཉེས་བྱེད་མཆོད་པའི་ཆོ་ག་བྲི། །དེ་ལའང་སྦྱོར་དངོས་རྗེས་གསུམ། དང་པོ་ནི། རྟ་མཆོག་རིགས་ཀྱི་དབང་རྗེས་གནང་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་གནས་ཤིང༌། ཐར་ལམ་བླ་མར་རེ་བའི་གང་ཟག་གིས་གནས་གཙང་ཞིང་ཡིད་དང་མཐུན་པར་སྟེགས་མཐོ་བར་དར་རམ་རས་ཀྱིས་བཀབ་པའི་སྟེང་བསྐྱེད་ཆོག་དང་མཐུན་པའི་བྲིས་སྐུའམ། རྩ་བའི་བླ་མའི་སྐུ་འབག་གམ། ཐ་ནའང་དབུ་ལོ་ཕྱག་སེན་ན་བཟའི་དུམ་བུ་ཙམ་ལ་དམིགས་རྟེན་བྱས་ཏེ། དེའི་མདུན་དུ་སྟེགས་བང་རིམ་ཅན་གྱི་གོང་མར་ཞལ་ཟས། དེ་འོག་ནས་མར་རིམ་པར་དྲི་ཆབ། མར་མེ། སྤོས་རེང༌། མེ་ཏོག ཡོན་ཆབ་ཀྱི་ཕྲེང་བ་རྣམས་རེ་རེ་ནས་བརྒྱ་རྩ་འམ། བདུན་ཕྲག་གསུམ་མམ་ལྔ་སོགས་གང་འབྱོར་དང༌། དེའི་འོག་ཏུ་ཆུ་གཉིས་ཉེར་སྤྱོད་དང༌། གོང་འོག་གང་རུང་དུ་མཎྜལ་ཚོམ་བུ་བཀོད་པའང་བཤམ། འབྱོར་ན་བླ་བྲེ། ཡོལ་བ། འཕན་གདུགས་ལ་སོགས་པས་ཀྱང་བརྒྱན་ལ། མཎྜལ་གྲངས་གསོག་གི་ཆས་དང༌། གོས་ཟུང་རོལ་མོའི་བྱེ་བྲག་སོགས་འདུ་བྱའོ། །དངོས་གཞིའི་ངག་འདོན་ལ། མཆོད་པ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་

p. 57

པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་

p. 58

པར་བྱ། དེའི་ཆེད་དུ་བླ་མ་དོན་ཡོད་གྲུབ་པའི་ཆོ་ག་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། མདུན་གྱི་དམིགས་རྟེན་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། སྟོང་པའི་ངང་ལས་རང་གནས་པའི་ས་ཕྱོགས་འདི་ཉིད་བཻ་ཌཱུརྻའི་ས་གཞི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ལྷུན་སྟུག་པ། བཀོད་པ་ལེགས་པ། འོད་ཆགས་པ། རྒྱ་ཆེ་ཞིང་དཔངས་མཐོ་བ། དེའི་སྟེང་དུ་སྣ་ཚོགས་པདྨའི་སྡོང་བུ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་བཅས་པ་གདན་ལྔ་བརྩེགས་ཀྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་རྣམ་པ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་མརྒད་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡོན་པས་མཉམ་བཞག་དང༌། གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱས་གདུལ་བྱ་རྣམས་ལ་མི་འཇིགས་པ་སྟེར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། སྤྱི་གཙུག་སེམས་ཅན་ཐམས་ཅད་ཀྱིས་ལྟ་བར་མི་མངོན་པ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་ལ་སོགས་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་ཟེར་བྱེ་བ་འགྱེད་པ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཁྱད་པར་དུ་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང༌། ཀུན་ཏུ་བཟང་པོ་ལ་སོགས་པའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་གྱུར། དེ་ཐམས་ཅད་ཀྱང་སྐུ་མདོག་ལྗང་གུ་མདངས་དང་འོད་ཟེར་ལྗང་གུ་དཔག་ཏུ་མེད་པ་འཕྲོ་བའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་ལས་མཛད་པའོ། །དེ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །

p. 59

འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་འགྱུར། །དེས་ན་ཁྱོད་ཉིད་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་ཁྱོད་ལ་བདག་སྐྱབས་མཆི། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་རྣམས་ཀུན་གྱི་རིན་ཆེན་གཏེར། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །དཔལ་ལྡན་བླ་མ་དེ་ལ་འདུད། །ཁྱོད་ནི་གདུལ་བྱ་སྨིན་པའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམ་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཆང༌། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ཀུན་ཏུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཉོན་མོངས་ཡེ་ཤེས་གནས་གྱུར་པ། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་མཁྱེན། །ཐམས་ཅད་སྤྲོ་བའི་ཕྲིན་ལས་ཀྱིས། །རྫོགས་པའི་སངས་རྒྱས་ཐམས་ཅད་སྤྲུལ། །གཅིག་ཏུ་བསྡུས་པའི་སྦྱོར་བ་ནི། །སངས་རྒྱས་ཀུན་བདག་རྡོ་རྗེ་འཆང༌། །བག་ཆགས་བཅས་པའི་སྒྲིབ་ཀུན་སྤངས། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱོད་ཀྱི་ཕྲིན་ལས་ངོ་མཚར་རྨད། །གང་གིས་གཡོ་མེད་ཁྱོད་བསྟེན་པ། །དེ་ལ་དེ་མ་ཐག་བྱིན་རློབ། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། །ཡང་ན་ཕུན་ཚོགས་ཐམས་ཅད་འགྲུབ། །དེས་ན་རྡོ་རྗེ་སློབ་དཔོན་མཆོག །དངོས་པོ་ཀུན་གྱིས་དེ་ལ་འདུད། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །ཕྱི་ནང་གསང་བ་དེ་ཁོ་ན། །ལུས་དང་ལོངས་སྤྱོད་འབྲེལ་བ་ཀུན། །སྲོག་གི་བར་གྱིས་ཁྱོད་མཉེས་བགྱི། །ཇི་སྲིད་རྣམ་པར་གྲོལ་བའི་ས། །བདག་གཞན་ཀུན་གྱིས་མ་ཐོབ་བར། །དེ་སྲིད་མཆོད་པ་མཆོག་གི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས། །

p. 60

ཆེས་ལྷག་གྱུར་པས་ཁྱོད་མཆོད་དོ། །ཁྱོད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་སྒྲུབ་པར་ཤོག །མི་མཉེས་བྱེད་པ་རྣམ་སྤངས་ཏེ། །རྣམ་པ་ཀུན་ཏུ་ཁྱོད་བསྟེན་ནོ། །ཁྱོད་ཀྱི་ཕྲིན་ལས་སྒྲུབ་སླད་དུ། །མགོན་པོ་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་བགྱི། །དགེ་བ་འདི་ཡིས་བདག་གཞན་ཀུན། །ཁྱེད་མཉེས་བགྱིད་པའང་ཐོབ་པར་ཤོག །སྐུ་ཡི་སྤྱོད་པ་རྣམ་དག་པ། །སངས་རྒྱས་དགེས་པའི་ཚུལ་ཁྲིམས་ལྡན། །གསུང་གི་ཕྲིན་ལས་ཕུན་སུམ་ཚོགས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །མཁས་པ་ཐམས་ཅད་དགའ་མཛད་པའི། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་མངའ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་གྱུར། །བརྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བ་འབྱུང༌། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང༌། །དམ་ཆོས་རྟག་ཏུ་ཉན་པ་དང༌། །བཀའ་བཞིན་སྒྲུབ་པའང་བྱེད་པར་ཤོག །ཅེས་དང༌། སྒེར་ཕྱག་ནི། བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ནི། །རྒྱལ་བ་ཀུན་གྱི་ཕྲིན་ལས་བྱེ་བའི་གཏེར། །མརྒད་མདོག་ལྡན་བདུད་རྩིའི་ཕུང་པོ་ཡི། །རྣམ་པར་ཤར་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་རབ་རྫོགས་སྨོན་ལམ་མཐར་ཕྱིན་པས། །མཐོང་དང་ཐོས་དང་དྲན་པ་ཙམ་གྱིས་ཀྱང༌། །དངོས་གྲུབ་རྣམ་གཉིས་ལག་རྩེར་འགྲུབ་མཛད་པའི། །བཅོམ་ལྡན་ཐུགས་

p. 61

རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྲོ་དང་རྗེས་སུ་ཆགས་པ་མི་མངའ་ཡང༌། །ཁྲོ་བ་ཅན་ལ་ཁྲོ་བོའི་རྣམ་པ་སོགས། །བསྟན་ནས་ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན། །གཅིག་ཅར་སྒྲུབ་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང་རང་གི་རྩ་བའི་བླ་མའི་བསྟོད་པའི་རིགས་གང་ཤེས་ཀྱིས་ཕྱག་འཚལ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །འགྲོ་བའི་དོན་དུ་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཐོག་མ་བར་དང་མཐར་དགེ་ཞིང༌། །རྣམ་པར་དཀར་ལ་མ་འདྲེས་པ། །ངེས་པར་འབྱུང་བ་མཆོག་གི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་ཞིང༌། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་ལེགས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །མཆོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པ། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ནས་དབུལ་བར་བགྱི། །རབ་དང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །བླ་ན་མེད་པའི་

p. 62

བྱང་ཆུབ་སེམས། །བདེ་བ་ཆེན་པོ་བརྙེས་གྱུར་ཅིག །མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་ཨ་མོ་གྷ་སིདྡྷི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དང༌། ཨརྒྷཾ་གྱི་གནས་སུ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག ཨོཾ་བཛྲ་དྷརྨཱ་ར་ཎི་སོགས། ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་ཨ་མོ་གྷ་སིདྡྷི་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །སྔགས་ཐོག་མཐའ་འདྲ་བར། མ་ཎི་རཏྣ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟི་རཏྣ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁངྒ་རཏྣ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་

p. 63

མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་ཨ་མོ་གྷ་སིདྡྷི་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །གནྡྷེ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །ཚིག་ཐ་མ་གཉིས་དང༌། སྔགས་ཀྱི་ཐོག་མཐའ་འདྲ་བར། ཤབྡ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །ར་ས། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །སྤརྴེ། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང༌། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང༌། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང༌། །དགའ་མགུར་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་ལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་བསྲེག་བཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་བྱིང་ངལ་དུབ་མེད་པའི་ལྷྭམ། །ཉེ་བའི་རིན་ཆེན་སྣ་བདུན་འདི་དག་གིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་རྣམས། །བཀང་སྟེ་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །སཔྟ་ཨུ་པ་རཏྣ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་་ལྕགས་རིའི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ།

p. 64

གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའ། དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །འདྲེན་པ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་སོགས་ཚིག་རྐང་ཕྱི་མ་གསུམ་རེ་རེ་བཞིན་སྦྱར་ཏེ། ཡི་དམ་ཀུན་འདུས། སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས། དགེ་འདུན་ཀུན་འདུས། བྱང་སེམས་ཀུན་འདུས། ཉན་རང་ཀུན་འདུས། ཆོས་སྐྱོང་ཀུན་འདུས། ནོར་ལྷ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དེ་ནས་མཎྜལ་ཚོམ་བུ་བདུན་མ་བརྒྱ་རྩ་རེ་དང༌། སོ་བདུན་མ་གསོལ་གདབ་བཅས་སྤེལ་མར་ཅི་ནུས་སུ་ཕུལ་ལ། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་

p. 65

རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་རྒུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་ཨ་མོ་གྷ་སིདྡྷི་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་བཟླས་པ་བྱ་བ་ནི། བླ་མ་དོན་ཡོད་གྲུབ་པའི་ཐུགས་ཀའི་ཨཱཿཡིག་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་བཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག དངོས་གྲུབ་རྣམ་གཉིས་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་བསམས་ལ། ཨོཾ་གུ་རུ་ཨ་མོ་གྷ་སིདྡྷི་ཧཱུྃ། ཞེས་བརྒྱ་སྟོང་བཟླ། འདོད་གསོལ་ནི། མེ་ཏོག་འཐོར་ནས། ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྣམ་རྒྱལ་མའི་བསྟོད་པའི། བདག་གིས་བཅོམ་ལྡན་ཁྱོད་སྐུ་ལེགས་བསྒོམ་ཞིང༌། །སོགས་དང༌། འགྲོ་ལ་བདེ་སྐྱིད་མའི་མཐར། བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང༌། །སྡོམ་པ་གསུམ་དང་

p. 66

འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རངས། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང༌། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཡེ་ཤེས་གསལ་བའི་སྤྱན་ལྡན་པའི། །བརྩེ་ལྡན་བླ་མའི་ཚོགས་རྣམས་དང༌། །རྒྱལ་བ་སྲས་དང་བཅས་པ་ཀུན། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །མ་རིག་པ་ཡིས་ལྡོངས་གྱུར་ཅིང༌། །ལས་ཀྱི་ཆུ་ཀླུང་གིས་འཕངས་པས། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཏེ། །ཉོན་མོངས་ཆུ་སྲིན་དབང་གྱུར་པས། །མི་བཟད་སྡུག་བསྔལ་གྱིས་གཟིར་བའི། །ཉམ་ཆུང་བློ་གྲོས་རབ་དམན་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐྱོབ་པ་མཛད་པར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱིས་རབ་འབད་ཀྱང༌། །ཐར་པའི་གོ་སྐབས་རྙེད་པར་དཀའ། །ཁྱེད་ཀྱིས་ཐུགས་རྗེའི་ཕྱག་བརྐྱངས་ནས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །མངོན་པར་འདུ་བྱེད་ཀུན་གྱི་གཞི། །ཚུལ་མིན་ཡིད་ལ་བྱེད་པའི་རྒྱུ། །མ་རིག་མུན་པ་ཐིབས་པོ་ཆེ། །ཡེ་ཤེས་ཟེར་གྱིས་བསལ་དུ་གསོལ། །སྲིད་པའི་ཉེས་ཀུན་འབྱུང་བའི་གཞི། །རྟོག་པ་ཐམས་ཅད་སྐྱེད་བྱེད་པ། །བདག་ཏུ་འཛིན་པའི་འཁྲི་ཤིང་ནི། །ཤེས་རབ་རལ་གྲིས་གཅད་དུ་གསོལ། །ཀུན་རྨོངས་ཀུན་འཁྲུགས་ཀུན་ནས་

p. 67

དཀྲིས། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །མགོན་པོ་ཁྱོད་ཀྱི་མཐུ་ཆེན་གྱིས། །ཡེ་ཤེས་ཆེན་པོར་བསྒྱུར་དུ་གསོལ། །སྲིད་པ་ཐོག་མེད་དུས་ནས་སུ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བག་ཆགས་དྲི་མ་གང་བསགས་པ། །ཡེ་ཤེས་ཆུ་ཡིས་སྦྱང་དུ་གསོལ། །རང་གིས་མངོན་པར་སྤྱད་པའི་མཐུས། །རང་ལ་རང་དབང་མེད་པར་ནི། །སྡུག་བསྔལ་རྒྱ་མཚོར་འཕེན་བྱེད་པའི། །ལས་ཀྱི་རླུང་ཤུགས་བཟློག་ཏུ་གསོལ། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །སྐྱེ་རྒ་ན་དང་འཆི་ལ་སོགས། །སྡུག་བསྔལ་འདུ་བྱེད་འགྱུར་བ་ཡི། །སྡུག་བསྔལ་ཞི་བར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་སླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །འཇིག་རྟེན་པ་ཡིས་དོན་གཉེར་བའི། །རྙེད་དང་བཀུར་སྟི་ལ་སོགས་པ། །སྙིང་པོ་མེད་པའི་བྱ་བ་ལས། །ཡིད་ནི་རབ་ཏུ་བཟློག་ཏུ་གསོལ། །ཀུན་གཞིའི་ལྟེ་བ་རབ་བརྟན་ཅིང༌། །རྟེན་འབྲེལ་ཡན་ལག་རྩིབས་བཅུ་གཉིས། །སྡུག་བསྔལ་མུ་ཁྱུད་ཀྱིས་བསྐོར་བའི། །སྲིད་པའི་འཁོར་ལོ་གཞིག་ཏུ་གསོལ། །གཞན་དོན་ལ་སྐྱོ་བདག་ཆགས་པས། །རང་ཉིད་ཞི་བ་དོན་གཉེར་བ། །ཉན་ཐོས་ཐེག་པ་དམན་པའི་སེམས། །རྣམ་པ་ཀུན་ཏུ་དགག་ཏུ་གསོལ། །བདག་གིས་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་སྒོ་ནས་ཀྱང༌། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཕན་པ་རྒྱ་ཆེན་འབྱུང་བར་མཛོད། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བཤེས་གཉེན་གྲོགས་མཆོག་དམ་ཆོས་དང༌། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང༌། །འགྲོ་ཀུན་རྟག་ཏུ་འདུན་པ་དང༌། །ཇི་ལྟར་བསམས་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཚེ་ཡི་འདུ་བྱེད་གཏོང་

p. 68

བའི་ཚེ། །བླ་མ་མཆོག་དང་ཧེ་རུ་ཀ །མཁའ་འགྲོའི་དབང་པོ་དཔག་ཡས་ཀྱིས། །མཁའ་སྤྱོད་གནས་སུ་བཀྲི་བར་མཛོད། །མང་དུ་སྨོས་ཀྱང་ཅི་འཚལ་ཏེ། །དབང་བཅུ་ལྡན་པ་ཁྱེད་རྣམས་ཀྱིས། །ཇི་ལྟར་གོ་འཕང་མཆོག་བརྙེས་པ། །དེ་ལྟར་བདག་གིས་ཐོབ་པར་མཛོད། །བདག་གཞན་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པ་ཀུན་ཏུ་ཉམ་ཐག་པས། །མི་ཤེས་བཞིན་དུ་གསོལ་པ་ལ། །ཉེས་པ་སྣང་གང་བཟོད་པར་གསོལ། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམ་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདག་ནི་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་ཤེས་རབ་དང༌། །དབང་ཕྱུག་ཕུན་སུམ་ཚོགས་གྱུར་ཅིང༌། །ནད་མེད་ཚེ་དང་ལྡན་གྱུར་ཅིག །སངས་རྒྱས་འབྱུང་བ་མཉེས་བྱེད་ཅིང༌། །དམ་ཆོས་རྟག་ཏུ་སྤྱོད་པ་དང༌། །འཕགས་པའི་དགེ་འདུན་རྒྱ་མཚོའི་ཚོགས། །རྣམ་པ་ཀུན་ཏུ་མཆོད་པར་ཤོག །ཀུན་དགའི་གསུང་རབ་རྟག་ཉན་ཅིང༌། །སྐུ་ཡི་རྒྱལ་མཚན་བལྟ་བ་དང༌། །དེ་ཡི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་བདག་ནི་སྐྱོང་བར་ཤོག །དད་དང་བརྩེ་དང་བརྩོན་པའི་མཐུས། །བྱང་ཆུབ་ལམ་རྣམས་རྫོགས་བྱེད་ཅིང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །སེམས་ཅན་སྨིན་པར་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བདག་ལས་སེམས་ཅན་ཐམས་ཅད་ཀྱི། །ཡིད་ལ་འདོད་དགུ་འབྱུང་འགྱུར་ཞིང༌། །འགྲོ་ཀུན་ཚིམ་པར་བྱེད་པར་ཤོག །བདག་ལ་བརྟེན་ནས་འགྲོ་བ་ཀུན། །ཟབ་མོའི་ལམ་ལ་རབ་ཞུགས་ནས། །སྲིད་དང་ཞི་ལ་མི་གནས་པའི། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །བློ་གྲོས་སྒྲིབ་གཉིས་རྣམ་དག་པས། །ཤིན་ཏུ་ཟབ་པའི་བློ་གྲོས་དང༌། །རྒྱ་ཆེའི་བློ་གྲོས་དང་ལྡན་པའི། །བློ་གྲོས་ཆེན་པོར་བདག་གྱུར་ཅིག །ཚུལ་ཁྲིམས་རྒྱལ་མཚན་དང་ལྡན་ཞིང༌། །ཆོས་ཀྱི་རྒྱལ་མཚན་ལེགས་བཟུང་བས། །བསྟན་པའི་རྒྱལ་མཚན་བརྟན་བྱས་ནས། །ཐར་པའི་རྒྱལ་མཚན་སློང་བར་ཤོག །ཚོགས་གཉིས་དཔལ་རབ་རྫོགས་གྱུར་ནས། །འགྲོ་བའི་དཔལ་མགོན་འབྱུང་བའི་གཞི། །སྐུ་གསུམ་དཔལ་འབྱོར་ལྷུན་གྲུབ་སྟེ། །

p. 69

སྲིད་ཞིའི་དཔལ་དུ་བདག་གྱུར་ཅིག །སྨོན་ལམ་བཟང་པོ་ལས་བྱུང་བའི། །ཕྲིན་ལས་བཟང་པོས་འགྲོ་བ་ཀུན། །སྐལ་བ་བཟང་པོར་ལེགས་བསྒྲུབ་པའི། །བརྟུལ་ཞུགས་བཟང་པོར་བདག་གྱུར་ཅིག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་བཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང༌། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང༌། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང༌། འབྱུང་པོའི་གནོད་པ་དང༌། ཉེ་བར་འཚེ་བ་དང༌། བྱུར་དང་སྐལ་བ་ངན་པ་དང༌། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པ་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང༌། གཞན་གྱི་དོན་ལ་སྐྱོ་བ་དང༌། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང༌། བག་ཡོད་པ་དང༌། དྲན་པ་

p. 70

དང་བཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང༌། སྡིག་པ་དང༌། སྒྲིབ་པ་དང༌། ལྟུང་བ་དང་ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། བྱང་ཆུབ་ཀྱི་སེམས་གཉིས་བཟུང་དུ་ཆུད་ནས། ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོགས་པ་དགེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་ལུས་དང་སེམས་ལ་ཟུང་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང་ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང༌། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང༌། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་

p. 71

གསོལ། ཞེས་གསོལ་བ་གདབ། དེ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་དོན་ཡོད་གྲུབ་པ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཞུགས། བླ་མ་དོན་ཡོད་གྲུབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་རང་གི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་དབྱེར་མེད་དུ་གྱུར་པའི་ངང་ལ་ཅི་གནས་སུ་མཉམ་པར་གཞག་གོ །རྗེས། དགེ་བ་འདི་ཡིས་མྱུར་དུ་བདག །དོན་ཡོད་གྲུབ་པ་འགྲུབ་གྱུར་ནས། །སོགས་ཀྱི་བསྔོ་སྨོན་ཅི་ཤེས་བྱའོ། །བཅོམ་ལྡན་མརྒད་མདངས་ལྡན་གྱི། །མཆོད་ཆོག་གསལ་བར་བཀོད་པའི་དགེས། །བདག་སོགས་འགྲོ་ཀུན་སྒྲིབ་སྦྱངས་ནས། །རྡོ་རྗེ་འཛིན་སར་རེག་གྱུར་ཅིག །ཅེས་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་མཆོད་ཆོག་བིལྦའི་སྙེ་མ་ཞེས་བྱ་བ་འདི་ནི་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཞལ་སྐོང་དུ་བློ་གཏེར་དབང་པོས་བྲིས་པ་དགེ། །།

བླ་མ་རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བཤགས་སྦྱོང་གི་ཡི་གེ་གིའུ་ཝཾ་གི་ཐིག་ལེ།

p. 72
p. 73

བླ་མ་རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བཤགས་སྦྱོང་གི་ཡི་གེ་གིའུ་ཝཾ་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།

p. 74

གང་མཚན་ཟླ་ཟེར་རེག་ཙམ་གྱིས། །ཉེས་ལྟུང་མུན་པ་ཀུན་སེལ་བའི། །བླ་མ་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་བཤགས་སྦྱོང་ཆོ་ག་བྲི། །དེ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། རྡོར་སེམས་ཀྱི་བྱིན་རླབས་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་གནས་ཤིང༌། ཐར་ལམ་བླ་མར་རེ་བའི་གང་ཟག་གིས་གནས་གཙང་ཞིང་ཡིད་དང་མཐུན་པར་སྟེགས་མཐོ་བར་དར་རམ་རས་ཀྱིས་བཀབ་པའི་སྟེང་བསྐྱེད་ཆོག་དང་མཐུན་པའི་བྲིས་སྐུའམ། རྩ་བའི་བླ་མའི་སྐུ་འབག་གམ། ཐ་ནའང་དབུ་ལོ་ཕྱག་སེན་ན་བཟའི་དུམ་བུ་ཙམ་ལ་དམིགས་རྟེན་བྱས་ཏེ། དེའི་མདུན་དུ་སྟེགས་བང་རིམ་ཅན་གྱི་གོང་མར་ཞལ་ཟས། དེ་འོག་ནས་མར་རིམ་པར་དྲི་ཆབ། མར་མེ། སྤོས་རེང༌། མེ་ཏོག ཡོན་ཆབ་ཀྱི་ཕྲེང་བ་རྣམས་རེ་རེ་ནས་བརྒྱ་རྩའམ། བདུན་ཕྲག་གསུམ་མམ་ལྔ་སོགས་གང་འབྱོར་དང༌། དེའི་འོག་ཏུ་ཆུ་གཉིས་ཉེར་སྤྱོད་དང༌། གོང་འོག་གང་རུང་དུ་མཎྜལ་ཚོམ་བུ་བཀོད་པའང་བཤམ། འབྱོར་ན་བླ་བྲེ། ཡོལ་བ། འཕན་གདུགས་ལ་སོགས་པས་ཀྱང་བརྒྱན་ལ། མཎྜལ་གྲངས་གསོག་གི་ཆས་དང༌། གོས་ཟུང་རོལ་མོའི་བྱེ་བྲག་སོགས་འདུ་བྱའོ། །དངོས་གཞིའི་ངག་འདོན་ལ། མཆོད་པ་རྣམས་ལ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་

p. 75

རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། གཞན་ཡང་རོལ་མོ་དང་འཕན་གདུགས་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས༴ འཕགས་པའི་དགེ་འདུན་ཐམས་ཅད་ལ་སྐྱབས་སུ་མཆིའོ། །བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་རྡོ་རྗེ་སེམས་དཔའི་ཆོ་ག་ཉམས་སུ་

p. 76

བླང་བར་བགྱིའོ། །ལན་གསུམ། མདུན་གྱི་དམིགས་རྟེན་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། སྟོང་པའི་ངང་ལས་རང་གནས་པའི་ས་ཕྱོགས་འདི་ཉིད་བཻ་ཌཱུརྻའི་ས་གཞི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ལྷུན་སྡུག་པ། བཀོད་པ་ལེགས་པ། འོད་ཆགས་པ། རྒྱ་ཆེ་ཞིང་དཔངས་མཐོ་བ། དེའི་སྟེང་དུ་སྣ་ཚོགས་པདྨའི་སྡོང་བུ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་བཅས་པ་གདན་ལྔ་བརྩེགས་ཀྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་རྣམ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་གའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དཀར་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཁྱད་པར་དུ་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང༌། སེང་གེའི་སྒྲ་ལ་སོགས་པའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་གྱུར། དེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོ་བའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པའི་ལས་མཛད་པའོ། །དེ་ནས་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་འགྱུར། །དེས་ན་ཁྱོད་ཉིད་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་གྱུར། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་ཁྱེད་ལ་བདག་སྐྱབས་མཆི། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །

p. 77

ཆོས་རྣམས་ཀུན་གྱི་རིན་ཆེན་གཏེར། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །དཔལ་ལྡན་བླ་མ་དེ་ལ་འདུད། །ཁྱོད་ནི་གདུལ་བྱ་སྨིན་པའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམ་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཆང༌། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ཀུན་ཏུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཉོན་མོངས་ཡེ་ཤེས་གནས་གྱུར་པ། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་མཁྱེན། །ཐམས་ཅད་སྤྲོ་བའི་ཕྲིན་ལས་ཀྱིས། །རྫོགས་པའི་སངས་རྒྱས་ཐམས་ཅད་སྤྲུལ། །གཅིག་ཏུ་བསྡུས་པའི་སྦྱོར་བ་ནི། །སངས་རྒྱས་ཀུན་བདག་རྡོ་རྗེ་འཆང༌། །བག་ཆགས་བཅས་པའི་སྒྲིབ་ཀུན་སྤངས། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱོད་ཀྱི་ཕྲིན་ལས་ངོ་མཚར་རྨད། །གང་གིས་གཡོ་མེད་ཁྱོད་བསྟེན་པ། །དེ་ལ་དེ་མ་ཐག་བྱིན་རློབ། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། །ཡང་ན་ཕུན་ཚོགས་ཐམས་ཅད་འགྲུབ། །དེས་ན་རྡོ་རྗེ་སློབ་དཔོན་མཆོག །དངོས་པོ་ཀུན་གྱིས་དེ་ལ་འདུད། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །ཕྱི་ནང་གསང་བ་དེ་ཁོ་ན། །ལུས་དང་ལོངས་སྤྱོད་འབྲེལ་པ་ཀུན། །སྲོག་གི་བར་གྱིས་ཁྱོད་མཉེས་བགྱི། །ཇི་སྲིད་རྣམ་པར་གྲོལ་བའི་ས། །བདག་གཞན་ཀུན་གྱིས་མ་ཐོབ་བར། །དེ་སྲིད་མཆོད་པ་མཆོག་གི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས། །ཆེས་ལྷག་གྱུར་པས་ཁྱོད་མཆོད་དོ། །ཁྱོད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་སྒྲུབ་པར་ཤོག །མི་མཉེས་བྱེད་པ་རྣམ་སྤངས་ཏེ། །རྣམ་པ་ཀུན་ཏུ་ཁྱོད་བསྟེན་ནོ། །ཁྱོད་ཀྱི་ཕྲིན་ལས་སྒྲུབ་སླད་དུ། །མགོན་པོ་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ཀྱི་ཕྲིན་ལས་སྒྲུབ་པར་བགྱི། །དགེ་བ་འདི་ཡིས་བདག་གཞན་ཀུན། །ཁྱེད་མཉེས་བགྱིད་པའང་ཐོབ་པར་ཤོག །སྐུ་ཡི་སྤྱོད་

p. 78

པ་རྣམ་དག་པ། །སངས་རྒྱས་དགེས་པའི་ཚུལ་ཁྲིམས་ལྡན། །གསུང་གི་ཕྲིན་ལས་ཕུན་སུམ་ཚོགས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །མཁས་པ་ཐམས་ཅད་དགའ་མཛད་པའི། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་མངའ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཁྱེད་ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བརྟེན་ན་འཇིགས་པ་མེད་པར་མཛད། བསྙེན་བཀུར་བགྱིས་པས་བདེ་བ་འབྱུང༌། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང༌། །དམ་ཆོས་རྟག་ཏུ་ཉན་པ་དང༌། །བཀའ་བཞིན་སྒྲུབ་པ་བྱེད་པར་ཤོག །ཅེས་དང༌། སྒེར་ཕྱག་ནི། སྲས་བཅས་རྒྱལ་བ་སྤྲོ་དང་བསྡུ་བའི་གཞི། །སྐུ་མདོག་ཟླ་ཤེལ་ཕུང་པོར་འབབས་པའི་དཔྱིད། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད། །བཅོམ་ལྡན་རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །གང་ཞིག་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང༌། །དམ་ཚིག་ཉེས་ལྟུང་མཐའ་དག་རིང་དུ་བཅིལ། །ཐར་པ་དམ་པའི་ལམ་དུ་དབུགས་འབྱིན་མཁན། །བཅོམ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འགྲོ་བའི་ལས་ཉོན་ཚང་ཚིང་སྲེག་པ་ཡི། །ཡེ་ཤེས་རྣམ་པ་ལྔ་ཡི་གཟི་འབར་བ། །ཁྲོ་དང་ཞི་བའི་ཐབས་ཚུལ་སྣ་ཚོགས་ཀྱིས། །རྣམ་མང་གདུལ་བྱ་འདུལ་ལ་ཕྱག་འཚལ་ལོ། །ཞེས་དང་རང་གི་རྩ་བའི་བླ་མའི་གསོལ་འདེབས་གང་ཤེས་ཀྱིས་ཕྱག་འཚལ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །འགྲོ་བའི་དོན་དུ་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་

p. 79

ལོ། །ཐོག་མ་བར་དང་མཐར་དགེ་ཞིང༌། །རྣམ་པར་དཀར་ལ་མ་འདྲེས་པ། །ངེས་པར་འབྱུང་བ་མཆོག་གི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་ཞིང༌། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་ལེགས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །མཆོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པ། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ནས་དབུལ་བར་བགྱི། །རབ་དང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོ་བརྙེས་གྱུར་ཅིག །མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མ་མཆོད། །ཨོཾ་གུ་རུ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དང༌། ཨརྒྷཾ་གྱི་གནས་སུ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག ཨོཾ་

p. 80

བཛྲ་དྷརྨཱ་ར་ཎི་སོགས། ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་བཛྲ་སཏྭ་ཙཀྲ་རཏྣ་པཱུ་ཛ་ཏེ་ཨཱཿཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །སྔགས་ཐོག་མཐའ་འདྲ་བར། མ་ཎི་རཏྣ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟི་རཏྣ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་སྟེ། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁངྒ་རཏྣ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་བཛྲ་སཏྭ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །གནྡྷེ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །ཚིག་ཐ་མ་གཉིས་དང༌། སྔགས་ཀྱི་ཐོག་མཐའ་འདྲ་བར། ཤབྡ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །ར་ས། ཕྱོགས་དུས་ཀུན་ན་

p. 81

འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །སྤརྴེ། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང༌། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང༌། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང༌། །དགའ་མགུར་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་ལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་བསྲེག་བཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་བྱིང་ངལ་དུབ་མེད་པའི་ལྷྭམ། །ཉེ་བའི་རིན་ཆེན་སྣ་བདུན་འདི་དག་གིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་རྣམས། །བཀང་སྟེ་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །སཔྟ་ཨུ་པ་རཏྣ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ།

p. 82

སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །སྡིག་སྒྲིབ་ཉེས་ལྟུང་དག་པར་བྱིན་གྱིས་རློབ། །འདྲེན་པ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་སོགས་ཚིག་རྐང་ཕྱི་མ་གསུམ་རེ་རེ་བཞིན་སྦྱར་ཏེ། ཡི་དམ་ཀུན་འདུས། སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས། དགེ་འདུན་ཀུན་འདུས། བྱང་སེམས་ཀུན་འདུས། ཉན་རང་ཀུན་འདུས། ཆོས་སྐྱོང་ཀུན་འདུས། ནོར་ལྷ་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །སྡིག་སྒྲིབ་ཉེས་ལྟུང་དག་པར་བྱིན་གྱིས་རློབས། །དེ་ནས་མཎྜལ་ཚོམ་བུ་བདུན་མ་བརྒྱ་རྩ་རེ་དང༌། སོ་བདུན་མ་གསོལ་གདབ་བཅས་སྤེལ་མར་ཅི་ནུས་སུ་ཕུལ་ལ། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་རྒུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོ་བར། །བདག་གིས་ལུས་དང་ལོངས་སྤྱོད་ཀུན། །དུས་གསུམ་དགེ་བའི་དངོས་

p. 83

པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་བཛྲ་སཏྭ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ། དེ་ནས་བཟླས་པ་བྱ་བ་ནི། བཅོམ་ལྡན་འདས་ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཧཱུྃ་ལ་ཐིམ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ་ལས་བདུད་རྩི་བབས་ཏེ་ཡབ་ཀྱི་སྐུ་གང༌། དེ་ནས་དབྱིབས་བརྒྱུད་དེ་ཡུམ་གྱི་སྐུ་གང༌། ཡབ་ཡུམ་གཉིས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བདག་གི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུའམ་རྣག་ཁྲག་གི་རྣམ་པས་བཤང་གཅི་གཉིས་དང་རྐང་མཐིལ་གཉིས་ནས་ཐོན་ནས་ཤུལ་ཐམས་ཅད་བདུད་རྩིས་གང་བར་བསམས་ལ། ངག་ཏུ། ཨོཾ་གུ་རུ་བཛྲ་སཏྭ་ཧཱུྃ། ཞེས་བརྒྱ་སྟོང་དང༌། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཿ ཞེས་ཅི་ནུས་བཟླས་པའི་མཐར་རྡོ་རྗེ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་དེ་ཕྱག་འཚལ་བསྟོད། །གུས་པས་སྐུ་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔའ་བདག་འགྲུབ་མཛོད། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་པ་དང་

p. 84

ལྟུང་བ་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། བཤགས་ཚིག་བརྗོད་པ་ནི། དམ་ཚིག་རྡོ་རྗེའི་སྨྲེ་བཤགས་ངག་དབང་ལེགས་གྲུབ་ཀྱིས་མཛད་པ་དང༌། སློབ་དཔོན་བྷཱུ་རི་པས་མཛད་པའི་རྩ་ལྟུང་བཅུ་བཞིའི་རྩ་བ། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །དེ་བས་དེ་ལ་བརྙེས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །དང་པོར་གྱུར་པ་མཐོལ་ལོ་བཤགས། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །གཉིས་པར་གྱུར་པ༴ །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །གསུམ་པར་གྱུར་པ༴ །སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །བཞི་པར་གྱུར་པ༴ །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ལྔ་པར་གྱུར་པ༴ །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །དྲུག་པར་གྱུར་པ༴ །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །བདུན་པར་གྱུར་པ༴ །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །བརྒྱད་པར་གྱུར་པ༴ །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །དགུ་པར་གྱུར་པ༴ །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །བཅུ་པར་གྱུར་པ༴ །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །བཅུ་གཅིག་པར་གྱུར༴ །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །བཅུ་གཉིས་པར་གྱུར༴ །དམ་ཚིག་རྫས་ནི་ཇི་བཞིན་རྙེད། །མི་བསྟེན་པ་དེ་བཅུ་གསུམ་པ། །བཅུ་གསུམ་པར་གྱུར༴ །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །བཅུ་བཞི་པར་གྱུར་མཐོལ་ལོ་བཤགས། །སྔགས་པས་དེ་དག་སྤངས་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་བས་

p. 85

སྡུག་བསྔལ་མྱོང་གྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་ཀུན་བཅོམ་སྟེ། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་པར་བྱ། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང༌། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །གསང་བའི་ཆོས་ནི་སྟོན་པ་དང༌། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང༌། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་འདས་པ་དང༌། །སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མེད་གསང་བ་སྟོན་པ་དང༌། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང༌། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་རྣམས། །ཁ་ན་མ་ཐོ་ཅེས་གྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པས་འགྲུབ་པར་མི་འགྱུར་ཞིང༌། །བདུད་དང་སྡུག་བསྔལ་མང་དུ་འཕེལ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །ཉིན་རེ་བཞིན་ཡང་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །སྦོམ་པོར་གྱུར་པ་མཐོལ་ལོ་བཤགས། །བདག་ནི་ཐོག་མེད་དུས་ནས་སུ། །ལས་དང་ཉོན་མོངས་དབང་གྱུར་པས། །ལུས་དང་ངག་དང་ཡིད་སྒོ་ནས། །རང་བཞིན་སྡིག་པ་ཅི་བགྱིས་དང༌། །སྡོམ་པ་གསུམ་དང་འགལ་གྱུར་པའི། །ཉེས་པའི་ཚོགས་ཀུན་རབ་འགྱོད་པས། །མཆོད་འོས་རྣམས་ཀྱི་སྤྱན་སྔ་རུ། །སླན་ཆད་བསྡམ་པའི་སེམས་ཀྱིས་བཤགས། །བླ་མའི་ཕྲིན་ལས་རྨད་བྱུང་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་སོ་སོ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རྗེས་ཡི་རངས། །འགྲོ་ཀུན་སྨིན་ཅིང་གྲོལ་བྱའི་ཕྱིར། །བླ་མ་རྣམས་དང་སངས་རྒྱས་ལ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །སེམས་ཅན་ཇི་

p. 86

སྲིད་གནས་ཀྱི་བར། །མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་མཛད་པར། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་མཆོག་དང་སངས་རྒྱས་དང༌། །ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པས་བདག་སྐྱབས་མཆི། །སེམས་ཅན་ཀུན་གྱི་དོན་སླད་དུ། །རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཡེ་ཤེས་གསལ་བའི་སྤྱན་ལྡན་པའི། །བརྩེ་ལྡན་བླ་མའི་ཚོགས་རྣམས་དང༌། །རྒྱལ་བ་སྲས་དང་བཅས་པ་ཀུན། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །མ་རིག་པ་ཡི་ལྡོངས་གྱུར་ཅིང༌། །ལས་ཀྱི་ཆུ་ཀླུང་གིས་འཕངས་པས། །སྲིད་པའི་རྒྱ་མཚོར་ལྷུང་གྱུར་ཏེ། །ཉོན་མོངས་ཆུ་སྲིན་དབང་གྱུར་པས། །མི་བཟད་སྡུག་བསྔལ་གྱིས་གཟིར་བའི། །ཉམ་ཆུང་བློ་གྲོས་རབ་དམན་པ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྐྱོབ་པ་མཛད་པར་གསོལ་བ་འདེབས། །བདག་ཅག་རྣམས་ཀྱིས་རབ་འབད་ཀྱང༌། །ཐར་པའི་གོ་སྐབས་རྙེད་པར་དཀའ། །ཁྱེད་ཀྱིས་ཐུགས་རྗེའི་ཕྱག་བརྐྱངས་ནས། །སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །མངོན་པར་འདུ་བྱེད་ཀུན་གྱི་གཞི། །ཚུལ་མིན་ཡིད་ལ་བྱེད་པའི་རྒྱུ། །མ་རིག་མུན་པ་ཐིབ་པོ་ཆེ། །ཡེ་ཤེས་ཟེར་གྱིས་བསལ་དུ་གསོལ། །སྲིད་པའི་ཉེས་ཀུན་འབྱུང་བའི་གཞི། །རྟོག་པ་ཐམས་ཅད་སྐྱེད་བྱེད་པ། །བདག་ཏུ་འཛིན་པའི་འཁྲི་ཤིང་ནི། །ཤེས་རབ་རལ་གྲིས་གཅད་དུ་གསོལ། །ཀུན་རྨོངས་ཀུན་འཁྲུག་ཀུན་ནས་དཀྲིས། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །མགོན་པོ་ཁྱོད་ཀྱི་མཐུ་ཆེན་གྱིས། །ཡེ་ཤེས་ཆེན་པོར་བསྒྱུར་དུ་གསོལ། །སྲིད་པ་ཐོག་མེད་དུས་ནས་སུ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བག་ཆགས་དྲི་མ་གང་བསགས་པ། །ཡེ་ཤེས་ཆུ་ཡིས་སྦྱང་དུ་གསོལ། །རང་གིས་མངོན་པར་སྤྱད་པའི་མཐུས། །རང་ལ་རང་དབང་མེད་པར་ནི། །སྡུག་བསྔལ་རྒྱ་མཚོར་འཕེན་བྱེད་པའི། །ལས་ཀྱི་རླུང་ཤུགས་བཟློག་ཏུ་གསོལ། །ལས་དང་ཉོན་མོངས་ཀྱིས་སྤྲུལ་པའི། །སྐྱེ་རྒ་ན་དང་འཆི་ལ་སོགས། །སྡུག་བསྔལ་འདུ་བྱེད་

p. 87

འགྱུར་བ་ཡི། །སྡུག་བསྔལ་ཞི་བར་མཛད་དུ་གསོལ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་སླུ་བའི། །བདུད་ཀྱི་ལས་རྣམས་བཟློག་ཏུ་གསོལ། །འཇིག་རྟེན་པ་ཡིས་དོན་གཉེར་བའི། །རྙེད་དང་བཀུར་སྟི་ལ་སོགས་པ། །སྙིང་པོ་མེད་པའི་བྱ་བ་ལས། །ཡིད་ནི་རབ་ཏུ་བཟློག་ཏུ་གསོལ། །ཀུན་གཞིའི་ལྟེ་བར་རབ་བརྟན་ཅིང༌། །རྟེན་འབྲེལ་ཡན་ལག་རྩིབས་བཅུ་གཉིས། །སྡུག་བསྔལ་མུ་ཁྱུད་ཀྱིས་བསྐོར་བའི། །སྲིད་པའི་འཁོར་ལོ་གཞིག་ཏུ་གསོལ། །གཞན་དོན་ལ་སྐྱོ་བདག་ཆགས་པས། །རང་ཉིད་ཞི་བ་དོན་གཉེར་བ། །ཉན་ཐོས་ཐེག་པ་དམན་པའི་སེམས། །རྣམ་པ་ཀུན་ཏུ་དགག་ཏུ་གསོལ། །བདག་གི་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱི་སྒོ་ནས་ཀྱང༌། །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །ཕན་པ་རྒྱ་ཆེན་འབྱུང་བར་མཛོད། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བཤེས་གཉེན་གྲོགས་མཆོག་དམ་ཆོས་དང༌། །གནས་བཟང་བ་དང་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་ཀུན། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རིང་ནད་མེད་འབྱོར་ལྡན་ཞིང༌། །འགྲོ་ཀུན་རྟག་ཏུ་འདུན་པ་དང༌། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །བླ་མ་མཆོག་དང་ཧེ་རུ་ཀ །མཁའ་འགྲོའི་དབང་པོ་དཔག་ཡས་ཀྱིས། །མཁའ་སྤྱོད་གནས་སུ་བཀྲི་བར་མཛོད། །མང་དུ་སྨོས་ཀྱང་ཅི་འཚལ་ཏེ། །དབང་བཅུ་ལྡན་པ་ཁྱེད་རྣམས་ཀྱིས། །ཇི་ལྟར་གོ་འཕང་མཆོག་བརྙེས་པ། །དེ་ལྟར་བདག་གིས་ཐོབ་པར་མཛོད། །བདག་གཞན་སྲིད་པའི་སྡུག་བསྔལ་གྱིས། །རྣམ་པ་ཀུན་ཏུ་ཉམ་ཐག་པས། །མི་ཤེས་བཞིན་དུ་གསོལ་བ་ལ། །ཉེས་པ་སྣང་གང་བཟོད་པར་གསོལ། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡོམ་བྱས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །

p. 88

རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །བདག་ནི་ཚེ་རབས་ཐམས་ཅད་དུ། །རིགས་གཟུགས་འབྱོར་ལྡན་ཤེས་རབ་དང༌། །དབང་ཕྱུག་ཕུན་སུམ་ཚོགས་གྱུར་ཅིང༌། །ནད་མེད་ཚེ་དང་ལྡན་གྱུར་ཅིག །སངས་རྒྱས་འབྱུང་བ་མཉེས་བྱེད་ཅིང༌། །དམ་ཆོས་རྟག་ཏུ་སྤྱོད་པ་དང༌། །འཕགས་པའི་དགེ་འདུན་རྒྱ་མཚོའི་ཚོགས། །རྣམ་པ་ཀུན་ཏུ་མཆོད་པར་ཤོག །ཀུན་དགའི་གསུང་རབ་རྟག་ཉན་ཅིང༌། །སྐུ་ཡི་རྒྱལ་མཚན་བལྟ་བ་དང༌། །དེ་ཡི་དཔལ་འབྱོར་བཟང་པོ་ཡིས། །རྟག་ཏུ་བདག་ནི་སྐྱོང་བར་ཤོག །དད་དང་བརྩེ་དང་བརྩོན་པའི་མཐུས། །བྱང་ཆུབ་ལམ་རྣམས་རྫོགས་བྱེད་ཅིང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །སེམས་ཅན་ཚིམ་པར་བྱེད་པར་ཤོག །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བདག་ལས་སེམས་ཅན་ཐམས་ཅད་ཀྱི། །ཡིད་ལ་འདོད་དགུ་འབྱུང་འགྱུར་ཞིང༌། །འགྲོ་ཀུན་ཚིམ་པར་བྱེད་པར་ཤོག །བདག་ལ་བརྟེན་ནས་འགྲོ་བ་ཀུན། །ཟབ་མོའི་ལམ་ལ་རབ་ཞུགས་ནས། །སྲིད་དང་ཞི་ལ་མི་གནས་པའི། །བྱང་ཆུབ་ཆེན་པོ་ཐོབ་གྱུར་ཅིག །བློ་གྲོས་སྒྲིབ་གཉིས་རྣམ་དག་པས། །ཤིན་ཏུ་ཟབ་པའི་བློ་གྲོས་དང༌། །རྒྱ་ཆེའི་བློ་གྲོས་དང་ལྡན་པའི། །བློ་གྲོས་ཆེན་པོར་བདག་གྱུར་ཅིག །ཚུལ་ཁྲིམས་རྒྱལ་མཚན་དང་ལྡན་ཞིང༌། །ཆོས་ཀྱི་རྒྱལ་མཚན་ལེགས་བཟུང་བས། །བསྟན་པའི་རྒྱལ་མཚན་བརྟན་བྱས་ནས། །ཐར་པའི་རྒྱལ་མཚན་སློང་བར་ཤོག །ཚོགས་གཉིས་དཔལ་རབ་རྫོགས་གྱུར་ནས། །འགྲོ་བའི་དཔལ་མགོན་འབྱུང་བའི་གཞི། །སྐུ་གསུམ་དཔལ་འབྱོར་ལྷུན་གྲུབ་སྟེ། །སྲིད་ཞིའི་དཔལ་ཏུ་བདག་གྱུར་ཅིག །སྨོན་ལམ་བཟང་པོ་ལས་བྱུང་བའི། །ཕྲིན་ལས་བཟང་པོས་འགྲོ་བ་ཀུན། །སྐལ་པ་བཟང་པོར་ལེགས་བསྒྲུབ་པའི། །བརྟུལ་ཞུགས་བཟང་པོར་བདག་གྱུར་ཅིག །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །རྗེས་སུ་བདག་ཀྱང་རབ་ཞུགས་ནས། །དགེ་བ་འདི་དང་དགེ་བ་གཞན། །ཐམས་ཅད་ཡོངས་སུ་བསྔོ་བར་བགྱི། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བླ་མེད་བླ་མའི་ཐུགས་རྗེ་དང༌། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང༌། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་འགྲུབ་པར་ཤོག །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་

p. 89

ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང༌། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྔོན་གྱི་ལས་ལས་གྱུར་པ་དང༌། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང༌། འབྱུང་པོའི་གནོད་པ་དང༌། ཉེ་བར་འཚེ་བ་དང༌། བྱུར་དང་སྐལ་བ་ངན་པ་དང༌། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པར་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང༌། གཞན་གྱི་དོན་ལ་སྐྱོ་བ་དང༌། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང༌། བག་ཡོད་པ་དང༌། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང༌། སྡིག་པ་དང༌། སྒྲིབ་པ་དང༌། ལྟུང་བ་དང་ཉེས་པའི་དྲི་མས་མ་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས། ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་རྟོགས་པ་དགེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་འཆི་བར་གྱུར་པ་དེའི་ཚེ་ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་ལུས་དང་སེམས་ལ་ཟུག་རྔུ་དང་སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་

p. 90

དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང༌། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང༌། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ། བར་དོའི་འཇིགས་པ་ཐམས་ཅད་དང་བྲལ་ཞིང༌། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་སྲིད་པ་དང་ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱི་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ་ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། དེ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྤྱི་དང༌། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པའི་ཚོགས་ལ་ཉེས་ལྟུང་དྲི་མས་གོས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ། རང་གི་སྨིན་མཚམས་ཐིམ་པས་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར། བླ་མ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་རང་གི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་དབྱེར་མེད་དུ་

p. 91

གྱུར་པའི་ངང་ལ་ཅི་གནས་སུ་མཉམ་པར་གཞག་གོ །རྗེས་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །སོགས་ཀྱི་བསྔོ་སྨོན་ཅི་ཤེས་བྱའོ། །དེ་ལྟར་ཉམས་སུ་བླངས་པས་རྨི་ལམ་དུ་ལུས་ལས་ངན་སྐྱུགས་ཐོན་པ་དང༌། ཁྲུས་བྱེད་པ་དང༌། གོས་དཀར་པོ་གྱོན་པ། ནམ་མཁའ་ལ་འཕུར་བ་སོགས་དང༌། དངོས་སུའང་ཤེས་པ་དྭང་ཞིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་སོགས་འབྱུང་ངོ༌། །ཕན་ཡོན་ནི། སྐྱེ་བ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང༌། ཁྱད་པར་དམ་ཚིག་སྡོམ་པའི་ཚོགས་ལ་ཉམས་ཆག་ཅི་མཆིས་པ་བྱང་ཞིང་དག་ནས་ས་ལམ་མྱུར་དུ་བགྲོད་པས་གེགས་སེལ་གྱི་མཆོག་དང་བོགས་འདོན་དམ་པར་འགྱུར་བ་ཡིན་ནོ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི། །བཤགས་སྦྱོང་ཆོ་ག་བཀོད་པའི་དགེས། །བདག་སོགས་འགྲོ་ཀུན་སྒྲིབ་བྱང་ནས། །རྡོ་རྗེ་འཛིན་སར་རེག་གྱུར་ཅིག །ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་བཤགས་སྦྱོང་གི་ཆོ་ག་གདུང་སེལ་གིའུ་ཝཾ་གི་ཐིག་ལེ་ཞེས་བྱ་བ་འདི་ནི་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཞལ་སྐོང་དུ་བློ་གཏེར་དབང་པོས་བྲིས་པ་དགེ། ༈ །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མི་ཕྱེད་འོད་གསལ་ཐུགས་ཀྱི་ཡེ་ཤེས་སྐུ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ། །སྙིང་ནས་གསོལ་བ་འདེབས་སོ་བརྩེ་བས་དགོངས། །བདག་གི་སྡིག་ལྟུང་སྤྱི་དང་ཁྱད་པར་དུ། །མི་ཤེས་ཉོན་མོངས་བག་མེད་མ་གུས་དང༌། །བར་ཆད་དབང་གིས་དཔལ་ལྡན་བླ་མ་ཡི། །སྐུ་གསུང་ཐུགས་དང་འགལ་བའི་ཉེས་པ་ཀུན། །འགྱོད་པ་ཆེན་པོས་བཤགས་ཤིང་ཕྱིན་ཆད་བསྡམ། །ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པའི། །དོན་ཡོད་རྣམ་བཞིས་རྟག་ཏུ་མཉེས་བགྱིད་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་ནས་ཀྱང༌། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཤོག །ཨི་དཾ་སརྦ་ཤིཥྱཱཎཾ་ཏྲི་མུ་ཁཾ་བི་ཤུདྡྷིརྦྷ་ཝནྟུ། རྗེའི་གསུང་འདི་གོང་བཤགས་ཚིག་གི་རྗེས་ཕྱག་བཅས་བསགས་ན་ལེགས་སོ།། །།

གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་རྗེས་གནང་སོགས་ཀྱི་སྔོན་འགྲོའི་ཆོས་ཀྱི་གཏམ་དུ་བྱ་བ་གཞན་ཕན་རབ་སྟེར།

p. 92
p. 93

གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་རྗེས་གནང་སོགས་ཀྱི་སྔོན་འགྲོའི་ཆོས་ཀྱི་གཏམ་དུ་བྱ་བ་གཞན་ཕན་རབ་སྟེར་བཞུགས་སོ།།

p. 94

ན་མོ་གུ་རུ་མཉྫུ་གྷོ་ཥ་སྭ་ར་སྭ་སྟི་བྷྱཿ གང་ཐུགས་སྤྲོས་བྲལ་བདེ་བ་ཆེན་པོའི་མཁར། །ཁ་སྦྱོར་ཡན་ལག་བདུན་རྫོགས་སྤྲུལ་པའི་ཉི། །རྟག་ཏུ་ཕྲིན་ལས་སྣང་བ་དཀར་པོ་རུ། །སྤྲོ་མཛད་ཁྱབ་བདག་བླ་མར་གུས་པས་འདུད། །ལུས་ཅན་ཡོངས་ལ་སྟོང་ཉིད་སྙིང་རྗེའི་ཕྱག །ཟུང་འཇུག་དམ་པོས་འཁྱུད་པའི་སྟོན་པ་མཆོག །རང་གི་ལམ་དུ་སྐལ་ལྡན་མ་ལུས་པ། །ཉེ་བར་འཁྲིད་པའི་ཆོ་ག་ལ་ཞུགས་ཏེ། །ཐེག་པའི་ཡང་རྩེར་བཀའ་སྩལ་གསང་སྔགས་ཀྱི། །འཇུག་སྒོ་མ་ནོར་དབང་དང་རྗེས་གནང་སོགས། །དམ་པའི་ལས་ལ་སྔོན་འགྲོའི་ཆོས་ཀྱི་གཏམ། །རྣ་བའི་བདུད་རྩི་གསར་པ་འདི་ལ་ཉོན། །དེ་ལ་སྟོན་པ་མཉམ་མེད་རྡོ་རྗེ་འཆང་ཆེན་པོས་གསུངས་པའི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པ་ལ་མེད་དུ་མི་རུང་བའི་སྨིན་བྱེད་ཀྱི་དབང༌། ཡོན་ཏན་སྔར་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་པ་གོང་འཕེལ་དུ་བྱེད་པ་སོགས་ནུས་པ་བསྐྱེད་པའི་རྗེས་གནང་དང་བྱིན་རླབས། སྒོམ་ལུང་སོགས་ཀྱིས་སྐལ་ལྡན་གྱི་སློབ་མ་རྗེས་སུ་གཟུང་བར་འདོད་པས། རྒྱུད་སྡེ་ཆེན་པོའི་དགོངས་པ་དང་མཐུན་ཞིང༌། མཁས་གྲུབ་ཚད་ལྡན་གྱིས་ལེགས་པར་བཀྲལ་བ་ལ་བརྒྱུད་ལྡན་དམ་པའི་ཕྱག་བཞེས་ཀྱི་ཉེ་བར་བརྒྱན་པ་དང་བཅས།

p. 95

རང་གི་འདོད་པ་དང་སླ་ཆོས་སུ་མ་སོང་བར་རང་རང་གི་ཆོ་ག་དང་ཆིངས་ཚད་ལྡན་ནས་ཇི་ལྟར་བཤད་པ་བཞིན་གྱི་བཅས་བཤོམས་དང༌། བདག་མདུན་སོགས་ཀྱི་རིམ་པ་རྣམས་ཡིད་གཞན་དུ་མ་ཡེངས་པས་ལེགས་པར་སྒྲུབ་ལ་སྔོན་དུ་བཏང་རྗེས། སློབ་མ་རྣམས་ཁྲུས་བྱས་ནས་མདུན་དུ་འདུག་པ་ལ་མེ་ཏོག་བཀྱེ་བསྡུ་བྱས། བླ་མ་དང་སྐབས་གང་ཡིན་གྱི་ལྷག་པའི་ལྷ་ངོ་བོ་དབྱེར་མེད་པ་ལ་བདག་གཞན་གྱི་ལུས་ལོངས་སྤྱོད་ལ་སོགས་པའི་སྣོད་བཅུད་ཀྱི་དཔལ་འབྱོར་དང༌། དུས་གསུམ་གྱི་དགེ་ཚོགས་ལ་སོགས་པ་ལྟོས་མེད་དུ་འབུལ་བའི་མོས་པ་དང་བཅས་པའི་སྒོ་ནས་མཎྜལ་འབུལ་དུ་བཅུག་ལ། མཉམ་མེད་ཇོ་བོ་ཆེན་པོས། གཞན་ལ་གདམས་ངག་བྱེད་པ་ན། །སྙིང་རྗེས་ཕན་སེམས་ལྡན་པར་མཛོད། །ཅེས་གསུངས་པ་ལྟར། རང་གི་རྙེད་བཀུར་དང་གྲགས་པ་སོགས་ཟང་ཟིང་འདོད་པའི་བློ་སྤངས་ནས་གཞན་ལ་ཕན་འདོད་ཀྱི་བསམ་པ་བཟང་པོས་སྔོན་འགྲོའི་ཆོས་བཤད་འདི་ལྟར་བྱའོ། །དེ་ཡང་མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་པ་བྱེད་མི་འགྱུར། །ཐོས་པས་གནོད་པ་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདའ་བ་ཐོབ། །ཅེས་དང༌། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་

p. 96

ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་གསུངས་པ་ལྟར། དམ་པའི་ཆོས་ཐོས་པ་ལ་བརྟེན་ནས་བླང་དོར་གྱི་གནས་ཐམས་ཅད་ཤེས་པར་འགྱུར་ཞིང༌། དེ་ལ་བརྟེན་ནས་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་བས། སློབ་དཔོན་ཆེན་པོ་དཔའ་བོས། འདིར་ནི་སྐྱེས་བུ་དམ་པ་ལས། །དུས་དུས་སུ་ཡང་ཉུང་ཟད་གསོན། །ཉུང་དུ་བསགས་ནའང་ངེས་པར་ནི། །རིང་པོར་མི་ཐོགས་མང་པོར་འགྱུར། །རྟག་ཏུ་ཆུ་ཐིགས་རེ་རེའི་རྒྱུན། །བར་ཆད་མེད་པ་འབབ་པ་ཡིས། །གང་ཞིག་གང་བར་མི་འགྱུར་བའི། །སྣོད་དེ་ཇི་ལྟ་བུ་ཞིག་མཆིས། །དེ་ལྟར་དཔེ་གསལ་དེ་ལྟ་བུ། །རྒྱལ་པོ་ཚད་མར་མཛད་ནས་ནི། །དམ་པའི་ཆོས་ནི་གསན་པ་ལ། །རྟག་ཏུ་དགྱེས་པ་ཉིད་དུ་མཛོད། །ཅེས་གསུངས་པ་བཞིན་ཚིགས་སུ་བཅད་པ་རེ་རེ་ཙམ་ལ་ཡང་དོན་གཉེར་ཆེན་པོས་འབད་དེ་ཐོས་པ་བསགས་ན་རིང་པོར་མི་ཐོགས་པར་ཐོས་པ་དང་ཤེས་པའི་ཕ་རོལ་ཏུ་སོན་པར་འགྱུར་བས། དམ་པའི་ཆོས་ཉན་པ་ལ་བརྩོན་པར་བྱ་དགོས་པས། རྗེ་བཙུན་བཙོང་ཁ་པ་ཆེན་པོས། འདིར་འཇུག་པ་ནི་སྐལ་བ་བཟང་ངོ་ཞེས། །ལེགས་པར་སོམས་ལ་དགའ་བའི་བཞིན་གྱི་མདངས། །རབ་གསལ་འཛུམ་པའི་ཉམས་དང་ལྡན་པ་ཡིས། །རྣམ་གཡེང་སྣོད་ཀྱི་སྐྱོན་གསུམ་སྤངས་ལ་ཉོན། །ཞེས་གསུངས་པ་ལྟར། ཆོས་ཐོས་པའི་ཕན་ཡོན་དྲན་པའི་སྒོ་ནས་ཡིད་སྤྲོ་སིང་སིང་བ་དང༌། དེའི་མཚན་མའམ་རྟགས་བཞིན་གྱི་མདངས་གསལ་ཞིང་འཛུམ་པས་དགའ་བའི་ཉམས་དང༌། གུས་པའི་སྤྱོད་ལམ་དང་བཅས་སེམས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་རྟོག་པས་གཡེངས་ནས་དམ་པའི་ཆོས་ལ་ཡིད་མི་གཏོད་པ་སྣོད་ཁ་བུག་པ་ལྟ་བུ་དང༌། ཡིད་གཏད་

p. 97

ཀྱང་དགེ་བའི་བཤེས་གཉེན་ལ་མ་དད་པ་དང༌། སྐྱོན་ལ་རྟོག་པ་དང༌། ཕྲག་དོག་དང༌། ཤེས་ཀྱི་ཁེ་དང༌། གནས་སྐབས་ཀྱི་བདེ་བ་དང༌། བར་ཆད་ཞི་བ་སོགས་འདོད་པའི་བསམ་པ་མ་དག་པས་བསླད་པ་སྣོད་དུག་ཅན་ལྟ་བུ་དང༌། ཡིད་གཏད་ཅིང་བསམ་པ་བཟང་པོས་ཉན་ཀྱང་དེ་མ་ཐག་བརྗེད་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་གསུམ་སྤོང་བ་དང༌། གཞན་ཡང་བདག་ཉིད་གྲགས་པའི་ཆེད་མ་ཡིན་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཆེད་དང༌། བསྙེན་བཀུར་ཐོབ་པའི་ཆེད་མ་ཡིན་གྱི། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་ཆེད་དང༌། རྩོད་པ་ལས་རྒྱལ་བའི་ཆེད་མ་ཡིན་གྱི། ཉོན་མོངས་པའི་དགྲ་ལས་རྒྱལ་བའི་ཆེད་དང༌། དགེ་བའི་བཤེས་གཉེན་ལས་ཆོས་ཀྱི་གསང་འབྲུ་བའི་ཆེད་མ་ཡིན་གྱི། དད་པ་དང་གུས་པས་ཆོས་ཀྱི་དོན་ཤེས་པའི་ཆེད་དུ་ཉན་དགོས་པར་མདོ་སྡེ་ནས་གསུངས་པ་ཡང་མདོ་སྔགས་ཐམས་ཅད་ཀྱི་སྐབས་སུ་འདྲ་བས། མདོར་དྲིལ་ན་བདག་གིས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་གསང་ཆེན་རྡོ་རྗེ་ཐེག་པའི་དམ་པའི་ཆོས་ཕུན་སུམ་ཚོགས་པ་འདི་མཉན་པར་བྱའོ་སྙམ་པའི་ཀུན་སློང་ཁྱད་པར་ཅན་གྱི་སྒོ་ནས། གནས་ཕུན་སུམ་ཚོགས་པ་ཡི་དམ་གྱི་ལྷའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་ངོ་མཚར་བའི་དབུས་སུ་འཇིགས་པ་མེད་པ་རྡོ་རྗེ་སེང་གེའི་ཁྲི་ཆེན་པོ་བཤམས་པ་ལ་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་ཡི་དམ་གྱི་ལྷ་དངོས་སུ་གསལ་བས། འཁོར་ཕུན་སུམ་ཚོགས་པ་ཁྱེད་རང་རྣམས་སངས་རྒྱས་རིགས་ལྔ་དང༌། བྱང་ཆུབ་སེམས་དཔའ་སོགས་ཀྱི་རྣམ་པར་མོས་པའི་སྐལ་ལྡན་གྱི་འདུས་པ་གྲངས་མེད་པ་ལ། མཛད་པ་ཕུན་སུམ་ཚོགས་པ་གང་ལ་གང་འདུལ་གྱི་སྤྲུལ་པའི་སྤྲིན་སྤྲོ་བཞིན་པར་དམ་པའི་ཆོས་ཀྱི་སྒྲ་གྲག་སྟོང་ཚངས་པའི་དབྱངས་ལྟ་བུ་སྒྲོག་པར་མོས་པ་སྟེ། ཕུན་སུམ་ཚོགས་པ་བཞི་དང་ལྡན་པའི་དག་པའི་སྣང་ཞེན་བརྟན་པོའི་སྒོ་ནས་གསན་པར་ཞུ། གསན་བྱ་དམ་པའི་ཆོས་ནི། ཚོམས་ལས། མཁས་གང་འཚོ་བའི་འཇིག་རྟེན་ན། །དད་དང་ཤེས་རབ་བརྟན་བྱེད་པ། །དེ་དག་དེ་ཡི་ནོར་མཆོག་སྟེ། །དེ་ཡི་ནོར་གཞན་ཕལ་བར་ཟད། །ཅེས་མི་འཕྲོགས་པའི་དད་

p. 98

པ་དང་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ནོར་གཉིས་ནི། འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་སེལ་བར་བྱེད་ཅིང༌། མངོན་མཐོ་དང་ངེས་ལེགས་ཀྱི་འདོད་པ་ཐམས་ཅད་བདེ་བླག་ཏུ་སྩོལ་བར་བྱེད་པའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་ཡིན་པར་གསུངས་ཤིང༌། དེ་གཉིས་ཀྱི་ནང་ནས་ཀྱང་དང་པོར་ཆོས་ཀྱི་སྣོད་རུང་དུ་བྱེད་པའི་དད་པ་གལ་ཆེ། དེ་ལ་ཡང་དགེ་མི་དགེའི་ལས་འབྲས་དང་སྡུག་བསྔལ་ཀུན་འབྱུང་གི་རྒྱུ་འབྲས་སོགས་སླུ་བ་མེད་སྙམ་དུ་མངོན་པར་ཡིད་ཆེས་པའི་དད་པ་དང༌། བླ་མ་དང་དཀོན་མཆོག་སོགས་ཀྱི་ཡོན་ཏན་མཐོང་ནས་སེམས་དང་བར་བྱེད་པ་དང་བའི་དད་པ་དང༌། ཐར་པ་དང་ལམ་ལ་སོགས་པའི་ཐོབ་བྱ་ལ་འབད་པས་ཐོབ་པར་བྱ་སྙམ་པ་འདོད་པའི་དད་པ་དང་གསུམ་དུ་ཡོད་པ་ལས་སྐབས་འདིར། ལེགས་གྲུབ་ཀྱི་རྒྱུད་ལས། རིག་སྔགས་དམ་ཚིག་འཆད་པ་ཡི། །བླ་མ་ལ་ནི་སྟོན་པ་བཞིན། །གང་ཞིག་གུས་སེམས་ཤེས་རབ་ཅན། །དེ་ཡི་ལག་ན་དངོས་གྲུབ་གནས། །ཞེས་སོགས་མདོ་རྒྱུད་ཀུན་ལས་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་གསུངས་པས། བླ་མ་ཡི་དམ་གྱི་ལྷ་ལ་དང་བའི་དད་པ་དང་གསང་སྔགས་ཀྱི་ཆོས་ལ་ཡིད་ཆེས་པའི་དད་པ་བརྟན་པོ་ཞིག་བསྐྱེད་དགོས་ཤིང༌། དམ་པའི་ཆོས་ཉན་པའི་སྐབས་འདི་ཙམ་དུ་མ་ཟད་རྒྱུན་དུའང་དད་པས་ཡིད་ཀྱི་རྙོག་པ་སེལ་ནུས་པ་ཞིག་མེད་ན་ལམ་གྱི་གཞི་སྟོར་བ་ཡིན་པས། དད་པ་ཅི་སྐྱེའི་ཐབས་ལ་འབད་དགོས། དེའི་ཐབས་ཀྱང༌། ཇི་སྐད་དུ། དད་པའི་ཚོམས་ལས། ཁྲོན་པ་སྐམ་པོ་ཇི་ལྟ་བར། །དད་པ་མེད་པ་བསྟེན་མི་བྱ། །ཅི་སྟེ་དེ་ལ་ཡོངས་བརྐོས་ཀྱང༌། །འདམ་ཆུ་དྲི་ང་འབྱུང་བར་ཟད། །ཆུ་མང་རྣམ་པར་དང་བ་དང༌། །བསིལ་བར་གྱུར་ཅིང་རྙོག་མེད་པའི། །མཚོ་ལ་ཆུ་འདོད་ཇི་ལྟ་བར། །ཤེས་རབ་ཅན་གྱིས་དད་ལྡན་བསྟེན། །ཞེས་གསུངས་པ་བཞིན། དད་པ་དང་བག་ཡོད་པ་དང་ལྡན་པའི་གྲོགས་བཟང་པོ་བསྟེན་པ་དང༌། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལའང་དམ་པའི་ཆོས་མཉན་པ་དང༌། ཉན་པའི་དོན་ལ་ཡང་དང་ཡང་དུ་བསམས་ནས་ངེས་བཤེས་རྙེད་པ་

p. 99

རྣམས་གལ་ཆེ་བ་ཡིན་ཏེ། དཔལ་གསང་བའི་བདག་པོས་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་གདམས་པ་ལས། ལས་ཀྱི་རྡོ་རྗེ་བླ་མ་ལ་མོས་གུས་མ་ཐོབ་པར་ཡི་དམ་ལྷའི་ཞལ་གཟིགས་ཟེར་བ་དང༌། ཉམས་མྱོང་བཟང་པོ་སྐྱེས་ཟེར་བ་རྫུན་ཡིན། འཆི་བ་མི་རྟག་པ་བརྒྱུད་ལ་མ་སྐྱེས་པར་འཇིག་རྟེན་བློས་གཏོང་ཟེར་བ་རྫུན་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་མེད་པར་སྡིག་པ་མ་བྱས་ཟེར་བ་རྫུན་ཡིན། འཁོར་བའི་ཉེས་དམིགས་མ་དྲན་པར་འཇིག་རྟེན་མཐའ་དག་བློས་གཏོང་ཟེར་བ་རྫུན་ཡིན། ཕན་སེམས་རྡུལ་ཙམ་ཡང་མེད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས་ཟེར་བ་རྫུན་ཡིན། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་བདེན་མེད་དུ་མ་རྟོགས་པར་སྟོང་པ་ཉིད་རྟོགས་ཟེར་བ་རྫུན་ཡིན། ལས་ཀྱི་རྡོ་རྗེ་ཆོས་གཤའ་མ་ཞིག་བྱེད་ན་གཞི་དད་པ་གལ་ཆེ་བ་ལགས། དད་པ་སྐྱེ་བའི་རྒྱུ་གང་ལགས་ཞུས་པས། བླ་མ་སངས་རྒྱས་གཉིས་པ་ལྟ་བུ་ཞིག་ལ་བརྟེན་ན་དད་པ་ཤུགས་ལ་སྐྱེ་བ་ཡིན། མཆེད་གྲོགས་དད་པ་ཅན་དང་འགྲོགས་ན་དད་པ་སྐྱེ་བ་ཡིན། འཆི་བ་མི་རྟག་པ་དྲན་ན་དད་པ་སྐྱེ་བ་ཡིན། ལས་རྒྱུ་འབྲས་དྲན་ན་དད་པ་སྐྱེ་བ་ཡིན། འཁོར་བའི་ཉེས་དམིགས་དྲན་ན་དད་པ་སྐྱེ་བ་ཡིན། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་ཆེན་རང་གི་རྩ་བའི་བླ་མ་ཡིན་པས། དེས་ཅི་གསུང་སྒྲུབ་ཅིང་དམ་ཚིག་ལ་གནས་པ་གལ་ཆེ། ཞེས་གསུངས་པ་ལྟར་ཡིན། དེས་ན་སྐབས་འདིར་ཡང་བླ་མ་དང་ཡི་དམ་ཆེ་གེ་མོ་གཉིས་ལ་བཟང་ངན་དང་མཆོག་དམན་དུ་མ་ལྟ་བ་ལ་ངོ་བོ་དབྱེར་མེད་དུ་མཐོང་བའི་དད་གུས་ཀྱི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པ་ཞུ། ཞེས་རྗེས་གནང་སོགས་སྐབས་གང་ཡིན་གྱི་གསོལ་འདེབས་ལན་གསུམ་བྱེད་དུ་གཞུག དེའང་མཉམ་མེད་ཇོ་བོ་ཆེན་པོས། དལ་འབྱོར་ཕུན་སུམ་ཚོགས་པའི་ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང༌། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །སྒྲུབ་ལ་འབད་པས་དོན་ཡོད་བྱ། །སངས་རྒྱས་འབྱུང་དང་དགེ་སློང་དང༌། །མི་ལུས་རྙེད་དཀའ་རྙེད་གྱུར་ཅིང༌། །དགེ་བཤེས་ཕྲད་

p. 100

དཀའ་ཕྲད་གྱུར་ནས། །དོན་མེད་པར་ནི་མི་བྱེད་གསུང༌། །ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱིས་རྙེད་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། དེ་སྟོན་པའི་དགེ་བའི་བཤེས་གཉེན་དང༌། གྲོགས་ཁྱད་པར་ཅན་དང་འཕྲད། ཐོས་བསམ་སྒོམ་པ་བྱར་ཡོད་པའི་རྟེན་བཟང་པོ་འདི་ལྟ་བུ་ཐོབ་པའི་སྐབས་འདིར། དམ་པའི་ཆོས་ཀྱི་སྙིང་པོ་ལེན་པ་ལ་འབད་འཚལ། དེའི་རྒྱུན་མཚན་ཡང༌། ཕྱིན་ཆད་འདི་འདྲ་བའི་རྟེན་བཟང་པོ་ཡང་ནས་ཡང་དུ་རྙེད་པ་ཞིག་ཡིན་ན། ད་ལན་དེ་ཙམ་གྱི་བརྩོན་པ་མ་འགྲུབ་ཀྱང༌། ཕྱིས་རྟེན་དེ་དག་ལ་འབད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ས་ཕྱོད་པ་ཞིག་བྱས་ཆོག་ནའང༌། ཕྱིན་ཆད་རྟེན་འདི་འདྲ་བ་བརྙེད་པ་ནི་སྲིད་མཐའ་ཙམ་དུ་ཟད་དེ། རང་རེ་རྣམས་དམ་པའི་ཆོས་དང་མཇལ་ནས་དགེ་སྡིག་ལ་བླང་དོར་བྱེད་པའི་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཙམ་དང་ལྡན་པའི་ལུགས་སུ་བྱེད་ནའང༌། པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་ནས། སྔོན་ཆད་བྱས་པའི་རང་གི་སྤྱོད་ཚུལ་ལ། །མཛུབ་མོ་ནང་དུ་བཀུག་ནས་བསམས་པའི་ཚེ། །སེང་ལྤགས་གྱོན་པའི་ཝ་སྐྱེས་ཇི་བཞིན་དུ། །ཆོས་པར་བརྫུས་ནས་ཆོས་མིན་བྱས་པས་འགྱོད། །ཅེས་གསུངས་པ་ལྟར། ཡིད་ཉོན་མོངས་པས་རང་དབང་མེད་པར་བསླད་པས། དགེ་བའི་སེམས་ལྟ་ཅི། ལུང་དུ་མ་བསྟན་པའི་གནས་སྐབས་ཀྱང་ཆེར་མི་འབྱུང་བར་ལུས་ངག་ཡིད་གསུམ་སྡིག་པ་མི་དགེ་བའི་ཉེས་སྤྱོད་ཁོ་ན་ལ་རྒྱུན་དུ་དད་དམ་ཤུགས་ཀྱིས་འཇུག་པ་དང༌། དེའང་ཉོན་མོངས་པ་ཤུགས་དྲག་པོས་ཀུན་ནས་བསླང་བ་དང༌། དེའང་ཞིང་ཁྱད་པར་ཅན་ལ་བསགས་པ་ཤས་ཆེ་བ་སོགས་རང་གི་སྤྱོད་ཚུལ་གང་ལ་བལྟས་ཀྱང་སྡིག་ལྟུང་གི་རང་བཞིན་ཁོ་ན་ལས་མ་འདས་ལ། དགེ་བའི་ལས་ནི་ཆུ་གྱེན་དུ་འདྲེན་པ་ལྟར་འབད་པ་ཆེན་པོ་བགྱིས་ཀྱང་རེས་འགའ་རེས་འགའ་ཙམ་ལས་མི་འབྱུང་ཞིང༌། དེ་ཡང་དད་པ་སོགས་ཀྱི་ཀུན་སློང་ཤུགས་ཤིན་ཏུ་ཞན་པ་བཅས་གང་ལ་བསམས་ཀྱང་རྟེན་འདིའི་འོག་ཏུ་ངན་འགྲོར་སྐྱེ་

p. 101

བ་ལས་མ་འདས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར། རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་དང་ངན་འགྲོ་རྣམས་འབྱུང་བ་དང༌། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་བདེ་འགྲོ་རྣམས་འབྱུང་བའི་ལས་འབྲས་ནི་ནམ་ཡང་སླུ་བ་མེད་པ་ཡིན་ལ། གལ་ཏེ་རྟེན་འདིའི་འོག་ཏུ་ངན་སོང་དུ་སྐྱེས་ཀྱང་དེ་ནས་ཤི་འཕོས་ཏེ་ཡང་བདེ་འགྲོར་སྐྱེ་བར་འགྱུར་བས་དེ་ཙམ་གྱི་རྙེད་མི་དཀའ་འམ་སྙམ་ན། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས་པ་ལྟར། ངན་འགྲོའི་རྟེན་དེ་ལ་ཕལ་ཆེར་བླང་དོར་གྱི་གནས་ལ་རྨོངས་པས་ཉེས་སྤྱོད་སྒོ་སྣ་ཚོགས་ནས་གསོག་ཅིང༌། དགེ་བའི་བློ་རེས་འགའ་ཙམ་སྐྱེ་བ་ཡང་སྲིད་མཐའ་ཡིན་པས། ངན་སོང་དུ་སྐྱེས་ཕྱིན་ཆད། ངན་སོང་ནས་ངན་སོང་དུ་རྒྱུན་མར་འཁོར་བ་ལས་བདེ་འགྲོར་སྐྱེ་བའི་སྐལ་བ་ཆད་པ་ལྟ་བུ་ཞིག་ཏུ་འགྱུར། དེས་ན་ད་ལམ་གྱི་རྟེན་འདི་ལ་སྣང་བ་ནས་སྣང་བར་འགྲོ་བའམ། བདེ་འགྲོ་ནས་བདེ་འགྲོར་འགྲོ་བའི་ཐབས་ཞིག་ལ་འབད་དགོས། དེ་ལྟར་ཕྱི་མ་ཕན་ཆོད་ཀྱི་བདེ་བའི་ཐབས་སྒྲུབ་དགོས་པ་བདེན་ནའང་རེ་ཞིག་བར་རང་དང་གཉེན་བདེ་བའི་ཐབས་སྒྲུབ་པ་སོགས་ཚེ་འདིའི་གཤོམ་ར་རྣམས་གྲུབ་པར་བྱས་ནས། སླར་དམ་པའི་ཆོས་བྱའོ་སྙམ་ན། མི་རྟག་པའི་ཚོམས་ལས། འདི་ནི་བྱ་བ་བྱས་ཟིན་དོན་འདི་བྱ། །དེ་དག་བྱས་ནས་བདག་གིས་འདི་བྱའོ་ཞེས། །དེ་ལྟར་མི་ནི་ཡོངས་སུ་ཤོམས་པ་ནི། །རྒ་དང་ནད་བཅས་

p. 102

འཆི་བས་མངོན་དུ་འཇོམས། །ཞེས་གསུངས་པ་བཞིན། སྔོན་ཆད་བྱ་བ་འདི་དང་འདི་ལྟ་བུ་བྱས་ཟིན། ད་འདི་དང་འདི་ལྟ་བུ་བྱ། དེའི་འོག་ཏུ་འདི་ལྟ་བུ་བྱའོ་སྙམ་དུ་བློ་སྣ་མང་པོའི་རྒྱ་བསྐྱེད་ཀྱང་དོན་དེ་དག་འགྲུབ་པའི་ངེས་པ་མེད་ཅིང༌། ལུས་འདི་ནི་ལོ་རེ་དང་ཟླ་རེ་དང་ཞག་རེ་དང་ཆུ་ཚོད་དང་སྐད་ཅིག་རེ་རེ་བཞིན་གྱིས་ཀྱང་རྙིངས་ཤིང་རྣམ་པར་འགྱུར་བས་བཀྲག་མདངས་རྣམས་རིམ་གྱིས་ཤོར། དབང་པོའི་མཐུ་ནི་རིམ་གྱིས་འགྲིབ། སེམས་ཀྱི་དྲན་པའང་རིམ་གྱིས་མི་གསལ་བར་སོང་ནས་རྒ་བའི་སྡུག་བསྔལ་རྒྱུན་ཆད་མེད་པ་མྱོང་བཞིན་པ་དང་དེ་ཙམ་དུ་མ་ཟད། དཔེར་ན་ནགས་ཚལ་འཐིབས་པོར། སེང་གེ་དང་སྟག་དང་དུག་སྦྲུལ་ལ་སོགས་པ་སྲོག་ཆགས་འཇིགས་སུ་རུང་བ་གསོད་ལ་དགའ་བ་ཕན་ཚུན་དགྲར་གྱུར་པ་དུ་མ་ཞིག་གིས་མཐའ་བསྐོར་ཏེ་གནས་ན་ཡུན་མི་རིང་བར་མཐར་སྲོག་ལ་རྒོལ་བ་ཐེ་མི་ཚོམ་པས་སེམས་བདེ་བར་སྡོད་མི་རིགས་པ་འདི་བཞིན་དུ་ཕྱི་རོལ་ཏུ་རང་གི་ལས་ངན་གྱི་འབྲས་བུ་ཐོག་ཏུ་བབས་ནས་མི་དང་མི་མ་ཡིན་གྱི་གནོད་བྱེད་ལ་སོགས་པ་དུ་མ་ཞིག་གིས། འདི་ལ་ནམ་ཞིག་ན་ལུས་སྲོག་ལོངས་སྤྱོད་དང་བདེ་བ་ལ་བར་དུ་གཅོད་པ་བྱེད་ནུས་པར་འགྱུར་སྙམ་དུ་བྱ་ར་ཐུ་རེ་གནས་པ་དང༌། ལུས་ཀྱི་ནང་དུ་ཡང༌། ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང༌། རླུང་མཁྲིས་བད་ཀན་ལ་སོགས་པ་ལྷན་ཅིག་སྐྱེས་པའི་ནད་ཀྱི་རང་བཞིན་ཕན་ཚུན་མི་མཐུན་པ་དང་མི་འཕྲོད་པ་གཅན་གཟན་གཏུམ་པོ་ལྟ་བུ་དུ་མ་ཞིག་གནས་བཅས་ནས་དེ་དག་གང་ཡང་རུང་བ་ཞིག་ཅུང་ཟད་ཙམ་གྱི་དར་གུད་དུ་གྱུར་ནའང་སྲོག་ལ་རྒོལ་བའི་ནད་ཀྱི་སྡུག་བསྔལ་གློ་བུར་དུ་ཐོག་ཏུ་འབབ་པར་འགྱུར་བས། ད་ལྟ་ལུས་སེམས་བདེའོ་སྙམ་དུ་བདེ་བར་སྡོད་པ་མི་རིགས་ཏེ། ཀུན་མཁྱེན་ལྔ་པ་ཆེན་པོས། སྐྲ་མིག་སྨན་མདོག་ནི་གངས་ལྟར་དཀར། །མདངས་འོད་བཀྲག་ཅན་དེ་མུན་ལྟར་ནག །ལུས་དྲང་པོར་སྐྱེས་པ་གཞུ་ལྟར་གུག །ཡུལ་འདོད་ལ་སྲེད་བྲལ་རྒ་བས་ནོན། །སྨན་མོ་བོན་རིམ་གྲོས་མ་ཕན་པར། །ཞག་རེ་རེ་སོང་གིན་ཇེ་ཐུར་ན། །གྲོགས་ཉེ་དུ་འཁོར་

p. 103

གཡོག་སུན་ནས་འབྱོལ། །འདི་གཤིན་རྗེས་འབོད་པའི་ཕོ་ཉ་ཡིན། །ཞེས་གསུངས་པ་ལྟར། རང་གི་ལུས་ཀྱི་གནས་སྐབས་ལ་བརྟགས་ན་སྔར་གྱི་སོ་ན་མ་གནས་པ་འདི་ལྟ་བུ་ནི་ངེས་པར་གཤིན་རྗེའི་རྒྱལ་པོའི་ཕ་རོལ་ཏུ་འཁྲིད་མཁན་གྱི་ཕོ་ཉའི་ལག་ཏུ་ཆུད་ཟིན་པའི་ལྟས་ཡིན་པར་འདུག ཁྱད་པར་དེང་སང་ཚེའི་སྙིགས་མར་ཐུག་པས་ལོ་གྲངས་བཅུ་ཕྲག་ལྔ་དྲུག་རྒལ་བ་ཆེར་མི་ཡོང་ཞིང་དེ་ཙམ་ཐུབ་པའི་དབང་དུ་སོང་ཡང་བྱིས་པའི་གནས་སྐབས་དང༌། རྒས་པ་དང༌། ནད་དང༌། གཉིད་ལ་སོགས་པ་དུ་མ་ཞིག་གིས་བར་དུ་བཅད་ནས་ཆོས་རྣམ་དག་སྒྲུབ་པའི་གནས་སྐབས་ནི་ལོ་གཅིག་གཉིས་ཀྱི་ཚོད་དུ་ལོངས་པའང་དཀའ་བ་ཙམ་དུ་མ་ཟད་སྔོན་ཆད་ཀྱི་མི་ཚེ་ཐམས་ཅད་དོན་མེད་འབའ་ཞིག་གི་ངང་དུ་ཐལ། ད་ནི་ཀཱ་ནི་ཀའི་སྤྲིངས་ཡིག་ལས། འཆི་བདག་སུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་གཞེས་པར། །དམ་པའི་ཆོས་ལ་བསྙུར་ཏེ་མཛོད། །འདི་སང་དེང་ནི་འདི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་ཞིག་ཁྱོད་ནི་མེད་འགྱུར་བའི། །སང་དེ་གདོན་མི་ཟ་བར་འོང༌། །ཞེས་གསུངས་པ་ལྟར། འཆི་བདག་བརྩེ་བ་མེད་པའི་རྒྱལ་པོ་ཆད་པ་དེ་ལོ་འདིའམ་ཟླ་བ་འདིའམ། དེ་རིང་རང་ཡང་གློ་བུར་དུ་མི་ཡོང་བའི་ངེས་པ་གང་ཡང་མེད་པས་ན། སང་གི་ཉི་མ་ཤར་བའི་ཚེ་རང་རེའི་ལུས་འདི་དུར་ཁྲོད་དུ་འདོར་བའམ་མེར་སྲེག་པ་ལྟ་བུ་རྗེས་མེད་དུ་འགྲོ་བ་ཞིག་དང༌། གཉེན་བཤེས་རྣམས་གཤིན་དགེའི་བྱ་བས་བྲེལ་བ་ཞིག་མི་ཡོང་བའི་ངེས་པ་ག་ལ་ཡོད། དེས་ན་རྗེ་བཙུན་བཙོང་ཁ་པ་ཆེན་པོས། མི་རྟག་སྲིན་པོས་མ་ཟོས་པའི། །སེམས་ཅན་དེ་ནི་འགའ་མ་བྱུང༌། །ད་དུང་དེ་བཞིན་ཁོ་ནར་བས། །སེམས་ཁྱོད་དལ་བར་ཇི་ལྟར་སྡོད། །དེ་ཕྱིར་འབད་ཀྱང་འདོར་དགོས་པའི། །སྙིང་པོ་མེད་པའི་བྱ་བ་ཐོང༌། །གང་དུ་ཕྱིན་ཀྱང་རྗེས་འབྲང་བའི། །ལས་གཉིས་ལ་ནི་རྟག་ཏུ་སོམས། །དེ་ལྟར་བསམས་ནས་ངོ་ཚ་ཁྲེལ་ཡོད་དང༌། །དྲན་དང་ཤེས་བཞིན་བག་

p. 104

ཡོད་བརྟན་པོ་ཡིས། །འདུལ་བར་དཀའ་བའི་སེམས་ནི་ལེགས་བཏུལ་ནས། །འཆི་ཚེ་ཡིད་ལ་དགའ་བ་རྒྱས་པར་བྱོས། །ཞེས་གསུངས་པ་བཞིན། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ། རྫུ་འཕྲུལ་ལ་དབང་འབྱོར་བའི་གྲུབ་ཐོབ། སྟོབས་འབྱོར་མངའ་ཐང་གིས་མཐོ་བའི་རྒྱལ་པོ། མཛངས་ཤིང་བརྟུལ་ཕོད་དང་ལྡན་པའི་དཔའ་བོ། དལ་མེད་ཁྱིམ་གྱི་སོ་ཚིས་ལ་འབད་པའི་འབངས་ལ་སོགས་པ་མཆོག་དམན་ཐམས་ཅད་གསོན་པའི་མཐར་འཆི་བ་ལས་མ་འདས་པས་ན་རང་ཅག་ཐམས་ཅད་སྐྱེས་བཙས་བརྩམས་ཏེ་འཆི་བའི་ལམ་དུ་ཞུགས་པ་ཁོ་ན་ཡིན་ཅིང༌། དེ་ཡང་ནམ་ཡོང་ལ་ངེས་པ་མེད་པ། དེ་ལྟ་བས་ན། ཚེ་འདིའི་ཕུན་ཚོགས་ཀྱི་ཆེད་དུ་འབད་པ་བྱས་ཀྱང༌། སང་རྒྱལ་པོའི་ཆད་པས་གསོད་པར་ངེས་པའི་མི་ཞིག དེ་རིང་རྙེད་པ་ཐོབ་ཕྱིར་དུ་འབད་པ་དང་འདྲ་བར་དོན་མེད་ཁོ་ན་ཡིན་པས་ན་འདི་ཕྱིའི་གནས་སྐབས་ཐམས་ཅད་དུ་ཕན་པར་འགྱུར་བ་ནི་གང་ཞིག་ཡིན། གནོད་པར་འགྱུར་བ་ནི་གང་ཞིག་ཡིན་སྙམ་དུ་བརྟགས་པ་ན། ལས་ཀྱི་ཚོམ་ལས། ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང༌། །ཁྱོད་ལ་སྡུག་བསྔལ་མི་སྡུག་ན། །མངོན་སུམ་དག་གམ་ལྐོག་ཏུའང་རུང༌། །སྡིག་པ་ཅན་གྱི་ལས་མི་བྱ། །ཞེས་དང༌། ངེས་པར་སྡིག་ལས་འཕྲལ་དུ་ནི། །འོ་མ་ལྟ་བུར་འགྱུར་མི་བྱེད། །ཐལ་བས་གཡོགས་པའི་མེ་ལྟ་བུ། །དེས་ནི་བྱིས་པ་སྲེག་པར་བྱེད། །སྡིག་ལས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང༌། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་དུ་ནི་མངོན་པར་འགྱུར། །ཞེས་གསུངས་པ་ལྟར་སྡིག་པའི་ལས་ཚབས་པོ་ཆེ་ལ་སྤྱོད་པ་ཕལ་མོ་ཆེ་ཞིག་ནི་ཚེ་འདིར་མཐོང་ཆོས་ཀྱི་འབྲས་བུ་སྡུག་བསྔལ་མྱོང་བར་འགྱུར་ཞིང༌། འཕྲལ་དུ་སྨིན་པར་མ་གྱུར་ཀྱང་ལས་རྣམས་བསྐལ་པ་བརྒྱ་ཕྲག་གི་བར་དུའང་ཆུད་ཟོས་པར་མི་འགྱུར་བས། ནམ་ཞིག་ན་སྡུག་བསྔལ་བསྐྱེད་པ་ལས་མ་འདས་ཤིང༌། དགེ་བའི་ལས་ཀྱིས་གནས་སྐབས་ཀུན་ཏུ་བདེ་བ་སྐྱེད་པར་བྱེད་པ་

p. 105

ཡིན་པས། དགེ་བའི་ལས་ཇི་ལྟ་བུ་ཞིག་བསགས་མི་དགེ་བའི་ལས་ཇི་ལྟ་བུ་ཞིག་བསགས་ཕྱིན་ཆད་ཀྱང་དགེ་བའམ་མི་དགེ་བ་ཇི་ལྟ་བུ་ཞིག་གསོག་པར་འགྱུར་སྙམ་དུ་རང་གི་སྤྱོད་ཚུལ་ལ་བརྟག་དགོས་ཤིང༌། དེ་ཡང་དཀར་ནག་གི་ལས་ལ་འཇུག་པའི་སྒོ་ལུས་ངག་ཡིད་གསུམ་དུ་ཡོད་ནའང༌། ལུས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་གང་དུ་འགྲོ་སེམས་ཀྱི་དབང་ཁོ་ན་ཡིན་པ་ནི། སློབ་དཔོན་ཆེན་པོ་ཨཱརྻ་དེ་བས་སེམས་ཀྱི་སྒྲིབ་སྦྱོངས་ལས། བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང༌། །དེ་ཉིད་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་གྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་སངས་རྒྱས་ཀྱི་སྐུ་གཟུགས་ཆར་གྱི་འཇིགས་པ་ལས་སྐྱོབ་པའི་བསམ་པས་མཆིལ་ལྷྭམ་བཀབ་པ་དང༌། གཞན་ཞིག་གིས་དེ་མི་གཙང་བར་མཐོང་ནས་བསལ་བ་གཉིས་ཀས་བསོད་ནམས་ཐོབ་པར་གསུངས་པ་བཞིན་ཡིན་པས། གང་དང་གང་ལ་ཡང་ཀུན་སློང་གི་བསམ་པ་གལ་ཆེ་ཞིང༌། བསམ་པ་དེ་བཟང་པོ་སྐྱེ་བར་བྱེད་པའང༌། དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོས། བཀའ་དང་བསྟན་བཅོས་གསུངས་པ་ཐམས་ཅད་ཀྱང༌། །སེམས་རྒྱུད་འཆོས་པའི་ཐབས་སུ་གསུངས་པ་ཡིན། །སེམས་མ་འགྱུར་ན་ལུས་ངག་དགེ་སྦྱོར་ཀུན། །བསྐལ་པར་བསྒྲུབས་ཀྱང་ཐར་པའི་རྒྱུར་མི་འགྱུར། །དེ་ཕྱིར་ཐོས་བསམ་སྒོམ་སྒྲུབ་ཐམས་ཅད་ཀྱང༌། །སེམས་རྒྱུད་འཆོས་པའི་ཐབས་ཀྱི་ཆ་ལག་ཡིན། །ཞེས་གསུངས་པ་ལྟར། རྒྱལ་བས་ཐེག་པ་གསུམ་པ་དང༌། རྒྱུད་སྡེ་བཞི་ལ་སོགས་པ་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསུངས་པ་དེ་དག་ཐམས་ཅད་རང་རེའི་སེམས་རྒྱུད་འདི་ཁོ་ན་འདུལ་བའམ་སྦྱོང་བའི་ཐབས་སུ་གསུངས་པ་ཤ་སྟག་ཡིན་པས། དམ་པའི་ཆོས་ཇི་འདྲ་ཞིག་ཉན་པའམ། བསམ་པའམ། བསྒོམ་པའམ། ཐ་ན་བཀླག་པ་ཙམ་བགྱིས་ཀྱང་དེའི་སྟེང་ནས་རང་གི་སེམས་ལ་དེ་དང་

p. 106

མཐུན་པའི་བློ་སྣ་རེ་རེ་ཙམ་འདྲེན་པའི་ཐབས་སུ་འགྲོ་བ་ཞིག་བྱས་ནས་ཆོས་དང་གང་ཟག་རྒྱབ་འགལ་དུ་མ་སོང་བ་ཞིག་གལ་ཆེ་བ་ལགས། དེ་ལྟ་བུའི་དམ་པའི་ཆོས་རྒྱལ་བས་ལེགས་པར་གསུངས་པ་ཞིག་ཡིན་ཕྱིན་ཆད་ཇི་ཙམ་བཤད་ཀྱང་རན་པ། གང་ནས་བཤད་ཀྱང་འབྲེལ་པ། ཅི་བཤད་ཀྱང་ཆ་ཤས་ཕྲ་མོ་རེས་ཀྱང་སྐྱེ་རྒུ་རྣམས་ལ་འཕྲལ་དང་ཡུན་དུ་ཕན་པ་སྟེར་ནུས་པ་ཤ་སྟག་ཡིན་ནའང་གདུལ་བྱའི་དབང་པོ་དང༌། བསམ་པ་དང༌། ཁམས་ཀྱི་མཆོག་དམན་སྣ་ཚོགས་པ་དང་བསྟུན་ནས་ཐེག་པའང་དམན་འབྲིང་མཆོག་གསུམ་གྱི་རིམ་པར་ཕྱེ་ནས་གསུངས་པའི་ནང་ནས་སྐབས་དང་ལྡན་པ་རྣམས་ཀྱིས་དང་པོ་ཉིད་ནས་ཐེག་པ་ཆེན་པོ་ལ་འཇུག་དགོས་ཤིང༌། ཐེག་པ་ཆེན་པོ་དེ་ལ་ཡང༌། སློབ་དཔོན་ཆེན་པོ་ཤྲརྡྷཱ་ཀ་ར་ཝརྨས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་གཉིས་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས་པ་ལྟར། ཕ་རོལ་ཏུ་ཕྱིན་པའི་ཐེག་པའམ་རྒྱུའི་ཐེག་པའམ། མཚན་ཉིད་ཀྱི་ཐེག་པ་ཞེས་བྱ་བ་དང༌། གསང་སྔགས་ཀྱི་ཐེག་པའམ་འབྲས་བུའི་ཐེག་པའམ། རྡོ་རྗེའི་ཐེག་པ་ཞེས་བྱ་བའི་རིམ་པ་གཉིས་སུ་བཀའ་སྩལ་པ་ལས། ཕར་ཕྱིན་ཐེག་པ་ཙམ་ལ་བརྟེན་ན། བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་བར་མགོ་རྐང་ལག་གཏོང་བ་སོགས་བྱ་དཀའ་བའི་སྤྱད་པ་སྤྱད་ནས་བྱང་ཆུབ་སྒྲུབ་དགོས་པས་དུས་རིང་པོ་དང་ལམ་གྱི་ཚོགས་ཆེ་བ་དེ་ལྟ་བུ་ལ་མ་ལྟོས་པར་དུས་ཐུང་ངུར་ལམ་བདེ་བས་འབྲས་བུ་སྤང་རྟོགས་མཐར་ཕྱིན་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བདེ་བླག་ཏུ་སྟེར་བར་བྱེད་པ་ནི་གསང་སྔགས་ཀྱི་མྱུར་ལམ་ཡིན་པས། ལམ་ཐུན་མོང་བས་རྒྱུད་སྦྱང་བ་སྔོན་དུ་བཏང་སྟེ། ཕར་ཕྱིན་ཐེག་པའི་རང་ལམ་དེ་ཙམ་ལ་མ་ཞེན་པར། གསང་སྔགས་ཀྱི་ལམ་ལ་འཇུག་དགོས་ཤིང༌། དེ་ལའང་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང༌། །རྣལ་འབྱོར་གསང་མཐའི་དབྱེ་བ་ཡིས། །ཞེས་དང༌། རྡོ་རྗེ་གུར་ལས། དམན་པ་རྣམས་

p. 107

ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་རྒྱུད་སྡེ་ཆེན་པོ་བཞིར་གསུངས་པའི་ནང་ཚན་ནས་ཞེས་མཚམས་སྦྱར་ནས་སྐབས་གང་ཡིན་གྱི་ལྷ་དེ་རྒྱུད་སྡེ་གང་དུ་གཏོགས་དང༌། དེ་ལ་སྤྱི་བཀའ་དང༌། ཟུར་བཀའ་སོགས་ཀྱི་བཀའ་སྲོལ་མི་འདྲ་བ་ཡོད་ལུགས། སྐབས་སུ་བབ་པ་དེའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང༌། ཆེ་བ་སོགས་བཤད་ནས་དབང་གི་སྐབས་ཡིན་ན་སྔོན་དུ་དབང་བསྐུར་དགོས་པའི་རྒྱུ་མཚན་དང༌། གང་དུ་བསྐུར་བའི་དཀྱིལ་འཁོར་དང༌། གང་གིས་བསྐུར་བའི་རྡོ་རྗེ་སློབ་དཔོན་དང༌། གང་ལ་བསྐུར་བའི་སློབ་མའི་མཚན་ཉིད། ཇི་ལྟར་བསྐུར་བའི་རིམ་པ་སོགས། སྤྱི་བཤད་སྟོང་མཐུན་གྱིས་ཁོག་ཕུབ་པ་ཞིག་དགོས་པ་ནི་གཞན་ལས་ཤེས་པར་བྱ་ཞིང༌། རྗེས་གནང་གི་དབང་དུ་བྱེད་ན། དེ་ལྟ་བུའི་ཡི་དམ་གྱི་ལྷ་ཁྱད་པར་ཅན་དེའི་རྗེས་སུ་གནང་བ་གསན་པར་བྱེད་པ་ལ་སྔོན་དུ་སྨོས་ཟིན་པ་ལྟར། ཆོས་འདི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཡིན་ནའང༌། ཆོས་དེ་ཐེག་ཆེན་གྱི་ཆོས་རྣམ་དག་ཏུ་འགྲོ་བར་བྱེད་པ་ལ་གང་ཟག་རང་གི་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་དགོས་ཏེ། རྗེ་བཙུན་བཙོང་ཁ་པ་ཆེན་པོས། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་དང༌། ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གི། གང་ཟག་དེ་ཐེག་པ་ཆེན་པོ་བར་ཆུད་པ་ཞིག་གལ་ཆེའོ། །ཐེག་ཆེན་པར་བྱེད་པའང་བྱང་ཆུབ་ཀྱི་སེམས་ཉིད་ལ་རག་ལས་པས་ན། སེམས་དེ་གོ་བ་ཙམ་ལས་མེད་ན་ཐེག་ཆེན་པའང་དེ་དང་འདྲ་ལ། སེམས་དེ་མཚན་ཉིད་ཚང་བ་ཞིག་ཡོད་ན་ཐེག་ཆེན་པའང་རྣམ་པར་དག་པ་ཞིག་འོང་བས་འདི་ལ་འབད་པར་བྱའོ། །ཞེས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ཡོད་ན་གང་ཟག་དེ་ཐེག་པ་

p. 108

ཆེན་པོ་པའི་གྲས་སུ་ཚུད་ཅིང༌། དེས་ཟིན་པའི་སྤྱོད་པ་ཐམས་ཅད་ཀྱང་ཐེག་ཆེན་གྱི་སྤྱོད་པའམ། བྱང་སེམས་ཀྱི་སྤྱོད་པ་ཞེས་བྱ་ལ། བསམ་པ་དེ་མེད་ན་འཁོར་བ་མཐའ་དག་མེ་འབར་བའི་འོབས་ལྟར་མཐོང་བའི་ངེས་འབྱུང་བཅོས་མ་མ་ཡིན་པ་དང༌། གནས་ལུགས་སྟོང་པ་ཉིད་ཀྱི་ལྟ་བ་ནམ་མཁའ་ལྟ་བུ་ལ་བསྐལ་པའི་བར་དུ་མཉམ་པར་བཞག་པ་དང༌། གསང་སྔགས་ཀྱི་དབང་ཁྲིད་ལ་སོགས་པའི་གདམས་པ་ཟབ་མོ་ཇི་འདྲ་ཞིག་ལ་འབད་ཀྱང་ཐེག་པ་ཆེན་པོའི་ལམ་དུ་མི་འགྱུར་བ་ལ་དགོངས་ནས། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་དཔེར་ན། མེ་ཏོག་གམ་འབྲས་བུ་བསྐྱེད་པ་ལ་གང་དོན་དུ་གཉེར་བ་དེའི་ས་བོན་བཏབ་ན་དེ་དང་མཐུན་པའི་སྡོང་པོ་དང༌། མེ་ཏོག་དང༌། འབྲས་བུ་འབྱུང་གི་རིགས་མི་མཐུན་པ་གཞན་གྱི་ས་བོན་གྱིས་མི་རུང་བ་ལྟར་ཐེག་ཆེན་གྱི་ལམ་མམ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བསྐྱེད་པ་དང༌། གནས་པ་དང༌། འཕེལ་བར་བྱེད་པ་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་རག་ལས་པས་དེ་ལ་ས་བོན་ལྟ་བུར་གསུངས་ཤིང༌། གཞན་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །འགྲོ་བའི་ངལ་གསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་སྙིང་ཁུ་ཕྱུང་བ་ཡིན། །ཞེས་སོགས་ཐེག་ཆེན་གྱི་མདོ་རྒྱུད་བསྟན་བཅོས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་མཐའ་ཡས་པ་ཞིག་གསུངས། བསམ་པ་འདི་དང་

p. 109

བྲལ་བ་ལ་དབང་དང་རྗེས་གནང་སྦྱིན་པ་ལ་སོགས་པ་ལྟ་ཞོག་གི་དཀྱིལ་འཁོར་དང་ཕྱག་རྒྱ་སྟོན་པ་ཙམ་ཡང་མི་རུང་བར་གསུངས་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང༌། གང་གི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ་འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས། སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་ཡི། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་ལྟར་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ་ཞེས་གསུངས། དེས་ན་སྐབས་འདིར་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཀུན་སློང་རྣམ་པར་དག་པ་བསྐྱེད་པ་ཞིག་གལ་ཆེ། དེ་རྒྱུད་ལ་སྐྱེ་བ་ཡང་བྱང་ཆུབ་སེམས་བཟུང་གི་ཚིག་བརྗོད་པ་ཙམ་གྱིས་ག་ལ་འགྱུར་བས་ཤིང་བཟོ་མཁས་པའི་འཕྲུལ་འདེགས་ལྟར་བློའི་ཁྱད་པར་གཅིག་ལ་གཅིག་བརྟན་གྱིས་སྐྱེད་དགོས་ལ། དེ་ཡང་རྗེ་བཙུན་མ་ཕམ་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་ཆེད་དུ་བྱ་བ་སེམས་ཅན་གཞན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བློ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡིན་པས། གཞན་དོན་དོན་གཉེར་དང༌། བྱང་ཆུབ་དོན་གཉེར་གྱི་བློ་གཉིས་རིམ་གྱིས་བསྐྱེད་དགོས་པའི་དང་པོ་ནི། སློབ་སྤྲིངས་ལས། ཤིན་ཏུ་རྙེད་སླའི་རྩྭ་ཁམ་འགའ་ལྟ་ཕྱུགས་ཀྱང་རང་ཉིད་ཟ། །ཤིན་ཏུ་སྐོམ་པས་གདུངས་པར་ཆུ་ཞིག་རྙེད་ན་དགའ་མགུར་འཐུང༌། །འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང༌། །ཁུར་ལ་མི་རྩེགས་ས་

p. 110

ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་གསུངས་པ་ལྟར་རང་གི་བཀྲེས་པ་སེལ་བའི་ཕྱིར་དུ་རྩྭ་ཟ་བ་དང་སྐོམ་པ་སེལ་བའི་ཕྱིར་དུ་ཆུ་འཐུང་བ་སོགས་རང་གི་དོན་ཙམ་ལ་དམིགས་པ་ནི་དུད་འགྲོ་ཚུན་ཆོད་དང་ཐུན་མོང་བ་ཡིན་པས། སྐྱེས་བུ་མཆོག་རྣམས་ཀྱི་བློའི་རྩལ་ནི་ཉི་མས་གླིང་བཞིར་དལ་མེད་དུ་བརྒྱུས་ནས་འཇིག་རྟེན་མུན་པ་སེལ་བ་དང༌། ས་ཆེན་པོ་འདིས་འཇིག་རྟེན་གྱི་ཁུར་འདེགས་པ་བཞིན་དུ་རང་དོན་གྱི་འཁྲི་བ་འགའ་ཡང་མེད་པར་སེམས་ཅན་གྱི་ཕན་བདེ་སྒྲུབ་པའི་ཐབས་ཁོ་ན་ལ་གཅིག་ཏུ་གཞོལ་བ་ཡིན་ལ་བསམ་པ་དེ་ལྟ་བུ་སྐྱེ་བ་ལ་གཞན་གྱི་དོན་བྱེད་དགོས་པའི་རྒྱུ་མཚན་རྣམས་སེམས་པ་སྔོན་དུ་འགྲོ་དགོས་པས་དེ་ཡང་ཁམས་གསུམ་གྱི་འཁོར་བ་འདིར་གནས་པའི་སེམས་ཅན་ཐམས་ཅད་འདོད་པ་བདེ་བ་འདོད་ཅིང༌། སྡུག་བསྔལ་གྱི་ཆ་ཕྲ་མོ་ཙམ་ཡང་མི་འདོད་པར་རང་རེ་དང་ཁྱད་པར་ཅི་ཡང་མེད་པ་ཡིན་ནའང༌། རང་ལ་དབང་མེད་པར་སེམས་ཀྱི་གཞན་དབང་དུ་གྱུར་ཅིང༌། སེམས་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པས་རང་གི་བདེ་བ་འཇོམས་པ་དང༌། གནོད་པ་བྱེད་པ་ལ་རང་གི་དགྲ་ལྟར་ཞུགས་ནས་ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་སྣ་ཚོགས་པ་ཞིག་བསགས་པའི་འབྲས་བུས་དམྱལ་བར་སྐྱེས་ནས་ཚ་གྲང་བཙོ་སྲེག་གི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ནི་མི་ཡི་ཡུལ་གྱི་སྡུག་བསྔལ་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་པ་ལས་ཀྱང་ཆེས་ཆེར་ལྷག་པར་གསུངས་ཤིང༌། ཡི་དྭགས་ལ་ལོ་བརྒྱ་ཕྲག་ཙམ་གྱི་བར་དུ་བཟའ་བཏུང་འབད་པས་ཇི་ཙམ་བཙལ་ཡང་བཟང་པོ་དང་མང་པོ་ལྟ་ཞོག་གི། ལུད་པ་སྐམ་པོ་ཙམ་གྱི་ངན་ངོན་ཡང་རྙེད་དཀའ་བའི་བཀྲེས་སྐོམ་དང༌། གྲང་དྲོ་ངལ་དུབ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང༌། དུད་འགྲོ་ལ་བླུན་རྨོངས་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཅིང༌། དགེ་བའི་བློ་

p. 111

སྐད་ཅིག་ཙམ་ཡང་མི་སྐྱེ་བས་ངེས་ལེགས་ཀྱི་ལམ་རྙེད་པའི་སྐབས་མེད་པ་ལྟ་བུ་ཡིན་ལ། བདེ་འགྲོ་ལ་ཡང་ལེགས་པར་བརྟགས་ན། སྡུག་བསྔལ་འབའ་ཞིག་ལས་མ་འདས་ཏེ། མི་ལ་འདོད་པ་བཙལ་གྱིས་མ་རྙེད་པའི་སྡུག་བསྔལ་དང༌། ཡོད་པ་རྣམས་གསོག་བསྲུང་གི་སྡུག་བསྔལ་དང༌། དགྲ་སྡང་དང་ཕྲད་པའམ་འཕྲད་དུ་དོགས་པ་དང༌། གཉེན་བྱམས་པ་དང་བྲལ་བའམ་འབྲལ་དུ་དོགས་པའི་སྡུག་བསྔལ་དང༌། གཞན་ཡང་མཁས་མཆོག་དབྱིག་གཉེན་གྱིས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང༌། །སྡུག་བསྔལ་གཟིར་བས་དམྱལ་བ་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང༌། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོན་ཞིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་གཅིག་དབུལ་བ་ལས་གྱུར་དང༌། །གཞན་དག་ཆོག་མི་ཤེས་ལས་བྱུང༌། །ཡོངས་ཚོལ་སྡུག་བསྔལ་མི་བཟད་དང༌། །ཐམས་ཅད་འཁུ་ཞིང་གསོད་པ་ཡིན། །ཞེས་གསུངས་པ་ལྟར། ལུས་སེམས་ལ་སྡུག་བསྔལ་སྣ་ཚོགས་པས་བར་མ་ཆད་དུ་མནར་བས་དམྱལ་བ་ལྟ་བུ་དང༌། དབུལ་ཞིང་ཕོངས་པས་ཡི་དྭགས་ལྟ་བུ་དང༌། མཐུ་དང་ལྡན་པས་དམན་པ་རྣམས་ལ་འཚེ་ཞིང་གནོན་པར་བྱེད་པ་དང༌། བཟའ་བཏུང་སོགས་ཀྱིས་ཕོངས་པ་དང༌། ཡོད་ཀྱང་ཆོག་མི་ཤེས་པར་ད་དུང་ཤ་ཐང་ཐང་དུ་འབད་པས་འཚོལ་བ་དང༌། ཕན་ཚུན་ཁུ་ཞིང་གསོད་པ་སོགས་དུད་འགྲོའི་སྡུག་བསྔལ་ལྟ་བུ་ཡོད་ལ། སྟོབས་འབྱོར་མངའ་ཐང་གི་དཔལ་ལ་ལོངས་སྤྱོད་པ་ཞིག་ཡིན་ནའང༌། དེ་ཉིད་ཀྱིས། དེ་ཡང་ཉོན་མོངས་སྣ་ཚོགས་དང༌། །སྡིག་པའི་ལས་ནི་རྒྱུན་མི་ཆད། །རྣམ་པར་ལྟུང་བའི་མཐར་གནས་པས། །བག་མེད་གྱུར་ལ་བརྩེ་བྱ་རིགས། །ནད་སོས་ཡུན་རིང་མ་ལོན་པའི། །ནད་པས་མི་འཕྲོད་ཟོས་དང་མཚུངས། །ཞེས་གསུངས་པ་ལྟར། འདོད་ཆགས་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། ཕྲག་དོག་ལ་

p. 112

སོགས་པ་སྐྱེ་བོ་ཕོངས་པ་གཞན་ལས་ཆེ་ཞིང༌། དེ་ལ་བརྟེན་ནས་སྡིག་པ་ལས་ཀྱང་སྟོབས་ཆེན་པོ་དུ་མ་ཞིག་རྒྱུན་དུ་བསགས་པས་ཕྱི་མར་ངན་སོང་ལ་སོགས་པའི་གནས་སུ་མདའ་འཕངས་པ་ལྟར་ལྟུང་བར་མ་ཟད་སྐྱེ་བ་འདི་ཉིད་ལ་ཡང༌། དཔལ་ལས་ཉམས་པར་འགྱུར་བ་སོགས་པའི་སྡུག་བསྔལ་དང༌། ལྷ་མ་ཡིན་ལ་འཐབ་རྩོད་ཀྱིས་བཅད་པ་དང་དྲལ་བ་ལ་སོགས་པའི་ལུས་ཀྱི་སྡུག་བསྔལ་དང༌། ཡིད་མི་བདེ་བའི་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་དང༌། འདོད་པའི་ལྷ་འོག་མ་ལ་ཡང༌། དེ་དང་འདྲ་བའི་སྡུག་བསྔལ་འབྱུང་བར་མ་ཟད་འཆི་བའི་ལྟས་མཐོང་བ་ན་གཞལ་མེད་ཁང་དང༌། ལྷའི་བུ་དང་བུ་མོ་སོགས་ཡིད་དུ་འོང་བའི་གཉེན་གྲོགས་རྣམས་དང་མི་རིང་བར་འབྲལ་དགོས་པ་མཐོང་ནས་སྔར་ལྷའི་བདེ་བ་ཉམས་སུ་མྱོང་བས་ཆ་ཙམ་དུ་ཡང་མི་ཕོད་པའི་སེམས་ལ་མྱ་ངན་ཆེན་པོས་ནོན་པར་འགྱུར་བའི་སྡུག་བསྔལ་དང༌། ཁམས་གོང་མའི་ལྷ་ལ་ཡང༌། སློབ་དཔོན་ཆེན་པོ་དཔའ་བོས། ཁམས་གསུམ་འདི་དག་ཐམས་ཅད་ལ། །མི་རྟག་མེ་ཡིས་བསྲེགས་གྱུར་པ། །དགོན་པར་མེ་ནི་འབར་བ་ཡིས། །དགོན་པའི་མེ་ཏོག་ཇི་ལྟ་བཞིན། །རྟག་པ་འདུ་ཤེས་རྣམ་ལོག་པ། །སྲིད་རྩེ་ལས་ཀྱང་འགྲོ་བ་རྣམས། །འཆི་བའི་ཞགས་པས་དྲངས་གྱུར་པ། །ཞགས་པས་གླང་པོ་བཞིན་དུའོ། །བསམ་གཏན་ལས་སྐྱེས་བདེ་མྱོང་བ། །ཚངས་པ་ཚངས་པའི་གནས་ལས་ཀྱང༌། །མི་རྟག་ཕྱིར་ན་ལྷུང་གྱུར་པ། །ཆུ་ཡི་ཀླུང་གིས་འགྲམ་ས་བཞིན། །བརྒྱ་བྱིན་དག་ནི་སྟོང་རྣམས་དང༌། །འཁོར་ལོས་བསྒྱུར་བ་བརྒྱ་དག་ཀྱང༌། །དུས་ཀྱིས་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །ཞེས་གསུངས་པ་བཞིན་གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་བའི་སྲིད་རྩེར་སྐྱེས་ཀྱང་འཆི་བའི་དུས་ལ་འབབ་པ་ན་ཞགས་པས་གླང་པོ་ཆེ་དབང་མེད་དུ་འདྲེན་པ་བཞིན། བསམ་གཏན་གྱི་བདེ་བ་དང་ལྡན་པ་ཚངས་པ་ལ་སོགས་པ་རྣམས་ཀྱང༌། ཆུ་བོ་ཆེན་པོའི་འགྲམ་གྱི་ས་བཞིན་དུ་སྐྱེས་ཙམ་ཉིད་ནས་རིམ་གྱིས་འཆི་བ་ལ་མངོན་པར་ཕྱོགས་ཏེ་མཐར་གཞལ་

p. 113

མེད་ཁང་དང་བཅས་པ་རྗེས་ཙམ་ཡང་མེད་པར་འཇིག་པར་འགྱུར་བ་དང༌། མར་མེ་རབ་ཏུ་འབར་བ་རླུང་གི་ཤུགས་ཀྱིས་སྐད་ཅིག་ལ་འཇིག་པ་བཞིན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་དུས་ལ་བབས་པ་ན་དཔལ་དང་གཟི་བརྗིད་འབར་བཞིན་པར་འཆི་བར་འགྱུར་བའི་སྡུག་བསྔལ་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། བདེ་བའི་རྗེས་ལ་སྡུག་བསྔལ་ཏེ། །སྡུག་བསྔལ་རྗེས་ལ་བདེ་བ་ཡིན། །མི་རྣམས་ཀྱི་ནི་བདེ་སྡུག་དག །འཁོར་ལོ་བཞིན་དུ་འཁོར་བར་བྱེད། །ཅེས་གསུངས་པ་ལྟར། འཇིག་རྟེན་འདི་ན་བདེ་བ་ཇི་ལྟ་བུ་ཞིག་ཐོབ་ཀྱང༌། དེས་མཐར་སྡུག་བསྔལ་ཞིག་འདྲེན་པ་ཆོས་ཉིད་དམ་རང་བཞིན་ལྟ་བུ་ཡིན་ལ། གཞན་ཡང་མྱ་ངན་བསལ་བ་ལས། རང་གི་བཤེས་པའི་ནུ་མ་གང༌། །ཁྱོད་ཀྱིས་འཐུངས་པ་སྲིད་གཞན་ན། །དེ་ཡི་ཁྲག་ཉིད་འཐུངས་པ་དང༌། །རྒྱབ་ནས་ཤ་ཡང་ཟོས་པ་ཡིན། །གང་ཁྱོད་འདི་ལྟ་འཁོར་གྱུར་ཏེ། །མགོ་ལ་ལན་གྲངས་བརྒྱར་བརྗེད་པ། །དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ། །རྡོག་པས་ལན་གྲངས་བརྒྱར་ཡང་བཏགས། །ཞེས་གསུངས་པ་ལྟར། ཚེ་འདིར་ནུ་ཞོ་འཐུངས་པའི་མར་གྱུར་པ་སྐྱེ་བ་གཞན་དུ་དེའི་ཁྲག་འཐུང་ཞིང༌། ཤ་ཟ་བ་དང༌། སྐྱེ་བ་འདིར་རང་གི་བྲན་དུ་གྱུར་ཏེ། སྲི་ཞུ་སྣ་ཚོགས་པ་བྱེད་པའང་སྐྱེ་བ་གཞན་དེས་རང་ལ་རྡོག་པས་ལན་གྲངས་བརྒྱ་ཕྲག་ཏུ་བསྣུན་པའི་རྗེ་བོར་འགྱུར་བ་དང༌། སྐྱེ་བ་སྔ་ཕྱི་ཙམ་དུ་མ་ཟད། ཚེ་འདིར་ཡང་ཅུང་ཟད་ཙམ་གྱི་ཕན་བཏགས་པ་དང༌། ཅུང་ཟད་ཙམ་གྱི་ཚིག་རྩུབ་པོས་ཀྱང་དགྲ་གཉེན་དང༌། གཉེན་དགྲའི་དྭངས་མར་འགྱུར་བ་ལ་ཚེགས་མེད་པས་མཛའ་བཤེས་ལའང་ཡིད་བརྟན་མེད་དེ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིས། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་པ་མི་བཟད་པ། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་འཐིབས་པོར་བྱེད། །ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །དུག་དང་ཡུལ་རྣམས་བློ་ཡིས་ངེས་

p. 114

པར་བརྟགས་བྱེད་ན། །ཉིས་ན་དུག་བླ་མི་བཟད་རང་བཞིན་ཡུལ་རྣམས་མིན། །དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་པར་ཟད། །ཡུལ་ནི་སྐྱེ་བ་གཞན་ནའང་དུག་ཏུ་འགྱུར་བར་བྱེད། །ཅེས་གསུངས་པ་ལྟར། འདོད་པའི་བདེ་བ་ལ་ཆགས་པའི་སྐྱེ་བོ་རྣམས་བདེ་བ་ཐོབ་པའི་ཕྱིར་གཟུགས་ལ་སོགས་པའི་ཡུལ་ལ་སྤྱོད་པར་བྱེད་མོད་ཀྱང༌། ཡུལ་གྱི་འདོད་པ་ན། དུག་དང་འདྲ་བར་དང་པོ་མྱང་བ་ན་བདེ་བ་སྙམ་བྱེད་ཀྱང༌། དེ་ལ་བརྟེན་ནས་ཚེ་འདི་ལ་ཡང་གསོད་པ་དང་བཅིང་བ་དང༌། གྲགས་པ་ངན་པ་ལ་སོགས་པ་དང༌། འདོད་བདེའི་བར་དུ་གཅོད་པ་ལ་ཁྲོ་བ་དང༌། དེ་ཉིད་ཉམས་ཀྱིས་དོགས་པ་དང༌། འཕེལ་བར་འདོད་པའི་རེ་བས་བཅིངས་ནས་སེམས་ལ་ནམ་དུ་ཡང་བག་ཕེབས་པའི་བདེ་བའི་སྐབས་མི་འབྱུང་ཞིང༌། ཡུལ་ལ་ཇི་ཙམ་སྤྱད་པ་བཞིན་གྱིས་སྲེད་པ་འཕེལ་བས་བཟློག་དཀའ་ལ། བླང་དོར་ལ་ཚུལ་བཞིན་དུ་འཇུག་པའི་བློའི་མིག་སྒྲིབ་པར་བྱེད་པ་དང༌། དེ་ལ་བརྟེན་ནས་སྡིག་པ་སྣ་ཚོགས་པ་བསགས་པས་ཕྱི་མའི་སྐྱེ་བ་བརྒྱ་ཕྲག་མང་པོར་སྡུག་བསྔལ་འདྲེན་པར་བྱེད་པས་ཧ་ལའི་དུག་ལས་ཀྱང་འདོད་པ་རྣམས་ཕུང་ཁྲོལ་གྱི་གཞི་ཆེ་ཞིང༌། གནས་སྐབས་སུ་ཡང་རྟག་མི་ཐུབ་པའི་གཡོ་བ་དང་མཐར་འབྲལ་དགོས་པ་ཤ་སྟག་ཡིན་ནའང༌། ཉེས་དམིགས་དེ་དག་གང་ཡང་མ་མཐོང་བས་བྱིས་པས་དུག་གི་ཁ་ཟས་ལ་ཞིམ་པོར་རློམས་ནས་ཟ་བ་བཞིན་དུ་འདོད་པ་ལ་སྲེད་པ་འདི་རྣམས་ནི་ལྷག་པར་སྙིང་རྗེའི་གནས་ཡིན་ཞིང༌། གཞོན་ནུ་མ་བདུན་གྱི་རྟོགས་པར་བརྗོད་པ་ལས། མི་ཡི་བདག་པོ་ལྷ་ཡུལ་ས་སྟེང་ན། །བརྒྱ་ཕྲག་སྟོང་དུ་སྤྱད་པར་མ་བྱས་པའི། །བདེ་བ་གཞན་དག་ཅི་ཡང་ཡོད་མིན་ཏེ། །བདག་ཅག་རྣམས་ནི་དོན་མེད་འཁྱམས་པ་ཡིན། །ཞེས་གསུངས་པ་ལྟར། རང་རེ་རྣམས་ཀྱིས་འདོད་པའི་ལྷ་མི་དང༌། གཟུགས་གཟུགས་མེད་ཀྱི་ལྷའི་དཔལ་ལ་སྔོན་ཆད་འདི་མ་མྱོང་ཞེས་བྱ་བ་གཅིག་ཀྱང་མེད་ཅིང༌། དེ་ཡང་ལན་བརྒྱ་སྟོང་ཕྲག་མང་པོའི་བར་དུ་མྱོང་བ་ཡིན་ནའང་དེ་དག་གིས་ཆོག་ཤེས་པའང་མེད། རང་ལ་ཕན་པའི་དོན་ཆ་

p. 115

ཙམ་ཡང་མ་གྲུབ་པར་ད་དུང་ཡང་འཁོར་བ་འདིར་དོན་མེད་དུ་འཁྱམས་པའི་སྣང་ཚུལ་འདི་ལྟ་བུ་ལ་བསམས་ན་ཤིན་ཏུ་ཡིད་སྐྱོ་བའི་གནས་སུ་གདའ། གཞན་ཡང་ལས་ཉོན་གྱི་དབང་གིས་ལུས་ཇི་འདྲ་བ་ཞིག་བླངས་སུ་ཟིན་ཀྱང་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། དགྲ་དང་གདོན་ལ་སོགས་པས་གཙེས་པའི་ལུས་ཀྱི་སྡུག་བསྔལ་དང༌། ཡིད་མི་བདེ་བའི་སེམས་ཀྱི་སྡུག་བསྔལ་དུ་མའི་གནས་སུ་གྱུར་པས་ཟག་བཅས་ཀྱི་ཕུང་པོ་འདི་ནི་དགྲ་དང་ཁྱད་པར་མ་མཆིས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ལྷས། བདེ་བར་གྱུར་པའི་ལུས་པོ་ནི། །སྡུག་བསྔལ་སྣོད་དུ་གྱུར་པ་སྟེ། །ལུས་ལ་གུས་དང་དགྲ་ལ་གུས། །དེ་དག་གཉིས་ནི་མཚུངས་པར་སྣང༌། །ཞེས་གསུངས་པ་ལྟར་ཡིན་ལ། གཞན་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པ་ཚོགས་རབ་འཕེལ་བའི་རྒྱུ་གཅིག་བུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། །འཁོར་བའི་བཙོན་རྭའི་སྲུང་མས་དམྱལ་སོགས་སུ། །གསོད་བྱེད་གཤེད་མར་གྱུར་པ་འདི་དག་ནི། །གལ་ཏེ་བློ་གནས་ཆགས་པའི་དྲྭ་བ་ན། །གནས་ན་བདག་ལ་བདེ་བ་ག་ལ་ཡོད། །ཅེས་གསུངས་པ་བཞིན། འཇིག་རྟེན་ན་དགྲ་བོར་གྱུར་ཞིང་ཇི་ཙམ་ཡུན་རིང་དུ་གནས་ཀྱང་ཚེ་རབས་གཅིག་ཙམ་དུ་ཟད་ལ། ཉོན་མོངས་པའི་དགྲ་ནི་འཁོར་བ་ཐོག་མེད་ནས་རྒྱུན་ཆགས་སུ་གནས་པས་ཡུན་རིང༌། ཕལ་པའི་དགྲས་གནོད་པའི་ཆ་ཤས་རེ་རེ་ཙམ་ལས་བྱེད་པའི་སྐབས་མི་རྙེད་ལ་ཉོན་མོངས་པས་ནི་ཁམས་གསུམ་གྱིས་བསྡུས་པའི་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པས་གནོད་པ་ཚབས་ཆེ། ཕལ་པའི་དགྲས་ཡུལ་གཞན་དུ་སོང་བ་ལྟ་བུའི་སྐབས་གནོད་པ་མི་བྱེད་ལ། ཉོན་མོངས་པས་ནི་རྟག་ཏུ་སྙིང་ལ་གནས་བཅས་ནས་སྐད་ཅིག་ཀྱང་མི་ཡེང་བར་གནོད་པར་བྱེད་པས་ན་འབྲལ་དཀའ། དགྲ་ལ་མཐུན་པར་བྱས་ན་གནོད་པ་མི་བྱེད་

p. 116

པ་ལ་ཉོན་མོངས་པ་ཇི་ཙམ་བསྟེན་པ་དེ་ཙམ་དུ་ཕྱི་ཕྱིར་གནོད་པར་བྱེད་པས། བརྣག་ཅིང་འཁོན་དམ་པ་འདི་ལྟ་བུའི་དགྲ་མི་བཟད་པ་དང་ལྷན་ཅིག་ཏུ་གནས་པའི་བདག་ཅག་འཁོར་བ་པ་རྣམས་ལ་བདེ་བའི་གོ་སྐབས་ག་ལ་ཡོད་ཅིང༌། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ལས་ཀྱིས་དབང་བསྒྱུར་བདག་པོ་མེད་པ་དང༌། །མགོན་མེད་རྟེན་མེད་ཚེ་རབས་གཅིག་ནས་གཅིག །ལུས་ཀྱི་ཁ་བརྒྱུད་རྗེས་སུ་རབ་འགྲོ་བ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང༌། །ཞེས་གསུངས་པ་ལྟར། རང་དབང་བའི་ངའམ་བདག་ཏུ་གྲུབ་པ་ཞིག་མེད་མོད་ཀྱང་འཁྲུལ་པའི་དབང་གིས་བདག་ཏུ་བཟུང་སྟེ་ཐོག་མ་མེད་པ་ནས་འཁོར་བ་འདིར་འཁྱམས་པའི་ཚེ་རབས་ཐམས་ཅད་དུ་སྐྱེ་བ་ན་རང་གཅིག་པུ་སྐྱེ་ཞིང༌། འཆི་བ་ན་རང་གཅིག་པུ་འཆི། སྡུག་བསྔལ་མྱོང་བ་ན་རང་གཅིག་པུས་མྱོང་བ་མ་གཏོགས་གཞན་གྱིས་སྐལ་བ་ནི་མི་ལེན་པས་མགོན་མེད་རྟེན་མེད་དུ་གྱུར་པ་དང༌། རང་ཉིད་གང་དུ་འགྲོ་དང་འདིར་སྡོད་ཀྱི་དབང་གང་ཡང་མེད་པར་ལས་ཁོ་ནའི་གཞན་དབང་དུ་གྱུར་པས་ཅི་བྱ་བའི་གཏོལ་དང་བྲལ། མདོར་ན། བཞི་བརྒྱ་པ་ལས། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་མི་རྟག་གང་ཡིན་པ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། །ཞེས་གསུངས་པ་ལྟར་འཁོར་བའི་གནས་ལུས་ཐམས་ཅད་སྐད་ཅིག་སྐད་ཅིག་ལས་འགྱུར་བའི་མི་རྟག་པ་ཡིན་ལ། གང་མི་རྟག་པ་དེ་ཐམས་ཅད་ལ་འཇིག་བྱེད་ཀྱི་གནོད་པ་ཡོད། གང་ལ་གནོད་པ་ཡོད་པ་དེས་ནི་ཡིད་སྐྱོ་བར་བྱེད། ཡིད་སྐྱོ་བར་བྱེད་པ་དེ་ཐམས་ཅད་ནི་སྡུག་བསྔལ་ཡིན་ལ། དེས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་བའི་རང་བཞིན་ཅན་ཁོ་ན་ཡིན་པ་དེ་དག་རང་གི་སྐྱེ་བ་གྲངས་མེད་པ་ཞིག་གི་བར་དུ་མར་གྱུར་ཏེ། དང་པོ་མངལ་དུ་བཟུང༌། ཕྱིར་བཙས་ནས་ཀྱང་མ་རང་ཉིད་ལས་གཅེས་པར་བཟུང་སྟེ་གནོད་པ་ཐམས་ཅད་ལས་སྐྱབས་ཕན་པ་ཐམས་ཅད་ལ་སྦྱར། བདག་གི་ཆེད་དུ་ལུས་དང་སྲོག་བཏང་བའང་གྲངས་མེད་

p. 117

པ་ཞིག་བྱས་པ་ལ་ད་ལྟ་སྐྱེ་འཆི་འཕོས་པས་ངོ་མ་ཤེས་པར་འདུག ད་དྲིན་ཅན་གྱི་མ་རྣམས་སྡུག་བསྔལ་བའི་ངང་ཚུལ་འདི་ལྟ་བུ་ནི་བདག་གིས་ག་ལ་བཟོད་པས། སྨོན་ལམ་བདུན་ཅུ་པ་ལས། ཕ་རོལ་བདེ་བའི་འབྱོར་པ་མཐོང་ནས་ནི། །ལྷག་པར་དགའ་བ་མང་པོ་སྐྱེས་ནས་སུ། །སྙིང་གི་བུ་གཅིག་པ་ལ་བདེ་སྐྱེས་བཞིན། །དགའ་བ་བསྒོམ་པ་དག་གིས་གནས་པར་བགྱི། །སེམས་ཅན་རྣམས་ལ་ཕན་དང་གནོད་པའི་རྒྱུ། །ཁོང་ཁྲོ་རྗེས་སུ་ཆགས་པ་སྤངས་ནས་ནི། །རང་གི་བུ་ལ་བགྱི་བ་སྒྲུབས་པ་བཞིན། །འཇིག་རྟེན་གསུམ་པོ་ཀུན་གྱི་བགྱི་བ་སྒྲུབ། །ཅེས་གསུངས་པ་བཞིན་སེམས་ཅན་འདི་རྣམས་ཀྱིས་སྔོན་ཆད་རང་གི་གནས་སྐབས་ཀྱི་བདེ་བ་ཕྲ་མོ་ཙམ་ཐོབ་པ་རྣམས་ལ། རང་གི་བུས་བདེ་བ་ཐོབ་པ་བཞིན་དུ་དགའ་བར་བྱ་ཞིང༌། དེ་དག་འགའ་ཞིག་ལ་ཉེ་བར་བཟུང་ནས་ཆགས་པ་དང༌། འགའ་ཞིག་ལ་རིང་བར་བཟུང་ནས་ཁོང་ཁྲོ་བ་ནམ་དུ་ཡང་བྱ་བར་མི་རིགས་པར་འདུག་པས། རང་གི་བུའི་དོན་སྒྲུབ་པ་ཇི་ལྟ་བ་དེ་བཞིན་དུ་དེ་དག་གི་སྡུག་བསྔལ་སེལ་བ་དང་བདེ་བ་འཕེལ་བའི་ཐབས་བདག་གིས་བསྒྲུབས་ཐབས་སྙམ་དུ་བསམ་དགོས་ཤིང༌། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། མིག་གིས་སེམས་ཅན་བལྟ་ན་ཡང༌། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །ཞེས་གསུངས་པ་ལྟར། བདག་གིས་གནས་སྐབས་ཚེ་འདིའི་བདེ་བ་ནས་བཟུང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་བར་གྱི་ལེགས་ཚོགས་ཐམས་ཅད་སེམས་ཅན་ཁོ་ན་ལ་ཕན་བཏགས་པའི་དྲིན་ལས་བྱུང་བ་ཡིན་པས་སེམས་ཅན་གཞན་ལ་མིག་བལྟ་བའི་སྐབས་སུ་མར་མཉེས་གཤིན་པ་དང༌། དགའ་བའི་ཚུལ་གྱིས་བལྟ་དགོས་ན། སེམས་ཅན་ལ་ཞེ་ནས་ཕན་བདེ་སྒྲུབ་པར་འདོད་པ་ཅི་ཡི་ཕྱིར་མི་བྱེད། དེ་ལྟར་སེམས་ཅན་གྱི་ཕན་བདེ་སྒྲུབ་དགོས་ནའང༌། བདག་ལྟ་བུ་འཆིང་བ་མཐའ་དག་གིས་བཅིངས་པས་ལྟ་ཞོག་གི། རྒྱལ་སྲས་

p. 118

ཐོགས་མེད་བཟང་པོ་དཔལ་གྱིས། རང་ཡང་འཁོར་བའི་བཙོན་རྭར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་གསུངས་པ་བཞིན་འཁོར་བའི་བཙོན་རྭར་ཉམ་ཐག་པའི་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་མ་ནུས་ལ་འཁོར་བའི་འཆིང་བ་མཐའ་དག་ལས་གྲོལ་བའི་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་ཉི་ཚེ་ཙམ་ལས་སྒྲུབ་པར་མི་ནུས། འོ་ན་སུས་ནུས་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང༌། །ཡོན་ཏན་ཀུན་གྱིས་བརྒྱན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པུ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རང་ཉེས་པ་ཐམས་ཅད་ལས་གྲོལ། བླང་དོར་གྱི་གནས་ཐམས་ཅད་ལྐོག་ཏུ་མ་གྱུར་ཅིང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། མཐོང་བ་ཙམ་གྱིས་དོན་ལྡན་དུ་འགྱུར་ཞིང་མཚན་དཔེའི་དཔལ་འབར་བའི་སྐུ་ལ་སོགས་པ་ཡོན་ཏན་ཐམས་ཅད་གཅིག་ཀྱང་མ་ཚང་བ་མེད་པར་མངའ། སེམས་ཅན་ཐམས་ཅད་ལ་ཉེ་རིང་སྤངས་ནས་རྒྱུ་མེད་པར་ཐུགས་བརྩེ་བ་ཅན་ཐུབ་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ན། སེམས་ཅན་གྱི་དོན་བྱེད་ནུས་པས་ཅི་ནས་ཀྱང་དེ་འདྲ་བའི་གོ་འཕང་ཞིག་ཐོབ་པར་བྱའོ་སྙམ་དུ་བསམ་དགོས་ཤིང༌། མདོར་བསྡུ་ན། བདག་གིས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་དུང་དུང་བསྐྱེད་པར་མཛོད། དེ་ཡང་རྗེས་གནང་སོགས་ཀྱི་སྐབས་འདི་དག་ཏུ་ཆོ་གའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འབྲེལ་དགོས་པ་ཡིན་ལ། དེ་ཡང་ཐ་མལ་གྱི་སྣང་ཞེན་གྱིས་མ་བསླད་པ་ཞིག་གལ་ཆེ་བས་སྔོན་དུ་བརྡའ་སྤྲད་ཟིན་པ་བཞིན། གནས་ཁང་འདི་ཡང་ཐ་མལ་པའི་རྣམ་པ་ཅན་མ་ཡིན་པར། ཡི་དམ་གྱི་ལྷ་ཆེ་གེ་མོའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དངོས་ཡིན་སྙམ་པ་དང༌། བླ་མར་ཡང་

p. 119

ཡི་དམ་གྱི་ལྷ་འདི་དངོས་ཡིན་སྙམ་པ་དང༌། མདུན་གྱི་གཏོར་མའམ་ཚོམ་བུ་སོགས་སྒྲུབ་པའི་རྟེན་འདི་ཡང༌། ཡི་དམ་གྱི་ལྷ་འདི་ཞེས་བྱ་བ་དངོས་ཡིན་ནོ་སྙམ་པ་དང༌། དེ་དག་གི་སྟེང་གི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། དམ་པའི་ཆོས་སྐྱོང་བའི་སྲུང་མ་སོགས་སྐྱབས་གནས་ཐམས་ཅད་མངོན་སུམ་དུ་བཞུགས་པའི་མོས་པ་མཛོད་ལ། དེ་དག་གི་སྤྱན་སྔར་དཀོན་མཆོག་གསུམ་ལ་བསླུ་བ་མེད་པའི་སྐྱབས་གནས་ཡང་དག་ཏུ་ཡིད་ཆེས་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང༌། སྔར་བསགས་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུར་འགྱོད་ཅིང༌། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་དོ་སྙམ་པའི་སྡོམ་སེམས་ཀྱི་སྒོ་ནས་སྡིག་པ་མཐོལ་ཞིང་བཤགས་པ་དང༌། རང་གཞན་གྱིས་བསགས་པའི་དགེ་ཚོགས་ཐམས་ཅད་ལ་དབུལ་པོས་གཏེར་རྙེད་པ་ལྟ་བུར་རྗེས་སུ་ཡི་རང་བ་དགའ་བ་སྒོམ་པ་སྔོན་དུ་འགྲོ་བས་བདག་གིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛད་པར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ། དེས་རྗེས་གནང་གི་སྔོན་དུ་འགྲོ་བ་རྣམས་སོང༌། ད་རྗེས་གནང་དངོས་གཞི་ལ། ཐོག་མར་རྗེས་གནང་གི་གཞི་འགོད་པའི་སླད་དུ། སློབ་མ་ལྷར་བསྐྱེད་པ་ཡིན་པས། ངའི་ཚིག་དང་བསྟུན་པའི་དམིགས་པ་མཛད་པར་ཞུ། ཞེས་བརྡའ་སྤྲད་ནས་སྐབས་གང་ཡིན་གྱི་ལྷའི་མངོན་རྟོགས་དཔྱད་སྒོམ་བྱེད་པ་སོགས་ཆིངས་ཁུངས་ཐུབ་ལ་ཇི་ལྟར་བཤད་པ་དང༌། དེར་མི་གསལ་བ་གཞན་ནས་ཁ་བསྐང་སྟེ་ཤེས་པར་བྱེད་དགོས་པའི་རིགས་ཀྱང་ཁ་བསྐངས་ནས་ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་བར་བསྐུར་ཞིང༌། རྗེས་ཀྱི་རིམ་པ་དམ་ཚིག་ཁས་ལེན་པ་དང༌། གཏང་རག་གི་མཎྜལ་འབུལ་བ། སྨོན་ལམ་དང༌། བཀྲ་ཤིས་ཀྱི་རྣམ་པར་བརྒྱན་པར་བྱ། དབང་

p. 120

རྗེས་གནང་སོགས་བསྐུར་བའི་རྡོ་རྗེ་སློབ་དཔོན་མཆོག་ཏུ་འོས་པ་ཞིག་ཡིན་ན་སྔར་ནག་འགྲོས་སུ་བཀོད་པའི་རིམ་པ་ལ་མ་ལྟོས་པར། སློབ་མའི་བློ་དང་འཚམ་ཞིང་དུས་ཀྱི་ལོང་སྐབས་དང་བསྟུན་པའི་རྒྱས་བཤད་ཇི་སྙེད་པ་ཞིག་བྱས་ཆོག་པ་ལ། འདིར་འབྲིང་པོ་ཙམ་གྱི་ཚོད་དུ་བྱས་ནས་བཤད་པའི་གཞི་བཏིང་བ་ཡིན་ལ། འདི་བས་བསྡུས་པ་བྱེད་འདོད་ན་སྔར་གྱི་ལུང་འདྲེན་སོགས་ལས་ཚིག་སྣ་བཏུས་ཏེ་སྔ་ཕྱིའི་མཚམས་འབྱོར་ཞིང་ཉན་པ་པོ་ལ་གོ་བ་ལེགས་པར་བསྐྱེད་ཐུབ་པ་ཞིག་གི་སྒོ་ནས་རྒྱལ་བའི་མདོ་སྔགས་ཀྱི་ལུགས་སྲོལ་དྲི་མ་མེད་པ་དང་མཐུན་པར་ལེགས་པར་བཤད་པར་བྱའོ། །འགྲོ་རྒྱུད་དད་པའི་ས་གཞི་གཙང་མ་ལ། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་ས་བོན་མཐུ། །གསང་ཆེན་ཐབས་མཁས་ཨ་མྲྀ་ཏས་བརླན་ཏེ། །སྐུ་གསུམ་ཡོངས་འདུའི་ཁྲི་ཤིང་སྤེལ་བའི་སླད། །འཁྲུལ་མེད་དམ་ཆོས་ལམ་གསུམ་འབབ་པའི་རྒྱུན། །མཚན་ལྡན་དྲང་སྲོང་བླ་མའི་ཞལ་སྒོ་ལས། །སླར་ཡང་བབས་པའི་དག་བྱེད་གཙང་མ་འདིས། །འགྲོ་ཀུན་ཉེས་པའི་དྲི་མ་འཁྲུད་གྱུར་ཅིག །ཐུབ་བསྟན་གནད་གསང་རྫོགས་པའི་གདམས་ངག་མཆོག །ཐོས་བསམ་སྒོམ་པའི་ནན་ཏན་སྙིང་པོའི་དོན། །ལེན་ལ་གཅིག་ཏུ་གཞོལ་བྱེད་སྐྱེས་བུའི་ཚོགས། །འཕེལ་བས་བཤད་སྒྲུབ་བསྟན་པ་འབར་གྱུར་ཅིག །ཅེས་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་རྗེས་གནང་སོགས་ཀྱི་སྔོན་འགྲོའི་ཆོས་ཀྱི་གཏམ་དུ་བྱ་བ་གཞན་ཕན་རབ་སྟེར་འདི་ནི། རྒྱ་ཡགས་མཁན་པོ་ཨ་ར་ཏེ་ནི་ཚ་ཁང་ཧུ་ཐོག་ཐུས་བསྐུལ་བའི་ངོར་ཤཱཀྱ་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དར་ཁན་དགེ་སློང་བློ་བཟང་བསྐལ་བཟང་ཡོན་ཏན་གྱིས་བགྱིས་པའོ།། །།

ཆོས་འཆད་ཉན་བྱ་ཚུལ་དང༌། དབང་བསྐུར་རྗེས་གནང་སོགས་ཀྱི་རྣམ་དབྱེ་བློ་དམན་ཉམས་དགའ།

p. 121

ཆོས་འཆད་ཉན་བྱ་ཚུལ་དང༌། དབང་བསྐུར་རྗེས་གནང་སོགས་ཀྱི་རྣམ་དབྱེ་བློ་དམན་ཉམས་དགའ་ཞེས་བྱ་བ་བཞུགས་སོ།།

p. 122

བླ་མ་ཡི་དམ་དབྱེར་མེད་ལ། །ལུས་ཀྱི་འཁྲི་ཤིང་རབ་བཏུད་ནས། །དམ་ཆོས་འཆད་ཉན་བྱ་ཚུལ་དང༌། །དབང་རྗེས་དབྱེ་བ་མདོར་བསྡུས་བྲི། །དེ་ལའང་གཉིས་ལས། དང་པོ་ཆོས་འཆད་ཉན་ཇི་ལྟར་བྱ་བའི་ཚུལ་ལ། ཐོག་མར་ཕྱག་དང་ཡོན་དབུལ་བ་ནི། བླ་མ་དེ་སངས་རྒྱས་ཀུན་འདུས་སུ་མོས་ལ། དེའི་སྤྱན་སྔར་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་བློས་སྤྲུལ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བའོ། །ཡོན་དབུལ་བ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་པ་ལྔ་པར། དེ་ཉིད་མི་ཟད་འདོད་པ་ཡིས། །སོགས་གསུངས་ཏེ། དེ་ཉིད་ཅེས་པས་བསྒྲུབ་བྱ་བསྟན། དེས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པ་མི་ཟད་པ་ཐོབ་པར་འདོད་པ་དེས་བླ་མ་ལ་ཡོན་འབུལ་དགོས་ཤིང༌། དབུལ་རྒྱུའང་རང་ལ་གཅེས་ཤིང་ཕངས་ལ་ཡིད་དུ་འོང་བ་རྣམས་འབུལ་དགོས་ཏེ། ཆེས་ཁྱད་ཡིད་འོང་འཕགས་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །ཅེས་དང༌། ཆེས་ཁྱད་པར་དུ་འཕགས་ཤིང༌། གཏང་དཀའ་བུ་དང་ཆུང་མ་ནས་རང་གི་སྲོག་གི་བར་གྱིས་མཉེས་པར་བྱ་དགོས་པ་ཡིན་ཏེ། སྦྱིན་དཀའ་བུ་དང་ཆུང་མ་དང༌། །རང་གི་སྲོག་ཀྱང་གཏང་བྱ་

p. 123

ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེའི་འཐད་པ་རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བར། གང་གིས་བསྐལ་པ་བྱེ་བ་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བཅོམ་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །ཅེས་གསུངས་ཏེ། སངས་རྒྱས་ཐོབ་པའི་རྒྱུའི་གཙོ་བོ་ཚོགས་གཉིས་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ཀྱང་བསོད་ནམས་ཀྱི་ཚོགས་ལས་སྐྱེ་བར་འགྱུར་ཞིང༌། བསོད་ནམས་བསགས་པའི་ཐབས་ཀྱི་གཙོ་བོ་བླ་མ་མཉེས་པར་བྱ་བ་ཡིན་ཏེ། གསང་བ་འདུས་པར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པར་བསྙེན་བཀུར་བ་ལས། གང་གིས་རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་སྣུམ་གྱིས་བྱུག་པ་བྱས་པའང་ཆེས་བསོད་ནམས་ཁྱད་པར་འཕགས་སོ། །ཞེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་དེ་སྙེད་ལ་ཡུན་དེ་ཙམ་དུ་མཆོད་ཅིང་བསྙེན་བཀུར་པ་ལས། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལ་ཞབས་ཏོག་གི་བསམ་པས་བ་སྤུའི་བུ་གར་སྣུམ་གྱིས་བྱུག་པ་ཁྱད་པར་འཕགས་པ་སོགས་སྒྲུབ་ཕྱོགས་ཀྱི་

p. 124

ལུགས་བསམ་གྱིས་མི་ཁྱབ་ཅིང༌། དགག་པའི་ཕྱོགས་ཀྱང་རྡོ་རྗེ་གུར་ལས། གང་གིས་བླ་མར་གསོལ་མ་བཏབ། །དེ་ནི་རིགས་སུ་སྐྱེ་བ་མེད། །ཅེས་བླ་མར་གསོལ་བ་མ་བཏབ་པའམ། བཏབ་ཀྱང་ཁས་མ་བླངས་ན་ཆོས་འདིའི་རིགས་སུ་མ་སྐྱེས་པ་ཞེས་བྱ། སྒོམ་སྒྲུབ་ཉན་བཤད་གང་བྱས་ཀྱང་ཇི་ལྟ་བ་མི་འབྱུང་བར་ངལ་བ་དོན་མེད་དུ་འགྱུར་བ་ལས་གསོལ་བ་གདབ་པ་གལ་ཆེའོ། །དེ་ལྟར་དཔོན་སློབ་འདུས་ནས་འཆད་ཉན་བྱེད་པའི་ཐོག་མར་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་གསལ་གདབ་པ་ཞེས་བྱ་བ་བསྟན་པར་བྱའོ། །དེའང༌། མདུན་དུ་དུལ་བར་འདུག་པ་དང༌། །གོས་སོགས་ཚུལ་ནི་བསྡམ་པ་དང༌། །པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར། སྤྱིར་ཆོས་ཉན་པའི་ལུས་ཀྱི་ཀུན་ཏུ་སྤྱོད་པ་ནི། བླ་མའི་མདུན་གྱི་དྲང་ཐད་དུ་བསྡད་པར་བྱ་བ་ཡིན་གྱི། རྒྱབ་དང་གློ་སོགས་སུ་མི་སྡོད། ཁྱད་པར་ཟུར་ཐད་དུ་འདུག་ན་བར་ཆད་མང་བས་སྤང་བར་བྱ་ཞིང༌། ཅི་སྟེ་སྟབས་ཀྱིས་མ་འཁྱུད་པར་གློ་ལ་སོགས་སུ་སྡོད་དགོས་པ་བྱུང་ནའང་མདུན་དུ་ཡོད་པའི་བསམ་པ་བྱ། ལུས་དྲང་པོར་བསྲང་སྟེ་ཅུང་ཟད་འདུད་པ་དང་བཅས་པ་ལས། ཕན་ཚུན་སྙེས་པ་དང་ཉལ་བ། མགོ་གཡོགས་པ་དང༌། ལག་པས་འགྲམ་པ་བརྟེན་པ་དང༌། གདུགས་དང་མཚོན་ཆ་ཐོགས་པ་སོགས་མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤངས་ཤིང༌། ལུས་གནད་དྭངས་སིང་ངེ་བ་རེ་བཅས་པས་རྒྱུད་ལ་བྱིན་རླབས་མྱུར་དུ་སྐྱེ་བའི་རྟེན་འབྲེལ་ཡོད་པ་ཡིན་ན། སེམས་ཀྱི་བསམ་པ་ནི་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང༌། ཞེས་གསུངས་པ་ལྟར། ལེགས་པར་ཉན་པ་ནི་སྣོད་ཁ་སྦུབ་ཀྱི་སྐྱོན་སྤང་བ་སྟེ། དེའང་དཔེར་ན་དབྱར་གྱི་དུས་ཆར་གྱི་རྒྱུན་དྲག་ཏུ་འབབ་པའི་སར་སྣོད་ཁ་ཅིག་ཁ་སྦུབས་ནས་བཞག་ན། ལོ་ཟླ་བར་ཉིན་མཚན་བར་མ་ཆད་པར་ཇི་ཙམ་འབབས་ཀྱང་སྣོད་དེའི་ནང་དུ་ཟེགས་མ་

p. 125

གཅིག་ཀྱང་འགྲོ་བར་མི་ནུས་པ་བཞིན་དུ། ཆོས་ཉན་པའི་ཚེ་གཉིད་རྨུགས་སམ། ཤེས་པ་རྒྱ་ཡན་དུ་བཏང་ནས་ཆོས་གྲལ་དུ་བསྡད་ན། ཆོས་ཇི་ཙམ་བཤད་ཀྱང་རྒྱུད་ལ་འཇགས་པའམ། དེ་ན་ལ་བྲིན་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་པར་རྣ་བར་ཆུ་སྒྲ་ཤང་ངེ་བ་ཟེར་བ་དེ་ཡོང་ལ། དེ་ལྟ་བུའི་ཆོས་ཉན་ལོ་ཟླར་བྱས་ཀྱང་ཕན་ཡོན་ཅུང་ཟད་མེད་པའི་ཁར་ཆོས་ལ་བརྟེན་པའི་ཉེས་པ་དུ་མ་ཡོད་པས་ཆོས་ཉན་པའི་ཚེ་ཤེས་པ་གཞན་ལ་ཡིད་མ་ཡེངས་པར་བྱས་ལ། ཆོས་དེའི་ཚིག་དོན་ལ་གཞིག ཡིད་ལ་གང་འཇགས་བྱ་སྟེ་སྣོད་ཁ་སྦུབས་པ་ལྟ་བུའི་སྐྱོན་སྤང༌། དེ་བཞིན་དུ་རབ་ཏུ་ཉོན་ཅེས་གསུངས་པའི་དོན་སྣོད་དྲི་མ་ཅན་གྱི་སྐྱོན་སྤང་སྟེ། དཔེར་ན་སྣོད་ཁ་སློང་བ་རྐྱང་པས་མི་ཆོག དེའི་ནང་དུ་དུག་གམ་མི་གཙང་བ་ནས་ཐ་ན་དུ་བའམ་ཐལ་བའི་བར་གང་ཡོད་ཀྱང༌། དེ་དག་མ་བསལ་བར་ཆུ་ནས་བདུད་རྩིའི་བར་གྱི་བཅུད་གང་བླུགས་ཀྱང་སྲོག་འཕྲོག་པའི་ནད་སྐྱེད་པ་སོགས་འབྱུང་བས་བཅུད་དེའང་ཆུད་ཟོས་པར་འགྱུར་ལ། དེ་དག་ཕྱིར་བསལ་ནས་བདུད་རྩིའི་བར་གྱི་བཅུད་གང་བླུགས་དེ་དང་དེའི་བྱ་བ་སྐྱོན་མེད་དུ་བྱེད་ནུས་པ་ལྟར། ཆོས་ཀྱི་ཚིག་དོན་བློ་ཡུལ་དུ་འཇགས་པ་ཙམ་གྱིས་མི་ཆོག་གི། ཆོས་ཉན་པའི་བསམ་པ་བདག་གིས་ཆོས་འདི་ཉན་ལ། རང་མི་དགའ་བ་འདི་ལྟ་བུ་ཞིག་དམའ་དབབ་པར་བྱའོ་སྙམ་པ་ལྟ་བུ་ཞེ་སྡང་གིས་ཀུན་ནས་བསླངས་པ་དང༌། ཡུལ་ཕྱོགས་འདི་འདྲ་ཞིག་ཏུ་ཆོས་འདི་འདྲ་ཞིག་བཙོངས་ནས་རྙེད་པ་བསྒྲུབ་པར་བྱའོ་སྙམ་པ་སྟེ་འདོད་ཆགས་ཀྱི་དང༌། རང་གི་འགྲན་ཟླར་གྱུར་པ་རྣམས་ལས་ལྷག་པ་ཞིག་བྱའོ་སྙམ་པ་ལྟ་བུ་ང་རྒྱལ་དང་ཕྲག་དོག་སྟེ། མདོར་ན་དུག་གསུམ་གྱི་བསམ་པས་ཀུན་ནས་བསླངས་པའི་ཐོས་བསམ་སྒོམ་གསུམ་གང་བྱས་རུང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པས། འཕྲལ་དགེ་བ་ལྟར་སྣང་ཡང་ཕུག་ངན་སོང་ཁོ་ནར་ངེས་པར་འགྲུབ་པར་བྱེད་པས་ན།

p. 126

སེམས་ཀྱི་ཀུན་སློང་ངན་པ་ཐམས་ཅད་བསྲིངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་ལྷག་པའི་བསམ་པས་ཟིན་པར་བྱས་ལ་དྲི་ཅན་གྱི་སྐྱོན་སྤང་བར་བྱ། དེ་བཞིན་དུ། ཡིད་ལ་ཟུང་ཞིག་ཅེས་པའི་དོན་སྣོད་ཞབས་རྡོལ་གྱི་སྐྱོན་སྤང་དགོས་ཏེ། དཔེར་ན་ཞབས་རྡོལ་པའམ་གས་པ་ལྟ་བུ་དེར་བཅུད་ཇི་ཙམ་བླུགས་ཀྱང་ཕྱིར་བུད་ནས་ནང་དུ་ཅུང་ཟད་ཀྱང་མི་ཆགས་པ་བཞིན་དུ། ཆོས་ཉན་པའི་ཚིག་དོན་རྣམས་བསམ་བཞིན་ཡིད་ལ་མ་བརྗེད་པར་མ་བཟུང་ན་བར་བཤད་པ་ན་མགོ་བརྗེད། མཇུག་བཤད་ཙ་ན་བར་བརྗེད། ཆོས་གྲྭ་ནས་ལངས་པ་དང་ཚིག་དོན་འདིའོ་ཞེས་བརྗོད་དུ་ཡོད་པ་ལྟ་ཅི་སྨོས། མིང་ཙམ་ཡང་བཤད་རྒྱུ་མེད་པ་ཞིག་འབྱུང་བས། དྲན་འཛིན་ཆེན་པོས་ཡང་དང་ཡང་དུ་བསྐྱར་ཏེ་ཇི་སྲིད་ཉམས་སུ་མ་མྱོང་གི་བར་དུ་ནམ་ཡང་བརྗེད་པ་མེད་པར་ཡིད་ལ་གསལ་བ་ཞིག་གལ་ཆེ། དེ་བཞིན་དུ་སློབ་དཔོན་དབྱིག་གཉེན་གྱིས་རྣམ་བཤད་རིག་པར། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་མི་གཉེར་བ་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཅེས་གསུངས་ཏེ། ང་རྒྱལ་གྱི་ཆོས་ཉན་པ་ནི་བླ་མ་ལས་རང་ཉིད་རིགས་ལང་ཚོ་ཐོས་པ་ལ་སོགས་པ་ཁྱད་པར་འཕགས་མོད། འོན་ཀྱང་ཆོས་འདི་ཐོབ་པའི་ཕྱིར་ཙམ་དུ་ཉན་ལོ་བྱ་སྙམ་པས་ཉན་པ་དེ་ནི་ཤིན་ཏུ་ཉེས་པ་ཆེ་བས། བདག་ཉིད་ལ་ནད་པ། བླ་མ་ལ་སྨན་པའི་འདུ་ཤེས་བཞག་སྟེ་ཤིན་ཏུ་གུས་པའི་སྒོ་ནས་ཉན། མ་དད་དང་ཞེས་པ་ནི་ཆོས་དང་བླ་མ་ལ་དད་པ་ཏིལ་འབྲུ་ཙམ་མེད་ཀྱང་གང་སྐད་ཟེར་རམ། ཆོས་ཅི་འདྲ་ཞིག་ཡོད་དམ་སྙམ་དུ་སྐྱོན་རྟོག་པ་ཁོ་ན་ལ་ཆས་པ་སྟེ། དེང་སང་གི་མི་སྐོར་དགུ་སྐོར། མ་ཐོས་དགུ་ཐོས་པ་འདི་ཆོས་འདི་མང་ངོ་ཉུང་ངོ༌། །བླ་མ་ནི་མ་སྦྱངས་སོ། །མི་མཁས་པོ་འདིའི་ཐད་དུ་ཆོག་ནོར། ཉོག་ནོར་ཞེས་སྨྲ་བ། དགེ་བཤེས་བཀའ་གདམས་པ་རྣམས་ཀྱི་གསུང་སྒྲོས་ལས། སློག་གཤམ་དྲུད་པ་ཞེས་

p. 127

སློག་པ་རིང་པོ་ཞིག་སྲང་མདོ་རྣམས་སུ་དྲུད་ནས་ཕྱིན་ན། གསེར་དངུལ་སོགས་དངོས་པོ་དག་པ་རྣམས་ནི་གཅིག་ཀྱང་མི་འབྱར་ལ། མི་གཙང་བ་དང་སྦར་སྦུར་སོགས་ངན་པ་ཐམས་ཅད་འཇུས་ཡོང་བ་བཞིན། བླ་མ་དང་ཆོས་ཀྱི་ཡོན་ཏན་ནམ་ཡང་མི་མཐོང་ལ། སྐྱོན་ཅུང་ཟད་ཙམ་ཡང་ཆེད་འཛིན་བྱེད་པ་དེ་ལྟ་བུས་ནི་བསྐལ་པར་ཆོས་ཉན་ཀྱང་ཕན་ཡོན་ཏིལ་འབྲུ་ཙམ་ཡང་མི་འབྱུང་བའི་ཁར་ཆོས་ལ་བརྟེན་པའི་ལས་ངན་ཚབས་པོ་ཆེ་བསམ་གྱིས་མི་ཁྱབ་པ་གསོག་པ་ཡིན་པས། བླ་མས་སྣང་ཚུལ་ཇི་ལྟར་སྟོན་ཀྱང་ང་རང་གི་སྣང་བ་མ་དག་པ་ཡིན། བླ་མ་ལ་མ་ལེགས་སོགས་པ་ག་ལ་མངའ་སྙམ་དུ་དད་པ་བསྐྱེད། ཆོས་ཀྱང་རྒྱས་བསྡུས་གང་ཡོད་ཀྱང་བདེ་བར་གཤེགས་པ་གདུལ་བྱ་ཐམས་ཅད་ཀྱི་བསམ་པ་དང་མཐུན་པར་ཆོས་གསུངས་པ་ཡིན་གྱི། བདག་གཅིག་པོ་ལ་དགོངས་ཏེ་གསུངས་པ་ག་ལ་ཡིན། དེ་བས་ན་རང་གི་ཡིད་ལ་མི་བབས་ཀྱང་དེ་དང་དེས་འདུལ་བའི་གདུལ་བྱ་གཞན་དུ་མ་ཡོད་པས། གང་ལ་ཅི་དགའ་བར་ཆོས་སྟོན་པ་ངོ་མཚར་སྙམ་དུ་དད་པ་ཆེར་བསྐྱེད། དོན་དུ་མི་གཉེར་བ་ཉིད་དང་ཞེས་པ་ནི་ཆོས་ཉན་པ་ན་ཞོར་ཆོས་སམ། ཁྲལ་ལྟ་བུ་མ་གཏོགས་ཆོས་ལ་དོན་དུ་གཉེར་བའི་བློ་མེད་པར་གལ་ཆུང་ཆོས་དང༌། གལ་ཆེ་ཤོས་འཕྲལ་གྱི་བྲེལ་སྤྱོད་ལ་བྱས་ནས་ཆོས་ཐུན་གྱི་མགོ་མཇུག་ཤོར་བའམ། ཐུན་རིལ་པོར་ཆག་ཀྱང་སེམས་དོགས་གང་ཡང་མེད་པར་ཕངས་མེད་དུ་སྐྱུར་འཇོག་པ་དེ་འདྲའང་བྱར་མི་ཉན་པས། ཆོས་དེ་ཚུགས་ནས་མ་གྲོལ་གྱི་བར་དུ་གཞན་ཐམས་ཅད་ཅམ་གྱིས་བཞག་ལ། བསམ་རྒྱུ་ཆོས་དེ་ལས་མེད་པ་ཅིག་བྱ། ཕྱི་རོལ་རྣམ་གཡེང་ཞེས་པ་ཆོས་གྲྭ་དེར་སླེབ་པ་ན་དབང་པོ་དྲུག ཡུལ་ལ་རྒྱ་ཡན་དུ་བཏང་སྟེ་རེས་ཁང་པའི་གདུང་རྩ་ན་ཡར་ལྟ་རྟོག རེས་བཞད་སྒྲོས་དང་བཞད་གད། དེ་ལྟ་བུ་མ་

p. 128

ཡིན་ནའང་འོག་འགྱུར་རྒྱ་འབྱམས་པའི་ངང་ལས་ཆོས་གྲོལ་བ་དེ་ངོ་ཤེས་པ་དེ་ལྟ་བུར་བྱར་མི་ཉན་པས་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་ཉན་པར་བྱེད། ཡིད་བསྡུས་དང་ཞེས་པ་འགའ་ཞིག་རྒྱུན་དུ་དགེ་སྦྱོར་ལ་དོ་གལ་མེད་ཀྱང༌། ཆོས་གྲྭ་དེར་སླེབ་པ་ན་ཁོ་སྒོམ་བཟང་དུ་སོང་ནས་ཆོས་ལ་རྣ་བ་མི་གཏོད་པར་མཉམ་གཞག་བྱེད་པ་དང༌། ལ་ལ་མུན་ཆེན་གཉིད་ལོག་ལྟ་བུ་ཡིད་ནང་དུ་བསྡུས་ནས་ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་ལྟ་བུ་སྤངས་ཏེ། རྣ་བ་བླགས་ཏེ་ཉན་པར་བྱེད་དོ། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཅེས་པས་སྐྱོ་བ་ལ་མི་ཤེས་པས་སྐྱོ་བ་ནི། ལས་དང་པོ་པ་འགའ་ཞིག་ཇི་ཙམ་འབད་ནས་ཉན་བློ་བྱས་ཀྱང་ཚིག་དོན་ཇི་ལྟ་བ་གོ་བར་མ་ནུས་པས་སྐྱོ་སྟེ། ཤེས་ནི་མི་ཤེས་པར་འདུག་སྟེ། ང་རང་ཉན་ནས་ཅི་བྱེད། གཞག་གམ་སྙམ་པའི་བློ་ཤར་ན། དེ་འདྲ་ཅི་ཞིག་དགོས། མི་ཤེས་པས་ཀ་ཉན་དགོས་པ་ཡིན་གྱི། ཤེས་ན་ཉན་པ་ལ་དགོས་པ་མེད་དོ། །གྲུབ་ཟིན་སྒྲུབ་པ་དང་མཚུངས། དེས་ན་ཡང་དང་ཡང་དུ་ཉན་པས་གོ་བ་ཇེ་དྲག་ཇེ་དྲག་ལ་སོང་ནས་མཐར་ཚིག་དོན་ཐམས་ཅད་རང་དབང་ཐོབ་པ་ཞིག་འབྱུང་བས། ཆེད་དུ་འབད་ཅིང་ཉན་པར་བྱེད། ཐུན་ཆེ་པས་སྐྱོ་བ་ནི། འགའ་ཞིག་ཆོས་ཐུན་ཆེས་པ་ན་དེ་ཉན་མི་ནུས་པར། ད་གང་བྱེད། གྲོལ་ན་དགའ་སྟེ་སྙམ་པའི་རྟོག་པ་འཆར་བས། ཆོས་ཐུན་ཆེས་པ་ལ་སྐྱོན་ཅི་ཡོད། སྔོན་གྱི་དུས་སུ་ཐུབ་པའི་དབང་པོ་རྒྱལ་པོར་འཁྲུངས་པ་ན། ཡུལ་དེར་ཆོས་ཀྱི་སྒྲ་མི་གྲག་ཅིང༌། རྒྱལ་པོ་སྔོན་གྱི་བག་ཆགས་སད་ནས་ཆོས་དོན་དུ་གཉེར་བར་གྱུར་ཏེ། ཆོས་ཚིག་བཞི་པ་གཅིག་གི་དོན་དུ་སྐུ་ལུས་ལ་མར་མེ་སྟོང་བཙུགས་ཏེ་ཆོས་གསན་པ་ལྟ་བུ་དཀའ་བ་དུ་མས་ཆོས་བཙལ་བའི་ཚོད་ན། རང་རེ་རྣམས་འབད་མེད་དུ་དམ་པའི་ཆོས་ཉན་ཆོག་པ་བསྐལ་བ་དཔག་ཏུ་མེད་པ་ནས་བསོད་ནམས་བསགས་པ་ཡིན་ལ། དེ་བཞིན་དུ་སྔོན་དགེ་སློང་ཞིག་གིས་ནེལ་ཁ་ཞིག་ན་

p. 129

ཆོས་སྟོན་པ་ན། དེའི་ཉེ་འཁོར་གྱི་རྫིང་བུ་ཞིག་ན་གནས་པའི་སྦལ་པ་ཞིག་ཀྱང་དེར་ཐོན་ནས་ཆོས་ཀྱི་སྒྲ་རྣ་བར་ལྷང་ངེ་ཐོས་པའི་ངང་ལ། གནག་རྫི་དགའ་བོ་ཞེས་པས་མཁར་བ་བཙུགས་པའི་རྐྱེན་གྱིས་སྦལ་པ་ཤི་སྟེ། ཆོས་ཀྱི་སྒྲ་ཐོས་བཞིན་དུ་ཤི་བའི་ཕན་ཡོན་གྱིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པ་དང༌། དགེ་སློང་ཞིག་རྒྱུན་དུ་མདོ་སྡུད་པ་ཞལ་འདོན་དུ་མཛད་པའི་བྲང་ཁང་གི་གདུང་ཁང་ན་ཐི་བ་ཞིག་ཉལ་ཀྱིན་ཡོད་པ་ཚེའི་དུས་བྱས་ནས་མདོ་ཐོས་པའི་ཕན་ཡོན་གྱིས་མི་ལུས་ཐོབ། ཆོས་སྒོར་ཞུགས་ནས་ཐི་བའི་དུས་ཀྱི་གང་ཐོས་པ་ཡན་ཆད་ཀྱི་མདོ་བསླབ་མ་དགོས་པར་ཤེས་པ་ལྟ་བུར་དུད་འགྲོས་ཆོས་ཀྱི་དོན་གོ་བ་མེད་ཀྱང་སྒྲ་ཐོས་པ་ཙམ་ལའང་ཕན་ཡོན་དེ་ལྟ་བུ་ཡོད་ན། ཆོས་ཀྱི་སྒྲ་ཐོས། དོན་གོ་ན་ཕན་ཡོན་ཆེན་པོ་ཡོད་པ་ལྟ་ཅི་སྨོས། དེས་ན་འདི་ལྟ་བུའི་ཆོས་ཉན་དུ་ཡོད་པ་བསྐལ་པ་དུ་མ་ནས་བསོད་ནམས་བསགས་པ་ཡིན་སྙམ་དུ་ཡིད་ལ་དྲན་པར་བྱེད། དེ་ལྟར་སྐྱོན་དྲུག་སྤངས་ཏེ་འདུ་ཤེས་ལྔའི་སྒོ་ནས་ཆོས་ཉན་པར་བྱེད། དེའང་བླ་མ་ལ་སྨན་པ། བདག་ཉིད་ལ་ནད་པ། ཆོས་ལ་སྨན། ཉམས་སུ་ལེན་པ་ལ་ནད་ཉེ་བར་གསོ་བ། གྲོགས་ལ་ནད་གཡོག་གི་འདུ་ཤེས་བསྐྱེད་དེ་ཉན་པར་བྱ་དགོས་སོ། །གཉིས་པ་དབང་དང་བྱིན་རྗེས་སོགས་ཀྱི་དབྱེ་བ་ལ་བཞི་ལས། དང་པོ་ལ། དབང་ཞེས་བྱ་བ་ནི་རྒྱུད་སྡེའི་དགོངས་པ་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་སྦྱོང་སྨིན་གྱི་ཐབས་ཁྱད་པར་ཅན་ཏེ། དེ་ལའང་དབྱེ་བསྡུ་མང་དུ་མཆིས་པ་ལས། དབྱེ་སྒོ་ཐམས་ཅད་ཀྱི་གཙོ་བོ་ནི་རྒྱུད་སྡེ་བཞིར་བཞེད་པའི་ཕྱོགས་ཏེ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། བླ་མེད་དོ། །དང་པོ་བྱ་རྒྱུད་ཀྱི་རྣམ་གཞག་ལ་སྤྱིའི་དོན་དང༌། དབང་བསྐུར་ཚུལ་གཉིས་ལས། དང་པོ་ལ། བྱ་བ་སྤྱིའི་རྒྱུད་དང༌། སོ་སོའི་རྒྱུད་གཉིས་ལས། སྤྱིའི་རྒྱུད་ནི་མ་སྨིན་པ་སྨིན་པར་བྱེད་པའི་ཐབས་དབང་བསྐུར་བའི་

p. 130

སྐོར་གཙོ་བོར་སྟོན་པ་གསང་བ་སྤྱིའི་རྒྱུད་དང༌། ལེགས་གྲུབ་ཀྱི་རྒྱུད་དང༌། དཔུང་བཟང་གི་རྒྱུད་དང༌། བསམ་གཏན་ཕྱི་མའི་རྒྱུད་རྣམས་དང༌། སོ་སོའི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་རིགས་དང༌། འཇིག་རྟེན་པའི་རིགས་གཉིས། སྔ་མ་ལ་དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་གསུམ་མཆོག་འབྲིང་ཐ་མའི་ཚུལ་དུ་གནས་ལ། འཇིག་རྟེན་པའི་རིགས་ལ་ནོར་ཅན་གྱི་རིགས། ལྔས་རྩེན་གྱི་རིགས། འཇིག་རྟེན་པའི་རིགས་ཏེ་གསུམ་ཡོད་དོ། །དེ་བཞིན་གཤེགས་པའི་རིགས་ལ་རིགས་ཀྱི་གཙོ་བོ། རིགས་ཀྱི་བདག་པོ། རིགས་ཀྱི་ཡུམ། རིགས་ཀྱི་གཙུག་ཏོར། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རིགས་ཀྱི་ཕོ་ཉ་བཀའ་ཉན། རིགས་ཀྱི་བྱང་སེམས། རིགས་ཀྱི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་གཟུགས་རྣམས་ལ་བརྟེན་ནས་བོད་གངས་ཅན་འདིར་བཀྲལ་ཚུལ་མང་ཡང༌། རང་ལུགས་ནི་ངོར་ཆེན་རྡོ་རྗེ་འཆང་གི་བྱ་རྒྱུད་སྤྱི་རྣམ་ལས། བྱ་བའི་རྒྱུད་འདི་རྒྱུད་སྡེ་ཐམས་ཅད་ཀྱི་གཞི་མ་ཡིན་པའི་ཕྱིར། རྒྱུད་སྡེ་གོང་མས་དབང་བྱས་པའི་སྒྲུབ་ཐབས་དང༌། བྱ་རྒྱུད་རང་གི་ལུགས་ལྟར་བཀྲལ་བ་ལ་སོགས་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱིས་ལུགས་མི་འདྲ་བ་དུ་མ་ཞིག་མཛད་པ་རྣམས་ཕན་ཚུན་ལུགས་བསྲེས་པའི་གྲུབ་མཐའ་གཞག་ཏུ་མི་རུང་གི། སོ་སོའི་ལུགས་བཞིན་བཤད་པར་བྱ་བ་ལ་བཞི། བྱ་རྒྱུད་བླ་མེད་ལྟར་བཤད་པ། རྣལ་འབྱོར་རྒྱུད་ལྟར་བཤད་པ། སྤྱོད་རྒྱུད་ལྟར་བཤད་པ། བྱ་རྒྱུད་རང་ལུགས་ལྟར་བཤད་པའོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྱན་རས་གཟིགས་ཕྱག་སྟོང་པའི་སྒྲུབ་ཐབས་ལས། ཆོ་ག་གསུམ་གྱིས་བདག་ཉིད་སྤྱན་རས་གཟིགས་འཁོར་བཅས་སུ་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲང་ཞིང་གཞུག དབང་བསྐུར་ཞིང་རིགས་བདག་གིས་རྒྱས་གདབ་པ་རྣམས་བཤད་ལ། འདི་རྣལ་འབྱོར་ཆེན་པོ་ལྟར་བཀྲལ་བར་མངོན་ཏེ། སྒྲུབ་ཐབས་དེ་ཉིད་ལས། དེ་ནས་རྫོགས་པའི་རིམ་པ་བསྒོམ་

p. 131

པར་བྱ་སྟེ། ཟབ་པ་དང་ཕྲ་བའི་རྫོགས་རིམ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཞེས་བྱུང་ལ། བྱ་རྒྱུད་རང་དབང་ཅན་ཡིན་ན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་གཏན་མེད་པའི་ཕྱིར་རོ། །དེ་བཞིན་དུ་སློབ་དཔོན་ཨ་བྷ་ཡཱས་རྡོ་རྗེ་ཕྲེང་བར། གྲྭ་ལྔ་དང་འོད་ཟེར་ཅན་ལ་སོགས་བཤད་པ་རྣམས་ཀྱང་རྣལ་འབྱོར་ཆེན་པོའི་ལུགས་ཡིན་ཏེ། དཀྱིལ་འཁོར་དེ་རྣམས་ལ་བསྐྱེད་ཚུལ་རྫོགས་པའི་རྣལ་འབྱོར་དུ་བཤད་ལ། བྱ་རྒྱུད་ལ་དེའི་ཐ་སྙད་མ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་ཐབས་རྒྱ་མཚོ་དང༌། ཕྱེད་དང་ཉིས་བརྒྱ་པ་དང༌། བརྒྱ་རྩ་རྣམས་སུ་བཤད་པའི་བྱ་རྒྱུད་ཀྱི་ལྷའི་སྒྲུབ་ཐབས་རྣམས་དང༌། སློབ་དཔོན་ཛེ་ཏཱ་རིའི་གྲྭ་ལྔའི་སྒྲུབ་ཐབས་སོགས་གཞུང་ཆུང་ཕལ་ཆེ་བ་རྣམས་རྣལ་འབྱོར་ཆེན་པོའི་ལུགས་ལྟར་བཀྲལ་བར་ཤེས་པར་བྱའོ། །དེས་ན་སློབ་དཔོན་དེ་རྣམས་ཀྱི་བཞེད་པས་དམ་ཚིག་གསུམ་བཀོད་སོགས་སོ་སོའི་རྒྱུད་ནས་དངོས་བསྟན་དུ་བཤད་པའི་ཤ་ཆང་སྤང་བ་སོགས་རྣམས་ནི་དེ་ལས་གཞན་དུ་མི་འཆད་ཀྱང༌། དེར་མི་གསལ་བ་དང་མ་ཚང་བ་ཁ་བསྐང་དགོས་པ་རྣམས་བྱ་བ་སྤྱིའི་རྒྱུད་བཞིས་ཁ་མི་སྐོང་བར་བླ་མེད་ཀྱི་རྒྱུད་ཁོ་ནས་ཁ་བསྐངས་པ་ཡིན་ཏེ། ལུགས་འདི་བཞེད་པའི་རྒྱ་གར་བའི་སློབ་དཔོན་ཤིན་ཏུ་མང་ངོ༌། །གཉིས་པ་ནི། དེ་ཉིད་བསྡུས་པའི་འགྲེལ་པར། སློབ་དཔོན་ཀུན་སྙིང་གིས། བྱ་བ་དང༌། སྤྱོད་པ་དང༌། གཉིས་ཀའི་རྒྱུད་ལ་སོགས་པའི་ཆོ་ག་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཆོ་ག་དེས་འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ། །ཞེས་དོན་དེ་བཤད་པར་བྱ་བའི་ཕྱིར། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱི་སྟོན་ཏོ། །ཞེས་གསུངས་སོ། །དེའི་དོན་རྣལ་འབྱོར་རྒྱུད་ནས་གསུངས་པའི་ཆོ་གས་བྱ་བ་དང་སྤྱོད་པའི་རྒྱུད་ལ་སྦྱར་དུ་རུང་བར་གསུངས་ལ། ཇི་ལྟར་སྦྱོར་ཚུལ་

p. 132

ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བར། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་དང༌། །གཟུགས་ཉིད་རྫོགས་པར་གྱུར་པ་ནི། །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས། །ཞེས་རྣལ་འབྱོར་གསུམ་གསུངས་ལ། དེའི་དང་པོ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི། བྱ་བའི་རྒྱུད་ལ་སྦྱར་བར་བྱ་བའི་སྒྲུབ་ཐབས་སུ་བཤད་དེ། རྒྱུད་དེའི་འགྲེལ་པར། སློབ་དཔོན་ཀུན་སྙིང་གིས། བྱིན་གྱིས་བརླབས་ཅེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། དེས་ན་དབང་བསྐུར་བ་དང༌། ཏིང་ངེ་འཛིན་དང༌། ཞེས་པ་ནས། རང་གི་ང་རྒྱལ་བསྐྱེད་ལ་གནས་དང་གདན་བསྐྱེད་པར་བྱའོ། །ལྕགས་ཀྱུ་ཡི་ནི་ཞེས་བྱ་བ་ལ་སོགས་པ་ལ་མདུན་དུ་གཞལ་ཡས་ཁང་དང་དཀྱིལ་འཁོར་རྣམ་པར་བསམས་པའི་སྟེང་དུ་དཀྱིལ་འཁོར་གཉིས་པའང་སྤྱན་དྲང་ཞིང༌། ལེགས་པར་བསྟོད་ལ་ཞེས་པ་ནས། འདི་ནི་བྱ་བའི་རྒྱུད་ཀྱི་དབང་དུ་བྱས་པའོ། །ཞེས་གསུངས་པ་ལྟར་གྱི་ཆོ་ག་སྦྱར་གྱི། ཏིང་ངེ་འཛིན་གསུམ་ལ་སོགས་པ་ཡོ་ག་ཇི་ལྟ་བ་བཞིན་སྦྱར་བ་ནི་མ་ཡིན་ནོ། །ཚུལ་འདི་དང་མཐུན་པའི་སྒྲུབ་ཐབས་ཟུར་དུ་བྱས་པ་མ་མཐོང་མོད་ཀྱི། རྣམ་སྣང་སྒྱུ་དྲྭའི་ལེའུ་བདུན་པའི་འགྲེལ་པ་སློབ་དཔོན་ཀུན་སྙིང་གིས་མཛད་པར་རྒྱས་པར་བཤད་པས་དེར་བལྟ་བར་བྱའོ། །གསུམ་པ་ནི། སློབ་དཔོན་སངས་རྒྱས་གསང་བས་བྱ་སྤྱོད་གཉིས་ཀ་གཅིག་ཏུ་བསྡུས་ནས་ཉམས་ལེན་གྱི་ཚུལ་འདྲ་བར་བཞེད་དེ། བསམ་གཏན་ཕྱི་མའི་འགྲེལ་པར། འདིའང་གསང་སྔགས་བཟླས་བརྗོད་བྱེད་པའི་བསམ་གཏན་གྱི་ཚེ་ན་བྱ་བའི་རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་དང༌། དཔུང་བཟང་དང༌། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་དང༌། བྱེ་བྲག་གི་རྒྱུད་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་

p. 133

གྱིས་རློབ་པ་དང༌། འཕགས་པ་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་དང༌། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་ལས་གསུངས་ཏེ། ཁ་ཅིག་ཏུ་ནི་མི་མངོན་པའི་ཚུལ་དུ་བཤད། ཁ་ཅིག་ཏུ་གསལ་བར་བསྟན་ཏེ། འདི་ལྟར་རབ་ཏུ་གྲུབ་པར་བྱེད་པ་ལས། བཟླས་བརྗོད་བྱེད་པས་བཟླས་བརྗོད་ཚེ། །རིག་སྔགས་ལྷ་ཉིད་བཏང་ནས་ནི། །སྒོམ་པ་མཆོག་ཏུ་གཅེས་པ་ཡང༌། །རྟོག་པ་བཟུང་ནས་ཡོངས་མི་བསམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དཔུང་བཟང་ལས་ཀྱང༌། སྙེམས་དང་བུད་མེད་མི་དགེར་ལྡན་པའི་སེམས། །གང་དང་གང་དུ་ཀུན་ཏུ་རྒྱུ་བ་དག །དེ་དང་དེ་ནས་བསྒྲིམས་ཏེ་རྣམ་བཟློག་ནས། །གསང་སྔགས་ཡི་གེ་མཆོག་ལ་སྦྱར་བར་བྱ། །ཞེས་བྱ་བ་དང༌། དེ་བཞིན་དུ། བསམ་གཏན་དག་དང་ལྡན་པའི་སྒྲུབ་པ་པོ། །ཤེས་ལས་བྱུང་བ་དགའ་བ་རབ་ཏུ་བསྐྱེད། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ཤིན་ཏུ་སྦྱངས་སེམས་བདེ་བས་སྐལ་ལྡན་འགྱུར། །དགའ་བདེ་ཡིད་གཅིག་ཏིང་ངེ་འཛིན་གྱུར་ན། །དེ་ཚེ་བཟླས་བརྗོད་དོགས་པ་མེད་པར་གྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གི་དེ་ཁོ་ན་ཉིད་བརྟགས་པའང་དེ་ཉིད་ལས་གསུངས་ཏེ། འདོད་ཆགས་ལ་སོགས་ཉོན་མོངས་དྲི་མར་བཅས། །དེ་བས་སེམས་ནི་འཁོར་བ་ཡིན་པར་གསུངས། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོ་མཐར་ནི་ཀུན་ཏུ་བསྒྲགས། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་དོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། བཟླས་བརྗོད་བྱེད་པའི་ཚེ། བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བས་གསང་སྔགས་ཀྱི་སྦྱོར་བ་གསལ་བ་ཉིད་བཤད་དོ། །ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ལས་ཀྱང༌། འཇམ་དཔལ་ནམ་སྔགས་པ་ལྷུན་གྱིས་

p. 134

གྲུབ་པར་ལྷ་ཉིད་ཀྱིས་ང་རྒྱལ་དུ་གྱུར་པ་དེའི་གསང་སྔགས་ཐམས་ཅད་མངོན་དུ་ཕྱོགས་པར་གནས་པར་འགྱུར་རོ། །ཞེས་གསུངས་སོ། །རིག་སྔགས་འཆང་གི་སྡེ་སྣོད་ལས་ཀྱང༌། རི་མོ་ལ་སོགས་པ་ལ་གནས་པའི་ལྷའི་བསམ་གཏན་བྱ་བ། འདིས་ནི་སྙན་ཆ་ཀུན་ཏུ་བསྐྱོད། །ནེའུ་ལེ་རྐྱལ་པ་བསྐུལ་བ་སྙམ། །དེ་ལྟར་བཟླས་བརྗོད་འབད་པའི་ཚེ། །ཞབས་ལ་སོགས་པའང་རིམ་གྱིས་བརྟག །ཅེས་གསུངས་པ་དང༌། བདག་གི་དེ་ཁོ་ན་ཉིད་བརྟག་པའང་གནས་པ་གསུམ་དང་རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བར་བྱའོ། །ཞེས་པ་ནས། དེ་བས་ན་དེ་ལ་སོགས་པའི་རྒྱུད་དུ་ཇི་ལྟར་སྲིད་པའི་ལྷའི་གཟུགས་དང༌། གསང་སྔགས་ཀྱི་སྒྲའི་བསམ་གཏན་མངོན་དུ་བྱས་པ་ཉིད་ཀྱིས་བཟླས་བརྗོད་གསུངས་སོ། །གང་དག་ཏུ་གདུལ་བྱའི་དབང་གིས་མ་བཤད་པ་དེ་དག་ནི་རྒྱུད་ཐམས་ཅད་ཀྱི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་དཔུང་བཟང་དང༌། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་ལས་གསུངས་སོ། །ཞེས་བཤད་དོ། །དེ་ལ་བྱ་རྒྱུད་ལ་བདག་ལྷ་སྐུར་བསྐྱེད་པ་ཡོད་པའི་ཤེས་བྱེད་ནི་འདི་རྣམས་ཡིན་ལ། རྣམ་སྣང་མངོན་བྱང་དང་ཕྱག་རྡོར་དབང་བསྐུར་གཉིས་ནི་སྤྱོད་པའི་རྒྱུད་ཡིན་ཅིང༌། ལེགས་གྲུབ་དང་དཔུང་བཟང་གཉིས་བྱ་རྒྱུད་ཡིན་ཀྱང༌། དངོས་སུ་བདག་བསྐྱེད་ཡོད་པའི་ལུགས་མི་སྣང་ལ། རྟོག་བསྡུས་ནི་བོད་ན་མི་བཞུགས་ཀྱང༌། ཡོ་གའི་འགྲེལ་པ་ཨ་ཝ་ཏ་རར། རྟོག་པ་ཐམས་ཅད་བསྡུས་པ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་འགྲེལ་པ་ལས་ཀྱང༌། ཞེས་རྣལ་འབྱོར་གྱི་རྒྱུད་དུ་བཤད་པས། དེ་ནས་བདག་བསྐྱེད་བཤད་ཀྱང་ཤེས་བྱེད་དུ་འགྲོ་བ་དཀའ་ཞིང༌། རིག་སྔགས་འཆང་གི་སྡེ་སྣོད་ལས། རི་མོ་ལ་སོགས་པ་ལ་གནས་པའི་ཞེས་སོགས་ཀྱི་ལུང་འདི་ནི་རས་བྲིས་ལ་བསམ་གཏན་བྱ་བའི་ལུང་དུ་སྣང་ངོ༌། །གང་ལྟར་ཡང༌། སློབ་དཔོན་སངས་རྒྱས་གསང་བའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་སུ་སྤྱོད་རྒྱུད་ལྟར་

p. 135

གྱི་ཉམས་ལེན་བཤད་ལ། དེ་དང་མཐུན་པར་སློབ་དཔོན་བྱང་ཆུབ་སྙིང་པོའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་དང༌། ཤུ་རཾ་ག་ཝརྨའི་རྣམ་འཇོམས་ཀྱི་དཀྱིལ་ཆོག་རྣམས་སུའང་བཤད་ལ། ཛེ་ཏཱ་རི་དང་ཇོ་བོ་རྗེའི་མི་འཁྲུགས་པའི་སྒྲུབ་ཐབས་དང༌། ཀེ་ལ་དྷ་རའི་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་རྣམས་སུའང་འདི་དང་ཚུལ་ཅུང་ཟད་མི་འདྲ་བར་གསུང་མོད། འདི་ཐམས་ཅད་བྱ་རྒྱུད་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་སྲོལ་ཡིན་ནོ། །བཞི་པ་བྱ་རྒྱུད་རང་རྐང་ནི། རྒྱུད་སྡེ་གོང་མར་འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྒྲ་བྱེད་པ་དང༌། ཡེ་ཤེས་སེམས་དཔའ་བདེ་བ་དམ་པ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། རྨད་དུ་བྱུང་བའི་ཡུལ་མ་ཡིན་པ་དང༌། སྐྱོན་གྱི་རྒྱུའི་རྟོག་པ་རབ་ཏུ་གཅོད་པས་བསྒྲུབ་པར་བྱ་བའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་ལ། དེའི་དོན་ནི། གཞན་གྱིས་བཀྲལ་བ་རྣམས་ནི་མི་འཐད་པའི་ཚུལ་སྔར་བཤད་ཟིན་ལ། འདིར་རང་ལྷའི་སྐུར་བསྒོམ་པ་ལ་སོགས་པ་ནང་གི་བྱ་བ་ལ་འཇིགས་པར་དམིགས་པ་སྟེ་བལྟ་ཞིང༌། ཤིན་ཏུ་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱེད་པ་དང༌། གཞན་ནས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་རང་ལ་འཇུག་པའི་བདེ་བ་དམ་པ་སྟེ་མཆོག་མེད་པ་དང༌། བདག་ཉིད་ལྷའི་སྐུ་ཞལ་དང་ཕྱག་གི་རྣམ་པ་ཅན་གྱིས་སྙེམས་པ་སྟེ་ང་རྒྱལ་བསྒོམ་པ་མེད་པ་དང༌། རྒྱུད་སྡེ་གོང་མར་བཤད་པ་ལྟར་གྱི་རྨད་དུ་བྱུང་བའི་སྤྱོད་ཡུལ་ལ་སྤྱོད་པ་མ་ཡིན་པའི་ཚུལ་གྱིས་ཕྱིའི་བྱ་བ་མང་པོ་སྒྲུབ་པར་བྱེད་པ་དང༌། སྐྱེ་རྒ་ལ་སོགས་པ་འཁོར་བའི་རྒུད་པའི་སྐྱོན་དང༌། དེའི་རྒྱུའི་རྩ་བ་ནི་དངོས་པོ་ལ་བདེན་པར་འཛིན་པའི་རྟོག་པ་སྟེ། དེའི་རང་བཞིན་རབ་ཏུ་གཅོད་པ་ནི་སོ་སོར་རྟོག་པའི་ཤེས་རབ་བསྒོམ་པ་སྟེ། དེ་ལྟ་བུའི་ལམ་གྱིས་སངས་རྒྱས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་རྣམས་ལ་བཞུགས་སོ། །

p. 136

ཞེས་བྱ་བ་ཡིན་ནོ། །དེས་ན་གོང་རྒྱུད་སྡེ་བཞིར་ཕྱེ་བའི་ཡ་གྱལ་གྱི་བྱ་བའི་རྒྱུད་ཡིན་ན་བདག་ཉིད་ལྷའི་སྐུར་མི་སྒོམ་པ་སོགས་ཀྱིས་ཁྱབ་པས་ན་བྱ་བའི་རྒྱུད་ལ་བདག་ལྷར་བསྒོམ་པ་མེད་དོ། །ཞེས་བྱ་བ་འདི་ནི་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་བཞེད་པའོ། །ཞེས་གསུངས། གཉིས་པ་དབང་བསྐུར་བའི་ཚུལ་ནི། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་དང་ཅོད་པན་གྱི་ནི་དབང༌། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་མིང་གི་དབང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །ཞེས་འབྱུང་བ་ལྟར། སློབ་དཔོན་ཨ་བྷ་ཡཱ་ཀ་ར་སོགས་པཎ་གྲུབ་མང་པོས་ཀྱང་མེ་ཏོག་ཕྲེང་བའི་དབང་དང༌། ཆུ་ཅོད་པན་གྱི་དབང༌། མཐའ་བརྟེན་དང་བཅས་པ་ཙམ་གྱིས་རྒྱུད་འདི་ཉིད་ཉན་པ་དང༌། འཆད་པ་སོགས་ལས་ཀུན་ལ་དབང་བར་གསུངས་ཏེ། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་བྱ་རྒྱུད་ལ་སློབ་དཔོན་གྱི་དབང་ཡོད་པར་གསུངས་པའང༌། ལུང་བསྟན་དབུགས་དབྱུང་རྗེས་གནང་རྣམས་ལ་སློབ་དཔོན་གྱི་དབང་དུ་བཏགས་པ་ཙམ་ཡིན་ནོ། །དེས་ན་འདིར་བཤད་པའི་དཀྱིལ་འཁོར་གྱི་དབང་བསྐུར་གང་བྱེད་ཀྱང༌། སྔོན་དུ་ཆོ་ག་དང་སྟ་གོན་ཚུལ་བཞིན་བྱས་ལ། དཀྱིལ་འཁོར་དུ་བཅུག་ནས་མེ་ཏོག་ཕྲེང་བའི་དབང་དང༌། ཆུ་དབང༌། ཅོད་པན་གྱི་དབང་རྣམས་རྩ་བ་ཡིན་ལ། མཐའ་རྟེན་དུ་ལུང་བསྟན། དབུགས་དབྱུང༌། རྗེས་གནང་དང་བཅས་བཏགས་ཀྱང་རུང་སྟེ་དེས་དོན་གྲུབ་པ་ཉིད་དོ། །གཉིས་པ་སྤྱོད་པའི་རྒྱུད་ལ་སྤྱིའི་དོན་དང༌། དབང་བསྐུར་ཚུལ་ལ་གཉིས་ལས། དང་པོ་ནི། ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་གཉིས་ཀ་ཆ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་ཅེས་བྱ་སྟེ། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། རྒྱུད་འདིའང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པའི་སྤྱོད་པའི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་

p. 137

པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་བྱ་བའི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་སྟོན་པས་བྱ་བའི་རྒྱུད་དམ། གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །ཞེས་གསུངས། དེ་ལ་དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་ཀྱི་རྒྱུད་དེ། དང་པོ་ནི། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པས་བྱིན་གྱིས་རློབ་པ་ཞེས་བྱ་བའི་རྩ་རྒྱུད་དང༌། དེའི་རྒྱུད་ཕྱི་མ་གསང་བ་མཆོག་གི་རིམ་པར་ཕྱེ་བ། ཞེས་བྱ་བ་དང༌། རིགས་ཀྱི་བདག་པོར་གཏོགས་པའང་མ་དཔལ་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་དང༌། པདྨའི་རིགས་ཀྱི་རྒྱུད་བོད་དུ་མ་འགྱུར་ཞིང༌། རྡོ་རྗེའི་རིགས་ལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ཡོད་དོ། །གཉིས་པ་དབང་ནི། སའི་ཆོ་ག་སོགས་སྟ་གོན་སྔོན་དུ་བཏང་ནས། ཐུན་མོང་བའི་སྡོམ་པ་བྱིན་ཅིང༌། དཀྱིལ་འཁོར་དུ་བཅུག་ནས་ཆུ་ཅོད་པན་གྱི་དབང་གི་སྟེང་དུ། རྡོ་རྗེ་དྲིལ་བུ་མིང་གི་དབང་མཐའ་བརྟེན་དང་བཅས་པ་བསྐུར་བ་ནི་སློབ་དཔོན་སྔ་མ་དག་གི་བཞེད་པ་རྒྱུད་དང་འབྱོར་པ་ཁོ་ནའོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་ལ་སྤྱི་དོན་དང༌། དབང་བསྐུར་ཚུལ་གཉིས་ལས། དང་པོ་ནི། རྩ་རྒྱུད། བཤད་རྒྱུད། ཆ་མཐུན་གྱི་རྒྱུད་དང་གསུམ་ལས། རྣལ་འབྱོར་རྒྱུད་ཐམས་ཅད་ཀྱི་རྩ་བ་ནི་དེ་ཉིད་བསྒྲུབ་པ་ཡིན་ལ། དེའི་གླིང་གཞིས་ཐོབ་བྱ་དོན་གཉིས་ཕུན་སུམ་ཚོགས་པའི་རྣམ་སྣང་བསྟན་ཅིང༌། དེ་འཐོབ་བྱེད་ཀྱི་ཐབས་འཇིག་རྟེན་ལས་འདས་མ་འདས་ཀྱི་དངོས་གྲུབ་སྒྲུབ་ཚུལ་ཐུན་མོང་བ་ནི་རྩ་བའི་རྒྱུད་ཀྱིས་སྟོན། དེ་ལ་དུམ་བུ་བཞི་ལས། དང་པོ་རྡོར་དབྱིངས་ཀྱི་དུམ་བུ་ལས་དེ་བཞིན་གཤེགས་པའི་རིགས་དང༌། གཉིས་པ་ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུ་ལས་རྡོ་རྗེའི་རིགས་དང༌། གསུམ་པ་འགྲོ་འདུལ་གྱི་དུམ་བུ་ལས་པདྨའི་རིགས་དང༌། བཞི་པ་དོན་གྲུབ་ཀྱི་དུམ་བུ་ལས་

p. 138

རིན་པོ་ཆེའི་རིགས་ཀྱི་དབང་དུ་བྱས་པའི་ལམ་རྣམས་སྟོན་ཏོ། །ལས་ཀྱི་རིགས་ནི་རིན་པོ་ཆེའི་རིགས་སུ་བསྡུས་པར་སངས་རྒྱས་གསང་བས་བཤད་དོ། །རྒྱུད་ཕྱི་མས་མཆོག་གི་དངོས་གྲུབ་བསྒྲུབ་ཚུལ་དང༌། ཕྱི་མའི་ཕྱི་མས་བཟླས་པ་དང་མཆོད་པ་སོགས་ཕྱིའི་བྱ་བ་གཙོ་བོར་སྟོན་ཅིང༌། རྒྱུད་ཉེ་བར་བསྡུས་པས་མ་ཚང་བ་ཁ་བསྐང་གི་ཚུལ་དུ་གསུངས་སོ། །དུམ་བུ་བཞི་པོ་རེ་རེ་ལས་རྒྱས་པ་དང༌། འབྲིང་དང༌། བསྡུས་པ་ལ་དགའ་བའི་གདུལ་བྱ་གསུམ་ལ་དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ་བསྒོམ་ཚུལ་རྒྱས་འབྲིང་བསྡུས་པ་གསུམ་བསྟན། རྒྱས་པའི་ཏིང་ངེ་འཛིན་ལ་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་དཀྱིལ་དང༌། ཆོས་དཀྱིལ་དང༌། ལས་དཀྱིལ་ཏེ་བཞི། འབྲིང་གི་ཏིང་ངེ་འཛིན་ལ་རང་རང་གི་ཕྱག་རྒྱ་བཞི། བསྡུས་པའི་ཏིང་ངེ་འཛིན་ལ་རང་རང་གི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་བསྟན་ཏོ། །གཉིས་པ་བཤད་པའི་རྒྱུད་ལ། རྡོ་རྗེ་རྩེ་མོ་འཕྲོ་མ་ཚང་བ་ཙམ་འགྱུར་པས་དངོས་སུ་དཀྱིལ་འཁོར་དགུ་སྟོན་པ། དུམ་བུ་དང་པོའི་བཤད་རྒྱུད་ཐམས་ཅད་གསང་བ་དཀྱིལ་འཁོར་གཅིག་སྟོན་པ་དང༌། དུམ་བུ་གཉིས་པའི་བཤད་རྒྱུད་འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པ། རྒྱུད་ཕྱི་མ་དང་བཅས་པས་དཀྱིལ་འཁོར་ཞེ་དྲུག་སྟོན་པ་རྣམས་སོ། །གསུམ་པ་ཆ་མཐུན་གྱི་རྒྱུད་ལ། དཔལ་མཆོག་གི་རྒྱུད། ངན་སོང་སྦྱོང་རྒྱུད། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། གསང་བ་རྒྱན་གྱི་བཀོད་པ། གསང་བ་ནོར་བུའི་ཐིག་ལེ། འཇམ་དཔལ་མཚན་བརྗོད། རབ་གནས་ཀྱི་རྒྱུད་རྣམས་སོ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་ཐུན་མོང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། ཐུན་མོང་མ་ཡིན་པ་རིགས་ལྔའི་སྡོམ་པ་སྦྱིན། ཡེ་ཤེས་པ་དབབ་ཅིང་མེ་ཏོག་དོར་བས་ལྷག་པའི་ལྷར་ངེས་པར་བྱ། ལས་བུམ་གྱི་ཁྲུས་སྔོན་དུ་འགྲོ་བའི་ཆུ་དབང་དང༌། ཅོད་པན་གྱི་

p. 139

དབང༌། རྡོ་རྗེའི་དབང༌། དྲིལ་བུའི་དབང༌། མིང་གི་དབང་སྟེ་སློབ་མའི་དབང་ལྔ། དེའི་སྟེང་དུ་སློབ་དཔོན་གྱི་དབང་ལ་ཕྱིར་མི་ལྡོག་པའི་དབང༌། གསང་བའི་དབང༌། རྗེས་གནང༌། ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་པ་དང་དྲུག བསྡོམས་པས་དབང་བསྐུར་བཅུ་གཅིག་སྦྱིན་པར་བྱ་བ་ཡིན་ལ། འདི་དག་ལ་དཀྱིལ་འཁོར་དུ་གཞུག་པ་ཙམ་ཞིག་དང༌། ཞུགས་པ་ལའང་རིགས་ལྔའི་སྡོམ་པ་མི་འཛིན་ཞིང་བྱང་སྡོམ་རྐྱང་པ་འཛིན་པ་ལ་སློབ་མའི་དབང་ཙམ་བསྐུར་བ་དང༌། སྡོམ་པ་གཉིས་ཀ་འཛིན་པར་དབང་རྫོགས་པར་བསྐུར་བ་གཉིས་ཀྱི་རྣམ་གཞག་དེ་ཉིད་བསྡུས་པའི་བསྟོད་འགྲེལ་དུ་འབྱུང་ངོ༌། །གསང་བའི་དབང་ཞེས་པ་དཀྱིལ་འཁོར་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་ལ་དཀྱིལ་འཁོར་དང་ལྷའི་དེ་ཉིད་དང༌། དཀྱིལ་འཁོར་གྱི་དེ་ཉིད་བཅུ་དང་ལས་རིམ་བསྟན་པ་ལ་ཟེར་གྱི། བླ་མེད་དུ་བཤད་པ་དང་མི་འདྲའོ། །ཡང་ཡོ་ག་འགའ་ཞིག་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་པའང་འབྱུང་མོད་ཀྱི། སྔགས་བྱིན་ནས་ཕྱག་རྒྱ་འདི་ལ་སློབ་ཏུ་གཞུག་པ་ལ་མིང་ཙམ་བཏགས་པར་ཟད་དོ། །ཡོ་ག་དང་བླ་མེད་གཉིས་ཀར་རྡོ་རྗེ་སློབ་དཔོན་གྱི་དབང་ལ་དམ་ཚིག་གསུམ་སྦྱིན་པར་མཚུངས་ཀྱང༌། ཕྱག་རྒྱའི་དམ་ཚིག་གི་སྐབས་སུ་བླ་མེད་ལ། བརྟག་གཉིས་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་པ་ལྟར་ཡིན་ཞིང༌། འདི་ནི་ཕྱག་རྒྱའི་དམ་ཚིག་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་བྱེད་པས། སློབ་མ་རྡོ་རྗེ་སེམས་དཔའི་སྐུར་སྒོམ་དུ་འཇུག་པ་ཙམ་ཡིན་ནོ། །བཞི་པ་བླ་མེད་ལ་སྤྱིའི་དོན་དང༌། དབང་བསྐུར་ཚུལ་ལོ། །དང་པོ་ལ། བཞེད་ཚུལ་མང་ཡང་འདིར་རྗེ་བཙུན་ས་སྐྱ་པ་དང༌། ཀུན་མཁྱེན་བུ་སྟོན་སོགས་ཀྱི་བཞེད་པ་ལྟར་ཕ་

p. 140

རྒྱུད། མ་རྒྱུད། གཉིས་མེད་གསུམ་ལས། དང་པོ་ནི། ཟླ་གསང་ཐིག་ལེའི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་གིས། །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་པ་ལྟར་ལས། དང་པོ་གདུལ་བྱ་འདོད་ཆགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་གསུངས་པ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ། དེའི་རྒྱུད་ཕྱི་མ་རྩ་རྒྱུད་ལེའུ་བཅོ་བརྒྱད་པ། བཤད་རྒྱུད་དགོངས་པ་ལུང་སྟོན་ལེའུ་བཅུ་གཉིས་པ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལེའུ་རེ་བརྒྱད་པ། ལྷ་མོ་བཞིས་ཞུས་ལེའུ་བཞི་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལེའུ་བཅུ་བདུན་པ་རྣམས་ལ་བརྟེན་ནས་འཕགས་ཡུལ་དུ་འདུས་པ་སྲོལ་ཆེན་བདུན་ཙམ་འབྱུང་བའོ། །གཉིས་པ་ཞེ་སྡང་ཅན་རྗེས་སུ་གཟུང་བ་གཤེད་སྐོར་ལ་གཤིན་རྗེའི་གཤེད་དམར་པོའི་རྒྱུད། དགྲ་ནག་གི་རྒྱུད། གདོང་དྲུག་གི་རྒྱུད། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ། རྟོག་པ་གསུམ་པ། དངོས་གྲུབ་ཀྱི་རྟོག་པ་བཅས་ལ་བརྟེན་ནས་གཤེད་སྐོར་གྱི་ལུགས་སྲོལ་མང་དུ་བྱུང་བའོ། །གསུམ་པ་གཏི་མུག་ཅན་རྗེས་སུ་གཟུང་བ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ནས་འཕགས་ཡུལ་དུ་ལུགས་སྲོལ་དུ་མ་བྱུང་ཡང་བོད་དུ་མ་འགྱུར། གཉིས་པ་ཤེས་རབ་གཙོ་བོར་སྟོན་པ་རྣལ་འབྱོར་མ་རྒྱུད་ལ། སྡོམ་འབྱུང་ལས། དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གོ །ཞེས་མ་རྒྱུད་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ཡོད་པར་བཤད་པས། དེ་ལའང་རིགས་དྲུག་ཆ་མཉམ་དུ་སྟོན་པ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ། རིགས་སོ་སོའི་རྒྱུད་ལ་ཧེ་རུ་ཀའི་རིགས་བདེ་མཆོག སངས་རྒྱས་ཐོད་པ། སྒྱུ་འཕྲུལ་ཆེན་མོ། ཨ་ར་ལི་སོགས། རྣམ་སྣང་གི་རིགས་གདན་བཞི་དང༌། མི་གཡོ་བ་སོགས། རྡོ་རྗེ་ཉི་མའི་རིགས་རྡོ་རྗེ་བདུད་རྩི་སོགས། པདྨ་གར་དབང་གི་རིགས་འཇིག་རྟེན་མགོན་པོ་ལྔ་བཅུ་པ་སོགས། རྟ་

p. 141

མཆོག་གི་རིགས་སྒྲོལ་མ་མངོན་འབྱུང་སོགས། རྡོ་རྗེ་འཆང་གི་རིགས་ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་རྣམས་ལ་བརྟེན་ནས་མ་རྒྱུད་ཀྱི་བཀའ་སྲོལ་དར་བར་གྱུར་ཏོ། །གསུམ་པ་གཉིས་མེད་རྒྱུད་ལ་རྒྱ་ཆེ་བ་གཉིས་མེད་ཀྱི་རྒྱུད་དུས་འཁོར་ལ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ། བསྡུས་པའི་རྒྱུད་ཚིགས་བཅད་སྟོང་སུམ་ཅུ་བདག་ཉིད་ཅན་དང༌། ཟབ་པའི་གཉིས་སུ་མེད་པ་དཔལ་ཀྱེ་རྡོ་རྗེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར་དང༌། ཐུན་མོང་བ་སམྦུ་ཊའི་རྒྱུད་རྣམས་ལ་བརྟེན་ནས་གཉིས་མེད་ཀྱི་བཀའ་སྲོལ་རྒྱ་ཆེར་དར་རོ། །གཉིས་པ་དབང་བསྐུར་ཚུལ་ལ་གཉིས། དཀྱིལ་འཁོར་གྱི་རྣམ་གྲངས། དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ་བཞི། རྡུལ་ཚོན། རས་བྲིས། བསམ་གཏན། ལུས་དཀྱིལ་ལོ། །དང་པོ་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་བྲིས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་དང༌། །འགྲོ་བའི་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དབང་བསྐུར་བ་ལ་དཀྱིལ་འཁོར་དུ་གཞུག་པ་སྔོན་དུ་འགྲོ་དགོས་ཤིང༌། དེ་ལ་དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་གཏོང་དགོས་པའི་ཐོག་མར་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་ས་བརྟག་པ། ས་བསླང་བ། ས་སྦྱང་བ། ས་གཟུང་བ། ས་བསྲུང་ཞིང་བྱིན་གྱིས་བརླབ་པ་སྟེ་སའི་ཆོ་ག་ལྔ་ལེགས་པར་བྱ། དེ་ནས་སའི་ལྷ་མོ་ལྷག་པར་གནས་ཏེ་གནང་བ་གསོལ། ལྷ་སྟ་གོན་གྱི་སྒོ་ནས་དཀྱིལ་འཁོར་འབྲི་བར་འགྱུར་བ་ལ་བྱིན་གྱིས་རློབ་པའི་དོན་དུ་གསོལ་བ་བཏབ་ནས་སྙན་གསན་དབབ། སྟ་གོན་གྱི་དཀྱིལ་འཁོར་ནམ་

p. 142

མཁར་བཏེག་ནས། ཡེ་ཐིག་མ་བཏབ་པའི་གོང་དུའམ། ལྷ་སྟ་གོན་ཟིན་པའི་དེ་མ་ཐག་པར་བུམ་པ་སྟ་གོན་ཚུལ་བཞིན་བྱ། ཀུན་སློང་བཅོས་པ་ལ་སོགས་པའི་ཆོས་བཅུ་བཞི་ཚང་བས་སློབ་མ་སྟ་གོན་བྱ། ཡེ་ཐིག་བཏག་སྟེ། རྡུལ་ཚོན་གྱིས་དཀྱིལ་འཁོར་ལྷག་ཆད་དང་ནོར་འཁྲུལ་མེད་པར་བྲིས་ནས། ཕྱག་རྒྱ་གསུམ་གང་ཡང་རུང་བ་དགོད་པ་རྣམས་སྔོན་དུ་གཏང༌། དངོས་གཞི་དཀྱིལ་འཁོར་སྒྲུབ་པའི་ཚུལ་ལ། བདག་མདུན་ཐ་དད་དུ་བྱེད་པ་དང༌། ཐ་མི་དད་དུ་བྱེད་པའི་ལུགས་གཉིས་ལ། གྲུབ་ཆེན་དཱ་རི་ཀ་པས་བདེ་མཆོག་ལ་བདག་མདུན་ཐ་དད་དུ་མཛད་པ་དང༌། དུས་འཁོར་ལ་ཐ་དད་དུ་བྱེད་པ་ཡོད་ཀྱི། གཞན་འཕགས་ཡུལ་གྱི་ཆེན་པོ་དག་གི་བཞེད་པ་ལ་བདག་མདུན་ཐ་མི་དད་དུ་མཛད་པ་ཤིན་ཏུ་མང་ངོ༌། །ཐ་དད་དུ་བྱེད་པའི་ལུགས་ནི་སྔོན་དུ་བདག་བསྐྱེད་རྫོགས་པར་བསྒོམས་ནས། མདུན་བསྐྱེད་སྒྲུབ་པ་ལ་འཇུག་པ་ན་རང་ཉིད་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པའི་དམིགས་པའང་མི་བྱེད། མདུན་བསྐྱེད་ཀྱི་གཙོ་བོའི་ང་རྒྱལ་ཡང་མི་བྱེད་པར་མདུན་བསྐྱེད་སྒྲུབ་པར་བྱེད་པ་ཡིན་ནོ། །ཐ་མི་དད་དུ་བྱེད་པ་ནི་དང་པོར་བདག་བསྐྱེད་ཀྱི་མཆོད་བསྟོད་བདུད་རྩི་མྱོང་བ་བཟླས་པ་ཡན་སྔོན་དུ་གཏང༌། ཉེར་བསྡུ་མི་བྱེད་པར་མདུན་བསྐྱེད་ལ་འཇུག དེའི་ཚེ་བདག་གཙོ་བོའི་ང་རྒྱལ་མི་དགོས་པར་མདུན་བསྐྱེད་བསྒྲུབས་ཟིན་པ་ན། བདག་བསྐྱེད་ཀྱི་རྟེན་བརྟེན་པ་དང་མདུན་བསྐྱེད་ཀྱི་རྟེན་བརྟེན་པ་བསྲེ་བར་བྱེད་པ་ལ་བདག་མདུན་བསྲེ་བའི་ཐ་སྙད་མཛད་ལ། སྟ་གོན་གྱི་དཀྱིལ་འཁོར་ནུབ་དང་པོར་སྤྱན་དྲངས་ནས་བསྒོམས་པའི་དཀྱིལ་འཁོར་ལ་བསྟིམས་པས་ནུབ་ཕྱི་མ་སོགས་ལ་སྤྱན་དྲང་རྒྱུ་མེད་ཅིང༌། དེ་ནས་ཡེ་ཤེས་པ་དགུག་གཞུག་དང༌། དབང་བསྐུར་རྒྱས་གདབ་བརྟན་བྱེད་ཀྱི་བཟླས་པའི་འོག་ཏུ་རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཤར་སྒོར་བྱེ་ནས་མཆོད་

p. 143

བསྟོད་དང་བདག་འཇུག་ལེན་པ་སོགས་བྱེད་པ་སྟེ། གང་ལྟར་ཡང་མདུན་བསྐྱེད་ཀྱི་མཇུག་ཏུ་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ་དང་འབྱུང་པོ་རྣམས་ལ་གཏོར་མ་བསྔོ། ནང་དུ་འོངས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་སྒོ་དབྱེ་མེ་ཏོག་དབུལ་བ་སོགས་བྱས་ནས། བདག་ཉིད་འཇུག་ཅིང་དབང་རྫོགས་པར་བླངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་གཏོར་མ་དབུལ། སློབ་མའི་དོན་དུ་གསོལ་བ་གདབ། སྐལ་བ་དང་ལྡན་པའི་སློབ་མ་ལྷག་གནས་སྔོན་དུ་སོང་བ་གཅིག་ནས་ཉེར་ལྔའི་བར་ཟུང་དུ་མ་གྱུར་པ་དག་ལ་དབང་བསྐུར་བ་ཡིན་ནོ། །གཉིས་པ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པའི་ཚུལ་ནི་ས་ཕྱོགས་བྱིན་གྱིས་རློབ་པ་དང༌། བགེགས་བསྲུང་བ་སོགས་ཀྱི་དོན་དུ་གཟུང་བ་དང༌། བསྲུང་ཞིང་བྱིན་གྱིས་རློབ་པ་ནི་ཚིག་རིས་ཅུང་ཟད་བསྒྱུར་བ་མ་གཏོགས་རྡུལ་ཚོན་གྱི་སྐབས་ལྟར་བྱ་དགོས་ལ། ས་བརྟག་བསླང་གཉིས་མི་དགོས་ཤིང༌། ས་ལྷ་དང་ལྷ་སྟ་གོན་སོགས་ནི་བྱ་དགོས་པ་དང༌། ཐིག་ཚོན་གྱི་སྐོར་མ་གཏོགས་པ་རྡུལ་ཚོན་གྱི་སྐབས་བཞིན་འདོར་ལེན་ཤེས་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ནོ། །གསུམ་པ་བསམ་གཏན་གྱི་དཀྱིལ་འཁོར་ནི་སློབ་དཔོན་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་དང༌། སློབ་མ་དབང་རྣོན་ཁྱད་པར་ཅན་ལ་དམིགས་བསལ་དུ་གསུངས་ཏེ། བསྒྲུབ་གཞིའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་དངོས་སུ་སྤྲུལ་པའམ། མོས་པས་བསྐྱེད་པ་ཡིན་ནོ། །བཞི་པ་ལུས་དཀྱིལ་ནི་རང་གི་ལུས་ཀྱི་ཆ་སོ་སོ་གཞལ་ཡས་ཁང་གི་རང་བཞིན་དང༌། རྩ་ཁམས་རྣམས་ལྷའི་རང་བཞིན་དུ་གྲུབ་པ་གསལ་བཏབ་ནས། ཕྱི་དཀྱིལ་གང་ཡང་རུང་བར་དབང་མཚན་ཉིད་དང་ལྡན་པས་སྨིན་པའི་སློབ་མ་ལ་གཞུང་ལྟར་དབང་སྦྱིན་པའོ། །གཉིས་པ་དབང་བསྐུར་བའི་ཚུལ་ལ་གཉིས། དཀྱིལ་འཁོར་དུ་གཞུག་པ་དང༌། ཞུགས་པ་ལ་དབང་བསྐུར་བའོ། །དང་པོ་ནི། འཇུག་པའི་དུས་སུ་

p. 144

དམ་ཚིག་དང་སྡོམ་པ་བཟུང་ནས་འཇུག་དགོས་པས། དེ་ལ་ཐུན་མོང་བ་བྱང་སེམས་དང༌། ཐུན་མོང་མ་ཡིན་པ་སྔགས་སྡོམ་རིགས་ལྔའི་དམ་ཚིག་རྣམས་སྔར་མེད་གསར་དུ་སྐྱེ་བ་དང༌། ཉམས་པ་སོར་ཆུད་པ་ལ་དབང་རྫོགས་པར་བསྐུར་བ་དང་འབྲེལ་བའི་སྒོ་ནས་རིགས་ལྔའི་སྡོམ་གཟུང་ལན་གསུམ་བྱ་དགོས་ཀྱི། མངོན་རྟོགས་ཙམ་བསྒོམ་པ་དང༌། རྗེས་གནང་ཙམ་གྱིས་མི་འགྲུབ་པས། པཎ་གྲུབ་གོང་མ་དག་སྡོམ་གཟུང་སྟ་གོན་དངོས་གཞི་གཉིས་ཀར་བྱེད་པ་དང༌། སྟ་གོན་ལས་དངོས་གཞིར་མི་བྱེད་པ་དང༌། དངོས་གཞི་ལས་སྟ་གོན་གྱི་དུས་སུ་མི་བྱེད་པ་ཅི་རིགས་འབྱུང་ངོ༌། །གཉིས་པ་དབང་བསྐུར་བ་ལ་བཞི་ལས། དང་པོ་བུམ་པའི་དབང་ནི་དབང་གི་བྱ་བ་སློབ་དཔོན་གྱིས་དངོས་སུ་མཛད་ཀྱང༌། སྐུར་བྱེད་དབང་གི་ལྷ་ཟུར་དུ་སྤྱན་དྲངས་པས་དབང་བསྐུར་གྱི་བྱ་བ་མཛད་པར་མོས། བསྒྲུབས་པའི་དཀྱིལ་འཁོར་བ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་གཏད་ནས་དབང་གི་བྱ་བ་མཛད་པར་མོས་དགོས་པས་ན་རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ་པར་འཇོག གྲངས་ནི་འདུས་པའི་ལུགས་ལ་བཤད་རྒྱུད་རྡོར་ཕྲེང་ལས། དབང་བསྐུར་རེ་རེས་རེའོ། །ཞེས་པའི་དོན་བུམ་དབང་བཅུ་གཅིག་ཏུ་བཤད་པ་སོགས་མི་འདྲ་བ་མང་དུ་སྣང་ཞིང༌། དེ་ལའང་ཐུན་མོང་བ་སློབ་མའི་དབང་དང༌། ཐུན་མིན་རྡོ་རྗེ་སློབ་དཔོན་གྱི་དབང་གཉིས་ལས། དང་པོ་ནི། རིག་པ་ཡེ་ཤེས་ལྔའི་ནུས་པ་འཇོག་བྱེད་ཡིན་པས་ན་རིག་པའི་དབང་སྟེ། མེ་ཏོག་ཕྲེང་བའི་དབང་གིས་རིགས་གང་དུ་ངེས་པ་དང༌། ཆུ་དབང་གི་རིགས་དེར་འཚང་རྒྱ་བ་ལ་གེགས་བྱེད་ཀྱི་དྲི་མ་འཁྲུད་པ་དང༌། ཅོད་པན་གྱི་དབང་གིས་རིགས་བདག་གང་གིས་བྱེད་པ། རྡོ་རྗེའི་དབང་གིས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྲུབ་པ། དྲིལ་བུའི་དབང་གིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སྟོན་པའི་གསུང་འགྲུབ་པ། མིང་

p. 145

དབང་གིས་སངས་རྒྱས་ཀྱི་མཚན་འགྲུབ་པ་རྣམས་ཀྱི་ནུས་པ་འཇོག་ཅིང༌། ཕུང་པོ་ལྔ་གནས་འགྱུར། ཉོན་མོངས་པ་ལྔ་སྦྱོང་བ་སོགས་སོ་སོའི་དག་པ་ལས་ཤེས་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཐོབ་པ་དང༌། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་རྡོ་རྗེ་སློབ་དཔོན་གྱི་ལས་ཐམས་ཅད་ལ་དབང་བའི་ནུས་པ་འཇོག་པའོ། །འདི་རྣམས་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་ན་བུམ་དབང་ཞེས་བྱ་ཞིང༌། ལུས་ཀྱི་མི་དགེ་བ་གསུམ་དང༌། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་སྦྱོང༌། བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་གཞག་པའོ། །གཉིས་པ་གསང་བའི་དབང་ནི་སློབ་དཔོན་དང༌། ལས་སམ། ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡང་རུང་བ་ལ་སྙོམས་པར་ཞུགས་པའི་སངས་རྒྱས་ཐམས་ཅད་ཞུ་བ་འདུས་པའི་ངོ་བོ་ཁམས་དཀར་དམར་འདྲེས་པ་ལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བཤད་པས། དེ་ལྟ་བུའི་བདུད་རྩི་ཉིད་ཡབ་ཡུམ་གྱི་མཐེབ་སྲིན་གྱིས་བླངས་ཏེ་སློབ་མའི་ཁར་བཞག་པས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པར་མོས་པ་དེས་ཐུན་མོང་བདག་གི་དྲི་མ་རྫུན་སྨྲ་བ་སོགས་བཞི་དང༌། ཐུན་མོང་མ་ཡིན་པ་རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་སྦྱོང༌། ངག་གི་རྩ་བ་རླུང་བྱིན་གྱིས་བརླབས་ཤིང་ལས་སུ་རུང་བར་བྱས་པས་རྫོགས་རིམ་གྱི་དབེན་པ་གསུམ་དང༌། ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བདག་བྱིན་གྱིས་རློབ་པ་བསྒོམ་པ་ལ་དབང༌། ལམ་དུས་སུ་དྷཱུ་ཏིར་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྟོང་པ་བཞི་སྐྱེ་བ་དང༌། དེའི་སྟོབས་ཀྱིས་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་གྲུབ་ནས་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་བའི་ནུས་པ་འཇོག་

p. 146

པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མཚན་ཉིད་ཚང་བའི་པདྨ་ཅན་སོགས་དངོས་ཀྱི་རིག་མའམ། ཡེ་ཤེས་ཀྱི་ཕྱག་རྒྱ་གང་ཡང་རུང་བའི་བྷཱ་གའི་དཀྱིལ་འཁོར་དུ་རིག་མ་དང་འདུ་ཤེས་སུམ་ལྡན་གྱིས་སྙོམས་པར་ཞུགས་པས་དྷཱུ་ཏིར་རླུང་རྒྱུ་བ་ལ་བརྟེན་ནས་ཁམས་ཞུ་བ་སྤྱི་བོ་ནས་མགྲིན་སྙིང་ལྟེ་གསང་གི་བར་དུ་བབས་པས་དགའ་བ་བཞི་སྐྱེས་པས། དེ་དང་སྟོང་པ་ཉིད་རོ་གཅིག་ཏུ་ཞུགས་པའི་ལྷན་སྐྱེས་བདེ་སྟོང་གི་ཡེ་ཤེས་དེ་ཉིད་ཤེར་དབང་གི་ངོ་བོ་སྟེ། དེས་ནི་སྦྱང་བྱ་ཐུན་མོང་བ་ཡིད་ཀྱི་དྲི་མ་བརྣབས་སེམས་སོགས་གསུམ་དང༌། ཐུན་མོང་མ་ཡིན་པ་གང་སྣང་བདེ་སྟོང་གི་ངོ་བོར་འཆར་བ་ལ་གེགས་བྱེད་ཀྱི་དྲི་མ་སྦྱོང༌། དེ་འཆར་བའི་ནུས་པ་དང༌། རིམ་པ་བཞི་པའི་འོད་གསལ་བསྒོམ་པའི་སྣོད་རུང་དུ་བྱས། འབྲས་བུ་ཞུ་བདེ་ལྷན་སྐྱེས་ཆོས་སྐུ་འགྲུབ་པའི་ལག་རྗེས་འཇོག་པ་ཡིན་ནོ། །བཞི་པ་ཚིག་དབང་ནི་དངོས་སུ་ད་ལྟ་སྐྱེ་བ་མེད་ཀྱང་སྣོད་རུང་གིས་དབང་བཞི་པར་འགྱུར་བ་ནི་དབང་གསུམ་པ་མོས་པ་ཚུན་ཆད་ཀྱིས་ངེས་པའི་ཚེ་ན་དེ་ཉིད་དཔེར་བྱས་ཏེ། དེས་མཚོན་པའི་ཟུང་འཇུག་གི་གོ་བ་སློབ་མ་ལ་བརྡ་སྤྲད་ནས། དེ་ལ་གོ་བ་ཆགས་ཤིང་དེའི་དོན་ལ་སྙོམས་པར་འཇོག་པ་ལ་ཚིག་དབང་ཐོབ་པར་འཇོག་ལ། དེའི་ཚུལ་ནི། བཞི་པ་དེ་ཡང་དེ་བཞིན་ཏེ། །ཞེས་པས་དབང་གསུམ་པའི་དུས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་ཡིད་ངོར་གསལ་བཞིན་པའི་ངང་ནས་སེམས་བདེ་སྟོང་པའི་འོད་གསལ་དུས་མཉམ་དུ་འབྱུང་བ་བཞིན། ལམ་དུས་སུ་ལུས་ལ་གནད་དུ་བསྣུན་པའི་ཐབས་མཁས་ཀྱི་ལམ་བསྒོམས་པ་ལ་བརྟན་ནས་རིམ་པ་བཞི་པའི་མཐར་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་འཇའ་ལུས་རྡོ་རྗེའི་སྐུར་དངོས་སུ་སོང་བ་དང༌། དེ་འདྲའི་རྒྱུན་གོམས་པ་ལས་འབྲས་བུ་དེ་དང་རྣམ་པ་མཐུན་པའི་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་

p. 147

གྱི་གོ་འཕང་སྒྲུབ་ཚུལ་ལ་ངེས་ཤེས་བསྐྱེད་པ་ཚིག་གི་སྒོ་ནས་གསལ་འདེབས་པའོ། །དེའང་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་ཉིད་ཤེས་པས་རིམ་པ་བཞིན། །རང་བྱིན་རླབས་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །དེ་ནི་ཟུང་འཇུག་རིམ་པའོ། །ཞེས་བཤད་པའི་ཟུང་འཇུག་ལ་གོ་བ་བསྐྱེད་ཕྱིར་ཚིག་གིས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པ་དང༌། བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་སོགས་ལ་དབང༌། འབྲས་བུ་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕན་ཡོན་ཡོད་དོ།། ༈ །གཉིས་པས་བྱིན་རླབས་ནི་བླ་མེད་ལ་གྲགས་ཆེ་སྟེ། དེ་དང་དབང་གི་ཁྱད་པར་ལ་རྗེ་བཙུན་རིན་པོ་ཆེས། བྱིན་རླབས་ཕྲ་མོ་ཙམ་གྱིས་མ་ཡིན་ཏེ། །སྔགས་ཀྱི་རྩ་བ་དབང་བསྐུར་ཡིན་པས་སོ། །ཞེས་དང༌། རྗེ་ས་པཎ་གྱིས། དེ་ཕྱིར་དེ་ནི་བྱིན་རླབས་ཙམ། །ཡིན་གྱི་སྨིན་པར་བྱེད་པ་མིན། །ཞེས་གསུངས་པ་ལྟར། དབང་ནི་ཕུང་ཁམས་སྐྱེ་མཆེད་ལ་སྐུ་བཞིའི་ས་བོན་འདེབས་པ་སོགས་སྨིན་གྲོལ་གཉིས་ཀྱི་ཟླས་ཕྱེ་བའི་སྨིན་བྱེད་མཚན་ཉིད་པ་ཡིན་ལ། བྱིན་རླབས་ནི་དབང་གིས་སྨིན་པ་ཞིག་ལ་བསྐྱེད་རྫོགས་སོགས་ཀྱི་ཡེ་ཤེས་སྐྱེ་བའི་སྣ་འདྲེན་དུ་བྱེད་པའི་ཐབས་ཁྱད་པར་ཅན་ཅིག་གོ །དེས་ན་དབང་སྤྱི་དང༌། བྱིན་རླབས་དེའི་བྱེ་བྲག་ཡིན་ཏེ། སྔ་མ་ནི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའམ། མ་ཐོབ་པ་འཐོབ་པར་བྱེད་པའི་ཆོ་ག་ཡིན་པས་རྩ་བ་ལྟ་བུ་དང༌། ཕྱི་མ་ནི་སྨིན་ཟིན་ནམ། ཐོབ་ཟིན་གོང་འཕེལ་དུ་བྱེད་པའི་ཐབས་ཡིན་པས་ཡལ་ག་ལྟ་བུ་སྟེ། དཔེར་ན། གསང་འདུས་རིམ་ལྔའི་བྱིན་རླབས། བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་བྱིན་རླབས། གཤེད་དམར་

p. 148

སྤྲོས་མེད་ཀྱི་བྱིན་རླབས། བདག་མེད་མ་དང་མཁའ་སྤྱོད་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་སོགས་སྔོན་དུ་རང་རང་གི་དཀྱིལ་འཁོར་སྟ་གོན་དང༌། དངོས་གཞིས་སྨིན་དགོས་པའི་གནད་ཀྱང་དེ་ཉིད་དོ། །གསུམ་པ་རྗེས་གནང་ནི་རྒྱུད་སྡེ་བཞི་ག་དང་འབྲེལ་བ་སྟེ། དེའང་རྒྱུད་སྡེ་བཞིའི་དབང་གི་ཆོ་ག་རྒྱས་པ་ཡིན་ཕྱིན་ཆད་རྗེས་གནང་མེད་པ་མི་སྲིད་ཅིང༌། རྗེས་གནང་ཉི་ཚེ་བ་ཁོལ་དུ་ཕྱུང་བ་ལ་ནི་དབང་གི་རྣམ་གཞག་མ་མཆིས་སོ། །དེ་ལ་དབང་གི་ཞར་ལས་བྱུང་བ་རྣམས་ནི་སྒོམ་བཟླས་དང་ལས་རབ་འབྱམས་སྒྲུབ་པ་ལ་སོགས་ཕལ་ཆེར་ཚིག་ཙམ་གྱིས་སྦྱིན་པ་རྣམས་ཡིན་ལ། ཁོལ་ཕྱུང་དུ་བྱས་པ་རྣམས་ལ་དེ་ཉིད་ཀྱི་བྱ་བ་རྒྱས་པ་རེ་འབྱུང་བ་སྟེ། གང་ལྟར་ཡང་སྒོམ་བཟླས་འདི་ལྟར་གྱིས་ཤིག་པའི་གནང་བ་སྦྱིན་པ་ཙམ་ཡིན་ལ། གནང་བ་དེའང་རྡོ་རྗེ་འཆང་ནས་བར་མ་ཆད་དུ་བྱིན་པ་ཞིག་དགོས་ཀྱི། རྡོ་རྗེ་སློབ་དཔོན་གྱི་གོ་འཕང་བརྙེས་པ་ཡིན་ཀྱང་རང་བཟོས་སྦྱིན་དུ་མི་རུང་ལ། གནང་བ་སྦྱིན་ཚུལ་ལ་ཆོ་གའི་ཚུལ་གྱིས་སྦྱིན་པ་དང༌། ལུང་འབོགས་པ་དང༌། ཚིག་ཙམ་གྱིས་སྟེར་བ་སོགས་མ་ངེས་པ་མང་བ་ལས། འདིར་བཤད་ཀྱི་རྗེས་གནང་ནི་ཆོ་གའི་ཚུལ་གྱིས་སྟེར་བ་ལ་ངོས་འཛིན་དགོས་ཤིང༌། དེའི་མཚན་གཞི་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་ལ་སོགས་པའོ། །འདི་ལ་དཀྱིལ་འཁོར་མ་བཤད་པས་མདུན་བསྐྱེད་རྟེན་ཚོམ་བུ་དང་མཆོད་གཏོར་ཙམ་འདུ་བྱས་ལ་བདག་མདུན་བསྐྱེད་བཟླས་གཏོར་མ་དབུལ་བ་རྣམས་སོང་ནས། མཎྜ«༡»ལ། གསོལ་«༢»གདབ། རྒྱུན་བཤ«༣»གས། ཐུན་མོང་མ་ཡིན་པའི་གསོལ་ག«༤»དབ་བཞི་འཇུག་པའི་དོད་ལྟ་བུ་དང༌། གཞི་འགོད་པའི་ནང་འཇུག་གི་དོད་ལྟ་བུ་སྔོན་དུ་སོང་ནས། དེའང་རིག་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་གཞི་ལྷ་བསྒོམ་དགོས་པས་ལྷག་པའི་ལྷར་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ་པ་ཡན་སྐུའི་རྗེས་གནང༌། གསུང་གི་རྗེས་གནང་ལ་ལུང་གསུམ་ལས།

p. 149

ལྷ་བསྒོམ་པ་ཁོ་ནས་ཀྱང་དངོས་གྲུབ་འགྲུབ་དཀའ་བས། དེའི་ཡན་ལག་ཏུ་སྔགས་བཟླ་དགོས་པའི་ཕྱིར་རྗེས་སུ་བཟླས་པའི་ལུང༌། སྔགས་ཀྱང་བཟླས་བརྗོད་མ་བྱས་ན་ལུང་འབོགས་པ་ཙམ་གྱིས་དངོས་གྲུབ་མི་འགྲུབ་པས་བཟླས་བརྗོད་ཀྱི་དོན་དུ་དམ་བཅའ་བའི་ལུང༌། དེ་ལྟར་སྔགས་བཟླས་པས་ལོ་ཟླ་མང་པོའི་མཐར་དངོས་གྲུབ་འགྲུབ་ཀྱང༌། བླ་མ་དང་ལྷའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཉིན་ཞག་འགའ་ཙམ་གྱིས་དངོས་གྲུབ་འགྲུབ་པའི་ཕྱིར་བྱིན་གྱིས་བརླབ་པའི་ལུང༌། དེ་ལྟ་བུའི་ལྷ་བསྒོམ་སྔགས་བཟླས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ནའང༌། མཆོག་གི་དངོས་གྲུབ་མངོན་དུ་བྱེད་པ་ལ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་དགོས་པས། མདུན་བསྐྱེད་ཡེ་ཤེས་ཀྱི་སྐུ་དངོས་དང༌། རིགས་འདྲ་གཉིས་པ་བསྟིམས་ནས་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ཤེས་པར་བྱས་ནས་དེའི་ངང་ལ་འཇོག་པ་ཐུགས་ཀྱི་རྗེས་གནང་ངོ༌། །མཇུག་དམ་ཚིག་ཁས་བླ«༡»ང༌། གཏང་རག་གི་མཎྜལ«༢»། ལུས་ལོངས་སྤྱོད་འབུལ«༣»་ནས་ཆ་ཤས་ཀྱང་ལོངས་སྤྱོད་པར་གསོལ་བ། དགེ་བ་བསྔོ་བ«༤»འོ། །ཡང་ན་གསོལ་གདབ། རྒྱུན་བཤགས་སྔོན་དུ་འགྲོ་བའི་ལྷ་སྐུ་བསྒོམ་པ་ལ་ཡེ་ཤེས་པ་བསྲེ། གསུང་བཟླས་ལུང༌། ཐུགས་ཕྱག་མཚན་བསྟིམས་ནས་དེ་གསུམ་གྱིས་ལྷ་དེ་དང་དེའི་སྐུ་གསུང་ཐུགས་སྒོམ་བཟླས་ལ་དབང་བ་ཙམ་བྱས་པ་ཡིན་ནོ། །བཞི་པ་རིག་གཏད་ནི་གོང་སྨོས་ལྟར་བྱ་རྒྱུད་ཀྱི་དབང་གི་ཡན་ལག་སྟེ། དེ་ལ་བྱ་རྒྱུད་ཀྱི་དཀྱིལ་འཁོར་ཕྲ་མོ་མང་པོ་ལ་སྔགས་ཀྱི་དབང་བསྐུར་བ་ཞེས་བུམ་ཆུ་ཁོ་ནའི་དབང་བསྐུར་ཙམ་འབྱུང་བ་དེ་ཉིད་དོན་ལ་སྔགས་གཏད་པའམ། རིག་པ་གཏད་པ་ཡིན་ཏེ། དེའང་བྱ་རྒྱུད་ཀྱི་ལྷའི་ཆོ་ག་བསྡུས་པའི་རིགས་ཤིག་ལ་སྦྱོར་བའི་ཚེ། སྔར་དཀྱིལ་འཁོར་དུ་མེ་ཏོག་ཕོག་པའི་ལྷའམ། གནས་སྐབས་དེར་གང་ལ་མོས་

p. 150

པའི་ལྷ་དེ་ཉིད་ཀྱི་རིག་པ་བརྒྱ་རྩ་བརྒྱད་བཟླས་པའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང༌། རིག་སྔགས་དེ་ཉིད་སློབ་དཔོན་གྱིས་བཟླས་པའི་རྗེས་སུ་ཟློས་པ་དཔེར་མཚོན་ན། བི་མ་ལའི་ལུགས་ཀྱི་གཙུག་ཏོར་གདུགས་དཀར་དང་རྣལ་འཇོམས་དཀར་པོ། གཙུག་ཏོར་དྲི་མེད། གསར་འགྱུར་སངས་རྒྱས་དཔའ་བོ་བདུན་གྱི་ཆོ་ག་ལ་སོགས་པ་རྣམས་སོ། །ལུང་འབོགས་པ་འདི་གཉིས་སྔགས་གཏད་པ་ཙམ་མཚུངས་ཀྱང༌། འདི་ལ་ཆུའི་བྱ་བ་ཡོད་པས་བྱ་རྒྱུད་རང་ལུགས་སུ་ལྷ་དེའི་ཕྲིན་ལས་སྒྲུབ་ནུས་སློབ་དཔོན་གྱི་སྐལ་པ་འཇོག་ཅིང༌། ཕྱི་མ་ལ་དེ་མེད་པས་མཆོག་དམན་གྱི་ཁྱད་པར་ཡོད་དོ། །ལྔ་པ་ལུང་འབོགས་པ་ལ་སྒོམ་ལུང་དང་བཟླས་ལུང་གཉིས་ཡོད་ཀྱང༌། ད་ལྟ་སྒོམ་ལུང་དབོག་ཕྱིན་བཟླས་ལུང་མི་བྱེད་པ་མེད་ལ། དེའང་ལུང་གང་བྱེད་ཀྱི་ལྷ་དེའི་སྒོམ་བཟླས་ཚར་གཅིག་སློབ་དཔོན་རང་གིས་ཉམས་སུ་བླང༌། སློབ་མའི་བྱ་བ་མཎྜལ་འབུལ་དུ་གཞུག་ཅིང༌། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ཞེས་པའི་གསོལ་འདེབས་ཀྱང་སྤྲོ་ན་བྱ། དེ་ནས་སྒྲུབ་ཐབས་དེའི་དབུ་ནས་ལུང་བཀླག་པ་ལྟར་བྱེད་པ་ལས། ཁྱད་ཆོས་སྐྱབས་སེམས་སྐབས་རྗེས་ཟློས། སྒོམ་ལུང་བཟླས་ལུང་གཉིས་ཀ་བྱེད་ན་མངོན་རྟོགས་སྐབས་སློབ་མ་ཉིད་ལྷར་གསལ་འདེབས་སུ་གཞུག་ཅིང༌། ཡེ་ཤེས་པ་བསྟིམ་པའི་སྐབས་སུའང་སློབ་མ་ལ་བསྟིམ། ཡེ་ཤེས་པ་ལ་མཆོད་པ་ཡོད་ན་དཔོན་སློབ་མཉམ་དུ་བྱ། གསུང་གི་རྗེས་གནང་གི་ལུང་ཇི་ལྟ་བར་དམིགས་པ་ཕོག་ལ་བཟླས་པ་རྗེས་ཟློས་མཐར། བཅོམ་ལྡན་འདི་ལ་སོགས་དང༌། ཚིག་ལྷུག་པའི་སྨོན་ལམ་བྱ་ཞིང་མེ་ཏོག་མགོར་གཞག སྒྲུབ་ཐབས་འཕྲོས་གང་ཡོད་བཀླག་ལུང་བྱ་བ་ནི་ཅུང་ཟད་རྒྱས་པའི་ཕྱོགས་ཡིན་ལ། བསྡུ་ན་སློབ་མས་མཎྜལ། སློབ་དཔོན་གྱིས་སྒོམ་ཚུལ་བཤད། ཕྲེང་བ་ལ་འཇུས་ཏེ་སྔགས་ཀྱི་རྗེས་ཟློས་

p. 151

ལན་གསུམ་མཐར། མེ་ཏོག་སྤྱི་བོར་བཞག་ཅིང༌། བཅོམ་ལྡན་འདི་ལ་སོགས་བརྗོད། རྗེས་མཎྜལ་འབུལ་བ་ཙམ་གྱིས་དོན་གྲུབ་པ་ཡིན་ཅིང༌། གཙོ་ཆེ་ཆུང་གི་ངོས་ནས་སྔ་མ་ལ་སྒོམ་ལུང་དང༌། ཕྱི་མ་ལ་བཟླས་ལུང་གི་ཐ་སྙད་བྱས་ནའང་ཆོག་གོ །ལུང་འབོགས་པའང་སྤྱིར་རྒྱུད་སྡེ་བཞི་ཀའི་ཡན་ལག་ཏུ་ཡོད་པ་གང་ལ་སྦྱོར་ཡང་རུང་ལ། བྱེ་བྲག་བྱ་རྒྱུད་ནས་བཤད་པའི་སྒྲུབ་ཐབས་རྣམས་ལ་ནི་ལོགས་སུ་སྦྱོར་བའི་རྒྱུན་ད་ལྟའི་བར་དུ་བཞུགས་བཞིན་པ་ཉིད་དོ། །དེ་དག་ཀྱང་དཀྱིལ་འཁོར་ཆེན་པོ་གང་ཡང་རུང་བ་ཞིག་ཏུ་དབང་བསྐུར་ཚད་ལྡན་མ་ཐོབ་པར་སྦྱིན་དུ་མི་རུང་སྟེ། དཔེར་ན་བདེ་མཆོག་འཁོར་ལོས་དབང་གི་རྒྱུད་སྨིན་པ་ཞིག་ལ་རྣལ་འབྱོར་མའི་བྱིན་རླབས་བྱ་བ་དང༌། རྒྱུད་སྡེ་ཚད་ལྡན་གང་ཡང་རུང་བའི་དབང་ཐོབ་པ་ཞིག་ལ་རྗེས་གནང་ལ་སོགས་པ་བྱ་བ་ཡིན་ཅིང༌། དབང་བསྐུར་མ་ཐོབ་པར་ཁོལ་ཕྱུང་གི་རྗེས་གནང་སོགས་བྱས་པས་ནི་སློབ་མ་ལ་སྐབས་དེར་དེ་ཙམ་གྱི་སྒོམ་བཟླས་རུང་བའི་ས་བོན་བཞག་པ་གོང་དུ་སྨོས་པ་ལྟར་ཡིན་ཀྱང༌། སློབ་དཔོན་རྟོགས་པ་དང་མི་ལྡན་ན་གསང་སྒྲོགས་ཀྱི་ཉེས་པར་འགྱུར་རོ། །འཕགས་ཡུལ་པའི་རྣམ་ཐར་དུ་སྒོམ་ལུང་ཙམ་ཞུས་ནས་བསྒྲུབས་པས་གྲུབ་པར་བཤད་པ་ནི་མཚན་ཉིད་དང་སྐལ་བར་ལྡན་པའི་དཔོན་སློབ་དམིགས་སུ་བསལ་བའོ། །སྤྱིར་དབང་བསྐུར་ཐོབ་པས་ཀྱང་སྒོས་སུ་ལྷ་དམིགས་བསལ་བའི་རྗེས་གནང་ལ་སོགས་པ་ནི་ནོད་དགོས་ཏེ། དེ་ལྟར་མ་བྱས་པར་སྒོམ་བཟླས་ལ་འཇུག་ན་གསང་སྔགས་རང་ཉིད་ཀྱིས་བླངས་པའི་ཉེས་པར་འགྱུར་རོ། །ཆོས་སྐྱོང་ཕལ་མོ་ཆེ་ལ་ཕྲིན་ལས་ཀྱི་རྗེས་སུ་གནང་བ་སོགས་འབྱུང་ཡང་དེ་ནི་དེ་དང་དེའི་ལས་ཉི་ཚེ་བ་སྒྲུབ་པར་རྗེས་སུ་གནང་བ་ཡིན་པས། དབང་གི་སྐབས་སུ་སློབ་དཔོན་གྱི་ལས་རབ་འབྱམས་སྒྲུབ་པར་གནང་བ་དང་མི་འདྲ་ཞིང་ཁྱད་པར་

p. 152

ཆེའོ། །འཁྲུལ་མེད་ས་སྐྱའི་རྗེ་བཙུན་ལུགས་བཞིན་དུ། །དབང་བྱིན་ལ་སོགས་རྣམ་དབྱེ་མདོར་བསྡུས་སུ། །བཀོད་པའི་དགེ་བས་བདག་སོགས་འགྲོ་བ་ཀུན། །ཉེ་རྒྱུའི་མཚམས་སྦྱོར་དབང་མཆོག་ཐོབ་པར་ཤོག །ཅེས་ཆོས་འཆད་ཉན་བྱ་ཚུལ་དང༌། དབང་བསྐུར་རྗེས་གནང་སྣ་ཚོགས་ཀྱི་རྣམ་དབྱེ་བློ་དམན་ཉམས་དགའ་ཞེས་བྱ་བ་འདིའང་རྗེ་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་བཞེད་སྐོང་དུ་བློ་གཏེར་དབང་པོས་རང་ལུགས་ཀྱི་ཡིག་ཆ་རྣམས་ལ་བརྟེན་ནས་བྲིས་པ་དགེ་ལེགས་འཕེལ།། ༈ །དབང་དང་རྗེས་གནང་གི་སྐབས་སུ་ཕྱག་ལེན་གྱི་ཁྱད་པར་ཟིན་བྲིས་སུ་བཀོད་པར་བཞུགས་སོ། །སྭ་སྟི། དབང་རྗེས་གནང་གི་ཕྱག་ལེན་ཟིན་བྲིས་སུ་བཀོད་པར། གོང་དཀར་བའི་ལུགས་ལ་རྣལ་འབྱོར་རྒྱུད་ཀྱི་སྒྲུབ་པའི་ལྷ་འགོད་དུས་སློབ་མ་གྲལ་མགོ་མ་དེ་ལ། སྔགས་དང་བཅས་ཕྱག་རྒྱ་གནས་སུ་རེག་པ་དང༌། ལྷ་དེའི་མངོན་རྟོགས་བརྗོད་ནས་འབེབས་པའི་བར་གསལ་འདེབས། སློབ་མ་བྱིང་ལ། དམིགས་པ་དེ་བཞིན་གྱིས་ཞེས་བརྡ་སྤྲོད་ཙམ་བྱས་ནས་འཇོག་པ་ཡོད། ཞྭ་ལུ་བ་སྔགས་རྒྱས་ཐམས་ཅད་ལ་རེག་ཚར་བ་དང༌། གནས་སོ་སོར་ལྷ་གསལ་འདེབས་མཛད་པར་སྣང་ངོ༌། །ཆུ་དབང་ལ་གོང་དཀར་བ་དུང་ཆོས་གཅིག་ནས་གཅིག་ཏུ་སྔགས་འདོན་གྱིན་བླུག སྔགས་ཚར་བ་དང་དུང་ཆོས་སུ་བླུགས་པ་དེས་སློབ་མ་ལ་དབང་བསྐུར་ཟེར། ཞྭ་ལུ་པ་སློབ་མ་ཚན་རང་བཅད་དེ་བུམ་པ་སོ་སོར་ཐོགས་ནས་སློབ་མའི་ལག་པ་རང་རིགས་ཀྱི་ཁུ་ཚུར་དུ་སློབ་དཔོན་རང་རིགས་ཀྱི་ཁུ་ཚུར་གྱིས་ཀུ་ཤ་བཟུང་ནས་སྟེར། ལས་ཀྱི་རྡོ་རྗེས་རྣམ་རྒྱལ་དུང་ཆོས་ཐོགས་ནས་བརྟན་བྱེད་མཛད་པ་ཡོད་དོ། །ལུང་དང་ཁྲིད་སྤྱིར་བཏང་ཙམ་ལ་ཞྭ་ལུ་བ་དང་ཚར་ལུགས་པ་མེ་ཏོག་བཀྱེ་བསྡུ་མི་བྱེད། མགོར་མཎྜལ་གཅིག་ཕུལ་ནས་ཆོས་གྲོལ་བ་དང་བསྔོ་བ་མ་གཏོགས་གཏང་རག་གི་མཎྜལ་ཡང་

p. 153

མཛད་པ་མེད། གོང་དཀར་པ་ནི། ལུང་ཁྲིད་ལ་ཡང་མེ་ཏོག་བཀྱེ་བསྡུ་བྱེད། མཎྜལ་སྔ་མ་ལངས་ནས་འབུལ། གཏང་རག་གི་མཎྜལ་བསྡངས་ནས་འབུལ་བ་ཡོད། སྟ་གོན་གྱི་སྲུང་སྐུད་ལ་ས་སྐྱ་པ་དང་ངོར་པ་ལྷ་སྟ་གོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ནས་བསྟིམ། ཡི་གེ་བརྒྱ་པ་བཟླས་ནས་དཔུང་པ་ལ་འཆིང༌། ཞྭ་ལུ་བ་བསང་སྦྱང་སྐྱེད་གསུམ་བྱས་ནས་བུདྡྷ་མཻ་ཏྲིའི་སྔགས་ལས་ཡིག་བརྒྱས་འཆིང་བ་མ་མཐོང༌། ས་སྐྱ་པ་དང་དགེ་ལུགས་པ་སོ་ཤིང་གཅིག་འཐུས་བྱེད། ཞྭ་ལུ་པ་རེ་རེ་བཞིན་སོ་ཤིང་བྲིམས་ནས་བྱེད་པ་ཡོད། ས་ངོར་གཉིས་ཁྱོར་ཆུ་ཡང་དུང་ཆོས་ནས་ཚར་གསུམ་རེ་སྟེར་འཐུང་དུ་འཇུག ཞྭ་ལུ་པ་འཁྱོར་ཆུ་བླུག་ཐེངས་གཅིག་བྱས་ནས་སྔུབ་གསུམ་བཅད་ནས་ལྷག་མ་རྒྱབ་ལ་འབོ་དགོས་སོ་ཟེར། དགེ་ལུགས་པ་ཕལ་ཆེར་སློབ་མའི་གཙོ་བོ་རེ་ཙམ་ལས་མ་གཏོགས་དབང་རྫས་འདི་དག་སློབ་དཔོན་གྱིས་ཆོས་གཡོག་ལ་བསྐུར་ནས་སྐྱེལ་བའི་ལག་ལེན་སྒྲོབ་ཤིན་ཏུ་ཆེའོ། །ཡང་ས་ངོར་དུ་ཀྱེ་རྡོར་གྱི་རྒྱུ་དབང་དང་ལམ་དབང་སོགས་ཀྱི་སྐབས་སྦྱང་བ་ལ་མཆོད་སྟེགས་ཁར་གཡས་སུ་ཆུ་དང་གཡོན་དུ་མེ། དེའི་མདུན་དུ་གྲལ་རིམ་བཞིན་ཆུ་བཞི་བཟེད་ཞལ་གཅིག་བཤམས། ཐོག་མར་ནི་རི་ཏི་སོགས་ལ་ཆུ་བཞི་བཟེད་ཞལ་དུ་བླུག དེ་ནས་ཡུངས་ཀར་ལག་པ་གཡས་དང་གཡོན་པད་ཀོར་འཁྱུད་རྒྱས་མེ་ཆུར་དོར། དེ་ལ་སྔགས་ཨཥྚ་བཟླ་བར་འདུག དེ་བཞིན་དུ་ཆུ་ཡང་དོར། ལན་གསུམ་གསུམ་མཛད། བཀྲ་ཤིས་སྐབས་མཆོད་གཡོག་པས་བུམ་པ་འདེགས། སློབ་དཔོན་གྱིས་དྲིལ་གསིལ་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། རྒྱུན་དུ་བུམ་པ་ལ་སྟེགས་ཁེབས་གཡོགས་ནས་འཇོག ལྷ་མཆོད་པའི་རྗེས་གནང་ལ་སྒེག་མོ་དང་ཕྲེང་བ་མ་ཞྭ་ལུ་

p. 154

པ་དང་འདྲ། གླུ་མ་ལ་མཛུབ་མོ་གཉིས་བསྒྲེངས་པ་རྩེ་སྤྲོད། གར་མ་ལ་ཐལ་མོ་སྤྱི་བོར་འཇོག མེ་ཏོག་མ་ལ་ཐལ་མོ་སྟེང་མ་གྱེན་དུ་འཐོར་ཚུལ། དྲི་མ་ལ་ཐལ་མོ་གཡས་ཁུ་ཚུར་གཡོན་སྟེང་བྱུག་པའི་ཚུལ་བྱེད། རིགས་ལྔ་ལ་ཕྱག་ཆེན་བྱེད། དབང་ལ་མཆོད་པ་དྲུག་དང༌། གཞན་ཁ་གསོ། གྲལ་མགོ་ནས་རིམ་བཞིན་གྲལ་མཐའ་བར་ཆོས་གཡོག་གིས་སྤོས་ནས་འཇོག བུམ་དབང་གི་སློབ་དཔོན་དབང་གི་མཆོད་པ་ཚར་འཕྲལ་དབང་རྫས། དབུ་རྒྱན། རྡོ་དྲིལ་རྣམས་བསྡུ། དབང་བཞི་པའི་གཙོ་བོས་ཇི་ལྟར་ལ་མིག་དར་ཡང་བསྡུ། དམ་བཞག་ལ་དྲིལ་བུ་མི་གསིལ། རྡོ་རྗེ་རྐྱང་པ། རིགས་ལྔ་ལ་དར་དཔྱངས་ཀྱང་མི་འཇོག། ༈ །ཡང་རྗེས་གནང་མང་པོ་སྦྲེལ་ནས་གནང་པའི་ཕྱག་ལེན་ལ་བཀྲས་ལྷུན་ཤར་ཟུར་རྗེ་ནི་མཆོད་སྟེགས་ཁར་ཤོང་ཚད་ཚང་མ་གྲལ་བསྒྲིག ཐམས་ཅད་དུས་གཅིག་ལ་སྒྲུབ། སློབ་མ་ཚོགས་ནས་ཤེར་སྙིང་དང་ཟློག་པ་རྒྱབ། མཎྜལ་འབུལ་བ་ཚར་ནས་བགེགས་གཏོར་བསྔོ། དེ་རྗེས་རྗེས་གནང་གཅིག་རྗེས་གཅིག་མཐུད་ཀྱིས་ཐམས་ཅད་མཛད་པར་སྣང་ངོ༌།། ༈ །ས་ངོར་ཞྭ་ལུ་པ་སོགས་རྗེས་གནང་སྔ་མ་ཚར་བ་དང་གཞན་རྣམས་གྲོལ། མཆོད་གཡོག་པས་དེའི་བར་ལ་བཤམ་བསྡུ་བཀོད་བྱས་ནས་ཡང་བསྒྲུབས་ཚར་བ་དང༌། སློབ་མ་ཚོགས་པ་སོགས་རེ་རེ་བཞིན་ལས་སྒྲིལ་ནས་མི་མཛད། བསྒྲུབ་རྒྱུ་མང་པོ་མེད་པ་དང༌། སློབ་མ་ཚོགས་གྲོལ་རིན་མི་ཆོག་པའི་ཚན་ཡིན་ན་བར་དུ་ཡོལ་བས་བཅད། སློབ་མས་དེའི་བར་ལ་སྒྲོལ་མ་ལྟ་བུ་ལྷ་དེའི་བསྟོད་པ་འདོན་པ་ཕྱག་ལེན་ནོ། །ས་ངོར། ཞྭ་ལུ་པ། བགེགས་སྦྱོང་བཤད་པའི་རིགས་ལ་མ་གཏོགས་བགེགས་གཏོར་བསྔོ་བ་མི་མཛད། ནང་ཚན་ཞྭ་ལུ་པ་དཀྱིལ་འཁོར་ཡོད་སར་བགེགས་གཏོར་མི་གཏོང༌། གལ་ཏེ་བསྔོ་ན་སྒྲུབ་ཁང་གི་ཕྱི་རོལ་

p. 155

དུ་ཕྱིན་ནས་གཏོང༌། ནང་དུ་འཇུག་པའི་ཚེ་བསང་ཆུས་གཏོར། སྤོས་ཀྱིས་བདུག་པ་སོགས་མ་བྱས་པར་ནང་དུ་མི་འོང་བ་སོགས་ཆོ་གའི་དམ་ཚིག་ཏུ་འདོད་དོ། །དགེ་ལུགས་པ་དབང་རྗེས་གནང་གི་རིགས་ཐམས་ཅད་ལ་བསྔོ་བ་ཡོད། ལར་ས་ཞལ་དགོངས་པ་མཐུན་པར་སྲུང་འཁོར་གྱི་ནང་དུ་བགེགས་རིགས་འབྱུང་པོ་མི་ཚུད་པས་བགེགས་གཏོར་ཕལ་ཆེར་དེའི་ཕྱི་རོལ་དུ་ཕྱིན་ནས་བཏང་བའི་གོ་བ་ཚོལ་བ་འདྲའོ། །མཎྜལ་འབུལ་ཚུལ། ས་ངོར་ལ་མཆོད་གཡོག་པས་བསྡད་ནས་ཚོམ་བུ་བསོ་བ་ཙམ་བྱེད་པ་ལས་གཞན་མེད། ཞྭ་ལུ་པ་སློབ་མའི་གཙོ་བོ་གཅིག་དང༌། མཆོད་གཡོག་པ་གཉིས་ལངས་ནས་མཆོད་གཡོགས་པས་འབྲུ་སྣོད་བཏེགས། གཙོ་བོས་མཎྜལ་བསྐུལ་ཞིང་ཚོམ་བུ་བཀོད། འབུལ་བའི་ཚེ་གཞི་བཅའ་དང་བཅས་པའི་གར་སྟབས། པུས་མོ་གཡོན་འཛུགས། བླ་མས་འབྲུ་ཕུད་བླངས་ཏེ་ཨི་དཾ་གུ་རུ་བརྗོད་ནས་གཏོར། སྐྱོང་སྐྱོང་དེར་འབྲུ་གསར་པ་བླུགས་པ་ཕྱག་ལེན་ཡིན་ཡང་ད་ལྟ་བྱེད་ཤེས་མི་ཤེས་སྣ་ཚོགས་འདུག བཀའ་བརྒྱུད་པ་དང་རྙིང་མ་བ་ནི་མཎྜལ་ལངས་ནས་བསང་སྦྱང་བྱས་ཏེ་འབུལ། གར་སྟབས་སོགས་མི་བྱེད། མེ་ཏོག་ཕྲེང་བ་གོས་ཆེན་ཚོན་སྣ་ལྔ་པ་ལ་བཟོས་ནས་སྟེར། དེ་དབང་ཚར་བ་དང་སྒོམ་ཐག་ལ་སྦྱར་ནས་ཚེམ་བུ་བྱེད་པ་འདུག འཁྲིད་གནང་དུས་སྔོན་ལ་ཁྲིད་དཔེ་ནས་བསྒྲགས། དེ་རྗེས་དེ་ནང་བཞིན་བཤད་པ་རེ་བྱེད། གསུམ་བཤད་དང་བཞི་བཤད་སོགས་ཀྱི་ཐ་སྙད་བཀའ་བརྒྱུད་པ་དང་དགེ་ལུགས་པ་སོགས་ལ་མི་འདུག་གོ །དེ་ལྟར་ཆོས་སྒོ་སྣ་ཚོགས་ཚོལ་བའི་དུས། །མ་འདྲེས་གཙང་བའི་ཕྱག་ལེན་ཕྲ་ཞིབ་ཀྱིས། །ཡིད་ལ་བཟུང་བའི་རྣམ་ཐར་ཟུར་ཙམ་འདི། །སླད་ནས་བྱོན་པའི་ཤེས་ལྡན་རྣམས་

p. 156

ཀྱིས་ལོངས། །ཕྱོགས་རེར་ཞེན་པའི་གྲུབ་མཐའི་གཙང་ཁྱད་ཀྱིས། །གཞན་ལུགས་ཟུར་ཟས་སྨོད་པའི་ཆོས་སྤོངས་ལས། །ཉམ་ཆུང་བདག་གི་ཁུར་དུ་མ་འཚམས་པར། །དག་སྣང་ཕྱོགས་མེད་བྱས་ནས་ཆོས་བཙལ་ལོ། །མང་དུ་ཉན་ནས་མང་དུ་བསྒོམས། །དོན་གཉེར་ཅན་ལ་བཤད་ཀྱང་བཤད། །དེ་འདྲས་མི་ཚེ་རྒས་པ་འདི། །ཨ་བསོད་ཆེ་བའི་ལག་རྗེས་ཡིན། །ཞེས་པ་བློ་གསལ་རི་ཁྲོད་པས་སྨྲས་པའོ།། །།དགེའོ།། །།

ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རྒྱས་བྱེད།

p. 157

ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རྒྱས་བྱེད་བཞུགས་སོ།།

p. 158

ཨོཾ་སྭ་སྟི་སིདྡྷཾ། ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རྒྱས་བྱེད་ཅེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེའི་ཆུ་གཏེར་ཆེ་ལས་འཁྲུངས། །བྱང་ཆུབ་སེམས་ཀྱི་དགེ་བའི་སྦྲང་རྩིས་གཏམས། །ཐབས་མཁས་སྤྱོད་པའི་འདབ་སྟོང་རབ་རྒྱས་པ། །རྒྱལ་བ་ཆུ་སྐྱེས་དབང་པོར་རབ་བཏུད་ནས། །བསོད་ནམས་ཚོགས་ཆེན་རྫོགས་པར་བྱ་ཕྱིར་དང༌། །ཡིད་འོང་གཟུགས་སྐུའི་འབྲས་བུ་ཐོབ་བྱའི་ཕྱིར། །དམ་པའི་ཆོས་དང་བཀྲ་ཤིས་རྒྱས་བྱེད་ལམ། །ཡན་ལག་བདུན་པའི་ཆོ་ག་གསལ་བར་བཤད། །འདིར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་གང་ཟག་སྐལ་བ་དང་ལྡན་པ་དག་གིས། བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་པར་བྱ་བའི་ཕྱིར། འཕགས་པ་བཟང་པོ་སྤྱོད་པའི་མདོ་དང༌། མཆོག་གི་སྤྱོད་པའི་སྨོན་ལམ་ལས་གསུངས་པ་ལྟར། ཡན་ལག་བདུན་པ་རྒྱས་པར་བྱེད་པར་འདོད་ན། སྦྱོར་བ། དངོས་གཞི། རྗེས་གསུམ་གྱི་དང་པོ་ནི། དཀོན་མཆོག་གི་རྟེན་ན་བཟས་བརྒྱན་པའི་སྤྱན་སྔར། མཆོད་ཡོན་དང༌། མར་མེ་དང༌། ཞལ་ཟས་རྣམས་ཀྱི་ཕྲེང་བ་དུ་མ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། དྲི་ཆབ་རྣམས་ཅི་འབྱོར་པ་བཤམ། སྔོན་གྱི་དགེ་བའི་བཤེས་

p. 159

གཉེན་དག རང་ལ་ལོངས་སྤྱོད་གང་ཡོད་ཀྱི་སུམ་གཉིས་དཀོན་མཆོག་གི་མཆོད་པ་ལ་གཏོང་དགོས་པར་བཞེད་པ་ལྟར། ལོངས་སྤྱོད་ལ་སེར་སྣ་མེད་ཅིང༌། གཞན་གྱིས་མཐོང་ན་བློ་འཁུལ་ནུས་པའི་མཆོད་པ་བཤམ་མོ། །དེ་ནས་རབ་ཏུ་དམའ་བའི་སྟན་ལ་འདུག་ལ། དཀོན་མཆོག་གི་རྟེན་ལ་ཁ་ཕྱོགས་པས། ཐོག་མར་སྐྱབས་འགྲོ་བྱ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་མང་དུ་བརྗོད་པའི་མཐར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་སྐྱབས་གནས་མཐར་ཐུག་པ་དཀོན་མཆོག་རིན་པོ་ཆེ་

p. 160

རྣམ་པ་གསུམ་ལ་ཡན་ལག་བདུན་པ་འབུལ་བར་བགྱིའོ་སྙམ་དུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམས་ནས། རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་སྤྱན་དྲངས་པར་བསམས་ལ། པུས་བཙུགས་ཐལ་མོ་སྦྱར་བས་མེ་ཏོག་དང་བདུག་སྤོས་བཟུང་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱང་ཞིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་བརྗོད་ཅིང༌། དཀོན་མཆོག་རྣམས་བྱོན་པའི་སྔོན་གདོང་དུ་དམིགས་ལ་ལངས་ཏེ། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །ཞེས་པས་སོ་སོའི་ཞིང་ཁམས་ནས་བྱོན་པའི་དཀོན་མཆོག་རྣམས་མདུན་དུ་མངོན་སུམ་ལྟར་བཞུགས་པར་བསམས་ནས། ཁྱེད་ནི་རང་བཞིན་ཡོངས་དག་པས། །སྲེད་སོགས་ཉེས་པ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །

p. 161

གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུས་མས་སྐུ་ཁྲུས་གསོལ། །ཞེས་དང༌། རྐང་པ་རེ་རེའི་གཤམ་དུ་སྔར་གྱི་སྔགས་རྣམས་བརྗོད་ཅིང༌། མེ་ལོང་གི་ནང་དུ་དཀོན་མཆོག་གི་རྟེན་འཆང་དུ་བཅུག་པ་ལ་དྲི་བཟང་པོའི་ཆུས་ཁྲུས་གསོལ། དེ་ནས། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཆུའི་རྡུལ་རྣམས་དར་དཀར་པོ་ལ་དྲི་བཟང་གི་ཐིག་ལེ་ལྔའམ་རིགས་ལྔའི་ས་བོན་བྲིས་པས་ཕྱི་ཞིང༌། སྐུ་ཕྱིས་པར་བསྒོམས་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟྲ་ཨ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང༌། །དད་པས་ངུར་སྨིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཅེས་ཁྲུས་དང་གོས་རྒྱན་གྱི་མཆོད་པ་རྣམས་ཕུལ་ནས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པས། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཙནྡྲ་ཨཱ་ས་ན་ཏིཥྛནྟུ་སྭཱ་ཧཱ། ཞེས་པས་གདན་དབུལ་ལོ། །དེ་ནས་རོལ་

p. 162

མོ་དང་བཅས་པས་བསྐོར་བ་བྱ་ཞིང༌། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་བི་ཛ་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །གཉིས་པ་ལ། ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བའི་ཡན་ལག་ནི། སེམས་ཀྱིས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་པའི་ལུས་རེ་རེ་ལ་མགོ་དཔག་ཏུ་མེད་པ། མགོ་རེ་རེ་ལའང་ལྕེ་བརྒྱ་སྟོང་དཔག་ཏུ་མེད་པར་བསམས་ལ། དེ་ཐམས་ཅད་གྱིས་ཕྱག་འཚལ་བ་དང༌། བསྟོད་པ་བརྗོད་པར་བསྒོམས་ལ། ངག་ཏུ་བསྟོད་ཚིག་རྣམས་བརྗོད། ལུས་ཀྱི་གནས་ལྔ་ས་ལ་གཏུགས་པའི་ཕྱག་བྱས་ལ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །མཁྱེན་བརྩེ་ཡོན་ཏན་ཕྲིན་ལས་མ་ལུས་པ། །གཅིག་ཏུ་བསྡུས་ནས་འགྲོ་བའི་དོན་མཛད་པ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱོད་ནི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་འདྲེན་པ་སྟེ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱོབ་པ་སངས་རྒྱས་ཀུན་དང་གཉིས་སུ་མེད། །ལེགས་གསུངས་སྒྲོན་མེ་དམ་པའི་ཆོས་ཀྱི་གསུང༌། །སྟོན་པའི་བསྟན་པ་འཛིན་པའི་བཤེས་གཉེན་མཆོག །རིན་ཆེན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་རི་བོ་མི་འགྱུར་བརྟན་པའི་སྐུ། །གསུང་དབྱངས་ཐོས་པས་མི་ངོམས་ཚངས་པའི་དབྱངས། །ཡེ་ཤེས་རྒྱ་མཚོ་མི་གཡོ་ཟབ་པའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་རྣམ་འཕྲུལ་བླ་ཆེན་ས་སྐྱ་པ། །བསོད་ནམས་རྩེ་མོ་རྗེ་བཙུན་རིན་པོ་ཆེ། །ཆོས་རྗེ་པཎ་ཆེན་ཆོས་རྒྱལ་འཕགས་པ་སོགས། །བསྟན་པའི་སྒྲོན་མེ་རྣམས་ལ་ཕྱག་འཚལ་

p. 163

ལོ། །ཞེས་སོགས་ཀྱིས་བླ་མ་རྣམས་དང༌། ཚོགས་ཆེན་གཉིས་རྫོགས་མཁྱེན་བཞི་སྐུ་གསུམ་གྲུབ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་གཟིགས། །ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། །སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང༌། །ཆོས་ལ་སྐྱེ་འགག་མེད་ཅིང་སྤྲོས་པས་དབེན། །དེ་ལ་དམིགས་ཏེ་ཡོན་ཏན་ཀུན་འབྱུང་བའི། །ལེགས་རྒྱུ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །གཉེན་པོས་རིམ་པར་བསལ་ནས་ཞིང་སྦྱོང་ཞིང༌། །སེམས་ཅན་ཐམས་ཅད་སངས་རྒྱས་སར་གཞུག་པའི། །འཕགས་པའི་དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་བླ་མེད་དཔལ་མགོན་རིན་པོ་ཆེ། །དད་མོས་རྣམས་ལ་ཡོན་ཏན་བསམ་མི་ཁྱབ། །མཐོ་དམན་ཡོངས་ཀྱི་སྐྱབས་གནས་འགྲོ་བའི་མགོན། །རིན་ཆེན་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་ཐུབ་པའི་དབང་པོ་དང༌། །དུག་གསུམ་ནད་སེལ་ཆགས་བྲལ་དམ་པའི་ཆོས། །བསླབ་གསུམ་རྣམ་དག་འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་དཀོན་མཆོག་སྤྱི་དང༌། ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །

p. 164

སྨོན་ལམ་ཁྱད་པར་ཅན་བཏབ་འགྲུབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྔོན་གྱི་སྨོན་ལམ་བྱང་ཆུབ་རྗེས་སྤྱད་པས། །མཚན་ཙམ་ཐོས་པས་སྒྲིབ་པ་ཀུན་སེལ་བའི། །ཕྲིན་ལས་མངའ་བ་ཀུན་མཁྱེན་འཇིག་རྟེན་མགོན། །སངས་རྒྱས་སུམ་ཅུ་ལྔ་ལ་ཕྱག་འཚལ་ལོ། །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ཅིང༌། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པ། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བའི་གཉེན་གཅིག་མ་ལུས་རྐང་གཉིས་གཙོ། །དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །གསེར་གྱི་མདོག་ཅན་ལྷ་ཡི་ལྷར་གྱུར་པ། །དམ་ཚིག་གསུམ་བཀོད་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་

p. 165

མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བྱེ་བྲག་སངས་རྒྱས་དཀོན་མཆོག་དང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་མཁའ་ལྟར་ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །དབྱངས་ཀྱི་མཚན་ཙམ་ཀུན་མཁྱེན་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་ཆོས་དཀོན་མཆོག་དང༌། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཐུགས་ལས་འཁྲུངས་པའི་སྲས། །བྱང་ཆུབ་སྤྱོད་པ་བླ་མེད་མཐར་ཕྱིན་པས། །ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་མཆོག་གྱུར་པའི། །མགོན་པོ་མི་ཕམ་པ་ལ་ཕྱག་འཚལ་ལོ། །རྒ་ཤའི་འཇིགས་སྤངས་གཞོན་ནུར་གྱུར་པ་སྟེ། །གཞན་དོན་བྱས་པས་འཛུམ་པའི་བཞིན་རས་ཅན། །སྣ་ཚོགས་སྤྲུལ་མཛད་འོད་ཟེར་མཐའ་ཡས་པ། །བཅོམ་ལྡན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་རྗེ། །འགྲོ་བའི་སྡུག་བསྔལ་མ་ལུས་དཔྱིས་འབྱིན་པ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ལ་ཉོན་མོངས་རྣམས་ཀྱང་བདེ་སྦྱིན་ན། །གང་ཞིག་གུས་བཅས་དེ་ལ་ཅི་སྨོས་པ། །མཐུ་ཆེན་སྨན་པའི་རྒྱལ་པོ་ལྟ་བུ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཉིན་དང་མཚན་མོ་དེ་བཞིན་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་གུས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་

p. 166

བཙལ་ལོ། །ཞེས་སོགས་ཀྱིས་བྱང་སེམས་དང༌། བརྩེ་བས་ཐུགས་རྗེའི་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་ཆེན་པོའི་ཚུལ་དུ་བསྟན་ནས་ཀྱང༌། །འགྲོ་བའི་གདུང་བ་དྲག་པོ་སེལ་མཛད་པ། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཀྱང་ཐུགས་རྗེའི་དབང་གིས་ནི། །ལྷ་མོའི་ཚུལ་སྟོན་ཀུན་ཏུ་གསལ་བའི་སྐུ། །ཡིད་བཞིན་ནོར་བུ་པདྨ་ལེགས་བསྣམས་པ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་དབང་གྲུབ་པའི་ཅོད་པན་གྱིས། །རིན་ཆེན་འོད་ཟེར་འཕྲོ་བ་གང་གི་ཞབས། །ཀུན་ནས་གསལ་བས་ཉི་མའང་ཟིལ་གནོན་པ། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །འགྲོ་བ་འཇིགས་པས་ཉེན་པ་བསྐྱབ་པའི་ཕྱིར། །བརྩེ་བས་འཇིགས་བྱེད་ཁྲོ་མོའི་སྐུར་སྟོན་པ། །དབུགས་འབྱིན་མཛད་ཅིང་དངོས་གྲུབ་མཆོག་སྩོལ་མ། །སྒྲོལ་མ་དྲག་མོ་འདུལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །མ་རྒད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་དང༌། །དངོས་གྲུབ་ཀུན་སྩོལ་བདུད་རྩིའི་བུམ་པ་འཛིན། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །བར་དུ་གཅོད་པ་ཀུན་ལས་གྲོལ་མཛད་ཅིང༌། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་བསྒྲུབས་པས་ནད་གདོན་བགེགས། །ཀུན་ནས་ཞི་མཛད་མ་ལ་ཕྱག་འཚལ་ལོ། །གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། །རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས། །བདུད་

p. 167

བཞིའི་སྟོབས་རྣམས་རྣམ་པར་འཇོམས་པ་ཡི། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །དཔལ་ཆེན་ནམ་མཁའི་མདོག་གི་མདངས་ལྡན་ཞིང༌། །དུས་མཐའི་སྤྲིན་ལྟར་ཧཱུྃ་སྒྲ་འབྲུག་སྟོང་ཆེམ། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་འགེམས་པའི། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །མ་ལུས་རྒྱལ་བའི་གཉིས་མེད་ཡེ་ཤེས་ལས། །ཉེ་བར་བསྒྲུབས་པའི་མཐུ་སྟོབས་རྡོ་རྗེ་ཡིས། །བགེགས་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་བྱེད་པ། །དཔལ་ཆེན་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གདུག་པ་འདུལ་ཕྱིར་རབ་ཁྲོས་པ། །བྱེ་རུའི་མདོག་མཚུངས་པདྨའི་དབྱུག་ཏོ་འཛིན། །རྟ་མཆོག་ཞལ་གྱིས་དགྲ་ཡི་དཔུང་འཇོམས་པ། །ཁྲོ་རྒྱལ་རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་འོང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་མ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འབྱུང་ལྔའི་མདོག་ཅན་འབྱུང་ཆེན་ལྔ་ལ་དབང༌། །ཀུན་ཏུ་སྒྱུར་བྱེད་རྡོ་རྗེའི་འདབ་གཤོག་ཅན། །ཀླུ་ཡི་དཔལ་འཕྲོག་ལྷ་མིའི་དཔལ་གྱུར་པ། །རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་འདོད་ལྷ་རྣམས་དང༌། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྤེལ་དང་སྲུང་མཛད་པའི། །དགྲ་བཅོམ་གནས་བརྟན་བཅུ་དྲུག་ཞབས་ལ་འདུད། །ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །གཏན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་སྟོབས་དང་

p. 168

མངོན་པར་ཤེས་པར་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་འཛིན་པའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་དགེ་འདུན་དཀོན་མཆོག་རྣམས་ལ་ཕྱག་བྱས་ལ། སླར་ཡང༌། མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། མདུན་དུ་བཤམས་པའི་མཆོད་པ་རྣམས་ལྷ་རྫས་ལས་བྱུང་པའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ། ས་གཞི་ཁྱབ་པ་ཙམ་དུ་གྱུར་པར་བསམས་ནས་དེ་དག་དང༌། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་མཆོད་ཡོན་ལ་སོགས་པ་ཐམས་ཅད་འབུལ་བའི་བསམ་པ་རྩེ་གཅིག་པས། ཕྱོགས་དུས་ཀུན་ན་མཆོད་ཡོན་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །དོན་གཉིས་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི། །བྱང་ཆུབ་སེམས་ཀྱིས་སེམས་རྒྱུད་བརླན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྔགས་མགོ་མཇུག་གཉིས་པོ་འོག་མ་རྣམས་ལ་ཡང་སྦྱར་ལ། ཕྱོགས་དུས་ཀུན་ན་མེ་ཏོག་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་བདེ་བའི་འབྲས་འབྱུང་བའི། །སྦྱིན་པའི་མེ་ཏོག་ཕྱོགས་བཅུར་རྒྱས་པར་ཤོག །བཛྲ་པུཥྤེ། ཕྱོགས་དུས་ཀུན་ན་བདུག་སྤོས་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །འཕགས་པ་དགྱེས་ཤིང་འགྲོ་ཀུན་བདེ་བྱེད་པའི། །ཚུལ་ཁྲིམས་དྲི་ཞིམ་རྒྱུན་མི་འཆད་པར་ཤོག །བཛྲ་དྷཱུ་པེ། ཕྱོགས་དུས་ཀུན་ན་སྣང་གསལ་ཅི་

p. 169

མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཉོན་མོངས་སྡུག་བསྔལ་མུན་པ་ཀུན་སེལ་བའི། །བཟོད་པའི་སྒྲོན་མེ་རབ་ཏུ་རྒྱས་པར་ཤོག །བཛྲ་ཨཱ་ལོ་ཀེ། ཕྱོགས་དུས་ཀུན་ན་དྲི་མཆོག་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །སྐྱོ་ངལ་མེད་པར་གཞན་དོན་ལ་སྤྲོ་བའི། །བརྩོན་འགྲུས་བྱུག་པའི་སེམས་དང་ལྡན་པར་ཤོག །བཛྲ་གནྡྷེ། ཕྱོགས་དུས་ཀུན་ན་ཞལ་ཟས་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བས་ལུས་སེམས་ཚིམ་བྱེད་པའི། །བསམ་གཏན་ཟས་ལ་རྟག་ཏུ་སྤྱོད་པར་ཤོག །བཛྲ་ནཻ་ཝི་དྱ། ཕྱོགས་དུས་ཀུན་ན་སིལ་སྙན་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་སྟོན་པ་ཡི། །ཤེས་རབ་སྒྲ་སྙན་ཕྱོགས་བཅུར་སྒྲོགས་པར་ཤོག །བཛྲ་ཤབྡ། འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་དམག་དཔོན་རིན་ཆེན་བདུན། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །འཕགས་པའི་ནོར་བདུན་རྣམས་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཡིད་འོང་གཟུགས་སྒྲ་དང༌། །དྲི་རོ་རེག་བྱ་ཁྱད་འཕགས་འདོད་ཡོན་ལྔ། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཡེ་ཤེས་ལྔ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛ་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་བདག་པོས་མ་བཟུང་བའི། །ཡིད་འོང་མཆོད་པའི་ཡོ་བྱད་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་གུས་པས་འབུལ་ལགས་ཀྱི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །དད་དང་སྙིང་རྗེའི་ཤུགས་ཀྱིས་བདག་གི་ལུས། །འགྲོ་ཀུན་ཕན་བདེའི་བྱ་བ་བསྒྲུབ་སླད་དུ། །དཀོན་མཆོག་གསུམ་གྱི་བྲན་དུ་ལེགས་ཕུལ་ནས། །དངོས་སམ་བསམ་པས་གཞན་དོན་ཅི་ནུས་བགྱི། །རིན་ཆེན་བུམ་པ་དྲི་ཞིམ་སྤོས་ཀྱི་ཆུ། །སྲབ་འཇམ་ཡང་ཞིང་མཛེས་པ་ལྷ་ཡི་གོས། །རིན་ཆེན་སྣ་ཚོགས་རྒྱན་ཕྲེང་ཡིད་

p. 170

དུ་འོང༌། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །ཁ་དོག་དབྱིབས་ལེགས་ཡིད་འོང་མེ་ཏོག་ཕྲེང༌། །དྲི་ཞིམ་ནམ་མཁའ་ཁྱབ་བྱེད་བདུག་པའི་སྤྲིན། །མུན་སེལ་རིན་ཆེན་སྒྲོན་མེ་ལྷམ་མེ་བ། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །རྣམ་དག་དབང་པོ་ཚིམ་བྱེད་དྲི་ཡི་མཆོག །ཁ་དོག་དྲི་རོ་ནུས་བཟང་ལྷ་ཡི་གོས། །རྣམ་ཐར་དོན་སྟོན་གླུ་དབྱངས་རོལ་མོའི་སྒྲ། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །སྣ་ཚོགས་རྒྱན་གྱིས་སྤྲས་པའི་གཞལ་མེད་ཁང༌། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །བླ་རེ་རྒྱལ་མཚན་འཕན་སོགས་ཁྱད་འཕགས་རྣམས། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །ཞེས་པའི་མཐར། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཞེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང༌། བསྙེན་བཀུར་དང༌། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། །དེ་ནས་མཎྜལ་ཁྲུ་གང་ལས་མི་ཆུང་བའམ། ས་གཞི་ལ་མེ་ཏོག་དང་བཅས་པའི་དྲི་བཟང་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱུག་ཅིང༌། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་ཞེས་པས་རིན་པོ་ཆེའི་ས་གཞི་དང༌། མཐའ་སྐོར་དུ་བྱུག་ཅིང༌། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་ལྕགས་རིའི་ཁོར་ཡུག་ཏུ་བསམས་ལ། ཧཱུྃ་ཞེས་པས་དབུས་སུ་མེ་ཏོག་དོར་ཏེ་བསྲུང་བར་བྱས་ནས། རང་རང་གི་གནས་རྣམས་སུ་མེ་ཏོག་གམ། རིན་པོ་ཆེ་ལ་སོགས་པ་དབུལ་ཞིང༌། དབུས་དང་ཕྱོགས་བཞིར། ཨོཾ་ཧཾ་སུ་མེ་ར་ཝེ་ན་མཿ ཨོཾ་ཡཾ་པཱུརྦ་བི་དེ་ཧཱ་ཡ་ན་མཿ ཨོཾ་རཾ་ཛམྦུ་དྭཱི་པཱ་ཡ་ན་མཿ ཨོཾ་ལཾ་ཨ་བ་ར་གོ་དཱ་ནཱི་ཡཱ་ཡ་ན་མཿ ཨོཾ་ཝཾ་ཨུཏྟ་ར་ཀུ་ར་ཝེ་ན་མཿ ཞེས་པས། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་རྣམས་དང༌། རྩ་བའི་གླིང་རྣམས་དང་ཉེ་བ་ན། ཨོཾ་ཡུཿཨུ་པ་དྭཱི་པཱ་ཡ་ན་མཿ ཨོཾ་རཿཨུ་པ་དྭཱི་པཱ་ཡ་ན་མཿ ཨོཾ་ལཿཨུ་པ་དྭཱི་པཱ་ཡ་ན་མཿ ཨོཾ་ཝཿཨུ་པ་དྭཱི་པཱ་ཡ་ན་མཿ ཞེས་

p. 171

ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་རྣམས་དང༌། དེ་དག་གི་ནང་དུ་ཤར་ལ་སོགས་པའི་ཕྱོགས་བཞི་དང༌། །མེ་ལ་སོགས་པའི་མཚམས་བཞིར་རིམ་པ་བཞིན། ཨོཾ་ཡཿག་ཛ་རཏྣ་ཡ་ན་མཿ ཨོཾ་རཿཔུ་རུ་ཥ་རཏྣ་ཡ་ན་མཿ ཨོཾ་ལཿཔཱ་ཛཱི་རཏྣ་ཡ་ན་མཿ ཨོཾ་ཝཿསྟྲཱི་རཏྣ་ཡ་ན་མཿ ཨོཾ་ཡཿཁཌྒ་རཏྣ་ཡ་ན་མཿ ཨོཾ་རཿཙཀྲ་རཏྣ་ཡ་ན་མཿ ཨོཾ་ལཿམ་ཎི་རཏྟཱ་ཡ་ན་མཿ ཨོཾ་ཝཿམཧཱ་ནི་དྷ་ཡེ་ན་མཿ ཞེས་པས། རིན་པོ་ཆེ་སྣ་བདུན་དང༌། གཏེར་ཆེན་པོའི་བུམ་པ་རྣམས་དང༌། རི་རབ་ཀྱི་ཤར་དང་ནུབ་ཏུ། ཨོཾ་ཨཾ་སཱུརྻཱ་ཡ་ན་མཿ ཨོཾ་ཨཱཿཙནྡྲཱ་ཡ་ན་མཿ ཞེས་བཟླས་པས་ཉི་མ་དང་ཟླ་བ་དག་དང༌། གཞན་ཡང་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་དམིགས་ལ། ལྷག་བསམ་རྣམ་དག་ཆུ་གཏེར་ལས་འཁྲུངས་གླིང་མངས་འདབ་མ་རབ་རྒྱས་ཤིང༌། །རི་རབ་ལྷུན་པོ་ཟེའུ་འབྲུས་རྣམ་མཛེས་ཉི་ཟླའི་འོད་ཀྱི་མདངས་བཟང་ཅན། །འདོད་རྒུའི་དཔལ་འབྱོར་དྲི་བསུང་རབ་འཕྲོ་ནམ་མཁའི་དབྱིངས་ལྟར་ཀུན་ཁྱབ་པའི། །རིན་ཆེན་མཎྜལ་མེ་ཏོག་མཆོག་འདི་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཞེས་པས་ཕུལ་ནས། དོན་ཡིད་ལ་སེམས་བཞིན་དུ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་

p. 172

རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་བ། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་དང༌། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་བུ་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཅན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་འདི་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུས་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་

p. 173

རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་སྤྲིན་སྣ་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་གཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་པས་མཆོད་པར་བྱའོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། སྔར་བྱས་པའི་སྡིག་པ་ལ་འགྱོད་པ་དྲག་པོ་དང༌། ཕྱིས་མི་བྱེད་པའི་སྡོམ་སེམས་

p. 174

དང་ལྡན་པས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མ་མཆིས་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས་ལུས་དང༌། ངག་དང༌། ཡིད་ཀྱི་སྒོ་ནས་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤོང་བ་དང༌། འཕགས་པ་ལ་སྐུར་པ་བཏབ་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་དང༌། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང༌། །ཡིད་ཀྱིས་གནོད་བགྱིས་

p. 175

གང་ལགས་དང༌། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་སྡིག་པ་མ་འབྱང་བར། །སྔོན་དུ་འགུམས་པར་འགྱུར་དུ་མཆི། །འདི་ལས་ཇི་ལྟར་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟན་མི་རུང་འཆི་བདག་ནི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང༌། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆ་དགོས་པས། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང༌། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་གྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །རེ་ཞིག་གསོན་ཚེ་འདི་ཉིད་ལ། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག །མི་བཟད་གང་ཡིན་མདུན་ན་གནས། །དེ་ལྟར་བདག་ནི་གློ་བུར་ཞེས། །བདག་གིས་རྟོགས་པར་མ་གྱུར་པས། །གཏི་མུག་ཆགས་དང་ཞེ་སྡང་གིས། །སྡིག་པ་རྣམས་པ་དུ་མ་བྱས། །ཉིན་མཚན་སྡོད་པ་མེད་པར་ཡང༌། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །བསྣོན་པ་གུད་ནས་ཡོད་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཀྱང༌། །སྲོག་གཅོད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་བསྐྱབ་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །མགོན་པོ་བག་མེད་བདག་གིས་ནི། །འཇིགས་པ་འདི་འདྲ་མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབས། །སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །

p. 176

སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་འགྱུར་ཞིང༌། །འཇིགས་ཆེན་ནད་ཀྱིས་ཐེབ་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་གཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཅི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་སྐྱབས་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཐ་མལ་ནད་ཀྱིས་འཇིགས་ན་ཡང༌། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །དེ་གཅིག་གིས་ཀྱང་འཛམ་གླིང་ན། །གནས་པའི་མི་ཀུན་བརླག་བྱེད་ན། །དེ་དག་གསོ་བའི་སྨན་གཞན་ནི། །ཕྱོགས་རྣམས་ཀུན་ནས་མི་རྙེད་ན། །དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །བཀའ་ལྟར་མི་བྱེད་

p. 177

སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །གཡང་ས་ཐ་མལ་ཆུང་ངུ་ལ། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྟུང་བ་ཡི། །ཡུན་རིང་གཡང་ས་སྨོས་ཅི་དགོས། །དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པའི་རིགས་མ་ཡིན། །བདག་ནི་མེད་པར་གྱུར་པའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་བདེ་བར་འདུག །སྔོན་ཆད་མྱོང་སྟེ་ཞིག་པ་ལས། །བདག་ལས་ལྷག་པ་ཅིག་ཡོད་ན། །བདག་ནི་དེ་ལ་མངོན་ཞེན་ནས། །བླ་མའི་བཀའ་དང་འགལ་བར་བྱས། །གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་བཤེས་པ་རྣམས་སྤངས་ནས། །གཅིག་པུར་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང༌། །མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བའམ། །བཅས་པའི་སྡིག་པ་གང་ཡིན་པ། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོང་མི་བགྱི། །ཞེས་བརྗོད། བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་བསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང༌། །རྒྱལ་སྲས་ས་ལ་ཡི་

p. 178

རང་ངོ༌། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་བརྗོད་དོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐིབ་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་བརྗོད། དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་ཡན་ལག་ནི། རྒྱལ་བ་མྱ་ངན་འདའ་བཞེད་པར། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་མདོངས་པར་མི་དགོད་ཅིང༌། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་བརྗོད་དོ། །བདུན་པ་དགེ་བའི་རྩ་བ་བསྔོ་བའི་ཡན་ལག་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །འགྲོ་བ་ནད་པ་ཇི་སྙེད་པ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དང་ནི། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་གཏང་བར་ཆབས་ཅིག་པ། །སེམས་ཅན་རྣམས་ལ་བཏང་བས་མཆོག །བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པ་དང༌། །རྡེག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་པའི། །

p. 179

ལས་གང་ཡིན་པ་བྱེད་དུ་ཆུག །བདག་ལ་དམིགས་ནས་ནམ་དུ་ཡང༌། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་ཤུགས་ཕྱུང་ནས། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་ཕྱིར་འཕྱར་ཀ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་འགྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང༌། །གནས་མལ་འདོད་ལ་གནས་མལ་དང༌། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་བུ་བུམ་པ་བཟང༌། །རིག་སྔགས་གྲུབ་དང་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་ཤོག །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་བརྗོད་དོ། །གསུམ་པ་རྗེས་ནི། དེ་ལྟར་ཡན་ལག་བདུན་པ་ཚར་བའི་རྗེས་ལ། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་མདོ་རྗེས་དྲན་རྣམ་གསུམ་དག་པར་བཏོན་ལ། ཡོན་ཏན་དེ་དག་དང་ལྡན་པའི་དཀོན་མཆོག་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བསམས་ལ། བུདྡྷ་ཤ་ར་ཎཾ་གཙྪཱ་མི། དྷརྨཱ་ཤ་ར་ཎཾ་གཙྪཱ་མི། སཾ་གྷཱ་ཤ་ར་ཎཾ་གཙྪཱ་མི། ཞེས་བརྒྱ་རྩ་བརྒྱད་ལ་སོགས་པས་སྐྱབས་འགྲོ་ཞེ་ཐག་པ་ནས་བྱས་པའི་མཐར། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་

p. 180

མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟར་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང་རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང༌། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་བསྒྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་དུ་ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུགས་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་དུ་སྦྱིན་པའི་བདག་པོ་འཁོར་བཅས་ཀྱི་ནད་དང་གདོན་དང་བར་ཆད་ཞི་བ། ཚེ་དང་བསོད་ནམས་འཕེལ་བ། དཔལ་དང་འབྱོར་པ་རྒྱས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང༌། འགྲོ་བ་ཀུན་གྱི་ཚོགས་གཉིས་རབ་རྫོགས་ཤིང༌། །སྒྲིབ་གཉིས་བག་ཆགས་བཅས་པ་རབ་སྤངས་ནས། །ཀུན་མཁྱེན་རྒྱལ་བའི་སྐུ་གཉིས་མྱུར་ཐོབ་སྟེ། །དོན་གཉིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་འཕེལ་བ་དང༌། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟར་དགོངས་པའི་དོན། །རྒྱ་ཆེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སྦྱིན་བདག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམས་པ་ཡིད་བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་དང་བར་དུ་གཅོད་པ་ཀུན། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ཅན་ཀུན་གྱི་བསམ་སྦྱོར་ངན་པ་དང༌། །འཁྲུག་ལོང་གནོད་འཚེ་མཐའ་དག་རབ་ཞི་ནས། །ཕན་ཚུན་ཕན་བདེའི་དཔལ་ལ་འགོད་པ་ཡི། །དགེ་ལེགས་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་རྣམས་ཀུན་ཏུ་ལོ་ཕྱུགས་ལེགས་པ་དང༌། །ལོངས་སྤྱོད་འཕེལ་ཞིང་སྡིག་པའི་ལས་སྤངས་ནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི། །ཆོས་སྤྱོད་འཕེལ་བར་བྱིན་

p. 181

གྱིས་བརླབ་ཏུ་གསོལ། །མཁྱེན་རབ་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །ཐུགས་རྗེ་ཆེན་པོའི་ཕྱག་གིས་ཉེར་བཟུང་སྟེ། །ལྷུན་གྲུབ་རྒྱུད་ལྡན་ཕྲིན་ལས་ནུས་མཐུ་ཡིས། །མཁའ་མཉམ་འགྲོ་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དྲག་ཏུ་གསོལ་བ་བཏབ་པའི་རྗེས་སུ་ཇི་ལྟར་རིགས་པའི་བསྔོ་བ་དང་སྨོན་ལམ་བཏབ་ལ་ནོངས་པ་བཟོད་པར་གསོལ། དེར་བཞུགས་པའི་རྟེན་རྣམས་ལ་བརྟན་བཞུགས་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པ་ནི་ཆོ་ག་རྒྱས་པའོ། །གལ་ཏེ་དེ་ཙམ་མི་ནུས་ན། སེང་གེ་སྒྲ་ནས་ནམ་མཁའ་ལྡིང་གི་བར་གྱི་ཕྱག་འཚལ་དང༌། ཕྱོགས་དུས་ཀུན་ནས་བདག་པོས་མ་བཟུང་བའི། །ཞེས་པ་ནས། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ་ཞེས་པའི་བར་གྱི་མཆོད་པ་དང༌། ཡིད་བརྟན་མི་རུང་འཆི་བདག་ནི། །ཞེས་པ་ནས། འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་པའི་བར་གྱི་སྡིག་བཤགས་དང༌། བདག་གི་ལུས་དང་ལོངས་སྤྱོད་དང༌། །ཞེས་པ་མན་ཆད་ཀྱི་བསྔོ་བའི་ཚིག་རྣམས་བོར་ནས་ལྷག་མ་རྣམས་ཇི་སྐད་བཤད་པ་བཞིན་བྱས་པས་འབྲིང་པོར་འགྱུར་ལ། བསྡུ་ན་ཡན་ལག་བདུན་པ་ཐམས་ཅད་ཀྱང་འཕགས་པ་བཟང་པོ་སྤྱོད་པ་ལྟར། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་བརྗོད་པས་ཀྱང་འགྲུབ་བོ། །དེ་ལྟར་རྒྱས་འབྲིང་བསྡུས་གསུམ་པོ་གང་རུང་རེ་ཐུན་གསུམ་མམ་དྲུག་ཏུ་ཉམས་སུ་བླངས་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཐོབ་པར་འགྱུར་བས། ལས་དང་པོ་པ་རྣམས་ཀྱིས་འབད་པར་བྱའོ། །འཕགས་པའི་ནོར་བདུན་ཐོབ་བྱེད་བྱང་ཆུབ་ལམ། །ཡན་ལག་བདུན་པ་བྲིས་པའི་དགེ་བ་འདིས། །གནས་སྐབས་རིན་ཆེན་བདུན་ལ་དབང་འབྱོར་ཞིང༌། །མཐར་ཐུག་བྱང་ཆུབ་ཡན་ལག་བདུན་ཐོབ་ཤོག །ལས་དང་པོ་པའི་ཉམས་སུ་བླང་བའི་རིམ་པ་ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རབ་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བ་འདི་ནི། ཡོངས་སུ་རྫོགས་པའི་མཁས་པ་ཆེན་པོ་ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་དགེ་

p. 182

སློང་ཀུན་དགའ་བཟང་པོས་རྣམ་འཕྱང་གི་ལོ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་སྦྱར་བའི་ཡི་གེ་པ་ནི་གྲགས་པ་དཔལ་བཟང་པོས་བགྱིས་སོ།། ༈ །རྒྱ་གར་སྐད་དུ། པཱུ་ཛ་མེ་གྷ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨྨ་ཨ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། དྲན་པ་ཙམ་གྱི་མོད་ལ་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་སྙེད་ལ་མཆོད་པ་བྱས་པར་འགྱུར་ཞིང་ཞབས་ལ་ཕྱག་བྱས་པར་འགྱུར་རོ། །མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། མེ་ཏོག་ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་ཐམས་ཅད་དང༌། གདན་དང༌། གདིང་བ་དང༌། ན་བཟའ་དང༌། སྤྱན་གཟིགས་དང༌། བཤོས་གཙང་བ་ལ་སོགས་པ་དང༌། རྒྱན་དང༌། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་ཞིང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང༌། ལག་ན་རྡོ་རྗེ་ལ་སོགས་པ་གསང་བ་པའི་བདག་པོ་དང་བཅས་པ་རྣམས་དང༌། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཕྱི་བཞིན་ཡང་དག་པར་འབྲང་ཞིང་སྲུང་བ་དང༌། སྐྱོབ་པ་དང༌། སྦེད་པར་བྱེད་དོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ཡོན་ཏན་གྱི་ཁྱད་པར་འདི་དག་ནི་མ་བསྒྲུབས་པར་

p. 183

ལན་ཅིག་དྲན་པ་ཙམ་གྱིས་འཐོབ་པར་འགྱུར་རོ། །མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་རྫོགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མཧཱ་རཏྣེ་བི་ཛ་ཡེ་སྭཱ་ཧཱ། འདི་བརྗོད་ཅིང་བསྐོར་བ་གཅིག་བྱས་པའང་དཔག་ཏུ་མེད་པ་བྱས་པར་འགྱུར་རོ། །བསྐོར་བའི་གཟུངས་རྫོགས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་རྟེན་ལ་སྔགས་འདི་ལན་རེ་བརྗོད་ཅིང་བརྐྱང་ཕྱག་རེ་བྱས་ཏེ་ཕྱག་གསུམ་བྱས་ན་སྡེ་སྣོད་གསུམ་ཐོས་པ་དང༌། བསམས་པ་དང༌། བསྒོམས་པའི་བསོད་ནམས་དང་མཉམ་པར་འགྱུར་རོ། །ཉི་མ་རེ་རེར་ཕྱག་གསུམ་གསུམ་བྱས་ན་ཚེ་འདི་ཉིད་ལ་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །དེ་མ་ཐོབ་ཀྱི་བར་དུ་མི་དང་མི་མ་ཡིན་པ་དང༌། འབྱུང་པོ་དང༌། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ། །ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཕྱག་བྱ་བའི་གཟུངས་རྫོགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ་བི་ཛ་ཡེ་སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་ཕྱག་བྱའོ། །ན་མསྶརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མི་དཱ་བྷི་ཛྙཱ་ར་སི་ནི་ནསྟུ་ཏེ་སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་བསྟོད་པ་བྱའོ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མཱུ་ཧེ་སྥ་ར་ཎ་ཨི་མཾ་ག་ག་ན་ཀཾ་ཧཱུྃ། ཞེས་པས་མཆོད་པ་བྱིན་གྱིས་བརླབ་བོ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཾ། སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་པས་མཆོད་པའི་སྤྲིན་འབྱུང་ངོ༌། །ན་མསྶརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿསརྦ་བིཏ་པཱུ་ར་པཱུ་ར། ཨ་བརྟཱ་ཨ་བྷ་ཡེ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་རྣམས། མཆོད་པ་དང་ཉེ་གནས་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ།། །།སརྦ་མངྒ་ལཾ།། །།

ཆོས་སྤྱོད་ཉེར་མཁོ་ཡན་ལག་ཉི་ཤུ་པ་ཡིད་བཞིན་ནོར་བུའི་ཐེམ་སྐས།

p. 184
p. 185

ཆོས་སྤྱོད་ཉེར་མཁོ་ཡན་ལག་ཉི་ཤུ་པ་ཡིད་བཞིན་ནོར་བུའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

p. 186

ཨོཾ་སྭ་སྟི། ཆོས་སྤྱོད་ཡན་ལག་ཉི་ཤུ་པ་ཤིན་ཏུ་བསྡུས་ཏེ་བྱ་བའི་ཚུལ་ལ། སྡོམ་ནི། ས་ག«༡»་ཞི་གནས་ཁང«༢»་མཆོད་པ་བ«༣»རླབ། །ཚོགས་ཞིང་སྤྱན་དྲ«༤»ང་བྱོན་ལེག«༥»ས་བྱ། །ཁྲུས་གསོལ་«༦»སྐུ་ཕྱི་རྒྱ«༧»ན་«༨»་བྱུགས«༩»་འབུལ། །ཕྱག་འཚལ«༡༠»་བསྟོད་«༡༡»མཆོད་«༡༢»སྡིག་པ་བཤ«༡༣»གས། །སྐྱ«༡༤»བས་སེམ«༡༥»ས་ཡི་ར«༡༦»ངས་ཆོས་འཁོར་བ«༡༧»སྐུལ། །བཞུགས་གསོལ«༡༨»་བསྔོ་བ་«༡༩»བཀྲ་ཤིས«༢༠»་ཏེ། །ཆོས་སྤྱོད་ཡན་ལག་ཉི་ཤུའོ། །ཞེས་པ་ལྟར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བྱེད་ན། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང༌། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང༌། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང༌། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་

p. 187

གསོལ། །ཅེས་པས་ཚོགས་ཞིང་སྤྱན་དྲང༌། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་བསྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་འབྱོན་ལེགས་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཅེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་རྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཞེས་རྒྱན་དང༌། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཞེས་བྱུགས་པ་འབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྗོད་པས་ཚོགས་ཀྱི་ཞིང་དུ་བརྟན་པར་བཞུགས་པར་བསམ།

p. 188

ཇི་སྙེད་སུ་དག་སོགས་ནས་བསྟོད་པར་བགྱི་ཞེས་པའི་བར་ཕྱག་འཚལ་ཞིང་བསྟོད། མེ་ཏོག་དམ་པ་སོགས་ཤློ་ཀ་གསུམ་གྱིས་མཆོད་ཅིང༌། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་དང་རོལ་མོ་བྱ། མཎྜལ་འབུལ། འདོད་ཆགས་ཞེ་སྡང་སོགས་བཤགས་པ་བྱ། དེ་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་སོགས་སམ། བསྡུ་ན། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སེམས་བླང༌། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སོགས་ནས། ཕྱིར་བསྔོའོ་ཞེས་པའི་བར་གྱིས་རྗེས་སུ་ཡི་རངས་སོགས་ཡན་ལག་བཞི་དང༌། སྨོན་ལམ་རྒྱས་བསྡུས་ཇི་ལྟར་རིགས་པ་གདབ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འདི་ལ་གདན་ཁྲི་བྱིན་རླབས་དང༌། བཞུགས་སུ་གསོལ་བའི་ཡན་ལག་དང༌། སྨོན་ལམ་གྱི་ཡན་ལག་སོ་སོར་བགྲངས་པས་ཡན་ལག་ཉི་ཤུ་རྩ་གསུམ་དུའང་འགྱུར་རོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས།། ༈ །ཨོཾ་སྭ་སྟི་པྲ་ཛཱ་བྷྱཿ སྐྱབས་གནས་ཀུན་འདུས་བླ་མ་དང༌། །དཀོན་མཆོག་གསུམ་ལ་གུས་བཏུད་ནས། །ལས་དང་པོ་ལ་ཉེར་མཁོའི་ཕྱིར། །སྤྱོད་པའི་རིམ་པ་ཅུང་ཟད་བཤད། །དེ་ལ་དང་པོའི་ལས་ཅན་རྣམས་ཀྱིས་ཉིན་ཞག་ཕྲུགས་གཅིག་གི་ཉམས་ལེན་གྱི་རིམ་པ་ཡན་ལག་ཉི་ཤུར་བསྡུས་ནས་བརྗོད་པ་ལ། ཐོག་མར་སྦྱོར་བ་ནི། གཙུག་ལག་ཁང་ལ་སོགས་པའི་གནས་ཁང་དྲི་བཟང་པོའི་ཆུས་ཆག་ཆག་གདབ་ཅིང་ཕྱག་དར་བྱས། རྒྱན་གྱི་བྱེ་བྲག་ཇི་ལྟར་འབྱོར་པ་ཡིད་དུ་འོང་བར་བྱས་པས་བརྒྱན། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་སྣང་བརྙན་བྲིས་འབུར་ཇི་འབྱོར་བཤམ། དེའི་མདུན་དུ་མཆོད་སྟེགས་བང་རིམ་ཅན་དར་རས་ཀྱིས་བཀབ་པ་ལ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་གཙང་ཞིང་དག་པ་ཇི་ལྟར་འབྱོར་པ་དང༌། མཎྜལ་གྱི་ཆས་དྲི་བཟང་གི་ཆུ་དང་བཅས་པ། ཁྲུས་བུམ། སྐུ་ཕྱི། གོས་ཟུང་བཅས་བཀོད་མཛེས་སུ་བཤམས་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་

p. 189

བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། དཔལ་ལྡན་རྩ་བའི་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ངག་ཡིད་ལ་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་བསྲུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གང་ནས་གང་འགྲོ་བར། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ནི་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་བརྗོད་ཅིང་དོན་བསམ་མོ། །བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་

p. 190

ལ་སྐྱབས་སུ་མཆིའོ། །ཞེས་མང་དུ་བརྗོད་ཅིང་མཐར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་སྐྱབས་གནས་མཐར་ཐུག་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡན་ལག་བདུན་པ་འབུལ་བར་བགྱིའོ་སྙམ་དུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག དངོས་གཞི་ལ་ཉི་ཤུ་ལས་དང་པོས་གཞི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོ་ལ་སོགས་པའི་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་དང་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམས་པའི་ཕོ་བྲང་གི་དཀྱིལ་འཁོར་དང༌། མཆོད་པའི་ཚོགས་སྦྱར་བ་འདི་རྣམས་ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ། ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་

p. 191

དང་ལྡན་པའི་ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་པ། གསེར་དང༌། དངུལ་དང༌། མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང༌། ཀུ་མུད་དང༌། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང༌། ཆུ་བྱ་སྣ་ཚོགས་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་བུ་དང་ལྡེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྗོན་པ་ལ་ལྷའི་ནོར་བུ་དང༌། མུ་ཏིག་གི་རྒྱན་ཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོག་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་པ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་པ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྦྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་ཕོ་བྲང་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཞིང་ཁམས་དེའི་དབུས་སུ་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པ་རྣམ་པར་གནས་པ་རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌།

p. 192

ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོག་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པས་འགྲོ་བ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོ་འབྱུང་བར་གྱུར་ཅིག ཅེས་བརྗོད། གསུམ་པ་གདན་ཁྲི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་གཞལ་ཡས་ཁང་གི་དབུས་སུ་པདྨའི་གདན་ལ་རིན་པོ་ཆེའི་སྣ་ཚོགས་ལས་གྲུབ་པའི་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་སྟེང་དུ་པདྨ་དང་ཟླ་བའི་གདན་མཐའ་སྐོར་དུ་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན། གཞན་ཡང་པདྨ་དང་ཟླ་བའི་གདན་སྣ་ཚོགས་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སོགས་པ་བླ་མ་ཡི་དམ་སངས་རྒྱས་སྲས་དང་བཅས་པ་གདན་འཛོམ་པའི་བཞུགས་གནས་འཕགས་པ་སོ་སོའི་སྨོན་ལམ་གྱི་ཁྱད་པར་དང༌། མངའ་ཐང་དང་འཚམས་པར་གྲུབ་པ་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག ཅེས་བརྗོད། བཞི་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་

p. 193

སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཕྱི་ནང་ཀུན་ཏུ་ཡང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་ན་བཟའ་དང་རྒྱན་དང་རོལ་མོ་ལ་སོགས་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག ཅེས་བརྗོད། དེ་ནས་རོལ་མོ་སྣ་ཚོགས་པ་དང་བཅས་པས། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བི་དྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ་བཏོན་ལ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱི་དེ་བཞིན་དུ་གྱུར་ཅིག ཅེས་བདེན་སྟོབས་བརྗོད། བཞི་པ་མཆོད་ཡུལ་སྤྱན་དྲང་བ་ནི། ཚོགས་པ་རྣམས་བཞེངས་ཏེ་བདུག་སྤོས་དང༌། མཆོད་ཡོན་གྱིས་བཀང་བའི་དུང་ཕོར་དང༌། ཏིང་བཤགས་སོགས་རོལ་མོ་ཐོགས་ཤིང༌། དབྱངས་སྙན་པོ་དང་བཅས་པས། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་མཆོག་ཏུ་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་སྒྲུབ་མཛད་པའི། །དུས་གསུམ་བླ་མ་འཁོར་བཅས་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་

p. 194

འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་བསྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེ་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །ལྔ་པ་བྱོན་ལེགས་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །དྲུག་པ་ཁྲུས་གསོལ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པར། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་སྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཁྱེད་ཀྱི་རང་བཞིན་ཡོངས་དག་པས། །སྲེད་སོགས་འཆིང་བ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས་སླད་དུ། །རྒྱལ་བའི་སྐུ་གསུང་

p. 195

ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་དྲི་མ་དག་གྱུར་ཅིག །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །བདུན་པ་སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པའི་སྐུ་ཕྱིའོ། །བརྒྱད་པ་བྱུག་པ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །དགུ་པ་རྒྱན་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །བཅུ་པ་ཕྱག་འཚལ་བ་ནི། གང་གི་བཀའ་དྲིན་འོད་ཀྱིས་གསལ་བྱས་བདག་ཉིད་ཀྱི། །དེ་ཉིད་རིན་ཆེན་འོད་ཀྱི་ཚོགས་ཀྱིས་མུན་བཅོམ་ནས། །མིག་སྐྱོན་མེད་རྣམས་རོལ་པར་གནས་པས་སྟེང་དུ་ནི། །ལྟ་གྱུར་བླ་མ་ཉི་མ་དེ་ལ་ཕྱག་འཚལ་ལོ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། །བར་དུ་གཅོད་པའི་བདུད་བཞི་འདུལ་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ༴ །གང་ཞིག་འབྱུང་པོ་ཀུན་ལ་ཐུགས་བརྩེ་བས། །སྔོན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར། །སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ། །སྲིད་པ་མཐར་ཕྱིན་དེ་ལ༴ །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ༴ །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་

p. 196

བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱེད༴ །གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་བཞུད་ཚེ། །འཛམ་བུའི་གྲིབ་མས་སྐུ་ལུས་མ་བཏང་ཞིང༌། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ༴ །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད༴ །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད༴ །མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ༴ །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ༴ །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ༴ །སྔོན་ཚེ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ནས། །ཚོགས་གཉིས་ཡོངས་རྫོགས་དགོངས་པ་མཐར་ཕྱིན་པའི། །དེ་བཞིན་གཤེགས་པ་དྲུག་ཁྲི་ལྔ་སྟོང་ལ། །ལུས་ངག་ཡིད་གསུམ་གུས་པས༴ །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ༴ །ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ༴ །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་

p. 197

ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ༴ །བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་སྲེག །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། །དགའ་ལྡན་བཞུགས་པ་དེ་ལ༴ །རྡོ་རྗེ་འཆང་དབང་རྒྱལ་བ་རྟག་པ་དང༌། །ཧེ་རུ་ཀ་དཔལ་རྡོ་རྗེ་ཉི་མ་དང༌། །པདྨ་གར་དབང་རྟ་ཡི་རྒྱལ་པོ་སོགས། །འཁོར་ལོའི་དབང་ཕྱུག་རྣམས་ལ༴ །རྒྱལ་བ་རིགས་ལྔ་དེ་བཞིན་གཤེགས་ཡུམ་བཞི། །སེམས་དཔའ་ཆེ་དང་ཁྲོ་བོའི་དབང་པོ་རྣམས། །རང་རང་རིགས་ཀྱི་ལྷ་མོར་བཅས་ལ་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ །རྡོ་རྗེ་ཕག་མོ་བདག་མེད་སྣ་ཚོགས་ཡུམ། །ཡེ་ཤེས་དབང་མོ་རྡོ་རྗེ་རོ་ལངས་མ། །རྡོར་དབྱིངས་དབང་ཕྱུག་ལ་སོགས་དཀྱིལ་འཁོར་གྱི། །འཁོར་ལོས་སྒྱུར་མ་རྣམས་ལ༴ །འདུས་པ་བདེ་དགྱེས་སྒྱུ་འཕྲུལ་དྲྭ་བ་དང༌། །གདན་བཞི་མཱ་ཡཱ་ཐོད་པ་གཤིན་རྗེའི་གཤེད། །དུས་ཀྱི་འཁོར་ལོ་ལ་སོགས་སྔགས་རྒྱུད་ཀྱི། །ཡེ་ཤེས་ལྷ་ཚོགས་ཀུན་ལ༴ །གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་དང༌། །ཕྱག་རྒྱའི་རིགས་བྱུང་ལ་སོགས་སྔགས་ཀྱི་ལྷ། །ཞི་ཁྲོའི་ལྷ་ཚོགས་རྒྱུད་སྡེ་བཞི་པོ་ལས། །གང་གསུངས་རྣམས་ལ་གུས་པས་ཕྱག་བགྱིའོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ༴ །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ༴ །དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྲས། །གཞོན་ནུའི་ཚུལ་འཛིན་རྒྱལ་སྲས་འཇམ་པའི་དབྱངས། །བདུད་ཀྱི་དཀྱིལ་འཁོར་མཐའ་དག་འཇོམས་མཛད་པ། །མཁྱེན་བརྩེའི་རང་བཞིན་དེ་ལ༴ །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་

p. 198

མཛད་པའི། །ཕྱག་ན་རྡོ་རྗེ་བསྣམས་ལ༴ །མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་མཆོག་དང༌། །རལ་གཅིག་མ་དང་ཁྲོ་གཉེར་ཅན་མ་སྟེ། །འཕགས་པ་ལྷ་ལྔའི་ཚོགས་ལ༴ །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ༴ །སེང་གེ་གླང་ཆེན་མེ་སྤྲུལ་ཆོམ་རྐུན་དང༌། །ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །བཅོམ་ལྡན་སྒྲོལ་མ་ཡུམ་ལ༴ །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་སྐྱོན་སྤངས་ཀ་ལ་པིངྐའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་མཁྱེན། །བཀྲ་ཤིས་དཔལ་འབར་མ་ལ༴ །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་རྒྱལ་པོ་དབྱུག་སྔོན་ཅན། །སྟོབས་པོ་ཆེ་དང་ལྷ་ཡི་བུ་གཉིས་པོ། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ༴ །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ༴ །སོ་སོར་འབྲང་མ་སྟོང་ཆེན་རབ་འབྱམས་དང༌། །རྨ་བྱ་ཆེན་མོ་གསང་སྔགས་རྗེས་འཛིན་དང༌། །བསིལ་བའི་ཚལ་དང་གཙུག་ཏོར་གདུགས་དཀར་སོགས། །ཕྲིན་ལས་ལྷ་ཚོགས་རྣམས་ལ༴ །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་མཛད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྩོལ་མཛད་པའི། །ལྷ་མོ་འོད་ཟེར་ཅན་ལ༴ །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ཤ་ཝ་རཱི། །ལྷ་མོ་གང་གིས་བསྒྲུབས་པའི་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ༴ །རྒྱལ་བ་རྒྱ་མཚོའི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་མ། །ལྷ་མོ་དབྱངས་ཅན་མ་ལ༴ །ཡེ་ཤེས་ཧ་ཡ་གྲཱི་ཝ་རྟ་མཆོག་

p. 199

དཔལ། །འབར་བའི་སྐུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་བུབ་གནོན་པའི་ལྷ། །པདྨ་རིགས་སྔགས་རྒྱལ་ལ༴ །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ༴ །ཡེ་ཤེས་རྒྱལ་བའི་རིགས་ཀྱི་སྤྲུལ་པ་ནི། །ལྷ་མིན་འཇོམས་ཤིང་བདུད་ཀྱི་ཀླད་པ་འགེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཤིན་རྗེའི་གཤེད། །འོད་ཆེན་ཁྲོ་བོའི་རྒྱལ་ལ༴ །མཐུ་སྟོབས་ཐོགས་མེད་རྡོ་རྗེ་རྣམ་པར་འཇོམས། །ཕྲིན་ལས་ལྷུན་གྲུབ་བདུད་རྩི་འཁྱིལ་པ་སོགས། །ཁྲོ་བོ་མངགས་གཞུག་ཕོ་ཉའི་དབང་པོ་རྣམས། །རིག་པའི་ཚོགས་དང་བཅས་ལ༴ །གཙུག་ཏོར་འཁོར་ལོས་སྒྱུར་དང་མཐར་བྱེད་བཞི། །སྟོབས་ཆེན་མི་གཡོ་འདོད་པའི་རྒྱལ་པོ་དང༌། །དབྱུག་སྔོན་ཧཱུྃ་མཛད་གནོད་མཛེས་རྒྱལ་པོ་སྟེ། །ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ༴ །ལྷ་ཀླུ་གནོད་སྦྱིན་ལྷ་མིན་ཚངས་པ་སོགས། །འཇིག་རྟེན་དྲེགས་པ་ཀུན་གྱིས་ཞབས་ལ་བཏུད། །གདུལ་དཀའ་འདུལ་ཕྱིར་དཀྱིལ་འཁོར་སྤྲུལ་མཛད་པའི། །འཇིག་རྟེན་གསུམ་རྒྱལ་གཙོ་ལ༴ །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ༴ །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱེད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་ཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ༴ །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཅུག་སྟེ། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་

p. 200

དཔོན་ཁྱེད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ༴ །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ༴ །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླིང་བཞི་རྟོགས་བརྗོད་དེ་ལྟར་བྱུང༌། །སྐྱེས་རབ་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ༴ །མི་འཁྲུགས་པ་དང་སྣང་མཛད་སྤྱན་རས་གཟིགས། །རིན་ཆེན་འོད་འཕྲོ་རི་རབ་མུ་ཁྱུད་དང༌། །འོད་དཔག་མེད་དང་རྡོ་རྗེ་འཛིན་པ་སྟེ། །མཐུ་སྟོབས་ཆེན་པོ་བརྒྱད་ལ༴ །བཟང་སྐྱོང་ཟླ་འོད་གཞོན་ནུ་ཡུལ་འཁོར་སྐྱོང༌། །དོན་ཟབ་དགོངས་འགྲེལ་ཀུན་འདྲི་ཆོས་འཕགས་དང༌། །བློ་གྲོས་དག་ཡངས་དོན་དམ་ཡང་དག་འཕགས། །ཡོན་ཏན་འབྱུང་གནས་རྣམས་ལ༴ །ཐུབ་པའི་བཀའ་འཁོར་ཤཱ་རིའི་བུ་དང་ནི། །མཽ་གལ་བུ་དང་ཀུན་ཤེས་ནོར་སྦྱིན་འཛིན། །ཉེ་བ་འཁོར་དང་མ་འགགས་རབ་འབྱོར་སོགས། །དགྲ་བཅོམ་གྲངས་ལས་འདས་ལ༴ །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང༌། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ༴ །བཀྲ་ཤིས་འབྱུང་དང་བྱང་ཆུབ་ཆེན་པོ་དང༌། །ཆོས་འཁོར་ཆོ་འཕྲུལ་ཆེན་པོ་ལྷ་ལས་བབས། །དབྱེན་བསྡུམས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས། །མྱང་འདས་མཆོད་རྟེན་རྣམས་ལ༴ །སྟོན་པས་བསྟན་པ་ཡོངས་གཏད་འོད་སྲུང་ཆེ། །ཀུན་དགའ་བོ་དང་ཤ་ནའི་གོས་ཅན་དང༌། །ཉེ་སྦས་དྷི་ཏི་ཀ་དང་ནག་པོ་དང༌། །ལེགས་མཐོང་

p. 201

རྣམས་ལ་གུས་པས་ཕྱག་འཚལ་ལོ། །གསང་སྔགས་ཟབ་མོའི་རྣལ་འབྱོར་ལ་བརྩོན་པས། །ཚེ་གཅིག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། །ཨིནྡྲ་བྷཱུ་ཏི་ས་ར་ཧ་ལ་སོགས། །དཔག་ཡས་གྲུབ་ཆེན་རྣམས་ལ༴ །མགོན་པོ་ཀླུ་སྒྲུབ་ཨཱརྻ་དེ་བ་དང༌། །ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས། །ཆོས་སྐྱོང་ཡོན་ཏན་འོད་དང་དཔའ་བོ་སོགས། །འཛམ་གླིང་རྒྱན་མཆོག་རྣམས་ལ༴ །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་དུས་རྒྱལ་བ་རྣམས་ལ༴ །མི་ཡི་དབང་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་བ། །རྒྱལ་བློན་བྱང་སེམས་རྣམས་ལ༴ །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །ལོ་ཙཱ་ཆེན་པོ་རྣམས་ལ༴ །འཛམ་བུའི་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྦར། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །མཁན་ཆེན་ཞི་བ་འཚོ་ལ༴ །བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ཚུལ་འཛིན་ཅིང༌། །གངས་ཅན་ཁྲོད་འདིར་གདུལ་བྱ་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་འདུལ་བར་མཛད་པ་ཡི། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ༴ །རིག་པའི་གནས་ལྔ་དག་ལ་མཁྱེན་པ་རྒྱས། །སྒྲོལ་མས་ལུང་བསྟན་ཁ་བ་ཅན་དུ་བྱོན། །ལྔ་བརྒྱའི་དུས་སུ་ཐམས་ཅད་མཁྱེན་པར་གྱུར། །འགྲོ་མགོན་ཨ་ཏི་ཤ་ལ༴ །མ་བྱོན་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི། །རྒྱ་གར་བོད་དང་ཁ་ཆེ་ལ་སོགས་པ། །སྣ་ཚོགས་ཡུལ་དུ་དམ་ཆོས་རྒྱས་མཛད་པའི། །པཎ་ཆེན་ཡབ་སྲས་རྣམས་ལ༴ །གཟུངས་སྔགས་རྟོག་པ་བྱ་རྒྱུད་སྤྱོད་རྒྱུད་དང༌། །རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་ཀྱི། །དབང་ལུང་བཤད་པ་ལག་ལེན་མན་ངག་གི། །བརྒྱུད་པའི་

p. 202

བླ་མ་རྣམས་ལ༴ །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་དང༌། །འདུལ་བ་མངོན་པ་མདོ་སྡེ་རིན་པོ་ཆེ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་གྱི། །བརྒྱུད་པའི་བླ་མ་རྣམས་ལ༴ །འགྲོ་ལ་ཕན་བདེ་མ་ལུས་འབྱུང་བའི་གཞི། །བདེ་གཤེགས་བསྟན་པ་ཡུན་རིང་གནས་པ་དང༌། །འཛིན་དང་སྤེལ་དང་སྲུང་དང་རྒྱས་མཛད་པའི། །སྐྱེས་བུ་དམ་པ་རྣམས་ལ༴ །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡེངས་བུ་བཞིན་སྐྱོང༌། །གནས་གསུམ་མཁའ་འགྲོའི་ཚོགས་ལ༴ །ས་བཅུ་ཉིད་ལ་གནས་པའི་སེམས་དཔའ་ཡང༌། །གཟི་བརྗིད་མེ་ལྟར་འབར་བའི་ཁྲོ་ཚུལ་གྱིས། །བསྟན་ལ་སྡང་བའི་དགྲ་བགེགས་རྩད་ནས་གཅོད། །ཡེ་ཤེས་མགོན་པོའི་ཚོགས་ལ༴ །གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ༴ །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ༴ །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ༴ །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་

p. 203

མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །རྟོག་པའི་དྲྭ་བ་རྣམས་བསལ་ཞིང༌། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ༴ །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ༴ །སངས་རྒྱས་ཀུན་གྱི་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ༴ །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་བརྒྱན་ཅིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ༴ །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་མཐའ་དག་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ༴ །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང༌། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང༌། །བརྟུལ་ཞུགས་མཆོག་ལའང་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །བཅུ་གཅིག་པ་བསྟོད་པ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །

p. 204

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་མཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པ། །བླ་མའི་གསུང་ལ༴ །བླ་མའི་ཐུགས་ནི་ནམ་མཁའ་ལྟར། །བདེ་གསལ་མི་རྟོག་སྟོང་པའི་ངང༌། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ༴ །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ༴ །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ༴ །དག་པའི་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ༴ །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ།། ༈ །སྟོན་པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་ནི། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་

p. 205

དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང༌། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་གྱི། །ལྷ་རྣམས་འདུལ་མཛད་གདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབ་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་དེ། །བཀྲ་ཤིས་ལུམྦེའི་ཚལ་ཏུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་ལ༴ །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེ། །ཨངྒ་མ་ག་དྷཱར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག༴ །འཇིག་རྟེན་སྤྱོད་དང་མཐུན་པར་བྱ་བ་དང༌། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ༴ །འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང༌། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། །རབ་ཏུ་བྱུང་བར་མཛད་ལ༴ །བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། །ནཻ་རཱ་ཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་ནས་བརྩོན་འགྲུས་མཐར་ཕྱིན་ཏེ། །བསམ་གཏན་མཆོག་བརྙེས་མཛད་ལ༴ །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ༴ །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད༴ །གཞན་གྱི་རྒོལ་བ་ངན་པ་ཚར་གཅད་

p. 206

ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་རྒྱལ་མཛད་ལ༴ །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པས། །བསྟན་པ་རྒྱས་པར་མཛད་ལ༴ །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ༴ །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང༌། །མ་འོངས་སེམས་ཅན་བསོད་ནམས་འཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌། །བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག །སྟོན་པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་འདི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༈ །བསྐལ་བཟང་སངས་རྒྱས་སྟོང་གི་བསྟོད་པ་ནི། མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་བས། །སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱིའི་བསྟོད་པ་ནི། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པའི་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ༴ །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་

p. 207

ནི། །མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །ལན་ལྡོག་ཁྱོད་ལ༴ །རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བས། །ལེགས་སྟོན་ཁྱོད་ལ༴ །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་གྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ༴ །ལུས་ཅན་རྣམས་ཀྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ༴ །ལེན་དང་གནས་དང་གཏོང་པ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ༴ །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ༴ །རང་གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་བྱེད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ༴ །བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་དུ་བག་རྐྱོང་གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པས། །འཁོར་སྡུད་ཁྱོད་ལ༴ །ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་བར། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་རྣམས་ཀྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ༴ །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ༴ །སྤྱོད་པ་དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ༴ །སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ༴ །འཛིན་པ་མེད་ཅིང་ཉེས་པ་མེད། །རྙོག་པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་

p. 208

ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་འདི་ནི་རྒྱལ་ཚབ་བྱམས་པ་མགོན་པོ་ནས་མཛད་པའི་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་མཐར་ཐུག་གི་ལེའུ་ཉི་ཤུ་རྩ་གཅིག་པ་ལས་གསུངས་སོ། །དེའི་ཁ་བསྐོང་ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པ་ནི། ཐོབ་བྱའི་ཡོན་ཏན་ཀུན་བརྙེས་པས། །རང་དང་གཞན་གྱི་ཕྲིན་ལས་སྒྲུབ། །མཁྱེན་པར་བྱ་བའི་ཆོས་རྣམས་ཀུན། །མ་ལུས་གཟིགས་པ་ཁྱོད་ཕྱག་འཚལ། །དྲན་དང་བརྩོན་འགྲུས་ཏིང་ངེ་འཛིན། །རྨད་དུ་བྱུང་བའི་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་འཕགས་པའི་ལམ། །ལེགས་སྒྲུབ་ཁྱོད་ལ་ཕྱག་འཚལ་ལོ། །ཁམས་གསུམ་གཏོགས་པའི་རྣམ་པར་རྟོག །སྤངས་པའི་སྙོམས་འཇུག་རྣམ་དགུ་ཡིས། །སེམས་ཀྱི་ཐ་བ་འཇོམས་པའི་དབང༌། །མཐར་སོན་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་སུ་འཛིན་པས་རབ་སྟོང་ཞིང༌། །ཉེ་བར་ལེན་ལ་སྨོན་མི་མངའ། །མཚན་མ་ཐམས་ཅད་རབ་ཞི་བས། །རྣམ་ཐར་མཆོག་བརྙེས་ཁྱོད་ཕྱག་འཚལ། །ཡེ་ཤེས་དང་ནི་ཐུགས་རྗེ་ལ། །བསྐལ་པ་དུ་མར་ཐུགས་སྦྱངས་པས། །ཉེ་བར་འཚེ་བའི་བདུད་སྡེ་རྣམས། །ལེགས་འདུལ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱི་དང་ནང་དང་གཉིས་ཀ་དང༌། །འདུན་དང་མཁྱེན་དང་འདོམས་པ་ལ། །དབང་བཅུ་དག་གིས་འཇིག་རྟེན་གྱི། །བྱ་བ་སྒྲུབ་པ་ཁྱོད་ཕྱག་འཚལ། །རྨད་བྱུང་ལྷུན་གྱིས་གྲུབ་པ་ཅན། །ཤེས་བྱ་ཀུན་ལ་ཐོགས་མེད་པ། །སྒྲུབ་དང་སྤོང་བའི་ཏིང་འཛིན་ལ། །མངའ་བརྙེས་ཁྱོད་ལ༴ །འཛིན་དང་འཆད་པ་ཆོས་ཀྱི་སྒོ། །ཉུང་ངུས་ཆོས་རྣམས་བདེ་བླག་ཏུ། །སྟོན་མཛད་གཟུངས་ཀྱིས་ཆོས་ཀྱི་གཏེར། །ཁང་བྱེད་ཁྱོད་ལ༴ །ཆགས་སོགས་དགག་དཀའི་དྲི་མ་དང༌། །འཁོར་གསུམ་རྣམ་པར་རྟོག་པའི་གཞི། །བག་ཆགས་བཅས་པ་གཏན་སྤངས་ལ། །སྒྲིབ་པ་ཀུན་གྲོལ་ཁྱོད་ཕྱག་འཚལ། །གསལ་དང་དྲི་མེད་ཡོན་ཏན་གཏེར། །ཕྲིན་ལས་རྟེན་དང་བརྟེན་པ་ཡིས། །རང་གཞན་དོན་གྱི་ཡེ་ཤེས་ལ། །རྫོགས་པའི་སངས་རྒྱས་ཁྱེད་ཕྱག་འཚལ། །གསུང་

p. 209

དབྱངས་མི་འཇིགས་སེང་གེའི་སྒྲ། །ཡན་ལག་དྲུག་ཅུ་དང་ལྡན་པས། །ལྷར་བཅས་འཇིག་རྟེན་ཐམས་ཅད་ལ། །ལེགས་སྒྲོགས་ཁྱོད་ལ༴ །ཁྱོད་ཀྱིས་ཟག་བཅས་འགྲོ་བའི་རྒྱུན། །གང་ལགས་ལམ་གྱི་བདེན་པས་བསྒྱུར། །འགྲོ་བ་ཀུན་འཇུག་ཡེ་ཤེས་སུ། །མཁྱེན་པ་ཁྱོད་ལ༴ །འཇིག་རྟེན་སློབ་མ་བསེ་རུ་སྲས། །སྟོན་པའི་འབྱོར་པ་ཕུལ་བྱུང་བ། །གང་ལགས་དེ་འདྲ་མངའ་བརྙེས་པས། །ལེགས་འབྱོར་ཁྱོད་ལ༴ །ཐུན་མོང་བ་དང་ཕུལ་བྱུང་ཆོས། །རླབས་ཆེན་ཤིན་ཏུ་རྨད་བྱུང་བ། །བརྙེས་པས་འཇིག་རྟེན་ཐམས་ཅད་ཀྱི། །སྐྱབས་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟའི་དངོས་བསྟོད་སྟོན་པ་ཡིས། །བསྟན་པ་རིན་ཆེན་གསལ་མཛད་པ། །འགྲོ་བ་ཀུན་གྱིས་ཤེས་བྱ་ཡི། །དེ་ཉིད་ལེགས་པར་མཐོང་བར་ཤོག །ཅེས་པ་འདི་ནི་ཐུབ་པ་དགོངས་གསལ་ལས་ཕྱུང་བའོ། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། ༈ །ཐུབ་དབང་ཆོ་འཕྲུལ་བསྟོད་པ་བཞུགས་སོ། །མཉན་ཡོད་གནས་སུ་སྟོན་ལ་མུ་སྟེགས་ཀྱི། །སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པའི་ཚེ། །སྐྱེ་བོ་དུ་མ་ཚོགས་པའི་མངོན་སུམ་དུ། །རྨད་བྱུང་ཆོ་འཕྲུལ་བསྟན་ལ་ཕྱག་འཚལ་ལོ། །ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ། །ཚེམས་ཤིང་ས་ལ་བཙུགས་པས་ལྗོན་ཤིང་སྐྱེས། །དཔག་ཚད་ལྔ་བརྒྱར་ཁྱབ་པའི་ཡལ་འདབ་རྒྱས། །དྲི་རོས་སྐྱེ་བོ་ཚིམ་ལ་ཕྱག༴ །ཚེས་གཉིས་ཨུ་དྲ་ཡཱ་ནས་མཆོད་པའི་ཚེ། །གཡས་གཡོན་གཉིས་སུ་རིན་ཆེན་རིག་གཉིས་སྤྲུལ། །རི་རྩེ་ལས་སྐྱེས་འབྲས་དང་རྩྭ་རྣམས་ཀྱིས། །མི་དང་དུད་འགྲོ་ཚིམ་ལ༴ །ཚེས་གསུམ་ཤུཉྩ་ཡཱ་ནས་མཆོད་པའི་ཚེ། །ཞལ་བསིལ་ཆུ་ལས་རིན་ཆེན་རྫིང་བུར་སྤྲུལ། །ཁ་དོག་སྣ་ཚོགས་པདྨའི་འོད་ཟེར་གྱིས། །དྲི་ཡིས་ཚིམ་པར་མཛད་ལ༴ །ཚེས་བཞིར་ཨིནྡྲ་ཝ་ནས་མཆོད་པའི་ཚེ། །ཕྱོགས་བཞིར་ཡུར་བ་བརྒྱད་ལྡན་རྫིང་བུར་སྤྲུལ། །ཆུ་ཡི་

p. 210

སྒྲ་ལས་ཚད་མེད་བཞི་ལ་སོགས། །ཆོས་ཀྱི་སྒྲ་སྙན་སྟོན་ལ༴ །ཚེས་ལྔར་ཚངས་བྱིན་གྱིས་ནི་མཆོད་པའི་ཚེ། །ཞལ་གྱི་སྒོ་ནས་འོད་ཟེར་སྣ་ཚོགས་བཀྱེ། །འོད་དེ་རིག་པས་སྒྲིབ་པ་རྣམས་དང་བྲལ། །ལུས་སེམས་བདེ་བ་བསྐྱེད་ལ༴ །ཚེས་དྲུག་ལིཙྪ་རྣམས་ཀྱི་མཆོད་པའི་ཚེ། །སངས་རྒྱས་མཐུ་ཡིས་ཕན་ཚུན་བསམ་པ་ཤེས། །རབ་ཏུ་དགའ་ནས་སྟོན་པའི་ཡོན་ཏན་བརྗོད། །སོ་སོར་སྨོན་ལམ་འདེབས་ལ༴ །ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ། །སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས། །རྒྱལ་པོར་གྱུར་ནས་རིན་ཆེན་བདུན་སོགས་ལྡན། །ཀུན་ཀྱང་སྤྲོ་ཞིང་ཚིམ་ལ༴ །ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ། །སེང་གེའི་ཁྲི་ལ་གླང་ཆེན་སྒྲ་སྐད་དང༌། །སྲིན་པོ་ལྔ་དང་ཕྱག་ན་རྡོ་རྗེར་སྤྲུལ། །མུ་སྟེགས་སྟོན་པ་སྐྲག་མཛད༴ །ཚེས་དགུར་ཚངས་པའི་རྒྱལ་པོས་མཆོད་པའི་ཚེ། །ཚངས་པའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ཏེ། །སྐུ་ལས་འོད་ཟེར་ཆེན་པོ་བྱུང་གྱུར་པ། །ཀུན་གྱིས་གསལ་བར་མཐོང་ལ༴ །ཚེས་བཅུ་རྒྱལ་ཆེན་བཞི་ཡིས་མཆོད་པའི་ཚེ། །སྲིད་རྩེའི་བར་དུ་ཁྱབ་པའི་སྐུ་སྤྲུལ་ནས། །འོད་ཟེར་ཆེན་པོ་སྣང་ཞིང་གསལ་བར་མཛད། །ཀུན་གྱིས་མཐོང་ཞིང་གསུང་སྟོན༴ །བཅུ་གཅིག་ཟས་སྦྱིན་གྱིས་ནི་མཆོད་པའི་ཚེ། །སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ། །སྐུ་ནི་མི་མངོན་འོད་ཟེར་ཕུང་པོར་གྱུར། །གསུང་གིས་ཆོས་སྟོན་མཛད་ལ༴ །བཅུ་གཉིས་ཁྱིམ་བདག་ཙིནྟས་མཆོད་པའི་ཚེ། །ལྟེ་བའི་འོད་ཀྱིས་སྟོང་གསུམ་བར་དུ་ནི། །པདྨའི་སྟེང་ན་སངས་རྒྱས་བཞུགས་པ་སྤྲུལ། །ཀུན་ཀྱང་དེ་ལྟར་སྤྲུལ་ལ་ཕྱག༴ །བཅུ་གསུམ་རྒྱལ་པོ་ཤུཉྩས་མཆོད་པའི་ཚེ། །སྐུ་ཡི་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ། །འོད་དེ་རེག་པས་སྒྲིབ་པ་རྣམས་དང་བྲལ། །རྩ་སོགས་འབྲས་བུ་ཐོབ་ལ་ཕྱག༴ །བཅུ་བཞིར་རྒྱལ་པོ་ཨུ་དྲས་མཆོད་པའི་ཚེ། །རྒྱལ་པོས་གཏོར་བའི་མེ་ཏོག་ཐམས་ཅད་ཀྱང༌། །རིན་ཆེན་ཤིང་རྟས་སྟོང་གསུམ་བར་དུ་ཁྱབ། །ཀུན་གྱིས་གསལ་བར་མཐོང་ལ༴ །བཅོ་ལྔར་

p. 211

གཟུགས་ཅན་སྙིང་པོས་མཆོད་པའི་ཚེ། །རོ་བརྒྱ་ལྡན་པའི་ཟས་ཀྱིས་སྣོད་ཀུན་བཀང༌། །ཕྱག་མཐིལ་ས་ལ་བརྡབས་པས་དམྱལ་བ་ཡིས། །སེམས་ཅན་དཔག་མེད་གྲོལ་ལ་ཕྱག་འཚལ་ལོ། །མཚུངས་མེད་སྟོན་པའི་ཆོ་འཕྲུལ་སྣ་ཚོགས་ལ། །ཅུང་ཟད་ཙམ་ཞིག་བདག་གིས་བསྟོད་པ་ཡིས། །དགེ་བ་ཅུང་ཟད་དག་གིས་ཅི་བསགས་པ། །ཆོ་འཕྲུལ་ཆེ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །བྱང་པ་རིགས་ལྡན་གྱིས་མཛད་པའོ། །འདིར་སྤྲོ་ཞིང་ནུས་ན་ཀུན་མཁྱེན་བུ་སྟོན་གཉིས་པ་ཞྭ་ལུ་མཆོག་སྤྲུལ་བློ་གསལ་ཞབས་ཀྱི་ཐུབ་དབང་མཛད་བརྒྱའི་བསྟོད་པ་འདོན།། ༈ །རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པ་ཐེག་མཆོག་གནད་ཀྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ན་མ་ཨཱརྻ་མཻ་ཏྲི་ནཱ་ཐཱ་ཡ། བྱམས་པའི་དཀྱིལ་འཁོར་ཆོས་དབྱིངས་མཁའ་ལ་འཆར། །མཁྱེན་པའི་ཉི་འོད་གདུལ་བྱ་པདྨོའི་གཉེན། །སྲིད་ཞིའི་མུན་པ་སྟོང་གིས་མ་ཕམ་པ། །རྒྱལ་ཚབ་ཆོས་ཀྱི་ཉི་མ་དེ་ལ་འདུད། །ཆགས་པའི་སྐྱོན་བྲལ་པདྨོའི་ལྟེ་བར་ནི། །ཐུགས་རྗེའི་ཆ་ཤས་ཡོངས་རྫོགས་ཟླ་གདན་ལ། །སེམས་ཅན་དོན་ལ་དགྱེས་པའི་སྐུ་མཆོག་ནི། །གསེར་བཟང་མདོག་ཅན་རྣམ་པར་འགྱིང་ལ་འདུད། །ཞལ་གཅིག་ཕྱག་གཉིས་གཡས་པ་ཐུགས་ཀར་ནི། །གྲངས་མེད་ཆོས་ཀྱི་སྒོ་རྣམས་འབྱེད་པའི་ཚུལ། །ཕྱག་གཡོན་ཏིང་འཛིན་བྱེ་བ་རྒྱས་མཛད་པའི། །མཉམ་གཞག་ཕྱག་རྒྱས་བཞུགས་པ་དེ་ལ་འདུད། །རབ་མཛེས་པདྨོའི་ལྟེ་བར་སྤྱི་བླུགས་ཀྱི། །ཟེའུ་འབྲུ་རྣམ་པར་རྒྱས་པའི་རྩེ་མོར་ནི། །ཟུར་ཕུད་ལྔ་ལྡན་ལྕང་ལོ་འཁྱིལ་པ་ཡི། །བུང་བ་གཞོན་ནུ་རོལ་པ་དེ་ལ་འདུད། །བིམྦ་ལྟར་དམར་མཆུ་སྒྲོས་ཡིད་འོང་ཞིང༌། །ཁ་བ་ལྟར་དཀར་མཛོད་སྤུ་གཡས་སུ་འཁྱིལ། །མིག་སྨན་ལྟར་གནག་རལ་པའི་ཐོར་ཅོག་ནི། །ཆོས་སྐུའི་རྟེན་གྱིས་མཛེས་པར་བྱས་ལ་འདུད། །ལང་ཚོའི་དཔལ་ཡོན་རྒྱས་པའི་ལྗོན་པ་ལ། །མཚན་གྱི་མེ་ཏོག་དཔེ་བྱད་ཟེའུ་འབྲུས་སྤྲས། །རིན་ཆེན་མཆོག་གི་འབྲས་

p. 212

བུའི་ཆུན་འཕྱང་ཅན། །སྣ་ཚོགས་དར་གྱི་ན་བཟས་མཛེས་ལ་འདུད། །ཉི་མ་འབུམ་གྱི་མདངས་ལས་གསལ་བ་ཡི། །རྣམ་བཀྲ་འོད་ཀྱི་འཕྲོ་འདུའི་སྐད་ཅིག་ལ། །འགྲོ་བའི་ལས་ཉོན་ཚང་ཚིང་ཀུན་བསལ་ནས། །ཡེ་ཤེས་སྣང་བ་རྒྱས་པར་མཛད་ལ་འདུད། །ཉེ་རིང་ཀུན་ལ་སྙོམས་པ་ཚངས་པའི་དབྱངས། །ཐར་ལམ་སྟོན་པ་ལྷ་ཡི་རྔ་བོ་ཆེ། །སྐྱེ་མེད་འགག་པ་མེད་པ་བྲག་ཅའི་གསུང༌། །ཡན་ལག་དྲུག་ཅུའི་དབྱངས་ལྡན་དེ་ལ་འདུད། །ཆོས་ཉིད་དག་པ་གཉིས་ལྡན་མངོན་དུ་གྱུར། །ཆོས་ཅན་ཇི་སྙེད་དབྱེ་བ་སོ་སོར་གཟིགས། །ཆོས་རྣམས་རྣམ་ཀུན་མངོན་རྫོགས་བྱང་ཆུབ་པ། །སྒྲིབ་བྲལ་རྣམ་པར་དག་པའི་ཐུགས་ལ་འདུད། །སྟོབས་ཉིད་རྡོ་རྗེ་མི་འཇིགས་སེང་གེ་བཞིན། །མ་འདྲེས་མཁའ་དག་ཐུབ་བསྟན་ཆུ་ཟླ་ལྟར། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་བཞིས་བརྒྱན་དེ་ལ་འདུད། །བརྒྱ་བྱིན་རྔ་སྒྲ་ཚངས་ཉི་ཡིད་བཞིན་ནོར། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་མཐའི་བར། །འབད་མེད་ལྷུན་གྱིས་གྲུབ་པའི་མཛད་པ་ནི། །རྒྱུན་མི་ཆད་པར་འཇུག་པ་དེ་ལ་འདུད། །གུས་པས་ཕྱག་འཚལ་ཀུན་བཟང་མཆོད་སྤྲིན་འབུལ། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བརྟན་པར་བཞུགས་སུ་གསོལ། །རབ་དཀར་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ། །དཔག་མེད་ཡོན་ཏན་གཏེར་མངའ་མགོན་ཁྱེད་ལ། །མཐའ་མེད་འགྲོ་བ་སྲིད་ལས་བསྒྲལ་བའི་ཕྱིར། །ཡེངས་མེད་རྩེ་གཅིག་ཡིད་ཀྱིས་གསོལ་འདེབས་ཀྱིས། །དམིགས་མེད་བྱམས་པའི་ཐུགས་ཀྱིས་དགོངས་སུ་གསོལ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །དུས་གསུམ་རྟག་ཏུ་བདག་ལ་བླངས་བྱས་ནས། །སྒོ་གསུམ་འབད་པས་བསགས་པའི་བདེ་དགེ་རྣམས། །ཁམས་གསུམ་འགྲོ་ལ་སྨིན་པར་བྱིན་གྱིས་རློབས། །ཕ་རོལ་ཕྱིན་དྲུག་སྤྱོད་པའི་གོ་བགོས་ནས། །ཡང་དག་ལྟ་བའི་ཉམས་མྱོང་གསལ་བ་ཡིས། །རང་བཞིན་དག་པའི་གནས་ལུགས་མངོན་གྱུར་ཏེ། །བག་

p. 213

ཆགས་སྤོང་ཕྱིར་སྒོམ་པར་བྱིན་གྱིས་རློབས། །སྒྲིབ་གཉིས་སྤྲིན་བྲལ་ཆོས་དབྱིངས་ནམ་མཁའ་ལ། །སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་རབ་རྒྱས་ཏེ། །ཕྲིན་ལས་ཚ་ཟེར་ཕྱོགས་བཅུར་འཕྲོ་བ་ཡིས། །འགྲོ་ལ་ལམ་བཟང་སྟོན་པར་བྱིན་གྱིས་རློབས། །གནས་སྐབས་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱི། །གསུང་གི་དགོངས་པ་འཁྲུལ་མེད་ལེགས་རྟོགས་ནས། །ལྷག་བསམ་དག་པས་ཕྱོགས་བཅུར་སྤེལ་བ་ཡིས། །ཐེག་མཆོག་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །དགའ་ལྡན་གནས་སུ་ཐུགས་རྗེའི་ཕྱག་གིས་དྲོངས། །ཇི་སྲིད་ས་རབ་དགའ་བ་ཐོབ་བར་དུ། །དམ་ཆོས་བདུད་རྩིས་ཚིམ་པར་བྱིན་གྱིས་རློབས། །མདོར་ན་སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དགོངས་པ་ལེགས་ཚོགས་ཇི་སྙེད་ཀུན། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ལ། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་མི་ཕམ་མགོན་པོ་ལ་བསྟོད་པ་ཐེག་མཆོག་གནད་ཀྱི་སྒོ་འབྱེད་ཅེས་བྱ་བ་འདི་ནི། ཁྲོ་ཕུའི་བྱམས་ཆེན་ལ་གསོལ་བ་འདེབས་པའི་དོན་དུ་བྱ་བྲལ་པ་བསོད་ནམས་སེང་གེས་སྦྱར་བའོ།། ༈ །བྱམས་པ་མགོན་པོའི་རྣམ་ཐར་དང་མཐུན་པར་བསྟོད་ཅིང་བྱམས་ཆོས་ལམ་རིམ་རྒྱུད་ལ་སྐྱེ་བར་གསོལ་བ་འདེབས་པ་མ་ཕམ་དགོངས་རྒྱན་བཞུགས། ཨོཾ་བདེ་ལེགས་སུ་གྱུར་ཅིག །དཔལ་ལྡན་ཕུན་ཚོགས་ཉིན་མོར་བྱེད་པའི་སྐུ། །མདངས་གསལ་འོད་ཀྱི་དྲྭ་བས་ཕྱོགས་ཀུན་མཛེས། །སྲིད་ཞིའི་རྒུད་པ་སེལ་བའི་སྣང་བརྙན་ཅན། །བྱམས་མགོན་ནམ་མཁའི་ནོར་བུར་ཕྱག་བགྱིའོ། །མགོན་ཁྱོད་སྔོན་ཚེ་གསེར་མདོག་ཅན་ཞེས་པའི། །རྒྱལ་པོར་གྱུར་ཚེ་སྟོན་པ་གསེར་བཟང་འོད། །འཁོར་བཅས་ལོ་གྲངས་བྱེ་བ་བརྒྱད་ཅུ་བཞིར། །མཆོད་ཅིང་ཐུགས་མཆོག་དང་པོར་བསྐྱེད་ལ་འདུད། །འདྲེན་པ་རིན་ཆེན་གདུགས་ཀྱི་བསྟན་པ་ལ། །དགེ་སློང་བློ་གྲོས་བརྟན་པར་གྱུར་པའི་ཚེ། །ཉིན་རེ་བཞིན་ཡང་སྲོག་ཆགས་བརྒྱ་

p. 214

ཕྲག་རེ། །བསླབ་པའི་གཞི་ལྔ་འཛིན་པར་བཀོད་ལ་འདུད། །ཁྱོད་ཞབས་གང་དུ་གནས་པའི་གྲོང་ཁྱེར་དེའི། །འཁོར་བཅས་སྟོན་པས་ཁྱེད་མཚན་བྱམས་པ་ཞེས། །མ་འོངས་རྒྱལ་བར་ལུང་བསྟན་བརྙེས་ལ་འདུད། །ཏོག་དཀར་འཛམ་གླིང་གཤེགས་ཚེ་གང་དེ་ཡི། །རིན་ཆེན་ཅོད་པན་ཁྱོད་ལ་ལེགས་བཅིངས་ཏེ། །ཐུབ་པའི་རྒྱལ་ཚབ་མཆོག་ཏུ་དབང་ཐོབ་ནས། །དགའ་ལྡན་ཐེག་ཆེན་ཆོས་ཀྱི་སྐྱོང་ལ་འདུད། །མ་འོངས་སྐྱེ་དགུ་ཚེ་ལོ་བརྒྱད་ཁྲི་བར། །གྱུར་ཚེ་འཛམ་གླིང་དབུས་འདིར་བྲམ་ཟེའི་རིགས། །མཆོག་ཏུ་དགའ་བ་ཞེས་བྱར་ཁྱོད་འཁྲུངས་ནས། །བྱང་ཆུབ་དམ་པ་མངོན་དུ་མཛད་ལ་འདུད། །དེ་ཚེ་ཚངས་བཟང་ཚངས་བདག་ཡབ་དང་ཡུམ། །བསོད་ནམས་སྟོབས་སྲས་ཡེ་ཤེས་འོད་དང་ནི། །བརྩོན་འགྲུས་བརྟན་པར་ཤེས་རབ་རྫུ་འཕྲུལ་ཅན། །རྒྱ་མཚོས་རིམ་གྲོ་མཛད་འགྱུར་ཁྱོད་ལ་འདུད། །ལོ་གྲངས་བརྒྱད་ཁྲི་བཞི་སྟོང་བརྟན་བཞུགས་ནས། །འདུས་པ་གསུམ་ལ་ཆོས་འཁོར་གསུམ་བསྐོར་ཏེ། །སླར་ཡང་ལོ་གྲངས་བརྒྱད་ཁྲིའི་བར་དག་ཏུ། །དམ་ཆོས་རིན་ཆེན་གནས་པར་མཛད་ལ་འདུད། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །དགེ་ཚོགས་བྱང་ཆུབ་ཆེན་པོ་ཐོབ་ཕྱིར་བསྔོ། །ནམ་ཞིག་བདག་ཅག་འཆི་བའི་དུས་བྱེད་ཚེ། །བྱམས་ཆེན་ཐུགས་རྗེའི་ཕྱག་གི་ལེགས་དྲངས་ནས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་དེར་སྐྱེས་ནས། །མ་ཕམ་དགོས་པའི་འཛུམ་ཞལ་མཐོང་བར་ཤོག །དེར་ཡང་རྗེ་བཙུན་མཆོག་གི་ཡོན་ཏན་ལ། །དམིགས་པའི་དད་གུས་རྣམ་འགྱུར་སྔོན་འགྲོ་བས། །ལྷ་རྫས་མཆོད་པའི་སྤྲིན་ཕུང་བསམ་ཡས་ཀྱིས། །བྱམས་ཆེན་རྒྱལ་བ་འཁོར་བཅས་མཉེས་བྱེད་ཤོག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཁྱེད་ཀྱི་འཁོར་གྱི་ཐོག་མར་བདག་གྱུར་ནས། །བདུད་དང་གཤིན་རྗེའི་སྤྱོད་ཡུལ་ལས་འདས་ཏེ། །ཐེག་ཆེན་ཆོས་ཀྱི་དཔལ་ལ་སྤྱོད་པར་ཤོག །མཁྱེན་པ་རྣམས་

p. 215

གསུམ་ཐོས་དང་བསམ་པ་ཡིས། །སྒྲོ་འདོགས་ཆོད་ནས་ཕུན་ཚོགས་སྦྱོར་བ་བཞིས། །ཉམས་སུ་བླངས་པས་རྣམ་གྲོལ་ཆོས་ཀྱི་སྐུ། །རང་གཞན་དོན་གཉིས་མཐར་ཕྱིན་ཐོབ་པར་ཤོག །ཐེག་ཆེན་རིགས་སད་ཆོས་ལ་མོས་པའི་བློས། །སེམས་བསྐྱེད་སྦྱིན་སོགས་སྒྲུབ་ཅིང་སྐྱོན་མེད་འཇུག །སེམས་ཅན་ཡོངས་སུ་སྨིན་བྱེད་ཞིང་ཁམས་སྦྱངས། །མི་གནས་མྱང་འདས་བྱང་ཆུབ་ཆེ་སྟོན་ཤོག །རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་གྱི་དབང༌། །གཟུང་དང་འཛིན་པ་ཀུན་བརྟགས་ཀྱིས་སྟོང་པའི། །ཆོས་ཉིད་ཡོངས་སུ་གྲུབ་པ་དབུ་མའི་ལམ། །མཐའ་གཉིས་སྤངས་པའི་དོན་མཆོག་རྟོགས་པར་ཤོག །ཀུན་རྫོབ་འཁོར་བའི་རྟོག་པས་མ་གོས་པའི། །དོན་དམ་མྱ་ངན་འདས་པའི་ལམ་ཆེན་པོ། །རྟག་དང་ཆད་པའི་མཚན་མ་ལས་གྲོལ་བའི། །ཆོས་ཅན་ཆོས་ཉིད་རྣམ་དབྱེ་འབྱེད་མཁས་ཤོག །རིན་ཆེན་དཀོན་མཆོག་གསུམ་ལ་བརྟེན་པའི་མཐུས། །བདེ་གཤེགས་ཁམས་ཀྱི་དྲི་མ་ཀུན་བྱང་ནས། །བྱང་ཆུབ་ཡོན་ཏན་ཀུན་ལྡན་མངོན་གྱུར་ཏེ། །ལྷུན་གྲུབ་ཕྲིན་ལས་རྒྱུན་མི་ཆད་ཐོབ་ཤོག །བཅོམ་ལྡན་འདས་མགོན་པོ་བྱམས་པས་རྣམ་ཐར་དང་མཐུན་པར་བསྟོད་ཅིང༌། བྱམས་ཆོས་ཀྱི་ལམ་རིམ་རྒྱུད་ལ་སྐྱེ་བར་གསོལ་བ་འདེབས་པའི་རིམ་པ་མ་ཕམ་དགོངས་རྒྱན་ཞེས་བྱ་བ་འདི་ནི། ཚེ་རབས་ཐམས་ཅད་དུ་རྒྱལ་བ་དེ་ཉིད་ཀྱི་བཀའ་འབངས་སུ་སྐྱེ་བར་འདུན་ཞིང་སྨོན་པའི་བློ་ཅན་མང་དུ་ཐོས་པའི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་གསོལ་བ་བཏབ་པའོ། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་གྱུར་ཅིག །དེ་དེ་བཞིན་དུ་གྱུར་ཅིག །དེ་ལས་གཞན་དུ་མ་གྱུར་ཅིག། ༈ །འཇམ་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་འཁོར་ལོ་བཞུགས། མཚུངས་མེད་བླ་མའི་ཞབས་ལ་ཕྱག་བྱས་ནས། །དུས་གསུམ་རྒྱལ་བ་ཀུན་གྱི་ཡབ་གྱུར་པའི། །འཇམ་དཔལ་འཇམ་དབྱངས་འཇམ་པའི་རྡོ་རྗེ་ལ། །དད་པས་བསྟོད་པ་འདི་ནི་བརྗོད་པར་བགྱི། །དྲག་པོ་འཕྲོག་བྱེད་དབྱིག་གི་སྙིང་པོ་དང༌། །སྲེད་བྱེད་མིག་སྟོང་གཙུག་གི་ནོར་བུ་ཡིས། །འཇམ་

p. 216

མགོན་ཞབས་ཀྱི་འདམ་སྐྱེས་རྟག་མཆོད་པ། །བདག་ཀྱང་ཁྱོད་ཀྱི་ཞབས་རྡུལ་སྤྱི་བོས་ལེན། །སངས་རྒྱས་ཀུན་གྱིས་རྟག་ཏུ་རབ་བསྔགས་ཤིང༌། །ས་བཅུའི་རྒྱལ་སྲས་རྣམས་དང་རང་རྒྱལ་གཙོ། །དགྲ་བཅོམ་ཆེན་པོ་ཀུན་གྱི་རྟག་བསྟོད་མོད། །བདག་ཀྱང་སྙན་ངག་མེ་ཏོག་སྙིམ་པས་མཆོད། །རྒྱལ་བ་ཀུན་གྱིས་རྟག་ཏུ་དགོངས་གྱུར་ཅིང༌། །འཕགས་པའི་ཚོགས་ཀྱི་ཐེ་ཚོམ་གཅོད་པ་པོ། །སྐྱེ་དགུ་རྣམས་ཀྱི་སྐྱབས་གྱུར་བཅོམ་ལྡན་འདས། །དད་པས་རྟག་ཏུ་བདག་ནི་སྐྱབས་སུ་མཆི། །བཙོ་མ་གསེར་དང་གུར་གུམ་མདངས་འདྲ་ཞིང༌། །རལ་གྲི་ཨུཏྤལ་གླེགས་བམ་གྱིས་མཛེས་པ། །རལ་པའི་ཅོད་པན་རིན་ཆེན་དར་གྱིས་བརྒྱན། །སྣ་ཚོགས་གདན་སྟེང་བརྗིད་པས་བཞུགས་ལ་འདུད། །རབ་དཀར་ཨནྡ་རྙིལ་དང་མརྒད་མཚུངས། །ལི་ཁྲིའི་མདོག་མཚུངས་ཕྱེད་གཟུགས་དུ་མའི་མདངས། །ནམ་མཁའི་ཁམས་ཀུན་གོམ་པ་གཅིག་གིས་གནོན། །ཕྱག་མཚན་དུ་མས་སྒེག་ལ་བདག་ཕྱག་འཚལ། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ་གྱུར་ཀྱང༌། །བྱིས་པའི་གཟུགས་འཛིན་གཞོན་ནུའི་མཚན་ལྡན་ཞིང༌། །རབ་བགྲེས་འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཛིན། །ཀུན་གྱིས་བླ་མར་མཛད་ལ་མགོས་ཕྱག་འཚལ། །འཇམ་པའི་མཚན་ལྡན་རབ་ཏུ་ཞི་བ་ཡིས། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་མོད་ཀྱི། །གདུག་ཅིང་གཏུམ་པའི་འགྲོ་བ་བསྒྲལ་བའི་ཕྱིར། །གཤིན་རྗེ་འཇོམས་མཛད་ཁྱོད་ལ་མགོས་ཕྱག་འཚལ། །ཁྱོད་སྐུ་ཁྲོས་པའི་རྣམ་འཕྲུལ་མཐའ་ཡས་མཛོད། །གང་མཐོང་ཁྲོ་བོ་ཀུན་གྱི་ལག་ཆ་ཤོར། །བདུད་དང་ལོག་འདྲེན་ཀུན་གྱི་སྙིང་རབ་གས། །ངན་འགྲོའི་སྡུག་བསྔལ་སྐེམ་པའི་དཔལ་ལ་འདུད། །ལ་ལར་དཀྱིལ་འཁོར་གཙོ་བོ་ལ་ལར་འཁོར། །ལ་ལར་སངས་རྒྱས་གྱུར་ནས་ཞིང་རྣམས་སྐྱོང༌། །རྒྱལ་བའི་སྲས་ལ་སངས་རྒྱས་སྤྲུལ་པ་འགྱེད། །ཞིང་ཁམས་དུ་མ་བ་སྤུའི་བུ་གར་སྣང༌། །རང་རྒྱལ་དགྲ་བཅོམ་དང་ནི་བརྟུལ་ཞུགས་བཟང༌། །ལ་ལར་ཚངས་དབང་འཇུག་སེལ་ལ་སོགས་པ། །རྣམ་འཕྲུལ་མཐའ་ཡས་མཛད་པ་དུ་མ་ཡིས། །མ་ལུས་སེམས་

p. 217

ཅན་དོན་མཛད་ཁྱེད་ལ་འདུད། །འཇམ་པའི་གསུང་ལྡན་རིག་བྱེད་དྲན་པའི་དབྱངས། །ཡི་གེ་ལྔ་ནི་ཆོས་རྣམས་ཀུན་གྱི་སྒོ། །བློ་མཆོག་ཡི་གེ་གཅིག་པའི་གསུང་གིས་ནི། །འགྲོ་བ་མཐའ་དག་སྒྲོལ་ལ་མགོས་ཕྱག་འཚལ། །ཨོཾ་གྱི་ང་རོ་འཇམ་པས་རབ་དྲངས་ནས། །དྲག་པོའི་ཡི་གེ་སུམ་བཅུ་གཉིས་ལ་སོགས། །རབ་ཟབ་རིག་སྔགས་དུ་མའི་ཚོགས་རྣམས་ཀྱིས། །གདུག་པའི་ཚོགས་འཇོམས་དབྱངས་ལ་བདག་ཕྱག་འཚལ། །ཆོས་སྐུ་རབ་ཏུ་ཞི་བ་འཇམ་པའི་ངང༌། །གཉིས་མེད་ལོངས་སྤྱོད་རྫོགས་པ་རྡོ་རྗེའི་སྐུ། །ཟུང་འཇུག་ཐུགས་རྗེ་ཆེན་པོས་འགྲོ་དོན་མཛད། །ཡེ་ཤེས་ལྔ་ཡི་ཐུགས་ལ་བདག་ཕྱག་འཚལ། །སངས་རྒྱས་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །མཚན་རྣམས་བསྐལ་པར་བརྗོད་པའི་བསོད་ནམས་པས། །འཇམ་དཔལ་ལན་གཅིག་བརྗོད་པ་ཆེས་མཆོག་ཅེས། །བདེན་པར་གསུང་གིས་བདག་ལ་བྱིན་གྱིས་རློབས། །སྐོམ་པས་ཉེན་པའི་འགྲོ་བ་དུ་མ་ཞིག །ཆུ་ཀླུང་ཆེན་པོའི་དྲུང་དུ་ལྷགས་གྱུར་ཏེ། །འཐུངས་པས་རབ་ཚིམ་དགའ་བར་གྱུར་མོད་ཀྱང༌། །ཆུ་ལ་བྲི་བར་གྱུར་པ་ཅུང་ཟད་མེད། །དེ་བཞིན་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོ་ལ། །རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྒྱལ། །སྐྱེ་བོའི་ཚོགས་ཀྱིས་བསྟོད་པར་གྱུར་མོད་ཀྱང༌། །ཡོན་ཏན་རྒྱ་མཚོ་མི་ཟད་ཁྱོད་ལ་འདུད། །སྲིད་པར་འདོད་པའི་སྡུག་བསྔལ་ཞི་མཛད་ཅིང༌། །རིགས་ཅན་གསུམ་ནི་རང་རང་ས་ལ་འཇོག །ཀུན་ཀྱང་རིམ་གྱིས་སངས་རྒྱས་སར་འཇོག་པའི། །ཕྲིན་ལས་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་འཇམ་དབྱངས་བསྟོད་པའི་བསོད་ནམས་ཀྱིས། །མཁའ་མཉམ་སེམས་ཅན་ཀུན་གྱི་སྣང་བ་ལ། །འཇམ་དབྱངས་ཡེ་ཤེས་ཉི་མ་ཤར་གྱུར་ཏེ། །འགྲོ་བའི་མ་རིག་དཔྱིས་འབྱིན་བྱེད་པར་ཤོག །སྐྱེ་བོ་བདག་འཛིན་མུན་པས་རབ་གཡོགས་ནས། །སྤྲོས་བྲལ་ཐར་པའི་བདེ་གནས་མི་ཤེས་པ། །དེ་དག་ཀུན་ལ་ཟུང་འཇུག་བདེ་བའི་ལམ། །ཡེ་ཤེས་སྒྲོན་མ་རྟག་ཏུ་སྟོན་པར་ཤོག །བྱང་ཆུབ་སེམས་ཀྱི་རིན་ཆེན་ལས་བྱུང་བའི། །

p. 218

བདག་ཀྱང་བློ་མཆོག་འཇམ་དབྱངས་ཉིད་གྱུར་ནས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །དྲི་མེད་སངས་རྒྱས་ས་ལ་འཇོག་པར་ཤོག །རྗེ་བཙུན་འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་གྱི་འཁོར་ལོ་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ། །ཉེས་པ་མཆིས་ན་བླ་མ་དམ་པ་རྣམས་ཀྱི་སྤྱན་སྔར་བཤགས་ཤིང༌། དགེ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་བསྔོའོ།། ༈ །བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བློ་གྲོས་དྷཱིཿལས་བྱུང་བ་གཞོན་ནུའི་ཚུལ་འཆང་མཛེས་པའི་སྐུ། །ཆུ་སྐྱེས་བསིལ་ཟེར་ཅན་དབུས་སྐྱིལ་མོ་ཀྲུང་བཅས་རོལ་པའི་འགྱིང་བག་ཅན། །གུར་གུམ་མདོག་ཅན་ཟུར་ཕུད་ལྔ་པ་སྙན་གོང་ཨུཏྤལ་གྱིས་མཛེས་ཤིང༌། །སྣ་ཚོགས་རིན་ཆེན་རབ་སྤྲས་ལྷ་ཡི་ན་བཟས་སྨད་གཡོགས་ལེགས་པར་བགོས། །ཕྱག་གཡས་མཁའ་ལྟར་སྔོ་བའི་རལ་གྲི་ཚ་ཟེར་ཅན་འོད་རབ་འཕྲོས་པས། །མུན་པའི་ཐིབས་པོ་དྲལ་ཞིང་བདུད་བཅོམ་དེ་བཞིན་ཉིད་དོན་ཐུགས་ཆུད་ཅིང༌། །གཡོན་གྱིས་ཨུཏྤལ་འདབ་བརྒྱ་རྣམ་རྒྱས་མགུལ་པའི་ངོས་སུ་རབ་རྒྱས་པའི། །གེ་སར་སྙིང་པོ་དྲི་མེད་སྟེང་ན་རྒྱལ་བའི་གསུང་རབ་གླེགས་བམ་བསྣམས། །ཁྱོད་གཙུག་མི་བསྐྱོད་སྐྱོབ་པས་རབ་མཚན་རྡོ་རྗེ་རྣོན་པོ་ཡི་གེ་དྲུག །བཞད་པའི་གད་རྒྱངས་ཅན་གྱི་ཞབས་རྡུལ་ཡིད་འོང་བདག་གི་སྤྱི་བོར་ཞོག །ཁྱོད་སྐུ་བདག་ལུས་སྙིང་གི་འཁོར་ལོར་རྣམ་བསམས་གང་གི་ཆགས་སྡང་སོགས། །ངན་སེམས་ཐ་ཆད་དམ་པས་སྨད་པ་དེ་ཀུན་མགོན་པོས་བཟོད་མཛད་ཅིང༌། །རྒྱལ་སྲས་ཐུ་བོའི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་བདག་ལ་ཉེར་སྩོལ་མཛོད། །ཡབ་གཅིག་ཉིད་ལས་ལྷ་གཞན་དག་ལ་རེ་བ་མ་མཆིས་སྐལ་ངན་བདག །ཉིན་མཚན་ཀུན་ཏུ་འཇམ་དབྱངས་གུས་པས་བསམ་ཀྱང་ཁྱེད་ཀྱི་ཐུགས་རྗེའི་ཤུགས། །ཅུང་ཟད་མེད་སྙམ་འོན་ཀྱང་བྱུར་ངན་རང་གི་ཉེས་པས་བསླད་པར་ཟད། །

p. 219

ད་དུང་ཁྱོད་མཉེས་མ་གྱུར་བར་དུ་སྐྱབས་གཞན་ཚོལ་བར་མ་གྱུར་ཅིག །བཅོམ་ལྡན་འདས་མགོན་པོ་འཇམ་པའི་རྡོ་རྗེ་ལ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པ་ས་སྐྱ་པཎྜི་ཏས་སྦྱར་བའོ།། །།ཞི་བ་གདོང་བཞི་མིག་སྟོང་ལྡན་པ་དང༌། །དཔལ་མོའི་དཔལ་དང་ཀླུ་དབང་སྟོབས་ལྡན་སོགས། །འཇིག་རྟེན་མཆོད་འོས་རྣམས་ཀྱིས་གུས་མཆོད་པའི། །ཐུབ་དབང་ཞབས་ཀྱི་པདྨོར་རྟག་ཏུ་འདུད། ཐུབ་དབང་བསྟོད་པ་ཤླཽ་ཀ་འདི་གཙང་ནགས་ཕུག་པས་མཛད་པར་གྲག། ༈ །རྒྱན་དྲུག་གམ་མཆོག་བརྒྱད་ཀྱི་བསྟོད་པ་བཞུགས། ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཞུང་ལུགས་མི་འདྲའི་ཆུ་བོ་བརྒྱ་འགྱེད་ཅིང༌། །རིགས་ཚོགས་སྤོབས་པའི་རྦ་རླབས་སྟོང་འཕྲོ་བ། །ཡོན་ཏན་རིན་ཆེན་ཁྲི་ཕྲག་གིས་བརྒྱན་པའི། །ཀླུ་སྒྲུབ་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །བསོད་ནམས་དམ་པའི་པད་རྫིང་གིས་བསྐྲུན་ཞིང༌། །སྨོན་ལམ་དག་པའི་ཆུ་སྐྱེས་ལས་འཁྲུངས་ལ། །སྲིད་དང་ཞི་བའི་དཔལ་འབྱོར་གྱིས་འཕགཾས་པཾ། །ལྷཾ་མཆོག་རྣམས་ཀྱི་བླ་མར་གྱུར་ལ་འདུད། །གང་ཞིག་ཐོགས་དང་ཐོཾགས་བྱའི་ཆོས་རྣམས་ཀུན། །འོད་གསལ་ཆེན་པོའི་ངང་དུ་ཆུད་པས་ན། །གཟིགས་པ་སྒྲིབ་མཾེད་བརྩེ་བས་ཀུན་ཆགས་པ། །ཇི་བཞིན་སྣང་མཛད་སྨྲ་བའི་ཉི་མར་འདུད། །མང་དུ་སྦྱངས་པས་མཁྱེན་པའི་དཀྱིལ་འཁོར་རྒྱས། །སྤོབས་པས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །རིག་པའི་ཟེར་གྱིས་གཞན་གཞུང་ཚང་ཚིང་སྲེག །དབྱིགཾ་གཉཾེན་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །ཡོན་ཏན་ལུས་རྫོགས་སྤོབས་པའི་སྟོབས་ཀྱིས་རྩེན། །རྣམ་དཔྱོད་རྩལ་ལྡན་རིག་པའི་མཆེ་བ་ཅན། །རྒོལ་བ་འདམ་བུའི་གྲོང་བཞིན་རྩད་ནས་འཇོམས། །བསྟན་པའི་ཁུར་ཁྱེར་ཕྱོགཾས་གླཾང་ཞབས་ལ་འདུད། །ལུགས་བཟང་རི་བོའི་སྤོ་ལ་གནས་བཅས་ཤིང༌། །བློ་གྲོས་ལུས་རྒྱས་རིག་པའི་མཆེ་སྡེར་གྱིས། །རྒོལ་བ་གླང་པོའི་སྤོབས་པའི་ཀླད་འགེམས་པ། །ཆོཾས་ཀྱཾི་གྲགཾས་པཾ་འཇིགས་མེད་སེང་གེ་རྒྱལ། །རིང་དུ་སྦྱངས་པས་ཤེས་བྱ་ཀུན་མཁྱེན་ཅིང༌། །

p. 220

བརྩོན་པས་བསྒྲུབས་པས་ཟབ་མོའི་དངོས་གྲུབ་བརྙེས། །མཐུ་དང་ནུས་པས་མུ་སྟེགས་བདུད་ལས་རྒྱལ། །འཇིགས་མེད་དཔཾལ་ལྡཾན་ཆཾོས་སྐྱོངཾ་ཞབས་ལ་འདུད། །འདུལ་བ་རྒྱ་མཚོའི་ཚོགས་ལ་དབང་འབྱོར་ཞིང༌། །དུལ་བའི་ཡོཾན་ཏནཾ་དཔལ་གྱི་གཟི་ཆེ་བས། །འཆལ་ཚུལ་སྨག་རུམ་སེལ་བའི་འོཾད་མཛད་པ། །ལྷ་ཡི་ཚོགས་ཀྱིས་བསྟོད་པ་དེ་ལ་འདུད། །ཁྱེད་ཐུགས་བསྐལ་པ་དུ་མར་རབ་སྦྱངས་པས། །ཤེས་བྱ་མ་ལུས་ཇི་བཞིན་ཡོངས་སུ་མཁྱེན། །སྐད་གཉིས་སྨྲ་བས་གངས་ཅན་གསལ་མཛད་པ། །རིཾན་ཆེཾན་བཟཾང་པོཾའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་འདི་ཆོས་རྒྱལ་འཕགས་པས་མཛད་པའོ།། ༈ །བོད་ལ་བཀའ་དྲིན་ཆེ་བ་རྣམས་ལ་བསྟོད་པ། ཟ་ཧོར་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང༌། །ཐམས་ཅད་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང༌། །ཉེས་ལྟུང་དྲི་མས་མ་གོས་བཙུན་པའི་མཆོག །བོ་དྷི་ས་ཏྭའི་ཞབས་ལ་ཕྱག་འཚལ་ལོ། །ས་པཎ་གྱིས་མཛད་པའི་ཕྱག་མཚན་རི་མོའི་བསྟོད་ཚིག་ལས་བྱུང་བ་ནི། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བར་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མི་ཡི་དབང་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་ངེས་པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྐྱེ་རྒུ་འདི་དག་བུ་བཞིན་ལེགས་པར་བསྐྱངས། །བོད་ཡུལ་མཐའ་འཁོབ་མུན་པའི་སྨག་རུམ་འདིར། །དམ་པ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར། །བོད་འབངས་སེམས་ཅན་བདེ་ལ་འགོད་མཛད་པ། །སྤྲུལ་པའི་རྒྱལ་བློན་རྣམས་ལ་གསོལ་བ་འདེབས། །ཕན་བདེའི་འབྱུང་གནས་བསླབ་གསུམ་རྒྱན་གྱིས་མཛེས། །བཀའ་དང་བསྟན་བཅོས་སྒྲ་སྒྱུར་གཏན་ལ་འབེབས། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་

p. 221

པའི། །མཁས་གྲུབ་ལོ་པཎ་རྣམས་ལ་གསོལ་བ་འདེབས།། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་བསྟོད་པ་བཞུགས། ཕུན་སུམ་ཚོགས་པ་བྷངྒ་ལ་ཡི་ཡུལ། །ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། །བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །ཡབ་དང་ཡུམ་ལ་སྲི་ཞུ་མཁས་ཤིང་གུས། །གཟུགས་མཛེས་ཡིད་འོང་ཤེས་རབ་སྙིང་བརྩེར་ལྡན། །དུལ་ཞིང་རྒྱུད་འཇམ་ཐབས་མཁས་སྙིང་སྟོབས་ཆེ། །མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང༌། །བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང༌། །རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །མར་མེ་མཛད་པའི་ཞབས་ལ་གསོལ༴ །འདོད་པའི་ཡོན་ཏན་ལྔ་ལ་མ་ཆགས་ཤིང༌། །རྒྱལ་སྲིད་འབྱོར་པ་ཕུན་ཚོགས་སྤངས་ནས་ནི། །དགེ་འདུན་ཕལ་ཆེན་སྡེ་པའི་དགེ་སློང་མཛད། །དཔལ་ལྡན་ཨ་ཏི་ཤ་ལ༴ །འདུལ་བའི་སྡེ་སྣོད་སྡེ་བཞི་ལས་གསུངས་པ། །བདེ་བར་གཤེགས་པས་བསླབ་པ་བཅས་པ་ལ། །ཉེས་པའི་སྐྱོན་གྱིས་མ་གོས་རྣམ་པར་དག །དཔལ་ལྡན་ཨ་ཏི་ཤ་ལ༴ །ཡོངས་སུ་འཛིན་པའི་མཁས་པ་མང་བསྟེན་ནས། །སྡེ་སྣོད་གསུམ་དང་སྒྲ་དང་ཚད་མ་དང༌། །མན་ངག་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །དཔལ་ལྡན་ཨ་ཏི་ཤ་ལ༴ །གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས། །འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི། །དཔལ་ལྡན་ཨ་ཏི་ཤ་ལ༴ །སེམས་ཅན་ཕོངས་ཤིང་ཤིན་ཏུ་སྡུག་བསྔལ་བ། །རབ་ཏུ་མང་ལ་སྙིང་ནས་བརྩེ་བ་ཡིས། །འཇིག་རྟེན་ལྷ་དང་ལྷ་མིན་མིར་བཅས་པའི། །སྐྱོབ་པ་ཡབ་གཅིག་པོ་ལ༴ །གྲུབ་པ་བརྙེས་པའི་བླ་མ་དམ་པ་ལས། །ཡི་དམ་ལྷ་ཡི་མངོན་རྟོགས་ལུང་ནོད་ནས། །རྩེ་གཅིག་སྒྲུབ་པ་སྙིང་པོར་མཛད་པ་ཡིས། །ལུང་བསྟན་ཐོབ་པར་གྱུར་ལ༴ །གདུལ་བྱ་བོད་དུ་ཡོད་པར་དགོངས་ནས་ནི། །ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང༌། །སྡེ་པ་མི་ཆེན་རྣམས་ཀྱི་བླ་མ་མཛད། །

p. 222

མཆོད་ཅིང་བཀུར་འོས་ཁྱེད་ལ༴ །མཁས་མཆོག་ཁྱེད་འདྲ་བོད་དུ་མ་བྱོན་ན། །སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི། །ཕལ་ཆེར་ཟབ་མོའི་དོན་ལ་རྨོངས་གྱུར་པས། །ལེགས་པར་སྟོན་མཛད་ཁྱོད་ལ༴ །བསྟན་བཅོས་བསྒྱུར་དང་བསྒྱུར་ཟིན་འཆོས་པ་དང༌། །དེ་ཉིད་འཆད་དང་རང་གིས་རྩོམ་པ་སོགས། །ཡང་དག་ལམ་ལ་ལེགས་པར་ཁྲིད་པ་ཡིས། །བསྟན་པ་རྒྱས་མཛད་ཁྱོད་ལ༴ །ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས། །བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན། །རིགས་པས་ཚར་བཅད་ཐར་པའི་ལམ་ལ་བཀོད། །ཐར་འདོད་དེད་དཔོན་ཁྱེད་ལ༴ །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག །སྐྱེ་བ་དུ་མར་ཡང་ཡང་གོམས་པ་ཡིས། །ཚོགས་གཉིས་ཡོངས་སུ་རྫོགས་ལ༴ །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང༌། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད། །བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས། །གཞན་དོན་ལྷུར་མཛད་ཁྱོད་ལ༴ །དད་དང་ཤེས་རབ་ཐོས་དང་གཏོང་བ་དང༌། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཚུལ་ཁྲིམས་ཀྱི། །ནོར་བདུན་དག་གིས་ཕྱུག་པར་གྱུར་པའི་མཛོད། །ཡོན་ཏན་འབྱུང་གནས་ཁྱོད་ལ༴ །སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག །རྒྱལ་བའི་འབྱུང་གནས་རིང་ནས་འོངས་པའི་ཚེ། །ཨུ་པ་སི་ཀ་དེ་རིང་སླེབ་བོ་ཞེས། །ལྷ་མིག་མངོན་ཤེས་མངའ་ལ༴ །མ་ག་དྷཱ་ནས་སློབ་མ་གུས་པ་ཡིས། །སིལ་སྙན་དཀྲོལ་ཞིང་གསོལ་བ་བཏབ་པའི་སྐད། །བོད་དུ་གསན་ནས་འབྲོམ་ལ་སྦྲན་པ་ཡི། །རྣ་བའི་མངོན་ཤེས་མངའ་ལ༴ །ལྷ་སར་ལྷ་ཡིས་རོལ་མོ་བསྒྲགས་པ་ལས། །མྱུར་དུ་བྱོན་ནས་བར་ཁང་ལྷ་ཚོགས་ལ། །ཕྱག་རྟེན་ཕུལ་ནས་མཁའ་ལ་བསྐོར་བ་མཛད། །རྫུ་འཕྲུལ་མངོན་ཤེས་མངའ་ལ༴ །གང་དུ་རྒྱལ་པོའི་བཀའ་ཆེམས་གཏེར་དུ་སྦས། །མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་གཏད། །ཤཱཀྱ་མུ་ནིའི་འཇའ་ས་ཁྱོད་ཀྱི་དྲིན། །ཇོ་བོ་བཀའ་དྲིན་ཅན་ལ༴ །ས་བདག་ནད་ཀྱིས་ཟིན་པའི་མི་རྣམས་ལ། །རྟག་པར་ཚེ་འཛིན་སྲུང་བའི་སྐོར་རྣམས་ཀྱང༌། །ཁྱོད་ལས་བྱུང་སྟེ་

p. 223

འགྲོ་བའི་ནད་གསོ་མཛད། །ཀླུ་སྒྲུབ་གཉིས་པར་གྲགས་ལ༴ །སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ། །བརྒྱ་བྱིན་ལ་སོགས་བར་སྣང་ལྷ་ཚོགས་ཀྱིས། །རིན་ཆེན་སྣ་ལྔའི་མེ་ཏོག་ཆར་པ་ཕབ། །བླ་མ་ལྷ་ཡི་ལྷ་ལ༴ །གཡོར་པོ་མཆིང་བུར་བུ་མོས་མགོ་རྒྱན་ཕུལ། །ཤི་བ་གསན་ནས་དེ་ཡི་སྒྲིབ་སྦྱོང་མཛད། །རིགས་ཀྱི་བུ་མོ་ལྷ་རུ་སྐྱེས་ཞེས་གསུངས། །འགྲོ་བ་འདྲེན་མཛད་ཁྱོད་ལ༴ །ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ། །ང་ལ་དད་ཅིང་གུས་པར་བྱེད་པ་རྣམས། །དགའ་ལྡན་གནས་སུ་མཇལ་བར་འགྱུར་ཞེས་གསུངས། །མ་འོངས་མངོན་སུམ་གཟིགས་ལ༴ །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །འཕགས་པའི་ཡུལ་ན་དཱི་པཾ་ཀ་ར་ཤྲཱི། །ཁ་བ་ཅན་འདིར་དཔལ་ལྡན་ཨ་ཏི་ཤ། །ས་སྟེང་གྲགས་པས་ཁྱབ་ལ༴ །འབྲོམ་སྟོན་བདག་གིས་རྭ་སྒྲེངས་ལྷ་ཁང་བཞེངས། །འགྲོ་བ་འདྲེན་ཕྱིར་གསོལ་བ་བཏབ་པ་ལས། །དགའ་ལྡན་གནས་ནས་རབ་གནས་མེ་ཏོག་འཐོར། །བྱིན་རླབས་དངོས་སུ་ཕེབས་ལ༴ །ཁྱོད་ཀྱི་ཡོན་ཏན་ཐོས་དང་མཐོང་བ་ལས། །དྭང་བའི་ཡིད་ཀྱིས་ལྷང་ལྷང་གསོལ་འདེབས་ན། །དགའ་ལྡན་གནས་ནས་ཐུགས་རྗེས་གཟིགས་མཛོད་ལ། །གསོལ་བ་བཏབ་བཞིན་བྱིན་གྱིས་བརླབ་ཏུ་གསོལ། །ད་དུང་ཁ་བ་ཅན་ན་ཁྱོད་ཉིད་ལ། །དད་ཅིང་རྗེས་སུ་སློབ་པ་མང་ཡོད་ཀྱི། །ཐུགས་ཀྱིས་དགོངས་ནས་བུ་ལ་མ་བཞིན་དུ། །བརྩེ་བས་བདག་གི་དགེ་བཤེས་མཛད་དུ་གསོལ། །སྙིགས་དུས་སྐྱེ་བོ་དམུས་ལོང་ལྟ་བུ་རྣམས། །དམ་མིན་དགེ་བའི་བཤེས་འདྲས་རྗེས་བཟུང་སྟེ། །འཁོར་བའི་གཅོང་རོང་གནས་ནས་འདྲེན་མེད་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲང་དུ་གསོལ། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དམ་པ་ཁྱེད་ནི་བདག་གི་མགོན་ལགས་ཀྱི། །མངོན་པར་རྫོགས་པར་མྱུར་དུ་འཚང་རྒྱ་བའི། །ཐོས་བསམ་སྒོམ་གསུམ་བདག་ལ་སྩལ་དུ་གསོལ། །ཞེས་པ་འདི་ནི་འབྲོམ་རིན་པོ་ཆེས་མཛད་པའོ།། ༈ །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་

p. 224

བའི་གདུང་འཚོབ་གྱུར་པ་རྒྱལ་བའི་སྲས། །རང་གཞན་དོན་གཉིས་འབྱུང་གནས་རིན་པོ་ཆེ། །བཤེས་གཉེན་སྟོན་པའི་ཞབས་ལ་གསོལ་བ་འདེབས། །བསྐལ་པ་དུ་མར་ཚོགས་གཉིས་གོམས་པའི་མཐུས། །གནས་གསུམ་དོན་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །ཨ་ཏི་ཤ་ཡི་སྲས་ཀྱི་ཐུ་བོ་པ། །ལེགས་པའི་ཤེས་རབ་ཞབས་ལ་གསོལ་བ་འདེབས། །མར་མེ་མཛད་དཔལ་རྒྱལ་བ་ཀུན་གྱི་ཡབ། །རྒྱལ་བའི་འབྱུང་གནས་རྒྱལ་བ་རྒྱ་མཚོ་ལས། །གདམས་པའི་ཁུ་བ་སྟོན་ནས་ཚིམ་མཛད་པའི། །བརྩོན་འགྲུས་གཡུང་དྲུང་ཞབས་ལ་གསོལ་བ་འདེབས། །ལོང་མེད་ཐུགས་ལ་འཁྲུངས་པའི་པུ་ཏོ་བ། །བདག་པས་གཞན་ཅེས་སྒོམ་པའི་སྤྱན་སྔ་བ། །སྒྲུབ་པ་སྙིང་པོར་མཛད་པའི་ཕུ་ཆུང་བ། །རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས།། ༈ །པཎ་ཆེན་ཤཱཀྱ་ཤྲཱི་བརྒྱུད་པ་དང་བཅས་པ་ལ་བསྟོད་པ་བཞུགས། ལྔ་རིག་པཎ་ཆེན་མཚུངས་མེད་ཆོས་ཀྱི་རྗེ། །ཆོས་འདུལ་བོད་ཀྱིས་གངས་ཅན་སྣང་མཛད་པ། །མ་བྱོན་སངས་རྒྱས་གསུམ་པ་སྐྱེ་རྒུའི་མགོན། །ཐུགས་རྗེའི་བདག་ཉིད་ཤཱཀྱ་ཤྲཱི་ལ་འདུད། །བསྟན་རྩ་བག་ཡོད་ཁྲིམས་ཀྱིས་ལེགས་བསྡམས་པའི། །ཇོ་གདན་འདུས་པ་རྒྱ་མཚོས་གུས་བསྙེན་པའི། །བྱང་རྡོར་གཉིས་སོགས་ཚོགས་ཆེན་སྡེ་བཞི་ཡི། །འདུལ་འཛིན་མཁན་སློབ་རིམ་བྱོན་རྣམས་ལའང་འདུད། །འཕགས་ཡུལ་ནཱ་ལེནྡྲ་སོགས་སྡེ་ཆེན་དང༌། །གངས་ཅན་སྔོན་བྱུང་དཔལ་ལྡན་ཚོགས་ཆེན་བཞིའི། །ངོ་མཚར་ལྟད་མོ་དེང་འདིར་སླར་འཆར་བའི། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ནི་དགེ་སྦྱོང་ཝཱ་གིནྡྲས་སྡོམ་གསུམ་དང་གཞི་གསུམ་ཆོ་ག་སོགས་འཁོས་ཀ་ལ་མ་རན་པའི་རྩོམ་ཆོས་ཆེན་པོ་བགྱིས་སྐབས་རེ་སྨོན་འགྲུབ་པའི་ཆེད་དུ་གསོལ་བའོ། སིདྡྷི་རསྟུ།། ༈ །ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ སྤངས་རྟོགས་མཐར་ཕྱིན་ཞི་བ་ཆོས་ཀྱི་དབྱིངས། །མཚན་དཔེའི་དཔལ་འབར་བདེ་ཆེན་ལོངས་སྤྱོད་རྫོགས། །གདུལ་བྱའི་

p. 225

ཁམས་དང་མཐུན་པར་སྤྲུལ་པའི་གར། །སྐུ་གསུམ་རྣམ་འདྲེན་རྒྱ་མཚོར་གསོལ་བ་འདེབས། །བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱའི་ཏོག །མ་ཕམ་འཇམ་པའི་དབྱངས་དང་གསང་བའི་བདག །སྤྱན་རས་གཟིགས་དབང་མཚོ་སྐྱེས་རྡོ་རྗེ་སོགས། །རྒྱལ་དང་དེ་སྲས་རྣམས་ལ༴ །གནས་བརྟན་བཅུ་དྲུག་གཏད་རབས་རྣམ་པ་བདུན། །རྒྱན་དྲུག་སློབ་དཔོན་གསུམ་དང་རིག་འཛིན་བརྒྱད། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས། །འཕགས་ཡུལ་པཎ་གྲུབ་རྣམས་ལ༴ །གངས་ཅན་བསྟན་པའི་སྲོལ་འབྱེད་རྙིང་མ་བ། །ཡོངས་རྫོགས་བསྟན་པ་རྒྱས་མཛད་ས་སྐྱ་པ། །བསྟན་འཛིན་བྱེ་བའི་འབྱུང་གནས་བཀའ་གདམས་པའི། །བཤེས་གཉེན་བརྒྱུད་པར་བཅས་ལ༴ །ཟླ་མེད་གྲུབ་པའི་གསེང་ལམ་བཀའ་བརྒྱུད་པ། །ཟབ་རྒྱས་རྒྱུད་སྡེའི་མངའ་བདག་བུ་དོལ་གཉིས། །འཇམ་དབྱངས་ཆོས་ཀྱི་ཉི་མ་ཙོང་ཁ་པ། །བརྒྱུད་འཛིན་སློབ་མར་བཅས་ལ༴ །གཞན་ཡང་ཚད་མ་འདུལ་མངོན་ཕར་ཕྱིན་དང༌། །དབུ་མ་ཞི་བྱེད་གཅོད་ཡུལ་བརྒྱུད་པ་སོགས། །བཤད་དང་སྒྲུབ་པ་ལ་བརྟེན་ལུང་རྟོགས་ཀྱི། །བསྟན་འཛིན་ཆེན་པོ་རྣམས་ལ༴ །ཁྱད་པར་སྟོན་པ་མཆོག་ནས་ད་ལྟའི་བར། །རིམ་བྱོན་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས་མཆོག །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །སྲིད་ལས་ངེས་འབྱུང་ཞི་བདེར་མ་ཆགས་པར། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་ཀྱིས། །རྒྱལ་སྲས་སྤྱོད་ལ་འཇུག་པར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པ་མཐར་ཕྱིན་ཞིང༌། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་ལས་བྱུང་སློབ་དང་མི་སློབ་པའི། །ཟུང་འཇུག་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་རིས་མེད་པའི་བསྟན་པ་ལ་དག་པའི་སྣང་བ་མཆོག་ཏུ་རྒྱས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། ༈ །གངས་ཅན་བསྟན་པའི་སྲོལ་

p. 226

འབྱེད་ཆེན་པོ་ཉེར་ལྔ་ལ་གསོལ་བ་འདེབས་པ་དད་པའི་མེ་ཏོག་རབ་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ། །རྩ་གསུམ་ཀུན་འདུས་སློབ་དཔོན་པདྨ་འབྱུང༌། །མཁན་ཆེན་ཞི་འཚོ་ཆོས་རྒྱལ་ཁྲི་སྲོང་ཞབས། །གནུབས་ཆེན་སངས་རྒྱས་ཉང་སྟོན་ཉི་མ་འོད། །བཀའ་གཏེར་ཤིང་རྟ་ལྔ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་ཆེན་བླ་ཆེན་སྙིང་པོའི་ཞབས། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་དང༌། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །རྗེ་བཙུན་གོང་མ་ལྔ་ལ༴ །དགྱེས་མཛད་རྡོ་རྗེ་མར་སྟོན་བློ་གྲོས་ཞབས། །མི་ལ་རས་ཆེན་མཉམ་མེད་སྒམ་པོ་པ། །དུས་གསུམ་མཁྱེན་པ་འགྲོ་མགོན་བསོད་ནམས་གྲགས། །བཀའ་བརྒྱུད་གོང་མ་ལྔ་ལ༴ །འོད་དཔག་མེད་མགོན་དཔལ་ལྡན་མར་མེ་མཛད། །རྒྱལ་བའི་འབྱུང་གནས་སྤྱན་སྔ་ཚུལ་ཁྲིམས་འབར། །རིན་ཆེན་གསལ་དང་གཞོན་ནུ་རྒྱལ་མཚན་ཞབས། །བཀའ་གདམས་བཤེས་གཉེན་ལྔ་ལ༴ །བརྟན་པའི་འཁོར་ལོ་རྗེ་བཙུན་ཙོང་ཁ་པ། །རྒྱལ་ཚབ་ཆོས་རྗེ་མཁས་གྲུབ་དགེ་ལེགས་དཔལ། །དགེ་འདུན་གྲུབ་པ་པཎ་ཆེན་ཆོས་ཀྱི་རྒྱལ། །འཇམ་མགོན་ཡབ་སྲས་ལྔ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་ཚེ་རིང་ནད་མེད་ཆོས་བཞིན་སྤྱོད། །ཡོངས་འཛིན་བཤེས་གཉེན་མཆོག་གིས་རྗེས་བཟུང་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །རིས་མེད་ཐུབ་བསྟན་འཛིན་པའི་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་ཕྱོགས་བཅུར་སྤེལ། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པ་རྒྱས། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་གྱུར་ཅིག །ཅེས་བོད་ཡུལ་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་གསོལ་བ་འདེབས་པ་འདིའང༌། རྨི་ལམ་གྱི་སྣང་ཚུལ་ཅུང་ཟད་གཅིག་ལ་བརྟེན་ནས་ཐུབ་བསྟན་རིས་སུ་མ་ཆད་པ་ལ་གུས་པའི་བྱ་བྲལ་བ་མཉྫུ་གྷོ་ཥས་བྲིས་པ་དགེ །གོང་གི་གསོལ་འདེབས་མཆོད་འབུལ་དུ་བྱེད་ན། གསོལ་བ་འདེབས་ཞེས་པར་མཆོད་པ་འབུལ་ཞེས་དང༌། དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །ཞེས་ཚིག་ཁ་བསྒྱུར་བས་གྲུབ་བོ།།

p. 227

ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དགེ་ལེགས་ཤིས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བསྐལ་བཟང་སྒྲོན་མེ་བཞི་པ་ཤཱཀྱའི་ཏོག །ས་བཅུའི་དབང་ཕྱུག་རྒྱལ་ཚབ་མ་ཕམ་པ། །རྒྱལ་སྲས་འཇམ་དབྱངས་སློབ་མ་མཆོག་ཟུང་སོགས། །འཕགས་ཚོགས་འདུས་པར་བཅས་ལ་གསོལ་བ་འདེབས། །གནས་བརྟན་བཅུ་དྲུག་གཏད་རབས་ཆེན་པོ་བདུན། །འཛམ་གླིང་རྒྱན་དྲུག་མཆོག་དང་རྨད་བྱུང་གསུམ། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས། །རྒྱ་གར་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་ཆོས་རྒྱལ་སྲོང་བཙན་རྗེ། །བརྟན་པའི་འཁོར་ལོ་ཐོན་མི་སཾ་བྷོ་ཊ། །ལག་ན་རྡོ་རྗེ་སྟོང་བཙན་ཡུལ་བཟུང་སོགས། །སྤྲུལ་པའི་རྒྱལ་བློན་རྣམས་ལ་གསོལ་བ་འདེབས། །གསང་འཛིན་དབང་པོ་མཁན་ཆེན་ཞི་བ་འཚོ། །ཐུགས་རྗེ་ཆེ་དངོས་སློབ་དཔོན་པདྨ་འབྱུང༌། །འཇམ་དཔལ་གཞོན་ནུ་ཆོས་རྒྱལ་ཁྲི་སྲོང་སོགས། །བཀའ་དྲིན་མཉམ་མེད་རྣམས་ལ་གསོལ་བ་འདེབས། །མདོ་སྔགས་བསྟན་པའི་ཤིང་རྟ་ས་སྐྱ་པ། །ཟབ་རྒྱས་རྒྱུད་སྡེའི་གསང་མཛོད་ངོར་ཆེན་རྗེ། །སྨྲ་བའི་སེང་གེ་གཡག་རོང་རྣམ་གཉིས་སོགས། །བོད་ཡུལ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །གཞན་ཡང་སྔ་འགྱུར་བཀའ་གཏེར་བརྒྱུད་འཛིན་དང༌། །བཀའ་གདམས་གསར་རྙིང་བཀའ་བརྒྱུད་ཡབ་སྲས་སོགས། །འགྲོ་ལ་ཕན་བདེའི་ལམ་བཟང་སྣང་མཛད་པའི། །རིས་མེད་དམ་པ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །བསྟན་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་རྣམས། །བསྐལ་བརྒྱར་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་རྒྱས། །ས་གསུམ་དགེ་ལེགས་སྣང་བས་ཁྱབ་པར་ཤོག །ཅེས་པའང་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རབ་ཚེས་ས་འབྲུག་ལོའི་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་གང་ཤར་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག གོང་གི་གསོལ་འདེབས་ཇ་མཆོད་

p. 228

དུ་བྱེད་ན། གསོལ་བ་འདེབས་ཞེས་པར་མཆོད་པ་འབུལ་ཞེས་པ་དང༌། གསོལ་བཏབ་མཐུས། ཞེས་པར་མཆོད་པའི་མཐུས། ཞེས་ཁ་བསྒྱུར་རོ།། ༈ །ཕར་ཕྱིན་བརྒྱུད་འདེབས་བཞུགས། ན་མ་ཨཱརྻ་མཻ་ཏྲི་ནཱ་ཐཱ་ཡ། འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས། །འགྲོ་ཀུན་བྱམས་པས་རྗེས་བཟུང་མི་ཕམ་མགོན། །འགྲོ་ལ་བརྩེ་བས་རྗེས་ཆགས་ཐོགས་མེད་ཞབས། །འགྲོ་བའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པ་ཀུན་མཁྱེན་དབྱིག་གི་གཉེན། །རྒྱལ་བའི་གདུང་འཛིན་འཕགས་པ་རྣམ་གྲོལ་སྡེ། །རྒྱལ་སྲས་ཐུ་བོ་བཙུན་པ་རྣམ་གྲོལ་སྡེ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ་གསོལ་བ༴ །དགེ་འདུན་འདུས་པའི་རྒྱན་གྱུར་མཆོག་གི་སྡེ། །དགེ་ལེགས་བྱམས་པའི་ཐུགས་མངའ་དུལ་བའི་སྡེ། །དགེ་བའི་གཏེར་མཛོད་མཁན་པོ་རྣམ་སྣང་མཛད། །དགེ་བའི་འབྱུང་གནས་གསུམ་ལ༴ །ཡུམ་དོན་དགོངས་པ་གསལ་མཛད་སེང་གེ་བཟང༌། །ཡུམ་དོན་རྟོགས་པས་རྣམ་གྲོལ་ཡེ་ཤེས་ཞབས། །ཡུམ་དོན་ཐུགས་ཆུད་ཡོན་ཏན་བཤེས་གཉེན་ཏེ། །ཡུམ་དོན་མཐར་ཕྱིན་གསུམ་ལ༴ །མཁས་པའི་གཙུག་རྒྱན་རིན་ཆེན་བཟང་པོ་དང༌། །མཁས་ཤིང་གྲུབ་པ་བརྙེས་པ་ཟླ་བ་བཟང༌། །མཁས་མང་འདུས་པའི་གཙོ་བོ་བསྟན་སྐྱོང་ཞབས། །མཁས་གྲུབ་དམ་པ་གསུམ་ལ༴ །རབ་འབྱམས་ཤེས་བྱ་ཀུན་མཁྱེན་ལོ་ཙཱ་བ། །རབ་མཆོག་ཤེར་ཕྱིན་རྒྱས་མཛད་ཤེས་རབ་འབར། །རབ་གསལ་ཐུགས་མངའ་བྱང་ཆུབ་ཡེ་ཤེས་ཞབས། །རབ་དཀར་བློ་ལྡན་གསུམ་ལ༴ །མཐའ་གཉིས་རྣམ་གྲོལ་གཞོན་ནུ་ཚུལ་ཁྲིམས་དང༌། །མཐའ་བྲལ་སྟོང་ཉིད་དོན་རྟོགས་ཤེས་རབ་འབུམ། །མཐའ་ཡས་བྱང་ཆུབ་སེམས་ལྡན་བྱང་ཆུབ་འབུམ། །མཐའ་དག་ཡོངས་འཛིན་གསུམ་ལ༴ །ཀུན་རྟོག་རྣམ་སྤངས་འཇམ་པའི་རྡོ་རྗེ་དང༌། །ཀུན་ཏུ་གསལ་བའི་མཁྱེན་ལྡན་དར་ཚུལ་ཞབས། །ཀུན་ལ་ཕན་དགོངས་བརྩོན་འགྲུས་རྡོ་རྗེ་སྟེ། །ཀུན་གྱི་རེ་སྐོང་གསུམ་ལ༴ །སྲིད་ཞིའི་དགྲ་ལས་རྣམ་རྒྱལ་རིན་པོ་ཆེ། །སྲིད་པའི་སྐྱོན་སྤངས་གྲུབ་པ་སེང་གེ་དང༌། །སྲིད་གསུམ་མཁས་

p. 229

པ་ཚད་མའི་སྐྱེས་བུའི་ཞབས། །སྲིད་པའི་འདྲེན་པ་གསུམ་ལ༴ །མཁྱེན་ལྡན་སྡོམ་བརྩོན་བུ་སྟོན་རིན་ཆེན་གྲུབ། །མཁྱེན་པའི་སྤྱན་གསལ་རིན་ཆེན་རྣམ་རྒྱལ་ཞབས། །མཁྱེན་བཟང་བསྟན་པའི་མངའ་བདག་སངས་རྒྱས་དཔལ། །མཁྱེན་རབ་དབང་ཕྱུག་གསུམ་ལ༴ །ཐུབ་དབང་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ། །ཐུབ་པའི་བསྟན་པ་གསལ་མཛད་སངས་རྒྱས་འཕེལ། །ཐུབ་མཆོག་དགེས་པ་བསོད་ནམས་སེང་གེ་སྟེ། །ཐུབ་བསྟན་རྒྱས་མཛད་གསུམ་ལ༴ །ལུང་རྟོགས་མཛོད་འཛིན་ཐུགས་སྲས་རྣམ་གཉིས་ནས། །ལུང་རིག་མངའ་བདག་སེང་གེའི་མཚན་ཅན་བར། །ལུང་རིགས་སྨྲ་བའི་བཤེས་གཉེན་རིམ་བྱོན་པ། །ལུང་དོན་རྒྱས་མཛད་རྣམས་ལ་གསོལ་བ་འདེབས། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ན། །རབ་མཛེས་མཆོད་པའི་ཡོ་བྱད་ཅི་མཆིས་རྣམས། །རབ་མཆོག་ཞིང་གྱུར་བླ་མའི་ཚོགས་རྣམས་ལ། །རབ་དཀར་དྭང་བའི་སེམས་ཀྱིས་རྒྱས་པར་འབུལ། །མ་དག་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །མ་ལུས་དགེ་བ་ཀུན་ལ་རྗེས་ཡི་རངས། །མ་རིག་བསལ་ཕྱིར་ཆོས་འཁོར་བསྐོར་བ་དང༌། །མ་རྣམས་དོན་དུ་བརྟན་པར་བཞུགས་སུ་གསོལ། །དེ་ཉིད་དོན་གཟིགས་བླ་མའི་ཚོགས་རྣམས་ལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །དེ་བཞིན་གཤེགས་པའི་ཡུམ་མཆོག་ཤེས་ཕྱིན་མ། །དེ་དོན་རྟོགས་ཤིང་ཐོས་བསམ་བྱེད་པར་ཤོག །རྣམ་དག་ཐོས་དང་བསམ་པས་རྒྱུད་སྦྱངས་ནས། །རྣམ་མང་འགྲོ་ལ་ཕན་བདེ་བསྒྲུབ་པའི་ཕྱིར། །རྣམ་དཀར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རྣམ་གྲོལ་ཐེག་ཆེན་ལམ་དུ་འཇུག་པར་ཤོག །རྣམ་པ་ཀུན་མཁྱེན་འབྲས་བུ་ཐོབ་ཕྱིར་དུ། །ལམ་གསུམ་ཤེས་པའི་ཚུལ་ལ་ལེགས་སྦྱངས་ཏེ། །གཞི་ཀུན་ཤེས་པ་ཉིད་དུ་རབ་ཕྱེ་ནས། །ལམ་དང་ལམ་མིན་སྒྲོ་འདོགས་ཆོད་པར་ཤོག །མཁྱེན་གསུམ་བསྡུས་ནས་བསྒོམ་པའི་རྣལ་འབྱོར་གྱིས། །རྟོགས་པ་རབ་ཀྱི་མཐར་ཕྱིན་ཐོབ་ནས་ཀྱང༌། །སླར་ཡང་དེ་དག་གོ་རིམ་ཇི་བཞིན་དུ། །གཅིག་ཅར་སྒོམ་པའི་ཉམས་ལེན་མཐར་

p. 230

ཕྱིན་ཤོག །ཟག་མེད་ཡོན་ཏན་བདུན་དང་རང་བཞིན་སྐུ། །ཡིད་འོང་མཚན་དཔེས་རབ་མཛེས་ལོངས་སྤྱོད་རྫོགས། །སྣ་ཚོགས་གདུལ་བྱའི་རེ་སྐོང་སྤྲུལ་པའི་སྐུ། །མངོན་དུ་གྱུར་ནས་ཕྲིན་ལས་དབང་བསྒྱུར་ཤོག །ཟུང་འཇུག་ཆོས་སྐུ་མ་ཐོབ་དེ་སྲིད་དུ། །དགའ་ལྡན་ཆོས་ཀྱིས་མཐོ་བའི་ཁང་བཟང་དེར། །མི་ཕམ་ཆོས་ཀྱི་བླ་མའི་ཞབས་དྲུང་དུ། །ཐེག་ཆེན་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག །ཚེ་འདིར་ཚེ་རིང་ནད་མེད་ཚུལ་ཁྲིམས་དག །ཐོས་མང་ཐོས་པའི་དོན་སེམས་སྒོམ་བྱེད་ཅིང༌། །ཡོངས་འཛིན་ཡོངས་ཀྱི་ལེགས་བཤད་བདུད་རྩི་ཡིས། །བློ་ལྡན་བློ་ཡི་རེ་བ་སྐོང་བར་ཤོག །བརྩེ་ཆེན་བླ་མ་རྣམས་ཀྱི་ཐུགས་རྗེ་དང༌། །རིན་ཆེན་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །ཡུམ་ཆེན་ཕ་རོལ་ཕྱིན་མའི་བདེན་པ་ཡིས། །རྒྱ་ཆེན་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་བསྟོད་ཚིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་འདི་ནི་ཕྱོགས་མེད་རྒྱལ་ཁམས་ཀྱི་བྱ་བྲལ་བ་བསོད་ནམས་སེང་གེས་ཆུ་ཕོ་རྟའི་ལོའི་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་དུ་སྦྱར་བའོ། །གང་ཚེ་མ་ཕམ་འགྲོ་བའི་དོན་གཟིགས་ནས། །རྡོ་རྗེའི་གདན་དུ་མངོན་པར་བྱང་ཆུབ་པ། །དེ་ཚེ་བདག་ཀྱང་ཞབས་འབྲིང་གནས་གྱུར་ནས། །བླ་མེད་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག། ༈ །ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་བཞུགས་སོ། །ན་མཿཤྲཱི་གུ་རུ་བེ། འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས། །རྒྱལ་སྲས་ཐུ་བོ་མགོན་པོ་འཇམ་པའི་དབྱངས། །དེ་ཡིས་རྗེས་བཟུང་རྗེ་བཙུན་ས་སྐྱ་པ། །སྐྱབས་མཆོག་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །རིག་པའི་གནས་ལྔ་མཐར་ཕྱིན་བསོད་ནམས་རྩེ། །མདོ་རྒྱུད་ཀུན་མཁྱེན་རྗེ་བཙུན་རིན་པོ་ཆེ། །ཐུབ་དབང་གཉིས་ས་སྐྱ་པཎྜི་ཏ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ༴ བསྟན་པའི་མངའ་བདག་འཕགས་པ་རིན་པོ་ཆེ། །ཐོས་བསམ་སྒོམ་པས་རྒྱུད་ཕྱུག་དཀོན་མཆོག་དཔལ། །དངོས་

p. 231

གྲུབ་མཆོག་བརྙེས་ཆོས་རྗེ་བྲག་ཕུག་པ། །མཁས་གྲུབ་དམ་པ་གསུམ་ལ༴ །སྐྱེ་རྒུའི་གཙུག་རྒྱན་བསོད་ནམས་རྒྱལ་མཚན་དཔལ། །གདམས་པའི་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་ཏེ། །འདྲེན་མཆོག་བླ་མ་གསུམ་ལ་གསོལ་བ་འདེབས། །ཁ་སྐོང་ཤློ་ཀ་ལྔ་གསར་བཅུག་ནི། ཀུན་མཁྱེན་གཉིས་པ་ཀུན་དགའ་བཟང་པོ་དང༌། །རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་ཞབས། །ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཕེལ། །མཚུངས་མེད་སྐྱེས་མཆོག་གསུམ་ལ༴ །ཤེས་བྱ་ཀུན་མཁྱེན་དཀོན་མཆོག་ལྷུན་གྲུབ་ཞབས། །དེ་སྲས་ཐུ་བོ་དཀོན་མཆོག་རྒྱ་མཚོ་དང༌། །ལྕེ་བཙུན་གྲུབ་པའི་རིགས་འཁྲུངས་མཆོག་ལེགས་མཚན། །མཁས་པའི་གཙུག་རྒྱན་གསུམ་ལ༴ །སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །གདམས་པའི་གཏེར་མཛོད་ངག་དབང་ལྷུན་གྲུབ་ཞབས། །མདོ་སྔགས་ཀུན་གཟིགས་རྨོར་ཆེན་ཆོས་ཀྱི་རྗེ། །རྒྱལ་བའི་གདུང་འཚོབ་གསུམ་ལ༴ །མཁྱེན་བརྩེ་ནུས་པའི་བདག་ཉིད་གནས་གསར་བ། །བསྟན་པའི་སྣང་བྱེད་ཀུན་དགའ་བློ་གྲོས་དང༌། །རྒྱལ་ཡུམ་སྤྲུལ་པའི་ཟློས་གར་འཆི་མེད་ཞབས། །འགྲོ་བའི་དཔུང་གཉེན་གསུམ་ལ༴ །འཇམ་དབྱངས་རིགས་ཀྱི་མྱུ་གུ་རྡོ་རྗེའི་མཚན། །ཐུགས་རྗེའི་བདག་ཉིད་ཀུན་དགའ་བསྟན་འཛིན་ཞབས། །བཀའ་དྲིན་གཞལ་མེད་རྩ་བའི་བླ་མ་སྟེ། །སྐྱབས་གནས་བསླུ་མེད་གསུམ་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མའི་ཚོགས་ལ་གསོལ་འདེབས་ཀྱི། །མྱུར་མགྱོགས་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། །ཕུང་ཁྲོལ་གཞིར་གྱུར་ཚེ་འདིའི་སྣང་བ་ལ། །ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །ཅུང་ཟད་ཙམ་ཡང་བདེ་བའི་སྐབས་མེད་ཅིང༌། །བཟོད་དཀའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །རྒྱུན་དུ་གདུང་བྱེད་ཁམས་གསུམ་འཁོར་བ་ལས། །ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས། །སྲས་བཅས་རྒྱལ་བའི་

p. 232

བགྲོད་པ་གཅིག་པའི་ལམ། །བདག་གཞན་མཉམ་དང་བརྗེ་བའི་བྱང་ཆུབ་སེམས། །མར་གྱུར་འགྲོ་བའི་དོན་དུ་ལེགས་བསྒོམས་པས། །རང་དོན་ཡིད་བྱེད་བྲལ་བར་བྱིན་གྱིས་རློབས། །ཆོས་ཀུན་གདོད་ནས་རྨི་ལམ་སྒྱུ་མ་ལྟར། །སྣང་ཡང་བདེན་པས་སྟོང་པར་ཐག་ཆོད་ནས། །ཕྱོགས་འཛིན་ཀུན་བྲལ་ཟུང་འཇུག་དབུ་མའི་ལམ། །ཡང་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་ཞེན་པ་བཞི་བྲལ་གྱི་མན་ངག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་འདི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག །གོང་གི་ཁ་སྐོང་ནི་ཝཱ་གིནྡྲས་སོ། །འདིའི་མཇུག་ཏུ། དེ་ལྟར་བསྒོམས་པས་བློ་སེམས་ཆོས་འགྲོ་ཞིང༌། །ཆོས་ཀུན་ལམ་འགྲོ་ལམ་གྱི་འཁྲུལ་པ་ཀུན། །སོ་སོར་སེལ་ནས་འཁྲུལ་སྣང་སངས་རྒྱས་ཀྱི། །ཡེ་ཤེས་ཆེན་པོར་འཆར་བར་བྱིན་གྱིས་རློབས། །ཞེས་སྦྲེལ་བར་མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་གསུངས་སོ།། ༈ །བྱང་སེམས་སྡོམ་རྒྱུན་གསོལ་འདེབས་ལྷག་བསམ་མནྡཱ་རའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །ཐུབ་པ་ཆེན་པོ་རྗེ་བཙུན་འཇམ་པའི་དབྱངས། །ཀླུ་སྒྲུབ་ཡབ་སྲས་ཟླ་བ་གྲགས་པ་དང༌། །སློབ་པའི་རྡོ་རྗེ་སློབ་དཔོན་ཛེ་ཏཱ་རི། །རྡོ་རྗེ་གདན་པ་ཆེ་ཆུང་པུཎྱ་ཤྲཱི། །རིན་ཆེན་གྲགས་དང་ཆོས་རྗེ་ས་སྐྱ་པ། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་དང༌། །ཆོས་རྗེ་ཆོས་རྒྱལ་འཇམ་དབྱངས་གཞི་ཐོག་པ། །ཨེ་པ་འཁོན་སྟོན་བྱང་སེམས་རིན་ཆེན་མགོན། །རྒྱལ་སྲས་ཐོགས་མེད་སེམས་དཔའི་ཚུལ་ཁྲིམས་དཔལ། །གཞོན་ནུ་རྒྱལ་མཆོག་འཕགས་སྔ་དཔལ་ལྡན་གྲགས། །གྲགས་པ་རྒྱ་མཚོ་མཁན་ཆེན་རིན་ཆེན་གྲགས། །སངས་རྒྱས་བཀྲ་ཤིས་དབང་ཕྱུག་དཔལ་བཟང་པོ། །ངག་དབང་ཆོས་གྲགས་མཁན་ཆེན་བསོད་བཀྲས་པ། །སངས་རྒྱས་རྒྱ་མཚོ་མཁན་ཆེན་བུདྡྷའི་མཚན། །བཀྲ་ཤིས་བཟང་པོ་ཚུལ་ཁྲིམས་རིན་ཆེན་དང༌། །དགེ་ལེགས་ལྷུན་གྲུབ་བསྟན་འཛིན་ཕྲིན་ལས་

p. 233

ཞབས། །འཇམ་དབྱངས་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ཏེ། །ཞེས་དང༌། ཡང་ན། བསྟན་འཛིན་སྙན་གྲགས་མཁྱེན་བརྩེའི་དབང་པོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ༈ ཐུབ་པའི་དབང་པོ་རྗེ་བཙུན་མི་ཕམ་མགོན། །ཐོགས་མེད་སྐུ་མཆེད་འཕགས་པ་རྣམ་གྲོལ་སྡེ། །བཙུན་པ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ། །སེང་གེ་བཟང་པོ་ཀུ་སཱ་ལི་ཆེ་ཆུང༌། །གསེར་གླིང་པ་དང་དཔལ་ལྡན་མར་མེ་མཛད། །རྒྱལ་བ་འབྲོམ་སྟོན་སྤྱན་སྔ་ཚུལ་ཁྲིམས་འབར། །བྱ་ཡུལ་བ་དང་རྒྱལ་སྲས་ཕྱར་ཆེན་པ། །གྲོ་སྟོན་བདུད་རྩི་གྲགས་དང་སངས་རྒྱས་སྒོམ། །མཆིམས་སྟོན་ཆེ་དང་མཁན་ཆེན་སེང་གེ་སྐྱབས། །བསོད་ནམས་ཡེ་ཤེས་ཞང་སྟོན་བསོད་ནམས་གྲགས། །རྒྱལ་སྲས་ཐོགས་མེད་གྲུབ་ཆེན་བུདྡྷ་ཤྲཱི། །ཀུན་དགའ་བཟང་པོ་དཔལ་ལྡན་རྡོ་རྗེ་དང༌། །དཀོན་མཆོག་ཚུལ་ཁྲིམས་སྒོ་རུམ་ཀུན་ལེགས་ཞབས། །མཁྱེན་བརྩེའི་དབང་ཕྱུག་དབང་ཕྱུག་རབ་བརྟན་དང༌། །ངག་དབང་ཆོས་གྲགས་འཇམ་དབྱངས་ཨ་མེས་ཞབས། །བསོད་ནམས་དབང་ཕྱུག་དོན་གྲུབ་ལེགས་བཟང་དང༌། །རྨོར་ཆེན་གནས་གསར་བ་དང་ཀུན་བློའི་ཞབས། །བསོད་ནམས་དཔལ་བཟང་ཆོས་ཉིད་ཡེ་ཤེས་དང༌། །ཡེ་ཤེས་རྒྱལ་མཆོག་བློ་གྲོས་རྒྱ་མཚོའི་ཞབས། །རྡོ་རྗེ་རིན་ཆེན་མཁྱེན་བརྩེའི་དབང་པོ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །མཐའ་མེད་མར་གྱུར་འགྲོ་རྣམས་བྱང་ཆུབ་ཆེར། །འགོད་ཕྱིར་རིན་ཆེན་སེམས་ཀྱི་བདུད་རྩི་ཡིས། །བདག་རྒྱུད་བྲན་པའི་སྐལ་བཟང་ཐོབ་པའི་མོད། །རྒྱལ་སྲས་དབང་པོའི་བརྟུལ་ཞུགས་འཛིན་གྱུར་ཅིག །ལྟུང་བའི་རྣམ་གཞག་སྒྲོ་འདོགས་ལེགས་ཆོད་ནས། །སྨོན་འཇུག་སོ་སོའི་མི་མཐུན་ཕྱོགས་སྤོང་ཞིང༌། །རྩ་ལྟུང་དང་ནི་ཕམ་འདྲ་ཉེས་བྱས་ཀྱིས། །མ་གོས་རང་རྒྱུད་རྣམ་པར་དག་པར་ཤོག །ཁྱད་ཆོས་བཞི་ལྡན་ཕ་རོལ་ཕྱིན་དྲུག་གི། །རང་བཞིན་ཚོགས་ཆེན་གཉིས་ཀྱིས་རང་སྨིན་ཅིང༌། །བསྡུ་དངོས་བཞི་ཡི་ཐབས་ཀྱིས་གཞན་སྨིན་བྱེད། །ཐེག་ཆེན་སྒྲུབ་པའི་

p. 234

རིམ་པ་མཐར་ཕྱིན་ཤོག །སེམས་ཅན་སྨིན་དང་ཞིང་ཁམས་དག་པར་སྦྱོང༌། །བྱང་ཆུབ་ཆོས་ཀུན་རྫོགས་ཏེ་མི་གནས་པའི། །མྱང་འདས་ཕྲིན་ལས་འཁོར་བ་མ་སྟོང་བར། །རྒྱུན་མི་ཆད་པར་སྨོན་བཞིན་འགྲུབ་གྱུར་ཅིག །ཟབ་མོ་ལྟ་བའི་སྲོལ་འབྱེད་ཀླུ་སྒྲུབ་ཞབས། །རྒྱ་ཆེན་སྤྱོད་ཚུལ་གསལ་མཛད་ཐོགས་མེད་རྗེའི། །དགོངས་པ་ཟུང་དུ་འབྲེལ་བའི་བཀྲ་ཤིས་ཀྱིས། །འགྲོ་ཀུན་གོལ་བའི་ལམ་ལས་སྲུང་གྱུར་ཅིག །དམ་པའི་དོན་དུ་ངོ་བོ་ཉིད་མེད་སྟོན། །ཀུན་རྫོབ་སྒྲུབ་པ་ཕྱིན་ཅི་མ་ལོག་པའི། །རྒྱལ་སྲས་ལམ་བཟང་ཉིན་མོར་བྱེད་པའི་གཟིས། །ཆོས་ལྟར་བཅོས་པའི་མུན་པ་མཐར་བྱེད་ཤོག །ཅེས་བྱང་སེམས་སྡོམ་རྒྱུན་གསོལ་འདེབས་ལྷག་བསམ་མནྡཱ་རའི་ཆུན་པོ་ཞེས་བྱ་བ་འདི་ཉིད་དབུ་སེམས་ཀྱི་སེམས་བསྐྱེད་སྲོལ་གཉིས་ཀྱི་རྩ་བའི་བརྒྱུད་པ་རེ་བཟུང་སྟེ་དགེ་སྦྱོང་ཝཱ་གིནྡྲས་བྲིས་པ་ཡིན་ལ་བརྒྱུད་པའི་རྣམ་གྲངས་གཞན་ཡང་ཡོད་དོ།། ༈ །སྤྱོད་འཇུག་གི་བརྒྱུད་འདེབས་ནི། ན་མོ་རཏྣ་ཏྲཱ་ཡཱ་ཡ། ཆོས་ཀྱི་རྒྱལ་པོ་ཐུབ་དབང་ཉི་མའི་གཉེན། །ས་བཅུའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །རབ་དགའི་ས་བརྙེས་རྒྱལ་སྲས་ཞི་བ་ལྷ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་བརྗེད་གཟུངས་ཐོབ་པཎ་ཆེན་ལྔ་བརྒྱའི་ཚོགས། །བདུད་དཔུང་དགྲ་ལས་རྣམ་རྒྱལ་ཛཻ་ཏཱ་རི། །སེམས་དཔའ་ཆེན་པོ་ཙནྡྲ་ཀཱིརྟིའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱ་ཆེན་ལུང་གི་མཛོད་འཛིན་པུཎྱ་ཤྲཱི། །བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཀ་ན་ཤྲཱི། །ཐུགས་རྗེའི་དབང་ཕྱུག་ལེགས་པའི་བློ་གྲོས་ཞབས། །གསོལ་བ་འདེབས་སོ༴ །རྒྱལ་བས་ལུང་བསྟན་བློ་ལྡན་ཤེས་རབ་ཞབས། །ཐོས་བསམ་སྒོམ་པས་རྒྱུད་ཕྱུག་གྲོ་ལུང་པ། །རིག་པའི་དབང་ཕྱུག་ཕྱ་པ་ཆེན་པོའི་ཞབས། །གསོལ་བ་འདེབས་སོ༴ །མཐའ་ཡས་མཁྱེན་པའི་དཔལ་མངའ་བསོད་ནམས་རྩེ། །རྟོགས་པའི་དབང་ཕྱུག་རྗེ་བཙུན་རིན་པོ་ཆེ། །ཤེས་བྱ་ཀུན་རིགས་ས་སྐྱ་པཎྜི་ཏ། གསོལ་བ༴ །སྡོམ་བརྩོན་འདུལ་བ་འཛིན་པ་བྱང་ཆུབ་དཔལ། །

p. 235

མང་ཐོས་སྒྲུབ་ལ་ཆེར་བརྩོན་བདེ་བ་དཔལ། །སྡེ་སྣོད་ཀུན་མཁྱེན་གྲགས་པ་གཞོན་ནུའི་ཞབས། །གསོལ་བ༴ །གནས་བརྟན་མཁས་པའི་དབང་པོ་བསོད་ནམས་སྐྱབས། །སྐྱེ་དགུའི་གཙུག་རྒྱན་བསོད་ནམས་རྒྱལ་མཚན་དཔལ། །གདམས་པའི་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་ཞབས། །གསོལ་བ༴ །ཡེ་ཤེས་ལྔ་ལྡན་བསྟན་པའི་རྒྱལ་མཚན་འཛིན། །བྱམས་དང་སྙིང་རྗེའི་དཔལ་འབྱོར་བཟང་པོ་ཅན། །ཐམས་ཅད་མཁྱེན་པ་ཤར་ཆེན་རིན་པོ་ཆེར། །གསོལ་བ༴ །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་པ། །གང་དེའི་ཆོས་ཀྱི་རྒྱལ་ཚབ་མུས་པ་ཆེ། །དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་གོ་རམས་པར། །གསོལ་བ༴ །དྲི་མེད་བསྟན་པ་རྒྱས་མཛད་དཀོན་མཆོག་འཕེལ། །ཡེ་ཤེས་མཆོག་བརྙེས་ལྷ་མཆོག་སེང་གེའི་ཞབས། །གཞུང་ལུགས་རྒྱ་མཚོའི་མཛོད་འཛིན་ཤར་ཁང་པར། །གསོལ་བ༴ །མཁས་པའི་རིགས་འཁྲུངས་ནམ་མཁའ་དཔལ་བཟང་པོ། །མཁས་དང་གྲུབ་པ་གཉིས་ལྡན་སྒྲུབ་ཁང་པ། །བསམ་ཡས་ཡོན་ཏན་གཏེར་ཆེན་བཀའ་འགྱུར་བར། །གསོལ་བ༴ །རབ་འབྱམས་མཚན་ཅན་རིན་ཆེན་རྒྱ་མཚོ་དང༌། །གཙུག་ལག་སྨྲ་བའི་དབང་པོ་དོལ་པཎ་ཞབས། །སྙིགས་དུས་བསྟན་པའི་སྣང་བྱེད་རྨོར་ཆེན་རྗེར། །གསོལ་བ༴ །བླ་མའི་ཐུགས་ཟིན་སངས་རྒྱས་བཀྲ་ཤིས་ཞབས། །མཐུ་སྟོབས་གྲུབ་པའི་རིགས་འཁྲུངས་གནས་གསར་བ། །འཇམ་དབྱངས་གཟུགས་གཞན་ཟློས་པའི་འཁོན་སྟོན་ཆེར། །གསོལ་བ༴ །ལུང་རྟོགས་བསྟན་འཛིན་བསོད་ནམས་དཔལ་བཟང་པོ། །ཁྲིམས་ལྡན་འདུས་པའི་གཙོ་བོ་ཀུན་དགའ་དཔལ། །བཤེས་གཉེན་དམ་པ་བློ་གྲོས་རྒྱ་མཚོ་ལ། །གསོལ་བ༴ །འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་དང༌། །དམ་པ་མང་པོའི་གསུང་གི་མཛོད་བཟུང་ནས། །འཆད་པའི་སྲོལ་ཆེན་འཛུགས་མཁས་དྲིན་ཆེན་རྗེར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་ཁོམ་བརྒྱད་སྤངས་འབྱོར་པ་བཅུ་ལྡན་པའི། །ལུས་རྟེན་ཕུན་ཚོགས་དལ་བ་ཐོབ་དུས་འདིར། །སྡིག་སྤངས་དགེ་

p. 236

བ་འབད་པས་བསྟེན་དགོས་ཞེས། །བསམ་གཏན་དགེ་བློ་སྐྱེ་བར་བྱིན་གྱིས་རློབས། །ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་ཀྱི། །བསམ་ཡས་ཕན་ཡོན་རྣམ་མང་རྗེས་དྲན་པས། །སྨོན་དང་འཇུག་པའི་རིན་ཆེན་སེམས་བསྐྱེད་མཆོག །རྣམ་དག་ཆོ་གས་ལེན་པར་བྱིན་གྱིས་རློབས། །རིན་ཆེན་སེམས་དེ་རབ་ཏུ་གཟུང་བྱའི་ཕྱིར། །རྒྱལ་བའི་སྲས་ཀྱི་ལམ་མཆོག་ཚུལ་ཁྲིམས་གསུམ། །རྣམ་མང་མདོ་སྡེའི་ཚོགས་ལས་གང་གསུངས་རྣམས། །ཚུལ་བཞིན་སྲུང་སྡོམ་བྱེད་པར་བྱིན་གྱིས་རློབས། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི། །རང་ལ་སངས་རྒྱས་ཆོས་རྣམས་ཡོངས་རྫོགས་ནས། །རྒྱལ་སྲས་སྤྱོད་ལ་གནས་པར་བྱིན་གྱིས་རློབས། །བྱང་ཆུབ་ལམ་ལ་སྦྱངས་པའི་དགེ་རྩ་ཀུན། །རྨད་བྱུང་སྨོན་ལམ་བཟང་པོས་མཚམས་སྦྱར་ནས། །སྐུ་གསུམ་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ། །འདི་ལ་ལུང་གི་བརྒྱུད་པས་ཁ་སྐོང་ཤློ་ཀ་བདུན་ཝཱ་གིནྡྲས་བྲིས་པའོ།། ༈ །སྭ་སྟི། མཁའ་ཁྱབ་བྱིས་དང་འཕགས་ཚོགས་མ་ལུས་པ། །རེ་རེའང་རོ་འཛིན་གྲངས་མེད་ལྡན་གྱུར་ཏེ། །སྲིད་མཐར་རྟག་ཏུ་བརྗོད་ཀྱང་མི་ཟད་པའི། །ཡོན་ཏན་གཏེར་ཆེན་ཐུབ་དབང་ལ་ཕྱག་འཚལ། །མགོན་པོའི་དུས་གསུམ་མཛད་པ་ཕུན་ཚོགས་ལྟར། །བདག་གི་ཚེ་རབས་ཀུན་གྱི་སྤྱོད་པ་རྣམས། །རང་དོན་ཡིད་བྱེད་དུག་དང་མ་འདྲེས་པར། །གཞན་ཕན་བདུད་རྩི་ཁོ་ནས་འཚོ་བར་ཤོག །གང་གིས་བདག་མཐོང་ཐོས་དྲན་རེག་བརྗོད་དང༌། །ཕན་གནོད་བཏང་སྙོམས་ལས་བྱེད་ལ་སོགས་པའི། །འགྲོ་ཀུན་སྒྲིབ་གཉིས་བྱང་ཞིང་ཚོགས་རྫོགས་ནས། །བླ་མེད་བྱང་ཆུབ་ཆེན་པོ་མྱུར་ཐོབ་ཤོག །ཅེས་པ་འདིའང་བཙུན་པ་དཔལ་ལྡན་དོན་གྲུབ་ཀྱིས་སྔ་དྲོ་ལྡང་བའི་དུས་ཐམས་ཅད་དུ་སྟོན་པ་མཉམ་

p. 237

མེད་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་བའི་དམ་བཅའ་མི་བརྗེད་པར་བྱ་བའི་ཕྱིར་དང༌། དེའི་རྣམ་ཐར་ལ་སློབ་ཚུལ་མདོར་བསྡུས་སྨོན་ལམ་དུ་བྱས་ཏེ་ཨེ་ཝཾ་ཆོས་འཁོར་རྩེར་བྲིས་པའོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་མགོས་ཕྱག་འཚལ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག། ༈ །སོ་ཐར་སྡོམ་རྒྱུན་གསོལ་འདེབས་དད་གསུམ་ཀརྞི་ཀའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །ཐུབ་པའི་དབང་པོ་ཤེས་རབ་ཅན་གྱི་མཆོག །སྒྲ་གཅན་འཛིན་དང་བྲམ་ཟེ་སྒྲ་གཅན་འཛིན། །འཕགས་པ་ཀླུ་སྒྲུབ་གུ་ཎ་མི་ཏྲ་དང༌། །རིན་ཆེན་བཤེས་གཉེན་ཆོས་ཀྱི་བཟང་པོའི་ཞབས། །གུ་ཎ་པ་ཏི་ཆོས་ཀྱི་ཕྲེང་བ་དང༌། །འབྱུང་གནས་སྦས་པ་པཎ་ཆེན་ཤཱཀྱ་ཤྲཱི། །རྡོ་རྗེ་དཔལ་དང་མཁན་ཆེན་འོད་ཟེར་དཔལ། །བསོད་ནམས་དཔལ་དང་བཀྲ་ཤིས་ཚུལ་ཁྲིམས་དང༌། །གནས་བརྟན་ཆེན་པོ་ཡེ་ཤེས་རྒྱལ་མཚན་ཞབས། །ཀུན་མཁྱེན་ཀུན་བཟང་དཔལ་ལྡན་རྡོ་རྗེ་དང༌། །དཀོན་མཆོག་འཕེལ་དང་རྒྱལ་བ་ལྷ་ཡི་མཚན། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་དང༌། །བསོད་ནམས་ལྷུན་གྲུབ་ཤེས་རབ་འབྱུང་གནས་ཞབས། །ཡེ་ཤེས་བཟང་པོ་ཚུལ་ཁྲིམས་དཔལ་བཟང་པོ། །བསོད་ནམས་བཟང་པོ་ནམ་མཁའ་བསམ་འགྲུབ་དང༌། །སངས་རྒྱས་གྲགས་པ་ངག་དབང་དམ་ཆོས་མཚན། །དཔལ་ལྡན་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ཏེ། །མཁན་བརྒྱུད་རིམ་བྱོན་རྣམས་ལ་གསོལ་བ་འདེབས། །བསམ་པ་སེམས་བསྐྱེད་ཆོ་ག་རྣམ་དག་ལས། །སྐྱེས་པའི་ངེས་འབྱུང་ཚུལ་ཁྲིམས་བདུད་རྩི་ཡིས། །བདག་རྒྱུད་བྲན་པའི་བསིལ་བ་ཐོབ་པའི་མོད། །འཕགས་པ་དགྱེས་པའི་རྣམ་ཐར་འཛིན་གྱུར་ཅིག །ཐུབ་པའི་དབང་

p. 238

པོས་ཚུལ་ཁྲིམས་ལྡན་པ་ཉིད། །སངས་རྒྱས་འབྱུང་འཕྲད་རྒྱན་རྣམས་ཀུན་གྱི་མཆོག །དྲི་དང་བྱུག་པ་དགའ་བ་ཀུན་གྱི་གནས། །གདུང་བ་བསིལ་ཆུ་འཇིག་རྟེན་ཀུན་གྱིས་བསྟོད། །འགྲོ་བ་དམ་པ་མནོས་ཤིང་སྦྲུལ་གདུག་པས། །འཚེ་བར་མི་ནུས་འོད་དང་གྲགས་བདེ་ཐོབ། མིག་དང་རྒྱུ་བྱེད་བུམ་པ་བཟང་པོའི་དཔེས། །བསྔགས་པའི་ཡོན་ཏན་ཆོས་ཀུན་རྫོགས་གྱུར་ཅིག །ལྡོག་པའི་ཚུལ་ཁྲིམས་སྒོ་གསུམ་ཉེས་སྤྱོད་བྲལ། །འཇུག་པའི་ཚུལ་ཁྲིམས་ཉན་སེམས་སྒོམ་པ་ཡིས། །ཞི་ལྷག་རྒྱུ་འབྲས་ཚུལ་བསྐྱེད་ལམ་ལྔ་པ། །རྣམ་གྲོལ་ཟད་མི་སྐྱེ་ཤེས་མངོན་གྱུར་ཅིག །ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག །ངག་ལ་སྡེ་སྣོད་གསུམ་གྱི་བཀྲ་ཤིས་ཤོག །སེམས་ལ་བསླབ་པ་གསུམ་གྱི་བཀྲ་ཤིས་ཤོག །ཀུན་ལ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །སྲིད་གསུམ་སྟོན་པ་མཚུངས་མེད་ཤཱཀྱའི་རྒྱལ། །སྦྱངས་པའི་ཡོན་ཏན་གྱིས་འཕགས་འོད་སྲུངས་ཏེ། །འདུལ་བ་འཛིན་གཙོ་ཨུ་པ་ལི་ལ་སོགས། །འཕགས་ཚོགས་བཀྲ་ཤིས་སྣང་བ་འབར་གྱུར་ཅིག །བསྟན་པའི་རྩ་བ་ལེགས་གསུངས་འདུལ་བའི་ཆོས། །བཤད་དང་ལག་ལེན་གཏན་ལ་ཕབ་པའི་དབྱངས། །ཡང་སྲིད་ལྔ་པ་ལས་བྱུང་དགེ་མཚན་ནི། །སྲིད་གསུམ་གདུལ་བྱའི་རྣ་བར་སྙན་གྱུར་ཅིག །ཅེས་པ་འདི་ནི་དགེ་སྦྱོང་གི་རྟགས་ཙམ་འཆང་བ་ཝཱ་གིནྡྲས་སྦྱར་བའོ། །འདི་ནི་རང་ཉིད་ཀྱིས་ནོས་པའི་སྡོམ་རྒྱུན་ཏེ་གཞན་དག་གིས་རང་རང་གི་སྡོམ་རྒྱུན་ལ་བསྒྱུར་ཤེས་པར་བྱའོ། །སརྦ་མངྒ་ལཾ་བྷཱུ་ཡཱ་ཏ།། ༈ །བློ་སྦྱོང་དོན་བདུན་མའི་བརྒྱུད་འདེབས་ནི། ཚོགས་གཉིས་རབ་རྫོགས་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་རྒྱལ་ཚབ་རྒྱལ་སྲས་མི་ཕམ་མགོན། །ས་གསུམ་མངའ་བདག་འཕགས་པ་ཐོགས་མེད་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་མཁྱེན་གཉིས་པ་རྒྱལ་སྲས་དབྱིག་གི་གཉེན། །མཐའ་བྲལ་དོན་གཟིགས་འཕགས་པ་རྣམ་གྲོལ་སྡེ། །བདེན་གཉིས་དོན་རྟོག་བཙུན་པ་རྣམ་གྲོལ་སྡེ། །གསོལ་

p. 239

བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འགྲོ་བའི་རྩ་ལག་གུ་ཎ་མི་ཏྲའི་ཞབས། །ལྟ་ངན་རི་དྭགས་འཇོམས་མཛད་སེང་གེ་བཟང༌། །བདག་གཞན་ཚོགས་གཉིས་སྤེལ་མཛད་གང་བ་སྤེལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོན་ཏན་རིན་ཆེན་གཏེར་གྱུར་ཀུ་སཱ་ལི། །བདག་གཞན་བརྗེ་མཛད་ཀུ་སཱ་ལི་གཉིས་པ། །མཁས་གྲུབ་ཆེན་པོ་མཉམ་མེད་གསེར་གླིང་པ། །གསོལ་བ་འདེབས་སོ༴ །ཡིད་བཞིན་ནོར་འདྲའི་ཐུགས་མངའ་མར་མེ་མཛད། །རྒྱལ་བའི་འབྱུང་གནས་སྟོན་པ་རིན་པོ་ཆེ། །བསྟན་པ་རིན་ཆེན་གསལ་མཛད་པུ་ཏོ་བ། །གསོལ་བ་འདེབས་སོ༴ །ཡོན་ཏན་མཆོག་གིས་གྲགས་པའི་ཤ་ར་བ། །བྱང་ཆུབ་ཐུགས་གཉིས་འབྱོངས་པའི་འཆད་ཀ་བ། །ལྟ་སྤྱོད་རྣམ་པར་དག་པའི་རྒྱལ་བ་སེ། །གསོལ་བ་འདེབས་སོ༴ །གཅིག་ཏུ་གཞན་དོན་མཛད་པའི་སྐྱེས་མཆོག་ལྷ། །བསླབ་གསུམ་རྣམ་པར་དག་པའི་ལྷ་སྡིངས་པ། །སྒོ་གསུམ་གཞན་དོན་མཛད་པའི་ལྷ་སྡིངས་དབོན། །གསོལ་བ་འདེབས་སོ༴ །དུས་གསུམ་རྒྱལ་བའི་ལམ་གནས་ཡོན་ཏན་དཔལ། །སངས་རྒྱས་བསྟན་པ་རྒྱས་མཛད་བདེ་བ་དཔལ། །མཁས་བཙུན་འགྲན་ཟླ་བྲལ་བའི་ཀ་བཞི་པ། །གསོལ་བ་འདེབས་སོ༴ །ཕན་བདེ་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་སྟོང་གསུམ་གྲགས། །བྱམས་དང་སྙིང་རྗེའི་མངའ་བདག་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ༴ །ཁ་སྐོང་ནི། དུས་གསུམ་རྒྱལ་བའི་སྲས་མཆོག་བཟང་པོ་དཔལ། །རྩེ་གཅིག་སྒྲུབ་ལ་བརྩོན་མཛད་བུདྡྷ་ཤྲཱི། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཨེ་ཝཾ་པ། །གསོལ་བ་འདེབས་སོ༴ །ཕྱག་ན་པདྨོའི་རྣམ་འཕྲུལ་མུས་ཆེན་རྗེ། །རྒྱ་ཆེན་ཤེས་བྱ་ཀུན་གཟིགས་གུང་རུ་བ། །ངག་གི་དབང་ཕྱུག་གཉུག་ལ་པཎ་ཆེན་ཞབས། །གསོལ་བ་འདེབས་སོ༴ །སྤྱན་སྔ་སེམས་དཔའ་ཆེན་པོ་ཆོས་གྲགས་མཚན། །ཆོས་ཀྱི་སྤྱན་ལྡན་ཤེ་འུ་ལོ་ཙཱ་བ། །སྲིད་ཞིའི་ཕུན་ཚོགས་རབ་རྒྱས་བཅོ་བརྒྱད་པར། །གསོལ་བ་འདེབས་སོ༴ །

p. 240

ཟབ་རྒྱས་གདམས་པའི་མཛོད་འཛིན་མཁྱེན་རབ་ཞབས། །མདོ་སྔགས་བསྟན་པའི་སྒྲོན་མེ་རྨོར་ཆེན་རྗེ། །མཁྱེན་བརྩེ་ནུས་པའི་བདག་ཉིད་གནས་གསར་པ། །གསོལ་བ་འདེབས་སོ༴ །སྙིགས་དུས་འགྲོ་བའི་སྐྱབས་མགོན་ས་སྐྱ་པ། །རིག་པའི་དབང་ཕྱུག་ཀུན་དགའ་མཁས་གྲུབ་དབང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ །ཡང་ན། སྤྱན་སྔ་སེམས་དཔའ་ཆེན་པོ་ཆོས་གྲགས་མཚན། །ཅེས་པའི་མཚམས། མདོ་རྒྱུད་མངའ་བདག་གཞོན་ནུ་ཆོས་དཔལ་བཟང༌། །འཇམ་དབྱངས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ༴ །མཁས་གྲུབ་དཔལ་འབྱོར་ཕྲིན་ལས་རབ་རྒྱས་དང༌། །ཕྱག་ན་པདྨོ་བློ་བཟང་རྒྱ་མཚོའི་སྡེ། །ལུང་རྟོགས་གཏེར་ཆེན་བློ་བཟང་དར་རྒྱས་ཞབས། །གསོལ་བ་འདེབས་སོ༴ །གནས་བརྟན་ཆེན་པོ་འཇམ་དབྱངས་གྲགས་པའི་དཔལ། །ལམ་བཟང་གསལ་མཛད་དགེ་ལེགས་རྒྱ་མཚོའི་ཞབས། །ངག་གི་དབང་ཕྱུག་བྱམས་མགོན་གཉིས་པ་ལ། །གསོལ་བ་འདེབས་སོ༴ །རིག་གྲོལ་མཐར་ཕྱིན་ཡེ་ཤེས་རྒྱལ་མཚན་དཔལ། །འཇམ་དཔལ་དབྱངས་དངོས་བསྟན་པའི་སྒྲོན་མེ་ཆེ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སོ། །རྙེད་དཀའ་ཡོན་ཏན་ལྡན་པའི་དལ་འབྱོར་འདི། །དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །དྲག་ལ་རྒྱུན་མི་ཆད་པའི་བརྩོན་འགྲུས་ཀྱིས། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །ཆུ་བུར་ལྟ་བུར་མི་རྟག་ལུས་སྲོག་འདི། །ནམ་འཇིག་ངེས་པ་མེད་པར་རྟོགས་གྱུར་ནས། །ཚེ་འདིའི་ཕུན་ཚོགས་སྒྲུབ་པའི་བསམ་སྦྱོར་རྣམས། །སྐད་ཅིག་ཙམ་ཡང་མེད་པར་བྱིན་གྱིས་རློབས། །སྲིད་པའི་བདེ་ལ་ནམ་ཡང་མ་ཞེན་ཅིང༌། །རང་ཉིད་ཞི་བ་དོན་དུ་མི་གཉེར་བར། །འགྲོ་ཀུན་དོན་དུ་སངས་རྒྱས་སྒྲུབ་པ་ཡི། །བསམ་སྦྱོར་རྒྱུན་མི་ཆད་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་གཉེན་གྱུར་འགྲོ་བ་རྣམས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་མཐོང་གྱུར་ནས། །

p. 241

བུ་སྡུག་ཆུ་ཡིས་ཁྱེར་བའི་མ་བཞིན་དུ། །བཅོས་མིན་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །རང་བདེ་འདོད་ལས་ཉེས་པ་ཀུན་འབྱུང་ཞིང༌། །གཞན་ཕན་སེམས་ལས་ཡོན་ཏན་ཀུན་འབྱུང་ཕྱིར། །གཞན་སྐྱོན་བདག་ལ་ལེན་ཅིང་བདག་ཉིད་ཀྱི། །བདེ་དགེ་གཞན་ལ་གཏོང་བར་བྱིན༴ །རང་ཉིད་གཅེས་པར་འཛིན་པའི་དགྲ་བོ་འདིས། །ཐོག་མེད་དུས་ནས་རང་གཞན་སྡུག་བསྔལ་བྱས། །ཕྱིན་ཆད་བྱང་ཆུབ་སེམས་གཉིས་སྟོབས་རྒྱས་ནས། །བདག་འཛིན་རྩད་ནས་ཐོན་པར་བྱིན༴ །འགྲོ་འདིས་ཐོག་མེད་དུས་ནས་ཕན་བཏགས་ཤིང༌། །བྱང་ཆུབ་སྒྲུབ་པའང་འདི་ལ་རག་ལས་པས། །རྒྱལ་བ་བཞིན་དུ་ཕན་བདེའི་རྒྱུར་མཐོང་ནས། །གུས་པས་སྤྱི་བོར་ལེན་པར་བྱིན༴ །ལས་ངན་དབང་གིས་སྣོད་བཅུད་འགལ་རྐྱེན་གྱིས། །གང་བའི་དུས་འདིར་འགལ་རྐྱེན་ཀུན་སྤངས་ནས། །ལོགས་ནས་དམ་ཆོས་སྒྲུབ་དབང་མི་གདའ་བས། །རྐྱེན་ངན་ལམ་དུ་སློང་བར་བྱིན༴ །བདེ་སྡུག་ཕན་གནོད་འབྱོར་རྒུད་ཅི་བྱུང་ཡང༌། །རྨི་ལམ་ཡུལ་གྱི་འབྱོར་རྒུད་ཇི་བཞིན་དུ། །སྣང་ཡང་བདེན་པ་མེད་པར་ཤེས་བྱས་ནས། །ཞེན་མེད་རང་སར་གྲོལ་བར་བྱིན་གྱིས་རློབས། །ཞེས་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་གསུང་རྗེ་བླ་མའི་ཞལ་སྐོང་དང་བཅས་པའོ།། ༈ །བྱང་ཆུབ་ལམ་རིམ་གྱི་བརྒྱུད་འདེབས་ལ། ཐོག་མར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་གསོལ་འདེབས་ནི། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་གསོལ་བ་འདེབས། །འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན། །དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། །དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ། །འཇིག་རྟེན་མིག་འབྱེད་གསུམ་ལ༴ །རྨད་བྱུང་ངོ་མཚར་གནས་གྱུར་མཆོག་གི་སྡེ། །ཟབ་མོའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ། །རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད། །འགྲོ་བའི་

p. 242

རྩ་ལག་གསུམ་ལ༴ །ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས། །རྒྱལ་བའི་མན་ངག་ཀུན་འཛིན་ཀུ་སཱ་ལི། །འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། །འགྲོ་བའི་དེད་དཔོན་གསུམ་ལ༴ །བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །བསྟན་པའི་སྲོག་ཤིང་གསུམ་ལ༴ །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ། །ཟབ་མོའི་ཏིང་འཛིན་བརྟན་པའི་སྣེ་ཟུར་པ། །འདུལ་བའི་སྡེ་སྣོད་ཀུན་འཛིན་ཐག་མ་བ། །མཐའ་འཁོབ་སྒྲོན་མེ་གསུམ་ལ༴ །བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང༌། །འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང༌། །རྒྱལ་སྲས་བཟང་པོའི་ཞབས་ལ༴ །བྱང་ཆུབ་ཐུགས་རྗེས་འགྲོ་ཀུན་བུ་བཞིན་གཟིགས། །ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ༴ །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ༴ །མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང༌། །སྐུ་གསུམ་གོ་འཕང་མངོན་གྱུར་ནོར་བུ་བཟང༌། །དཔལ་ལྡན་བླ་མ་གསུམ་ལ༴ །དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ། །མཁས་གྲུབ་ལྷ་བཙུན་བསོད་ནམས་དཔལ་བཟང་སྟེ། །བཤེས་གཉེན་དམ་པ་གསུམ་ལ༴ །ཕྱག་ན་པདྨ་བསོད་ནམས་རྒྱ་མཚོའི་ཞབས། །ཟབ་དོན་གདམས་པའི་བཀའ་བབས་ཆོས་དཔལ་བཟང༌། །རིགས་ཀུན་བདག་པོ་དཔལ་འབྱོར་ལྷུན་གྲུབ་ཞབས། །མཁས་གྲུབ་ཆེན་པོ་གསུམ་ལ༴ །བཀའ་དྲིན་མཉམ་མེད་ཤྲཱི་བྷཱུ་ཏིའི་མཚན། །ངག་གི་དབང་

p. 243

དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འཇམ་དཔལ་དབྱངས་དངོས་ངག་དབང་དཔལ་བཟང་པོ། །རྣམ་འདྲེན་དམ་པ་གསུམ་ལ༴ །བཤེས་གཉེན་དམ་པ་བྱམས་པ་ཆོས་ལྡན་དང༌། །རྩ་བའི་བླ་མ་དགེ་ལེགས་རྒྱ་མཚོའི་སྡེ། །བསྟན་པའི་སྲོག་ཤིང་ངག་དབང་བྱམས་པའི་དཔལ། །སྙིགས་དུས་འགྲོ་འདྲེན་གསུམ་ལ༴ །མཁས་བཙུན་གྲུབ་བརྙེས་བྱམས་པ་སྨོན་ལམ་དང༌། །ཡེ་ཤེས་མཆོག་གཟིགས་བསྟན་པ་རབ་རྒྱས་ཞབས། །སྨྲ་བའི་དབང་ཕྱུག་ངག་དབང་ཆོས་འཕེལ་ཏེ། །ལུང་རྟོག་མཛོད་འཛིན་གསུམ་ལ༴ །བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁྱེན་པས་ཆོས་ཀུན་དེ་ཉིད་རབ་ཏུ་གཟིགས། །ཕུན་ཚོགས་སྐུ་བཞིའི་བདག་ཉིད་བླ་མ་ལྷས། །རྗེས་བཟུང་བཤེས་གཉེན་དམ་པར་གསོལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །བསྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །ཞེས་དང༌། ཟབ་མོ་ལྟ་བའི་བརྒྱུད་པའི་གསོལ་འདེབས་ནི། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ༴ །འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བོ་རིག་པའི་ཁུ་བྱུག་ཆེ། །རྒྱལ་སྲས་རིག་པའི་ཁུ་བྱུག་གཉིས་པའི་ཞབས། །རིག་པའི་དབང་ཕྱུག་གསུམ་ལ༴ །རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡི། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །འཛམ་གླིང་རྒྱན་གྱུར་གཉིས་ལ༴ །རྒྱལ་བའི་གདུང་འཚོབ་བཤེས་གཉེན་པུ་ཏོ་བ། །རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། །བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཀ་བ། །འགྲོ་བའི་རེ་སྐོང་གསུམ་ལ༴ །ལུང་

p. 244

རྟོགས་མངའ་བདག་བྱང་སེམས་སྤྱིལ་བུ་བ། །དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་གཙོ། །ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ། །གནས་བརྟན་ཆེན་པོ་གསུམ་ལ༴ །རྣམ་དག་ཚུལ་ཁྲིམས་ངད་ལྡངས་ཟངས་ཆེན་པ། །འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། །ཆོས་མངོན་རྒྱ་མཚོའི་མཐར་སོན་མོན་གྲ་པ། །འགྲོ་བའི་འདྲེན་པ་གསུམ་ལ༴ །ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། །སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར། །ཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ༴ །བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་ཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ༴ །མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེའི་ཞབས། །ཞེས་སོགས་མན་གོང་ལྟར་རོ། །ཡང་ན་སྟོན་པ་རིན་པོ་ཆེའི་རྗེས་སུ། གྲུབ་པའི་དབང་ཕྱུག་ཆེན་པོ་ཚུལ་ཁྲིམས་འབར། །བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་སྒྱེར་སྒོམ་ཞབས། །རྒྱལ་བའི་སྲས་པོ་གསུམ་ལ༴ །རྨད་བྱུང་ཡོན་ཏན་མཛོད་འཛིན་སངས་རྒྱས་དབོན། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པོ་དང༌། །ནས། ནམ་མཁའ་རྒྱལ་མཚན་ཞབས་ལ༴ །བློ་གྲོས་ཁང་བཟང་སོགས་གོང་བཞིན་ནོ།། ༈ །དེ་ལྟ་བུའི་ལམ་གྱི་རིམ་པའི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་གསོལ་འདེབས་ནི། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན༴ །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། །ཤི་བའི་རྗེས་སུ་ལུས་དང་གྲིབ་

p. 245

མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་བཞིན་བག་ཡོད་བརྟན་པོ་ཡིས། །བསྟན་པའི་རྩ་བ་སོ་སོར་ཐར་པ་ལ། །སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས། །ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང༌། །ཡང་དག་དོན་ལ་ཚུལ་བཞིན་དཔྱད་པ་ཡིས། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་རློབས། །དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་སྤྱོད་

p. 246

ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། །ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྗེ་བཙུན་བླ་མ་ཉིད་ཀྱིས་གསན་པ་ལྟར་བརྒྱུད་པའི་ཁ་སྐོང་གནང་བ་དང་བཅས་པའོ།། ༈ །རྒྱུད་གསུམ་བླ་མ་བརྒྱུད་པའི་གསོལ་འདེབས། ན་མཿཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྡྷཱརྵ་ཡ། ཀུན་ཁྱབ་འཁོར་ལོའི་དབང་ཕྱུག་བདེ་བ་ཆེ། །ཟག་མེད་རྣམ་ཐར་གསུམ་གྱི་ངོ་བོ་ཉིད། །ངོ་མཚར་སྒྱུ་མའི་གར་གྱིས་རྣམ་རོལ་བའི། །ཀུན་བཟང་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །དེ་དང་གཉིས་སུ་མེད་པའི་ཤེས་རབ་ཡུམ། །སྤྲུལ་པའི་གར་མཛད་བདག་མེད་མཁའ་འགྲོ་དང༌། །རྒྱལ་རིགས་རིག་གནས་ཀུན་མཁྱེན་ས་དྲུག་བརྙེས། །མཐུ་སྟོབས་རྣལ་འབྱོར་དབང་ཕྱུག་ལ་གསོལ་བ་འདེབས། །མུ་སྟེགས་རིགས་ལས་གྲུབ་པའི་ས་བརྙེས་པའི། །འཆི་མེད་དབང་པོ་ཀཧྞའི་མཚན་ཅན་དང༌། །དབུས་འགྱུར་ཚལ་འཁྲུངས་རྟེན་འབྲེལ་དོན་གཟིགས་པའི། །རྗེ་བཙུན་ཌ་མ་རུ་པ་ལ༴ །ཝཱ་རཱ་ཎ་སཱིར་གཞོན་ནུའི་སར་བཞུགས་ཏེ། །གཉིས་མེད་གཟིགས་པ་ཨ་བ་དྷཱུ་ཏཱི་དང༌། །རིག་གནས་ཀུན་སྦྱང་འཕོ་བས་མཁའ་ལ་གཤེགས། །པཎ་ཆེན་ག་ཡ་དྷ་ར་ལ༴ །མཐུ་སྟོབས་མགོན་པོས་རྗེས་བཟུང་ཌོམྦི་པ། །ངོ་མཚར་རྡོ་རྗེ་ནགས་ཁྲོད་གརྦྷ་རཱི། །ཛ་ཡ་ཤྲཱི་མི་ཐུབ་ཟླ་བ་དང༌། །ཤེས་རབ་དབང་པོ་མཛེས་པ་ལ༴ །སྐད་གཉིས་སྨྲ་བ་ཤཱཀྱ་ཡེ་ཤེས་དང༌། །དེ་སྲས་སྙིང་པོ་རིག་སྣང་རྒྱལ་པོའི་མཐའ། །རིག་དང་སྙིང་པོས་རྗེས་བཟུང་འབར་བ་ཡི། །མཐའ་ཅན་བླ་མ་རྣམ་གཉིས་ལ༴ །རྨད་བྱུང་བརྒྱུད་པ་ཀུན་གྱི་

p. 247

བཀའ་བབས་ཤིང༌། །ཁྱད་པར་མཐུ་སྟོབས་མགོན་དང་གཉིས་སུ་མེད། །ངོ་མཚར་གཏམ་མང་མངའ་བའི་ས་སྐྱ་པ། །བརྩེ་ཆེན་ཀུན་དགའ་སྙིང་པོ་ལ༴ །གང་དེའི་སྐུ་གསུང་ཐུགས་ཀྱི་སྲས་ཀྱི་མཆོག །འཇམ་དབྱངས་སྤྲུལ་པ་བསོད་ནམས་རྩེ་མོ་དང༌། །གསང་ཆེན་བསྟན་པ་རྒྱས་མཛད་རྡོ་རྗེ་འཆང༌། །རྗེ་བཙུན་གྲགས་པ་རྒྱལ་མཚན་ལ༴ །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། །ཐུབ་དབང་གཉིས་པ་ས་སྐྱ་པཎ་ཆེན་དང༌། །འཛམ་གླིང་བསྟན་པའི་མངའ་བདག་འཕགས་པའི་མཆོག །ཆོས་རྒྱལ་བློ་གྲོས་རྒྱལ་མཚན་ལ༴ །འགྲོ་མགོན་བླ་མས་རྗེས་བཟུང་དགའ་ལྡན་པ། །བཀྲ་ཤིས་དཔལ་དང་ཞང་སྟོན་དཀོན་མཆོག་དཔལ། །དེ་སྲས་ཆོས་ཀྱི་སྤྱན་ལྡན་བྲག་ཕུག་པ། །མཚུངས་མེད་པུཎྱ་ཤྲཱི་ལ༴ །མཐའ་ཡས་སྐྱེ་རྒུའི་སྐྱབས་གཅིག་སེམས་དཔའ་ཆེ། །གནས་ལྔ་རིག་པ་བསོད་ནམས་རྒྱལ་མཚན་དང༌། །འཇིག་རྟེན་བྱ་བ་ཀུན་སྤངས་རི་ཁྲོད་པ། །དཔལ་ལྡན་བློ་གྲོས་བརྟན་པ་ལ༴ །བླ་མ་གཉིས་སོགས་མཁས་གྲུབ་དུ་མ་ཡི། །བཤད་དང་སྒྲུབ་པའི་བཀའ་བབས་དཔལ་ལྡན་པ། །མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དང༌། །གྲུབ་ཆེན་བུདྡྷ་ཤྲཱི་ལ༴ །མཁས་གྲུབ་བླ་མ་གཉིས་ཀྱིས་རྗེས་སུ་བཟུང༌། །སྙིགས་དུས་བསྟན་པའི་བདག་པོར་ལུང་བསྟན་བརྙེས། །རྡོ་རྗེ་འཆང་ཞེས་འགྲོ་ལ་རབ་གྲགས་པའི། །ཀུན་མཁྱེན་ཀུན་དགའ་བཟང་པོ་ལ༴ །ངེས་དོན་བསྟན་པའི་སྲོག་ཤིང་མུས་པ་ཆེ། །སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཞབས། །དེ་སྲས་གྲུབ་བརྙེས་ཀུན་དགའ་དབང་ཕྱུག་དང༌། །མཁས་མཆོག་བསོད་ནམས་སེང་གེ་ལ༴ །ཟབ་ཡངས་མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས། །ཚད་མེད་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །ཕུལ་བྱུང་མཛད་པ་བསམ་ཡས་རྡོ་རྗེ་འཆང༌། །འདྲེན་མཆོག་རཏྣ་ཝརྡྷཱ་ལ༴ །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་ཆོས་ཀྱི་རྗེ། །བཀའ་དྲིན་མཉམ་མེད་སངས་རྒྱས་རིན་པོ་ཆེ། །རྒྱ་ཆེན་ཆོས་ཀྱི་སྤྱན་

p. 248

ལྡན་ས་སྐྱ་པ། །འཇམ་དབྱངས་ཀུན་དགའ་བསོད་ནམས་ལ༴ །འདི་ནས་བླ་མ་གསུམ་ཁ་སྐོང༌། བླ་མ་གསུམ་གྱི་ཐུགས་ལས་འཁྲུངས་པའི་སྲས། །རིག་གནས་ཀུན་ལ་སྤོབས་པ་དགེ་བ་ཅན། །ཡོངས་རྫོགས་བསྟན་པའི་མངའ་བདག་ཨེ་ཝཾ་པ། །མཚུངས་མེད་དཀོན་མཆོག་ལྷུན་གྲུབ་ལ༴ །རིག་གནས་མཐར་ཕྱིན་བུདྡྷ་སིཾ་ཧ་དང༌། །སྐྱབས་གནས་མཐར་ཐུག་དཀོན་མཆོག་དཔལ་ལྡན་པ། །མཁྱེན་རབ་ཕུལ་ཕྱིན་ཤེས་རབ་རྒྱལ་མཚན་དང༌། །པཎ་ཆེན་ནམ་མཁའ་དཔལ་བཟང་ལ༴ །མཆོག་གསུམ་ངོ་བོ་བླ་མས་རྗེས་བཟུང་ནས། །རིགས་གསུམ་གདུལ་བྱའི་ཚོགས་རྣམས་ཐམས་ཅད་ལ། །ཐེག་གསུམ་ཆོས་ཀྱི་དགའ་སྟོན་འགྱེད་མཁས་པའི། །ཤར་ཆེན་ཀུན་དགའ་བཀྲ་ཤིས་ལ༴ །ཡང་ཁ་བསྐངས་པ། རྩེ་གདོང་ཁྲི་ཆེན་དཔལ་ལྡན་དོན་གྲུབ་ཞབས། །དཔལ་མཆོག་རྒྱལ་མཚན་སངས་རྒྱས་ཕུན་ཚོགས་དང༌། །ཚུལ་ཁྲིམས་དཔལ་བཟང་བསོད་ནམས་བཟང་པོ་དང༌། །བྱམས་པ་ནམ་མཁའ་བསམ་འགྲུབ་ལ༴ །ངག་དབང་ཀུན་བློ་སངས་རྒྱས་གྲགས་པ་དང༌། །ནམ་མཁའ་འཆི་མེད་ངག་དབང་དམ་ཆོས་མཚན། །འཁོར་ལོའི་མགོན་པོ་ཀུན་དགའ་བསྟན་འཛིན་ཞབས། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས། །ཞེས་མན་ངག་ལུགས་ཀྱི་དབང་མཁན་ཆེན་རྣམ་གཉིས་ཀྱི་གསན་ཡུལ་ཐ་དད་པའི་བརྒྱུད་པ་ཕྱོགས་བསྡུས་སུ་བཀོད་པ་དང༌། བརྩེ་ཆེན་ཡབ་སྲས་ཆོས་རྗེ་ཁུ་དབོན་ཞབས། །མདོ་སྡེ་དཔལ་དང་ཀུན་བསོད་ནམ་མཁའི་མཚན། །དཔལ་ལྡན་སེང་གེ་བླ་མ་དམ་པའི་ཞབས། །མཁན་ཆེན་རྒྱལ་བ་བཟང་པོ་ལ་གསོལ༴ །བྱང་ཆུབ་སེང་གེ་ཡེ་ཤེས་རྒྱལ་མཚན་ཞབས། །ངོར་ཆེན་རྡོ་རྗེ་འཆང་དང་རྒྱལ་ཚབ་རྗེ། །དཀོན་མཆོག་འཕེལ་དང་ས་སྐྱ་ལོ་ཙཱ་བ། །འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ་ལ༴ །ཤེས་རབ་རྒྱལ་མཚན་ནམ་མཁའ་དཔལ་བཟང་ཞབས། །ཀུན་དགའ་བཀྲ་ཤིས་ནམ་མཁའ་སངས་རྒྱས་དང༌། །དཔལ་མཆོག་

p. 249

རྒྱལ་མཚན་དོན་གྲུབ་རྒྱལ་མཚན་དང༌། །ཁམས་སྟོན་ནམ་མཁའ་དཔལ་བཟང་ལ༴ །སངས་རྒྱས་ཡེ་ཤེས་ཀུན་བློ་ཆོས་བཀྲ་ཤིས། །ཀུན་དགའ་རབ་རྒྱས་དྲུང་རམས་ཆོས་དཔལ་འབྱོར། །ངག་དབང་གྲགས་པ་ཀུན་དགའ་དཔལ་བཟང་ཞབས། །ཀུན་དགའ་འཇམ་དཔལ་ངག་དབང་ལེགས་གྲུབ་དང༌། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས། །ཞེས་དག་ལྗོན་སྤྱི་གསུམ་གྱི་ལུང་གི་བརྒྱུད་པ་ཕྱོགས་བསྡུས་དང༌། མདོ་རྒྱུད་མན་ངག་རྒྱ་མཚོར་གནས་བཅས་ཤིང༌། །འཆད་རྩོད་རྩོམ་པའི་ནོར་བུར་དབང་བསྒྱུར་བས། །སྲིད་ཞིའི་དགེ་ལེགས་ལྷུན་གྲུབ་སྩོལ་མཛད་པའི། །ཡོངས་འཛིན་གདེངས་ཅན་དབང་པོ་ལ་གསོལ་བ་འདེབས། །སྐྱབས་གནས་ཀུན་འདུས་དྲིན་ཅན་ཆོས་ཀྱི་རྗེ། །བརྒྱུད་པར་བཅས་ལ་གུས་པས་གསོལ་འདེབས་ཀྱི། །གདོད་ནས་སྤྲོས་བྲལ་རང་སེམས་རྒྱུ་ཡི་རྒྱུད། །ཟུང་འཇུག་རང་ཞལ་མཐོང་བར་བྱིན་གྱིས་རློབས། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང༌། །འདི་དང་ཕྱི་མ་གཏན་དུ་བདེ་བའི་རྒྱུ། །རྣམ་དག་ཁྲིམས་ལ་རིམ་གྱིས་སློབ་པར་ཤོག །སྲིད་པའི་སྡུག་བསྔལ་དྲག་པོས་ཉམ་ཐག་པའི། །མར་གྱུར་འགྲོ་ལ་དམིགས་པའི་སྙིང་རྗེ་ཡིས། །རིན་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རང་གཞན་དོན་གཉིས་སྒྲུབ་ལ་བརྩོན་པར་ཤོག །རྒྱ་ཆེན་གཞུང་ལ་ཐོས་པས་མི་ངོམས་ཤིང༌། །དེ་དོན་བསམ་པས་སྒྲོ་འདོགས་ལེགས་བཅད་དེ། །ཇི་བཞིན་སྒོམ་པའི་ཡེ་ཤེས་ཉི་མ་ཡིས། །བདག་མེད་རྟོགས་པའི་པད་ཚལ་རྒྱས་པར་ཤོག །གསང་ཆེན་རྒྱུད་སྡེ་རྣམ་བཞིའི་ཆུ་གཏེར་ལས། །སྨིན་གྲོལ་ཡིད་བཞིན་ནོར་བུ་ལེགས་བླངས་ཏེ། །མཐའ་ཡས་གདུལ་བྱའི་བསམ་པ་ཇི་ལྟ་བ། །དངོས་གྲུབ་རྣམ་གཉིས་དགའ་སྟོན་འགྱེད་པར་ཤོག །སླར་ཡང་རྒྱུད་སྡེ་ཀུན་གྱི་མཐར་ཐུག་པ། །དཔལ་ལྡན་དགེས་པ་རྡོ་རྗེའི་དཀྱིལ་འཁོར་དུ། །མ་ནོར་

p. 250

བརྒྱུད་པའི་བཀའ་སྲོལ་ལས་འོངས་པའི། །རྣམ་དག་དབང་བཞིའི་བདུད་རྩི་ཐོབ་པར་ཤོག །གང་དུའང་མ་གྲུབ་ཅིར་ཡང་སྣང་བའི་དངོས། །དངོས་པོ་ཀུན་གྱི་རང་བཞིན་ཉམས་དགའི་ཆོས། །ཆོས་དང་ཆོས་ཅན་གཉིས་སུ་མེད་པའི་དོན། །དོན་དམ་མཐའ་བྲལ་ལྟ་བ་རྟོགས་པར་ཤོག །ཐོག་མེད་འཁོར་བའི་བག་ཆགས་ཀྱིས་བསླད་པའི། །ལས་དང་ཉོན་མོངས་སྣོད་བཅུད་སྣང་བ་ཀུན། །ཟབ་གསལ་གཉིས་མེད་བསྐྱེད་རིམ་ཐབས་མཁས་ཀྱིས། །རྟེན་དང་བརྟེན་པའི་འཁོར་ལོར་འཆར་བར་ཤོག །མ་བཅོས་ལུས་ལ་གྲུབ་པའི་དཀྱིལ་འཁོར་བཞི། །གདོད་ནས་ཡེ་ཤེས་ཆེན་པོའི་ངོར་གནས་པ། །རང་བྱིན་རླབས་དང་ཕོ་ཉའི་ཐབས་མཁས་ཀྱིས། །བདེ་སྟོང་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །རིམ་གཉིས་ལས་བྱུང་ཉམས་ཀྱི་དྲོད་རྟགས་རྣམས། །བཏུལ་ཞུགས་སྤྱོད་པ་གསུམ་གྱིས་བརྟན་བྱས་ནས། །བྱང་ཆུབ་སེམས་ཀྱི་བདག་ཉིད་ཉེ་བའི་རྒྱུ། །གསང་ཆེན་ནང་གི་མངོན་བྱང་བགྲོད་པར་ཤོག །གཞན་ཡང་བཟླས་བརྗོད་སྦྱིན་སྲེག་གཏོར་མ་དང༌། །རབ་ཏུ་གནས་དང་ལས་ཚོགས་རབ་འབྱམས་ཀྱིས། །བསྟན་དང་འགྲོ་ལ་ཕན་བདེ་འབྱུང་བ་དང༌། །དམ་ཚིག་སྡོམ་སོགས་ལམ་ཀུན་མཐར་ཕྱིན་ཤོག །སོ་གཉིས་ཡུལ་ལ་ཁྱབ་པའི་དཀྱིལ་འཁོར་བཞི། །ཟུང་འཇུག་དབུ་མའི་གནས་སུ་རབ་ཐིམ་པས། །གནས་དང་ཉེ་གནས་ལ་སོགས་ཀུན་བགྲོད་ནས། །འདས་རྟོགས་ཡོན་ཏན་གོང་ནས་གོང་འཕེལ་ཤོག །དེ་ལྟའི་རླུང་སེམས་ཀུན་གྱི་མཐུ་བསྡོམས་པ། །སྙིང་དབུས་སྦས་པའི་རྩ་ལྔས་དབང་བྱས་ཏེ། །སྤྱི་གཙུག་མཆོག་གི་དབུ་མར་ཐིམ་པ་ཡིས། །རྡོ་རྗེ་འཛིན་ས་མངོན་དུ་འགྱུར་བར་ཤོག །མདོར་ན་ཟག་བཅས་ཡུལ་དང་རྟོག་བཅས་སེམས། །འཇའ་ལུས་རྡོ་རྗེའི་སྐུ་རུ་གནས་གྱུར་ཏེ། །བསམ་གྱིས་མི་ཁྱབ་ཡེ་ཤེས་ཆེན་པོ་དངོས། །མི་གནས་མྱ་ངན་འདས་པའི་ས་ཐོབ་ཤོག །མཁའ་ཁྱབ་གཉིས་སུ་མེད་པའི་སྐུ་བརྙེས་ནས། །འགྲོ་ཀུན་སྲིད་ལས་མ་གྲོལ་དེ་སྲིད་དུ། །

p. 251

གང་ལ་གང་འདུལ་མཛད་པ་བསམ་ཡས་ཀྱིས། །ལྷུན་གྲུབ་རྒྱུན་མི་ཆད་པ་ཐོབ་པར་ཤོག །དངོས་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་དང༌། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ནུས་མཐུ་ཡིས། །ཅི་གསོལ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་དགེས་པ་རྡོ་རྗེའི་ལམ་གྱི་སྲོལ། །བཤད་དང་སྒྲུབ་པའི་སྒོ་ནས་རྒྱས་མཛད་པའི། །བླ་མ་རྣམས་ཀྱི་ཐུགས་རྗེ་སྐུལ་བའི་ངག །བྱིན་རླབས་མྱུར་དུ་འཇུག་པའི་ཕོ་ཉ་འདི། །རྗེ་བཙུན་བླ་མ་རྣམས་ཀྱི་ཡོན་ཏན་ལ། །སྙིང་ནས་དད་པ་ཐོབ་པའི་སྙོམ་ལས་ཅན། །ཤཱཀྱའི་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས། །བསམ་པ་དག་ཅིང་སྦྱོར་བ་གུས་པས་སྦྱར། །ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་རྒྱུད་གསུམ་མན་ངག་དང་བཅས་པའི་བསྟན་པ་ཉིན་མོར་བྱེད་པའི་འོད་ལྟར་གྱུར་ཅིག །གོང་གི་ཤློ་ཀ་གཉིས་པོ་འདི་སུས་མཛད་མ་ངེས་ལ། རྩེ་གདོང་ཁྲི་ཆེན་ཞེས་པ་མན་གྱི་དབང་རྒྱུན་དང༌། རྒྱུད་གསུམ་དེང་སང་རྩལ་བཤད་ཙམ་བྱས་ན་མ་གཏོགས་བཤད་རྒྱུན་ངེས་གསལ་མེད་པས་ལུང་གི་བརྒྱུད་པས་དོད་བྱས་ཏེ། རྩལ་བཤད་ཙམ་གྱིས་ཀྱང་རང་གཞན་གྱི་བློ་གྲོས་ལ་ཕན་པར་མཐོང་བས་འཆད་འདོད་ཀྱི་རློམ་སེམས་དང་བཅས། གཞན་དོན་དུ་གཉེར་བ་མང་པོའི་ངོར་འཆད་པ་པོའི་གཟུགས་བརྙན་ཝཱ་གིནྡྲས་སྦྱར་བའོ།། ༈ །གསུང་ངག་རིན་པོ་ཆེའི་བརྒྱུད་འདེབས་ནི། རྣམ་དག་དཀྱིལ་འཁོར་བཞི་ཡི་འཛིན་མ་ལ། །རྣམ་དཀར་དབང་བཞིའི་ཆར་རྒྱུན་ལེགས་ཕབ་ནས། །རྣམ་གྲོལ་སྐུ་བཞིའི་ལོ་ཏོག་རྒྱས་མཛད་པ། །རྣམ་མཁྱེན་བླ་མ་བཞི་ལ་གསོལ་བ་འདེབས། །ཁྱབ་བདག་རྡོ་རྗེ་འཆང་དབང་བདག་མེད་མ། །མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་ནག་པོ་པ། །ཌ་མ་རུ་པ་ཨ་བ་དྷཱུ་ཏཱི་པ། །ག་ཡ་དྷ་ར་རྣམས་ལ་གསོལ༴ །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་

p. 252

འཕགས་པ་རྣམས་ལ༴ །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །འདི་ནས་ཁ་སྐོང་འཇུག བསྐྱེད་པ་ཕྱི་དབྱིབས་རྡུལ་ཚོན་དཀྱིལ་འཁོར་དུ། །བུམ་པའི་དབང་བསྐུར་བསྐྱེད་རིམ་ལམ་བསྒོམས་པས། །རྩ་ཡི་འགྲོས་ཀྱིས་ལུས་ཀྱི་སྒྲིབ་སྦྱངས་ནས། །སྤྲུལ་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །བྷ་ག་བྱང་སེམས་ནང་གི་དཀྱིལ་འཁོར་དུ། །གསང་བའི་དབང་བསྐུར་གཏུམ་མོའི་ལམ་བསྒོམས་པས། །ཡི་གེའི་འགྲོས་ཀྱིས་ངག་གི་སྒྲིབ་སྦྱངས་ནས། །ལོངས་སྐུའི་གོ་འཕང་ཐོབ་པར་བྱིན༴ །ཀུན་རྫོབ་བྱང་སེམས་གསང་བའི་དཀྱིལ་འཁོར་དུ། །གསུམ་པའི་དབང་བསྐུར་ཕོ་ཉའི་ལམ་བསྒོམས་པས། །བདུད་རྩིའི་འགྲོས་ཀྱིས་ཡིད་ཀྱི་སྒྲིབ་སྦྱངས་ནས། །ཆོས་སྐུའི་གོ་འཕང་ཐོབ་པར་བྱིན༴ །དོན་དམ་བྱང་སེམས་མཐར་ཐུག་དཀྱིལ་འཁོར་དུ། །བཞི་པའི་དབང་བསྐུར་རྦ་རླབས་ལམ་བསྒོམས་པས། །རླུང་གི་འགྲོས་ཀྱིས་སྒོ་གསུམ་སྒྲིབ་སྦྱངས་ནས། །ངོ་བོ་ཉིད་སྐུ་ཐོབ་པར་བྱིན་གྱིས་རློབས། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་འདི་ནི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།། ༈ །རྣམ་དག་མའི་ཁ་སྐོང་མདོ་རྒྱུད་མ་སོགས་གདན་རབས་སྐུ་བསྟོད་ཤློ་ཀ་རེས་མཛད་པ་སྲོལ་ཡིན་མོད། ངག་འདོན་ཟོར་ཡང་བའི་ཆེད་དུ་དཀྱུས་ཀྱི་ཚིག་འགྲོས་དང་མཐུན་པར་བྱས་ན་ལེགས་པས། བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཞེས་པའི་རྗེས་སུ། བུདྡྷ་ཤྲཱི་ངོར་ཆེན་རྡོ་རྗེ་འཆང༌། །སེམས་དཔའ་ཆེན་པོ་རྣམས་ལ་གསོལ་བ་འདེབས། །ཤེས་རབ་རྒྱ་མཚོ་རྒྱལ་ཚབ་ཀུན་དགའ་དབང༌། །དཔལ་ལྡན་རྡོ་རྗེ་བསོད་ནམས་སེང་གེའི་ཞབས། །དཀོན་མཆོག་འཕེལ་དང་སངས་རྒྱས་རིན་ཆེན་དཔལ། །ལྷ་མཆོག་སེང་གེ་རྣམས་ལ༴ །དཀོན་མཆོག་

p. 253

ལྷུན་གྲུབ་སངས་རྒྱས་སེང་གེ་དང༌། །དཀོན་མཆོག་དཔལ་ལྡན་པཎ་ཆེན་ནམ་མཁའི་མཚན། །ཀུན་དགའ་བཀྲ་ཤིས་བསོད་ནམས་ལྷུན་གྲུབ་ཞབས། །དཔལ་ལྡན་དོན་གྲུབ་རྣམས་ལ༴ །ནམ་མཁའ་སངས་རྒྱས་ཤེས་རབ་འབྱུང་གནས་དང༌། །ནམ་མཁའ་རིན་ཆེན་བསོད་ནམས་རྒྱལ་མཚན་དཔལ། །བསོད་ནམས་རྒྱ་མཚོ་དཔལ་མཆོག་རྒྱལ་མཚན་ཞབས། །ནམ་མཁའ་དཔལ་བཟང་རྣམས་ལ༴ །ལྷུན་གྲུབ་དཔལ་ལྡན་སངས་རྒྱས་ཕུན་ཚོགས་དང༌། །སངས་རྒྱས་བསྟན་འཛིན་ཤེས་བྱ་བཟང་པོའི་ཞབས། །ཚུལ་ཁྲིམས་དཔལ་བཟང་བསོད་ནམས་དཔལ་ལྡན་མཚན། །བསོད་ནམས་བཟང་པོ་རྣམས་ལ༴ །བཀྲ་ཤིས་ལྷུན་གྲུབ་ཚུལ་ཁྲིམས་ལྷུན་གྲུབ་དང༌། །ནམ་མཁའ་བསམ་འགྲུབ་དཔལ་ལྡན་ཆོས་སྐྱོང་ཞབས། །སངས་རྒྱས་དཔལ་བཟང་བསོད་ནམས་ལྷུན་གྲུབ་དང༌། །མི་འགྱུར་རྒྱལ་མཚན་རྣམས་ལ༴ །སངས་རྒྱས་ཡེ་ཤེས་དཀོན་མཆོག་གྲགས་པ་དང༌། །ཆོས་སྐྱོང་བཟང་པོ་སངས་རྒྱས་གྲགས་པའི་ཞབས། །ཕུན་ཚོགས་དོན་གྲུབ་ཀུན་དགའ་བསོད་ནམས་དཔལ། །ནམ་མཁའ་འཆི་མེད་རྣམས་ལ༴ །ངག་དབང་དམ་ཆོས་བསོད་ནམས་དཔལ་འབྱོར་དང༌། །ཀུན་དགའ་བསྟན་འཛིན་ངག་དབང་བློ་གྲོས་བཟང༌། །དཔལ་ལྡན་དོན་གྲུབ་དཔལ་ལྡན་བཟང་པོའི་ཞབས། །འཇམ་དཔལ་བཟང་པོ་རྣམས་ལ༴ །བློ་གྲོས་བསྟན་འཛིན་བསྟན་པའི་བློ་གྲོས་དང༌། །འཇམ་པའི་དབྱངས་དངོས་བསྟན་པའི་རྒྱལ་མཚན་སོགས། །རྒྱལ་བ་གཉིས་པའི་ཆོས་ཀྱི་འཁོར་ལོས་སྒྱུར། །རྒྱུན་མི་ཆད་པར་བྱོན་ལ་གསོལ་བ་འདེབས། །བསྐྱེད་པ་ཕྱི་དབྱིབས་སོགས་དང་སྦྲེལ་བས་འཐུས་སོ། །ཁ་སྐོང་ཤློ་ཀ་རེས་མཛད་པ་ལྟར་མོས་ན་གཞན་དུ་གསལ་བ་ལྟར་དེ་ཉིད་འདིར་འཇུག་གོ །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་དང༌། །མཁྱེན་བརྩེའི་དབང་པོ་བསྟན་པའི་རྒྱལ་མཚན་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐྱེད་པ་ཕྱི་དབྱིབས་སོགས་

p. 254

སྦྲེལ། བར་འདིར་བདེ་གསང་དུས་གསུམ་སོགས་རྒྱུད་སྡེ་རྣམས་ཀྱི་བརྒྱུད་འདེབས་འཇུག་དགོས་ཀྱང་ཀྱེ་རྡོར་གྱི་བརྒྱུད་འདེབས་འདི་ཙམ་གྱིས་སྔགས་ཀྱི་ཕྱོགས་མཚོན་པར་བྱས་པ་ལས་གཞན་དག་བྲིར་མ་ལོང་ངོ༌། །བཅུ་གཉིས་པ་མཆོད་པ་འབུལ་བ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱི་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པ་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་

p. 255

ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་རྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡྲཱ་ར་དང་པདྨ་དང༌། །ཨུཏྤ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །

p. 256

ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་ཕྲེང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེངས་པ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པའི། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་

p. 257

པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་པ་མ། མེ་ཏོག་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གཉིས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཚོམ་བུ་སོ་བདུན་མ་དང༌། ཨོཾ་བཛྲ་བྷཱུ་མི་སོགས་ནས། སྒྲ་མི་སྙན་གྱི་ཟླ། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བདུན་མ་དང༌། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་དང༌།

p. 258

ཞིང་ཁམས་རྣམ་པར་དག་པ་འདིར། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་བསྐོར་བ་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང༌། །མ་རྨོས་ལོ་ཏོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭཱ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བསྡུས་པ་རྣམས་གྲངས་ཇི་ལྟར་རིགས་པའི་མཐར། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོར་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོར་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱར་ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་ཁམས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ཏེ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། བཅུ་གསུམ་པ་སྡིག་པ་

p. 259

བཤགས་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཡིས་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ༈ །རྒྱ་གར་སྐད་དུ། གཱ་ཐཱ་དྭ་ཡ་དྷཱ་ར་ཎཱི། བོད་སྐད་དུ། ཚིགས་སུ་བཅད་པ་གཉིས་པའི་གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང༌། །ལེ་ལོ་དང་ནི་ཅུང་ཙམ་ཆོག་པར་འཛིན། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་པ་དང༌། །འགྱོད་པ་དང་ནི་མ་ངེས་འབྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་འགྱུར་བ་སྟེ། །དེ་ཡི་གཉེན་པོར་ཐེག་པ་མཆོག་བསྟན་པ། །འདི་ཡིས་བར་དུ་གཅོད་པ་དེ་དག་གིས། །ཉེས་པ་ཐམས་ཅད་རབ་ཏུ་སྤོང་བར་འགྱུར། ཏདྱ་ཐཱ། ཨོཾ་བཛྲ་པྲཱ་ཀཱ་ར་བཛྲ་པྲཱ་ཀཱ་ར་བཛྲ་ཙཀྲ་དེཥྚ་བྷ་ཡཱ་ན་ཀེ ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཙ་ལེ་ཙུ་ལེ། ཙུ་ལུ་ཀེ་ཙུ་ལུ་ཀེ ཙུ་ལུ་ཙུ་ལུ་སརྦ་བུདྡྷེ་སྭཱ་ཧཱ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། ཚིག་གམ་དོན་གྱི་སྒོ་ནས་གང་སྦྱོར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེས། །ཕན་ཡོན་རྣམ་པ་བཅུ་དག་འཐོབ་པར་གྱུར། །ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་དང༌། །འཆི་བའི་ཚེ་ན་མཆོག་དགའ་དམ་པ་ཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང༌། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་དང༌། །དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང༌། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་འཐོབ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་རྫོགས་སོ།། ༈ །རྒྱ་གར་སྐད་དུ། ཙ་ཏུརྒཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལའང༌། །མཚན་མཆོག་སུམ་ཅུ་གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །

p. 260

གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་པ་དང༌། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆག་པ་དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བསྟེན་དཀའ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་པ་བསྟོད་བྱེད་ན། །བསྐལ་པ་བྱེ་བ་སྟོང་དུ་ནི། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།། ༈ །གཞན་ཡང་ཕུང་པོ་གསུམ་པའི་མདོ་འདོན་པར་སྤྲོ་ནའང་སྐབས་འདིར་འདོན་ཅིང༌། སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང༌། །སངས་རྒྱས་རྣམས་སུ་མི་འཛིན་དང༌། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང༌། །ཕྱུག་པའི་རྒྱགས་པས་དྲེགས་པ་དང༌། །རིགས་དང་ལོངས་སྤྱོད་རྒྱགས་པ་དང༌། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཉེས་པའི་དམིགས་སུ་མ་མཐོང་བས། །ཉེས་པར་བགྱིས་པའི་ལས་དང་ནི། །ཉེས་པར་བསམ་ཤིང་ཉེས་སྨྲས་པའི། །སྡིག་ལས་བདག་གིས་གང་བགྱིས་དང༌། །བྱིས་པའི་བློ་ཡིས་འཇུག་པ་དང༌། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང༌། །ཉོན་མོངས་

p. 261

རྣམ་པར་འཁྲུགས་སེམས་དང༌། །རྩེད་མོ་དགའ་བའི་དབང་ཉིད་དང༌། །མྱ་ངན་དང་ནི་ནད་དབང་དང༌། །ནོར་གྱི་ས་མཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །འཕགས་མིན་སྐྱེ་བོ་འདྲེ་བ་དང༌། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིག་རྒྱུ་དང༌། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །གཡོ་བའི་སེམས་ཀྱི་དབང་ཉིད་དང༌། །འདོད་དང་ཁྲོ་བའི་དབང་དག་དང༌། །བཀྲེས་དང་སྐོམ་པས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །བཟའ་བ་དག་དང་བཏུང་བ་དང༌། །བུད་མེད་སྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེས་སྤྱད་རྣམ་པ་གསུམ་བསགས་ནི། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང༌། །དེ་བཞིན་ཉན་ཐོས་རྣམས་ལ་ཡང༌། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་དང༌། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང༌། །ཕ་མ་རྣམས་ལ་མ་གུས་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པོ་དང་ནི་བྱིས་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་

p. 262

གིས་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་དགོད་པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང༌། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་ཐར་བགྱིད་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱད་པར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་འབྱང་བགྱིད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དག་ལ་བསྟན་པར་བགྱི། །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡི། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ཡོན་ཏན་སྣང་བར་བགྱི། །སྲིད་པའི་མཚོ་ལས་བསྒྲལ་བར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་དང༌། །ཡོན་ཏན་རྒྱ་མཚོ་ཟབ་མོ་འདི། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། ཐམས་ཅད་མཁྱེན་དུ་རྫོགས་པར་བགྱི། །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང༌། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང༌། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་བགྱི། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། ནོངས་པར་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་

p. 263

འཇིགས་པར་བགྱི། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱིད་པ། །བདག་ནི་གང་དུ་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་གསོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང༌། །ད་ལྟར་བདག་གི་སྡིག་པ་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་བསྡམ་པར་བགྱི། །བདག་གིས་ནོངས་པར་བགྱིས་པ་གང༌། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དག །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང༌། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེའི་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱི་སྟེ། །ས་བཅུ་ལ་ནི་བདག་གནས་ཀྱི། །སྟོབས་བཅུ་མཆོག་ཏུ་འགྱུར་པར་བགྱི། །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་གང༌། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ཀུན་ལ་ཡི་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །བདག་གིས་བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱི། །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང༌། །

p. 264

འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང༌། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང༌། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་བར། །ཞེ་སྡང་གཏི་མུག་མུན་པ་ཉམ་ང་བ། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང༌། །བསོད་ནམས་སྒྲུབ་པ་ཉམ་ང་དག་གིས་ཀྱང༌། །རྒྱལ་བ་ཡང་དག་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་གསེར་འོད་དམ་པ་ལས་འབྱུང་བའི་བཤགས་པ་འདོན་པ་ལ་ནན་ཏན་བྱའོ། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་དང༌། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཞིང༌། །དེ་དག་ཐམས་ཅད་བཤགས་པར་བགྱིད། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླད་ཆད་བདག་ནི་ཡོང་མི་བགྱིད། །འདིར་སོ་བྱང་སྔགས་གསུམ་གྱི་བཤགས་ཚིག་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་འདོན། ༈ །བཅུ་བཞི་པ་སྐྱབས་འགྲོ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རངས་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་

p. 265

མོངས་སྒོ་ནས་ལུས་ངག་དང༌། །ཡིད་ཀྱིས་གནོང་བགྱིས་གང་ལགས་དང༌། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་སྡིག་པ་མ་བྱང་བའི། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་པའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པ་རྣམ་སྐྲག་པས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་ནི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེད་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། ༈ །བཅོ་ལྔ་པ་སེམས་བསྐྱེད་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱིད་ཅིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་

p. 266

ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །དེ་ལྟར་ཤློ་ཀ་གཉིས་པོ་དེ་ལན་གསུམ་བརྗོད་པས་སེམས་བསྐྱེད་བླང༌། དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བདག་གི་དགེ་བའི་ལས་ནི་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །བཅུ་དྲུག་པ་ཡིད་རང་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས། །སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་བསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང༌། །རྒྱལ་སྲས་ས་ལའང་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བཅུ་བདུན་པ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །

p. 267

ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །བཅོ་བརྒྱད་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ནས་གསོལ་བ་ནི། །འགྲོ་འདི་སྡོངས་པར་མི་འགོད་ཅིང༌། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །བཅུ་དགུ་པ་བསྔོ་བ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་སྡུག་བསྔལ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག །ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་གཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་གཏོང་བ་མཆོག །བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་

p. 268

ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པ་དང༌། །བརྡེག་སོགས་ཅི་དགར་བྱེད་ལ་རབ། །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པ་བྱེད་དུ་ཆུག །བདག་ལ་དམིགས་ནས་ནམ་དུ་ཡང༌། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གི །ཁྲོ་འམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང༌། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང༌། །རིག་སྔགས་གྲུབ་དང་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག། ༈ །གསུང་ངག་རིན་པོ་ཆེའི་ལམ་རིམ་རྒྱུད་ལ་སྐྱེ་བའི་སྨོན་ལམ་བཞུགས་སོ། །ན་མོ་གུ་རུ་ཝེ། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་དྲིན་ཅན་རྗེ། །ཕུལ་བྱུང་མཚན་དཔེའི་དཔལ་འབར་རྡོ་རྗེ་འཆང༌། །ཕས་རྒོལ་ཚར་གཅོད་མཐུ་སྟོབས་དབང་ཕྱུག་ཞབས། །ཕན་བདེའི་ལམ་སྟོན་རྗེ་བཙུན་ས་སྐྱ་པ། །བརྒྱུད་པར་བཅས་པའི་མཁྱེན་བརྩེའི་སྤྱན་རས་ཀྱིས། །བུ་གཅིག་

p. 269

པ་ལ་བརྩེ་བའི་མ་བཞིན་དུ། །རྣལ་འབྱོར་བདག་ལ་རྒྱུན་དུ་ལེགས་གཟིགས་ནས། །ཡིད་ལ་སྨོན་པའི་གནས་འདི་འགྲུབ་པར་མཛོད། །སྣང་གསུམ་གྱི་མ་དག་པའི་ཉེས་དམིགས་ནི། སྲིད་གསུམ་འཁོར་བ་མཐའ་མེད་འགྲོ་བ་རྣམས། །སྡུག་བསྔལ་འདུ་བྱེད་འགྱུར་བའི་སྡུག་བསྔལ་གྱིས། །རྒྱུན་དུ་གཙེས་ཤིང་བདེ་བའི་སྐབས་མེད་པར། །ངེས་འབྱུང་དྲག་པོ་གཏིང་ནས་སྐྱེ་བར་ཤོག །དལ་འབྱོར་རྙེད་དཀའ་ནི། ལེགས་བརྒྱས་བསྒྲུབས་པའི་ལུས་རྟེན་ཕུན་ཚོགས་འདི། །རྙེད་པར་དཀའ་ཞིང་འཇིག་པར་སླ་བ་ཡི། །རང་བཞིན་རྟོགས་ནས་སྐད་ཅིག་གཡེལ་མེད་པར། །དལ་འབྱོར་ལུས་ལ་སྙིང་པོ་ལེན་པར་ཤོག །ལས་རྒྱུ་འབྲས་ནི། ཀུན་རྫོབ་འཁྲུལ་པའི་བདེ་སྡུག་སྣང་བ་རྣམས། །སྔོན་བསགས་ལས་ཀྱི་རྗེས་སུ་འབྲང་བ་ཡི། །ལས་འབྲས་བསླུ་བ་མེད་པའི་ཚུལ་རྟོགས་ནས། །དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་པར་ཤོག །ཉམས་ཀྱི་སྣང་བ་སྨོན་པ་བྱང་ཆུབ་ཀྱི་སེམས་ནི། སྡུག་བསྔལ་རྒྱ་མཚོར་དྲིན་ཅན་ཕ་མ་རྣམས། །ལས་ཀྱི་ཆུ་བོ་ཆེན་པོས་ཁྱེར་མཐོང་ནས། །བཅོས་མིན་བྱམས་དང་སྙིང་རྗེས་དྲངས་པ་ཡི། །བྱང་ཆུབ་སྨོན་པའི་སེམས་མཆོག་བསྐྱེད་པར་ཤོག །འཇུག་པ་བྱང་ཆུབ་ཀྱི་སེམས་ནི། ཐེག་ཆེན་ལམ་གྱི་རྩ་བ་ཚུལ་ཁྲིམས་གསུམ། །བདག་གཞན་མཉམ་དང་བརྗེ་བའི་བྱང་ཆུབ་སེམས། །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །རྒྱ་ཆེན་བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །དོན་དམ་བྱང་ཆུབ་ཀྱི་སེམས་ནི། རྩེ་གཅིག་གཡོ་བ་མེད་པའི་ཞི་གནས་དང༌། །གནས་ལུགས་འཁྲུལ་མེད་རྟོགས་པའི་ལྷག་མཐོང་གཉིས། །ཟུང་འཇུག་ཆུ་བོའི་རྒྱུན་ལྟར་བསྒོམས་པ་ཡིས། །དངོས་འཛིན་འཁྲུལ་པའི་དྲི་མ་སེལ་བར་ཤོག །དག་པའི་སྣང་བ་ནི་འབྲས་བུའི་སྐབས་སུ་འབྱུང་བས་འདིར་མ་བཀོད། མདོ་སྔགས་མཚམས་སྦྱོར་ནི། ཕ་རོལ་ཕྱིན་པའི་ལམ་གྱི་རྒྱུད་སྦྱངས་ནས། །བརྒྱུད་པའི་སྐལ་ལྡན་རྒྱུད་དོན་མ་ལུས་རིག །སྙིང་རྗེར་ལྡན་ཞིང་

p. 270

དམ་ཚིག་མཆོག་སྲུང་བའི། །རྡོ་རྗེ་སློབ་དཔོན་ཚུལ་བཞིན་མཉེས་བྱེད་ཤོག །སྨིན་བྱེད་ཀྱི་དབང་ནི། དེ་སོགས་མཚན་ཉིད་ཀུན་ལྡན་བླ་མ་ཡིས། །རང་ལུས་གཞིར་གནས་དཀྱིལ་འཁོར་རྣམ་བཞི་ལ། །རྨད་བྱུང་ཆོ་གས་དབང་བཞི་བསྐུར་བ་ཡིས། །ལམ་བཟང་བཞི་ཡི་སྣོད་དུ་འགྱུར་བར་ཤོག །དབང་གི་དམ་ཚིག་ནི། དབང་ལས་ཐོབ་པའི་དམ་ཚིག་སྡོམ་པའི་ཚོགས། །སྲོག་དང་བསྡོས་ཏེ་ཚུལ་བཞིན་བསྲུངས་པ་ཡིས། །འགལ་རྐྱེན་ཉེས་ཚོགས་མཐའ་དག་རབ་བཅོམ་ནས། །སྔགས་ཀྱི་ལམ་རྣམས་འགྲུབ་པའི་གཞིར་གྱུར་ཤོག །ལྟ་བ་ནི། ཕྱི་ནང་དངོས་ཀུན་རང་སེམས་སྣང་བ་ཙམ། །སེམས་ནི་ངོ་བོ་ཉིད་མིན་སྒྱུ་མ་བཞིན། །དེ་ཡང་སྤྲོས་པའི་མཐའ་དང་བྲལ་བ་ཡི། །དབང་གིས་མཚོན་པའི་ལྟ་བ་རྟོགས་པར་ཤོག །ཕྱི་བསྐྱེད་རིམ་ནི། ཐོག་མེད་འཁོར་བའི་བག་ཆགས་ཀྱིས་བསླད་པའི། །མ་དག་འཁྲུལ་པའི་སྣོད་བཅུད་སྣང་བ་རྣམས། །ཐབས་ལ་མཁས་པས་ལྷག་པའི་ལྷར་བསྒོམས་པས། །རྟེན་དང་བརྟེན་པའི་འཁོར་ལོར་འཆར་བར་ཤོག །ནང་བསྐྱེད་རིམ་ནི། མ་བཅོས་ལྷུན་གྱིས་གྲུབ་པའི་ལུས་ཀྱི་རྩ། །གདན་གསུམ་ཚང་བའི་སྐུ་རུ་བསྒོམས་པ་ཡིས། །རྩ་རླུང་རྒྱལ་བས་བྱིན་གྱིས་བརླབས་བྱས་ནས། །བུམ་དབང་གི་ལྟ་བ་ནི། སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐྱེ་བར་ཤོག །གསང་དབང་གི་ལམ་རླུང་དང་གཏུམ་མོ། །སྣ་ཚོགས་ཀུན་རྟོག་སྐྱེད་བྱེད་ལས་ཀྱི་རླུང༌། །སྦྱོར་བ་བདུན་གྱིས་དབང་དུ་བྱས་པ་ཡིས། །གཏུམ་མོའི་མེ་དྲོད་ཕྱོགས་མེད་རབ་སྦར་ནས། །ལྟ་བ་ནི། གསལ་སྟོང་ཟུང་འཇུག་ཡེ་ཤེས་སྐྱེ་བར་ཤོག །གསུམ་པའི་ལམ་ནི། ལས་ཀྱི་ཕྱག་རྒྱ་དངོས་སམ་ཡེ་ཤེས་ལ། །འདུ་ཤེས་གསུམ་ལྡན་སྦྱོར་བས་སྙོམས་ཞུགས་ནས། །ཡས་བབས་དགའ་བ་བཞི་ཡི་རིམ་གྱིས་ནི། །ལྟ་བ་ནི། བདེ་སྟོང་ཟུང་འཇུག་ཡེ་ཤེས་སྐྱེ་བར་ཤོག །བཞི་པའི་ལམ་ནི། ལུས་དང་ངག་གི་རྦ་རླབས་དབང་གྱུར་ནས། །ཏིང་འཛིན་སེམས་ཀྱི་རྦ་རླབས་གསུམ་བསྒོམས་

p. 271

པས། །གཟུང་འཛིན་གཉིས་ཀྱི་རྦ་རླབས་རེངས་པ་ཡིས། །ལྟ་བ་ནི། བདེ་སྟོང་མཆོག་གི་ཡེ་ཤེས་སྐྱེ་བར་ཤོག །འདུས་པ་གསུམ་མཐར་ཕྱིན་ནས་འཕགས་པའི་ལམ་གྱི་མཚམས་སྦྱོར་ནི། དེ་ལྟར་རིམ་གཉིས་བསམ་གཏན་བསྒོམས་པ་ལས། །རང་ལུས་ངག་ལ་ཉམས་གསུམ་སྐྱེས་པ་ཡིས། །འདུས་པ་གསུམ་གྱི་ལམ་རྣམས་མཐར་ཕྱིན་ནས། །པད་ཅན་ལུང་བསྟན་སྤྲུལ་སྐུའི་ཞལ་མཐོང་ཤོག །གྲུབ་མཐའ་སྙོགས་ཏེ་བླ་མ་ན་འཕོ་བ་ན། གྲུབ་མཐའ་རེ་རེ་ལ། བླ་མ་གང་ལ། དབང་གང་བླང་དཀྱིལ་འཁོར་གང་གནས་གྱུར། ཡོན་ཏན་གང་ཐོབ། གྲུབ་མཐའ་གང་སྙོགས་པ་སྟེ་ལྔ་ལྔ་ཡོད་པ་ལས། གྲུབ་མཐའ་དང་པོའི་ལྔ་ནི། སྣ་ཚོགས་སྤྲུལ་སྐུར་དབང་བཞི་བླངས་པ་ཡིས། །ཡན་ལག་བདུན་གྱི་རྩ་རྣམས་མངོན་གྱུར་ནས། །ཡོན་ཏན་བརྒྱ་ཕྲག་བདུན་གྱིས་བརྒྱན་པ་ཡི། །འཁོར་འདས་དབྱེར་མེད་གྲུབ་མཐའ་སྙོགས་པར་ཤོག །གྲུབ་མཐའ་གཉིས་པའི་ལྔ་ནི། ཟུང་འཇུག་ལོངས་སྐུར་དབང་བཞི་བླངས་པ་ཡིས། །ཡི་གེ་བྷ་གའི་དཀྱིལ་འཁོར་མངོན་གྱུར་ནས། །རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན་པའི། །མ་འདྲེས་ཡོངས་རྫོགས་གྲུབ་མཐའ་སྙོགས་པར་ཤོག །གྲུབ་མཐའ་གསུམ་པའི་ལྔ་ནི། བདེ་ཆེན་ཆོས་སྐུར་དབང་བཞི་བླངས་པ་ཡིས། །གསང་བ་བདུད་རྩིའི་དཀྱིལ་འཁོར་མངོན་གྱུར་ནས། །ཉི་ཁྲི་ཆིག་སྟོང་རྒྱུ་བ་འགགས་པ་ཡིས། །བདེ་སྟོང་ཆུང་ངུའི་གྲུབ་མཐའ་སྙོགས་པར་ཤོག །གྲུབ་མཐའ་བཞི་པའི་ལྔ་ནི། དབྱེར་མེད་སྐུ་ལ་དབང་བཞི་བླངས་པ་ཡིས། །ཀུན་ཁྱབ་རླུང་གི་དཀྱིལ་འཁོར་མངོན་གྱུར་ནས། །རྣམ་ཐར་གསུམ་གྱི་འབྲས་བུས་བརྒྱན་པ་ཡིས། །བདེ་སྟོང་ཆེན་པོའི་གྲུབ་མཐའ་སྙོགས་པར་ཤོག །ཉེ་རྒྱུས་འབྲས་བུར་མཚམས་སྦྱོར་བ་ནི། བཅུ་གཉིས་ས་ཐོབ་ཕྱག་རྒྱའི་བྷ་གར་ནི། །དུས་གསུམ་བདེ་གཤེགས་བཅུད་འདུས་ཐིག་ལེ་ལས། །འབྲས་དུས་དབང་གི་ཆུ་བོ་བླངས་པ་ཡིས། །གཙུག་ཏོར་མཆོག་ཏུ་འགྲོས་བཞི་ཐིམ་པར་ཤོག །

p. 272

འབྲས་བུ་ལ་གསུམ་ལས་རང་དོན་གྱི་ཆེ་བ་ནི། རྟེན་དང་བརྟེན་པ་སྐུ་ལྔར་གནས་གྱུར་ཅིང༌། །གཞན་དོན་གྱི་ཆེ་བ་ནི། སྣ་ཚོགས་གདུལ་བྱའི་འདོད་དགུའི་དཔལ་འབྱོར་སྐོང༌། །བདག་གཞན་གཉིས་ཀའི་ཆེ་བ་ནི། བདག་གཞན་མཉམ་དུ་མངོན་པར་འཚང་རྒྱ་བའི། །དཔག་ཡས་ཡོན་ཏན་ཚོགས་ལ་དབང་འབྱོར་ཤོག །གོ་འཕང་མཆོག་དེ་མ་ཐོབ་དེ་སྲིད་དུ། །ཀུན་མཁྱེན་བླ་མའི་དྲུང་དུ་བདག་སྐྱེ་ཞིང༌། །ཉིད་ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་སྟེ། །ལམ་བཟང་འདི་དོན་སྒོམ་པའི་སྐལ་ལྡན་ཤོག །ཚེ་འདི་ཉིད་ལའང་འགལ་རྐྱེན་ཀུན་སྤངས་ཤིང༌། །དམ་པས་བསྔགས་པའི་མཐུན་རྐྱེན་ཀུན་ཚང་ནས། །མདོ་རྒྱུད་རྒྱ་མཚོའི་དགོངས་པ་མཐར་ཕྱིན་ནས། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །དྲིན་ཆེན་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །སྐྱབས་ཆེན་དཀོན་མཆོག་གསུམ་གྱི་བདེན་པ་དང༌། །དཔལ་ཆེན་ཆོས་སྐྱོང་སྲུང་མའི་ནུས་མཐུ་ཡིས། །རླབས་ཆེན་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཅེས་ལམ་འབྲས་བུ་དང་བཅས་པའི་ལམ་གྱི་རིམ་པ་རྣམས་རྒྱུད་ལ་སྐྱེ་བར་སྨོན་ལམ་འདེབས་པ་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་རྒྱལ་ཁམས་པ་སེང་གེའི་མཐའ་ཅན་གྱིས་སྦྱར་བའོ།། ༈ །རྩ་རྒྱུད་ཕྱི་མའི་བརྒྱད་པར་གསུངས་པའི་སྨོན་ལམ་དབང་བཞི་དང་སྦྱར་བ། ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་རིགས་སུ་སྐྱེ། །རྩ་བ་ཡན་ལག་སྲུང་བའི་དམ་ཚིག་ཅན། །ཐ་མལ་རྣམ་པར་རྟོག་པས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་ངོ་བོ་ཉིད་གསུམ་སྟོན། །བུམ་དབང་བསྐུར་བའི་བླ་མ་ལ་གུས་ཤིང༌། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང༴ །རྡོ་རྗེ་དྲིལ་བུ་འཛིན་དང་མི་འབྲལ་ཞིང༌། །ཟབ་མོའི་རྒྱུད་རྒྱལ་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་བདུད་རྩི་ལྔ་ལ་སྤྱོད། །སྐྱེ་ཞིང༴ །རྩ་ཡིག་སྐྱོན་མེད་གསང་དབང་རིགས་སུ་སྐྱེ། །ཐུན་ཆག་རྣམ་རྟོག་ལས་སྲུང་དམ་ཚིག་ཅན། །བསམ་གཏན་སྒྲིབ་པ་ཀུན་

p. 273

གྱིས་སྨྱོ་མེད་པ། །སྐྱེ་ཞིང༴ །ཀྱེ་ཡི་རྡོ་རྗེ་རང་བྱུང་ཡེ་ཤེས་སྟོན། །གསང་དབང་བསྐུར་བའི་བླ་མ་ལ་གུས་ཤིང༌། །སེམས་ཅན་ཀུན་ལ༴ །སྐྱེ་ཞིང༴ །རྡོ་རྗེ་དྲིལ་བུ་རོ་རྐྱང་དབུ་མར་འཛུད། །ཟབ་མོའི་དྲིལ་ཆེན་སྒྲ་ནི་སྒྲོགས་པ་དང༌། །བཙུན་མོའི་ཁུ་བ་ཁམས་དགུ་འདུས་པ་ཅན། །སྐྱེ་ཞིང༴ །བདུད་རྩི་སྐྱོན་མེད་གསུམ་པའི་རིགས་སུ་སྐྱེ། །ཐིག་ལེར་གནོད་པ་རྣམ་སྤང་དམ་ཚིག་ཅན། །གསུམ་པའི་ཉམས་དང་མ་བྲལ་སྐྱོ་མེད་པ། །སྐྱེ་ཞིང༴ །ཀྱེ་ཡི་རྡོ་རྗེ་ལྷན་སྐྱེས་ཡེ་ཤེས་སྟོན། །གསུམ་པ་བསྐུར་བའི་བླ་མ་ལ་གུས་ཤིང༌། །སེམས་ཅན་ཀུན་ལ༴ །སྐྱེ་ཞིང༴ །རྡོ་རྗེ་དྲིལ་བུ་མཁའ་གསང་མཉམ་པར་སྦྱོར། །ཟབ་མོ་བདེ་བའི་ཉམས་དང་མི་འབྲལ་ཞིང༌། །བཙུན་མོ་ཕྱག་རྒྱ་བསྟན་དང་མི་འབྲལ་བར། །སྐྱེ་ཞིང༴ །སྙིང་པོ་སྐྱོན་མེད་བཞི་པའི་རིགས་སུ་སྐྱེ། །ཐིག་ལེ་འཛག་པ་བསྲུང་བའི་དམ་ཚིག་ཅན། །སྒྲིབ་པ་གསུམ་དང་བྲལ་བས་སྨྱོ་མེད་པ། །སྐྱེ་ཞིང༴ །ཀྱེ་ཡི་རྡོ་རྗེ་ཤིན་ཏུ་རྣམ་དག་སྟོན། །བཞི་པ་བསྐུར་བའི་བླ་མ་ལ་གུས་ཤིང༌། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང༴ །རྡོ་རྗེ་དྲིལ་བུ་པད་ཅན་མཁའ་གསང་སྦྱོར། །ཟབ་མོའི་བདེ་བའི་ཉམས་དང་མི་འབྲལ་ཞིང༌། །བཙུན་མོ་པདྨ་ཅན་གྱི་ཐིག་ལེ་འདྲེན། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྩ་རྒྱུད་ཕྱི་མའི་བརྒྱད་པར་གསུངས་པའི་སྨོན་ལམ་གྱི་ཚིགས་བཅད་གཉིས་པོ་དབང་བཞི་ལ་སྦྱར་བ་རྣལ་འབྱོར་གྱི་དབང་ཕྱུག་ས་སྐྱ་པ་ཆེན་པོའི་གསུང་བཞིན་དུ་ཐར་ལམ་བླ་མ་ལ་རེ་བ་བསོད་ནམས་སེང་གེས་སྦྱར་བའོ།། ༈ །འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང༌། །སོགས་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་སྙིང་པོ་དང༌། གཞན་ཡང་སྨོན་ལམ་མང་དུ་བཏང་ལ། ཉི་ཤུ་པ་བཀྲ་ཤིས་ནི། འཇིག་རྟེན་འདིའམ་གཞན་དང་མཐོ་རིས་ན། །སོགས་བདེ་ལེགས་སུ་གྱུར་པའི་ཚིགས་སུ་བཅད་པ་དང༌། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པར་བྱ་བ་ནི། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་

p. 274

ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་པ་མཉམ་པའི་གདུལ་བྱ་སྨིན་མཛད་པའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་དང༌། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །སོགས། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དོན་རྟོགས་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང༌། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བར་འདིར་སྤྲོ་ན་ཐུན་མོང་མ་ཡིན་པའི་བླ་བརྒྱུད་སོགས་དང༌། གོང་གི་ཕྱག་འཚལ་ལ་འདོན་པ་བསྒྱུར་ཏེ་ཡི་དམ་གྱི་བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །དེ་དག་ནི་ཡན་ལག་ཉི་ཤུ་པ་སེམས་བསྐྱེད་བླང་བ་དང་བཅས་པ་ཡིན་ལ། ཅུང་ཟད་མདོར་བསྡུས་པ་ལ་དགའ་བའི་ཚེ། མཆོད་ཕྲེང་རབ་འབྱམས་རྒྱ་མཚོའམ། མཆོད་ཡོན་ཕལ་ཆེར་མ་གང་རིགས་རེ་བྱ། ཕྱག་འཚལ་གོང་མའི་དོད་དུ་བསྟོད་པའི་ཕྱག་འཚལ་བཅུག་ནས། མཆོད་པའི་སྐབས་བསྟོད་པ་མི་དགོས་སོ། །ཤིན་ཏུ་བསྡུ་ན་ཡན་ལག་བདུན་པ་བཟང་སྤྱོད་ནས་འབྱུང་བ་ཁོ་ནས་ཀྱང་ཆོག་ལ། བཞུགས་གསོལ་ཡན་ཆད་དང་སེམས་བསྐྱེད་དངོས་གཞི་གོང་ལྟར་བླང་ངོ༌། །གང་ལྟར་ཡང་དེ་རྣམས་སྔོན་དུ་སོང་ནས། ཡང་དག་པའི་དོན་ལ་མཉམ་པར་འཇོག་པའམ། བླ་མའི་གསོལ་འདེབས་

p. 275

སམ། མདོ་འདོན་པའམ། གཏོར་མ་གཏོང་བའམ། གཟུངས་སྔགས་བཟླ་བའམ། བསྟོད་སྒྲུབ་སོགས་ཅི་ནུས་སུ་ཉམས་སུ་བླངས་ཏེ། མཐར། ༈ །རྒྱ་གར་སྐད་དུ། ཨཱརྻ་ཥ་ཊ་མུ་ཀི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཁོར་གྱི་ཁྱམས་གནས་གཙང་མའི་སྟེང༌། ནམ་མཁའི་དཀྱིལ་ན་གནས་པ་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་རྣམ་པར་ཕྱེ་བས་སྤྲས་པ་ན། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཟུངས་ཤིག དེ་ནི་འདི་ལྟ་སྟེ། བདག་འཁོར་བ་ན་འཁོར་བའི་ཚེ། སྡུག་བསྔལ་གང་ཅི་མྱོང་པ་དེ་སེམས་ཅན་ཐམས་ཅད་དང་མཉམ་པ་ཉིད་དུ་མི་ཤེས་པའི་མཚན་ཉིད་དུ་མ་གྱུར་ཅིག བདག་གིས་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་བདེ་བ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་སྤྱོད་པར་གྱུར་ཅིག བདག་ལ་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པ་གང་ཅི་ཡོད་པ་དེ་སོ་སོར་བཤགས་པ་བླ་ན་མེད་པས་སོ་སོར་མ་བཤགས་པར་མ་གྱུར་ཅིག བདག་ལ་བདུད་ཀྱི་ལས་གང་དག་ཡོད་པ་དེ་དག་ཡོངས་སུ་ཤེས་པ་བླ་ན་མེད་པས་ཡོངས་སུ་མི་ཤེས་པར་མ་གྱུར་ཅིག བདག་གི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་ཡང་རུང་གང་ཅི་ཡོད་པ་དེའི་འབྲས་བུ་བླ་ན་མེད་པའི་ཡེ་ཤེས་སུ་གྱུར་ཅིག བདག་གི་རྣམ་པར་གྲོལ་བ་གང་ཡིན་པ་དེས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་གྱུར་ཅིག འཁོར་བ་དང་མྱ་ངན་ལས་འདས་པ་ལ་བདག་གནས་པར་མ་གྱུར་ཅིག ཏདྱ་ཐཱ། ཨོཾ་ཀྵ་མེ་ཀྵ་མེ། ཀྵཱནྟེ་ཀྵཱནྟེ། དམེ་

p. 276

དམེ། དཱནྟེ་དཱནྟེ། བྷ་དྲེ་བྷ་དྲེ། སུ་བྷ་དྲེ་སུ་བྷ་དྲེ། ཙནྡྲེ་ཙནྡྲེ། སུ་ཙནྡྲེ་སུ་ཙནྡྲེ། ཙནྡྲ་ཀི་ར་ཎེ། ཙནྡྲ་ཝ་ཏི། ཏེ་ཛོ་ཝ་ཏི། དྷརྨ་ཝ་ཏི། ཡ་ཤོ་ཝ་ཏི། བྲཧྨ་ཝ་ཏི། སརྦ་ཀླེ་ཤ་བི་ཤོ་དྷ་ནི། སརྦ་ཨརྠ་སཱ་དྷ་ནི། སརྦ་ཨ་ནརྠ་པྲ་ཤ་མ་ཎི། པ་ར་མ་ཨརྠ་སཱ་དྷ་ནི། ཀཱ་ཡ་བི་ཤོ་དྷ་ནི། ཝཱ་གི་ཤོ་དྷ་ནི། མ་ནཿསཾ་ཤོ་དྷ་ནི་སྭཱ་ཧཱ། རིགས་ཀྱི་བུ་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ནས་སྐྱེ་བ་བདུན་གྱི་བར་དུ་དེས་ནི་སྐྱེ་བར་དྲན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །དེ་ནས་འཕགས་པ་བཟང་པོ་སྤྱོད་པ་དང༌། བྱམས་པའི་སྨོན་ལམ་དང༌། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་སོགས་ཐམས་ཅད་དམ་གང་རུང་ཞིག་གིས་དགེ་བ་བྱང་ཆུབ་ཏུ་བསྔོ། ཤིས་བརྗོད་ཀྱི་ཚིགས་སུ་བཅད་པའང་བརྗོད་དོ། །དེ་ལྟར་དེ་དག་ནི་རྒྱས་པར་བྱ་བའི་ཚུལ་ཏེ། འབྲིང་པོ་ཙམ་དུ་བྱེད་ན། ཐོག་མར་བྱིན་རླབས་ཀྱང༌། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་སོགས་ནས། བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་དེ་

p. 277

དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བ་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཅེས་དང་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པ་སྔོན་དུ་འགྲོ་བས། དངོས་གཞི་ཚོགས་ཞིང་སྤྱན་འདྲེན་ནས་བརྩམས། མཇུག་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བསགས་སྦྱོང་གི་སྒོ་ཡན་ལག་བདུན་པ་རྣམས་ཀྱང་འབྲིང་པོའི་ཚུལ་དུ་ཉམས་སུ་བླང་བར་བྱ་བ་ཡིན་ལ། གང་ལྟར་ཡང་འདི་དག་ནི་ཚོགས་པས་ཀྱང་བསྒྲུབ་ཏུ་རུང་བའི་ཆོས་སྤྱོད་ཀྱི་རིམ་པ་དང༌། ལས་དང་པོ་པའི་གང་ཟག་འགའ་ཞིག་ཉིན་ཞག་ཕྲུགས་གཅིག་ཏུ་ཇི་ལྟར་བྱ་བ་གཙོ་བོར་སྨོས་ནས། རང་གིས་ཇི་ལྟར་བླངས་པའི་བསླབ་པ་ལ་ནན་ཏན་སྙིང་པོར་བྱེད་པ་ཉིད་གཞིར་བྱས་ཏེ། ཉིན་ཞག་ཕྲུགས་གཅིག་ལས་ནམ་གྱི་ཆ་སྨད་ལ་བབ་པ་ན་གཉིད་དང་རྨུགས་པ་དང་ལེ་ལོ་སྤངས་ཏེ། ལུས་གནད་བཅས་ཡིད་མ་ཡེངས་པར་སངས་རྒྱས་དང་ཆོས་དང་དགེ་འདུན་དང༌། གཏོང་བ་དང་ཚུལ་ཁྲིམས་དང་ལྷ་རྗེས་སུ་དྲན་པའི་སྒོ་ནས་དད་པ་བསྐྱེད་པ་དང༌། ཚེ་འདི་དང་འཁོར་བ་ལ་ཡིད་ངེས་པར་འབྱུང་བ་དང༌། ཐར་པའི་ལམ་གྱི་ངོ་བོ་དང་ཕན་ཡོན་ཡིད་ལ་བྱེད་པ་དང༌། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དྲག་ཏུ་སྒོམ་ཞིང༌། མན་ངག་ཐོབ་ན་བསམ་གཏན་ཅུང་ཟད་བྱའོ། །དེ་ནས་སྐྱ་རེངས་དང་པོ་ཤར་བ་ན། ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་རྒྱས་པ་རྣམས་བྱ་ཞིང༌། ཉིན་མོའི་དང་པོ་ལ། ཕྱག་འཚལ་བའམ། མཆོད་པ་འབུལ་བའམ། གཏོར་མ་གཏོང་བའམ། མདོ་སྡེ་ཀློག་པའམ། མཆོད་རྟེན་ལ་སྐོར་བ་ལ་སོགས་པ་ཐུན་མཚམས་གྱི་སྤྱོད་པ་ཅི་འགྲུབ་ཅིག་བྱས་ནས། ཁ་ཟས་ཀྱི་བྱ་བ་ལ་འཇུག་སྟེ། ཕུད་དང་ལྷག་མ་ལ་སོགས་པའི་མཆོད་པ་མ་ཆད་པར་བྱའོ། །དེའི་རྗེས་སུ་གཙང་སྦྲ་དང་ལྡན་པས་ཡན་

p. 278

ལག་བདུན་པ་སྔོན་དུ་འགྲོ་བཞིན་དུ། ཀློག་པའམ། ཆོས་ཉན་པའམ། བསམ་གཏན་ལ་སོགས་པ་གང་རུང་ཞིག་བྱའོ། །ཉི་མ་ཕྱི་ཕྲེད་ཀྱི་དུས་ན་དུབ་པ་བསང་བའི་དོན་དུ་ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་བྱས་ནས། སཱཙྪ་གདབ་པ་ལ་སོགས་པ་ཐུན་མཚམས་ཀྱི་སྤྱོད་པ་ཅི་རིགས་པ་ལ་འཇུག་གོ །དགོང་མོའི་ཐུན་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས། འཕགས་པ་རྣམས་ལ་མཆོད་པ་དང་འབྱུང་པོ་རྣམས་ལ་གཏོར་མ་རྒྱ་ཆེར་བྱིན་ལ། སྨོན་ལམ་གྱི་ཁྱད་པར་མང་དུ་གདབ་པར་བྱའོ། །ནམ་གྱི་ཆ་སྟོད་ལ་བསམ་གཏན་ནམ། གསུང་རབ་འདོན་པའམ། དེ་དག་གི་དོན་སེམས་པ་ལ་ནན་ཏན་དུ་བྱ་ཞིང༌། གུང་ཐུན་ལ་དགེ་བའི་སེམས་ཀྱིས་ཉལ་བར་བྱའོ། །ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅོ་ལྔ་དང༌། གནམ་སྟོང་རྣམས་ལ་ཆོས་སྟོན་པ་པོ་ཡོད་ན་མཚན་མོ་ཧྲིལ་གྱིས་ཆོས་སྟོན་པ་ཉན་པའམ། ནམ་ཕྱེད་ལ་ཐུག་གི་བར་དུ་ཆོས་ཉན་བཤད་བྱའོ། །དེ་ལྟ་བུ་མ་འབྱོར་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མཆོད་པ་བྱ་བའམ། གང་ཡང་རུང་བའི་ཆོས་སྤྱོད་ཀྱི་རིམ་པས་དུས་འདའ་བར་བྱའོ། །ཅི་སྟེ་སྔགས་ཀྱི་ཐེག་པ་ལ་ཞུགས་པ་ཞིག་ཡིན་ན། ཐུན་བཞིར་བཟླས་བརྗོད་དང༌། གསང་སྔགས་ཀྱི་དོན་སྒོམ་པའི་རིམ་པ་ལ་ནན་ཏན་དུ་བྱེད་པ་ནི་ལྷག་པོར་བསྒྲུབ་བྱའོ། །གནས་སྐབས་གཞན་དང་གཞན་དུ་ཡོན་བདག་ལ་སོགས་པའི་བསོད་ནམས་སྤེལ་བའི་སླད་དུ་ཡང༌། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང༌། ཕྱག་མཆོད་བཤགས་པ་རྣམས་རྒྱས་པར་བྱ་ཞིང༌། བར་སྐབས་དེར་མདོ་གདོན་པ་ལ་སོགས་པའི་རིམ་པ་རྣམས་བྱས་ནས། མཇུག་ཏུ་སྨོན་ལམ་གདབ་པ་དང༌། བཀྲ་ཤིས་བརྗོད་པ་རྣམས་བྱའོ། །ཡང་ན་ཡན་ལག་བདུན་པ་བསྡུས་པ་སྔོན་དུ་འགྲོ་བས་མདོ་དང་གཟུངས་འདོན་པ་བྱས་ཀྱང་རུང་ངོ༌། །དེ་དག་གི་ཚེ་ཁ་ཟས་ཀྱི་རྣལ་འབྱོར་དང༌། ཕྱག་མཆོད་བསྟོད་སྒྲུབ་ལ་སོགས་པ་ནི་

p. 279

གཞན་ནས་འབྱུང་བ་རང་རང་གི་ཡི་གེ་ལྟར་བྱ་བ་ལས་འབྲིར་མ་ལང་ངོ༌། །དེ་ལྟ་བུའི་ཚུལ་གྱིས་ཉམས་ལེན་གྱི་རིམ་པ་ལ་གཙོ་བོར་བསླབས་པས། ལུས་སེམས་ཅུང་ཟད་ལས་སུ་རུང་བར་གྱུར་པ་ན། ཐོས་པ་དང་བསམ་པ་དང་སྒོམ་པ་ཐམས་ཅད་ལ་ནན་ཏན་དུ་བྱས་ནས་ཁྱད་པར་མཆོག་རྣམས་ཐོབ་པར་འགྱུར་བ་ཡིན་ནོ། །ཞེས་སོ། །འདི་ལྟར་འབད་ལས་བསོད་ནམས་ཚོགས། །ཇི་སྙེད་ཐོབ་པས་མཁའ་མཉམ་གྱི། །སེམས་ཅན་ཀུན་གྱི་དོན་སྒྲུབ་པ། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོའི་དགོངས་བཞེད་སྒྲུབ་ཐབས་རིན་པོ་ཆེའི་ཁ་སྐོང་དུ་རྗེ་བཙུན་ཀུན་དགའ་སྙིང་པོ་དང་འཇམ་མགོན་ངག་དབང་ལེགས་གྲུབ་པའི་ཆོས་སྤྱོད་གུང་བསྡེབས་ཏེ་བློ་གཏེར་དབང་པོས་བྲིས་པ་བདག་གཞན་འགྲོ་ཀུན་དམ་པ་སྐུ་གཉིས་ཐོབ་པའི་རྒྱུར་གྱུར་ཅིག། །།དགེ་ལེགས་འཕེལ།། །།

གཟུངས་སྔགས་བྱིན་རླབས་ཅན་འདོན་ཐབས་དང་བཅས་པ་ཡིད་བཞིན་ནོར་བུའི་སྙིང་པོ།

p. 280
p. 281

གཟུངས་སྔགས་བྱིན་རླབས་ཅན་འདོན་ཐབས་དང་བཅས་པ་ཡིད་བཞིན་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

p. 282

མཉམ་མེད་སྟོན་པ་ཤཱཀྱའི་ཏོག །དེས་གསུང་མི་བསླུ་བདེན་པའི་སྟོབས། །བསམ་མི་ཁྱབ་ལ་དད་བྱས་ཏེ། །གསང་རིག་གཟུངས་སྔགས་ཁྱད་པར་ཅན། །ཀློག་དང་འཆང་བས་གནས་སྐབས་ཀྱི། །བར་ཆད་རྐྱེན་ཞི་མཐར་ཐུག་ཏུ། །བྱང་ཆུབ་ལམ་ལ་འགོད་ནུས་པའི། །གཟུངས་དྲིལ་ཕན་ཡོན་འདིར་དགོད་བྱ། །དེ་ལ་ཐོག་མར་འཕགས་པ་སྤྲིན་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དྲི་མ་མེད་པའི་སྙིང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་འཕྲུལ་པས་དྭང་བར་བྱེད་པའི་གྲགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་སྲུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་

p. 283

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོའི་རྒྱལ་པོ་མངོན་པར་འཕགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་ཆོས་ཀུན་ཏུ་སྲུང་བའི་ཏོག་ཏུ་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སངས་རྒྱས་དེ་དག་གི་མཚན་རྣམས་ཐོས་ནས་འཛིན་ཏམ། ཀུན་ཏུ་ཆུབ་པར་བྱེད་དམ། འཆང་ངམ། ཀློག་གམ། གཞན་དག་ལ་ཡང་དག་པར་སྟོན་ན་དེ་དག་སེམས་ཅན་དམྱལ་བ་སོགས་རིགས་དྲུག་གི་གནས་སུ་སྐྱེ་བའི་སྐབས་མ་ཡིན་མི་སྲིད་དེ་གནས་མེད་དོ། །མཚན་འདི་རྣམས་ཐོས་ནས་མི་འཛིན་ན་དེ་ཤིན་ཏུ་ལས་ངན་པའི་མཐུར་ངེས་ལ། འཛིན་པ་ནི་སངས་རྒྱས་བྱེ་སྙེད་ལ་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་མཐུ་ཡིན་པ་ཤེས་པར་བྱའོ། ཞེས་གསུངས། ༈ །ཤེས་པས་ཐམས་ཅད་གྲུབ་པ་མཐར་ཕྱིན་པའི་མདོ་ལས། ཨོཾ་སྟཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ། སྃ་ཧ་ར་ཎ་ཨཱཿཡུཿ སཾ་ཤོ་དྷ་ཡ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་སྭཱ་ཧཱ། རིག་པ་ཆེན་མོ་བི་མ་ལ་ཨུཥྞཱི་ཥའི་གཟུངས་འདི་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛིན་ཏམ། འཆང་ངམ། བྲིས་སམ། ཀློག་གམ། མིང་ཉན་

p. 284

པར་བྱེད་ན། དེ་མཚམས་མེད་པ་ལྔ་དང༌། མི་དགེ་བ་བཅུ་དང༌། སྡིག་པའི་ལས་ཅི་བྱས་པ་ཐམས་ཅད་མ་ལུས་པར་བྱང་བར་འགྱུར་རོ། །རིག་པ་ཆེན་མོ་འདི་ལུས་སམ་མགུལ་དུ་ཐོགས་ན་དེ་ལྷ་དང༌། མི་དང༌། ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱིས་སངས་རྒྱས་ཉིད་དུ་ལྟ་བར་འགྱུར་རོ། ༈ །ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་འདི་བྲི་བའམ། འཛིན་ཏམ་ཀློག་པར་འགྱུར་བའི་སེམས་ཅན་དེ་དག་ཚེ་ཟད་པའང༌། རྣམ་པར་འཕེལ་བར་འགྱུར་རོ། །ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང༌། གཤིན་རྗེ་བྱོལ་སོང་གི་སྐྱེ་གནས་ངན་པར་མི་སྐྱེ་བ་དང༌། སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བྱང་བར་འགྱུར་རོ། །བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །འཆི་བའི་དུས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དེ་སངས་རྒྱས་སྟོང་གིས་ཕྱག་རྐྱོང་བར་འགྱུར་རོ། །འདི་འཛིན་པའི་སེམས་ཅན་དེ་ལ་རྒྱལ་པོ་ཆེན་པོ་བཞིས་རྟག་ཏུ་སྲུང་ཞིང་སྐྱོབ་པར་འགྱུར་རོ། །སེམས་ཅན་གང་གི་རྣ་ལམ་དུ་ཐོས་པ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །བུད་མེད་ཀྱི་ལུས་སུ་འཆང་ན་བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་རོ། །དཔེར་ན་རྒྱ་མཚོ་ཆེན་པོ་བཞི་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི་གཟུངས་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ་ཞེས་ཚེ་དཔག་ཏུ་མེད་པའི་མདོ་སྡེ་ལས་ཕན་ཡོན་རྒྱ་ཆེར་གསུངས་སོ། ༈ །ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཤེས་རབ་ཕར་ཕྱིན་གྱི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཞེས་

p. 285

ཕན་ཡོན་དཔག་ཏུ་མེད་པར་གསུངས། ན་མོ་བྷ་ག་ཝ་ཏེ། པྲཛྙཱ་པཱ་ར་མི་ཏཱ་ཡེ། ཨོཾ་ན་ཏ་ད་ཏི་ཏ། ཨི་ལི་ཤི། ཨི་ལི་ཤི། མི་ལི་ཤི། མི་ལི་ཤི། བྷི་ན་ཡན། བྷི་ན་ཡན། ན་མོ་བྷ་ག་ཝ་ཏེ་པྲ་ད་ཏྱཾ་པྲ་ཏི། ཨི་རི་ཏི། ཨི་རི་ཏི། མི་རི་ཏི། མི་རི་ཏི། ཤུ་རི་ཏི། ཤུ་རི་ཏི། ཨུ་ཤུ་རི། ཨུ་ཤུ་རི། བྷུ་ཡུ་ཡེ། བྷུ་ཡུ་ཡེ་སྭཱ་ཧཱ། རྡོ་རྗེ་གཅོད་པའི་སྙིང་པོ་འདི་ལན་གཅིག་བཟླས་པས་རྡོ་རྗེ་གཅོད་པ་ཁྲི་དགུ་སྟོང་བཀླགས་པ་དང་མཉམ་མོ། །ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འདོན་ཏམ་སྟོན་པའི་ས་ཕྱོགས་དེ་ལྷ་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་འགྱུར་བ་ཡིན་ན་སུ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལེན་པ་དང་འབྲི་བ་དང༌། འཛིན་པ་དང་འཆང་བ་དང་ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ངོ་མཚར་རབ་དང་ལྡན་པར་འགྱུར་བ་ལྟ་ཅི་སྨྲོས་ཏེ། ས་ཕྱོགས་དེ་ནི་སྟོན་པའི་བླ་མ་ལྟ་བུ་ཡང་རུང་བར་གནས་སོ། །ཞེས་གསུངས། ༈ །ཐར་པ་ཆེན་པོའི་མདོ་ལས་འདི་ལྟར་བྱུང་སྟེ། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟུངས་སྔགས་འདི་སྐད་ཅེས་སྨྲས་སོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསངྒྷཱ་ཡ། ཨ་དནྟི་དྷཱ་ར་ཎཱི། ཏདྱ་ཐཱ། ཨཱ་ཀཱ་ཤ་ནི་བ་བཱི་ནི། སརྦ་དྷརྨ་ནི་པཱ་ནི། ཨི་ཤ་མ་ད། པི་པ་ཤ་ན། བི་མ་ལ། སུ་པ་རི་དྷརྨཱ་ནི་ཁ་ན། པ་ར་རུ་ནི། ཙ་ཡ་ཏ་མ་ལེ། ཙེ་ལེ། ཧུ་ལུ་ཧུ་ལུ། ཤི་བི་ཏེ་མནྟྲཿསྭཱ་ཧཱ། གཟུངས་འདི་ཐོས་མ་ཐག་ཏུ་སེམས་ཐག་པ་ནས་བླང་བ་དང༌། བཅང་བ་དང༌། ཉིན་རེ་བཞིན་ཀློག་པ་དང༌། ཁ་ཏོན་ཏུ་བགྱིད་པ་དང༌། ཡི་དམ་དུ་མི་བསྐྱུད་པར་བགྱིད་ན་གང་ཟག་དེ་མངོན་པར་བྱང་མ་ཆུབ་ཀྱི་བར་དུ་ངན་སོང་གསུམ་དུ་ལྟུང་བར་མི་འགྱུར་རོ། །ཞེས་གསུངས། ༈ །དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་ལས་གསུངས་པའི་གསེར་བཟང་དྲི་མེད་ཀྱི་གཟུངས་ནི། ཏདྱ་ཐཱ། སིདྡྷི། སིདྡྷི། སུ་སིདྡྷི། མོ་ཙ་ནི། མོཀྵ་ནི། མུཀྟེ། བི་མུཀྟེ། ཨ་མ་ལེ། བི་མ་ལེ། མཱཾ་ག་ལྱེ། ཧི་

p. 286

ར་ཎྱ་གརྦྷེ། རཏྣ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མ་ཨརྠ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨདྦྷུ་ཏེ། ཨཏྱདྦྷུ་ཏེ། བཱི་ཏ་བྷ་ཡེ། སུ་བརྞེ། བྲཧྨ་གྷོ་ཥེ། བྲཧྨ་དྷྱཱ་ཥི་ཏེ། སརྦ་ཨརྠེ་ཥུ། ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུཥྵཥཱི་བྷཱུ་ཏ་ཀོ་ཊི་བྷཱ་ཥི་ཏེ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱ་ཧཱ། སེམས་ཅན་གང་དག་དུག་གསུམ་གྱི་དབང་གིས་ངན་སོང་དུ་སྐྱེ་བ་རྣམས་གཟུངས་འདི་འཆང་ཞིང་ཀློག་པ་དེ་མི་སྐྱེ་བ་དང༌། ལྷག་པར་ཚུལ་ཁྲིམས་འཆལ་པས་ངན་འགྲོའི་སྡུག་བསྔལ་མི་བཟད་པ་མྱོང་བའང་དེ་བཞིན་གཤེགས་པ་འདིའི་མཚན་དང་གཟུངས་འཆང་བས་རིམ་གྱིས་སྒྲིབ་པ་བྱང་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱ་དྷྱ་དྷིཥྛི་ཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷེཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ། ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་བཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷཱ་དྷིཥྛཱ་ན། རཀྵནྟུ་མེ། སརྦ་དེ་བ། ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་ད་བ་བྱ་དྷ་ཡཿ པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨ་ཤཱ་ཡ་བཻ་ཌཱུརྻ་པྲ་ཏི་བྷཱ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དེ་དག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། བཛྲེ་པཱ་ཤ་དྷཱ་ར་ཎི། ས་མ་ས་མ། ས་མནྟ། ཨ་པྲ་ཏི་ཧ་ཏ་བཛྲེ། ཤ་མ་ཤ་མ། པྲ་ཤ་མནྟུ། སརྦ་བྱ་དྷ་ཡ། ཀུ་རུ་ཀུ་རུ་སརྦ་ཀརྨ་ཎི། ས་མ་ཡ་མ་ནུ་སྨ་ར་བྷ་ག་ཝནྲ་བཛྲ་པཱ་ཎི། སརྦ་ཨཱ་ཤཱ་ཡ་མེ་པ་རི་པཱུ་ར་ཡ་སྭཱ་ཧཱ། ཏདྱ་ཐཱ། ཨ་གྷུ། མ་གྷུ། ཏ་ར་གྷུ། མ་མ་གྷུ། གྷུ་རོ་ཧཱ་ཧཱུ་ཧེ་མྲ་མྲ་མྲ་མྲ། ཛུ་ཛུ་རི། ཛུ་རི་སྭཱ་ཧཱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་གཟུངས་འདི་དག་འཆང་ངམ། ཀློག་གམ། མཆོད་དམ། གཙང་མར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་རྗེ་བས།

p. 287

གཟུངས་ཀྱི་ཚིག་འདི་དག་ལན་སྟོང་རྩ་བརྒྱད་དུ་བཏོན་ན། དེ་ལ་དེ་བཞིན་གཤེགས་པ་རྣམ་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་པར་འགྱུར། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱང་ཡང་དག་པར་བསྲུང་བར་འགྱུར། ལྷ་ཐམས་ཅད་དང༌། བརྒྱ་བྱིན་དང༌། ཚངས་པ་ཐམས་ཅད་དང༌། རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་ཡོངས་སུ་བསྐྱང་བར་འགྱུར། མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང༌། དགྲ་དང༌། དགོན་པའི་གནོད་པ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ཞེས་གསུངས་སོ། ༈ །བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། ན་མོ་རཏྣ་ཏྱ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ཏི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་རཾ་པ་ར་ཎེ་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་འདི་ཉིད་ཀྱི་ཕན་ཡོན་ཀྱང༌། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ལན་གཅིག་བཟླས་ན་ལྟས་ངན་པ་དང་རྨི་ལམ་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་མེད་པར་འགྱུར་རོ། །གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང་བྱ་དང་མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་ཁའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པའམ། དམ་པའི་ཆོས་སྤངས་པའམ། འཕགས་པ་ལ་སྐུར་པ་བཏབ་ཀྱང་རུང་སྟེ། འཆི་ཁར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་ཡང༌། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་

p. 288

ན་འདོགས་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་གསུང་བར་འགྱུར་རོ། ༈ །ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ། དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། གང་འགའ་ཞིག་མིང་ཙམ་ཉན་ཏམ། འཆང་བ་དང༌། ཀློག་པ་དང༌། བྲིས་ནས་ཀྱང་མགོའམ། གཙུག་ཕུད་དམ། དཔུང་པའམ། མགུལ་པར་བཏགས་ཏེ་འཆང་བར་བྱེད་ན་དེའི་ཚེ་འདི་ལ་དུས་མ་ཡིན་པར་འཆི་བ་བརྒྱད་དང༌། འཆི་བ་དང་འབྲེལ་བའི་རྨི་ལམ་འབྱུང་བའམ། ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་ཙམ་དུ་ཡང་མི་འབྱུང་བར་གསུངས་སོ། ༈ །ན་མོ་རཏྣ་ཏཱ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་ར་དྷུ་ར། ཨིཊྚེ་བིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ཡེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། གཟུངས་ཀྱི་ཕན་ཡོན་ཡང་དོན་ཞགས་རྒྱུད་ལས། སྤྱན་རས་གཟིགས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ནི་དེ་ལྟར་རྫུ་འཕྲུལ་ཆེ་བ་ལགས་སོ། །ལན་གཅིག་བཏོན་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར་རོ། །མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ། །ཇི་སྐད་བཤད་པ་བཞིན་དུ་ནན་ཏན་དུ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་ལགས་ན་བཟླས་བརྗོད་བགྱིད་པ་དང༌། ཇི་སྐད་བཤད་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་

p. 289

འཚལ་ལགས། གང་འགའ་ཞིག་གིས་རིག་སྔགས་འདི་ཀློག་པ་དང༌། འདོན་པ་དང༌། འཛིན་པར་བགྱིད་ན། བདག་གིས་དེ་དག་གི་སྨོན་པ་ཅི་མཆིས་པ་དེ་བཞིན་དུ་འགྲུབ་པར་བགྱིད་པ་ལགས་སོ་ཞེས་གསུངས་སོ། ༈ །ཨོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ། དོན་ཡོད་ཞགས་པ་དང་པདྨ་གཙུག་ཏོར་གྱི་སྙིང་པོ་ཁྲོ་བོའི་རིམ་པར་ཕྱེ་བ། གཟུངས་སྔགས་ཆེན་པོ་བཅུ་པོ་འདི་ལན་གཅིག་དྲན་ནམ། ཀློག་གམ་མིང་བཟུང་བ་ཡང་དྲན་ནམ། ལག་ན་རྡོ་རྗེ་དུས་ཚིགས་གཅིག་ཏུ་དྲན་པ་ཙམ་གྱིས་ཀྱང་དེའི་མཚམས་མེད་པ་ལྔ་བྱེད་པ་མནར་མེད་པར་གཞོལ་བ། བསྐལ་པར་གནས་པ་ཡང༌། དེའི་ཐམས་ཅད་རྣམ་པར་དག་པར་འགྱུར་ལ། སྡིག་པ་དང་སྒྲིབ་པ་བསགས་པ་རྣམས་ཟད་པར་འགྱུར། ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྡིག་པ་དང་སྒྲིབ་པ་དང་བྲལ་བར་འགྱུར། ཚེ་བརྗེ་བ་འཕོས་ནས་འཇིག་རྟེན་ཁམས་བདེ་བ་ཅན་དུ་པདྨ་དག་ལ་རྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་སུ་ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། བསྐལ་པ་འབུམ་ཕྲག་བརྒྱད་ཅུར་འཁོར་ལོས་སྒྱུར་བ་མཆོག་ཏུ་འགྱུར། བསྐལ་པ་འབུམ་ཕྲག་བརྒྱད་ཅུར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བདེ་བ་མྱོང་བར་འགྱུར། བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་སུ་འཇིག་རྟེན་ཁམས་མངོན་པར་དགའ་བར་བདེ་བ་མྱོང་བར་འགྱུར། བསྐལ་པ་འབུམ་ཕྲག་བདུན་ཅུ་རྩ་གཉིས་སུ་འཇིག་རྟེན་གྱི་ཁམས་འཇིག་རྟེན་རྣམ་པར་གཟིགས་པར་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། བསྐལ་པ་འབུམ་ཕྲག་བཅུ་གཉིས་སུ་ནོར་བུ་འཆང་བའི་འཁོར་ལོས་སྒྱུར་བར་འགྱུར། བསྐལ་པ་ཁྲི་ཕྲག་བརྒྱད་ཅུར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རི་བོ་གྲུ་འཛིན་དུ་བདེ་བ་མྱོང་བར་འགྱུར། བསྐལ་པ་སྟོང་ཕྲག་དྲུག་ཅུ་རྩ་དགུར་འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། བསྐལ་པ་འབུམ་ཕྲག་བརྒྱད་ཅུར་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་

p. 290

སྐྱེ་བར་འགྱུར། བསྐལ་པ་འབུམ་ཕྲག་སུམ་ཅུར་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་བརྒྱ་བྱིན་ཉིད་བྱེད་པར་འགྱུར། བསྐལ་པ་འབུམ་ཕྲག་ལྔ་བཅུ་རྩ་གཉིས་སུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་འཇུག་པར་འགྱུར། བསྐལ་པ་སྟོང་ཕྲག་ཉི་ཤུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སྤྱོད་པར་འགྱུར། ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར། གང་དང་གང་དུ་སྐྱེ་བ་ཐམས་ཅད་དུ་བརྫུས་ཏེ་སྐྱེ་བར་འགྱུར། ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཏེ། ལག་ན་རྡོ་རྗེ་དེ་ལྟར་རིགས་སྔགས་ལན་ཅིག་དྲན་པ་ཙམ་གྱིས། དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ་ཞེས་གསུངས། ༈ །ཨོཾ་ཨ་མོ་གྷ་པཱུ་ཛ་མ་ཎི་པདྨ་བཛྲ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ་ས་མནྟ་པྲ་སཱ་ར་ཧཱུྃ། དོན་ཡོད་པར་མཆོད་པའི་ནོར་བུའི་སྙིང་པོའོ། །དོན་ཡོད་པ་མཆོད་པའི་ནོར་བུའི་སྙིང་པོ་འདི་ཐ་ན་སྒྲ་ཙམ་རྣ་བའི་བུ་གར་ལྟུང་བར་འགྱུར་བ་དང༌། བྲིས་པ་རྣམས་ལྟ་བ་དང༌། པོ་ཏིའམ། ཡི་གེའམ། རྩིག་པའི་གྱང་ལ་བྲིས་པ་ལྟ་བར་བྱེད་པ་དེ་མཚམས་མེད་པ་ལྔའི་སྡིག་པ་ཐམས་ཅད་ཡོངས་སུ་གཏུགས་པར་འགྱུར་རོ། །སྔོན་བསགས་པའི་མནར་མེད་པར་གཞོལ་བའི་སྡིག་པ་དང༌། སྒྲིབ་པ་དེ་ཐམས་ཅད་རྣམ་པར་ཉམས་པར་བྱེད་དོ། །ཡོངས་སུ་གཏུགས་པར་འགྱུར་རོ། །ཤིས་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་ཏེ། པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཇི་སྲིད་བྱང་ཆུབ་ལ་ཐུག་གི་བར་སངས་རྒྱས་ཀྱི་ཞིང་དུ་སྐྱེ་ཞིང་ཚེ་རབས་དྲན་པར་འགྱུར་རོ། ༈ ན་མཿན་བ་ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གངྒཱ་ནཱ་དཱི་བཱ་ལུ་ཀཱ་ནཱཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ཨོཾ་བོ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། གང་ལ་ལ་ཞིག་གིས་གསང་སྔགས་ཀྱི་རྒྱལ་པོའི་སྙིང་པོ་མ་ནོར་བར་ཡི་གེ་བྲིས་ལ་རྟག་ཏུ་བཏོན་ཏེ། མཆོད་པའི་ལས་བྱས་ལ་ལུས་ལ་ཐོགས་ན་རིག་པ་དེ་ཉིད་ཀྱིས་བསྲུང་བ་དང༌། བསྐྱབ་པ་མཛད་དེ། ཕས་ཀྱི་རྒོལ་བའི་དགྲ་ཐམས་ཅད་དང༌། ཤར་གཉེར་བ་རྣམས་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་ལ་སོགས་པ་ཐམས་ཅད་ཀྱང་གནོད་པར་བྱེད་པར་མི་འགྱུར་ཏེ། འཇིགས་ཤིང་སྐྲག་ནས་སོ་སོར་འབྱེར་བར་འགྱུར་རོ། །གང་ལ་ལ་ཞིག་གིས་རིག་པ་འདོན་པ་དེ་དང་གཏམ་བྱས་པ་

p. 291

ཡང་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་སྔགས་པ་དེའི་སྒྲ་ཐོས་སམ། གྲིབ་མ་ཕོག་གམ། ལུས་ལ་རེག་ཀྱང་རུང་སྟེ། དེའི་ཚེ་རབས་གཞན་གྱིས་ལས་ཀྱི་སྒྲིབ་པ་དང༌། སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །གང་རིག་པ་འདོན་པ་དེའི་ལུས་ལ་དུག་གིས་མི་ཚུགས། མེ་ཡིས་མི་ཚུགས། ཆུས་ཁྱེར་བར་མི་འགྱུར། གདོན་ཐམས་ཅད་ཀྱིས་གླགས་མི་རྙེད། ཐོག་འབབ་པར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་སྲུང་བ་དང༌། བསྐྱབ་པར་མཛད་ཅིང་སྤྱན་རས་ཀྱིས་འཚོ་བར་མཛད་དོ། །ལྷ་ཐམས་ཅད་དང༌། དམ་ཚིག་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལ་སྟོང་གྲོགས་བྱེད་པར་འགྱུར་ཏེ། གཞན་གྱི་རིག་སྔགས་དང༌། བྱད་དང༌། སྦྱོར་བ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ་ཞེས་གསུངས་སོ། ༈ །ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པ་ཎི་ཧཱུྃ། འཕགས་པ་རིགས་གསུམ་གྱི་མགོན་པོའི་བྱིན་རླབས་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་ཀུན་ལས་རྒྱ་ཆེར་གསུངས་པ་དང༌། དེའི་མཚན་དང་གཟུངས་ལན་གཅིག་དྲན་པས་ཀྱང་གཟའ་ཀླུ་སོགས་འབྱུང་གདོན་གྱི་གནོད་པ། བྱད་ཕུར་རྦོད་གཏོང་སོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་རྒྱལ་བ་དང༌། མཐིང་ཤོག་ལ་གསེར་གྱིས་བྲིས་ནས་མགུལ་དུ་འཆང་ན་གང་ཟག་དེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་མ་ལུས་པ་འཛིན་པ་དང༌། དུས་རྟག་ཏུ་དག་པའི་ཞིང་ནས་དག་པའི་ཞིང་དུ་འཚང་རྒྱ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་དགེ་བསྙེན་ལྕགས་ཀྱི་རྐང་པ་ཅན་ལ་འཕགས་པ་འཇམ་དཔལ་དགེ་སློང་གི་གཟུགས་ཀྱིས་གསུངས་ཏེ་ནམ་མཁར་གཤེགས་པའི་ལོ་རྒྱུས་རྒྱ་ཆེར་འབྱུང་ངོ༌། ༈ །ཨོཾ་བི་པུ་ལ་གརྦྷེ་མ་ཎི་པྲ་དྷེ། ཏ་ཐཱ་ག་ཏ་ནི་རྡེ་ཤ་ནི། མ་ཎི་མ་ཎི་སུ་པྲ་དྷེ། བི་མ་ལེ་སཱ་ག་ར་གམྦྷཱི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ། ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ། པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏི། ཙུ་རུ་ཙུ་རུ་སྭཱ་ཧཱ། སྡིག་སྒྲིབ་ཀུན་འཇོམས་ཀྱི་

p. 292

གཟུངས་འདི་ནི། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ལེའུ་ལྔ་བཅུ་རྩ་བརྒྱད་པའི་ཕྲིན་ལས་ཀྱི་ལེའུ་ཉི་ཤུ་རྩ་བདུན་པ་ནས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་མཁའ་འགྲོ་མ་གར་གྱི་དབང་ཕྱུག་ལ་བཀའ་སྩལ་པ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་གནས་པའི་སེམས་ཅན་རྣམས་ཉོན་མོངས་པ་རགས་པ་དགང་བར་དཀའ་བ། གདུལ་དཀའ་བ། མི་དགེ་བ་བཅུ་ལ་སྤྱོད་པ། མཚམས་མེད་པ་ལྔ་ལ་སྤྱོད་པ། བསླབ་པ་གསུམ་ཡལ་བར་དོར་བ། དཀོན་མཆོག་གི་དཀོར་ལ་བབ་ཅོལ་དུ་སྤྱོད་པའི་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར། ཁྱོད་ཀྱིས་སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ཟུངས་ཤིག ཆོངས་ཤིག ཀློགས་ཤིག སྡིག་པ་ཅན་ལ་སྟོན་ཅིག འདི་ལ་གཅེས་སྤྲས་གྱིས་ཤིག རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། འགྲོ་བ་གང་ཡང་རུང་སྟེ། སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདི་ཉིན་རེ་ཞིང་བརྒྱ་རྩ་བརྒྱད་བཏོན་ན། མི་མཐུན་པའི་ཕྱོགས་བཅུ་གསུམ་འཇིག་པའི་ནུས་པ་ཡོད་དོ། །བཅུ་གསུམ་པོ་གང་ཞེ་ན། མེས་མི་ཚུགས། ཆུས་མི་ཚུགས། གཡང་ལ་མི་ལྟུང༌། ཐོག་རྡིབ་ཏུ་མི་འགྲོ། རླུང་གི་མི་འདེགས། དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། གཟའི་གནོད་པས་མི་ཚུགས། བྱད་སྟིམས་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས། རིམས་དྲག་པོས་མི་ཚུགས། རྒྱལ་པོའི་ཆད་པས་ཕོག་སྟེ་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གཞན་ཡང་ཡོན་ཏན་བཅུ་གསུམ་ཐོབ་སྟེ། བཅུ་གསུམ་པོ་གང་ཞེ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཉིད་གཟུགས་བཟང་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་རོ། །སེམས་ཅན་ཀྱི་དོན་དཔག་མེད་ནུས་པར་འགྱུར་རོ། །ཕྲིན་ལས་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །དེའི་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་བྱང་བར་འགྱུར་རོ། །འཁོར་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ལོངས་སྤྱོད་

p. 293

ཟད་མི་ཤེས་པ་དང་ལྡན་པར་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་སྲས་སུ་འགྱུར་རོ། །ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟར་མཐུན་པའི་ཕྱོགས་བཅུ་གསུམ་ཐོབ་སྟེ། སྐྱེ་བ་འདིའི་འོག་རོལ་ཏུ་བདེ་བ་ཅན་དུ་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟར་ཡོན་ཏན་བཅུ་གསུམ་ཐོབ་པར་མ་གྱུར་ན། ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་བསླུས་པར་འགྱུར་རོ། །ཞེས་གསུངས་སོ། ༈ །ཨོཾ་སྭ་སྟི་ཀ་མ་ལཱཀྵི། བི་པུ་ལ་སམྦྷ་བེ། དྷརྨ་དྷཱ་ཏུ། གོ་ཙ་རེ་སྭཱ་ཧཱ། གཟུངས་འདི་བརྗོད་མ་ཐག་ཏུ་ངན་སོང་དང་ངན་འགྲོ་ཐམས་ཅད་ནི་རབ་ཏུ་ཞི་བར་འགྱུར། ས་ཡང་གཡོ་བར་འགྱུར། རྔ་བོ་ཆེ་དག་གི་སྒྲ་ཡང་གྲགས་པར་འགྱུར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། ཀྱེ་འཁོར་གྱི་དཀྱིལ་འཁོར་ན་འཁོད་པའི་སེམས་ཅན་རྣམས་ནམ་མཁའི་སྙིང་པོ་དཀྱིལ་འཁོར་མངོན་སུམ་པ་རྣམས་ཀྱི་སྭཱ་ཧཱའི་མཆོག་གི་གཟུངས་འབྱུང་བ་ཤིན་ཏུ་དཀའ་བ། བསོད་ནམས་ཆེན་པོ། སྡིག་པ་དང༌། ཉོན་མོངས་པ་ཐམས་ཅད་སྲེག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མ། རིན་པོ་ཆེའི་ཕུང་པོར་གྱུར་པ་འདི་ཉོན་ཅིག་དང༌། འདི་ཐོས་པས་དྲི་མ་མེད་པར་འགྱུར་ཞིང་ལེགས་པར་ཁྲུས་བྱས་པར་འགྱུར་ལ། ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །པདྨ་ལྟ་བུར་འགྱུར་ཏེ་འཁོར་བའི་འདམ་གྱིས་མི་གོས་སོ། །ཉི་མ་ལྟ་བུར་འགྱུར་ཏེ་སེམས་ཅན་ཐམས་ཅད་སྣང་བར་བྱེད་དོ། །ཟླ་བ་ལྟ་བུར་འགྱུར་ཏེ་སེམས་ཅན་ཐམས་ཅད་རབ་ཏུ་སིམ་པར་བྱེད་དོ། །ནམ་མཁའ་ལྟ་བུར་འགྱུར་ཏེ་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱིས་མི་གོས་སོ། །ས་གཞི་ལྟ་བུར་འགྱུར་ཏེ་མཐོ་དམན་མེད་དོ། །ལྷུན་པོ་ལྟ་བུར་འགྱུར་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་སོ། །ཐར་པ་ལྟ་བུར་

p. 294

འགྱུར་ཏེ་བདེ་བ་དང་སྡུག་བསྔལ་གྱིས་མི་གོས་སོ། །དེ་ལ་སོགས་པ་ཡོན་ཏན་སྟོང་ཕྲག་བགྲང་བ་ཚད་མེད་གྲངས་མེད་པ་དག་ཐོབ་པར་འགྱུར་ཏེ། ཉན་པ་དང༌། འཆང་བ་དང༌། ཀློག་པ་དང༌། བརྗོད་པ་དང༌། སྟོན་པ་ཙམ་དང༌། བཟླས་བརྗོད་བྱས་པ་ཙམ་གྱིས་གང་ཅི་ཡང་རུང་སྟེ། དེའི་འདོད་པ་དང༌། སྨོན་པ་དང༌། རེ་བ་དེ་དག་འགྲུབ་པར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་ཆར་ཆེས་པ་དང༌། ཆར་མི་འབབ་པ་དང༌། སྡང་བས་ཀྲུགས་པ་དང༌། མི་ནད་དང༌། རྨི་ལམ་ངན་པ་དང༌། གནོད་པ་འབྱུང་བ་དང༌། འཇིག་པའི་དུས་དང༌། འཆི་བ་དང༌། ཆོམ་རྐུན་དང༌། དགོན་པ་དང༌། གཡུལ་འགྱེད་པ་དང༌། གཅན་གཟན་དང༌། མུ་གེའི་སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་བར་བྱེད་ལ། བདེ་བ་དང༌། འབྱོར་པ་དང༌། ཅི་འདོད་པ་དང༌། ཅི་དགའ་བ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཕཊ་ཕཊ་སརྦ་དུ་རི་ནི་མཏྟི་དུཿསྭབྣ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་གཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་དང༌། །བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང༌། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་གཅིག་བཟླས་པས་སེལ་བར་བྱེད། །བགེགས་རྣམས་མ་ལུས་རབ་ཏུ་འཇིག །ཚེ་དང་བསོད་ནམས་འཕེལ་བར་འགྱུར། ༈ །ཨོཾ་ཨི་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཧི་རཾ་བི་ན་རཾ་ཤུདྡྷེ་ཤུདྡྷེ་རཾ་ཨ་ཨ་ཨ་སྭཱ་ཧཱ། ཨོཾ་བི་རསྟི་བི་རསྟི་སྭཱ་ཧཱ། ཡངས་པའི་གྲོང་ཁྱེར་གྱི་གཟུངས་འདིས་སྐུ་གླུད་ཟོས་པ། ཚུལ་འཆལ་དམ་གྲིབ། ཉམས་གྲིབ། མཚམས་མེད་ཀྱི་ལས་སོགས་དག་པར་འགྱུར། ༈ །ཨོཾ་བཱཀྱེ་ཏེ་ཛཱ་ཡ། ཨོཾ་བཱཀྱེ་ཥ་ཥེ་སྭ། ཨོཾ་བཱཀྱེ་ཁ་ན་ཛ་ཡེ། ཨོཾ་བཱཀྱེ་ནིཥྛ་ཨ། ཨོཾ་བཱཀྱེ་ཡ་ན་མཿ ཨོཾ་བཱཀྱེ་དཾ་ན་མཿ འཕགས་པ་འཇམ་དཔལ་གྱི་མཚན་འདི་ཉིད་ལན་ཉི་ཤུ་རྩ་གཅིག་བཟླས་པས་མཚམས་མེད་པ་

p. 295

ལྔའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། ༈ །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །བར་ཆད་ཐམས་ཅད་བསལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བི་གྷྣཱཾ་བི་ནཱ་ཡ་ཀཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བླ་མ་མགོན་པོ་དབྱེར་མེད་ཀྱི་རྒྱ་གཞུང་ལས། ཐུན་མོང་དངོས་གྲུབ་སྣ་ཚོགས་དང༌། །སངས་རྒྱས་ལོ་ཟླས་འགྲུབ་པར་འགྱུར། །ཞེས་དང༌། མ་ཡེངས་པར་ཟླ་བ་གཅིག་བསྒོམས་ན། དེ་ཉིད་དུ་སངས་རྒྱས་པར་བྱེད། ཐོ་རངས་ཐུན་རེ་བསྒོམས་ན། འཆི་ཁར་ཆོས་སྐུ་དང་གཟུགས་སྐུ་ཐོབ། དབང་འབྲེལ་ལན་གཅིག་ཐོབ་ན། མཚམས་མེད་པ་ལྔ་བྱས་པ་ཡང༌། བར་དོར་སངས་མི་རྒྱ་མི་སྲིད་དོ། །བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་གསོལ་འདེབས་ཤློ་ཀ་ལན་གཅིག་ཐོས་པ་དང༌། གཟུངས་སྔགས་གསེར་གྱིས་བྲིས་ནས་བཏགས་ན་ཡང༌། འཆི་ཁར་ཞལ་མཐོང་བ་དང༌། བར་དོར་ཌ་མ་རུའི་ལྕེ་ལ་བཏགས་ནས་བདེ་བ་ཅན་དུ་འདྲེན་པར་ཐེ་ཚོམ་མེད་པར་མགོན་པོ་ཉིད་ཀྱིས་ཤ་ཝ་རི་ལ་ལན་གསུམ་གསུམ་གསུངས་སོ། ༈ །བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་ཐེག་པ་ཆེན་པོ་ལ་རབ་ཏུ་དད་ཅིང་མོས་ཏེ་ཐེག་པ་ཆེན་པོ་བསྲུང་བར་འཚལ་ལོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཁེ་དང་གྲགས་པའི་ཕྱིར་རམ། གཞན་སྐྲག་པར་བྱ་བའི་ཕྱིར་རམ། གཞན་ལ་རྫུན་བྱ་བའི་ཕྱིར་རམ། ནོར་དང་ཟང་ཟིང་གི་ཕྱིར་རམ། གཞན་གྱི་ཡིད་ལ་སྦྱོར་བ་ཙམ་གྱི་ཕྱིར་ཐེག་པ་ཆེན་པོ་འདི་འཛིན་པར་བྱེད་ན་བདེན་ཡང་རུང༌། བརྫུན་ཡང་རུང༌། བདག་ཅག་གིས་དེའི་ཚེ། གང་ཟག་དེའི་འཇིགས་པ་བསལ་བའི་ཕྱིར་གསང་སྔགས་འདི་འབུལ་ལོ། ཙྱོག་ཀྱེ། ཏ་ཏ་ལ་ཙྱོག་ཀྱི། ལོ་ཧ་ལེ། མ་ཧཱ་ལོ་ཧ་ལེ། ཨ་ལ་ཙ་ལ་ཏ་ལ་སྭཱ་ཧཱ། སྔགས་འདིས་ནི་སེམས་སྟོར་བ་རྣམས་དང༌། འཇིགས་སྐྲག་དང༌། ཆོས་སྨྲ་བ་

p. 296

དང༌། ཡང་དག་པའི་ཆོས་ཀྱི་བར་དུ་མི་གཅོད་པ་དང༌། མུ་སྟེགས་ཅན་འདུལ་བ་དང༌། བདག་གི་ལུས་སྲུང་བ་དང༌། ཡང་དག་པའི་ཆོས་སྲུང་བ་དང༌། ཐེག་པ་ཆེན་པོ་སྲུང་བའི་སླད་དུ་གསང་སྔགས་འདི་འབུལ་ལོ། །གང་གིས་གསང་སྔགས་འདི་ཡིད་ལ་བགྱིས་ན་བ་གླང་རྨིག་པའི་འཇིགས་པ་དང་བྲལ་བར་འགྱུར། གལ་ཏེ་འབྲོག་དགོན་པའམ། ཡུལ་ས་སྟོང་པ་བག་ཚ་བའི་གནས་སུ་མཆིས་ན་ཡང་འཇིགས་པར་མི་འགྱུར། ཆུ་དང༌། མེ་དང༌། སེང་གེ་དང༌། སྟག་དང༌། སྤྱང་ཀི་དང༌། དགྲས་འཇིགས་པ་དང༌། རྒྱལ་པོའི་ཆད་པའི་འཇིགས་པ་ལས་ཀྱང་ཐར་བར་འགྱུར་རོ། །བཅོམ་ལྡན་འདས་གང་གིས་གསང་སྔགས་འདི་ཡིད་ལ་བགྱིད་ན་འཇིགས་པ་དེ་དག་ལ་སོགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་གསང་སྔགས་འདི་འཛིན་པ་ལ་བདག་གིས་བསྐྱབ་ཅིང་སྦ་བ་ནི་ཇི་ལྟར་རུ་སྦལ་ཡན་ལག་དྲུག་སྦེད་པ་བཞིན་ནོ། །བཅོམ་ལྡན་འདས་བདག་ཅག་ནི་གཡོ་དང་སྒྱུས་འདི་སྐད་དུ་སྨྲ་བ་མ་ལགས་ཀྱི་གང་གཟུངས་སྔགས་འདི་འཛིན་པ་ལ་བདག་ཅག་གིས་མཐུ་སྟོབས་བཏང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འགྲོ་བ་ཐམས་ཅད་དང་འཁོར་རྣམ་བཞི་ལ་ཕན་པ་དང་བདེ་བའི་ཕྱིར་གསང་སྔགས་འདི་བཞེས་སོ་ཞེས་བཀའ་སྩལ་པས་གཟུངས་འདི་འཆང་བ་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ནམ་ཡང་གང་ཟག་དེ་ལ་བར་དུ་གཅོད་པར་མི་ནུས་པར་བྱིན་གྱིས་བརླབས་སོ། ༈ །བཅོམ་ལྡན་འདས་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི། ལུས་ལ་ཐོགས་སམ་གླེགས་བམ་དུ་བགྱིས་ཏེ་འཛིན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་སྨན་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་པའི་རྒྱལ་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་

p. 297

ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ལ་བསྟི་སྟང་དུ་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད་ན། སྨན་པའི་རྒྱལ་པོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པའི་རྒྱལ་པོ་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །སྨན་པའི་རྒྱལ་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འཛིན་པ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ནན་ཏན་གྱིས་བསླབས་ན། སྨན་པའི་རྒྱལ་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་ཐོགས་སམ་གླེགས་བམ་དུ་བགྱིས་ཏེ་འཛིན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བསྲུང་བ་དང་བསྐྱབ་པ་དང་སྦ་བའི་སླད་དུ་གཟུངས་སྔགས་ཀྱི་ཚིག་རྣམས་སྩལ་བར་བགྱིའོ། །ཏདྱ་ཐཱ། ཨ་ནྱེ་མ་ནྱེ། མ་ནེ་མ་མ་ནེ། ཙིཏྟ་ཙ་རི་ཏེ། ཤ་མེ་ཤ་མ་ཡི་ཏཱ་བི། ཤཱནྟ། མུཀྟེ། མུཀྟ། ཏ་མེ། ས་མེ་ཨ་བེ་ཤ་མེ་ས་མ་ས་མེ། ཛ་ཡེ། ཀྵ་ཡེ། ཨཀྵ་ཡེ། ཨཀྵ་ཎི། ཤཱནྟེ། ཤ་མི་ཏེ་དྷཱ་ར་ཎི། ཨཱ་ལོ་ཀ་བྷ་སེ། པྲ་ཏྱ་བེཀྵ་ཎི། བི་བི་རུ་ཨ་བྷྱནྟ་ར་ཎི། བིཥྚེ། ཨ་ཏྱནྟ། པ་རི་ཤུདྡྷི། ཨུད་ཀུ་ལོ། མུད་ཀུ་མེ། ཨ་ར་ཌེ། བ་ར་ཌེ། ཤུ་ཀཱཀྵི། ཨ་ས་མ་ས་མེ། བུདྡྷ་བི་ལོ་ཀི་ཏེ། དྷརྨ་ས་རཱི་ཀྵི་ཏེ། སངྒྷ་ནི་ར་གྷོ་ཥ་ཎི། ནིར་གྷོ་ཥ་ཎི། བྷ་ཡཱ་བྷ་ཡ། ཤོ་དྷ་ནི་མནྟྲེ་མནྟྲ། ཀྵ་ཡ་ཊེ། རཱུ་དྲ་ཀཽ་ཤ་ལྱེ། ཨཀྵ་ཡེ། ཨཀྵ་བཱ་ནཱ་ཏཱ་ཡཱ་པ་ལོ། ཨ་མནྱ་ན་ཏཱ་ཡ། བཅོམ་ལྡན་འདས་

p. 298

གཟུངས་སྔགས་ཀྱི་ཚིག་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱིས་བཤད་པ་སྟེ། གང་གིས་མདོ་སྡེ་འདི་ལྟ་བུ་འཛིན་པ་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་དང་འགལ་བར་བགྱིས་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་དེ་འཁུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་པའི་རྒྱལ་པོ་ཁྱོད་ཀྱིས་གཟུངས་སྔགས་ཀྱི་ཚིག་རྣམས་སྨྲས་པས། སེམས་ཅན་མང་པོའི་དོན་བྱས་ཤིང་སྨན་པའི་རྒྱལ་པོ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་བསྲུང་བ་དང༌། བསྐྱབ་པ་དང་སྦ་བར་བྱས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་སྦྱིན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཆོས་སྨྲ་བ་འདི་ལྟ་བུ་དག་གི་ཆེད་དུ་གཟུངས་ཀྱི་ཚིག་རྣམས་སྩལ་བར་བགྱི་སྟེ། དེས་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་ལ་གླགས་ལྟ་བ་གང་གིས་ཀྱང་གླགས་མི་རྙེད་པ་འདི་ལྟ་སྟེ། གནོད་སྦྱིན་ནམ། སྲིན་པོའམ། སྲུལ་པོའམ། གཤེད་བྱེད་དམ། གྲུལ་བུམ་མམ། འདི་དག་གླགས་ལྟ་བ་རྣམས་ཀྱིས་ཀྱང་གླགས་མི་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་སྦྱིན་པས་དེའི་ཚེ་གཟུངས་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །ཏདྱ་ཐཱ། ཛྭ་ལ། མཧཱ་ཛྭ་ལེ། ཨུཀྐེ། མུཀྐེ། ཨ་ཌེ་ཨ་ཌ་བ་ཏི། ནྲྀ་ཊྱེ་ནྲྀ་ཊྱཱ་བ་ཏི། ཨིཊྚ་ནི། བིཊྚི་ཙིཊྚེ་ནི། ནྲྀ་ཊ་ཊི་ནི། ནྲྀ་ཊ་ཊཱུ་བ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བ་སྟེ། གང་གིས་ཆོས་སྨྲ་བ་འདི་ལྟ་བུ་འདི་དང་འགལ་བར་བགྱིས་ན་དེ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འཁུས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྨྲ་བ་དེ་དག་ལ་གློ་བ་བརྩེ་བས་

p. 299

སྨན་པ་དང༌། བདེ་བ་དང༌། བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་སླད་དུ་གཟུངས་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཨ་ཊ་ཊ། ན་ཊ་ཊེ། ཨ་ན་ཏེ་ནཱ་ཏི། ཀུན་ཊི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་གཟུངས་སྔགས་ཀྱི་ཚིག་འདི་དག་གིས་ཆོས་སྨྲ་བ་དེ་དག་ལ་དཔག་ཚད་བརྒྱ་ཚུན་ཆད་དུ་བསྲུང་བར་བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མདོ་སྡེ་འདི་ལྟ་བུ་འཛིན་ཅིང་ཆོས་སྨྲ་བ་དེ་དག་ལ་ཡང་བསྲུང་བ་བགྱི་བར་འགྱུར། བདེ་ལེགས་སུ་བགྱི་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་མདོ་སྡེ་འདི་ལྟ་བུ་འཛིན་པ། ཆོས་སྨྲ་བ་འདི་ལྟ་བུ་དེ་དག་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་སླད་དུ་གཟུངས་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཨ་ག་ཎེ་ག་ཎེ། གཽ་རི། གནྡྷ་རི། ཙཎྜ་ལེ། མ་ཏང་གི། པུཀྐ་སཱི། སང་ཀུ་ལི། བྲུ་ཥ་ལེ་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་གཉིས་ཀྱིས་གསུངས་ཏེ། གང་ཞིག་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་དང་འགལ་བར་བགྱིད་ན་དེ་དག་ཐམས་ཅད་ལ་འཁུས་པ་ལགས་སོ། །དེ་ནས་སྲིན་མོ་འཕྱང་མ་ཞེས་བྱ་བ་དང༌། སྲིན་མོ་རྣམ་པར་འཕྱང་མ་ཞེས་བྱ་བ་དང༌། སྲིན་མོ་སོ་བརྩེགས་ཞེས་བྱ་བ་དང༌། སྲིན་མོ་མེ་ཏོག་སོ་ཞེས་བྱ་བ་དང༌། སྲིན་མོ་ཅོད་པན་སོ་ཞེས་བྱ་བ་དང༌། སྲིན་མོ་སྐྲ་ཅན་ཞེས་བྱ་བ་དང༌། སྲིན་མོ་མེ་ཞེས་བྱ་བ་དང༌། སྲིན་མོ་ཕྲེང་བ་འཆང་ཞེས་བྱ་བ་དང༌། སྲིན་མོ་མདུང་ཅན་ཞེས་བྱ་བ་དང༌། སྲིན་མོ་སེམས་ཅན་ཐམས་ཅད་ཀྱི་མདངས་འཕྲོག་ཅེས་བྱ་བ་དང༌། འཕྲོག་མ་བུ་དང་གཡོག་ཏུ་བཅས་པ་དང༌། སྲིན་མོ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། སྲིན་མོ་དེ་དག་

p. 300

ཐམས་ཅད་ཀྱིས་སྒྲ་སྐད་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་བདག་ཅག་གིས་ཀྱང་མདོ་སྡེ་འདི་འཛིན་པ་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བགྱིའོ། །བདེ་ལེགས་སུ་འགྱུར་བར་བགྱིའོ། །ཅི་ནས་ཆོས་སྨྲ་བ་དེ་དག་ལ་གླགས་ལྟ་བ་དང་སྐབས་ཚོལ་བ་དག་གིས་ཀྱང་གླགས་མི་རྙེད་པར་བགྱིའོ། །དེ་ནས་སྲིན་མོ་དེ་དག་ཐམས་ཅད་ཀྱིས་སྒྲ་སྐད་གཅིག་ཏུ་ཚིག་མཐུན་པར་བཅོམ་ལྡན་འདས་ལ་གཟུངས་སྔགས་ཀྱི་ཚིག་འདི་དག་ཕུལ་ལོ། །ཏདྱ་ཐཱ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ནི་མེ། ནི་མེ། ནི་མེ། ནི་མེ། ནི་མེ། ཏུ་ཧེ། ཏུ་ཧེ། ཏུ་ཧེ། ཏུ་ཧེ། ཏུ་ཧེ། ཧསྟེ། ཧསྟེ། ཧསྟེ། ཧསྟེ། ཧསྟེ་སྭཱ་ཧཱ། འདི་སྤྱི་བོར་བཞག་ནས་ཆོས་སྨྲ་བ་རྣམས་ལ་སུ་ཡང་འཁུ་བར་མ་གྱུར་ཅིག དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྲིན་མོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སྲིན་མོ་དག་ལེགས་སོ། །ཁྱོད་ཀྱིས་ཆོས་སྨྲ་བ་དེ་དག་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་གྱིས་ཤིག གང་དག་ཐ་ན་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཙམ་འཛིན་པ་དེ་དག་ལ་ཡང༌། མདུང་ཅན་ཁྱོད་གཡོག་དང་བཅས་པས་བསྲུང་བར་བྱའོ། །ཞེས་གསོལ་བས་བཅོམ་ལྡན་འདས་ཀྱིས་མ་འོངས་པ་ན་སངས་རྒྱས་ཀྱི་རྗེས་འཇུག་ཆོས་བྱེད་པ་དག་བདུད་ཀྱིས་བསླུས་ཏེ་མི་དགེ་བར་འགྱུར་བར་ལུང་བསྟན་ཀྱང་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ལས་གཟུངས་ཀྱི་ལེའུ་འདི་འཆང་བའི་གང་ཟག་དེ་ལ་ནམ་ཡང་བདུད་ཀྱིས་བར་དུ་གཅོད་པར་མི་ནུས་པར་གསུངས་སོ། ༈ །ཆོས་འཆད་པ་སོགས་ཀྱི་ཚེ་སློབ་དཔོན་ཁྲི་ལ་འདུག་པའི་དུས་སུ་བློ་གྲོས་རྒྱ་མཚོའི་མདོ་ལས་གསུངས་པའི་བདུད་ཚར་བཅད་པའི་སྔགས་འདི་བཀླག་པར་བྱ་སྟེ། ཏདྱ་ཐཱ། ཤ་མ་ཤ་མ་ཝ་ཏེ། ཤ་མི་རྟ་ཤསྟྲུ། ཨཾ་ཀུ་རེ་མངྐུ་རེ། མཱ་ར་ཛི་ཏེ། ཀ་རཱ་ཊེ། ཀེ་ཡཱ་རེ། ཏེ་ཛོ་ལཱ་ཏི། ཨོ་ཛོ་ཡཱ་ཏི། བིཥྚེ། ནིརྨ་ལེ། མ་ལཱ་པ་ནེ། ཨོ་ག་རེ་ཁ་གེ། གྲ་སེ་གྲ་ས་ནེ། ཨོ་མུ་ཁེ། པ་རཾ་མུ་ཁེ། པཾ་རཾ་མུ་ཁེ། ཤ་མི་ཏཱ་ནི། སརྦ་གྲ་ཧ་བནྡྷ་ནཱ་ནི། ན་

p. 301

ནི་གྲ་ཧི་ཏ། སརྦ་པ་ར་པྲ་བཱ་དི་ན་བི་མུཀྟཱ་མཱ་ར་པཱ་ཤཱཿ སྠ་པི་ཏ་བུདྡྷ་མུ་དྲ་ཨ་ནུངྒ་ཏི་ཏ། སརྦ་མཱ་རཻཿ ཨ་ཙ་ལི་ཏེ། པ་ཏ་པ་རི་ཤུདྡྷེ། བི་གཙྪན་ཏུ་སརྦ་མཱ་ར་ཀརྨ་ཎི། ཞེས་བཟླས་པས་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ། ༈ །འགྱུར་སྔགས་ནི། ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་སཱ་ར་མ་ཧཱ་ཛ་ཝ་ཧཱུྃ། སྔགས་འདི་ཚར་གཅིག་བརྗོད་ན་སྔགས་གང་བཟླས་པ་དེ་བརྒྱ་སྟོང་དུ་འགྱུར་བར་གསུངས་སོ། ༈ །ཨོཾ་སྨ་ར་སྨ་ར་བི་མ་ན་སཱ་ར་མ་ཧཱ་ཛམྦྷ་ཡེ་སྭཱ་ཧཱ། ལན་བདུན་བརྗོད་པས་དགེ་བ་འབུམ་དུ་འགྱུར། ཨོཾ་སྨ་ར་སྨ་ར་བི་མ་ན་སྐ་ར་མ་ཧཱ་ཛ་བ་ཧཱུྃ། ལན་བདུན་བརྗོད་པས་ཉིན་ཞག་གཅིག་གི་དགེ་བ་གང་བྱེད་སྟོང་འཕེལ་དུ་འགྲོའོ། །བྷ་ར་སོ་བྷ་ར་བྷི་མ་ན་ས་ར་མ་ཧཱ་ཛམྦྷ་ཧཱུྃ་ཕཊ། ལན་གཅིག་བརྗོད་པས་འབུམ་འགྱུར་དུ་འགྲོ་བར་གསུངས་སོ། །ཨོཾ་དྷ་རེ་དྷ་རེ་བྷནྡྷ་རེ་སྭཱ་ཧཱ། ལན་གཅིག་བརྗོད་པས་དགེ་བ་གང་བྱས་གྲངས་མེད་དུ་འགྲོའོ། །དེ་ནས་རྡོ་རྗེ་རྣམ་པར་འཇོམས་པ་དང༌། ཚེ་མདོ་སོགས་གཟུངས་མདོ་རྣམས་དང༌། གཞན་ཡང་ཕན་ཡོན་ཅན་གྱི་གཟུངས་སྔགས། ན་མཿས་མནྟ་བུདྡྷ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ན་ནཱཾ། ཨོཾ་ཀི་ཎི་ཀི་ཎི། ཏ་ཐཱ་ག་ཏོདྦྷ་བ་ཤཱནྟེ་བ་ར་དེ་ཨུཏྟ་མོཏྟ་མ་ཏ་ཐཱ་ག་ཏོདྦྷ་བ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོ་གཟུང་བར་འགྱུར་རོ། །ན་མོ་བྷ་ག་བ་ཏྱཻ། ཨཱརྻ་པྲ་ཛྙཱ་པཱ་ར་མི་ཏཱ་ཡཻ། ཏདྱ་ཐཱ། ཨོཾ་མུ་ནི་དྷརྨེ། སཾ་གྲ་ཧཱ་དྷརྨེ། ཨ་ནུ་གྲ་ཧ་དྷརྨེ། བི་མུཀྟི་དྷརྨེ། ས་དཱ་ཨ་ནུ་གྲ་ཧ་དྷརྨེ། བཻ་ཤྲ་ཝ་ཎ་པ་རི་བརྟི་ཏ་དྷརྨེ། སརྦ་ཀཱརྻ་པ་རི་པྲ་མ་ཎ་དྷརྨེ། ས་མནྟ་ཨ་ནུ་པ་རི་ཝརྟ་ན་དྷརྨེ་སྭཱ་ཧཱ། ཨོཾ་པྲཛྙེ་ཤྲུ་ཏི་སྨྲྀ་ཏི་མ་ཏི་བི་ཛ་ཡེ། དྷཱིཿདྷ་ར་ཎཱི་ཡེ་སྭཱ་ཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་པྲཛྙཱ་པྲཛྙཱེ། པྲཛྙཱ་ཨ་བ་བྷཱ་སེ། པྲཛྙཱ་ཨ་བ་ལོ་ཀ་ཏི། སརྦ་དྷརྨ་ཨནྡྷ་ཀ་ར་བི་དྷ་མ་ནི། སིདྡྷེ་སུ་སིདྡྷེ། སིདྡྷྱནྟུ་མཱ་བྷ་ག་ཝ་ཏི་སརྦ་ཛྙཱ་ན་སཾ་དྷ་རི་བྷ་ག་ཝ་ཏི་ཝཙྪི་ལ་པྲ་ས་ར་དེ་ཧ་སྟ་མ་མ་སུ་ཀ་ར། སིདྡྷི་སིདྡྷི། བུདྡྷ་བུདྡྷ། ཀཾ་པ་ཀཾ་པ། བཱ་ལ་བཱ་ལ། དྷ་ར་དྷ་ར་

p. 302

ཝ་ར་ཝ་ར། གརྫ་གརྫ། ཨཱ་གཙྪ། ཨཱ་གཙྪ། བྷ་ག་ཝ་ཏི། མཱ་བི་ལམྦ་སྭཱ་ཧཱ། འདི་བཟུང་བས་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་གཟུང་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཧྲཱིཿ ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། པྲཛྙཱ་པཱ་ར་མི་ཏཱ་ཡཻ། སརྦ་དུརྒ་ཏི་ཤོ་དྷ་ཡ། ར་ཛཱ་ཡ་སྭཱ་ཧཱ། འདི་བཟུང་བས་བརྒྱད་སྟོང་གཟུང་བར་འགྱུར་རོ། །ཨོཾ་ནྠཱཾ་ན་མཿསརྦ་བུདྡྷ་ནཱཾ། ཨོཾ་མཱཾ། བྷྲཱུྃ་མཱུཾ། ཏདྱ་ཐཱ། ཨོཾ་བྷྲཱུྃ། འདི་བཟུང་བས་འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་རོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏི་ཤཱ་ས་ནཱ་ནཱཾ། ཨོཾ་དྷུ་ན་དྷུ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོག་གཟུང་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་པདྨེ་པདྨེ་དེ་པ་བི། ཧི་ནེ་ཧི་ནེ་ཧི་ནེ། ཙུ་ལུ་ཙུ་ལུ་ཙུ་ལུ། ཧུ་ལེ་ཧུ་ལེ་ཧུ་ལེ། ཡུ་ལེ་ཡུ་ལེ་ཡུ་ལེ། བ་ལེ་བ་ལེ་བ་ལེ། མུཾ་ཙྪེ་ད་ན་ད་དེ། བྷིན་དེ་བྷན་ཛྲེ། མ་ན་དེ་པྲ་མ་དེ། དི་ན་ཀ་རེ་སྭཱ་ཧཱ། གསང་སྔགས་ཀྱི་ཚིག་འདི་དག་ཀློག་པར་བྱེད་པ་དེས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླག་པར་འགྱུར་རོ། །ན་མོ་དྷརྨ་ཀཱ་ཡ། སཾ་བྷོ་ག་ཀཱ་ཡ། ནིརྨཱ་ཎ་ཀཱ་ཡ། ཏདྱ་ཐཱ། དཱ་ན་པཱ་ར་མི་ཏཱ། ཤཱི་ལ་པཱ་ར་མི་ཏཱ། ཀྵཱནྟི་པཱ་ར་མི་ཏཱ། བཱིརྻ་པཱ་ར་མི་ཏཱ། དྷྱ་ན་པཱ་ར་མི་ཏཱ། པྲཛྙཱ་པཱ་ར་མི་ཏཱ། སརྦ་དྷརྨ་ཤཱུ་ནྱ་ཏཱ་སྭཱ་ཧཱ། འདི་བཟུང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་རོ། །ན་མཿསརྦ་ཏཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀཱ་ནཱཾ་ཧཱི། སྙིང་པོ་འདི་ལན་གཅིག་ཐོས་པས་ཕ་རོལ་ཕྱིན་པ་བཅུ་ཐོབ་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏེ་སཾ་བྷ་བེ་ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས་འདི་ལན་གཅིག་བརྗོད་པས་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་འབྱང་བར་འགྱུར་རོ། །ཏདྱ་ཐཱ། མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས་འདི་ལན་གཅིག་བཟླས་བརྗོད་བྱས་

p. 303

ན་བསྐལ་པ་བྱེ་བ་བརྒྱད་ཁྲིའི་བར་དུ་སྡིག་པ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་འབྱང་བར་འགྱུར་རོ། །ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནཱི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཥ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་འདིའི་ཡོན་ཏན་ནི་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པའང་ལན་གསུམ་བཟླས་པ་བྱས་ན་དེ་རྣམས་ཟད་པར་རིག་པར་བྱའོ། །ཉི་ཤུ་རྩ་གཅིག་ཏུ་བཟླས་པ་བྱས་ན་རྩ་བ་བཞིའི་ལྟུང་བའི་སྡིག་པ་ཡོངས་སུ་བྱང་བར་འགྱུར་ཏེ། སངས་རྒྱས་སྟོང་ལ་དགེ་བའི་རྩ་བ་སྐྲུན་པར་འགྱུར་རོ། །ཏདྱ་ཐཱ། ཙནྡྲེ་ཙནྡྲེ། སུ་ཙནྡྲ། མ་ཏི་ཙནྡྲ། ཙནྡྲ་ཀི་ར་ཎ། སི་རི་སི་རི། བུདྡྷ་ཨ་དྷིཥྛི་ཏེ། ཀི་ལི་ཀི་ལི། དྷརྨ་ཨ་དྷིཥྛི་ཏེ། ཀི་ལི་ཀི་ལི། སཾ་གྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཟླ་བའི་འོད་དེ་བཞིན་གཤེགས་པའི་མཚན་དྲན་པར་བྱེད་པ་དེ་ནི་བསྐལ་པ་བཞི་ཁྲིར་ཚེ་རབས་དྲན་པར་འགྱུར་ཏེ། དེ་ནི་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། འདི་ལན་གཅིག་བཟླས་པས་ཀྱང་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ། །ན་མོ་རཏྣ་ཤི་ཁི་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། རཏྣེ་རཏྣེ་རཏྣ་ཤི་ཁི་ནེ་སྭཱ་ཧཱ། འཆི་བའི་ཚེ་དྲན་ན་ངན་སོང་ཀུན་ལས་རྣམ་པར་གྲོལ་བར་འགྱུར་རོ། །འཆི་འཕོས་ནས་ཀྱང་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེའོ། །ཏདྱ་ཐཱ། ཧ་ན་ཧ་ན་སཱ་ནི། ན་པ་སཱ་ནི། ཛྭ་ལ་ཛྭ་ལ་ནེ། ཙ་ལ་ཙ་ལ་ནེ། པཱུ་རྦ། ཡོ་ག་མ་ནུ་སྨ་ར་ཕཊ། མ་ཧཱ་ཧ་ཏ་ཡ་སྭཱ་ཧཱ། གང་གིས་རིག་པ་འདི་བཀླགས་པ་དེ་ཚེ་རབས་བརྒྱ་སྟོང་དུ་སྐྱེ་བ་དྲན་པར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་བདེ་ལྡན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་དྷརྨ་དྷ་དུ་ནི་གརྫ་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། ཏདྱ་ཐཱ། ཨོཾ་ཛྙཱ་ནཱ་ལོ་ཀེ ཏྲི་རཏྣ་བཾ་ཤ་སཾ་དྷཱ་ར་ཎི། བྷ་ག་བ་ཏི། ཨ་པཱ་ཡཾ་དཱ་དི་ཨ་བཱ་ཡཾ་དཏྟེ་ཙིཏྟ་བཛྲ་བ་རི་པཱ་ལ་ཡ། ས་མནྟ་ཨ་བ་བྷཱ་སེ་ན། ཧ་ན་ཧ་ན། སརྦ་

p. 304

སཏྭ་སཾ་ཏ་ན་པ་ཏི་ཏཾ། ཀླེ་ཤཱ་ནུ་ཙྪེ་ད་ཡ། བ་ར་ལ་ཀྵ་ཎ། ཨ་ལཾ་ཀྲྀ་ཏ་ཤ་རཱི་རེ། བོ་དྷི་སཏྭ་ཤི་ཤཱུ་པ་ཏི་པཱ་ལ་ཡ། བུད་དྷཱ་ན་དེ་ཤཱ་ཡ། དེ་བ། ནཱ་ག ཡཀྵ། གན་དྷརྦ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག བ་ཤེ་སྠ་པཱ་ཡ། ཨ་པ་ཡཾ་ད་ད་ཏི་སྭཱ་ཧཱ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པའི་གཟུངས་འདི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་དུ་ལས་ཀྱི་སྒྲིབ་པ་བསགས་པ་འབྱང་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་སོ། །ཨོཾ་གྷེ་ཙ་ན་ཧཱུྃ། ཞེས་པ་འདི་ལན་གཅིག་བརྗོད་ཀྱང་བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་འདག་གོ །འཇམ་དཔལ་གྱི་ཡི་གེ་བརྒྱད་པ། ཨོཾ་ཨ་བྷི་ར་ཧཱུྃ་ཁེ་ཙ་ར། འདི་དྲན་པ་ཙམ་གྱིས་མཚམས་མེད་པ་ལྔ་བྱང་ཞིང་མྱང་འདས་ཐོབ་བོ། །འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པ། ཏདྱ་ཐཱ། ཨོཾ་ཀྵྞིཾ། འདི་རབ་ཏུ་གསང་ནས་བཟླས་ན་དོན་དང་ལས་ཐམས་ཅད་འགྲུབ་བོ། །འདི་ཕྱིན་ཆད་ཀྱི་གཟུངས་རྣམས་ཀྱི་ཕན་ཡོན་མང་ཆེས་ནས་ཡི་གེས་འཇིགས་པ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་རྟོགས་པར་འདོད་ན་གཟུངས་སོ་སོར་བལྟ་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་སྙིང་པོའི་གཟུངས། ཏདྱ་ཐཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། བི་རི་བི་རི། ཧུ་རུ་ཧུ་རུ། བཻ་རོ་ཙ་ན་རསྨི་སཉྩོ་པི་ཏི་ཨཱ་གཙྪ་ཨཱརྻ་ཨཱ་ཀཱ་ཤ་གརྦྷ་མཧཱ་ཀཱ་རུ་ཎི་ཀཱ་པཱུ་ར་ཡ་ཧ་ཤཱ་ན། དྷ་ར་ཡ་བུདྡྷེ་བིཙྪ་ཡན། ཙ་ར་ཙ་ར། ཙི་རི་ཙི་རི་སྭཱ་ཧཱ། བཅོམ་ལྡན་འདས་སྨན་བླའི་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛཱ་ས་མུངྒ་ཏེ་སྭཱ་ཧཱ། བྱམས་པས་དམ་བཅས་པའི་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ། ཨོཾ་ཛི་ཏཉྫ་ཡ་ཧ་ར་ཧ་ར་མཻ་ཏྲི་ཨ་བ་ལོ་ཀི་ཏེ་ཀ་ར་ཀ་ར་མ་ཧཱ་ས་མ་ཡ་སིདྡྷི་བྷ་ར་བྷ་ར་མ་ཧཱ་བོ་དྷི་མཎྜ་བཱི་ཛ་སྨ་ར་སྨ་ར་ཨཱསྨ་ཀཾ་ས་མ་ཡ་བོ་དྷི་བོ་དྷི་མ་ཧཱ་བོ་དྷི་སྭཱ་ཧཱ། ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་

p. 305

རྩ་བརྒྱད་པའི་གཟུངས་སྔགས། ཨོཾ་བྷོ་ཧཱུྃ་ཧཱུྃ། ཨཱ་ཨཱ། ཧཱི་ཧཱི། ཤི་བ་ཤི་བ། ཤཱནྟི་ཤཱནྟི། ཤ་མ་ཤ་མ། ཤ་མཱ་པ་ཡ། ཏ་ཐཱ་ག་ཏཱ་ནུ་ག་ཏ། སྭ་བྷཱ་བ། ཨ་བྷཱ་བ། ས་མུཏྟཱ་ཡ། ཨ་ས་མ་བ་ལ། ཨ་བི་ར་ལ་བ་ལ། ཨ་མི་ཏ་བ་ལ། ཨ་ཏི་བ་ལ། ཧཱུྃ་གྷུཾ་གྷུཾ། དྷཽ་བྷཽ་བྷཽ་བྷཽ། བྷྲེ་དུ་བྷྲེ་དུ། ཧཱི་ཧཱི། བྷ་ག་བཱན། བྷ་བཱན་ཏ་ཀ་སུ་ར་ཏ་བྷོ་ག་མཧཱ་ཤཱནྟི་ཀ་ར། པཱ་པ་ཀིལྤི་ཥ་ནཱ་ཤ་ཀ་སྭཱ་ཧཱ། །སྒྲོལ་མའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སྭ་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་དུཥྚཾ་པྲ་དུཥྚཾ་མ་མ་ཀྲྀ་ཏེ་ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བྷནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རཱ་ཡཻ། ཧཱུྃ་ཧཱུྃ་ཧཱུྃ། ས་མ་ཡ་སྨྲྀ་ཏི། བྷ་ར་བྷ་ར། སརྦཱ་བྷ་ར་ཎི། བི་བྷཱུ་ཥི་ཏེ། པདྨ་ནི་པདྨ། མ་ཧཱ་པདྨ། ཨཱ་ས་ན་སྠི་ཏེ། ཧ་ས་ཧ་ས། ཏྲེ་ལོ་ཀྱ་བ་ར་དེ། སརྦ་དེ་པ་དཱ་ན་པ། པཱུ་ཛི་ཏེ་སྨ་དཱ་ཧི། བྷ་ག་བ་ཏི་ཏཱ་རེ། སྨ་རཱ་ཧཱི། བྷ་ག་བཱ་ན་ཏ། ཏ་ཐཱ་ག་ཏ་སྱ། པུ་ར་ཏཿ ས་མ་ཡཾ། དྷ་ར་དྷ་ར། མ་ཧཱ་སཏྭ་ཨ་བ་ལོ་ཀི་ཏེ། མ་ཎི་ཀ་ནི་ཀ བི་ཙི་ཏྲཱ་བྷ་ར་ཎེ། ཨོཾ་བི་ལོ་ཀཱ་ཡ། ཆེ་གེ་མོ། བྷ་ག་བ་ཏེ། ཏཱ་རེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཕཊ་སྭཱ་ཧཱ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱཔྟི་དྷརྨ་ཏཱ་བ་ལི་ནཱཾ། ཨ་ས་མ་ས་མ་ས་མནྟ་ཏོ྅ནནྟ་བཱཔྟི་ཤཱ་ས་ནི། ཧ་ར་ཧ་ར་སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུད་དྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝཱན་མཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མཧཱ་ས་མ་ཡ་སཏྭཱ་ཨཱཿ ཧེ་རུ་ཀའི་ཡི་གེ་བརྒྱ་པ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལཱ་ཡ།

p. 306

ཧེ་རུ་ཀཏྭེ་ནོ་པ་ཏིཥྛ། དྲྀ་ཌོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱ་ན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། དབྱངས་གསལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། རྟེན་འབྲེལ་སྙིང་པོ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མཧཱ་ཤྲ་མ་ཎཿ ཚུལ་ཁྲིམས་རྣམ་དག་གི་གཟུངས། ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ྄། ཡོན་སྦྱོང་བའི་གཟུངས། ན་མཿས་མནྟ་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་བྷྱཿསམྱཀྶཾ་བུདྷཱ་ཡ། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལམྦེ་ནི་ར་བྷཱ་སེ། ཛ་ཡེ་ཛ་ཡ་ལ་བྡྷེ། མ་ཧཱ་མཱ་ཏེ་དཀྵཱེ་ཎཱི་མེ་པ་རི་ཤོ་དྷ་ཡ་སྭཱ་ཧཱ། ཡང་ཡོན་སྦྱོང་གཟུངས། ན་མོ་བྷ་ག་བ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཀལྤེ་ཀལྤེ། མ་ཧཱ་ཀལྤེ། ཀལྤ་པ་རི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱེ་སྭཱ་ཧཱ། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། འཕགས་མ་སོ་སོར་འབྲང་མའི་སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྟོང་ཆེན་རབ་འཇོམས་ཀྱི་སྔགས་ནི། ཨོཾ་ཨ་མྲྀ་ཏ་བ་རེ་བ་ར་བ་ར་པྲ་བ་ར་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྨ་བྱ་ཆེན་མོའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གརྦྷ་སཾ་རཀྵ་ཎི་ཨཱ་ཀརྵ་ཎེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསང་སྔགས་རྗེས་འཛིན་གྱི་སྔགས་ནི། ཨོཾ་བི་མ་ལེ་བི་པུ་ལེ་ཛ་ཡ་བ་རེ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསིལ་བའི་ཚལ་གྱི་སྔགས་ནི། ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་ཨིནྡྲི་ཡ་བ་ལ་བི་ཤོ་དྷ་ནི་རུ་རུ་ཙ་

p. 307

ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བདུད་སྐྲག་པར་བྱེད་པའི་སྔགས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟེ་ཛྭཱ་ལ་ཛྭཱ་ལ་དྷརྨྨ་དྷཱ་ཏུ་གརྦྷེ་མ་ཎི་མ་ཎི་མ་ཧཱ་མ་ཎི་ཧྲྀ་ད་ཡ་མ་ཎི་སྭཱ་ཧཱ། བཅིངས་པ་ལས་གྲོལ་བའི་སྔགས། ཏཱ་རེ་ཏཱ་རེ་ཏཱ་རཱ་ཡ་བྷ་ག་ཝ་ཏེ་བནྡྷ་མོ་ཙ་ནི་སྭཱ་ཧཱ། བར་དུ་གཅོད་པ་སེལ་བའི་རིག་སྔགས། ཏདྱ་ཐཱ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཧཱུྃ་ཕཊ། སརྦྦ་བིགྷྣཱ་མ་ཏ་ཀ་རཱ་ཡ་བི་ནཱ་ཤ་ཀ་ར་མཱ་ར་ཡ་ཧཱུྃ་ཕཊ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། ཏདྱ་ཐཱ། བཛྲ་བཛྲ། མ་ཧཱ་བཛྲ། སརྦ་བྱ་དྷི་ཧ་ན་ཧ་ན། བཛྲེ་ན་སྭཱ་ཧཱ། རིམས་ནད་ཞི་བའི་གཟུངས། ཏདྱ་ཐཱ། ཨི་ལི་མེ་ཏི་མེ་ལི། ཧ་ནེ་སུ་ཧ་ནེ། ཆེ་གེ་མོ་ཞིག་ཛྭ་ར་བ་ན་དྷཱ་མི། ཨེ་ཀ་ཧི་ཀཾ་ཏྲི་ཧི་ཀཾ་ཙ་ཏུརྩ་ཀཾ། ནི་ཏྱ་ཛྭ་རཾ་སྭཱ་ཧཱ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བའི་གཟུངས། ཨོཾ་ཀུ་མཱ་ར་རཱུ་པ་དྷཱ་ར་ཎི་བི་ཤྭ་སམྦྷ་པ་ཨཱ་གཙྪ་ཨཱ་གཙྪ། ལ་གྷུ་ལ་གྷུ། བྷྲཱུྃ་བྷྲཱུྃ། ཧཱུྃ་ཧཱུྃ། ཛི་ན་ཛི་ཀ་མཉྫུ་ཤྲཱི་ཡེ། ཏཱ་ར་ཡ་མཱཾ། སརྦ་དུཿཁེ་བྷྱ་ཕཊ་ཕཊ། ས་མ་ཡ་ས་མ་ཡ། ཨ་མི་ཏོཏབྷ་བོཏབྷ་བ། པཱ་པཾ་མེ་ནཱ་ཤ་ཡ་སྭཱ་ཧཱ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མཉྫུ་ནཱ་ཐཱ་ཡ། ན་མོ་ཡ་མཱནྟ་ཀཱ་ཡ། ཏདྱ་ཐཱ། ཨོཾ་མཉྫུ་བྷ་ར། མཉྫུ་གྷོ་ཥ་ཧ་ན། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བེ་ཙེ་བེ་ཙེ། བྷི་ཏ་བྷི་ཏ། ཨི་ཕུ་ཏ་ཨི་ཕུ་ཏ། ཧེ་ར་ཏེ་སོཏྟ་ནི་ན་མཿསོཏྟ་ནི། བྲི་པི་ཤ་ལེ་ཏད། པྲི་ཏ་ཧ་ས་པྲ་བྷི་ན་ཏ་ཛ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧེ་ར་ཏེ་སོཏྟ་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཱ་གཱི་ཤྭ་རི་མུཾ། མཉྫུ་གྷོ་ཥ་ཧ་ན། པ་ཏི་སིདྷོ་ཧ་རི་ཎི་སྭཱ་ཧཱ། ཁྲོ་བ་ཞི་པའི་གཟུངས། ཨོཾ་བ་ག་བ་ཙེ། ཛཾ་བྷ་ནི། སྟཾ་བྷ་ནི། མོ་ཧ་ནི། སརྦ་རོ་ཥ་པྲ་ཤ་མ་ནི་སྭཱ་ཧཱ། ཁྲོས་པ་ཞི་བའི་གཟུངས། ཀ་ཊེ་བི་ཀ་ཊེ། རོ་ཥ་པྲ་ན་མ་ནི་སྭཱ་ཧཱ། ཚིག་བཙན་པའི་གཟུངས། ན་མོ་བྷ་ག་བ་ཏེ། ཨུཥྞི་ཥཱ་ཡ་དྷ་རེ་དྷར་ནྟེ་སྭཱ་ཧཱ། བདག་སྲུང་བའི་གཟུངས། ཏདྱ་ཐཱ། ཨོཾ་ཨ་ལེ་ཀཱ་ལི་ཨ་ལེ་ཀཱ་ལི་མུ་ཏི་ཚ་ཏེ་སྭཱ་ཧཱ། དོན་ཐམས་ཅད་གྲུབ་པའི་གཟུངས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་རྒྱུ་སྐར་དང་ཡུད་ཙམ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ནཀྵ་ཏྲེ། སརྦ་ཏི་ཐཱི་མུརྟེ། ན་ཤ་ཏྲ་ནི། མེ་ས་མི་ཏ་དྷ་

p. 308

ནི། བྷ་བནྟུ་སྭཱ་ཧཱ། ལས་གྲུབ་པའི་གཟུངས། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶངྒཱ་ཡ། ན་མོ་ཧ་རི་དྷི་ཡེ། ཧ་རི་དྷི་ཀུ་མཱ་རི། གཽ་རི། གན་དྷཱ་རི། ཙཎྜ་ལི། མ་ཏཾ་གི། ཀ་ལི་ཀ་ལི། ཆེ་གེ་མོ་ཞིག་གི་མོ་ཧེ་ཧི། ཁ་ར་ཁ་ར། པ་ཙ་པ་ཙ། ཨ་བ་དྷ་ཡ། མཱུ་ར་ཙཱ་ཡ། ཆེ་གེ་མོ་ཞིག་གི་མེ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨོཾ་དྷུ་རབྷུ་བཱ། ཛྭ་ལ་ཛྭ་ལ། ཛྭ་ལི་མ་ནཱ་ནི། དེ་བི་སརྦ་སསྐཱ་ར་ཀ་རི་ཎི་ཛ། ཏ་ལེ་ཏ་ལེ། ཛྭ་ལ་ཛྭ་ལ་སྭཱ་ཧཱ། ཡིད་དུ་འོང་བའི་གཟུངས། ན་མོ་བྷ་ག་བ་ཏེ། ཨུཥྞི་ཥཱ་ཡ། དྷཱ་རེ་དྷ་རནྟི་ཡེ་སྭཱ་ཧཱ། མགྲིན་པ་སྙན་པའི་གཟུངས། ཨོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲྀ་ཏི། བ་ལ་བ་པ་ར་མ་སིདྡྷི་སྭཱ་ཧཱ། མཆོག་ཐོབ་པའི་གཟུངས། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ཤངྑི་ནི་དེ་བི། ཨཱ་གཙྪ་ཨཱ་གཙྪ། ཏིཥྛ་དྷ་ན། དྷ་ན་ཛ་ཡེ། བྲཱི་བྲཱི། བྲྀདྡྷི་ཀ་རི། དྷྲི་དྷྲི། དྷྀ་ཏི་ཀ་རཱི་ནཱ་ན། བ་བིདྱཱ། བེ་ཤ་བསྟེ། ཨཱ་ཡུརྡྷ་ར་ཎི་ཡུ་ཡུ། ཨཱ་ཡུཥྤཱ་ལ་ནི། ཏ་ཐཱ་ག་ཏཱ་སྨ་ར་བོ་དྷི་ཙིཏྟ། མ་ཏཱི་ལཾ་བོ་ད་ར། དེ་ཧི་མེ་བ་ར་ཎ་ཤངྑི་ནི་སྭཱ་ཧཱ། ཤེས་རབ་སྐྱེད་པའི་གཟུངས། ཧཱུྃ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་བརྡྷ་ནི། དྷི་རི་དྷི་རི། བུདྡྷི་བརྡྷ་ནི་སྭཱ་ཧཱ། ཡང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ཏདྱ་ཐཱ། སྑ་ལ་ཏེ་སྑ་ལ་ཏེ་མ་ནི་ཏེ་སྭཱ་ཧཱ། ཡང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་བི་བ་བི་བ། པྲཛྙཱ་བརྡྷ་ནི། ཛ་ར་ཛ་ར། མེ་དྷཱ་བརྡྷ་ནི། དྷི་རི་དྷི་རི། བུདྡྷི་བརྡྷ་ནི་སྭཱ་ཧཱ། ཐོས་པ་འཛིན་པའི་གཟུངས། ཏདྱ་ཐཱ། མ་ཏི་བ་ཧུ་ལྱེ། ཏ་ཐཱ་ག་ཏཱ་ཛྙཱ་ན། དརྴ་ནེ་པྲ་ཛྙཱ་པྟ། གམྦྷི་རེ། བོ་དྷི་མཎྜ་ནུ་ས་རི་ཎི། ཨ་བིདྡྷ། ཏ་མེ་྅ནྡྷ་ཀུ་ར་བི་བྷཱ་མ་ཎི། ཛྭ་ལ་ཛྭ་ལ། པྲཛྙཱ་དཱི་པེ། མེ་དྷཱ་བ་དི་ནི་སརྦ་ཨ་དྷིཥྛི་ཏ། སུ་རུ་སུ་རུ། དྷུ་རུ་དྷུ་རུ། མེ་དྷཱ་ཨཱ་ན་ཡ་སྭཱ་ཧཱ། མི་བརྗེད་པའི་གཟུངས། ཏདྱ་ཐཱ། སྨྲྀ་ཏེ་མ་ཏི་མ་ཏི། ཏེ་ཛོ་བིདྱ། ཧུ་རུ་མེ་ཧུ་རུ་ཧུ་རུ་མེ་ཀྲྀཥྞ་ཧུ་རུ་མེ་སྭཱ་ཧཱ། སྤྱོད་པ་ཆོས་ཉིད་རྣམ་པར་དག་པའི་སྔགས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྤེལ་བ་ནམ་མཁའ་མཛོད་ཀྱི་སྔགས། ན་མསྶརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་འཁྱིལ་བའི་སྔགས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་

p. 309

ཕཊ། སྤྱོད་པར་དབང་བ་ཤུགས་ལྡན་འོད་ཀྱི་སྔགས། ན་མསྶརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡེ་ཤེས་སྐར་མདའི་སྔགས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མསྶམནྟ་སྥ་ར་ཎ་ར་སྨི་སམྦྷ་བ་ས་མ་ཡ། མཧཱ་མ་ཎི། དུ་རུ་དུ་རུ། ཧྲྀ་ད་ཡ་ཛ་ལ་ནི་ཧཱུྃ། དབང་བསྒྱུར་འཁོར་ལོའི་སྔགས། ན་མསྶ་མནྟ་བུདྡྷ་ནཱཾ། གྲ་ཧེ་ཤྭ་རི་པྲ་བྷཉྩ་ཛ་ཏི་མཧཱ་ས་མ་ཡ་སྭཱ་ཧཱ། ལུས་ཀྱི་ཟག་པ་སྦྱིན་པ་བཏང་བའི་གཟུངས། མཆིལ་མ་ལ། ཨོཾ་ཨཱཿཤླེཥྨཱ་ཧ་རེ་བྷྱཿསྭཱ་ཧཱ། ལུད་པ་ལ། ཨོཾ་ཨཱཿཁྲེ་ར་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། སྣབས་ལ། ཨོཾ་ཨཱཿསིཾ་གྷ་ན་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། ལུས་ཀྱི་དྲི་མ་ལ། ཨོཾ་ཨཱཿམ་ལ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆེན་ལ། ཨོཾ་ཨཱཿབིཊ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆུ་ལ། ཨོཾ་ཨཱཿམུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དེ་རྣམས་སོ་སོ་ལ་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །སེ་གོལ་བརྡབ་བོ། །དེ་རྣམས་དེ་ལྟར་བྱིན་པའི་བསོད་ནམས་ཅི་བསགས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །མཆོད་རྟེན་སོགས་ལ། མེ་ཏོག་བྱིན་གྱིས་རློབ་པའི་སྔགས། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ། མ་ཧཱ་པུཥྤེ། སུ་པུཥྤེ། པུཥྤ་ཨུད་བྷ་ཝེ། པུཥྤ་སཾ་བྷ་ཝེ། པུཥྤ་ཨ་ཝ་བ་ཀི་རཱ་ཎེ་སྭཱ་ཧཱ། ཞེས་པ་ལན་བདུན་བཟླས་པའི་མེ་ཏོག་རྟེན་ལ་དབུལ། དེས་མེ་ཏོག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མེ་ཏོག་བྱེ་བ་ཕུལ་བར་འགྱུར་རོ། །རོལ་མོ་འབུལ་བའི་སྔགས་ནི། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་བ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། མཆོད་པའི་སྤྲིན་གྱི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཎེ་བཛྲེ་སྭཱ་ཧཱ། གཟུངས་འདི་དྲན་པ་ཙམ་གྱིས་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་བཅོམ་

p. 310

ལྡན་འདས་གངྒཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་ཇི་སྙེད་ལ་མཆོད་པ་བྱས་པར་འགྱུར་ཞིང་ཞབས་ལ་ཕྱག་བྱས་པར་འགྱུར་རོ། །དེ་ནས་རྟེན་ལ་ཕྱག་བྱ་བར་འདོད་ན། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུ་ཤྲཱི་ཡི། ན་མ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཡང་ན། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་པ་འདིས་ཕྱག་བྱ་སྟེ། མཆོད་རྟེན་གཅིག་ལ་ཕྱག་བྱས་པས་མཆོད་བརྟེན་བྱེ་བ་ལ་ཕྱག་བྱས་པར་འགྱུར་རོ། །ཡང་བསྐོར་བ་བྱ་བར་འདོད་ན། ས་གཞི་གསེར་གྱི་བྱེ་མ་བརྡལ་བའི་སྟེང་དུ་ཆུ་ཡན་ལག་བརྒྱད་ཀྱིས་གང་བའི་དབུས་སུ་པདྨའི་སྡོང་པོ་ཆེན་པོའི་སྟེང་དུ་ཟླ་བའི་གདན་ལ་བླ་མ་དང་སངས་རྒྱས་བྱང་སེམས་ཐམས་ཅད་བཞུགས་པ་ལ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་བསྟིམས་ནས། དེ་དག་ལ་བསྙེན་བཀུར་བའི་ཚུལ་གྱིས་བཤད་མ་ཐག་པའི་ཕྱག་འཚལ་བའི་སྔགས་དེའམ། ཡང་ན། ན་མོ་ད་ཤ་དིཀྟྲི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པ་བཟླ་བཞིན་དུ་བསྐོར་བ་བྱ་སྟེ། བསྐོར་བ་གཅིག་བྱས་པས་དཔག་ཏུ་མེད་པ་བྱས་པར་འགྱུར་རོ། །དེའི་ཚེའམ་དེ་ལས་གཞན་དུའང་རུང་སྟེ་མཆོད་རྟེན་གྱི་གྲིབ་མའམ་རྡུལ་ལམ་མེ་ཏོག་གི་དམན་མ་སོགས་ལ་འགོངས་པ་ཉེས་པ་སེལ་བའི་ཕྱིར། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་བློས་མཁའ་ལ་བཏེགས་པར་བསམས་ནས་བསྐོར་བ་སོགས་བྱའོ། །སྨོན་ལམ་འགྲུབ་པའི་གཟུངས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་པཉྩིནྡྲི་ཡ་ཨ་བ་བོ་དྷ་ནི་སྭཱ་ཧཱ། ཨོཾ་དུ་རུ་དུ་རུ་ཛ་མུ་ཁེ་སྭཱ་ཧཱ། དགེ་སྦྱོར་གང་བྱེད་ཀྱི་མཇུག་ཏུ་ལན་བདུན་བཟླས་ན་དགེ་སྦྱོར་གང་བྱས་འབུམ་དང་བྱེ་བར་འགྱུར་རོ། ༈ །དེ་ལྟ་བུའི་གཟུངས་སྔགས་ཟབ་མོ་རྣམས་བཟླ་བའི་སྐབས་སུ་ཕྱག་འཚལ་བ་འདི་སྔོན་དུ་བྱ་སྟེ། འཇིག་རྟེན་སྟོན་པ་རྫོགས་སངས་རྒྱས། །གང་གིས་

p. 311

ཐོག་མར་རིག་སྔགས་རྣམས། །ཛམ་བུའི་གླིང་དུ་གསུངས་པ་ཡི། །སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །ད་ལྟར་བྱུང་དང་འདས་པ་དང༌། །མ་བྱོན་སངས་རྒྱས་གང་ལགས་པ། །ཐམས་ཅད་ལྷ་དབང་བདག་ཕྱག་འཚལ། །དེ་དག་རྣམས་ལ་སྐྱབས་སུ་མཆི། །འཁོར་ལོ་བསྐོར་བ་བླ་མེད་པ། །མར་མེ་མཛད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་འོད་མཛད་པ། །ཐམས་ཅད་གནོན་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་གྲགས་ལྡན་པ། །པདྨའི་བླ་ལ་ཕྱག་འཚལ་ལོ། །སྤྱན་དང་ལྡན་པ་སྐྱབས་མཛད་པ། །རབ་མཐོར་གཤེགས་ལ་ཕྱག་འཚལ་ལོ། །དེད་དཔོན་བླ་ན་མེད་པ་པོ། །གྲགས་པའི་བླ་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུར་འོད་མཛད་པ། །བདེ་མཛད་དེ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་མེ་ལོང་སྟོན་པ་པོ། །དོན་གཟིགས་ལ་ནི་ཕྱག་འཚལ་ལོ། །དུལ་བའི་ཚུལ་ཁྲིམས་འཇིག་མེད་པ། །རྒྱལ་ཞེས་བྱ་ལ་ཕྱག་འཚལ་ལོ། །མཚན་མཆོག་སུམ་བཅུ་གཉིས་དང་ལྡན། །སྐར་རྒྱལ་ལ་ཡང་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་དཔལ་ལྡན་པ། །རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །འོད་ཅན་གཟི་བརྗིད་ལྡན་པ་པོ། །གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ལེགས་པར་མཆོད་པ་གྲགས་ལྡན་པ། །ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །བདུད་དཔུང་རབ་ཏུ་འཇོམས་མཛད་པ། །ལོག་དད་སེལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་དཔལ་དང་ལྡན་པ་པོ། །གསེར་ཐུབ་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། །འོད་སྲུང་དེ་ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་འོད་མཛད་པ། །གསེར་མདོག་ཅན་ལ་ཕྱག་འཚལ་ལོ། །སེར་སྣ་མེད་པ་ཐུགས་རྗེ་ཅན། །བྱམས་པ་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ཏེ། །དེ་དག་ལ་ཡང་སྐྱབས་སུ་མཆི། །གང་དག་གིས་ནི་ཆོས་བསྟན་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །གང་ལ་སངས་རྒྱས་གུས་མཛད་པའི། །ཆོས་ལའང་བདག་ནི་ཕྱག་འཚལ་ལོ། །གང་ལ་ཕུལ་ན་དོན་ཆེ་བའི། །

p. 312

དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཉན་ཐོས་ཤེས་རབ་མཆོག་གྱུར་པའི། །ཤཱ་རིའི་བུ་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་ཅན་གྱི་མཆོག་གྱུར་པའི། །མཽངྒལ་བུ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་གཏམ་གྱིས་འཇིགས་མེད་པ། །ཀ་ཏྱའི་བུ་ལ་ཕྱག་འཚལ་ལོ། །ཉན་ཐོས་སྦྱངས་པའི་མཆོག་གྱུར་པ། །འོད་སྲུང་ལ་ཡང་ཕྱག་འཚལ་ལོ། །སྐྱོབ་པ་ཡི་ནི་དབང་གྱུར་པ། །ཀཽའུ་ཌི་ནྱ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པའི་རིག་སྔགས་འཆང༌། །ཀུན་དགའ་བོ་ལ་ཕྱག་འཚལ་ལོ། །བརྒྱ་བྱིན་དང་ནི་ཡུལ་འཁོར་སྲུངས། །མིག་མི་བཟང་དང་འཕགས་སྐྱེས་པོ། །ཕྱོགས་བཞི་ཁོ་ར་ཁོར་ཡུག་གི། །རྒྱལ་ཆེན་རྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་རྣམས་ཀྱི་དེད་དཔོན་མཆོག །ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ། །ཕ་མ་མཁན་པོ་སློབ་དཔོན་དང༌། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །དེ་དག་ལ་ནི་ཕྱག་འཚལ་ལོ། །རིག་སྔགས་རྣམས་ནི་གྲུབ་གྱུར་ཅིག །གང་གི་དོན་དུ་བྱ་བ་ཡི། །དོན་དེ་བདག་ལ་འགྲུབ་གྱུར་ཅིག །སྡང་བར་སེམས་ཤིང་གནོད་བྱེད་པའི། །མི་མ་ཡིན་རྣམས་གུད་དུ་དེངས། །བྱམས་པར་སེམས་ཤིང་ཕན་འདོད་པ། །དགའ་བའི་སེམས་ཀྱིས་བདག་ལ་ཉོན། །ཅེས་བརྗོད་ནས། ཐོག་མར་འགྱུར་སྔགས་ཅི་རིགས་དང༌། དེ་ནས་སྤྱིར་བཏང་གི་གཟུངས་སྔགས་གང་ཡིན་བཀླག་པར་བྱ་ཞིང༌། དམིགས་བསལ་གཙུག་ཏོར་གདུགས་དཀར་དང༌། དྲི་མེད་རྣམ་གཉིས་སོགས་གཟུངས་ཆེན་གྱི་སྐོར་སྒྲོགས་པར་འདོད་ན་རང་རང་གི་ཀློག་ཐབས་དང་འབྲེལ་བར་བཀླགས་ན་ཕན་ཡོན་ལྷག་པར་ཆེ་ལ། མ་གྲུབ་ན་གོང་ལྟར་བགྱིས་པས་ཀྱང་རུང་ངོ༌། །ཐུབ་པ་བདེན་ཚིག་གྲུབ་པའི་མཆོག །གང་གི་དྲི་མེད་བཀའ་ཡི་གཟུངས། །གཞན་ཕན་བློ་ཡིས་བསྡུས་པ་འདི། །མཐའ་ཡས་སེམས་ཅན་དོན་འགྱུར་ཤོག །ཅེས་རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཉིད་ནས་གཟུངས་སྔགས་གཅེས་བཏུས་གནང་བ་ལ་ཁ་སྐོང་འོས་པ་བསབས་ཏེ་བློ་གཏེར་དབང་པོས་བསྡེབས་པ་དགེ་ལེགས་འཕེལ།། །།

མཆོད་སྦྱིན་ཚོགས་གསོག་གི་རིམ་པ་ཡིད་བཞིན་ནོར་བུའི་རྒྱ་མཚོ།

p. 313

མཆོད་སྦྱིན་ཚོགས་གསོག་གི་རིམ་པ་ཡིད་བཞིན་ནོར་བུའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

p. 314

རྒྱ་གར་སྐད་དུ། ཛ་ལ་བ་ལིཾ་བི་དྷི་ནཱ་མ། བོད་སྐད་དུ། ཆུ་གཏོར་གྱི་ཆོ་ག་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དད་པ་ཅན་གང་ཞིག་གིས་ལས་སུ་བྱ་བ་ལ་ཕན་ཡོན་ཆེ་ལ་སླ་བ་ནི་ཆུ་གཏོར་ཡིན་པས་འདི་ལ་བརྩོན་པར་བྱའོ། །དེ་ལ་རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཆུ་བླུགས་ལ་ཕྱེ་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་པ་དང༌། གསེར་ལ་སོགས་པ་རིན་པོ་ཆེ་རྣམ་པ་ལྔ་བརྡར་བ་དང༌། ཁ་ཟས་མ་སྨས་པ་མ་སྨོས་པ་སྣ་ཚོགས་དང༌། སྨན་དང་འབྲུ་དང་དྲི་ལ་སོགས་པ་སྦྱར་ན་ལྷག་པར་ཡང་བཟང་ངོ༌། །སྤྱིར་གཏོར་མའི་ལས་བགྱིའོ་འཚལ་ལ་བརྟག་པ་དྲུག་སྟེ་སྦྱང་བ་ལ་སོགས་པའོ། །དེ་ལ་སྦྱང་བ་ནི་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱས་སོ། །སྤེལ་བ་ནི་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སོ། །མོས་པར་བསྒྱུར་བ་ནི་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་སོ། །སྤྱོད་པ་ལ་དབང་བ་ནི་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་དང་ཕྱག་རྒྱས་སོ། །ཐོབ་པར་བྱེད་པ་ནི་ཡེ་ཤེས་སྐར་མདའི་སྔགས་དང་ཕྱག་རྒྱས་སོ། །དབང་དུ་བྱ་བ་ནི་ལྷ་མགོན་སྤྱིའི་སྔགས་དང་ཕྱག་རྒྱས་ཏེ་དབང་སྒྱུར་འཁོར་ལོའི་སྔགས་དང་ཕྱག་རྒྱས་སོ། །དེ་ལ་བསམ་རྒྱུད་ནི་

p. 315

དང་པོར་བདག་ཉིད་ལུས་བསྲུང་ཞིང་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་དྲན་པ་བསྐྱེད་ལ། ཚད་མེད་པ་བཞིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཞིང་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དྲན་པར་བྱའོ། །བསྔོ་བ་ཡང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བར་བྱ་སྟེ། དེ་ཡང་དམིགས་ཀྱི་བསྔོ་བ་ནི་སྲི་ཞུའི་མགྲོན་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་རང་རྒྱལ་ལ་སོགས་པ་དང༌། ཡོན་ཏན་གྱི་མགྲོན་ཚངས་པ་དང་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་བཞི་དང༌། ཕྱོགས་སྐྱོང་བཅུ་དང་སྲུང་མ་དམ་ཚིག་ཅན་རྣམས་དང༌། སྙིང་རྗེའི་མགྲོན་འགྲོ་བ་རིས་དྲུག་གི་སེམས་ཅན་དང༌། ཁྱད་པར་དུ་ཡང་བདག་གི་ལྷ་མགོན་དང༌། ཡུལ་གང་ན་གནས་པའི་ས་བདག་ལྷ་ཀླུ་དང༌། ལན་ཆགས་ཀྱི་མགྲོན་ཚེ་རབས་བགྲངས་པའི་རྐྱེན་བགེགས་དང༌། ཕན་གནོད་བྱེད་པའི་ལྷ་འདྲེ་ཀུན་ལ་ཡང་མཉམ་སྙོམས་སུ་བསྔོ་བར་བྱའོ། །དེ་ལ་དང་པོ་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་འདི་སྐད་དུ་བརྗོད་དོ། །ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་བ་བི་ཤུདྡྷོཧཾ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སོར་མོ་རྣམས་རྩེ་སྤྲད་དེ་ཚིགས་ཟུར་ཅན་རིན་པོ་ཆེ་ལྟ་བུར་

p. 316

བྱས་ལ་སྔགས་འདི་བརྗོད་དོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལག་པ་ཐལ་མོ་སྦྱར་ལ་ཕྱིར་བསྐྱེད་དེ་མཐེ་བོང་གཉིས་བསྣོལ་ལ་སྔགས་འདི་བརྗོད་དོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ལག་པ་གཡས་པ་རྡོ་རྗེ་ཁུར་ཚུར་བཅངས་ལ་མཛུབ་མོ་བསྒྲེངས་ཏེ་སྔགས་འདི་བརྗོད་དོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལག་པ་གཡས་པ་རྡོ་རྗེ་ཁུར་ཚུར་སྙིང་གར་བསྟན་ལ། གཡོན་པས་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་དུ་བྱས་ཏེ་སྔགས་འདི་བརྗོད་དོ། །ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། སོར་མོ་རྣམས་ནང་དུ་བསྣོལ་ཏེ་མཐེ་བོང་གཉིས་གཤིབས་ཏེ་བརྐྱངས་ལ་སྔགས་འདི་བརྗོད་དོ། །ན་མཿས་མནྟ་བུདྡྷ་ནཱཾ། གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། སྔགས་དང་ཕྱག་རྒྱ་འདི་གཅིག་ལ་ཡང་ལན་བདུན་བདུན་བཟླས་སོ། །དེ་ཡང་དང་པོས་ནི་གཏོར་མ་སྐྱོན་མེད་ཅིང་དག་པ་ཆེན་པོར་བྱིན་གྱིས་བརླབ། གཉིས་པས་ནི་མཆོད་པའི་རྫས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མོས་པ་ཇི་ལྟ་བ་བཞིན་ནམ་མཁའི་ཁམས་འདོད་པའི་ཡོན་ཏན་ལྔས་གང་བར་བྱིན་གྱིས་བརླབ་བོ། །དེ་ལྟར་སྤེལ་ནས་གསུམ་པས་ནི་བདུད་རྩིའི་རྒྱ་མཚོ་དང༌། ཟས་ལ་སོགས་པ་ལོངས་སྤྱོད་ལ་ཇི་ལྟར་སོ་སོར་མོས་པ་བཞིན་དུ་ལོངས་སྤྱོད་ཀྱི་རྐྱེན་དུག་ལྔའི་གསོས་དང༌། ཡེ་ཤེས་ལྔར་བྱིན་གྱིས་བརླབ་བོ། །བཞི་པས་ནི་འཕགས་པ་རྣམས་ཀྱི་སྤྱན་ལམ་དུ་ཡང་གཞལ་མེད་ཁང་བརྩེགས་མ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་མང་པོར་སྤྲུལ་ནས་མཆོད་པ་དང༌། སེམས་ཅན་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་འདོད་པ་བཞིན་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་དུ་འབྱུང་བར་བསམ་ཞིང༌།

p. 317

ཁྱད་པར་དུ་ཡང་ཡི་དྭགས་ཀྱི་རྣམ་པ་མང་པོ་དང་སེམས་ཅན་ཀུན་གྱི་བསམ་པ་ཡོངས་སུ་སྐོང་བར་བྱིན་གྱིས་བརླབ་བོ། །ལྔ་པས་ནི་བདག་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་འཕགས་པ་རྣམས་ལ་མཆོད་པ་ཕུལ་ནས་མཉེས་པ་དང༌། སེམས་ཅན་ལ་བྱིན་པས་ཕམ་རྒྱལ་མེད་པ་དང་འཐབ་རྩོད་མེད་པ་སོ་སོའི་མོས་པ་བཞིན་ཐོབ་པར་བྱིན་གྱིས་བརླབ་བོ། །དྲུག་པས་ནི་སྲི་ཞུའི་མགྲོན་དང༌། ཡོན་ཏན་གྱི་མགྲོན་དང༌། སྙིང་རྗེའི་མགྲོན་དང༌། ལན་ཆགས་ཀྱི་མགྲོན་དུ་གྱུར་པའི་རིགས་ལ་ཡང་དམ་ཚིག་གི་དབང་གིས་འགོ་ཞིང་སྟོང་གྲོགས་གྱུར་པར་མངོན་སུམ་དུ་དམིགས་སོ། །སེམས་ཅན་གྱི་དོན་དུ་འགྱུར་བའི་ལས་མི་འགལ་བར་ཅི་བཅོལ་བ་ཡང་འགྲུབ་སྟེ་ཕྱག་རྒྱ་ཡང་ཕྱོགས་བཅུར་བསྟན་ལ་དབང་དུ་བྱའོ། །དེ་ནས་ཚིགས་སུ་བཅད་པ་འདི་དག་གིས་ཀྱང་བསྔོ་བར་བྱའོ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་འདི། །ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང༌། །དཀོན་མཆོག་ཡོན་ཏན་དཔག་མེད་ཆེ་བ་དང༌། །སྙིང་པོ་ཕྱག་རྒྱ་ངེས་པའི་དམ་ཚིག་དང༌། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་དང༌། །དྲང་སྲོང་རིག་འཛིན་རྣམས་ཀྱི་གྲུབ་པ་དང༌། །བདག་གི་སྨོན་ལམ་ཏིང་འཛིན་ཤེས་རབ་ཀྱིས། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུར་ལྡན། །ནམ་མཁའི་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་འཕེལ་བར་བསྔོ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཡང་ནི་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་ནི་སེམས་ཅན་ཐམས་ཅད་ཀྱང༌། །བསམ་པ་ཡིད་བཞིན་གྲུབ་གྱུར་ཅིག །བྱོལ་

p. 318

སོང་གཅིག་ལ་གཅིག་ཟ་བའི། །གནོད་པ་དེ་དག་ཡོངས་མ་འབྱུང༌། །ཡི་དྭགས་རྣམས་ལ་ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང༌། །མི་བཟད་རྣམ་པ་སྣ་ཚོགས་པ། །བསོད་ནམས་བྱིན་པའི་བྱིན་རླབས་ཀྱིས། །དེ་དག་མྱུར་དུ་ཞི་གྱུར་ཅིག །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །འབྱུང་པོ་མང་པོ་གང་འཁོད་པ། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ཡང་རྒྱ་ཆེར་བྱའོ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་མང་པོས་ཆོས་དང་ཟང་ཟིང་གཉིས་སུ་མེད་པའི་སྦྱིན་པ་རྒྱ་ཆེན་པོར་བྱའོ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པ་རྣམ་པ་གཉིས་ཀྱིས་སྒྲིབ་པ་རྣམ་པ་གཉིས་བྱང་ཚོགས་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་ཤེས་པར་བྱའོ། །སློབ་དཔོན་ཛ་ཡ་སེ་ནས་མཛད་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༈ །རྗེ་བཙུན་གྲགས་པ་རྒྱལ་མཚན་པས་མཛད་པའི་གཏོར་མ་བརྒྱ་རྩ་ལ་ལྷན་ཐབས་དཀྱུས་སུ་བཅུག་པ་ལྷག་བསམ་འོད་དཀར་བཞུགས་སོ། །ཨོཾ་སྭ་སྟི། དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ། །ཁམས་གསུམ་སེམས་ཅན་བུ་བཞིན་སྐྱོང་བའི་མ། །སྲིད་གསུམ་ཡིད་ཀྱི་མུན་པ་སེལ་མཛད་པའི། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བླ་སོགས་མཁའ་སོགས་

p. 319

དགེ་སྦྱོང་སོགས། །ལྷན་སོགས་གཞི་སོགས་འབྲོག་གནས་སོགས། །བགེགས་སོགས་རིགས་དྲུག་ཡི་དྭགས་སོགས། །གནོད་བྱེད་མ་ཐོབ་རྣམས་ལ་སྦྱིན། །ལས་དང་པོ་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར། གཏོར་མ་བརྒྱ་རྩ་གཏོང་བའི་ཚུལ། བརྗོད་པར་བྱའོ། །དེ་ལའང་གཏོར་ཟན་གཙང་མ་ལ། དཀར་གསུམ་དང༌། མངར་གསུམ་ལ་སོགས་པ་ཡོད་ན་སྦག ཆུ་གཙང་མ་དང༌། གཏོར་སྣོད་བཅུའམ་ལྔ། བུམ་པ་སོགས་སྣོད་དང་བཅས་པ་སྟ་གོན་བྱས་ལ། ཟན་སུམ་ཚན་གསུམ་དང༌། ཉིས་ཚན་གཅིག་གིས་བརྒྱ་རྩ་བརྒྱད་དུ་བྱ་སྟེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་པས་བསང༌། སྭ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ཞེས་པ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཏིང་ཤག་བརྡུང་ཞིང༌། ཨོཾ་བཛྲ་དྷརྨཱ་ར་ཎི་སོགས་ལན་གསུམ་བརྗོད། བདག་དང་འགྲོ་བ་ཞེས་སོགས་སྐྱབས་འགྲོ་ཅི་ནུས་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཕུལ་ལ་འཕགས་པ་རྣམས་མཉེས་ཤིང་རིགས་དྲུག་རྣམས་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱ། ཞེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝ་དང༌། སྟོང་པའི་ངང་ལས་པྃ་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས།

p. 320

འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རི་དྭགས་ཀྲྀཥྞ་ས་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྔགས་རྒྱས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྔགས་རྒྱས་སྤྱན་དྲང༌། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླས་པའི་མཐར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐྱབས་འོག་ཏུ་ཚུད་པར་གྱུར་ཅིག སྐྱབས་ཀྱི་དམ་པ་དང་མི་འབྲལ་བར་གྱུར་ཅིག བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་

p. 321

པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མའི་མགྲོན་དུ་གྱུར་པ་ཐམས་ཅད་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། ཏིང་ཤག་དང༌། ན་མོ་བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་ལ། །རྒྱལ་བ་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང༌། །ལྷ་སྲིན་སྡེ་བརྒྱད་འགྲོ་དྲུག་སེམས་ཅན་རྣམས། །བགེགས་རྣམས་གཏན་པ་མེད་པའི་མཆོད་སྦྱིན་ལ། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། པདྨའི་ཕྱག་རྒྱས་གདན་ཕུལ། ཛཿཧཱུྃ་བཾ་ཧོཿ དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །ཡི་དམ་ལྷ་ཚོགས་རྒྱལ་བ་སྲས་དང་བཅས། །དཀོན་མཆོག་རྣམ་གསུམ་ཆོས་སྐྱོང་སྲུང་མ་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཏིང་ཤག་དང༌། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་མཆོག་དང༌། །ཞལ་ཟས་རོལ་མོ་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་རྣམས། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་

p. 322

ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནས་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པའི་བར་མཚན་སྔགས་རེ་རེའི་མགོར་སྦྱར་ལ་མཆོད། ཏིང་ཤག་དང༌། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་མཆོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལས། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ལ། །མཆོད་སྤྲིན་རྒྱ་མཚོ་ནམ་མཁའ་མཉམ་པས་མཆོད། །ཐོག་མེད་དུས་ནས་བདག་གིས་སྡིག་པའི་ལས། །བག་མེད་བགྱིས་གང་འདྲེན་པའི་སྤྱན་སྔར་བཤགས། །བརྩེ་ཆེན་རྒྱལ་དང་བྱང་ཆུབ་སེམས་སོགས་ཀྱིས། །དོན་ཆེན་དགེ་བ་མཛད་ལ་རྗེས་ཡི་རངས། །མ་དག་འཁོར་བའི་བྱ་བས་ལྡོངས་རྣམས་ལ། །རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཐུབ་མཆོག་མྱ་ངན་འདའ་བར་གང་བཞེད་ལ། །སྐྱེས་མཆོག་དེ་དག་བཞུགས་པར་གསོལ་བ་འདེབས། །བསམ་ཡས་དགེ་བ་འདི་དང་དགེ་བ་གཞན། །མཐའ་ཡས་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་ཕུལ་ལ། ཞལ་ཟས་ལ་སོགས་པ་བསྡུ་ཞིང༌། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །

p. 323

བདག་ཅག་དད་པའི་སྟོབས་ཀྱིས་འབུལ་ལགས་ཀྱིས། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་བརྗོད་ལ་ཆུ་སྦྱིན་ནི། ཆུ་དང་སྣོད་ཟས་ཀྱིས་མ་གོས་པར་བྱས་ལ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །སོགས་ནས་སྐལ་བ་དང་ལྡན་པར་གྱུར་ཅིག་བར་འོག་ནས་འབྱུང་བ་ལྟར་བྱའོ། །ཚར་གྲངས་ཡིན་ན་མི་གཡོ་བ་དང༌། སྒྲོལ་མ། ཀླུ་དང༌། སུ་རཱུ་པ་སྟེ་དཀར་གཏོར་ཆ་བཞི་ཟུར་ནས་འབྱུང་བ་ལྟར་དབུལ། བྱ་སྤྱོད་ཤས་ཆེ་བའི་ལྷ་ཚེ་དཔག་མེད་དང༌། འཇམ་དབྱངས། འོད་ཟེར་ཅན་མ་ལྟ་བུ་ལ་སྒོས་གཏོར་འབུལ་བར་མོས་ནའང་མི་གཡོ་བ་དང་སྒྲོལ་མའི་གོང་འོག་གང་འོས་སུ་མདོར་བསྡུས་ཏེ་དབུལ་ལོ། །དེ་ནས་ཛམ་སེར་ནག་ལ་ཆུ་འབུལ་བ་ནི། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛྃ་ཡོངས་སུ་གྱུར་པ་ལས། འཕགས་པ་ཛམྦྷ་ལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་བཱི་ཛ་པཱུ་ར་ཀ་དང༌། གཡོན་པས་རིན་པོ་ཆེའི་ཆར་འབེབས་པའི་ནེའུ་ལེ་འཛིན་པ། ཞབས་གཉིས་ཀྱིས་དུང་དང་པདྨའི་གཏེར་མནན་པ། ཨུཏྤལ་སྔོན་པོའི་ཕྲེང་བ་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཛྃ་ཡིག་གསེར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཛམྦྷ་ལའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་

p. 324

བསྐུར་བ་སྩལ་དུ་གསོལ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན། ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་ལས་བྱུང་བའི་དེ་བཞིན་གཤེགས་པ་རིགས་ལྔ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་དང་ལྷན་ཅིག་འདྲེས་པའི་ཆུ་མཛུབ་མོ་བརྐྱངས་པ་ལས་བབས་པར་གྱུར། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་དང༌། གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨོཾ་ཨཱརྻ་ཛམྦྷ་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་དང༌། ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆར་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །སེར་སྣའི་ལས་ཀྱི་མེ་ཡིས་གདུངས་པ་རྣམས། །སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཡང་བསང་སྦྱང་སོགས་ནས། ཟླ་བའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས། མགོན་པོ་ཛམྦྷ་ལ་སྐུ་མདོག་ནག་པོ་མིའུ་ཐུང་གི་གཟུགས་ཅན་གསུས་པ་འཕྱང་བ། གཅེར་བུ་རྣ་བ་མ་ཕུག་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་མཆེ་བ་གཙིགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་ན་ཐོད་པ་ཁྲག་གིས་གང་བ་དང༌། གཡོན་ན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། ཞབས་གཡས་བརྐྱངས་པའི་སྟབས་ཀྱིས་ནོར་བདག་སེར་པོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གན་རྐྱལ་དུ་བསྒྱེལ་ཞིང་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ་མནན་པ། སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོ་བའི་

p. 325

དཔྲལ་བར་ཨོཾ་སོགས་ནས། ཧཱུྃ་ལས་འོད་ཟེར་སོགས་ནས་མགོན་པོ་ཛམྦྷ་ལ་ཡི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿསོགས་ནས། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ལན་གསུམ། ཨོཾ་ཛ་ལུཾ་སྭཱ་ཧཱ། ཞེས་བརྒྱ་རྩས་ཆུ་འབུལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། གཏོར་མ་བྱིན་གྱིས་བརླབ་པ་གོང་བཞིན་དང༌། ཨོཾ་ཛ་ལུཾ་བ་ལིཾ་ཏ་སོགས་ཀྱིས་ཕུལ། ཨོཾ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མགོན་པོ་ནམ་མཁའི་མདོག་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་དྲན་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཛམྦྷ་ལ་སིདྡྷི་ཕ་ལ་ཧོཿ ཞེས་དངོས་གྲུབ་ཀྱི་དོན་དུ་ཆུ་ལྕེ་ལ་བཞག བདག་དང་སེམས་ཅན་ཐམས་ཅད་ལ་ལོག་པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ། ཞེས་བརྗོད། ཛམ་བྷ་ལ་དཀར་དམར་སོགས་ལ་ཆུ་འབུལ་ནའང་སྐབས་འདིར་རང་རང་གི་གཞུང་བཞིན་བྱའོ། །དེ་ནས་བརྒྱ་རྩ་ལ་འཇུག་སྟེ་ཟན་རིལ་བཅུ་ཚན་བཅུ་དང་བརྒྱད་བྱས་ལ་བཅུ་ཚན་དང་པོ་ཆུས་སྦྱངས་ཏེ། བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ཉེར་གཅིག་དང༌། ཨོཾ་བཛྲ་ཨརྒྷཾ་ཞེས་པ་ནས་ཤབྡ་ཨཱཿཧཱུྃ་གིས་མཆོད། ཏིང་ཤག་དང༌། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་རྩ་བ་དང་

p. 326

བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཉིས་པ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང༌། སམྦྷ་ར་ཉེར་གཅིག ཨོཾ་བཛྲ་ཨརྒྷཾ་སོགས། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་ལ་སོགས་པ་མཁའ་འགྲོའི་ཚོགས་རྣམས་དང༌། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་དང༌། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་བཅུ། རྒྱལ་པོ་ཆེན་པོ་སྡེ་བཞི། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་ལ་སོགས་པ། དཔལ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་དང༌། བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་བཏགས་ཤིང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བ། དཔལ་རྡོ་རྗེ་གདན་གྱིས་གཙོ་བྱས་རྒྱ་གར་དང༌། བོད་ཀྱི་གཙུག་ལག་ཁང་དང༌། གདན་ས་ཁྱད་པར་ཅན་རྣམས་སྐྱོང་ཞིང༌། བསྟན་པ་ལ་མངོན་པར་དགའ་བའི་ལྷ་ཀླུ་འབྱུང་པོའི་ཚོགས་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བསྟན་པའི་རྩ་ལག་བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་དང༌། རྣལ་འབྱོར་པ་བདག་ཅག་ཆོས་སྒྲུབ་པ་འཁོར་བཅས་ཀྱི་སྔོན་གྱི་ལས་ལས་གྱུར་པ་དང༌། འཕྲལ་གྱི་རྐྱེན་ལས་བྱུང་བ་དང་མི་དང་མི་མ་ཡིན་

p. 327

པའི་གནོད་པ་དང༌། རྐྱེན་ཕྱི་དང་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། གསུམ་པ། ཡང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་སོགས་སྔར་དང་འདྲ་ཞིང༌། རིག་པ་འཛིན་པའི་ས་ལ་གནས་པ་རྣམས་དང༌། དགེ་སྦྱོང་ད་ང༌། བྲམ་ཟེ་དང༌། ལྷའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་ཙམ་གྱིས་ཕན་འདོགས་ནུས་པ། སྨོན་ལམ་གྱི་ས་ལ་དབང་བ། དམོད་པ་འདོར་ནུས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་རྣམས་བདེ་ཞིང་སྐྱིད་པ་དང༌། བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བ་འཁོར་བཅས་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཆོས་བཞིན་འགྲུབ་པའི་སྨོན་ལམ་བཟང་པོ་གདབ་ཏུ་གསོལ། བཞི་པ་ཡང་སྔར་དང་འདྲ་ཞིང༌། བདག་ཅག་འགྲོ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ལྷ་དང༌། རྣམ་ཐོས་སྲས་དང༌། ཛམྦྷ་ལ་དང༌། ནོར་རྒྱུན་མ་དང༌། ཚོགས་ཀྱི་བདག་པོ་ལ་སོགས་པ་ནོར་ལྷའི་ཚོགས་རྣམས་དང༌། བདག་ཅག་འཁོར་དང་བཅས་པ་ལ་སྲུང་སྐྱོབ་མཛད་པའི་ལྷ་ཚོགས་རྣམས་ལ་འབུལ་ལོ། །ནད་དང༌། དབུལ་བ་དང༌། ཕོངས་པ་དང༌། འཇིགས་པ་མེད་པ་དང༌། ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། ལྔ་པ་མན་ཆོད་ལ་འབྲུ་གསུམ་ལན་གསུམ་རེ་དང༌། སམྦྷ་ར་བདུན་རེ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་འགྲེ་ཞིང༌། མཆོད་སྦྱིན་གྱི་གཏོར་མ་སོགས། རྡོ་རྗེ་གདན་གྱིས་གཙོ་བྱས་པའི་འཛམ་བུ་གླིང་གི་གཞིའི་བདག་པོ་རྣམས་དང༌། ཁྱད་

p. 328

པར་དུ་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང༌། སྒོས་དབུས་གཙང་རུ་བཞི། བྱེ་བྲག་ཏུ་ཡུལ་ཕྱོགས་དང༌། ས་ཆ་འདི་ཉིད་ན་གནས་པའི་ལྷ་དང༌། ཀླུ་དང༌། བཙན་དང༌། བདུད་དང༌། ས་བདག གཉན་མཐུ་བོ་ཆེ། གཞི་བདག་གནས་བདག་རྣམས་ལ་འབུལ་ལོ། །འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་ཕེབས་པ་དང༌། ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། མི་ནད་དང༌། ཕྱུགས་ནད་དང༌། མུ་གེ་དང༌། འཁྲུགས་པ་རྣམས་ཞི་ཞིང་མི་འབྱུང་བའི་ཕྲིན་ལས་མཛད་དུ་གསོལ། དྲུག་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོ་དང༌། ནོར་བུ་བཟང་པོ་ལ་སོགས་པ་འབྲོག་གནས་མཆེད་ལྔ་འཁོར་དང་བཅས་པ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང༌། རྒྱལ་བ་ཁྱུ་མཆོག་ལ་སོགས་པ་ཕྱོགས་མཚམས་སྲུང་བར་བྱེད་པའི་གནོད་སྦྱིན་ཉི་ཤུ་རྩ་བརྒྱད་དང༌། གནོད་སྦྱིན་མཐུ་བོ་ཆེ་གསུམ་ཅུ་རྩ་གཉིས་འཁོར་དང་བཅས་པ་དང༌། འཕྲོག་མ་བུ་ལྔ་བརྒྱ་འཁོར་དང་བཅས་པ་དང༌། འབྲོག་གནས་མཆེད་ཀྱི་ཚོགས་རྣམས་ལ་འབུལ་ལོ། །སེམས་ཅན་གྱི་སྲོག་དང༌། གཟི་བརྗིད་དང༌། མདངས་འཕྲོག་པ་ལ་སོགས་པ་གནོད་འཚེའི་བསམ་པ་ཞི་ཞིང༌། ཁྱད་པར་དུའང་བདག་ཅག་ཆོས་སྒྲུབ་པའི་མི་མཐུན་པའི་ཕྱོགས་མཐའ་དག་ཞི་ནས། ཆོས་དང་མཐུན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདུན་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ནད་བདག་རིམས་བདག ཡམས་ཀྱི་བདག་མོ་གདུག་པ་ཅན་གནོད་བྱེད་ཀྱི་ཚོགས། ས་དང་བར་སྣང་ལ་གནས་ནས་འདོད་པའི་བགེགས་བྱེད་ཅིང་མི་འདོད་པ་སྐྱེད་པར་བྱེད་པ་རྣམས་ལ་སྦྱིན་ནོ། །དེང་ཕྱིན་ཆད་བསམ་ངན་དུག་རྩུབ་དང་གནོད་འཚེ་ཐམས་ཅད་ཞི་ཞིང༌། གཞན་ཕན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་གྱུར་ཅིག བདག་ཅག་དཔོན་སློབ་

p. 329

ཡོན་མཆོད་འཁོར་དང་བཅས་པ་རྣམས་ལའང་གནོད་པའི་བསམ་པ་བསལ་ནས་ཕན་སེམས་དང་ལྡན་པར་གྱུར་ཅིག བརྒྱད་པ། འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་ན། རིགས་དྲུག་སོ་སོའི་ལན་ཆགས་བུ་ལོན་བྱང་ཞིང༌། སྡུག་བསྔལ་མཐའ་དག་དང་བྲལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་རིན་པོ་མྱུར་དུ་ཐོབ་པར་གྱུར་ཅིག དགུ་པ། ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་ལ་སོགས་ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་དང༌། མེ་ལྕེའི་འཁོར་ལོ་ཅན་དང༌། ཟས་སྐོམ་གྱི་སྒྲིབ་པ་ཅན་དང་མཁའ་ལ་རྒྱུ་བ་དང་ཀླུང་ན་གནས་པ་དང་བྱིང་ན་གནས་པ་དང་ཁ་འཐོར་གྱི་ཚོགས་བཀྲེས་སྐོམ་དང་དབུལ་ཕོངས་ཀྱིས་བསྡུས་པ་མཐའ་དག་ལ་སྦྱིན་ནོ། །སོ་སོའི་མདུན་དུ་ཟས་སྐོམ་བདུད་རྩིའི་ཆར་ཆེན་པོ་ཕབ་ནས། ལུས་དང་སེམས་ལ་ཕན་པ་དང༌། བདེ་བས་ལོངས་སྤྱོད་ཅིང་ཚིམ་པར་གྱུར་ཅིག སེར་སྣའི་སྡིག་སྒྲིབ་བྱང་ཞིང༌། ཡི་དྭགས་ཀྱི་སྡུག་བསྔལ་དང་བྲལ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག བཅུ་པ། བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བ་འཁོར་དང་བཅས་པ་རྣམས་ལ་ཚེ་རབས་ཐོག་མ་མེད་པ་ནས་ལན་ཆགས་ཀྱི་མགྲོན་བུ་ལོན་མ་ཁྱེར་བ་དང༌། ཚེ་འདིར་ཡང་ཐུགས་ཟུར་དང་སྤྱན་ཟུར་ལ་ཕོག་པ་རྣམས་དང༌། གནོད་བྱེད་ཀྱི་ཚོགས་ངོས་མ་ཟིན་པ་རྣམས་ལ་སྦྱིན་ནོ། །ལན་ཆགས་ཐམས་ཅད་བྱང༌། བུ་ལོན་ཐམས་ཅད་ཁྱེར་བ་དང༌། ཕྲག་དོག་ཏུ་གྱུར་པ་དང༌། གནོད་བྱེད་ཀྱི་ཚོགས་རྣམས་གཏོར་མ་འདིས་མཉེས་ཤིང་རེ་བ་ཐམས་ཅད་སྐོང་བར་གྱུར་ཅིག བཅུ་གཅིག་པ། མ་ཐོབ་པ། མ་སླེབས་པ། ཁ་ཞན་ཅིང་དབང་ཆུང་བ།

p. 330

གཏོར་མ་ལ་རེ་བ། གློ་བུར་དུ་ལྷགས་པའི་འབྱུང་པོ་རྣམས་དང༌། སྐལ་བ་ཆད་པ། ཁ་ཞན་པ། དབང་ཆུང་བ། ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ནོ། །སོ་སོར་ཟས་སྐོམ་གྱིས་ཚིམས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག ཅེས་བརྗོད་དོ། །སྟོང་རྩའམ་འབུམ་ཐེར་ནི་སྔར་གྱི་ཆོ་གས་ལན་སྟོང་ངམ། འབུམ་སོགས་སུ་དབུལ་ལོ། །དེ་ནས་བར་དོའི་གཏོར་མ་ནི། ལྔ་པ་ལྟར་བསྔོས་ལ། མདང་ད་ནངས་ཤི་བའི་མི་ཕྱུགས་དུས་ལ་ཉེ་བ་གཅིག་གིས་གཙོར་བྱས། སྲིད་པ་བར་དོ་ན་གནས་པ་རྣམས་ལ་སྦྱིན་ནོ། །བར་དོའི་འཇིགས་སྐྲག་འཁྲུལ་སྣང་ཉམ་ང་བ་ཐམས་ཅད་དང་བྲལ་ནས། བར་དོ་ལ་བར་དོར་ངོ་ཤེས། བར་དོའི་ལམ་མངོན་དུ་གྱུར། བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་གྱུར་ཅིག ཅེས་བརྗོད་དོ། །དེ་ནས་དབྱུ་གུའི་གཏོར་མ་ནི་ཟན་དྲུག་ཅུ་རྩ་བཞི་བྱས་ལ། སྔ་མ་ལྟར་བསང་སྦྱང༌། བྱིན་གྱིས་བརླབ་པ་ནས། རང་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་ཨ་ཀཱ་རོ་སོགས་དྲུག་ཅུ་རྩ་བཞི་པ་ཕུལ་ནས། མཆོད་སྦྱིན་གྱི་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་པ་དང༌། །དམ་ཅན་ཐུགས་དམ་བསྐང་བ་དང༌། །ལན་ཆགས་བུ་ལོན་ཁྱེར་བ་དང༌། །རིགས་དྲུག་སེམས་ཅན་ཚིམ་བྱས་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །གཏོར་མ་དྲུག་ཅུ་རྩ་བཞི་འདི་མཁའ་འགྲོ་མ་དྲུག་ཅུ་རྩ་བཞི་ལ་ཕུལ་བས་རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་མཉེས་ཤིང་ཚིམ་པར་གྱུར་ཅིག དབྱུ་གུ་དྲུག་ཅུ་རྩ་བཞིའི་དུས་ཀྱི་བར་ཆད་ཐམས་ཅད་ཞི་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། བྲུལ་གཏོར་གཏོང་བར་འདོད་ན། གཏོར་སྣོད་གསུམ་དུ་མཐེབ་ཀྱུ་གསུམ་གསུམ་བཅུག་སྟེ། བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ལྷའི་བདུད་རྩི་

p. 331

ཞེས་པ་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསོལ་བར་བསམ་ཞིང༌། སམྦྷ་ར་ཉེར་གཅིག་གིས་ཕུལ། དེ་ནས་ཟན་བྲུལ་དང་ཆུ་བླུགས་ཤིང་མ་ཎི་ཉེར་གཅིག་རེ་བགྲངས་པས་རིན་པོ་ཆེའི་ཆར་འབབས་ནས། དེ་དག་ལ་ཕུལ་བར་བསྒོམ། རང་གི་ལུས་གཏོར་སྣོད་དུ་རྒྱང་བསྐྱུར་ནས། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ལུས་དེ་བདུད་རྩིར་མེར་ཞུ། དེ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསོལ་བར་བསམ་ཞིང༌། ཨརྒྷཾ་ལ་སོགས་པས་མཆོད་དེ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་འཁོར་དང་བཅས་པ་རྣམས་ལ་ཕུལ་བས། མཆོད་པར་བཞེས་ནས་དམ་པའི་ཆོས་ཀྱི་དཀོར་ལ་འབགས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་བྱང་ནས་མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཉིས་པ་རིན་པོ་ཆེའི་སྣོད་དུ་བསྒོམ་ཞིང༌། སྤྲུལ་སྐུའི་སངས་རྒྱས་ལ་འབུལ་ཚུལ་འདྲ་བར་བྱས་ནས། གཏོར་མ་འདི་སྤྲུལ་པའི་སངས་རྒྱས་འཁོར་དང་བཅས་པ་ལ་ཕུལ་བས། མཆོད་པར་བཞེས་ནས་དགེ་འདུན་གྱི་དཀོར་ལ་འབགས་པ་སོགས་གོང་ལྟར་བྱའོ། །གསུམ་པ་ལན་ཆགས་ཀྱི་རིགས་ལ་སྦྱིན་ཏེ། ལུས་འབུལ་བ་མ་གཏོགས་སྔར་བཞིན་བྱས་ནས། གཏོར་མ་འདི་ཚེ་ཐོག་མ་མེད་པ་ནས་ལན་ཆགས་པ་རྣམས་ལ་སྟེར་བས་ལན་ཆགས་ཐམས་ཅད་ཁྱེར། ཤ་འཁོན་ཐམས་ཅད་ཞི་ནས་མྱུར་དུ་སངས་རྒྱས་ཐོབ་པར་གྱུར་ཅིག འདི་ལ་མཆོད་པ་མི་དགོས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཡེ་དྷརྨཱ་སོགས་དང༌། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་

p. 332

པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་དེ་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་ཆོས་ཀྱི་སྦྱིན་པ་དང༌། ཆུ་སྦྱིན་ནི། སྐྱོན་གྱིས་མ་གོས་སྐུ་མདོག་དཀར་སོགས་དང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་ཁ་འབར་མ་སོགས་ཡི་དྭགས་ཐམས་ཅད་དང་ཁྱད་པར་དུ་འཇུར་འགེགས་ཀྱི་ལས་ངན་རྣམས་ཚིམ་པར་བསམས་ལ། ཨོཾ་ཨཱཿཧྲཱིཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛ་ལ་མི་དཾ་སརྦྦ་པྲེ་ཏེ་བྷྱཿསྭཱ་ཧཱ། རེ་རེ་ལ་ཡང་ལན་བདུན་བདུན། འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་དང༌། མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦྦ་སཏྭཱ་ནཱཉྩ་སྭཱཧཱ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ན་མསྶམནྟ་སྥ་ར་ཎ་རསྨི་སཾ་བྷ་ཝ་ས་མ་ཡ་མཧཱ་མ་ཎི། དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཆུའི་སྦྱིན་པ་རྒྱ་ཆེན་པོ་འདི་ལ་བརྟེན་ནས་ཀླུའི་རྒྱལ་པོ་དགའ་བོ་དང༌། འཇོག་པོ་དང༌། ཉེ་དགའ་བོ་ལ་སོགས་པ་སྲིད་པ་ཆུ་ཀླུང་གི་བདག་པོ་རྣམས་ཀྱི་རྒྱུད་ལ་སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ཅིག སེམས་ཀྱི་ཡོ་བྱད་དུ་གྱུར་ཅིག

p. 333

རྣལ་འབྱོར་གྱི་ཚོགས་དོན་གཉིས་ཀྱི་མཆོག་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་བརྗོད་དོ། །བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བདེན་སྟོབས་བརྗོད་དོ། །སྐབས་འདིར་ཆ་གསུམ་གཏོར་མ་གཏོང་ན། རྗེ་བཙུན་ཀུན་དགའ་བཟང་པོས་མཛད་པ་ལྟར་བྱའོ། །ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད། །སོགས་ཀྱི་མཐར་བཛྲ་མུཿ མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། སརྦ་པྲེ་ཏ་གཙྪ། ཞེས་པས་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམས་ལ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཞེས་བརྗོད་པས་བསྲུང་བ་བྱའོ། །ཏིང་ཤག་དང༌། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་

p. 334

དག་སོགས་དང༌། ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་དང༌། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་ཀྱི་བསྔོ་བ་དང༌། སྨོན་ལམ་གདབ་བོ། །དེ་ལྟར་བྱང་སེམས་ཟླ་བ་རྒྱལ་མཚན་གྱི་བཞེད་སྲོལ་སིལ་གཏོར་བརྒྱ་རྩ་མར་གྲགས་པའི་གཞུང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པ་འདི་ལ་ཁ་སྐོང་ལྷན་ཐབས་ཀྱི་རིགས་མང་དུ་བཞུགས་པ་ལས། ཐར་རྩེ་ནམ་མཁའ་དཔལ་བཟང་གིས་མཛད་པ་འདི་ཉིད་སྟབས་བདེ་ཞིང༌། སྐྱེར་སྒང་པའི་བྲུལ་གཏོར་ཡང་ཚང་ཡོད་པའི་དབང་གིས་དཀྱུས་སུ་བཅུག གསལ་ཁ་ཕྲན་བུ་དང་བཅས་ཏེ་རྒྱལ་ཁམས་པ་ཝཱ་གིནྡྲས་བཀླགས་ཆོག་མར་བསྡེབས་པའོ།། ༈ །མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉུང་གསལ་ཁྱེར་བདེ་ཚོགས་གཉིས་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འདིར་ཚེགས་ཆུང་ཞིང་དོན་ཆེ་བ་མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས་གནས་གཙང་མར་གཏོར་མའི་ཡོ་བྱད་རྣམས་ཕྱག་ལེན་བཞིན་བཤམ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །མཆོད་གཏོར་དྭངས་ཤིང་ཐོགས་མེད་པ། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་ཨཱཿཧཱུྃ་གི་བར་དང༌། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ལན་གསུམ་བརྗོད་ཅིང་ཏིང་ཤག་དཀྲོལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ལན་གསུམ་གྱིས་སྐྱབས་སེམས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང༌། ཧྲཱིཿལས་རང་ཉིད་འཕགས་མཆོག་སྙིང་རྗེའི་གཏེར། །ཟླ་མདོག་ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར། །ཞབས་གཉིས་སེམས་སྐྱིལ་པད་ཟླའི་གདན་ལ་རོལ། །དར་དང་རིན་ཆེན་རྒྱན་མཛེས་གསལ་བར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླ། རང་ཉིད་འཕགས་པའི་ཐུགས་ནས་འོད་འཕྲོས་པས། །བླ་མ་མཆོག་གསུམ་ཡི་དམ་ཆོས་སྲུང་དང༌། །བགེགས་རིགས་ལན་ཆགས་རིགས་

p. 335

དྲུག་བར་དོ་སོགས། །མཆོད་སྦྱིན་མགྲོན་རྣམས་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ། གྱི་གདན་དབུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་སྤྱིར་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། དེ་ནས་ཆུ་སྦྱིན་ནི། སྐྱོན་གྱིས་མ་གོས་སོགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿཧྲཱིཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་པས་སྦྱིན། འཕགས་པ་སྤྱན་རས་གཟིགས་དབང་གི། །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ནས། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་སྨོན་ལམ་གདབ། ཛམྦྷ་ལའི་ཆུ་སྦྱིན་ནི། མདུན་དུ་པད་ཟླའི་གདན་སྟེང་རྨུགས་འཛིན་སེར། །ཕྱག་གཉིས་གང་བའི་འབྲས་བུ་ནེའུ་ལེ་བསྣམས། །རིན་ཆེན་རྒྱན་སྤྲས་དུང་དང་པད་གཏེར་མནན། །གཡོན་དུ་རྨུགས་འཛིན་མཐིང་ནག་ཐོད་པ་དང༌། །ནེའུ་ལེ་བསྣམས་ནས་ནོར་བདག་གདན་སྟེང་དུ། །གཡོན་བརྐྱང་གིས་བཞུགས་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། །བདག་གི་ལག་མཐིལ་རིགས་ལྔའི་ས་བོན་ལས། །བབས་པའི་བདུད་རྩིས་མཆོག་ཏུ་དགེས་པར་གྱུར། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། བརྒྱ་རྩ། ཨོཾ་ཨིནྡྲ་ནཱི་མུ་ཁཾ་བྷྲ་མ་རཱི་སྭཱ་ཧཱ། ལན་གསུམ། ཨོཾ་ཛམླུྃ་སྭཱ་ཧཱ། བརྒྱ་རྩས་ཆུ་སྦྱིན། གཏོར་མ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་དང༌། ཨོཾ་ཛམླུྃ་ས་པ་རི་ཝཱ་ར་ཨི་དཾ་སོགས་ལན་གསུམ་གྱིས་དབུལ། ཨརྒྷཾ་སོགས་ཀྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཨོཾ་ཛམྦྷ་ལ་སིདྡྷི་ཕ་ལ་ཧོཿཞེས་པས་དངོས་གྲུབ་བླང༌། དེ་ནས་བརྒྱ་རྩ་དངོས་ལ་འཇུག་པ་ནི། ཨོཾ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །འབྲུ་གསུམ་འོད་དུ་ཞུ་བ་ལས། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ། ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་དང༌། ཨརྒྷཾ་སོགས། གཏོར་མ་འདོད་

p. 336

ཡོན་བདུད་རྩིའི་རྒྱ་མཚོ་འདི། །བྱིན་རླབས་འབྱུང་གནས་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ཞི་ཁྲོ་རྒྱལ་བ་སྲས་བཅས་སོགས། །སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང༌། །བདེན་ཚིག་གྲུབ་པའི་ལྷ་མིའི་དྲང་སྲོང་མཆོག །དགོས་འདོད་ཆར་འབེབས་ནོར་ལྷའི་ཚོགས་བཅས་ལ། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གསུམ། སམྦྷ་ར་དང༌། བདེ་གཤེགས་རིན་ཆེན་མང་དང་གཟུགས་དམ་པ། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །འདོད་ཡོན་ལྔ་ལྡན་མཆོད་སྦྱིན་གཏོར་མ་འདི། །དཀར་ཕྱོགས་སྐྱོང་བའི་གཞི་བདག་གནོད་སྦྱིན་སྡེ། །གདོན་བགེགས་འབྱུང་པོ་རིགས་དྲུག་སྙིང་རྗེའི་ཡུལ། །ཁྱད་པར་ཡི་དྭགས་འགྲོ་དང་ལན་ཆགས་མགྲོན། །ལྷག་མ་བཤལ་ཆུ་རེ་བ་ཀུན་ལ་བསྔོ། །རྟག་ཏུ་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །དེ་ནས་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་ནི། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ཨ་ཀཱ་རོ་ལན་དྲུག་ཅུ་རྩ་བཞིས་བསྔོས་ལ། གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །རྡོ་རྗེ་ལྷ་མོ་དྲུག་ཅུ་རྩ་བཞི་ལ། །འབུལ་ལོ་བཞེས་ནས་དབྱུ་གུ་དྲུག་ཅུ་བཞིའི། །དུས་ཀྱི་བར་ཆད་ཐམས་ཅད་སྲུང་བར་མཛོད། །དེ་ནས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་སོགས་ཀྱིས་ཆོས་སྦྱིན་དང༌། འཇིག་རྟེན་འདས་དང་མ་འདས་པའི། །མཆོད་སྦྱིན་ཡུལ་གྱུར་མགྲོན་ཀུན་གྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ལས་གཞོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ནས། བཛྲ་མུཿ སརྦ་བྷཱུ་ཏ་གཙྪཿསརྦ་པྲེ་ཏ་གཙྪཿ ཞེས་པས་གཏོར་མགྲོན་གཤེགས་རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བསྔོ་སྨོན་དང༌། སྟོན་མཆོག་དམ་པ་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་བློ་གྲོས་དམན་ཞིང་རྣམ་པར་གཡེང་བའི་

p. 337

གཞན་དབང་དུ་གྱུར་པ་རྣམས་ཀྱིས་དགེ་ཚོགས་རླབས་པོ་ཆེ་མྱུར་དུ་འདུམས་པའི་ཐབས་མཁས་འདིའང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའི་དགེ་བས་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ལ་འགོད་པར་རྒྱུར་གྱུར་ཅིག སརྦ་དཱ་ཤྲེ་ཡོ་བྷ་བ་ཏུ།། ༈ །གཏོར་མ་ཆ་ལྔ་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭ་སྟི། ཕྱོགས་སྐྱོང༌། རྒྱལ་ཆེན། འབྱུང་པོ། གཞི་བདག བགེགས་ཀྱི་གཏོར་མ་རྣམས་རྒྱུད་སྡེ་འོག་མའི་ཆོ་གའི་ཡན་ལག་ལས་འབྱུང་བ་ལྟར་ཤིན་ཏུ་བསྡུས་ཏེ་བྱ་བའི་ཚུལ་ནི། རང་ཉིད་གཉུག་མའི་ལྷ་གང་ཡང་རུང་བའི་ང་རྒྱལ་ལ་གནས་པའམ། བདག་མེད་པ་གཉིས་ཀྱི་དོན་ལ་བློ་བཞག་སྟེ། མཆོད་གཏོར་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཨ་ཀཱ་རོས་བརླབ་པ་སྔོན་དུ་འགྲོ་བས། དང་པོ་ནི། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་མགྲོན་དགུག པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲྀཧྞེ་དཾ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲྀཧྞེ་དཾ་ན་མསྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས་ལན་གསུམ་གྱིས་གཏོར་མ་འབུལ། འཇིག་རྟེན་སྐྱོང་བ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་སྤྱི་ལྟར་བརྗོད་པས་ཕྲིན་ལས་གསོལ་བར་བྱའོ། །དེས་མཚོན་ཏེ། གཉིས་པ་ནི། ཨོཾ་ཙ་ཏུརྨཧཱ་རཱ་ཛཱ་སེ་ན་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་མཐར་གྲྀཧྞེ་དཾ་ཨརྒྷཾ་སོགས་དང༌། གྲྀཧྞེ་དཾ་ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་འབུལ། མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །མཆོད་སྦྱིན་གཏོར་མ་སོགས་བརྗོད། གསུམ་པ་ནི། ཨོཾ་སརྦ་ལོ་ཀ་ཀཱ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་མཐར་ཨརྒྷཾ་སོགས་དང༌། ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་འབུལ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་

p. 338

སྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ནས། །ཞི་ཞིང་དུལ་བའི་སེམས་སུ་མཛོད། །བདག་ཅག་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང༌། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །བཞི་པ་ནི། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀརྵཱ་ཡ་ཛཿསྔགས་མཐར་ཨརྒྷ྄ཾ་སོགས་དང༌། ན་མསྶརྦ་བཏགས་པས་མཆོད་གཏོར་སྦྱིན། གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་བརྗོད། ལྔ་པ་ནི། རང་ཉིད་རིགས་ཀྱི་ཁྲོ་བོའི་ང་རྒྱལ་དང་བཅས། བླ་མ་མཆོག་གསུམ་བདེན་པ་དང༌། །གསང་སྔགས་རིག་སྔགས་བྱིན་བརླབས་ཀྱིས། །བགེགས་ཀྱི་རིགས་རྣམས་གང་ཡིན་ཀུན། །སྐད་ཅིག་གནས་འདིར་མཆིས་གྱུར་ཅིག །ཊཱཀྐི་ཧཱུྃ་ཛཿ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ་སརྦ་བིགྷཱན་གྲྀཧྞེ་དཾ་ཨརྒྷཾ་སོགས་དང༌། སྔགས་དེ་མཐར་སརྦ་བིགྷཱན་ན་མསྶརྦ་སོགས་བཏགས་པས་མཆོད་གཏོར་བསྔོ། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་བགྱི། །ཞེས་བསྒོ། ཐུན་མོང་དུ། ཡེ་དྷརྨཱ་སོགས་དང༌། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་བྱ། གཙྪ་གཙྪ་སྭ་བྷཱ་ཝ་ནི་ཞེས་རང་རང་གི་གནས་སུ་གཤེགས། ནག་ཕྱོགས་པ་སྡོད་སྲིད་པས་ཨ་མྲྀ་ཏ་སོགས་དྲག་སྔགས་ཀྱིས་མཚམས་བཅད། ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས།། ༈ །བསང་མཆོད་ཉུང་ངུར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འདིར་བསང་

p. 339

མཆོད་མདོར་བསྡུས་བྱ་བའི་ཚུལ་ལ། གནས་གཙང་མར་མཆོད་པའི་ཡོ་བྱད་རྣམས་ཕྱག་ལེན་བཞིན་བཤམ། སྐྱབས་ཡུལ་གསལ་བཏབ་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་མཆོད་སྦྱིན་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྐྱབས་སེམས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་དང༌། སྭ་བྷཱ་ཝ་སོགས་བརྗོད་པས་ཡེ་ཤེས་ཀྱི་ཚོགས་བསགས་པ་སྔོན་དུ་འགྲོ་བས་རང་ཉིད་ལྷར་གསལ་བ་ནི། སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང༌། །ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས། །ཟླ་མདོག་ཕྱག་གཡས་མཆོད་སྦྱིན་གཡོན་པད་དཀར། །ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་མཛེས། །དེ་ལྟར་གསལ་བའི་ཐུགས་ཀའི་ཧྲཱིཿཡིག་ལས། །འཕྲོས་པའི་འོད་ཀྱིས་མགྲོན་རྣམས་སྤྱན་དྲངས་གྱུར། །འོག་མིན་ཞིང་དང་ཉི་ཤུ་རྩ་བཞིའི་ཡུལ། །ཁམས་གསུམ་རིགས་དྲུག་སོ་སོའི་རང་གནས་ནས། །བདུད་རྩི་བསང་གི་དགའ་སྟོན་བཞེས་སླད་དུ། །མཆོད་སྦྱིན་མགྲོན་རྣམས་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿཞེས་བརྗོད་པས། མགྲོན་རྣམས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་གཤེགས་པར་བསམས་ལ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། དེ་ནས་བསང་རྫས་རྣམས་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས་བྱུང་བའི། །རིན་ཆེན་སྣོད་དུ་འབྲུ་གསུམ་ཞུ་བ་ལས། །བསང་རྫས་ཟག་མེད་འདོད་ཡོན་བདུད་རྩིའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས་ནས། དངོས་གཞི་ནི། གཟོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་གཤིས། །སྐྱེ་འགག་གནས་གསུམ་སྤྲོས་པ་ཀུན་བྲལ་ཡང༌། །བདེ་ཆེན་ཉམས་བརྒྱར་འཆར་བའི་རོལ་རྩེད་ལས། །མ་དག་

p. 340

སྣང་བ་དབྱིངས་སུ་ཐིམ་པའི་རྩལ། །ཕྱི་སྣོད་གྲུབ་པའི་ས་འཛིན་ཉམས་དགའ་བ། །ཞིང་ཁམས་རྒྱ་མཚོའི་བཀོད་པས་མཛེས་པའི་གཞིར། །ཕུན་ཚོགས་འདོད་པའི་ཡོན་ཏན་རྣམ་མང་པོ། །འབར་བའི་མེ་དང་མཉམ་པར་སྦྱོར་བ་ལས། །བྱུང་བའི་ལོངས་སྤྱོད་མི་ཟད་ནམ་མཁའི་མཛོད། །ཟག་མེད་བསང་མཆོད་བདུད་རྩིའི་སྤྲིན་ཕུང་འདིས། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་དང༌། །རྒྱ་བོད་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །མཁས་དང་གྲུབ་པའི་འཁོར་ལོས་སྒྱུར་བ་རྣམས། །བསང་ངོ་མཆོད་དོ་བདག་རྒྱུད་བྱིན་གྱིས་རློབས། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་དང༌། །འབྲེལ་བའི་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །མ་ལུས་ལུས་པ་མེད་པ་ཐམས་ཅད་ཀུན། །བསང་ངོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །གང་ཞིག་སྐད་ཅིག་ཡིད་ལ་དྲན་པས་ཀྱང༌། །སྲིད་དང་ཞི་བའི་འཇིགས་ཀུན་སྐྱོབ་མཛད་པ། །བླ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །བསང་ངོ་མཆོད་དོ་ཕན་བདེའི་དགའ་སྟོན་སྤེལ། །ཞིང་སྐྱེས་སྔགས་སྐྱེས་ལྷན་ཅིག་སྐྱེས་པ་ཡི། །གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །ཡེ་ཤེས་ལས་གྲུབ་ཌཱ་ཀིའི་ཚོགས་རྣམས་ཀུན། །བསང་ངོ་མཆོད་དོ་བར་ཆད་སེལ་བར་མཛོད། །བདེ་ཆེན་ཐིག་ལེ་གཅིག་གི་རྣམ་རོལ་ལས། །ཞི་ཆགས་ཁྲོ་བོའི་ཉམས་གྱུར་མཐའ་ཀླས་པའི། །རྡོ་རྗེའི་ཆོས་སྲུང་གནོད་སྦྱིན་ནོར་ལྷའི་ཚོགས། །བསང་ངོ་མཆོད་དོ་ཕྲིན་ལས་རྣམ་བཞི་སྒྲུབས། །ཁྱད་པར་གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྗེས། །བོད་ཁམས་སྐྱོང་བའི་རྗེ་མོར་མངའ་གསོལ་བ། །བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་ཀུན། །བསང་ངོ་མཆོད་དོ་གངས་ལྗོངས་བདེ་སྐྱིད་སྤེལ། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །ཡུལ་ལྷ་གཞི་བདག་བགེགས་རིགས་ལན་ཆགས་དང༌། །སྙིང་རྗེའི་ཡུལ་གྱུར་རིགས་དྲུག་མགྲོན་རྣམས་ཀུན། །བསང་ངོ་མཆོད་དོ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །དེ་ལྟར་རྣམ་བཞིའི་མགྲོན་རིགས་ཐམས་ཅད་ལ། །བདུད་རྩི་བསང་གི་མཆོད་པ་ཕུལ་བའི་མཐུས། །

p. 341

ཉམས་གྲིབ་མི་གཙང་གདུང་བ་ཀུན་ཞི་ཞིང༌། །དོན་གཉིས་དགའ་སྟོན་མཆོག་ཏུ་རྒྱས་པར་ཤོག །སྣོད་བཅུད་སྲིད་ཞིའི་ཕྱུགས་ཡང་བུང་བའི་ཚོགས། །རྟེན་འབྲེལ་ཨུཏྤལ་གསར་པས་ཡོངས་བསྡུས་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །བཀྲ་ཤིས་སྣང་བས་རྟག་ཏུ་ཁྱབ་གྱུར་ཅིག །ཅེས་བརྗོད། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས་ཤིང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུཿས་མགྲོན་རྣམས་གཤེགས། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །སོགས་ཀྱིས་བསྔོ་སྨོན་དང༌། སྟོན་མཆོག་དམ་པ་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་དཔལ་ཨེ་ཝཾ་ཆོས་ལྡན་ཐར་པ་ཆེན་པོའི་གྲོང་ཁྱེར་ནས་མདོ་ཁམས་ཤར་གྱི་ཕྱོགས་སུ་བསྐྱོད་པ་ལ་ཉེ་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་རིག་པ་འཛིན་པ་མཁྱེན་བརྩེའི་དབང་པོས་ཤར་མར་སྤེལ་བའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །ཚ་གསུར་གྱི་ཆོ་ག་བཞུགས། བླ་མ་ལྷག་པའི་ལྷར་བཏུད་དེ། །ཚ་གསུར་གཏོང་འདོད་འདི་སྐད་དོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་བྱང་ཆུབ་སྤྱོད་པ་སྤྱད། །སྔོན་འགྲོའོ། །བདག་ཉིད་སྤྱན་རས་གཟིགས་དབང་གསལ། །སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། །མཆོད་ཡུལ་རྒྱ་མཚོ་གཞི་བདག་དང༌། །འགྲོ་བ་རིགས་དྲུག་ལན་ཆགས་བགེགས། །དྲི་ཟ་བར་དོར་གནས་པ་བཅས། །ཐམས་ཅད་ཚུར་སྤྱོན་འདིར་བཞུགས་ཤིག །སྤྱན་འདྲེན་ནོ། །ཨོཾ་ཨཱཿཧཱུྃ། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །གསུར་མཆོད་འདོད་པའི་ཡོན་ཏན་ལྔ། །ཅི་འདོད་རྟག་པར་འཇོ་བའི་སྤྲིན། །ཞིང་ཀུན་ཁྱབ་པར་རྒྱས་གྱུར་ཅིག །བྱིན་རླབས་སོ། །སམྦྷ་ར་ལན་བདུན་གྱིས་བསྔོས་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། གནམ་སའི་དཀྱིལ་འཁོར་ཡོངས་ཁེངས་པ། །འདོད་ཡོན་གསུར་གྱི་མཆོད་སྤྲིན་

p. 342

འདི། །བླ་མ་ཡི་དམ་ལྷ་ཡི་ཚོགས། །རྒྱལ་བ་སྲས་སློབ་ཐམས་ཅད་དང༌། །བསྟན་སྲུང་ནོར་སྦྱིན་བཅས་ལ་འབུལ། །ཡུལ་ལྷ་གཞི་བདག་གནས་བདག་དང༌། །རབ་དགའ་ཟུར་ཕུད་ལྔ་པ་སོགས། །ཟས་སུ་དྲི་ལ་བཟའ་རྣམས་དང༌། །མ་གྱུར་རིགས་དྲུག་སེམས་ཅན་དང༌། །ལན་ཆགས་ཤ་འཁོན་བགེགས་ཀྱི་རིགས། །ཤི་ནས་རིང་པོར་མ་ལོན་པའི། །སྲིད་པ་བར་དོའི་སེམས་ཅན་བཅས། །ཀུན་ལ་སྦྱིན་ནོ་ཐོབ་པར་གྱུར། །མཆོད་སྦྱིན་ནོ། །མཆོད་ཡུལ་རྒྱ་མཚོ་མཉེས་གྱུར་ནས། །བདག་གཞན་ཕྱི་ནང་བར་ཆད་ཞི། །ཚེ་བློ་བསོད་ནམས་ལོངས་སྤྱོད་རྒྱས། །སྐྱེ་འགྲོ་ཆགས་ཤིང་འདུན་པ་དང༌། །དགྲ་བགེགས་གདུག་པ་ཚར་གཅོད་མཛོད། །སྦྱིན་གནས་འཇིག་རྟེན་སྐྱོང་ཚོགས་ཀྱིས། །ཉེས་སྲུང་ལེགས་པའི་ཕྱོགས་ལ་སྦྱོར། །བར་དོའི་འགྲོ་རྣམས་འཇིགས་སྐྲག་དང༌། །འཁྲུལ་སྣང་སྡུག་བསྔལ་ཀུན་ལས་ཐར། །འགྲོ་དྲུག་སྲིད་པའི་སྡུག་བསྔལ་ལས། །རྣམ་གྲོལ་སངས་རྒྱས་ཐོབ་པར་ཤོག །ལས་བཅོལ་ལོ། །སྲིད་ཞིའི་མགྲོན་རྣམས་རང་གནས་སུ། །གཤེགས་ཀྱི་ཚུར་བྱོན་བཛྲ་མུཿ །གཤེགས་གསོལ་ལོ། །བདག་གཞན་དགེ་བའི་རྩ་བ་འདིས། །འཆི་ཁར་གནད་གཅོད་སྡུག་བསྔལ་བྲལ། །སངས་རྒྱས་ཞིང་ཀུན་བགྲོད་པ་དང༌། །སེམས་ཅན་ཡོངས་སུ་སྨིན་བྱེད་ཤོག །བསྔོ་བའོ། །ཞེས་ཚ་གསུར་ཆོ་ག་དཔག་བསམ་ཡལ་འདབ་ཅེས་པ་འདིའང་ཉེ་བར་གནས་པའི་ངོར་བནྡེ་ཚུལ་ཁྲིམས་རིན་ཆེན་གྱིས་སོ།། ༈ །གསུར་བསྔོ་འདོད་ཡོན་སྤྲིན་ཕུང་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། མཆོད་སྦྱིན་གསུར་བསྔོའི་རིམ་པ་ནི། ཕྱེ་མར་གཙང་མས་གཞིར་བྱས་པ་ལ་བྱིན་རྟེན་ཁུངས་ལྡན་གྱི་རིགས་དང༌། འབྱོར་ན་བཟང་དྲུག ཨར་བར་སྐྱུར་གསུམ་སོགས་སྨན་སྣ་དང༌། རིན་པོ་ཆེ། དར་གོས་ཀྱི་རས་མ། ཤ་ཆང་སྒོག་བཙོང་དང་མ་འདྲེས་པའི་ཟས་སྣ་བཅས་ལེགས་པར་བསྲེས་ལ། སྔ་དགོང་གང་བདེར་མེར་བསྲེགས་ཤིང༌། ཆབ་ཀྱིས་བྲན་ཏེ། སངས་རྒྱས་ཆོས་ཚོགས་ལན་གསུམ་དང༌།

p. 343

རང་ལྷག་ལྷའི་ང་རྒྱལ་གྱིས། གསུར། བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཆོས་ཀུན་བདེན་པས་སྟོང་པའི་ངང་ཉིད་ལས། །དབང་པོ་སྒོ་ལྔའི་ལོངས་སྤྱོད་ཀུན་འཆར་ཞིང༌། །མཆོད་དང་སྦྱིན་པའི་བྱེད་ལས་ཡོངས་འགྲུབ་པའི། །གསུར་སྤྲིན་ཟག་མེད་བདེ་བའི་རོལ་པར་གྱུར། །ཨོཾ་ཨཱཿཧཱུྃ། ཡང་ཡང་བརྗོད་པས་སྤེལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་བདུན། ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། འདོད་ཡོན་ལྔ་ལྡན་གསུར་གྱི་མཆོད་སྤྲིན་འདིས། །དཀོན་མཆོག་སྲི་ཞུའི་མགྲོན་ཀུན་མཉེས་གྱུར་ནས། །བདག་སོགས་འགྲོ་ཀུན་ཚོགས་རྫོགས་སྒྲིབ་བྱང་སྟེ། །མྱུར་དུ་རྣམ་མཁྱེན་ཐོབ་པར་བྱིན་གྱིས་རློབས། །ཡང༌། སཾ་བྷ་ར་ལན་བདུན། ཨརྒྷཾ་སོགས། འདོད་ཡོན་ལྔ་ལྡན་གསུར་གྱི་མཆོད་སྤྲིན་འདིས། །མགོན་པོ་ཡོན་ཏན་མགྲོན་ཀུན་ཐུགས་དམ་བསྐང༌། །བསྟན་པ་དར་ཞིང་འཇིག་རྟེན་བདེ་བར་འཚོ། །བདག་ཅག་བསམ་དོན་འགྲུབ་པའི་ཕྲིན་ལས་མཛོད། །སཾ་བྷ་ར་ལན་བདུན། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །འདོད་ཡོན་ལྔ་ལྡན་གསུར་གྱི་ལོངས་སྤྱོད་འདིས། །རབ་དགའ་ལ་སོགས་དྲི་ཟའི་ཚོགས་རྣམས་དང༌། །རིགས་དྲུག་སྙིང་རྗེའི་མགྲོན་ཀུན་རབ་ཚིམས་ནས། །སྡུག་བསྔལ་ཀུན་བྲལ་བདེ་ལ་སྤྱོད་གྱུར་ཅིག །ཡང༌། སཾ་བྷ་ར་ལན་བདུན་དང༌། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། འདོད་ཡོན་ལྔ་ལྡན་གསུར་གྱི་ལོངས་སྤྱོད་འདིས། །གནོད་བྱེད་ལན་ཆགས་མགྲོན་ཀུན་རབ་ཚིམས་ནས། །ཤ་འཁོན་ཞི་ཞིང་སྔོན་རབས་བུ་ལོན་ཁྱེར། །གདུག་རྩུབ་ཀུན་ཞི་ཕན་སེམས་ལྡན་གྱུར་ཅིག །ཡང་སཾ་བྷ་ར་ལན་བདུན་དང༌། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། འདོད་ཡོན་ལྔ་ལྡན་གསུར་གྱི་ལོངས་སྤྱོད་འདིས། །བར་དོར་

p. 344

འཕྱན་པའི་འགྲོ་ཀུན་རབ་ཚིམ་ནས། །འཁྲུལ་སྣང་འཇིགས་སྐྲག་ཆོས་ཉིད་ཡོ་ལང་དུ། །རང་ངོ་འཕྲོད་ཅིང་ལོངས་སྐུར་གྲོལ་གྱུར་ཅིག །ཅེས་དང༌། ཆོས་ཉིད་ངོ་བོས་དག་ཅིང་རྟེན་འབྲེལ་རྩལ། །འགག་མེད་བདེན་དང་ལྷག་བསམ་དག་པའི་མཐུས། །ཇི་ལྟར་བསྔོས་བཞིན་ཐོགས་མེད་འབྱུང་བ་དང༌། །བསོད་ནམས་བྱང་ཆུབ་ཆེན་པོའི་རྒྱུར་སྨིན་ཤོག །ཅེས་བརྗོད་དོ། ༈ །གལ་ཏེ་དེ་ཙམ་མི་ནུས་ན། བྱིན་རླབས་ཚར་རྗེས། སཾ་བྷ་ར་གང་མང་དང༌། འདོད་ཡོན་ལྔ་ལྡན་གསུར་གྱི་ལོངས་སྤྱོད་འདིས། །དཀོན་མཆོག་མཉེས་ཤིང་དམ་ཅན་ཐུགས་དམ་བསྐང༌། །རིགས་དྲུག་ཚིམ་ཞིང་གནོད་བྱེད་རེ་བ་གང༌། །ཁྱད་པར་བར་དོའི་འགྲོ་བའི་འཁྲུལ་སྣང་ཞི། །བདག་སོགས་འགྲོ་ཀུན་ལོག་འཚོ་དང་བྲལ་བའི། །མཐོ་རིས་ཡོན་ཏན་བདུན་གྱི་འབྱོར་པ་ལ། །བརྟེན་ནས་སྨོན་གནས་བླ་མེད་བྱང་ཆུབ་ཆེ། །བདེན་གཉིས་ཟབ་མོའི་སྟོབས་ཀྱིས་འགྲུབ་གྱུར་ཅིག །ཅེས་པ་ཙམ་གྱིས་དོན་གྲུབ་བོ།། ༈ །ཡང་དམར་གསུར་བྱེད་ན། སྲོད་ཀྱི་དུས་སུ། ཚིལ་གྱིས་སྦྲུས་པའི་ཕྱེ་ལ་བྱིན་རྟེན་གང་འཛོམ་བསྲེ་ཞིང༌། སངས་རྒྱས་ཆོས་ཚོགས་དང༌། བསང་སྦྱང་འདྲ། ཆོས་ཀུན་བདེན་པས་སྟོང་པའི་ངང་ཉིད་ལས། །ཤ་ཁྲག་དྲི་གསུར་འདོད་ཡོན་ལྔ་ཡི་དངོས། །སྒྱུ་མའི་མཁོ་རྒུ་ཇི་བཞིན་ཡོངས་ཤར་བ། །འཁོར་འདས་དྲེགས་བྱེད་དགའ་བའི་རྫས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། ཡང་ཡང་བརྗོད། སཾ་བྷ་ར་གང་མང༌། དམར་གསུར་འདོད་པའི་ཡོན་ཏན་ལྔ་ཚང་བས། །ཧེ་རུ་ཀ་དཔལ་གནས་གསུམ་མཁའ་འགྲོའི་ཚོགས། །དཔལ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོར་བཅས། །དགྱེས་ཤིང་ཚིམ་ནས་འདོད་དོན་གང་བཅོལ་སྒྲུབས། །གཞན་ཡང་འགྲོ་བའི་ཤ་ཁྲག་སྲོག་དབུགས་ལ། །རྔམ་པའི་འབྱུང་པོའི་ཚོགས་ཀུན་རབ་ཚིམས་ནས། །གནོད་འཚེའི་བསམ་སྦྱོར་སྤོངས་ལ་བྱམས་སེམས་སྐྱེད། །འཇིག་རྟེན་ཀུན་ཏུ་བདེ་ལེགས་རྒྱ་ཆེར་སྒྲུབས། །སྔོན་ཚེ་རང་དོན་ལ་ཞེན་གཏི་མུག་པས། །

p. 345

གཞན་ལ་བསད་བརྡུངས་ཕྲོགས་བཅོམ་ལས་བསགས་པའི། །འཁོན་འགྲས་ཞི་ཞིང་བུ་ལོན་ལན་ཆགས་འཁྱེར། །ཀུན་ཀྱང་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་པའི་མཐར། ཐམས་ཅད་ནམ་མཁའི་མཛོད་བཞིན་སོགས་དང༌། བྱང་ཆུབ་སེམས་ནི་རིན་པོ་ཆེ། །སོགས་བསྔོ་སྨོན་གྱིས་རྒྱས་གདབ་བོ། །སྤྱིར་གསུར་བསྔོ་འདི་ཉིད་རྒྱ་གཞུང་ལ་སོགས་པའི་དངོས་བསྟན་མེད་ཀྱང༌། གྲྭ་ས་ཆེན་པོ་རྣམས་སུའང་ཕྱག་ལེན་ཙམ་ཡོད་སྟབས་ཀྱིས་བོད་ཁམས་ཀུན་ཏུ་དར་ཆེ་ཞིང༌། དམ་པ་འགའ་ཞིག་གིས་དགྲ་བཅོམ་པ་ལྔ་བརྒྱ་ལ་དྲོ་དྲངས་པ་དང་ཕན་ཡོན་མཉམ་པར་གསུངས་པ་སོགས་ཀྱིས་མཚོན་དགེ་བ་ཆེན་པོ་ཡོད་པ་གཞིར་བཅས། བསྔོ་སྔགས་ཁ་འབར་མ་མཆོད་སྦྱིན་སྤྱིའི་སྔགས་ཡིན་པས་ཁུངས་ཆེ་ཞིང་ཕན་ཡོན་ཡང་གཟུངས་དང་གཏོར་ཆེན་རྣམས་ཀྱི་སྐབས་སུ་འབྱུང༌། དེས་ན་བསྔོ་སྔགས་ཟུར་པ་འགའ་ཞིག་འདུག་པ་འབྱུང་ཁུངས་དང་ལུང༌། སྐད་འགྱུར་དཔྱད་དཀའ་བར་བརྟེན་སཾ་བྷ་རས་ཆོག་པར་བྱས་ཏེ། དོན་གཉེར་དུ་མས་བསྐུལ་བའི་ངོར་དང༌། རང་ཉིད་ཀྱིས་ཆོས་སྤྱོད་གསར་འཛུགས་ཀྱི་ཆ་ཤས་སུ་རྒྱལ་ཁམས་པ་ཝཱ་གིནྡྲ་སུ་སིདྡྷིས་གོ་སྟོད་རིན་ཆེན་སྤུངས་པའི་རི་ཞུལ་དུ་སྦྱར་བའི་ཡི་གེ་པ་ནི་ཨཱ་ནནྡ་མཉྫུ་གྷོ་ཥས་བགྱིས་པ་སརྦ་དིཀྵུ་ཤུ་བྷ་མསྟུ།། ༈ །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་ཟབ་མོ་བདུད་ཀྱི་གཅོད་ཡུལ་འཇུག་བདེར་སྤེལ་བ་ཞེས་བྱ་བ་བཞུགས་སོ། །ཕ་བླ་མར་བཏུད་ནས་གནས་ཡུལ་དང༌། །དུར་ཁྲོད་དུ་སྤྱོད་པའི་བརྟུལ་ཞུགས་ཀྱིས། །ཉམས་བདེ་སྟོང་སྤར་ཞིང་བདེ་སྟོང་སྒྲོག །སྐད་ཅིག་མར་གཅོད་པའི་གསང་ཆོས་འབྲི། །དབྱིངས་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། རྗེ་རྒྱལ་བ་ཀུན་ཡུམ་རྣལ་འབྱོར་མ། །མདུན་ཡི་དམ་གཡས་སུ་སངས་རྒྱས་དང༌། །རྒྱབ་དམ་ཆོས་གཡོན་ཕྱོགས་དགེ་འདུན་ཚོགས། །སྟེང་རྩ་བརྒྱུད་བླ་མ་མཐའ་སྐོར་དུ། །སྐྱབས་རྒྱལ་བ་སྲས་དང་བཅས་པ་རྣམས། །མདངས་འཇའ་ཚོན་འོད་ཀྱི་གུར་ཁང་

p. 346

དབུས། །བྱིན་རླབས་ཀྱི་གཟི་བྱིན་ཐིབས་སེ་བཞུགས། །བདག་མཁའ་མཉམ་འགྲོ་ཀུན་བྱང་ཆུབ་བར། །དགྲ་འཁོར་བའི་འཇིགས་ལས་བསྐྱབ་བྱའི་ཕྱིར། །ཡིད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས། །མགོན་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མ་རིགས་དྲུག་སྲིད་པའི་འཁྲུལ་འཁོར་གྱིས། །བཟོད་དཀའ་བ་དམྱལ་བའི་སྡུག་བསྔལ་ལས། །བདག་ཁོ་ནས་བླ་མེད་རྫོགས་བྱང་བར། །དུས་མྱུར་བ་ཉིད་དུ་བསྒྲལ་བར་བྱ། །ཕཊ། དཔལ་རྡོ་རྗེ་ཆོས་དང་རྣལ་འབྱོར་མ། །རྗེ་ནཱ་རོ་ཏ་པ་ཡབ་སྲས་སོགས། །སྐྱབས་རྩ་བ་བརྒྱུད་པའི་བླ་མ་ལ། །ཡིད་མོས་གུས་དྲག་པོས་གསོལ་བ་འདེབས། །གནས་རི་ཁྲོད་ཟིན་ཅིང་ངེས་འབྱུང་དང༌། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་འབྱོངས། །དོན་གནས་ལུགས་སྤྲོས་བྲལ་རང་ཞལ་མཇལ། །རྟེན་འདི་རུ་གྲོལ་བར་བྱིན་གྱིས་རློབས། །ཕཊ། ལུས་པགས་པ་གསེར་གྱི་ས་གཞི་བརྡལ། །བྱང་ཁོག་གི་ལྷུན་པོ་དཔངས་མཐོར་བརྩེགས། །ཡན་ལག་གི་གླིང་དང་གླིང་ཕྲན་བཀོད། །རྗེ་སྐྱབས་ཡུལ་རྣམས་དགྱེས་པའི་ཞིང་དུ་འབུལ། །ཕཊ། རང་སེམས་ཀྱི་ངོ་བོ་རྣལ་འབྱོར་པས། །སྟེང་ནམ་མཁར་ཐོན་པས་གྲི་གུག་གིས། །མགོ་བཅད་པ་ཐོད་པའི་སྒྱེད་པུར་བཀལ། །ལུས་ཤ་རུས་ཕུང་པོ་ཁྲག་མཚོར་བསྐྱིལ། །ཕཊ། དེ་རླུང་མེའི་སྦྱོར་བས་བསྐོལ་བའི་སྟེང༌། །འབྲུ་གསུམ་གྱིས་བདེར་གཤེགས་བྱིན་རླབས་བཀུག །སྐྱོན་ཀུན་སྦྱངས་ཡེ་ཤེས་བདུད་རྩིར་བསྒྱུར། །དུས་ནམ་ཡང་འཛད་པ་མེད་པར་སྤེལ། །ཕཊ། དཔལ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང༌། །མགོན་རྩ་བ་བརྒྱུད་པའི་བླ་མ་ལ། །ལུས་ཟག་མེད་བདུད་རྩིའི་མཆོད་པ་འབུལ། །མཆོག་ཐུན་མོང་གི་དངོས་གྲུབ་ཆར་དུ་ཕོབ། །ཕཊ། ལྷ་རྡོ་རྗེ་བཙུན་མོ་རྒྱལ་བའི་ཡུམ། །རྒྱུད་རྣམ་བཞིའི་ཡི་དམ་དཀྱིལ་འཁོར་ལྷར། །ལུས་ཟག་མེད་བདུད་རྩིའི་མཆོད་པ་འབུལ། །བདག་ཚེ་གཅིག་མཁའ་སྤྱོད་འགྲུབ་བྱིན་རློབས། །ཕཊ། ཞིང་གནས་ཡུལ་དཔའ་བོ་ཌཱ་ཀི་མ། །ཆོས་སྐྱོང་བའི་སྲུང་མ་དམ་ཅན་ལ། །ལུས་ཟག་མེད་བདུད་

p. 347

རྩིའི་མཆོད་པ་འབུལ། །རྐྱེན་བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས། ཕཊ། ལུས་བདུད་རྩི་སྲིད་ཞིའི་འདོད་ཡོན་གྱི། །ནོར་མ་ཚང་མེད་པས་མཆོད་སྦྱིན་མགྲོན། །ཀུན་ཇི་ལྟར་འདོད་པའི་འབྱོར་པ་ཡིས། །ཟག་མེད་ཀྱི་ངོ་བོར་མཉེས་ཤིང་ཚིམ། །ཕཊ། གདོན་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན། །ཀུན་བདུད་རྩིའི་རྒྱ་མཚོ་འདིས་ཚིམ་ནས། །ལུས་ལྷ་དང་སེམས་ཉིད་ཆོས་ཀྱི་སྐུར། །སངས་རྒྱས་ནས་མཁའ་སྤྱོད་གནས་སུ་གཤེགས། །ཕཊ། ༈ །སླར་རང་ལུས་ཐོལ་སྒྱེས་ལིང་གིས་འགྱེལ། །འོག་ས་གཞིའི་ཁྱོན་མཉམ་པགས་པ་བཀྲམ། །ཤ་རི་བོ་རུས་པའི་གྲམ་བུ་བརྡལ། །ཁྲག་ཀླད་ཞག་ནང་རོལ་དམར་ཆལ་སྤུངས། །ཕཊ། ཁྱོད་སྣང་སྲིད་ལྷ་འདྲེ་དྲེགས་པའི་ཚོགས། །གཟུགས་ཅིར་ཡང་བསྒྱུར་བའི་འཕྲུལ་པོ་ཆེ། །མཐུ་ནུས་པའི་སྟོབས་ཀྱི་ཤུགས་བསྐྱེད་དེ། །ཆར་དྲག་པོའི་སྤྲིན་བཞིན་གཏིབས་ལ་ཤོག །ཕཊ། ངས་གཅེས་པར་ཕངས་པའི་ལུས་སྟེར་ན། །ཤ་རུས་པའི་ཕུང་པོ་ཆེམ་གྱིས་ཟོ། །དམར་ཁྲག་ཆེན་རྒྱ་མཚོ་ཧུབ་ཀྱིས་དྲོངས། །གོས་ཞིང་ཆེན་གྱི་གཡང་གཞི་ལིང་གིས་གྱོན། །ཕཊ། སྟེར་མ་ནུས་རྣལ་འབྱོར་སྙིང་སྟོབས་ཆུང༌། །ཟ་མ་ནུས་ལྷ་འདྲེ་རྩལ་རེ་ཞན། །ཆོ་འཕྲུལ་གྱི་རྩལ་དགུ་སྤྲུགས་ལ་ཐོངས། །ཏིལ་ཙམ་གྱི་ལྷག་མ་མེད་པར་གྱིས། །ཕཊ། སེམས་སྐྱེ་འགག་གནས་པའི་ཡུལ་མེད་པར། །དབྱིངས་ནམ་མཁའ་ལྟ་བུར་སུ་ཡིས་བསྡིག །ལུས་སྒྱུ་མ་འདི་ངེས་པར་འདོར་དགོས་ལ། །དུས་ད་རེས་གཏོང་བ་ཚོགས་ཀྱི་མཆོག །ཕཊ། ཀུན་དགའ་མགུ་རངས་ནས་གདུག་སེམས་ཞི། །རྒྱུད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བརླན། །རང་སོ་སོའི་གནས་སུ་ད་སོང་ལ། །གཏན་བདེ་བ་ཐར་པའི་གྲོང་དུ་གཤེགས། །ཕཊ། མཆོད་བྱ་དང་མཆོད་བྱེད་ཀྱི་འཁོར་གསུམ་པོ། །དོན་རང་ངོ་ནས་གྲུབ་པའི་གཏད་སོ་བྲལ། །ཕྱི་ཐ་སྙད་རྒྱུ་འབྲས་མི་བསླུ་བའི། །རྟེན་འབྲེལ་གྱི་ལྟད་མོ་མཚར་པོ་ཆེ། །ཕཊ། ལས་བསོད་ནམས་མཐུ་འདིས་བདག་

p. 348

གཞན་འགྲོ། །དུས་སྙིགས་མའི་ཚེ་འདིས་མཁའ་སྤྱོད་དུ། །མགོན་ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི། །ཐུགས་རྡོ་རྗེའི་ཀློང་དུ་གྲོལ་གྱུར་ཅིག །ཕཊ། ཅེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་བརྟེན་པའི་ཟབ་མོ་བདུད་ཀྱི་གཅོད་ཡུལ་འཇུག་བདེར་སྤེལ་བ་འདིའང་རང་ཉིད་ཀྱི་ཉམས་ལེན་དང༌། ལྷག་པའི་ལྷ་རྡོ་རྗེ་རྣལ་འབྱོར་མ་ལ་བརྩོན་པའི་སྐལ་མཉམ་གཞན་ལའང་ཕན་དུ་རེ་བས་སྔ་ནས་བྲི་འདུན་ཐོག སྡེ་པ་ཆོས་མཛད་སྐལ་བཟང་ལེགས་གྲུབ་ཙཱ་རི་གནས་ཆེན་བསྐོར་བར་བྱོན་སྐབས་བསྐུལ་བས་མཚམས་སྦྱར་ཏེ་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཕགས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས་ཆེན་པོར་བྲིས་པའོ།། །།

ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་རབ་འབྱམས་ཀྱི་གཏོར་ཆོག་སྐོར་ཕྲིན་ལས་འདོད་འཇོ།

p. 349

ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་རབ་འབྱམས་ཀྱི་གཏོར་ཆོག་སྐོར་ཕྲིན་ལས་འདོད་འཇོ་ཞེས་བྱ་བ་བཞུགས་སོ།།

p. 350

ཨོཾ་སྭ་སྟི། འདིར་ཡི་དམ་ཆོས་སྐྱོང་ལ་མཆོད་གཏོར་འབུལ་བར་འདོད་པས་གཏོར་མ་སོགས་སྤྱི་ལྟར་བཤམས་ལ། ནང་མཆོད་ཆུ་ཆང་གིས་སྦྱང༌། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཞེས་པ་ནས་ཧ་ཧོ་ཧྲཱིཿའི་བར་གཏོར་ཆོག་ལྟར་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་ཆོས་འབྱུང་ལ་གནས་པའི་ཀྱེ་རྡོ་རྗེའི་ལྷ་ཚོགས་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨིནྡ་སོགས་ནས་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱའི་བར་གཏོར་ཆོག་ལྟར་བྱ། ཨརྒྷཾ་ནས་ཤབྡའི་བར། ཧཱུྃ་ཨྃ་གྃ་ཙྃ་སོགས་ཀྱིས་ནང་མཆོད་ཕུལ། དཀར་མོ་རི་དྭགས་སོགས། ཁྱོད་ནི་རྣལ་འབྱོར་མ་སོགས། ཀྱེ་ཡི་རྡོ་རྗེའི་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར། དེ་ནས་རྣལ་འབྱོར་མ། འཇིགས་བྱེད། འབྱུང་འདུལ་ལ་སོགས་པའི་ཡི་དམ་གང་བྱེད་ཀྱི་གཏོར་བསྔོ་བྱེད། དེ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བྱིན་རླབས་དྲན་པར་བྱས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་

p. 351

པོ་ཡུམ་ཆེན་ཨེ་ཀ་ཛ་ཊཱི་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལྕམ་དྲལ། དཔལ་མགོན་ཞལ་བཞི་པ། ཡུམ་ཆེན་སྲིང་མོ་བཞི། དཔལ་ལྡན་རྡོ་རྗེ་རབ་བརྟན་མ། ལས་མཁན་མིང་པོ་བཅས་པ། དཔལ་ལྡན་དམག་ཟོར་རྒྱལ་མོ། དམ་ཅན་གནོད་སྦྱིན་ཡབ་ཡུམ། བཀའ་སྡོད་པུ་ཏྲ་མིང་སྲིང༌། སྤྲུལ་པའི་རུ་འདྲེན་སྡེ་བཞི། དྲེགས་པ་ཕོ་རྒྱུ་མོ་རྒྱུད་ཕོ་ཉ་ལས་མཁན། ནོར་སྐྱོང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ། རྒྱལ་ཆེན་རྣམ་ཐོས་སྲས་རྟ་བདག་བརྒྱད་དང་བཅས་པ། འཆི་བདག་ལས་ཀྱི་གཤིན་རྗེ། གནོད་སྦྱིན་ཟངས་ཀྱི་བེཀྩེ་ཅན། མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ རྡོར་དྲིལ་འཛིན་པས། ཧཱུྃ། འོག་མིན་བདེ་ཆེན་དག་པའི་ཕོ་བྲང་ནས། །རྣམ་སྣང་ཐུགས་ལས་སྤྲུལ་པའི་སྲུང་མ་མཆོག །བསྟན་སྲུང་ཀུན་གྱི་གཙོ་བོ་རྡོ་རྗེ་གུར། །དཔལ་ལྡན་མགོན་པོ་འདིར་བྱོན་མཆོད་གཏོར་བཞེས། །སྣང་སྲིད་བྷ་ག་དབྱིངས་ཀྱི་དཀྱིལ་འཁོར་ནས། །འཁོར་འདས་ཀུན་གྱི་བདག་མོ་དབྱིངས་ཕྱུག་ཡུམ། །སྔགས་སྲུང་དྲག་མོ་མ་མོ་མཁའ་འགྲོའི་གཙོ། །ཡུམ་ཆེན་རལ་གཅིག་འདིར་བྱོན་མཆོད་གཏོར་བཞེས། །ཡོངས་འདུའི་ཚལ་དང་གཤིན་རྗེའི་ཕོ་བྲང་དང༌། འཛམ་གླིང་དེ་ཝཱི་ཀོ་ཊའི་གནས་མཆོག་ནས། །འདོད་ཁམས་

p. 352

གཙོ་མོ་ནམ་གྲུ་རེ་མ་ཏི། །དཔལ་ལྡན་ལྷ་མོ་འདིར་བྱོན༴ །བསིལ་བའི་ཚལ་དང་ཧ་ཧ་དགོད་པ་དང༌། །སིངྒ་གླིང་དང་ཏི་སེ་གངས་རི་དང༌། །དར་ལུང་བྲག་རམ་ཁའུའི་བྲག་རྫོང་ནས། །ཞིང་སྐྱོང་བདག་པོ་འདིར་བྱོན༴ །རྡོ་རྗེ་གདན་དང་རྒྱན་གོང་གཙུག་ལག་ནས། །སྒྲུབ་ལ་བར་དུ་གཅོད་པའི་དགྲ་བགེགས་འདུལ། །ཁམས་གསུམ་ཀུན་ལ་དབང་བསྒྱུར་འདོད་ཁམས་མ། །རྡོ་རྗེ་རབ་བརྟན་འདིར་བྱོན༴ །བསམ་གླིང་གནས་དང་བོ་དོང་གཙུག་ལག་ནས། །བསྟན་སྲུང་ཀུན་གྱི་གཙོ་མོ་རེ་མ་ཏི། །དམག་ཟོར་ལྷ་མོ་འདིར་བྱོན༴ །དུར་ཁྲོད་བརྒྱད་དང་ལྷོ་ཕྱོགས་རི་སུལ་དང༌། །རྡོ་རྗེ་གདན་དང་དཔལ་གྱི་བསམ་ཡས་དང༌། །ནཱ་ལ་རྩེ་དང་དཔལ་ལྡན་ས་སྐྱ་ནས། །ལས་མགོན་ཕོ་མོ་འདིར་བྱོན༴ །ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་ནས། །སྒྲུབ་ལ་བར་དུ་གཅོད་པའི་དགྲ་བགེགས་སྒྲོལ། །ཅི་འདོད་དངོས་གྲུབ་ཆར་འབེབས་ནོར་གྱི་ལྷ། །གནས་སྲུང་ཡབ་ཡུམ་འདིར་བྱོན༴ །རི་རབ་བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས། །ས་བརྒྱད་དབང་ཕྱུག་གནོད་སྦྱིན་ཚོགས་ཀྱི་རྗེ། །དངོས་གྲུབ་འདོད་དགུའི་ཆར་ཆེན་འབེབས་མཛད་པའི། །རྒྱལ་ཆེན་རྣམ་སྲས་འདིར་བྱོན༴ །རི་རབ་བྱང་ཤར་མཉན་ཡོད་བྱ་གཤོངས་ནས། །དངོས་གྲུབ་ནོར་གྱི་ཆར་འབེབས་དབང་གི་རྒྱལ། །བསྟན་འཛིན་བུ་བཞིན་སྐྱོང་བའི་རྣམ་ཐོས་སྲས། །དབང་གི་མདོག་ཅན་འདིར་བྱོན༴ །ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྡོད་མཆོག །བསྟན་དགྲའི་གཤེད་མ་ཞིང་སྐྱོང་མ་ཧེའི་ཞལ། །ཆོས་རྒྱལ་ཡབ་ཡུམ་འདིར་བྱོན༴ །བྱང་ཤར་མ་རུ་རྩེ་ཡི་དུར་ཁྲོད་དང༌། །རྒྱ་གར་བམ་སོ་དམར་པོའི་བྲག་རི་དང༌། །དར་ལུང་བྲག་རམ་ལ་སོགས་གནས་མཆོག་ནས། །གནོད་སྦྱིན་ལྕམ་དྲལ་འདིར་བྱོན༴ །ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་སོགས་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་སོགས། ཨོཾ་མ་ཧཱ་ཀཱ་ལ་ཀཱ་

p. 353

ལ་བི་ཀཱ་ལ་སོགས། ཨོཾ་བ་ལིཾ་ཏ་ཁཱ་ཧི། ཡོ་གཱི་ནཱི་ཁཱ་ཧི། ཌཱ་ཀི་ནི་ཁཱ་ཧི། སྟྭཾ་བྷ་ཝཀྐ་ཏ། རེ་མ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་དང༌། བྷྱོ་རཀྨོ་བྷྱོ། རཀྨོ་བྷྱོ་བྷྱོ། རཀྨོ་ཐུན་བྷྱོ་ཁ་ལ་རཀ་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོ། རུ་ལུ་རུ་ལུ། ཧཱུྃ་བྷྱོ་ཧཱུྃ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་ལྔ། ཨ་ལི་སོགས་དང༌། ཨོཾ་གྷྲི་རཱ་ཛ་སོགས་དང༌། ཨོཾ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། ཨི་དཾ་སོགས། ཨོཾ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧ་སྠཱ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཱ་ཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལ་ཡེ་སྭཱ་ཧཱ། ཨི་དཾ་སོགས། ཨོཾ་མ་ཧཱ་ཡཀྵ་བཻ་ཤྲ་མ་ཎཱ་ཡ་སརྦ་རཏྣ་ཙིཏྟ་རཏྣ་ཧྲཱིཾ་ཛཿ ཨི་དཾ་བ་ལི་ཏ་ཁཱ་ཧི་ཁཱ་ཧི་སོགས། ཨོཾ་ཀཱ་ལ་རུ་པ་སོགས། ཨོཾ་རཀྨོ་སོགས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་སོགས། ཨོཾ་ཨ་ཀཱ་རོ་སོགས། ཨརྒྷཾ་སོགས་དང༌། ཨོཾ་ཨཱཿཧཱུྃ། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་བདག་ཅག་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་དོན་ཆོས་བཞིན་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །བྷྱོཿ གང་གི་སྐུ་གསུང་ཐུགས་ཀྱིས་ནི། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱག་མ་ལ་བསྟོད། །ཧཱུྃ། དཔལ་ལྡན་སྲིད་གསུམ་དབང་སྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་འཇིགས་པའི་ཚུལ། །མཆུ་འཕྱང་ཤུགས་ཆེ་དྲག་པོའི་ཚུལ། །གཞོན་ནུའི་ལུས་ཅན་ཁྱོད་ལ་བསྟོད། །བྷྱོཿ ཨོ་རྒྱན་ཆེ་དང་ལོ་སྟོན་ལ་སོགས་

p. 354

པས། །བསྟན་དང་བསྟན་འཛིན་སྐྱོང་བར་བཀའ་བསྒོས་པའི། །འཕྲིན་ལས་ཐོགས་མེད་སྒྲུབ་མཛད་བསྟན་སྲུང་མ། །རྡོ་རྗེ་རབ་བརྟན་འཁོར་དང་བཅས་ལ་བསྟོད། །བྷྱོཿ མ་མོ་མཁའ་འགྲོའི་གཙོ་མོ་འདོད་ཁམས་མ། །མ་རུངས་བསྟན་དགྲ་འདུལ་མཛད་རེ་མ་ཏི། །མ་ལྟར་བརྩེ་བས་སྐྱོང་བའི་དམག་ཟོར་མ། །མ་གཅིག་སྲིད་གསུམ་དབང་ཕྱུག་མ་ལ་བསྟོད། ཧཱུྃ། །དམ་ཅན་གནོད་སྦྱིན་ཡབ་ཡུམ་དང༌། །བཀའ་བསྟོད་པུ་ཏྲ་མིང་སྲིང་དང༌། །རུ་འདྲེན་སྡེ་བཞི་ལ་སོགས་པ། །བཀའ་སྡོད་འཁོར་དང་བཅས་ལ་བསྟོད། །ཧཱུྃ། རབ་འཇིགས་ཀེང་རུས་ཁྲོས་པ་བསྟན་དགྲའི་གཤེད། །དམ་ཚིག་ཅན་ལ་ནོར་གྱི་དངོས་གྲུབ་སྩོལ། །རྩ་བརྒྱུད་བླ་མས་ཉེར་བསྟེན་བཀའ་བསྒོས་པའི། །ནོར་སྐྱོང་ཡབ་ཡུམ་འཁོར་དང་བཅས་ལ་བསྟོད། །རྒྱལ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང༌། །སྤྲིན་བྲལ་ཉི་མ་སྟོང་གི་གཟི་ལྡན་པ། །འདོད་དགུའི་ཆར་འབེབས་མཛད་ལ་བདག་བསྟོད་དོ། །དབང་གི་མདངས་ལྡན་གནོད་སྦྱིན་ཚོགས་ཀྱི་རྗེ། །དྲག་ཤུལ་སྟོབས་ལྡན་དགྲ་བགེགས་ཐལ་བར་རློག །ཚར་པ་ཆོས་རྗེའི་བཀའ་སྲུང་ཡིད་བཞིན་ནོར། །འདོད་དགུའི་ཆར་འབེབས་མཛད་ལ་བདག་བསྟོད་དོ། ཡཿ འཇམ་དཔལ་ཁྲོས་པ་དུས་དགྲའི་དབང་པོ་ཡི། །བཀའ་ཡི་བསྟན་པ་བསྲུང་བར་ཁས་བླངས་པ། །རྣལ་འབྱོར་བུ་བཞིན་སྐྱོང་བའི་སྲུང་མ་མཆོག །དམ་ལྡན་ཡབ་ཡུམ་འཁོར་དང་བཅས་ལ་བསྟོད། །ཧཱུྃ། གཏུམ་ཆེན་དྲག་པོར་ཁྲོས་པའི་གད་རྒྱངས་ཀྱིས། །དགྲ་སྙིང་ཤུབས་ནས་ལྐོག་མར་ཉེར་ཐོན་ཅིང༌། །རྣོ་དབལ་རལ་གྲི་མཁའ་ལ་འཕྱར་བྱེད་པ། །དབང་གི་སྐྱེས་བུ་གནོད་སྦྱིན་བེཀྩེར་བསྟོད། །གསོལ་ལོ་མཆོད་དོ་རྒྱལ་བའི་བསྟན་སྲུང་ཚོགས། །བསྒྲུབ་བོ་བརྟེན་ནོ་བླ་མའི་བཀའ་སྲུང་ཚོགས། །འབོད་དོ་བསྐུལ་ལོ་རྣལ་འབྱོར་དགྲ་ལྷའི་ཚོགས། །རིངས་པའི་ཚུལ་གྱིས་འདིར་བྱོན་མཆོད་གཏོར་བཞེས། །ཤ་ཁྲག་དམར་གྱིས་བརྒྱན་

p. 355

པའི་གཏོར་མས་མཆོད། །ཛ་གད་སྨན་ཕུད་རཀྟའི་བཏུང་བས་མཆོད། །རྔ་ཆེན་རྐང་གླིང་རོལ་མོའི་སྒྲ་ཡིས་མཆོད། །དར་ནག་འཕན་ཆེན་སྤྲིན་ལྟར་གཏིབས་པས་མཆོད། །རབ་འཇིགས་སྙན་པའི་དབྱངས་ཀྱི་ང་རོས་མཆོད། །ཡིད་འཕྲོག་མཆོད་སྤྲིན་མཁའ་དང་མཉམ་པས་མཆོད། །ཕྱི་ནང་གསང་བའི་དམ་རྫས་རྒྱ་མཚོས་མཆོད། །བདེ་སྟོང་དབྱེར་མེད་ཡེ་ཤེས་རོལ་པས་མཆོད། །སངས་རྒྱས་བསྟན་པ་གཉེན་པོ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་གཉེན་པོ་ཁྱེད་ཀྱིས་བསྟོད། །དཔལ་ལྡན་བླ་མའི་འཕྲིན་ལས་ཁྱེད་ཀྱིས་སྤེལ། །རྣལ་འབྱོར་བདག་གི་འདོད་དོན་ཁྱེད་ཀྱིས་སྒྲུབས། ཡིག་བརྒྱ་བཟོད་གསོལ་སོགས་རྗེས་ཆོག་སྤྱི་ལྟར་བྱའོ། །ཞེས་པའང་རྨོར་ཆེན་རྡོ་རྗེ་འཆང་གི་གསུང་བློ་གཏེར་དབང་པོས་ཐོག་མའི་ཟིན་ཆུང་དང༌། མཇུག་གི་སྦྱར་བྱང་བརྗེས་ནས་ལུང་སྤེལ་ཞུས་པ་དགེ། ༈ །གཏོར་ཆོག་ཉུང་འདུས་བཞུགས་སོ། །བླ་མ་མཆོག་དང་དབྱེར་མེད་པའི། །ཡི་དམ་ཆོས་སྐྱོང་སྲུང་མ་ལ། །བཏུད་ནས་དེ་དག་མཉེས་བྱེད་ཀྱི། །གཏོར་འབུལ་ཆོ་ག་འབྲི་བར་བྱ། །འདིར་ས་སྐྱ་པའི་ཡབ་ཆོས་བདེ་ཀྱེ་གཉིས་དང་གུར་ལྕམ་དྲལ་ཞལ་བཞི་ནོར་སྐྱོང་ཟུང་དཀར་བདུད་ཕུར་སྲུང་བཅས་ལ་གཏོར་འབུལ་ཤིན་ཏུ་བསྡུས་པའི་ལག་ལེན་འདི་ལྟ་སྟེ། གུར་ཞལ་སོགས་ཀྱི་རྟེན་ཡོད་ན་དེ་ཉིད་ཀྱི་དྲུང་དང༌། གཞན་ཇི་ལྟར་རིགས་པར་སྟེགས་སྟེང་རས་དཀར་སོགས་ཀྱིས་བཀབ་ལ་འབྲུ་སྣས་བརྒྱན་པའི་དབུས་སུ་ཡི་དམ་གཉིས་ལ་ཐུན་མོང་དུ་ཟླུམ་གཏོར་གཅིག གཡས་སུ་གུར་ནས་ཕུར་སྲུང་ཡན་ལ་ཐུན་མོང་དུ་ཟླུམ་གཏོར་གཅིག གཡོན་དུ་མཁའ་འགྲོ་སྤྱི་དང་གཞི་བདག་ཐུན་མོང་དུ་ཟླུམ་གཏོར་གཅིག་རྣམས་བཤམས་པའི་མདུན་དུ་ཆུ་གཉིས། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་བཤམ། སྤྲོ་ན་རང་གི་མདུན་དུ་སྟེགས་སྟེང་རྡོར་དྲིལ་ནང་མཆོད་ཌ་མ་རུ་འཐོར་ནས་རྣམས་བཤམས་པའམ། མ་བྱུང་ཡང་ཆད་པའི་སྐྱོན་

p. 356

མེད། དངོས་གཞི་ལ་རྡོར་དྲིལ་བཤམས་ཚེ། ཐོག་མར་མཆོད་པ་ལ་རྡོ་རྗེའི་རྩེས་ནང་མཆོད་འཐོར་ཚུལ་དང༌། གཞན་ཡིད་ཀྱིས་དམིགས་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བནྡྷ་འབར་བའི་སྣོད་དུ་ཧཱུྃ་ལས་མཆོད་ཡོན། ཞབས་བསིལ། ཉེར་སྤྱོད་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཌ་དྲིལ་ཡོད་ཚེ་དཀྲོལ་ལ། ཨོཾ་བཛྲ་ཨཱ་ཧ་ར་ལི་ཧཱུྃ་ཕཊ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ། ཨུ་ད་ཕ་ལ་ཡ་བི་སྥུ་ར་ཡེ་ཧཱུྃ་ཕཊ། ཅེས་པས་བྱིན་གྱིས་བརླབས་ལ་ཌ་དྲིལ་བཞག སྐྱབས་འགྲོ་སེམས་བསྐྱེད་ནི། ནམ་མཁར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དམིགས་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་བླ་མ་སངས་རྒྱས་ཀྱི་རང་བཞིན་ཅན་ལ་རང་གཞན་ཐམས་ཅད་སྐྱབས་སུ་འགྲོ་བར་མོས་ཏེ། ངག་ཏུ། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་ཡི་དམ་ལྷ། །ཡོངས་སུ་བསྒོམ་པར་སེམས་བསྐྱེད་དོ། །ལན་གསུམ། སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཧཱུྃ་ཧཱུྃ་ཧཱུྃ། རང་ཉིད་གང་དུ་གནས་པའི་ཞིང་འདི་རྡོ་རྗེའི་གུར་ཁང་དུ་གྱུར་པའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མུ་ཁྱུད་རྡོ་རྗེས་སྤྲས་པའི་ལྟེ་བར་པདྨ་ཉི་ཟླ་དྲག་པོ་ཕོ་མོའི་སྟེང་དུ་རང་ཧཱུྃ་ལས་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་གཡས་གཉིས་ན་རྡོ་རྗེ་རྩེ་དགུ་རྩེ་ལྔ། གཡོན་གཉིས་ན་མེ་དཔུང་ཁ་ཊྭཱཾ་ག མཐའ་མ་གཉིས་ཀྱིས་ཕུར་བུ་བསྒྲིལ་བས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་འཁོར་ལོ་རྒྱས་འདེབས་མ་སྔོན་མོ་གཡས་འཁོར་ལོ། གཡོན་ཐོད་ཁྲག་འཛིན་པས་འཁྱུད་པ། གཉིས་ཀའང་དུར་ཁྲོད་ཀྱི་ཆས་དང༌། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ། རོལ་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་

p. 357

བཞུགས་པའི་སྐུར་གྱུར། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་གྱི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་རང་ལ་ཐིམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བནྡྷ་ཧཱུྃ་ཕཊ། ཅེས་དབང་དུས་ཀྱི་དམ་བཅའ་བཞིན་བཟླ། བཟླས་ཚར་བ་དང་ཕྲེང་བ་ལ་ཧས་བཏབ་སྤྱི་བོར་རེག་ལ། བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་སྲུང་འཁོར་དང་ཆོས་འབྱུང་རང་ལ་ཐིམ། མདུན་གྱི་གཏོར་མ་ལ་དམིགས་ཏེ། གོང་བཞིན་ཨ་མྲྀ་ཏ་དང་སྭ་བྷཱ་ཝས་བསང་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང་དང་རྃ་ལས་མེའི་སྟེང་དུ་ཨ་ལས་ཐོད་པའི་ལྟེ་བར་གོ་ཀུ་ད་ཧ་ན་ལས་བ་ལང་ཁྱི་རྟ་གླང་ཆེན་མིའི་ཤ། བི་མུ་ཤཱུ་མ་ར་ལས་དྲི་ཆེན་དྲི་ཆུ་བྱང་སེམས་ཀླད་པ་རཀྟ། བྷྲཱུྃ་ཨཱྃ་ཛྲིྃ་ཁྃ་ཧཱུྃ་ལས་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཆོས་དབྱིངས་ཡེ་ཤེས། དེའི་སྟེང་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རླུང་གཡོས། མེ་སྦར། རྫས་ཞུ་བའི་རླངས་པ་ཕོགས་པས་རྐྱེན་བྱས་རྡོ་རྗེའི་ཧཱུྃ་ལས་བདུད་རྩིའི་རྒྱུན་འཛག ཡང་འོད་འཕྲོས། ཕྱོགས་བཅུ་ནས་གཉིས་མེད་ཀྱི་ཡེ་ཤེས་བདུད་རྩིའི་རྣམ་པར་སྤྱན་དྲངས། རྡོ་རྗེ་ཧཱུྃ་ཉི་མ་དང་བཅས་པ་གཏོར་རྫས་ཀྱི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གཏོར་མའི་སྟེང་གི་ནམ་མཁར་པདྨ་འདབ་བརྒྱད་ལྟེ་བར་ཉི་མ་ལ་གནས་པའི་བདུད་བཞིའི་གདན་ལ་ཧཱུྃ་ལས་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞབས་བཞི་པ། དེའི་པང་དུ་ཨྃ་ལས་རྡོ་རྗེ་བདག་མེད་མ་སྔོན་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། འདབ་མ་བརྒྱད་ལ་ཟླ་བའི་སྟེང་དུ་གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ་ལས་ལྷ་མོ་བརྒྱད་དུ་གྱུར་ཏེ་གཙོ་འཁོར་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱེ་རྡོར་ལྷ་དགུའི་

p. 358

རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཨ་བྷི་ཥིཉྩ་ཏུ་མཱཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། སོ་སོའི་རིགས་བདག་གིས་དབུ་བརྒྱན། བཛྲ་ནི་རི་ནི་ཝི་ཏི་སརྦ་སཾ་ཤོ་དྷ་ནི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། ལྷ་མོ་བརྒྱད་ཀྱིས་ལེགས་མཆོད་པའི། །ཀྱེ་ཡི་རྡོ་རྗེའི་ཚོགས་ལ་འདུད། །གཏོར་མ་དམ་པ་འདི་བཞེས་ལ། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། ༈ །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སོགས་དང༌། མདུན་གྱི་ནམ་མཁར་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་བཞུགས་པ་ལ། སྙིང་གའི་འོད་དུར་ཁྲོད་བརྒྱད་ལ་ཕོག་པས་ཆ་བརྒྱད་དུ་གྱུར། ཡེ་ཤེས་པ་འཁོར་བཅས་ཕཻཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ ཌཱ་ཀི་ནི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཨ་ཀཱ་རོ་སོགས་གོང་བཞིན། ཨརྒྷ་དང༌། ཨོཾ་ཨཱཿཧཱུྃ་གོང་བཞིན། བརྟན་གཡོའི་བདག་པོ་ཧེ་རུ་ཀ །འཁོར་དང་བཅས་ལ་དང་བས་བསྟོད། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། ༈ །ནམ་མཁར་དུར་ཁྲོད་ཀྱི་དབུས་སུ་པད་ཉི་རོ་གདན་ལ་ཧཱུྃ་ལས་ནག་པོ་ཆེན་པོ་གྲི་ཐོད་གཎྜི་འཛིན་པ་དུར་ཁྲོད་རྒྱན་ཅན་ཕོ་ཉ་ལྔ་དང་བཅས་པའི་གཡོན་དུ་པད་ཟླ་ལ་ཨེ་ཀ་ཛ་ཊཱི་སྔོན་མོ་གཡུ་བུམ་འཛིན་ཞིང་དར་དང་རིན་པོ་ཆེས་བརྒྱན་པའི་ལྟེ་བར་བྷྱོཿལས་འདོད་ཁམས་མ་བོང་བུ་ལ་ཞོན་པ་སྔོ་ནག་ཕྱག་བཞིའི་གཡས་གཉིས་ན་གྲི་ཐོད། གཡོན་གཉིས་ན་མདུང་རྩེ་གསུམ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཞིང་བ་ལང་གི་ཀོ་བ་དང་རེ་ལྡེའི་ཤམ་ཐབས་ཅན་ལྕགས་སྒྲོག་གིས་བརྒྱན་ཞིང་ཞོན་པ་ལ་ནད་རྐྱལ་ཆོ་ལོང་ཁྲམ་ཤིང་བཀལ་བ། མགོན་པོའི་གཡས་སུ་པད་ཉི་རོ་གདན་ལ་ཧཱུྃ་ལས་ཙ་ཏུརྨུ་ཁ་སྔོ་དཀར་དམར་བ་དུད་ཀའི་ཞལ་ཅན་གཡས་གཡོན་གྱི་དང་པོ་གཉིས་གྲི་ཐོད།

p. 359

འོག་མ་གཉིས་གྲི་མདུང༌། རུས་ཕྲེང་མི་རྐང་གླིང་བུ་བུམ་པ་རྣམས་འཛིན་ཞིང་དུར་ཁྲོད་ཀྱི་ཆས་དང་ཚངས་སྐུད་ཅན། གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་གཡས་གཡོན་མདུན་རྒྱབ་ཏུ་གཡུང་མོ། གཏུམ་མོ། སྲིན་མོ། སིངྒ་ལཱི་རྣམས་སྔོ་ལྗང་དམར་སེར་གྲི་ཐོད་འཛིན་པས་བསྐོར་བ། དེའི་གཡས་སུ་པད་ཟླ་ལ་ཧཱུྃ་ཨྃ་ལས་ནོར་སྐྱོང་ཡབ་ཡུམ་ཀེང་རུས་དབྱུག་ཐོད་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ལྕམ་དྲལ་གཉིས་ཀྱི་མདུན་དུ་དམ་ཉམས་ཀྱི་རོ་གདན་ལྔ་ལ། ཡྃ་མྃ་ཏྲི་ཏྲི་བྷྱོཿལས་ནག་པོ་གནོད་སྦྱིན་གྲི་གུག་ཉི་མ། ནག་མོ་གནོད་སྦྱིན་སྤུ་གྲི་ཟླ་བ། པུ་ཏྲ་གྲི་ཐོད། བྷ་ཊ་ཤེར་ཤིང་སྙིང༌། སྲིན་མོ་སྤུ་གྲི་རྒྱུ་མ་འཛིན་པ་རྣམས་སྐུ་མདོག་མཐིང་ནག་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ལྕམ་དྲལ་གྱི་གཡོན་དུ་པད་ཟླ་ལ་བྷྱོཿལས་དཀར་མོ་ཉི་ཟླ་རི་རབ་གླིང་བཞི་འཛིན་ཅིང་དར་གོས་གསོལ་བ། གཡོན་དུ་ཧཱུྃ་ལས་བདུད་རྒྱལ་རྟ་ནག་ཆིབས་ཅིང་ལྕགས་མདུང་ཐོད་ཕྲེང་འཛིན་པ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པའི་མཐའ་སྐོར་དུ་དམ་ཅན་བཅུ་གཉིས་རུ་འདྲེན་སྡེ་བཞི་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་གསུང་ཐུགས་ལ་ཨོཾ་ཨཱཿཧཱུྃ། རང་གི་སྙིང་ག་ནས་འོད་འཕྲོས་པས་གཏོར་མགྲོན་འཁོར་བཅས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟཾ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་མ་ཧཱ་ཀཱ་ལཱི་དེ་ཝཱི་ཙ་ཏུརྨུ་ཁ་ཤྨ་ཤ་ན་པ་ཏི་བཛྲ་ཀཱ་ལ་ཡཀྵ་ཀཱ་ལི་ཡཀྵི་ནི་ཡཀྵ་པུ་ཏྲ་རུ་དྲ་བྷ་ཊ་རུ་ལུ་རཱཀྵ་སི་བཛྲ་ཤཱནྟིཾ་པདྨ་ཀྲྀཥྞ་ཀ་པཱ་ལ་བཛྲ་ཀཱི་ལ་ཡ་དྷ་ཏི་མ་མ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་གསུམ་གྱིས་ཕུལ། ཨརྒྷཾ་དང༌། ཨོཾ་ཨཱཿཧཱུྃ་གོང་བཞིན་བརྗོད། བསྟན་པ་རིན་ཆེན་སྐྱོང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བར་ཆད་ཞི་བའི་ཕྲིན་ལས་མཛོད། ༈ ཨོཾ་ཨཱཿཧཱུྃ་

p. 360

སོགས་གོང་བཞིན། ཕཻཾ། བཛྲ་ཨཱ་ར་ལི་ཧོ་ཚར་གཅིག ཨ་ཀཱ་རོ་མུ་ཁཾ་སོགས་ཚར་གསུམ། ཕྱི་ནང་གིས་མཆོད་ལ། གནས་གསུམ་རྡོ་རྗེ་མཁའ་འགྲོ་མ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བར་ཆད་ཐམས་ཅད་ཞི་བ་དང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། ༈ །བྱིན་རླབས་གོང་བཞིན། བྷཱུ་མི་པ་ཏི་ཨཱ་ཀརྵ་ཡ་ཛཿ ཨོཾ་ཨ་ཀཱ་རོ་སོགས་གོང་བཞིན། ཨོཾ་ཨཱཿཧཱུྃ། གནས་བདག་གཞི་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་སོགས་སྤྱི་གཏོར་བཞིན། ཡི་གེ་བརྒྱ་པའི་མཐར། ཉེས་བྱས་གང་ཡིན་བཟོད་པར་གསོལ། སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱཧཱ། བཛྲ་མུཿ ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་ཐིམ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། དགེ་འདིས་སེམས་ཅན་མ་ལུས་པ། །རྡོ་རྗེ་འཛིན་ས་ཐོབ་གྱུར་ཅིག །མཆོག་གསུམ་སྲུང་མའི་མཐུ་སྟོབས་ཀྱིས། །ཉིན་མཚན་ཀུན་ཏུ་བདེ་ལེགས་ཤོག །ཅེས་པའང་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་ཀྱི་གསུང་ཉིད་བློ་གཏེར་དབང་པོས་མཆོད་བརྗོད་དང་སྦྱར་བྱང་བརྗེས་ནས་ལུང་སྤེལ་ཞུས་པ་དགེ། ༈ །བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་ཞེས་བྱ་བ་བཞུགས། རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང༌། །འཛག་མེད་དགའ་ཆེན་མཉམ་སྦྱོར་བའི། །བླ་མ་ཧེ་རུ་ཀར་བཏུད་ནས། །གཏོར་ཆེན་ཆོ་ག་འདིར་བཤད་བྱ། །དེ་ཡང་བཅོམ་ལྡན་འདས་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་དེའི་བཅས་པ་ལ་གནས་པའི་རྣལ་འབྱོར་པས་གཏོར་མའི་ཆོ་ག་འདི་ཉིད་བསྒྲུབ་པར་བྱའོ། །དེས་ནི་ལས་དང་དངོས་གྲུབ་ལ་སོགས་པ་འདོད་པའི་ཁྱད་པར་ཤིན་ཏུ་མང་པོ་དག་འགྲུབ་པར་འགྱུར་ཞིང༌། སྐྱེ་བོ་མང་པོ་དག་ལའང་མཆོག་ཏུ་ཕན་པ་ཡིན་ནོ། །དེ་ལ་དུས་ནི། རྒྱུན་གྱི་རྣལ་འབྱོར་དང་འབྲལ་ན་ཐུན་སོ་སོའི་འཇུག་གི་ཆ་དང༌། ལྷག་པར་མཆོག་ཏུ་བསྔགས་པ་ནི་

p. 361

ནམ་ཕྱེད་ཀྱི་ཐུན་མཚམས་ལ་ཡིན་ཅིང༌། ཁྱད་པར་གྱི་དུས་ནི། དཔལ་མཁའ་འགྲོ་རྒྱ་མཚོ་ལས། ཚེས་བརྒྱད་དང་ནི་ཁྱད་པར་དུ། །བཅོ་ལྔ་དང་ནི་ཚེས་བཅུ་བཞིར། །གྲུབ་འདོད་རྣལ་འབྱོར་རྣམས་ཀྱིས་ནི། །འབད་པས་གཏོར་མ་སྦྱིན་པར་བྱ། །ཞེས་གསུང་ཞིང༌། དེ་དག་ལ་ཡར་ངོ་དང་མར་ངོའི་དབྱེ་བས་དྲུག་དང༌། སྤྱིར་གཏོར་ཆོག་འདི་ཚེས་བཅུ་མཆོད་པའི་ཡན་ལག་ཡིན་པས། ཚེས་བཅུ་རྣམ་པ་གཉིས་ཏེ་ཟླ་གཅིག་གི་ནང་དུ་ཉི་མ་བརྒྱད་པ་དེ་དག་བསྔགས་ལ། ལོ་དུས་ཀྱི་དབང་ལྟར་ན། དགུན་ཟླ་འབྲིང་པོའི་ཚེས་བཅུ་ལ་ལྷག་པར་བསྔགས་སོ། །དེ་ལྟར་གཏོར་ཆོག་ཆེན་མོ་བཏང་བའི་དཀྱིལ་འཁོར་ནི་རྩ་བའི་སྔགས་བཟླ་བཞིན་དུ་རྡོ་རྗེ་དང་བཅས་པའི་བ་དན་རྩེ་གསུམ་པའི་ཕྱག་རྒྱས། ནང་མཆོད་བླངས་ཏེ་ས་གཞི་ལ་བྱུགས་པའི་སྟེང་དུ་ཐིག་བཏབ་ནས་ཆོས་འབྱུང་སྲུང་འཁོར་དང་བཅས་པས་བསྒོམ་དོན་བཞིན་རྡུལ་ཚོན་གྱིས་བྲི་བའམ། རས་བྲིས་ཀྱི་དཀྱིལ་འཁོར་སོགས་ཡོད་ནའང་ལེགས་ལ། ཡང་ན་ཆོས་འབྱུང་གི་དབུས་སུ་ཟླུམ་སྐོར་གསུམ་ལྟེ་བ་ལེ་ཚེ་དགུ་དང་བཅས་པ་བྲི་བའམ། དེ་ཡང་མ་གྲུབ་ན་ཆོས་འབྱུང་པདྨ་འདབ་བརྒྱད་དང་བཅས་པ་ཙམ་མོ། །ཡང་ན་ཐིག་བཏབ་ནས་ཚོམ་བུ་བཀོད་ཀྱང་རུང༌། ཡང་རས་བྲིས་མེད་ཅིང་རྡུལ་ཚོན་བྲི་བ་མི་ལྕོགས་ན། མཎྜལ་ལ་ནང་མཆོད་ཀྱིས་ཆོས་འབྱུང་བྲིས་པའི་དབུས་སུ་ལྷ་གྲངས་མཉམ་པའི་མེ་ཏོག་གམ་འབྲུའི་ཚོམ་བུ་བཀོད་པས་ཀྱང་རུང་ངོ༌། །དེ་ནས་མཆོད་པའི་གཏོར་མ་བསྡུ་ན་གཅིག་གམ་གཉིས་དང༌། འབྲིང་པོར་འཁོར་ལོའི་གྲངས་དང་མཉམ་པའི་དགུའམ། རྒྱས་པར་ལྷ་གྲངས་དང་མཉམ་པ་ཏེ། གང་ལྟར་ཤ་ཁྲག་ཆང་དང་སྒོག་བཙོང་གིས་བརྒྱན་ཅིང་ཟས་བཟང་དགུས་སྦགས་པའོ། །དེ་ལས་རྒྱུན་གྱི་ལག་ལེན་དུ་ནི། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞིག་གི་གསུང་ཇོ་ནང་རྗེ་བཙུན་དམ་པས་གནང་བ་ལྟར། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་བུམ་པ་ཆང་གིས་བཀང་བའི་སྟེང་གཏོར་སྣོད་ཁ་ཟས་དང་དམར་གྱིས་

p. 362

གང་བ་རེ་རེ། འདས་གཏོར་དེ་ཀ་འདྲ་བ་ཅིག་བརྒྱད་པོའི་ཕྱི་རོལ་ལྷོ་ཕྱོགས་སྟེགས་བུ་མཐོ་བ་ལ་འཇོག་ཅིང༌། ཐམས་ཅད་བ་དན་གྱིས་བརྒྱན་པ་སོ་སོར་སྒོས་མཆོད་རེ་དང་བཅས་པའོ། །གལ་ཏེ་སྒོས་མཆོད་སོ་སོར་མ་ལྕོགས་ན། ཆུ་གཉིས་ཉེར་སྤྱོད་ལྔ་སོགས་སྤྱི་མཐུན་ཐུན་མོང་དུ་བཤམས་ཀྱང་ཆོག་པར་རྟོགས་སོ། །མདུན་དུ་བདུད་རྩི་ཀ་པཱ་ལ། རྡོར་དྲིལ། ཌ་མ་རུ་སོགས་ཀྱང་འདུ་བྱས་ལ། ཤྲཱི་ཧེ་རུ་ཀོ྅ཧཾ། ཞེས་བརྗོད། སྐད་ཅིག་གིས་རང་དཔལ་ཧེ་རུ་ཀའི་སྐུར་གྱུར་པར་བསམ། དེ་ནས་ནང་མཆོད་བདུད་རྩི་ནི་འོག་གི་གཏོར་མ་བྱིན་རླབས་ཇི་བཞིན་པས་བྱིན་གྱིས་བརླབ། གནས་ཡོ་བྱིན་རླབས། དེ་རྣམས་ལ་ནང་མཆོད་འཐོར་ལ། སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས། གནས་ཁང་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ་བྷྲུྃ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པ་རྣམས། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་བྱུང་བ། ངོ་བོ་བཟང་ཞིང་རྒྱ་ཆེ་བ་ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཨོཾ་སརྦ་བིད། པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟྟ་ཡ་ཨཱ་བརྟྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་

p. 363

པཱ་རཱ་མི་ཏ། ནཱ་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨཱ་ཁཾ་སྭཱཧཱ། ཞེས་རོལ་མོ་བྱིན་འབེབས་ཀྱི་སྔགས་དང༌། མཆོད་སྤྲིན་གྱི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མནྟྲོ་པ། སཾ་ཀྲ་མ་ཎི། སརྦ་ཀརྨ་ཨཱ་བ་ར་ཎེ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སོགས་ཅི་རིགས་པ་བཟླས་ཤིང་བྱིན་དབབ་བོ། །དེ་ནས་བདག་བསྐྱེད་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་དཀྱིལ་འཁོར་ཡོངས་རྫོགས་ནས། ཕག་མོ་གཙོ་རྐྱང་ངམ། དཔའ་བོ་གཅིག་པའི་བར་རྒྱས་བསྡུས་ཇི་ལྟར་བསྒོམ་ཡང་རུང་སྟེ། གང་ལྟར་བཟླས་པ་དང་འོད་གསལ་འཇུག་ལྡང་གི་བར་དུ་བྱའོ། །དེ་ལས་མངོན་རྟོགས་གཞན་བསྒོམ་ཚེ་སྒྲུབ་ཐབས་རྣམས་སུ་ཤེས་ལ། འདིར་ལྷན་སྐྱེས་ཀྱི་མངོན་རྟོགས་ཙམ་བཤད་ན། སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་གི་ནང་དུ་ཡྃ་ལས་རླུང༌། རྃ་ལས་མེ། བྃ་ལས་ཆུ། ལྃ་ལས་ས། སུྃ་ལས་རི་རབ་བརྩེགས་པའི་གདན་ལ། ཧཱུྃ་ལས་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ། རང་སེམས་ཧཱུྃ་བྃ་ལས། དཔལ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཨིནྡྲ་ནཱི་ལ་ལྟར་འབར་བ། ལང་ཚོ་ལ་བབ་ཅིང༌། མཁྲང་བག་ཆགས་པའི་སྐུ་ཅན། བཞད་ཅིང་ཁྲོལ་ཆགས་པའི་ཉམས་དང་ལྡན་པ། འཇིགས་པའང་འཇིགས་པར་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་ཞིང༌། མཆེ་བའི་མྱུ་གུ་གཙིགས་པ། རལ་པའི་ཅོད་པན་གྱི་རྩེ་མོར་ནོར་བུ། གཡོན་ངོས་སུ་ཟླ་ཕྱེད། མདུན་ངོས་སུ་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། དཔའ་བོའི་དར་འཕྱངས་དང༌། རུས་པའི་རྒྱན་དྲུག་དང༌། མི་མགོའི་དོ་ཤལ་དང༌། ཐལ་བ་དང༌། རིན་པོ་ཆེའི་རྩེ་བྲན་དང༌། མི་བསྐྱོད་པའི་རིགས་བདག་ཅན། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ།

p. 364

ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། པད་ཉིའི་སྟེང་དུ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དང༌། གཡོན་བསྐུམས་པའི་འཇིགས་བྱེད་ཆེན་པོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་པའོ། །ཡུམ་རྡོ་རྗེ་ཕག་མོ་དམར་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། སྐུ་མདོག་དམར་མོ་དབུ་སྐྲ་གྲོལ་བ། བ་སྤུ་ལངས་ཤིང་མེ་ཏོག་འཛག་པ། ཕྱག་གཡས་གྲི་གུག་དང་བཅས་པའི་སྡིག་མཛུབ་གདེངས་པ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔ་དང༌། ཐོད་སྐམ་གྱི་དོ་ཤལ་ཅན། ཞབས་གཡས་ཡབ་ལ་འཁྲིལ་ཞིང༌། གཡོན་བརྐྱངས་པས་འདོད་ཆགས་ཆེན་པོའི་བདེ་བ་ལ་རོལ་པ། རྣམ་སྣང་གི་དབུ་རྒྱན་ཅན། ལྷག་མ་བཅོམ་ལྡན་འདས་དང་མཚུངས་པ། ཡབ་ཡུམ་གཉིས་ཀའང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཨོཾ་ཨཱཿཧཱུྃ་ཕཻཾ་ཛཿཧཱུྃ་བཾ་ཧོཿ ཡབ་ཀྱི་སྙིང་གར་ཨོཾ་ཧ། མགོ་བོར་ན་མཿཧི། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ། ཕྲག་པར་བོ་ཥ་ཊ྄་ཧེ། མིག་ཏུ་ཧཱུྃ་ཧཱུྃ་ཧོ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ། ཡུམ་གྱི་ལྟེ་བར་ཨོཾ་བྃ། སྙིང་གར་ཧཾ་ཡྃ། ཁར་ཧྲིཾ་མོཾ། དཔྲལ་བར་ཧྲེཾ་ཧྲིཾ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཡན་ལག་རྣམས་སུ་ཕཊ་ཕཊ། ཨརྒྷཾ་ལ་སོགས་པས་མཆོད། རྐང་བརྒྱད་དམ། བསྡུ་ན། ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་སེམས་སོགས་བྱས་ཀྱང་མཆོག ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མཆན། ༈ །ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་སེམས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་དང་གཡས་བརྐྱངས་པས་དུས་མཚན་མ་མནན་པ། རལ་པའི་ཐོར་ཚུགས་ཅན། ཡིད་བཞིན་གྱི་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཕྱག་རྒྱ་དྲུག་

p. 365

དང༌། མགོ་ཕྲེང་དང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ། སྐྲ་གྲོལ་ཞིང༌། ཕྱག་རྒྱ་ལྔ་དང་ཐོད་པ་སྐམ་པོའི་ཕྲེང་བ་ཅན། ཞབས་གཡོན་བརྐྱང་པའི་སྟབས་ཅན་གྱིས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡབ་ལ་མི་བསྐྱོད་པ་དང༌། ཡུམ་ལ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་འོད་ཀྱིས་སངས་རྒྱས་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཞེས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཞེས་བཟླའོ། །མཐར་རྗེས་གཞིགས་ཀྱི་རིམ་པས་འོད་གསལ་དུ་བསྡུས་ལ། སླར་ཡང་སྐུར་ལྡང༌། དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི། ཆུ་ཆང་ནང་མཆོད་ཀྱིས་བྲན། སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ལྟ་བུ་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ་ཁ་དོག་དམར་པོ་འབར་བ་རྃ་གྱིས་མཚན་པ། དེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཤིན་ཏུ་རྒྱ་ཆེ་བ་ཨས་མཚན་པ། དེའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་དབུས་སུ་ན་ལས་མིའི་ཤ། ཤར་དུ་གོ་ལས་བ་ལང་གི་ཤ། བྱང་དུ་ད་ལས་གླང་པོ་ཆེའི་ཤ། ནུབ་ཏུ་ཧ་ལས་རྟའི་ཤ། ལྷོ་རུ་ཀུ་ལས་ཁྱིའི་ཤ། ཤ་རེ་རེའི་སྟེང་དུ་དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་ཤུ་ལས་བྱང་སེམས། ལྷོར་ར་ལས་རཀྟ། དེ་རྣམས་ཀྱི་སྟེང་དུ། དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་དུ་བྷྲཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས། བྱང་དུ་ཁྃ་བྱ་བ་གྲུབ་པའི་ཡེ་ཤེས། ནུབ་ཏུ་ཛྲིཾ་སོ་སོར་རྟོག་པའི་ཡེ་ཤེས། ལྷོར་ཨཱྃ་མཉམ་པ་ཉིད་ཀྱི་ཡེ་ཤེས། དེའི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་

p. 366

བ། དེའི་སྟེང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་ཨཱཿས་བརྒྱན་པ། དེའི་སྟེང་དུ་ཧཱུྃ་ལས་བདུད་རྩིའི་རང་བཞིན་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་བསྟན་པའམ། རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། ཧཱུྃ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག རླུང་གཡོས་མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་འོད་དུ་ཞུ་ཞིང་བསྐོལ་ཏེ་ཐ་མལ་པ་སྦྱངས། དེའི་རླངས་ཀྱི་འོད་ཟེར་སྟེང་དུ་འཕྲོས་པས། ཨོཾ་མགོ་ཐུར་དུ་ལྟ་བ་དང༌། ཟླ་བ་དང༌། ཁ་ཊྭཱཾ་གའམ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་བདུད་རྩིའི་རྒྱུན་འཛག་པ་དང་འདྲེས་པས་བདུད་རྩིར་རྟོགས་པར་བྱས། ཁ་ཊྭཱཾ་གའམ་རྡོ་རྗེའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཐོད་པ་བདུད་རྩིས་གང་བ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། མདུན་གྱི་བདུད་རྩི་ལ་ཐིམ་སྟེ། ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པས་མཐའ་མེད་དུ་སྦར། ཁ་ཊྭཱཾ་གའམ། རྡོ་རྗེ་དང་ཟླ་བ་དང་ཨོཾ་ཡང་ལྷུང་སྟེ་ཞུ་ནས་ཁ་དོག་དང་དྲི་རོ་དང་ནུས་པའི་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཡང་ཡང་བརྗོད། དེ་ནས་གཏོར་མའི་དཀྱིལ་འཁོར་སུམྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་ནམ་མཁའི་ཁམས་ནང་དུ་དུར་ཁྲོད་ཆེན་པོའི་ས་གཞི་ལ། བྃ་ལས་ཆུ་ཁམས་ཀྱི་དཀྱིལ་འཁོར་དཀར་པོ། དེའི་ནང་དུ་ཡྃ་ལས་རླུང་ཁམས་ཀྱི་དཀྱིལ་འཁོར་ནག་པོ། དེའི་ནང་དུ་རྃ་ལས་མེ་ཁམས་ཀྱི་དཀྱིལ་འཁོར་དམར་པོ། དེའི་ནང་དུ་ལྃ་ལས་ས་ཁམས་ཀྱི་དཀྱིལ་འཁོར་སེར་པོའོ། །དེ་རྣམས་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་དང་བྲལ་བ། དེའི་དཀྱིལ་འཁོར་ནང་མའི་ལྷ་སྣམ་ཁོར་ཡུག་རིམ་པ་གསུམ་གྱིས་བསྐོར་བའི་དབུས་སུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །པདྨའི་ལྟེ་བར་ཉི་མ་དང་མི་རོའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་གར་གྱི་ཉམས་དགུ་དང་ལྡན་པ། མཁའ་འགྲོ་རྒྱ་མཚོ་ལྟར་ན། ཕྱག་བཞིའི་དང་པོ་

p. 367

གཉིས་ཌ་མ་རུ་དང་ཁ་ཊྭཱྃ་ག་དང༌། འོག་མ་གཉིས་གྲི་གུག་དང་ཐོད་པ་འཛིན་པ། ཡང་རྡོ་རྗེ་མཁའ་འགྲོ་ལྟར་ན། ཕྱག་དང་པོ་གཉིས་གཡས་བ་དན་རྩེ་གསུམ་པའི་ཕྱག་རྒྱས་འཛིན་ཅིང་གསོར་བའི་རྡོ་རྗེ་དང་གཡོན་བཤོར་གྱི་རྣམ་པའི་ཐོད་ཁྲག འོག་མ་གཉིས་མདའ་གཞུ་འགེངས་པ། དྲག་པོ་ཆེན་པོ་སུམ་ཅུ་རྩ་གསུམ་ཐམས་ཅད་ཀྱང་འཇིགས་པར་མཛད་པ། ཧེ་རུ་ཀའི་རྒྱན་དང་ཆ་བྱད་ཐམས་ཅད་ཡོངས་སུ་རྫོགས་པའོ། །འདབ་མ་རྣམས་ལ་ཤར་དུ་ཕྲུྃ་ལས་མཁའ་འགྲོ་རྒྱལ་དབང་མ་དཀར་མོ་ཐལ་མོའི་རྩེ་མོ་ཁར་བཅུག་པ། བྱང་དུ་ཕྲཻཾ་ལས་འབར་བྱེད་མ་སེར་མོ་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པ། ནུབ་ཏུ་ཕྲོྃ་ལས་འཇིག་བྱེད་མ་དམར་མོ་སྙིམ་པ་ཁྲག་གིས་གང་བ་ཞལ་དུ་གསོལ་བ། ལྷོར་ཕྲིཾ་ལས་གཡོ་ལྡན་མའམ་ངག་འཕྲོག་མ་སྔོན་མོ་ཕྱག་གཉིས་གཏུན་ཤིང་དང་སྡིགས་མཛུབ་ཅན། བཞི་ཀར་ཡང་སྐྲ་དམར་པོ་གྲོལ་ཞིང་མི་རོའི་གདན་ལ་བཞེངས་པ། གཅེར་བུ་སྦྲུལ་དང་རུས་པ་ལ་སོགས་པ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་ཐོད་པ་བདུད་རྩིས་གང་བ་བཞིའོ། །དེའི་ཕྱི་རོལ་ཡུལ་ཉི་ཤུ་རྩ་བཞིའི་ངོ་བོ་ཁོར་ཡུག་གསུམ་པོ་སོ་སོར་རེ་མིག་བརྒྱད་དང་ལྡན་པའི། ཕྱོགས་གཡོན་སྐོར་མཚམས་གཡས་སྐོར་གྱིས་གནས་པའི་ཀྵེཾ་རྣམས་ལས་བྱུང་བའི་གནས་སྲུང་ཞིང་སྐྱོང་ཉི་ཤུ་རྩ་བཞི་རྣམས་གྲུབ་པར་གྱུར་པ་ནི། ཁོར་ཡུག་དང་པོར། རབ་ཏུ་རྒོད་པ་ཤིང་མཆོག་ཀ་དམ་པ། །ཞིང་སྐྱོང་«་་་་་འགོས་འགྱུར་དུ། ཡུམ་ཞི་གདོང༌། ཡབ་དྲིལ་ཆེན་དུའང་བཤད།» ཞི་གདོང་དྲིལ་བུ་ཆེན་མོར་བཅས། །རྡོ་རྗེ་འཛིན་ཅིང་འཁོར་ལོའི་གདན་ལ་གནས། །ཀོལླ་གི་རིར་རི་རྩེ་ལ་བརྟེན་པའི། །ཞིང་སྐྱོང་མེ་ཞལ་དཔལ་ཆེན་མོ་དང་བཅས། །མི་མགོ་འཛིན་ཅིང་མི་རོའི་གདན་ལ་གནས། །དྷ་ར་ཎ་ཡུལ་ཏྭ་ལའི་ཤིང་ལ་བརྟེན། །གཙིགས་«་་་་་བདེ་བྱེད་མ་དང་སྐྲ་གྱེན་ཟེར།» པ་ཆེན་པོ་སྐྲ་གྱེན་འབར་མར་བཅས། །རྩེ་«་་་་་གཡའི་མཚོན་ཆ་ཟེར།» གསུམ་འཛིན་ཅིང་སིདྡྷི་སིམྦ་ཌི།«་་་་་དངུལ་ཆུས་གང་བའི་སྣོད།» །དེ་བཱི་ཀོ་ཊིར་ཤིང་

p. 368

མཆོག་པཱ་ཊ་ལ། །ལུས་«་་་་་རྒྱུ་ཆེན་ཡང་ཟེར།» ཆེན་པོ་ནི་རྣ་བ་ཆེན་མོར་བཅས། །མདུང་ཐུང་འཛིན་ཅིང་ཡི་དྭགས་གདན་ལ་བཞུགས། །བི་ར་ཛར་ནི་ཨ་མྲ་ལ་བརྟེན་པའི། །ཧ་ཧར་བཞད་པ་«་་་་་སྐད་དོད་ཨ་བྷི་ཡོད་ཟེར།» ཡུམ་ནི་མེར་འབར་མ། །བ་དན་འཛིན་ཅིང་ཤིང་ལེབ་ལ་གནས་པའོ། །ཨེ་རུྃ་ཊ་རུ་ཀརྞིའི་ཤིང་གི་དྲུང༌། །དྲིལ་བུ་སྒྲ་ཅན་མེ་ཡི་གདོང་མ་གཉིས། །རྡོ་རྗེ་ཤཀ་ཏི་འཛིན་«་་་་་འཕང་མདུང་ཟེར།» ཅིང་ཕག་ལ་ཞོན། །སེར་«་་་་་ཏ་ཏ་པ།» སྐྱེའི་གནས་སུ་ཤིང་མཆོག་ཛ་ཊི་ཏེ།«་་་་་ཏི་ཟེར།» །བྱིན་པ་ཆེན་པོ་དམར་སེར་མ་དང་བཅས། །གཏུན་ཤིང་འཛིན་ཅིང་ཡི་དྭགས་གདན་ལ་བཞུགས། །ཨེ་ལའི་གྲོང་དུ་ཨ་པར་ཛི་ཏའི་ཤིང༌། །གླང་པོའི་རྣ་བ་སྟོབས་ཆེན་མ་དང་བཅས། །ཞགས་པ་ཐོགས་པས་བོང་བུའི་སྟེང་དུ་བཞུགས། །དེ་ནས་འཁོར་ཡུག་གཉིས་པར། ཁ་ཆེའི་ཡུལ་དུ་རི་བོ་ལ་བརྟེན་པའི། །འཇིགས་«་་་་་སྡུ་གུའི་བྱིན་ཅན་ཟེར།» བྱེད་ཆེན་མོ་བ་ལང་རྣ་བ་མ། །ལག་ན་ལྕགས་སྒྲོག་ནོར་སྦྱིན་གདན་ལ་བཞུགས། །མ་རུང་མྱ་ངམ་ཐང་ལ་བརྟེན་པ་ཡི། །གཙིགས་«་་་་་རིམ་པ་མོ་ཡང་ཟེར།» པའི་ཞལ་ཅན་འཇིགས་ཞལ་«་་་་་སྐད་དོད་གར་མ་ཟེར་བ་ཡོད་ཟེར།» མ་ལྷན་ཅིག ལྕགས་ཀྱུ་ཞགས་པ་ཐོགས་ཤིང་མ་ཧེ་ཞོན། །སྤ་ཤིང་མཱུ་ར་ལ་བརྟེན་ན་ག་རར། །མཆེ་«་་་་་སྤུའི་བྱིན་པ། རྩ་བའི་བྱིན་ཅན་ཡང་ཟེར།» གཙིགས་ཆེན་པོ་རོ་ལངས་ཅན་མར་བཅས། །ཐང་གཤོལ་འཛིན་ཅིང་མི་མགོའི་གདན་ལ་བཞུགས། །སུ་ཝརྞ་རུ་ཨ་ཤྭད་ཐ་ཡི་དྲུང༌། །བུམ་པའི་འབྲས་བུ་ཅན་དང་ཙ་«་་་་་ཀུམྦྷཎྜེ་ཟེར།» མུཎྜི། །ཁ་ཊྭཱཾ་ག་འཛིན་མི་རོའི་གདན་ལ་འགྱིངས། །ཛ་ཡནྟ་རུ་ཁང་པ་བརྩེགས་པ་ལ། །རལ་པ་གསུམ་པ་བཞིན་མཛེས་«་་་་་བཞིན་དངས་མ་ཟེར།» མ་དང་བཅས། །ལུག་རྒྱུད་འཛིན་ཅིང་ཀེང་རུས་ལ་གནས་པ། །པྲེ་ཏ་པུ་རིར་ཨུ་དུམྦར་ལ། །འཇིགས་པར་བྱེད་པ་«་་་་་དྲིལ་བུ་མ་ཟེར། ལུག་གདོང་མའང་ཟེར།» གློག་གི་གདོང་མར་བཅས། །གཞལ་ཡས་ཁང་གནས་དབྱུག་པ་མདུང་ཐུང་འཛིན། །སོའུ་རར་ནི་ཤལ་མ་ལི་ཡི་ནགས། །ཀུན་མཛེས་དང་ནི་མེ་ལྕེའི་གདོང་མ་གཉིས། །ཤ་ཆེན་ཕུང་པོར་གྲི་གུག་མདུང་ཐུང་འཛིན། །ཙཱ་རི་ཏྲ་རུ་ཀ་རཉྫ་

p. 369

ཤིང་ལ། །དྲིལ་བུ་ཆེན་པོ་ཀ་རཉྫར་གནས་མ། །མདུང་ཐུང་འཛིན་ཅིང་འཇམ་འབྲས་སྡོང་པོར་གནས། དེ་ནས་ཁོར་ཡུག་གསུམ་པར། ཨོ་«་་་་་ཨུ་ཌེ་ཡང་ཟེར།» རྒྱན་ཡུལ་དུ་མྱ་ངན་མེད་པའི་ཤིང༌། །ཞིང་སྐྱོང་སྒྲ་«་་་་་དྲག་པོ་སྟོབས་ཆེན།» ཅན་ཡུམ་ནི་ལྷ་ཆེན་མོ། །རྡོ་རྗེ་ལྕགས་སྒྲོག་འཛིན་ཅིང་འདྲེ་བདུད་མནན། །ཛ་ལནྡྷ་རར་གསེར་ཤིང་ལ་བརྟེན་པའི། །ཞིང་སྐྱོང་སྐྱེད་«་་་་་མིག་སྐྱེས་ཡང་ཟེར།» པ་ཞེས་བྱ་གཏུམ་མོར་བཅས། །གྲི་གུག་འཛིན་ཅིང་མི་རོ་«་་་་་བདུད་མནན་པར་བྱས་ཀྱང་ཆོག» ཞབས་ཀྱིས་མནན། །ཀྵི་ར་ཀ་རུས་སཱ་ལའི་ཤིང་སྡོང་ལ། །རི་རབ་ཆེན་པོ་འཇིག་རྟེན་མ་མོར་བཅས། །རལ་གྲི་འཕྱར་ཞིང་མེ་དཔུང་ལ་གནས་པ། །མཱ་ཡ་པུ་རིར་ཤྭ་«་་་་་འབྱུང་པོའི་ཤིང་ཟེར།» ཥོ་ཊ་ཤིང་དྲུང༌། །ཞིང་སྐྱོང་འཇིགས་པ་འདོད་པ་མོ་དང་བཅས། །མི་རོའི་ཕུང་པོར་རྡོ་རྗེ་ཤག་ཏི་འཛིན། །ཨམ་བྲཻ་ཀ་ཡུལ་དེ་བ་ད་«་་་་་དྷཱ་ཏྲི་ཟེར།» རུ་ལ། །བརྟུལ་ཞུགས་ཆེན་པོ་སྲུལ་མེ་དང་ལྷན་ཅིག །ཐང་གཤོལ་«་་་་་ག་དེའི་དབྱུག་པ་ཟེར། ཐོད་པ་དབྱུག་པའང་ཟེར།» ག་ཡ་འཛིན་ཅིང་སེང་གེ་ཞོན། །རྒྱལ་པོའི་ཁབ་ཏུ་ནི་«་་་་་ད་ལི་ཀ་ཟེར། ལྷ་གཉེན་གྱི་ཤིང་གཅིག་ཡིན་ཟེར།» ལི་ཀེ་ཤིང་ལ། །རྒ་བ་ཆེན་པོ་མི་སྡུག་མ་དང་བཅས། །རྡོ་རྗེ་ལྕགས་ཀྱུ་འཛིན་ཅིང་འཁོར་ལོར་གནས། །བོད་ཡུལ་བྲག་གི་ཕུག་ལ་བརྟེན་པ་ཡི། །ཞིང་སྐྱོང་ལོངས་སྤྱོད་ལྷན་ཅིག་སྐྱེས་མར་བཅས། །ཆུ་སྲིན་རྒྱལ་མཚན་འཛིན་ཅིང་ཡི་དྭགས་མནན། །མ་ལ་བར་ནི་སྦྲང་རྩིའི་ཤིང་གི་དྲུང༌། །སྣ་ཚོགས་«་་་་་སྐྱེས་པའི་ཡང་ཟེར།» དབང་ཕྱུག་དབང་བསྐུར་མ་དང་བཅས། །རོ་གདན་ལ་བཞུགས་རྡོ་རྗེ་ཐོ་བ་འཛིན། །ཀུན་ཀྱང་ལས་དང་མཐུན་པའི་རྣམ་འགྱུར་དང༌། །རྒྱན་དང་ན་བཟའ་ཁ་དོག་འོད་ཟེར་འབར། །ཡང་ན་ཕྱོགས་དང་མཐུན་པའི་ཁ་དོག་བཅས། །འབྱུང་པོའི་ཚོགས་རྣམས་ཀུན་གྱིས་བསྐོར་བར་གྱུར། །ཡུལ་ཉི་ཤུ་རྩ་བཞིའི་བདག་ཉིད་འཁོར་ལོའི་རྩིབས་སམ་རེ་མིག་སོ་སོ་ལ་བཞུགས་པའོ། །དེ་ལྟར་ས་ཁམས་འཁོར་ལོའི་སྒོ་བཞིར་ཧྲཱིཿཕྲཻཾ་ཧི་ཧོཿ མཚམས་བཞིར་ཨོཾ་གྃ་བིཾ་ཨིཾ་རྣམས་ཡོངས་སུ་གྱུར་པ་

p. 370

ལས། ཤར་སྒོར་ཕག་མོ་སྔོན་མོ་ཕག་གདོང་ཅན། །རབ་ཁྲོས་མདའ་གཞུ་རྒྱལ་མཚན་ཐོད་པ་འཛིན། །ལྷོ་སྒོར་ཞི་བ་མ་ནི་དམར་མོ་སྟེ། །ཐོད་པ་ལྕགས་ཀྱུ་ཁ་ཊྭཱཾ་ཅང་ཏེ་འཛིན། །ནུབ་སྒོར་གཞོན་ནུ་མ་ནི་སེར་མོ་སྟེ། །ཏྲི་ཤཱུལ་བ་དན་གསུམ་པ་གཞུ་དང་མདའ། །བྱང་སྒོར་ཙ་མུཎྜི་ནི་སྐུ་མདོག་ནག །ཁ་ཊྭཱཾ་ཐོད་པ་རྔེའུ་ཆུང་ཆང་སྣོད་འཛིན། །བྱང་ཤར་ཟུར་དུ་ཚངས་མ་ཁ་དོག་དཀར། །འཁོར་ལོ་དང་ནི་ཐོད་པ་མདའ་གཞུ་བསྣམས། །ཤར་ལྷོར་ཚོགས་ཀྱི་དབང་མོ་ལྗང་གུ་སྟེ། །རྩེ་གསུམ་ཐོད་པ་བགྲང་ཕྲེང་ལ་དུ་འཛིན། །ལྷོ་ནུབ་ཁྱབ་འཇུག་མ་ནི་ནམ་མཁའི་མདོག །འཁོར་ལོ་ཐོད་པ་ཞགས་པ་རལ་གྲི་འཛིན། །ནུབ་བྱང་མཚམས་སུ་དབང་མོ་མདངས་འོད་ཟེར། །ཤཀྟི་ཐོད་པ་སྡིགས་མཛུབ་ཞགས་པ་འཛིན། །དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ་དབུ་སྐྲ་གྱེན་དུ་བརྫེས་པ་སྟག་ལྤགས་ཀྱི་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མི་རོའི་གདན་ལ་བཞུགས་པའོ། །དཀྱིལ་འཁོར་གཉིས་པའི་བྱང་ཤར་ནས་བརྩམས་ཏེ་གཡས་སྐོར་གྱི་ཕྱོགས་མཚམས་བརྒྱད་ལ། ཨཱིཾ་ཨིཾ་ཨཱྃ་ཡྃ་ནྃ་ཡྃ་ཀཱྃ་རྣམས་ཡོངས་སུ་གྱུར་པ་ལས། འབྱུང་པོར་དབང་ལྡན་དཀར་པོ་ཁྱུ་མཆོག་ཆིབས། །ཕྱག་ན་མདུང་རྩེ་གསུམ་དང་ཐོད་པ་བསྣམས། །ཤར་དུ་ས་སྲུང་བུ་ལ་དབང་པོ་སེར། །རྡོ་རྗེ་དང་ནི་ཐོད་པ་ཕྱག་གིས་འཛིན། །ཤར་ལྷོར་མེ་ལྷ་ལུག་ལ་ཞོན། །དམར་པོ་ཕྱག་ན་མེ་ཐབ་འཛིན། །ལྷོ་ཕྱོགས་གཤིན་རྗེ་ནག་པོ་སྟེ། །མ་ཧེའི་གདན་སྟེང་དབྱུག་ཐོ་འཛིན། །ལྷོ་ནུབ་སྲིན་པོ་སྔོ་སྐྱ་སྟེ། །རལ་གྲི་ཕྱར་ཞིང་ཁྱི་ལ་ཆིབས། །ཆུ་སྲིན་ལ་གནས་ཆུ་ལྷ་དཀར། །ཞགས་པ་ཐོགས་པ་ནུབ་ཕྱོགས་སུའོ། །རླུང་ལྷ་དུད་མདོག་བ་དན་འཛིན། །ནུབ་བྱང་རི་དྭགས་སྟེང་ན་གནས། །གཏེར་བུམ་སྟེང་ན་ལུས་ངན་སེར། །རིན་པོ་ཆེ་འཛིན་བྱང་དུ་གནས། །དེ་ཐམས་ཅད་ཕྱག་བཞིའི་གཡོན་གྱི་དང་པོ་ཐོད་པ་བཅུད་ཀྱིས་གང་བ་དང་འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་ནས་གཙོ་

p. 371

བོ་ལ་འདུད་པའོ། །དཀྱིལ་འཁོར་གསུམ་པའི་ཤར་ནས་གཡས་སྐོར་གྱི་སུྃ་ཙྃ་མྃ་བུྃ་བྲྀྃ་ཤུྃ་ཤྃ་རྃ་ཀེཾ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ཉི་མ་དམར་སེར་རྟ་མཆོག་དཀར་པོ་བཅིབས། །ཉི་མའི་དཀྱིལ་འཁོར་གྱིས་མཚན་པདྨ་ཕྱག་ན་བསྣམས། །ཟླ་བ་དཀར་པོ་ཟླ་དཀྱིལ་ཕྱེད་པས་མཚན་པ་ཡི། །ཀུ་མུད་འཛིན་པ་ངང་པ་ལ་གནས་ཤར་ལྷོར་བཞུགས། །ལྷོ་སྒོར་མིག་དམར་དམར་པོ་ར་སྐྱེས་ལ་གནས་ཤིང༌། །གཡས་པས་གྲི་ཐུང་གཡོན་པས་མི་མགོ་བཟུང་སྟེ་ཟ། །པད་གདན་ལ་གནས་གཟའ་ལྷག་སེར་པོ་བདེན་བྲལ་ན། །མདའ་གཞུ་འགེངས་ཤིང་ཞི་བའི་ལྟ་བས་གནས་པའོ། །ནུབ་སྒོར་ཕུར་བུ་སེར་སྐྱ་རླུང་དུ་པ་སངས་དཀར། །གཉིས་ཀའང་པདྨ་ལ་གནས་བགྲང་ཕྲེང་སྤྱི་བླུགས་འཛིན། །སྤེན་པ་སྔོ་ནག་རུས་སྦལ་ལ་ཆིབས་རབ་ཏུ་ཁྲོས། །དབྱུག་པ་འཕྱར་ཞིང་ཁུ་ཚུར་དཀུར་བསྟེན་བྱང་སྒོར་བཞུགས། །དབང་ལྡན་ཟུར་དུ་སྒྲ་གཅན་དམར་ནག་སྲིན་པོའི་ལུས། །སྤྲིན་གྱི་གསེབ་ནས་ལུས་སྟོད་ཕྱུངས་ཏེ་ཉི་ཟླ་འཛིན། །དེ་དང་ལྷན་ཅིག་མཇུག་རིང་སྔོན་པོ་སྦྲུལ་མཇུག་ཅན། །ཀླུ་གཟུགས་རབ་ཏུ་ཁྲོས་པས་རལ་གྲི་ཞགས་པ་འཛིན། །དེ་དག་ཀུན་ཀྱང་རང་གི་ཁང་པའི་སྟེང་ན་བཞུགས། །རྒྱུ་སྐར་ལ་སོགས་གདོན་གྱི་ཚོགས་ཀྱིས་རབ་ཏུ་བསྐོར། །རྫུ་འཕྲུལ་ཆེན་པོ་སྟོབས་ལྡན་རང་གི་དམ་ཚིག་སྤྱོད། །དཀྱིལ་འཁོར་ཕྱི་མའི་ཕྱོགས་བཞིར་གཡོན་སྐོར་གྱི། །བྲྃ་བྃ་རུྃ་ཀྃ་མཚམས་བཞིར་མྃ་རྃ་བཱྃ་ཡྃ་ཡོངས་སུ་གྱུར་པ་ལས། །དབང་པོར་ཚངས་པ་དཀར་པོ་ནི། །ཞལ་བཞི་ཐོད་པ་བཟླས་འཕྲེང་དང༌། །སྤྱི་བླུགས་པདྨ་འཛིན་པའོ། །གནོད་སྦྱིན་ཕྱོགས་སུ་ཁྱབ་འཇུག་ནག །ཕྱག་བཞི་རལ་གྲི་འཁོར་ལོ་དང༌། །ཐོད་པ་ག་དེའི་དབྱུག་པ་འཛིན། །གཤིན་རྗེར་དྲག་པོ་དུ་བའི་མདོག །མདུང་རྩེ་གསུམ་པ་ཐོད་ཁྲག་དང༌། །ཞགས་པ་བཟླས་ཕྲེང་ཕྱག་ན་བསྣམས། །ཆུ་བདག་ཕྱོགས་སུ་གཞོན་

p. 372

ནུ་སེར། །གདོང་པ་དྲུག་ལྡན་མདུང་ཐུང་དང༌། །དབྱིག་ཏོ་ཐོད་པ་བགྲང་ཕྲེང་འཛིན། །དབང་ལྡན་ས་ཡི་དཀྱིལ་འཁོར་ལ། །པདྨ་ལ་གནས་ནོར་འཛིན་མ། །སེར་མོ་གོས་དཀར་བུམ་པ་དང༌། །མི་འཇིགས་སྦྱིན་པའི་ཕྱག་རྒྱ་ཅན། །བྱིན་ཟར་མེ་ཡི་དཀྱིལ་འཁོར་ལ། །མེ་ལྕེ་འབར་བའི་སྟེང་དུ་ནི། །མེ་ཡི་ལྷ་མོ་མེ་ལྷ་མཚུངས། །སྲིན་པོར་ཆུ་ཡི་དཀྱིལ་འཁོར་སྟེང༌། །ཆར་སྤྲིན་ལ་གནས་ཆུ་ལྷ་མོ། །མདོག་དབྱིབས་ཕྱག་མཚན་ཆུ་ལྷ་བཞིན། །གཡོ་བའི་ཕྱོགས་སུ་རླུང་དཀྱིལ་ལ། །འཚུབ་མ་རླུང་རས་གཡོ་བས་མཚན། །དེར་གནས་རླུང་གི་ལྷ་མོ་ནི། །ཕྱོགས་སྐྱོང་རླུང་ལྷ་ཉིད་དང་མཚུངས། །དེའི་ཕྱི་རོལ་གཞལ་ཡས་ཁང་གི་སྒོའི་གཡས་གཡོན་ལ། ཡི་གེ་ཕུཿཡིག་བརྒྱད་ལས་ཀླུ་ཆེན་པོ་བརྒྱད། སྒོའི་ཕྱི་རོལ་གྱི་ཁྱམས་ལ་ལྷ་མ་ཡིན་དང༌། ལུས་སྲུལ་པོ་ལ་སོགས་པའི་ཚོགས་དང༌། ཕྱི་རོལ་དུར་ཁྲོད་ཀྱི་གནས་ལ་ཧཱུྃ་རྣམས་ལས་བྱུང་བའི་འཇིག་རྟེན་སྐྱོང་བ་བརྒྱད་མཁའ་འགྲོ་སུམ་ཅུ་རྩ་གཉིས་འཁོར་དང་བཅས་པ་གྲུབ་པར་འགྱུར་པ་ནི། དབང་ལྡན་གནས་སུ་ནག་པོ་དྲག་པོ་དཀར། །ཁྱུ་མཆོག་ལ་ཞོན་རྩེ་གསུམ་ཐོད་ཁྲག་འཛིན། །རྒན་བྱེད་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །ཤར་དུ་དྲག་པོ་ཆེན་པོ་གླང་ཆེན་ཞོན། །སེར་པོ་རྡོ་རྗེ་འཛིན་ཅིང་གདན་གནོན་ཕྱག །རྒྱལ་བ་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །མེ་རུ་ལྷས་སྦྱིན་དབྱུ་གུ་རྩེ་གསུམ་དང༌། །རིལ་བ་སྤྱི་བླུགས་འཛིན་དམར་ར་སྐྱེས་ཞོན། །ནག་མོ་བཟང་མོ་ལ་སོགས་བཞི་ཡིས་བསྐོར། །ལྷོ་རུ་ནག་པོ་སྔོན་པོ་མ་ཧེ་ཞོན། །ལག་ན་དབྱུག་པ་དང་ནི་མདུང་འཛིན་ཅིང༌། །ཟླ་བ་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །སྲིན་པོར་གཙིགས་བྱེད་སྔོ་ནག་མི་རོ་ཞོན། །ལག་གཉིས་རལ་གྲི་དང་ནི་ཕུབ་ཆུང་བསྣམས། །མར་མེ་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །མི་སྡུག་ཁ་དོག་དཀར་པོ་ཞགས་པ་ཐོགས། །ཆུ་སྲིན་ལ་ཞོན་ནུབ་ཀྱི་ཕྱོགས་སུ་གནས། །དྲག་མོ་

p. 373

གཟུགས་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །རླུང་དུ་དགའ་བ་ལས་འདས་ཁ་དོག་ནག །རི་དྭགས་ལ་ཞོན་ལག་ན་བེ་ཅོན་ཐོགས། །ཐོད་ཕྲེང་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །བྱང་དུ་ལོག་འདྲེན་ལྕགས་ཀྱུ་ནོར་དབྱུག་འཛིན། །སེར་པོ་གནོད་སྦྱིན་མི་ཡི་གཟུགས་ཅན་ཞོན། །རལ་གྲི་མ་སོགས་མཁའ་འགྲོ་བཞི་ཡིས་བསྐོར། །ཞིང་སྐྱོང་གཙོ་བོ་བརྒྱད་ལ་རང་མཚུངས་ཡུམ་གྱིས་འཁྱུད་ཅིང་ཕྱག་བཞིའི་འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བས་བཅོམ་ལྡན་འདས་ལ་འདུད་པ། འཁོར་རྣམས་ཐམས་ཅད་རང་རང་གི་གཙོ་བོ་དང་འདྲ་བ་ལས། རལ་གྲི་མ་ལ་སོགས་པ་བཞི་དང་ཁ་ཊྭཱཾ་ག་མ་ནི་མིང་དང་མཐུན་པའི་ཕྱག་མཚན་ཅན་དང༌། གཞུ་ཅན་མ་སྙིང་གར་འཁྱུད་རྒྱ་མཛད་པའོ། །དེ་ལྟར་གཞལ་ཡས་ཁང་གི་ཕྱི་ནང་དུར་ཁྲོད་ཀྱི་གནས་སུ་དཀྱིལ་འཁོར་ལྷ་ཡི་རང་བཞིན་སྲིད་གསུམ་འབྱུང་པོའི་ཚོགས་དང་བཅས་པ་འཁོད་པར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྱི་འཁོར་ལོ། དཔའ་བོ་དང་རྣལ་འབྱོར་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་རྣམས་དང༌། སྲིད་པ་གསུམ་ན་གནས་པའི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ། མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བྱོན་པར་གྱུར། ཕྲཻཾ། བཅོམ་ལྡན་དཔལ་ཆེན་ཧེ་རུ་དང༌། །རྡོ་རྗེ་མཁའ་འགྲོ་ལ་སོགས་པ། །དུར་ཁྲོད་བརྒྱད་ན་གནས་པ་ཡི། །དམ་ཚིག་ལྡན་པའི་ཚོགས་རྣམས་ནི། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །བདེན་བྲལ་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །

p. 374

ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །གང་དག་ཇི་སྙེད་ཡོད་པ་རྣམས། །མ་ལུས་པ་ནི་ཐམས་ཅད་དག །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབ་དང་ལམ་དང་ཞིང༌། །ཁྱད་པར་དུ་ནི་ཁང་སྟོང་དང༌། །སྣོད་དང་ཐང་དང་ས་སྟོང་དང༌། །ཁྱད་པར་ཆུ་ལ་གནས་པ་ཡི། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་བྱིན་མཉམ་དུ་བསྟེན་པ་དང༌། །ནག་པོ་གཙིགས་དང་འཇིགས་བྱེད་དང༌། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང༌། །འཇིགས་བྱེད་ལྷ་མོ་ཨུ་མས་བསྟོད། །རྒྱལ་དང་རྣམ་པར་རྒྱལ་ཉིད་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་སྟེ་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །བཅུ་གསུམ་དབང་ཕྱུག་མ་དང་ནི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་ཅན་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟྭ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །མཁའ་འགྲོ་ལྔ་ཡི་དེ་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་པོ་ཆེ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་སྐྱེད་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀཀྐ་དྷ་ན། བབྦནྡྷ་ན། ཁཁྑ་ད་ན། སརྦ་དུཥྚ་ནཾ། ཧ་ན་ཧ་ན། གྷ་གྷ་གྷ་ཏ་ན། ཆེ་གེ་མོ་ཉེ་བར་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ། ཧཱུྃ་ཧཱུྃ་ཕཊ་ཕཊ། ཛཿསྭཱ་ཧཱ། ཞེས་རོལ་མོ་དང་བཅས་པས་སྤྱན་དྲང༌། ཨོཾ་སུཾ་བྷ་སོགས་ཀྱིས་བསང༌། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཧོ།

p. 375

ཨོཾ་བཛྲ་གུ་ཧྱ་དྲྀ་ཤྱ་ས་མ་ཡ་ཕཊ། ཅེས་དམ་ཚིག་གི་ཕྱག་རྒྱ་བསྟན། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ ལན་མང་དུ་བརྗོད། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། གཏོར་མགྲོན་ཐམས་ཅད་པ་སྟེ་སྲིད་གསུམ་འགྲོ་བ་འཇིག་རྟེན་ལས་མ་འདས་པ་ཀུན་ཀྱང་དཔལ་ཧེ་རུ་ཀའི་རྣམ་རོལ་ཁོ་ནར་ངེས་པ་བརྟན་པོར་བཟུང༌། སླར་ཡང༌། ཨོཾ་བཱི་ནི་བཛྲཱི་ཎི་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་ཐོག་མར། ཨོཾ་དང༌། བཛྲཱི་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་སྦྱར་ཏེ། ཝྃ་སེ། མྲྀ་ཏཾ་གི མུ་ར་ཛེ། ཧ་སྱ། ལཱ་སྱ། གཱིརྟི། ནྲྀ་ཏྱ། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། རཱུ་པ། སྤརྴེ། ར་ས། དྷརྨ་དྷཱ་ཏུ་བར་གྱི་རིག་མ་བཅུ་དྲུག་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། པཱ་དྱཾ། པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱི་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་དེ་ཉིད་ལྔ་པས་བསྟོད། སྤྲོས་པ་ལ་དགའ་ན་ལྷ་སོ་སོའི་བསྟོད་པ་སྦྱར་ན་ལེགས། བསྡུ་ན་མི་དགོས། རང་གི་ལག་པ་གཡོན་པར་ཨཱ་ལི་ལས་ཟླ་བ། གཡས་པར་ཀཱ་ལི་ལས་ཉི་མ། སྙིམ་པ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་སྔོན་པོ། ཨོཾ་ཨ་ནྱོ྅ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་ཧཱུྃ། ཨོཾ་སྥ་ར་

p. 376

སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུྃ། ཨོཾ་ཨཱ་དྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུྃ། ལག་པ་རྡོ་རྗེ་རྩེ་ལྔ་པར་གྱུར། པད་སྐོར་བྱ་ཞིང༌། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མགྲོན་རྣམས་ཀྱི་ལྗགས་ཧཱུྃ་དཀར་པོ་ལས་བྱུང་བའི་རྡོ་རྗེར་གྱུར། ཨོཾ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱཱ་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་ལན་ལྔའམ་བདུན་ལ་སོགས་པས་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ལ་འབུལ། བར་འདིར་སྤྲོ་ན། ཨོཾ་ཌཱ་ཀི་ནཱི་ཕྲུྃ་ཕུཿསྭཱ་ཧཱ། ཨོཾ་དཱི་བི་ནཱི་ཕྲཻཾ་ཕུཿསྭཱ་ཧཱ། ཨོཾ་ཙུ་ཥི་ཎཱི་ཕྲོྃ་ཕུཿསྭཱ་ཧཱ། ཨོཾ་ཀཾ་བོ་ཛ་ཕྲིཾ་ཕུཿསྭཱ་ཧཱ། སྔགས་དེ་བཞི་པོའི་མཐར། ཨོཾ་བྷཀྵ་བྷཀྵ་སོགས་སྦྱར། འཇིག་རྟེན་པའི་ལྷ་ཞིང་སྐྱོང་འབྱུང་པོ་རྣམས་ལ་སོ་སོའི་མཚན་སྔགས་སམ། ཡང་ན་ལྷ་སོ་སོའི་ས་བོན་འབྲུ་དྲུག་གི་བར་དུ་བཅུན་པ་ལ་གཏོར་སྔགས་བཏགས་ནས་འབུལ་བ་སྟེ། དེ་ཡང་ཐོག་མར་ཞིང་སྐྱོང་ཐམས་ཅད་ལ་ལྷན་ཅིག་ཏུ་དམིགས། ལག་པ་གཡོན་གཏོར་སྣོད་སྙིང་གར་འཛིན་ཚུལ་དང༌། གཡས་སྡིགས་མཛུབ་གཏོར་མར་བསྟན་ནས་སེ་གོལ་གཏོགས་ཤིང༌། ཨོཾ་བྷཀྵ་བྷཀྵ་སརྦ་ཡོ་གཱི་ཤྭ་རཱི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། ཞེས་པ་ལན་བདུན་ལ་སོགས་པས་སྤྱིར་འབུལ། དེ་ནས་བྱེ་བྲག་ཏུ། ཨོཾ་ཨཱཿཀྵེཾ་ཧཱུྃ་ཕཊ་སྭཱ་ཧཱ། ལ། ཨོཾ་བཛྲ་ཏིཥྛ་བྷཀྵ་བྷཀྵ་ཛཿསྭཱ་ཧཱ། ཞེས་བཏགས་པས་གནས་སྲུང་ཞིང་སྐྱོང་བཞི་བཅུ་རྩ་བརྒྱད་རེ་རེར་ཚར་གསུམ་མམ། བསྡུ་ན་ལན་རེས་འབུལ། དེ་བཞིན། ཨོཾ་ཨཱཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལ། ཨོཾ་བཛྲ་ཏིཥྛ་བཏགས་ལ། གཞལ་ཡས་ཁང་གི་ཕྱི་རོལ་དུར་ཁྲོད་ན་གནས་པའི་འཇིག་རྟེན་སྐྱོང་བ་ཆེན་པོ་སྟེ་ཞིང་སྐྱོང་དྲག་པོ་བརྒྱད་ཡུམ་བཅས་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་ལ་དམིགས་ཏེ་གོང་ལྟར་རྐང་འཐོན་དུ་འབུལ། དེ་ལྟར་གནས་སྲུང་བ་དང་འཇིག་རྟེན་སྐྱོང་བ་སྟེ་ཞིང་སྐྱོང་རྣམས་ལ་གཏོར་མ་འབུལ་བའི་སྔགས་ཀྱི་རྣམ་

p. 377

གྲངས་གཞན། ཨོཾ་ཀཀྐཌྷ་ན་ནས། སྭཱ་ཧཱའི་བར་གོང་དུ་བཤད་པ་དེ་ཀ་ཡང་ཡིན་གསུང་བས་ན། སྔགས་དེ་ཁོ་ནས་རེ་རེར་གྲངས་གོང་ལྟར་སྐབས་སྦྱར་གྱི་ཞིང་སྐྱོང་རྣམས་ལ་འབུལ་ནའང་ལེགས་པའོ། །དེ་ནས་དཀྱིལ་འཁོར་ནང་མའི་སྒོ་མཚམས་སུ་གནས་པའི་མ་མོ་བརྒྱད་ལ་འབུལ་ཏེ། དེ་ཡང༌། ཨོཾ་ཨཱཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ་ལ། ཨ་ཀཱ་རོ་བཏགས་པའམ། ཨོཾ་བྷཀྵ་བྷཀྵ་སརྦ་ཡོ་གཱི་ཤྭ་རཱི་ཧཱུྃ་ཧཱུྃ་ཛཿསྭཱ་ཧཱ། བཏགས་པས་ཕག་མོ་ལ་འབུལ། དེས་གཞན་རྣམས་ལའང་རིགས་འགྲེའོ། །ཨོཾ་ཨཱཿཕྲཻཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧོ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿགྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨིཾ་ཧཱུྃ་ཕཊ་སྭཱ་ཧཱ། མ་མོ་གཞན་བདུན་གྱི་སྔགས་སོ། །དེ་བཞིན་དཀྱིལ་འཁོར་གཉིས་པར་གནས་པའི་ཕྱོགས་སྐྱོང་རྣམས་ལ་འབུལ་བ་ནི། ཨོཾ་ཨཱཿཨིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཨྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཡྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿནྱྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཱྃ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿབྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཀུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་གསུམ་པར་གནས་པའི་གཟའ་དགུ་ལ་འབུལ་བ་ནི། ཨོཾ་ཨཱཿསུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཙྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿམྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབྲིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཤུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཤྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿརྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱ་ཧཱུྃ་ཀྃ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་བཞི་པར་གནས་པའི་ལྷ་ཆེན་པོ་རྣམས་ལ་འབུལ་བ་ནི། ཨོཾ་ཨཱཿཔྲྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབིཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿརུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཀྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿལྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿརྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཡྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་རྣམས་ལ་གཏོར་སྔགས་སྔར་བཞིན་སྦྱོར་ལ། ལྷ་རེ་རེ་བཞིན་ཚར་གསུམ་མམ། བསྡུ་ན་ལན་གཅིག་གིས་ཕུལ་བ་སྔར་བཞིན་བྱ། དཀྱིལ་འཁོར་ཕྱིའི་སྒོ་

p. 378

གཡས་གཡོན་གྱི་ཀླུ་ཆེན་པོ་བརྒྱད་ལ་སོགས་པར་དམིགས་ཏེ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཨ་དྷི་པ་ཏི་ཛུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་འབུལ་ཞིང༌། ཐམས་ཅད་ལ་ཐུན་མོང་དུ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ། རཱཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨ་ད། ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་ཝ་ཐ། ཛི་གྷྲ་ཐ། མ་ཏཱི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡཾ། སཏྶུ་ཁཾ་བི་ཤུདྡྷ། མ་མ་ས་ཧཱ་ཡི་ཀ་བྷ་བནྟུ། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་ཕུལ། གཡས་ཐོད་པའི་ཕྱག་རྒྱ་དང༌། གཡོན་བ་དན་རྩེ་གདེངས་པའི་ཕྱག་རྒྱས་བཏབ་ཅིང༌། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཞེས་ལན་གསུམ་བཟླས་པས་ནང་མཆོད་བྱིན་བརླབས་ཁ་གསོས། ཨོཾ་ཨཱཿཧཱུྃ། ལན་མང་པོས་གཡོན་པའི་མཐེབ་སྲིན་གྱིས་ཐིགས་འཐོར་འབུལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མགྲོན་ཐམས་ཅད་མཉེས་པར་བསམ། སྤྲོ་ན། ཞབས་བསིལ། ཕྱག་ཕྱིས། སོ་རྩི་སོགས་ཀྱང་འབུལ་ཏེ། དེའི་སྔགས་ཀྱང་རིམ་པ་བཞིན། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་ར་ཧཱུྃ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཧསྟ་སུ་ཙི་ཡེ་སྭཱ་ཧཱ། ཨོཾ་ཏམྦུ་ལ་ཡེ་སྭཱ་ཧཱ། ཞེས་པས་སོ། །དེ་བཞིན་སྐབས་འདིར་ཆོ་ག་རྣམ་གྲངས་རྒྱས་པར་མོས་ན། མཆོད་པ་གཞན་ཡང་མང་དུ་བསྟབ། གང་ལྟར་ཡང་མཐར་རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ན་མོ་བྷ་ག་ཏི། ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྦཱགྣི་སནྣི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་དཾཥྚ་ཀཱ་ར་ལོ་གྲ་བྷི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པརྴུ་པཱ་ཤོ་དྱ་ཏ་ཁ་ཊྭཱཾ་ག་དྷ་རི་ཎི་ཧཱུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲ་ཛི་ནཾ་བ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷུམ་བྲནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཡབ་ཀྱི་རྐང་བརྒྱད་དང༌། ཨོཾ་ན་མོ་བྷ་ག་ཏཱི་བཛྲ་བཱ་རཱ་ཧཱི་བྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨཱརྻ་ཨ་པ་རཱ་ཛི་ཏེ། ཏྲེ་ལ་ཀྱ་མཱ་ཏེ་མ་ཧཱ་

p. 379

བི་དྱཱ་ཤྭ་རཱི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མཧཱ་བཛྲེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནི་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནཻ་ཏྲ་བྷྲ་མ་ཎེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་རཱ་ལི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མཿཏྲ་ས་ནི་མ་ར་ནི་པྲ་བྷེ་ད་ནི་ཨ་པ་ར་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་རཱ་ཧཱི་མཧཱ་ཡོ་གི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཡུམ་གྱི་རྐང་བརྒྱད་པ་སྟེ། དེ་ལྟར་དཔལ་ཧེ་རུ་ཀའི་རྐང་བརྒྱད་གཉིས་དང༌། གོང་ལྟར་དེ་ཉིད་ལྔ་པ་ལ་སོགས་པས་བསྟོད། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་མཁའ་འགྲོ་ལ་སོགས་ཏེ། །དུར་ཁྲོད་བརྒྱད་ན་གནས་པ་ཡི། །དམ་ཚིག་ལྡན་པའི་ཚོགས་རྣམས་ནི། །ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབས་དང་ལམ་དང་ཞིང༌། །ཁྱད་པར་དུ་ནི་ཁང་སྟོང་དང༌། །སྣོད་དང་ཐང་དང་ས་སྟོང་དང༌། །ཁྱད་པར་ཆུ་ལ་གནས་པ་ཡི། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་བྱིན་མཉམ་དུ་བརྟེན་པ་དང༌། །ནག་པོ་གཙིགས་དང་འཇིགས་བྱེད་དང༌། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་མོ་དང༌། །འཇིགས་བྱེད་ལྷ་མོ་ཨུ་མས་བསྟོད། །རྒྱལ་དང་རྣམ་པར་རྒྱལ་ཉིད་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་ཆེན་མོ་ནག་ཆེན་མོ། །ནག་སྦོམ་མ་སྟེ་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཆང་བ་མོ། །བཅུ་གསུམ་དབང་ཕྱུག་མ་དང་ནི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་ཅན་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟྭ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །མཁའ་འགྲོ་ལྔ་ཡི་དེ་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་པོ་ཆེ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་

p. 380

འབྱོར་སྐྱེད་བྱེད་མ། །རྡོ་རྗེ་དབང་མོ་འཁོར་དང་བཅས། །ཉི་ཤུ་རྩ་བཞིའི་ཞིང་རྣམས་ལ། །རབ་དགྱེས་ཞིང་སྐྱོང་རིག་མར་བཅས། །བཞི་བཅུ་རྩ་བརྒྱད་འབྱུང་པོ་ཡི། །ཚོགས་དང་བཅས་པ་ཐམས་ཅད་དང༌། །ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང༌། །བདེན་བྲལ་ཚོགས་རྣམས་མ་ལུས་དང༌། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང༌། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང༌། །ཤ་ཟའི་ཚོགས་རྣམས་མ་ལུས་དང༌། །ཡི་དྭགས་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། །དེ་ལ་སོགས་ཏེ་འབྱུང་པོའི་ཚོགས། །གང་དག་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བདག་ཅག་འཁོར་དང་བཅས་པ་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་འབྱོར་པ་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་གྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཅན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང༌། །འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །ལེགས་པ་ཐམས་ཅད་འགྲུབ་གྱུར་ཅིག །ཉེས་པ་ཐམས་ཅད་མེད་པར་མཛོད། །ཅེས་ཕྲིན་ལས་བཅོལ། ལས་སོ་སོ་དང་འབྲེལ་ན་དེ་དང་དེའི་ལས་ལ་བསྐུལ་པ་དྲག་ཏུ་བྱ། དེ་ནས་རྡོ་རྗེའི་གླུ་འདི་བླང་བར་བྱ་སྟེ། འགྲོ་བ་ཀུན་གྱི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མ་ཡི་འཁོར་ལོའི་རང་བཞིན་དུ་གནས་གྱིས། །ཨ་རེ་རེ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛེས་མ་བླངས་ནས་བདེ་བ་ཆེ་ལ་

p. 381

མནོས། །ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེའི་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱོས། །ཨ་རེ༴ །གང་གིས་དོན་དམ་ལ་ནི་མ་བསྒོམ་པས། །དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ཏེ། །ཨ་རེ་ནང་དང་ཕྱི་ཡི་དབྱེ་བ་མེད་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཨ་རེ༴ ཞེས་བྱ་བ་དང༌། ཧཱུྃ། ཁྲོ་བོ་བདེ་བ་དགྱེས་པ་ཡིན། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་བ་དབབ་པའི་སྦྱོར་བ་ལ། །རབ་ཏུ་རྨོངས་པ་བསྟེན་པར་བྱེད། ཨ་ལ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ་ར་ལཱི་ཧོ། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། ཨ་ལ་ལ་ལ་ལ་ལ་ཧོ། །དགྱེས་པ་རྣམས་ཀྱི་བདེ་བའི་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། ཨ་ཨི་ཨཱ་ར་ལཱི་ཧོ། རབ་རྒྱས་མགོན་པོ་ཁྱེད་བཞུགས་མཛོད། །མཁའ་འགྲོ་དྲྭ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་གསོལ་བར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ལ་ཧོ། ཨ་ཨི་ཨཱ་ར་ལཱི་ཧོ། །བདེ་བ་སྤངས་པས་གྲོལ་མི་གྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོར་ཁྱོད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། །འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དུ་ནི་ངེས་པར་འགྲུབ། །སྙན་ཅིང་འཇེབས་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་མོའི་གླུ་བླངས་པས། །དྲི་མེད་མཁའ་འགྲོ་དྲྭ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཨོཾ་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ལྷ་མོ་ཚད་མ་སོགས། སྲིད་

p. 382

དང་ཞི་བ་མཉམ་པ་ཆགས་དང་ཀུན་རྟོག་ཆགས་པ་བཅོམ། །ཁྱོད་ཀྱིས་དངོས་པོ་མཐའ་དག་ནམ་མཁའ་དང་ནི་འདྲ་བར་གཟིགས། །མགོན་པོ་ཤིན་ཏུ་ལྕི་བའི་ཆུས་བརླན་སེམས་ལ་ནི། །མཛོད་ཅིག་མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་དགྱེས་པར་མཛོད། །ཅེས་འདོད་དོན་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཅེས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མཐར། མཐེབ་མཛུབ་གཉིས་བཀུག་སྟེ་ཟླུམ་པོར་བྱས་ལ་སོར་མོ་གཞན་བརྐྱངས་པ་མིག་གི་ཕྱག་རྒྱ་བསྟན་རྗེས། པད་ཀོར་དང་ལྟེ་བར་འཁྱུད་རྒྱ་བྱས་ལ་མཐེབ་སྲིན་གྱིས་སེ་གོལ་ཕྱིར་གཏོགས་ཏེ། ཨོཾ་བཛྲ་མཎྜ་ལ་མུཿ ཡེ་ཤེས་པའི་དཀྱིལ་འཁོར་རྣམས་བདག་གི་དཔྲལ་བར་ཐིམ། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག གཡས་ས་ལ་རེག་སྟེ། ཨོཾ་ཨཱཏྨ་ཏིཥྛ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད། ཡེ་ཤེས་ཀྱི་འཁོར་ལོ་རང་དང་གཉིས་སུ་མེད་པར་བསམས་པ་ལ་ཡིད་ཀྱིས་མཆོད། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། རྣམ་ལྔ་འདོད་སྐོར་བྱ། ཨོཾ་སརྦ་དུཥྚན་གྲྀཧྞ་གྲྀཧྞ་གཙྪ་ཧཱུྃ་ཕཊ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་མོས། རོལ་མོའི་སྒྲ་དང་བཅས་ཏེ་འཇིག་རྟེན་པའི་གཏོར་མ་ལམ་གྱི་བཞི་མདོ་སོགས་སུ་བསྐྱལ། ཐམས་ཅད་ཀྱིས་སུམྦྷ་དྲག་ཏུ་བརྗོད། ནང་དུ་འོངས་ནས་གཏོར་སྐྱེལ་བ་ལ་

p. 383

བསང་ཆུའམ་ནང་མཆོད་ཀྱིས་གཏོར། ཡོན་བདག་ལ་སོགས་པ་གཞན་གྱི་དོན་དུ་གཏོར་མ་བཏང་བ་ཡིན་ན། མཁའ་འགྲོ་མ་རྣམས་འདུས་ལ་གུས་པས་མཆོད་པ་དང༌། །དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱོད་ཀྱིས་དྲོངས། །ཁྱེད་ལ་རྟག་ཏུ་བསྲུང་བ་མཆོག་གི་སྦྱོར་བ་དང༌། །ཡང་ན་འདི་ལ་འདོད་པ་དང་ནི་ཕུན་སུམ་ཚོགས་པར་ཤོག །ཅེས་པ་སོགས་བརྗོད། རང་གཞན་གྱི་དོན་གང་ཡིན་ཀྱང་ཐུན་མོང་དུ་སྨོན་ལམ་ཇི་ལྟར་འོས་པ་བརྗོད་ཅིང༌། དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྒྲིབ་པ་ཟད་དང་ཕྱག་རྒྱའི་དངོས་གྲུབ་མྱུར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡིས། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བ་ཉིད་གྱུར་ཅིག །ཞིང་དང་ཉེ་བའི་ཞིང་སོགས་བཅུ་གཉིས་སུ། །དམ་ཚིག་བརྡ་དང་བདེ་སྤྱོད་རོལ་པ་ཡིས། །བུ་བཞིན་སྐྱོང་བས་བདག་སྒྲིབ་དག་གྱུར་ཏེ། །བདེ་བ་མཆོག་གི་ས་ལ་འགོད་པར་ཤོག །བླ་མའི་ཞབས་ལ་རྟག་ཏུ་འདུད་བྱེད་ཅིང༌། །རྡོ་རྗེ་དབང་མོའི་ཞབས་བརྟན་གྱུར་ནས་ཀྱང༌། །བཙུན་མོའི་ཤུ་ཀྲའི་ཚོགས་ལ་ལོངས་སྤྱོད་ཅིང༌། །གསང་བའི་པདྨ་རོལ་ཞིང་མཆོད་བྱེད་ཤོག །དཔལ་ལྡན་དཔའ་བོ་དཔའ་མོ་ཉི་ཤུ་བཞིའི། །ཞལ་མཐོང་དེ་ཡི་ངོ་བོར་བདག་གྱུར་ཏེ། །འགྲོ་བ་བདེ་བ་དམ་པས་ཕོངས་རྣམས་ཀྱི། །ཉེར་འཚོ་རིན་ཆེན་ལྟ་བུར་བདག་གྱུར་ཅིག །རྣམ་པ་མང་པོའི་བསོད་ནམས་འདི་དག་ཀྱང༌། །བདག་གཞན་དགེ་བ་མཆོག་ནི་བསྐྱེད་པའི་གཞི། །དེ་ཉིད་གསལ་བྱེད་རྨོངས་པ་རབ་འཇོམས་པ། །འགྲོ་ལ་མི་འཇིགས་སྟེར་བའི་མངའ་བདག་ཤོག །རྣམ་པར་རྟོག་པ་ཀུན་ལས་འདས་པ་ཡིས། །བདེ་ཆེན་འཁོར་ལོ་ཟག་པ་མེད་པའི་དབྱིངས། །ཨཱ་ལི་ཀཱ་ལི་རྟོག་མེད་སྙོམས་འཇུག་གར། །བསགས་པའི་དགེ་རྣམས་ཡོངས་སུ་བསྔོ་བར་བགྱི། །བདག་གི་བསོད་ནམས་འདི་ཡིས་ཡང་ཡང་སྐྱེ་བའི་རིམ་པ་རྣམས་སུ་ཡང༌། །ཡུན་རིང་འགྲོ་བའི་དོན་

p. 384

སྒྲུབ་དོན་ལ་འཇིགས་པ་མེད་པར་དགའ་བ་དང༌། །གཙོ་བོ་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱབ་པར་འགྲོ་བ་དབང་བསྐུར་བ། །སྲིད་གསུམ་རྡོ་རྗེ་རོལ་པར་ལྷན་ཅིག་དེ་ཡི་གོ་འཕང་ཐོབ་པར་ཤོག །རྣམ་རྟོག་གཏི་མུག་གྲོང་ཁྱེར་མཐའ་དག་བསལ་ནས་ཧེ་རུ་ཀ་གཙོ་མཁའ་འགྲོ་མའི། །འཁོར་ལོས་ཡོངས་བསྐོར་རྒྱལ་བ་བླ་མེད་ཡེ་ཤེས་འབྱུང་གནས་ཐར་པ་དམ་པའི་གྲོང༌། །སྦྱིན་པ་ལ་སོགས་རྣམས་ཀྱིས་འགྲོ་བའི་ཡིད་ལ་རེ་བ་ཡང་དག་རྫོགས་པའི་མཆོག །འདི་ནི་ཤིན་ཏུ་བརྩེ་བ་ཆེ་ལྡན་འཕགས་པའི་དཔལ་འབྱོར་རྟག་པར་མྱོང་བར་ཤོག །ཅེས་སོགས་ཐུན་མོང་མ་ཡིན་པའི་སྨོན་ལམ་རྣམས་ངེས་པར་གལ་ཆེའོ། །དེ་ལྟར་རྡོ་རྗེ་མཁའ་འགྲོ་ནས་གསུངས་པའི་ཞིང་སྐྱོང་གི་གཏོར་ཆོག་རྒྱས་པ་དང༌། མཁའ་འགྲོ་རྒྱ་མཚོ་ནས་བཤད་པའི་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་པོ་རྗེ་བཙུན་དམ་པ་སྒྲོལ་མགོན་ཞབས་ནས་ཐ་དད་དུ་མཛད་ཅིང༌། དེ་གཉིས་ཀྱི་དཀྱིལ་འཁོར་གཅིག་ཏུ་སྡུད་པའི་ཚུལ་ཡང་སྩལ་བ་ལས། དཀྱིལ་འཁོར་གཉིས་གཅིག་ཏུ་དྲིལ་བའི་འདོན་ཆ་རྗེ་བཙུན་དམ་པའི་གསུང་ཉིད་གཞིར་བཞག ཁ་འཕང་ཕྱུང་ཟུར་རྣམས་བཀང་ནས་བཀླགས་ཆོག་མར་རང་བཟོ་འབད་པས་སྤངས་ཏེ་བགྱིས་པའོ། །འདི་ལ་གཏོར་དཀྱིལ་དུ་ནག་པོ་དྲག་པོ་སོགས་ཁོ་ན་བཀོད་པ་འཇིག་རྟེན་སྐྱོང་བའི་གཏོར་མ་ཞེས་བྱ་ཞིང༌། ཞིང་སྐྱོང་ཡབ་ཡུམ་ཞེ་བརྒྱད་བཀོད་པ་ལ་གནས་སྲུང་གི་གཏོར་མ་ཞེས་བྱ་ལ། དེ་གཉིས་བསྡོམས་པས་མཁའ་འགྲོ་སྤྱི་གཏོར་རྒྱས་པའམ། ཞིང་སྐྱོང་གི་གཏོར་ཆོག་རྒྱས་པ་ཡིན་གསུངས་ཏེ། དེ་ཚེ་འདིར་ཡང་དཀྱིལ་འཁོར་གསུམ་དོན་གྱིས་འདུས་པའོ། །གལ་ཏེ་དཀྱིལ་འཁོར་ཐ་དད་ལ་མོས་ན་རྗེ་བཙུན་དམ་པའི་གསུང་ཉིད་དུ་བལྟ་བའམ། ཆོ་ག་འདི་ཉིད་སྟེང་ནས་འབྱིན་འདོར་བྱས་པས་ཀྱང་འགྲུབ་པ་ཉིད་དོ། །འདི་ནི་སྔགས་གསར་མ་པའི་རྣལ་འབྱོར་གསང་

p. 385

མཐའི་དགོངས་འགྲེལ་ཇི་བཞིན་ཏེ། འདི་དང་སྒྲོས་མཐུན་བོད་སྔགས་རྙིང་པའི་གཞུང་མཁའ་འགྲོའི་གཏོར་ཆོག་ཅེས། རྒྱ་གར་གྱི་སློབ་དཔོན་རྒྱལ་བ་ཛྙཱ་ན་སཱུ་ཏྲ་དང༌། བྱེ་མ་ལ་མུ་དྲས་མཛད་པའི་ཁྱད་འཕགས་ཞིག་ཀྱང་སྣང་ངོ༌། དེ་ལྟར་གཏོར་མའི་ཕན་ཡོན་ཚད་མེད་པར་རྒྱུད་དང་མན་ངག་རྣམས་སུ་རྒྱ་ཆེར་གསུངས་པས། འདི་ལ་ནན་ཏན་དུ་བྱས་ན་འདོད་པའི་དངོས་གྲུབ་ཐུན་མོང་དང་ཁྱད་པར་མཐའ་དག་མྱུར་དུ་འགྲུབ་པར་ངེས་སོ། །འདིར་སྨྲས་པ། སྔགས་རྒྱུད་ཀུན་ནས་རབ་བསྔགས་ཤིང༌། །འདོད་པའི་དངོས་གྲུབ་རབ་སྟེར་བ། །གཏོར་མའི་ཆོ་ག་བླ་མེད་པར། །གྲུབ་འདོད་རྣམས་ཀྱི་ཅིས་མི་བརྩོན། །གཏོར་ཆོག་དངོས་གྲུབ་མཛད་མེད་བུམ་པ་བཟང༌། །རྒྱུད་རྒྱལ་བླ་མའི་བླ་མ་གསང་མཐའི་ལུགས། །འདི་བཀོད་དགེ་མཆིས་མཁའ་ཁྱབ་འགྲོ་བ་ཀུན། །དོན་གཉིས་ཕུན་ཚོགས་བདེ་མཆོག་མྱུར་འགྲུབ་ཤོག །ཅེས་བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་ཞེས་བྱ་བ་འདི་ཉིད་དཔལ་ཀཿཐོག་པའི་གྲུབ་མཆོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་བློ་གཏེར་དབང་པོས་མཆོད་བརྗོད་དང་སྦྱར་བྱང་བརྗེས་ནས་ལུང་སྤེལ་ཞུས་པ་དགེ། ༈ །བསྟེན་པའི་ཆོས་སྲུང་རྣམས་ལ་མཆོད་གཏོར་འབུལ་ཚུལ་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས་སོ། །ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད་གཏོར་བསྡུས་པ་འབུལ་བར་འདོད་པས་གཏོར་མ་སོགས་སྤྱི་ལྟར་བཤམས་ལ། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །དུས་འདི་ནས་བཟུང་ཇི་སྲིད་སྙིང་པོའི་བར། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི། །ལན་གསུམ། བདག་གིས་བླ་མེད་བྱང་ཆུབ་མ་ཐོབ་བར། །སེམས་ཅན་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་བཅོམ་ལྡན་ཀྱེ་རྡོ་

p. 386

རྗེའི། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །སེམས་བསྐྱེད་ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྲུང་འཁོར་དུར་ཁྲོད་དབུས། །པད་ཉིད་བདུད་བཞི་བརྩེགས་པའི་གདན་སྟེང་དུ། །ཧཱུྃ་ལས་རང་ཉིད་ཀྱེ་ཡི་རྡོ་རྗེའི་སྐུ། །ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་ཞབས་བཞི་པ། །བདག་མེད་ཡུམ་དང་རོལ་པའི་སྟབས་གྱིས་བཞུགས། །དེ་ཡི་གནས་གསུམ་ཡི་གེ་འབྲུ་གསུམ་མཚན། །དེ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿདབྱེར་མེད་རོ་གཅིག་གྱུར། །ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ། །དེ་ལས་འོད་འཕྲོས་སེམས་ཅན་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་རྗེ་རྣམས། །ཚུར་འདུས་བདག་གི་ཐུགས་ཀར་ཐིམ་པར་གྱུར། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅི་ནུས་བཟླས། བཅོམ་ལྡན་སྙིང་པོ་ཀྱེ་ཡི་རྡོ་རྗེ་ཡིས། །བདག་གིས་ཐོག་མེད་བསགས་པའི་སྡིག་སྒྲིབ་དང༌། །ཉེས་ལྟུང་དྲི་མའི་ཚོགས་རྣམས་མ་ལུས་པ། །ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །ཀྱེ་ཡི་རྡོ་རྗེ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་ནང༌། །མཆོད་སྦྱིན་གཏོར་མ་ཤ་ལྔ་བདུད་རྩི་ལྔ། །ཡེ་ཤེས་ལྔ་རྣམས་ཞུ་བའི་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། རང་གི་མདུན་དུ་པད་ཉི་མི་རོའི་སྟེང༌། །ཧཱུྃ་ལས་རྡོ་རྗེ་ནག་པོ་ཆེན་པོའི་སྐུ། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་དང༌། །རྣམ་འཕྲུལ་གཎྜི་ཕྱག་གི་དབུས་ན་བསྣམས། །མི་མགོའི་དོ་ཤལ་རུས་པ་སྦྲུལ་གྱིས་བརྒྱན། །སྟག་ཤམ་དར་གྱི་ལྷབ་ལྷུབ་མཛེས་པར་སྤྲས། །ཕོ་ཉ་ལྔ་བཅས་མེ་དཔུང་དབུས་ན་བཞུགས། །

p. 387

དེ་ཡི་གཡོན་དུ་ཨེ་ཀ་ཛ་ཊཱིའི་སྐུ། །སྔོ་ནག་ཞལ་གཅིག་ཕྱག་གཉིས་བུམ་པ་འཛིན། །དེ་ཡི་ལྟོ་བར་འདོད་ཁམས་དབང་ཕྱུག་མ། །བོང་བུ་གྭ་ཞོན་ཞལ་གཅིག་ཕྱག་བཞི་མ། །རལ་གྲི་ཐོད་ཁྲག་མདུང་ཐུང་རྩེ་གསུམ་འཛིན། །མི་རོ་ཁར་བཅུག་མཆེ་གཙིགས་སྤྱན་གསུམ་བགྲད། །རིན་ཆེན་ལས་གྲུབ་ཕོ་བྲང་སུམ་བརྩེགས་དབུས། །པད་ཟླ་སེང་གེ་བསྣོལ་བའི་གདན་སྟེང་དུ། །རིན་ཆེན་མང་སྤྲུལ་རྒྱལ་ཆེན་རྣམ་ཐོས་སྲས། །བཙོ་མ་གསེར་མདོག་རྒྱལ་མཚན་ནེའུ་ལེ་འཛིན། །རྟ་བདག་བརྒྱད་ཀྱི་དབུས་ན་བཞུགས་པར་གྱུར། །ལྕམ་དྲལ་ཐུགས་ཀའི་ཡྃ་མྃ་འཕྲོ་འདུ་ལས། །སྐྱེས་པའི་གནོད་སྦྱིན་ཡབ་ཡུམ་མིང་སྲིང་གསུམ། །རུ་འདྲེན་སྡེ་བཞི་ལྷ་སྲིན་དྲེགས་བྱེད་ཚོགས། །རྔམ་བརྗིད་རོལ་པའི་སྟབས་ཀྱིས་བཞུགས་པར་གྱུར། །མགོན་པོའི་གཡས་སུ་པད་ཉི་མི་རོའི་སྟེང༌། །ཧཱུྃ་ལས་ནག་པོ་ཆེན་པོ་ཕྱག་བཞི་པ། །ཞབས་བཞི་འཇིགས་རུང་སྲིན་པོ་ཁྲོས་པའི་གཟུགས། །གྲི་གུག་ཐོད་ཁྲག་རལ་གྲི་མདུང་ཐུང་འཛིན། །མི་མགོའི་རྒྱན་དང་རུས་ཕྲེང་སྟག་ཤམ་ཅན། །དམ་ཉམས་དགྲ་བོའི་སྟེང་ན་བྲོ་བརྡུང་ཞིང༌། །ཧ་ཧ་ཧཱུྃ་ཧཱུྃ་ཀྵིཾ་ཀྵིཾ་སྒྲ་སྒྲོགས་པ། །ཡུམ་ཆེན་སྲིང་མོ་བཞི་ཡི་འཁོར་དང་བཅས། །མེ་དཔུང་འབར་བའི་དབུས་ན་བཞུགས་པར་གྱུར། །དེ་ཡི་གཡས་སུ་དཔའ་བོ་དུར་ཁྲོད་བདག །ཀེང་རུས་གཟུགས་ལྡན་དབྱུག་ཏོ་ཐོད་ཁྲག་འཛིན། །བརྐྱང་བསྐུམ་གར་གྱི་གདུག་ཅན་ཚར་གཅོད་ཅིང༌། །ནོར་གྱི་དངོས་གྲུབ་སྩོལ་བའི་སྐུ་ཅན་གྱུར། །མདུན་དུ་གནོད་སྦྱིན་ཟངས་ཀྱི་བེཀྩེ་ཅན། །པདྨ་རཱ་གའི་མདོག་ཅན་ཞལ་གཅིག་པ། །ཕྱག་གཉིས་ཟངས་གྲི་གློ་སྙིང་མདའ་གཞུ་བསྣམས། །ཁྲག་མཚོ་མེ་དཔུང་དབུས་ན་བཞུགས་པར་གྱུར། །ཐུགས་ཀའི་ས་བོན་དག་ལས་འོད་འཕྲོས་པས། །སྲུང་མ་འཁོར་བཅས་བཛྲ་ས་མཱ་ཛཿ

p. 388

ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་མ་ཧཱ་ཀཱ་ལཱི་དེ་ཝཱི་ཙ་ཏུརྨུ་ཁ་བཻ་ཤྲ་ཝ་ཎ་ཀརྨ་ནཱ་ཐ་ཤྨཱ་ཤ་ན་རཀྟ་ཀྵེ་རུ་པུ་རུ་ཥ་ལུ་ཧེ་ཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་དང༌། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་ལྕམ་སྲིང་དང༌། །ཞིང་སྐྱོང་གདོང་བཞི་དུར་བདག་ཡབ་ཡུམ་དང༌། །མཐུ་རྩལ་ཐོགས་མེད་གནོད་སྦྱིན་ལྕམ་དྲལ་རྣམས། །བདག་གི་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཉེས་ཀུན་ཞི་ཞིང་དཔལ་འབྱོར་ལོངས་སྤྱོད་རྒྱས། །སྐྱེ་འགྲོ་དབང་སྡུད་གནོད་བྱེད་ཚར་གཅོད་ཅིང༌། །བསམ་དོན་ཀུན་འགྲུབ་ཚེ་མཐར་རབ་ཕྱིན་ནས། །དོན་གཉིས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཡིག་བརྒྱ་ལན་གསུམ། །མ་འབྱོར་ཉམས་སོགས་འགལ་འཁྲུལ་ཅི་མཆིས་རྣམས། །ཐམས་ཅད་སྲུང་མའི་ཚོགས་ལ་བཟོད་པར་གསོལ། །མགོན་པོ་འཁོར་བཅས་བདག་གི་ལྟེ་བར་ཐིམ། །རྟེན་མེད་མགྲོན་རྣམས་སོ་སོའི་གནས་སུ་གཤེགས། །བདག་གི་གནས་གསུམ་ཡི་གེས་མཚན་པར་གྱུར། །སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཞེས་སོགས་བསྔོ་སྨོན་རྒྱས་པར་བྱའོ། །ཞེས་པ་འདིའང་རྨོར་ཆེན་རྡོ་རྗེ་འཆང་གི་གསུང་བློ་གཏེར་དབང་པོས་ཐོག་མའི་ཟིན་ཆུང་དང་མཇུག་གི་སྦྱར་བྱང་བསྒྱུར་ནས་ལུང་སྤེལ་ཞུས་པ་དགེ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཐུགས་དམ་སྐོང་བའི་རིམ་པ་ཁྱེར་བདེ་དོན་ཚང་ཡང་ཟབ་དམ་ཅན་འཛུམ་ཞལ་བཞུགས་སོ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཤིང༌། །བྱིན་རླབས་དངོས་གྲུབ་ཆར་འབེབས་པ། །ནག་པོ་ཆེན་པོར་གུས་བཏུད་ནས། །

p. 389

ཐུགས་དམ་སྐོང་བའི་ཆོ་ག་འབྲི། །འདིར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཐུགས་དམ་སྐོང་བའི་རིམ་པ་ཁྱེར་བདེ་དོན་ཚང་རྒྱལ་བ་དགེས་པའི་མཆོད་རྫས་སུ་བསྐྲུན་པ་ལ། བརྒྱད། བཅུ་བཞི། ཉེར་གསུམ། ཉེར་དགུ་སོགས་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་རྣམས་ལ་བླ་མ་གོང་མའི་ཐུགས་དམ་རྟེན་སོགས་འདིའི་བྲིས་འབུར་གྱི་སྐུ་བཞུགས་པའི་དྲུང་སྟེགས་ཀྱི་ཁར་རས་སོགས་བཀབ་སྟེ་འབྲུ་སྣ་ཚོགས་བཀྲམ་པའི་གཞི་ལ་ཐོད་པ་དུམ་བུ་གསུམ་པའམ། ལྕགས་སྡེར་རམ། ཟངས། འཁར་བ། རྫ་སོགས་ཀྱི་སྡེར་མའམ། སྟེགས་གཙང་བའི་ཁར། ནས་ནག་རྗེན་བཏགས་ཀྱི་ཕུད་ཕྱེ། ཆང༌། ཁྲག མར་ཁུ། བུམ་རྫས་ཉེར་ལྔ། བདུད་རྩི་རིལ་ཕྱེ་དང་ལྷན་ཅིག་སྦྲུས་པའི་དམ་རྫས་རྒྱན་ལྡན་གྱི་གཏོར་མ་གྲུ་གསུམ་ཟུར་རྩེ་མི་རྣོ་བའི་ལྡེབ་གསུམ་ལ་དབུས་ནག་མཐའ་དམར་གྱི་རྩི་བྱུགས་མཐེབ་ཀྱུ་བཅད་ཁམ་ཕྱིར་བསྟན་བརྒྱ་རྩས་གཏོར་མའི་ཕྱེད་ཙམ་ནུབ་པའི་དཀྱིལ་དང༌། རྩེར་མར་དཀར་གྱི་སྒོར་རྒྱན། དབུས་བུ་རམ་མ་བསྒར་ལ་ལེབ་སྦྱར་དཀྱིལ་ཤ་རིལ་མཐེབ་རྡོག་ཙམ་རྒྱབ་པ། རྩེ་སྒྲོམ་མཛད་ན་དབུས་སུ་ཐོད་ཁྲག་གཎྜེ། གྲི་གུག་རྡོ་རྗེའི་ཡུ་བ་ཅན་རྣམས་བརྩེགས་པའི་མཐར་མེ་རི་མར་ཚོན་གསེར་ཤོག་སོགས་གང་མཛེས། ཁྱུང༌། བྱ། རྟ། གཡག ཁྱི། ལུག མི་རྣམས་ནག་པོའི་གཟུགས་བཙུགས་པ། སྨྱུག་རྒོད་ཚིགས་གསུམ་པར་རྒོད་སྒྲོ་གསུམ་མམ་བཞི་བསྐྱོན་ཞིང༌། གྲི་ལྕགས་ཀྱི་མདེའུ་ཟུར་གསུམ་པ་གླང་དམར་རྒྱུས་པས་བསྡམས་པ། དུང་གི་ལྟོང་ཁ་མཚལ་དམར་གྱིས་བྱུགས་པའི་མགུལ་དུ་དར་ནག་བཙུགས་དྲུང་མཆོད་བྱའི་གཡོན་ནས་འོག་བཟུང་བའི་ཐོད་པ་སོགས་ཀྱི་སྣོད་དུ་ཁྲག་གི་མཆོད་ཡོན། དབང་ལྔའི་མེ་ཏོག་གཟུགས། རུས་རྐང་ཀླད་པ། གུ་གུལ་སྤོས། ཞུན་ཆེན་བསྲེས་པའི་

p. 390

མར་ནག་སྒྲོན་མེའི་སྡོང་བུ། རོ་རས། མཁྲིས་པའི་དྲི་ཆབ། ཤ་རུས་ཞལ་ཟས་ཞེས་སྨད་གསུམ་གཅིག་ཟླུམ་པོ། སྟོད་གསུམ་གཉིས་ཟུར་གསུམ་དབལ་ཅན་ཁྲག་གིས་བྱུགས་ཤིང༌། མེ་རིས་བརྒྱན་པ། དེའི་ཕྱིར་མཆོད་འགོ་གོང་བཞིན་ནས། ཆུ་གཉིས། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་ཞི་མཆོད། སྒྲུབ་པ་པོའི་དྲུང་རང་གི་གཡོན་ནས་གཡས་སུ། ནང་མཆོད། དྲིལ་བུ། རྡོ་རྗེ། ཌ་མ་རུ། འཐོར་ནས་རྣམས་དང༌། གཞན་ཡང་རྔ་རོལ་དུང་དཀར། རྐང་གླིང༌། ཕུད་སྐྱེམས། གུ་གུལ། གཡབ་དར། ཚོགས་རྫས་སོགས་ཅི་འབྱོར་བཤམས་ལ། ཐོག་མར་བདག་བསྐྱེད་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཚར་གསུམ། ཚད་མེད་བཞི་དཀྱུས་འགྲེ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པད་ཉི་དང༌། །བདུད་བཞི་བརྩེགས་སྟེང་རང་ཉིད་ནི། །དགྱེས་རྡོར་ཞལ་བརྒྱད་ཕྱུག་བཅུ་དྲུག །ཞབས་བཞི་བདག་མེད་ཡུམ་དང་རོལ། །ཕྱག་མཚན་རྒྱན་དང་བཞུགས་སྟབས་སོགས། །མཚན་ཉིད་ཀུན་རྫོགས་ཐུགས་ཀར་ཉིར། །ཧཱུྃ་ཡིག་སྔགས་ཀྱིས་བསྐོར་བར་གྱུར། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅི་ནུས་ལྗགས་བཟླས་ནི་བདག་བསྐྱེད་དོ། །མཆོད་གཏོར་བསང་བ་ནི། ཐུགས་ཀའི་ཧཱུྃ་ལས་བདུད་རྩི་འཁྱིལ། །ཁྲོ་ཚོགས་ལྗང་གུ་གཡས་གཡོན་གྱིས། །སྣ་ཚོགས་རྡོ་རྗེ་དེས་མཚན་དྲིལ། །ཐོགས་པ་མེ་འོད་དང་བཅས་སྤྲོས། །མཆོད་གཏོར་བགེགས་ཀུན་བསྐྲད་པར་གྱུར། །ཞེས་དང༌། རྡོ་རྗེའི་རྩེས་ནང་

p. 391

མཆོད་ནས་མཆོད་གཏོར་རྣམས་ལ་འཐོར་ཚུལ་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱང༌། ཞེས་པ་མཆོད་གཏོར་རྣམས་གང་དུའང་མ་གྲུབ་པའི་སྟོང་ཉིད་བཙན་ཐབས་སུ་བསྒོམ་པ་མ་དག་པ་སྦྱོང་བ་ལ་ཟེར། སྟོང་པའི་ངང་ལས་མཆོད་པ་རྣམས། །ཨ་ལས་དུམ་གསུམ་ཐོད་པ་ནི། །ཕྱི་དཀར་ནང་དམར་དཔྲལ་མདུན་བསྟན། །ཡངས་ཤིང་རྒྱ་ཆེར་ཧཱུྃ་ཞུ་ལས། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་དང༌། །རོལ་མོའི་རྣམ་པ་ཞི་བའི་རྫས། །གཞན་ཡང་ཐོད་པ་དེ་ལྟའི་ནང༌། །དགྲ་བགེགས་བསྒྲལ་བའི་ཁྲག་མཚོ་དང༌། །མིག་དང་རྣ་བ་སྣ་ལྕེ་སྙིང༌། །རུས་རྐང་ཀླད་ཚིལ་བསྲེགས་པའི་དུད། །རྐང་ཏིལ་མར་ཁུར་རོ་རས་སྡོང༌། །མཁྲིས་པ་སྨན་སྣའི་དྲི་ཆབ་དང༌། །ཤ་ཁྲག་རུས་སྤུངས་ཞལ་ཟས་རྔམ། །རྐང་གླིང་ཐོད་རྔ་རོལ་མོའི་སྒྲ། །གཞན་ཡང་རླུང་མེ་ཐོད་སྒྱེད་སྟེང༌། །ཐོད་སྣོད་ཡངས་ཤིང་རྒྱ་ཆེའི་ནང༌། །བ་ལང་ཁྱི་རྟ་གླང་ཆེན་མིའི། །ཤ་དང་དྲི་ཆེན་ཁྲག་ཁུ་བ། །ཀླད་པ་དྲི་ཆུ་བདུད་རྩི་ལྔ། བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་ཡིག་སྟེ། །ཡེ་ཤེས་ལྔ་དངོས་རླུང་མེ་ཡིས། །བསྐྱོད་པས་རོ་གཅིག་བདུད་རྩི་ནི། །རྣམ་པ་ཤ་ཁྲག་རུས་ལས་གྲུབ། །དམ་རྫས་རྒྱན་ལྡན་གཏོར་མར་གྱུར། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་ཨཱཿཧཱུྃ། ཨོཾ་མ་ཧཱ་རཀྟ་ས་མུ་དྲ་མ་ཧཱ་པཉྩ་ཨིནྡྲ་གུ་ཧྱ་པུཥྤེ། མ་ཧཱ་མེ་ད་གུ་ཧྱ་དྷཱུ་པེ། མ་ཧཱ་མ་དྷཱུ་ར་གུ་ཧྱ་ཨཱ་ལོ་ཀེ། མ་ཧཱ་བ་ས་རུ་དྷི་ར་གུ་ཧྱ་གནྡྷེ། མ་ཧཱ་མཱཾ་ས་རཀྟ་བྷུ་ཛ་ཐ་པི་པ་ཐ་མ་ཧཱ་ཤབྡ་ཨཱཿཧཱུྃ། ཞི་དྲག་གི་མཆོད་པའི་ཕྱག་རྒྱ་སྤྱི་འགྲེས་མཆོད་པ་བྱིན་བརླབ། ཕྱག་གཡོན་གཡས་གཉིས་བྱ་ཁྱུང་ཕྱག་རྒྱ་རྣམས་རིམ་བཞིན་གཏོར་མར་བསྟན་ནས་འཆའ་བ་དང༌།

p. 392

ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་གཏོར་མ་བྱིན་བརླབ། རང་ཉིད་ཀྱེ་ཡི་རྡོ་རྗེའི་མདུན། །འཇིགས་རུང་དུར་ཁྲོད་བརྒྱད་དབུས་སུ། །པྃ་པད་རྃ་ཉི་མི་རོའི་སྟེང༌། །ཧཱུྃ་ལས་གྲི་གུག་ཧཱུྃ་མཚན་ལས། །འོད་འཕྲོས་དགྲ་བགེགས་ཚར་བཅད་འདུས། །ཡོངས་གྱུར་དཔལ་ལྡན་རྡོ་རྗེ་ཆེ། །ནག་པོ་ཆེན་པོ་གུར་གྱི་མགོན། །ཆེ་ཞིང་ཆེར་འབར་སྐུ་མདོག་ནག །ཕྱག་གཉིས་གྲི་གུག་ཐོད་ཁྲག་ནི། །ཐུགས་ཀར་སྟེང་འོག་དབུས་གཎྜི། །དམར་ཟླུམ་སྤྱན་གསུམ་མཆེ་གཙིགས་ཞལ། །ལྗགས་འདྲིལ་རྔམ་སྒྲ་ཁྲག་རྒྱུན་འཛག །སྨར་སྨིན་དབུ་སྐྲ་དམར་སེར་བརྫེས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཐོད་རློན་ཁྲག་འཛག་ལྔ་བཅུའི་ཕྲེང༌། །རུས་པའི་རྒྱན་དྲུག་སྦྲུལ་གྱིས་བརྒྱན། སྟག་ཤམ་དར་གྱི་ལྷབ་ལྷུབ་ཅན། མི་ཐུང་གེལ་པའི་འདུག་སྟངས་ཀྱིས། །རོ་གདན་ལ་འགྱིང་གཡས་གཡོན་རྒྱབ། །མདུན་སྟེང་རྣམས་སུ་བྱ་ཁྱི་ནག །ཅེ་སྤྱང་སྔོ་དང་མི་ནག་ཚོགས། །ཁྱུང་ཆེན་རིགས་ལྔའི་འཕྲོ་འདུ་ཅན། །ཡེ་ཤེས་མེ་འབར་དབུས་བཞུགས་པའི། །དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ། །དཀར་དམར་མཐིང་མཚན་རང་ཉིད་ཀྱི། །ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་གྱུར། །གུ་གུལ་ཚིལ་ཆེན་སོགས་ཀྱི་དུད་པ། རྔ་རོལ་རྐང་གླིང་གཡབ་དར་སོགས་དང་བཅས་རོལ་མོས་བྱིན་དབབ། གདུང་དབྱངས་དང་བཅས་པས། ཧཱུྃ། རྡོ་རྗེ་འཛིན་པའི་ཡེ་ཤེས་ནི། །གདུག་པ་འདུལ་ཕྱིར་སྲིན་པོའི་གཟུགས། །འདའ་བར་དཀའ་བའི་དམ་ཚིག་ཅན། །མགོན་པོ་འཁོར་བཅས་འདིར་གཤེགས་བཞུགས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ པདྨ་སཱུརྻ་ཤ་ཏྲཱུཾ་བེཏྟ་ལི་ཨཱ་ས་ན་ཏིཥྛནྟུ། ཞེས་པས་སྤྱན་འདྲེན་བཞུགས་གསོལ་དང༌། རྡོར་ཐལ་ཁ་ཕྱེའི་མཐར་སེ་གོལ་གཏོགས་པ་དང་བཅས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་

p. 393

ཨུ་པ་ཧཱ་རི་ཎི། ཨེ་ཀ་ཨ་པཤྩི་མ། ཀཱ་ལོ་ཨ་ཡཾ་ཨི་དཾ། རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎི། ཡ་ཏི་པྲ་ཏཱིཛྙ། སྨ་ར་སི་ཏ་ད། ཨི་དཾ་དུཥྚ་ན། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཚར་གསུམ་སོགས་ཀྱིས་གཏོར་མ་བསྔོ་བར་གནང་ནས་གོང་བཞིན་མཆོད་སྔགས་མཐེབ་སྲིན་གྱིས་ནང་མཆོད་འབུལ་བའི་སྟངས་ཀ་དང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དཔལ་ལྡན་གུར་གྱི་མགོན་པོ་ཆེ། །ལྕམ་དྲལ་བྲན་གཡོག་འཁོར་བཅས་མཆོད། བསྟན་འགྲོ་རྣལ་འབྱོར་བར་ཆད་སྲུངས། །བསམ་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་འཕྲིན་འཆོལ་དང༌། སྐོང་བ་དངོས་ནི། རྔ་རོལ་དབྱངས་དང་བཅས། ཧཱུྃ། མ་དག་སྣོད་བཅུད་སྣང་བ་ཇི་སྙེད་པ། །དག་པ་རབ་འབྱམས་མཆོད་ཡོན་ཞབས་བསིལ་དང༌། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་དང་ཟས། །རོལ་མོ་རྒྱལ་སྲིད་སྣ་བདུན་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རི་གླིང་ཉི་ཟླ་སོགས། །རིན་ཆེན་འབྲུ་སྣ་དར་གོས་སྨན་ལ་སོགས། །ངོ་མཚར་ཕྱི་ཡི་སྐོང་རྫས་སྣ་ཚོགས་ཀྱིས། །མ་ཧཱ་ཀཱ་ལ་འཁོར་བཅས་ཐུགས་དམ་བསྐང༌། །ཧཱུྃ། གསང་ཆེན་ཟབ་མོའི་རང་བཞིན་དུར་ཁྲོད་གནས། །འཇིགས་རུང་དྲག་པོའི་གཞལ་ཡས་ཆེན་པོའི་ནང༌། །དམ་ཉམས་ཕྱི་ནང་གསང་བའི་དགྲ་བགེགས་ཀྱི། །ཐོད་སྣོད་ཡངས་པར་དེ་ཡི་ཁྲག་རྒྱུན་འཁྱིལ། །དབང་ལྔའི་མེ་ཏོག་ཚིལ་ཆེན་དུད་སྤྲིན་དང༌། །ཞུན་ཆེན་སྒྲོན་མེ་མཁྲིས་ཆེན་སྨན་སྣའི་དྲི། །ཤ་རུས་བཟའ་བ་ཁྲག་གི་བཏུང་བར་ལྡན། །རྐང་གླིང་ཐོད་རྔ་འཇིགས་རུང་སྣ་ཚོགས་སྒྲ། །གཡང་གཞིའི་བླ་བྲེ་གློ་སྙིང་རྒྱུ་མའི་འཕན། །གདུག་ཅན་གཅན་གཟན་ཤུན་པ་སྦྲུལ་གདུག་ཕྲེང༌། །རབ་གསང་རུས་པའི་རྒྱན་དྲུག་དམ་ཚིག་རྫས། །རོ་དུམ་རོ་སྐྲའི་རྔ་ཡབ་ཞྭ་གོས་ལྷྭམ། །མིག་སྨན་མདོག་སོགས་ནང་གི་

p. 394

མཆོད་རྫས་ཀྱིས། །མ་ཧཱ་ཀཱ་ལ་འཁོར་བཅས་ཐུགས་དམ་བསྐང༌། ཧཱུྃ། ཁྱད་པར་རྨད་བྱུང་རང་བཞིན་ལྷན་སྐྱེས་རྫས། །ཚད་ལྡན་བདེ་སྐྱོང་དམ་རྫས་བཅུད་ཀྱིས་ཕྱུར། །བནྡྷ་ལྕང་ལོ་སྦྱོར་སྒྲོལ་རཀྟས་གང༌། །དུག་གསུམ་གཏོར་སྣོད་དམར་ཆེན་གཏོར་མ་རྔམ། །དཔའ་བོ་གཡུལ་བསད་གྲི་སྙིང་རྫས་འཁོར་ཅན། །ཕོ་རྒྱུད་སྤྲིན་ལྟར་འཚུབས་པའི་རྔ་ཡབ་ནག །མོ་རྒྱུད་རླུང་དམར་འདུ་བའི་ནལ་བུའི་གསེབ། །གསང་མདོས་པད་ཚལ་སྡེ་བརྒྱད་བུང་བའི་གསོབ། །ཕྱག་མཚན་མཚོན་ཆ་བདུད་སྡེའི་སྲོག་གི་གཤེད། །ཕྱི་རྟེན་བྱ་ནག་ལ་སོགས་སྤྲུལ་པའི་འཁོར། །ནང་རྟེན་སྐུ་གསུང་ཐུགས་ཀྱི་རྣམ་རོལ་ཅན། །གསང་རྟེན་རྒྱུད་གསུམ་དྲེགས་པའི་སྲོག་གི་བཅུད། །མི་མཐུན་གཡུལ་ལས་རྒྱལ་བའི་རུ་མཚོན་སོགས། །ཕུལ་བྱུང་བསྟན་སྲུང་ཐུན་མོང་མིན་པའི་རྫས། །མ་ཧཱ་ཀཱ་ལ་འཁོར་བཅས་ཐུགས་དམ་བསྐང༌། ཧཱུྃ། ཐོག་མེད་དུས་ནས་འཁོར་བ་ཇི་སྲིད་བར། །མ་རིག་ལས་ཉོན་ལས་བྱུང་བཅས་རང་སྡིག །དམ་ཅན་རྒྱ་མཚོའི་ཐུགས་འགལ་ཐར་པའི་གེགས། །ཅི་མཆིས་མཁའ་མཉམ་སྡིག་དང་ལྷན་ཅིག་བཤགས། ཧཱུྃ། མགོན་ཁྱོད་ཐུགས་དམ་གསང་བ་བསྐུལ་བའི་ཕྱིར། །ཐུགས་ཀར་ཉི་དཀྱིལ་ཧཱུྃ་ཡིག་སྔགས་ཕྲེང་བཅས། །བདག་ཉིད་དགྱེས་པ་རྡོ་རྗེའི་འོད་ཀྱིས་བསྐུལ། །ཕྲིན་ལས་རྣམ་བཞིའི་གཡར་དམ་ད་དགོངས་ཤིག །ཅེས་རྔ་རོལ་བཞག་ནས། གཡུལ་བསད་དུད་ཆེན་ཕྲེང་བ་གཞོན་ནུ་མས་བཀལ་པའི་སྲད་བུ་དགུ་སྒྲིལ་ཕྲེང་ཐག་ཅན་མདོ་འཛིན་ཉིས་བརྩེགས། གྲངས་བཟུང་བཅུ་ཤད་ཅན་བྱིན་གྱིས་བརླབས་པ་ཕྱག་གཡས་པའི་མཐེབ་མཛུབ་ཀྱི་སྦྱོར་བས་བགྲངས་ལ་ཐོག་མར། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའི་ཡིག་བརྒྱ་ཅི་རིགས། དེ་ནས། ཨོཾ་དེ་ཝ་པི་ཙུ་སོགས་གོང་བཞིན་ཅི་རིགས། དེ་ནས། ཨོཾ་མ་ཧཱ་ཀཱ་ལཱ་ཧཱུྃ་ཕཊ། དང༌། ཨོཾ་ཤྲཱི་

p. 395

མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ནཱ༴ སོགས་གོང་བཞིན་ཏེ། ཉེ་སྙིང་བདུན་མ། སྙིང་པོ་བཅུ་གཉིས་མ། རྩ་སྔགས་ཤཱ་ས་ན་རྣམས་ལས་རྒྱུན་དུ་ཉེ་སྙིང་གཙོ་བོར་མཛད། དྲག་ལས་ལ་ཤཱ་ས་ན་གཙོ་བོར་མཛད་ཅིང༌། དེ་ཡང་བྱད་མ་ཁ་ཁ་སོགས་འདོགས་ཅན་དུ་མཛད་དོ། །དེ་ལྟར་ལྗགས་བཟླས་གྲུབ་པ་དང༌། རྔ་རོལ་སོགས་བཅས། སྐུལ་ཟློག་ནི། ཧཱུྃ། བདེ་གཤེགས་ཐུགས་སྤྲུལ་སྲུང་དབང་ཁྱོད་ཉིད་ཀྱིས། །རྡོ་རྗེ་འཛིན་པའི་དམ་ཚིག་རྗེས་དགོངས་ལ། །བདག་སོགས་སྡིག་སྒྲིབ་ནད་གདོན་བགེགས་ཀུན་སོལ། །ལུང་རྟོགས་ཚེ་བསོད་དཔལ་འབྱོར་ལེགས་ཀུན་སྤེལ། །སྣོད་བཅུད་ཕུན་ཚོགས་འདོད་ཀུན་དབང་དུ་བསྡུས། །བསྟན་འགྲོར་གནོད་ཀུན་ད་ལྟ་ཉིད་དུ་སྒྲོལ། །ཐུན་མོང་མཆོག་གི་དངོས་གྲུབ་ལྷུན་གྲུབ་མཛོད། ཧཱུྃ། བསྟན་དང་བསྟན་འཛིན་འཇིག་རྟེན་ལ་གནོད་པའི། །གཟུགས་ཅན་དམ་ཉམས་དགྲ་བོའི་ངན་གཡོ་དང༌། །གཟུགས་མེད་ལན་ཆགས་བགེགས་ཀྱི་ཆོ་འཕྲུལ་གྱིས། །སྣོད་བཅུད་མ་རུངས་བྱེད་རྣམས་དེ་ཉིད་ལ། །མྱུར་དུ་བཟློག་སྒྱུར་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། སྲིད་པའི་ཕུན་ཚོགས་ཡིད་བཞིན་དབང་གི་རྒྱལ། །ཞི་བའི་དགེ་མཚན་སྤང་རྟོགས་མཐར་ཕྱིར་སྩོལ། །མཁས་གྲུབ་གཉེན་གཅིག་རྡོ་རྗེ་ནག་པོ་ཆེ། །འཁོར་འདས་ཡོངས་ཀྱི་མཐུ་ཆེན་མངའ་གསོལ་ལོ། །ཧཱུྃ། མི་འགྱུར་མཐིང་མདོག་ཆོས་ཀུན་རོ་གཅིག་ཞལ། །བདེན་གཉིས་ཕྱག་དང་གཟུང་འཛིན་མཐའ་གནོན་ཞབས། །མཆོག་ཐུན་རབ་སྩོལ་རྔམ་བརྗིད་ཆ་ལུགས་ཅན། །ཡོན་ཏན་དཔག་མེད་གུར་གྱི་མགོན་པོར་བསྟོད། །དེ་ནས་གཏོར་མ་ལ་ཉིན་མོ་ཡིན་ན་སྤོས་རེངས་དང༌། སྲོད་ཐོ་རངས་སོགས་ཡིན་ན་དཔལ་འབར་བཙུགས། ཕུད་ཆང་དང་བཅས་པས། ཧཱུྃ། དམ་ཅན་དབང་ཕྱུག་ནག་པོ་འཁོར་བཅས་རྣམས། །ཏིང་འཛིན་སྔགས་རྒྱས་རྣམ་

p. 396

སྤྲུལ་གཏོར་མ་ཆེ། །བཟའ་བཅའ་ལྗགས་མྱང་བཏུང་བ་ཁྱད་པར་རྫས། །རི་དང་རྒྱ་མཚོའི་རྣམ་རོལ་འདི་བཞེས་ལ། །བླ་མའི་སྐུ་ཚེ་བསྲིང་དང་ཐུབ་བསྟན་སྤེལ། །དེ་བཞིན་བཤད་སྒྲུབ་སྡེ་སྐྱོང་འཇིག་རྟེན་ལ། །གནོད་སྲུངས་ལེགས་སྤེལ་བདག་ལྟོས་བཅས་ཀུན་ལ། །རྟག་ཏུ་འགོ་ཞིང་འཆེས་པའི་བརྩེ་གདུང་མཛོད། །ཅེས་དང༌། དྲག་རོལ་བཅས་གཏོར་མ་ཐོག་ཁ་དང་རི་གཙང་སོགས་སུ་ཁྱེར་ལ་ཕུད་ཆང་འཐོར་བ་སྔོན་འགྲོས་སུམ་གཉིས་ཡར་ཕུལ། སུམ་གཅིག་མར་ཞུ་བ་མན་ངག་ཏུ་མཛད་དོ། །ཧཱུྃ། གང་ཡང་བདག་བློའི་སྐྱོན་གྱུར་པའི། །ལྷག་ཆད་ནོར་འཁྲུལ་བག་མེད་བཤགས། །མདུན་བཞུགས་མགོན་པོ་རང་ལ་ཐིམ། །རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ། །དགེ་དེས་གནས་སྐབས་དོན་ཀུན་འགྲུབ། །མཐར་ཐུག་ནག་པོ་ཆེ་ཐོབ་ཤོག །ཕྱོགས་བཅུ་དུས་གསུམ་བཀྲ་ཤིས་ཀྱི། །དགའ་ཆར་དབྱངས་སྙན་དེང་འདིར་བྱོན། །ཞེས་བརྗོད་ལ་གྲོལ་ལོ། །ཞེས་པའང་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་གཟིགས་ངག་དབང་ཀུན་དགའ་བློ་གྲོས་ཀྱི་གསུང་བློ་གཏེར་དབང་པོས་མཆོད་བརྗོད་དང་སྦྱར་བྱང་བསྒྱུར་ནས་ལུང་སྤེལ་ཞུས་པ་དགེ། །།

ལྷའི་རྣལ་འབྱོར་ཕལ་མོ་ཆེ་ལ་སྦྱར་རུང་སྲེག་བླུགས་ཀྱི་ཆོ་གའི་ཁོག་ཕུབ་ངག་འདོན་བཅས་རིན་ཆེན་གསེར་གྱི་ཕྲ་མིག

p. 397

ལྷའི་རྣལ་འབྱོར་ཕལ་མོ་ཆེ་ལ་སྦྱར་རུང་སྲེག་བླུགས་ཀྱི་ཆོ་གའི་ཁོག་ཕུབ་ངག་འདོན་བཅས་རིན་ཆེན་གསེར་གྱི་ཕྲ་མིག་ཅེས་བྱ་བ་བཞུགས་སོ།།

p. 398

ཨོཾ་སྭ་སྟི་སིདྡྷཾ། གཉིས་མེད་ཡེ་ཤེས་བྱིན་ཟ་ཡིས། །འགལ་རྐྱེན་ཚང་ཚིང་ཀུན་བསྲེགས་ནས། །ཕྲིན་ལས་སྣང་བ་སྦྱིན་མཛད་མགོན། །བླ་མ་ཡེ་ཤེས་མེ་ལྷས་སྐྱོངས། །བསྙེན་སྒྲུབ་མཐར་ཕྱིན་མཆོག་ཐུན་གྱི། །དངོས་གྲུབ་སྙེ་མ་ལེན་འདོད་དང༌། །ལས་ཀྱི་བོགས་འདོན་གྱིས་བྲེལ་རྣམས། །ཚུལ་འདི་ཡིད་ཀྱི་ངལ་སྟེགས་འགྱུར། །དེ་ལ་འདིར་རྒྱུད་སྡེ་གོང་འོག་གི་ལྷའི་རྣལ་འབྱོར་སྦྱིན་སྲེག་དམིགས་བསལ་མེད་པ་རྣམས་ལ་བསྙེན་སྒྲུབ་ཀྱི་འབྲས་བུ་མྱུར་དུ་འབྱིན་པ་དང༌། སྔགས་ཀྱི་ལྷག་ཆད་སྦྱང་བ་དང༌། ལས་སྦྱོར་ཡོད་པ་རྣམས་ཀྱི་བོགས་འདོན་དང༌། མེད་པ་རྣམས་ལ་ལས་ཀྱི་དངོས་གཞིར་འགྱུར་བའི་སྲེག་བླུགས་ཀྱི་ཆོ་ག་ལག་ཏུ་ལེན་པའི་ཚུལ་ལ། སྤྱིར་སྦྱིན་སྲེག་གི་ངེས་ཚིག་ནི། ཧོ་མ་ཞེས་པའི་སྒྲ་ལས་དྲངས་ནས་ཡི་གེ་ཕྱིས་བསྣན་གྱི་དབང་གིས། ཧོ་ནི་ཧོཏྱ་སྟེ་བསྲེག་བྱ་དང༌། མ་ཡིག་ནར་བྱས་པས་དཱ་ན་སྦྱིན་པ་སྟེ་བསྲེག་བྱའི་རྫས་རྣམས་མེ་ལྷའི་ཞལ་དུ་སྦྱིན་པས་ན་དེ་སྐད་ཅེས་མངོན་པར་བརྗོད་པའི་ཚུལ་དཔལ་ཁ་སྦྱོར་ལས། མེ་ནི་ལྷ་ཡི་ཞལ་དུ་གསུངས། །སྦྱིན་

p. 399

སྲེག་དེ་ཉིད་རྣམ་པར་གནས། །ཞེས་སོ། །དགོས་པ་ནི། གོང་དུ་སྨོས་པ་ལྟར་བསྙེན་སྒྲུབ་ཀྱི་འབྲས་བུ་མྱུར་དུ་འབྱིན་ཅིང༌། ལྷག་ཆད་ཀྱི་ཉེས་པ་སེལ་བ་སོགས་མཐའ་ཡས་ཏེ། ཁ་སྦྱོར་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ནས་དངོས་གྲུབ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །དེ་ཀུན་སྦྱིན་སྲེག་གིས་ནི་དགང༌། །ཞེས་དང༌། བྱེ་བྲག་ལས་སོ་སོའི་དགོས་པའང༌། གྲུབ་ཆེན་ནག་པོ་པས། སྡིག་པ་འཇིག་ཕྱིར་ཞི་བ་སྟེ། །བསོད་ནམས་ཡོངས་སུ་སྤེལ་རྒྱས་ཡིན། །ཆགས་པས་སྒོམ་པའི་དབང་འགྱུར་ཏེ། །རྟོག་པ་གསད་ཕྱིར་མངོན་སྤྱོད་དོ། །ཞེས་སོ། །དབྱེ་ན། རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཞི་རྒྱས་དབང་དྲག་གི་ལས་གྱིས་རབ་ཏུ་ཕྱེ་བའི་དགུག་པ་དང༌། སྡང་བ། བསྐྲད་པ་སོགས་ཇི་སྙེད་ཅིག་གསུངས་ཡང༌། ཡེ་ཤེས་ཐིག་ལེ་ལས། སྦྱིན་སྲེག་སྡིག་པ་འཇིག་བྱེད་པ། །ཞི་བ་དང་ནི་རྒྱས་པ་དང༌། །དེ་བཞིན་དབང་དང་མངོན་སྤྱོད་དོ། །ཞེས་གསུངས་པ་ལྟར་རྩ་བའི་ལས་བཞིར་འདུ་བ་ལས། ཐོག་མར་སྔགས་ཀྱི་ལྷག་ཆད་དང༌། སྡིག་པ་

p. 400

དང་སྒྲིབ་པ་དང༌། བགེགས་དང་བར་དུ་གཅོད་པ་སོགས་ཉེ་བར་སྦྱང་བའི་སླད་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། རྣམ་པར་དུལ་བའི་གནས་སུ་ས་སྟེགས་ངོས་མཉམ་པར་ཐིག་ཆེན་བརྒྱད་བཏབ་པའི་དབུས་ནས་མཐོ་གང་གི་ཚད་ཀྱི་ཟླུམ་པོར་བསྐོར་བས་ཁྲུ་གང་འབྱུང་བ་ནི་ཐབ་ཀྱི་ནང་ངོ༌། །དེའི་ཕྱི་རོལ་ཏུའང་སོར་བཞི་པ་ལན་གཉིས་ཀྱིས་བསྐོར་བས་ཁ་སྒྱེར་དང་མུ་རན་འབྱུང༌། དབུས་ནས་ཚངས་ཐིག་དང་མུ་རན་འཛོམ་པའི་བར་གྱི་སྲད་བུ་དེས་ཟུར་བཞིར་བྱ་རྗེས་བྱས་ཏེ་སྟེགས་བུ་གྲུ་བཞིར་གདབ། དེའི་ཕྱི་རོལ་ཏུའང་སོར་བཞི་པའི་ཚད་ཀྱིས་ཆ་ཁ་གྲུ་བཞིར་གདབ་པ་ནི་སྟེགས་བུ་དཔངས་མཚོན་བྱེད་ཡིན་གསུངས། མུ་རན་ལ་རྡོ་རྗེ་ཁ་ཟུམ་པའི་ཕྲེང་བ་དང༌། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྩེ་ནང་བསྟན་བྲི། གཞི་ཚོན་ཐམས་ཅད་དཀར་པོ་ལ་བཅད་རྣམས་ཅི་མཛེས་སུ་བྱ། ཕལ་ཆེ་བ་ལ་ཐབ་དབུས་ནས་སུམ་གཅིག་གིས་བསྐོར་བ་པདྨའི་ལྟེ་བ་དང༌། དེའི་ཕྱི་སུམ་གཉིས་ལ་པདྨའི་འདབ་མ་བྱ་ཞིང༌། དེའི་ཚབ་ཏུ་ལྷའི་བསྐྱེད་ཆོག་གི་དབྱེ་བས་པད་འདབ་རིམ་ཅན་དང༌། འཁོར་ལོ་དང༌། ཆོས་འབྱུང་དང༌། གཞལ་ཡས་ཁང་སོགས་གང་དགོས་ཀྱི་ཐིག་ལག་ལེན་བཞིན་བཏབ་ལ་ལྷ་དུ་ཡོད་ཀྱི་ཕྱག་མཚན་ནམ། སྐུ་མདོག་དང་མཐུན་པའི་ཚོན་ཕུང་བྱ་ཞིང་གཙོ་བོའི་ཞལ་འཇིག་རྟེན་པའི་ནུབ་ཏུ་བསྟན། བྱ་བཏང་ལྟ་བུ་བུད་ཤིང་ཆེར་མེད་པ་དང༌། གནས་ཁང་སོགས་ཀྱིས་མ་བདེ་ན་གོང་དུ་སྨོས་པའི་ཆ་ཚད་ཕྱེད་ཕྱེད་ཕྲི་བ་ལས་འོས་མེད་དོ། །བུད་ཤིང་འོ་མ་ཅན་གྱི་ཤིང་དངོས་འབྱོར་དཀའ་བས་བལ་བུ། འོམ་བུ། ལྕང་དཀར། ཉ་འཕྲིག་ལྟ་བུ་དང༌། སྲོག་ཆགས་མེད་པའི་ལྕི་བ་སྐམ་པོས་ཀྱང་རུང་བས་ཁ་སྒྱེར་གྱི་སྟེང་ནས་ཟླུམ་པོར་བརྩིག དེའི་ནང་གི་འཇིག་རྟེན་པའི་ཤར་ལྷོར་མེ་ཚང་གི་ཏིང་ལོ་བཞག ཐབ་ཀྱི་མདུན་དུ་སྒྲུབ་པ་པོའི་སྟན་དཀར་པོ་བཏིང་བའི་མདུན་དུ་

p. 401

སྟེགས་ཀྱི་ཁར་རྡོ་རྗེ་དྲིལ་བུའི་བར་དུ་དགང་བླུགས་ཁ་སྦྱར་བ་དང༌། གཡས་ངོས་སུ་དུང་ཕོར་དྲི་བཟང་གི་ཆུས་བཀང་བ་ཀུ་ཤའི་འཐོར་ཡབ་དང་བཅས་པའི་བསང་ཆུ། བླ་མེད་ཡིན་ན་གཡོན་ངོས་སུ་ནང་མཆོད་ཀྱང་བཤམ། གྲུབ་ན་མེ་ཡོལ་ཀྱང་བཞག་སྟེ་གངས་ཏི་སེར་བསྒོམ། རྫས་ནི། སྒྲུབ་པ་པོའི་གཡས་ལོགས་ཀྱི་སྟེགས་ལ་རིམ་བཞིན་ཡམ་ཤིང་གོང་དུ་སྨོས་པའི་ཤིང་ལས་སོར་བཅུ་གཉིས་པ་རྩི་མ་ཉམས་པ་རྩ་རྩེ་སྦྲང་ངམ་མར་གྱིས་སྦགས་པ་གྲངས་དུ་དགོས་དང༌། མར་ཁུ། ཏིལ་ནག་སྟེ་རྫས་ཀྱི་གཙོ་བོ་གསུམ་གྱིས་ཆོག འབྱོར་ཞིང་སྤྲོ་ན་ཟས་མཆོག་ནས་ཀུ་ཤའི་བར་གྱི་རྫས་བརྒྱད་ཀྱང་བཤམ། གཡོན་ངོས་སུ་གཏོར་མ་གཉིས་དང་མཆོད་པ་ཚན་གཉིས་བཤམ། རྫས་ཀྱང་ཚན་པ་གཉིས་བཤམ་ན་ལེགས་མོད། སྣོད་མ་འབྱོར་ན་མེ་ལྷ་ལ་འབུལ་སྐབས་ཕུད་ཅུང་ཟད་རེ་ཕྲིས་ནས་འདས་པ་ལ་འབུལ་རྒྱུར་བསྲེ། ཀུ་ཤའི་ཆུན་པོ་བརྒྱད་དང་དཔལ་འབར་ལ་སོགས་པ་འདུ་བྱ་བ་ནི་སྦྱོར་བའི་ཆོས་སོ། །གཉིས་པ་དངོས་གཞི་ནི། དེ་ནས་ཕྱེ་མ་རེད་ཀྱི་དུས་ལ་བབ་པ་ན་རང་ཉིད་ཁྲུས་བྱས་གོས་རྒྱན་དཀར་པོས་བརྒྱན། སྐྱིལ་ཀྲུང་ངམ་པུས་འཁྱུད་དང་བཅས་པའི་ཙོག་པུ་རྐང་པ་གཉིས་ཅུང་ཟད་བསྣོལ་བ་རིག་བྱེད་འདོན་པ་ལྟ་བུའི་སྤྱོད་ལམ་གྱིས་ཁ་ཤར་དུ་ཕྱོགས་ཏེ་རང་གཞན་གྱི་སྡིག་སྒྲིབ་ལ་སོགས་པ་ཞི་བར་བྱ་བའི་བསམ་པས་འཁོད་ལ་བདག་བསྐྱེད་ཀྱི་རྣལ་འབྱོར་རང་རང་གི་སྒྲུབ་ཐབས་བཞིན་ཉམས་སུ་བླང་ངོ༌། །དེ་ནས་བསང་ཆུ་ལ་དམིགས་ཏེ་ལས་སྔགས་གང་ཡིན་པ་དེའམ། གསལ་ཁ་མེད་ན་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པ་ཉེར་གཅིག་ཙམ་བཟླས་པས་ཆུ་ནུས་པ་དང་ལྡན་པར་བསམ། རྒྱུན་བཞག་གི་མེ་སོགས་མི་འབྱོར་བས་ཤིས་པའི་ཁྱིམ་གང་རུང་གི་མེའམ་མར་མེ་ལས་དཔལ་འབར་སྦར་ཏེ། ལག་པ་གཉིས་ཀས་ཐབ་ལ་ཟླུམ་པོར་བསྐོར་ཞིང༌། ངག་ཏུ། ཨོཾ་བཛྲ་ཛྭ་ལ་རྃ། ཞེས་བརྗོད་ཅིང་ཐབ་ནང་གི་ཏིང་ལོ་

p. 402

སྦར་ལ་རྩྭ་སྐམ་པོ་སོགས་ཀྱིས་གསོ། དེ་ནས་དགང་བླུགས་བྱང་ཆུབ་མཆོག་གི་ཁུ་ཚུར་རམ། དེ་བཞིན་གཤེགས་པའི་ཁུ་ཚུར་ཞེས་པ་ཁུ་ཚུར་ལས་མཐེ་བོང་གཉིས་ཅུང་ཟད་བསྒྲེང་བས་བཟུང་ལ་བླུགས་གཟར་མར་དང་བཅས་པས་དགང་གཟར་ལ་རེག་པར་མར་ཁུ་བུད་ཤིང་ལ་ཁྱབ་པར་བླུགས་ཏེ་གོང་གི་སྔགས་བརྗོད། འདི་ནས་ཆོ་ག་མ་ཚར་གྱི་བར་རམ། མི་ནུས་ནའང་དགང་བླུགས་འཛིན་པའི་དུས་སུ་གྲུ་མོ་གཉིས་པུས་མོའི་ཁོངས་ལས་ཕྱིར་མི་འདའ་བའི་ཀུན་སྤྱོད་བྱ། རླུང་ཡབ་ཀྱིས་ཀྱང་གཡབས་ལ་མེ་པྲ་བརྟག ངན་ན་ལས་སྔགས་མ་ཧཱུྃ་རིང་པོ་བརྗོད་ཅིང་བསང་ཆུ་ཕྱོགས་ཀུན་ཏུ་གཏོར་བས་ཞི་བར་བྱའོ། །བསང་ཆུ་མཆོད་པ་དང་རྫས་རྣམས་ལ་གཏོར་ཞིང་ལས་སྔགས་སམ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ལ་སོགས་པའི་ཉེ་བར་སྤྱོད་པ་རྣམས་དང༌། ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ། ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ་ནས་ཤབྡ་སྭཱ་ཧཱའི་བར་བརྗོད། བླ་མེད་ཡིན་ན་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་སོགས་བརྗོད། དེ་བཞིན་དུ་ཆུ་གཅིག་དང༌། གསུམ་དང༌། བཞི་ལྟ་བུ་ཡིན་ཚེ་རང་མིང་དང་སྔགས་སོ་སོའི་ལུགས་བཞིན་བརྗེ། བདུད་རྩི་བྱིན་རླབས་བདག་བསྐྱེད་ཀྱི་སྐབས་སུ་ཡོད་ན་དེས་འཐུས་ཤིང༌། མེད་ན་སྐབས་འདིར་བྱིན་རླབས་རྒྱས་པའམ། བསྡུ་ན་ཨོཾ་ཨཱཿཧཱུྃ་ཧོཿདང་ཨོཾ་ཨཱཿཧཱུྃ་ཞེས་པ་ཙམ་གྱིས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ས་བོན་རྣམས་ཞུ་བའི་བདུད་རྩིར་བསམ། གང་ལྟར་ཡང་མཆོད་ཡོན་གྱི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་

p. 403

ཡམ་ཤིང༌། ཨོཾ་ཤྲཱི་སྭཱ་ཧཱས་མར། ཨོཾ་ཛྲཱིཾ་སྭཱ་ཧཱས་ཏིལ་སོགས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱངས་ཏེ་བྱིན་གྱིས་བརླབ། བསྡུ་ན་ཨོཾ་ཨཱཿཧཱུྃ་ལན་ཁ་ཡར་བརྗོད་པས་འགྲུབ་བོ། །ཐབ་སྔར་བཞིན་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་རྡོ་རྗེའི་ཕྲེང་བས་མཚན་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བ། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ཀྱིས་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་གཉིས་ཀྱིས་དབྱུ་གུ་རྩེ་གསུམ་པ་དང་རིལ་བ་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་བསམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཞེས་པ་ཙམ་མམ། སོ་སོའི་ལུགས་བཞིན་ཚུལ་མི་འདྲ་བ་དང༌། སྐྱེ་མཆེད་བྱིན་བརླབ། གོ་ཆ་སོགས་གང་འོས་དགོད། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ།

p. 404

སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་རོལ་མོ་དབུལ། བླ་མེད་ཡིན་ན་ནང་བདུད་རྩིས་ཀྱང་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་དེ་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམས་ཏེ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་གེགས་མེད་ཅིང་ཞི་བར་མཛོད་ཅིག །ཅེས་དང༌། ཨོཾ་བཛྲ་སཏྭ་ཨ་ཞེས་ལན་བརྒྱད་བརྗོད་ཅིང་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་དགྲམ་མོ། །དེ་ནས་གཟར་བུ་གཉིས་ཕྱག་རྒྱ་དང་ཀུན་སྤྱོད་སྔར་ལྟར་གྱིས་བཟུང་སྟེ། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་རྃ། དེ་ལས་འོད་ཀྱི་སྦུ་གུ་བྱུང་བ་དགང་བླུགས་ཀྱི་ཁའི་རྃ་ལ་ཕོག་པས་མར་ཁུ་གསོལ་བར་བསམ་ཞིང༌། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་

p. 405

ལན་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བ་ཧ་ནཱ་ཡ་སྭཱ་ཧཱ། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་དང༌། སྒོ་གསུམ་གྱི་ནད་གདོན་ཉེར་འཚེ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བསྙེན་པའི་ཁ་སྐོང་ཡིན་ཚེ། གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་གཟར་བུ་ཁ་སྦྱར་ལ་དབུལ། དེ་ལྟ་བུ་ལན་གསུམ་སོང་བ་དང༌། ཡམ་ཤིང་ལག་པ་གཡོན་དུ་བཟུང༌། གཡས་པའི་མཐེབ་སྲིན་གྱིས་རེ་རེ་ནས་བླངས་ཏེ་ཅུང་ཟད་བསྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་ཞེས་པ་བདུན་ནམ་ཉེར་གཅིག་ལ་སོགས་པས་ཕུལ་བའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ་བདག་གི་ཚེ་འཁོར་བ་ཐོག་པ་མེད་པ་ནས་བསགས་པའི་སོགས་སྤེལ་ཚིག་སྔར་ལྟར་གང་འོས་བརྗོད། དེའི་རིགས་འགྲེ་ཤེས་པར་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པས་མར་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ་ཞེས་པས་ཏིལ་དབུལ། འཕྲལ་གྱི་གནོད་པ་ཞི་བ་ཙམ་ལ་ཏིལ་གྱི་ཚབ་ཡུངས་ཀར་གྱིས་ཀྱང་རུང་སྟེ་ཞིབ་པར་འོག་ཏུ་འཆད། ཟས་མཆོག་ལ་སོགས་པའི་རྫས་བརྒྱད་པོ་ཡོད་ན། ཟས་མཆོག་ལ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། འབྲས་ལ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ་ལ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ་ལ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། གྲོ་ལ། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། དཱུརྦ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་རྣམས་སོ་སོའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར་བས་དབུལ། ཡམ་ཤིང་ལ་སོགས་པ་འདི་རྣམས་རང་རང་གི་སྔགས་ལན་གསུམ་རེ་སྔོན་དུ་བཏང་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པའི་ལྷ་སྔགས་ཁོ་ནས་

p. 406

ཕུལ་ཀྱང་རུང༌། སླར་ཡང་གོང་ལྟར་མཆོད་བསྟོད་བྱས་ལ་མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་པ་ཡན་ཆད་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་མེ་འབར་བའི་དབུས་སུ་ལྷ་བསྐྱེད་པར་བྱ་སྟེ། སོ་སོའི་མངོན་རྟོགས་ནས་འབྱུང་བ་བཞིན་རྟེན་པདྨ་ཙམ་མམ། འཁོར་ལོ། ཆོས་འབྱུང་དང༌། སྲུང་འཁོར། དུར་ཁྲོད། གཞལ་ཡས་ཁང་སོགས་གང་ཡིན་པ་པྃ་དང༌། ཧཱུྃ་དང༌། བྷྲཱུྃ་སོགས་རང་རང་གི་ས་བོན་ཙམ་ལས་བསྐྱེད། བརྟེན་པ་ལྷ་དུ་ཡོད་པ་ས་བོན་ཙམ་མམ། རྡོ་རྗེའི་ཆོ་ག་གསུམ་ལས་བསྐྱེད་ཅིང་སྤྱི་བོར་རིགས་བདག་བསམ་པའི་བར་མ་འཆོལ་བར་བྱ་ཞིང་སྤྱན་འདྲེན་གྱི་ཚེ། སྤྲོ་ན་སྤོས་དང་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་སོགས་ཤློ་ཀ་གཅིག་གམ་གསུམ་གྱི་མཐར་མཚན་སྔགས་ལ་ཨེ་ཧྱེ་ཧི་བཏགས་པ་བརྗོད། ཞི་བའི་ལས་ལ་གཙོ་བོའི་རིགས་བདག་རྣམ་སྣང་དུ་བསྒྱུར་བའམ་མ་བསྒྱུར་ཀྱང་རུང༌། མདུན་བསྐྱེད་ཀྱི་གཙོ་བོ་དེ་རྩ་བའི་བླ་མ་དང་དབྱེར་མེད་དུ་བསམ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་མགྲོན་ཐབས་སུ་འཁོད་པར་དམིགས་ལ། ལྷ་ཐམས་ཅད་འཛུམ་ཞིང་ཞི་བ་འོད་ཟེར་དཀར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་བར་ཆད་ཐམས་ཅད་ཞི་བའི་ལས་མཛད་པར་བསམ། སྐབས་འདིར་ཡང་མེ་པྲ་བརྟག་པ་འགའ་རེས་བཤད་དོ། །དེ་ནས་གཟར་བུ་གཉིས་སྔར་བཞིན་བཟུང་སྟེ། ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པའི་སོགས་དང༌། གཙོ་བོའི་སྙིང་པོ་ལན་གསུམ་གྱི་མཐར། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་ལན་བདུན་དང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་སོགས་སྤེལ་ཚིག་དང་བཅས་པ་གོང་ལྟར་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམ། དེ་ལྟ་

p. 407

བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་དབུལ། མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ཏེ། འབུལ་བའི་ཚིགས་བཅད་ཡོད་པ་རྣམས་ལ་དེ་ཀ་དང༌། མེད་པ་རྣམས་ལ་མཆོད་ཡོན་ཕལ་ཆེར་མའམ། འཇིག་རྟེན་ཁམས་ནི་མའམ། རབ་འབྱམས་རྒྱ་མཚོ་མ་གང་ཤེས་འདོན་པ་བསྒྱུར་ཞིང་ཆུ་གཉིས་སམ་བཞི་སོགས་གང་ཡིན་རང་མིང་བརྗེ་བའི་ཚུལ་གྱིས་དབུལ། རྒྱུད་སྡེ་འོག་མ་རྣམས་ལ་སྤྲོ་ན། རིན་ཆེན་བདུན་སོགས་སྤྱི་ལྟར་ཕུལ་ཀྱང་ཆོག བླ་མེད་རྣམས་ལ་ནང་བདུད་རྩིའི་མཆོད་པ་དང༌། གསང་བ་སྙོམས་འཇུག་གི་མཆོད་པ་དང༌། གཞན་ཡང་ཡིད་བྱུང་མཆོད་པ་རྣམས་སོ་སོའི་གཞུང་ནས་བཤད་ཚོད་ལྟར་བྱ། གཞན་མ་བཤད་ཅིང་མ་ཤེས་ནའང་ལྷ་སོ་སོའི་སྙིང་པོའམ། ས་བོན་ནམ། མཚན་སྔགས་ལ་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཅིས་ཀྱང་དབུལ། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། བསྟོད་པ་བརྒྱས་བསྡུས་ཅི་ཤེས་པས་བསྟོད། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གང་ཡོད་སྡེ་ཚན་རེ་རེའི་མགོར་གཙོ་བོའི་སྙིང་པོ་གང་ཡིན་པ་ཚར་གསུམ་རེ་བརྗོད་ཅིང༌། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱཧཱ། སོགས་རྫས་སྔགས་རྣམས་བརྒྱ་རྩ་རེས་ངེས་པར་དབུལ་ཞིང་སོ་སོའི་མཐར་སྤེལ་ཚིག་གོང་ལྟར་བརྗོད་དོ། །ཡང་ན་རྫས་སྔགས་ལན་གསུམ་རེ་སྔོན་དུ་འགྲོ་བས་ལྷ་སྔགས་བརྒྱ་རྩས་འབུལ་བའང་བཤད་པས་གང་མོས་བྱ། འདི་གཉིས་ཀྱི་ཁྱད་པར་ནི། འཕྲལ་གྱི་རིམ་གྲོར་བྱེད་ན་སྔ་མ་ལྟར་དང༌། བསྙེན་པའི་ཁ་སྐོང་ཡིན་ན་ཕྱི་མ་ལྟར་བྱ་བར་བཤད་མོད། གཙོ་བོར་ཐུན་མོང་གི་དངོས་གྲུབ་བསྒྲུབ་ནས་སྔ་མ་ལྟར་དང༌། མཆོག་གི་དངོས་གྲུབ་ལ་དམིགས་ན་ཕྱི་མ་ལྟར་བྱའོ། །ཕྱི་མ་འདི་ལ་གཙོ་བོའི་སྙིང་པོ་ཙམ་གྱིས་གཙོ་འཁོར་ཐམས་ཅད་ལ་དུས་གཅིག་ལ་འབུལ་བ་དང༌། གཙོ་བོ་ལ་བརྒྱ་རྩ་སྤེལ་ཚིག་བཅས་སོང་བ་དང༌། རྫས་སྔགས་ལན་གསུམ་གྱིས་ཐོག་དྲངས་ཏེ་འཁོར་གྱི་སྔགས་རྣམས་ཚར་གསུམ་རེ་སྦྲེལ་བའི་མཐར་སྤེལ་

p. 408

ཚིག་བརྗོད་པས་འབུལ་བའང་ཡོད་དེ་རང་གི་འབྱོར་པ་དང་ལོང་སྐབས་དང་བསྟུན་ཏེ་བྱ། དེ་ནས་བསྙེན་པའི་ཁ་སྐོང་ཡིན་ན་ཏིལ་ཁོ་ན་ལ་གྲངས་བཟུང་སྟེ་ལྷ་སྔགས་བསྙེན་པའི་བཅུ་ཆ་འབུལ་དགོས་པས་ཉིན་རེའི་ཁོངས་སུ་གང་འགྲོའི་ཚུལ་གྱིས་ཉིན་གྲངས་ཇི་ཙམ་དགོས་པ་བྱ། རང་གཞན་གྱི་སྡིག་སྒྲིབ་སྦྱང་བ་དང་ཉམས་ཆག་བསྐང་བའི་ཆེད་ཡིན་ནའང་ཏིལ་ཁོ་ནས་བྱ་ཞིང༌། གདོན་བགེགས་ཀྱི་གནོད་པ་ཞི་བ་ཙམ་ལ་ཏིལ་གྱི་ཚབ་ཡུངས་ཀར་གྱིས་བྱ་བ་དང༌། སྔགས་སརྦ་པཱ་པཾ་སོགས་ཀྱི་ཚབ་ཏུ། བགེགས་ལ་ཨོཾ་སརྦ་བིགྷྣཱན་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། གདོན་ལ་སརྦ་དུཥྚ་ད་ཧ་ན་སོགས་དང༌། ནད་ལ་སརྦ་རོག རིམས་ལ་སརྦ་ཛྭ་ར། ཉེ་བར་འཚེ་བ་ལ་སརྦ་ཨུ་པ་དྲ་ཝ། དུས་མ་ཡིན་པར་འཆི་བ་ལ་སརྦ་ཨ་ཀཱ་ལ་མྲྀ་ཏྱུ། རྨི་ལམ་ངན་པ་ལ། སརྦ་དུརྶོབྣ། ལྟས་ངན་ལ། སརྦ་དུརྨི་ཏ། རྣམ་པར་གཡེང་བ་ལ། ཨོཾ་སརྦ་ཙིཏྟ་ཀུ་ལ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ་ཞེས་པ་ལྟ་བུར་བསྒྱུར། གྲངས་ཇི་ཙམ་ནུས་པས་ཆོག་ལ་སྤེལ་ཚིག་བོད་སྐད་ཀྱང་བརྗོད་ཅིང་སྐབས་སྐབས་སུ་མེ་གསོ་བའི་དོན་དུ་བུད་ཤིང་དང་མར་ཡང་ཅི་རིགས་པ་གཞུག་གོ །དེ་ལ་ཡམ་ཤིང་ནི་གཟི་བརྗིད་བསྐྱེད་པའི་ཆེད་དུ་མེ་འོད་ལ། ཞུ་བའི་རྫས་མར་ཁུ་དང༌། ཏིལ་དང་ཟས་མཆོག་ཡོད་ནའང་ཞལ་དུའོ། །གོང་བུའི་རྫས་འབྲུ་སྣ་སོགས་འབུལ་ན་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ། འབྲུ་སྣ་དང་དཱུརྦའང་བདུད་རྩིར་བཞུས་ཏེ་ཞལ་དུ་བསྟབས་པར་བཞེད་པའང་ཡོད་འདྲ། གང་ལྟར་ཡང་མཐར་བསྡུ་རན་པ་ན་བྱོན་ཟན་གྱི་སྐབས་སུ་བཤད་པ་ལྟར་མར་དགང་བླུགས་གསུམ་གཤེགས་སྐྱེམས་ཀྱི་ཚུལ་དུ་དབུལ། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། མཚན་སྔགས་རེ་རེའི་མགོར་སྦྱར་བའི་མཆོད་ཡོན་ལ་སོགས་པ་རང་རང་གི་ལུགས་ལྟར་གྱིས་མཆོད། བླ་མེད་ཡིན་ན་ནང་མཆོད་ཀྱང་ཕུལ་ཏེ་བསྟོད་པ་བསྡུས་པས་བསྟོད། གཏོར་མ་བྲན་ལ་རང་རང་

p. 409

གི་ལུགས་བཞིན་བྱིན་གྱིས་བརླབས་ནས། གཏོར་སྔགས་ལན་གསུམ་མམ་ལྔས་ཐབ་ཀྱི་ལྷ་ལ་དབུལ། མཆོད་བསྟོད་བསྡུས་པ་ཞིག་བྱས་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང༌། གནས་སྐབས་ཀྱི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་གང་འདོད་པའི་དོན་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་ཉམས་པ་དང་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅིང་སོགས་ཀྱི་མཐར་ཨོཾ་བཛྲ་མུཿ ཞེས་དང་མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་ཐལ་བ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ་པ་ཡན་ནི་ཡེ་ཤེས་པའི་མེ་ལྷ་མཆོད་པའི་ཆོ་ག་སྟེ་དངོས་གཞིའི་ཆོས་སོ། །གསུམ་པ་རྗེས་ནི། སླར་ཡང་མར་བླུགས་གཟར་གང་དགང་གཟར་ལ་རེག་པར་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་པས་མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམ། བསྲེག་རྫས་ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་ལ་སོགས་པ་ཅི་འབྱོར་པ་ཕུལ་བའི་མཐར་བྱོན་ཟན་གྱི་སྐབས་སུ་སྨོས་པ་ལྟར་དགང་བླུགས་གསུམ་གཤེགས་སྐྱེམས་ཀྱི་ཚུལ་དུ་དབུལ། ཡོན་བདག་ལ་སོགས་པའི་ཆེད་དུ་ཡིན་ན་སྤེལ་ཚིག་གི་ཚེ་དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ། བདག་ཅག་དཔོན་སློབ་ཡོན་བདག་ཆེ་གེ་མོ་ཞེས་བྱ་བའི་ནད་དང་གདོན་དང་བཀྲ་མི་ཤེས་པ་དང་བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བདུན་ཚན་གསུམ་པོ་རེ་རེའི་མཐར་བྱའོ། །མེ་ལྷའི་གཏོར་མ་ཆབ་ཀྱིས་བྲན་ལ་བསང་སྦྱངས། སྟོང་

p. 410

པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ནས། ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་གསུམ་མམ་ལྔས་དབུལ། མཆོད་བསྟོད་གོང་དུ་བཤད་པ་ལྟར་བྱ་ཞིང༌། སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས་ཞེས་སོགས་གཞན་ནས་འབྱུང་བའི་བསྟོད་པའང་བྱ། ཐལ་མོ་སྦྱར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བདག་གི་ཚེ་འཁོར་བ་སོགས་འདས་པའི་མེ་ལྷའི་སྐབས་བཞིན་གསོལ་བ་གདབ། ཡིག་བརྒྱ་བཟླ་ཞིང་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་གི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །རྒྱུད་སྡེ་འོག་མ་ཡིན་ན་སྐབས་འདིར་ཆ་གསུམ་གཏོར་མ་སྤྱི་ལྟར་གཏང་བའམ། མ་གྲུབ་ཀྱང་འགལ་བ་ཆེར་མེད། རང་གི་གནས་གསུམ་བསྲུང་བའམ། སྐྱེ་མཆེད་བསྲུང་བ། གོ་ཆ་དགོད་པ་ལ་སོགས་བདག་བསྐྱེད་ཀྱི་མཇུག་སྡུད་རང་རང་གི་ལུགས་བཞིན་བྱས་ལ་སྨོན་ལམ་དང༌། བཀྲ་ཤིས་ཀྱི་ཚིགས་བཅད་ཅི་ཤེས་པར་བརྗོད། མཆོག་གི་དངོས་གྲུབ་ཀྱི་ཆེད་དུ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཐུན་མོང་བ་ཙམ་ལ་ལོངས་མེད་ན་མེ་འོ་མས་བཅིལ་ལ་ཐལ་བ་ཕྱགས་པའི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་གཏོར་བ་ནི་རྗེས་ཀྱི་ཆོས་སོ།། ༈ །དེ་ཉིད་གཞིར་བཞག་ནས་རང་གཞན་གྱི་ཚེ་དང་བསོད་ནམས་སོགས་རྒྱས་པའི་དོན་དུ་སྦྱིན་སྲེག་བྱེད་ན་མི་འདྲ་བའི་ཁྱད་པར། སྦྱོར་བའི་

p. 411

སྐབས་སུ་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་པའི་དབུས་ནས། སྲད་བུ་ཁྲུ་གང་པ་རྡོ་དཀར་དང་བཅས་པས་ཚངས་ཐིག་གི་ཕྱོགས་བཞིར་མཚན་མ་རེ་བྱ། དེའི་བར་གྱི་སྲད་བུ་དེ་གཡོན་པས་མཚན་མ་སོ་སོའི་སྟེང་དུ་གཟུང༌། གཡས་པས་ཟུར་ཐིག་བཞི་ལ་བྱ་རྗེས་བྱས་ཏེ་ཐིག་བཏབ་པ་ཐབ་ནང་དང་ཕྱི་རོལ་དུ་ཚངས་ཐིག་བཞི་ལ་སོར་བརྒྱད་བརྒྱད་འཕར་བའི་མཚན་མ་གཉིས་རེ་བྱས་ལ་ཟུར་བཞིར་སྔར་བཞིན་བྱ་རྗེས་བཙལ་ཏེ་ཐིག་གཉིས་གཉིས་བཏབ་པས་ཁ་སྒྱེར་དང་མུ་རན་འབྱུང་ཞིང་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་བསྐོར། ཐབ་སྟེགས་བསྒོམ་བྱ་ལ་ཡོད་ཀྱང་བྲི་མི་དགོས་སོ། །ཐབ་ནང་དུ་པདྨ་སོགས་གང་དགོས་བྲི་ཞིང་གཞི་ཚོན་ཐམས་ཅད་སེར་པོ་ལ་བཅད་རྣམས་ལི་ཁྲིའམ་ལྗང་གུས་བྱ། གཙོ་བོའི་མཚན་མའི་མདུན་འཇིག་རྟེན་པའི་ལྷོར་བསྟན་ཅིང་འཁོར་གྱི་ལྷ་དགོད་ཚུལ་དེས་ཤེས། ཁ་སྒྱེར་གྱི་སྟེང་ནས་བུད་ཤིང་འབྲས་བུ་ཅན་གྱི་ཤིང་སེར་ཞིང་དྲི་ཞིམ་པའམ། ལྕི་བ་འབུ་མེད་པ་གྲུ་བཞིར་བརྩིགས་ལ་མེ་ཚང་སྔར་བཞིན་བྱ། རང་གི་གཡས་སུ་བསྲེག་རྫས་ཡམ་ཤིང་རྒྱུ་བུད་ཤིང་དང་འདྲ་བ་སྦོམ་ཕྲ་གུང་མོ་ཙམ་པ་ཁྲུ་གང་པའི་ཚད་གྲངས་དུ་དགོས་པ་དང་མར་ཁུ། ཁྱད་པར་གྱི་རྫས་ནི། ཚེ་རྒྱས་པ་གཙོར་བྱེད་ན་དཱུརྦའི་མྱུ་གུ་རྩེ་མོ་མར་རམ་འོ་མ་སྦྲང་རྩིས་སྦགས་པ་དང༌། བསོད་ནམས་རྒྱས་པ་གཙོར་བྱེད་ན་ཕྱེ་གཙང་མ་འོ་མ་མར་སྦྲང་རྩི་སོགས་བསྲེས་པའི་ཟས་མཆོག ལོངས་སྤྱོད་རྒྱས་པ་གཙོར་བྱེད་ན་འབྲས་སོ་བ་སོགས་འབྲུ་སྣ་ཚོགས། ཤེས་རབ་རྒྱས་པ་གཙོར་བྱེད་ན་དྲི་ཞིམ་པའི་མེ་ཏོག་སེར་པོའམ་དཀར་པོ་སྟེ་དེ་རྣམས་ལས་རང་གང་འདོད་པ་བཤམ། ཡང་ན་ཟས་མཆོག་གཞིར་བྱས་པ་ལ་དཱུརྦ། འབྲུ་སྣ་ཚོགས་བསྲེས་ཀྱང་རུང་བས་ཡམ་ཤིང༌། མར་ཁུ། ཁྱད་པར་གྱི་རྫས་ཏེ་གསུམ་དུ་བྱ། འབྱོར་ཞིང་སྤྲོས་པ་ལ་དགའ་ན་ཡམ་ཤིང་ནས་ཀུ་ཤའི་བར་གྱི་རྫས་བཅུ་གཅིག་སོ་སོར་བཤམ་ནའང་ལེགས། གཡོན་དུ་མཆོད་གཏོར་སྔར་བཞིན་

p. 412

བཤམ། ཐབ་ཀྱི་མདུན་དུ་སྟན་སེར་པོའི་སྟེང་དུ་ས་འཇའ་ལི་ལྟ་བུ་ཞིག་བཞག སྔ་དྲོའི་དུས་སུ་རང་ཉིད་གོས་རྒྱན་སེར་པོས་བརྒྱན་ལ་རང་གཞན་གྱི་ཚེ་དང༌། ལོངས་སྤྱོད་དང༌། བསོད་ནམས་ལ་སོགས་པ་རབ་ཏུ་རྒྱས་ཏེ་ཚིམ་པའི་བསམ་པས་ཁ་བྱང་དུ་བལྟ་བས་བཟང་པོའི་འདུག་སྟངས་ཞེས་པ་ཁྱེལ་འདུག་བྱ། དངོས་གཞི་ལ་ངག་འདོན་ཕལ་ཆེར་ཞི་བ་དང་འདྲ་ལ། མེ་དགེ་འདུན་གྱི་བསྲོ་ཁང་ངམ། རྒྱལ་པོའི་ཁྱིམ་གྱིས་མེས་བྱ། ཐབ་དང་མེ་ལྷ་བསྐྱེད་པའི་ཚེ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུངས་སེར་པོ་གྲུ་བཞི་པ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ་སོགས་དང༌། མེ་ལྷ་སྐུ་མདོག་སེར་པོ་སོགས་ནས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ཞེས་བསྒྱུར། དགང་བླུགས་འཛིན་དུས་རིན་ཆེན་ཁུ་ཚུར་ཞེས་པ་རྡོ་རྗེ་ཁུ་ཚུར་སྤྱི་ལྟར་ལས་མཛུབ་མོ་གཉིས་བརྐྱངས་པའི་ཚིགས་བར་པ་བཅག་པ་རྩེ་རིན་པོ་ཆེ་ལྟར་བྱས་པ་ལ་བཞེད། སྤེལ་ཚིག་ནི། ཚེ་རྒྱས་པ་ལ་བདག་གམ་སྦྱིན་བདག་གི་ཨཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ། བསོད་ནམས་རྒྱས་པ་ལ་པུཎྱ་པུཥྚིཾ་ཀུ་རུ་ཨོཾ། དཔལ་འབྱོར་ལ་ཤྲཱི་བྷཱུ་ཏི་པུཥྚིཾ་ཀུ་རུ་ཨོཾ། ཤེས་རབ་ལ་པྲཛྙཱ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པ་ལྟ་བུ་བློས་དཔྱད་དེ་སྦྱར། ཡང་ན་བདག་གི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བློ་དང་སྤོབས་པ་རྣམ་པར་གྲོལ་བའི་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་པས་འཐུས། ཁྱད་པར་གྱི་རྫས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་མེ་ལྷ་རང་གི་སྔགས་ཀྱིས་དབུལ། འདས་པའི་མེ་ལྷའི་གཙོ་བོའི་རིགས་བདག་རིན་ཆེན་འབྱུང་ལྡན་དུ་བསྒྱུར་བའམ་མ་བསྒྱུར་ཀྱང་རུང༌། ལྷ་ཐམས་ཅད་འཛུམ་ཞིང་ཚིམ་པའི་ཉམས་ཅན་གཟི་བརྗིད་དང་ལྡན་པ། འོད་ཟེར་སེར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་

p. 413

དུ་འཕེལ་ཞིང་རྒྱས་པའི་ལས་མཛད་པར་བསམ། བསྲེག་རྫས་རྣམས་གྲངས་བརྒྱ་རྩ་བརྒྱད་རེ་ངེས་པར་དབུལ་ཞིང༌། དཱུརྦ་སོགས་ཁྱད་པར་གྱི་རྫས་གང་ཡིན་ཀྱང་གཙོ་བོའི་སྙིང་པོས་མཚོན་ལྷ་སྔགས་ཁོ་ནས་དབུལ། རྫས་གྲངས་འཛིན་རྒྱུ་དཱུརྦ་སོགས་གང་འོས་བྱ་ཞིང་བརྒྱ་རྩ་བརྒྱད་རེའི་མཚམས་སུ་སྤེལ་ཚིག་སྦྱར། འདོད་དོན་ཞུ་བ་གོང་འོག་གི་ཚེ། བདག་གི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བློ་དང་སྤོབས་པ་རྣམ་པར་གྲོལ་བའི་ཡེ་ཤེས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཇི་ལྟར་འོས་པ་བརྗོད། ཐལ་བ་འཕྲལ་དུ་ཕྱགས་དགོས་ན་གུར་གུམ་གྱི་ཆུས་གཞིལ་བ་ཙམ་ནི་ཁྱད་པར་རོ།། ༈ །ཞི་བ་གཞིར་བཞག་ནས་བསྟན་པའི་ཆ་རྐྱེན་དུ་བརྟན་གཡོའི་ཕུན་སུམ་ཚོགས་པ་དགུག་པ་དབང་གི་སྦྱིན་སྲེག་བྱེད་ན་སྦྱོར་བའི་སྐབས་སུ་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་ལ་དབུས་སུ་ཁྲུ་ཕྱེད་ཀྱི་ཚད་ཀྱིས་ཟླུམ་པོར་བསྐོར་བས་ཁྲུ་གང་འབྱུང༌། དེའི་དབུས་ནས་ཤར་དུ་སོར་གསུམ་དོར་བའི་སར་ཐབ་དབུས་ཀྱི་མཚན་མ་བྱས་ལ་གཡོན་པས་དབུས་ཀྱི་མཚན་མར་གཟུང༌། གཡས་པ་དཀར་དང་བཅས་པས་ནུབ་ཀྱི་ཟླུམ་སྐོར་བར་གྱིས་སྲད་བུ་དེས་མེ་ནས་དབང་ལྡན་གྱི་བར་དུ་གཡས་སུ་བསྐོར་བ་ནི་ཐབ་ནང་ཡིན་ལ། དེའི་ཕྱི་རོལ་ཏུ་སོར་བཞི་བཞི་པ་གཉིས་སྔར་བཞིན་དུ་བསྐོར་བ་ནི་ཁ་སྒྱེར་དང་མུ་རན་ཏེ་སོ་སོའི་རྩེ་ཐིག་གིས་སྦྲེལ་བས་ཟླ་གམ་བཅད་ཁ་ཤར་བསྟན་འབྱུང་ངོ༌། །དེ་ནས་ལྟེ་བ་སྔ་མ་ཐིག་ཆེན་གྱི་དབུས་ནས་ནུབ་ཀྱི་ཟླུམ་སྐོར་དུ་ཚངས་ཐེག་ཕྲད་མཚམས་བར་གྱི་སྲད་བུ་དེ་ཤར་དང་ལྷོ་བྱང་གི་ཚངས་ཐིག་ལ་རྟགས་རེ་བྱ། དེ་དག་གི་སྟེང་ནས་ཟུར་ཐིག་བཞིར་བྱ་རྗེས་བཙལ་ཏེ་ཐིག་བཏབ་པས་གྲུ་བཞིར་འབྱུང་སྟེ་ཐབ་སྟེགས་སོ། །དེའི་ཕྱི་རོལ་ཏུའང་སོར་བཞི་པའི་ཚད་ཀྱིས་ཐིག་གདབ། ཐབ་ནང་དུ་པདྨ་སོགས་ཀྱི་ཐིག་

p. 414

གང་དགོས་དང༌། གཞི་ཚོན་ཐམས་ཅད་དམར་པོ་བྱ་ཞིང་མུ་རན་ལ་ལྕགས་ཀྱུའི་ཕྲེང་བ་དང༌། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྲི། བཅད་ཚོན་དཀར་པོས་བྱ་ཞིང་ལྷའི་མཚན་མ་ཞལ་ཤར་དུ་བསྟན་པ་དགོད། བུད་ཤིང་ནི་མཛོ་མོ་ཤིང་ངམ། སེང་ལྡེང་ངམ། ཤུག་པ་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བ་ཟླ་གམ་གྱི་དབྱིབས་སུ་བརྩིག རང་གི་གཡས་སུ་ཡམ་ཤིང་བུད་ཤིང་གི་རྒྱུ་ལས་སྦོམ་ཕྲ་སྲིན་ལག་ཙམ་སོར་བརྒྱད་པ་དུ་དགོས་པ་དང་མར་ཁུ། ཁྱད་པར་གྱི་རྫས་མེ་ཏོག་དམར་པོའམ། མ་འབྱོར་ན་འབྲས་འབྲི་མོག་གིས་ཁ་བསྒྱུར་བ་སྟེ་གསུམ་ཙམ་མམ། སྤྲོ་ན་ཏིལ་དང་ཟས་མཆོག་ནས་ཀུ་ཤའི་བར་བཤམས་ཀྱང་ཆོག གཡོན་དུ་མཆོད་གཏོར་སོགས་འདྲ། རང་ཉིད་ཕྱི་དྲོའི་དུས་སུ་གོས་རྒྱན་དམར་པོས་བརྒྱན་ཏེ་སངས་རྒྱས་ཀྱི་བསྟན་པའི་ཆ་རྐྱེན་དུ་རྒྱལ་པོ་སོགས་དབང་དུ་བསྡུས་ཏེ་ཕན་བདེ་ལ་སྦྱར་བར་བགྱིའོ་སྙམ་པ་ཆགས་ཤིང་འདུན་པའི་སེམས་ཀྱིས་ཁ་ནུབ་ཏུ་ཕྱོགས་ལ་པདྨའི་སྐྱིལ་ཀྲུང་ཞེས་པ་བྱིན་པ་གཉིས་སྟེང་འོག་ཏུ་བསྣོལ་ཏེ་བོལ་གོང་གཉིས་མ་རེག་པར་མཐེ་བོང་རྩེ་སྤྲད་པའི་འདུག་སྟངས་ཀྱིས་འཁོད་དེ་ངག་འདོན་ཕལ་ཆེར་འདྲ། མེ་ནི་སྨད་འཚོང་མའམ། ཆང་འཚོང་ངམ། ཚོས་མཁན་ནམ། སློང་མོ་བས་ལམ་དུ་བུས་པའི་མེས་བྱ། ཐབ་དང་མེ་ལྷ་བསྐྱེད་པའི་ཚེ། ཧཱུྃ་ལས་བྱུང་བའི་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་མཚན་པ་ཞེས་སོགས་དང༌། མེ་ལྷ་སྐུ་མདོག་དམར་པོ་སོགས་ནས་འོད་དཔག་མེད་ཀྱིས་དབུར་བརྒྱན་ཞེས་བརྗོད། དགང་བླུགས་འཛིན་དུས་པདྨའི་ཁུ་ཚུར་ཞེས་པ་རྡོ་རྗེའི་ཁུ་ཚུར་ལས་མཛུབ་མོ་གཉིས་བརྐྱངས་པའི་རྩེ་པདྨའི་འདབ་མ་ལྟར་བྱ་བ་ལ་བཞེད། སྤེལ་ཚིག་ནི། རྒྱལ་པོ། ཡུལ་འཁོར། པཎྜི་ཏ་ལ་སོགས་པ་སྟོབས་ལྡན་འབྱོར་ལྡན། ཤེས་ལྡན་གྱི་འགྲོ་བ་ཐམས་ཅད་ཝཱ་ཤྃ་ཀུ་རུ་ཧོཿཞེས་

p. 415

བརྗོད། ཁྱད་པར་གྱི་རྫས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པས་དབུལ། འདས་པའི་མེ་ལྷའི་རིགས་བདག་འོད་དཔག་མེད་དུ་བསྒྱུར་བའམ་མ་བསྒྱུར་ཀྱང་རུང༌། ལྷ་ཐམས་ཅད་ཆགས་པའི་ཉམས་དང་ལྡན་ཞིང་འོད་ཟེར་དམར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་རྒྱལ་པོ་ལ་སོགས་པ་སྐྱེ་འགྲོ་ཐམས་ཅད་ཆགས་ཤིང་འདུན་པའི་ལས་མཛད་པར་བསམ། རྫས་རྣམས་གྲངས་ལྔ་བཅུ་ཐམ་པ་འབུལ་ཞིང༌། ཁྱད་པར་གྱི་རྫས་ལྷ་སྔགས་གང་ཡིན་པས་དབུལ། གྲངས་ཀྱང་དེ་ཀ་ལ་འཛིན་ཞིང་ལྔ་བཅུ་རེའི་མཚམས་སུ་སྤེལ་ཚིག་གདགས། འདོད་གསོལ་གོང་འོག་རྣམས་ལ། རྒྱལ་པོ་ཡུལ་འཁོར་སོགས་ནས་སྐྱེ་འགྲོ་ཐམས་ཅད་ཆགས་ཤིང་འདུན་པར་མཛད་དུ་གསོལ། ཞེས་བརྗོད། ཐལ་བ་འཕྲལ་དུ་ཕྱགས་དགོས་ན་ཙནྡན་དམར་པོའི་ཆུས་མེ་གཞིལ་བ་ནི་ཁྱད་པར་རོ།། ༈ །ཞི་བ་གཞིར་བཞག་ནས་བསྟན་པ་ལ་སྡང་བའི་གདུག་པ་ཅན་གྱི་སྟོབས་གཞོམ་པའམ་ཚར་གཅད་པའི་དོན་དུ་དྲག་པོའི་སྦྱིན་སྲེག་བྱ་བའི་སྒོས་ཆོས་ནི། སྦྱོར་བའི་སྐབས་སུ་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པར་བཏབ་ལ། དབུས་ནས་སོར་མོ་དྲུག་དང་སོར་མོ་གཅིག་གི་སུམ་གཉིས་ཀྱི་ཚད་ཀྱིས་ལན་གཉིས་བསྐོར་བས་ཐབ་ནང་དང༌། དེའི་ཕྱི་རུ་སོར་དྲུག་པ་གཉིས་ཀྱིས་ལན་གཉིས་བསྐོར། ཟླུམ་སྐོར་གཉིས་པ་དང་འཇིག་རྟེན་པའི་བྱང་གི་ཚངས་ཐིག་འཛོམ་པར་གཡོན་པས་སྲད་བུ་བཟུང་ཏེ། དེ་དང་དབུས་བར་གྱི་སྲད་བུ་དེས་གཡས་གཡོན་གྱི་ཟླུམ་སྐོར་ལ་རྟགས་རེ་བྱ། ཟླུམ་སྐོར་ཕྱི་མ་གཉིས་ལའང་བྱང་གི་ཚངས་ཐིག་དང་རང་རང་འཛོམ་པ་ནས་དབུས་བར་གྱི་སྲད་བུ་དཀར་བཅས་ཀྱིས་སྔར་བཞིན་རྟགས་རེ་བྱ། དེ་དག་གི་སྟེང་དུ་ཐིག་རིམ་བཞིན་བཏབ་པས་གྲུ་གསུམ་རིམ་པ་གསུམ་རྩེ་ལྷོར་བསྟན་འབྱུང་བ་ནི་ཐབ་ནང་ཁ་སྒྱེར་མུ་རན་ནོ། །ལྷོའི་གྲུ་གསུམ་གྱི་རྩེ་ནས་དབུས་བར་གྱི་སྲད་བུ་དེས་ཚངས་

p. 416

ཐིག་བཞི་ལ་རྟགས་རེ་བྱས་པའི་སྟེང་ནས་ཟུར་བཞིར་བྱ་རྗེས་བཙལ་ཏེ་ཐིག་བཏབ་པས་ཐབ་སྟེགས་གྲུ་བཞི་པ་འབྱུང༌། དེའི་ཕྱི་རུ་སོར་བཞི་པའི་ཚད་ཀྱིས་ཆ་ཁ་གྲུ་བཞི་དང་ཟླ་ཕྱེད་རྡོ་རྗེའང་འདྲ། མུ་རན་ལ་རྡོ་རྗེ་ཁ་གདེངས་པའི་ཕྲེང་བ་བྲི་ཞིང་གཞི་ཚོན་ཐམས་ཅད་ནག་པོ་ལ་བཅད་རིས་རྡོ་རྗེ་ཁ་དོག་སྔོ་སྐྱས་བྱ། ཐབ་ནང་དུ་པདྨ་སོགས་སོ་སོའི་འདོན་བྱ་ལྟར་དང་གཙོ་བོའི་ཞལ་བྱང་དུ་བལྟ། བུད་ཤིང་ནི་ཚེར་མ་ཅན་གྱི་ཤིང་ནག་ཅིང་རྩུབ་པའི་ཆ་ལས་བྱུང་བ་ཁ་སྒྱེར་གྱི་སྟེང་ནས་གྲུ་གསུམ་དུ་བརྩེག རྫས་ནི། རང་གི་གཡོན་ངོས་སུ་ཡམ་ཤིང་ནག་ལ་རྩུབ་པ་དྲི་མི་ཞིམ་པ། སྦོམ་ཕྲ་མཐེའུ་ཆུང་ཙམ་སོར་བཅུ་པ་གྲངས་དུ་དགོས་དང༌། མར་ནི་སྐེ་ཚེ་ཁ་ཚོས་བྱས་པའི་མར་ནག་གམ། མ་འབྱོར་ན་མར་ཁུས་ཀྱང་རུང༌། ཁྱད་པར་གྱི་རྫས་ནི་གཞི་སྐེ་ཚེ་ལ། ཤང་ཚེ། ཡུངས་ཀར་ནག ཁྲག་སྣ། དུག་སྣ། ལྕགས་ཕྱེ། ཟངས་ཕྱེ་བཅས་གང་འཛོམ་བསྲེས་པ་བཤམ། སྤྲོ་ན། ཏིལ་ནས་ཀུ་ཤའི་བར་བཤམས་ཀྱང་ཆོག གཡས་ངོས་སུ་མཆོད་གཏོར་བཤམ་ཞིང་དགང་བླུགས་ཀྱང་གོ་ལྡོག ནམ་ཕྱེད་དམ་ཉིན་ཕྱེད་ཀྱི་དུས་སུ་རང་ཉིད་གོས་རྒྱན་ནག་པོས་བརྒྱན། བསྟན་པ་དང་སེམས་ཅན་ལ་འཚེ་བའི་གདུག་པ་ཅན་རྣམས་ཚར་གཅོད་པའི་བསམ་པས་ཁ་ལྷོར་བལྟས་ནས་རྐང་པ་གཡས་པས་གཡོན་པ་མནན་པའམ། གཡས་བསྐུམ་གཡོན་བརྐྱང་བའི་ཕྱེད་ཀྲུང་གི་སྤྱོད་ལམ་གྱིས་འདུག ངག་འདོན་ཕལ་ཆེར་འདྲ་བ་ལས། ཤན་པའི་ཁྱིམ་གྱི་མེའམ། རྡོ་དང་ལྕགས་གཙུབས་པ་ལས་བྱུང་བའི་མེས་དཔལ་འབར་སྦར་ལ་ཐབ་ལ་གཡོན་སྐོར་གྲུ་གསུམ་གྱི་ཚུལ་གྱིས་ཏིང་ལོ་སྦར། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བསྒྲེང་བ་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་གོ་ལྡོག་སྟེ་འཛིན་པའི་འོག་མ་ཀུན་ལ་འགྲེ། ཐབ་དང་མེ་ལྷ་བསྐྱེད་པའི་ཚེ། ཧཱུྃ་ལས་བྱུང་བའི་དྲག་པོའི་ཐབ་

p. 417

ཁུང་ནག་པོ་གྲུ་གསུམ་པ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་རྡོ་རྗེ་རྩེ་གསུམ་པ་རྭ་གདེངས་པས་མཚན་པ་ཞེས་སོགས་དང༌། མེ་ལྷ་སྐུ་མདོག་ནག་པོ་རབ་ཏུ་ཁྲོས་པ་ར་སྐྱེས་ལ་ཞོན་པ་སོགས་ནས་མི་བསྐྱོད་པས་དབུར་བརྒྱན་ཞེས་དང༌། བསྟན་པ་དང་སེམས་ཅན་ཡོངས་ལ་འཚེ་བ། བླ་མ་དམ་པའི་སྐུ་ལ་བསྡོ་བའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ་ཅེས་པའམ། བདག་གི་ས་ལམ་སྒྲུབ་པ་ལ་བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་སྐབས་སུ་གང་བབ་བརྗོད། རྫས་རྣམས་ལག་པ་གཡོན་པས་འབུལ་ཞིང་ཁྱད་པར་གྱི་རྫས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པའམ། ཨོཾ་སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པས་དབུལ། འདས་པའི་མེ་ལྷའི་རིགས་བདག་མི་བསྐྱོད་པས་བྱ་བའམ། མ་བསྒྱུར་ཀྱང་རུང༌། ལྷ་དེ་ཐམས་ཅད་གནག་ཅིང་རབ་ཏུ་ཁྲོས་པ་འོད་ཟེར་ནག་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ལས་མཛད་པར་གྱུར་ཅེས་བརྗོད། རྫས་ཀྱི་གྲངས་དྲུག་ཅུ་ཐམ་པ་རེ་འབུལ་ཞིང་ཁྱད་པར་གྱི་རྫས་ལྷ་སྔགས་གང་ཡིན་པ་དེས་དབུལ། ཡང་ན་ཨོཾ་སརྦ་ཤ་ཏྲཱུཾ་སོགས་གོང་ལྟར་དང༌། གྲངས་ཀྱང་སྐེ་ཚེ་སོགས་བསྲེས་པ་ལ་འཛིན་ཅིང་དྲུག་ཅུའི་མཚམས་སུ་སྤེལ་ཚིག་བརྗོད། གསོལ་གདབ་གཉིས་ཀར། བསྟན་པ་དང་སེམས་ཅན་ཡོངས་ལ་འཚེ་ཞིང་བླ་མ་དམ་པའི་སྐུ་ལ་བསྡོ་བ། བདག་གིས་ལམ་སྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ཞེས་བསྒྱུར། ཐལ་བ་འཕྲལ་དུ་ཕྱགས་དགོས་ན་དུག་ཆུས་མེ་བཅིལ་ལ་དབེན་པར་བསྐྱལ་ལོ། །འདི་ནི་ཐུན་མོང་བ་ཙམ་ཡིན་གྱི་ལིངྒ་བསྒྲལ་བའི་ལས་དང་འབྲེལ་བ་ནི་གཤེད་སྐོར་ལ་སོགས་པའི་མན་ངག་དང་ལྡན་པའི་སྤྱོད་ཡུལ་ལོ། །ཡང་རྣལ་འབྱོར་པ་ནུས་པ་ཐོབ་པས་

p. 418

བསྟན་པ་དང་ལམ་སྒྲུབ་པ་ལ་ལྡང་ཞིང་འཚེ་བའི་རྒྱལ་འགོང་ལ་སོགས་པའི་འབྱུང་པོ་གདུག་པ་ཅན་ཚར་གཅོད་པར་འདོད་ན། ཆོ་ག་གཞན་འདྲ་བ་ལ་སྦྱོར་བའི་སྐབས་སུ་རབ་མི་ལྤགས། འབྲིང་རོ་རས། ཐ་མ་དུག་ཤོག་ལ་རྒྱལ་པོའམ། བསེན་མོ། ཀླུ། བཙན་སོགས་གནོད་བྱེད་གང་ཡིན་གྱི་གཟུགས་བརྙན་རིད་ཅིང་ཉམ་ཐག་པའི་རྣམ་པ་ཅན་བྲིས་པའི་སྙིང་གར་མིང་བྲི། ཤིང་གླང་མ་རྩ་རྩེ་མ་ནོར་བ་བཀས་པའི་བར་དུ་མགོ་མཇུག་ལྡོག་སྟེ་བཅུག་པ། ཚིལ་ཆེན་གྱིས་གོས་པའི་སྟེགས་ལ་གཟུག བག་ཟན་ལའང་དེའི་གཟུགས་བརྙན་མང་དུ་བཟོས་པའམ། ཤོག་ལིང་ཆུང་ངུ་སྤར་བཏབ་པ་ལྟ་བུ་མང་དུ་བཤམ། རྒྱབ་རྟེན་ལྷ་སོགས་འབྱུང་པོ་གཞན་ཡོད་ན་དེའི་གཟུགས་བརྙན་ཡང་བག་ཟན་ལ་བྱས་པ་ལོགས་སུ་བཞག བསྲེག་རྫས་སྐེ་ཚེ། ཤང་ཚེ། དུག་སྣ། ཡུངས་ཀར་ནག སྒོག་སྐྱ། རྡོ་ཕ་བོང་ལོང་བུ་ཕྱེ་མར་བྱས་པ་བཅས་དང༌། ཐུན་རྫས་ཡུངས་ཀར་ནག ལྕགས་ཟངས་ཕྱེ་མ་སོགས་བསྲེག་བྱ་དང་མི་མཐུན་པའི་རྫས་གང་འབྱོར་བསག བདག་བསྐྱེད་ཀྱི་རྗེས་སུ་བདེན་བདར་དང་བཅས་པའི་དགུག་གཞུག་ཡིད་ཆེས་ངེས་པ་ཡང་ཡང་བྱ་ཞིང་ལིངྒ་ལ་བསྟིམ། ལྷ་སྔགས་ཀྱི་མཐར་གནོད་བྱེད་རྒྱབ་རྟེན་དང་ཕྱེས་ཤིག་བི་དེ་ཤ་ཡ་བི་དེ་ཤ་ཡ་ཕཊ་ཅེས་མང་དུ་བཟླ་ཞིང་ཐུན་རྫས་རྒྱབ་རྟེན་གྱི་གཟུགས་བརྙན་ལ་བསྐོར་ཏེ་ལིངྒ་ལ་བྲབས་པས། དེ་གཉིས་བྲལ་བར་བསམས་ལ་རྒྱབ་རྟེན་གྱི་གཟུགས་བརྙན་དུར་ཁྲོད་སོགས་རོ་གནས་སར་བསྐྱལ། གྲི་གུག་གམ་རལ་གྲིས་ཟན་ལིང་ཡིན་ན་དངོས་སུ་གཏུབ། ཤོག་ལིང་གཏུབ་པའི་སྟངས་ཀ་བྱ་ཞིང་ལྷ་སྔགས་ཀྱི་མཐར་གནོད་བྱེད་མཱ་ར་ཡ་ཕཊ་ཅེས་བཏགས་པ་ཡང་བརྗོད། འདི་དག་གི་དམིགས་གནད་རྣམས་བསྒྲལ་ལས་སྤྱི་དང་འདྲའོ། །ལིང་རོ་གླང་མའི་དུམ་བུ་བཅས་སྐེ་ཚེ་སོགས་དང་

p. 419

བསྲེས་ལ་བཞག བསང་ཆུ་སྒྲུབ་པ་མན་ཆད་ཀྱི་ངག་འདོན་ལ་ཁྱད་མེད་ཅིང༌། ཡམ་ཤིང་དང་མར་ཁུ། ཁྱད་པར་གྱི་རྫས་འབུལ་དུས་གནོད་བྱེད་ཀྱི་ཤ་ཁྲག་ཐབ་ཀྱི་ལྷའི་ཞལ་དུ་གསོལ་བར་བསམས་ལ་མེ་ལྷའི་སྔགས་དང་ལྷ་སྔགས་སོ་སོའི་མཐར་གནོད་བྱེད་རྒྱལ་འགོང་མཱ་ར་ཡ་ཕཊ་ཅེས་བཏགས་པས་དབུལ་བ་ལས་སོ་སོའི་སྔགས་མི་དགོས་སོ། །ཐལ་བ་ལམ་རྒྱ་གྲམ་དུ་མནན་པའམ་འབབ་ཆུ་དྲག་པོའི་ཀློང་དུ་དོར་རོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་རྒྱུད་སྡེ་གོང་འོག་ཀུན་ལས་གསུངས་པའི་ལས་བཞིའི་སྦྱིན་སྲེག་གི་ཆོ་ག་སྙིང་པོར་དྲིལ་ཏེ་བཤད་ཟིན་ཏོ།། །།གཞན་ཡང་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་དཔལ་སམྦུ་ཊའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་སྙེ་མ་ལས་ཇི་སྐད་གསུངས་པ་ལྟར་ལས་ཐམས་ཅད་པའི་སྦྱིན་སྲེག་དང༌། དུས་ཀྱི་འཁོར་ལོ་ལས་གསུངས་པའི་ལས་ཆེན་བཅུ་གཉིས་ཀྱི་སྦྱིན་སྲེག་སོགས་ཆོ་གའི་བྱེ་བྲག་མཐའ་ཡས་པ་དང༌། རྣལ་འབྱོར་བླ་མེད་ཁོ་ནའི་ཁྱད་པར་གྱི་ཆོས། གཏུམ་མོའི་མེ་འབར་བ་དང་བཅས་པའི་ལུས་ཀྱི་ཁ་ཐབ་ཁུང་དུ་ལག་གཉིས་ཀྱི་དགང་གཟར་བླུགས་གཟར་དག་གིས། བཟའ་བཏུང་བདུད་རྩིའི་བསྲེག་རྫས་བླུགས་པར་བྱེད་པའི་ནང་གི་སྦྱིན་སྲེག་དང༌། དེ་བཞིན་དུ་རང་ལུས་ཐབས་ལྡན་ལ་བརྟེན་པའི་བདག་བྱིན་གྱིས་བརླབས་པའི་སྦྱིན་སྲེག་དང༌། ཕྱག་རྒྱའི་རྣལ་འབྱོར་ལ་བརྟེན་པའི་བདེ་བ་ཆེན་པོའི་སྦྱིན་སྲེག་སྟེ་ནང་གི་སྦྱིན་སྲེག་གི་ཚུལ་གསུམ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། ཞི་གནས་དང་ལྷག་མཐོང་གི་དགང་གཟར་བླུགས་གཟར་དག་གིས། ཁམས་གསུམ་པའི་སེམས་སེམས་བྱུང་གི་རྟོག་པ་མ་ལུས་པའི་བསྲེག་བླུག་བསྲེག་པ་བླ་ན་མེད་པའི་སྦྱིན་སྲེག་དང༌། དབྱེ་ཚུལ་གཞན་དང་པོ་ནང་དང༌། བར་པ་གཉིས་གསང་བ་དང༌། ཕྱི་མ་དེ་ཁོ་ན་

p. 420

ཉིད་ཀྱི་སྦྱིན་སྲེག་ཏུ་རྣམ་པར་བཞག་པས་མཚོན་རྒྱ་ཆེར་གསུངས་ཀྱང་ཡི་གེའི་སྦྱོར་བས་འཇིགས་པའི་ཕྱིར་གཞན་དུ་ཤེས་པར་བྱ་ལ། འདིར་ཉེར་མཁོའི་ལག་ལེན་འགའ་ཞིག་འཆད་ན་འདི་རྣམས་དང་སྦྱིན་སྲེག་ཟུར་པ་ཀུན་ས་མ་དུལ་བའི་གནས་སུ་བསྒྲུབ་དགོས་ན། ས་ཆོག་མདོར་བསྡུས་བྱ་བའི་ཚུལ་ནི། གང་དུ་བྱ་བའི་ས་གཞི་དྲི་བཟང་པོས་བྱུགས་ལ་མེ་ཏོག་གི་ཚོམ་བུ་དགོད། དཀར་གཏོར་གཉིས་དང་མཆོད་པ་བཤམས་ལ་ལྷ་གང་ཡིན་པའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པ་དང་ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ཨེ་ཧྱེ་ཧི་ཞེས་བརྗོད་པའི་རྐྱེན་གྱིས་ས་འོག་ནས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བཀླུབས་པ། ཀླུ་དང་ས་བདག་གི་ཚོགས་ཀྱིས་བསྐོར་བ་སྐད་ཅིག་གིས་འཐོན་ཏེ་ཚོམ་བུའི་སྟེང་དུ་བདག་ལ་ཞལ་ཕྱོགས་ཏེ་བཞུགས་པར་གྱུར། མཆོད་པ་རྣམས་རྒྱུད་སྡེ་འོག་མ་ལྟར་བྱིན་གྱིས་བརླབས་ཏེ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། གཏོར་མ་ཆུས་བྲན་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་དང༌། རིན་པོ་ཆེའི་སྣོད་ཡངས་པར་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་དང༌། མཚན་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་དབུལ། སྤོས་དང་རྡོར་དྲིལ་འཛིན་པས་སའི་ཕྱོགས་འདིར་བཅོམ་ལྡན་འདས་ཆེ་གེ་མོའི་སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་ཏེ། ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་བསྒྲུབ་པར་འཚལ་ན་སའི་ཕྱོགས་འདི་བདག་ལ་གནང་ཞིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད། ལྷ་མོས། རིག་པ་འཛིན་པ་ཁྱོད་ཅི་བདེ་བར་སྒྲུབས་ཤིག་ཅེས་གནང་བ་བྱིན་པར་བསམ། ཨོཾ་བཛྲ་མུཿཞེས་པས་ས་འོག་ཏུ་གཤེགས་པར་བསམ་

p. 421

མོ། །གཏོར་མ་གཉིས་པ་སྔར་ལྟར་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གཉུག་མར་གནས་པའི་ལྷ་ཀླུ་ས་བདག་གཉན་ལ་སོགས་པ་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ཞེས་པས་བཀུག་ལ། མཆོག་སྦྱིན་གྱི་མཐར་སེ་གོལ་གཏོགས་པ་དང་བཅས། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་དབུལ། ཕྱོགས་འདིར་གཉུག་མར་གནས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། ཀོ་ལོང་དང་ཕྲག་དོག་མ་མཛད་པར། ཞི་བའི་སེམས་ཀྱིས་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་མཛོད་ཅིག གཙྪ་ཞེས་བརྗོད་ལ་གཏོར་མ་གཙང་སར་བསྐྱལ་བ་ནི་ས་བསླང་བའོ། །ཚོམ་བུ་སོགས་བསྡུས་ལ་ལངས་ཏེ་སའི་དབུས་སུ་ལག་པ་གཉིས་བཞག་ཅིང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ་ཅེས་དང༌། ལག་པས་བཅག་ཅིང་ཨོཾ་བྷཱུྃ་ཁཾ་ཞེས་པས་ས་ནམ་མཁའ་ལྟར་དག་པར་བསམ་པ་ནི་སྦྱང་བའོ། །སའི་ཕྱོགས་འདིར་བཅོམ་ལྡན་འདས་ཆེ་གེ་མོའི་སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་ཏེ་ལྷ་མཆོད་པ་དང༌། སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་བགྱིའོ་ཞེས་བརྗོད་ཅིང་སེམས་པ་ནི་བློས་གཟུང་པ་སྟེ་གཟུང་བ་མདོར་བསྡུས་པའོ། །སྦྱོར་བའི་སྐབས་སུ་ཞི་རྒྱས་ཀྱི་ཡམ་ཤིང་གཤེར་ཅུང་ཟད་ཡོད་པ་ལོ་འབྲས་དང་བཅས་པ་བྱུང་ན་ལེགས། རྒྱས་པ་དང་དབང་གི་ཡམ་ཤིང་བཤད་ཚོད་བཞིན་མ་འབྱོར་ན་ལྕང་མ་ལྟ་བུ་ཡུང་བ་དང་བཙག་སོགས་ཀྱིས་ཁ་བསྒྱུར་བའང་ཐབས་བརྡུགས་ཚེ་མཛད་སྲོལ་ཡོད་ལ། འབྱོར་པ་དང་སྤྲོས་པ་ཤིན་ཏུ་ཆེ་བས་ནི། རྫས་དང་མཆོད་གཏོར་གྱི་སྣོད་དང་སྟེགས་པུའི་ཁེབས། རྣལ་འབྱོར་པའི་གདན། ཆས་གོས་ལ་ཐོད་དམ། པྲོག་ཞུ། སྟོད་གཡོགས་སྨད་གཡོགས་བཅས་ལས་སོ་སོའི་མདོག་མཐུན་དང༌། མེ་ཏོག་སོགས་མཆོད་གཏོར་

p. 422

ཀྱང་ཁ་དོག་བསྒྱུར་བར་མཛད། དྲག་པོ་ལ་ནི་གཏོར་མ་དམར་པོ་ཙམ་ལས་ནག་པོ་མི་མཛད། དཀྱུས་འདིར་ཐབ་དང་རང་ཁ་སྤྲོད་བྱས་པ་ནི། ཀྱེ་རྡོར་མན་ངག་ལུགས་སོགས་དང་མཐུན་པར་སྟབས་བདེ་བའི་ཁྱད་པར་ཙམ་ཡིན་ལ། རྒྱ་བོད་ཀྱི་གཞུང་ཕལ་ཆེ་བར་རང་དང་ཐབ་གཉིས་ཀ་ཕྱོགས་ཆེན་དུ་བལྟ་བར་གསུངས་པས་གང་མོས་བྱ། ཕྱི་མའི་ཚེ་མདུན་དུ་འཁོད་དེ་དགང་བླུགས་སོགས་བསྟབས་པའི་མོས་པ་བྱེད་དགོས་གསུངས། ཕྲེང་བའི་སྦྱིན་སྲེག་འོད་ཀྱི་སྙེ་མ་དང༌། ཀྲྀ་ཡ་ས་མུཙྪ་གཉིས་ཀར་ཞི་བ་སོགས་ལ་རྡོ་ཐལ་མེད་པའི་སོ་རྩི་དང༌། དྲག་པོ་ལ་རྡོ་ཐལ་དང་བཅས་པའི་སོ་རྩི་འབུལ་བར་བཤད་ཅིང༌། ཟུར་ཀའི་སྦྱིན་སྲེག་འགའ་རེ་ལས་ཀྱང་འབྱུང་བས་ལས་འཇམ་པོ་གསུམ་ལ་གོ་ཡུ་དང་སྟོད་ཇ་དཀར་པོ་སྦྱར་བ་དང༌། དྲག་པོ་ལ་དེའི་སྟེང་དུ་རྡོ་ཐལ་བསྣན་པ་སྟེ་གཏོར་མ་འབུལ་བ་མཆོད་བསྟོད་དང་བཅས་པའི་རྗེས་སུའམ། གཤེགས་སྐྱེམས་ཀྱི་གོང་དུ་དབུལ། འབུལ་སྔགས་ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ་ཞེས་པ་རང་མིང་ངམ། ལྷ་སྔགས་ཀྱིས་དབུལ། དེ་དང་འབྲེལ་བར་ཨོཾ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ་ཞེས་པས་ན་བཟའ་ལས་སོ་སོའི་མདོག་ཅན་རེ་འབུལ་བའི་སྲོལ་ཡང་ཡོད་ཅིང་གཉིས་ཀ་མེ་ལྷ་ལའང་ཕུལ་ན་ལེགས། སོ་རྩི་སྦྱར་མ་མ་འབྱོར་ན་གོ་ཡུ་རྐྱང་པའམ། ཆུང་ཇ་རྩི་ལྡན་གྱིས་ཚབ་བྱས་ཀྱང་ཆོག་གོ །དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བའི་ཚེ་ཞི་བའི་སྦྱིན་སྲེག་ཡིན་ན་དཀྱིལ་འཁོར་གྱི་ནུབ་ཏུ་ཐབ་བྲི། རྒྱས་པ་ལ་དཀྱིལ་འཁོར་གྱི་ལྷོ། དབང་ལ་ཤར། དྲག་པོ་ལ་བྱང་དུ་ཐབ་བྲི་བར་བྱ་སྟེ། རང་ཉིད་ཁ་བལྟ་ཕྱོགས་ཕྱོགས་ཆེན་དུ་འགྲིག་པ་དང་དཀྱིལ་འཁོར་ལ་རྒྱབ་ཀྱིས་མི་ཕྱོགས་པའི་དགོས་པ་ཡོད། དབང་བསྐུར་སྒྲུབ་མཆོད་དང་འབྲེལ་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་དང༌། རབ་གནས་རྒྱས་པའི་སྦྱིན་སྲེག་གི་མངའ་དབུལ་དང༌། གཏོར་ཟོར་སོགས་དང་འབྲེལ་བའི་དྲག་པོའི་སྦྱིན་སྲེག་རྣམས་ལ་སྦྱོར་བའི་སྐབས་སུ་ཐབ་ཏུ་

p. 423

ལྷ་མཚན་མདུན་བསྐྱེད་ལྟར་དང༌། རབ་གནས་སྐབས་རྟེན་ལྷ་གང་བསྐྱེད་ཀྱི་ཚོན་ཕུང་དགོད། མདུན་བསྐྱེད་ཀྱི་གདོང་དུ་ཏིང་དང་ཐོད་པ་སོགས་མེ་ཏོག་གིས་བཀང་བ་བཤམ། འདས་པའི་མེ་ལྷའི་གཞལ་ཡས་ཁང་ངམ། པདྨ་སོགས་གདན་བསྐྱེད་ཚར་བའི་རྗེས་སུ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། རབ་གནས་སྐབས་རྟེན་གྱི་ལྷའི་ཐུགས་ཀ་ནས་ཞེས་དང༌། གཞན་ལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཞེས་བསྒྱུར། དེའི་ཚེ་མཆོད་གཡོག་པས་སྔར་གྱི་མེ་ཏོག་དེ་གུས་པས་བླངས་ཏེ་གྲོགས་གཞན་ཡོད་ན་སྤོས་དང་རོལ་མོས་སྣ་དྲངས་ནས་ཐབ་ལ་གཡས་ཕྱོགས་ནས་བསྐོར་བའི་མཐར་མེ་ཏོག་སློབ་དཔོན་ལ་དབུལ། སློབ་དཔོན་གྱིས་ཐབ་ཏུ་ཅུང་ཟད་དོར་ཞིང་ཛཿཧཱུྃ་བཾ་ཧོཿ ལྷ་རྣམས་སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ནི་ཞེས་སོགས་ཀྱིས་ཞལ་ཕྱག་སྐུ་མདོག་ཕྱག་མཚན་གསལ་བཏབ་ནས། ལྷ་ཐམས་ཅད་འཛུམ་ཞིང་ཞི་བ་སོགས་ཀྱི་དམིགས་པ་མན་ཆད་ལ་འཇུག མེ་ཏོག་དོར་ཚར་བའི་རྗེས་སུ་ཁ་གསོས་ལ་ཐབ་ཀྱི་མདུན་ངོས་སུ་གཞག ཡང་ན་ཐབ་ཏུ་དམ་ཚིག་པ་བསྐྱེད་ནས་གནས་གསུམ་བྱིན་རླབས་སོགས་བྱས་ལ། གོང་ལྟར་མེ་ཏོག་གིས་སྤྱན་དྲངས་ནས་མེ་ཏོག་དོར་བ་དང་མཉམ་དུ་བསྟིམ། དབང་བསྐུར་བ་སོགས་མཛད་པ་ཡོད་ཀྱང་སྔ་མ་གཙོ་ཆེ། གཤེགས་གསོལ་གྱི་ཚེ་སྔ་མ་ལྟར་ན། སློབ་དཔོན་གྱིས་བཛྲ་མུཿ ཡེ་ཤེས་པ་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀར་གཤེགས་ཞེས་བརྗོད་པ་དང་མཉམ་དུ་མཆོད་གཡོག་པས་ཐབ་ཀྱི་མདུན་གྱི་མེ་ཏོག་བླངས་ཏེ་ཐབ་ལ་བསྐོར་བའི་ཚུལ་གྱིས་སྤོས་དང་རོལ་མོས་སྣ་དྲངས་ཏེ་དཀྱིལ་འཁོར་སོགས་ལ་དབུལ། བསྐྱེད་ཆོག་བྱས་པ་ཡིན་ན། དེའི་རྗེས་སུ་དམ་ཚིག་པ་རང་ལ་ཐིམ་ཞེས་བརྗོད་པ་ནི་ཁྱད་པར་རོ། །

p. 424

འདི་རྣམས་ལ་བདག་བསྐྱེད་ཟུར་དུ་མི་དགོས་པར་སྦྱིན་སྲེག་བྱ་བའི་མཚམས་དེར་སླེབ་པ་ན། ཐབ་ཀྱི་དྲུང་འཁོད་དེ་བསང་ཆུ་སྒྲུབ་པ་སོགས་ལ་འཇུག་པས་ཆོག་ཅིང༌། ལས་བུམ་ཡོད་ཚེ་བསང་ཆུ་བཤམ་སྒྲུབ་གང་ཡང་མི་དགོས་པར་བུམ་ཆུས་བྱ། མེ་ལྷ་གཤེགས་བསྡུ་ཚར་བ་དང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རང་ཉིད་བསྲུངས་ལ་ཆོ་ག་གང་ཡིན་གྱི་དཀྱུས་ལ་འཇུག་གོ །ཁ་ཅིག་གིས་མེ་ཏོག་ལ་སྤོས་རེང་བཙུགས་ནས་ཁྱེར་རན་པ་ན་སྦར་ཞིང༌། དཀྱིལ་འཁོར་དང་ཐབ་ལ་ཕྱག་བྱེད་པ་སོགས་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱི་ཕྱག་ལེན་ཡིན་པ་མི་འདྲ། དུས་འཁོར་སོགས་ལ་ཨཀྵ་ཏ་ཞེས་དགོས་པ་བིལ་འབྲས་མེ་ཏོག་གིས་བཀང་བ་ལ་མཛད་མོད་དོད་རུང་ཙམ་ཡིན་པར་བཞེད་དོ། །དེ་རྣམས་ཀྱིས་ལས་ཀྱི་དབྱེ་བའི་སྲེག་བླུགས་ཉེར་མཁོའི་འཕྲོས་དོན་དང་བཅས་པ་བསྟན་ཟིན་ཏོ།། །།སྨྲས་པ། རྒྱུད་ལས་གསང་སྔགས་མ་བཟླས་མི་འགྲུབ་ཅིང༌། །སྦྱིན་སྲེག་མ་བྱས་འབྲས་བུ་མི་འབྱིན་ཞེས། །བདེན་པར་གསུངས་ཕྱིར་བསྙེན་སྒྲུབ་མཐར་སོན་པས། །ཐབས་མཁས་ཟེར་རྣོན་འདི་ཡང་འཆང་བར་འོས། །ཐུན་མོང་རྣམ་གཞག་གསེར་གྱི་ཕྲ་མིག་འདིར། །སྒོས་ཆོས་ནོར་བུ་རིན་ཐང་ཆེར་བཅུག་ན། །སྔགས་སྤྱོད་རྒྱལ་བུ་རྒྱལ་བྱེད་ཚལ་རོལ་པར། །ཟིལ་གནོན་བརྗིད་པའི་རྒྱན་དུ་ཅིས་མི་འགྱུར། །ཅེས་ལྷའི་རྣལ་འབྱོར་ཕལ་མོ་ཆེ་ལ་སྦྱར་རུང་སྲེག་བླུགས་ཀྱི་ཆོ་གའི་ཁོག་ཕུབ་རིན་ཆེན་གསེར་གྱི་ཕྲ་མིག་ཅེས་བྱ་བ་འདི་ནི། རྒྱུད་དང་རྒྱ་གཞུང་ལས་གསལ་བར་མ་བསྟན་པའི་རིགས་ཐམས་ཅད་ལ། ཆོ་ག་འབྲིང་པོ་འདི་ཙམ་གྱིས་སྒྲུབ་པར་མཁས་པ་གོང་མའི་ཕྱག་གཞེས་ཡིན་ལ། རེ་རེ་ནས་ཡིག་ཆ་མཛད་པ་འདྲ་ཡོད་ཀྱང་གང་ཟག་གཅིག་གིས་དཔེ་ཐམས་ཅད་དང་ལུང་རྒྱུན་རྙེད་དཀའ་བའི་ཕྱིར། ཕན་འདོད་ཀྱི་ལྷག་བསམ་པ་ཐག་ཙམ་བསྐྱེད་པ། ངག་དབང་བློ་

p. 425

གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་རམ། ཐུན་མོང་དུ་ངག་དབང་ལེགས་གྲུབ་ཅེས་བོད་པས་མདོ་སྨད་རྫོང་གསར་དགོན་དུ་བྲིས་པའི་དགེ་བས་འགྲོ་ཀུན་ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར་བ་ཀུན་མཁྱེན་རྡོ་རྗེ་འཆང་དུ་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ། འདི་དག་གི་གོ་དོན་དང་མཐའ་དཔྱོད་སོགས་རྒྱས་པར་ནི་རྒྱུད་དང་རྒྱ་བོད་ཀྱི་གཞུང་རྣམ་བཤད་བཅས་ཇི་སྙེད་པ་དང༌། རང་ལུགས་རྗེ་བཙུན་གོང་མའི་གསུང་རབ་དང༌། མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོར་ལས་བཞིའི་སྦྱིན་སྲེག་གི་རྣམ་བཤད་ཡེ་ཤེས་མེ་ཕུང་སོགས་ལས་བློ་གྲོས་ཀྱི་མིག་བསྒྲུབ་པར་བྱའོ།། །།མངྒ་ལཾ།། །།

སྦྱིན་སྲེག་བསྡུས་པ་ཕྲིན་ལས་རིན་པོ་ཆེའི་འབྱུང་གནས།

p. 426
p. 427

སྦྱིན་སྲེག་བསྡུས་པ་ཕྲིན་ལས་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

p. 428

ཡེ་ཤེས་མེ་ལྕེ་འཕྲོ་ཙམ་གྱིས། །སྡིག་སྒྲིབ་ཚང་ཚིང་ཀུན་སྲེག་པའི། །བླ་མ་མེ་ལྷར་གུས་བཏུད་ནས། །སྦྱིན་སྲེག་ཆོ་ག་བསྡུས་ཏེ་བྲི། །དེ་ལ་འདིར་ལས་བཞིའི་སྦྱིན་སྲེག་བསྡུས་པ་བྱ་བ་ལ། ཐོག་མར་སྔགས་ཀྱི་ལྷག་ཆད་དང༌། སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་སོགས་ཉེ་བར་སྦྱང་བའི་སླད་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། རྣམ་པར་འདུལ་བའི་གནས་སུ་ས་སྟེགས་ངོས་མཉམ་པར་ཐིག་ཆེན་བརྒྱད་བཏབ་པའི་དབུས་ནས་མཐོ་གང་གི་ཚད་ཀྱིས་ཟླུམ་པོར་བསྐོར་བས་ཁྲུ་གང་འབྱུང་བ་ནི་ཟབ་ཀྱི་ནང་ངོ༌། །དེའི་ཕྱི་རོལ་ཏུའང་སོར་བཞི་པ་ལན་གཉིས་ཀྱིས་བསྐོར་བས་ཁ་སྒྱེར་དང་མུ་རན་འབྱུང༌། དབུས་ནས་ཚངས་ཐིག་དང་མུ་རན་འཛོམ་པའི་བར་གྱི་སྲད་བུ་དེས་ཟུར་བཞིར་བྱ་རྗེས་བྱས་ཏེ་སྟེགས་བུ་གྲུ་བཞིར་གདབ། དེའི་ཕྱི་རོལ་ཏུའང་སོར་བཞི་པའི་ཚད་ཀྱིས་ཆ་ཁ་གྲུ་བཞིར་གདབ་པ་ནི་སྟེགས་བུ་དཔངས་མཚོན་བྱེད་ཡིན་གསུངས། མུ་རན་ལ་རྡོ་རྗེ་ཁ་ཟུམ་པའི་ཕྲེང་བ་དང༌། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྩེ་ནང་བསྟན་བྲི། གཞི་ཚོན་ཐམས་ཅད་དཀར་པོ་ལ་བཅད་རྣམས་ཅི་མཛེས་སུ་བྱ། ཕལ་ཆེ་བ་ལ་ཐབ་དབུས་ནས་སུམ་གཅིག་གིས་བསྐོར་བ་པདྨའི་ལྟེ་བ་དང༌། དེའི་ཕྱི་སུམ་གཉིས་ལ་པདྨའི་འདབ་མ་བྱ་ཞིང༌། དེའི་ཚབ་ཏུ་ལྷའི་བསྐྱེད་ཆོག་གི་དབྱེ་བས་པད་འདབ་རིམ་ཅན་དང༌།

p. 429

འཁོར་ལོ་དང༌། ཆོས་འབྱུང་དང༌། གཞལ་ཡས་ཁང་སོགས་གང་དགོས་ཀྱི་ཐིག་ལག་ལེན་བཞིན་བཏབ་ལ་ལྷ་དུ་ཡོད་ཀྱི་ཕྱག་མཚན་ནམ། སྐུ་མདོག་དང་མཐུན་པའི་ཚོན་ཕུང་བྱ་ཞིང་གཙོ་བོའི་ཞལ་འཇིག་རྟེན་པའི་ནུབ་ཏུ་བསྟན། བྱ་བཏང་ལྟ་བུ་བུད་ཤིང་ཆེར་མེད་པ་དང༌། གནས་ཁང་སོགས་ཀྱིས་མ་བདེ་ན་གོང་དུ་སྨྲོས་པའི་ཆ་ཚད་ཕྱེད་ཕྱེད་ཕྲི་བ་ལས་འོས་མེད་དོ། །བུད་ཤིང་འོ་མ་ཅན་གྱི་ཤིང་དངོས་འབྱོར་དཀའ་བས་བལ་བུ། འོམ་བུ། ལྕང་དཀར། ཉ་འཕྲིག་ལྟ་བུ་དང༌། སྲོག་ཆགས་མེད་པའི་ལྕི་བ་སྐམ་པོས་ཀྱང་རུང་བས་ཁ་སྒྱེར་གྱི་སྟེང་ནས་ཟླུམ་པོར་བརྩིག དེའི་ནང་གི་འཇིག་རྟེན་པའི་ཤར་ལྷོར་མེ་ཚང་གི་ཏིང་ལོ་བཞག ཐབ་ཀྱི་མདུན་དུ་སྒྲུབ་པ་པོའི་སྟན་དཀར་པོ་བཏིང་བའི་མདུན་དུ་སྟེགས་ཀྱི་ཁར་རྡོ་རྗེ་དྲིལ་བུའི་བར་དུ་དགང་བླུགས་ཁ་སྦྱར་བ་དང༌། གཡས་ངོས་སུ་དུང་ཕོར་དྲི་བཟང་གི་ཆུས་བཀང་བ་ཀུ་ཤའི་འཐོར་ཡབ་དང་བཅས་པའི་བསང་ཆུ། བླ་མེད་ཡིན་ན་གཡོན་ངོས་སུ་ནང་མཆོད་ཀྱང་བཤམ། གྲུབ་ན་མེ་ཡོལ་ཀྱང་བཞག་སྟེ་གངས་ཏི་སེར་བསྒོམ། རྫས་ནི། སྒྲུབ་པ་པོའི་གཡས་ལོགས་ཀྱི་སྟེགས་ལ་རིམ་བཞིན་ཡམ་ཤིང་གོང་དུ་སྨོས་པའི་ཤིང་ལས་སོར་བཅུ་གཉིས་པ་རྩི་མ་ཉམས་པ་རྩ་རྩེ་སྦྲང་ངམ་མར་གྱིས་སྦགས་པ་གྲངས་དུ་དགོས་དང༌། མར་ཁུ། ཏིལ་ནག་སྟེ་རྫས་ཀྱི་གཙོ་བོ་གསུམ་གྱིས་ཆོག འབྱོར་ཞིང་

p. 430

སྤྲོ་ན་ཟས་མཆོག་ནས་ཀུ་ཤའི་བར་གྱི་རྫས་བརྒྱད་ཀྱང་བཤམ། གཡོན་ངོས་སུ་གཏོར་མ་གཉིས་དང་མཆོད་པ་ཚན་གཉིས་བཤམ། རྫས་ཀྱང་ཚན་པ་གཉིས་བཤམས་ན་ལེགས་མོད། སྣོད་མ་འབྱོར་ན་མེ་ལྷ་ལ་འབུལ་སྐབས། ཕུད་ཅུང་ཟད་རེ་ཕྲིས་ནས་འདས་པ་ལ་འབུལ་རྒྱུར་བསྲེ། ཀུ་ཤའི་ཆུན་པོ་བརྒྱད་དང་དཔལ་འབར་ལ་སོགས་པ་འདུ་བྱ་བ་ནི་སྦྱོར་བའི་ཆོས་སོ། །གཉིས་པ་དངོས་གཞི་ནི། ཕྱེད་མ་རེད་ཀྱི་དུས་སུ་གོས་སྟན་དཀར་པོ་དང་ཁ་ཤར་དུ་ཕྱོགས་པས་སྐྱིལ་ཀྲུང་གིས་འདུག་སྟེ། བདག་བསྐྱེད་ཀྱི་རྣལ་འབྱོར་རང་རང་གི་སྒྲུབ་ཐབས་བཞིན་ཉམས་སུ་བླང་ངོ༌། །དེ་ནས་བསང་ཆུ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པ་ཉེར་གཅིག་ཙམ་བཟླས་པས་ཆུ་ནུས་པ་དང་ལྡན་པར་བསམ། རྒྱུན་བཞག་གི་མེ་ལས་དཔལ་འབར་སྦར་ཏེ་ལག་པ་གཉིས་ཀས་ཐབ་ལ་ཟླུམ་པོར་བསྐོར་ཞིང༌། ངག་ཏུ། ཨོཾ་བཛྲ་ཛྭ་ལ་རྃ། ཞེས་བརྗོད་ཅིང་ཐབ་ནང་གི་ཏིང་ལོ་སྦར་ལ་རྩྭ་སྐམ་པོ་སོགས་ཀྱིས་གསོ། བླུགས་གཟར་གྱིས་མར་ཁུ་ཁྱབ་པར་བླུག མེ་པྲ་བརྟག ངན་ན་ཧཱུྃ་གིས་བསང་ཆུ་གཏོར་བས་ཞི་བར་བྱ། དེ་ནས་བསང་ཆུ་མཆོད་རྫས་རྣམས་ལ་གཏོར་ཞིང་ལས་སྔགས་སམ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ལ་སོགས་པའི་ཉེ་བར་སྤྱོད་པ་རྣམས་དང༌། ཡམ་ཤིང་ལ་སོགས་པའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ། ལྷ་མཉེས་པ་དང་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ་ནས་ཤབྡ་སྭཱ་ཧཱའི་བར་བརྗོད། བླ་མེད་ཡིན་ན་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་སོགས་བརྗོད། དེ་བཞིན་དུ་ཆུ་གཅིག་གསུམ་བཞི་ལྟ་བུ་ཡིན་ཚེ་རང་མིང་དང་སྔགས་སོ་སོའི་ལུགས་བཞིན་བརྗེ། བདུད་རྩི་བྱིན་རླབས་བདག་བསྐྱེད་ཀྱི་སྐབས་སུ་ཡོད་ན་དེས་འཐུས་ལ། མེད་ན་སྐབས་འདིར་བྱིན་རླབས་རྒྱས་

p. 431

པའམ། བསྡུ་ན་ཨོཾ་ཨཱཿཧཱུྃ་ཧོཿདང་ཨོཾ་ཨཱཿཧཱུྃ་ཞེས་པ་ཙམ་གྱིས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་ས་བོན་རྣམས་ཞུ་བའི་བདུད་རྩིར་བསམ། གང་ལྟར་ཡང་མཆོད་ཡོན་གྱི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཤྲཱི་སྭཱ་ཧཱས་མར། ཨོཾ་ཛྲཱིཾ་སྭཱ་ཧཱས་ཏིལ་སོགས་འབྲུ། ཨོཾ་སྭ་སྭཱ་ཧཱས་རྫས་ཐམས་ཅད་བཀྲུ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་སྦྱངས་ཏེ་བྱིན་གྱིས་བརླབ། བསྡུ་ན་ཨོཾ་ཨཱཿཧཱུྃ་ལན་ཁ་ཡར་བརྗོད་པས་འགྲུབ་བོ། །ཐབ་སྔར་བཞིན་བསང་སྦྱང༌། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་རྡོ་རྗེའི་ཕྲེང་བས་མཚན་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་གང་བ། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ཀྱིས་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་གཉིས་ཀྱིས་དབྱུ་གུ་རྩེ་གསུམ་དང་རིལ་བ་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ་རལ་པའི་ཐོར་ཚུགས་ཅན། ཨག་ཚོམ་འཕྱང་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་བསམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཞེས་པ་ཙམ་མམ། སོ་སོའི་ལུགས་བཞིན་ཚུལ་མི་འདྲ་བ་དང༌། སྐྱེ་མཆེད་བྱིན་རླབས། གོ་ཆ་སོགས་གང་འོས་དགོད། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། ལག་པ་གཉིས་ཀྱི་མཐེ་བོང་གུང་མོའི་རྩ་བར་བཞག མཛུབ་མོས་གུང་མོའི་རྒྱབ་ནས་བཀབ་པ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་དུ་གཡབ་ཅིང༌། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་

p. 432

རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ། དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་རོལ་མོ་དབུལ། བླ་མེད་ཡིན་ན་ནང་བདུད་རྩིས་ཀྱང་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་དེ་ཀུ་ཤའི་ཆུན་པོ་བརྒྱད་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ་ཐབ་དང་ཡོ་བྱད་རྣམས་ཀྱི་འབགས་པ་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམས་ཏེ། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །དེས་བདག་ལ་བགེགས་མེད་ཅིང་ཞི་བར་མཛོད་ཅིག །ཅེས་དང༌། ཨོཾ་བཛྲ་སཏྭ་ཨ་ཞེས་ལན་བརྒྱད་བརྗོད་ཅིང་ཐབ་ཀྱི་མདུན་ནས་གཡས་སྐོར་གྱི་རིམ་པས་ཕྱོགས་མཚམས་བརྒྱད་དུ་དགྲམ་མོ། །མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་ཧཱུྃ་གིས་མཚན་པ་ལ་རྃ། དེ་ལས་འོད་ཀྱི་སྦུ་གུ་བྱུང་བ་དགང་བླུགས་ཀྱི་ཁའི་རྃ་ལ་ཕོག་པས་མར་ཁུ་གསོལ་བར་བསམ་ཞིང༌། བྱང་ཆུབ་མཆོག་གི་ཁུ་ཚུར་གྱིས་དགང་བླུགས་གཟར་བཟུང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ལན་བདུན་བརྗོད་ཅིང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་པྱཱ་དཱི་པྱཱ་མ་ཧཱ་ཤྲཱི་ཡེ་ཧ་བེ་ཀ་བེ་བ་ཧ་ནཱ་ཡ་སྭཱ་ཧཱ། བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་

p. 433

པ་བག་ཆགས་དང་བཅས་པ་དང༌། སྒོ་གསུམ་གྱི་ནད་གདོན་ཉེར་འཚེ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པའམ། བསྙེན་པའི་ཁ་སྐོང་ཡིན་ཚེ། གསང་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་གཟར་བུ་ཁ་སྦྱར་ལ་དབུལ། དེ་ལྟ་བུ་ལན་གསུམ་སོང་བ་དང༌། ཡམ་ཤིང་ལག་པ་གཡོན་དུ་བཟུང༌། གཡས་པའི་མཐེབ་སྲིན་གྱིས་རེ་རེ་ནས་བླངས་ཏེ་ཅུང་ཟད་བསྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་ཞེས་པ་བདུན་ནམ་ཉེར་གཅིག་ལ་སོགས་པས་ཕུལ་བའི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སོགས་སྤེལ་ཚིག་སྔར་ལྟར་གང་འོས་བརྗོད། དེའི་རིགས་འགྲེ་ཤེས་པར་བྱས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པས་མར་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་པས་ཏིལ་དབུལ། འཕྲལ་གྱི་གནོད་པ་ཞི་བ་ཙམ་ལ་ཏིལ་གྱི་ཚབ་ཡུངས་ཀར་གྱིས་ཀྱང་རུང་སྟེ་ཞིབ་པར་འོག་ཏུ་འཆད། ཟས་མཆོག་ལ་སོགས་པའི་རྫས་བརྒྱད་པོ་ཡོད་ན། ཟས་མཆོག་ལ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། འབྲས་ལ་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ་ལ། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ་ལ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། གྲོ་ལ། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། དཱུརྦ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་རྣམས་སོ་སོའི་མཐར་གོང་ལྟར་གྱི་སྤེལ་ཚིག་སྦྱར་བས་དབུལ། ཡམ་ཤིང་ལ་སོགས་པ་འདི་རྣམས་རང་རང་གི་སྔགས་ལན་གསུམ་རེ་སྔོན་དུ་བཏང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པའི་ལྷ་སྔགས་ཁོ་ནས་ཕུལ་ཡང་རུང༌། སླར་ཡང་གོང་ལྟར་མཆོད་བསྟོད་བྱས་ལ་མར་བླུགས་གཟར་གང་ཐབ་ཏུ་བླུགས་ཏེ། ཨོཾ་བཛྲ་ཛྭ་ལ་རྃ་མེ་ལྷ་འབར་བའི་རྣམ་པར་བསམ་པ་ཡན་ཆད་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་མེ་འབར་བའི་དབུས་སུ་ལྷ་བསྐྱེད་པར་བྱ་སྟེ། སོ་སོའི་མངོན་རྟོགས་ནས་འབྱུང་བ་བཞིན་རྟེན་པདྨ་ཙམ་མམ། འཁོར་ལོ། ཆོས་འབྱུང་དང༌། སྲུང་འཁོར། དུར་ཁྲོད། གཞལ་

p. 434

ཡས་ཁང་སོགས་གང་ཡིན་པ་པྃ་དང༌། ཧཱུྃ་དང༌། བྷྲཱུྃ་སོགས་རང་རང་གི་ས་བོན་ཙམ་ལས་བསྐྱེད། བརྟེན་པ་ལྷ་དུ་ཡོད་པ་ས་བོན་ཙམ་མམ། རྡོ་རྗེའི་ཆོ་ག་གསུམ་ལས་བསྐྱེད་ཅིང་སྤྱི་བོར་རིགས་བདག་བསམ་པའི་བར་མ་འཆོལ་བར་བྱ་ཞིང༌། སྤྱན་འདྲེན་གྱི་ཚེ་སྤྲོ་ན་སྤོས་དང་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་སོགས་ཤློ་ཀ་གཅིག་གམ་གསུམ་གྱི་མཐར་མཚན་སྔགས་ལ་ཨེ་ཧྱེ་ཧི་བཏགས་པ་བརྗོད། ཞི་བའི་ལས་ལ་གཙོ་བོའི་རིགས་བདག་རྣམ་སྣང་དུ་བསྒྱུར་བའམ་མ་བསྒྱུར་ཀྱང་རུང༌། མདུན་བསྐྱེད་ཀྱི་གཙོ་བོ་དེ་རྩ་བའི་བླ་མ་དང་དབྱེར་མེད་དུ་བསམ། དེའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་མགྲོན་ཐབས་སུ་འཁོད་པར་དམིགས་ལ། ལྷ་ཐམས་ཅད་འཛུམ་ཞིང་ཞི་བ་འོད་ཟེར་དཀར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་བར་ཆད་ཐམས་ཅད་ཞི་བའི་ལས་མཛད་པར་བསམ། སྐབས་འདིར་ཡང་མེ་པྲ་བརྟག་པ་འགའ་རེས་བཤད་དོ། །དེ་ནས་གཟར་བུ་གཉིས་སྔར་བཞིན་བཟུང་སྟེ། ལྷ་ཐམས་ཅད་ཀྱི་ཞལ་ཅུང་ཟད་གདངས་པའི་སོགས་དང༌། གཙོ་བོའི་སྙིང་པོ་ལན་གསུམ་གྱི་མཐར། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་ལན་བདུན་དང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་མཐར། ཨོཾ་ཨགྣ་ཡེ་ཨཱ་དཱི་བྱཱ་སོགས་སྤེལ་ཚིག་དང་བཅས་པ་གོང་ལྟར་བརྗོད་དེ་གཟར་བུ་གཉིས་ཁ་སྦྱར་ལ་ལྷ་ཐམས་ཅད་ཀྱི་ཞལ་དུ་དུས་གཅིག་ལ་ཕུལ་བར་བསམ། དེ་ལྟ་བུ་ལན་གསུམ་ལ་སོགས་པས་བྱོན་སྐྱེམས་དབུལ། མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ཏེ། འབུལ་བའི་ཚིགས་བཅད་ཡོད་པ་རྣམས་ལ་དེ་ཀ་དང༌། མེད་པ་རྣམས་ལ་མཆོད་ཡོན་ཕལ་ཆེར་མའམ། འཇིག་རྟེན་ཁམས་ནི་མའམ། རབ་འབྱམས་རྒྱ་མཚོ་མ་གང་ཤེས་འདོན་པ་བསྒྱུར་ཞིང་ཆུ་གཉིས་སམ་བཞི་སོགས་གང་ཡིན་རང་མིང་བརྗེ་བའི་ཚུལ་གྱིས་འབུལ། རྒྱུད་སྡེ་འོག་མ་རྣམས་ལ་སྤྲོ་ན་རིན་ཆེན་བདུན་སོགས་སྤྱི་ལྟར་ཕུལ་ཀྱང་ཆོག བླ་མེད་རྣམས་ལ་ནང་བདུད་རྩིའི་མཆོད་པ་དང༌། གསང་བ་སྙོམས་འཇུག་གི་མཆོད་པ་དང༌།

p. 435

གཞན་ཡང་ཡིད་བྱུང་མཆོད་པ་རྣམས་སོ་སོའི་གཞུང་ནས་བཤད་ཚོད་ལྟར་བྱ། གཞན་མ་བཤད་ཅིང་མ་ཤེས་ནའང་ལྷ་སོ་སོའི་སྙིང་པོའམ། ས་བོན་ནམ། མཚན་སྔགས་ལ་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཅིས་ཀྱང་ཕུལ། རྡོ་རྗེ་དྲིལ་བུ་གསིལ་ཞིང་བསྟོད་པ་རྒྱས་བསྡུས་ཅི་ཤེས་པས་བསྟོད། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གང་ཡོད་སྡེ་ཚན་རེ་རེའི་མགོར་གཙོ་བོའི་སྙིང་པོ་གང་ཡིན་པ་ཚར་གསུམ་རེ་བརྗོད་ཅིང༌། ཨོཾ་བོ་དྷི་པྲྀཀྵཱ་ཡ་སྭཱ་ཧཱ་སོགས་རྫས་སྔགས་རྣམས་བརྒྱ་རྩ་རེ་ངེས་པར་དབུལ་ཞིང་སོ་སོའི་མཐར་སྤེལ་ཚིག་གོང་ལྟར་བརྗོད་དོ། །ཡང་ན་རྫས་སྔགས་ལན་གསུམ་རེ་སྔོན་དུ་འགྲོ་བས་ལྷ་སྔགས་བརྒྱ་རྩས་འབུལ་བའང་བཤད་པས་གང་མོས་བྱ། འདི་གཉིས་ཀྱི་ཁྱད་པར་ནི། འཕྲལ་གྱི་རིམ་གྲོར་བྱེད་ན་སྔ་མ་ལྟར་དང༌། བསྙེན་པའི་ཁ་སྐོང་ཡིན་ན་ཕྱི་མ་ལྟར་བྱ་བར་བཤད་མོད། གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་ན་སྔ་མ་ལྟར་དང༌། མཆོག་གི་དངོས་གྲུབ་ལ་དམིགས་ན་ཕྱི་མ་ལྟར་བྱའོ། །ཕྱི་མ་འདི་ལ་གཙོ་བོའི་སྙིང་པོ་ཙམ་གྱིས་གཙོ་འཁོར་ཐམས་ཅད་ལ་དུས་གཅིག་ལ་འབུལ་བ་དང༌། གཙོ་བོ་ལ་བརྒྱ་རྩ་སྤེལ་ཚིག་བཅས་སོང་བ་དང༌། རྫས་སྔགས་ལན་གསུམ་གྱིས་ཐོག་དྲངས་ཏེ་འཁོར་གྱི་སྔགས་རྣམས་ཚར་གསུམ་རེ་སྦྲེལ་བའི་མཐར་སྤེལ་ཚིག་བརྗོད་པས་འབུལ་བའང་ཡོད་དེ་རང་གི་འབྱོར་པ་དང་ལོང་སྐབས་བསྟུན་ཏེ་བྱ། དེ་ནས་བསྙེན་པའི་ཁ་སྐོང་ཡིན་ན་ཏིལ་ཁོ་ན་ལ་གྲངས་བཟུང་སྟེ་ལྷ་སྔགས་བསྙེན་པའི་བཅུ་ཆ་འབུལ་དགོས་པས་ཉིན་རེའི་ཁོངས་སུ་གང་འགྲོའི་ཚུལ་གྱིས་ཉིན་གྲངས་ཇི་ཙམ་དགོས་པ་བྱ། རང་གཞན་གྱི་སྡིག་སྒྲིབ་སྦྱང་བ་དང་ཉམས་ཆག་བསྐང་བའི་ཆེད་ཡིན་ནའང་ཏིལ་ཁོ་ནས་བྱ་ཞིང༌། གདོན་བགེགས་ཀྱི་གནོད་འཚེ་ཞི་བ་ཙམ་ལ་ཏིལ་གྱི་ཚབ་ཡུངས་ཀར་གྱིས་བྱ་བ་དང༌། སྔགས་སརྦ་པཱ་པཾ་སོགས་ཀྱི་ཚབ་ཏུ། བགེགས་ལ་ཨོཾ་སརྦ་བིགྷྣཱན་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། གདོན་ལ་སརྦ་དུཥྚན་ད་ཧ་ན་སོགས་དང༌། ནད་ལ་སརྦ་རོག རིམས་ལ་སརྦ་ཛྭ་ར། ཉེ་བར་འཚེ་བ་ལ་སརྦ་ཨུ་པ་དྲ་ཝ། དུས་མ་ཡིན་པར་འཆི་བ་

p. 436

ལ་སརྦ་ཨ་ཀཱ་ལ་མྲྀ་ཏྱུ། རྨི་ལམ་ངན་པ་ལ་སརྦ་དུར་སྭཔྣ། ལྟས་ངན་ལ། སརྦ་དུརྣི་མིཏྟ། རྣམ་པར་གཡེང་བ་ལ། ཨོཾ་སརྦ་ཙིཏྟ་ཀུ་ལ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ་ཞེས་པ་ལྟ་བུར་བསྒྱུར། གྲངས་ཇི་ཙམ་ནུས་པས་ཆོག་ལ་སྤེལ་ཚིག་བོད་སྐད་ཀྱང་བརྗོད་ཅིང་སྐབས་སྐབས་སུ་མེ་གསོ་བའི་དོན་དུ་བུད་ཤིང་དང་མར་ཡང་ཅི་རིགས་པ་གཞུག་གོ །དེ་ལ་ཡམ་ཤིང་ནི་གཟི་བརྗིད་བསྐྱེད་པའི་ཆེད་དུ་མེ་འོད་ལ། ཞུ་བའི་རྫས་མར་ཁུ་དང༌། ཏིལ་དང་ཟས་མཆོག་ཡོད་ནའང་ཞལ་དུའོ། །གོང་བུའི་རྫས་འབྲུ་སྣ་ཚོགས་འབུལ་ན་ཕྱག་ཏུ། ཀུ་ཤ་ནི་དབུའི་གཙུག་ཏོར་ལ་ཕུལ་བར་བསམ་མོ། །འབྲུ་སྣ་དང་དཱུརྦའང་བདུད་རྩིར་བཞུས་ཏེ་ཞལ་དུ་བསྟབ་པར་བཞེད་པའང་ཡོད་འདྲ། གང་ལྟར་ཡང་མཐར་བསྡུ་རན་པ་ན་བྱོན་ཟན་གྱི་སྐབས་སུ་བཤད་པ་ལྟར་མར་དགང་བླུགས་གསུམ་གཤེགས་སྐྱེམས་ཀྱི་ཚུལ་དུ་དབུལ། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། མཚན་སྔགས་རེ་རེའི་མགོར་སྦྱར་བའི་མཆོད་ཡོན་ལ་སོགས་པ་རང་རང་ལུགས་ལྟར་གྱིས་མཆོད། བླ་མེད་ཡིན་ན་ནང་མཆོད་ཀྱང་ཕུལ་ཏེ་བསྟོད་པ་བསྡུས་པས་བསྟོད། གཏོར་མ་བྲན་ལ་རང་རང་གི་ལུགས་བཞིན་བྱིན་གྱིས་བརླབས་ནས། གཏོར་སྔགས་ལན་གསུམ་མམ་ལྔས་ཐབ་ཀྱི་ལྷ་ལ་དབུལ། མཆོད་བསྟོད་བསྡུས་པ་ཞིག་བྱས་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང༌། གནས་སྐབས་ཀྱི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་གང་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་ཉམས་པ་དང་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་སོགས་ཀྱི་མཐར་ཨོཾ་བཛྲ་མུཿ ཞེས་དང་མཐེབ་སྲིན་གྱི་སེ་གོལ་གྱི་སྒྲས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། སྲིན་ལག་གིས་ཐབ་ཀྱི་ཐལ་བ་ཅུང་ཟད་བླངས་ལ་དཔྲལ་བར་བསྐུས་ཏེ་དམ་ཚིག་པ་རང་ལ་ཐིམ་པར་བསམ་

p. 437

པ་ཡན་ནི་ཡེ་ཤེས་པའི་མེ་ལྷ་མཆོད་པའི་ཆོ་ག་སྟེ་དངོས་གཞིའི་ཆོས་སོ། །གསུམ་པ་རྗེས་ནི། སླར་ཡང་མར་བླུགས་གཟར་གང་དགང་གཟར་ལ་རེག་པར་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་པས་མེ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་གྱུར་པར་བསམ། བསྲེག་རྫས་ཀྱི་ལྷག་མ་བདུན་ནམ་བཅུ་གཅིག་ལ་སོགས་ཅི་འབྱོར་པ་ཕུལ་བའི་མཐར་བྱོན་ཟན་གྱི་སྐབས་སུ་སྨོས་པ་ལྟར་མར་དགང་བླུགས་གསུམ་གཤེགས་སྐྱེམས་ཀྱི་ཚུལ་དུ་དབུལ། ཡོན་བདག་ལ་སོགས་པའི་ཆེད་དུ་ཡིན་ན་སྤེལ་ཚིག་གི་ཚེ་དེའི་ལག་པ་གཡས་པའི་མཐེ་བོང་དགང་གཟར་དང་ལྷན་ཅིག་ཏུ་བཟུང་ལ། བདག་ཅག་དཔོན་སློབ་ཡོན་བདག་ཆེ་གེ་མོ་ཞེས་བྱ་བའི་ནད་དང་གདོན་དང་བཀྲ་མི་ཤིས་པ་དང༌། བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བདུན་ཚན་གསུམ་པོ་རེ་རེའི་མཐར་བྱའོ། །མེ་ལྷའི་གཏོར་མ་ཆབ་ཀྱིས་བྲན་ལ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ནས། ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་མམ་ལྔས་དབུལ། མཆོད་བསྟོད་གོང་དུ་བཤད་པ་ལྟར་བྱ་ཞིང༌། སྤྲོ་ན། ཚངས་པ་འཇིག་རྟེན་མགོན་གྱི་སྲས་ཞེས་སོགས་གཞན་ནས་འབྱུང་བའི་བསྟོད་པའང་བྱ། ཐལ་མོ་སྦྱར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བདག་གི་ཚེ་འཁོར་བ་སོགས་འདས་པའི་མེ་ལྷའི་སྐབས་བཞིན་གསོལ་བ་གདབ། ཡིག་བརྒྱ་བཟླ་ཞིང་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་དང༌། དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་ཕྱིར་བསྐྱེད་དེ། མེ་ལྷ་རང་གི་གནས་སུ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ་མོ། །རྒྱུད་སྡེ་འོག་

p. 438

མ་ཡིན་ན་སྐབས་འདིར་ཆ་གསུམ་གཏོར་མ་སྤྱི་ལྟར་གཏང་བའམ་མ་གྲུབ་ཀྱང་འགལ་བ་ཆེར་མེད། རང་གི་གནས་གསུམ་བསྲུང་བའམ། སྐྱེ་མཆེད་བསྲུང་བ། གོ་ཆ་དགོད་པ་ལ་སོགས་བདག་བསྐྱེད་ཀྱི་མཇུག་སྡུད་རང་རང་གི་ལུགས་བཞིན་བྱས་ལ་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་ཤེས་པ་བརྗོད། མཆོག་གི་དངོས་གྲུབ་ཀྱི་ཆེད་དུ་ཡིན་ན་མེ་མ་ཤིའི་བར་དུ་མི་བསྒུལ། ཐུན་མོང་བ་ཙམ་ལ་ལོང་མེད་ན་མེ་འོ་མས་བཅིལ་ལ་ཐལ་བ་ཕྱགས་པའི་ཤུལ་དང་ཉེ་འཁོར་ཐམས་ཅད་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་གཏོར་བ་ནི་རྗེས་ཀྱི་ཆོས་སོ། །དེ་ཉིད་གཞིར་བཞག་ནས་རྒྱས་པའི་ཁྱད་པར་ཐབ་ཁུང་སེར་པོ་གྲུ་བཞི་པ། མུ་རན་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ་བྲི། སེར་ཞིང་དྲི་ཞིམ་པ་འབྲས་བུ་ཅན་གྱི་ཡམ་ཤིང་ཁྲུ་གང་པ། ཁྱད་པར་གྱི་རྫས་དཱུརྦ་སོགས། གོས་གདན་སེར་པོ། དུས་སྔ་དྲོ། ཁ་བྱང་དུ་བལྟས་ནས་ཁྱེལ་འདུག་བྱས་ཏེ། རྒྱལ་པོའི་ཁྱིམ་གྱི་མེས་སྤར། ཧཱུྃ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་རིན་པོ་ཆེའི་ཕྲེང་བས་མཚན་པ་སོགས་དང༌། མེ་ལྷ་སྐུ་མདོག་སེར་པོ་སོགས་ནས་རིན་ཆེན་འབྱུང་ལྡན་གྱི་དབུར་བརྒྱན་ཞེས་བསྒྱུར། སྤེལ་ཚིག་ནི། ཚེ་རྒྱས་པ་ལ། བདག་གམ་སྦྱིན་བདག་གི་ཨཱ་ཡུཿཔུཥྚིཾ་ཀུ་རུ་ཨོཾ། བསོད་ནམས་རྒྱས་པ་ལ་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ། དཔལ་འབྱོར་ལ་ཤྲཱི་བྷཱུ་ཏི་པུཥྚིཾ་ཀུ་རུ་ཨོཾ། ཤེས་རབ་ལ་པྲཛྙཱ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པ་ལྟ་བུ་བློས་དཔྱད་དེ་སྦྱར། ཡང་ན་བདག་གི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བློ་དང་སྤོབས་པ་རྣམ་པར་གྲོལ་བའི་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་པས་འཐུས། ཁྱད་པར་གྱི་རྫས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པ་མེ་ལྷ་རང་གི་སྔགས་ཀྱི་དབུལ། འདས་པའི་མེ་ལྷའི་གཙོ་བོའི་རིགས་བདག་རིན་ཆེན་འབྱུང་ལྡན་དུ་བསྒྱུར་བའམ་མ་བསྒྱུར་ཀྱང་རུང༌། ལྷ་ཐམས་ཅད་འཛུམ་ཞིང་ཚིམ་པའི་ཉམས་ཅན་གཟི་བརྗིད་དང་ལྡན་པ། འོད་ཟེར་སེར་པོ་སྤྲོ་བ་དང་སྡུད་པའི་སྒོ་ནས་བདག་དང་སེམས་ཅན་

p. 439

ཐམས་ཅད་ཀྱི་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ལས་མཛད་པར་བསམ། བསྲེག་རྫས་རྣམས་གྲངས་བརྒྱ་རྩ་བརྒྱད་རེ་ངེས་པར་དབུལ་ཞིང༌། དཱུརྦ་སོགས་ཁྱད་པར་གྱི་རྫས་གང་ཡིན་ཀྱང་གཙོ་བོའི་སྙིང་པོས་མཚོན་ལྷ་སྔགས་ཁོ་ནས་དབུལ། རྫས་གྲངས་འཛིན་རྒྱུ་དཱུརྦ་སོགས་གང་འོས་བྱ་ཞིང་བརྒྱ་རྩ་བརྒྱད་རེའི་མཚམས་སུ་སྤེལ་ཚིག་སྦྱར། འདོད་དོན་ཞུ་བ་གོང་འོག་གི་ཚེ། བདག་གི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་བློ་དང་སྤོབས་པ་རྣམ་པར་གྲོལ་བའི་ཡེ་ཤེས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཇི་ལྟར་འོས་པ་བརྗོད། ཐལ་བ་འཕྲལ་དུ་འཕྱག་དགོས་ན་གུར་གུམ་གྱི་ཆུས་གཞིལ་བ་ཙམ་ནི་ཁྱད་པར་རོ། །ཞི་བ་གཞིར་བཞག་ནས་དབང་ལ་ཐབ་ཁུང་དམར་པོ་ཟླ་གམ། མུ་རན་ལ་ལྕགས་ཀྱུའི་ཕྲེང་བ་བྲི། དམར་ཞིང་སྐྱུར་བའི་ཡམ་ཤིང་སོར་བརྒྱད་པ། ཁྱད་པར་གྱི་རྫས་མེ་ཏོག་དམར་པོ། གོས་གདན་དམར་པོ། དུས་ཕྱི་དྲོ། ཁ་ནུབ་བལྟས། པདྨའི་སྐྱིལ་ཀྲུང་གིས་འདུག་སྟེ། སྨད་འཚོང་མའི་མེས་སྦར། ཧཱུྃ་ལས་བྱུང་བའི་དབང་གི་ཐབ་ཁུང་དམར་པོ་ཟླ་གམ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་མཚན་པ་ཞེས་སོགས་དང༌། མེ་ལྷ་སྐུ་མདོག་དམར་པོ་སོགས་ནས་འོད་དཔག་མེད་ཀྱིས་དབུར་བརྒྱན་ཞེས་བརྗོད། སྤེལ་ཚིག་ནི། རྒྱལ་པོ་ཡུལ་འཁོར་པཎྜི་ཏ་ལ་སོགས་པ་སྟོབས་ལྡན་འབྱོར་ལྡན་ཤེས་ལྡན་གྱི་འགྲོ་བ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿཞེས་བརྗོད། རྫས་ལྔ་བཅུ་ཐམ་པ། གོང་འོག་གི་འདོད་གསོལ་རྣམས་དབང་གི་བྱའོ། །ཞི་བ་གཞིར་བཞག་ནས་དྲག་པོ་ལ་ཐབ་ཁུང་ནག་པོ་གྲུ་གསུམ་སུམ་རིམ། མུ་རན་ལ་རྡོ་རྗེ་ཁ་གདེངས་པའི་ཕྲེང་བ། ནག་ཅིང་རྩུབ་པའི་ཡམ་ཤིང་སོར་བཅུ་པ། ཁྱད་པར་གྱི་རྫས་ཀེ་ཚེ། ཤང་ཚེ། ཡུངས་དཀར་ནག ཁྲག་སྣ། དུག་སྣ། ལྕགས་ཕྱེ་ཟངས་ཕྱེ་

p. 440

བཅས་གང་འཛོམ་བསྲེས་པ། གོས་གདན་ནག་པོ། དུས་ནམ་ཕྱེད། ཁ་ལྷོར་བལྟ། གཡས་བསྐུམ་གཡོན་བརྐྱང་བའི་སྐྱིལ་ཀྲུང་གིས་འདུག་སྟེ། ཤན་པའི་ཁྱིམ་གྱི་མེས་སྦར། ཧཱུྃ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་ནག་པོ་གྲུ་གསུམ་པ་རྒྱའི་ཕྱེད་ཀྱི་དཔངས་དང་ལྡན་པ། ཁ་སྒྱེར་དང་བཅས་ཤིང་མུ་རན་ལ་རྡོ་རྗེ་རྩེ་གསུམ་པ་རྭ་གདེངས་པས་མཚན་པ་ཞེས་སོགས་དང༌། མེ་ལྷ་སྐུ་མདོག་ནག་པོ་རབ་ཏུ་ཁྲོས་པ་ར་སྐྱེས་ལ་ཞོན་པ་སོགས་ནས་མི་བསྐྱོད་པས་དབུར་བརྒྱན་ཞེས་དང༌། སྤེལ་ཚིག བསྟན་པ་དང་སེམས་ཅན་ཡོངས་ལ་འཚེ་བ། བླ་མ་དམ་པའི་སྐུ་ལ་བསྡོ་བའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ་ཅེས་པའམ། བདག་གིས་ལམ་སྒྲུབ་པ་ལ་བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་ཐམས་ཅད་མཱ་ར་ཡ་ཕཊ་ཅེས་སྐབས་སུ་གང་བབ་བརྗོད། རྫས་རྣམས་ལག་པ་གཡོན་པས་འབུལ་བ་སོགས་ཀུན་སྤྱོད་ཐམས་ཅད་གོ་ལྡོག ཁྱད་པར་གྱི་རྫས་ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་པའམ། ཨོཾ་སརྦ་ཤ་ཏཱུཾ་བིགྷྣཱན་མ་རཱ་ཡ་ཧཱུྃ་ཕཊ་ཅེས་པས་དབུལ། རྫས་རྣམས་དྲུག་ཅུ་ཐམ་པ་རེ་འབུལ་ཞིང་ཁྱད་པར་གྱི་རྫས་ལྷ་སྔགས་གང་ཡིན་པ་དེས་དབུལ། གསོལ་གདབ་དྲག་པོའི་བྱའོ། །གཞན་སྒྲུབ་པ་པོའི་བསམ་པ། ལྷའི་ཉམས་དང་ཁ་དོག་སོ་སོའི་འོད་ཟེར་སྤྲོ་བསྡུ། དགང་བླུགས་འཛིན་པའི་ཁུ་ཚུར་གྱི་ཁྱད་པར། མེ་གཞིལ་བའི་ཆུ་རྣམས་ལས་སོ་སོར་མ་འདྲེས་པར་བྱ་བ་གནད་དོ། །སྡིག་སྒྲིབ་མ་ལུས་སྲེག་པ་དང༌། །སྔགས་ཀྱི་ནུས་པ་འབྱིན་པའི་ཕྱིར། །སྦྱིན་སྲེག་སྙིང་པོ་དྲིལ་བཀོད་དགེས། །འགྲོ་རྣམས་ལས་སྒྲིབ་བྱང་གྱུར་ཅིག །ཅེས་པའང་སྒྲུབ་ཐབས་རིན་པོ་ཆེའི་ཞལ་སྐོང་དུ་བློ་གཏེར་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།

རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་བཀྲ་ཤིས་རྫོགས་ལྡན་གྱི་སྤྲིན་ཕུང་།

p. 441

རབ་ཏུ་གནས་པའི་ཆོ་ག་མདོར་བསྡུས་པ་བཀྲ་ཤིས་རྫོགས་ལྡན་གྱི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། འཕགས་པ་རིན་པོ་ཆེའི་གསུང་རབ་བཀླག་མཆོག་ཏུ་བཀོད་པའོ།།

p. 442

ཤྲཱི་ལཀྵྨཱི་སིདྡྷི་རསྟུ། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བླ་མའི་ཞབས་ལ་ཕྱག་བཙལ་ནས། །མགྱོགས་པར་དགའ་ལ་ཕན་བྱའི་ཕྱིར། །རབ་གནས་ཆོ་ག་མདོར་བསྡུས་བཤད། །ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་ཡུ་གུར་གྱི་བནྡེ་སཾ་གྷ་མི་ཏྲའི་དོན་དུ་མཛད་པའི་རབ་གནས་མདོར་བསྡུས་པ་ལག་ཏུ་བླང་བའི་རིམ་པ་ནི། སྦྱོར་བ་རབ་ཏུ་གནས་བྱའི་རྟེན་གང་ཡིན་པ་དེའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང༌། གཏོར་མ་ཟླུམ་པོ་བཞི། བགེགས་གཏོར། གཞི་བདག་གཏོར་མ་སྟེ་དྲུག་བཤམ། བུམ་པ་གཉིས་སམ་གཅིག་སྤྱི་ལྟར་བཅས་ལ་མཆོད་པ་རྣམས་ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་

p. 443

ནམ་མཁའི་མཐའ་ཀླས་པར་གྱུར། ཅེས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་སོགས་ཀྱི་མཐར། དྷརྨཱ་ར་ཎི་ཏ་དང་རོལ་མོ་བྱས་ཏེ་བྱིན་དབབ། དེ་ནས་བདག་བསྐྱེད་ཚེ་དཔག་མེད་སོགས་གང་ལ་མོས་ཤིང་བསྙེན་པ་སོང་བ་ཞིག་གི་བསྒོམ་བཟླས་རྫོགས་པར་བྱ། བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བར་གྱུར། རྣམ་རྒྱལ་བུམ་པའི་དབུས་སུ་བདག་བསྐྱེད་གང་ཡིན་གྱི་ལྷ་གཙོ་རྐྱང་ངམ། འཁོར་བཅས་གང་རུང་རང་རང་གི་གཞུང་བཞིན་བསྐྱེད་ནས་མཆོད་བསྟོད་བྱ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་ནང་གི་ལྷ་ལ་ཕོག་པས་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་

p. 444

གང་བར་གྱུར། ཅེས་དང་སྔགས་ཅི་ནུས་བཟླས་ལ་མཆོད་བསྟོད་བྱ། སྤྱི་ལྟར་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་ཆུ་བདུད་རྩིར་གྱུར་པར་བསམ་པའམ། བླ་མེད་ཡིན་ན་དམ་ཡེ་ཕྱེ་མི་དགོས་པས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ལྷ་འོད་དུ་ཞུ་བའི་ཆུ་བདུད་རྩིར་གྱུར་པར་བསམ། རྣམ་རྒྱལ་བུམ་པ་མ་གྲུབ་ཀྱང་འགལ་བ་མེད་དེ་ཕྱག་རྒྱ་ལྔས་དབང་བསྐུར་བའང་གསུངས་པས་སོ། །གང་ལྟར་ཡང་ལས་བུམ་ལ་ལྷ་བསྐྱེད་མི་དགོས་པར། རང་གི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་པ་སྤྲོས་པས་ལས་བུམ་གྱི་ཆུ་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཅི་ནུས་བཟླའོ། །བདག་བུམ་གཉིས་བླ་མེད་ཀྱི་ལུགས་ཡིན་ན་ནང་མཆོད་སོགས་སྒོས་ཆོས་རྣམས་མ་ཆད་པར་བྱ་དགོས་མོད། རབ་གནས་ཀྱི་དངོས་གཞི་སྤྱི་ཁྱབ་ཏུ་འཇུག་བདེ་དཀྱུས་ཀྱི་འདི་ཙམ་གྱིས་འཐུས་པས་འདོར་ལེན་གང་ཡང་མི་དགོས་སོ། །དེ་ནས་རྟེན་དེ་ལ་སྦྱང་བ་གསུམ་བྱ་བ་ནི། སྦྱོང་ཆས་ཀྱི་ཏིང་ལོ་སྦར་ནས་མཐེབ་ཀྱུ་ལ་ཆབ་བྲན། དཔོན་སློབ་རྣམས་ལྷའི་ང་རྒྱལ་གྱིས་བཞེངས་ཏེ། མཆོད་གཡོག་པས་མཐེབ་ཀྱུ་རྟེན་ལ་བསྐོར་བ་དང་བསྟུན། མཆོག་སྦྱིན་དང་བཅས་པས། ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པའི་མཐར། བདེ་བར་གཤེགས་པའི་རྟེན་རྣམས་ལ་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ཤིག་ཅེས་ཞི་བས་སྦྱང་བ་དང༌། སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་མཆོད་གཡོག་པས་ཏིང་ལོ་དང་ཆང་བུ་རྟེན་ལ་

p. 445

བསྐོར་ཞིང༌། ཨོཾ་སུམྦྷ་ཞེས་སོགས་ལན་གསུམ་བྱས་ནས། བདེ་བར་གཤེགས་པའི་རྟེན་རྣམས་ལ་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་བརྗོད་ལ་ཕྱིར་དོར་བ་ཞི་དྲག་ཕྱེད་མས་སྦྱང་བ་དང༌། དེ་ནས་རང་ཁྲོ་བོའི་ང་རྒྱལ་གྱིས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་གདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ་གིས་མཆོད། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་

p. 446

དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོ་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ཧཱུྃ་མཛད་ཀྱི་ཕྱག་རྒྱས་བགེགས་ལ་བཀའ་བསྒོ་སྟེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བཅོམ་ལྡན་འདས་འདི་«་་་་་བདག་བསྐྱེད་གང་ཡིན་གྱི་མཚན་སྦྱར།» ཞེས་བྱ་བའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དེང་འདིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པས་སའི་ཕྱོགས་

p. 447

འདིར་མ་གནས་པར་རང་རང་གི་གནས་སུ་སོངས་ཤིག གལ་ཏེ་མི་འགྲོ་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འབར་ཞིང་རབ་ཏུ་འབར་བ་འདིས། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་བརྗོད་ལ། རྟེན་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། ངག་ཏུ། སུམྦྷ་སོགས་དང༌། སརྦ་བིགྷྣཱན་ཨུ་ཙནྟཱ་ཡ་ཧཱུྃ་ཕཊ་ཅེས་དྲག་ཏུ་བརྗོད་ཅིང་དྲག་རོལ་བྱའོ། །ཡང༌། འཇིགས་པའི་ཧཱུྃ་སྒྲ་ཞེས་སོགས་ནས་འགས་པར་འགྱུར་རོ། །སུམྦྷ་སོགས་བརྗོད་དོ། །དེ་ལྟ་བུ་ལན་གཉིས་བྱ་བ་ནི་དྲག་པོས་སྦྱང་བའོ། །བསྡུ་ན་ཞི་བ་དང༌། ཕྱེད་མའི་སྦྱང་བའི་རྗེས་རྗེ་བཙུན་རྩ་བ་དང་སོགས་བདེན་བརྗོད་སྦྲེལ། ཡང་ན་བདེན་བརྗོད་ཙམ་བགྱིས་ཀྱང་རུང༌།། ༈ །ཤིན་ཏུ་བསྡུ་ན་གཞུང་གི་དངོས་བསྟན་ལྟར། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་སུམྦྷ་སོགས་ཀྱི་མཐར། སརྦ་བིགྷྣཱན་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ། ཅེས་བཏགས་པ་ཡང་ཡང་བརྗོད་པས་བགེགས་བསྐྲད།། ༈ །མེ་ལོང་ལ་ཤར་བའི་རྟེན་གྱི་གཟུགས་བརྙན་ལས་བུམ་གྱི་ཆུས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པ་ཙམ་མམ། སྤྲོ་ན། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་སོགས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་

p. 448

ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་སོགས། དེ་བཞིན་དུ། སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོའི། ལེ་ལོའི། རྣམ་གཡེང༌། ཤེས་འཆལ་རྣམས་སྦྱར་བ་དང༌། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་ཚིགས་བཅད་སྔགས་དང་བཅས་པས་བཀྲུ། གང་ལྟར་ཡང་མཐར།། ༈ །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྗོད་ཅིང་དར་རམ། རས་དཀར་པོས་སྐུ་ཕྱི་བའི་ཚུལ་བྱའོ། །དེ་ནས་སྐུ་རྟེན་ཐོར་བུ་བ་ཡིན་ན། ལས་བུམ་གྱི་ཆུ་འཐོར་ཞིང༌། སྭ་བྷཱ་ཝས་སྦྱངས། སྐུ་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་ནམ། ཁྲོ་བོ་རྣམས་ལ་རྃ་ལས་ཉི་མའི་གདན་གྱི་སྟེང་དུ། རྟེན་གྱི་ལྷ་སོ་སོའི་ས་བོན་ནམ། ཨོཾ་ཨཱཿཧཱུྃ་ལས་སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འཆོལ་བར་བསྐྱེད། རྟེན་ངོས་མི་ཟིན་པ་དང༌། མངོན་རྟོགས་མི་འཁྱོར་ན་ཐམས་ཅད་འོག་གི་མཆོད་རྟེན་ལྟར་རྣམ་སྣང་དུ་བསྐྱེད་ཀྱང་རུང་བས། དེ་ལྟར་ན་ལྷ་ཁང་ལ་ལོགས་བྲིས་ཅན་དང༌། སྐུ་རྟེན་དང༌། མཆོད་རྟེན་རྣམས། ༈ །སྭ་བྷཱ་ཝས་སྦྱང༌། ལྷ་ཁང་དང༌།

p. 449

སྐུ་རྟེན་དང༌། མཆོད་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྐྱེད། པུསྟི་སོགས་གསུང་རྟེན་རྣམས་སྦྱངས། གསུང་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཨཱཿལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་ཕྱག་རྒྱ་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོར་དྲིལ་ཕྱག་མཚན་སོགས་ཐུགས་རྟེན་རྣམས་སྦྱངས། ཐུགས་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དཀྱིལ་ཐང་ཡིན་ན་སྦྱངས། དཀྱིལ་འཁོར་སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྲུང་བའི་འཁོར་ལོའི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ལྷ་གནས་རྣམས་སུ་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་སོགས་གོང་ལྟར་བསྐྱེད། འཁོར་ལོ་དང་འཁྲུལ་འཁོར་ལ་སོགས་པ་སྦྱངས། འཁོར་ལོ་རྣམས་སྟོང་པའི་ངང་ལས་སྐད་ཅིག་གིས་བྲིས་པའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་ཅེས་དང༌། རྟ་བབས་

p. 450

སོགས་སྦྱངས། རྟ་བབས་དང༌། རྡོ་རིང་དང༌། སྐྱེ་མོས་ཚལ་དང༌། རྫིང་བུ་ལ་སོགས་པ་རྣམས་སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ཡོངས་སུ་གྱུར་པ་ལས་ལྷ་རྫས་ལས་གྲུབ་པའི་དངོས་པོ་དེ་དང་དེའི་རྣམ་པ་ཅན་དུ་གྱུར་ཅེས་པས་བསྐྱེད་དོ། །དེ་ནས་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱི་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་སྤྱན་དྲངས་པར་བསམས་ལ། སྤོས་དང་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །རྒྱལ་བ་མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ཚིགས་བཅད་སྔགས་དང་བཅས་པ་ལན་གསུམ་བརྗོད་པས་མདུན་དུ་བྱོན་པར་བསམ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ནས། ནཻ་ཝི་དྱ་ཨཱཿཧཱུྃ་བར་གྱིས་མཆོད་ནས་དམ་ཚིག་པ་ལ་འཇུག་པར་གསོལ་བ་གདབ་པའི་ཕྱིར་དྲིལ་བུ་གསིལ་ཞིང༌། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །སེམས་ཅན་ཀུན་གྱི་དོན་སླད་དུ། །བདག་གིས་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །

p. 451

རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབ་ཅིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་ལན་གསུམ་བརྗོད་ནས་ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་པ་ལྕགས་ཀྱུའི་ཕྱག་རྒྱ་དང༌། དེ་ཉིད་ལས་རྩེ་མོ་གཉིས་སྦྱར་བ་ཞགས་པའི་དང༌། ཡང་དེ་ཉིད་ལས་མཛུབ་མོ་གཉིས་གཅིག་ལ་གཅིག་འདུད་པ་ལྕགས་སྒྲོག་གི་དང༌། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་ནང་དུ་བཅུག་སྟེ་བསྐྱོད་པ་དྲིལ་བུའི་ཕྱག་རྒྱ་རྣམས་རིམ་བཞིན་བཅས་ལ། ཨོཾ་བཛྲ་ཨངྒུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་ཝེ་ཤ་ཨཿ ཞེས་བརྗོད་པས་ཡེ་ཤེས་པ་དང་རྟེན་དབྱེར་མེད་དུ་གྱུར་པར་བསམ་མོ། །སྲུང་འཁོར་སོགས་ལ་ནི་འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལས་གྲུབ་པའི་འཁོར་ལོ་ལ་སོགས་པའི་རྣམ་པར་སྤྱན་དྲངས་ལ་བསྟིམ་མོ། །སྐྱེད་མོས་ཚལ་ལ་སོགས་པ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དང་བཀྲ་ཤིས་པའི་དངོས་པོ་དེ་དག་ཇི་ལྟར་བསྐྱེད་པའི་རྣམ་པས་བཀུག་ཅིང་བསྟིམ། དེ་དག་ཀྱང་སྔགས་དང་ཕྱག་རྒྱ་གོང་དུ་སྨོས་པ་དེ་ཉིད་ཀྱིས་སོ། །དེ་ནས་མི་འབྲལ་བར་བྱ་བའི་ཕྱིར། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱི་རྒྱས་གདབ། རང་དང་རྟེན་གྱི་ལྷའི་ཐུགས་ཀ་ནས་འོད་འཕྲོས་པས། དབང་བསྐུར་གྱི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་ལ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ལྔས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་དབང་བསྐུར་བར་བསམ་ཞིང༌། རང་གིས་རྣམ་རྒྱལ་བུམ་པའི་ཆུ་གཏོར་ཏེ། ཇི་ལྟར་བལྟམས་པ་ཙམ་

p. 452

གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་སྐུ་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས་རང་རང་དང་འདྲ་བའི་རིགས་བདག་གིས་དབུར་བརྒྱན་པར་བསམ། བུམ་པ་མེད་ན་ཕྱག་རྒྱས་དབང་བསྐུར་ཏེ། རྡོ་རྗེ་བསྡམས་པ་ལས་གུང་མོ་རྡོ་རྗེ་དང་འདྲ་བར་གཤིབ། མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱང་བ་རྟེན་གྱི་སྤྱི་བོར་གཏུག་པའི་ཚུལ་བྱ་ཞིང༌། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་བྱས་པ་དཔྲལ་བར་དང༌། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་རྣ་ལྟག་གཡས་པར་དང༌། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ། མཐེ་བོང་དང་མཐེའུ་ཆུང་སོ་སོར་མཉམ་ལ་ལྷག་མ་ཐམས་ཅད་བརྐྱང་བ་ལྟག་པར་དང༌། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ཉིད་གཡོན་དུ་བསྒྱུར་བ་རྣ་ལྟག་གཡོན་པར་བཞག་པའི་ཚུལ་བྱ་ཞིང༌། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་པས་ལྷ་ཐམས་ཅད་ལ་རིགས་ལྔས་དབུར་བརྒྱན་པར་བསམ་མོ། །སྲུང་འཁོར་ལ་སོགས་པ་ལ་ནི་དབང་གི་ཆུ་དང་འདྲེས་པས་ནུས་པ་ཕུན་སུམ་ཚོགས་པར་བསམ་པའམ། ཕྱག་རྒྱ་བསྟན་པ་ཙམ་ལས་རིགས་བདག་གི་རྒྱས་གདབ་ནི་མི་དགོས་སོ། །དེ་ནས་ཐལ་མོ་སྦྱར་ལ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། ཞབས་བསིལ་དང༌། པཱ་དྱཾ། མེ་ཏོག་དང༌། པུཥྤེ། བདུག་སྤོས་དང༌། དྷཱུ་པེ། སྣང་གསལ་དང༌། ཨཱ་ལོ་ཀེ། དྲི་མཆོག་དང༌། གནྡྷེ།

p. 453

ཞལ་ཟས་དང༌། ནཻ་ཝི་དྱ། རོལ་མོ་དང༌། ཤབྡ་རྣམས་སྦྱར་བ་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་མཆོད། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང༌། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ་ཞེས་བརྗོད་ཅིང་རོལ་མོ་བྱ། བསྡུ་ན། སྔགས་དང་ཕྱག་རྒྱ་ཙམ་གྱིས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། ༈ །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོར་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་རབ་གྲུར་བཞག་ནས། །ཞི་བ་རིན་ཆེན་མཆོག་གླིང་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱོད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང༌། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་

p. 454

པས་བསྟོད་དོ། །གསེར་གྱི་ཐུར་མའམ་རྡོ་རྗེས་སྤྱན་དབྱེ་བའི་ཚུལ་བྱ་ཞིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་མོ། །སླར་ཡང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སོགས་གོང་ལྟར་དང༌། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། སྔགས་ཀྱིས་མངའ་དབུལ་བའི་ཕྱིར། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་རྟེན་རྣམས་ཀྱི་ཐུགས་ཀར་ཐིམ་ཞིང༌། དེ་ལས་ཀྱང་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་སྔགས་ཀྱི་རྣམ་པས་རྟེན་དེ་རྣམས་ལ་ཞུགས་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་ནུས་པ་མཉམ་པར་བསམ་ཞིང༌། མེ་ཏོག་ལག་ཏུ་བཟུང་ནས་རྟེན་གཙོ་གང་ཡིན་པའི་སྔགས་ཅི་འགྲུབ་བཟླས་པའི་མཐར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། ཞེས་གང་གྲུབ་བརྗོད་པས། ནས་འབྲུ་རེ་རེ་ནས་ཡེ་དྷརྨཱའི་ཡིག་འབྲུ་གསེར་འོད་འབར་བ་རེ་རེར་གྱུར་པར་བསམས་ལ། ཡེ་དྷརྨཱ་དང༌། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷཱུ་ཁཾ་བཛྲི་བྷ་ཝ་དྲྀ་ཌྷོ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། ཞེས་བརྗོད་ཅིང་རྟེན་དེ་ལ་མེ་ཏོག་གཏོར་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མེ་ཏོག་འཐོར་ཞིང༌། རྟེན་དེ་རྣམས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་བསམ་མོ། །དེ་ནས་མཆོད་པས་མངའ་དབུལ་བར་བྱ་བའི་ཕྱིར། ཆུ་

p. 455

གཉིས་ཉེར་སྤྱོད་རོལ་མོར་བཅས་རྒྱ་ཆེར་བཤམས་པ་རྣམས་ལྷ་རྫས་ལས་གྲུབ་པ་ས་དང་ནམ་མཁའ་བར་སྣང་ཁྱབ་པར་བྱིན་གྱིས་བརླབས་ལ། གོང་དུ་སྨོས་པའི་ཚིགས་སུ་བཅད་པ་སྔགས་དང་ཕྱག་རྒྱ་དང་བཅས་པས་དབུལ། འདོད་ཡོན་རྣམ་པ་ལྔའི་རྫས་གྲུབ་ན་དངོས་སུ་བཟུང་བའམ། དབྱིབས་སུ་བྲིས་པ་དབུལ་ཞིང༌། རྒྱལ་བ་ཟག་མེད་འབྱོར་ལ་དབང་བསྒྱུར་ཡང༌། །འགྲོ་བའི་དོན་སླད་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་ཞེས་བརྗོད་དོ། །རིན་པོ་ཆེ་སྣ་བདུན་དབུལ་ཞིང༌། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བརྗོད། མཎྜལ་ཚོམ་བུ་བདུན་པའམ། སོ་བདུན་མ་སོགས་ལག་ལེན་ལྟར་དགོད་ཅིང༌། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བུདྡྷ་ཀྵེ་ཏྲ་བི་ཤུདྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་དོ། །བསྟོད་པས་མངའ་དབུལ་བའི་ཕྱིར། དབྱངས་སྙན་པོ་དང་བཅས་རྡོ་རྗེ་དྲིལ་བུ་འཛིན་པས། འགྲོ་བ་རྒྱུད་ལྔ་སོགས་གོང་ནས་འབྱུང་བས་བསྟོད། དེ་ནས་བརྟན་པར་བཞུགས་སུ་གསོལ་བའི་ཕྱིར། ཐལ་མོ་འདུད་པའི་རྒྱས་གོང་དུ་མངོན་པར་བསྔགས་པའི་མེ་ཏོག་ཐོགས་ཏེ། ལྷ་དེ་ཉིད་ཀྱི་སྔགས་སམ་ཡི་གེ་བརྒྱ་པ་བཟླས་པ་སྔོན་དུ་འགྲོ་བས།

p. 456

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རྡོ་རྗེ་སློབ་དཔོན་བདག་གིས་དཀོན་མཆོག་གི་རྟེན་འདི་རྣམས་ལ་རབ་ཏུ་གནས་པ་བགྱིས་པའི་མཐུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རྣམ་པར་བཞུགས་པའི། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་འཁོར་བ་ཇི་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་ནས། སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང༌། བྱེ་བྲག་ཏུའང་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ། ཡེ་ཤེས་པ་ཐམས་ཅད་རྟེན་འདི་རྣམས་ལ་བརྟན་པར་བཞུགས་ནས་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས་གནས་དམ་པར་མཛད་ཅིང༌། ཡོན་གྱི་བདག་པོས་གཙོར་བྱས་པ་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང༌། ཡེ་དྷརྨཱ་བཅས་ལན་གསུམ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སྲུང་འཁོར་ལ་ནི་བྱེ་བྲག་ཏུའང་རྟེན་འབྲེལ་སྲུང་བའི་འཁོར་ལོ་འདི་ལ་བརྟན་པར་བཞུགས་ནས་འཆང་བ་པོ་ལ་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་དུ་གསོལ་ཞེས་བསྒྱུར། སློབ་དཔོན་གྱིས་རྟེན་གྱི་སྤྱི་བོར་རྡོ་རྗེས་གཏུགས་པའམ་གཏུག་པར་མོས་ནས། ཨོཾ་ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བཞུགས་པར་བསམ་ཞིང༌། སྐུ་རྟེན་ལ་རྣམ་སྣང་འོད་དུ་ཞུ་བ་ལས་རྟེན་སོ་སོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། ལྷ་ཁང་དང༌། མཆོད་རྟེན་ཡིན་ན། རྣམ་སྣང་འོད་དུ་ཞུ་བ་ལས་ལྷ་ཁང་ངམ། མཆོད་རྟེན་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་པ་ཅན་གྱི་ནང་དུ་རྣམ་སྣང་ལ་སོགས་པའི་རིགས་ལྔ་ལ་སོགས་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་དང་བཅས་པར་གྱུར། གསུང་རྟེན་ལ།

p. 457

འོད་དཔག་མེད་ཞུ་བ་ལས་ལུང་དང་རྟོགས་པའི་ཆོས་དཀོན་མཆོག་གི་རང་བཞིན་གླེགས་བམ་གྱི་གཟུགས་སུ་གྱུར། ཐུགས་རྟེན་ལ། མི་བསྐྱོད་པ་ཞུ་བ་ལས་ཕྱག་མཚན་སོ་སོའི་རྣམ་པར་གྱུར། ཅེས་སོ་སོར་སྦྱར་བའམ། བསྡུ་ན། བསྐྱེད་པའི་ལྷ་རྣམས་འོད་དུ་ཞུ་བ་ལས་རྟེན་སོ་སོའི་རྣམ་པ་ཇི་ལྟ་བར་གྱུར། ཅེས་བརྗོད་ཀྱང་རུང༌། དཀྱིལ་ཐང་ནི་སྐུ་རྟེན་གྱི་ཞར་ལ་དམིགས་པ་ཙམ་གྱིས་འཐུས་ཤིང༌། འཁོར་ལོ་སོགས་ཐོར་བུ་གཞན་ནི་རྣམ་པ་དེ་ཀ་ལས་བསྒྱུར་མི་དགོས་སོ། །སླར་ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། ལྷ་སྐུ་རྣམས་ལ་སོ་སོའི་སྒོས་བསྟོད་ཤེས་ན་ཤློ་ཀ་རེ་རེས་བསྟོད། མི་ཤེས་ན་ཐུན་མོང་དུ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་བླ་མ་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །ཞེས་ཡི་དམ་དང༌། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཞེས་སངས་རྒྱས་རྣམས་ལ་སྤྱིར་བསྟོད། ཆོས་ལ། དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །ཞེས་དང༌། བྱང་སེམས་དང་ཉན་རང་སོགས་དགེ་འདུན་དཀོན་མཆོག་གི་སྣང་བརྙན་ལ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །

p. 458

བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དང༌། མཆོད་རྟེན་ལ། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྣ་ཚོགས་རིན་ཆེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །ཞེས་དང༌། ལྷ་ཁང་དང་མཆོད་རྟེན་གྱི་ནང་གི་རིགས་ལྔ་སོགས་ལ། ཆོས་སྐུ་ནམ་མཁའ་སོགས་དང༌། སྒོས་བསྟོད་མི་ཤེས་པ་རྣམས་ལ་ཐུན་མོང་དུ། མཉམ་ཉིད་མི་གཡོ་སོགས་སམ། མི་ཤེས་ན་གོང་ལྟར་འགྲོ་བ་རྒྱུད་ལྔ་སོགས་ཀྱིས་བསྟོད་དོ། །གཏོར་མ་ཆབ་ཀྱིས་བྲན་ལ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ལྷ་རྫས་ལས་གྲུབ་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཏོར་མ་དང་པོ་རབ་ཏུ་གནས་པ་བྱས་པའི་རྟེན་དེ་ཉིད་ཀྱིས་གཙོར་བྱས་པའི་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལ་ཨ་ཀཱ་རོ་ལན་གསུམ་ཕྱག་རྒྱ་དང་བཅས་པས་ཕུལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ནས་ཤབྡའི་བར་གྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་གཉིས་པ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་རླབས་དྲན་ཙམ་བྱས་ལ། སྙིང་གའི་ས་བོན་གྱི་འོད་ཀྱིས་རང་ངམ་ཡོན་བདག་གང་ལ་མོས་པའི་ཆོས་སྐྱོང་འཁོར་བཅས་སྤྱན་དྲངས་ལ། སོ་སོའི་གཏོར་སྔགས་ཀྱིས་གཏོར་མ་འབུལ་ཞིང་མཆོད་བསྟོད་བྱ་བའམ། སྤྱི་ཙམ་ལ། རང་གི་

p. 459

སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་གཏོར་མགྲོན་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་སོགས་ལན་གསུམ་སྔགས་དང་ཕྱག་རྒྱར་བཅས་པས་གཏོར་མ་དབུལ། རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྲུང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཀུན་འགྲུབ་ཤོག ཅེས་ཕྲིན་ལས་བཅོལ། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པས་རྟེན་འདི་རྣམས་ཇི་སྲིད་གནས་ཀྱི་བར་དུ་སྲུང་མར་མཛོད་ཅིག་ཅེས་བཀའ་བསྒོ་བར་བྱའོ། །དེ་ནས་གཏོར་མ་གསུམ་ནི་ཆ་གསུམ་གྱི་ཆོ་གས་བཏང་ལ། དྲུག་པ་ནི། གཞི་བདག་ལ་དབུལ་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་དབུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཀུན་འགྲུབ་ཤོག་གི་བར་གྱིས་ཕྲིན་ལས་བཅོལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་བཀྲ་ཤིས་ཀྱིས་མངའ་དབུལ་བའི་ཕྱིར། ཚོགས་པ་ཐམས་ཅད་ཀྱིས་མེ་ཏོག་བཟུང་ལ། རྟེན་འབྲེལ་སྙིང་པོ་གང་མང་བརྗོད་པའི་མཐར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་

p. 460

གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་གདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་པ་ཙམ་མམ་སྤྲོ་ན་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་སོགས་ཀྱང་བརྗོད་མཐར། བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག འཇིག་རྟེན་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པ་དང་རོལ་མོའི་སྒྲ་ཡང་བྱའོ།། ༈ །འཐོར་ནས་དགོས་ན་སྐབས་འདིའམ། གོང་གི་བརྟན་བཞུགས་ཀྱི་རྗེས་གང་བདེར་བྱ། དེ་ཡང་ལྷ་ཁང་སོ་སོར་སླེབ་འཕྲལ། སུམྦྷ་སོགས་དང༌། སརྦ་བི་གྷྣཱན་སོགས་བརྗོད་ཅིང་ཡུངས་ཀར་འཐོར། གུ་གུལ་བདུག ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་སོགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ་སོགས་རྒྱས་བསྡུས་ཇི་ལྟར་རིགས་པས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི། བརྟན་བཞུགས་དཀྱུས་སུ་གསལ་བ་ལྟར་རམ། སྤྱི་འགྲོའི་ཚིག་ལྷུག་པའམ་ཚིགས་བཅད་གང་རིགས་ཚར་གསུམ་རེ་འདོན་ཞིང་མེ་ཏོག་འཐོར། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་འཐོར་ཞིང་རོལ་མོ་དང་བཅས་གནས་སོ་སོར་ཕེབས་ནས་

p. 461

རང་གནས་སུ་འཁོར་བ་དང༌། སྤྲོ་ན་སླར་ཡང་བརྟན་བཞུགས་དང༌། བཀྲ་ཤིས་གང་རིགས་བརྗོད་པར་བྱའོ།། ༈ །དེ་ནས་ཡོན་བདག་བསྒོ་བ་ནི། སྦྱིན་བདག་གིས་བླ་མ་ཡོན་གྱིས་མཉེས་པར་བྱས་ནས། རྟེན་དང་སློབ་དཔོན་གྱི་བར་དུ་སྟན་བཟང་པོ་ལ་གོས་རྒྱན་གཟབ་འཕྱོར་དང་བཅས་ཐལ་སྦྱོར་གྱིས་མེ་ཏོག་བཟུང་ནས་གུས་པའི་ཚུལ་གྱིས་འཁོད་པའི་མདུན་དུ་བླ་མ་བཞེངས་ཤིང་ཡོན་གྱི་བདག་པོ་ལ་འདི་སྐད་ཅེས་གདམས་པར་བྱ་སྟེ། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱི། ཁྱོད་ཀྱིས་རྟེན་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པས་རྒྱུན་མི་ཆད་པར་མཆོད་པར་གྱིས་ཤིག ཅེས་མཆོད་པར་བསྒོ་ཞིང་གདན་ལ་བཞུགས། རྟེན་གྱི་དྲུང་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཅི་འབྱོར་བཤམས་པ་བསང་སྦྱངས་བྱིན་གྱིས་བརླབ། འཇིག་རྟེན་ཁམས་ནི་སོགས་སམ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཏེ། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། འགྲོ་བ་རྒྱུད་ལྔ་སོགས་རྒྱས་བསྡུས་ཇི་ལྟར་རིགས་པས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཆོ་

p. 462

གའི་ལྷག་ཆད་ཁ་བསྐངས་ལ། སློབ་དཔོན་གྱིས་སྤྲོ་ན་ཡོན་བཤད་ཀྱིས་མཚམས་སྦྱར་བའམ། གང་ལྟར་ཡང་སྤྱི་སྒེར་གྱི་བསྔོ་བ་རྒྱས་བསྡུས་ཅི་རིགས་པས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་སྨོན་ལམ་རྒྱ་ཆེན་པོ་གདབ་ཅིང༌། གཏོར་མའི་མགྲོན་ལས་ཆ་གསུམ་དང་གཞི་བདག་ནི་སོ་སོའི་སྐབས་སུ་གཤེགས་ཟིན་པས། ཆོས་སྐྱོང་གི་རྟེན་ཡོད་ན། འདིར་ནི་རྟེན་དང་སོགས་བརྟན་བཞུགས་དང༌། མེད་ན་དེས་མཚོན་ཏེ་མཆོད་སྦྱིན་གྱི་གནས་སུ་ལྷགས་པའི་མགྲོན་གློ་བུར་ལ་སོགས་པ་རྣམས། ཨོཾ་བཛྲ་མུཿས་གཤེགས་སུ་གསོལ་ལོ། །དེ་ནས་སྡིག་པ་དང་མ་འདྲེས་པའི་ཁ་ཟས་ཁུར་བ་དང་ཤིང་ཏོག་དང་དཀར་གསུམ་ལ་སོགས་པ་ཇི་ལྟར་འབྱོར་པའི་ཕུད་དཀོན་མཆོག་གི་རྟེན་གྱི་དྲུང་དུ་ཕུལ་ལ། ལྷག་མ་དཔོན་སློབ་རྣམས་དང་ཡོན་བདག་ལས་བྱེད་བཅས་ལ་དྲོངས་པའི་དགའ་སྟོན་ལ་ལོངས་སྤྱད་ཅིང༌། སླར་ཡང་ཤིས་པར་བྱ་བའི་སླད་དུ་སྦྱིན་བདག་རྣམས་ལས་བུམ་གྱི་ཆུ་དང་ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྦྱིན་པའི་བདག་པོ་རྣམས་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པའི་སྐུ་ཅན་རེ་རེར་གྱུར་ཅེས་པ་ལྟ་བུས་མཚོན་ཏེ་བདག་བསྐྱེད་གང་ཡིན་དུ་སྐད་ཅིག་གིས་བསྐྱེད་ལ། རང་གི་སྙིང་གའི་ས་བོན་ལས་སོགས་ཀྱིས་ཁྲོ་བོ་སྤྱན་འདྲེན་མཆོད་བསྟོད་བཅས་དང༌། བདེན་བདར་ལན་གསུམ་གྱི་ཚེ། སྦྱིན་བདག་འཁོར་བཅས་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་ཞི་བའི་སེམས་དང་ལྡན་པས་ཞེས་བསྒྱུར། བཀྲ་ཤིས་རྫས་བརྒྱད་ལ་ལས་བུམ་གྱི་ཆུ་འཐོར་ཞིང༌། བསང་སྦྱངས། སྟོང་པའི་ངང་ལས་མྃ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད་སྦྱིན་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་

p. 463

ནམས་དང་དཔལ་འབྱོར་ཐམས་ཅད་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་པས་བྱིན་གྱིས་བརླབས་ནས། སློབ་དཔོན་གྱིས་རེ་རེ་ནས་ཐོགས་ཏེ། ཚིག་ལྷུག་པ་རྣམས་སློབ་དཔོན་གྱིས་བརྗོད། ཚིགས་བཅད་རྣམས་ཐམས་ཅད་ཀྱིས་བརྗོད་ཅིང༌། སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ན། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་རྣམས་དང༌། སྦྱིན་བདག་གིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ལ་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །རྒྱས་བཤད་དེ་བཞིན་འོག་མ་རྣམས་ལའང་ཤེས་པར་བྱས་ལ། སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་སྲུང་གིས་གི་ཝང་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་སྦྱར་ལ། གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུང་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་བ་ན་བཀྲ་ཤིས་པའི་སོགས་དང༌། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དཱུརྦ་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་དང༌། དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཏོག་བིལྦ་ཕྱག་ཏུ་ཕུལ་བ་ན་ཞེས་

p. 464

སོགས་དང༌། བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་པ་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་དང༌། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་སྐར་རྒྱལ་གྱི་བུས་ལི་ཁྲི་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་དང༌། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་དཀར་ཕྱག་ཏུ་ཕུལ་བ་ན་ཞེས་སོགས་དང༌། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག །ཅེས་བརྗོད། རེ་རེའི་མཐར་མཆོད་གཡོག་གིས་མཆོད་ཡོན་ཐམས་ཅད་ལ་འགྲིམ་ཞིང་རྟེན་གྱི་དྲུང་དུ་བསྒྲིག བསྡུ་ན་སྦྱིན་བདག་ལྷར་གསལ་བའི་རྗེས་སུ་སུམྦྷ་སོགས་བརྗོད་ཅིང་བགེགས་

p. 465

བསལ། རྫས་རྣམས་སྣོད་གཅིག་ཏུ་བསྒྲིགས་པ་བྱིན་གྱིས་བརླབས་ནས། མེ་ལོང་ཡེ་ཤེས་སོགས་ཚིགས་བཅད་རྣམས་ཁོ་ན་སྦྲེལ་ཏེ་བརྗོད་པའི་མཐར་རྟེན་གྱི་དྲུང་དུ་འཇོག གང་ལྟར་ཡང་མེ་ཏོག་འཐོར་ཞིང༌། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད་སོགས་མདོ་རྒྱུད་ལས་བྱུང་བའི་ཤིས་པ་བརྗོད་པ་གང་ཤེས་བྱས་ལ་རོལ་མོའི་སྒྲ་སྙན་པར་སྦྱར། སྦྱིན་བདག་རང་གནས་སུ་གྱེས། གལ་ཏེ་སྦྱིན་བདག་བསྒོ་བ་མ་དགོས་ནའང་རྫས་བརྒྱད་བྱིན་རླབས་མན་ཆོ་ག་པ་རྣམས་ཀྱིས་མཛད་པའི་སྲོལ་ཡོད་ཅིང༌། མི་ནུས་ན་བཀྲ་ཤིས་བརྗོད་པ་ཙམ་གྱིས་ཀྱང་འཐུས་སོ།། ༈ །དེ་ནས་དཔོན་སློབ་རྣམས་ཀྱིས་བདག་བསྐྱེད་ཀྱི་མཇུག་གི་བྱ་བ། རང་གི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་རླབས་ཀྱིས་བསྲུང་བས་མཚོན་རང་རང་གི་གཞུང་ལྟར་དང༌། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་སྤྱི་དང༌། བསྟན་པ་རྒྱས་པའི་སྨོན་ལམ་སོགས་གདབ། ཁ་ན་མ་ཐོ་བ་རྣམས་རྟེན་དེ་ཉིད་ལ་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་ཅི་ནུས་སུ་བརྗོད་ནས། ལས་ཀྱི་རྗེས་བསྡུ་ལ་ཆོས་བཞིན་དུ་གནས་པར་བྱའོ།། ༈ །གལ་ཏེ་དངོས་སྟ་ཉིན་གཉིས་མའི་དབང་དུ་བྱེད་ན། ཉིན་དང་པོ་སྟ་གོན་གྱི་སྐབས། གོང་གི་དབང་བསྐུར་བ་གྲུབ་མ་ཐག་མཁྱེན་པར་གསོལ་བར་བྱ་སྟེ། མཆོད་བསྟོད་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས། པུས་མོ་བཙུགས། རྡོར་དྲིལ་སྤོས་དང་བཅས་པ་ཐོགས་ནས། འདི་ཞེས་བྱ་བའི་«་་་་་དམིགས་བསལ་རྟེན་གོང་དུ་བསྐྱེད་པའི་མཚན་ནས་སྨོས་ཤིང༌། སྤྱི་ཙམ་དུ། རྡོ་རྗེ་གསུམ་བདག་བཅོམ་ལྡན་འདས་ཞེས་སྦྱར་བས་རུང༌།» བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་སྤྱན་དབྱེ་བ། །ཀུན་ནས་བྱིན་གྱིས་

p. 466

བརླབ་པའི་ཕྱིར། །རིག་པ་འཛིན་པ་བདག་གིས་ནི། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་པ་དག་གིས། །རབ་གནས་ནངས་པར་བགྱིད་པར་འཚལ། །ཚོགས་པ་ཐམས་ཅད་རབ་གནས་པ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་པས་ལྷ་རྣམས་དགྱེས་བཞིན་དུ་གནང་བར་བྱིན་པར་བསམ། སྤྲོ་ན་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། གང་ལྟར་ཡང༌། ཨོཾ་བཛྲ་མུཿཡེ་ཤེས་པ་རྣམས་སང་ནངས་པར་འབྱོན་བཞེད་བཞིན་པས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། ཨོཾ་བཛྲ་རཀྵ་ཧཾ་ཞེས་པས་སྐུ་གཟུགས་སོགས་བསྲུང་ཞིང་ན་བཟའ་སེར་པོས་ཞལ་དགབ། བདག་བསྐྱེད་ཀྱི་མཇུག་གི་བྱ་བ་དཀྱུས་ལྟར་བྱ། ནངས་པར་ཐོ་རངས་མཆོད་གཏོར་སོགས་གསར་དུ་བཤམས་ནས། རྟེན་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་རྗེས་སྤྱན་དབྱེ་བ་སོགས་གོང་ལྟར་བྱ་བ་གསུངས་སོ། །རྒྱ་ཆེ་བ་ལ་ཚིག་ཉུང་ཞིང༌། །དོན་ཆེ་བ་ལ་ཚེགས་ཆུང་བའི། །ཚུལ་འདི་འཕགས་པས་རྣམ་ཕྱེ་བ། །བདག་གིས་ངག་འདོན་ཕྲེང་བར་སྤེལ། །དགེ་བ་འདི་ཡིས་འགྲོ་ཀུན་ལ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །ཆོས་ཀྱི་རྒྱལ་ཚབ་ཆེན་པོ་རུ། །རབ་ཏུ་གནས་པ་བྱེད་པར་ཤོག །ཅེས་པ་འདི་ནི་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་ལ་ངག་འདོན་རྣམས་ཚིག་སྣ་བསྲིང་ཞིང༌། བརྗོད་བདེ་བའི་ཚུལ་དུ་དགེ་སྦྱོང་རྒྱལ་ཁམས་པ་ངག་དབང་ལེགས་གྲུབ་བམ། ངག་དབང་བློ་གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་ཞེས་བགྱི་བས་མདོ་སྨད་རྫོང་སར་དགོན་དུ་བྲིས་པའོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷཱུ་ཡཱ་ཏ།།«་་་་་སླར་ཡང་རང་གཞན་མང་པོར་སྨན་པའི་བསམ་པ་བཟང་པོས་སོགས་ཁོངས་རྣམས་དཀྱུས་སུ་བཅུག་ཅིང་སྐབས་འགར་གསལ་

p. 467

བྱེད་ཅུང་ཟད་དང་བཅས་བྱ་བྲལ་བ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བཀླགས་པས་གྲུབ་པར་སྡེབས་པ་དགེ།» ༈ །བགྲང་ཕྲེང་སོགས་རྟེན་ཕལ་པ་རབ་ཏུ་གནས་པའི་ཆོ་གའི་ཟིན་བྲིས་སྙིང་པོར་དྲིལ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་ལས་རབ་གནས་ཀྱི་ཆོ་ག་རྒྱས་བསྡུས་ཀུན་ལ་སྦྱར་རུང་གི་ཉེར་མཁོ་འགའ་ཞིག་བཏུས་ཏེ་བྲི་བར་བྱའོ། །དེ་ལ་བགྲང་ཕྲེང་རབ་གནས་ནི། གཞུང་དེར་རིགས་སོ་སོའི་བགྲང་ཕྱེད་འབྱེད་པར་གསུངས་མོད། དེ་འདྲའི་རྣམ་དབྱེ་ཆགས་དཀའ་ན་ལས་འཇམ་པོ་གསུམ་ལ་འོས་པའི་བགྲང་ཕྲེང་བསང་སྦྱངས། སྟོང་པའི་ངང་ལས་མདོ་འཛིན་བཛྲ་སཏྭ་ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེ་ཞུ་བ་ལས་ཞི་བ་ལ་རྣམ་སྣང༌། རྒྱས་པ་ལ་རིན་འབྱུང༌། དབང་ལ་འོད་དཔག་མེད་དུ་བསྐྱེད། དྲག་པོ་ལ་འོས་པའི་ཕྲེང་བ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་སོགས་བརྗོད་པས་རྡོར་སེམས་ཀྱི་ངོ་བོ་ཧཱུྃ་མཛད་ནག་པོ་རྡོ་རྗེ་དང་དྲིལ་བུ་རང་གི་ཕྱག་རྒྱས་ཐུགས་ཀར་འཛིན་པ། ཁྲོ་བོའི་རྒྱན་ཅན་དུ་བསྐྱེད་ལ། དེ་རྣམས་གང་ལའང་ཕྲེང་རྡོག་རྣམས་ནི། རང་གི་ལྷའི་སྙིང་པོ་དང༌། ཨོཾ་མ་ཧཱ་པདྨོ་དྷ་རི་ཎི་ལས་རང་རང་གི་ལྷ་གང་ཡིན་པར་བསྐྱེད། ལྷ་ཡེ་ཤེས་པའི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་འོད་ཟེར་དང་བཅས་པ་བྱུང་ནས་ཐིམ་པར་བསམ། དེ་ནས་ཡེ་ཤེས་པ་གཞུག་པ་སོགས་ཆོ་ག་གང་ལ་བརྟེན་པ་དེའི་ལུགས་བཞིན་བྱ། ཞལ་བསྒྱུར་གྱི་སྐབས། ལྷ་རྣམས་ཞུ་བ་ལས་ཞི་བའི་ལས་ལ་བསྔགས་པའི་བགྲང་ཕྲེང་གི་རྣམ་པར་གྱུར་ཅེས་པ་གཞན་ལའང་འགྲེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་བརྗེད་པའི་གཟུངས་སུ་གྱུར་ཅིག ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་དྷརྨཱཿསུ་སྨྲྀ་

p. 468

ཏེ་སུ་པྲ་ཏིཥྛ་ཨ་པ་ཡེ་ཧཱུྃ་ཞེས་བཟླས་པས་བརྟན་པར་བྱའོ།། ༈ །རིན་པོ་ཆེའི་དབུ་རྒྱན་ལ་སོགས་རྒྱན་ལ་རབ་གནས་བྱེད་ན། བསང་སྦྱངས། སྟོང་པའི་ངང་ལས་ཏྲཱུྃ་ལས་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། སེམས་དཔའི་ཆ་ལུགས་ཅན་དུ་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་སོགས་བྱས་ལ། ཞུ་བ་ལས་རིན་པོ་ཆེའི་རྒྱན་གྱི་རྣམ་པར་གྱུར་ཅེས་བརྗོད།། ༈ །རྒྱལ་མཚན་རབ་གནས་ནི། བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཟླ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཙུག་ལག་ཁང་ངམ་ཁང་བཟང་ལ་ཁྱབ་པའི་སྐུ་རྣམ་པར་སྣང་མཛད་སྤྱི་ལྟར་བསྐྱེད། ཡེ་ཤེས་པ་གཞུག་པ་ནས། མཆོད་བསྟོད་ཀྱི་བར་རྒྱས་བསྡུས་གང་རིགས་བྱས་ལ། གཟུངས་ཐག་བཏགས་པ་བཟུང་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སཱུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མཱ་རོ་བེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏཱི། མཧཱ་ཏེ་ཛ། ནི་རཱ་ཀུ་ལེ། ནི་རཱ་ཝ་ཎེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟེ་ཛྭཱ་ལ་ཛྭཱ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་ལན་བདུན་བཟླས་པའི་མེ་ཏོག་གི་ཕྲེང་བ་དེ་ལ་གདགས། མེ་ཏོག་དཀར་པོའམ། མ་འབྱོར་ན་འབྲས་དང༌། དཱུརྦ་ལ་ཡེ་དྷརྨཱ་བཟླས་ཏེ་གཏོར། རྣམ་སྣང་ཞུ་བ་ལས་རྒྱལ་མཚན་གྱི་རྣམ་པར་གྱུར། ཅེས་དང༌། བརྟན་བཞུགས་ཤིས་བརྗོད་སོགས་བྱའོ།། ༈ །གདུགས་རབ་གནས་ནི། བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་གཙུག་ཏོར་གདུགས་

p. 469

དཀར་ཕྱག་གཉིས་ཀྱིས་གདུགས་དཀར་པོ་འཛིན་པར་བསྐྱེད། ཡེ་ཤེས་པ་གཞུག དབང་བསྐུར་ཞིང་རིགས་བདག་རྣམ་སྣང་གི་རྒྱས་གདབ། མཆོད་བསྟོད་སོགས་བྱས་ལ། ཨོཾ་ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱི་ཨ་ཚཏྟྲ་ཙྪ་མ་ལྀ་སྭཱ་ཧཱ། ཞེས་བརྒྱ་རྩ་བཟླས་ལ་བརྟན་བཞུགས་དང་ཤིས་བརྗོད་སོགས་བྱའོ། །རྔ་ཡབ་དང་སེང་གེའི་རྒྱལ་མཚན་ལ་སོགས་པ་རྒྱལ་མཚན་གྱི་བྱེ་བྲག་མང་པོའི་རབ་གནས་ཀྱང་གསུངས་ནའང་འདིར་མ་བྲིས་སོ།། ༈ །བ་དན་རབ་གནས་ནི་བསང་སྦྱངས། སྟོང་པའི་ངང་ལས་པཱྃ་ལས་བྱུང་བའི་རྡོ་རྗེ་བ་དན་ནག་པོ། གཡས་བ་དན་འཕྱར་བའི་ཚུལ་དུ་འཛིན་ཅིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཉམས་དང་ཆ་ལུགས་ཅན་དུ་བསྐྱེད། ཡེ་ཤེས་པ་གཞུག་པ་དང་རྣམ་སྣང་གི་རྒྱས་གདབ་པ་སོགས་བྱས་ལ་འོད་ཞུ་ཡང་སྔ་མའི་རིགས་འགྲེ། ཨོཾ་ཨཱཿབཛྲ་ཀེ་ཏུ་བཛྲ་པ་དཾ་ཀི་ཨ་དྷི་ཏིཥྛ་པཱྃ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བརྟན་བཞུགས་བྱའོ།། ༈ །མཚེའུ་དང༌། རྫིང་དང༌། ཁྲོན་པ་རབ་ཏུ་གནས་པ་ནི། དེའི་འགྲམ་དུ་རྣམ་སྣང་གཙོ་བོར་གྱུར་པའི་དཀྱིལ་འཁོར་བཞེངས་ཏེ། ཕྱོགས་བཞིའི་གཏོར་མ་བཏང་སྟེ་སྒྲུབ་པར་གསུངས་པ་ལྟར་གྲུབ་ན་ལེགས། འདིར་ཆོ་ག་གཞན་ལ་སྦྱར་ཚེ་ཆུ་དེ་བསང་སྦྱངས། སྟོང་པའི་ངང་ལས་རྣམ་སྣང་དུ་བསྐྱེད། དེ་ཞུ་བ་ལས་བྱུང་བའི་ཆུ་ལྷ་དཀར་པོ་མིའི་གདོང་པ་ཅན་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན་ཕྱག་གཡས་འགྱིང་བ་དང་བཅས་པས་ཨུཏྤ་ལ་སྔོན་པོ་འཛིན་པ། གཡོན་སྦྲུལ་ཞགས་འཛིན་པ། ལྟེ་བ་མན་ཆད་སྦྲུལ་གྱི་རྣམ་པ་ཅན་དུ་བསྐྱེད། དེ་ལ་ཡེ་ཤེས་པ་རྣམ་སྣང་བཅུག་ལ། ཨོཾ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད། ཆོ་ག་

p. 470

ལྷག་མ་རྣམས་གང་ལ་བརྟེན་པའི་དེའི་ལུགས་ལྟར་བྱ། འོད་ཞུའི་སྐབས་སུ། ཆུ་ལྷ་ཞུ་བ་ལས་བྱུང་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ། དབང་ཆེན་གྱི་ས་གཞི་ལ་ཐུག་གི་བར་དུ་ཁྱབ་པ་ཀླུ་ཆེན་པོ་བརྒྱད་བཞུགས་པའི་གནས་སུ་གྱུར་པར་བསམས་ལ། དེའི་དབུས་སུ་མཆོད་སྡོང་གི་ཤིང༌། ཟབས་སུ་ཆུའི་ཉིས་འགྱུར་ཡོད་པ་རྩེ་མོ་ཆུ་ལྷའི་གཟུགས་ཅན་གཟུག མ་འབྱོར་ནའང་ནཱྃ་དགུ་ལས་དབུས་སུ་ཆུ་ལྷ་དཀར་པོ། ཤར་དུ་མཐའ་ཡས་སྔོན་པོ། ལྷོར་པདྨ་དམར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་ནོར་རྒྱས་སེར་པོ། བྱང་ཤར་དུ་པདྨ་ཆེན་པོ་སྔོན་པོ། ཤར་ལྷོར་དུང་སྐྱོང་སེར་པོ། ལྷོ་ནུབ་ཏུ་སྟོབས་ཀྱི་རྒྱུ་ལྗང་གུ། ནུབ་བྱང་དུ་རིགས་ལྡན་དཀར་པོ་རྣམས་བསམས་ལ། ཐམས་ཅད་ཀྱང་སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་པའི་སྤྱི་བོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་བརྒྱན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་སྨད་སྦྲུལ་མཇུག་འཁྱིལ་བ། སྟོད་ལྷའི་ལུས་ཅན་ཐུགས་ཀར་ཐལ་མོ་སྦྱར་བའོ། །ཡེ་ཤེས་པ་གཞུག་པའི་དོད་དུ་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུའི་རྒྱལ་པོ་དགུ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ། གཞན་སྔར་བཞིན་ལ་རྣམ་སྣང་གི་རྒྱས་གདབ། དཀར་གསུམ་དང་ཀླུ་སྨན་གྱིས་སྦགས་པའི་མཆོད་གཏོར་རྒྱ་ཆེན་པོ་བཤམས་ལ་ཀླུ་ཆོག་གང་རུང་གི་སྒོ་ནས་དབུལ། རྟེན་འདི་ཇི་སྲིད་གནས་ཀྱི་བར་དུ་བརྟན་པར་བཞུགས་ནས་སྦྱིན་བདག་གི་དཔལ་དང་ལོངས་སྤྱོད་འཕེལ་བར་མཛད་དུ་གསོལ་ཞེས་སོགས་འདོད་དོན་གསོལ་བ་བཏབ་ལ་མེ་ཏོག་འཐོར་ཞིང་ཤིས་བརྗོད་སོགས་བྱའོ། །འདིའི་སྐབས་ཀྱི་རྣམ་སྣང་གི་དཀྱིལ་འཁོར་དངོས་ནི་སྤྱོད་རྒྱུད་མངོན་བྱང་དང༌། ཡོ་གའི་ཀུན་རིག་ལྟ་བུ། བླ་མེད་སྐབས་སུ་གཙོ་བོ་གོ་འཕོས་པ་ཙམ་གྱིས་ཆོག་

p. 471

པས་ན་ཤིན་ཏུ་མང་ངོ༌། །ཕྱོགས་ཀྱི་གཏོར་མ་ནི་བཟང་པོ་ཡོངས་བཟུང་སོགས་ནས་འབྱུང་བའི་དོན་རྒྱས་པ་འཕགས་པ་རིན་པོ་ཆེའི་གསུང་རབ་ལས་འབྱུང་ཞིང༌། མདོར་བསྡུས་པ་གུར་གྱི་དཀྱིལ་ཆོག་ནས་འབྱུང་ངོ༌།། ༈ །སྐྱེད་མོས་ཚལ་རབ་ཏུ་གནས་པར་འདོད་ན། ཕྱོགས་ཀྱི་གཏོར་མ་བྱིན་ལ་ཚལ་དེའི་ཤིང་རྣམས་བསང་སྦྱངས། ཤིང་གི་གཙོ་བོ་གཅིག་རྣམ་སྣང་དུ་བསྐྱེད། གཞན་འདྲ་བ་ལ་འོད་ཞུའི་སྐབས་སུ། རྣམ་སྣང་ཞུ་བ་ལས་ཤིང་གི་ཚོགས་སུ་གྱུར་པར་བསམས་ལ་མཆོད། འབྲས་བུ་ཟད་མི་ཤེས་པ་དུས་དུས་སུ་སྨིན་པ་དང༌། ཀུན་ལ་ཕན་འདོགས་པའི་དོན་དུ་ཡུན་རིང་དུ་གནས་པར་མཛད་དུ་གསོལ་ཞེས་བརྗོད་དེ། བཀྲ་ཤིས་ཀྱིས་མངའ་གསོལ་ལོ། །གཞུང་འདིར་རིགས་སོ་སོའི་དྲིལ་བུ་རབ་གནས་བྱ་བའི་ཚུལ་ཞིབ་པར་གསུངས་མོད། དེང་སང་གནས་བྱའི་དངོས་པོ་དཀོན་པས་ཕྱག་མཚན་སྤྱི་ཁྱབ་ཀྱི་རབ་གནས་མི་བསྐྱོད་པ་བསྐྱེད་པ་དེས་འཐུས་སོ། །འདི་རྣམས་ཀྱི་གོང་འོག་གི་ཆོ་ག་ཐམས་ཅད་དཀྱིལ་འཁོར་དང་འབྲེལ་བའམ། བདག་བུམ་ཙམ་གང་ལ་བརྟེན་པའི་དེའི་ལུགས་མ་འཆོལ་བར་བྱའོ། །ཞེས་པ་འདི་ནི་ཡོ་གའི་རབ་གནས་བཀྲ་ཤིས་རབ་རྒྱས་ལས་རྒྱུད་སྡེ་ཀུན་ལ་སྦྱར་རུང་གི་ཡན་ལག་ཏུ་ཝཱ་གིནྡྲ་སུ་སིདྡྷས་བཏུས་ཏེ་སྦྱར་བས་སརྦ་དིཀྵུ་མངྒ་ལ་པྲ་པུཥྱ་ཏུ།། ༈ །རྟེན་གསར་རྙིང་ལ་བྱ་བའི་ཨརྒྷའི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། རྟེན་གསར་རྙིང་ལ་བྱ་བའི་ཨརྒྷ་སྟེ་མཆོད་ཡོན་གྱི་ཆོ་ག་ལ་གཉིས། རྟེན་གསར་པ་བཞེངས་པའི་མཆོད་ཡོན་དང༌། རྙིང་པ་གསོ་བའི་མཆོད་ཡོན་གྱི་ཆོ་གའོ། །དང་པོ་ལ་བཞི། གཙུག་ལག་ཁང་ལ་སོགས་པའི་

p. 472

མཆོད་ཡོན་དང༌། དེ་བཞིན་དུ་རྫིང་བུ་ལ་སོགས་པའི་དང༌། སྐུ་གཟུགས་དང༌། པུསྟིའི་མཆོད་ཡོན་གྱི་ཆོ་གའོ། །དང་པོ་ནི། གཙུག་ལག་ཁང་དང༌། མཆོད་རྟེན་དང༌། གཙང་ཁང་བྱུར་བུ་དང༌། ཁང་བཟང་དང༌། དགོན་གནས་གསར་པ་བརྩིག་པར་འདོད་པས། གཟའ་སྐར་ཚེས་གྲངས་བཟང་པོ་འཛོམ་པའི་སྔ་དྲོ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་ས་བརྟག་པའི་ཆོ་ག་རྒྱུད་དང་མན་ངག་ལས་འབྱུང་བ་བཞིན་དུ་བརྟགས་ཏེ། མཚན་ཉིད་དང་ལྡན་པར་ཤེས་ནས་མཆོད་པའི་ཡོ་བྱད་རྣམས་བསག རྒྱན་དང་ཆ་ལུགས་དང་ལྡན་པས་སའི་དབུས་སུ་ས་དང་བ་ལྕི་བསྲེས་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ་དེར་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་དང༌། ཕྱོགས་སྐྱོང་གཏོར་མའམ་ཆ་གསུམ་བཤམ། དེ་ནས་རང་ཉིད་ལྷག་པའི་ལྷ་གང་ཡང་རུང་བའི་བདག་བསྐྱེད་རྒྱས་བསྡུས་ཅི་རིགས་པ་བསྒོམ། བཟླས་པ་དང༌། མཆོད་བསྟོད་རྒྱས་པར་བྱ། ཕྱོགས་སྐྱོང་གཏོར་མའམ་ཆ་གསུམ་ཚང་བར་གཏོང༌། དེ་ནས་པུས་མོ་བཙུགས། ཐལ་མོ་སྦྱར་ཏེ། དྲིའི་མཎྜལ་གྱི་སྟེང་དུ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཐའ་སྐོར་དུ་འཇིག་རྟེན་སྐྱོང་བའི་ཚོགས་ལ་སོགས་པ་མངོན་སུམ་བཞིན་དུ་གསལ་བར་གྱུར་པའི་སྤྱན་སྔར་ས་བསླང་བར་བགྱིའོ་སྙམ་པས་ངག་ཏུ། ཁམས་གསུམ་འདིར་ནི་མགོན་གང་དག །ཆེན་པོས་མཆོད་པ་བཞུགས་རྣམས་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་དང་ནི་ལྷ་མིན་སོགས། །དེ་དང་དེ་ལ་འདི་གསོལ་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ས་ཡི་ཆ་ནི་མཛེས་པ་འདིར། །གཙུག་ལག་ཁང་བཞེངས་འབྱོར་པ་ལ། །ཐོས་བསམ་ལ་སོགས་

p. 473

མཆོག་འཇུག་པས། །ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར། །ཆེ་གེ་བདག་ནི་«་་་་་རིག་པ་འཛིན་པ་བདག་གིས་ནི། །སྦྱིན་བདག་བློ་གྲོས་རྒྱལ་མཚན་གྱི། །ཞེས་པ་ལྟ་བུ་ཁ་བསྒྱུར་བྱ།» ཆེ་གེ་མོའི། །གྲགས་པ་དམ་པ་བྱ་བར་བརྩོན། །གལ་ཏེ་ཁྱོད་ཀྱིས་བཟོད་གནང་ན། །བགྱིད་དེ་གཞན་དུ་མ་ཡིན་ནོ། །རྨི་ལམ་ལ་སོགས་མཚན་མ་ཡིས། །ས་བཟང་འདི་ནི་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད་པར་བྱའོ། །གཙུག་ལག་ཁང་ཞེས་པའི་གནས་སུ་མཆོད་རྟེན་ལ་སོགས་པ་མིང་བརྗེས་ལ་བརྗོད་དོ། །དེ་ནས་རྨི་ལམ་བརྟག་པའི་ཆོ་ག་བྱ་བ་ནི། ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧ་ན་སྭཱ་ཧཱ། ཨི་དནྟ་ལི་སྭཱ་ཧཱ། ཞེས་པའི་སྔགས་འདིས་ལག་གཡོན་པའི་སོར་མོ་རྣམས་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ལ། རང་གི་སྔས་མགོར་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་སྣང་བརྙན་དངོས་སུ་བཤམས་པའམ། ཡིད་ཀྱིས་གསལ་བར་དམིགས་པའི་སྤྱན་སྔར་མཆོད་པ་འབུལ་བ་སྔོན་དུ་འགྲོ་བས་མགོ་ལྷོར་བསྟན་ཅིང་གདོང་ཤར་དུ་ཕྱོགས་ནས་གོས་གཙང་མས་བརྒྱན་ཏེ་ཉལ། རྨི་ལམ་ངན་ན་བདུད་རྩི་འཁྱིལ་པའི་སྔགས་སམ་ཆོས་ཐམས་ཅད་རང་བཞིན་མེད་པར་བདེན་མེད་ཀྱི་སྦྱོང་བའི་རྒྱས་བཏབ་སྟེ། སླར་ཡང་རྨི་ལམ་བརྟག་པ་བྱས་ནས་ལྷ་རྣམས་ཀྱིས་གནང་བའམ་མ་བཀག་པར་ཤེས་ན་བྱ། བཀག་པར་ཤེས་ན་གནས་གཞན་དུ་སྤོ། རྨི་ལམ་བཟང་ན་ཉི་མ་བཟང་པོའི་སྔ་དྲོ་ལ་རྡོ་རྗེ་སེམས་དཔའ་སོགས་རང་གི་ལྷག་པའི་ལྷ་གང་ཡང་རུང་བའི་རྣལ་འབྱོར་རྫོགས་པར་བསྒོམས་ལ། སྐྱིལ་མོ་ཀྲུང་བཅས་ཏེ་ལག་པ་ས་ལ་རེག་ནས་ཨོཾ་བྷཱུ་ཁཾ་ཞེས་པས་ས་གཞི་སྟོང་པར་བསྒོམ། ཧཱུྃ་ལཾ་ཧཱུྃ་གིས་རྡོ་རྗེའི་ས་གཞིར་བསྒོམས་ལ། ཨོཾ་མེ་དི་ནི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ་ཞེས་པས་

p. 474

བྱིན་གྱིས་བརླབ། ས་ལྷའི་མཆོད་པ་བཤམས་པ་བསང་སྦྱངས་བྱིན་རླབས་སྤྱི་ལྟར་བྱ། དེ་ནས་ལག་པ་གཡས་པར་ཟླ་བ་ལ་ཧཱུྃ་གསུམ་བསམས་ལ་ངག་ཏུའང་བརྗོད་ཅིང་སོར་མོའི་རྩེ་མོ་ས་ལ་བསྣུན་པས་དེའི་འོད་ཟེར་དང་ཧཱུྃ་གི་སྒྲས་ས་བསྐུལ་བས་སའི་ལྷ་མོ་སེར་མོ་ཕྱག་གཉིས་ན་གསེར་གྱི་བུམ་པ་དང་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་ཅན། རྒྱན་བཟང་པོས་བརྒྱན་པ་མངོན་དུ་སྣང་བར་གྱུར་པར་མོས་ཏེ། ཨོཾ་པྲྀ་ཐཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་བས་པུཥྤེ་ནས་ཤབྡའི་བར་གྱིས་མཆོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་དཔུང༌། །བཅོམ་ནས་གཙུག་ལག་ཁང་སོགས་བགྱི། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས་གྱིས་ཤིག་ཅེས་གནང་བ་བྱིན་ནས་དེ་ཉིད་དུ་ཐིམ་སྟེ་སའི་ངོ་བོར་གནས་པར་བསམ་མོ། །དེ་ནས་སྤྲོས་པ་དང་འབྲེལ་ན། བདག་བསྐྱེད་ལྷག་པའི་ལྷ་གང་ཡང་རུང་བའི་དཀྱིལ་འཁོར་རྒྱས་པར་བསྒོམས་ཏེ་བཟླས་པ་བསྡུ་བའི་བར་སྔོན་དུ་འགྲོ་བས་སྟངས་སྟབས་རྒྱས་བསྡུས་གང་རུང་གིས་བགེགས་བསང༌། གང་ལྟར་ཡང་བདག་བསྐྱེད་བཟླས་པ་བཅས་ཀྱི་རྗེས་ས་གཞི་སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་རང་རང་གི་གཞུང་ལྟར་བསྐྱེད། དེར་ལྷ་སྟ་གོན་དུ་བཤད་པ་བཞིན་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་དགོད། མཐའ་མཆོད་པས་བསྐོར། ཉེ་ལོགས་གང་བདེར་ཕྱོགས་སྐྱོང་གཏོར་མའང་བཤམ། དཀྱིལ་འཁོར་གྱི་ལྷ་ཡོངས་སུ་རྫོགས་པ་རང་རང་གི་

p. 475

གཞུང་ལྟར་བསྐྱེད་པའི་མཐའ་སྐོར་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཀྱང་བཞུགས་པར་བསམས་ལ། གནས་གསུམ་བྱིན་རླབས་སོགས་ནས་དབང་བསྐུར་རྒྱས་གདབ་ཀྱི་བར་དང༌། མཆོད་བསྟོད་རྣམས་སྟ་གོན་ལྟར་བྱ། ཕྱོགས་སྐྱོང་ལ་གཏོར་མ་ཆ་གསུམ་ལྟར་གཏོང༌། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་གྱུར་པར་བསམས་ལ། གཡས་སྤོས་ཕོར་དང་གཡོན་དྲིལ་བུ་འཛིན་པས། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སྦྱིན་བདག་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་གཙུག་ལག །མགོན་པོ་བདག་ཉིད་བགྱིད་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །རིག་པ་འཛིན་པ་བདག་གིས་ནི། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །གཙུག་ལག་ཁང་ཆེན་བགྱིད་པར་འཚལ། །བདག་དང་སྦྱིན་བདག་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་གནས་ཏེ། །ཚོགས་པ་ཐམས་ཅད་རབ་«་་་་་ཚོགས་པ་ཐམས་ཅད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་རབ་ཏུ་གནས་པ་སྟེ་ཉེ་བར་བཞུགས་པ་རྣམས་ཀྱིས་གཙུག་ལག་ཁང་སོགས་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་པའི་དོན་ཡིན་པས་འདིའི་རབ་གནས་ཞེས་པའི་ཚིག་ལ་ཁ་བསྒྱུར་མི་དགོས།» གནས་པས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས་ནམ་མཁའ་གང་བའི་སངས་རྒྱས་བྱང་སེམས་ལྷ་ཀླུ་གནོད་སྦྱིན་རྣམས་ཀྱིས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམ། དེས་མཚོན་ཏེ་གཙུག་ལག་ཁང་གི་གནས་སུ་མཆོད་རྟེན་སོགས་གང་བཞེངས་པར་བྱ་བའི་མིང་གཞུག དེ་ནས་སྤྲོ་ན་རྣམ་རྒྱལ་གྱི་བུམ་པའམ། མེད་ན་བུམ་པ་གཞན་གྱི་ནང་དུ་ཉ་

p. 476

གསོན་པོ་གཞུག ལས་མི་རྣམས་བགེགས་མཐར་བྱེད་དམ་རྡོ་རྗེ་གནོད་སྦྱིན་ལ་སོགས་པ་ལས་ཐམས་ཅད་པའི་ལྷ་གང་ཡིན་དུ་བསྐྱེད་ལ། དེ་དག་གིས་ཁུང་བུ་གྲུ་བཞི་པ་རྒྱར་ཁྲུ་དོ་པ་ཟབས་སུ་ཁྲུ་གང་པའི་དོང་བརྐོ་བར་བྱའོ། །དེའི་བྱང་ཤར་དུ་དེ་དང་ཚད་མཉམ་པའམ་དེའི་ཕྱེད་ཀྱི་ཚད་ཀྱི་དོང་ཟླུམ་པོ་བརྐོ་བར་བྱའོ། །དེ་གཉིས་ཀ་ས་དང་བའི་ལྕི་བས་བྱུགས་ལ། དེ་ནས་ཁུང་བུ་གྲུ་བཞི་པར་ཨོཾ་ཨཱཿཧྲཱི་པྲ་བ་ར་སཏྐཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་ཞིང༌། མཆོད་ཡོན་གྱི་སྣོད་ཀྱི་མཆོད་ཡོན་དང་རྣམ་རྒྱལ་བུམ་པ་ལ་སོགས་པའི་ཆུ་བླུགས་པས་ཁུང་བུ་གྲུ་བཞི་པ་བཀང་ནས་དེའི་རྒྱུན་གྱིས་ཟླུམ་པོ་ཡང་དགང་བར་བྱའོ། །དེའི་རྗེས་སུ་ཆུ་གཡས་སུ་འཁྱིལ་བར་བལྟ་སྟེ། ཉ་ལྕིབས་དང་ཉ་གསོན་པོ་གཞུག ཤིང་འོ་མ་ཅན་གྱི་འདབ་མ་བཅུག་ལ། རང་ཉིད་ཛྃ་དང་རྡོ་རྗེ་ལས་སྐྱེས་པའི་ཛ་གུ་ལཱི་སེར་མོ་རྩ་ཞལ་སེར་མོ། གཡས་ནག གཡོན་དཀར་བ། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། རིན་པོ་ཆེའི་ཅོན་པན་ཅན། ཕྱག་དྲུག་གི་གཡས་གཉིས་ན་རྡོ་རྗེ་དང་མདའ། གཡོན་གཉིས་ན་གཞུ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། རྩ་ཕྱག་གཉིས་རང་སྣང་གི་ཐབས་ལ་འཁྱུད་པ་སྦྲུལ་གྱི་རྒྱན་གྱིས་བརྒྱན་ཅིང༌། ན་བཟའ་སྣ་ཚོགས་དང་ལྡན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པ། ཉི་མའི་འོད་མངའ་བར་བསྒོམས་ཏེ། ཨོཾ་ཛཱྃ་གུ་ལཱི་སརྦ་བི་ཥ་པྲ་ཤ་མ་ཎི་ཕུ་སྭཱ་ཧཱ། ཞེས་བཟླ་བཞིན་དུ་པད་ཀོར་ལན་ལྔ་བྱས་ཏེ་དབང་ཆེན་གྱི་བར་དུ་བལྟས་པས་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་སྲ་ཞིང་མཁྲེགས་པར་གྱུར་པར་བསམ། ཉ་གསོན་པོ་བཅུག་པ་གནོད་པ་མེད་པའི་གནས་སུ་བདེ་བར་བསྐྱལ་ལོ། །

p. 477

སྲུང་བའི་དོན་དུ་ཕྱོགས་བཅུའམ་བྱང་ཤར་གྱི་ཆར་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་བསམས་ལ། དཀྱིལ་ཆོག་རྣམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ལ་ཕུར་པ་གདབ་པའི་སྔགས་ཀྱིས་སེང་ལྡེང་སོགས་ཕུར་པ་བཅུའམ་གཅིག་གདབ། ཨོཾ་གྷ་གྷ་སོགས་བཟླས་པའི་ཡུངས་ཀར་གྱིས་ཀྱང་བྲབ། ཕུར་པ་རྣམས་རྡོ་ལ་སོགས་པའི་སྒྲོམ་དུ་མི་འགུལ་བར་བཞུགས་སུ་གསོལ། སླར་གཙུག་ལག་ཁང་སོགས་བཞེངས་གྲུབ་པ་ན་ཕུར་བུ་དབྱུང་བའི་ཆོ་གས་དབྱུང༌། ཕུར་བུ་དངོས་སུ་མ་འབྱོར་ན་ཡིད་ཀྱིས་བསམ་ཡང་རུང༌། དེ་ནས་ལྟོ་འཕྱེ་བརྟག་པའི་ཆོ་གས་བརྟགས་ལ། དེའི་མཆན་ཁུང་གི་འོག་གི་ཆ་བརྐོར་རུང་བའི་ཆར་ཐོག་མར་བརྐོས་ལ། དེ་ནས་བརྩམས་ཏེ་གཡས་སྐོར་དུ་འགྲམ་གདིང་བར་བྱའོ། །སྡོང་དུམ་ལ་སོགས་པའི་ས་རོ་ཐམས་ཅད་བསལ་ལ། དེ་བཞིན་གཤེགས་པ་དང༌། གནས་དེའི་གཞི་བདག་དང༌། ཕྱོགས་སྐྱོང་དང་ཞིང་སྐྱོང་བའི་ལྷ། མེའི་ལྷ་རྣམས་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱས་ལ་ཞི་བར་བྱ། གཏོར་མ་དབུལ། དགེ་འདུན་ལ་བསྙེན་བཀུར་དང༌། ལྟས་མོ་པ་རྣམས་ལ་སྟོན་མོ་དང༌། སོ་རྩི་སོགས་ཀྱིས་ཚིམ་པར་བྱ། བླ་མ་ལ་ཡོན་དབུལ། བཟོ་བོ་དང་ལས་བྱེད་པ་རྣམས་མཉེས་པར་བྱའོ། །གཙུག་ལག་ཁང་དང་མཆོད་རྟེན་དང༌། གཙང་ཁང་བྱུར་བུ་དང༌། ཁང་བཟང་དང༌། དགོན་གནས་ལ་སོགས་པའི་མཆོད་ཡོན་གྱི་ཆོ་ག་བསྡུས་པ་སྟེ། རྒྱས་པར་སྤྲོ་ན་དརྦན་ཨཱ་ཙརྻས་མཛད་པའི་ཀྲི་ཡ་ས་མུཙྪར་ཤེས་པར་བྱའོ། །གཉིས་པ་ནི། རྫིང་དང་ཁྲོན་པ་སོགས་བྱེད་འདོད་ན། གཏོར་མ་དང་མཆོད་ཡོན་སོགས་སྔོན་དུ་འགྲོ་བས་སྔར་བཤད་པ་བཞིན་མཆོད་ཡོན་བྱས་

p. 478

ལ། ཨོཾ་བྃ་བཛྲ་བ་རུ་ཎ་ཧཱུྃ་ཞེས་པས་རྡོ་རྗེ་ཆུ་བདག་གི་གཟུགས་ཅན་རྣམ་སྣང་བསྒོམ། དེ་ཡོངས་སུ་གྱུར་པ་ལས་ཀླུ་རིགས་བརྒྱད་ཀྱི་གནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བར་བསམ། ཨོཾ་བཛྲ་སཏྭ་ས་མ་ཡ་སྟྭཾ། ཞེས་བརྗོད་དོ། །གསུམ་པ་ནི། སྐུ་གཟུགས་བཞེངས་པའི་གནས་དེར་མཆོད་གཏོར་དང༌། གང་བཞེངས་པའི་རྒྱུ་སོགས་ལེགས་པར་འདུ་བྱས་ལ། བདག་བསྐྱེད་གང་རུང་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མཎྜལ་གྱི་ཆོ་ག་སོགས་ལས་འབྱུང་བའི་དཀོན་མཆོག་གི་མཆོད་པ་རྒྱས་པའམ། བསྡུ་ན་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱོགས་སྐྱོང་བ་ལ་སོགས་པ་མངོན་སུམ་དུ་བཞུགས་པར་བསམས་ལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང༌། གཏོར་མ་ཆ་གསུམ་གཏོང༌། དེ་ནས་སྐུ་གཟུགས་ཀྱི་རྒྱུ་ཤིང་ངམ། འཇིམ་པའམ། རྡོ་དང༌། རས་ལ་སོགས་པའི་རྫས་གང་ཡིན་པ་རྣམས་ལས་སྔགས་ཀྱིས་བསང་སྦྱངས། སྟོང་པའི་ངང་ལས་བཞེངས་པར་འགྱུར་བའི་ལྷར་ཡན་ལག་བཞི་རྫོགས་ལ་སོགས་པའི་ཆོ་གས་བསྐྱེད། མཆོད་བསྟོད་རྒྱས་པར་བྱ། སྙན་གསན་དབབ་པའི་ཕྱིར་སྤོས་དང་རྡོར་དྲིལ་ཐོགས་ལ། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །ཞེས་སོགས་གོང་དུ་གཙུག་ལག་ཁང་གི་སྐབས་ལྟར་ལ། ཐུགས་རྗེའི་བདག་ཉིད་ཅན་སྐུ་གཟུགས། །ཞེས་དང༌། བདེ་གཤེགས་སྐུ་གཟུགས་བགྱིད་པར་འཚལ། །ཞེས་བསྒྱུར་ལ་གསོལ་བ་བཏབ་པས་གནང་བ་སྩལ་བར་བསམ། ཡི་གེ་བརྒྱ་པས་བརྟན་པར་བྱ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་འཐོར། ལྷ་བཟོ་ཡང་རང་སྡོམ་གསུམ་ལྡན་པའམ།

p. 479

དེ་མིན་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་ཙམ་ལ་གནས་ཤིང་བགེགས་མཐར་བྱེད་ལྟ་བུའི་ལས་ཀྱི་ལྷའི་རྗེས་གནང་ཐོབ་པ་བྱུང་ན་མཆོག་ཏུ་བསྔགས། གང་ལྟར་ཡང༌། སྟན་བཟང་པོ་ལ་འཁོད་པའི་མདུན་དུ་པིར་དང་ཚོན་སོགས་ལག་ཆ་གང་ཡིན་རྣམས་ཀྱང་འབྲུ་དཀར་གྱིས་བཀང་བའི་སྣོད་དུ་བསྟར་ལ་བསང་སྦྱངས། སྟོང་པའི་ངང་ལས་སྐུ་གང་བཞེངས་པར་འགྱུར་བའི་རིགས་བདག་གང་ཡིན་པའམ་བགེགས་མཐར་བྱེད་སོགས་ལས་ཀྱི་ཁྲོ་བོའི་སྐུར་ཡན་ལག་བཞི་རྫོགས་སམ་སྐད་ཅིག་གིས་བསྐྱེད་ལ་གནས་གསུམ་བརླབ། དེའི་ལག་པ་གཉིས་ཀྱི་མཐིལ་དུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལག་པ་ལ་ཐིམ་པས་ལག་པ་གཉིས་རྡོ་རྗེའི་རང་བཞིན་དང༌། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པར་གྱུར། པིར་ལ་སོགས་པ་དེའི་ལག་ཆ་གང་ཡིན་རྣམས་དང༌། ཚོན་«་་་་་ཐིག་དང་ཚོན་རྩི་ལ་སྤྲོ་ན་དཀྱིལ་ཆོག་རྣམས་ལས་གསུངས་པ་ལྟར་ཐིག་ཚོན་བྱིན་རླབས་བྱས་ནས། ཐིག་གདབ་པའམ་ཚོན་གྱི་བྱ་བ་རྫོགས་པ་ན་སོ་སོའི་ཡེ་ཤེས་པ་གཤེགས་སུ་གསོལ་བར་གསུངས་པའང་སྣང་ངོ༌།།» རྩི་ལ་སོགས་པའི་རྫས་ལ་ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་པ་ལྟ་བུ་འཁོར་ལོས་སྒྱུར་བའི་སྔགས་དང༌། ལས་ཐམས་ཅད་པའི་སྔགས་ཉེར་གཅིག་བཟླས་ལ་དེའི་ལག་ཏུ་གཏད་ཅིང་ཡིག་བརྒྱས་བརྟན་པར་བྱ། བཀྲ་ཤིས་བརྗོད། བཟོ་བོ་འཛུགས་སྟོན་གྱིས་མཉེས་པར་བྱ་ཞིང༌། དགེ་འདུན་ལ་སོགས་པ་ལ་བསྙེན་བཀུར་བས་མཚོན་རྒྱབ་རིམ་གྱི་དཔུང་བསྐྱེད། སྔར་རྒྱུ་ལ་བསྒོམས་པའི་ལྷ་ལ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། བསྟོད་པ་གང་ཤེས་ཀྱིས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་བཛྲ་མུཿས་སྤྱན་དྲངས་པའི་ལྷ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མི་དམིགས་པའི་ངང་རྒྱུ་སོ་

p. 480

སོའི་རྣམ་པར་བསམས་ལ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། འདི་ནི་བུ་སྟོན་རིན་པོ་ཆེའི་གསུང་རབ་ཀྱི་དངོས་བསྟན་ལྟར་བཀོད་པ་ཡིན་ལ། དེའང་ཀྲི་ཡ་ས་མུཙྪར། ཐམས་ཅད་དུའང་འདིར་བསྒོམས་པའི་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ་ཞེས་པ་ཙམ་གསུངས་ཤིང༌། བུ་སྟོན་རིན་པོ་ཆེས་སྔར་རྒྱུ་ལས་བསྒོམས་པའི་ལྷ་ལ་མཆོད་བསྟོད་བྱས་ནས་གཤེགས་སུ་གསོལ་ཞེས་དམིགས་བསལ་རྒྱུ་ལས་བསྐྱེད་པའི་ལྷ་ཁོ་ན་གཤེགས་སུ་གསོལ་བར་གསུངས། ཡིག་ཆ་གཞན་འགའ་ལས་བཟོ་བོ་ལ་བསྟིམས་པའི་ཡེ་ཤེས་པའང་གཤེགས་སུ་གསོལ་བར་གསུངས་པ་དང༌། ལ་ལར་རྒྱུའི་ལྷ་གཤེགས་སུ་མི་གསོལ་བར། དེ་འོད་དུ་ཞུ་བ་ལས་རང་གི་རྣམ་པར་མོས་པའང་གསུངས་ཤིང༌། གཞན་ཡང་སྐུ་རྟེན་གྱི་རྒྱུ་དང་བཟོ་བོ་བཅས་སྤྱིར་བཏང་མི་བསྐྱོད་པ་དང༌། མཆོད་རྟེན་གྱི་རྒྱུ་དང་བཟོ་བོ་བཅས་རྣམ་སྣང་དུ་བསྐྱེད་པའང་གསུངས་སོ། །སླར་ཡང་འཇིམ་པ་ལ་སྤྲོ་ན། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་ནས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ནས་འཇིམ་པ་ལ་ཐིམ་པས་འཇིམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ཞིང༌། ལག་པ་གཡོན་པའི་མཐེའུ་ཆུང་བཀུག་པ་མཐེ་བོས་མནན་པ་གན་རྐྱལ་དུ་བཞག་པའི་སྟེང་གཡས་པའང་དེ་བཞིན་དུ་བྱས་པ་ཁ་སྦུབ་ཏུ་བཞག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སཱུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ་དཱནྟེ། ཨ་ས་མཱ་རོ་བེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏཱི། མ་ཧཱ་ཏེ་ཛ། ནི་རཱ་

p. 481

ཀུ་ལེ། ནི་རཱ་ཝ་ཎེ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་འདི་ལན་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབ། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །བཞི་པ་ནི། གནས་གཙང་ཞིང་དབེན་པར་ཡིག་མཁན་གདན་བཟང་པོ་ལ་འཁོད་པའི་མདུན་དུ་ཤོག་བུ་དང༌། སྨྱུ་གུ། སྣག་ཚ་རྣམས་ལེགས་པར་བསྟར། མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་བསང་སྦྱངས་བྱིན་བརླབ། ཡིག་མཁན་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧྲཱིཿལས་སྣང་བ་མཐའ་ཡས་སུ་ཡན་ལག་བཞི་རྫོགས་སོགས་ཀྱི་ཆོ་གས་བསྐྱེད། ཨོཾ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཞེས་པ་ལྟ་བུས་བསྟོད། དེའི་ལག་པ་གཉིས་ཀྱི་སོགས་སྔར་བཞིན་བྱིན་གྱིས་བརླབ། ཤོག་བུ་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ལྔའི་བདག་ཉིད་ཤོག་བུ་རྣམས་ལ་དྷཱིཿཡིག་དམར་སེར་འོད་འབར་བ། དེའི་འོད་ཟེར་གྱིས་གསུང་རྡོ་རྗེའི་ལྷ་ཚོགས་རྣམས་ཡི་གེའི་རྣམ་པར་སྤྱན་དྲངས་ནས་ཤོག་བུ་ལ་ཐིམ་པར་གྱུར་པར་བསམ། སྨྱུ་གུ་དང༌། སྣག་ཚ་ལ། ཨོཾ་བཛྲ་སཏྭ་ཧཱུྃ་དང༌། ལས་སྔགས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབས་ཏེ། སྨྱུ་གུ་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་དང༌། སྣག་ཚ་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་དྷཱིཿཤུ་ཏི་སྨྲྀ་ཏི་བི་ཛཱ་ཡ་སརྦ་ཨཱ་ཛྙཱ་ན་པ་ཊ་ལ་ཨ་པ་ཧཱ་རི་ཎི་ཧྲཱིཿསྭཱ་ཧཱ། ཞེས་ཉེར་གཅིག་སོགས་

p. 482

བཟླས་པས་མངོན་པར་བསྔགས་ནས་ཡིག་མཁན་གྱི་ལག་ཏུ་གཏད་ཅིང༌། སྣག་ཚའི་སྣོད་ཤེས་རབ་ཀྱི་རང་བཞིན་དང༌། སྨྱུ་གུ་ཐབས་ཀྱི་བདག་ཉིད་ཟུང་དུ་འབྲེལ་བས་གང་ཞིག་ཤེས་རབ་དང་ཡེ་ཤེས་རྣམ་པར་འཕྲོ་བས་གང་བྲིས་པ་དེ་རྣམས་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་དུ་ཡོངས་སུ་རྫོགས་པར་གྱུར་པར་བསམ། ཡིག་བརྒྱས་བརྟན་པར་བྱ་ཞིང་བཀྲ་ཤིས་བརྗོད་དོ། །འདི་ལའང་ཀྲི་ཡ་ས་མུཙྪར་བསྒོམས་པའི་ལྷ་གཤེགས་སུ་གསོལ་བར་གསུངས་ནའང༌། བུ་སྟོན་རིན་པོ་ཆེའི་གསུང་རབ་ལས་ནི་གོང་དུ་བཀོད་པ་ཁོ་ན་ལྟར་འབྱུང་ངོ༌། །དེ་ལྟར་ཇི་སྐད་སྨོས་པ་དེ་རྣམས་ནི་ཅུང་ཟད་རྒྱས་པར་བྱ་བའི་ཚུལ་ཡིན་ལ། མདོར་བསྡུས་པ་ནི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། རྟེན་གསར་པ་ལ་ཨརྒྷའི་ཆོ་ག་ནི། གཙུག་ལག་ཁང་དང་མཆོད་རྟེན་ལ་ནི་སའི་ཆོ་ག་རྒྱས་པར་བྱས་ལ། དེའི་རྗེས་ལ་མཎྜལ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། འདིར་གཙུག་ལག་ཁང་ཆེན་པོ་དཀོན་མཆོག་གསུམ་གྱི་རྟེན་བསམ་གྱིས་མི་ཁྱབ་པས་གང་བ་ཞིག་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའམ། མཆོད་རྟེན་ཆེན་པོ་བྱིན་རླབས་དང་ལྡན་པ་ཞིག་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བྱའོ། །པུསྟི་དང་བྲིས་སྐུ་ལ་སོགས་པ་བྱེད་ན་རས་འདུལ་བྱས་པ་དང༌། ཤོག་སྐྱ་ལྟ་བུའི་དྲུང་དུ་མཆོད་པ་དང་གཏོར་མ་བཤམས་ལ། བདག་ལྷའི་ང་རྒྱལ་དང་ལྡན་པར་བྱ། རས་སམ་ཤོག་བུའི་སྟེང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། མཆོད་པས་མཆོད། བྲིས་སྐུ་དང་ཆོས་འདི་ལྟ་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་ལ།

p. 483

མཆོད་པ་དང་གཏོར་མ་བཏང་སྟེ་དེ་བཞིན་གཤེགས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཚོན་དང༌། པིར་དང༌། སྣག་ཚ་དང༌། སྨྱུ་གུ་རྣམས་ལའང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པར་བསམས་ལ་ཡི་དམ་གྱི་ལྷའི་སྔགས་འགའ་བཟླ། ལྷ་བཟོ་དང་ཡིག་མཁན་ཡང་བདུད་རྩི་འཁྱིལ་པ་ལྟ་བུའི་ཁྲོ་བོའི་སྐུར་བསྒོམས་ལ། སྐུ་གསུང་ཐུགས་ཀྱི་གནས་སུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ལ་གཞག་གོ །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་རྟེན་རྙིང་པ་ལ་བྱ་བ་ནི། གྲོང་ཁྱེར་ལ་སོགས་པ་རུ། མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་རྙིང་པ་དང༌། གས་པ་དང༌། མེས་ཚིག་པ་དང༌། ཞིག་པ་ལ་སོགས་པ་ལ་ལྷ་རྣམས་གནས་པས་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཡུལ་ཞིག་ནས་ནགས་སུ་འགྱུར་བ་དང༌། འཁྲུག་པ་དང༌། མུ་གེ་དང༌། གྲོང་སྟོངས་ལ་སོགས་པའི་ཉེས་པ་འབྱུང་བས་ཞིག་པ་གསོ་བར་བྱའོ། །དེ་ལ་རང་ལྷའི་རྣལ་འབྱོར་རྒྱས་བསྡུས་གང་རུང་དང་ལྡན་པས་རྟེན་དེའི་མདུན་དུ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམ། རྟེན་དེ་ཉིད་ཡེ་ཤེས་པ་དངོས་སུ་བསམས་ལ་མཆོད་པ་བསང་སྦྱངས་བྱིན་རླབས་སྤྱི་ལྟར་སྦྱར་ལ་མཆོད་པས་མཆོད། རྟེན་དེ་གང་ལ་གཉེར་གཏད་པའི་སྲུང་མས་གཙོས་སྤྱི་སྒོས་ཀྱི་ཆོས་སྐྱོང་དང་གཞི་བདག་སོགས་ལ་གཏོར་མ་བཏང་ལ། བདག་གིས་སེམས་ཅན་གྱི་དོན་དུ་བདེ་བར་གཤེགས་པའི་རྟེན་སྙིང་པ་སྤོ་བའམ། ཞིག་པ་གསོ་བར་བྱ། དེའི་ཕྱིར་དུ་སང་ནངས་པར་རབ་གནས་སྤོ་སྙམ་དུ་བསམས་ལ། པུས་མོ་བཙུགས་ཤིང་སྤོས་དང་རྡོར་དྲིལ་བཅས། འདི་ཞེས་«་་་་་རྟེན་གང་ཡིན་གྱི་མཚན་ནས་སྨོས་ཏེ་ཐུབ་སྐུ་ལྟ་བུ་ལ། ཤཱཀྱ་སེང་གེ་

p. 484

བཅོམ་ལྡན་འདས། །ཞེས་པ་ལྟ་བུའོ།» བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་ནངས་པར་སྤོ་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །རིག་པ་འཛིན་པ་བདག་གིས་ནི། །རིག་པའི་རྒྱལ་པོ་འདི་«་་་་་ཐུབ་པ་ཆེ་ཞེས་སོགས་བསྒྱུར།» ཞེས་བྱ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ནངས་པར་རབ་གནས་སྤོ་བར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་གནས་ཏེ། །ཚོགས་པ་ཐམས་ཅད་རབ་གནས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་སྙན་གསན་ཕབ་པས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམས་ལ་ཡི་གེ་བརྒྱ་པ་བརྗོད་ཅིང་བདག་བསྐྱེད་ཀྱི་མཇུག་གི་བྱ་བ་རྣམས་དཀྱུས་ལྟར་བྱ། སང་ནངས་པར་རྟེན་གྱི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་བཤམ། དེའི་མདུན་དུ་མེ་ལོང་གཡའ་དག་པ་ཞིག་བརྟན་པར་བཞག་པ་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག་ནས། མཆོད་པ་བསང་སྦྱངས་བྱིན་རླབས་སྔོན་དུ་འགྲོ་བས། རྟེན་རྙིང་པ་ལ་མཆོད་པ་རྒྱས་པར་བྱ། གོང་གི་ཚིགས་བཅད་ལས། ནངས་པར་ཞེས་པའི་གནས་སུ་དེང་འདིར་ཞེས་བསྒྱུར་ལ་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རྟེན་གྱི་ལྷ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལ་ཐིམ་པར་བསམ་ཞིང༌། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དགུག་གཞུག་བཅིང་

p. 485

མཉེས་རྟེན་གྱི་ལྷ་མེ་ལོང་གཟུགས་བརྙན་དང་དབྱེར་མེད་དུ་གྱུར་པར་བསམས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་མཆོད་བསྟོད་བཀྲ་ཤིས་གསོལ་ཏེ། དབུ་ཞབས་མི་ལོག་པའི་མཚན་མ་བྱས་ལ་དར་སེར་པོས་གཡོགས་ལ། རྒྱབ་ཏུ་རྒྱ་བཏབ་ལ་མཆོད་ཁང་དུ་བཞུགས་ལ་མཆོད་པ་དབུལ་ལོ། །བདག་བསྐྱེད་ཀྱི་མཇུག་གི་བྱ་བ་དཀྱུས་ལྟར་བྱ། རྟེན་གསར་པ་ཚར་བ་དང་རབ་གནས་དངོས་གཞིའི་ཚེ་མེ་ལོང་སྤྱན་དྲངས་ལ་མེ་ལོང་ཁ་ཕྱེ་སྟེ། ཡེ་ཤེས་པ་དགུག་གཞུག་བྱེད་པའི་དུས་སུ་མེ་ལོང་ནང་གི་རྟེན་རྙིང་པའི་དམ་ཚིག་པ་ཡེ་ཤེས་པ་དང་བཅས་པ་དེ་སྒོ་བ་བཞིའི་སྔགས་རྒྱས་རྟེན་དམ་ཚིག་པ་ལ་དགུག་གཞུག་བཅིང་མཉེས་བྱ། དེའི་རྗེས་ལ་ཡེ་ཤེས་པ་སྤྱན་དྲངས་པ་ལ་སོགས་པ་རབ་གནས་བཞིན་རྒྱས་པར་བྱའོ། །དེ་ནས་རྟེན་རྙིང་པའི་རྡོའི་རིགས་ཆག་གྲུགས་སུ་གྱུར་པ་རྣམས་ནི་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། དེར་སྐྱེལ་མི་ནུས་ན་རི་མཐོན་པོའི་རྩེ་མོར་ཕྱིན་ལ་དེར་ཁུང་བུ་བརྐོས་ལ་གཞུག་གོ །ཤིང་ཡིན་ན་མར་གྱིས་བརླན་པའི་གོས་ཀྱིས་དཀྲིས་ལ་སྦྱིན་སྲེག་གི་མེ་ལ་བསྲེག་གོ །ཟངས་དང་འཁར་བ་སོགས་ཡིན་ན། རྟེན་གསར་པ་བཞེངས་པའི་རྒྱུའི་གསེབ་ཏུ་བཞུ་ལ་གཏོང་ངོ༌། །ས་ཡིན་ན་གསར་དུ་བཞེངས་པའི་གསེབ་ཏུ་གཏོང༌། གལ་ཏེ་ཐག་རིང་པོར་སྤོ་བ་ཡིན་ན། ཤིང་རྟའི་སྟེང་དུ་གཞག གླང་ཁྱུ་མཆོག་གིས་དྲངས་ལ་བསྐྱལ། དེ་ཙམ་ཡང་མི་ནུས་ན་ཆུ་བོ་ཆེན་པོའི་གཞུང་དུ་གཏོང༌། དེའང་མི་ནུས་ན་དེ་ཉིད་ཀྱི་ཉེ་ལོགས་སུ་ས་གཞན་དང་མ་འདྲེས་པར་མཆོད་རྟེན་བྱས་ནས་རབ་གནས་བྱས་ལ་གཞག་གོ །རྟེན་འདྲེ་ཅན་གྱི་རྒྱུ་ནི་གསར་པར་མི་བསྲེ་བར་དྲག་པོའི་བསྲེག་བླུགས་ཀྱིས་

p. 486

སྦྱངས་ནས་ཐལ་བ་ཆུ་བོ་ཆེན་པོར་དོར་བར་བྱའོ། །དེ་ནི་རྟེན་རྙིང་ནས་ཆག་གྲུགས་སུ་གྱུར་པ་གསོ་བ་ལ། རྟེན་གསར་པ་སྔར་བས་ཚད་མི་ཆུང་ཞིང་རྒྱུ་མི་ཞན་པ་ལ་བྱ་རུང་གི། ཚད་ཆུང་ཞིང་རྒྱུ་ཞན་པ་ལ་ནི་བྱར་མི་རུང་ངོ༌། །རྙིང་པ་མིན་ཡང་ཆུང་བ་ཆེ་རུ་གཏོང་བ་དང༌། རྒྱུ་ངན་པ་བཟང་དུ་གཏོང་བ་ལ་ནི་བྱར་རུང་ངོ༌། །གནས་འོ་བརྒྱལ་བའམ། འཇིག་པའི་ཉེན་དང་བཅས་པ་ནས་འོ་མི་བརྒྱལ་ཞིང་འཇིག་པའི་ཉེན་མེད་སར་སྤོད་པ་དང༌། ཚད་མཉམ་པའམ་ལྷག་པར་བཞེངས་པ་ལ་རུང་གི། རང་གི་འདོད་པའི་ས་ཆ་དེར་མི་མཁོ་བར་ཤེས་པའམ། ནང་གཞུག་སོགས་ལ་རྔམས་པ་དང༌། གྲུབ་མཐའི་ཀུན་སློང་ངན་པས་བཤིག་ནས་སྤོད་པ་ཡིན་ན་ཉེ་བའི་མཚམས་མེད་དུ་འགྱུར་བས་རྣམ་པ་ཐམས་ཅད་དུ་མི་རུང་ངོ༌། །སློབ་དཔོན་ཨ་བྷཱ་ཡས་ནི་རྟེན་རྙིང་པའི་ཡེ་ཤེས་པ་ལ་མཆོད་བསྟོད་བྱས། ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་བཏང་ནས། རྟེན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བར་འདོད་དོ། །འདི་རྣམས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་གསུང་རབ་ལས་འབྱུང་བའི་དོན་ཅུང་ཟད་གསལ་བར་བཀོད་པ་ཡིན་ལ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། དེའང་རྟེན་དེའི་སྤྱན་སྔར་གཏོར་མ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ལ་བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ནས། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་དོ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བར་གཤེགས་པའི་རྟེན་རྙིང་པ་སྤོ་བའམ་གསོ་བར་འཚལ་ཞིང༌། དེའང་སང་ནངས་པར་བགྱིད་པར་འཚལ་ལོ། །ཞེས་གསོལ་བ་གདབ། དེ་བཞིན་དུ་ཆོས་སྐྱོང་སྲུང་མ་རྣམས་ལའང་གཏོར་མ་བཏང་ལ་གསོལ་བ་གདབ། ཡང་སང་ནངས་པར་རྟེན་

p. 487

གྱི་སྤྱན་སྔར་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་བཤམས་ལ། བདག་གི་རྣལ་འབྱོར་རྫོགས་པར་བྱས་ཏེ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་དེ་སྔ་མ་བཞིན་དུ་བརྗོད། སང་ནངས་པར་ཞེས་པའི་སྐབས་སུ་ད་ནི་རབ་གནས་སྤོ་བར་འཚལ་ཞེས་པ་གཞུག དེ་ནས་མེ་ལོང་གཡའ་ཡོངས་སུ་དག་པ་ཞིག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག་ལ་གང་ཟག་ཁྱད་པར་ཅན་གྱིས་བྱས་པའི་རྟེན་ཡང་མེ་ལོང་གི་ནང་དུ་སྤྱན་དྲངས་པ་ལ་བཞུགས་སུ་བཅུག དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་སེམས་དཔའ་བཅུག་ལ་མེ་ལོང་གི་ནང་དུ་གཞུག དེ་ཅིའི་ཕྱིར་ཞེ་ན། རྟེན་དེ་བདེན་ན་མེ་ལོང་གི་འདིའང་བདེན། མེ་ལོང་གི་མི་བདེན་ན་རྟེན་འདིའང་མི་བདེན་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མའམ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསུངས་པའི་ཕྱིར་རོ། །དེ་ནས་མེ་ལོང་གི་རྟེན་དེ་ལ་མཆོད་བསྟོད་བསྡུས་པ་ཙམ་ཞིག་བྱས་ལ། སྟེང་འོག་མི་འཁྲུལ་བའི་མཚན་མ་བྱས་ཏེ་དར་སེར་པོ་སོགས་ཀྱིས་གཡོགས་ལ་རྒྱབ་ངོས་སུ་རྒྱ་བཏབ་ལ། རྟེན་གསར་པ་ཚར་ནས་རབ་གནས་བྱེད་བྱེད་དུ་ཁ་མི་དབྱེ་བར་མཆོད་པ་བཟང་སར་བཞུགས་སུ་བཅུག ཅེས་གསུངས་ཤིང༌། རྟེན་རྙིང་པ་ཇི་ལྟར་བྱ་བ་དང༌། གསར་པ་གྲུབ་པའི་ཚེ་མེ་ལོང་གི་རྟེན་དེ་ལ་གཞུག་པ་སོགས་གོང་དུ་བཤད་མ་ཐག་པ་དང་འདྲ་བར་གསུངས། དེ་ལ་ཀུན་མཁྱེན་བསོད་ནམས་སེང་གེས་གསལ་བྱེད་མཛད་པར། རྟེན་གྱི་དྲུང་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། གཏོར་མ་གཅིག་བཤམ། རང་ཡི་དམ་གང་འདོད་ཀྱི་བསྒོམ་བཟླས་རྫོགས་པར་བྱ། མཆོད་པ་བསང་སྦྱངས་བྱིན་བརླབ། ཚིགས་བཅད་གང་ཡང་རུང་བས་མཆོད། རྟེན་དེ་ཉིད་ཀྱི་བསྟོད་པའམ།

p. 488

སྤྱི་བསྟོད་གང་རིགས་ཀྱིས་བསྟོད། གཏོར་མ་བསང་སྦྱངས་བྱིན་བརླབ། ཨ་ཀཱ་རོས་ཆོས་སྐྱོང་ལ་དབུལ། བདག་གིས་སེམས་ཅན་ཐམས་ཅད་སོགས་གོང་ལྟར་སྙན་གསན་དབབ་པ་ནི་སྦྱོར་བ་དང༌། དངོས་གཞིའི་སྐབས་སྙན་གསན་དབབ་པ་ཡན་སྔར་ལྟར་རྗེས་མེ་ལོང་ལ་གཟུགས་བརྙན་འཆར་བ་ལ་ཡིད་གཏད་དེ། རྟེན་འདི་གང་ཟག་ཁྱད་པར་ཅན་གྱིས་རབ་གནས་བྱས་པ་ཡིན་ཡང་མེ་ལོང་གི་གཟུགས་བརྙན་ལ་སྤོར་རུང་སྟེ། ཅིའི་ཕྱིར་ཞེ་ན། རྟེན་འདི་བདེན་ན་སོགས་གང་ལྟར་བསམ། དེ་ནས་མེ་ལོང་ནང་གི་གཟུགས་བརྙན་ལ་དམིགས་ཏེ་རྟེན་དམ་ཚིག་པར་བསྐྱེད། པུསྟི་སོགས་ལ་དང་པོའི་བསྒྱུར་གཞི་གང་ཡིན་དེ་བསྐྱེད། གནས་གསུམ་བྱིན་བརླབ། རྟེན་རྙིང་པའི་ཡེ་ཤེས་པ་གཞུག མཆོད་བསྟོད་བསྡུས་པ་བྱས་ནས་རྒྱས་གདབ་པ་སོགས་གོང་ལྟར་གསུངས་སོ། །འདི་ལ་འགའ་ཞིག་གིས་རྟེན་རྙིང་པའི་ཡེ་ཤེས་པ་མེ་ལོང་གི་གཟུགས་བརྙན་ལ་བསྟིམ་དགོས་པར་མ་ཟད། དམ་ཚིག་པའང་བསྟིམ་དགོས་ཏེ། དམ་ཚིག་གི་རྟེན་དེ་གཞིག་དགོས་པའི་ཕྱིར་གསུངས་ཀྱང༌། རྟེན་གྱི་དམ་ཚིག་པ་དང༌། མེ་ལོང་གི་གཟུགས་བརྙན་དབྱེར་མེད་དུ་ཤེས་པའི་ཆོས་ཉིད་ལ་བློ་བཞག་པས་སྐྱོན་དུ་མི་འགྱུར་བར་སེམས་སོ། །དེ་ལྟར་རྟེན་གསར་རྙིང་ལ་བྱ་བའི་ཆོ་ག་འདི་རྣམས་ལ། ཀྲི་ཡ་ས་མུཙྪའི་འགྱུར་དང༌། བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཨརྒྷ་སྟེ་མཆོད་ཡོན་གྱི་ཆོ་ག་ཞེས་གསུངས་པ་ནི་ལྷག་པའི་ལྷ་ལ་མཆོད་ཡོན་སྔོན་དུ་འགྲོ་བས་སྙན་གསན་དབབ་པའི་ཆོ་ག་ཡིན་པས་དེ་སྐད་ཅེས་བྱ། ཡང་རྒྱ་བོད་ཀྱི་དཔེ་འགའ་ཞིག་ལ་ཨརྐའི་ཆོ་ག་ཞེས་འབྱུང་བ་ནི། སྒྲ་དེ་རིན་ཐང་ཅན་ལ་འཇུག་པས། འཇིམ་པ་སོགས་ཀྱི་རྒྱུ་དམན་པ་

p. 489

ལས་བདེ་བར་གཤེགས་པའི་སྣང་བརྙན་འཇིག་རྟེན་གསུམ་གྱི་མཆོད་སྡོང་དཔེ་ཟླ་མེད་པའི་རིན་ཐང་ཅན་དུ་བསྒྲུབ་པའི་ཆེད་གནང་བ་ཞུ་བའི་ཆོ་གའམ། རྟེན་རྙིང་པ་ཞིག་རལ་ཅན་སོགས་གསར་པ་ཁྱད་པར་འཕགས་པར་བསྐྲུན་པའི་ཆེད་གནང་བ་ཞུ་བའི་ཆོ་ག་ཞེས་བཏགས་པར་སེམས་སོ། །ཞར་བྱུང་གཙུག་ལག་ཁང་སོགས་རྒྱ་ཆེན་པོ་བཞེངས་པའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་ཐུན་ཅུང་ཟད་འབྲི་ན། ཐོག་མར་ཤིང་གཅོད་པའི་སྐབས་ཀྱི་ཆོ་ག་ནི། སློབ་དཔོན་ཤིང་བཟོ་དང་བཅས་གཟའ་སྐར་དུས་ཚོད་བཟང་བའི་སྔ་དྲོ་ནགས་ཚལ་དུ་ཕྱིན། རང་ཉིད་བགེགས་མཐར་བྱེད་ཀྱི་བསྒོམས་བཟླས་སྔོན་དུ་འགྲོ་བས་ཤིང་མཁན་ལས་བྱེད་དང་བཅས་པའང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་ཞིང་ཁ་ཤར་རམ་བྱང་དུ་ཕྱོགས་པས་ཤིང་ལ་བརྟག་པར་བྱ་སྟེ། ས་གཞི་བཟང་པོར་སྐྱེས་ཤིང་མདོག་ལེགས་ཤིང་སྣུམ་པ། དྲང་ཞིང་མཁྲེགས་པ། མེ་ཏོག་དང་འབྲས་བུ་དང་དྲི་ཞིམ་པོས་བརྒྱན་ཅིང་ཡལ་ག་རྒྱས་པ་སོགས་བླང་བར་བྱ་ལ། ཡལ་ག་ཡོངས་སུ་མ་རྫོགས་པའི་ལྕུག་ཕྲན་དང༌། འཁྱོགས་པ་དང༌། རྒས་པ་དང༌། སྐམ་པ་དང༌། གཅིག་པུར་སྐྱེས་པ་དང༌། ཡལ་ག་ཆག་པ་དང༌། གས་པ་དང༌། མེས་ཚིག་པ་དང༌། འདབ་མ་སྙིལ་བ་དང༌། དུར་ཁྲོད་དང་ཁུང་བུ་དང་ལྷའི་གནས་དང་ལམ་གྱིས་མདོ་དང་མི་གཙང་བའི་ཡུལ་དུ་སྐྱེས་པ་དང༌། མཚེའུ་དང༌། ཆུ་ཀླུང་གི་ངོགས་སུ་སྐྱེས་པ་དང༌། བྱ་དང་སྦྲུལ་གྱིས་ཚང་བཅས་པ་དང༌། ཐོག་གིས་བཅག་པ་སོགས་ནི་སྤང་བར་བྱའོ། །དེ་ལྟར་ལེགས་པར་བརྟགས་ནས། ཇི་ལྟར་འོས་པའི་སར་མཆོད་པ་དང༌། གཏོར་མ་བཤམ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་

p. 490

མཁའ་ཁྱབ་ཏུ་བཞུགས་པར་བསམས་ལ་ཕྱག་འཚལ་ཞིང༌། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བས་གཙུག་ལག་ཁང་ལ་སོགས་པའི་ཆེད་དུ་ཕྱོགས་འདི་ཉིད་སྒྲུབ་པར་བྱེད་ན་བདག་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཡོངས་སུ་སྤེལ་བའི་སླད་དུ་གནང་བར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། རིག་པ་འཛིན་པ་ཁྱོད་གཞན་གྱི་དོན་ལ་སྤྲོ་བས་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམ། དེ་ནས་གྲུབ་ན་ཕྱོགས་བཞིའི་གཏོར་མའམ། མ་གྲུབ་ན་ཆ་གསུམ་སྤྱི་ལྟར་གཏོང༌། འདོད་གསོལ་སྐབས། ས་ཕྱོགས་འདིར་གནས་པའི་ཕྱོགས་སྐྱོང་དང༌། འབྱུང་པོ་དང༌། ནགས་ཚལ་གྱི་ལྷ་ལ་སོགས་པ་ཐམས་ཅད་ཀྱིས་བདག་རྡོ་རྗེ་འཛིན་པ་འདི་ཞེས་བྱ་བས་བསོད་ནམས་ཀྱི་སླད་དུ་གཙུག་ལག་ཁང་ལ་སོགས་པ་བཞེངས་པའི་ཕྱིར་ཤིང་བསླང་ན་དགའ་བ་དང༌། དྭང་བ་དང༌། གུས་པའི་བསམ་པས་སྦྱིན་པར་གྱིས་ཤིག་ཅེས་བརྗོད། བཟོ་བོ་སོགས་དགའ་སྟོན་གྱིས་ཚིམ་པར་བྱ་ཞིང༌། བདག་བསྐྱེད་བསྡུས་ཏེ་ཉལ་བའི་རྣལ་འབྱོར་དང་ལྡན་པས་རྨི་ལམ་བརྟག་ནས་ངན་ན་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཟློག་ཅིང༌། དེས་ཀྱང་མ་བཟློག་ན་གཞན་དུ་སྤོ། གནང་བའམ་བཀག་པའི་མཚན་མ་ཐོབ་ན་ཇི་ལྟར་རིགས་པར་ལོངས་སྤྱད་པར་བྱ་སྟེ། ནགས་ཚལ་གྱི་མདུན་དུ་མཆོད་གཏོར་བཤམ། རྣམ་སྣང་སོགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས་ཤིང་གི་རིགས་སོ་སོའི་དབྱེ་བས་དེ་ལ་གནས་པའི་མ་མོ་དང་ཞིང་སྐྱོང་རྣམས་སོ་སོར་གཏོར་མ་

p. 491

འབུལ་བར་གསུངས་ཀྱང་དེ་འདྲའི་རྣམ་དབྱེ་ཆགས་དཀའ་ན། གདན་བཞི་ལས་གསུངས་པའི་གཏོར་ཆེན་ནམ། གུར་གྱི་ཕྱོགས་བཞི་གཏོར་མའམ། བདེ་མཆོག་སོགས་ལས་འབྱུང་བའི་མཁའ་འགྲོ་སྤྱི་གཏོར་བསྡུས་པ་བཏང་བའི་རྗེས། གཙུག་ལག་ཁང་སོགས་རྒྱུ་རུ་ནི། །དེ་རིང་ཤིང་གཅོད་བདག་སྤྲོ་བས། །ཁྱེད་རྣམས་ད་ནི་བཟོད་མཛད་ནས། །ཤིང་གཞན་ལ་ནི་གནས་པར་མཛོད། །ཅེས་ལན་གསུམ་གྱིས་འདོད་དོན་གསོལ་བས། རིག་པ་འཛིན་པ་ཁྱོད་ཅི་བདེ་བར་ལོངས་སྤྱོད་ཅིག་ཅེས་དགྱེས་བཞིན་དུ་གནང་བ་བྱིན་ནས་གཅད་བྱ་མ་ཡིན་པའི་ཤིང་གཞན་ལ་གནས་བཅས་ཏེ་སོང་བར་བསམ། སླར་ཡང་དེ་ལ་དམིགས་ཏེ་མཆོད་བསྟོད་གཏོར་མ་དབུལ། ཤིང་གཅོད་པ་པོ་བགེགས་མཐར་བྱེད་དུ་བསྐྱེད་ལ་ཁ་ཟས་བཟང་པོས་ཚིམ་པར་བྱས་ཏེ། སྟྭ་རེའི་སོ་ལ་ལས་སྔགས་ཀྱིས་བསྔགས་པའི་སྦྲང་རྩི་བྱུགས་ཏེ་ལག་གཡས་སུ་གཏོད་ནས། དགེ་བའི་ཡིད་ཀྱིས་ཤར་དང་བྱང་དུ་ཕྱོགས་པས་ཉི་མ་ལ་བལྟ་ཞིང་བཅད། དེ་རྣམས་བསྲུང་བའི་ཆེད་དུ་རང་ངམ་གཞན་གྱིས་རྨ་བྱ་ཆེན་མོའི་གཟུངས་བཀླག ཤིང་འགྱེལ་བའི་ཚེ་མེ་མཚམས་སུ་འགྱེལ་ན་མེ་དང༌། ལྷོར་འཆི་བ་དང༌། ལྷོ་ནུབ་ཏུ་ནད་དང༌། ཆུ་དང་རླུང་གི་ཕྱོགས་སུ་འགྱེལ་ན་དེ་དང་དེའི་འཇིགས་པ་འབྱུང་ཞིང༌། ཕྱོགས་གཞན་དུ་འགྱེལ་ན་དགེ་ཞིང་ཤིས་པས་བླང་བར་བྱ་ལ། ཤིང་གཞན་ལ་འཁྲེན་པ་དང་བཅས་འགྱེལ་བ་དང༌། འདར་བ་དང་བཅས་རིང་དུ་སོང་བ་སོགས་ངན་པ་ཡིན་པས་སྤང་བར་བྱ་བའམ། མི་ནུས་ན་དེ་ལྟ་བུ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྔགས་པའི་བུམ་ཆུས་གཏོར་བས་ཞི་བར་བྱའོ། །དེ་བཞིན་དུ་བླང་བའི་སྐབས་སུ། ཤར་

p. 492

རམ་བྱང་དུ་ཁ་བལྟས་པའི་ས་དཀར་ཞིང་སྣུམ་ལ་གསེག་མ་སོགས་ཀྱི་སྐྱོན་དང་བྲལ་བའི་གཞིར་ཕྱིན་ལ་ཁ་ཤར་རམ་བྱང་དུ་ཕྱོགས་པས་བདུད་རྩི་འཁྱིལ་པ་སོགས་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའི་སྒོ་ནས་གཏོར་མ་ཆ་གསུམ་དང༌། ཆབ་གཏོར་གཏོང༌། ལྷག་པར་ས་བདག་ལྷ་ཀླུ་རྣམས་ལ་དམིགས་ཏེ། དཀར་གཏོར་མཆོད་པ་བཅས་བསང་སྦྱངས་བྱིན་གྱིས་བརླབ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་དབུལ། ཨོཾ་ཨརྒྷཾ་སྭཱ་ཧཱ་སོགས་ཀྱིས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་འདོད་དོན་གསོལ་བས། རིག་པ་འཛིན་པ་ཁྱོད་ཅི་བདེ་བར་ལོངས་སྤྱོད་ཅེས་གནང་བ་བྱིན་པར་བསམས་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་རང་གནས་སུ་གཤེགས་པར་བསམ། ཚོན་སྐུད་ལ། ཨོཾ་བཛྲ་སུ་ཏྲ་ས་མ་ཡ་ཧཱུྃ་ཞེས་བཟླས་པས་ཇི་ཙམ་བརྐོ་དགོས་པའི་རྒྱ་ཚད་དེ་བསྐོར་ལ། དེའི་མཐར་ཕུར་བུ་དངོས་སུ་བཏབ་པའམ་ཡིད་ཀྱིས་བཏབ་པས་བགེགས་རྣམས་ལ་ཕུར་བུས་གདབ་པར་བསམ་ཞིང༌། ཨོཾ་ཀཱི་ལི་ཀཱི་ལཱ་ཡ་བཛྲཱི་བཛྲཱི་བྷཱུ་ར་བྷནྡྷ་ཧཱུྃ་ཕཊ་ཅེས་བརྗོད། ཡུངས་དཀར་དང་དྲི་བཟང་གི་ཆུ་བསྲེས་ལ་ལས་སྔགས་བརྗོད་པས་ཕྱོགས་ཐམས་ཅད་དུ་གཏོར་བས་རིན་པོ་ཆེའི་ས་གཞིར་བསམ། ལས་བྱེད་པ་བགེགས་མཐར་བྱེད་དུ་བསྐྱེད་ལ། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུྃ་ཞེས་ཇི་ཙམ་འདོད་པ་ཐིག་གི་མཚམས་ལས་མི་འདའ་བར་བརྐོ་བར་བྱའོ། །བརྩིག་པའི་ཆེད་རྡོ་བླང་བ་ནི། ཤར་དང༌། བྱང་དང༌། བྱང་

p. 493

ཤར་དང༌། སྟེང་དུ་ཕྱོགས་པའི་རྡོ་མཁྲེགས་ཤིང་ཁ་དོག་བཟང་བ་བཙལ། མཆོད་རྟེན་གྱི་ཉེ་འཁོར་དང༌། དུར་ཁྲོད་དང་ལམ་གྱི་བཞི་མདོ་དང༌། ཁ་དོག་དམར་པོ་དང༌། རུལ་བ་དང༌། སྲོག་ཆགས་མང་བ་སོགས་སྤང་བྱར་གསུངས། བླང་བའི་ཚེ་གཏོར་མ་ཆ་གསུམ་སོགས་བཏང་ཞིང༌། ལས་སྔགས་བཟླ་བཞིན་བླང་ངོ༌། །གཙུག་ལག་སོགས་བྱ་བའི་གཞིར་ས་སེལ་ཡོད་ན་དབྱུང་བ་དང་ཕུར་བུ་གདབ་པའི་ཆོ་ག་རྒྱས་པར་ཀྲི་ཡ་ས་མུཙྪ་སོགས་ལས་འབྱུང་བ་ལྟར་བྱ། དེ་ཙམ་མི་ནུས་ན། དེ་དག་གི་སྐྱོན་སེལ་བས་མཚོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པར་བྱ་བའི་དོན་དུ་དབུས་དང་ཕྱོགས་མཚམས་སུ་ཀླུ་ཆེན་དགུའི་བུམ་པ་དང༌། གཞན་ཡང་རིན་པོ་ཆེའི་གཏེར་གྱི་བུམ་པ་ཅི་རིགས་པ་སྦས། འོན་ཀྱང་ཡེ་ཤེས་པའི་རིགས་བསྐྱེད་བསྟིམ་བགྱིས་པའི་བུམ་པ་ནི་རྩིག་པ་སོགས་ཀྱི་ལོགས་སུ་སྦས་ན་ལེགས། རྩིག་པའི་ཕ་གུའམ། རྡོའམ། དེས་མཚོན་ཏེ་གྱང་བཏང་བ་སོགས་ཀྱི་ཚེ། ཨོཾ་བྷྲཱུྃ་སརྦ་ཏ་ཐཱ་ག་ཏ་སརྦ་བུདྡྷ་ཨཱ་ལ་ཡཾ་དྷི་ཏིཥྛཱནྟུ་སྭཱ་ཧཱ་ཞེས་སོ་སོའི་ཟུར་ལ་ལན་བདུན་སོགས་བཟླས་པས་བྱིན་གྱིས་བརླབ། སྒོ་འཛུགས་པའི་སྐབས། བདག་གི་རྣལ་འབྱོར་དང་བཅས་ཧཱུྃ་ལས་བྱུང་བའི་སྒོ་དད་པའི་དབང་པོ་ལ་སོགས་པའི་ངོ་བོ་དང༌། དག་པའི་བསམ་གཏན་གྱི་རང་བཞིན་མཛེས་པའི་རྟ་བབས་དང་ལྡན་པར་བསམས་ལ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་བརྒྱ་རྩ་བརྒྱད་བཟླས་པས་བརླབས་ཏེ། ཤར་སྒོ་གཤིན་རྗེ་གཤེད། ལྷོ་ཤེས་རབ་མཐར་བྱེད། ནུབ་པདྨ་མཐར་བྱེད། བྱང་བགེགས་མཐར་བྱེད་ཀྱི་ངོ་བོར་བསམས་ལ་སོ་སོའི་སྔགས་བཟླ། ལྷའི་ངོ་བོར་གྱུར་པའི་སྒོ་དེ་ཉིད་ལ། ཨོཾ་བཛྲ་

p. 494

ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། ཀ་བ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་གྱི་ཀ་བར་གྱུར་པར་བསམས་ལ་རྣམ་སྣང་གི་གཟུངས་བཟླ་བཞིན་གཟུག དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བའམ་ཧཱུྃ་མཛད་དང༌། ཕྱོགས་མཚམས་རྣམས་གཤིན་རྗེ་མཐར་བྱེད་སོགས་རང་རང་གི་ཁྲོ་བོ་ཆེན་པོའི་སྔགས་རྣམས་ཀྱིས་ལན་བརྒྱ་རྩར་མངོན་པར་བསྔགས་ཏེ་མེ་ཏོག་འཐོར། ཤིས་བརྗོད་སོགས་བྱ། གདུང་མ་ལ་སོགས་པའི་ཤིང་དགོད་པ་ན་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་བསམས་ལ་ཕྱོགས་སོ་སོའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་སོགས་བཟླ་ཞིང་དགོད། ཐོག་དབུབ་པ་ནི། ཤིང་ལོ་གསར་པ་དགྲམ་ཞིང་རིགས་བྱེད་མ་དང་ཀླུ་ཆེན་དགུ་སོགས་ཀྱི་སྔགས་བཟླ། གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་བརྒྱ་རྩ་སོགས་ཀྱིས་བརླབ། གཏོར་མ་དང༌། ཞི་བའི་སྦྱིན་སྲེག་སོགས་བྱ་ཞིང༌། གཙུག་ཏོར་རྣམ་རྒྱལ་མའི་སྒོ་ནས་གཟུངས་སྒྲུབ་བགྱིས་པའི་བུམ་ཆུས་ཕྱོགས་ཐམས་ཅད་དུ་གཏོར་བ་དང༌། གདུགས་དང་འཕན་ལ་སོགས་པས་ཀྱང་བརྒྱན་ལ་ཤིས་པ་རྒྱ་ཆེར་བརྗོད། དགའ་སྟོན་བྱ། གཉྫི་ར་སོགས་འཛུགས་པའི་ཚེ། དེ་ཉིད་མཆོད་རྟེན་གྱི་ངོ་བོར་རྣམ་པར་བརྟགས་ཏེ་དྲི་མེད་རྣམ་གཉིས་ཀྱི་ཆོ་ག་ཚུལ་བཞིན་བགྱིས་ནའང་མཆོག་ཏུ་འགྱུར་ཞིང༌། གང་ལྟར་ཡང་གཙུག་ཏོར་གདུགས་དཀར་གྱི་ཙཀྲ་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གླེགས་བམ་སོགས་བྲིས་ལ་སོ་སོའི་འཛུགས་ཆོག་ལྟར་མངའ་གསོལ། ཐོག་དང་ས་གཡོས་སྲུང་བ། ནད་དང་འཁྲུག་པ་ཞི་བ། ནོར་དང་འབྲུ་

p. 495

འཕེལ་བ། ཚེ་དང་བསོད་ནམས་རྒྱས་པ། དགེ་འདུན་གྱི་སྡེ་འདུ་བ་སོགས་ལས་འཇམ་པོ་གསུམ་གྱི་འཁོར་ལོའི་རིགས་བྲི་སྒྲུབ་ཚུལ་བཞིན་དུ་བགྱིས་པ་དང་གཏེར་བུམ་གྱི་རིགས་སོགས་སོ་སོའི་ཆོ་གས་བཞུགས་སུ་གསོལ་ན་ཕུན་སུམ་ཚོགས་པར་འགྱུར་རོ། །རྒྱལ་མཚན་སོགས་འཛུགས་པའི་ཚེ། རིན་པོ་ཆེའམ། འཇིམ་པའམ། ཤིང་དང༌། དར་ཟབ་སོགས་ལས་བྱས་པའི་རྒྱལ་མཚན་གྱི་ནང་དུ་གཟུངས་གཞུག་སྤྱི་དང༌། གདུགས་དཀར་དང་སོ་སོར་འབྲངས་མའི་འཁོར་ལོ་དང་གཟུངས། རྒྱལ་མཚན་རྩེ་མོའི་གཟུངས་ཀྱི་གླེགས་བམ་སོགས་བཅུག་ནས་རབ་ཏུ་གནས་ཏེ་དེ་དང་དེའི་སྒོ་ནས་འཛུགས་པའི་ཆོ་ག་བྱེ་བྲག་ཏུ་བྱ་ཞིང༌། སྤྱིར་བཏང་ཙམ་ལ། གཙུག་ལག་ཁང་སོགས་ཀྱི་སྟེང་ཐོག་ཤར་གྱི་ཆར་རྒྱལ་མཚན་གོས་དང༌། འཕན་དང༌། མེ་ཏོག་གི་ཕྲེང་བ་དང་སྐུད་པ་ལྔས་བཅིངས་ཏེ་བརྟན་པར་བཞག་པའི་མདུན་དུ་མཆོད་པའི་བྱེ་བྲག་རྒྱས་པར་བསྟར། རང་གི་མདུན་དུ་ཁྲུས་བུམ་སོགས་དང༌། གཞན་ཡང་འབྱོར་ན་གདུགས་དང་རོལ་ཆ་སོགས་སེར་སྦྲེང་ཡང་སྟ་གོན་དུ་བྱས་ནས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་ཁྲུས་བུམ་བསྒྲུབ། རྒྱལ་མཚན་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཆོད་རྟེན་གྱི་རྣམ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བ་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་འཕྲོ་བར་གྱུར་པར་བསམ། སྦྱང་བ་གསུམ་དང༌། ཁྲུས་གསོལ། སྐུ་ཕྱི་རྣམས་བྱ། མེ་ཏོག་དམ་པ་ཕྲེང་བ་དམ་པ་སོགས་ཀྱིས་མཆོད། དེ་ནས་ལས་ཀྱི་རྡོ་རྗེས་བུམ་པའི་ཆུ་གཏོར་ཞིང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་པས་སྣ་དྲངས་ཏེ་

p. 496

སེར་སྦྲེང་དང་བཅས་རྒྱལ་མཚན་ཐོགས་ལ། ཤར་ནས་རྣམ་སྣང་འོད་ཀྱི་རྒྱལ་པོའི་གཟུངས་ཉེར་གཅིག་བཟླས་ལ་མེ་ཏོག་འཐོར། དེ་བཞིན་དུ་གཡས་སྐོར་གྱིས་ལྷོ་ནས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ལན་གཅིག ནུབ་ནས་ཨོཾ་ཨ་མཱི་དྷེ་སོགས་འོད་དཔག་མེད་ཀྱི་གཟུངས་ལན་བདུན། བྱང་ནས། ཨོཾ་བོ་དྷི་བོ་དྷི་སརྦ་བོ་དྷི་སརྦ་ཏ་ཐཱ་ག་ཏ་གོ་ཙ་རི་དྷ་ར་ཙ་རི་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏྟ་དྷ་ར། ཙུ་ལུ་ཙུ་ལུ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཀྟེ་གུ་ཎ་ག་ག་ནཾ་ཤུདྡྷ། གུ་ཎ་ཨ་བ་བྷཱ་སེ་མི་ལི་མི་ལི། ག་ག་ན་ཏ་ལ་པྲ་ཏིཥྛ་ཏེ། ཤ་མ་ཤ་མ་པྲ་ཤ་མ་པྲ་ཤ་མ། སརྦ་པཱ་པ་པྲ་ཤ་མ་ནེ་སརྦ་པཱ་པ་བི་ཤོ་དྷ་ནི། ཧུ་ལུ་ཧུ་ལུ་མཧཱ་བོ་དྷི་མརྒ་སྃ་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་མུ་དྲེ་སྭཱ་ཧཱ། ཞེས་རྡོ་རྗེ་སྙིང་པོ་རྒྱན་གྱི་གཟུངས་ཚར་བདུན་གདོན། སོ་སོའི་མཐར་བཀྲ་ཤིས་ཀྱི་ཚིགས་བཅད་དང་བཅས་མེ་ཏོག་འཐོར། སླར་ཡང་ཤར་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ད་ཤ་དཱིཔྟེ་ཛྭཱ་ལ་ཛྭཱ་ལ་དྷརྨཱ་དྷཱ་ཏུ་གརྦྷེ་སྭཱ་ཧཱ་ཞེས་དང༌། ཡེ་དྷརྨཱཿབརྗོད་ཅིང་སྒོ་ཁང་གི་སྟེང་གི་དབུས་སུ་ཤིན་ཏུ་བརྟན་པར་བཙུགས་ལ། ཨོཾ་ཨཱཿབཛྲ་དྷྭ་ཛ་བ་ཏཱི་ཛ་ཡོཏྟ་རེ་སྭཱ་ཧཱ། ཞེས་དང༌། བརྟན་བཞུགས་ཤིས་བརྗོད་སྤྱི་ལྟར་བྱ། སྨོན་ལམ་རྒྱ་ཆེར་གདབ། བདག་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་རྣམས་དཀྱུས་ལྟར་བྱའོ། །དེ་བཞིན་དུ་གདུགས་ལ། སྟོང་པའི་ངང་ལས་ཧྃ་ཡིག་ལས་བྱུང་བའི་རིན་པོ་ཆེའི་གདུགས་ཆོས་ཀྱི་དབྱིངས་རྒྱས་པར་ཁྱབ་ཅིང་ཡིད་འཕྲོག་པའི་མཚན་མས་མཛེས་པས་ཉོན་མོངས་པའི་ཚ་གདུང་སེལ་བར་གྱུར་པར་བསམས་ལ། ཨོཾ་ན་མཿས་མནྟ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཨཱ་ཙནྡྲཙྪ་ཏྲཾ་ཨཱ་བ་ལི་སྭཱ་ཧཱ། ཞེས་ཁྱད་པར་གྱི་རིག་པ་བརྒྱ་རྩ་བརྒྱད་བཟླས་པ་དང༌། པཱྃ་ལས་བྱུང་བའི་ཁ་དོག་སྣ་ཚོགས་པའི་བ་དན་དམ་པའི་གྲགས་པ་དང་ཡོན་ཏན་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་དུ་

p. 497

གྱུར་པར་བསམས་ལ། ཨོཾ་ཨཱཿབཛྲ་ཀེ་ཏུ་བཛྲ་པ་དཾ་ཀཻ་ཨ་དྷི་ཏིཥྛ་པཱྃ་སྭཱ་ཧཱ་ཞེས་པས་བ་དན་དང༌། ཙྃ་ལས་རིན་པོ་ཆེ་སྣ་ཚོགས་པའི་ཡུ་བ་ཅན་གྱི་རྔ་ཡབ་བཀྲ་ཤིས་ཆེན་པོ་འབྱུང་བར་གྱུར་པར་བསམས་ལ། ཨོཾ་ཙུ་རུ་ཙཱ་མ་རི་སྭཱ་ཧཱ་ཞེས་པས་རྔ་ཡབ་རྣམས་འཛུགས་པར་གསུངས་སོ། །གོང་འོག་ཐམས་ཅད་དུ་ཉེ་བར་མཁོ་བའི་བདུད་རྩི་འཁྱིལ་པའི་བསྒོམ་བཟླས་ནི། སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཁོ་བོས་ལོགས་སུ་བྲིས་པ་ལས་ཤེས་ཤིང༌། བགེགས་མཐར་བྱེད་ཀྱི་བསྒོམ་བཟླས་བྱ་ཚུལ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨྃ་ལས་ཉི་མ་ལ་རང་ཉིད་ཧཱུྃ་ལས་བགེགས་མཐར་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་ཁྲོ་བོའི་ཉམས་ཅན་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་རང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡང་འོད་འཕྲོས་དབང་གི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར་མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ྄་ཧཱུྃ། ཅི་ནུས་མཐར།

p. 498

དགེ་བ་འདི་ཡིས་མྱུར་དུ་བདག །ཁྲོ་བོའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་འདི་སྒྲུབ་ཐབས་བརྒྱ་རྩ་ནས་འབྱུང་བའི་བགེགས་མཐར་བྱེད་ཀྱི་བསྒོམ་བཟླས་ཡིན་པས་རྟེན་བཞེངས་སྐབས་བཟོ་པ་ཕལ་ཆེར་བགེགས་མཐར་བྱེད་དུ་བསྐྱེད་པ་ཤས་ཆེ་བ་བཞིན་འབུར་བྲིས་ཀྱི་བཟོ་བོ་རྣམས་ནས་འདིའི་རྗེས་གནང་ཐོབ་ཕྱིན་བཟོ་ཚུགས་ཁར་འདི་བསྒོམ། ལས་བྱེད་སྐབས་སྔགས་ནུས་ཚད་བཟླ་ཞིང་བཟོ་འཕྲོ་འཇོག་པ་དང་དགེ་བ་བསྔོ་བས་འགྲོ་འཆག་ཉལ་འདུག་གཏམ་སྨྲ་བརྗོད་སོགས་འཕྲལ་གྱི་གཡེང་བ་གང་ལའང་འཛེམ་མི་དགོས་སོ། །ཞེས་འབྱུང་ངོ༌།། ༈ །གཎྜཱི་སོགས་འབུད་དཀྲོལ་བརྡུང་གསུམ་གྱི་རོལ་མོའི་རིགས་ཐམས་ཅད་སྤྱིར་བཏང་སྣང་བ་མཐའ་ཡས་སུ་བསྐྱེད་ཅིང་རབ་ཏུ་གནས་པས་ཁྱབ་ནའང་ཀྲི་ཡ་ས་མུཙྪ་སོགས་ལས་དམིགས་བསལ་གྱི་ཆོ་ག་གསུངས་པ་རྟེན་འབྲེལ་གྱི་ཆེད་ཅུང་ཟད་འབྲི་ན། གཞུང་དེ་ཉིད་ལས། སྣ་ཚོགས་ཚོན་རྣམས་ཀྱིས་ནི་ལེགས་པར་བྱུགས། །གང་ཡང་ཚད་ལྡན་ཚོན་ཀྱི་ཕྲེང་བ་འབར། །དམར་པོའི་ཚོན་གྱིས་འབར་ཞིང་ས་བཟང་སྐྱེས། །བརྡུང་ན་དབྱངས་བཟང་བ་ནི་གཎྜཱིའོ། །ཞེས་པ་ལ་སོགས་པའི་ཚད་དང་མཚན་ཉིད་ལྡན་པ་ཟུར་དུ་བརྩམ་པར་བྱ་ཞིང་སོགས་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་«་་་་་འཇམ་དཔལ་དཔའ་བོ་གྲུབ་པ་ལས་གསུངས་པའི་སེར་བ་ཟློག་པའི་སྔགས་ཀྱང་བྲི་སྲོལ་སྣང༌།» བརྒྱན་པ་བྱང་ཤར་དུ་རིན་པོ་ཆེའི་ཁྲི་ལ་བཀུར་སྟི་དང་བཅས་ཏེ་དགོད་ཅིང༌། དྷཱིཿཡིག་ལས་སྐྱེས་པའི་གཎྜཱི་ཆེན་པོ་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཡུམ་ཆེན་མོའི་ངོ་བོར་བསམས་ལ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་ག་ཏི་བི་ཛ་ཡེ་པྲཛྙེ་པྲཛྙཱ་བ་ལ་དྷཱིཿདྷཱ་ར་ཎི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས། རྟེན་འབྲེལ་སྙིང་པོ་ལན་གསུམ་དང་བཀྲ་ཤིས་པའི་ཚིགས་སུ་བཅད་

p. 499

པ་བརྗོད་ཅིང་མེ་ཏོག་འཐོར། སྒོ་ཁང་གི་སྟེང་དུ་ལེགས་པར་བཤམས་པའི་ཁྲི་ལ་གཞག བརྡུང་བའི་ཚེ་ཡུམ་ཆེན་མོའི་ངོ་བོར་མོས་པས་ཕྱག་འཚལ་ཞིང་ཕྲག་པར་བླངས་ལ། ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚུལ་གྱིས་ཤང་ཚ་ལན་གསུམ་སྔོན་དུ་འགྲོ་བས། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་ལས་འབྱུང་བ་དང་བཟློག་པའི་ཆོས་ཀྱི་སྒྲ་དབྱངས་ཟབ་མོ་རྒྱུན་མི་ཆད་པར་སྒྲོགས་པར་མོས་ཏེ་བསྐྱེད་པ་དང་སྡུད་པའི་ཚུལ་གྱིས་རྒྱུད་གསུམ་དང༌། མཐར་སྐུ་གསུམ་དུ་ཐིམ་པར་མཚོན་པའི་ཏོག་གསུམ་བྱ་བ་སོགས་ཚུལ་བཞིན་དུ་བརྡུངས་པའི་ཕན་ཡོན་ནི། གཙུག་ལག་ཁང་དུ་ཆོ་ག་དྲན་པ་ཡིས། །རྟག་ཏུ་ཉིན་བཞིན་ལན་གསུམ་བཞིའམ་ལྔར། །ཞི་བསྒོམ་དམིགས་པས་གཎྜཱི་རྡུང་བྱེད་ན། །གནས་དེར་ཡོན་ཏན་ཚོགས་ཀྱིས་ཕུན་ཚོགས་པའི། །དགེ་སྦྱོང་རྣམས་ནི་བརྟན་པར་ངེས་གནས་འགྱུར། །གང་ཡང་སྒྲ་ནི་ཐོས་པར་གྱུར་པ་དེར། །ནོར་དང་སྐྱེ་བོའི་ཕུན་ཚོགས་རྒྱུན་ལྟར་འགྱུར། །ཞེས་པས་མཚོན་ཏེ་གཎྜཱིའི་མདོ་སོགས་ལས་རྒྱ་ཆེར་གསུངས་པས་ན་སྲིད་པ་དང་ཞི་བའི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱེད་པ་ཉིད་དོ། །དེ་ལྟར་རྟེན་གསར་རྙིང་ལ་བྱ་བའི་ཨརྒྷའི་ཆོ་ག་ཞར་བྱུང་དང་བཅས་པ་འདིའང༌། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསུང་རབ་ཡོ་གའི་རབ་གནས་བཀྲ་ཤིས་རབ་རྒྱས་ལ་གཞི་བྱས། ཀྲི་ཡ་ས་མུཙྪ་དང༌། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་གསུང་སོགས་རྒྱ་བོད་ཀྱི་གཞུང་ཚད་ཐུབ་རྣམས་ལས་མདོ་ཙམ་བཏུས་ཏེ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་བསྟན་འགྲོའི་རྒུད་པ་ཐམས་ཅད་ཞི་ཞིང༌། དགེ་ལེགས་ཀྱི་སྣང་བས་དུས་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་སུ་ཤྲེ་ཡཿསྥུ་ཊཾ་བྷ་བ་ཏུ།། །།

རབ་གནས་མདོར་བསྡུས་དགེ་ལེགས་རིན་པོ་ཆེའི་འབྱུང་གནས།

p. 500
p. 501

རབ་གནས་མདོར་བསྡུས་དགེ་ལེགས་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

p. 502

བླ་མ་འཁོར་ལོའི་མགོན་པོ་ལ། །བཏུད་ནས་སྣོད་བཅུད་བྱིན་ཟབ་ཀྱི། །གཟི་བྱིན་འབར་བྱེད་རབ་གནས་ཚུལ། །མདོར་བསྡུས་གོང་མའི་གསུང་བཞིན་དགོད། །དེ་ལ་འདིར་རབ་གནས་མདོར་བསྡུས་བྱ་བའི་ཚུལ་ནི། རབ་ཏུ་གནས་བྱའི་རྟེན་གང་ཡིན་པ་དེའི་མདུན་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང༌། གཏོར་མ་ཟླུམ་པོ་བཞི། བགེགས་གཏོར། གཞི་བདག་གཏོར་མ་སྟེ་དྲུག་བཤམ། བུམ་པ་གཉིས་སམ་གཅིག་སྤྱི་ལྟར་བཅས་ལ། མཆོད་པ་རྣམས་ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཅེས་དང༌། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་སོགས་ཀྱིས་མཐར། དྷརྨཱ་ར་ཎི་ཏ་དང་རོལ་མོ་བྱས་ཏེ་བྱིན་དབབ། དེ་ནས་བདག་བསྐྱེད་ཚེ་དཔག་མེད་སོགས་གང་ལ་མོས་ཤིང་བསྙེན་པ་སོང་བ་ཞིག་གི་སྒོམ་བཟླས་རྫོགས་པར་བྱ། བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་

p. 503

ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་བདག་བསྐྱེད་གང་ཡིན་གྱི་ལྷ་གཙོ་རྐྱང་ངམ། འཁོར་བཅས་གང་རུང་རང་རང་གི་གཞུང་བཞིན་བསྐྱེད་ནས་མཆོད་བསྟོད་བྱ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་ནང་གི་ལྷ་ལ་ཕོག་པས་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དང་སྔགས་ཅི་ནུས་བཟླས་ལ་མཆོད་བསྟོད་བྱ། སྤྱི་ལྟར་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་བཞུ་བའི་ཆུ་བདུད་རྩིར་གྱུར་པར་བསམས་པའམ། བླ་མེད་ཡིན་ན་དམ་ཡེ་ཕྱེ་མི་དགོས་པས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ལྷ་འོད་དུ་ཞུ་བའི་ཆུ་བདུད་རྩིར་གྱུར་པར་བསམ། ལས་བུམ་ལ། རང་གི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་པ་སྤྲོས་པས་ལས་བུམ་གྱི་ཆུ་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཅི་ནུས་བཟླའོ། །དེ་ནས་སྦྱང་བ་ནི། མཐེབ་ཀྱུ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ

p. 504

སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པའི་མཐར། བདེ་བར་གཤེགས་པའི་རྟེན་རྣམས་ལ་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ཤིག་ཅེས་དང༌། ཏིང་ལོ་ཆངས་བུ་རྟེན་ལ་བསྐོར་ཞིང༌། ཨོཾ་སུཾ་བྷ་སོགས་གསུམ་དང༌། འདིར་བདེ་བར་གཤེགས་པའི་རྟེན་རྣམས་ལ་རབ་ཏུ་གནས་པར་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆངས་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོའི་བཞུགས་སོ་འཚལ། །ལོག་འདྲེན་གདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་

p. 505

བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོ་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བཅོམ་ལྡན་འདས་«་་་་་བདག་བསྐྱེད་གང་ཡིན་གྱི་མཚན་སྦྱར།» འདི་ཞེས་བྱ་བའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དེང་འདིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བྱེད་པ་ལ་བར་དུ་གཅོད་པར་རྩོམ་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པས་སའི་ཕྱོགས་འདིར་མ་གནས་པར་རང་རང་གི་གནས་སུ་སོང་ཞིག གལ་ཏེ་མི་འགྲོ་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་བརྗོད་ལ་རྟེན་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། ངག་ཏུ། སུཾ་བྷ་སོགས་དང༌། སརྦ་བིགྷྣཱན་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ་ཅེས་དྲག་ཏུ་བརྗོད་ཅིང་དྲག་རོལ་བྱའོ། །ཡང༌། འཇིགས་པའི་ཧཱུྃ་སྒྲ་

p. 506

ཞེས་སོགས་ནས། འགས་པར་འགྱུར་རོ། །སུཾ་བྷ་སོགས་བརྗོད་པ་དེ་ལྟ་བུ་ལན་གཉིས་བྱའོ། །ཁྲུས་ནི། རྟེན་གྱི་གཟུགས་བརྙན་མེ་ལོང་ལ་ཤར་བ་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། སྤྲོ་ན། འདི་ནི་ཁྲུས་མཆོག་སོགས་ཀྱི་མཐར། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྗོད་ཅིང་དར་རམ་རས་དཀར་པོས་སྐུ་ཕྱི་བའི་ཚུལ་བྱ། དེ་ནས་སྐུ་རྟེན་ཐོར་བུ་བ་ཡིན་ན། ལས་བུམ་གྱི་ཆུ་འཐོར་ཞིང༌། སྭ་བྷཱ་ཝས་སྦྱང༌། སྐུ་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་ནམ། ཁྲོ་བོ་རྣམས་ལ་རྃ་ལས་ཉི་མའི་གདན་གྱི་སྟེང་དུ། རྟེན་གྱི་ལྷ་སོ་སོའི་ས་བོན་ནམ། ཨོཾ་ཨཱཿཧཱུྃ་ལས་སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འཆོལ་བར་བསྐྱེད། རྟེན་ངོས་མི་ཟིན་པ་དང༌། མངོན་རྟོགས་མི་འཁྱོར་ན་ཐམས་ཅད་འོག་གི་མཆོད་རྟེན་ལྟར་རྣམ་སྣང་དུ་བསྐྱེད་ཀྱང་རུང་བས། དེ་ལྟར་ན་ལྷ་ཁང་ལོགས་བྲིས་ཅན་དང༌། སྐུ་རྟེན་དང༌། མཆོད་རྟེན་རྣམས། སྭ་བྷཱ་ཝས་སྦྱང༌། ལྷ་ཁང་དང༌། སྐུ་རྟེན་དང༌། མཆོད་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྐྱེད། པུསྟི་སོགས་གསུང་རྟེན་རྣམས་སྦྱང༌། གསུང་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཨཱཿལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་གཞག་གི་ཕྱག་རྒྱ་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་

p. 507

བརྒྱན་ཅིང༌། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོར་དྲིལ་ཕྱག་མཚན་སོགས་ཐུགས་རྟེན་རྣམས་སྦྱང༌། ཐུགས་རྟེན་རྣམས་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་ཁྲི། པྃ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དཀྱིལ་ཐང་ཡིན་ན་སྦྱང༌། དཀྱིལ་འཁོར་སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྲུང་བའི་འཁོར་ལོའི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ལྷ་གནས་རྣམས་སུ་པདྨ་དང་ཟླ་བའི་གདན་རེ་རེའི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་སོགས་གོང་ལྟར་བསྐྱེད། འཁོར་ལོ་དང་འཁྲུལ་འཁོར་ལ་སོགས་པ་སྦྱང༌། འཁོར་ལོ་རྣམས་སྟོང་པའི་ངང་ལས་སྐད་ཅིག་གིས་བྲིས་པའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་ཅེས་དང༌། རྟ་བབས་སོགས་སྦྱང༌། རྟ་བབས་དང༌། རྡོ་རིངས་དང༌། རྫིང་བུ་ལ་སོགས་པ་རྣམས་སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ཡོངས་སུ་གྱུར་པ་ལས་ལྷ་རྫས་ལས་གྲུབ་པའི་དངོས་པོ་དེ་དང་དེའི་རྣམ་པ་ཅན་དུ་གྱུར་ཅེས་པས་བསྐྱེད་དོ། །དེ་ནས་ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྐྱེད་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ སྤོས་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །རྒྱལ་བ་མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ཀྱིས་མཆོད་ནས། ཇི་ལྟར་སངས་རྒྱས་

p. 508

ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །སེམས་ཅན་ཀུན་གྱི་དོན་སླད་དུ། །བདག་གིས་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབ་ཅིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། ཞེས་ལན་གསུམ། ཛཿཧཱུྃ་བཾ་ཧོཿམང་དུ་བརྗོད། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། རང་དང་རྟེན་གྱི་ལྷའི་ཐུགས་ཀ་ནས་འོད་འཕྲོས་པས། དབང་བསྐུར་གྱི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་སོགས་ནས་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་སྐུ་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས་རང་རང་དང་འདྲ་བའི་རིགས་བདག་གིས་དབུར་བརྒྱན་པར་བསམ། མཆོད་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་པཱ་དྱཾ་སོགས་ནས། ཤབྡའི་བར་སྦྱར་བ་དང༌། དྷརྨ་ར་ཎི་ཏ་སོགས་བརྗོད། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ནས་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་

p. 509

དང་ཤེས་རབ་གྲུར་བཞག་ནས། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ཁྱེད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་དང༌། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །གསེར་གྱི་ཐུར་མའམ་རྡོ་རྗེས་སྤྱན་དབྱེ་བའི་ཚུལ་བྱ་ཞིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་མོ། །སླར་ཡང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སོགས་གོང་ལྟར་དང༌། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། སྔགས་ཀྱིས་མངའ་དབུལ་བའི་ཕྱིར། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་རྟེན་གྱི་ཐུགས་ཀར་ཐིམ། དེ་ལས་ཀྱང་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་སྔགས་ཀྱི་རྣམ་པས་རྟེན་དེ་རྣམས་ལ་ཞུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་ནུས་པ་མཉམ་པར་བསམ་ཞིང༌། མེ་ཏོག་ལག་ཏུ་བཟུང་ནས་རྟེན་གཙོ་གང་ཡིན་པའི་སྔགས་ཅི་འགྲུབ་བཟླས་པའི་མཐར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དང༌། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། ཞེས་གང་འགྲུབ་བརྗོད་པས། ནས་འབྲུ་རེ་རེ་ནས་ཡེ་དྷརྨཱའི་ཡིག་འབྲུ་གསེར་འོད་འབར་བ་རེ་རེར་གྱུར་པར་བསམས་ལ། ཡེ་དྷརྨཱ་དང༌། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷཱུ་ཁཾ་བཛྲཱི་བྷ་བ་དྲྀཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། ཞེས་བརྗོད་ཅིང་རྟེན་དེ་ལ་མེ་ཏོག་གཏོར་བས་ཕྱོགས་བཅུའི་སངས་

p. 510

རྒྱས་ཐམས་ཅད་ཀྱིས་ཀྱང་མེ་ཏོག་འཐོར་ཞིང༌། རྟེན་དེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་བསམ་མོ། །དེ་ནས་མཆོད་པས་མངའ་དབུལ་བའི་ཕྱིར། ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་རྒྱ་ཆེར་བཤམས་པ་རྣམས། རབ་འབྱམས་རྒྱ་མཚོའམ། འཇིག་རྟེན་ཁམས་ནི་སོགས་དང༌། བདེ་བར་གཤེགས་པ་ཐམས་ཅད་ལ་སོགས་ཀྱིས་རྒྱལ་སྲིད་བདུན་དང༌། ཁ་དོག་དབྱིབས་ལེགས་སོགས་ཀྱིས་འདོད་ཡོད་ལྔ་དབུལ་བའམ། བསྡུ་ན། རྒྱལ་བ་ཟག་མེད་འབྱོར་ལ་དབང་བསྒྱུར་ཡང༌། །འགྲོ་བའི་དོན་སླད་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་དང༌། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བརྗོད་ཅིང་དབུལ། མཎྜལ་ཚོམ་བུ་བདུན་མའམ་སོ་བདུན་མ་སོགས་ལག་ལེན་ལྟར་དགོད་ཅིང་དབུལ་བའམ། ས་གཞི་སྤོས་ཆུས་སོགས་ནས་སྤྱོད་པར་ཤོག །ཨོཾ་བུདྡྷ་ཀྵེ་ཏྲ་བི་ཤུདྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བརྗོད་དོ། །བསྟོད་པ་གོང་ལྟར་འགྲོ་བ་རྒྱུད་ལྔ་སོགས་བརྗོད། དེ་ནས་མེ་ཏོག་ཐོགས་ཏེ་ལྷ་སྔགས་ཡིག་བརྒྱ་སྔོན་དུ་འགྲོ་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རྡོ་རྗེ་སློབ་དཔོན་བདག་གིས་དཀོན་མཆོག་གི་རྟེན་འདི་རྣམས་ལ་རབ་ཏུ་གནས་པ་བགྱིས་པའི་མཐུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རྣམ་པར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་འཁོར་བ་ཇི་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་ནས། སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང༌། བྱེ་བྲག་ཏུའང་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ། ཡེ་ཤེས་པ་ཐམས་ཅད་རྟེན་འདི་

p. 511

རྣམས་ལ་བརྟན་པར་བཞུགས་ནས་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས་གནས་དམ་པ་མཛད་ཅིང༌། ཡོན་གྱི་བདག་པོས་གཙོ་བྱས་པ་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང༌། ཡེ་དྷརྨཱ་བཅས་ལན་གསུམ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སྲུང་འཁོར་ལ་ནི། བྱེ་བྲག་ཏུའང་རྟེན་འབྲེལ་སྲུང་བའི་འཁོར་ལོ་འདི་ལ་བརྟན་པར་བཞུགས་ནས་འཆང་བ་པོ་ལ་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་དུ་གསོལ་ཞེས་བསྒྱུར། སློབ་དཔོན་གྱིས་རྟེན་གྱི་སྤྱི་བོར་རྡོ་རྗེ་གཏུགས་པར་མོས་ནས། ཨོཾ་ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བཞུགས་པར་བསམ་ཞིང༌། སྐུ་རྟེན་ལ་རྣམ་སྣང་འོད་དུ་ཞུ་བ་ལས་རྟེན་སོ་སོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། ལྷ་ཁང་དང༌། མཆོད་རྟེན་ཡིན་ན། རྣམ་སྣང་འོད་དུ་ཞུ་བ་ལས་ལྷ་ཁང་ངམ། མཆོད་རྟེན་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་པ་ཅན་གྱི་ནང་དུ་རྣམ་སྣང་ལ་སོགས་པའི་རིགས་ལྔ་ལ་སངས་རྒྱས་དང་བྱང་སེམས་ཉན་རང་ཆོས་སྲུང་ནོར་ལྷའི་ཚོགས་ཀྱིས་བསྐོར་བ་དང་བཅས་པར་གྱུར། གསུང་རྟེན་ལ་འོད་དཔག་མེད་ཞུ་བ་ལས་ལུང་དང་རྟོགས་པའི་ཆོས་དཀོན་མཆོག་གི་རང་བཞིན་གླེགས་བམ་གྱི་གཟུགས་སུ་གྱུར། ཐུགས་རྟེན་ལ་མི་བསྐྱོད་པ་ཞུ་བ་ལས་མཚན་སོ་སོའི་རྣམ་པར་གྱུར། ཅེས་སོ་སོར་སྦྱར་བའམ། བསྡུ་ན། བསྐྱེད་པའི་ལྷ་རྣམས་འོད་དུ་ཞུ་བ་ལས་རྟེན་སོ་སོའི་རྣམ་པ་ཇི་ལྟ་བར་གྱུར། ཅེས་བརྗོད་ཀྱང་རུང༌། དཀྱིལ་ཐང་ནི་སྐུ་རྟེན་གྱི་ཞར་ལ་དམིགས་པ་ཙམ་གྱིས་འཐུས་ཤིང༌། འཁོར་ལོ་ལ་སོགས་ཐོར་བུ་གཞན་རྣམས་ནི་རྣམ་པ་དེ་དག་ལས་བསྒྱུར་མི་དགོས་སོ། །སླར་ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། ལྷ་སྐུ་རྣམས་ལ་སོ་སོའི་སྒོས་བསྟོད་ཤེས་ན་ཤློ་ཀ་རེ་རེས་བསྟོད། མི་ཤེས་ན་ཐུན་མོང་དུ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སོགས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས། མགོན་པོ་ཐུགས་རྗེ་ཆེ་ལྡན་སོགས་དང༌། དག་པ་འདོད་ཆགས་བྲལ་སོགས་དང༌། གྲོལ་ནས་གྲོལ་སོགས་དང༌། སྣ་ཚོགས་

p. 512

པདྨ་ཟླ་བའི་སོགས་དང༌། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད་ཅིང༌། སྤྱི་ཙམ་དུ་མཉམ་ཉིད་མི་གཡོ་མའམ། འགྲོ་བ་རྒྱུད་ལྔ་སོགས་ཀྱིས་འཐུས། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ལྷ་རྫས་ལས་གྲུབ་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས་ནས། ཨ་ཀཱ་རོ་ལན་གསུམ་གྱིས་ཕུལ། གོང་ལྟར་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་སོགས་ཀྱིས་འདོད་དོན་གསོལ་བ་གདབ། གཏོར་མ་གཉིས་པ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀ་ལ་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་སོགས་ལན་གསུམ་གྱིས་དབུལ། རྫུ་འཕྲུལ་སྟོབས་དང་སོགས་ཀྱིས་བསྟོད། ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཀུན་འགྲུབ་ཤོག་ཅེས་ཕྲིན་ལས་བཅོལ། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པས་རྟེན་འདི་རྣམས་ཇི་སྲིད་གནས་ཀྱི་བར་དུ་སྲུང་མར་མཛོད་ཅིག་ཅེས་བཀའ་བསྒོ་བར་བྱའོ། །དེ་ནས་གཏོར་མ་གསུམ་ནི་ཆ་གསུམ་གྱི་ཆོ་གས་བཏང་ལ། དྲུག་པ་ནི་གཞི་བདག་ལ་དབུལ་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་བྷཱུ་མི་པ་ཏི་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་དབུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་བཅོལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་བཀྲ་ཤིས་ཀྱིས་མངའ་དབུལ་བའི་ཕྱིར་ཚོགས་པ་ཐམས་ཅད་ཀྱིས་མེ་ཏོག་བཟུང་ལ། རྟེན་འབྲེལ་སྙིང་པོ་གང་མང་བརྗོད་པའི་མཐར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་མདོ་རྒྱུད་

p. 513

ལས་འབྱུང་བའི་བཀྲ་ཤིས་གང་མང་བརྗོད། མཐར་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག འཇིག་རྟེན་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག ཅེས་མེ་ཏོག་དང་རོལ་མོའི་སྒྲ་སྦྱར་བར་བྱའོ། །འཐོར་ནས་དགོས་ན་གནས་སོ་སོར་བགེགས་བསྐྲད་དང༌། ཁྲུས་བསྡུས་པ། བརྟན་བཞུགས་ཙམ་དང་བཀྲ་ཤིས་བྱ། རང་གནས་སུ་འཁོར་བ་དང༌། སླར་ཡང་བརྟན་བཞུགས་དང༌། བཀྲ་ཤིས་གང་རིགས་བརྗོད་པར་བྱའོ། །དེ་ནས་ཡོན་བདག་བསྒོ་བ་ནི། ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱི། ཁྱོད་ཀྱི་རྟེན་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པས་རྒྱུན་མི་ཆད་པར་མཆོད་པར་གྱིས་ཤིག ཅེས་བསྒོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྦྱར་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། འགྲོ་བ་རྒྱུད་ལྔ་སོགས་རྒྱས་བསྡུས་ཇི་ལྟར་རིགས་པས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ཆོ་གའི་ལྷག་ཆད་ཁ་བསྐང༌། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཆོས་སྐྱོང་གི་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་གཤེགས་གསོལ་བྱའོ། །སླར་ཡང་སྦྱིན་བདག་བསང་སྦྱང༌། སྦྱིན་པའི་བདག་པོ་རྣམས་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པའི་སྐུ་ཅན་རེ་རེར་གྱུར་ཅེས་པ་ལྟ་བུ་བདག་བསྐྱེད་གང་ཡིན་དུ་བསྐྱེད། བགེགས་བསྐྲད་མདོར་བསྡུས་དང༌། བཀྲ་ཤིས་རྫས་བརྒྱད་བསང་སྦྱང་བྱིན་གྱིས་བརླབས་ནས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོག་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་

p. 514

ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུང་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་གྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་བསྟན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག །ཅེས་སྦྱིན་བདག་ལ་འགྲིམས་ནས་རྟེན་གྱི་དྲུང་དུ་འཇོག ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་བརྗོད་ནས་སྦྱིན་བདག་གྱེས། དེ་ནས་དཔོན་སློབ་རྣམས་ཀྱིས་བདག་བསྐྱེད་ཀྱི་མཇུག་གི་བྱ་བ། རང་གི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་རླབས་ཀྱིས་བསྲུང་བས་མཚོན་རང་རང་གི་གཞུང་ལྟར་དང༌། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་སྤྱི་དང༌། བསྟན་པ་རྒྱས་པའི་སྨོན་ལམ་སོགས་གདབ། ཁ་ན་མ་ཐོ་བ་རྣམས་རྟེན་དེ་ཉིད་ལ་བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པ་ཅི་ནུས་སུ་བརྗོད་ནས། ལས་ཀྱི་རྗེས་བསྡུ་ལ་ཆོས་བཞིན་དུ་གནས་པར་བྱའོ། །ཞེས་པའང་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཞལ་སྐོང་དུ་བློ་གཏེར་དབང་པོས་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱི་གསུང་ལས་སྙིང་པོ་བཏུས་ཏེ་བཀོད་པའི་དགེ་བས་སྣོད་བཅུད་ཀྱི་རྒུད་པ་མཐའ་དག་ཞི་ཞིང༌། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བའི་རྒྱུར་གྱུར་ཅིག། །།

སཱཙྪ་འདེབས་པའི་ཆོ་ག་དགེ་ཚོགས་རྒྱ་མཚོ་འཕེལ་བའི་ཟླ་བ།

p. 515

སཱཙྪ་འདེབས་པའི་ཆོ་ག་དགེ་ཚོགས་རྒྱ་མཚོ་འཕེལ་བའི་ཟླ་བ་ཞེས་བྱ་བ་བཞུགས་སོ།།

p. 516

གང་ཕྱིར་གུས་པ་རེ་ཡང་ལྷུར་བླངས་པས། །དཔག་ཡས་བསོད་ནམས་ཆུ་གཏེར་འཕེལ་བྱེད་པ། །ཡོན་ཏན་བསམ་མི་ཁྱབ་བདག་དཀོན་མཆོག་གསུམ། །སྐྱབས་སུ་བསྟེན་ནོ་བྱང་ཆུབ་བར་དུ་སྐྱོངས། །རིང་ནས་བསགས་པའི་སྡིག་པ་སྦྱང་ཕྱིར་དང༌། །ཚད་དུ་བཅལ་དཀའི་ཚོགས་རབ་རྫོགས་བྱའི་ཕྱིར། །སཱཙྪའི་རྣལ་འབྱོར་ཉམས་སུ་བསྟར་བའི་ཚུལ། །མདོ་རྒྱུད་མཁས་པའི་གཞུང་དོན་གསལ་བར་ཕྱེ། །ཉེས་སྐྱོན་གཞོམ་པའི་གཡུལ་ངོར་མི་སྤྲོ་ཞིང༌། །ཕན་པའི་སྙིང་གྲོས་ལྐོག་ཏུ་འདོམས་མིན་ཡང༌། །ཚུལ་འདིར་འབད་པས་མངོན་མཐོ་ངེས་ལེགས་ཀྱི། །དཔལ་ཀུན་ལག་རྩེར་སྦྱིན་ལ་འདི་རྨད་བྱུང༌། །དེའང་གནས་སྐབས་གང་ཡང་རུང་བར་ཕན་ཡོན་གཞལ་དུ་མེད་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། སཱཙྪ་བསྐྲུན་པ་ལ་སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཕན་ཡོན་བསྟན་པའོ། །དང་པོ་ནི་ས་གསར་དུ་བླང་དགོས་ན། གནས་དེར་གཞི་བདག་ལ་གཏོར་མ་བྱིན་ལ་ས་བསླང༌། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུྃ་ཞེས་བརྗོད་པས། རིན་ཆེན་སྣ་བདུན་གྱི་ས་གཞིར་བསམས་ལ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊཱ་ཡ་

p. 517

ཧཱུྃ་ཞེས་བརྗོད་ཀྱིན་བརྐོ་སྟེ་ས་བླངས་ཟིན་པ་ལ་མི་དགོས་སོ། །གཉིས་པ་ནི་ས་དེས་འཇིམ་པ་བརྫིས་ཏེ་བརྡུང་བ་ན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གང་མོས་པའི་ལྷར་གསལ་བས་འཇིམ་པ་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་པས་འཇིམ་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་ཕུང་པོར་གྱུར། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༌། འཇིམ་པ་ལ་ཐིམ་པས་འཇིམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དུ་གྱུར་པར་བསམ་ཞིང༌། ལག་པ་གཡོན་པའི་མཐེའུ་ཆུང་བཀུག་པ་མཐེ་བོས་མནན་པ་གན་རྐྱལ་དུ་བཞག་པའི་སྟེང་གཡས་པའང་དེ་བཞིན་དུ་བྱས་པ་ཁ་བུབ་ཏུ་བཞག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ།«་་་་་བཅོམ་ལྡན་འདས་

p. 518

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།» ཏདྱ་ཐཱ། «་་་་་འདི་ལྟ་སྟེ།» ཨོཾ་སཱུཀྵྨེ་སཱུཀྵྨེ།«་་་་་རྡུལ་ཕྲན་རྡུལ་ཕྲན།» ས་མེ་ས་མ་ཡ།«་་་་་མཉམ་པའི་དམ་ཚིག་མ།» ཤཱནྟེ་དཱནྟེ།«་་་་་ཞི་མ་དུལ་མ།» ཨ་ས་མཱ་རོ་བྲེ།«་་་་་མཉམ་མེད་རང་བཞིན་མ།» ཨ་ན་ལམྦྷེ།«་་་་་དམིགས་པ་མེད་མ།» ཏ་རམྦྷེ།«་་་་་སྒྲོལ་མ།» ཡ་ཤོ་ཝ་ཏཱི།«་་་་་སྙན་གྲགས་ལྡན་མ།» མ་ཧཱ་ཏེ་ཛ།«་་་་་གཟི་བརྗིད་ཆེན་པོ།» ནི་ར྄་ཀུ་ལེ།«་་་་་རིགས་ཐལ་མ།» ནིར྄་ཝ་ཎེ།«་་་་་མྱ་ངན་ལས་འདས་མ།» སརྦ་བུདྡྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ།«་་་་་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་མ།» ཞེས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་འདི་ལན་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབ། འཇིམ་པ་བཅད་པའི་ཚེ། ན་མསྶ་མནྟ་བུདྡྷཱ་ནཱཾ།«་་་་་ཀུན་ནས་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།» ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ།«་་་་་རྡོ་རྗེའི་ཚེ་རུ་གཞི་ཚུགས།» ཞེས་བརྗོད་པས་ཆོས་ཀྱི་སྐུར་གྲུབ་པར་བསམ། འབི་འབི་བྱ་བའི་ཚེ། ཨོཾ་བཛྲོ་དྦྷ་ཝཱ་ཡ་སྭཱ་ཧཱ།«་་་་་རྡོ་རྗེ་འབྱུང་བའི་ཆེད་དུ་གཞི་ཚུགས།» ཞེས་བརྗོད་ཅིང་ཡེ་ཤེས་ལྔའི་རང་བཞིན་རྒྱས་པར་བསམ། སྣུམ་འབྱུག་པ་དང་འོག་ཏུ་ས་དཀར་འབྱུག་པ་ན། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ།«་་་་་རྡུལ་མེད་རྡུལ་བྲལ་མ།» ཞེས་བརྗོད་ཅིང་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོས་བསྒོས་པར་བསམ། འབི་འབི་རྒྱར་གཞུག་པ་ན། ཨོཾ་དྷརྨྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ།«་་་་་ཆོས་ཀྱི་རིང་བསྲེལ་སྙིང་པོ་མ།» ཞེས་བརྗོད་ཅིང་ཐབས་དང་ཤེས་རབ་ཟུང་དུ་ཆུད་པར་བསམ། བརྡུང་བའི་ཚེ། ཨོཾ་བཛྲ་མུངྒ་ར་ཨཱ་ཀོཊྚཱ་ཡ་ཧཱུྃ།«་་་་་རྡོ་རྗེ་ཐོ་བས་རྡུངས་ཤིག་རྡུངས་ཤིག» ཞེས་དང༌། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏྲ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་ཡེ་ཤེས་ཆེན་པོའི་ངོ་བོར་གྱུར་པར་བསམ། དེ་ནས་ནང་གི་གཟུངས་རིགས་ལྔའི་ས་བོན་དང་རྟེན་འབྲེལ་སྙིང་པོ། གཙུག་ཏོར་དྲི་མེད་ཀྱི་གཟུངས་རྣམས་བྲིས་པའམ། མེད་ན་འབྲུའི་མེ་ཏོག ཨོཾ་སརྦ་བིདྱཱ་སྭཱ་ཧཱ།«་་་་་ཐམས་ཅད་རིག་མ།» ཞེས་བརྗོད་ཅིང་ནང་དུ་དབུལ། རྒྱ་ནས་འདོན་པ་ན། ཨོཾ་དྷརྨྨ་ར་ཏེ་སྭཱ་ཧཱ།«་་་་་ཆོས་

p. 519

ཀྱི་དགའ་བ་མ།» ཞེས་བརྗོད་ཅིང་རྒྱུ་དང་འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པར་བསམས་ཏེ། དེ་ཡན་གྱིས་ལོངས་སྐུར་གྲུབ་པར་བསམ། གདན་ལ་བཞུགས་སུ་གསོལ་བ་ན། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ།«་་་་་ལེགས་པར་རབ་གནས་རྡོ་རྗེ་མ།» ཞེས་བརྗོད་ཅིང་སྤྲུལ་སྐུར་གྲུབ་པར་བསམས་ཏེ། དེ་ལྟར་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པར་བསམས་ལ། གོང་གི་སྔགས་དང་བཅས་པས་ས་དཀར་གསོལ། དེ་ནས་མེ་ཏོག་ཐོགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟེ།«་་་་་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་བརྒྱ་ཕྲག་མར་མེ་མ།» ཛྭ་ལ་ཛྭ་ལ་དྷརྨྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ།«་་་་་འབར་བ་འབར་བ་ཆོས་ཀྱི་རིང་བསྲེལ་སྙིང་པོ་མ།» ཞེས་དང་རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར་བ་ནི་རབ་གནས་བསྡུས་པར་འགྱུར་ཞིང༌། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག །ཅེས་པས་དགེ་བ་བསྔོ་བ་སྟེ། དེ་དག་ནི་སཱཙྪའི་ཆོ་ག་རྒྱས་པར་བྱ་བའི་ཚུལ་ལོ། །ཡང་ན་འཇིམ་པ་སྭ་བྷཱ་ཝས་སྦྱང་བ་ནས། རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་སྔགས་ཉེར་གཅིག་བཟླས་པའི་བར་སྔར་བཞིན་བྱས་ལ། འདེབས་པའི་ཚེ་རྟེན་འབྲེལ་སྙིང་པོ་ཁོ་ན་ཟློ་ཞིང་བཏབ་པས་སཱཙྪ་སྐུ་གསུམ་གྱི་ངོ་བོར་གྲུབ་པར་བསམས་ལ། རབ་ཏུ་གནས་པའི་སྔགས་རྣམས་བརྗོད་དེ། དགེ་བ་བསྔོ་བ་གོང་ལྟར་བྱ་བ་ནི་འབྲིང་དུ་བྱ་བའི་ཚུལ་ལོ། །ཡང་ན་འཇིམ་པའི་གོང་བུ་ལ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་ཅི་ནུས་བཟླས་པས་བྱིན་གྱིས་བརླབས་ཏེ་རྟེན་འབྲེལ་སྙིང་པོ་ཟློ་ཞིང་བཏབ་ལ། རབ་གནས་ཀྱང་སྔགས་དེ་ཉིད་ཀྱིས་མེ་ཏོག་འབུལ་བ་དང་དགེ་བ་བསྔོ་བ་ནི་བསྡུས་པར་བྱ་བའི་ཚུལ་ལོ། །གཤིན་དོན་དུ་རུས་བུ་ལ་སོགས་པ་ལས་སཱཙྪ་འདེབས་པའི་ཆོ་ག་ནི་ཀུན་རིག་གི་རྩ་རིག་འདོན་པ་སོགས་གཞན་དུ་གསལ་བས་འདིར་མ་བྲིས་སོ། །དེ་

p. 520

ལྟར་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གང་རུང་གིས་སཱཙྪ་རྒྱུན་ཁྱེར་ལྟ་བུར་བྱེད་པའི་ཚེ། ཡུལ་མཆོག་དམན་གྱི་ཆེད་དུ་དམིགས་པའི་བསྔོ་བ་སྨོན་ལམ་བྱ་བའམ། འདོད་དོན་གསོལ་གདབ་དང་འབྲེལ་བར་ཉམས་སུ་བསྟར་བའི་དབང་དུ་བྱེད་ན། སཱཙྪ་ཚར་ལྔ་བཏབ་པའི་དང་པོའི་དགེ་བ་བསྔོས་པའི་རྗེས་ཐོག་དེ་མ་ཐག་པར། འདི་སྐད་དུ། སངས་རྒྱས་སྤྱན་སྔར་མཆོད་པའི་སྤྲིན་གྱིས་གཏིབས། །ལུང་རྟོགས་བསྟན་པ་དྲི་མེད་ཕྱོགས་བཅུར་རྒྱས། །བཤད་དང་སྒྲུབ་པ་ལྷུར་ལེན་འདུས་པའི་ཚོགས། །ནོར་འཛིན་དཀྱིལ་འཁོར་ཡོངས་ཁྱབ་རྒྱས་པར་ཤོག །ཅེས་བརྗོད། གཉིས་པའི་རྗེས་སུ། དངོས་བརྒྱུད་དཔལ་ལྡན་བླ་མ་གང་བྱོན་པའི། །ཟབ་ཡངས་ཐུགས་ཀྱི་དགོངས་པ་རྫོགས་པ་དང༌། །ད་ལྟར་བཞུགས་རྣམས་སྐུ་ཚེ་རིང་འཚོ་ཞིང༌། །ཕྲིན་ལས་འགྲོ་དོན་ཕྱོགས་བྲལ་རྒྱས་པར་ཤོག །ཅེས་དང༌། གསུམ་པའི་རྗེས་སུ། བདག་ཀྱང་སྐྱེ་བ་འདི་དང་ཡང་སྲིད་རྣམས། །དཀོན་མཆོག་སྐྱབས་བཟུང་ཚེ་དཔལ་འབྱོར་པ་འཕེལ། །ཚོགས་ཟུང་རྒྱ་མཚོའི་ཕ་རོལ་ལེགས་བརྒལ་ཏེ། །ཡོན་ཏན་རིན་ཆེན་གཏེར་ལ་དབང་འབྱོར་ཤོག །ཅེས་དང༌། བཞི་པའི་རྗེས་སུ། སྐྱེད་བྱེད་དྲིན་དུ་ཆེ་བ་ཕ་མས་མཚོན། །མར་གྱུར་རིགས་དྲུག་སེམས་ཅན་སྲིད་དོ་ཅོག །སྡུག་བསྔལ་ཀུན་འབྱུང་འཆིང་བ་ཡོངས་གྲོལ་ནས། །ཐམས་ཅད་མཁྱེན་པའི་གྲོང་མཆོག་ཕྱིན་པར་ཤོག །ཅེས་དང༌། ལྔ་པའི་རྗེས་སུ། དུས་བྱས་རིང་པོ་མ་ཡིན་མི་ཕྱུགས་ཀྱིས། །ཉེར་མཚོན་སྲིད་པ་བར་དོའི་སེམས་ཅན་རྣམས། །འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་ཀུན་བྲལ་བར། །དཀོན་མཆོག་བྱིན་རླབས་རྫོགས་འཚང་རྒྱ་བར་ཤོག །ཅེས་བརྗོད། འདོད་གསོལ་བྱེད་ན་ཤོག་ཅེས་པའི་ཚབ་ཏུ། མཛོད་ཅེས་པའི་སྐུལ་ཚིག་བསྒྱུར་བས་གྲུབ་བོ། །གནས་སྐབས་འགའ་ཞིག་ཏུ་སྤྲོ་བའམ་སཱཙྪ་མང་པོ་དུས་གཅིག་ཏུ་

p. 521

བསགས་ལ་རབ་གནས་འབྲིང་པོ་ཙམ་བྱེད་ན། རང་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་སུམྦྷ་ནི་སུམྦྷ་སོགས་ཀྱིས་བགེགས་བསྐྲད། བསྒྲུབས་པའི་བུམ་ཆུའམ་རྟེན་རྙིང་པ་ལ་སྐུ་ཁྲུས་གསོལ་བའི་ཁྲུས་ཆུ་ཡོད་པའམ་མེད་ན་ཡིད་ཀྱིས་བསམས་ལ། ཇི་ལྟར་བལྟམས་པ་སོགས་ནས། ཤྲི་ཡེ་ཧཱུྃ་གི་བར་གྱིས་ཁྲུས་གསོལ། སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། སྟོང་པའི་ངང་ལས་སཱཙྪའི་གྲངས་དང་མཉམ་པའི་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་ཀྱི་སྐུར་གྱུར། དེ་ཞུ་བ་ལས་ཆོས་སྐུའི་མཆོད་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་དབུས་སུ་སེང་གེ ཤར་དུ་གླང་ཆེན། ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་རེ་རེ་དང་བཅས་པའི་དབུས་སུ། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་གཞག་གི་ཕྱག་རྒྱ་ཅན། ལྷོར་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གིས་མཚན་པ་ལས་རིན་འབྱུང་སེར་པོ་མཆོག་སྦྱིན་དང་མཉམ་གཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འོད་དཔག་མེད་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། བྱང་དུ་ཨཿལས་སྣ་ཚོགས་རྡོ་རྗེ་ཨཿས་མཚན་པ་ལས་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་གཞག་གི་ཕྱག་རྒྱ་ཅན་ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་མཐའ་སྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པར་གྱུར་ཅེས་དང༌། སྐུ་བརྙན་ཡོད་ན། སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ། ཨོཾ་

p. 522

ཨཱཿཧཱུྃ་ལས་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྐྱེད་དོ། །དེ་ནས་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཞེས་མང་དུ་བརྗོད་པས་བསྟིམ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས་ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་སོགས་ཀྱིས་བསྟོད། མིག་ཐུར་རམ་རྡོ་རྗེ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་བཟུང་ནས་སྤྱན་དབྱེ་བའི་ཚུལ་བྱ་ཞིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་སྟེ་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་

p. 523

ཅེས་བརྗོད། ཏིང་ངེ་འཛིན་གྱིས་བསྐྱེད་ཅིང་བསྟིམས་པའི་ལྷ་དེ་རྣམས་འོད་དུ་ཞུ་བ་ལས། རྟེན་སོ་སོའི་རྣམ་པར་གྱུར་པར་བསམ། འབྲུ་གཙང་མའི་མེ་ཏོག་ཡེ་དྷརྨཱའི་སྔགས་ཀྱི་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ་ཞེས་དང༌། ཡེ་དྷརྨཱ་ལན་གསུམ་བརྗོད་ཅིང་མེ་ཏོག་གཏོར། སླར་ཡང་མཆོད་བསྟོད་སྔར་བཞིན་བྱ། ཕུན་སུམ་ཚོགས་པའམ། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་སྟེ། རྟེན་རྣམས་སྐྱེ་བོས་མི་འགོམ་པའི་ཕྱོགས་སུ་བཞུགས་སུ་གསོལ་ལོ། །གསུམ་པ་ནི། སྤྱིར་མཆོད་རྟེན་ཞེས་པ་དེ་བཞིན་གཤེགས་པའི་རྟེན་གསུམ་སྤྱི་ལ་འཇུག་མོད། འདིར་མཆོད་རྟེན་དང་སྐུ་གཟུགས་སོ་སོར་སྨོས་ཏེ་བཞེངས་པའི་ཕན་ཡོན་གསལ་རྒྱལ་གྱིས་ཞུས་པར། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །གཟུགས་སྐུ་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱངས་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པར་སངས་རྒྱས་གོ་འཕང་ཐོབ། །

p. 524

ཅེས་སོགས་དང༌། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བརྗོད་པར། གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་གཞལ་མེད་ཁང་ཆེན་པོར་གནས་པ་སོགས་དང༌། ཕྱུག་ཅིང་ནོར་མང་བ་སོགས་དང༌། གཟུགས་བཟང་ཞིང་ལྟ་ན་སྡུག་པ་སོགས་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སོགས་དང༌། ལུས་དང་བྲལ་མ་ཐག་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷར་སྐྱེས་ནས་དེར་ལྷའི་གནས་བཅུ་ལ་ལོངས་སྤྱོད་པ་ལ་སོགས་པའི་ཕན་ཡོན་ལྔ་གསུངས། འཕགས་པ་རྨད་དུ་བྱུང་བ་ལས་ཀྱང༌། འཛམ་བུའི་གླིང་ནས་བརྩམས་ཏེ་སྟོང་གསུམ་འཇིག་རྟེན་ཁམས་ཀྱི་བར་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་པའི་བསོད་ནམས་ཆེས་ཆེ་བར་བསྔགས་པ་སོགས་གསུང་རབ་རྣམས་ལས་རྒྱ་ཆེར་འབྱུང་ཞིང༌། གོང་གི་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོའི་གཟུངས་བཟླས་ཏེ་མཆོད་རྟེན་བྱས་པའི་ཕན་ཡོན་ནི། གཟུངས་དེ་ཉིད་ལས། གཟུངས་འདི་འཇིམ་པའམ་བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་མཆོད་རྟེན་བྱའོ། །མཆོད་རྟེན་དེ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མཆོད་རྟེན་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་དྲན་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་

p. 525

བར་འགྱུར་རོ་ཞེས་དང༌། དེ་བཞིན་དུ་རྟེན་འབྲེལ་སྙིང་པོ་བཟླས་པའམ་ནང་དུ་བཅུག་པའི་ཕན་ཡོན་སོགས་མང་དུ་འབྱུང་བ་རྣམས་ཤེས་པར་བྱས་ནས་ཚུལ་འདི་ལ་ཤིན་ཏུ་འབད་པར་རིགས་སོ། །སྨྲས་པ། ཐུབ་གསུང་རིག་བྱེད་འབྱིན་པོའི་བཀའ་ཡིས་སྩལ། །དགོངས་འགྲེལ་བདེ་འབྱུང་རལ་པའི་ཁྲོད་དུ་གནས། །དམ་པའི་གཟུགས་བརྙན་སྒྲུབ་ཐབས་མཐོ་རིས་ཀླུང༌། །ཐོས་བརྩོན་སྐལ་ལྡན་ཤིང་རྟས་འདི་ན་དྲངས། །ཚེགས་ཆུང་ཕན་ཡོན་ཆེ་བ་མང་བསྙད་ཀྱང༌། །བདེ་གཤེགས་གཟུགས་བརྙན་བསྐྲུན་པའི་དོ་ཟླ་སུ། །ཡིད་འཕྲོག་མེ་ཏོག་གྲངས་མེད་བཞད་པའི་དབུས། །ཨུ་དུམ་ཝཱ་ར་གཉིས་པ་ཅང་མཆིས་སམ། །ཚུལ་འདི་བསྡེབས་པའི་གཡར་དམ་ཡི་གེ་དག །སྙིང་ལ་བཀོད་པ་གང་ཚེ་ས་སྐྱོང་གི། །གསུང་བསྐུལ་སྙན་དངགས་ལྷང་ལྷང་འཇེབས་པའི་ཚེ། །སུག་པའི་ཡལ་འདབ་ཟློས་བུའི་གར་གྱིས་རྩེན། །དགེ་ཚོགས་སྟོབས་སུ་རྫོགས་པའི་རུ་སྦལ་གྱིས། །ཚོགས་གཉིས་རྒྱ་མཚོ་ལ་ཞུགས་རྣམ་པ་ཀུན། །མཁྱེན་པའི་ཀུན་བཟོད་དཀྱིལ་འཁོར་ལེགས་ཕྱུང་ནས། །ལུས་ཅན་བདེ་བར་ངལ་གསོའི་རྟེན་གྱུར་ཅིག། །།ཅེས་སཱཙྪ་འདེབས་པའི་ཆོ་ག་དགེ་ཚོགས་རྒྱ་མཚོ་འཕེལ་བའི་ཟླ་བ་ཞེས་བྱ་བ་འདི་ནི། སྒང་འགྲམ་ས་འཛིན་བློ་བཟང་བྱམས་པ་ཞེས་པའི་གསུང་མཆིད་ཀྱིས་བསྐུལ་ངོར། དྲི་མ་མེད་པའི་བཀའ་དང༌། ཇོ་བོ་ཨ་ཏི་ཤ་ལ་སོགས་པ་འཕགས་བོད་ཀྱི་དྲན་དབང་མང་པོའི་དགོངས་འགྲེལ་ལས་ཇི་ལྟར་འབྱུང་བ་ཉམས་སུ་བླང་བདེ་བར་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས་དཔལ་གདོང་ཞེས་པ་གསར་ཚེས་ཀྱི་བགྲང་གཞིའི་ཆུ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ། སྒྲ་མཁན་རྒྱལ་སར་ཕེབས་པའི་ཉིན་གྲུབ་པར་བགྱིས་པ་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག། །།

ལྷག་པའི་ལྷ་རབ་འབྱམས་ལ་སྦྱར་དུ་རུང་བའི་མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ།

p. 526
p. 527

ལྷག་པའི་ལྷ་རབ་འབྱམས་ལ་སྦྱར་དུ་རུང་བའི་མཆོད་ཕྲེང་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

p. 528

ཨོཾ་སྭ་སྟི་སིདྡྷཾ། འདིར་རྣལ་འབྱོར་པ་གང་ཞིག་རང་གི་ལྷག་པའི་ལྷ་གང་ཡང་རུང་བའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ལ་སོགས་པའི་དུས་སྐབས་ཇི་ལྟར་རིགས་པར་མཆོད་ཡུལ་རྣམས་ལ་མཆོད་པ་འབུལ་བའི་ཚིག་གི་ཕྲེང་བ་མདོ་རྒྱུད་རང་རང་གི་བབས་དང་མཐུན་པར་སྦྱར་བར་འོས་པའི་མཆོད་ཕྲེང་མདོ་རྒྱུད་བསྟན་བཅོས་རྣམ་དག་ལས་བྱུང་ཞིང་ཡོངས་སུ་གྲགས་པ་འགའ་ཞིག་བཙལ་སླ་བ་དང་ཉེ་བར་མཁོ་བའི་ཆེད་ཕྱོགས་གཅིག་ཏུ་བསྡེབས་པ་ལ། ཐོག་མར་མདོ་ལུགས་དཀོན་མཆོག་ཏ་ལ་ལས་བྱུང་བའི་མཆོད་ཕྲེང་ལས་ཉེ་བར་སྤྱོད་པའི་མཆོད་པ་ཁོལ་དུ་བྱུང་བ་ནི། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །སྔགས་སྤེལ་ན། ཨོཾ་སརྦ་ཏ་ཐཱ་ག་ཏའམ། སརྦ་བུདྡྷ་བོ་དྷི་སཏྭཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། མཆོད་ཡོན་གྱི་གནས་སུ་ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དང༌། ཨརྒྷཾ་གྱི་གནས་སུ་པཱ་དྱཾ། པཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ་རྣམས་

p. 529

བཅུག་ཅིང༌། མཆོད་སྤྲིན་གྱི་གཟུངས་རོལ་མོ་དང་བཅས་པ་བྱ། དེ་བཞིན་དུ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །སངས་རྒྱས་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བའི་དོན་ཀུན་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་གོང་ལྟར་སྦྱར། མཆོད་ཡོན་དང༌། ཨརྒྷཾ་གྱི་གནས་སུ། མེ་ཏོག་དང༌། པུཥྤེ་ལ་སོགས་པ་འབྱིན་འཇུག་བགྱིས་ཏེ་བརྗོད་དོ། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུག་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སོགས་ཆུ་གཉིས་ཡོད་ན་ཞབས་བསིལ་ནས། ཤབྡའི་བར་སྦྱར་ཞིང༌། འདི་དག་ལ་དྷརྨ་ར་ཎི་ཏ་སོགས་ཀྱིས་བྱིན་བརླབ་བོ། །དེ་རྣམས་ལ་སོགས་པ་སྤྱིར་འགྲོ་བ་དང༌། བྱེ་བྲག་རྒྱུད་སྡེ་བཞིའི་མཆོད་ཕྲེང་དམིགས་ཀྱིས་བསལ་བ་ནི། ཐོག་མར་བྱ་རྒྱུད་ལེགས་གྲུབ་ལས་གསུངས་པ་ནི། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་མཆོད་ཡོན་མཆོག་འདི་དག །

p. 530

མཆོག་ཏུ་དད་པས་ཁྱོད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། ཨོཾ་པྲ་བ་ར་སཏྐྭཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མ་ལས་སྐྱེས་པའི། །ལྷ་རྫས་ཀྱི་ནི་མེ་ཏོག་འདི། །བདག་གིས་དད་པས༴ །བཞེས་ནས་བདག་ལ༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ༴ གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་དྲི་འདི་དག །བདག་གིས༴ །བཞེས་ནས༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ༴ །དྲི་ཡིས་རྒྱས་པ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་དག །བདག་གིས༴ །བཞེས་ནས༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ༴ སྨན་རྣམས་བཅུད་ནི་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཅུད་འདི་དག །བདག་གིས༴ །བཞེས་ནས༴ །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྭནྣ་ཏྭཱ་ཏ་པཱུ་ཛ༴ གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས༴ །བཞེས་ནས༴ །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ༴ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སོ། །དེ་ནས་རྣལ་འབྱོར་གྱི་རྒྱུད་སོགས་གོང་མ་རྣམས་ཀྱི་མཆོད་ཕྲེང་ནི། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །འཁོར་ལོས་སྒྱུར་བའི་རིག་པས་བྱིན་བརླབས་པའི། །ལྷ་རྫས་མཆོད་ཡོན་ཇི་སྙེད་མཆིས་པ་ཀུན། །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །མཆོད་ཡོན་མའི་ལས་རྒྱ་བཅིངས་ལ་ཨརྒྷཾ་སོགས་དང༌། དེ་བཞིན་དུ་མེ་ཏོག་ནས། རོལ་མོའི་བར་དང༌། པུཥྤེ་ནས་ཤབྡའི་བར་དང༌། ཕྱག་རྒྱ་བཅིང་བ་རིགས་འགྲེ། རྡོ་

p. 531

རྗེ་ཁུ་ཚུར་གཉིས་ཀྱིས་དཔྲལ་བའི་ཐད་དུ་ན་བཟའ་འཛིན་ཚུལ་བྱས་པ་དང༌། འཇིག་རྟེན་འདིའམ༴ །ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་བའི་རས་ཟུང་ཇི་སྙེད་ཀྱང༌། །རྒྱལ་བ་སྲས་དང༴ །སྔགས་རྣམས་གོང་ལྟར་གྱི་རྗེས་སུ་ཨོཾ་བཛྲ་ཝསྟྲ། ལག་གཡོན་མཉམ་གཞག་དང་གཡས་ཀྱི་ཐལ་མོ་ཁ་ཐུར་བསྟན་དཔྲལ་བའི་ཐད་ནས་གཡས་སྐོར་བྱས་པ་དང༌། འཇིག་རྟེན༴ །རིན་ཆེན་བླ་རེ་ཡིད་འོང་རྒྱན་དང་ལྡན། །ཆེན་པོའི་ཉེར་སྤྱོད་བདེ་བ་སྒྲུབ་པ་ཡང༌། །རྒྱལ་བ༴ བི་ཏཱ་ནཾ། ལག་གཡོན་པའི་མཐིལ་དུ་གཡས་པའི་ལག་ངར་གྱེན་དུ་བསྒྲེངས་པའི་གྲུ་མོ་བཙུགས་པ་དང༌། འཇིག་རྟེན༴ །ལྷ་རྫས་ལས་བྱུང་སྣ་ཚོགས་མདོག་དང་ལྡན། །བ་དན་ཡིད་འོང་ཕྱོགས་བཅུར་གཡོ་བ་ཡང༌། །རྒྱལ་བ༴ །པ་ཏཾ་ཀ གཡོན་སྙིང་གར་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་མཐེ་བོ་བསྒྲེངས་པའི་སྟེང་ནས་གཡས་པའི་ཐལ་མོ་ཁ་སྦུབ་པ་དང༌། འཇིག་རྟེན༴ །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །རྒྱལ་བ༴ །ཙྪ་ཏྲཾ་ག ལག་ངར་གཉིས་གཡས་གཡོན་སོ་སོར་གྱེན་དུ་བསྒྲེངས་པའི་སྲིན་ལག་གཉིས་བཀུག་གུང་མཛུབ་གཤིབས་ཏེ་བསྒྲེང༌། མཐེ་བོ་མཐེའུ་ཆུང་སོ་སོར་བསྒྲེང༌། འཇིག་རྟེན༴ །རིན་ཆེན་རྒྱལ་མཚན་ནོར་བུའི་ཏོག་གིས་སྤྲས། །བདུད་ཀྱི་དགྲ་ལས་རྒྱལ་བའི་བ་དན་འཕྱར། །རྒྱལ་བ༴ །དྷྭ་ཛ། སྔགས་རྣམས་གོང་ལྟར་བརྗོད། འཇིག་རྟེན༴ །ཁ་དོག་དབྱིབས་ལེགས་དྲི་ཞིམ་ཡིད་འོང་བའི། །མེ་ཏོག་སྣ་ཚོགས་སྐྱེ་བའི་ཤིང་རྣམས་ཀྱང༌། །རྒྱལ་བ༴ །མེ་ཏོག་མའི་ལས་རྒྱ་སོགས་བྱེད་པ་འགྲེ་བས། ཨོཾ། ཨོཾ་བཛྲ་པུཥྤེ་ཧཱུྃ། སེ་གོལ་གཏོགས་ཏེ། ཨོཾ་བཛྲ་སྥ་ར་ཎ་ཁཾ། འཇིག་རྟེན༴ །བསིལ་ཞིང་དྲི་ཞིམ་རེག་ན་གདུང་བ་སེལ། །ཡིད་འཕྲོག་དྲི་མཆོག་ཇི་སྙེད་ཡོད་པ་ཡང༌། །རྒྱལ་བ༴ །ཐོག་མཐའི་སྔགས་དང་ཕྱག་རྒྱ་འདྲ་བས།

p. 532

ཨོཾ། ཨོཾ་བཛྲ་གནྡྷེ་ཧཱུྃ། འཇིག་རྟེན༴ །ག་བུར་ལ་སོགས་ལེགས་པར་སྦྱར་བ་ཡི། །ལྷ་རྫས་བདུག་པའི་སྤོས་སྤྲིན་འཁྲིགས་པ་ཡང༌། །རྒྱལ་བ༴ །ཨོཾ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། འཇིག་རྟེན༴ །ལྷ་རྫས་ལས་བྱུང་རིན་ཆེན་སྒྲོན་མེ་འབར། །ཕྱོགས་བཅུའི་མུན་པ་ཀུན་དུ་སེལ་བ་ཡང༌། །རྒྱལ་བ༴ ཨོཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། འཇིག་རྟེན༴ །ཁ་དོག་བཟང་ཞིང་དྲི་ཞིམ་རོ་བརྒྱ་ལྡན། །སྭསྟི་ཀ་སོགས་ཞལ་ཟས་སྣ་ཚོགས་ཀྱང༌། །རྒྱལ་བ༴ །ཨོཾ་ཨཱ་ཀ་རོ་སོགས། པི་ཝཾ་ལ་སོགས་རོལ་མོའི་ཁྱད་པར་བཅུ། །རྣར་སྙན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། །རྒྱལ་བ༴ །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རོལ་མོ་རྡུང་ཚུལ་དང་རོལ་མོ་བྱེད། ཨོཾ་བཛྲ་ཧཱུྃ་ཁཾ། བཛྲ་ཧཱུྃ་གྷཱུྃ། བཛྲ་ཧཱུྃ་ཏེ། བཛྲ་ཧཱུྃ་སྟྭཾ། བཛྲ་ཏྲཱི་ཏེ། བཛྲ་ཏྲཾ་ཀ བཛྲ་དྷཱ་ཏུ། བཛྲ་ཌཽ་བུ་དྷ། ཨོཾ་ཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། རྡོ་རྗེ་གར་མའི་ཕྱག་ཆེན་བྱེད་ཅིང༌། འཇིག་རྟེན༴ །ལེགས་པར་སྦྱར་བའི་གར་མཁན་རོལ་མོ་བ། །རབ་མཛེས་དགའ་བའི་རྩེད་འཇོ་བྱེད་པ་ཀུན། །རྒྱལ་བ༴ །ཨོཾ་ཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། རྡོ་རྗེ་ཁུ་ཚུར་གཉིས་དཔྲལ་བར་བཞག་པ་དང་མཁྲིག་མ་གཡས་གཡོན་སྙན་གཡས་གཡོན་ལ་བཞག་པ་དང༌། བྲང་ལ་དོ་ཤལ་དང༌། མགུལ་རྒྱན་དང༌། དཔུང་རྒྱན་གཡས་གཡོན་དང༌། དེའི་འོག་སོར་བཞིར་སྲུང་སྐུད་དང༌། རྐེད་རྒྱན་དང༌། ཞབས་གདུབ་རྣམས་འབུལ་ཚུལ་བྱེད་ཅིང༌། འཇིག་རྟེན༴ །ལྷ་རྫས་རིན་ཆེན་ལས་གྲུབ་ཅོད་པན་དང༌། །གདུ་བུ་རྣ་རྒྱན་ལ་སོགས་རྒྱན་མཆོག་ཀུན། །རྒྱལ་བ༴ །སྔགས་གཉིས་འོག་མ་ཐམས་ཅད་ལ་འདྲ། རྡོ་རྗེ་ཁུ་ཚུར་གཉིས་ལས་གུང་མཛུབ་གཉིས་བཤིབས་ཏེ་བརྐྱང་བ་ལན་གཅིག་ཕྱིར་བསྐོར་ནས་སླར་ནང་དུ་བསྐོར་བ་ལག་གཡས་གཡོན་དུ་བརྐྱང་ཚུལ། འཇིག་རྟེན༴ །ཕྱོགས་རྣམས་ཀུན་ཏུ་ལེགས་པར་དཔྱངས་པ་ཡི། །མཛེས་པའི་དར་དཔྱངས་ཁྱད་འཕགས་ཡོད་པ་ཀུན། །རྒྱལ་བ༴ །ཕྲེང་བ་མའི་ལས་རྒྱ་བྱེད་དེ། །འཇིག་རྟེན༴ །དྲི་ཞིམ་མལླི་ཀ་དང་ལེགས་སྤེལ་

p. 533

བའི། །རིན་ཆེན་མེ་ཏོག་ཕྲེང་བ་མཛེས་པ་ཡང༌། །རྒྱལ་བ༴ ཁུ་ཚུར་གཉིས་ཀྱིས་རྔ་ཡབ་གཡོབ་ཚུལ་དང༌། གཡོན་སྙིང་གར་བཟུང༌། གཡས་པའི་གུང་མཛུབ་གཉིས་བརྐྱང་བ་ཐུར་བསྟན་གྱིས་དེའི་སྟེང་དུ་གཞལ་ཡས་ཁང་གྲུ་བཞིའི་དབྱིབས་བྱེད་ཅིང༌། རིན་ཆེན་རྔ་ཡབ་དྲྭ་བ་དྲྭ་ཕྱེད་དང༌། །ཟླ་ཕྱེད་ནོར་བུའི་རྒྱན་སྤྲས་གཞལ་མེད་ཁང༌། །རྒྱལ་བ༴ ཁུ་ཚུར་ཁ་སྦྱར་བའི་གུང་སྲིན་བརྐྱང་མཐེ་བོ་གཉིས་བསྒྲེང་བ་རྣ་བ་ལྟར་བྱས་པ་རྟའི་རྒྱ་དང༌། འཇིག་རྟེན༴ །བདེ་བའི་གནས་སུ་མྱུར་བའི་ཤུགས་ཀྱིས་བགྲོད། །དགྲ་ལས་རྒྱལ་བྱེད་ཅང་ཤེས་རྟ་ཡི་ཁྱུ། །རྒྱལ་བ༴ །གཡོན་པའི་ལག་མཐིལ་དུ་གཡས་པའི་ལག་ངར་བསྒྲེངས་པའི་གྲུ་མོ་བཙུགས་པའི་ཁུ་ཚུར་ཐུར་དུ་བཀུག་པའི་གུང་མོ་སྣ་ལྟར་བརྐྱང་བ་གླང་པོ་ཆེའི་རྒྱ་དང༌། འཇིག་རྟེན༴ །ཤིན་ཏུ་སྟོབས་ལྡན་རིན་ཆེན་དྲྭ་བས་སྤྲས། །དགྲ་འཇོམས་བཞོན་པའི་མཆོག་གྱུར་གླང་ཆེན་ཁྱུ། །རྒྱལ་བ༴ ཐལ་མོ་ཁོང་སྟོང་དང༌། འཇིག་རྟེན༴ །གནས་ཆེན་རྣམས་ཀྱི་འདོད་པའི་དོན་སྒྲུབ་པའི། །ཉེར་སྤྱོད་འདོད་འཇོའི་བ་ལ་སོགས་པའི་ཁྱུ། །རྒྱལ་བ༴ །འཇིག་རྟེན༴ །རྟ་བབས་ཡིད་འོང་དྲིལ་བུ་ལ་སོགས་པའི། །རྒྱན་གྱིས་སྤྲས་པ་ཕྱོགས་བཅུར་བཀོད་པ་ཡང༌། །རྒྱལ་བ༴ །ཐལ་མོ་ཁོང་སྟོང་དང༌། ཨོཾ་ཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་མཆོད་པ་ཉེར་གཅིག་པས་མཆོད་ལ། མཆོད་པ་ཉི་ཤུ་པ་ནི་ལོགས་ནས་འབྱུང་སྟེ་འདིར་ཡང་སྤྲོ་ན་ཚིགས་བཅད་དང་སྔགས་ཙམ་གྱིས་བྱ། མཆོད་པ་ཉེར་ལྔ་པ་ནི། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །ལྷ་རྫས་ལས་གྲུབ་རིན་ཆེན་ཅོད་པན་མཆོག །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཚིགས་བཅད་ཀྱི་ཚིག་གཉིས་པ་དང༌། སྔགས་ཀྱི་རཏྣ་མུ་ཀུ་ཊའི་གནས་སུ་རིམ་བཞིན། སྙན་ཤལ་མཛེས་

p. 534

བྱེད་རིན་ཆེན་འཁྱིལ་པས་བརྒྱན། །རཏྣ་ཀུཎྜ་ལཾ། མགྲིན་པ་དུང་འདྲ་མཛེས་བྱེད་མགུལ་གདུབ་མཆོག །རཏྣ་ཧརྵ། ཐུགས་མཆོག་དཔལ་བེའུ་མཛེས་བྱེད་སེ་མོ་དོ། །རཏྣ་ཨ་བ་ཧཱ་ར། དཔུང་པ་མཛེས་བྱེད་དཔུང་བརྒྱན་སྲུང་སྐུད་མཆོག །རཏྣ་ཀེ་ཡཱུ་ར། ཕྱག་གཉིས་མཁྲིག་མ་སྤྲས་པའི་གདུ་བུ་མཆོག །རཏྣ་པ་རི་ཀ་ཌ་ཀཾ། དྲྭ་བས་འབྲེལ་བའི་སོར་མོའི་གདུ་བུ་མཆོག །རཏྣ་པ་ཀཾ་བ་ལ། རྫུ་འཕྲུལ་ལྡན་པའི་ཞབས་ལ་མཛེས་བྱེད་རྒྱན། །རཏྣ་པཱ་ད་བྷ་ར་ཎཾ། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །རཏྣ་ཙྪ་ཏྲཾ་ག མི་མཐུན་བདུད་ལས་རྒྱལ་བའི་རྒྱལ་མཚན་མཆོག །རཏྣ་དྷྭ་ཛ། སྙན་པ་ཕྱོགས་བཅུར་གཡོ་བའི་བ་དན་འཕན། །རཏྣ་པ་ཏཾ་ཀ ཕྱོགས་ཀུན་ཡིད་འཕྲོག་དར་གྱི་ལྡ་ལྡིས་སྤྲས། །རཏྣ་པ་ཌ་ད་མ། གདུང་སེལ་རྔ་ཡབ་ནོར་བུའི་ཡུ་བ་ཅན། །རཏྣ་ཙཱ་མ་ར། །རིན་ཆེན་རྒྱན་འོད་ལྡན་པའི་བླ་རེ་བྲི། །རཏྣ་བི་ཏཱ་ནཾ། མི་འཇིགས་བཞི་ལྡན་སེང་གེའི་གདན་ལ་སོགས། །རཏྣ་སིཾ་ཧ་ཨཱ་ས་ན། ལྷ་རྫས་ཡིད་འོང་མཛེས་བྱེད་གཟིམས་ཆའི་ཚོགས། །ཤ་ཡ་ནཱ་ས་ན། ཉོན་མོངས་གྲྭ་ཟུར་སྤངས་པའི་ཕོ་བྲང་ཟླུམ། །པ་རི་མཎྜ་ལེ་དྷ་ནྱ། ཡོན་ཏན་རྒྱས་པའི་གྲུ་བཞི་གཞལ་མེད་ཁང༌། །ཨ་མེ་ཡ་ཙ་ཏུརྠ། འཇིག་རྟེན་ལས་འདས་གྲུ་བཞི་ཉིས་བརྩེགས་ཁང༌། །དྭི་ཀཱུ་ཊ་ག་རཾ། རང་བཞིན་འོད་གསལ་བྱང་སེམས་ཟླ་བའི་གདན། །ཙནྡྲ་ཨཱ་ས་ན། འདོད་པའི་འདམ་གྱིས་མ་གོས་མེ་ཏོག་མཆོག །པུཥྤེ། སྟོང་ཉིད་སྒྲ་སྒྲོགས་པི་ཝཾ་ཏིང་ཏིང་ཤག །ཝཱི་ཎི། ཐབས་ལ་མཁས་པ་ཟག་མེད་ཕུང་པོའི་དྲི། །གནྡྷེ། ཉོན་མོངས་བཀྲེས་སེལ་ཆོས་ཀྱི་ཞལ་ཟས་མཆོག །ནཻ་ཝི་དྱ། ངོ་ཚ་ཁྲེལ་ཡོད་ལྡན་པ་ལྷ་ཡི་གོས། །ཝསྟྲ། ཞེས་བཅུག་པའི་མཆོད་པ་ཉེར་ལྔ། རྣལ་འབྱོར་རྒྱུད་ཀྱི་ཁྱད་པར་གྱི་མཆོད་པ་ནི། སྒེག་སོགས་བརྒྱད་ནི། ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ཨོཾ་བཛྲ་ལཱ་སྱེ་ཧཱུྃ། རྡོ་རྗེ་རིན་ཆེན་བླ་ན་མེད། །ཨོཾ་བཛྲ་མཱ་ལེ་ཏྲྃ། རྡོ་རྗེ་ཆོས་ནི་གླུ་བླངས་པ། །ཨོཾ་བཛྲ་གཱི་ཏཱི་ཧྲཱིཿ

p. 535

རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཨོཾ་བཛྲ་ནྲྀ་ཏྱེ་ཨཱཿ ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཏ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། བཛྲ་རཏྣ་མ་ནུཏྟ་རཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་དྷརྨ་གཱ་ཡ་ནཻ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་ཀརྨ་ཀ་རོདྦྷ་ཝ། ཨོཾ་བཛྲ་གནྡྷ་ཨཱཿ རྒྱལ་སྲིད་སྣ་བདུན་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན༴ །བཀྲེས་ཤིང་ཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ༴ བཙུན་མོ་རིན་ཆེན༴ །མ་རིག་མུན་པ་རྒྱུན་བཅད་ནས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ཤིང༌། །ཐབས་དང་ཤེས་རབ་ལྡན་པར་ཤོག །སྟྲཱི་རཏྣ༴ བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །པུ་རུ་ཥ་རཏྣ༴ གླང་པོ་རིན་ཆེན༴ །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧ་སྟི་རཏྣ༴ རྟ་མཆོག་རིན་ཆེན༴ །སྲིད་པའི་གཟེབ་ལས་ཡོངས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་འགྲོད་པར་ཤོག །ཏུ་རཾ་ག་ཨ་ཤྭ་རཏྣ༴ དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ༴ འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་

p. 536

ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་པ། །མོས་བློས་སོགས་ཚིག་ཐ་མ་གཉིས་འདྲ། ཤབྡ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །ར་ས། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །སྤརྴེ། བཀྲ་ཤིས་རྫས་བརྒྱད་ནི། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ན། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་རྒྱལ་རྣམས་མཆོད་པར་བགྱི། །ཨཱ་དརྴ་པཱུ་ཛ་མེ་གྷ་སོགས། གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུང་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང༴ །གོ་རོ་ཙ་ན། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས༴ །ད་དྷི། དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་སྒྲུབ་ཅིང༌། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས༴ །དཱུརྦ། བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས༴ །བིལྦ། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས༴ །ཤཾ་ཁ། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཅན། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས༴ །སིནྡྷཱུ་ར། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་

p. 537

སུམ་ཚོགས་པ་ཡི། །བཀྲ་ཤིས༴ །སརྵ་བྷ། བཀྲ་ཤིས་རྟགས་བརྒྱད་ནི། མགོན་པོ་ཐུགས་རྗེ་ཆེན་པོས་བྱིན་བརླབས་པའི། །བསོད་ནམས་རྒྱུ་ལས་བྱུང་བའི་འཁོར་ལོ་འདི། །གང་ལ་ཕུལ་བ་དེ་ཡི་སྐད་ཅིག་ལ། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཙཀྲ་མངྒ་ལཾ་པཱུ་ཛ་མེ་གྷ་སོགས། མགོན་པོ༴ །དྲི་མེད་ཤིན་ཏུ་མཛེས་པའི་དཔལ་བེའུ་འདི། །གང་ལ༴ །ཀུན་མཁྱེན་ཡེ་ཤེས་ཉིད་དང་ལྡན་པར་ཤོག །ཨ་ཝ་ཧཱ་ར་མངྒ་ལཾ། མགོན་པོ༴ །རིན་ཆེན་བཅུད་ཀྱིས་གང་བའི་བུམ་པ་འདི། །གང་ལ༴ །བསོད་ནམས་ཚོགས་རྫོགས་རྒྱན་གྱིས་བརྒྱན་པར་ཤོག །ཀ་ལ་ཤ་མངྒ་ལཾ། མགོན་པོ༴ །དྲི་མེད་ཤིན་ཏུ་དག་པའི་པདྨ་འདི། །གང་ལ༴ །འཁོར་བའི་ཉེས་པའི་སྐྱོན་གྱིས་མ་གོས་ཤོག །པདྨ་མངྒ་ལཾ། མགོན་པོ་དྲི་མེད་ཤིན་ཏུ་དཀར་བའི་དུང་ཆེན་འདི། །གང་ལ༴ །རྩོད་ངན་ཕམ་བྱེད་ཆོས་སྒྲ་སྒྲོགས་པར་ཤོག །ཤངྑ་མངྒ་ལཾ། མགོན་པོ༴ །དྲི་མེད་ཤིན་ཏུ་དག་པའི་གསེར་ཉ་འདི། །གང་ལ༴ །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་ཤོག །ཉཱ་ཚ་མངྒ་ལཾ། མགོན་པོ༴ །སྐྱབས་ཀྱི་དམ་པ་རིན་ཆེན་གདུགས་མཛེས་འདི། །གང་ལ༴ །ཀུན་ལ་སྐྱབས་ཀྱི་དམ་པ་བྱེད་པར་ཤོག །ཙྪ་ཏྲཾ་མངྒ་ལཾ། མགོན་པོ༴ །དམ་ཆོས་མི་ནུབ་རྒྱལ་མཚན་དམ་པ་འདི། །གང་ལ༴ །དམ་ཆོས་མི་ནུབ་རྒྱལ་མཚན་འཛུགས་པར་ཤོག །དྷྭ་ཛ་མངྒ་ལཾ། དེ་རྣམས་ནི་རྒྱས་པའོ། །འབྲིང་དུ་བྱེད་ན་ཚིགས་བཅད་དོར་ཏེ་སྔགས་ཙམ་གྱིས་བྱ། བསྡུ་ན། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་འབུལ། །སཔྟ་རཏྣ་པཱུ་ཛ་མེ་གྷ༴ དཔག་ཡས་བསོད་ནམས་ཚོགས་ལས་གྲུབ་པ་ཡི། །གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་རྣམས། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །

p. 538

པཉྩ་ཀཱ་མ་གུ་ཎ་པཱུ་ཛ་མེ་གྷ༴ ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཏེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨཥྚ་མངྒ་ལ་དྲ་བྱ་པཱུ་ཛ༴ གཙང་ཞིང་གཙང་མར་སྦྱར་བྱས་པའི། །ལྷ་རྫས་བཀྲ་ཤིས་རྟགས་བརྒྱད་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨཥྚ་མངྒ་ལཾ་ཀུ་རུ་པཱུ་ཛ༴ །ཞེས་པས་བྱའོ། །གསང་བ་ཡུམ་བཞེས་མཆོད་པ་ནི། །བྱང་ཆུབ་སེམས་ནི་བརྟེན་བསྐྱེད་ནས། །བདག་ནི་སངས་རྒྱས་ཡིན་བསམ་ཞིང༌། །དགའ་བས་བདག་ནི་མཆོད་བྱེད་ན། །སངས་རྒྱས་ཀྱི་ནི་བདེ་བའང་ཐོབ། །པད་ཀོར་འཁྱུད་རྒྱ་བཅས་ཏེ། བུདྡྷ་ཨཱཏྨ་ཀོ྅་ཧཾ། ཚིག་རྐང་དང་པོ་གཉིས་འདྲ་བར། །ཕྲེང་བ་ལ་སོགས་རབ་མཆོད་པས། །མཆོད་ན་དེ་ནི་དབང་ཡང་བསྐུར། །རྡོ་རྗེ་རིན་ཆེན་གྱི་དམ་རྒྱ་སྤྱི་བོར་བཞག་སྟེ། བུདྡྷ་ཨ་བྷི་ཥིཉྩ་མི། སྙན་པའི་གླུ་ཡིས་རབ་མཆོད་པས། །མཆོད་ན་དགའ་བདེ་མགུ་བར་འགྱུར། །ཆོས་འཆད་ཀྱི་ཕྱག་རྒྱ་བཅིངས་ཏེ། བུདྡྷ་སྟུ་ཏེ་ཀ་རོ་མི། གར་གྱི་མཆོད་པས་བདག་མཆོད་ན། །སངས་རྒྱས་ཀྱིས་ཀྱང་དེ་མཆོད་འགྱུར། །གར་མའི་ལས་རྒྱ་བཅིངས་ཏེ། བུདྡྷ་པཱུ་ཛ་ཀ་རོ་མི། ཞེས་གསང་བ་ཡུམ་བཞིའི་མཆོད་པ་དང༌། དེ་ནས། ཨོཾ་སརྦ་བིཏྤཱུ་ར་པུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་ཝརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་ཀྱང་མཆོད། དེ་རྣམས་རྒྱས་པར་ཚིགས་བཅད་སྔགས་དང་བཅས། བསྡུ་ན་སྔགས་ཙམ་གྱིས་བྱ། རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་ཕྲེང་ངོ༌། །བླ་མེད་ལ་དང་པོ་ཕ་རྒྱུད་ཀྱི་མཆོད་ཕྲེང་ལ། ཐོག་མར་གསང་འདུས་ནས་གསུངས་པ་ནི། ལྷ་ཡི་མཆོད་ཡོན་དམ་པ་འདིས། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །

p. 539

ཐུགས་ནི་བརྩེ་བར་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཆུ་སྐྱེས་དེ་བཞིན་ཐང་ལས་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །དེ་བཞིན་བདུག་སྤོས་མཆོག་འདི་དག །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱོད་ཀྱིས་བཞེས། །དྷཱུ་པཾ། ཞུན་མར་འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བས་མུན་པ་འཇོམས། །མི་ཤེས་ཐམས་ཅད་ཞི་བྱའི་ཕྱིར། །བདག་ཉིད་དད་པས་འབུལ་བར་བགྱི། །དཱི་པཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །གནྡྷཾ། བཟའ་དང་བཅའ་བ་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་ཞིང༌། །ཐམས་ཅད་སྦྱར་བའི་ཞལ་ཟས་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ནཻ་ཝི་དྱཾ། སིལ་སྙན་ལ་སོགས་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ལྡན་པ་འདི། །མཆོག་ཏུ་དད་པས་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རིན་ཆེན་དབང་གི་རྒྱལ་པོ་བཻ་ཌཱིུརྻའི། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་དབུལ་བར་བགྱི། །ལག་པ་གཡོན་རྡོ་རྗེ་ཁུ་ཚུར་དུ་བྱས་པའི་མཛུབ་མོའི་ཚིགས་བར་པར། གཡས་ཐལ་མོ་བརྐྱངས་པའི་མཁྲིག་མ་གྱེན་དུ་བསླངས་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང༌། ཨོཾ་ཨཱཿརཱུ་པ་བཛྲཱི་ཧཱུྃ། ཞེས་པས་གཟུགས་དང༌། མ་ཟིན་འབྱུང་པོའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྙན་ལ་དབུལ་

p. 540

བར་བགྱི། །ཞེས་པས་རོལ་མོ་དབུལ། ཤབྡ་བཛྲཱི། ཞེས་པས་སྒྲ་དང༌། ག་བུར་ཨ་གར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་བའི་བྱུག་པ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ཤངས་ལ་དབུལ་བར་བགྱི། །གཡོན་རྡོ་རྗེ་ཁུ་ཚུར་གྱིས་དུང་ཆོས་འཛིན་པའི་ཚུལ་དང༌། གཡས་མཐེབ་མཛུབ་སྦྱར་ནས་སོར་མོ་ལྷག་མ་གསུམ་བརྐྱངས་པའི་རྩེས་དྲི་ཆུ་བླངས་ཏེ་ལྷ་རྣམས་ལ་བྱུག་པའི་ཚུལ་དུ་བྱས་ལ། གནྡྷེ་བཛྲཱི། ཞེས་པས་དྲི་དང༌། ལུས་མཆོག་རྟས་བྱེད་བདུད་རྩིའི་ཟས་ལ་སོགས། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ལྗགས་ལ་དབུལ་བར་བགྱི། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང༌། ར་ས་བཛྲཱི། ཞེས་པས་རོ་དང༌། ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ལུས་ལ་དབུལ་བར་བགྱི། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་འབུལ་བའི་ཚུལ་དང༌། ཨོཾ་ཨཱཿསྤརྴེ་བཛྲཱི་ཧཱུྃ། ཞེས་པས་རེག་བྱ་རྣམས་དབུལ་ལོ། །གཟུགས་སོགས་ཡུལ་ལྔ་པོ་རྣམས་རྡོ་རྗེ་མ་ལྔར་བསྒོམས་ལ་དེས་དཀྱིལ་འཁོར་མཆོད་པར་བསམ་མོ། །མ་རྒྱུད་ཀྱི་མཆོད་ཕྲེང་ནི། བདེ་མཆོག་ལཱུ་ཧི་པ་ནས་གསུངས་པ་ནི། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་དབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་ཝཱི་ར་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་དུ་སྦྱར་ཏེ། ལྷ་རྫས་ཞབས་བསིལ། པཱ་དྱཾ། ལྷ་རྫས་མེ་ཏོག བཛྲ་པུཥྤེ། ལྷ་རྫས་བདུག་སྤོས། བཛྲ་དྷཱུ་པེ། ལྷ་རྫས་སྣང་གསལ།

p. 541

བཛྲ་ཨཱ་ལོ་ཀེ། ལྷ་རྫས་དྲི་མཆོག བཛྲ་གནྡྷེ། ལྷ་རྫས་ཞལ་ཟས། བཛྲ་ནཻ་ཝི་དྱ། ལྷ་རྫས་རོལ་མོ། ཌ་མ་རུས་མགོ་དྲངས་པའི་རོལ་ཆེན་དང་བཅས་རྡོ་རྗེ་སྙིང་གར་བཟུང༌། དྲིལ་བུ་རྒྱུན་ཆགས་སུ་གསིལ་བས། ཨོཾ་བཛྲ་གྷཱཎྜེ་ར་ཎི་ཏ་སོགས་བརྗོད། ན་བཟའི་མཆོད་པ་ནི། གོས་ཟུང་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གོས་སྲབ་པ་འཇམ་པ་ཡང་བ་ཟུང་དུ་སྦྱར་བ་དང་ལྡན་པར་གྱུར། ཅེས་བྱིན་གྱིས་བརླབས་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། བཛྲ་ཝསྟྲཱུ་ཨཱཿཧཱུྃ། ཞེས་པད་ཀོར་སྔོན་དུ་འགྲོ་བས་གོས་ཟུང་བླངས་ཏེ་མདུན་ནས་སྨད་གཡོགས་དང༌། རྒྱབ་ནས་སྟོད་གཡོགས་བསྐོན་པའི་ཚུལ་བྱ་ཞིང་ལྷ་རེ་རེ་ལ་ན་བཟའ་ཟུང་རེ་ཕུལ་བར་བསམ། རིག་མ་བཅུ་དྲུག་ནི། ཨོཾ་ཝཱི་ཎི་བཛྲི་ནཱི་ཧཱུྃ་ཨཱཿ ཞེས་པས་རང་གི་སྙིང་གའི་ཧཱུྃ་ལས་ལྷ་མོ་པི་ཝཾ་མ་སྔོན་མོ་པི་ཝཾ་ཐོགས་པ་ཕྱུང༌། དཔག་ཏུ་མེད་པར་གྱུར་ནས་དཀྱིལ་འཁོར་པ་རྣམས་མཆོད་པར་བསམ་ཞིང༌། དབང་སྔོན་མདོག་མཚུངས་རྡོ་རྗེ་པི་ཝང་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་མཛེས་མ། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ཚོགས་པི་ཝང་སྒྲ་ཡིས་མཆོད། །སྔགས་ཀྱི་ཐོག་མཐའ་འདྲ་བས། ཝཱི་ཎཱི་བཛྲི་ནཱི་བཛྲཱ། ཞེས་དང༌། ལག་པ་གཉིས་ཀྱིས་པི་ཝང་དཀྲོལ་བའི་ཚུལ་བྱ། ཨོཾ་ཝཾ་སེ་བཛྲི་ནཱི་ཧཱུྃ་ཨཱཿས་གླིང་བུ་མ་སེར་མོ་གླིང་བུ་འཛིན་པ་ཕྱུང་ལ། གསེར་བཟང་མདོག་མཚུངས་རྡོ་རྗེ་གླིང་བུ་མ། །ཚིག་རྐང་ཐ་མ་གསུམ་འདྲ་བ་ལ། གླིང་བུའི་སྒྲ་ཡིས་མཆོད། ཝཾ་སེ་བཛྲི་ནཱི། ཞེས་དང་ཁ་འགྲམ་གཡས་ཐད་དུ་གླིང་བུ་བསྒྱུར་ཚུལ་བྱ། ཨོཾ་མྲྀ་དངྒ་བཛྲི་ནཱི་ཧཱུྃ་ཨཱཿས་རྫ་རྔ་མ་དམར་མོ་རྫ་རྔ་ཐོགས་པ་ཕྱུང་ལ། པདྨ་རཱ་གའི་མདོག་མཚུངས་རྫ་རྔ་མ། །རྫ་རྔའི་སྒྲ་ཡིས་མཆོད། མྲྀ་

p. 542

དངྒ་བཛྲི་ནཱི། ཞེས་དང་ལག་གཉིས་རེས་མོས་ཀྱིས་སྟེང་ནས་བརྡུང་ཚུལ་བྱ། ཨོཾ་མུརྫི་བཛྲི་ནཱི་ཧཱུྃ་ཨཱཿས་རྔ་ཟླུམ་མ་ལྗང་གུ་རྔ་ཟླུམ་འཛིན་པ་ཕྱུང་ལ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཟླུམ་མ། །རྔ་ཟླུམ་སྒྲ་ཡིས་མཆོད། མུརྫི་བཛྲི་ནཱི། ཞེས་དང་ལག་གཉིས་གཡས་གཡོན་དུ་གདེངས་ཏེ་རེས་མོས་ཀྱིས་བརྡུང་བའི་ཚུལ་བྱ། ཨོཾ་ཧཱ་སྱེ་བཛྲི་ནཱི་ཧཱུྃ་ཨཱཿས་བཞད་མ་དམར་མོ་ཁུ་ཚུར་གཉིས་ཁ་འགྲམ་གཡས་གཡོན་དུ་བཞག་པ་ཕྱུང་ལ། ལི་ཁྲིའི་མདོག་མཚུངས་རྡོ་རྗེ་བཞད་པ་མ། །བཞད་པའི་བདེ་བས་མཆོད། ཧཱ་སྱེ་བཛྲི་ནཱི། ཞེས་དང་སྔར་གྱི་ཕྱག་རྒྱ་བྱ། ཨོཾ་ལཱ་སྱེ་བཛྲི་ནཱི་ཧཱུྃ་ཨཱཿས་སྒེག་མོ་རྡོ་རྗེ་དང་དྲིལ་བུ་དཀུ་གཉིས་སུ་འཛིན་པར་ཕྱུང་ལ། ནམ་མཁའི་མདོག་མཚུངས་རྡོ་རྗེ་སྒེག་མོ་མ། །སྒེག་མཛེས་བདེ་བས་མཆོད། ལཱ་སྱེ་བཛྲི་ནི། ཞེས་དང་སྒེག་མོའི་ཕྱག་རྒྱ་སྔར་བཞིན་བྱ། ཨོཾ་གཱི་ཏཱི་བཛྲི་ནཱི་ཧཱུྃ་ཨཱཿས་གླུ་མ་དམར་མོ་ཏིང་ཏིང་ཤག་འཛིན་པ་ཕྱུང་ལ། གུར་གུམ་མདོག་མཚུངས་རྡོ་རྗེ་གླུ་ལེན་མ། །སྙན་པའི་གླུ་ཡིས་མཆོད། གཱི་ཏཱི་བཛྲི་ནཱི། ཞེས་དང་ཏིང་ཤག་བརྡུང་ཚུལ་བྱ། འདི་ལ་ཕེག་རྡོབ་ཀྱང་ཟེར་གསུངས། ཨོཾ་ནྲྀ་ཏྱེ་བཛྲ་ནཱི་ཧཱུྃ་ཨཱཿས་གར་མ་ལྗང་སེར་ལག་གཉིས་གར་སྐོར་བྱེད་པ་ཕྱུང་ལ། པྲི་ཡངྐུ་མཚུངས་རྡོ་རྗེ་གར་མཁན་མ། །མཛེས་པའི་གར་གྱིས་མཆོད། ནྲྀ་ཏྱེ་བཛྲི་ནཱི། ཞེས་དང༌། ལག་གཉིས་གཡས་གཡོན་དུ་བསྒྱུར་བའི་གར་སྐོར་བྱས་ལ་རྡོ་རྗེ་ཐལ་མོ་སྦྱར་ཞིང་བསྐོར། ཨོཾ་པུཥྤེ་བཛྲི་ནཱི་ཧཱུྃ་ཨཱཿས་མེ་ཏོག་མ་དཀར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ་ཕྱུང་ལ། ཟླ་བའི་མདོག་མཚུངས་རྡོ་རྗེ་མེ་ཏོག་མ། །མེ་ཏོག་སིལ་མས་མཆོད། པུཥྤེ་བཛྲི་ནཱི། ཞེས་དང་གཡོན་པ་རྡོ་རྗེ་ཁུ་ཚུར་གྱེན་བསྟན་ཟ་མ་ཏོག་འཛིན་པ་ལྟ་བུ་དང༌། གཡས་རྡོ་རྗེ་ཁུ་ཚུར་གྱིས་དེ་ནས་བླངས་ཏེ་འཐོར་པའི་ཚུལ་བྱ། ཨོཾ་དྷཱུ་པཾ་བཛྲི་ནཱི་ཧཱུྃ་ཨཱཿས་བདུག་སྤོས་མ་སྔོན་མོ་སྤོས་སྣོད་འཛིན་པ་ཕྱུང་ལ། ཨིནྡྲ་ནཱི་ལའི་མདོག་མཚུངས་བདུག་སྤོས་མ། །བདུག་པའི་སྤྲིན་གྱིས་མཆོད། དྷཱུ་པཾ་བཛྲི་ནཱི། ཞེས་

p. 543

དང་ལག་གཉིས་རྡོ་རྗེ་ཁུ་ཚུར་ཐུར་བསྟན་བླུག་པའི་ཚུལ་བྱ། ཨོཾ་དཱི་པཾ་བཛྲི་ནཱི་ཧཱུྃ་ཨཱཿས་མར་མེ་མ་དམར་མོ་མར་མེའི་ཀོང་བུ་འཛིན་པ་ཕྱུང་ལ། ཉི་མའི་མདོག་མཚུངས་རྡོ་རྗེ་མར་མེ་མ། །མར་མེའི་ཕྲེང་བས་མཆོད། དཱི་པཾ་བཛྲི་ནཱི། ཞེས་དང་རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ལ་མཐེ་བོང་གྱེན་དུ་བསྒྲེང༌། ཨོཾ་གནྡྷེ་བཛྲི་ནཱི་ཧཱུྃ་ཨཱཿས་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཆོས་འཛིན་པ་ཕྱུང་ལ། གནྡྷེའི་མདོག་མཚུངས་རྡོ་རྗེ་དྲི་ཆབ་མ། །དྲི་བཟང་བྱུག་པས་མཆོད། གནྡྷེ་བཛྲི་ནཱི། ཞེས་དང༌། གཡོན་པའི་མཐེབ་མཛུབ་སྦྱར་ཞིང་ལྷག་གསུམ་བརྐྱང་པ་ཁ་གྱེན་བསྟན་དུང་གི་ཕྱག་རྒྱ་དང༌། གཡས་དེ་ལྟ་བུ་གྱེན་དུ་བསླངས་པས་བྱུག་པའི་ཚུལ་བྱ། མཆོད་ཕྲེང་སྔ་མ་རྣམས་སུ་དྲི་ཆབ་མ་ལྗང་གུར་བཤད་པ་ད་ལྟའི་ངག་འདོན་དང་མ་མཐུན་པ་སླར་དཔྱད། ཨོཾ་རཱུ་པ་བཛྲི་ནཱི་ཧཱུྃ་ཨཱཿས་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་ཐོགས་པ་ཕྱུང་ལ། ཆུ་ཤེལ་མདོག་མཚུངས་གཟུགས་ཀྱི་རྡོ་རྗེ་མ། །གཟུགས་ཀྱི་བདེ་བས་མཆོད། རཱུ་པ་བཛྲི་ནཱི། ཞེས་དང་གཡོན་རྡོ་རྗེ་ཁུ་ཚུར་གྱི་ཚིགས་གསུམ་པའི་སྟེང་དུ་གཡས་པའི་ཐལ་མོ་གྱེན་བསླངས་ཁ་ཕྱིར་བསྟན་ཏེ་བཞག ཨོཾ་ས་ར་བཛྲི་ནཱི་ཧཱུྃ་ཨཱཿས་རོ་རྡོ་རྗེ་དམར་མོ་ཞལ་ཟས་ཀྱིས་བཀང་བའི་སྣོད་འཛིན་པ་ཕྱུང་ལ། བཙོད་ཀྱི་མདོག་མཚུངས་རོ་ཡི་རྡོ་རྗེ་མ། །རོ་ཡི་བདེ་བས་མཆོད། ར་ས་བཛྲི་ནཱི། ཞེས་དང་རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ། ཨོཾ་སྤརྴེ་བཛྲི་ནཱི་ཧཱུྃ་ཨཱཿས་རེག་རྡོ་རྗེ་མ་ལྗང་གུ་སྣ་ཚོགས་པའི་གོས་འཛིན་པ་ཕྱུང་ལ། སྣ་ཚོགས་མདོག་མཚུངས་རེག་བྱ་རྡོ་རྗེ་མ། །རེག་བྱའི་བདེ་བས་མཆོད། སྤརྴེ་བཛྲ་ནཱི། ཞེས་དང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོས་འབུལ་ཚུལ་བྱའོ། །ཨོཾ་དྷརྨཱ་དྷཱ་ཏུ་བཛྲི་ནཱི་ཧཱུྃ་ཨཱཿས་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་ཐོགས་པ་སྤྲོས་ལ། སྟོན་ཟླའི་མདོག་མཚུངས་ཆོས་དབྱིངས་རྡོ་རྗེ་མ། །ཆོས་ཁམས་བདེ་བས་མཆོད། དྷརྨཱ་དྷཱ་ཏུ་བཛྲི་ནཱི། ཞེས་དང་རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཛུབ་མོ་དང་མཐེ་ཆུང་རྣམས་བརྐྱངས་ཏེ་རྩེ་སྤྲད་པའམ། རྡོ་རྗེ་ཁུ་ཚུར་གཉིས་

p. 544

གཤིབས་གུང་མོ་བརྐྱངས་ཏེ་རྩེ་སྤྲད་པ་གང་རུང་བྱའོ། །རིན་ཆེན་བདུན་ནི། རང་གི་སྙིང་གའི་ཧཱུྃ་ལས་རིན་ཆེན་སྣ་བདུན་སྤྲོས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པར་བསམས་ལ། བདེ་བར་གཤེགས་པ་ཐམས་ཅད་ལ། །སོགས་སྤྱི་ལྟར་ལ། པཱུ་ཛི་ཏེ་ཧཱུྃ་གི་གོང་དུ་བཛྲ་མི་སྦྱར་བ་ཁྱད་པར་རོ། །དེ་དག་གི་ཕྱག་རྒྱ་ནི། འཁོར་ལོ་ལག་པ་གཉིས་རྒྱབ་སྦྱར་སོར་མོ་རྣམས་ཕན་ཚུན་འཁྱུད་ཅིང་མཐེ་བོང་ལག་མཐིལ་དུ་བཀུག ནོར་བུ་ལ་ཁུ་ཚུར་གཉིས་སྦྱར་ལ་གུང་མོ་གཉིས་བརྐྱངས་ཏེ་རྩེ་སྤྲད། མཛུབ་མོའི་ཚིགས་བཅག་ལ་མཐེ་བོང་དག་དང་སྦྱར། བཙུན་མོ་ལ་རྡོ་རྗེ་བསྡམས་པ་ལས་གུང་མོ་སྦྱར་བ་བརྐྱངས་པའི་ཚིགས་དང་པོར་མཛུབ་མོ་གཉིས་སྦྱར། བློན་པོ་ལ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྦྱར་བ་བརྐྱང༌། མཐེ་བོང་དང་མཐེའུ་ཆུང་སོ་སོར་བསྒྲེང༌། གླང་པོ་ལ་ལག་གཡས་གླང་པོའི་སྣ་ལྟར་བརྐྱངས་པའི་གྲུ་མོ་གཡོན་པའི་ཐལ་མོས་བརྟེན། རྟ་མཆོག་ལ་ཁུ་ཚུར་གཉིས་སྦྱར་ལ་མཐེ་བོང་སོ་སོར་དབྱེ། གུང་མོ་དང་སྲིན་ལག་གཤིབས་ཏེ་བརྐྱང༌། དམག་དཔོན་ལ་གཡོན་སྙིང་གར་ཕུབ་འཛིན་པའི་ཚུལ་དང༌། གཡས་པས་རལ་གྲི་འདེབས་པའི་ཚུལ་བྱས་ཏེ་དབུལ་ལོ། །འདོད་ཡོན་ལྔ་ནི། དངོས་སུ་བཤམས་པ་དང༌། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་ཡོད་པའི་གཟུགས་སོགས་ལྔ་པོ་འབུལ་བར་མོས་ལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་སོགས་ནས་ཡོ་གི་ནཱི་རཱུ་པ་ཀཱ་མ་གུ་ཎ་བཛྲ་པུ་ཛ་ཏེ་ཧཱུྃ། ཐལ་མོ་ཁོང་སྟོང་དུ་སྦྱར་བས་དབུལ། ཤབྡ་ལ། དུང་དང་ཆ་ལང་ཅང་ཏེའུ་སོགས་རོལ་མོ་ཇི་སྙེད་པ་དཀྲོལ། གནྡྷེ་ལ། གོང་གི་དྲི་རྡོ་རྗེ་མའི་ཕྱག་རྒྱ་བྱ། ར་ས་ལ་རྡོ་རྗེ་མའི་ཕྱག་རྒྱ་བྱ། སྤརྴེ་ལ། རེག་རྡོ་རྗེ་མའི་ཕྱག་རྒྱ་བྱ་བ་སོགས་ཚིག་སྤྱི་ལྟར་གྱིས་དབུལ། བདེ་མཆོག་

p. 545

རྣམས་ལ། ཡིད་ལས་བྱུང་བའི་མཆོད་པ་ནི། སྤྱི་བོར་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་སོར་མོ་རྣམས་ཀྱི་ཚིགས་དབུས་མ་བཅག་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ནས། མཆོད་པའི་སྤྲིན་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུས་ནམ་མཁའི་ཁམས་གང་བས་མཆོད་པར་བསམས་ཏེ། ངག་ཏུ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་གྱིས་བརླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་ལ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་བྷི་སྨ་ར་ཡེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨཱ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜ་ལེ་མ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེནྡྷ། བནྡྷ་སྭ་སྠ་ན་བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་སེ་གོལ་བརྡབ། ཡང་ཕྱག་རྒྱ་དང་བཅས་ཏེ་སེ་གོལ་བརྡབ་པ་ཡིད་བྱུང་གི་མཆོད་པའོ། །རྐང་བརྒྱད་ནི། ཨོཾ་ན་མོ་བྷ་ག་ཝ་ཏི་ཝཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀལྤ་ཨགྣི་སནྣི་བྷཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཛ་ཊ་མ་ཀུ་ཊོཏྐ་ཊཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ན་མུ་ཁཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧུྃ་ཧཱུྃ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ན་ཨམྦ་རཱ་དྷ་རཱ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་དྷཱུམྦ་ཨནྡྷ་

p. 546

ཀཱ་ར་ཝ་པུ་ཥ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་ཝཱ་ཧཱ་ཧཱི་བྃ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྲེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ན། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷ་མ་ཎི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཥ་ཎི་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷི་ཀ་ར་ལི་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མསྟྲ་ས་ནི་མཱ་རཱ་ཎི་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུྃ་ཧཱུྃ་ཕཊ་ཅེས་བརྗོད། གཉིས་མེད་རྒྱུད་ཀྱི་མཆོད་ཕྲེང་ལ། དུས་འཁོར་ནི། དྲི་མེད་དག་ཅིང་ཡིད་འོང་བ། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་བརྗོད་ནས་པད་ཀོར་སྔོན་དུ་འགྲོ་བས། ཨོཾ་གྲཱི་ཀཱ་ལ་ཙཀྲ་ཨི་དཾ་གྲྀཧྞ་གྲྀཧྞ་ཨརྒྷཾ་ཀྃ་མྃ་པུ་ན་རི་ཡྃ། དེ་བཞིན་དུ་ཚིགས་བཅད་དང་སྔགས་ཀྱི་ཐོག་མཐའ་སྦྱར་ཏེ། སྔགས་ཀྱི་ཞབས་བསིལ་མཆོག་འདི་དག །པཱ་དྱཾ། སྔགས་ཀྱི་བསང་གཏོར་མཆོག་འདི་དག །པྲོཀྵ་ཎཾ། སྔགས་ཀྱི་ཞལ་བསིལ་མཆོག་འདི་དག །ཨཱཉྩ་མ་ནཾ། །གསོལ་བ་འདེབས་པའི་ཆུ་བཞི་དབུལ་བ་ནི། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། ཨོཾ་ཨཱཿཧཱུྃ་ཧོ་ཁམས་གསུམ་པའི་དབང་ཕྱུག །དུས་ཀྱི་འཁོར་ལོ་མཆོད་ཡོན་སོ་སོར་བཞེས། །བཅོམ་ལྡན་འདས་ཁྱེད་འཁོར་དང་བཅས་པ་ཡིས། །བདག་དང་སེམས་ཅན་རྣམས་ལ་མཆོག་སྩོལ་མཛོད། །ཅེས་བརྗོད་ནས་པད་ཀོར་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧུྃ་ཧཱུྃ་ཏྲཻ་དྷཱ་ཏུ་ཀཻ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱ་ར་བྷ་ག་ཝཱན་མེ་བ་ར་དོ་བྷ་བ་ཤི་ཥྱ་ནཾ་ཙ། དེ་བཞིན་དུ་སྔགས་དང་ཚིགས་བཅད་ཐོག་མཐའ་སྦྱར་ཏེ། དུས་ཀྱི་འཁོར་ལོ་ཞབས་བསིལ་སོ་སོར་བཞེས། །པཱ་དྱཾ། དུས་ཀྱི་འཁོར་ལོ་བསང་གཏོར་སོ་སོར་བཞེས། པྲོཀྵ་ཎཾ། དུས་ཀྱི་འཁོར་ལོ་ཞལ་བསིལ་སོ་སོར་བཞེས། །ཨཱཉྩ་མ་ནཾ། ཞེས་སྔར་ལྟར་སྔགས་རྒྱར་བཅས་པས་དབུལ་ལོ། །ཉེར་སྤྱོད་ལྔ་ནི།

p. 547

དེའང་ཚིགས་བཅད་བརྗོད་པའི་ཚེ་དོན་དྲན་བཞིན་པས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར། ཨོཾ་ནས་ས་པ་རི་ཝཱ་ར་བརྗོད་པའི་བར་ལུས་ཀྱིས་རྡོ་རྗེ་ཐལ་མོ་བཀྲོལ་ལ་པདྨའི་བསྐོར་བ་བྱ། ཡིད་ཀྱིས་སྔགས་དོན་བཞིན་མཆོད་བྱའི་དཀྱིལ་འཁོར་གྱི་ལྷ་གསལ་གདབ། ཨི་དཾ་གནྡྷཾ་སོགས་བརྗོད་པའི་ཚེ་ལག་པས་དྲི་ཆབ་ལ་སོགས་པའི་སོ་སོའི་ཕྱག་རྒྱ་བྱ་ཞིང་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷས་དྲི་ཆབ་ལ་སོགས་པའི་མཆོད་པ་བྱས་པར་བསམ། པྲ་ཏཱིཙྪ་ན་མཿབརྗོད་པའི་ཚེ་ལྷ་རྣམས་ཀྱིས་མཆོད་པ་དག་སོ་སོར་བཞེས་ཏེ་མཉེས་པར་བསམས་ལ་ལག་པ་རྡོ་རྗེ་བསྡུ་བའི་ཚུལ་གྱི་སེ་གོལ་གཏོགས་ལ་སྙིང་ག་ནས་སྤྲོས་པའི་ལྷ་ཚུར་བསྡུའོ། །དེ་ནི་འོག་མ་ཀུན་ལ་ཤེས་པར་བྱའོ། །འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་ནི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཱཿཧཱུྃ་ཧོཿཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་ར་ཨི་དཾ་གནྡྷེ་ད་དཱ་མ་ཧེ་བཛྲ་གནྡྷཾ་པྲ་ཏཱིཙྪ་ན་མཿ ཞེས་པས་དྲི་དང༌། དེ་བཞིན་དུ་ཚིགས་བཅད་ཀྱི་མཐའ་མ་གཉིས་དང༌། སྔགས་ཀྱི་ཐོག་མ་སྦྱར་ཏེ། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། པུཥྤཾ་ད་དཱ་མ་ཧེ་བཛྲ་པུཥྤཾ་པྲ་ཏཱིཙྪ་ན་མཿ ཞེས་པས་མེ་ཏོག་དང༌། ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་རྣམས། །དྷཱུ་པ་ད་དཱ་མ་ཧེ་བཛྲ་དྷཱུ་པ་པྲ་ཏཱིཙྪ་ན་མཿ ཞེས་པས་བདུག་སྤོས་དང༌། སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་སེལ་མར་མེ་འདི། །དཱི་པཾ་ད་དཱ་མ་ཧེ་བཛྲ་དཱི་པཾ་པྲ་ཏཱིཙྪ་ན་མཿ ཞེས་པས་མར་མེ་དང༌། བཟའ་དང་བཅའ་བར་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་ནི། །ནཻ་བི་དྱེ་དང་མ་ཧེ་བཛྲ་ནི་བིདྱཱ་པྲ་ཏཱིཙྪ་ན་མཿ ཞེས་པས་ཞལ་ཟས་དང༌། སིལ་སྙན་ལ་སོགས་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ལྡན་པ་འདི། །བདག་གི་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་ནས། བཛྲ་

p. 548

སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿསྭཱ་ཧཱ། ཞེས་པས་དྲིལ་བུ་གསིལ་ཞིང་རོལ་མོ་འབུལ་ལོ། །རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ནས་མེ་ཏོག་འཐོར་བའི་ཚུལ་ནི་མེ་ཏོག་གི་ཕྱག་རྒྱ་ཡིན་ལ། གཞན་སྔར་དང་འདྲའོ། །ཀྱེ་རྡོར་ནི། དྲི་མེད་ཡིད་འོང་སོགས་དུས་འཁོར་དང་ཕལ་ཆེར་འདྲའོ། །དེ་དག་ནི་མཚན་པ་ཙམ་སྟེ། དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་མཆོད་ཕྲེང་རྒྱས་པ་ནི་འབྲིར་མི་ལོང་ལ། ལྷན་སྐྱེས་དང༌། དཔའ་གཅིག་ལ་ནི་མཆོད་ཕྲེང་སྣེ་རེ་རེ་ཙམ་བཏང་བས་ཆོག་གོ །ཞེས་པའང་རྗེ་བླ་མ་དེ་ཉིད་ཀྱི་བཞེད་སྐོང་དུ་རྒྱུད་སྡེའི་དཀྱིལ་ཆོག་རྣམས་ལས་བློ་གཏེར་གྱིས་བཏུས་པ་དགེ། །།

ཚོགས་ཀྱི་འཁོར་ལོའི་ཆོ་ག་བསོད་ནམས་རྒྱ་མཚོ།

p. 549

ཚོགས་ཀྱི་འཁོར་ལོའི་ཆོ་ག་བསོད་ནམས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

p. 550

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐུ་གསུམ་ཡེ་ཤེས་ལྔ་ལྡན་པའི། །བླ་མ་རྡོ་རྗེ་སེམས་དཔའ་ལ། །བཏུད་ནས་བསྐལ་མང་ཚོགས་ཆེན་པོ། །མྱུར་དུ་འདུམས་བྱེད་ཆོ་ག་བྲི། །འདིར་རིག་པ་འཛིན་པ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་བྱེད་པར་འདོད་པས། ཀྱེ་རྡོ་རྗེ་ལས། གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་ཅན་གྱིས་དངོས་གྲུབ་འགྱུར། །དུར་ཁྲོད་རི་ཡི་བྱ་སྐྱིབས་དང༌། །དེ་བཞིན་མི་མེད་གྲོང་ཁྱེར་དང༌། །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་ཟ། །ཞེས་དང༌། ཨ་བྷ་ཡཱ་ཀ་རས། ཉེ་བར་འཚེ་མེད་དུར་ཁྲོད་དགོན། །རྫིང་བུའི་འགྲམ་དང་སྐྱེད་མོས་འཚལ། །མཚོ་ངོགས་ཆུ་ཀླུང་རི་སུལ་དང༌། །རང་གི་ཁྱིམ་སོགས་འབྲས་བུར་བཅས། །ཞེས་པས་གསང་སྔགས་ལ་མ་དད་པའི་སྐྱེ་བོས་དབེན་པའི་གནས་སུ་བྱའོ། །དུས་གང་དུ་བྱ་བ་ནི། པཎྜི་ཏ་རཏྣ་ཀྵི་ཏས། རྣལ་འབྱོར་ཀུན་སྤྱོད་ལ་སོགས་པའི། །འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི། །ནག་པོའི་ཕྱོགས་དང་དཀར་ཕྱོགས་ཀྱི། །བཅུ་པ་ལ་ནི་དེ་རབ་མཆོད། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང༌། །དེ་བཞིན་དུ་ནི་བརྒྱད་པ་ལ། །དཔལ་

p. 551

ལྡན་དགྱེས་མཛད་རྡོ་རྗེ་མཆོད། །དུས་ཀྱི་འཁོར་ལོ་ཉ་གཉིས་ལ། །གསང་བ་འདུས་པ་ཟླ་རེ་བཞིན། །ལྔ་བརྒྱད་བཅུ་དང་བཅུ་བཞི་དང༌། །དེ་བཞིན་བཅོ་ལྔ་ནག་ཕྱོགས་ལའང༌། །ལྔ་སྟེ་དུས་ནི་བཅུ་རུ་འགྱུར། །དེ་དག་དུས་ཀྱི་ཁྱད་པར་རོ། །འདིར་ནི་རྟག་ཏུ་ཕུན་ཚོགས་སམ། །ཇི་ལྟར་འདོད་ཅིང་ཇི་ལྟར་ནུས། །གྲུབ་པར་ནུས་ན་ཉིན་རེའམ། །ལོ་ཟླ་ཀུན་ཏུ་བྱ་བའོ། །ཞེས་དང༌། ཨ་བྷ་ཡཱ་ཀ་རས། སྔགས་པས་ཁྱད་པར་མཚན་མོའི་དུས། །ཞག་རེའམ་ནི་ཇི་སྙེད་པར། །ཟླ་རེ་དང་ནི་ལོ་རེ་ལ། །འཁོར་ལོ་ལས་འདས་ཉམས་པར་འགྱུར། །ཞེས་པས་ལོ་རེ་ལ་མ་མཐའ་རེ་རེ་མ་བྱས་ན་དམ་ཚིག་ཉམས་པར་གསུངས། དེ་ལའང་མཚན་དུས་ལྷག་པར་བསྔགས་པ་ནི། རྡོ་རྗེ་མཁའ་འགྲོ་ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོ་འཕྱན་པ་དང༌། །རྟག་ཏུ་མཚན་མོ་འདུ་བར་བྱེད། །མཁའ་སྤྱོད་ཤིན་ཏུ་རྙེད་དཀའ་བའི། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། །ཞེས་སོ། །གང་གིས་བྱ་བའི་འདུ་བ་པོ་གང་ཟག་ནི། ཌོམྦྷི་པས། དེ་ནས་གཞན་ཡང་དམ་ཚིག་ལྡན། །

p. 552

བླ་མ་ལ་གུས་རྟོག་པ་ཆུང༌། །འཁོན་གཅུགས་མེད་ཅིང་རང་དད་པའི། །ལྷ་གྲངས་མི་ལ་གསོལ་བ་གདབ། །ཅེས་དང༌། ཨ་བྷ་ཡཱ་ཀ་རས། དཔལ་ལྡན་ཆོག་ཤེས་སྙིང་རྗེ་ལྡན། །འཇིག་རྟེན་ཆོས་ལ་མི་ཆགས་ཤིང༌། །སྲེད་དང་སྒྱུ་སོགས་རྣམ་པར་སྤངས། །སྙན་པར་སྨྲ་ཞིང་འཛུམ་པའི་བཞིན། །བཟོད་ཅན་བརྟན་ལ་བརྩོན་འགྲུས་ལྡན། །ཚོགས་ཀྱི་འཁོར་ལོའི་དབང་ཕྱུག་ཏུ། །དཔལ་ལྡན་རྡོ་རྗེ་སེམས་དཔས་གསུངས། །འཁོར་ལོ་པ་ཡང་དེ་ཉིད་ཀྱི། །སློབ་མ་སྲེད་སོགས་རྣམ་པར་སྤངས། །དབང་བསྐུར་ཐོབ་ཅིང་བློ་ལྡན་བཟོད། །བརྩོན་དང་དྲན་པ་ལ་སོགས་ལྡན། །དམ་ཚིག་སྤྱད་བྱ་སྤྱོད་པ་རྣམས། །རྒན་པའི་རིམ་པ་བཞིན་དུ་འདོད། །དབང་མ་ཐོབ་པས་མི་རིག་པར། །སྒྲུབ་པོས་འཁོར་ལོ་དེ་བྱའོ། །ཞེས་སོ། །དེ་ལ་རྡོ་རྗེ་སློབ་དཔོན་ནི། སྡོམ་འབྱུང་ལས། སྦྱིན་བདག་དད་པ་ཆེན་པོ་ཡིས། །ཁྱིམ་གནས་ཡང་ན་དགེ་ཚུལ་ལམ། །སློབ་དཔོན་དགེ་སློང་ཉིད་ཀྱང་སྟེ། །ཁ་ཅིག་འཇིག་རྟེན་ན་བསྟན་ལ། །གནས་པ་དགེ་སློང་སློབ་དཔོན་ནོ། །ཁ་ཅིག་འཇིག་རྟེན་ཡོན་ཏན་འཕགས། །མངོན་ཤེས་ཐོབ་པ་ཉིད་ཀྱང་སྟེ། །འདི་རྣམས་ནང་ན་གཙོ་བོ་མཆོག །སྦྱིན་བདག་དད་པ་ཁ་ཅིག་གོ །ཞེས་པས་དགེ་སློང༌། དགེ་ཚུལ། དགེ་བསྙེན་གསུམ་རབ་འབྲིང་ཐ་མ་དང༌། དགེ་སློང་ཡོད་བཞིན་དུ་ཁྱིམ་པས་སློབ་དཔོན་བྱ་མི་རུང་བ་དང༌། འཇིག་རྟེན་ལས་འཕགས་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡིན་ཀྱང་ཚོགས་ཀྱི་གཙོ་བོ་མཆོག་ཡིན་ནོ། །ལས་ཀྱི་རྡོ་རྗེ་ནི། སྡོམ་འབྱུང་ལས། གཙང་ཞིང་དུལ་ལ་དཔའ་བོའི་སེམས། །སྲེད་དང་གཏི་མུག་རྣམ་པར་སྤངས། །ཐམས་ཅད་མཚུངས་པར་བལྟ་བ་ནི། །ལས་ཀྱི་རྡོ་རྗེར་རབ་ཏུ་བརྟག །ཅེས་པས་ཕྱོགས་ལྷུང་དང་བྲལ་བ་དགོས་སོ། །རཏྣ་རཀྵི་ཏས། གང་ཞིག་འདི་རྣམས་ཐམས་ཅད་ལ། །

p. 553

དཔའ་བོ་རྐྱང་པའི་བྱ་བ་ནི། །དཔའ་བོའི་སྟོན་མོ་ཞེས་སུ་བརྗོད། །ཚོགས་ཀྱི་དབང་ཕྱུག་དེ་ལྟ་མིན། །དེ་བཞིན་དཔའ་མོ་རྐྱང་པ་ལ། །དཔའ་མོའི་དབང་ཕྱུག་སྟོན་མོ་ཉིད། །དེ་ལྟར་འཁོར་ལོའི་དབང་ཕྱུག་ལ། །ཤེས་རབ་ཐབས་དང་བཅས་པ་ཉིད། །ཅེས་པས་དཔའ་བོ་དཔའ་མོ་གཉིས་ཀ་ཚོགས་པ་ལ་ཚོགས་ཀྱི་འཁོར་ལོར་བཤད་དོ། །ཚོགས་འཁོར་བྱེད་པའི་དགོས་པ་ནི། གྲུབ་ཆེན་ཤ་བ་རི་པས། ཚོགས་གཉིས་ཚོགས་ནི་བསགས་པ་དང༌། །རྣལ་འབྱོར་དམ་ཚིག་གསོ་བ་དང༌། །བདེ་གཤེགས་མཁའ་འགྲོ་མཆོད་བྱའི་ཕྱིར། །དཔའ་བོའི་སྟོན་མོ་ཚོགས་འཁོར་བཤད། །ཅེས་དང༌། རཏྣ་རཀྵི་ཏས། དམ་ཚིག་ཉམས་པའི་སྐྱོན་སེལ་ཅིང༌། །མི་མཐུན་ཕྱོགས་རྣམས་འཇོམས་བྱེད་པ། །འདོད་པའི་དོན་ཀུན་སྒྲུབ་པ་ཉིད། །ལྷག་པའི་ལྷ་ཡང་ཚིམ་པར་འགྱུར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །མྱུར་དུ་ལུང་བསྟན་འཐོབ་པར་བྱེད། །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡི། །རིམ་འདིས་འདོད་པའི་འབྲས་བུ་འབྱིན། །ཞེས་དང༌། ཆོ་གའི་རིམ་པ་འདི་ཡིས་ནི། །ཇི་ལྟར་རིགས་པར་འབད་གྱུར་ན། །དེ་ཡི་བསོད་ནམས་མཐའ་མ་ནི། །ཚད་བཟུང་ནུས་པ་མ་ཡིན་ནོ། །ཞེས་དང༌། གུར་ལས། རྫོགས་སངས་རྒྱས་དང་ཉན་ཐོས་དང༌། །རི་དང་རལ་གྲི་གཟུགས་ཉིད་དང༌། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་དང༌། །སྦྱིན་སྲེག་ཆོ་གས་མགུ་གྱུར་ཏེ། །དེ་བཞིན་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་པས་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོས་འཕགས་པ་དང་འགྲོ་བ་རིགས་དྲུག་ཐམས་ཅད་ཚིམ་པར་གསུངས་པ་དང༌། སྙིང་པོ་རྒྱན་ལས། སྡིག་པ་ཐམས་ཅད་རྣམ་དག་ཅིང༌། །རྒྱ་ཆེན་འབྲས་ལ་ཉེར་སྦྱོར་བ། །ཞེས་དང༌། རྗེ་གར་དབང་གི་རྒྱལ་བ་རྒྱ་མཚོའི་ཚོགས་མཆོད་ལས། ཚོགས་ཀྱི་འཁོར་ལོ་ཡར་མར་གྱི་ཚེས་བཅུ་

p. 554

ལ་སོགས་པ་དུས་བཟང་པོ་དང་བསྟུན་ནས་ཚུལ་བཞིན་དུ་བསྐོར་བས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། གནས་ཡུལ་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་བྱོན་ཏེ། རང་གི་རྩ་གནས་བྱིན་གྱིས་རློབ་པ་དང༌། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ། རྡོ་རྗེའི་སྐུ་མངོན་དུ་གྱུར་པ་སོགས་ཕན་ཡོན་མཐའ་ཡས་པས་ཚུལ་འདིར་འབད་པར་བྱའོ། །ཞེས་སོ། །ཚོགས་ཀྱི་རྫས་ནི། ཌོམྦྷི་པས། མགྲོན་རྣམས་དགའ་བར་བྱ་བའི་ཕྱིར། །དེ་ལ་ཤ་དང་ཆང་དག་དང༌། །འབྲས་ཆན་ལ་དུ་འཁུར་བ་དང༌། །དེ་བཞིན་བཟའ་དང་བཅའ་བ་དང༌། །བཏུང་དང་དེ་བཞིན་བལྡག་དང་མྱང༌། །འཇིག་རྟེན་པ་ཡི་འབྱོར་པ་ཡིས། །ཚོགས་ནི་འབྱོར་ཚད་སྟ་གོན་བྱ། །དེ་བཞིན་སྤོས་དང་བྱུག་པ་དང༌། །དྲི་དང་མེ་ཏོག་ཕྲེང་མཆོག་དང༌། །མར་མེ་བདུག་པ་སྣ་ཚོགས་བཞག །ཅེས་དང༌། བདེ་མཆོག་རྩ་རྒྱུད་ལས། རྡོ་རྗེ་ལྷ་མོ་མྱོས་བྱེད་ཤ་རྣམས་ཀྱིས། །སྐྱེ་བོ་གུས་པས་དེ་རྣམས་མཆོད་བྱས་ན། །ཧེ་རུ་ཀ་དཔལ་མངོན་དགར་གྱུར་པ་ཡིས། །གང་ཕྱིར་དེ་རྣམས་ལག་ན་མཆོག་གི་གནས། །མགུ་བའི་སེམས་ཀྱིས་མཆོག་ནི་སྩོལ་བར་འགྱུར། །ཞེས་དང༌། སྡོམ་འབྱུང་ལས། གཏོར་མ་མྱོས་བྱེད་མེད་པར་ལས། །མྱུར་དུ་འགྲུབ་པར་མི་འགྱུར་རོ། །དེས་ན་སྔོན་གྱི་སངས་རྒྱས་ཀྱིས། །གཏོར་མ་རབ་ཏུ་བསྔགས་པ་གསུངས། །ཞེས་པ་རྣམས། སྙིང་པོ་རྒྱན་ལས། ཤིང་དང་ཉ་ལྕིབས་དག་དང་ནི། །ན་ར་ཀ་ལ་ས་ཡི་སྣོད། །མི་ཡི་ཐོད་པ་དག་བཤམ་མོ། །ཐུན་མོང་སྣོད་ནི་ཐོད་པ་སྟེ། །ཡང་ན་ཐམས་ཅད་ལ་ཡང་ཤིང༌། །ཞེས་པས་སྣོད་དེ་རྣམས་སུ་ཟ་འདོད་ཀྱི་བསམ་པས་རྒྱས་པར་བཞག་པ་དང༌། སེར་སྣས་བཅིང་བ་སོགས་མ་ཡིན་པར་གཙང་ཞིང་གྱ་ནོམ་པར་མཆོད་པ་དང་བཅས་པ་བཤམ་མོ། །ཚོགས་ཀྱི་སྐབས་སུ་ཀུན་སྤྱོད་ནི། སྙིང་པོ་རྒྱན་ལས། བླ་

p. 555

མས་རྗེས་སུ་གནང་མིན་པར། །གླུ་དང་གར་སོགས་མི་བྱའོ། །ཇི་ལྟར་མཆོད་དང་ལོངས་སྤྱོད་པ། །ཚིམ་པ་རུ་ནི་མ་བྱས་པར། །བྲེ་མོའི་གཏམ་དང་འདུ་འཛིའི་སེམས། །རྣམ་པ་ཀུན་ཏུ་མི་བྱ་སྟེ། །བྱས་ན་དམྱལ་སོགས་འབྲས་ཐོབ་འགྱུར། །མཆོད་ཚེ་གཤུང་ན་ངུ་འབོད་དེ། །སྲེད་པས་ཡི་དྭགས་ངེས་པར་འགྱུར། །རང་གི་བསམ་གཏན་བྲལ་གྱུར་ན། །དུད་འགྲོའི་གནས་སུ་ལྟུང་ཕྱིར་དང༌། །སེམས་དཔའ་རབ་ཏུ་བརྟན་པ་ཡིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང༌། །ས་གསུམ་པ་ནི་རབ་ཏུ་མཆོད། །ཇི་སྲིད་གཏོར་མ་མ་བཏང་བར། །འཁོར་ལོའི་ཕྱི་རོལ་འགྲོ་མི་བྱ། །གང་དུ་དཔའ་བོ་རྣལ་འབྱོར་མ། །ཚིམ་པ་རུ་ནི་མི་ནུས་ན། །དེ་དག་སྙན་གསན་དབབ་མི་བྱ། །གང་དུ་ཚིམ་པར་མ་གྱུར་པ། །དེ་ནི་བསོད་ནམས་རབ་ཟད་བྱེད། །དེ་བས་ཀུན་ཏུ་རྣལ་འབྱོར་པ། །ཟས་སོགས་ཀྱིས་ནི་ཚིམ་པར་བྱ། །ཞེས་སོ། །བཟའ་བཏུང་འདྲེན་པ་ལ་ཧ་ཅང་གང་བ་དང༌། དེ་བཞེས་ནས་ཡང་བསྐྱར་ལེན་པ་ལ་སྣོད་སྟོང་པ་མིན་པ་བྱ་སྟེ། རཏྣ་རཀྵི་ཏས། འདྲེན་པ་ཧ་ཅང་གང་བ་མིན། །ལེན་པ་ཧ་ཅང་སྟོང་པ་མིན། །ཞེས་དང༌། ཡང་ཡང་ལྡང་དང་འདུག་པ་དང༌། །མགྲིན་པ་བསྒྱུར་སོགས་རྟག་ཏུ་སྤང༌། །ཞེས་དང༌། དམ་ཚིག་ལྔ་པ་ལས། སྣོད་ནི་ས་ལ་བཞག་པའམ། །གཞན་ལ་བྱིན་པར་གྱུར་པ་ན། །ལག་ནས་བོ་ན་ཆད་པས་བཅད། །རང་གིས་ཐམས་ཅད་མི་བཏུང་ངོ༌། །བཟའ་དང་བཏུང་བ་རང་གིས་ནི། །ཤིན་ཏུ་ལྟོགས་ཀྱང་བླང་མི་བྱ། །རྩོད་པ་ལ་སོགས་གང་བྱེད་པ། །དེ་ནས་དེ་ནི་གདོན་པར་བྱ། །ཡང་ན་གདོན་པར་མི་ནུས་ན། །དེ་ཚེ་སྡིག་པ་ལ་བརྟགས་པས། །རང་ཉིད་གཞན་དུ་འགྲོ་བའམ། །མི་སྨྲ་བ་ལ་བརྟེན་པར་བྱ། །ལས་ཀྱི་རྡོ་རྗེ་བཏུང་སོགས་ལ། །རང་གིས་བླངས་

p. 556

ཀྱང་ཉེས་པ་མེད། །སྤྱོད་ལམ་ཤུགས་ཀྱིས་ཕྱིར་འགྲོ་ན། །དེ་ནི་དགག་པར་མི་བྱའོ། །མངོན་པའི་ང་རྒྱལ་ཞེ་སྡང་གིས། །གཞན་སྨོད་དམ་པ་མ་ཡིན་པའི། །ཚིག་གིས་སྨད་ཀྱང་རྩོད་པའི་གཏམ། །མི་དགའ་བ་ཡང་སྤང་བར་བྱ། །བཀག་པ་ཡང་ནི་སྤྱོད་གྱུར་ན། །རྩ་བའི་ལྟུང་དང་སྦོམ་པོ་ནི། །མྱུར་དུ་གསོ་བའི་ཆོ་ག་བྱ། །དེ་ནི་ལྡང་བའི་ཆོ་གར་གྲགས། །རྡོ་རྗེ་སློབ་དཔོན་ཚིམ་གྱུར་པས། །བར་དུ་གཏོར་མ་སྦྱིན་པར་བྱ། །གླུ་དང་གར་ལ་སོགས་རྒྱུན་ནི། །དེ་ཡི་བཀའ་ཡིས་གནང་བར་བྱ། །ཚོགས་ཀྱིས་འདུས་པ་ལ་བྱ་བ། །ལག་པ་རྐང་སོགས་བག་ལྡན་བྱ། །ཤིན་ཏུ་བག་མེད་རྒྱུ་ཡི་ཕྱིར། །བཏུང་བ་མང་པོ་སྤྱད་མི་བྱ། །མང་དག་གིས་ནི་གཡེང་བར་འགྱུར། །གཡེང་བས་རྣལ་འབྱོར་འཁྲུགས་འགྱུར་ཞིང༌། །རྣལ་འབྱོར་ཉམས་པས་དངོས་གྲུབ་མེད། །བདུད་ཀྱི་ལས་ནི་བཟློག་པར་དཀའ། །གང་ཡང་སེམས་ནི་སྲུང་ནུས་པས། །རང་ངམ་གཞན་ལ་མཆོད་པར་བྱ། །གཟུགས་སོགས་སྣ་ཚོགས་དག་པ་ཡིས། །དེ་ཡིས་འདི་ནི་དངོས་གྲུབ་འགྱུར། །སྐད་ཅིག་ཙམ་ཡང་གཞན་གཟུགས་ཀྱིས། །མི་རིག་གདུག་ཅན་གྱི་ནི་སེམས། །གྲུབ་འདོད་དངོས་གྲུབ་དོན་གཉེར་བའི། །འབད་པས་མཁས་པས་གནས་མི་བྱ། །ཞེས་པས་རྣལ་འབྱོར་ཕོ་མོ་གཉིས་ཀ་ཚོགས་ན་བདུད་རྩི་སྔོན་དུ་དཔའ་མོ་དང༌། དེ་རྗེས་དཔའ་བོ། ཤ་སྔོན་དུ་དཔའ་བོ་དང༌། དེ་རྗེས་དཔའ་མོས་ལེན། དགོས་དབང་གིས་འགྲོ་དགོས་བྱུང་ན་ཚོགས་ཀྱི་གཙོ་བོ་ལ་གནང་བ་གསོལ་ཏེ་འགྲོ་འོང་ཐམས་ཅད་ལ་གཙོ་བོ་ལ་ཕྱག་བྱ། སྣོད་སྟོང་པར་མི་བཞག ཟས་ས་རྗེན་ས་ལ་མི་བཞག ལས་ཀྱི་རྡོ་རྗེས་མ་བྱིན་པར་བཟའ་བཏུང་རང་གིས་མི་བླང༌། ཤ་དང་བདུད་རྩི་སོགས་ལ་མི་གཙང་བ་དང་ཐེ་ཚོམ་གྱི་བསམ་པས་ལོངས་མི་སྤྱད།

p. 557

ཆང་སེམས་གཡེང་བར་འགྱུར་བས་ཁྱིམ་པ་ཡིན་ཡང་བག་མེད་དུ་མི་འཐུང༌། ཐེག་དམན་གྱི་བསམ་པ་སྤང༌། གཟུགས་སྒྲ་སོགས་ལ་དག་པའི་སྣང་ཞེན་དང་མ་བྲལ་བར་བྱ། ཀྱེ་རྡོ་རྗེའི་རྒྱུད་ལས། གསང་བའི་སྐད་ཀྱིས་མི་སྨྲ་ན། །དེ་ཡི་དམ་ཚིག་ཉམས་པར་འགྱུར། །ཞེས་པས་རིན་ཆེན་འབར་བ་ལས། གང་གིས་སོར་མོ་གཅིག་སྟོན་པ། །འོངས་སམ་ཞེས་ནི་འདྲི་བ་ཡིན། །གཉིས་ནི་ལེགས་པར་འོང་བ་ཡིན། །མཐེ་བོང་གཡོན་པ་བཅང་བ་ནི། །བདེ་བའི་ཕྱག་རྒྱར་ཤེས་པར་བྱ། །མ་ད་ན་ཆང་བ་ལ་ཤ །ཟན་ནི་ཏྲི་པི་ཏྲི་ཀ་ར། །ཚོད་མ་མ་ལ་ཏི་དཾ་ནཾ། །ཞེས་པས་ཤ་ལ་བ་ལ་དང༌། ཆང་ལ་མ་ད་ན་ཞེས་སོགས་བརྗོད། རྗེ་གར་དབང་གིས། འདི་དག་གི་ཚེ་སྦྱོང་ལམ་ཡང་འདི་ལྟར་བྱ་དགོས་ཏེ། དེ་ཡང་ཁ་ཊྭཱཾ་ག་ཐོད་པ་ཌ་མ་རུ་རྡོར་དྲིལ་སོགས་ལུས་ལ་བཅང༌། ཁྱད་པར་ཚོགས་བྱིན་གྱིས་བརླབས་པ་ནས་མཇུག་ཏུ་དགེ་བ་རྫོགས་བྱང་དུ་བསྔོ་བ་མ་ཟིན་བར་ལག་པ་རྡོར་དྲིལ་དང༌། ངག་བརྡ་ཚིག ཡིད་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ་ཞིང༌། ལོང་གཏམ་སོགས་སྤང་ལ་སྤྱོད་ལམ་དལ་བའི་སྒོ་ནས་ངག་སྙན་པར་རྡོ་རྗེའི་གླུ་གར་དང༌། ཆོས་ཀྱི་གཏམ་ལ་སོགས་པ་འབའ་ཞིག་གིས་དུས་འདའ་བར་བྱའོ། །གད་མོའི་སྒྲ་ཆེན་པོ་དང་ཀུ་ཅོ་སོགས་སྤང༌། ཁྱད་པར་ཚོགས་ལ་རྩོད་པ་དང༌། ངག་གི་ཚིག་ངན། ལུས་ཀྱི་རྣམ་འགྱུར་ངན་པ། ཡིད་ཀྱི་ཁྲོ་བ་སོགས་ངེས་པར་སྤང་བར་བྱ་ཞིང༌། མིང་ཐ་མལ་པ་མི་བརྗོད་པར་གསང་མཚན་ནམ་རྣལ་འབྱོར་པ་ཞེས་བརྗོད། ཚོགས་ཀྱི་འཁོར་ལོ་ཡང་དམ་ཚིག་མི་གཅིག་པ་དང༌། གསང་སྔགས་ལ་མི་མོས་པ། བླ་མ་ལ་མི་དད་པ་སོགས་ལ་གཏན་ནས་མི་སྦྱིན། གལ་ཏེ་དགེ་སློང་རྡོ་རྗེ་འཛིན་པ་ལྟ་བུས་ཕྱི་དྲོ་ཁ་ཟས་སྤོང་སེམས་ཀྱི་བསམ་པས་ཚོགས་རྫས་ཁྱད་དུ་བསད་ན་རྩ་ལྟུང་དུ་འགྱུར་ལ། ཡང་བཟའ་

p. 558

བཏུང་ལ་ལོངས་སྤྱོད་འདོད་ཀྱི་བསམ་པས་ཚོགས་འཁོར་བྱས་ན་ངན་སོང་མི་ཟད་པའི་གནས་སུ་ལྟུང་བའི་རྒྱུར་འགྱུར་བས། འདི་ལྟར་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དགོས་པ་འབྲས་བུ་མི་སློབ་པའི་ཟུང་འཇུག་ཆེས་མྱུར་དུ་ཐོབ་པའི་ཐབས་ཀྱི་གཙོ་བོ་ཀུན་རྫོབ་སྒྱུ་མའི་སྐུ་དང་བདེ་སྟོང་གི་ཡེ་ཤེས་གཉིས་དབྱེར་མེད་པས་ཐབས་ཤེས་དབྱེར་མེད་ཡིན་ལ། དེ་ལྟ་བུའི་བདེ་བ་ཡང་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བ་ཡིན་ཅིང༌། བདེ་བ་དེ་སྐྱེད་པར་བྱེད་པ་ལ་འདོད་པའི་ཡུལ་ལ་ལོངས་སྤྱོད་པ་ལས་བྱུང་བའི་ཉོན་མོངས་ལམ་དུ་ལྷོངས་པ་ཞིག་དགོས་ལ། དེས་ན་སྐབས་འདིར་ཡང་བཟའ་བཏུང་ལ་ལོངས་སྤྱོད་པས་དབང་པོ་རྟེན་བྱེད་ཀྱི་ལུས་བསྐྱེད་པ་ནས་བཟུང༌། བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེད་པར་བྱེད་པའི་ཚུལ་སོགས་རྒྱུད་དང་གྲུབ་ཆེན་གྱི་མན་ངག་རྣམས་ལས་རྟོགས་པར་བྱ་སྟེ། སྟོང་ཉིད་ཀྱི་རྩིས་ཟིན་པ་དང༌། ལྷའི་ང་རྒྱལ་བརྟན་པོར་བྱ་དགོས་ཤིང༌། དེ་ལྟ་མ་ཡིན་པར་ཁྱིམ་པ་ཐ་མལ་པ་དག་དགའ་སྟོན་དུ་ཚོགས་པ་ལྟར་བག་ཡངས་སུ་སོང་ན་དམ་ཚིག་ཉམས་པས་མཁའ་འགྲོ་མ་རྣམས་ཁྲོས་ཏེ་དངོས་གྲུབ་མི་འགྲུབ་ཅིང༌། དམྱལ་བར་འགྲོ་བ་སོགས་ཀྱི་ཉེན་ཤིན་ཏུ་ཆེ་བས་གོང་དུ་བཤད་པ་ལྟར་གྱི་སྤྱོད་ལམ་སོགས་ཀྱིས་མཚོན་ཚུལ་དང་ལྡན་པར་བྱ་བ་གནད་ཤིན་ཏུ་ཆེའོ། །ཞེས་སོ། །དེ་ལྟར་རྣམ་གཞག་དང་གོ་དོན་ངེས་པར་བྱས་ནས་ཇི་ལྟར་བྱ་བའི་ཆོ་ག་ལ་རྒྱས་པ་མཚན་ཉིད་པ་དང༌། བསྡུས་པ་རྗེས་མཐུན་པ་གཉིས་ཀྱི་དང་པོའི་ཕྱག་ལེན་ཕྲ་རགས་ངོར་ཆེན་རྡོ་རྗེ་འཆང་སོགས་བླ་མ་གོང་མ་རྣམས་ཀྱིས་མཛད་པའི་ཆོ་ག་ལས་རྟོགས་པར་བྱ་ཞིང༌། ཕྱི་མའི་དབང་དུ་བྱས་ཏེ་བཀོད་པ་འདི་ལྟར་སོར་བཞག་ཏུ་བྲི་བ་ནི།། ༈ །རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་སྤྱི་དང་འབྲེལ་བའི་ཚོགས་མཆོད་བྱ་ཚུལ་ཉུང་ངུ་གསལ་སྒྲོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་དང་དཀྱིལ་

p. 559

འཁོར་ལྷ་ཚོགས་ལ། །རྩེ་གཅིག་སེམས་ཀྱིས་གུས་པས་ཕྱག་བྱས་ཏེ། །ཚོགས་ཀྱི་མཆོད་པ་ཇི་ལྟར་བྱ་བའི་ཚུལ། །སྙིང་པོ་མདོར་བསྡུས་ངག་གིས་འདིར་བཤད་བྱ། །དེ་ཡང་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་བྱེད་པའི་སྐབས་དང༌། སྦྱིན་སྲེག་ལ་སོགས་པའི་དུས་སུ་མེད་དུ་མི་རུང་བའི་ཚོགས་མཆོད་མདོར་བསྡུས་བྱ་བའི་ཚུལ་ལ་གཉིས། སྦྱོར་བ་དང་དངོས་གཞིའོ། །དང་པོ་ནི། སྒྲུབ་མཆོད་ཀྱི་དུས་དཀྱིལ་འཁོར་གྱི་མདུན་དང་སྦྱིན་སྲེག་གི་ཚེ་མཆོད་པའི་མདུན་དུ་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་པ་དང༌། ཁྱད་པར་ཐོད་པའི་སྣོད་དུ་ཤ་ཆང་སོགས་བཀོད་པ་མཛེས་པར་བཤམ། གཉིས་པ་དངོས་གཞི་ནི། སྒྲུབ་མཆོད་ཡིན་ན་དབང་ཆོག་བཏང་ཚར་བའི་རྗེས་སུ་བྱ། སྦྱིན་སྲེག་གི་དུས་ཡིན་ན་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའི་རྗེས་སུ་ཚོགས་ཀྱི་ཡོ་བྱད་རྣམས་ལ། ལས་ཀྱི་རྡོ་རྗེས་སློབ་དཔོན་གྱི་ཀ་པཱ་ལའི་ནང་གི་བདུད་རྩི་བྲན། སློབ་དཔོན་གྱིས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད། ལས་ཀྱི་རྡོ་རྗེས་ཕྱག་གསུམ་བཙལ་ནས། ཚོགས་ཀྱི་ཡོ་བྱད་བྱིན་རླབས་མཛད་པར་ཞུ། ཞེས་བརྗོད། དཔོན་སློབ་རྣམས་ཀྱིས་ཆོ་ག་གང་དང་འབྲེལ་བ་དེའི་ནང་མཆོད་བྱིན་རླབས་སྐབས་ལྟར་རྒྱས་པར་བྱ། དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་ཕུད་བཅད་ནས་སྣོད་གཅིག་ཏུ་བླུགས་པ་དང༌། མ་ད་ན་སྣོད་གཅིག་ཏུ་བླུགས་པ་དཀྱིལ་འཁོར་གྱི་མདུན་དུ་ཕུལ། སློབ་དཔོན་ཀྱིས་ཀ་པཱ་ལའི་བདུད་རྩི་བྲན་ནས་དཔོན་སློབ་ཐམས་ཅད་ཀྱིས་འདི་སྐད་གྱེར་རོ། །ཧཱུྃ། བདེ་སྐྱོང་སྟོང་གསུམ་ལྟར་ཡངས་ཀ་པཱ་ལར། །དམ་རྫས་བདུད་རྩིར་རབ་འཁྱིལ་ཚོགས་མཆོད་འདི། །རྩ་བརྒྱུད་བླ་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་སྒོ་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་ཧི། པཉྩ་ཨ་མྲྀ་

p. 560

ཏ་ཁཱ་ཧི། ཧཱུྃ། བདེ་སྐྱོང་སྟོང་གསུམ་ལྟར་ཡངས་ཀ་པཱ་ལར། །དམ་རྫས་བདུད་རྩིར་རབ་འཁྱིལ་ཚོགས་མཆོད་འདི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿམཎྜ་ལ་དེ་ཝ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། བདེ་སྐྱོང་སྟོང་གསུམ་ལྟར་ཡངས་ཀ་པཱ་ལར། །དམ་རྫས་བདུད་རྩིར་རབ་འཁྱིལ་ཚོགས་མཆོད་འདི། །དཀོན་མཆོག་རིན་ཆེན་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་སྲིད་ཞིའི་འཇིགས་ལས་བསྒྲལ་དུ་གསོལ། །ཨོཾ་ཨཱཿཏྲི་རཏྣ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། བདེ་སྐྱོང་སྟོང་གསུམ་ལྟར་ཡངས་ཀ་པཱ་ལར། །དམ་རྫས་བདུད་རྩིར་རབ་འཁྱིལ་ཚོགས་མཆོད་འདི། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་རྣལ་འབྱོར་ཕྲིན་ལས་སྒྲུབ་ཏུ་གསོལ། །ཨོཾ་ཨཱཿཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། བདེ་སྐྱོང་སྟོང་གསུམ་ལྟར་ཡངས་ཀ་པཱ་ལར། །དམ་རྫས་བདུད་རྩིར་རབ་འཁྱིལ་ཚོགས་མཆོད་འདི། །མར་གྱུར་རིགས་དྲུག་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་འཁྲུལ་སྣང་སྡུག་བསྔལ་ཞི་གྱུར་ཅིག །ཨོཾ་ཨཱཿཥ་ཌ་ཀུ་ལ་ག་ཏི་ག་ཎ་ཙཀྲ་ཁཱ་ཧི། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་གསུམ་བཙལ་ནས། ཐོད་པ་དུམ་གཅིག་པ་ཆང་གིས་བཀང་སྟེ། ལག་པ་གཉིས་པདྨའི་གར་སྐོར་སྔོན་དུ་འགྲོ་བས་ལག་པ་གཡས་པའི་སོར་མོ་ལྔ་བཀྲམ་པའི་སྟེང་དུ་ཀ་པཱ་ལའི་དཔྲལ་བ་ཕ་རོལ་ལ་བསྟན་པ་བཞག ལག་པ་གཡོན་པའི་མཐེ་བོང་གིས་མཐེའུ་ཆུང་མནན་པ་ལྷག་མ་གསུམ་བརྐྱངས་པ་བ་དན་རྩེ་གསུམ་པའི་ཕྱག་རྒྱས་ཤ་ཅུང་ཟད་གཟུང་སྟེ་ཐོད་པའི་སྟེང་ནས་བཀབ་པ་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་བྱས་པ་ནི། ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ་དེས་བཟུང་ལ། རྡོ་རྗེ་འཛིན་སོགས་དགོངས་

p. 561

སུ་གསོལ། །བདག་གི་ཚོགས་ཀྱི་ཁྱད་པར་འདི། །དད་པའི་སེམས་ཀྱིས་འབུལ་ལགས་ཀྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་བརྗོད། དཔོན་སློབ་རྣམས་ཀྱིས། ཨེ་མ་ཡེ་ཤེས་ཆེན་པོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་སྲེག །འདི་འདྲའི་བདེ་བ་ཐོབ་ནས་ནི། །ཀུན་གྱི་ཨ་ཧོ་སུ་ཁ་བརྗོད། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཡང་ལས་ཀྱི་རྡོ་རྗེས་ཕྱག་གསུམ་བཙལ་ལ་པད་ཀོར་ཕྱག་རྒྱ་སྔར་བཞིན་བཟུང་ལ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །དམན་པའི་སྒོམ་པ་དོར་བར་གྱིས། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཨོཾ་ཨཱཿཧཱུྃ། ཨ་ལ་ལ་ཧོཿ ཞེས་པས་དྲང༌། དཔོན་སློབ་རྣམས་ཀྱིས་ཀྱང་ཕྱག་རྒྱ་དེ་ཉིད་བསྟན་ལ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་དྲི་མ་དང་བྲལ་ཞིང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་ཉིད་ལ་ནི་གུས་པས་འདུད། །ཨོཾ་ཨཱཿཧཱུྃ། ཨ་ལ་ལ་ཧོཿཞེས་བརྗོད་ལ་བླངས་ནས་བཟའ་བཏུང་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་གྱི་བསྲེག་རྫས་སུ་མོས་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱད་ནས་ཚིམ་པར་རོལ། འདི་དག་གི་སྐབས་སུ་ཤ་ལ་བ་ལ་དང་ཆང་ལ་མ་ད་ན་ལ་སོགས་པའི་བརྡ་སྐད་བྱ། བཟའ་བཏུང་ལས་ཀྱི་རྡོ་རྗེས་དྲངས་པ་མ་གཏོགས་རང་གིས་བླངས་ནས་མི་བཟའ། ཚོགས་རྫས་ས་རྗེན་ལ་མི་འཇོག ཐམས་ཅད་ཀྱིས་དགའ་བའི་གཏམ་དང་ཆོས་ཀྱི་གླུ་སོགས་མ་གཏོགས་ཁ་ཤག་དང་ངན་སྨྲས་ཅུང་ཟད་ཀྱང་བྱ་མི་རུང་ངོ༌། །དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་ལྷག་ཐམས་ཅད་བསྡུས་མཚན་མོ་ཡིན་ན་གྲིབ་གནོན་གྱི་གདོན་བསྲུང་བའི་ཕྱིར་དཔལ་འབར་དང་བཅས་སློབ་དཔོན་གྱི་མདུན་དུ་སྟེགས་ཀྱི་སྟེང་དུ་བཞག ཆུ་གཙང་དང༌། སློབ་དཔོན་གྱིས་ཆང་གི་ཞལ་ཕྲུ་འབར་བའི་ཕྱག་རྒྱའི་བར་ནས་གཏོར་ཞིང༌། ཕཻཾ། ཨོཾ་ཨཱཿ

p. 562

ཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབས་ལ་འདི་སྐད་བརྗོད་དོ། །ཧཱུྃ། བདེ་སྐྱོང་སྟོང་གསུམ་ལྟར་ཡངས་ཀ་པཱ་ལར། །དམ་རྫས་བདུད་རྩིར་རབ་འཁྱིལ་ཚོགས་ལྷག་འདི། །དམ་ཅན་ཞིང་སྐྱོང་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །ཨོཾ་ཨཱཿཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་ཕྱི་རོལ་དུ་དོར། ཌ་དྲིལ་རོལ་མོའི་སྒྲ་རྒྱ་ཆེར་བྱ་ཞིང༌། དེ་ནས་དཀྱིལ་འཁོར་སྒོས་ཀྱི་ཆོ་ག་སོགས་རང་གི་གཞུང་བཞིན་ཀྱུས་ལ་འཇུག་པར་བྱའོ། །ཚུལ་འདི་ནི་ཆོས་རྗེ་ཐམས་ཅད་མཁྱེན་པས་མཛད་པའི་ཚོགས་འཁོར་བདེ་ཆེན་རྣམ་རོལ་དང༌། དེའི་ལག་ལེན་བྱ་ཚུལ་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་དཔའ་བོའི་དགའ་སྟོན་གྱི་ཆོ་ག་འཁྲུལ་མེད་ལམ་བཟང་གཉིས་ཀྱི་དགོངས་དོན་གཞིར་བཟུང༌། ཁ་སྐོང་འོས་པའི་རིགས་རྨོར་ཆེན་རྡོ་རྗེ་འཆང་དང༌། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་གསུང་གིས་ཁ་བསྐངས། རྗེ་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཕྱག་ལེན་ཆུ་འབབ་མས་ཟུར་ནས་བརྒྱན། དོན་ལ་རང་བཟོའི་ལྷད་མ་ཞུགས་པར་བྱས་ཏེ་ལས་དང་པོ་པ་རྣམས་འཇུག་པ་བདེ་བའི་ཕྱིར་དུ་ངག་འདོན་ཙམ་ཞིག་གཙོ་བོར་བཀོད་པ་ཡིན་ལ་འདི་དག་གི་གོ་དོན་དང་མཐའ་དཔྱོད་ལག་ལེན་རྒྱས་པར་གོང་མའི་ཡི་གེ་རྣམས་ལས་རྟོགས་པར་བྱའོ། །དེ་ལྟར་དངོས་གྲུབ་མ་ལུས་འགུགས་པ་དང༌། །དམ་ཚིག་ཉམས་ཆགས་མཐའ་དག་གསོ་བའི་ཕྱིར། །ཚོགས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ། །བརྒྱུད་ལྡན་བླ་མའི་བཞེད་སྲོལ་ཇི་བཞིན་བཀོད། །རིག་འཛིན་སྔགས་སྡོམ་ཐོབ་ལ་མ་ཉམས་ཞིང༌། །ལས་འབྲས་འདོར་ལེན་སྤྱོད་པའི་ངང་ཚུལ་ཅན། །མཁྱེན་ལྡན་རྣམས་ཀྱིས་འདི་བཞིན་མཛད་གྱུར་ན། །ཁོ་བོ་དད་པའི་སྤུ་ལོངས་ཅིས་མི་གཡོ། །སྔགས་སྒོར་ཞུགས་ཀྱང་དམ་ཚིག་མི་

p. 563

སྲུང་བའི། །སེར་གཟུགས་ཆང་ནག་དོན་གཉེར་ཅན་རྣམས་ཀྱིས། །འདི་འདྲའི་ལག་ལེན་འཁྱར་འཁྱོར་བྱས་གྱུར་ཀྱང༌། །དོན་མེད་གསང་སྒྲོགས་ཉེས་པ་བསྒྲུབས་པར་ཟད། །རྙེད་དཀའི་རིན་ཆེན་མི་ལུས་ཐོབ་པ་དང༌། །རྒྱལ་བའི་བཀའ་དང་མཇལ་བ་ད་ལན་ཙམ། །གྲོགས་དག་བྱིས་པའི་ཕལ་སྤྱོད་ད་བཞག་ནས། །དམ་ཚིག་སྡོམ་པ་བསྲུངས་ན་མི་མཛེས་སམ། །ཚུལ་འདི་བསྐྲུན་ལས་ཐོབ་པའི་དགེ་ཚོགས་ནི། །དུང་དང་ཟླ་འོད་ཀུནྡ་ལྟར་དཀར་བ། །གང་དེས་སངས་རྒྱས་ལས་ཀྱང་དཀོན་པའི་ཆོས། །གསང་སྔགས་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་བླ་མེད་རྒྱུད་སྡེ་སྤྱི་དང་འབྲེལ་བའི་ཚོགས་མཆོད་བྱ་ཚུལ་ཉུང་ངུ་གསལ་སྒྲོན་ཞེས་བྱ་བ་འདི་ནི་རྡོ་རྗེ་འཛིན་པའི་དབང་ཕྱུག་རི་ཕུག་སློབ་དཔོན་ཆོས་རྗེ་སྐལ་བཟང་དོན་གྲུབ་ཀྱིས་དགོས་ཚུལ་ཕེབས་པ་དང༌། ལྷག་པར་ཉེ་བའི་ཆར་རབ་རྒྱས་སློབ་དཔོན་རིན་ཆེན་དཔལ་ལྡན་གྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། ཆོས་སྨྲ་བའི་བཙུན་པ་ཤཱཀྱའི་དགེ་སྦྱོང་བློ་གསལ་བསྟན་སྐྱོང་གིས་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ཆུ་ཤེལ་གྱི་དབང་པོ་སག་ས་ཉ་བའི་དཀར་ཆ་འཕེལ་བའི་དགའ་བ་དང་པོའི་ཉིན། ཉང་སྨད་ཞྭ་ལུ་རི་ཕུག་གི་ཆོས་གྲྭ་ཆེན་པོར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག འདིའི་ལུང་རྗེ་བླ་མ་ཉིད་ཀྱི་ཞལ་སྔ་ནས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོ་ལའོ།། ༈ །ཚོགས་རྫས་བདུད་རྩི་ལྟར་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿབིགྷྣཱན྄་ཏ་ཀྲྀཏ྄་ཧཱུྃ་ཧཱུྃ། ཞེས་པས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང་རྃ་ལས་མེ། ཨོཾ་ཨཱཿཧཱུྃ་ལས་མི་མགོའི་སྒྱེད་པུ་གསུམ། དེ་རྣམས་ཀྱི་སྟེང་དུ་ཨཱ་ལས་ཀ་པཱ་ལའི་ནང་དུ། དབུས་སུ་ཧཱུྃ་ལས་ཤ་ཆེན་དང་རྐང་མར། ཤར་དུ་ཨོཾ་ལས་བ་གླང་གི་ཤ་དང་དྲི་ཆེན། བྱང་དུ་ཧཱ་ལས་གླང་པོ་ཆེའི་ཤ་དང་དྲི་

p. 564

ཆུ། ནུབ་ཏུ་ཧྲཱིཿལས་རྟའི་ཤ་དང་ཁུ་བ། ལྷོར་ཨཱྃ་ལས་ཁྱིའི་ཤ་དང་རཀྟ། དེ་རྣམས་ཀྱི་སྟེང་གི་དབུས་སུ་ཨོཾ་ཡིག དེའི་སྟེང་དུ་ཨཱཿལས་ཟླ་ཕྱེད། ཧཱུྃ་ལས་རྡོ་རྗེ། ཨོཾ་ཞེས་བརྗོད་པས་རྫས་རྣམས་ཞུ་སྟེ་བདུད་རྩི་དཀར་པོར་གྱུར། དྲི་མ་ཐམས་ཅད་ཕྱིར་ལུད་ཨཱཿཞེས་བརྗོད་པས་བདུད་རྩི་དམར་པོར་གྱུར། ཁ་དོག་དང་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བྱས། ཧཱུྃ་ཞེས་བརྗོད་པས་བདུད་རྩི་ཁ་དོག་སྣ་ཚོགས་པ་ནམ་མཁའ་དང་མཉམ་པར་སྤེལ་ཞིང་སྤྲོས། ཨོཾ་ཡིག་ཟླ་ཕྱེད་རྡོ་རྗེ་དང་བཅས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ་བདུད་རྩི་ལ་ཐིམ། ཟླ་ཕྱེད་རྡོ་རྗེ་ཨོཾ་ཡིག་དང་བཅས་པ་ཡང་ཞུ་ཞིང་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿསྭཱ་ཧཱ། ཞེས་ཚོགས་རྫས་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ། ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ན་མོ་ཐབས་དང་ཤེས་རབ༴ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས༴ ན་མོ་ཐབས་དང༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ༴ ན་མོ་ཐབས་དང༴ དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་ལྕམ༴ མི་འབྲལ་སྙིང་གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་དུ། །དྲིན་ཅན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་

p. 565

བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨ། སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །རྟ་ཡི་རྒྱལ་པོ་བཅོམ་ལྡན་འདས། །ཕྲག་དོག་རྡོ་རྗེ་དོན་ཡོད་གྲུབ། །རྣམ་འཕྲུལ་མཁའ་ལ་སོགས། །མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་ནས། །རྡོ་རྗེ་རྒྱལ་པོ་བདེ་སྐྱེད་ཡུམ། །དམ་ཚིག་སྒྲོལ་མ་མཁའ་འགྲོའི་ཚོགས། །རྣམ་འཕྲུལ༴ །ཕྲིན་ལས་རྣམ་བཞི་སྒྲུབ་པའི་གནས། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ནས། །འཕགས་མ་སྒྲོལ་མའི་བཀའ་ཉན་པའི། །ཕྱག་བརྙན་ཕོ་ཉ་འབྱུང་པོའི་ཚོགས། །རྣམ༴ །བདུད་ཚོགས་ཀུན་འདུལ་ཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བགེགས་བཅོམ་འདོད་དོན་ཀུན་སྒྲུབ་པ། །ཆོས་སྐྱོང་བསྟན་སྲུང་ཚོགས་རྣམས་ཀྱང༌། རྣམ༴ །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཐོར་ཚུགས་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་ཏི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་ཕྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁཾ།

p. 566

བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་ཀུན་དང་བྲལ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོཿ དེ་ནས་ཚོགས་ཕུད་བཅད་ལ། ཞལ་ཟས་རོ་བརྒྱ་དང༌། སྙིང་པོའི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ན་དང༌། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ་བཛྲ་ཨཱ་ར་ལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿཨོཾ་ཁ་ཁ་ཁཱ་ཧི་སོགས་ལན་གསུམ་དང༌། ཨོཾ་མཆོད་དོ། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་ཚོགས་ཕུད་ཕུལ་ཞིང་ཚོགས་ལ་རོལ། ལྷག་མ་བསྡུས་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨ་ཀཱ་རོ་ལན་གསུམ། ཕྱི་རོལ་སྒོ་དྲུང་ལ་གནས་པའི་འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་ལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །ཁྱེད་རྣམས་རྡོ་རྗེ་ཐེག་པ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪི་ཊ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། དེ་ནས་རྡོ་རྗེའི་གླུ་དང༌། ཡིག་བརྒྱ་དང་བཟོད་གསོལ་སྨོན་ལམ་སོགས་བྱའོ།། ༈ །ནཱ་རོ་མཁའ་སྤྱོད་མའི་ཚོགས་མཆོད་ཤིན་ཏུ་བསྡུས་པ་བསོད་ནམས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཡོ་གི་ནྱཻ། དེ་ལ་འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཚོགས་ཀྱི་མཆོད་པ་ཤིན་ཏུ་བསྡུས་པ་བྱ་བར་འདོད་པས།

p. 567

ཡར་མར་གྱི་ཚེས་བཅུ་ལ་སོགས་པ་དུས་ཁྱད་པར་ཅན་གྱི་ཚེ། རྣལ་འབྱོར་མའི་སྐུ་བྲིས་འབུར་ཇི་ལྟར་རིགས་པའི་མདུན། ཚོགས་ཀྱི་ཡོ་བྱད་དང་མཆོད་པའི་བྱེ་བྲག་ཅི་འབྱོར་པ་བཀོད་པས་མཛེས་པར་བཤམས་ལ། བདག་བསྐྱེད་བཟླས་པ་ཉེར་བསྡུ་དང་བཅས་པ་གྲུབ་ནས། ཚོགས་རྫས་རྣམས་ལ་ནང་མཆོད་ཆུ་ཆང་གིས་བྲན་ནས། སུམྦྷས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱིད་པུ་གསུམ་ལ་བརྟེན་པའི་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཚོགས་ཀྱི་ཡོ་བྱད་ཤ་ལྔ་བདུད་རྩི་ལྔ་རྣམས་བསྐོལ་ཞིང་འོད་དུ་ཞུ་བ་ལས་བྱུང་བའི་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་མང་དུ་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་ལན་གསུམ་བསྐོར་ཞིང༌། ཕཻཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཛཿཧཱུྃ་བཾ་ཧོཿམདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར་པ་ལ། ཨོཾ་ཨཱཿཧཱུྃ། དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་སྨན་ཕུད་དབུལ། ཨོཾ་ཨཱཿཧཱུྃ། བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་དང༌། །ཕྱོགས་བཅུ་དུས་

p. 568

གསུམ་རྒྱལ་བ་སྲས་བཅས་ལ། །ཞལ་ཟས་འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །བཅོམ་ལྡན་དཔལ་ཆེན་འཁོར་ལོ་སྡོམ་པ་སོགས། །རབ་འབྱམས་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷར། །ཞལ་ཟས༴ །བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྒྱལ་ཀུན་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མ། །ཞིང་སྔགས་ལྷན་སྐྱེས་སྤྲུལ་པའི་དཀྱིལ་འཁོར་ལྷར། །ཞལ་ཟས༴ །བཞེས་ནས་ཚེ་འདིར་མཁའ་སྤྱོད་འགྲུབ་པར་མཛོད། །དཔལ་མགོན་གུར་ཞལ་དུར་ཁྲོད་བདག་པོ་སོགས། །ཆོས་སྐྱོང་སྲུང་མ་ནོར་ལྷ་རྒྱ་མཚོ་ལ། །ཞལ་ཟས༴ །བཞེས་ནས་རྣམ་བཞིའི་ཕྲིན་ལས་ཡིད་བཞིན་སྒྲུབས། །གདོད་ནས་གྲུབ་པའི་དུར་ཁྲོད་གནས་བརྒྱད་ན། །བཞུགས་པའི་རིགས་ལྔའི་མཁའ་འགྲོ་འཁོར་བཅས་ལ། །ཞལ་ཟས༴ །བཞེས་ནས་བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ཤྲཱི་བཛྲ་ཡོ་གི་ནཱི་དྷརྨ་པཱ་ལ་ཌཱ་ཀ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་ཚོགས་ཕུད་འབུལ། དེ་ནས་ཚོགས་ཀྱི་ཡོ་བྱད་བདུད་རྩིའི་རང་བཞིན་གྱིས་སྙིང་གའི་བྃ་ཡིག་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་མཆོད་པར་མོས་ལ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བརྗོད་ཅིང་ལོངས་སྤྱད་པའི་ལྷག་མ་རྣམས་བསྡུས་ཏེ། ཆང་གི་ཁ་ཕྲུ་འབར་བའི་ཕྱག་རྒྱའི་བར་ནས་འཐོར་ཞིང༌། ཕཻཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ལྷག་མའི་གཏོར་མ་འདོད་ཡོན་ལྔ་ལྡན་འདི། །འབྱུང་པོ་ལྷག་མར་དབང་བའི་ཚོགས་ལ་སྦྱིན། །ཟག་མེད་བདེ་བ་མཆོག་གིས་ལུས་དང་སེམས། །ངོམས་ཤིང་ཚིམ་པའི་སྐལ་པ་ལྡན་གྱུར་ཅིག །ཅེས་ཕྱི་རོལ་ཏུ་དོར། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །དགེ་བ་འདི་

p. 569

ཡིས་སྐྱེ་བ་ཐམས་ཅད་དུ། །དཔལ་ལྡན་བླ་མ་རྡོ་རྗེ་རྣལ་འབྱོར་མས། །འབྲལ་བ་མེད་པར་རྟག་ཏུ་རྗེས་བཟུང་ཞིང༌། །མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་བཀྲ་ཤིས་དང་སྨོན་ལམ་བྱ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དང་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་དུ་ཁྲིད་པར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང༌། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་སྐང༌། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ། རྟེན་ལ་འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས། རང་གི་གནས་རྣམས་སུ་སོགས་གོ་ཆ་བཀོད། བསྲུང་བ་བསྔོ་བ་སྨོན་ལམ་ཤིས་བརྗོད་བཅས་བྱས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་པ་འདི་ཙམ་དུས་དང་རྒྱུན་དུ་མ་ཆགས་པར་ཉམས་སུ་བླང་བས་ཀྱང་ཚོགས་ཟུར་མྱུར་དུ་འདུམ་ཞིང་མཁའ་སྤྱོད་སྒྲུབ་པའི་ལམ་གྱི་གཙོ་བོ་ཡིན་པས་ཤིན་ཏུ་གལ་ཆེ་བས་དཔྱོད་ལྡན་རྣམས་ཀྱི་ལག་ལེན་དུ་འདེབས་ཚལ། ཞེས་རྗེ་བླ་མ་རིན་པོ་ཆེས་བཀའི་རྗེས་སུ་གནང་བ་ཐོབ་པ་ལྟར་བློ་གཏེར་དབང་པོས་སྤེལ་བའོ།། །།སརྦ་མངྒ་ལཾ།། །།

གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་མ་ཎི་རིལ་སྒྲུབ་གཞན་ཕན་ཀུན་ཁྱབ།

p. 570
p. 571

གྲུབ་ཆེན་ཐང་རྒྱལ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་མ་ཎི་རིལ་སྒྲུབ་གཞན་ཕན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ།།

p. 572

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོ་བཞི་བརྩེགས་ཀྱི་སྒོ་ནས་རིལ་སྒྲུབ་བྱ་བ་ལ་གཉིས། སྔོན་དུ་བུམ་པ་སྒྲུབ་པ་དང༌། དངོས་གཞི་རིལ་བུ་སྒྲུབ་པའོ། །དང་པོ་ལ། སྦྱོར་དངོས་རྗེས་གསུམ་ལས་དང་པོ་ནི། མདུན་སྟེགས་ཀྱི་ཁར་བུམ་པ་ལྔ་ཚན་ལྔའི་བཅུད་ཀྱིས་གཏམས་པ་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་བཅས་དང༌། དེའི་མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་གཏོར་མ་གསུམ་བཤམ། གཞན་རྡོར་དྲིལ་སོགས་ཉེར་མཁོ་ཚོགས་པར་བྱས་ནས། རང་ཉིད་ཁྲུས་གཙང་སྦྲས་སྟན་བདེ་བར་འཁོད་དོ། །གཉིས་པ་དངོས་གཞི་ལ། རང་གི་མདུན་དུ་སེམས་ཅན་ཐམས་ཅད་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བར་བསམས་ལ་སྐྱབས་འགྲོ་བྱ་བ་ནི། ཕ་མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ༴ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་དང༌། སངས་རྒྱས་ཆོས་དང་སོགས། འགྲོ་རྣམས་

p. 573

བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་དྲུང་དུ་གནས་བཅས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཉམས་སུ་བླང་བར་བགྱིའོ། །བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་ལྟེ་བར་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་དཀར་པོ་སྙན་གྱི་ཐད་དཀར་ཁ་བྱེ་བའི་ཡུ་བ་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྤྱན་གསུམ་དང་ལྡན་པ། ཞལ་འཛུམ་དང་བཅས་པའོ། །སྙིང་གར་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ་བཞེངས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་ཤེལ་གྱི་ཕྲེང་བ་

p. 574

བསྣམས་པ། གཡོན་གྱི་གཉིས་པ་ན་པདྨ་དཀར་པོ་བསྣམས་པ། མགྲིན་པར་བཅུ་གཅིག་ཞལ་རྩ་བའི་ཞལ་དབུས་དཀར། གཡས་ལྗང༌། གཡོན་དམར་བ། དེའི་སྟེང་མ་གསུམ་དབུས་ལྗང༌། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་གསུམ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་འཛུམ་པའི་ཉམས་ཅན། དབུ་སྐྲ་བསིལ་བ། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་པ་ཁྲོ་གཉེར་དང་ལྡན་པ་སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་སྒྲེང་བ། དེའི་སྤྱི་བོར་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ། རྒྱན་སྤངས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འཛུམ་པ་མགུལ་པ་དང་བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པས་མཆོག་སྦྱིན། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ་འཛིན་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། སྤྱི་བོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་བཞེངས་པ། རྩ་བའི་ཞལ་དབུས་དཀར། གཡས་ལྗང་གཡོན་དམར་བ། དེའི་སྟེང་མ་གསུམ་དབུས་ལྗང༌། གཡས་དམར། གཡོན་དཀར་བ། དེ་རྣམས་ཞི་ཞལ་འཛུམ་པའི་ཉམས་ཅན། དབུ་སྐྲ་སིལ་བུ། དེའི་སྟེང་དུ་ཁྲོ་ཞལ་དམར་པོ་གཉིས་གཤིབས། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་གཉིས་གཤིབས། མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་བཅས་པ་སྤྱན་གསུམ་དང་ལྡན་པ། རལ་པ་དམར་སེར་གྱེན་དུ་བསྒྲེངས་པ། དེའི་སྟེང་དུ་འོད་དཔག་མེད་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ། རྒྱན་སྤངས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འཛུམ་པ་མགུལ་པ་དང་བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པས་བགྲང་ཕྲེང༌། གསུམ་པས་མཆོག་སྦྱིན། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་

p. 575

པས་གསེར་གྱི་པདྨ་ཡུ་བ་དང་བཅས་པ་འཛིན་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང༌། མར་པུས་མོའི་ལྷ་ང་ལས་མི་འདའ་བ། བཞི་ཀའང་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། སྐུ་སྟོད་ལ་རས་དཀར་པོ་དང༌། སྐུ་སྨད་ལ་རས་སྣ་ཚོགས་པས་ཤམ་ཐབས་རོལ་པར་འཆང་བ། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་བཅིངས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། སྤྱན་གསུམ་གསུམ་དང་ལྡན་པའོ། །ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདེ་ལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་པོ་ཏ་ལ་ལ་སོགས་ཏེ་ཞིང་ཁམས་རབ་འབྱམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་བཞི་བརྩེགས་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ། ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ། སླར་ཡང་ལྟེ་བའི་ཧྲཱིཿལས་འོད་འཕྲོས་པས། དབང་གི་ལྷ་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁས་བསྟོད། བདག་བསྐྱེད་ཀྱི་ལྷ་ལ་མངོན་པར་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་ཡུམ་སངས་རྒྱས་སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མ་བཞིས་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་ཤློ་ཀ་གཅིག་དང༌། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུྃ།

p. 576

ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། ལྷ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེ་སེམས་དཔའ། རྣ་བ་གཡས་པར་རིན་ཆེན་འབྱུང་ལྡན། ལྟག་པར་རྣམ་པར་སྣང་མཛད། རྣ་བ་གཡོན་པར་དོན་ཡོད་གྲུབ་པས་དབུ་བརྒྱན། རང་གི་རྣམ་སྨིན་གྱི་ལུས་སྦྱངས། སེམས་ཐུགས་རྗེ་ཆེན་པོ་བཞིའི་ངོ་བོར་གྱུར། བདག་བསྐྱེད་ཀྱི་ལྷའི་ཡིག་འབྲུ་རྣམས་ཀློག་པའི་ཚུལ་དུ་བཟླས་པས། ཡིག་འབྲུ་རྣམས་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག པོ་ཏ་ལར་གྱུར། བཅུད་ཀྱི་སེམས་ཅན་ལ་ཕོག སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོ་བཞིའི་ངོ་བོར་གྱུར་པར་བསམ། ཞལ་གཅིག་ཕྱག་བཞི་པའི་ཐུགས་ཀར་པད་ཟླའི་སྟེང་དུ། ཨོཾ་མ་ཎི་པདྨེ་ཧཱུྃ། བཅུ་གཅིག་ཞལ་གྱི་ཐུགས་ཀར་པད་ཟླའི་སྟེང་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཞེས་སོགས་གཟུངས་རིང་གཅིག་གིས་མགོ་བྱས་ལ་གཟུངས་ཐུང་ཉི་ཤུ་རྩ་གཅིག་འདྲེན་ནོ། །ཕྱག་སྟོང་སྤྱན་སྟོང་གི་ཐུགས་ཀར་པད་ཟླའི་སྟེང་དུ་གཟུངས་རིང་ཉེར་གཅིག་བྱེད། མཆོད་པ་ནི། ཨོཾ་ཨཱརྻ་ཨ་བ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྐྱོན་གྱིས་མ་གོས་སོགས་ཤློ་ཀ་གཅིག ཇོ་བོ་ཐུགས་རྗེ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བུམ་པ་སྒྲུབ་པ་ནི། མཆོད་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ།

p. 577

སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། ནང་ཆུ་དང་བཅུད་ཀྱིས་ཡོངས་སུ་གང་བའི་པད་ཟླའི་སྟེང་དུ་དབུས་སུ་འོད་དཔག་མེད། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་རྣམ་པར་སྣང་མཛད། བྱང་དུ་དོན་ཡོད་གྲུབ་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཀྱིས་བསྟོད། ཛཿཧཱུྃ་བཾ་ཧོཿ ཞེས་པ་ནས། ཡར་ལུད་པ་ལས། བར་གོང་ལྟར་ལ་བདག་མདུན་གྱི་ཚིག་བསྒྱུར། རིགས་ལྔ་ལ་རིགས་ལྔ་སོ་སོས་དབུ་བརྒྱན། མཆོད་བསྟོད་གོང་ལྟར། གཟུངས་ཐག་ནས་བཟུང་ལ། རང་གི་སྙིང་ག་ནས་སྔགས་ཀྱི་སོགས་སྤྱི་ལྟར་དམིགས་པ་རྩེ་གཅིག་པས། མ་ཎི་གཙོ་བོར་གྱུར་པའི་གཟུངས་རིང་ཐུང་དང་རིགས་ལྔའི་སྙིང་པོ་རྣམས་བཟླ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་ཡོན་དམ་པ་འདི་དག་དང༌། །འཇིག་རྟེན་ཁམས་ཀྱི་མཆོད་ཡོན་རྣམས། །ཐམས་ཅད་བློ་ཡིས་བླངས་ནས་ནི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་

p. 578

ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། འགྲེའོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ཞེས་པ་དང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་དམྱལ་བའི་ས་བོན་ངན་པ་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ཡི་དྭགས་ཀྱི༴ དུད་འགྲོའི༴ ཁམས་གསུམ་གྱི་འཁོར་བའི༴ མདོར་ན་ཚོགས་རྫོགས་སྒྲིབ་པ་བྱང་ནས་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གཏོར་མ་རྣམས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུར་པར་བསམས་ལ། ན་མོ་རཏྣ་ནས་མ་བ་ན་ཡེ་སྭཱ་ཧཱ་བར་ལྔའམ་བདུན་གྱིས་ཕུལ། ཨོཾ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ་གིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཅེས་སོགས་ཀྱིས་བསྟོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་བརྗོད་དོ། །གཉིས་པ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏྭཱད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། ཨོཾ་ཨརྒྷཾ་སོགས་གོང་བཞིན། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་དཔལ་མགོན་ལྕམ་དྲལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་བཅུ། རྒྱལ་པོ་ཆེན་པོ་སྡེ་བཞི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་ཏེ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་འབུལ་ལོ། །དམ་པའི་ཆོས་སྒྲུབ་པ་རྣམས་ཀྱི་འགལ་རྐྱེན་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་བརྗོད་དོ། །གསུམ་པ་ཡང༌། ཨ་ཀཱ་རོ་གསུམ་དང༌། བཅོམ་ལྡན་འདས་དེ་

p. 579

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་དམ་པ་ལ༴ སྐུ་འབྱམས་ཀླས་ལ༴ འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །གཏོར་མ་འདི་གནས་བདག་གཞི་བདག་རྣམས་ལ་འབུལ་ལོ། །བདག་ཅག་དཔོན་སློབ་འཁོར་བཅས་འགྲོ་བ་ལ་རུ་ང་བ་དང༌། སྡོད་པ་ལ་ཕྲག་དོག་པ་མ་མཛད། གཞི་ཆོས་ལྡན་དུ་སྐྱོང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་བུམ་ནང་གི་ལྷ་རྣམས་བདུད་རྩིར་ཞུ་ནས་བུམ་ཆུ་ནུས་ལྡན་དུ་གྱུར། ཅེས་བརྗོད། གཉིས་པ་དངོས་གཞི་རིལ་བུ་སྒྲུབ་ཚུལ་མདོ་ཙམ་བཤད་ན། སྦྱོར་བ་དངོས་གཞི་རྗེས་དང་ནི། །ཕན་ཡོན་མདོར་བསྡུས་སྨོས་པའོ། །ཞེས་བཞི་ལས་དང་པོ་ནི། སྔར་གཟུངས་སྒྲུབ་བྱས་པའི་བུམ་ཆུ་ཡོད་ན་ལེགས། གང་ལྟར་ཡང་འཕགས་པ་གསུམ་གྱི་རིང་བསྲེལ་དང༌། བླ་མ་གོང་མའི་བྱིན་རྟེན་སེལ་མེད་འབྲས་གསུམ་བཟང་དྲུག་སོགས་བཟང་སྨན་བཅས་འབྲས་སམ། ནས་དཀར་རྗེན་འཐག་གམ། བག་ཕྱེ་ལ་གཞི་བྱས་ཏེ་དྲི་བཟང་གི་ཆུས་རིལ་བུར་དྲིལ། རིལ་ཆགས་ཅུང་ཟད་བྱས་ལ་གྲིབ་མར་བསྐམ། གཤེར་ཐག་ཆོད་པ་དང་མཚལ་ལམ་ལི་ཁྲིས་ན་བཟའ་གསོལ། རིལ་ཆགས་འཐེམ་པར་བྱས་ལ་བུམ་པར་བླུག ཁ་རྒྱན་དང་མགུལ་ཆིངས་ཀྱིས་སྤྲས་ཏེ་སྤོས་ཀྱི་བདུགས་ལ་སྟེགས་བུའི་དབུས་སུ་གཞག གཟུངས་ཐག་གདགས། མདུན་དུ་ཟླུམ་གཏོར་དཀར་པོ་དང༌། ཆུ་གཉིས་སྔོན་གྲོའི་ཉེར་སྤྱོད་སོགས་ཀྱིས་བསྐོར། འབྱོར་ན་གདུགས་འཕན་རྒྱལ་མཚན་སོགས་ཀྱང་བཀོད་པས་མཛེས་པར་བརྒྱན། རང་གི་མདུན་དུ་མཎྜལ། མེ་ཏོག ཁྲུས་བུམ། རོལ་མོའི་བྱེ་བྲག་སོགས་འདུ་བྱའོ། །གཉིས་པ་ནི། མཆོད་པ་བྱིན་རླབས་སྤྱི་ལྟར་བྱས་ཏེ་སྐྱབས་འགྲོ་སེམས་

p. 580

བསྐྱེད་ནས་བཟུང་བདག་བསྐྱེད་མཇུག་བར་གོང་ལྟར་བྱ། མདུན་གྱི་བུམ་པ་རིལ་བུ་དང་བཅས་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། དེའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིལ་བུ་རྣམས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་སོགས་ནས་བྱིན་གྱིས་བརླབ་ཏུ་གསོལ་བར་གྱི་ལྷ་བསྐྱེད་མཆོད་བསྟོད་བཅས་གོང་ལྟར་བྱ། བཟླས་པའི་སྐབས་གཟུངས་ཐག་ནས་བཟུང་ལ། བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ། །ཆོས་སྲུང་ནོར་ལྷ་དང་བཅས་པའི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་དྲུག་མའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ་པས་གསང་སྔགས་ཀུན་འདུས་སུ་གྱུར། སླར་ཡང་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང༌། བུམ་པའི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་དང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཅུད་དང་དྭངས་མ་དགེ་མཚན་མ་ལུས་པ་འོད་ཟེར་

p. 581

ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། བུམ་པའི་ལྷ་ལ་ཐིམ་པས་མཁྱེན་བརྩེ་ནུས་པའི་གཟི་བྱིན་མཆོག་ཏུ་འབར་བར་གྱུར་པར་བསམས་ལ་ཡི་གེ་དྲུག་མ་སོགས་གོང་གི་སྔགས་རྣམས་བཟླ། སྒྲུབ་གྲོགས་ཡོད་ན་བཟའ་བཏུང་དང་སྤྱོད་ལམ་སོགས་ཀྱི་ཚེ་གཟུངས་ཐག་རེས་མོས་སུ་བཟུང་ལ་བཟླས་པ་རྒྱུན་མི་ཆད་པར་བྱ། གསུམ་པ་ནི། ཐུན་བསྡུ་བ་ན། ཡི་གེ་བརྒྱ་པ་དབྱངས་གསལ་རྟེན་སྙིང་རྣམས་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་སྤེལ་བ་དང༌། བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ། གོང་ལྟར་གཏོར་འབུལ་མཆོད་བསྟོད་ནོངས་བཤགས་སོགས་བརྟན་བཞུགས་དང་བསྔོ་སྨོན་བཀྲ་ཤིས་བཅས་རྒྱས་པར་བྱའོ། །བཞི་པ་ནི་གཞི་དེ་ཉིད་དུ་ཤེས་སོ། །ཞེས་པའང་རྗེ་བླ་མས་མཛད་པའི་ཐུགས་རྗེ་ཆེན་པོའི་གཞན་དོན་བྱ་ཚུལ་ཕན་བདེའི་མྱུར་ལམ་ལ་གཞི་བྱས་ནས་བློ་གཏེར་དབང་པོས་བསྡེབས་པའི་དགེ་བས་བདག་སོགས་འབྲེལ་ཚད་མཁའ་ཁྱབ་འགྲོ་ཀུན་ཚེ་འདིའི་སྣང་བ་ནུབ་མ་ཐག་ཏུ་རི་བོ་ཏ་ལར་འཕགས་པའི་ཞབས་ལ་རེག་པར་གྱུར་ཅིག། ༈ །ཡང་ན། དཔལ་ཆུ་བོ་རིའི་ཕྱག་བཞེས་ཀྱི་ཡིག་རྙིང་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་གསར་བསྒྲིགས་གནང་བ་ལས། སྨྱུང་གནས་དང་འབྲེལ་བར་ཐུགས་རྗེ་ཆེན་པོ་བཞི་བརྩེགས་བདག་མདུན་བུམ་གསུམ་གཏོར་འབུལ་དང་བཅས་པའི་བུམ་སྒྲུབ་ཆོ་ག་རྒྱས་པར་བཞུགས་པ་ལྟར་ལེགས་པར་བསྒྲུབས་པ་སོགས་སྔོན་དུ་བཏང་ནས། མཇུག་ཏུ་རིལ་བུ་སྒྲུབ་ཐབས་གསུངས་པ་འདི་ལྟར། ཚུལ་དེ་ལྟ་བུས་བསྒྲུབས་པའི་བུམ་ཆུ་དེ་ལ་བྱིན་རླབས་ཁུངས་བཙུན་དུ་མ་བསྲེས་པའི་ཟན་རིལ་གཙང་མ་གྲིབ་སྐམ་ཅན་པད་ཁ་ལས་མི་ཆེ་བའི་རིལ་བུ་མཚལ་གྱི་ན་བཟའ་འོད་ཅན་གསོལ་བ་རས་སྒྱེ་ཐང་སོགས་དུ་མ་བཅོས་ནས་ལྷུང་བཟེད་ལྟ་བུར་བླུགས་ལ་དར་དྲི་མེད་ཀྱིས་ཞལ་བཀབ། སྟེགས་ཀྱི་ཁར་མཉྫི་ལྟ་བུར་བཞུགས་སུ་གསོལ་མདུན་མཆོད་པ་ཅི་འབྱོར་བཤམས། པད་མའི་དབྱིབས་ཅན་གྱི་འབུར་ཞིག་

p. 582

ལ་གཟུངས་ཐག་རིང་མོ་བཏགས་ནས་དགེ་འདུན་ཞལ་གྲངས་ཇི་ཙམ་ཡོད་པས་བཟུང་རྒྱུ་ནི་སྦྱོར་བའོ། །དངོས་གཞི་བདག་བསྐྱེད་གོང་བཞིན་གྲུབ་འཕྲལ་གཟུངས་ཐག་ནས་དགེ་འདུན་ཐམས་ཅད་ཀྱིས་བཟུང་ལ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་སོང་བས་དེའི་འོད་ཟེར་གྱིས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ཆོས་སྐྱོང་ནོར་ལྷ་སོགས་སྐྱབས་གནས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཐམས་ཅད་དང་འཇིག་རྟེན་སྣོད་བཅུད་ཀྱི་རོ་བཅུད་ཇི་སྙེད་མཆིས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་རིལ་བུ་ལ་ཐིམ་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོར་གྱུར་ཏེ་འགྲོ་བ་གང་གིས་ཟོས་པ་ཙམ་གྱིས་སྡིག་སྒྲིབ་དག ཚོགས་གཉིས་རྫོགས། དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ་བའི་ནུས་པ་དང་ལྡན་པར་གྱུར། ཅེས་དང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་དགེ་འདུན་ཞལ་གྲངས་ཀྱིས་ཉིན་གསུམ་ཙམ་བསགས་པས་དུང་ཕྱུར་འགྲོ་བ་ལ་ཚེགས་མེད། དེ་ནས་མཆོད་བསྟོད་གང་རུང་ཞིག་བྱས་ལ་གཟུངས་ཐག་བསྡུའོ། །རྗེས་ནི་འཇུག་ཆོག་གོང་བཞིན་དང༌། དེ་ལྟ་བུའི་རིལ་བུ་དེ་སྣོད་གཙང་མར་བཞུགས་ལ་གཙུག་ལག་ཁང་ལྟ་བུར་གཅེས་སྤྲས་བྱས་ནས་འགྲོ་བ་ཐམས་ཅད་ལ་བྱིན་པས་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་པའང་ས་སྐྱ་པ་ཀུན་བློས་སོ། །ཞེས་པ་འདི་སྐབས་འདིར་སྦྱར་ཀྱང་རུང་ངོ༌། །འདིའི་ལོ་རྒྱུས་ཕན་ཡོན་སོགས་ནི། ཆོས་རྗེ་བཀའ་ལྔ་པ་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས། མ་ནམ་མཁའ་མར་གྲགས་པའི་ཕྱི་ནང་གསང་གསུམ་གྱི་སྐྱབས་འགྲོ་འདི་གནང་ནས། ཆོས་འདི་དགེ་སློང་བརྩོན་འགྲུས་བཟང་པོ་ལ་བྱིན་ཅིག འདིས་ཛཾ་བུའི་གླིང་གི་མི་ཐམས་ཅད་ལ་བསྒྲགས་ནས། གནས་སྐབས་ཀྱི་ནད་གདོན་བར་ཆད་ཐམས་ཅད་བསལ་ནས། ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་དོ་གསུངས། ༈ །གྲུབ་ཐོབ་

p. 583

ཆེན་པོས་རང་གི་ཡུམ་གཤེགས་པའི་དགོངས་རྫོགས་སུ་མ་ཎི་དུང་ཕྱུར་གྱི་ཚོགས་དཔོན་མཛད་པའི་སྐབས། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རངས་མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་པ་དང༌། ཕྱག་བཞི་པ། བཅུ་གཅིག་ཞལ་ཕྱག་བརྒྱད་པ་དང༌། ཕྱག་སྟོང་སྤྱན་སྟོང་རྣམས་མས་རིམ་གྱིས་བརྩེགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཞལ་གཟིགས་པ་ན། སྐུ་ལུས་གྲངས་མེད་པར་སྤྲུལ་པའི་ཕྱག་དང༌། ཏིང་ངེ་འཛིན་གྱི་མཆོད་སྤྲིན་ནམ་མཁའ་གང་བས་མཆོད་པ་སོགས་ཡན་ལག་བདུན་པ་ཕུལ་ནས། དུས་ངན་སྙིགས་མའི་སེམས་ཅན་ལ་ཐུགས་རྗེས་གཟིགས་སུ་གསོལ། ཞེས་གསོལ་བ་བཏབ་པས་འཕགས་པའི་ཞལ་ནས། སྒྱུ་མ་ལྟ་བུའི་ཟས་ནོར་ལོངས་སྤྱོད་ཀྱིས། །ཡིག་དྲུག་རིག་སྔགས་ཟློས་པས་རང་དང་གཞན། །ཚོགས་གཉིས་རྒྱ་མཚོར་འཕེལ་བ་ཤིན་ཏུ་ལེགས། །ཁ་བ་ཅན་གྱི་ཆུ་ཀླུང་ཆེ་རྣམས་ལ། །གྲུ་དང་རིན་ཆེན་ལྕགས་ཟམ་བརྟན་པོར་ཚུགས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས། །སྙིགས་མའི་སེམས་ཅན་བསོད་ནམས་འཕེལ་བར་མཛོད། །མཐོང་ཐོས་དྲན་ཞིང་རེག་པ་ཙམ་གྱིས་ཀྱང༌། །ངན་འགྲོའི་སྒོ་འགེགས་མངོན་མཐོའི་ལམ་སྟོན་པའི། །རིག་སྔགས་རྒྱལ་པོ་ཡི་གེ་དྲུག་པའི་སྒྲས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་བར་གྱིས། །ཞེས་གསུངས་སོ། ༈ །གྲངས་མེད་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ཤིང༌། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཚུལ་བཟུང་ནས། །ལུས་ཅན་ཀུན་ལ་ཐར་པའི་ལམ་སྟོན་པའི། །ཐུགས་རྗེ་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་མཚན་ཙམ་ཡིད་ལ་དྲན་པས་ཀྱང༌། །ངན་འགྲོའི་སྡུག་བསྔལ་མ་ལུས་སེལ་མཛད་ན། །རྩེ་གཅིག་གསོལ་བ་འདེབས་པའི་སྐྱེ་བོ་ལ། །ཐུགས་རྗེ་ཅན་ཁྱོད་ལྷག་པར་ཅིས་མི་གཟིགས། །འཇིགས་རུང་སྲིད་གསུམ་ཁྲི་

p. 584

མུན་ཉམ་ང་བར། །གཟུང་འཛིན་ལྕགས་སྒྲོག་དམ་པོས་བཅིངས་གྱུར་པའི། །ཐར་མེད་སྡུག་བསྔལ་མྱོང་བའི་འགྲོ་རྣམས་ལ། །ལྷ་མཆོག་ཁྱེད་ཀྱིས་མྱུར་དུ་བསྐྱབ་ཏུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། གྲུབ་ཆེན་གྱི་གསུང་ངོ༌།། མངྒ་ལཾ།། །།ལོ་རྒྱུས་གསོལ་འདེབས་འདི་དག་རྗེ་བླ་མའི་ཕྱག་བྲིས་འདིའི་ཡིག་ཆའི་སྡེབས་སུ་བཞུགས་པ་ཉིད་ལས་ཞལ་བཤུས་པ་དགེ། །།

འཕགས་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་བརྟེན་ནས་རང་གཞན་གྱི་དོན་བྱ་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་མྱུར་ལམ།

p. 585

འཕགས་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་བརྟེན་ནས་རང་གཞན་གྱི་དོན་བྱ་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།།

p. 586

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འདིར་འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་བརྟེན་ནས་རང་གཞན་གྱི་ཚོགས་བསག་ཅིང་སྒྲིབ་པ་སྦྱོང་བའི་ཚུལ་གྱི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ་ལ་བཞི། སྦྱོར་བ། དངོས་གཞི། རྗེས་ཆོག འཕྲོས་པའི་དོན་ཏོ། །དང་པོ་ལ། ལེགས་བཤམ་མཆོད་པ་བྱིན་གྱིས་བརླབ། །སྐྱབས་སེམས་ཚད་མེད་བསྒོམ་པའོ། །ཞེས་བཞི་ལས་དང་པོ་ནི། གནས་གཙང་ཞིང་དབེན་ལ་ཡིད་དང་མཐུན་པར་ཐུགས་རྗེ་ཆེན་པོའི་སྣང་བརྙན་བྲིས་འབུར་གང་རིགས་སམ། མ་འབྱོར་ན་མཎྜ་ལར་མེ་ཏོག་གི་ཚོམ་བུ་གཅིག་དགོད། གང་ལྟར་ཡང་དེའི་མདུན་དུ་འབུལ་གཏོར་དཀར་ཟླུམ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གཟུངས་སྒྲུབ་བྱེད་ན་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། རང་གི་མདུན་དུ་མཎྜལ། མེ་ཏོག རོལ་མོའི་བྱེ་བྲག་སོགས་བཀོད་པས་མཛེས་པར་བཤམ་མོ། །གཉིས་པ་ནི། མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས།

p. 587

སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ། ནཱ་ད་སྭ་བྷཱ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་དབབ། གསུམ་པ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སེམས་རྒྱས་པ་སྤྱི་ལྟར་བྱ་བའམ། བསྡུ་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་

p. 588

འགྲུབ་པར་ཤོག །ཅེས་སྐྱབས་སེམས་སྦྲེལ་མ་ཅི་ནུས་བྱ། བཞི་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྤྱི་ལྟར་བསྒོམ་མོ། །གཉིས་པ་དངོས་གཞི་ལ། བདག་བསྐྱེད་མདུན་བསྐྱེད་བུམ་པ་བསྒྲུབ། །རང་གཞན་དོན་གཉིས་བྱ་བའོ། །ཞེས་བཞི་ལས་དང་པོ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང༌། གཡོན་འོག་མས་མེ་ཏོག་པདྨ་དཀར་པོའི་སྡོང་བུ་འཛིན་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རྒྱུད་སྡེ་བཞི་དང་འབྲེལ་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་ཡི་དམ་ཀུན་འདུས་སུ་གྱུར། སླར་ཡང་རང་

p. 589

གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་པད་ཟླའི་གདན་དུ་གྱུར་པའི་སྟེང་དུ་བླ་མ་ཉིད་རིགས་བདག་གི་ཚུལ་དུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། སྤྱི་བོའི་བླ་མ་ལ་ཐིམ་པ་ལས་བླ་མ་ཀུན་འདུས་སུ་གྱུར། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོའི་མཐར་ཡི་གེ་དྲུག་མའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་དང་བཅས་པའི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་དྲུག་མའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ་པས་གསང་སྔགས་ཀུན་འདུས་སུ་གྱུར་པར་བསམ། སྤྱི་བོའི་བླ་མ། རང་ཡི་དམ། རང་གི་ལུས་ཀྱི་བྱེ་བྲག་དང༌། སྣོད་བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་འུ་རུ་རུ་སྒྲོགས་པར་བསམས་ལ། སྒྲ་གྲག་སྟོང་དབྱེར་མེད་ལ་སེམས་གཏད་དེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། ཐུན་ལས་ལྡང་བ་ན་ཡི་གེ་བརྒྱ་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང༌། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་གྱིས་

p. 590

བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ་མོ། །གཉིས་པ་ནི། མདུན་རྟེན་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང༌། གཡོན་འོག་མས་མེ་ཏོག་པདྨ་དཀར་པོའི་སྡོང་བུ་འཛིན་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ སྤོས་དང་རྡོར་དྲིལ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་

p. 591

གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་ཡི་དམ་ཀུན་འདུས་སུ་གྱུར། སླར་ཡང་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་པད་ཟླའི་གདན་དུ་གྱུར་པའི་སྟེང་དུ་བླ་མ་ཉིད་རིགས་བདག་གི་ཚུལ་དུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། སྤྱི་བོའི་བླ་མ་ལ་ཐིམ་པ་ལས་བླ་མ་ཀུན་འདུས་སུ་གྱུར་པར་བསམ། དེ་ནས་ཡན་

p. 592

ལག་བདུན་གྱི་སྒོ་ནས་བསག་སྦྱང་སྤེལ་གསུམ་བྱ་བའི་ཐོག་མར་ཕྱག་འཚལ་བ་ནི། རང་དང་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་བསག་སྦྱང་གི་ལས་ལ་འཇུག་པར་བསམས་ལ། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨོ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྐྱོབ་པ་སངས་རྒྱས་ཀུན་དང་གཉིས་སུ་མེད། །ལེགས་གསུང་སྒྲོན་མེ་དམ་པ་ཆོས་ཀྱི་གསུང༌། །སྟོན་པའི་བསྟན་པ་འཛིན་པའི་བཤེས་གཉེན་མཆོག །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཅན། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་དང༌། ཇི་སྙེད་སུ་དག་ནས། བདག་གིས་བསྟོད་ཅེས་པའི་བར་བཟང་སྤྱོད་ལྟར་བྱའོ། །མཆོད་པ་བསང་སྦྱངས་བྱིན་གྱིས་བརླབས་ལ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་འཕགས་པ་འཁོར་བཅས་མཆོད། །ཨོཾ་

p. 593

གུ་རུ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དང༌། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་སྦྱར་བ་སོ་སོའི་ཕྱག་རྒྱ་དང་བཅས་ཏེ་མཆོད་པའི་མཐར། དྷརྨཱ་ར་ཎི་ཏ་སོགས་བརྗོད་ལ་རོལ་མོ་བྱ། མེ་ཏོག་དམ་པ་ནས། ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་བར་བཟང་སྤྱོད་ལྟར་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བི་དྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎེ་བཛྲེ། སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ཅིང་རོལ་མོ་བྱ། མཎྜལ་ཚོམ་བུ་སོ་བདུན་མའམ། བདུན་པ་སོགས་སྤྱི་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་བླ་མ་མགོན་པོ་འོད་དཔག་ཏུ་མེད་པ་དང༌། ཡི་དམ་ཀུན་འདུས་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང༌། སྐབས་སུ་སྤྲོ་ན། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་

p. 594

རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སྦྱར། གྲངས་གསོག་ན། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་ཚར་སོགས་དབུལ། སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་སོགས་ནས། བྱང་ཆུབ་ཕྱིར་བསྔོའོའི་བར་བཟང་སྤྱོད་ལྟར་བྱ། བཟླས་པ་བྱ་བ་ནི། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་དང་བཅས་པའི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་དྲུག་མའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ་པས་གསང་སྔགས་ཀུན་འདུས་སུ་གྱུར། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར་པའི་མོས་པས་ཡི་གེ་དྲུག་མ་ཅི་ནུས་བཟླ། ༈ །མཇུག་ཏུ་གཏོར་མ་ལ་ཆབ་བྲན་ཏེ་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བདུད་རྩི་རྒྱ་མཚོ་

p. 595

ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་དབུལ། ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་སྦྱར་བས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ་བར་བྱའོ། །གསུམ་པ་ནི། བསྡུ་ན་བུམ་པ་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ་ཡི་གེ་དྲུག་མ་ཅི་ནུས་བཟླས་མཐར། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པའང་ཅི་རིགས་བཟླའོ། །རྒྱས་པར་སྤྲོ་ན་བསང་སྦྱངས་སོགས་གོང་ལྟར་ལ། ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ། པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་

p. 596

ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང༌། གཡོན་འོག་མས་མེ་ཏོག་པདྨ་དཀར་པོའི་སྡོང་བུ་འཛིན་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བུམ་པའི་ལྷ་ལ་གཉིས་སུ་མེད་པར་ཐིམ། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཡང་རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པས་ཡི་དམ་ཀུན་འདུས་སུ་གྱུར། སླར་ཡང་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་པད་ཟླའི་གདན་དུ་གྱུར་པའི་སྟེང་དུ་བླ་མ་ཉིད་རིགས་བདག་གི་ཚུལ་དུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དཔག་

p. 597

མེད་ཀྱི་རྣམ་པར་སྤྱན་དྲངས། སྤྱི་བོའི་བླ་མ་ལ་ཐིམ་པ་ལས་བླ་མ་ཀུན་འདུས་སུ་གྱུར་པར་བསམ། ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གཟུངས་ཐག་བཟུང་ལ། བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་དང་བཅས་པའི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་དྲུག་མའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ་པས་གསང་སྔགས་ཀུན་འདུས་སུ་གྱུར། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང༌། བུམ་ནང་གི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་གྱུར་པར་བསམས་ལ་སྔགས་བཟླ། མཐར་མཆོད་བསྟོད་གོང་ལྟར་བྱ། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཤགས། དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ཏེ། ཨོཾ་ཨཱཿཧཱུྃ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམ། ཚོགས་བསག་རྐྱང་པ་ཙམ་གྱི་སྐབས་བུམ་པ་བསྒྲུབ་མ་གྲུབ་ཀྱང་རུང་ངོ༌། །བཞི་པ་ནི།

p. 598

མདུན་བསྐྱེད་ཀྱི་རྟེན་མེ་ལོང་ངོས་སུ་ཤར་པ་ལ་བུམ་པའི་ཆུས་ཁྲུས་བྱ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་དབང་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་རྣམ་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཨོཾ་སརྦ་སོགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུས་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་སོགས། ཁྲུས་རས་ཀྱིས་སྐུ་ཕྱི་ཞིང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཆུ་དེ་བུམ་པར་བླུགས་ལ། མདུན་གྱི་ནམ་མཁར་འཕགས་པ་གཙོ་འཁོར་གསུམ་བྱོན་པའི་ཡུམ་ཡི་གེ་དྲུག་མའི་ཕྱག་ནས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ཕྱི་ནང་ཐམས་ཅད་བཀྲུས་ཤིང་གང་བས། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་དག སྐྱེ་མེད་ཆོས་སྐུ་མངོན་དུ་གྱུར་པར་བསམས་ལ། ཡི་གེ་དྲུག་མ་ལན་གསུམ་དུ་བརྗོད་ཅིང་བུམ་ཆུ་འཐུང་ཞིང་ཁྲུས་བྱ། གཞན་དོན་བྱེད་ན་སྐབས་འདིར་བསྒྲུབ་བྱ་ཐམས་ཅད་ལ་ཡི་གེ་དྲུག་མ་བཟླ་བཞིན་དུ་གཟུངས་ཆབ་བླུད་ཅིང་ཁྲུས་བྱ་བའམ། སྤྲོ་ན་བཀྲུ་བྱབས་སྲུང་གསུམ་སྤྱི་ལྟར་བྱས་ཀྱང་རུང༌། གཤིན་པོ་ལ་ཕན་གདགས་པར་འདོད་ནའང་ཆོ་ག་རྒྱས་བསྡུས་གང་རིགས་ཀྱང་སྐབས་འདིར་སྦྱར་རོ། །དེ་ལྟར་བགྱིས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་ཞིང༌། ཚེ་

p. 599

བསོད་དཔལ་འབྱོར་རྒྱས་པ་སོགས་ཕན་ཡོན་དཔག་ཏུ་མེད་ལ། ཁྲུས་ཆབ་དང་བྱིན་རྟེན་སེལ་མེད་རིགས་སྦྱར་བའི་རིལ་བུ་མི་དང་དུད་འགྲོ་སོགས་ལ་སྦྱིན་པ་དང༌། རྒྱ་མཚོར་འབབ་པའི་ཆུ་བོར་འདོར་བ་སོགས་འཕགས་པའི་ཕྲིན་ལས་སྤེལ་བའི་ཐབས་ལ་བརྩོན་པར་བྱའོ། །གསུམ་པ་རྗེས་ལ། ནོངས་པ་བཤགས་ཤིང་རྗེས་བསྡུ་བྱ། །བསྔོ་སྨོན་གདབ་ཅིང་ཤིས་པ་བརྗོད། །ཅེས་བཞི་ལས། དང་པོ་ནི། མཆོད་པ་བསང་སྦྱངས་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཤགས། གཉིས་པ་ནི། མདུན་བསྐྱེད་ཀྱི་རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཐུགས་ཀའི་ཧྲཱིཿལ་ཐིམ། དེའང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། སླར་ཡང་རང་

p. 600

སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་བརྗོད་ཅིང་གནས་གསུམ་བསྲུང༌། གསུམ་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དང༌། སྤྲོ་ན། འདས་པའི་སངས་རྒྱས་རྣམས་དང་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་རྒྱས་པར་གདབ། བཞི་པ་ནི། ཆེ་བའི་ཆེ་མཆོག་གམ། སྟོན་མཆོག་དམ་པ་སོགས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བརྗོད། མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྦྱར་རོ། །དེ་ལས་ཅུང་ཟད་རྒྱས་པར་སྤྲོ་ན་ཐོག་མར་བརྒྱུད་འདེབས་དང༌། སྐྱབས་སེམས་ཀྱི་རྗེས་རྡོར་སེམས་བསྒོམ་བཟླས་དང་བླ་མའི་རྣལ་འབྱོར་ཁྲིད་ཀྱི་ངག་འདོན་ལྟར། ཕྱག་འཚལ་གྱི་སྐབས་སུ་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་བཟང་པོའི་གསུང་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་ཉེར་ལྔ་པ་དང༌། མཆོད་པའི་ཉེར་སྤྱོད་ཀྱི་རྗེས། རྒྱལ་སྲིད་བདུན་དང༌། འདོད་ཡོན་ལྔ་སོགས་མཆོད་ཕྲེང་སྤྱི་ལྟར། བཤགས་པའི་སྐབས་ཟླ་བ་གྲགས་པའི་སྨྲེ་བཤགས་སོགས་སྦྱར་ནའང་ལེགས་པར་འགྱུར་རོ།། །།བཞི་པ་ཞར་བྱུང་འགྲོ་ཕན་མ་ཎི་རིལ་བུ་བསྒྲུབ་པའི་ཚུལ་མདོ་ཙམ་བཤད་ན། སྦྱོར་བ་དངོས་གཞི་རྗེས་དང་ནི། །ཕན་ཡོན་མདོར་བསྡུས་སྨོས་པའོ། །ཞེས་བཞི་ལས་དང་པོ་ནི། སྔར་གཟུངས་སྒྲུབ་བྱས་པའི་བུམ་ཆུ་ཡོད་ན་ལེགས། གང་ལྟར་ཡང་འཕགས་པ་གསུམ་གྱི་རིང་བསྲེལ་དང༌། བླ་མ་གོང་མའི་བྱིན་རྟེན་སེལ་མེད་འབྲས་གསུམ་བཟང་དྲུག་སོགས་བཟང་སྨན་བཅས་འབྲས་སམ། ནས་དཀར་རྗན་འཐག་གམ། བག་ཕྱེ་ལ་གཞི་བྱས་ཏེ་དྲི་བཟང་གི་

p. 601

ཆུས་རིལ་བུར་དྲིལ། རིལ་ཆགས་ཅུང་ཟད་བྱས་ལ་གྲིབ་མར་བསྐམ། གཤེར་ཐག་ཆོད་པ་དང་མཚལ་ལམ་ལི་ཁྲིས་ན་བཟའ་གསོལ། རིལ་ཆགས་འཐེམ་པར་བྱས་ལ་བུམ་པར་བླུག ཁ་རྒྱན་དང་མགུལ་ཆིངས་ཀྱིས་སྤྲས་ཏེ་སྤོས་ཀྱིས་བདུགས་ལ་སྟེགས་བུའི་དབུས་སུ་གཞག གཟུངས་ཐག་གདགས། མདུན་དུ་ཟླུམ་གཏོར་དཀར་པོ་དང༌། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་ཀྱིས་བསྐོར། འབྱོར་ན་གདུགས་འཕན་རྒྱལ་མཚན་སོགས་ཀྱང་བཀོད་པས་མཛེས་པར་བརྒྱན། རང་གི་མདུན་དུ་མཎྜལ། མེ་ཏོག ཁྲུས་བུམ། རོལ་མོའི་བྱེ་བྲག་སོགས་འདུ་བྱའོ། །གཉིས་པ་ནི། མཆོད་པ་བྱིན་རླབས་ནས་བཟུང་བདག་བསྐྱེད་ཀྱི་གདན་བསྡུ་བའི་བར་གྲུབ་རྗེས། མདུན་གྱི་བུམ་པ་རིལ་བུ་དང་བཅས་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། དེའི་ནང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིལ་བུ་རྣམས་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་འཕྲོས་སོགས་ནས་ཡན་ལག་བདུན་པའི་བར་མདུན་བསྐྱེད་ཇི་ལྟ་བར་བྱ། བཟླས་པའི་སྐབས་གཟུངས་ཐག་ནས་བཟུང་ལ། བུམ་པའི་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་

p. 602

མཁའ་འགྲོ། ཆོས་སྲུང་ནོར་ལྷ་དང་བཅས་པའི་གསུང་གི་བྱིན་རླབས་ཐམས་ཅད་ཡི་གེ་དྲུག་མའི་རྣམ་པར་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ་པས་གསང་སྔགས་ཀུན་འདུས་སུ་གྱུར། སླར་ཡང་རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང༌། བུམ་པའི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་དང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་བཅུད་དང་དྭངས་མ་དགེ་མཚན་མ་ལུས་པ་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། བུམ་པའི་ལྷ་ལ་ཐིམ་པས་མཁྱེན་བརྩེ་ནུས་པའི་གཟི་བྱིན་མཆོག་ཏུ་འབར་བར་གྱུར་པར་བསམས་ལ་ཡི་གེ་དྲུག་མ་གཙོ་བོར་བཟླ། ཤེས་ཤིང་སྤྲོ་ན་དོན་ཞགས་དང༌། བཅུ་གཅིག་ཞལ་གྱི་གཟུངས་སོགས་ཅི་རིགས་བཟླས་ཀྱང་ལེགས། སྒྲུབ་གྲོགས་ཡོད་ན་བཟའ་བཏུང་དང་སྤྱོད་ལམ་སོགས་ཀྱི་ཚེ་གཟུངས་ཐག་རེས་མོས་སུ་བཟུང་ལ་བཟླས་པ་རྒྱུན་མི་འཆད་པར་བྱ། གསུམ་པ་ནི། ཐུན་བསྡུ་བ་ན། ཡི་གེ་བརྒྱ་པ་དབྱངས་གསལ་རྟེན་སྙིང་རྣམས་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་སྤེལ་བ་དང༌། བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱ། མདུན་བསྐྱེད་ལྟར་གཏོར་མ་དབུལ། ཁྲུས་གསོལ། གཏང་རག་གི་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། ཉེར་བསྡུ། བསྔོ་སྨོན་བཀྲ་ཤིས་བཅས་གོང་ལྟར་བྱ། ཐུན་ཕྱི་མ་རྣམས་ལ་བུམ་ལྷ་སྔར་ཡོད་གསལ་གདབ་ཀྱི་ཚུལ་དུ་བསྐྱེད། དེ་ལྟ་བུའི་སྒོ་ནས་རིལ་བུ་ལས་འོད་དང༌། སྒྲ་དང༌། དྲི་བཟང་པོ་འཐུལ་

p. 603

བ་དང༌། རྒྱ་ཆེར་འཕེལ་བ་སོགས་རྟགས་མཐོང་བའི་བར་རམ། ཞག་བདུན་སོགས་སུ་བསྒྲུབ། གྲོལ་རྒྱུའི་ཐུན་གྱི་མཇུག་ཏུ། ནོངས་བཤགས་ཀྱི་རྗེས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་གྲུབ་པའི་རིལ་བུ་འོད་འབར་བའི་རྣམ་པ་མཐོང་ཐོས་དྲན་རེག་ཐམས་ཅད་གྲོལ་བའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། འདིར་ནི་རྟེན་དང་སོགས་བརྟན་བཞུགས་ཉེར་བསྡུ། བསྔོ་སྨོན་བཀྲ་ཤིས་བཅས་རྒྱས་པར་བྱའོ། །བཞི་པ་ནི། འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྟོག་པ་ཆེན་མོ་ལས། རིལ་བུ་ཟོས་པ་ཙམ་གྱིས་ནི། །ནད་རྣམས་ཐམས་ཅད་རྣམ་པར་འཇིག །གང་ཞིག་རིལ་བུ་དེ་དག་བསྟེན། །རིལ་བུ་ཐིག་ལེ་རྟག་བྱེད་ལ། །དེ་བཞིན་གཤེགས་ཀུན་དགོངས་པར་མཛོད། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང༌། །དེ་ཉིད་རིགས་ལ་རྟག་ཏུ་ནི། །མཆོག་སྦྱིན་དུས་ཀུན་གཟིགས་པར་མཛད། །བསོད་ནམས་ཕུང་པོ་སྟོབས་དག་ནི། །ཉི་མ་རེ་རེ་སོགས་པར་བྱེད། །འཇིག་རྟེན་པ་ཡི་བདེ་སྤྱད་ཅིང༌། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །ཚེ་བརྗེ་བ་ནི་འཕོས་ནས་སུ། །བདེ་བ་ཅན་དུ་མོད་ལ་འགྲོ། །གང་དང་གང་དུ་སྐྱེ་བ་དེར། །ཚེ་རབས་རྟག་ཏུ་ཚེ་རབས་དྲན། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །གནོད་སྦྱིན་བྱ་བས་ཡོངས་བསྐོར་ཅིང༌། །གཡེལ་བ་མེད་པར་ཉིན་མཚན་དུ། །དུས་ཀུན་དུ་ནི་སྲུང་བ་དང༌། །སྐྱོབ་དང་སྦེད་དང་སྲུང་བར་བྱེད། །ཅེས་དང༌། རིལ་བུ་གང་ལ་ཡོད་པ་ནི། །ཕྱིར་མི་ལྡོག་པར་ལུང་བསྟན་ཅིང༌། །མགོན་པོ་ས་བཅུ་དག་ལ་གནས། །རྟག་ཏུ་མཆོད་རྟེན་གྱུར་པ་སྟེ། །སྐུ་གདུང་སྙིང་པོའི་བདག་ཉིད་ཅན། །རྟག་ཏུ་སངས་རྒྱས་བདག་ཉིད་འགྱུར། །ཅེས་དང༌།

p. 604

རིལ་བུ་མཐོང་བ་ཙམ་གྱིས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །སྡིག་པ་ཐམས་ཅད་རྣམ་པར་འཆོད། །སྒྲིབ་པ་ཐམས་ཅད་རྣམ་པར་དག །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཕྱིར་ཞིང་གནས་མཆོག་ཞི་བ་ཐོབ། །ཅེས་སོགས་རིག་སྔགས་འཆང་བ་རྣམས་ཀྱི་སྨན་སྦྱར་ཞིང༌། སྔགས་དང་ཕྱག་རྒྱས་མངོན་པར་དབང་བསྐུར་ཏེ་བྱིན་གྱིས་བརླབས་པའི་གྲུབ་པའི་རིལ་བུའི་ཡོན་ཏན་བསྔགས་པ་མཐའ་ཡས་པར་གསུངས་པ་ཉིད་སྐབས་འདིར་ཡང་མཚུངས་པར་ཤེས་པར་བྱའོ། །གང་དག་སྔགས་གསར་མའི་ཕྱོགས་ལ་མ་ཎི་རིལ་བུ་སྒྲུབ་པའི་ཁུངས་གསལ་བར་མེད་པས་རིགས་མཐུན་བྱིས་བློ་འདྲིད་བྱེད་ཉི་ཚེ་ཙམ་དུ་ཟད་ཅེས་གསུངས་པའང་སྣང་མོད། གྲུབ་ཆེན་ཛཻ་ཏཱ་རིས་མཛད་པར་གྲགས་པའི་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལས་དམིགས་ཀྱིས་བསལ་བར་མ་ཟད། རྒྱུད་སྡེ་འོག་མ་རྣམས་སུ་གྲུབ་པའི་རིལ་བུ་བསྒྲུབ་ཚུལ་རྒྱ་ཆེར་འབྱུང་བ་དང༌། བདེ་ཀྱེ་སོགས་ལས་སྐྱེ་བ་བདུན་པའི་ཤ་དང་བདུད་རྩི་རིལ་བུ་ལ་བརྟེན་ནས་དངོས་གྲུབ་མཆོག་བསྒྲུབ་པའི་ཚུལ་དང༌། གྲུབ་པའི་དབང་ཕྱུག་དམ་པ་རྒྱ་གར་གྱིས་མཛད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་རིལ་སྒྲུབ་དང༌། གཞན་ཡང་ཀུ་རུ་ཀུ་ལླེའི་དོན་ཀུན་གྲུབ་པའི་རིལ་བུ་སོགས་ཚུལ་འདི་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་བསྒྲུབ་ཚུལ་རྒྱ་ཆེར་གསུངས་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ཁུངས་མེད་པའང་མ་ཡིན་ནོ། །དེས་ན་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་གྱི་རྣལ་འབྱོར་ཟབ་མོ་ལ་གཅིག་ཏུ་གཞོལ་བ་རྣམས་ཀྱིས་ཚུལ་འདི་ལྟ་བུའི་སྒོ་

p. 605

ནས་ཀྱང་རང་གཞན་གྱི་ཕན་བདེ་རྒྱས་པའི་ཐབས་ལ་བརྩོན་པར་བྱའོ། །ཞེས་གྲུབ་ཆེན་ཚེམྦུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་གདམས་པ་དང་རྗེས་སུ་འབྲེལ་བར་རང་གཞན་གྱི་དོན་བྱ་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ་འདིའང༌། བྱ་བྲལ་མ་ཎི་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡིག་ཆ་སྔ་མ་འགའ་ཞིག་གི་དོན་གྱི་སྙིང་པོའི་བཅུད་ཕྱུངས་ཏེ་བཀླག་པས་གྲུབ་པར་བྲིས་པའི་དགེ་བས་འགྲོ་ཀུན་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པ།

p. 606
p. 607

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བའི་ཚིགས་སུ་བཅད་པ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པ་བཞུགས་སོ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །མཚན་དཔེའི་ཆ་ཤས་ཡོངས་སུ་རྫོགས་པའི་སྐུ། །སྟོན་ཀའི་ཟླ་བ་འབུམ་ཕྲག་ཚོགས་པའི་མདངས། །རིན་ཆེན་བྱེ་བའི་རྒྱན་གྱིས་རྣམ་བཀྲ་བའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ཅན། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང༌། །དམིགས་མེད་ཐུགས་རྗེ་བསིལ་བའི་འོད་ཟེར་གྱིས། །འགྲོ་བའི་ཉོན་མོངས་གདུང་སེལ་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་སྤངས་ཤིང༌། །ཇི་བཞིན་ཇི་སྙེད་མཁྱེན་པའི་འོད་ཟེར་གྱིས། །འགྲོ་བའི་མ་རིག་མུན་སེལ་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་རབ་རྫོགས་སྐུ་གསུམ་ཆུ་འཛིན་ལས། །གང་ལ་གང་འདུལ་ཕྲིན་ལས་ཆར་ཕབ་ནས། །ཕན་བདེའི་ལོ་ཏོག་རྒྱས་མཛད་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རབ་རྫོགས་སྨོན་ལམ་མཐར་ཕྱིན་པས། །མཐོང་དང་ཐོས་དང་དྲན་པ་ཙམ་གྱིས་ཀྱང༌། །ལས་དང་ཉོན་མོངས་སྡུག་བསྔལ་ཞི་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་ཀུན་བསམ་པའི་བྱེ་བྲག་ལེགས་རྟོགས་ནས། །གང་ལ་གང་གིས་འདུལ་བའི་སྐུར་བསྟན་ཏེ། །རང་རང་སྐད་ཀྱིས་དམ་པའི་ཆོས་བསྟན་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གདུལ་བྱའི་ཡུལ་

p. 608

རྣམས་མ་བསྒྲིབས་གསལ་བར་གཟིགས། །འདུལ་བའི་ཐབས་ལ་མ་རྨོངས་ལེགས་པར་མཁྱེན། །གདུལ་བྱ་འདུལ་བའི་དུས་ལ་མི་འདའ་བའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞིང་རྡུལ་གྲངས་དང་མཉམ་པའི་སྐུར་སྟོན་ཅིང༌། །ནམ་མཁའི་མཐའ་ཀླས་དབྱངས་ཀྱིས་ཁྱབ་པར་མཛད། །ཇི་བཞིན་ཇི་སྙེད་མཁྱེན་པའི་ཐུགས་མངའ་བའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་རུ། །སྡུག་བསྔལ་བརྒྱ་ཡིས་གཙེས་པའི་སེམས་ཅན་རྣམས། །རྣམ་གྲོལ་བདེ་བའི་གླིང་དུ་འདྲེན་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ལས་དང་ཉོན་མོངས་བུད་ཤིང་ལས་བྱུང་བའི། །སྡུག་བསྔལ་མེ་ཡིས་གདུངས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ཆར་རྒྱུན་བསིལ་བས་ཞི་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་གིས་བཅིངས་ནས་བསྐལ་བརྒྱར་རབ་འབད་ཀྱང༌། །འཁོར་བའི་བཙོན་རྭར་འདའ་བར་མི་ནུས་པའི། །བདག་ཏུ་འཛིན་པའི་ལྕགས་སྒྲོག་འགྲོལ་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །འདོད་ཆགས་ཆུ་རྒྱུན་རྩད་ནས་གཅོད་མཛད་ཅིང༌། །ཞེ་སྡང་མེ་ལྕེའི་ཕྲེང་བ་ཞི་བར་མཛོད། །གཏི་མུག་མུན་ནག་ཐིབས་པོ་སེལ་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཉོན་མོངས་རིམས་ནད་མ་ལུས་ཞི་མཛད་ཅིང༌། །ལས་ཀྱི་འཆིང་བ་དམ་པོ་གཅོད་པར་མཛོད། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །མནར་མེད་མེ་ནང་བསིལ་བའི་ཆུ་རྒྱུན་འབེབས། །ཡི་དྭགས་བདུད་རྩིའི་རྒྱུན་གྱིས་ཚིམ་མཛད་ཅིང༌། །དུད་འགྲོའང་བདེན་པ་མཐོང་ལ་སྦྱོར་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །མཆོད་དང་གདོད་པ་བྱེད་པའི་སྐྱེ་བོ་ལའང༌། །རྗེས་སུ་

p. 609

ཆགས་དང་ཁོང་ཁྲོ་མི་མངའ་ཞིང༌། །མཚུངས་པར་ཚད་མེད་ཐུགས་རྗེས་སྐྱོང་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཇི་སྐད་བསྟན་བཞིན་ལེགས་པར་སྒྲུབ་པ་དང༌། །ཕྱིན་ཅི་ལོག་ཏུ་སྒྲུབ་པའི་སྐྱེ་བོ་ལའང༌། །ནམ་མཁའ་ལྟ་བུར་སྙོམས་པའི་ཐུགས་རྗེ་ཅན། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཁྲོ་དང་རྗེས་སུ་ཆགས་སོགས་མི་མངའ་ཡང༌། །ཁྲོ་བ་ཅན་ལ་ཁྲོ་བོའི་རྣམ་པ་སོགས། །མཐུན་པར་བསྟན་ནས་ཁྲོ་སོགས་རྒྱུན་གཅོད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞུམ་པ་གཟེངས་བསྟོད་ཁེངས་པ་དུལ་བར་མཛད། །སྲེད་ལྡན་སྐྱོ་སྐྱེད་ཉམ་ཐག་བདེ་མཛད་སོགས། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་པའི་བདེ་སྡུག་རྨི་ལམ་སྒྱུ་མ་བཞིན། །སྣང་ཡང་བདེན་པས་སྟོང་པར་ལེགས་བསྟན་ནས། །བླང་དང་དོར་བའི་མངོན་ཞེན་སྤོང་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །རང་རང་ངོ་བོས་སྟོང་ཡང་དཀར་ནག་གི། །རྒྱུ་འབྲས་བསླུ་བ་མེད་པར་སྟོན་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མང་ལྡན་འགྲོ་བ་ཡལ་བོར་ནས། །རང་གི་བདེ་བ་དོན་གཉེར་སྐྱེ་བོ་རྣམས། །སྙིང་རྗེས་གཞན་གྱི་དོན་ལ་སྦྱོར་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་རང་བཞིན་རང་བཞིན་མེད་པའི་དོན། །མ་རྟོགས་དབང་གིས་འཁོར་བར་འགྲོ་བ་ལ། །འཁོར་བ་རང་བཞིན་མེད་པར་སྟོན་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །རང་དང་གཞན་དང་གཉིས་དང་རྒྱུ་མེད་ལས། །མ་སྐྱེས་པས་ན་ཆོས་རྣམས་ཐམས་ཅད་ཀུན། །གདོད་ནས་སྐྱེ་བ་

p. 610

མེད་པར་སྟོན་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྙིང་པོ་སེམས་ཀྱི་དེ་བཞིན་ཉིད། །སྤྲོས་བྲལ་གདོད་ནས་རྣམ་དག་ཆོས་ཀྱི་སྐུ། །བློ་བུར་དྲི་མའི་སྦུབས་ནས་འབྱིན་མཛད་པའི། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། ཤློ་ཀ་ཉི་ཤུ་རྩ་ལྔ་པ་འདི། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།། །།

བླ་མ་དམ་པའི་གདུང་མཆོད་དང༌། ཕལ་པར་ལྷོ་སྒོའི་སྒོ་ནས་ཕན་གདགས་པའི་ཆོ་ག་གཞན་ཕན་འོད་སྣང་།

p. 611

བླ་མ་དམ་པའི་གདུང་མཆོད་དང༌། ཕལ་པར་ལྷོ་སྒོའི་སྒོ་ནས་ཕན་གདགས་པའི་ཆོ་ག་གཞན་ཕན་འོད་སྣང་ཞེས་བྱ་བ་བཞུགས་སོ།།

p. 612

ཡོན་ཏན་ཀུན་གྱི་འབྱུང་གནས་བླ་མ་དང༌། །དབྱེར་མེད་རྡོ་རྗེ་སེམས་དཔའ་ལ་བཏུད་ནས། །བྱ་སླ་འབྲས་ཆེན་དེ་ཉིད་མཉེས་ཐབས་དང༌། །ཚེ་འདས་སྡིག་སྦྱོང་ཆོ་ག་བྲི་བར་བྱ། །དེ་ལ་གཉིས། བླ་མ་སོགས་གང་ཟག་མཆོག་ལ་མཆོད་འབུལ་ཇི་ལྟར་བྱ་བ་དང༌། ཕལ་པ་སྡིག་སྦྱོང་གི་ལམ་བསྟན་པའོ། །དང་པོ་ནི། བླ་མའི་ཐུགས་དམ་བཀྲོལ་མཚམས་ལས་བུམ་གྱི་ཆུས་གདུང་བཀྲུས་ཏེ། དྲི་བཟང་དང་སྨན་སྣས་ཁྱབ་པར་བྱུག སྦྱིན་སྲེག་རྒྱུད་སྡེ་གང་ཡིན་གྱི་གནས་ཡིག་སོ་སོར་སྦྱར། གདུང་རས་དཀྲིས་ལ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས་ཏེ་ཁྲི་ལ་སོགས་པའི་སྟེང་དུ་བཞུགས་སུ་གསོལ། རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་སྒྲུབ་མཆོད་ཀུན་རིག་མི་འཁྲུགས་སོགས་ཡིན་ན་བདག་འཇུག་གྲུབ་མཚམས་དང༌། ཀྱེ་རྡོར་མཁའ་སྤྱོད་མ་སོགས་ཡིན་ན་བདག་འཇུག་གི་མཇུག་གཏོར་བསྔོས་གྲུབ་མཚམས་གདུང་རྟེན་གྱི་མདུན་དུ་མཆོད་རྫས་རྒྱུད་སྡེ་རང་རང་ནས་འབྱུང་བ་བཞིན་བཀོད་ལེགས་སུ་བཤམ། དཀྱིལ་འཁོར་དང་མ་འབྲེལ་ན་བདག་བསྐྱེད་རྒྱུད་སྡེ་གང་ཡིན་དང༌། དེའི་བུམ་པ་བསྒྲུབ། གང་ལྟར་ཡང་སྦྱོང་ཆས་དང༌། ཁྲུས་བུམ་སོགས་ཉེར་བསྡོགས་བྱས་ལ། ཀུན་རིག་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་དང༌། ཀྱེ་རྡོར་ལ་ཨ་མྲྀ་ཏས་བསང༌། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ་ཆེ་

p. 613

གེ་མོ་ཞེས་བྱ་བ་དེ་ཉིད་སྐུ་ཡི་རྣམ་པ་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་ས་མཱ་ཛཿ དཔལ་ལྡན་བླ་མ་དམ་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པ་ཆེ་གེ་མོ་ཞེས་བྱ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང༌། འཇིག་རྟེན་ལས་འདས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་གང་ན་བཞུགས་ཀྱང་བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཏེ་སྐད་ཅིག་གིས་འདིར་འབྱོན་པར་མཛད་དུ་གསོལ། ཧཱུྃ། མ་ལུས་འགྲོ་བའི་མགོན་གྱུར་ཐུགས་རྗེའི་བདག །ཐེག་ཆེན་བྱང་ཆུབ་ཐུགས་བསྐྱེད་དམ་ཚིག་དང༌། །བདག་སོགས་དད་མོས་གདུང་བས་སྤྱན་དྲངས་ངོར། །འགྲོ་ལ་བརྩེ་བས་དེང་འདིར་གཤེགས་སུ་གསོལ། །རྟག་པར་འཛིན་རྣམས་སྒྱུ་མའི་དཔེས་བསྐུལ་ཕྱིར། །གཟུགས་སྐུ་བཏང་ནས་མྱ་ངན་འདའ་བཞེད་གང༌། །འཇིག་རྟེན་མགོན་རྣམས་དགའ་ལྡན་སླར་བབས་ནས། །སྒྱུ་འཕྲུལ་ལྷུམས་ཞུགས་ཇི་བཞིན་འདིར་འཇུག་གསོལ། །འགྲོ་བ་ཀུན་ལ་སྙིང་རྗེས་སྒྲིབ་སྦྱོང་ཕྱིར། །ཟག་མེད་རྡོ་རྗེའི་ཏིང་འཛིན་ལ་བཞུགས་ནས། །སྲིད་པ་བར་མའི་གནས་ཀུན་རབ་སྦྱངས་ཏེ། །སྤྲུལ་པས་གདུལ་བྱ་སྐྱོང་ཕྱིར་གཤེགས་སུ་གསོལ། །ཨོཾ་གུ་རུ་བཛྲ་ས་མ་ཡ་ཛཿཛཿཛཿ ཞེས་ལན་གསུམ་བརྗོད། ཛཿཧཱུྃ་བཾ་ཧོཿ

p. 614

རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ་ཆེ་གེ་མོ་ཞེས་བྱ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་མར་མེ་ལྟ་བུར་བཀུག་ནས་རྟེན་གྱི་སྤྱི་བོ་ནས་ཞུགས། ཐུགས་ཀར་ཐིམ་པས་བླ་མའི་སྐུ་དང་ཡེ་ཤེས་དབྱེར་མེད་པར་གྱུར། དེ་ནས་ས་ལམ་ལ་བར་དུ་གཅོད་པ་དང་རྗེས་འབྲང་གི་བགེགས་སྦྱང་བ་ནི། སྦྱོང་ཆས་བཤམས་པ་ཆབ་ཀྱིས་བྲན་ཏེ། གཏོར་མ་གཡས་སུ་བསྐོར་ལ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ་ལན་གསུམ། བདེ་བར་གཤེགས་པའི་ས་དང་ལམ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཞི་བས་སྦྱོང་བར་འོས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་སོང་ཞིག ཏིང་ལོ་ཆངས་བུ་གཡོན་དུ་བསྐོར་ལ། ཨོཾ་སུམྦྷ་སོགས་ལན་གསུམ། བདེ་བར་གཤེགས་པའི་སོགས་ནས། བགེགས་ཞི་དྲག་ཕྱེད་མས་སྦྱོང་བར་འོས་པ་ཐམས་ཅད་ཆངས་བུ་ལམ་རྒྱགས་ཏིང་ལོ་ལམ་སྒྲོན་གྱི་ཚུལ་དུ་ཁྱེར་ལ་འདིར་མ་གནས་པར་གཞན་དུ་སོང་ཞིག གལ་ཏེ་མི་འགྲོ་ན་རྡོ་རྗེའི་ཁྲོ་བོ་རབ་ཏུ་འབར་བས་བསྲེག་ཅིང་བརླག་པར་གདོན་མི་ཟའོ། །རང་གི་སྙིང་ག་ནས་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། ཡེ་ཤེས་བསྐལ་པའི་སོགས་དང༌། ཆོས་ཉིད་སྟོང་པ་སོགས་དང༌། ན་མོ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། ཡི་དམ་གང་ཡིན་བརྗོད་བདེན་པ་དང༌། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དཔལ་ལྡན་བླ་མ་དེ་ཉིད་སྐུ་འཚོ་ཞིང་གཞེས་པའི་ཚེ་ན་སྐུ་ཚེ་ཐུགས་དམ་མཛད་ཕྲིན་ལ་བར་དུ་གཅོད་ཅིང༌། གནས་སྐབས་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་དུས་འདིར། སློབ་འབངས་ཤུལ་པ་རྣམས་ཀྱིས་ཚོགས་གཉིས་ཀྱིས་བསྡུས་པའི་ཆོས་སྤྱོད་བཅུ་བསགས་པས་ཟབ་དགོངས་ཆོས་དབྱིངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་བསྟན་འགྲོའི་བྱ་བ་རླབས་པོ་ཆེ་མཛད་

p. 615

པའི་ས་ལམ་གྱི་འགལ་རྐྱེན་བར་ཆད་དུ་གྱུར་པའི་གདོན་བགེགས་ལོག་འདྲེན་ཡེ་ཤེས་པའི་ཕྱིར་འབྲང་གི་བགེགས་དང་བཅས་པ་ཐམས་ཅད་ལ་རྒྱུད་སྡེ་དང་མཐུན་པའི་སྦྱོང་བ་རྣམ་པར་དག་པ་བྱས་ཟིན་པས་དེས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག གང་དག་མི་འགྲོ་བ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་དགས་པར་བྱའོ། །ཞེས་དང་རྟེན་ལ་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱ། སུམྦྷ་སོགས་དྲག་སྔགས་མང་དུ་བརྗོད་པས་བགེགས་དང་བྲལ་བར་བསམ་མོ། །དེ་འདྲ་ལན་གསུམ་བྱ། དེ་ནས་ཐོག་མར་དཀྱིལ་འཁོར་རམ་རྟེན་རིང་བསྲེལ་ཅན་ལ་ཁྲུས་གསོལ་བ་ནི། བུམ་པ་གཉིས་ཡོད་ན་རྣམ་བུམ་དང་ལས་བུམ་བསྲེས་ནས། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང༌། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་ཁྲུས་བྱས་པའི་ཆུ་དེ་སླར་ཡང་བུམ་པར་བླུགས་ལ་བུམ་ཆུས་ནུབ་གོང་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་སོགས་དང༌། བླ་མའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང༌། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་གུ་རུ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་

p. 616

སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨོཾ་གུ་རུ་ཀཱ་ཡ་ཝཱཀྩིཏྟ་ཨ་བྷི་སོགས་དང༌། ཀུན་རིག་དང་མི་འཁྲུགས་པ་ལྟ་བུ་ཡིན་ན་རྩ་རིག་དང་ཀཾ་ཀ་ནི་དང༌། ཀྱེ་རྡོར་དང་མཁའ་སྤྱོད་མ་ལྟ་བུར་དེ་བ་པི་ཙུ་དང་ཨོཾ་གསུམ་མ་བརྗོད། དེ་བཞིན་དུ། ཚིག་རྐང་དང་པོ་དང་གསུམ་པའི་གནས་སུ། ཚུལ་ཁྲིམས༴ བཟོད་པ༴ བརྩོན་འགྲུས༴ བསམ་གཏན༴ ཤེས་རབ་རྣམས་གཞུག རྐང་པ་གཉིས་པའི་སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང༌། ཤེས་འཆལ་རྣམས་བཅུག་ལ་ཚིག་བཞི་པ་ལྔ་དང༌། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་སྔགས་དང་སྤེལ་ནས་བརྗོད། དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ། ཞེས་བྱ་བ་དེ་ཉིད་སངས་རྒྱས་ཀྱི་ཞིང་སོགས་གང་དུ་གཤེགས་བཞུད་མཛད་པའི་ཕར་ཕྱིན་དྲུག་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་དག་ནས་སེམས་ཅན་གྱི་དོན་དུ་སྤྲུལ་པ་རྒྱུན་མི་ཆད་པར་མངོན་པར་རྫོགས་པ་སངས་རྒྱས་པ་སྟོན་པར་གྱུར་ཅིག དེ་ནས་བུམ་པའི་ཆུས་གཏོར། དྲིལ་བུ་གསིལ་ཞིང༌། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ༴ །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ལ་བདེ་བ་མངའ་མཛད་དེས། །ཁྱེད་ལ༴ །སྐྱོབ་པ་གང་ཞིག་བྱམས་

p. 617

པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད༴ །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད༴ །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ཡང༌། །གསུམ་གཙང་གཙང་མར་མཛད་པ་དེས། ཁྱེད༴ །དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་གང་འབྱོར་ཞིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། ཁྱེད༴ །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོ་ཞིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད༴ །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡི་མི་བདེར་གྱུར་པ་དེས། །ཁྱེད༴ །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད༴ །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། ཁྱེད༴ །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་དུ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མར་གྱུར་ཅིག །དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ་དེ་ཉིད་ཀྱི་ས་དང་ལམ་གྱི་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག དེ་ནས་རྟེན་གོང་ལྟར་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ། ཀུན་རིག་ཡིན་ན། པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་དེ་

p. 618

ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་དགེས་པའི་སྤྱན་གདངས་པ། དར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་སྟོད་དེ་འཛིན་པ། གཡོན་པ་དྲིལ་བུ་དཀུར་བརྟེན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་ཨོཾ་བཛྲ་ས་མཱ་ཛཿ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བླ་མ་རྡོ་རྗེ་སེམས་དཔའ་གཤེགས་སུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿགུ་རུ་བཛྲ་སཏྭ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས་ནས་ནམ་མཁར་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་བསྐལ་བར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་གུ་རུ་བཛྲ་སཏྭ་ག་ག་ན་ས་མ་ཡ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་སོགས། སྐུ་ཁྲུས་གསོལ། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་རྗེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་གདན་ཕུལ་ལ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་རྣམས་ཀུན་ན་གང་ཡོད་པ། །ཚིམ་བྱེད་ཡིད་འོང་ལྡན་པ་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་གནྡྷེ་ཧཱུྃ། ཞིང་འདིའམ་རྒྱ་ཆེན་ཞིང་གཞན་ན། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་འདི། །ཐུབ་དབང༴ །ཨོཾ་བཛྲ་པུཥྤེ་ཧཱུྃ། ཕྱོགས་དུས་ཀུན་ནས་བདུག་སྤོས་རྣམས། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་དབང༴ །ཨོཾ་བཛྲ་དྷཱུ་པེ་ཧཱུྃ། འཇིག་རྟེན་འདིའམ་ཕྱོགས་རྣམས་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡིན་དེ། །ཐུབ་དབང༴ །ཨོཾ་བཛྲ་ནཻ་ཝི་དྱ་ཧཱུྃ། འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་

p. 619

ཆེན་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་དེ། །ཐུབ་དབང་ལ་ནི་དབུལ་བར་བགྱི། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ། ཞེས་པས་མཆོད་ནས། རྡོ་རྗེ་ཐལ་མོ་དཔྲལ་བར་སྦྱར་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱས་པར་མོས་ལ། སྒོ་བ་བཞིའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿས་ནམ་མཁའི་ལྷ་མདུན་བསྐྱེད་དང་ཉེ་བར་དགུག ཨོཾ་བཛྲ་པཱ་ཤ་ཧཱུྃ་གིས་གཞུག ཨོཾ་བཛྲ་སྥོ་ཊ་བཾ་གྱིས་ཕན་ཚུན་མི་འབྲལ་བར་བཅིང༌། ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿལྷ་རྣམས་དབྱེར་མེད་དུ་དབང་དུ་བྱས་པར་བསམ་མོ། །མི་འཁྲུགས་པ་ཡིན་ན། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དེ་ཉིད་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དྭངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ། ཞལ་གཅིག་ཕྱག་གཉིས་དང་ལྡན་པའི་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། སྤྱན་དཀྱུས་རིང་བའི་སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་འགྲོ་བ་མཐའ་དག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིང༌། ཞལ་འཛུམ་ཞིང་རབ་ཏུ་ཞི་བ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། ལྷ་རྫས་ལས་གྲུབ་པའི་དར་གྱི་སྟོད་གཡོགས་དང་ཤམ་ཐབས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་དང་བཅས་པར་གསལ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་མི་འཁྲུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། དམིགས་མེད་མཁའ་ལྟར་སོགས་ནས་

p. 620

བནྡྷ་ནཾ་ཀ་རོ་མིའི་བར་གོང་ལྟར་ལ། མི་འདྲ་བའི་ཁྱད་པར། གུ་རུ་བཛྲ་ཨཀྵོ་བྷྱཿཨེ་ཧྱེ་ཧི། ཞེས་བསྒྱུར། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། ཀྱེ་རྡོར་ཡིན་ན། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་དཔལ་ལྡན་བླ་མ་དམ་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ལས་ཐོད་པ་དུམ་བུ་གསུམ་པ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེའི་གཡོན་དུ་ཨྃ་ལས་གྲི་གུག་སྔོ་ནག་ཡུ་བ་ལ་ཨྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་དཔལ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་སྔོན་པོ། གཡས་དཀར་གཡོན་དམར་སྟེང་ཞལ་དུད་ཀ ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཅིང༌། མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་སེར་པོ། ལྔ་པ་ན་རྔ་མོ་ཐལ་ཀ དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་བླ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པོ། གསུམ་པ་ན་མེའི་ལྷ་དམར་པོ། བཞི་པ་ན་རླུང་གི་ལྷ་ལྗང་གུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་

p. 621

སྔོན་པོ། བརྒྱད་པ་ན་ནོར་འཛིན་སེར་པོ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་གཉིས་བསྐུམས་པའི་སོར་མོ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདོད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྤྱི་བོར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔལ་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་དབུར་བརྒྱན། མཁའ་སྤྱོད་མ་ཡིན་ན། སྟོང་པའི་ངང་ལས་ཨེ་ཨེ་ལས་ཆོས་འབྱུང་

p. 622

གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་ལྡན་བླ་མ་དམ་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་བྃ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དག་པ་མཁའ་སྤྱོད་དུ་གཟིགས་པ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་བརྐྱངས་ནས་འཛིན་པ། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་ཕྱོགས་སུ་བཟུང་ནས་ཞལ་གྱེན་ལ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པ་ལ་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་ཌ་མ་རུ་དང་དྲིལ་བུ་དང་འཕན་རྩེ་གསུམ་པ་འཕྱང་བཞིན་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པས་སྐུ་སྐེད་ཡན་ཆོད་ཁེབས་པ། ལང་ཚོ་དར་ལ་བབ་ཅིང་འདོད་པའི་ནུ་འབུར་རྒྱས་པ། བདེ་བ་བསྐྱེད་པའི་ཉམས་ཅན། མི་མགོ་སྐམ་པོ་ལྔའི་དབུ་བརྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧྃ་ཡྃ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་དུད་ཀ་ཙཎྜི་ཀའི་ངོ་བོ། ཕཻཾ། ཐུགས་ཀའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། དེ་དག་གིས་སྤྱན་རས་གཟིགས་སོགས་རྒྱུད་སྡེ་འོག་མ་དང༌། བདེ་གསང་འཇིགས་གསུམ། དུས་འཁོར་སོགས་རྒྱུད་སྡེ་གོང་མ་གཞན་རྣམས་ལའང་རིགས་འགྲེའོ། །དེ་ནས་ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་སོགས། རྒྱལ་

p. 623

པའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང༌། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ། །སྔགས་གོང་ལྟར་བཅས། དེ་བཞིན་གཤེགས་པ་རྣམས་དང་སོགས་སྔགས་དང་བཅས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་དབྱི། དེ་ནས་དེ་ལ་སོགས། སྲབ་འཇམ་ཡང་བ་སོགས། སྣ་ཚོགས་དབང་པོའི་གཞུ་ལྟར་སོགས་དང༌། ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ་ཞེས་སྔགས་དང་བཅས་པས་གོས་ཟུང་འབུལ། མཐར་གང་སེར་མ་གདོན། ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་འབྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་འགྱུར། །དེས་ན་ཁྱེད་ཉིད་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་ཁྱོད་ལ་བདག་སྐྱབས་མཆི། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་རྣམས་ཀུན་གྱི་རིན་ཆེན་གཏེར། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །དཔལ་ལྡན་བླ་མ་དེ་ལ་འདུད། །ཁྱོད་ནི་གདུལ་བྱ་སྨིན་པའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམ་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཆང༌། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ཀུན་ཏུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེའི་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཉོན་མོངས་ཡེ་ཤེས་གནས་གྱུར་པ། །བདག་ཉིད་ཆེན་པོ་ཁྱོད་ཀྱིས་མཁྱེན། །ཐམས་ཅད་སྤྲོ་བའི་ཕྲིན་ལས་ཀྱིས། །

p. 624

རྫོགས་པའི་སངས་རྒྱས་ཐམས་ཅད་སྤྲུལ། །གཅིག་ཏུ་བསྡུས་པའི་སྦྱོར་བ་ནི། །སངས་རྒྱས་ཀུན་བདག་རྡོ་རྗེ་འཆང༌། །བག་ཆགས་བཅས་པའི་སྒྲིབ་ཀུན་སྤངས། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱོད་ཀྱི་ཕྲིན་ལས་ངོ་མཚར་རྨད། །གང་གིས་གཡོ་མེད་ཁྱོད་བསྟེན་པ། །དེ་ལ་དེ་མ་ཐག་བྱིན་རློབ། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། །ཡང་ན་ཕུན་ཚོགས་ཐམས་ཅད་འགྲུབ། །དེས་ན་རྡོ་རྗེ་སློབ་དཔོན་མཆོག །དངོས་པོ་ཀུན་གྱིས་དེ་ལ་འདུད། །རྣམ་པ་ཀུན་ཏུ་བདག་སྐྱབས་མཆི། །ཕྱི་ནང་གསང་བ་དེ་ཁོ་ན། །ལུས་དང་ལོངས་སྤྱོད་འབྲེལ་པ་ཀུན། །སྲོག་གི་བར་གྱིས་ཁྱོད་མཉེས་བགྱི། །ཇི་སྲིད་རྣམ་པར་གྲོལ་བའི་ས། །བདག་གཞན་ཀུན་གྱིས་མ་ཐོབ་བར། །དེ་སྲིད་མཆོད་པ་མཆོག་གི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས། །ཆེས་ལྷག་གྱུར་པས་ཁྱོད་མཆོད་དོ། །ཁྱོད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་སྒྲུབ་པར་ཤོག །མི་མཉེས་བྱེད་པ་རྣམ་སྤངས་ཏེ། །རྣམ་པ་ཀུན་ཏུ་ཁྱོད་བསྟེན་ནོ། །ཁྱོད་ཀྱི་ཕྲིན་ལས་སྒྲུབ་སླད་དུ། །མགོན་པོ་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་བགྱི། །དགེ་བ་འདི་ཡིས་བདག་གཞན་ཀུན། །ཁྱོད་མཉེས་བགྱིད་པའང་ཐོབ་པར་ཤོག །སྐུ་ཡི་སྤྱོད་པ་རྣམ་དག་པ། །སངས་རྒྱས་དགེས་པའི་ཚུལ་ཁྲིམས་ལྡན། །གསུང་གི་ཕྲིན་ལས་ཕུན་སུམ་ཚོགས། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །མཁས་པ་ཐམས་ཅད་དགའ་མཛད་པའི། །ཡོན་ཏན་རྒྱ་མཚོ་ཁྱེད་ལ་མངའ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཁྱེད་ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བརྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བ་འབྱུང༌། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །མཆོད་པ་ཐམས་

p. 625

ཅད་སྤངས་ནས་ནི། །བླ་མ་མཆོད་པ་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང༌། །དམ་ཆོས་རྟག་ཏུ་ཉན་པ་དང༌། །བཀའ་བཞིན་སྒྲུབ་པའང་བྱེད་པར་ཤོག །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །འགྲོ་བའི་དོན་དུ་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཐོག་མ་བར་དང་མཐར་དགེ་ཞིང༌། །རྣམ་པར་དཀར་ལ་མ་འདྲེས་པ། །ངེས་པར་འབྱུང་བ་མཆོག་གི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་ལོ། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ལྷ་དང་མི་ཡི་མཆོད་པའི་གནས། །རྒྱལ་སྲས་རང་རྒྱལ་དགྲ་བཅོམ་པ། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །ཚུལ་གནས་ཐོས་དང་བསམ་ལྡན་ཞིང༌། །ཏིང་ངེ་འཛིན་ལ་མཉམ་པར་གནས། །བདེ་གཤེགས་བསྟན་པ་ལེགས་འཛིན་པའི། །བཤེས་གཉེན་ཀུན་ལ་ཕྱག་འཚལ་ལོ། །མཆོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །བདག་པོས་ཡོངས་སུ་མ་བཟུང་བའི། །མཆོད་པའི་ཡོ་བྱད་ཅི་མཆིས་པ། །བློ་ཡིས་བླངས་ནས་དབུལ་བར་བགྱི། །རབ་དང་ཡིད་ལས་བྱུང་གྱུར་པའི། །མཆོད་པའི་སྤྲིན་གྱི་ཕུང་པོ་ནི། །མཁའ་དང་མཉམ་པ་དུ་མ་ཡིས། །ཡོན་ཏན་རྒྱ་མཚོ་སྲས་བཅས་མཆོད། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །

p. 626

སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་དང༌། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་དཔལ་ལྡན་བླ་མར་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དང༌། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་རྣམས་བཅུག་པས་མཆོད་ཅིང༌། དྷརྨ་ར་ཎི་ཏ་སོགས་རོལ་མོ་བྱ། ཨོཾ་སརྦ་བིཏྤཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཧཱུྃ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ། བཙུན་མོ་རིན་ཆེན་འདི༴ །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཝསྟི་རཏྣ༴ བློན་པོ་རིན་ཆེན༴ །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །མ་ཧཱ་ཏ་རཏྣ༴ གླང་པོ་རིན་ཆེན༴ །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣ༴ རྟ་མཆོག་རིན་ཆེན༴ །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨ་ཤྭ་རཏྣ༴ དམག་དཔོན་རིན་ཆེན༴ །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁངྒ་རཏྣ༴ ཞེས་རྒྱལ་སྲིད་བདུན་དང༌། མཎྜལ་འདིར་བྱ་བའམ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་

p. 627

དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱི། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་སོགས་འགྲེ། ཤབྡ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །ར་ས། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །སྤརྴེ། འདོད་ཡོན་ལྔ་འབུལ། མཎྜལ་སོ་བདུན་མ་སྤྱི་ལྟར་འབུལ་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་སོགས་ནས། ཚང་ཞིང་ཡིད་དུ་འོང་བ་འདི་ཉིད་དཔལ་ལྡན་བླ་མ་ཞི་བའི་དབྱིངས་ན་བཞུགས་པའི་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་གུས་པས་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་ཐུགས་བསྐྱེད་བརྩེ་བ་ཆེན་པོའི་མཐུས། རྣམ་མང་མོས་པ་ཇི་བཞིན་སྒྱུ་འཕྲུལ་རྡོ་རྗེའི་རོལ་གར་ཇི་སྙེད་གདུལ་བྱའི་སྐལ་བར་འཚམས་པའི་གཟུགས་སྐུའི་རྣམ་འཕྲུལ་ངོ་མཚར་ཡེ་ཤེས་ཀྱི་སྣང་བརྙན་སྲིད་ཞིའི་དཔལ་དུ་གསལ་བར་བྱིན་གྱིས་བརླབ་ཏུ་གསོལ། གུ་རུ་ཨི་དཾ་མཎྜ་ལ་ཀཾ་ནིརྻཱ་ཏ་ཡཱ་མི། ཞེས་པས་མཚོན་འདོད་དོན་གསོལ་བ་ཁ་བསྒྱུར་བས་མཆོད། གོང་གི་ཁ་དོག་དབྱིབས་ལེགས་འདིར་ལེན་པའམ། རྒྱུད་སྡེ་གོང་མ་ཡིན་ན་ཕྱི་ནང་གསང་བ། ཡིད་བྱུང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ། ཀུ་སཱ་ལིའི་ཚོགས་བསག་གི་མཆོད་པ་བཅས། ཀྱེ་རྡོར་ལམ་ཟབ་བླ་མཆོད་ལྟར་དབུལ། བསྟོད་པ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མའི་ཞབས་ལ་ཕྱག་འཚལ་བསྟོད། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །

p. 628

བླ་མའི་སྐུ་ལ་ཕྱག་འཚལ་བསྟོད། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་བསྟོད། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ལྡན། །རྣམ་ཐར་གསུམ་ལ་ལེགས་གནས་པ། །བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད། །སྐུ་ལ་ཚད་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་གྱུར་ཅིང༌། །སྣ་ཚོགས་དབང་ཕྱུག་མི་ཤིགས་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །བརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་སྒྲོགས་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་ལ་སོགས་པའི། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་དང༌། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པ་མི་གཡོའི་འགག་པར་ཡོང་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །

p. 629

ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང༌། སྒོས་བསྟོད་ཀྱང༌། ཀུན་རིག་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་རྡོ་རྗེ་སེམས་དཔར་བསྟོད། །མི་འཁྲུགས་པར། ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་བར། །མཐའ་ཡས་འགྲོ་བའི་དོན་སྒྲུབ་ལྷུར་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །ཀྱེ་རྡོར་ལ། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེ་ཡི་རྡོ་རྗེར་ཕྱག་འཚལ་བསྟོད། །མཁའ་སྤྱོད་མར། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཅེས་པ་ལ་སོགས་པ་སྐབས་སུ་གང་བབ་པས་བསྟོད། བཤགས་པ་ནི། ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བ་ཅི་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་བགྱིས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་བགྱིས་པ་དང༌།

p. 630

གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་བགྱིས་པ་དང༌། དཀོན་མཆོག་གསུམ་ལ་མ་གུས་པ་བགྱིས་པ་དང༌། ཕ་དང་མ་ལ་མ་གུས་པ་བགྱིས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་བགྱིས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། གསུང་རབ་ཀྱི་གླུད་ཟོས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་སྡིག་པ་དང་ཉེས་པ་དང༌། ལྟུང་བའི་ཚོགས་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། གཞན་བགྱིས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་དེ་དག་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །སླད་ཆད་བསྡམ་པར་བགྱིད་ལགས་སོ། །ཤེས་ཤིང་ནུས་ན། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །སོགས་ཀྱང་བརྗོད། ཐུན་མོང་དུ་ཇི་སྙེད་སུ་དག་སོགས་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱའོ། །འདིར་བླ་མ་དེ་ཉིད་ཀྱི་གསོལ་འདེབས་རྣམས་འདོན། རང་གི་རྩ་བའི་བླ་མ་ཡིན་ན་རྒྱང་འབོད་ཀྱི་གསོལ་འདེབས་དྲག་ཏུ་བྱས་མཐར། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཉོན་མོངས་པ་མཐའ་དག་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཐོས་བསམ་སྒོམ་གསུམ་ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱིན་གིས་བརླབ་ཏུ་གསོལ། ཚུལ་ཁྲིམས་རྣམ་པར་དག་པ་སྤྱན་གྱིས་འབྲས་བུ་བཞིན་དུ་བསྲུང་ནུས་པར༴ ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་དད་གུས་བསམ་གྱིས་མི་ཁྱབ་པ་བདག་གི་རྒྱུད་ལ་སྐྱེ་བར༴ དད་གུས་བསམ་མི་ཁྱབ་པར་ཐོབ་པར༴ བྱང་ཆུབ་སེམས་ཉམས་པ་མེད་པ་བདག་གི་རྒྱུད་ལ་སྐྱེ་བ་གནས་པ་གོང་ནས་གོང་དུ་འཕེལ་བར་

p. 631

བསྟན་པའི་ཆོས་མཐའ་དག་བདག་གི་རྒྱུད་ལ་སྐྱེ་བ་གནས་པ་གོང་ནས་གོང་དུ་འཕེལ་བར༴ བདེ་གསལ་མི་རྟོག་པའི་མཚན་ཉིད་གསུམ་དང་ལྡན་པ་བདག་གི་རྒྱུད་ལ་སྐྱེ་བར༴ མཚན་ཉིད་རིག་པའི་ཤེས་རབ་ཕུན་སུམ་ཚོགས་པ་བདག་གི་རྒྱུད་ལ་སྐྱེ་བར༴ ཐེག་པ་ཆེན་པོ་གསང་སྔགས་མཐའ་དག་གི་སྣོད་དུ་རུང་བར༴ མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ་པར༴ སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར༴ ཐོབ་ནས་ཀྱང་སེམས་ཅན་ནམ་མཁའ་དང་མཉམ་པ་སྨིན་པར་བྱེད་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ། ཀུན་རིག་མི་འཁྲུགས་སོགས་རྒྱུད་སྡེ་འོག་མའི་སྐབས། བླ་མའི་གནས་གསུམ་ལས་སྐུ་གསུང་ཐུགས་ཀྱི་ངོ་བོ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག བླ་མའི་སྐུ་གསུང་ཐུགས་ཀྱིས་རང་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ། རྒྱུད་སྡེ་འོག་མ་ལ། དབང་བཞི་བླང་བ་ནི། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང༌། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ཏེ། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་གསོལ་བ་གདབ། དམིགས་པའི་འཕྲོ་འདུ་དང༌། དབང་པོ་སོ་སོའི་རང་སྐལ་གྱི་དྲི་མ་སྦྱོང་ཚུལ། ལམ་ཉམས་ལེན་ལ་དབང་ཚུལ། དབང་གི་གནས་སྐབས་དང་མཐར་ཐུག་གི་ཡེ་ཤེས་ཐོབ་ཚུལ་སོགས་ཚིག་རྗེས་སུ་དོན་དྲན་བཞིན་པས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་

p. 632

སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་གྱུར། ཅེས་དབང་བླང༌། རྗེས་ཀྱི་རིམ་པ་ལ། སྲི་ཞུ་འབུལ་ཞིང་སྨོན་ལམ་གསོལ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་དཔལ་ལྡན་བླ་མ་བརྒྱུད་པར་བཅས་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་རྣམས་ཀྱིས་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང༌། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང༌། འབྱུང་པོ་ལ་གཏོར་མ་བཏང་བ་དང༌། སྲུང་སྡོམ་དང༌། བཟླས་བརྗོད་དང༌། ཐོས་བསམ་དང༌། སྒོམ་སྒྲུབ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅི་བསགས་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་རིགས་ཀུན་ཁྱབ་བདག་འདྲེན་མཆོག་མཚུངས་མེད་དཔལ་ལྡན་བླ་མ་དམ་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཕུལ་བས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག ས་དང་ལམ་གྱི་རིམ་པའི་སྤང་བྱ་དང་གེགས་དང་སྒྲིབ་པར་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་དོན་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུའི་མཛད་པ་རྒྱུན་མི་ཆད་པར་གྱུར་ཅིག དེར་ཡང་སྐུ་ཚེའི་འདུ་བྱེད་བསྐལ་པ་རྒྱ་མཚོར་གཡོ་མེད་དུ་བརྟན་ཅིང་ངོ་མཚར་བའི་རྣམ་པར་ཐར་པ་མཐའ་ཡས་པས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པར་གྱུར་ཅིག བདག་ཅག་

p. 633

རྣམས་ལའང་བླ་མ་ལ་བརྟེན་པའི་སྒོ་ནས་བསགས་པའི་ཉེས་པ་སྐུ་ལ་བསྡོས་པ། རིགས་ལ་བསྙགས་པ། གསུང་ངག་གཅགས་པ། ཉེས་པ་གཏམ་དུ་བརྗོད་པ། ཐུགས་ཚོད་བཟུང་བ། ཐུགས་སུན་ཕྱུང་བ་ལ་སོགས་པ་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ཚེ་རབས་ཐམས་ཅད་དུ་ཡང་དག་པའི་དགེ་བའི་བཤེས་གཉེན་དང་མཇལ་བར་གྱུར་ཅིག མཇལ་ནས་ཀྱང་མཉེས་པར་བྱེད་པར་གྱུར་ཅིག མི་མཉེས་པ་སྐད་ཅིག་ཀྱང་བྱེད་པར་མ་གྱུར་ཅིག སྐྱེ་བ་ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པར་གྱུར་ཅིག གཟུང་དུ་གཏུབ་པར་གྱུར་ཅིག གདམས་ངག་དང་རྗེས་སུ་བསྟན་པས་སྐྱོང་བར་གྱུར་ཅིག བསྐྱང་དུ་གཏུབ་པར་གྱུར་ཅིག ཚེ་རབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག དགེ་བའི་བཤེས་གཉེན་གྱི་རྣམ་པར་ཐར་པ་ལ་ལོངས་སྤྱོད་པར་གྱུར་ཅིག མཐར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཅེས་ལན་གསུམ་བརྗོད། མྱུར་འབྱོན་ཡོད་ན་སྐབས་འདིར་འདོན་ནོ། །ནོངས་པ་བཤགས་ཤིང་གཤེགས་སུ་གསོལ་བ་ནི། བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་ཏེ། །ལེགས་སྤྱད་འདི་ལ་ཉེས་པར་གྱུར་པ་གང༌། །སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ལ་བཟོད་པར་གསོལ། །ཅེས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། འོ་མཆོག་གི་དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པ་དོན་གྱི་སླད་དུ་མཚན་ནས་སྨོས་པ། ཞེས་བྱ་བ་དེ་ཉིད་དེང་འདིར་གཞིའི་འོད་གསལ་གསལ་སྟོང་ཟུང་འཇུག་ཆེན་པོའི་དབྱིངས་སུ་ལམ་གྱི་འོད་གསལ་སྐྱེ་མེད་བློ་འདས་ཟུང་དུ་འཇུག་སྟེ། འབྲས་བུའི་འོད་གསལ་གཉིས་མེད་ཁྱབ་གདལ་ཆོས་སྐུའི་ཀློང་ཡངས་འགྲོ་འོང་གཡོ་འགུལ་བྲལ་བར་མཉམ་པར་གཞག་པ་འདི་ལས། ད་ནས་བཞེངས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའམ། མཁའ་སྤྱོད་དག་པའི་གནས་སུ་གཤེགས་ཏེ་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་སྐད་ཅིག་གིས་རྫོགས་ནས་མི་གནས་པའི་ཟུང་འཇུག་མཐར་ཕྱིན་པར་མཛད་དུ་གསོལ། སངས་རྒྱས་ཀྱི་ཞིང་དུ་གཤེགས་པས་རྒྱལ་བ་

p. 634

རྒྱ་མཚོ་མཉེས་པའི་མཆོད་པ་དང༌། ཕྲིན་ལས་བླ་ན་མེད་པ་བསྒྲུབས་ནས་དེར་ཡང་ཞི་བའི་དབྱིངས་སུ་མི་གཞོལ་བར་མཛད་དུ་གསོལ། སྤྱིར་དུ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་གང་ལ་གང་འདུལ་དེ་ལ་དེར་སྟོན་མི་ཟད་རྒྱན་འཁོར་རྣམ་པ་ལྔའི་སྤྲུལ་པ་འབྱམས་སུ་ཀླས་པ་ནམ་མཁའ་ཇི་སྲིད་བར་འགག་པ་མེད་པར་སྟོན་པ་དང༌། ཁྱད་པར་ཞིང་འདིའི་གདུལ་བྱ་རིས་སུ་མ་ཆད་པ་རྣམས་དང༌། ཡང་སྒོས་རྗེས་སུ་སློབ་ཅིང་དད་མོས་གུས་པར་ལྡན་པའི་སེམས་ཅན་རྣམས་ཡལ་བར་མི་འདོར་བར་མཛད་དུ་གསོལ། གནས་སྐབས་དེར་ཡང་ཕྱི་ནང་གི་རྐྱེན་ནག་པོའི་བདུད་ཀྱི་འཚེ་བས་མི་གནོད་ཅིང་ཐོས་བསམ་སྒོམ་གསུམ་ཕར་ཕྱིན་དྲུག་སྡོམ་པ་གསུམ་བསྐྱེད་རྫོགས་སྟོང་ཉིད་སྙིང་རྗེ་སོགས་མཐར་ཕྱིན་ཅིང༌། མཛད་པ་ཕྲིན་ལས་དར་ཞིང་རྒྱས་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟན་པ་འདི་ཉིད་ཀྱི་ཉམས་པ་གསོ་བ་དང༌། གནས་པ་ཕྱོགས་དུས་ཀུན་ཏུ་རྒྱ་ཆེར་སྤེལ་བ་དང༌། གདུལ་བྱ་རྣམ་མང་མཐའ་ཡས་པ་རྣམས་ཀྱང་བྱང་ཆུབ་ཆེན་པོའི་ལམ་དུ་འདྲེན་པར་འགྱུར་བའི་ཐུགས་བསྐྱེད་རྒྱ་ཆེན་པོ་དང་སྨོན་ལམ་མཐའ་གང་བཙན་གཡེལ་བ་མེད་པར་གསོལ་བ་འདེབས་པ་ལགས། ཞེས་པས་དམ་ཡེ་དབྱེར་མེད་དག་པའི་ཞིང་དུ་གཤེགས་ནས་དེར་བཞུགས་པའི་སངས་རྒྱས་ཀྱི་ཐུགས་དང་གཉིས་སུ་མེད་པར་གྱུར་པར་མོས་ལ་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག དེ་ནས་བསྔོ་སྨོན་བྱ་བ་ནི། བཟང་སྤྱོད་སོགས་ཐེག་ཆེན་ཐུན་མོང་དང༌། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི་སོགས་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྨོན་ལམ་གདབ། དཀྱིལ་འཁོར་དང་འབྲེལ་ན་རྗེས་ཀྱི་ཆོ་ག་རྣམས་བྱ་ཞིང༌། གང་ལྟར་བཀྲ་ཤིས་རྒྱས་པར་བརྗོད་ལ་དགེ་ལེགས་སུ་བྱའོ། །འདི་ནི་རང་ལ་བཀའ་དྲིན་ཆེ་བའི་དཔལ་ལྡན་བླ་མ་དམ་པ་དང༌། སྐྱེས་ཆེན་གཞན་དོན་ཡང་སྲིད་འབྱོན་པ་གཙོར་བྱས་ནས་བཀོད་པ་སྟེ། བླ་མ་དགེ་བའི་བཤེས་གཉེན་གཞན་ལ་ཤམ་བུ་འདོད་གསོལ་སྨོན་ཚིག་རྣམས་གནས་སྐབས་དང་བསྟུན་པའི་འདོར་ལེན་ཤེས་དགོས་པ་ཡིན་ནོ།།

p. 635

གཉིས་པ་ཕལ་བའི་སྒྲིབ་སྦྱོང་ལམ་བསྟན་ནི། ཐོག་མར་ཡི་དམ་གང་བྱེད་ཀྱི་བདག་མདུན་བུམ་གསུམ་དང༌། བདག་འཇུག་བཅས་གྲུབ་པའི་རྗེས་སུ། སྔར་སྦྱོར་བའི་སྐབས་སུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་སྦྱོང་སྟེགས་ཁྲུ་གང་བའི་པདྨ་དཀར་པོ་འདབ་བརྒྱད་ཀྱི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་བྲི། དེའི་སྟེང་དུ་རུས་པའམ་མིང་བྱང་བཞག སྦྱོང་བའི་ཡོ་བྱད་དང༌། བྱེ་མའམ་ཡུངས་ཀར་སོགས་གཤིན་དོན་ལ་དགོས་པའི་ཡོ་བྱད་ཐམས་ཅད་བཤམ་མོ། །བཟླས་པའི་སྐབས་རྣམས་སུ་བྱེ་མའམ་ཡུངས་ཀར་ལ་སྔགས་ཀྱིས་བྲིམས་ལ་བཞག་གོ །དེ་ནས་མིང་བྱང་ལ་སོགས་པའི་རྟེན་དེ། རང་གཞུང་ལས་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སྦྱོང་སྟེགས་ཀྱི་སྟེང་དུ་ཚེ་འདས་ཀྱི་མིང་གི་ཡི་གེ་དང་པོའམ། ཎི་ལས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བལྟས་ལ། རང་བདག་བསྐྱེད་གང་ཡིན་གྱི་སྙིང་གའི་ས་བོན་དང༌། ཚེ་འདས་ཀྱི་སྙིང་གའི་ཎི་ལས་འོད་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་ཁམས་གསུམ་གང་ན་གནས་པ་ནས་བཀུག་པར་བསམ། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ། ངག་ཏུ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི། བཅོམ་ལྡན་འདས་ཡི་དམ་གང་ཡིན་དེའི་མཚན་ནས་སྨོས་ཏེ། བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཁམས་གསུམ་སྐྱེ་གནས་བཞི་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུྃ་ཛཿཞེས་བརྗོད། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་ཁྲོ་བོའི་ཚོགས་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་

p. 636

ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་འབུལ། ཨོཾ་ཨརྒྷཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཧཱུྃ་གིས་མཆོད། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོ་སྟང་སྟབས་བརྐྱང་བསྐུམས་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུར་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། སངས་རྒྱས་ཀྱི་བདེན་པ་དང་སོགས་གོང་ལྟར་ལ། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི་ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་སྒྲིབ་སྦྱོང་བ་ལ་བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་གང་ཡིན་པ་དེ་དག་ལ་རྒྱུད་སྡེ་དང་མཐུན་པའི་སྦྱོང་བ་རྣམ་པར་དག་པ་བྱས་ཟིན་པས་དེས་ཚིམ་པར་གྱིས་ལ་སའི་

p. 637

ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག གང་དག་མི་འགྲོ་བ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་དགས་པར་བྱའོ། །ཞེས་དང༌། རྟེན་ལ་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱ་ཞིང༌། ངག་ཏུ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ། ཅེས་དང༌། ཡི་དམ་གང་ཡིན་གྱི་དྲག་སྔགས་མང་དུ་བརྗོད་པས་བགེགས་དང་བྲལ་བར་བསམ་མོ། །དེ་ནས་ཚེ་འདས་ཀྱི་སྡིག་པ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་འཐོན། སྡིག་པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ། དེ་གཡས་སུ་མེ་དང༌། གཡོན་དུ་ཆུར་དོར་བས་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམས་ལ། ཨོཾ་སརྦ་པཱ་པྃ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། མཁའ་སྤྱོད་ལ། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་མེར་བསྲེག་ཅིང་ཆུར་དོར་རོ། །དེ་ནས་བྱེ་མའམ་ཡུངས་ཀར་ལ་རང་རང་གི་ལྷ་སྔགས་མང་དུ་བཟླས་པ་དེའི་ནུས་པ་བསྟིམས་ལ། རུས་པའམ་མིང་བྱང་མདུན་དུ་བཞག་པ་ལ་བྲབས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནི་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་བྷསྨིཾ་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྲུྃ་བི་ནཱ་ཤ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་དྲུཾ་བི་ཤོ་དྷ་ཡ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་ཏ་ཀ་ཏ་ཀ་ཧ་ན་ཧ་ན་ཨཱ་པ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་བ་ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུྃ་ཕཊ། ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ཨཱ་བ་ར་ཎཱ་ནི་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུ་ན་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུ་ན་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏི་ཧེ་ཏུ་ན་ཧཱུྃ་ཕཊ། ཅེས་དང༌། ཆེ་གེ་མོའི་སྡིག་པ་དག་པར་གྱུར་ཅིག ཅེས་བརྗོད་དོ། །དེ་ནས་ཐོག་མར་

p. 638

དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ་རྟེན་ཁྲུས་བྱ་བ་ནི། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང༌། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷི་ན་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་ཁྲུས་བྱས་པའི་ཆུ་དེ་སླར་ཡང་བུམ་པའི་ནང་དུ་བླུགས་ལ། དེ་ནས་ཞག་གྲངས་བྱེད་ན་བུམ་ཆུས་ནུབ་གོང་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་བཀྲུ། ཐ་མ་ལ་རྟེན་ལ་དངོས་སུ་བཀྲུ་ཞིང༌། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །རང་རང་གི་སྔགས་དང༌། དེ་བཞིན་དུ་ཚིག་རྐང་དང་པོ་དང་གསུམ་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་གཞུག རྐང་པ་གཉིས་པའི་གནས་སུ་ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང༌། ཤེས་འཆལ་རྣམས་བཅུག་ལ་ཚིག་བཞི་པ་ལྔ་དང༌། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བྱ་བའི་ཚིག་བཞི་པ་རེ་དང་ཆོག་གཞུང་གང་ཡིན་གྱི་སྔགས་སྤེལ་ཞིང་བཀྲུས་ནས། མཐར་ཚེ་ལས་

p. 639

འདས་པ་ཆེ་གེ་མོས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཐུན་ཕྱོགས་དག་ནས། ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཚིག་རྐང་གསུམ་པ་དང་བཞི་པར། བཅོམ་ལྡན་དམ་ཆོས། དམ་ཆོས་བདེན་པས་དང༌། འཕགས་པའི་དགེ་འདུན། དགེ་འདུན་བདེན་པས། ཞེས་སོགས་སྦྱར་བའི་ཚིག་བཞི་པ་གཉིས་བརྗོད་ཅིང༌། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། ཆེ་གེ་མོའི་ཉོན་མོངས་པ་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་བཅོམ་ནས་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སེང༌། །ཆུ་མེ་རླུང་དུ་འདོན་པ་བསྒྱུར་བའི་ཚིག་བཞི་པ་གསུམ་བརྗོད་པའི་རྗེས་སུ། ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་བཞི་ལ་བརྟེན་ནས་སྐྱེས་པའི་ཉོན་མོངས་དང་རྣམ་རྟོག་རྒྱུ་དང་བཅས་པ་ཐམས་ཅད་འབྱུང་བ་བཞིའི་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག ཅེས་བྱ་བ་དང༌། བུམ་པའི་ཆུས་གཏོར། དྲིལ་བུ་གསིལ་ཞིང༌། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཇུག་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ༴ །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ལ་བདེ་བར་མངའ་མཛད་དེས། །ཁྱེད་ལ༴ །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ༴ །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ༴ །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ༴ །

p. 640

དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་གང་འབྱོར་ཅིང༌། །དོན་འགྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོ་ཞིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ༴ །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ༴ །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་དུ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཚེ་ལས་འདས་པ་ཆེ་གེ་མོས་གཙོ་བྱས་པའི་སྐྱེ་དགུ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་ལ། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་ཉོན་ཅིག དེ་ཡང་སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་ཤིང༌། བྱེ་བྲག་ཏུ་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པ་དང༌། ཁྱད་པར་དུ་ཁྱེད་རང་གི་ཚེ་དང་ལས་དང་བསོད་ནམས་ཀྱི་འཕེན་པ་གསུམ་ག་ཟད་པའི་སྟོབས་ཀྱིས་ཚེའི་དུས་བྱས་ནས་ད་ལྟ་སྲིད་པ་བར་མ་དོ་ན་ཡོད་པ་ཤས་ཆེ་བ་ཡིན། དེའང་འཆི་སྲིད་དང་སྐྱེ་སྲིད་གཉིས་ཀྱི་བར་དུ་བྱུང་བས་བར་སྲིད་ཅེས་བྱ་བ་ཡིན་ལ། དེའི་རྣམ་གཞག་ནི་མངོན་པ་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་གསུངས་ཞིང༌། སའི་དངོས་གཞིར་ཡང༌།

p. 641

གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་སོ། །ཞེས་གསུངས་པས། རིགས་དྲུག་གང་དུ་སྐྱེ་བར་འགྱུར་བ་དེའི་ཤ་ཚུགས་འཛིན་པ་སྟེ། སྲིད་པ་འཕོ་བའི་མདོ་ལས། དམྱལ་བའི་བར་དོ་སྡོང་དུམ་མེས་ཚིག་པ་ལྟ་བུ་དང༌། ཡི་དྭགས་ཀྱི་བར་དོ་ཆུ་ལྟ་བུ་དང༌། དུད་འགྲོའི་བར་དོ་དུ་བ་ལྟ་བུ་དང༌། མིའི་བར་དོ་གསེར་ལྟ་བུ་དང༌། ལྷའི་བར་དོ་སྣམ་བུ་དཀར་པོ་ལྟ་བུའི་སྣང་བ་འཆར་བར་གསུངས་ལ། ལམ་འབྲས་ཀྱི་གཞུང་བཤད་རྣམས་ལས་ནི་འོད་དམ་སྣང་བ་དཀར་པོ་ལ་སེམས་ཟིན་དམྱལ་བ། སེར་པོ་ལ་ཟིན་ན་ཡི་དྭགས། སྔོན་པོ་ལ་ཟིན་ན་བྱོལ་སོང༌། དམར་པོ་ལ་ཟིན་ན་ལྷ། ལྗང་གུ་ལ་ཟིན་ན་ལྷ་མ་ཡིན། སྣ་ཚོགས་ལ་མིར་སྐྱེ་འགྱུར་གྱི་བར་དོ་ཡིན་པར་བཤད་དོ། །གཞན་ཡང་མཛོད་ལས། རིགས་མཐུན་ལྷ་མིག་དག་པས་མཐོང༌། །ཞེས་གསུངས་པས་བར་སྲིད་དེ་བར་དོ་ནང་མཐུན་པ་དང༌། ལྷའི་མིག་དག་པའི་མངོན་ཤེས་ཀྱིས་མཐོང་ལ་གཞན་གྱིས་མི་མཐོང་བ་ཡིན། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་གསུངས་ཏེ། རྣམ་ཤེས་རླུང་གི་བཞོན་པ་ཅན་དེས་བསམ་པ་ཙམ་གྱིས་སྟོང་གསུམ་ཐམས་ཅད་སྐད་ཅིག་ལ་བགྲོད་པར་ནུས་པའི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་ཡིན། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་པ་ནི་ཡིད་ཀྱི་ལུས་ཅན་མིག་ལ་སོགས་པའི་དབང་པོ་ལྔ་ཚང་ཞིང་རི་རབ་ཁང་ཁྱིམ་སོགས་ལ་ཐོགས་མེད་དུ་རྒྱུ་ཡང༌། ལས་ལས་གྲུབ་པ་མའི་མངལ་ལ་སོགས་པ་སྐྱེ་གནས་བཞི་ལ་ཐོགས། བྱིན་རླབས་ལས་གྲུབ་པ་རྡོ་རྗེ་གདན་ལྟ་བུ་ལ་ཐོགས་པར་བཤད། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པའི་དོན་མི་ལྡོག་ཅེས་པ་ནི། རིགས་དྲུག་གང་དུ་སྐྱེ་འགྱུར་གྱི་བར་དོའི་སྣང་བ་ཤར་ནས་སྐྱེ་གནས་གཞན་དུ་ལྡོག་མི་སྲིད་དེ། དེར་ལས་སྟོབས་ལྡན་གསོག་པའི་ནུས་པ་མེད་པའི་ཕྱིར། ཞེས་བཞེད་ལ། མངོན་པ་གོང་མ་བ་རྣམས་ནི་ཅི་སྟེ་ན་ལྡོག་གོ །དེ་ན་ཡང་ལས་གསོག་གོ །ཞེས་གསུངས་པས་སྐྱེ་གནས་གཞན་དུ་ལྡོག་པའི་ནུས་པ་ཡོད་ཅིང་བར་དོར་ལས་དགེ་སྡིག་གསོག་པའང་ཡོད་པར་བཤད། དྲི་ཟའོ་ཞེས་པའི་དོན་ནི། བར་དོའི་གནས་སྐབས་སུ་ཁ་ཟས་རགས་པ་ལ་ལོངས་སྤྱོད་པ་མེད་ཅིང༌། དབང་ཆེ་ཆུང་གི་བྱེ་བྲག་གིས་དྲི་བཟང་ངན་ཟ་བ་ཙམ་ཞིག་ཡོད་དོ། །དེ

p. 642

་དག་ནི་ཐེག་པ་ཐུན་མོང་བ་ལ་གྲགས་པ་ཙམ་ཞིག་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདམས་ངག་རྣམས་ལས། བར་དོར་འཇིགས་པའི་སྒྲ་བཞི། ཉམ་ང་བའི་གཡང་ས་གསུམ་སྟེ་རྐྱེན་བདུན་འཆར་བར་བཤད། དེ་ལ་འཇིགས་པའི་སྒྲ་བཞི་ནི། ས་ཆུ་ལ་ཐིམ་པས་རི་བོ་རབ་ཏུ་གྲུམ་པའི་སྒྲ། ཆུ་མེ་ལ་ཐིམ་པས་བསྐལ་པ་འཇིག་པའི་རྒྱ་མཚོ་འཁྲུགས་པའི་སྒྲ། མེ་རླུང་ལ་ཐིམ་པས་དུས་མཐའི་མེ་ལྟ་བུའི་སྒྲ། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དུད་མཐའ་རླུང་ལྟ་བུའི་སྒྲ་འབྱུང་བ་ཡིན། ཉམ་ང་བའི་གཡང་ས་གསུམ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱང་གཡང་ས་འཇིགས་ཤིང་ཡ་ང་བ་མཐོང་ནས་བདག་ཉིད་དེར་ལྷུང་བའམ། ལྷུང་གིས་དོགས་པ་ལ་སོགས་པའི་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པར་འབྱུང་ཞིང༌། དེའི་རྐྱེན་གྱིས་སྐྱབས་འཚོལ་བའི་སྣང་བ་འབྱུང་བས། དེའི་དུས་སུ་སྐྱབས་གནས་དཀོན་མཆོག་གསུམ་དྲན་པ་གལ་ཆེ་བ་ཡིན། གཞན་ཡང་ཁྱོད་བར་དོ་ན་ཡོད་པའི་རྟགས་ནི། ནང་ན་ཁམས་དཀར་དམར་མེད་པས་ཕྱི་རོལ་ཏུ་ཉི་མ་དང་ཟླ་བའི་སྣང་བ་མི་འབྱུང༌། གདོས་བཅས་ཀྱི་ལུས་མེད་པས་གྲིབ་མ་དང་རྗེས་མི་འབྱུང༌། ཟག་བཅས་ཀྱི་མངོན་ཤེས་ཅུང་ཟད་ཡོད་པས་བླ་མ་དང་མཆོད་གནས་རྣམས་ཀྱི་སེམས་ཀྱི་རྒྱུ་བ་ངན་པ་རིག་ནས། མ་དད་པའི་དབང་གིས་ངན་སོང་དུ་འགྲོ་ཉེན་ཡོད་པས་དད་པ་བརྟན་པ་གལ་ཆེ་བ་ཡིན། གཞན་ཡང་ཉེ་འབྲེལ་རྣམས་ཀྱི་རྩར་སོང་ནས་ཕར་གཏམ་བརྗོད་ཀྱང་ཚུར་ལན་མི་འདེབས་པས། དེ་དག་གི་སེམས་ལ་བརྟགས་ནས་རྣམ་རྟོག་བཟང་ངན་གང་རྒྱུ་བ་ཤེས་ཤིང༌། རང་དབང་བའི་ནོར་རྫས་རྣམས་གཞན་གྱིས་ཁྱེར་བ་ལ་སོགས་པ་མཐོང་ནས་ཆགས་སྡང་དྲག་པོ་སྐྱེ། དེས་མཚམས་སྦྱར་ཏེ་དམྱལ་བར་སྐྱེ་སྲིད་པས་བར་དོའི་འཁྲུལ་སྣང་དུ་ཤེས་པར་གྱིས་ལ། གང་ལའང་ཆགས་སྡང་མ་བྱེད། དེ་ལྟ་བུའི་བར་དོའི་ཚེའི་ཚད་ལ་ངེས་པ་མེད་ཀྱང༌། བཙུན་པ་དབྱིག་བཤེས་ཀྱི་བཞེད་པས་ནི། བར་དོ་ན་ཞག་བདུན་གནས་པའི་ཞག་ཕྱེད་དང་བཞི་ཡན་ཆད་ཚེ་སྔ་མའི་བག་ཆགས་ཤས་ཆེ་ཞིང༌། དེ་ཕྱིན་ཆད་ཕྱི་མ་གང་དུ་སྐྱེ་འགྱུར་

p. 643

གྱི་སྣང་བ་འཆར་ཞིང༌། དེས་ནི་སྐྱེ་བའི་ཚོགས་པ་རྙེད་ན་ལུས་ལེན། མ་རྙེད་ན་ཞག་བདུན་ཕྲག་རེའི་མཚམས་སུ་འཆི་ཆུང་རེ་དང་བར་དོར་ཡིད་ལུས་རེ་ལེན། དེ་ལྟ་བུའི་བདུན་ཕྲག་བདུན་གྱི་བར་དུ་གནས་ལ། དེ་ནས་རིགས་དྲུག་གང་རུང་དུ་སྐྱེ་བ་ལེན་པ་ཤས་ཆེ་ཞིང༌། ཁ་ཅིག་ནི་བསྐལ་པའི་བར་དུ་བར་དོར་གནས་པའང་ཡོད་པར་བཤད། གང་ལྟར་ཡང་རྣམ་ཤེས་རླུང་གི་བཞོན་པ་ཅན་དེ་ཉིད་ལ་ལུས་རྟེན་རགས་པ་མེད་པས། བྱ་སྒྲོ་རླུང་གིས་བསྐྱོད་པ་ལྟར་རང་དབང་དུ་མི་གནས་པ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་ཉེན་ཏེ། སྐྱེ་གནས་འཚོལ་བའི་བྱ་བ་འབའ་ཞིག་བྱེད་པས། དེའི་གནས་སྐབས་སུ་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་པར་བྱས་ནས་སྐྱེ་གནས་ངན་པ་ལ་མ་ཞེན་པ་གལ་ཆེ་བ་ཡིན། མདོར་ན་རང་དགའ་མའི་ཤེས་པ་བདུན་འགྱུར་ལས་རྨི་ལམ་གྱི་ཤེས་པ་གསལ། དེ་བདུན་འགྱུར་ལས་བར་དོའི་ཤེས་པ་གསལ་ཞིང༌། ལུས་ཀྱི་འཆིང་བ་དང་བྲལ་བས་རྐྱེན་ཅུང་ཟད་ཀྱིས་ཀྱང་གྲོལ་ནུས་པར་བཤད་པའི་ཕྱིར་ན་དངོས་གྲུབ་ལེན་པའི་དུས་ཤིག་ལ་བར་དོ་བཟང་བ་ཡིན་ལ། དངོས་གྲུབ་བླང་བའི་ཡུལ་ནི་སྐྱབས་གནས་བསླུ་བ་མེད་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་པས། དེ་དག་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང༌། དབང་བསྐུར་ཞུ་བའི་འདུན་པ་དྲག་པོ་གྱིས། དེ་ནས་བུ་ལ་སོགས་པའི་ཉེ་དུ་ཡོད་ན་མིང་བྱང་འཛིན་དུ་བཅུག་ཅིང་ཕྱག་བྱེད་དུ་བཅུག་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་རྣམ་སེལ་བར། །བདག་ནི་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པ་ཆེར་མཐོང་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱི། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་

p. 644

པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །ཕྱག་འཚལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་ཅིང་གསོལ་བ་འདེབས་པར་བསམ་མོ། །དེ་ནས་གཤིན་པོ་ལ་དབང་བསྐུར་ན་རང་རང་གི་ཆོག་གཞུང་ནས་འབྱུང་བ་ལྟར་བྱ། མི་བསྐུར་ན། བྱང་བུ་བསང་སྦྱང༌། སྟོང་པའི་ངང་ལས་སྐབས་ཐོབ་གདན་གྱི་སྟེང་དུ་ཚེ་འདས་རང་གཞུང་གི་ལྷར་བསྐྱེད། མཆོད་བསྟོད་བྱ། དེ་ནས་འདོད་ཡོན་ལྔ་བསང་སྦྱང༌། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བརླབ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་མཆོད་གནས་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཧཱུྃ། དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས༴ །བཞེས་ཤིག ཤབྡ༴ ཕྱོགས་དུས་ཀུན་

p. 645

ན་ཙནྡན་སྦྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ །གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ །བཞེས་ཤིག༴ །ར་ས༴ །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ །བཞེས་ཤིག༴ །སྤརྴེ༴ ཞེས་པས་མཆོད་དོ། །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་བརྗོད། དེ་ནས་བྱང་བུ་བསྲེག་པའི་བརྡ་སྤྲོད་བྱེད་ན། སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། ཚེ་འདས་ཀྱི་རྣམ་པར་ཤེས་པ་དཔལ་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པ་དེ་སྤྱི་གཙུག་ནས་འཐོན་ཏེ་མདུན་གྱི་ནམ་མཁར་གནས་པར་བསམ། དེ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ། དེའི་ངང་ནས་འཁྲུལ་ངོར་སྣང་བའི་ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་ཀྱི་ངོ་བོ་ཐ་མལ་པའི་གཟུགས་ཀྱི་རྣམ་པ་ཅན་ནམ། མིང་བྱང་གི་རྣམ་པ་བསྲེག་ཅིང་སྦྱར་དུ་རུང་བ་དཔེ་བུད་ཤིང་དང་ཆོས་མཚུངས་སུ་གནས་པ་དེ་ཉིད། སློབ་དཔོན་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པའི་བདག་མེད་རྟོགས་པའི་ཡེ་ཤེས་རང་བཞིན་འོད་གསལ་བ་སྦྱོང་བྱེད་མེ་དང་ཆོས་མཚུངས་སུ་ཡོད་པ་དེས། ཚེ་ལས་འདས་པའི་སྡིག་སྒྲིབ་ཀྱི་ངོ་བོར་གྱུར་པའི་གཟུགས་བྱང་དེ་ཉིད་བསྲེགས་ཤིང་སྦྱངས་པས་འཁྲུལ་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་གཅིག་ཏུ་འབར་བ་ལ་བརྟེན་ནས་ཚེ་ལས་འདས་པའི་རྣམ་པར་ཤེས་པའི་ངོ་བོ་རྡོ་རྗེ་སེམས་དཔར་གསལ་བ་དེ་ཉིད་སྐར་མདའ་འཕངས་པ་བཞིན་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་རྒྱལ་བ་འོད་དཔག་ཏུ་མེད་པའི་ཞབས་དྲུང་དུ་འཁོད་དེ་གསལ་སྟོང་འཛིན་མེད་དུ་ཅུང་ཟད་མཉམ་པར་འཇོག་པར་ཞུ། སྟོང་ཉིད་ཡེ་ཤེས་འབར་བའི་མེས། །ཚེ་འདས་སྒྲིབ་པའི་བུད་ཤིང་དང༌། །འཁོར་བའི་སྡུག་

p. 646

བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང༌། རང་སྔགས་བརྗོད་ཅིང་བསྲེག མི་འཁྲུགས་པ་ཡིན་ན། རྣམ་པར་ཤེས་པ་མི་འཁྲུགས་པར་གསལ་བ་དེ་ཉིད་སྐར་མདའ་འཕངས་པ་བཞིན་དུ་སྐད་ཅིག་གིས་མངོན་པར་དགའ་བའི་ཞིང་ཁམས་རྒྱལ་བ་མི་འཁྲུགས་པའི་ཞབས་དྲུང་སོགས་དང༌། མཁའ་སྤྱོད་མར། རྣམ་པར་ཤེས་པ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཉིད་སྐར་མདའ་འཕངས་པ་བཞིན་དུ་སྐད་ཅིག་གིས་མཁའ་ལ་སྤྱོད་པའི་ཞིང་ཁམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཞབས་དྲུང་སོགས་བསྒྱུར། ཀྱེ་རྡོར་དང་མཁའ་སྤྱོད་མ་ཡིན་ན། ཀྱེ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །མཁའ་འགྲོ་ལྔ་ཡི་མི་སྦར་རོ། །རྣམ་ཤེས་བརྒྱད་ཀྱི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །འབྱུང་བ་ལྔ་ཡི་བུད་ཤིང་ལ། །ལྷ་མོ་ལྔ་ཡི་མེ་སྦར་རོ། །ཞེས་དང༌། ཀྱེ་རྡོར་ལ་དེ་ཝ་པི་ཙུ་དང༌། མཁའ་སྤྱོད་མར་ཨོཾ་གསུམ་མ་བརྗོད་ཅིང་བསྲེག་གོ །དེ་ནས་ལམ་སྦྱང་བསྟན་བྱ་སྟེ། ནུབ་གོང་མ་རྣམས་ལ་མཆོད་པའི་རྗེས་ལ་བྱ། ནུབ་ཐ་མ་ལ་བྱང་བུ་བསྲེགས་པའི་རྗེས་ལ་བྱ་སྟེ། དྲིལ་བུ་གསིལ། མེ་ཏོག་གཏོར། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་སཾ་བྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲ་ཐ། ཞེས་དང༌། རོལ་མོ་བྱ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་མ་ཧཱ་སུ་ཁ་བ་ཏཱི་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད་ནས་རོལ་མོ་བྱས་ཏེ་བདེ་བ་ཅན་དུ་སྐྱེས་པར་བསམ། དེར་སྐྱེས་པའི་བྱང་སེམས་རྙིང་པ་

p. 647

རྣམས་ཀྱིས་ཕྱིས་ཀྱི་དེ་ལ་མཆོད་པར་བསམས་ལ། མཆོད་ཅིང་རོལ་མོ་བྱ། དེས་ཀྱང་སངས་རྒྱས་འོད་དཔག་མེད་འཁོར་བཅས་ལ་མཆོད་ཅིང་རོལ་མོ་བྱ། དེར་སྐྱེ་བའི་རྒྱུ་བརྟགས་པས། རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་ནུས་པ་ཡིན་པར་ཤེས་ཏེ་རྫུ་འཕྲུལ་གྱིས་འདིར་འོངས་ནས། བདག་དང་དཀྱིལ་འཁོར་ལ་མཆོད་ཅིང་རོལ་མོ་བྱས་ལ། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ཆེད་དུ་བརྗོད་པར་བསམ། བདག་གིས་ཀྱང་སླར་དེ་ལ་མཆོད་པས་མཆོད་ཅིང་རོལ་མོ་བྱ། སླར་བདེ་བ་ཅན་དུ་སོང་བར་བསམས་ལ་མེ་ཏོག་དོར། མི་འཁྲུགས་པ་ཡིན་ན། མངོན་པར་དགའ་བའི་ཞིང་དང༌། མཁའ་སྤྱོད་མ་ཡིན་ན། མཁའ་སྤྱོད་ཆེན་མོའི་ཞིང་སོགས་བསྒྱུར། དེ་ནས་ཚེ་འདས་ཀྱི་དོན་དུ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱས་པར་བརྗོད་ཅིང༌། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱི་རྒྱས་བཏབ་སྟེ་གཤིན་པོ་རྗེས་སུ་བཟུང་བའི་ཆོ་གའོ། །རྗེས་ནི་རང་རང་གི་ཆོ་ག་གཞུང་ལྟར་བྱའོ། །ཚེ་འདས་ཀྱི་རུས་བུའམ་བྱང་བུ་བསྲེགས་ཐལ་ལ་སཱཙྪ་བཏབ་སྟེ་སྦྱོང་ཁྲུས་རྒྱས་བསྡུས་ཅི་རིགས་དང༌། རྟེན་བསྐྱེད། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་ཞུ་བ་ལས་བྱུང་བའི་ཆོས་སྐུའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་བུམ་པའི་ནང་དུ་དབུས་སུ་སེང་གེ། ཤར་དུ་གླང་པོ་ཆེ། ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་མཁའ་ལྡིང་རྣམས་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་རེ་རེ་དང་བཅས་པའི་དབུས་སུ་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ལྷོར་རིན་འབྱུང་སེར་པོ་གཡས་

p. 648

མཆོག་སྦྱིན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་སྐོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར་ཅེས་དང༌། སྐུ་གཟུགས་ཀྱི་རྟེན་ཡིན་ན། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྐྱེད། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རིགས་ལྔའམ། རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་སོགས་རྒྱས་བསྡུས་གང་རིགས་བྱ། མཆོད་དེ། ཛཿཧཱུྃ་བཾ་ཧོཿ ཞེས་ལན་མང་དུ་བརྗོད་ཅིང་སོ་སོ་ལ་ཐིམ་པར་བསམ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ནས་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔ་སོ་སོ་དང༌། སྐུ་གཟུགས་ཀྱི་རྟེན་རྣམས་ལ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་སོགས་རིགས་ལྔའི་བསྟོད་པ་གང་ཤེས་དང༌། ལྷ་སྐུ་གང་ཡིན་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་སོགས་ཀྱིས་བསྟོད།

p. 649

རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ལྷ་རྣམས་ཀྱི་སྤྱན་འབྱེད་པའི་ཚུལ་བྱས་ལ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་སྟེ་སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཅེས་བརྗོད། ཡེ་དྷརྨཱས་བྱིན་གྱིས་བརླབས་པའི་མེ་ཏོག་གཏོར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་དང༌། ཡེ་དྷརྨཱ་མང་དུ་བརྗོད་ལ་མེ་ཏོག་གཏོར། སྐུ་གཟུགས་སམ་མཆོད་རྟེན་རྣམས་འོད་དུ་ཞུ་ནས་རང་རང་གི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་མཆོད་དེ། མཆོད་རྟེན་ལ། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྣ་ཚོགས་རིན་ཆེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །ཞེས་དང༌། ལྷ་སྐུ་ཡིན་ན་སོ་སོའི་སྒོས་བསྟོད་ཅི་ཤེས་བྱས་ལ་བཀྲ་ཤིས་བྱའོ། །འདིར་འབད་དགེ་བའི་ཟླ་ཟེར་གྱིས། །ལུས་ཅན་ཡིད་ཀྱི་གདུང་བསལ་ཏེ། །རྡོ་རྗེ་སེམས་དཔའི་གོ་འཕང་ལ། །མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །ཅེས་པའང་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཞལ་སྐོང་དུ་བློ་གཏེར་དབང་པོས་བྲིས་པ་དགེ་ལེགས་འཕེལ།། །།

ཚེ་སྒྲུབ་ཀྱི་ཆོ་ག་སོགས་ཉེར་མཁོ་ཕན་བདེའི་སྤྲིན་ཕུང་།

p. 650
p. 651

ཚེ་སྒྲུབ་ཀྱི་ཆོ་ག་སོགས་ཉེར་མཁོ་ཕན་བདེའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།

p. 652

ཨོཾ་སྭ་སྟི། སངས་རྒྱས་ཀུན་གྱི་རྗེས་ཆགས་དངོས། །རྒྱལ་བ་ཚེ་འཛིན་དབང་པོའི་སྐུར། །སྟོན་མཛད་དེ་ལ་རབ་དང་བས། །ཕྱག་འཚལ་ནས་ནི་སྒྲུབ་ཐབས་བཤད། །སྐྱབས་སེམས་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བ། དེའི་སྟེང་གི་ཨོཾ་གྱི་འཕྲོ་འདུ་ལས། རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞི་བའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་དང་པོ་རྡོ་རྗེ་དཀར་པོ། གཡོན་དང་པོ་ཤེལ་གྱི་ཕྲེང་བ། འོག་མ་གཉིས་ཡུམ་ལ་འཁྱུད་ཚུལ་གྱིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཡུམ་པདྨ་ཀུཎྜ་ལཱི་དམར་མོ་ཕྱག་དང་པོ་གཉིས་ཀྱིས་བྱི་རུའི་བགྲང་ཕྲེང་དང་དྲིལ་བུ་འཛིན་པ། འོག་མ་གཉིས་ཀྱིས་ཡབ་ལ་འཁྱུད་པས་པདྨ་རཱ་གའི་བུམ་པ་བདུད་རྩི་དམར་པོས་གང་བ་འཛིན་པ། པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྤྱི་བོར་རྣམ་སྣང་དཀར་པོ། མགྲིན་པར་སྣང་མཐའ་དམར་པོ། སྙིང་གར་མི་བསྐྱོད་

p. 653

པ་སྔོན་པོ། ལྟེ་བར་རིན་འབྱུང་སེར་པོ། གསང་བར་དོན་གྲུབ་ལྗང་གུ་རྣམས་ཕྱག་གཡས་རང་རྟགས་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རང་སྣང་གི་ཡུམ་དང་བཅས་པར་གྱུར། མི་བསྐྱོད་པའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་གྱི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཨོཾ། ཀླད་དཀོར་གྱི་དབུས་སུ་ཐིག་ལེ་དཀར་ལ་འཚེར་བ། ཉི་ཟླ་ཨཱ་ལི་ཀཱ་ལིའི་སྐུད་པས་བཅིངས་པ། བ་སྤུའི་སྒོ་ཐམས་ཅད་རྟ་མགྲིན་ཕྱག་གཉིས་པ་གཡས་བེ་ཅོན་འཛིན་ཅིང་གཡོན་སྡིགས་མཛུབ་མཛད་པ་ཁྲོ་བོའི་རྒྱན་གྱིས་བརྒྱན་པའི་གོ་ཆས་གཏམས་པ། ཡེ་ཤེས་པ་བསྟིམ་པ་དང་དབང་བསྐུར་རྒྱས་གདབ་སྤྱི་དང་འདྲ་བ་ལས། འོད་དཔག་མེད་ཀྱིས་དབུ་རྒྱན། དེ་ནས་བཟླས་དམིགས་གསལ་བཏབ་ལ། ཚེ་གཟུངས་ཨོཾ་གཉིས་མ་གང་ནུས་བཟླའོ། །རྗེས་མི་དམིགས་པར་བསམས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་བསང་སྦྱང༌། ཨ་ལས་བྱུང་བའི་ཀ་པཱ་ལ་བཅུད་དང་བཅས་པ་མེ་རླུང་གི་སྦྱར་བས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ལ་བསྟིམ། ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབ། རང་གི་མདུན་དུ་

p. 654

རྒྱལ་བ་ཚེ་དཔག་མེད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨ་ཀཱ་རོ་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་ཡི་བདག །རྒྱལ་བ་ཀུན་གྱིས་རྟག་ཏུ་དགོངས་གྱུར་པའི། །འཕགས་པའི་ཚོགས་ཀྱི་སྐྱེ་ཤི་གཅོད་པ་པོ། །སྐྱེ་དགུ་རྣམས་ཀྱི་སྐྱབས་གྱུར་བཅོམ་ལྡན་འདས། །དད་པས་བདག་ནི་རྟག་ཏུ་བསྟོད་ཕྱག་འཚལ། །ཞེས་བསྟོད། བགེགས་དང་འཆི་ལས་རྣམ་གྲོལ་བའི། །འཆི་མེད་བདུད་རྩིའི་རྒྱ་མཚོ་དེ། །མཁའ་མཉམ་རྣམས་དང་ལྷན་ཅིག་ཏུ། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཅེས་གསོལ་བ་གདབ། ཡིག་བརྒྱས་ཁ་བསྐང༌། བཛྲ་མུཿགཤེགས་སུ་གསོལ། འདིའི་བྱིན་རླབས་ཀྱི་ཆོ་ག་ནི། མཎྜལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་རྣམ་པ་ཅན་ནམ། མ་འགྲུབ་ན་པདྨ་འདབ་བརྒྱད་ཞིག་བྲི། དེར་བུམ་པ་སྤྱི་དང་མཐུན་པར་བཤམ། མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་སྔོན་དུ་འགྲོ་བས་བསང་སྦྱང༌། བུམ་པ་སྤྱི་དང་མཐུན་པར་བསྐྱེད། བུམ་པའི་ནང་དུ་ལྷ་བསྐྱེད་པ་ནི། བདག་བསྐྱེད་ཀྱི་འདོན་པ་སྤོས་པས་འགྲུབ་ཅིང༌། མཐར་མཆོད་བསྟོད་གཏོར་མ་ཕུལ་བ། འདོད་དོན་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་གྱིས་མཆོད་ཡོན་ཕུལ་བས་ཞུ་བར་མོས། སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ་སོགས་གསོལ་གདབ་ལན་གསུམ། དངོས་གཞི་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་རྩ་ཨ་ཝ་དྷཱུ་ཏཱི་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་ཡོད་པར་མོས་ལ། བུམ་པ་འདི་ཉིད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པར་གྱུར་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པར་བསྒོམས་ཤིག་ཅེས་བརྗོད་ལ་བུམ་པ་སྤྱི་བོར་བཞག ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་

p. 655

འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར་པ། སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས། སྨིན་མཚམས་ཡན་ཆད་གང༌། བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ། སྙིང་ག་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང༌། དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག་པར་མོས་མཛོད། ཅེས་བརྗོད་དེ་བུམ་ཆུ་སྦྱིན། དེ་ནས་མངོན་རྟོགས་ཀྱི་དམིགས་པ་ཚང་བར་འབོགས། དབང་བསྐུར་གྱི་སྐབས་བུམ་ཆུ་སྤྱི་བོར་གཏོར། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། སྤྲོས་པ་ལ་དགའ་བས་ཚེ་རིལ་ཚེ་ཆང་སྟེར་བའི་ལུགས་ཀྱང་གདའ། ཡིག་རྙིང་ན་མེད་པས་མ་བྱས་ཀྱང་ཆོག་གོ །སློབ་མའི་རྗེས་ཀྱི་བྱ་བ་དང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །འདི་ཡང་ལོ་རོ་རས་ཆུང་པའི། །གདམས་པ་ཟབ་མོར་ཀུན་ཏུ་གྲགས། །རི་བོ་ཆེ་བའི་ཡིག་ཚོགས་ལས། །རབ་དགའ་སྙིང་པོ་བྱུང་བ་ཡིན། །ཚེ་དཔག་མེད་དཀར་པོ་ཕྱག་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། ༈ །གྲུབ་རྒྱལ་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་རྒྱུན་ཁྱེར་ཤིན་ཏུ་ཟབ་པ་ནི། ཐོ་རངས་སྔ་བར་ལངས་ལ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་པད་ཉིའི་སྟེང༌། །ཧྲཱིཿལས་རང་ཉིད་རྟ་མཆོག་དཔལ། །ཉི་མའི་འོད་མཚུངས་ཉོན་མོངས་སྲེག །ཕྱག་གཡས་ཐོད་དབྱུག་ནམ་མཁར་འཕྱར། །གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས། །བརྐྱང་བསྐུམ་ཁྲོ་བོའི་རྒྱན་ཆས་རྫོགས། །བདུད་བཞི་འཇོམས་མཛད་མེ་ཕུང་འབར། །མདུན་མཁར་རྨ་བྱས་བཏེགས་པ་ཡི། །རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང༌། །རྩ་བའི་བླ་མ་ཚེ་དཔག་མེད། །དམར་པོ་མཉམ་གཞག་ཚེ་བུམ་འཛིན། །ལོངས་སྤྱོད་རྫོགས་ཚུལ་རྡོར་སྐྱིལ་བཞུགས། །གཉིས་ཀའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་

p. 656

བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿདབྱེར་མེད་ཐིམ། །དབང་ལྷས་དབང་བསྐུར་རིགས་ཀྱི་བདག །སྣང་མཐའ་སྤྲུལ་སྐུས་དབུར་བརྒྱན་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བཅོམ་ལྡན་ཚེ་དཔག་མེད་མགོན་དང༌། །དབང་ཆེན་དཔའ་བོ་རྟ་མགྲིན་ལ། །གུས་པས་བསྟོད་དོ་བར་ཆད་སོལ། །ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ། ཞེས་པས་གསོལ་བཏབ་ཐུགས་སྲོག་ལས། །འོད་འཕྲོས་བདག་གི་བླ་ཚེ་སྲོག །ཆད་ཉམས་ཡར་འཐོར་རྒུད་པ་དང༌། །ཕྱི་སྣོད་འབྱུང་བའི་བཅུད་དྭང་མ། །ནང་བཅུད་འགྲོ་བའི་ཚེ་བསོད་དཔལ། །མཆོག་ཏུ་འཕགས་པའི་ཡེ་ཤེས་ཚེ། །འོད་ཟེར་བདུད་རྩིའི་རྣམ་པར་བཀུག །བུམ་པར་ཞུགས་ནས་ཞུ་ཞིང་ཁོལ། །བདག་གི་ཚངས་པའི་སྒོ་ནས་ཞུགས། །ལུས་གང་ཚེ་ཡི་བར་ཆད་ཞི། །འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། བརྒྱ་རྩ་ལས་མི་ཉུང་བར་བཟླས་མཐར། སླར་ཡང་རང་ཉིད་རྟ་མགྲིན་གྱི། །ཐུགས་ནས་འོད་ཟེར་རབ་ཏུ་འབར། །ཚེ་བདུད་འབྱུང་པོ་ཚར་བཅད་ནས། །མི་ཕྱེད་རྡོ་རྗེའི་སྐུ་རུ་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅི་རིགས་བཟླ། མཐར་ནི་བླ་མ་ཚེ་དཔག་མེད། །འོད་ཞུ་རང་ཐིམ་གཉིས་མེད་ངང༌། །བདག་དང་མཐའ་ཡས་འགྲོ་བ་ཀུན། །འཆི་མེད་ཚེ་དཔལ་རྒྱས་པར་ཤོག །ཅེས་པའང་མི་དབང་མཆོག་གི་ཉམས་བཞེས་སུ་ཆོས་རྗེ་གླིང་པ་སུ་ཁ་བཛྲ་གྱིས་ཕུལ་བའོ།། ༈ །འོད་དཔག་མེད་ཀྱི་ཚེ་སྒྲུབ་བཞུགས་སོ། །སྐྱབས་འགྲོ་ཅི་ནུས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དཔག་ཏུ་མེད་པའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་གནས་ཁང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་གྱུར་བའི་མདུན་དུ། རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། སྐད་ཅིག་གིས་རྒྱལ་བ་ཚེ་དཔག་ཏུ་མེད་

p. 657

པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། དབུ་གཙུག་ཏོར་དང་བཅས་ཤིང་ཚངས་པར་སྤྱོད་པའི་ཆ་ལུགས་འཛིན་པ། ཞལ་འཛུམ་བག་དང་ལྡན་ཞིང་འོད་ཟེར་གྱིས་བརྒྱན་པ་ན་བཟའ་ཆོས་གོས་ངུར་སྨྲིག་དང་བཅས་ཤིང༌། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མཐའ་སྐོར་དུ་བླ་མ་བརྒྱུད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཞིང་མངོན་སུམ་དུ་བཞུགས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་པ་རི་མི་ཏ་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུན་བཤགས་བྱ། བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་ཏུ་མེད་པས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་གྱི་ལྷུང་བཟེད་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ། ལྷ་དང་མིའི་བྲམ་ཟེ་དང་དྲང་སྲོང་ཚེའི་རིག་པ་འཛིན་པ་རྣམས་ཀྱི་ཐུགས་ཀ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་སྤྱན་དྲངས། ཕྱག་གི་མཐིལ་གྱི་ལྷུང་བཟེད་ཀྱི་ནང་གི་བདུད་རྩི་ལ་ཐིམ་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དུ་བསམ། དེ་ནས་རང་གི་སྣ་བུག་གཉིས་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པར་བསམ་པ་ལན་བདུན་ནམ་གསུམ་བྱ། དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་ཤེས་པ་གཏད་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ལྔ་བརྒྱ་བཟླས་མཐར་སྔར་བཞིན་གསོལ་བ་བཏབ་ནས། མདུན་གྱི་བཅོམ་ལྡན་འདས་རང་ལ་ཐིམ་པར་གྱུར་པའི་མོས་པའམ། མི་དམིགས་པར་བསམ་པ་གང་རུང་བྱས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་

p. 658

འགོད་པར་ཤོག །ཅེས་སོགས་ཀྱིས་བསྔོ་བ་སྨོན་ལམ་བྱ། དགེ་ལེགས་བསམ་འགྲུབ་ལ་གནང་བའོ།«་་་་༌།དཔལ་ས་སྐྱ་པའི་གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུའི་རྒྱུན་གྱི་ཉམས་ལེན་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པ་སྟེ། ཚུལ་འདི་ལ་བརྟེན་ནས་གྲུབ་ཆེན་བུདྡྷ་ཤྲཱི་སྐུ་ཚེའི་རིག་འཛིན་བརྙེས་པ་སོགས་བྱིན་རླབས་མཆོག་ཏུ་ཆེ་བར་གྲགས་སོ། །མངྒ་ལཾ།།» ༈ །འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པ་བཞུགས་སོ། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། རང་གི་སྤྱི་བོའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བླ་མ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། ན་བཟའ་ཆོས་གོས་བསྣམས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་གྱི་ཐུགས་ཀ་ནས་འོད་འཕྲོས་པས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་ནས་བླ་མ་ལ་ཐིམ་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོར་གྱུར། ཅེས་བརྗོད་ཅིང་བསྒོམས་ནས། བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། མྱུར་དུ་སངས་རྒྱས་ཐོབ་པར་བླ་མ་མཁྱེན་སྙམ་པའི་མོས་གུས་རྩེ་གཅིག་ཏུ་བྱས་ལ། སྤྲོ་ན། ཇི་སྙེད་སུ་དག་བཟང་སྤྱོད་ལས་འབྱུང་བའི་ཡན་ལག་བདུན་པ་ཅི་ནུས་དང༌། གང་ལྟར་ཡང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། མྱུར་དུ་སངས་རྒྱས་ཐོབ་པར་བྱིན་

p. 659

གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་སྙིང་གི་དཀྱིལ་རུས་པའི་གཏིང་ནས་གདབ་བོ། །སྤྲོ་ན། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོཏ་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རི། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་ཀྱང་ཅི་ནུས་བཟླ། རྗེས་ལ། བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང༌། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསྒོམས་ནས་དེའི་ངང་ལ་ཅི་ནུས་སུ་བཞག་ལ། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་སྤྱོད་སྨོན་ལམ་ཚང་བའམ། དེ་ལས་གསུངས་པའི། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གཞན་དེར་ཐོབ་ཤོག །དེར་ནི་བདག་གཞན་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ཅེས་སོགས་ཀྱིས་དགེ་བ་བསྔོའོ། །བླ་མའི་རྣལ་འབྱོར་འདི་བྱ་བྲལ་བ་དཔལ་འབྱོར་བཟང་པོས་ཞུས་པའི་དོན་དུ། བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་ཆོས་རྫོང་དུ་བཀོད་པའོ། །སླར་ཡང་ངག་འདོན་བཀླགས་ཆོག་ཏུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །སྣང་བ་མཐའ་ཡས་ཀྱི་ཉལ་བསྒོམ་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭ་སྟི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དགོངས་པ། གྲུབ་ཆེན་ཛེ་ཏཱ་རིའི་མན་ངག་སྣང་བ་མཐའ་ཡས་ཀྱི་ཉལ་བསྒོམ་ཉམས་སུ་ལེན་པར་འདོད་ན། སྐྱབས་སེམས་ཇི་ལྟར་

p. 660

རིགས་པ་དང༌། །ས་ཕྱོགས་ཐམས་ཅད་བདེ་ཅན་ཞིང༌། །བཀོད་པ་ཕུན་སུམ་ཚོགས་པའི་དབུས། །རང་ཉིད་འཕགས་པ་སྤྱན་རས་གཟིགས། །མདུན་དུ་པདྨ་ཟླ་བའི་སྟེང༌། །སྣང་བ་མཐའ་ཡས་སྐུ་མདོག་དམར། །མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་མཐར་རྩ་བརྒྱུད་བླ་མ་དང༌། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཅེས་གསལ་ལ་ཡིད་ཀྱིས་ཕྱག་གསུམ་བཙལ་ལ་བཟང་སྤྱོད་ལས་འབྱུང་བ་སོགས་ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་ཚར་གསུམ་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ་པས་སྡིག་སྒྲིབ་ཐམས་ཅད་དག་པའི་ངེས་ཤེས་བསྐྱེད། ལུས་ལོངས་སྤྱོད་ཉེ་དུ་སོགས་ལ་ཆགས་ཞེན་བཏང༌། ཤི་ནས་བདེ་བ་ཅན་དུ་འགྲོ་བའི་འདུན་པ་དང་སྤྲོ་བ་ཤུགས་དྲག་ཏུ་བསྐྱེད་ལ་འཆི་བས་མི་འཇིགས་པའི་གདེངས་བསྐྱེད། དེ་ནས། དབུགས་ཕྱིར་རྒྱུ་དང་ལྷན་ཅིག་ཏུ། །རང་སེམས་རྒྱལ་བའི་ཐུགས་ཀར་ཐིམ། །ནང་དུ་འཇུག་པའི་དུས་ཀྱི་ཚེ། །རྒྱལ་བའི་ཐུགས་ནས་རང་གི་སེམས། །འོད་ཀྱི་རྣམ་པས་སྙིང་གར་ཐིམ། །རྒྱལ་བའི་ཐུགས་དང་རང་གི་སེམས། །དབྱེར་མེད་རོ་གཅིག་ངང་དུ་བཞག །ཅེས་བརྗོད་པའམ་དོན་བསམས་ལ་དམིགས་པ་གསལ་ངེས་པ་ལན་གསུམ་སོགས་བྱ། མདུན་གྱི་ཚོགས་ཞིང་འོད་དུ་ཞུ། །སྣང་བ་མཐའ་ཡས་ཉིད་ལ་ཐིམ། །དེ་ཡང་རང་ཐིམ་བདག་ཉིད་ཀྱང༌། །འོད་ཞུ་སྤྲོས་བྲལ་དབྱིངས་སུ་ཐིམ། །

p. 661

ཞེས་བརྗོད་ཅིང༌། སངས་རྒྱས་ཡི་དམ་རང་སེམས་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ལ་བཞག སླར་ཡང་རང་ཉིད་སྐད་ཅིག་གིས། །སྣང་བ་མཐའ་ཡས་སྐུ་རུ་གྱུར། །ཞེས་དང༌། རྒྱས་པར་བཟང་སྤྱོད་སྨོན་ལམ་ཚང་བའམ། མི་ནུས་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་སྨོན་ལམ་བཏབ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱེད་པ་དང་མི་འབྲལ་བའི་ངང་ནས་གཉིད་ལོག་པར་བྱའོ། །དེ་ལྟར་མ་ཆགས་པར་བསྒོམས་པའི་ཕན་ཡོན་ནི། དེ་ལ་ནད་དང་གདོན་མི་འབྱུང༌། འཆི་བའི་དུས་ན་སྡུག་བསྔལ་མེད། བར་དོར་ཐུབ་པས་རྗེས་སུ་འཛིན། ཕྱི་མའི་དུས་ན་ཐར་པ་ཐོབ། ཅེས་གསུངས་སོ། །ཞེས་པའང་མཉྫུ་གྷོ་ཥས་སོ།། ༈ །ངན་སོང་སྦྱོང་བའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་བཞུགས་སོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་དུ་སྣང་བའི་སྟེང་དུ། ཨོཾ་སརྦ་བིད་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་ཞུ་བས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་དུ་བཞེངས་པར་གྱུར། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཀ་དཀར་བ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དྭངས་ཤིང་ཐོགས་པ་མེད་པ། པདྨ་དང་ཟླ་བའི་སྟེང་ན་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པར་བསྒོམ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཅེས་བསྒོམ་ཞིང་བརྗོད།

p. 662

རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་ཡེ་ཤེས་པ་རང་དང་འདྲ་བ་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་པ་རང་ལ་བསྟིམ། རིགས་ལྔས་དབང་བསྐུར་བས་སྒྲིབ་པ་ཐམས་ཅད་དག་སྟེ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད། ཆོས་དབྱིངས་ཡེ་ཤེས་སྐྱོན་བྲལ་བ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །ཞེས་པས་བསྟོད། ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་གྱི་མཐར། ཨོཾ་ན་མོ་བྷ་ག་བ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་པས་དམིགས་ཡུལ་གྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་གྱུར། ཅེས་བསམ་ཞིང་བཟླས་ལ་རྗེས། དགེ་བ་འདི་ཡིས་མྱུར་དུ་བདག །རྣམ་སྣང་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་བ་བྱའོ། །སྒྲིབ་སྦྱོང་སྤྱི་དང༌། བྱེ་བྲག་ཏུ་གཤིན་པོའི་སྒྲིབ་སྦྱོང་ལ་བསྔགས་སོ། །ངན་སོང་སྦྱོང་བའི་མངོན་རྟོགས་ཤིན་ཏུ་བསྡུས་པ་ལ་སྤྲོ་བའི་དོན་དུ། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།། ༈ །བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་སྒྲིབ་གཉིས་མུན་སེལ་ཅེས་བྱ་བ་བཞུགས་སོ། །བླ་མ་རྡོ་རྗེ་མི་འཁྲུགས་པའི། །ཞབས་ཀྱི་པདྨོར་ཕྱག་བྱས་ནས། །གང་དེའི་སྒྲུབ་ཐབས་སྒྲིབ་གཉིས་ཀྱི། །མུན་སེལ་ཟླ་བའི་སྣང་བ་སྦྱིན། །དེ་ལ་སྐྱབས་སེམས་དང་

p. 663

ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ་ཚོགས་གཉིས་ཀྱི་རང་འབྲས་མཚན་བཅས་ལྷའི་རྣལ་འབྱོར་བསྒོམ་ཞིང་བཟླས་པ་བྱ་བ་ནི། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། །ཨ་ལས་ཟླ་སྟེང་རང་སེམས་ཧཱུྃ་མཐིང་ལས། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ་གིས་མཚན། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཚུར་འདུས་བདག་ཉིད་རྡོ་རྗེ་མི་འཁྲུགས་པ། །དབང་སྔོན་མདོག་ཅན་དྭངས་གསལ་འོད་ཟེར་འཕྲོ། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་སྟེང༌། །རྡོ་རྗེ་ལེགས་འཛིན་ཞི་འཛུམ་མཚན་དཔེས་མཛེས། །ལྷ་རྫས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས། །རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས། །ཅེས་བརྗོད་ཅིང་བསམས་ལ། ལག་གཉིས་ཐལ་མོ་སྦྱར་བའི་སྲིན་ལག་བསྣོལ། མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར་བའི་དམ་ཚིག་གི་ཕྱག་རྒྱ་གནས་གསུམ་དུ་རེག་ཅིང༌། གཟུངས་སྔགས་ཚར་རེ་བརྗོད་པས་བྱིན་བརླབ། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨོཾ་ཨརྒྷཾ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿས་རང་ཐིམ་འོད་ཞུ་བས། །སྙིང་དབུས་པདྨ་ཟླ་བའི་དཀྱིལ་འཁོར་གྱི་སྟེང༌། །ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿལས་རིགས་མཆོག་ལྔ། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །འོད་ཟེར་སྣ་ཚོགས་འཕྲོ་བཞིན་བཞུགས་པར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ། སོགས་ཀྱིས་མཆོད། བཅོམ་ལྡན་རྒྱལ་བ་སྲས་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་འདེབས་ན། བདག་གཞན་སྡིག་སྒྲིབ་བྱང་ཞིང་དག་པ་དང༌། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །སྙིང་གའི་

p. 664

གཙོ་བོའི་ཐུགས་ཀར་ཟླ་དཀྱིལ་སྟེང༌། །དཀར་གསལ་གཟུངས་སྔགས་ཕྲེང་བའི་སྣང་བ་ཡིས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །ཚུར་འདུས་བྱིན་རླབས་གཟི་བྱིན་མཆོག་ཏུ་འབར། །ཅེས་གསལ་བཏབ་ལ་གཟུང་སྔགས་ཇི་ཙམ་ནུས་པ་བཟླ། ཐུན་མཐར་མཚན་མེད་ཀྱི་རྣལ་འབྱོར་ནི། ཀུན་རྫོབ་རང་སྣང་ལྷ་ཡི་སྐུར། །མེད་བཞིན་སྣང་བ་སྒྱུ་མའི་གཟུགས། །དོན་དམ་རང་བཞིན་ལས་འདས་པའི། །སྤྲོས་པ་བྲལ་བའི་ཡེ་ཤེས་སོ། །ཞེས་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་དེ་མཉམ་པར་བཞག དེ་ལས་ལྡང་བ་ན། རང་གི་སྙིང་དབུས་ཡེ་ཤེས་པ། །མདུན་གྱི་ནམ་མཁར་བྱོན་པ་ལ། །ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའི། །མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ནོངས་པ་གང་མཆིས་མཐོལ་བཤགས་ཤིང༌། །ཡེ་ཤེས་པ་རྣམས་ཆོས་དབྱིངས་གཤེགས། །རང་ཉིད་དམ་ཚིག་སེམས་དཔའ་ཡི། །གནས་གསུམ་འབྲུ་གསུམ་ཡི་གེས་མཚན། །དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་སྨོན་བྱ་ཞིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག བསྙེན་པ་བྱེད་ན་ཐུན་གསུམ་གྱི་རིམ་པས་གཟུངས་རིང་འབུམ་ཕྲག་བཞིའམ། གཅིག་བཟླ། ཐུན་གཉིས་ཀྱི་མཐར་གཏོར་མ་ཆ་གསུམ་ཡང་བཏང་ངོ༌། །བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པའི། །མཚན་བཅས་མཚན་མེད་རྣལ་འབྱོར་གྱི། །སྣང་བས་སྒྲིབ་པའི་མུན་སེལ་བ། །ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག །ཅེས་གྲུབ་པའི་སློབ་དཔོན་ཛཻ་ཏཱ་རིས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱི་ཤཱཀྱའི་དགེ་སློང་མཉྫུ་གྷོ་ཥས་སྦྱར་བའོ།། ༈ །བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྣང་བ་ཞེས་བྱ་བ་བཞུགས་སོ། །ཐུབ་པའི་དབང་པོ་རྗེ་བཙུན་འཇམ་པའི་དབྱངས། །ཡེ་ཤེས་སྙིང་པོ་ཡེ་ཤེས་ཞི་

p. 665

བའི་ཞབས། །སངས་རྒྱས་ཞི་བ་སངས་རྒྱས་གསང་བ་དང༌། །ཀུ་སཱ་ལི་པ་རྣམས་ལ་གསོལ་བ་འདེབས། །ཀུ་སཱ་ལི་པ་ཆུང་བ་གསེར་གླིང་པ། །དཱི་པཾ་ཀཱ་ར་གོ་མི་སྒོམ་ཆེན་དང༌། །ཛྙཱ་ན་ཤྲཱི་གཉགས་སྟོན་གྲགས་པའི་མཚན། །ཆོས་ཀྱི་རྒྱལ་མཚན་རྣམས་ལ༴ །རིན་ཆེན་འོད་ཟེར་བློ་ཆེན་སངས་རྒྱས་སྲས། །ཡེ་ཤེས་མགོན་པོ་སེང་གེ་རྒྱལ་མཚན་དང༌། །ཤེས་རབ་རྡོ་རྗེ་ལོ་ཆེན་མ་ཎི་ཤྲཱི། །ས་བཟང་འཕགས་པ་རྣམས་ལ༴ །ངོར་ཆེན་རྡོ་རྗེ་འཆང་དང་མུས་པ་རྗེ། །རྒྱལ་ཚབ་དམ་པ་ཡོངས་འཛིན་དཀོན་མཆོག་འཕེལ། །ས་སྐྱ་ལོ་ཙཱ་དཀོན་མཆོག་ལྷུན་གྲུབ་ཞབས། །ཤེས་རབ་རྒྱལ་མཚན་རྣམས་ལ༴ །ནམ་མཁའ་དཔལ་བཟང་རཏྣཱ་རྠ་སིདྡྷ། །ཤེས་རབ་འབྱུང་གནས་ཡེ་ཤེས་བཟང་པོ་དཔལ། །སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་དང༌། །ནམ་མཁའ་བསམ་འགྲུབ་རྣམས་ལ༴ ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང༌། །རིགས་ཀུན་ཁྱབ་བདག་ཀུན་དགའ་བསྟན་འཛིན་སོགས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ཏེ། །ཚོགས་གཉིས་ལས་འཁྲུངས་བཅོམ་ལྡན་མི་འཁྲུགས་པའི། །མཚན་བཅས་མཚན་མེད་ཏིང་འཛིན་མཐར་ཕྱིན་ནས། །ཐམས་ཅད་གཟིགས་པའི་ཡེ་ཤེས་མྱུར་ཐོབ་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའོ།། ༈ །དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་སྙིང་པོ་ངེས་གསལ་བཞུགས་སོ། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་རྒྱུན་གྱི་རྣལ་འབྱོར་ནི། སྐྱབས་སེམས་སོགས་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པས་རྒྱུད་སྦྱངས་ནས། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་དག་པའི་སྣོད་བཅུད་དབུས། །པད་ཟླའི་གདན་

p. 666

ལ་ཧཱུྃ་ལས་རྡོ་རྗེ་སེམས། །དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད། །གཡོན་པས་དྲིལ་བུ་དཀུར་བརྟེན་འགྱིང་བས་བཞུགས། །རལ་པའི་ཟུར་ཕུད་ཡིད་བཞིན་ནོར་བུ་དང༌། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་མཚན། །དར་དང་རིན་ཆེན་རྒྱན་སོགས་རྡོར་སྐྱིལ་གྱིས། །འཇའ་ཟེར་འོད་ཕུང་འཁྱིལ་པའི་དབུས་ན་རོལ། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུྃ་འོད་ཀྱིས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་མི་བསྐྱོད་དབུ་བརྒྱན་གྱུར། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཕྲེང་དཀར། །གཡས་སུ་འཁོར་ལས་འོད་འཕྲོས་འཕགས་པ་མཆོད། །སེམས་ཅན་སྒྲིབ་སྦྱངས་རྡོར་སེམས་གོ་འཕང་བཀོད། །ཚུར་འདུས་སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར། །རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཅི་ནུས་བཟླ། གྲངས་བསྙེན་ལས་རུང་གི་ཚད་ནི་འབུམ་ཕྲག་གཅིག་གོ །ཐུན་བསྡུ་བ་ན། བཅོམ་ལྡན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིས། །བདག་དང་འགྲོ་ཀུན་སྡིག་ལྟུང་བག་ཆགས་ཞི། །ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཡོངས་སུ་བྱང༌། །མྱུར་དུ་རྣམ་མཁྱེན་ཐོབ་པར་མཛད་དུ་གསོལ། །སྣང་ཆའི་ལྷ་སྐུ་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་རྡོ་རྗེ་སེམས་དཔའི་སྐུ་རུ་གྱུར། །དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །སྡིག་སྒྲིབ་བག་ཆགས་བཅས་པ་ཡོངས་སྦྱངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །ཅེས་གསོལ་འདེབས་བསྡུ་ལྡང་བསྔོ་སྨོན་རྣམས་བྱའོ། །ཞེས་པ་འདི་འབྲུག་པའི་འཕྲལ་དགོས་ཀྱི་ཆོས་བཞིའི་རྡོར་སེམས་རྒྱལ་པོ་ཛཿའི་ལུགས་ཀྱི་སྒོམ་བཟླས་རྒྱུན་ཁྱེར་དུ་རྗེ་བླ་མ་འཇམ་པའི་དབྱངས་ཉིད་ཀྱིས་མཛད་པ་ཞིག་གོ །མངྒ་ལཾ།། ༈ །སྲོག་སླུ་བྱ་ཚུལ་ཚེ་དཔལ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །

p. 667

བླ་མ་དང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། བྱ་ཉ་རི་དྭགས་རྐུན་མ་དང༌། །སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །ཞེས་གསུངས་པས་མཚོན་གསོད་པར་ངེས་པའི་སེམས་ཅན་གྱི་སྲོག་བསླུ་བ་ནི་ཚེ་སྒྲུབ་ཐམས་ཅད་ཀྱི་མཆོག་ཏུ་མདོ་རྒྱུད་བསྟན་བཅོས་མཐའ་ཡས་པ་ནས་གསུངས་ཤིང་རིག་པས་ཀྱང་གྲུབ་པའི་ཕྱིར་དང༌། གཞན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྲོག་བསླུ་ལ་བརྩོན་པ་ཆེས་ཆེར་བསྐྱེད་པར་བྱའོ། །དེ་ལ་སྤྱིར་སེམས་བསྐྱེད་བཟང་པོ་དང་ལྡན་པས་བདག་ཏུ་བཟུང་བའི་དུད་འགྲོ་གཙོ་བོར་གྱུར་པ་རྣམས་ཀྱི་སྲོག་བསླུ་ཞིང༌། རང་གི་བསད་པ་དང༌། གཞན་ལ་འཚོང་བ་སོགས་མི་བྱ་བར་རང་རང་གི་སྤྱོད་ཡུལ་དུ་བདེ་བར་འཚོ་བ་དང༌། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་བསྔོ་སྨོན་གྱིས་རྒྱས་གདབ་པ་ཙམ་བགྱིས་པས་སྐབས་ཀྱི་དོན་འགྲུབ་ཕྱིར་ཆོ་ག་དམིགས་བསལ་མ་བྱས་ཀྱང་རུང་མོད། ཡུལ་དུས་ཀྱི་སྤྲོས་པ་དང་བསྟུན་ནས་ཅུང་ཟད་རྒྱས་པར་སྤྲོ་ན། སྔ་འགྱུར་གྱི་མན་ངག་འགའ་ཞིག་ལས་སྲུང་བའི་རྟེན་དུ་འཛུགས་པ་སོགས་གཞན་ནས་འབྱུང་བ་ལྟར་བྱ་བའམ། ཐུན་མོང་དུ་ཤིས་བརྗོད་བསྔོ་སྨོན་ཙམ་སྤྲོས་ཏེ་བྱ་བར་འདོད་ན། ཆོ་འཕྲུལ་ཟླ་བ་དང༌། ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་ཉ་སྟོང་སོགས་དུས་ཀྱི་འགྱུར་བ་ཁྱད་པར་ཅན་འབྱུང་བ་དང་སྟབས་འགྲིགས་ན་བཟང་ཞིང༌། ཚེ་རིང་བའི་དོན་དུ་གཙོ་བོར་བྱེད་ན་བསྒྲུབ་བྱའི་སྲོག་གཟའ་དར་བ་དང་འཕྲོད་སྦྱོར་བཟང་པོ་འཛོམས་པའི་ཉི་ཤར་ལ་བྱ། གང་ལྟར་ཡང་སྲོག་བསླུ་བྱ་རྒྱུ་རྣམས་མདུན་དུ་འཁོད་པ་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྤྲོ་ན་སངས་རྒྱས་ཀྱི་མཚན་དང༌།

p. 668

གཟུངས་སྔགས་ཁྱད་པར་ཅན་མང་དུ་བརྗོད་ན་དུད་འགྲོ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པ་སོགས་ཕན་ཡོན་ཆེ། དེ་ཙམ་མི་ནུས་ཀྱང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སོགས་སོ་སོའི་མགོར་སྦྱར་བས། མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་དང༌། ཡི་གེ་དྲུག་པ། མི་འཁྲུགས་པའི་གཟུངས། བཅུ་གཅིག་ཞལ་གྱི་གཟུངས་སོགས་སྐད་གསང་མཐོ་བས་བརྗོད། དེ་ནས་ལག་ཏུ་མེ་ཏོག་ཐོགས་ལ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་སོགས་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་ཞལ་ནས་ཤིས་པ་བརྗོད་པའི་དབྱངས་སྙན་སྒྲོགས་ཤིང་མེ་ཏོག་གི་ཆར་ཆེན་པོ་ཕབ་པས་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང༌། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ཀྱང་གནས་སྐབས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་ཐར་ཞིང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བདེ་བར་འཚོ་བ་དང༌། མཐར་ཐུག་ཐར་པའི་ས་བོན་རྒྱུད་ལ་སྨིན་ནས་མྱུར་དུ་བྱང་ཆུབ་ཐོབ་པའི་སྐལ་བ་ཅན་ཏུ་གྱུར་པར་བསམས་ལ། རྒྱལ་མཚན་རྩེ་མོ་སོགས་དང༌། སྟོན་པ་བླ་མེད་སོགས་དང༌། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་བཀྲ་ཤིས་གང་ཤེས་ཀྱི་མཐར། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས་སོགས་དང༌། ཚེ་གཟུངས་ཅི་ནུས་བཟླ་ཞིང་མེ་ཏོག་འཐོར། དེ་ལྟར་བགྱིས་པའི་

p. 669

དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང༌། རང་དང་སྦྱིན་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཚེ་བསོད་དཔལ་འབྱོར་ཡེ་ཤེས་འཕེལ་བ་དང༌། དུད་འགྲོ་རྣམས་ཀྱང་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་གྲོལ་ནས་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་ཤོག་ཅིག་སྙམ་དུ་འདུན་པ་རྩེ་གཅིག་པས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་དང༌། བསོད་ནམས་འདི་ཡིས་སོགས། གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང༌། །དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་དང༌། །དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག །བྱང་ཆུབ་སེམས་ནི་སོགས། ཕན་བདེའི་འབྱུང་བའི་སོགས། འཇིག་རྟེན་བདེ་ཞིང་སོགས། གཞན་ཡང་སྐྱེ་བ་འདི་ཉིད་དུ་སོགས། བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱི། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང༌། །བར་ཆད་ཞི་ནས་བཀྲ་ཤིས་པར། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཅེས་སོགས་བསྔོ་སྨོན་གང་ཤེས་དང༌། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་གང་ཡང་རུང་བའི་མཐར། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་སོགས་དང༌། ཡེ་དྷརྨཱ་བརྗོད་ལ་མེ་ཏོག་འཐོར་བས་བདེ་ལེགས་སུ་བྱ། སྤྲོ་ན་ཚེ་སྒྲུབ་ཀྱི་གཞུང་གཞན་ལས། ཅི་འབྱོར་སྲོག་བསླུ་བགྱིས་པའི་དཔྲལ་བ་རུ། །ཉི་ཟླའི་རྟགས་གདབ་དེ་ཕྱིན་སྲོག་མི་གཅོད། །ཅེས་འབྱུང་བ་ལྟར་ཚེ་ཐར་བགྱིས་

p. 670

པ་རྣམས་ཀྱི་དཔྲལ་བར་མར་གྱིས་ཉི་ཟླའི་གཟུགས་འདྲི་བ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་བཤད་ལ། ནོར་ཕྱུགས་དཀར་མཚན་ཅན་ལྟ་བུའི་ཁྱུ་ཕུད་འགའ་རེ་ལ་མིང་བཀྲ་ལེགས་པ་བཏགས་པའང་བཀྲ་ཤིས་པའི་རྟེན་འབྲེལ་དུ་བཤད་པས་དེ་ལྟར་བྱའོ། །གཞན་ཡང་བྱ་དང་རི་དྭགས་དང་ཉ་སོགས་ཀྱི་སྲོག་སྐྱབས་པའི་སླད་དུ་རི་རྒྱ་ཀླུང་རྒྱ་བསྡམ་པ་ན། གོང་དུ་བཤད་པ་ལྟར་སེམས་བསྐྱེད་དང་བསྔོ་སྨོན་གྱི་རྩིས་ཟིན་པ་དང༌། ལྷ་བསང་སོགས་དང་འབྲེལ་བར་བྱས་པས་སྤྱིར་འཆི་བ་བསླུ་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པ། ཁྱད་པར་དུ་ཡུལ་ཕྱོགས་དེར་ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས་པ་སོགས་བཀྲ་ཤིས་པའི་དགེ་མཚན་དུ་མ་འབྱུང་བ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས། གྲོག་སྦུར་ཚང་གི་སྒོ་དག་ཏུ། །ཟན་དང་ཆུ་དང་འབྲུ་མར་དང༌། །འབྲུ་ཡི་ཕུང་པོ་རྟག་པར་ནི། །ཐུགས་བརྟན་མི་རྣམས་བགྱིད་དུ་གསོལ། །ཞེས་སོགས་གསུངས་པ་ལྟར་སྲོག་ཆགས་གྲོག་མ་ལ་ཟས་སྦྱིན་པ་དང༌། ཉ་ལ་ཟན་གཙང་མ་སྦྱིན་པ་དང༌། ནད་པ་ལ་སྨན་དང༌། བྱིས་པ་ལ་སྟོན་མོ་དང༌། འདབ་ཆགས་དང་དབུལ་ཕོངས་ལ་ཟས་སྐོམ་སྦྱིན་པ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་དང༌། བསྔོ་སྨོན་དག་པའི་ཐབས་ཀྱིས་ཟིན་ན་འཆི་བ་བསླུ་བ་དང༌། འབྱོར་པ་སྤེལ་བ་དང༌། མཐར་ཐུག་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་སོགས་བྱ་སླ་ཚེགས་ཆུང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པས་བློ་ལྡན་རྣམས་ཀྱིས་སྒོ་དུ་མ་ནས་ཚོགས་གསོག་པའི་ཐབས་མཁས་ལ་བརྩོན་པར་བྱའོ། །ཞེས་པའང་རང་གཞན་རྣམས་ལ་ཕན་པའི་དོན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་བྲིས་པ་འདིས་ཀྱང་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟེན་ཅིང༌། སེམས་ཅན་ཐམས་ཅད་དུས་མིན་འཆི་བའི་འཇིགས་པ་ལས་ཐར་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།

འཆི་མེད་བཅུད་ལེན་གྱི་མན་ངག་བཀྲ་ཤིས་ཞོ་ཡི་སྙིང་པོ།

p. 671

འཆི་མེད་བཅུད་ལེན་གྱི་མན་ངག་བཀྲ་ཤིས་ཞོ་ཡི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

p. 672

རྣམ་འདྲེན་བླ་མར་དབྱེར་མེད་པའི། །རྩ་གསུམ་རྒྱ་མཚོར་གུས་བཏུད་ནས། །རིང་འཚོའི་ཐབས་མཆོག་བཅུད་ལེན་བསྐོར། །གོང་མའི་གསུང་ལས་བཏུས་ཏེ་འབྲི། །དེ་ལའང་བཞིའི། དང་པོ་སྨན་གྱི་བཅུད་ལེན་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ལག་ཏུ་བླང་བའི་རིམ་པ་འདི་ལྟར་ཡིན་ཏེ། ཐོག་མར་མེ་ཏོག་རྒྱས་པའི་དུས་སུ་ཚེས་བརྒྱད་ལྟ་བུའི་དུས་ཁྱད་པར་ཅན་གྱི་ཚེ་རང་ཉིད་གྲོགས་དང་བཅས་པས་ཁྲུས་བྱས། གོས་གསར་པ་གྱོན་ཏེ་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ངང་ནས་མ་ཎི་ཟློ་ཞིང་མེ་ཏོག་གི་ཚལ་དུ་ཕྱིན་ལ། བད་ཀན་ཤས་ཆེ་ན་བ་ལུའི་མེ་ཏོག མཁྲིས་པ་ལ་སྦྲང་འཛིན་ཞེས་པ་རྟག་ཏུ་ངུའི་མེ་ཏོག རྣ་བ་མི་བདེ་ན་ཨུག་ཆོས་མེ་ཏོག་མ་ཉམས་པ། མིག་ལ་དབྱར་མོ་ཐང་སྟེ་རང་རང་གི་ནད་གཞི་དང་བསྟུན་པའམ། དེ་བཞིན་མིན་ན་དུག་གི་རིགས་མ་ཡིན་པའི་མེ་ཏོག་ཐམས་ཅད་ཀྱང་རུང་སྟེ། ཀུན་ཀྱང་མགུལ་གྱི་ཤིང་བལ་སོགས་མེད་པར་བཏུས་ལ་ལྟེ་མ་གཙང་མར་གྲིབ་བསྐམས་སམ། བྱ་ནན་མ་རུལ་བར་ལེགས་པར་བསྐམས་ལ། ཕྱེ་ཞིབ་མོར་བཏགས་པའི་ཕྱེ་མ་བྲེ་གང་ཙམ་ལ་རབ་ཨ་རུ་ར་གསེར་མདོག དེ་མ་

p. 673

རྙེད་ན་ཨ་རུ་ར་ཤ་ཆེན་ཐུན་གསུམ། དབང་ལག་ཐུན་ཕྱེད་གསུམ། ཛཱ་ཏི་ཐུན་གཅིག་རྣམས་མེད་ཁ་མེད་ཀྱི་སྨན་དང༌། འབྱོར་ན་བཟང་དྲུག་རྣམས་དང་ཨ་ཀ་རུ་དེ་དག་ལས་ནད་གཞིར་ཕན་གང་ཆེ་ཨ་རུ་ར་དང་མཉམ་པ། གཞན་རྣམས་ཐུན་ཕྱེད་རེ་སྟེ་ཐམས་ཅད་ཀྱང་བཏགས་ལ་བསྲེས་ཏེ། སྦྲང་བུ་རམ་གང་འཐད་ཀྱིས་ཁུ་བ་བྱས་ལ་རིལ་བུ་ལུག་གི་རིལ་མ་ཆེ་ཤོས་ཙམ་བྱས་ཏེ་རིན་པོ་ཆེའམ་ཐོད་པའི་སྣོད་གཙང་མར་འགོམ་ཡུག་མི་འཆོར་བར་བཞག་སྟེ་སྦྱོར་བའི་རིམ«༡»་་པའོ། །གཉིས་པ་དངོས་གཞི་ཉམས་སུ་ལེན་པའི་ཚུལ་ནི། དེ་ནས་གནས་དབེན་པར་བྱི་དོར་བྱས། རྟེན་གྱི་དྲུང་དུ་མཆོད་པ་ཅི་འབྱོར་བཤམ། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཁ་ཙམ་མིན་པར་ཡིད་འཁུལ་ངེས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། སྭ་བྷཱ་ཝའི་སྔགས་དོན་དྲན་པའི་ངང་ནས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པའི་མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཕྱག་རྒྱ་ལྔས་བརྒྱན་པ། རོའི་གདན་ལ་

p. 674

གཡས་བརྐྱང་གིས་བཞུགས་པར་གསལ་བའི་ངང་ནས་སྤྱན་ནམ་མཁའ་ལ་གཟིགས་པས་རྩ་བརྒྱུད་ཀྱི་བླ་མ་དང༌། རྒྱལ་བ་སྲས་བཅས་ཐམས་ཅད་སྤྲིན་གྱི་ཕུང་པོ་བཞིན་དུ་བྱོན། དེ་དག་གི་བྱིན་རླབས་དང༌། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔའི་བཅུད་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བཀུག་ནས་རིལ་བུ་རྣམས་ལ་རིམ་པར་ཐིམ་པས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ་དམིགས་པ་གསལ་བའི་ངང་ནས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནི་ས་ཨ་མྲྀ་ཏ་སིདྡྷི་ཧཱུྃ། ཞེས་བསྟོད་སྨྲ་བཅད་བྱས་ནས་བཟླ་སྟེ། ཡི་གེ་སྔ་མ་དག་ཏུ་ཧ་རི་ནི་ས་ཞེས་པ་མི་འབྱུང་ཡང་མ་དག་པ་ཡིན་ནོ། །རིལ་བུ་བསྒྲུབ་པའི་རིམ«༢»་་པའོ། །དེ་ནས་བཟའ་བའི་ཚུལ་ནི། དུས་གསུམ་མམ་གཉིས་ཀྱི་ཚེ་རང་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པའི་དམིགས་པ་སྔར་ལྟར་བྱས་ལ་སྔགས་ཉེར་གཅིག་བཟླས་ཏེ་ཐུག་པ་སླ་སིང་ངེ་བ་ཕོར་བུ་དོ་རེས་ཕུལ་ལ་རི་ལུ་རེ་མིད་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཟག་པ་མེད་པའི་བདེ་བས་སྟོང་ཉིད་ཡུལ་དུ་བྱས་པའི་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས་པར་བསམས་ལ་བཟའ་ཞིང༌། ཡུན་ནི་ཞག་ཉེར་གཅིག་བྱ་སྟེ། ཞག་བདུན་ཕྲག་དང་པོ་ལ་ལྟོ་དང༌། གཉིས་པ་ལ་ནད་བྱང་ཞིང༌། གསུམ་པ་ལ་ལུས་ཟུངས་སྐྱེ་བ་ཡིན་ལ། དེ་ཡང་ནད་ཀྱི་ཕྱིར་དུ་བྱེད་པ་ཡིན་ལ། གཞན་དུ་ནི་ངེས་པ་མེད་དོ། །རིལ་བུ་ཟ་ཚུལ་གྱི་རིམ«༣»་པའོ། །དེའི་སྐབས་སུ་སྤྱོད་ལམ་ནི་ལུས་ཀྱིས་ཕྱག་འཚལ་བ་དང་བསྐོར་བ། ངག་བཟླས་བརྗོད། ཡིད་ལྷའི་སྒོམ་བཟླས་སོགས་ཀྱིས་མི་དལ་བར་བྱ་སྟེ། གཞན་དུ་བད་ཀན་སྐྱེ་བས་ནད་ཀྱི་རྒྱུར་འགྱུར་བ་ལ་རླུང་གི་གེག«༤»ས་སེལ་བ་ལ་འབད་པ་གལ་ཆེའོ། །ཇ་དང་བུ་རམ་གྱི་ལྡེ་གུ་ཅུང་ཟད་རེ་མ་གཏོགས་ཟས་རགས་པ་

p. 675

སྤང་ངོ༌། །གསུམ་པ་རྗེས་ཀྱི་ཕན་ཡོན་ནི། ནད་གཞི་ཀུན་ལ་ཕན། ཚེ་རིང༌། ལུས་མདངས་ལེགས། རྒས་ཁ་སྲ། སྐྲ་དཀར་དང་གཉེར་མ་ཉུང༌། ནད་ཡན་པས་མི་ཚུགས། ལུས་ལ་ཤིག་སྲོ་མི་འབྱུང༌། ཤེས་རབ་ཆེ། རིག་པ་དྭངས། ཟས་དང་ལོག་འཚོས་མ་གོས་པས་ལམ་གྱི་རྟོགས་པ་སྐྱེ་སླ། མིས་བྱམས། མཁའ་འགྲོ་འདུ་བ་སོགས་ངེས་པར་འབྱུང་སྟེ་ཕན་ཡོན་གྱི་རིམ«༥»་པའོ།། ༈ །གཉིས་པ་རྡེའུའི་བཅུད་ལེན་ལ། རྡོ་བརྟག་པ་དང་གཅིག ཐུ་བ་དང་གཉིས། བྱིན་གྱིས་བརླབས་པ་དང་གསུམ། ཟ་ཐབས་དང་བཞི། དམ་ཚིག་དང་ལྔ། གེགས་སེལ་དང་དྲུག ཡོན་ཏན་དང་བདུན། ཁུངས་བསྟན་པ་དང་བརྒྱད་ལས། དང་པོ་རྡོ་བརྟག«༡»་པ་ནི། རྡོ་རིགས་ལྔ་སྟེ། ཤ་ཆེན་ཚིལ་ཆེན་གཉིས། རུས་པ་ཅན། མཁྲིས་པ་ཅན་གཉིས། ཤི་ཤ་ཅན་དང་ལྔ་ལས། ཤ་ཆེན་ནི་མདོག་གར་ཡང་རུང་ལ་སོ་མི་བརྩེ་ཞིང་ཤ་ཆེན་ཉམས་ཅན། ཚིལ་ཆེན་དཀར་ལ་ཚིལ་བུའི་རྣམ་པ་ཡོད་པ། རུས་ཅན་ནི། དཀར་སྒོང་དང་མེ་རྡོ་ལྟ་བུ། མཁྲིས་པ་ཅན་ནི་གཡའ་མ་དང་ལྗང་གུ་ཆུ་རྡོའི་རིགས་སོ། །ཤི་ཤ་ཅན་ནི་རྡོ་ཕལ་པ་རྣམས་སོ། །བསྟེན་པ་ནི་ཤ་ཚིལ་ཅན་བསྟེན་ཅིང༌། གཞན་རྣམས་སྤང་བྱའོ། །དེ་ནས་རྡོ་ཐུ་བ«༢»་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་རྟ་མགྲིན་དཔའ་བོ་གཅིག་པར་བསྐྱེད། སོར་མོ་རྣམས་མཁའ་འགྲོ་ལྔར་བསྒོམ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་བསྐྱེད། རྡོ་བདུད་རྩིར་བསམས་ལ་སྔགས་འདི་བཟླས་ལ་ཐུའོ། །ཨོཾ་ཏྲིག་ཡེ་ར་ཏྲིག་ཡེ་ར་སྭཱ་ཧཱ། ཞེས་བཟླ་ཞིང་མདུན་དུ་བསག དེ་ནས་རྩ་གསུམ་མཆོག་གསུམ་སྐྱབས་ཡུལ་ཐམས་ཅད་བསྟིམས་ལ་སྣོད་དུ་བླུགས། རྡོ་ཐུ་བའི་ཐབས་ཡིན། དེ་ནས་བྱིན་རླབས་བྱེད་པ«༣»འི་ཐོག་མར་ཟངས་དཀར་གཡའ་ཅན་ནམ། རྫ་གང་རིགས་ཀྱི་སྣོད་དུ། སྨན་བཟང་དྲུག་ལ་སོགས་པས་

p. 676

བཅོས། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབས་ལ་བྱིན་གྱིས་བརླབ་པ་ནི། རྡེའུ་རྣམས་ཀ་པཱ་ལའི་ནང་དུ་བླུགས། སྐྱབས་སེམས་སྤྱི་མཐུན་རྗེས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྣང་སྲིད་ཆོས་ཀུན་འོད་གསལ་སྟོང་པའི་ངང༌། །རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་ཅུང་ཟད་ཞི་ཁྲོའི་ཉམས་དང་ལྡན། །ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་པ། །ཤ་ལྔ་བདུད་རྩིས་གང་བ་ཐུགས་ཀར་འཛིན། །རིན་ཆེན་རུས་རྒྱན་གྲུ་མོར་ཁ་ཊྭཱཾ་འཆང༌། །རྣ་ལྟག་གཡས་ན་ཕག་ཞལ་ངུར་སྒྲ་སྒྲོགས། །ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་ཅན། །གཡས་བསྐུམ་གཡོན་བརྐྱང་པད་ཉི་རོ་གདན་བཞུགས། །མེ་དཔུང་འཇའ་འོད་འཁྲུགས་པའི་ཀློང་ན་བཞེངས། །དེ་ཡི་དབུ་གཙུག་རྩ་བརྒྱུད་བླ་མ་རྣམས། །འཇའ་འོད་ཀློང་ན་ཐོ་བརྩེགས་ཚུལ་དུ་བཞུགས། །ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་ལ། རྡེའུ་རྣམས་ཤ་ལྔ་བདུད་རྩི་ལྔར་མོས་ལ། བྱིན་གྱིས་རློབ་པའི་སྔགས་ནི། ཨོཾ་མུ་ལེ་མུ་ལེ་མ་ཧཱ་མུ་ལེ་སྭཱ་ཧཱ། ཞེས་བརྒྱ་སྟོང་བཟླས་ལ་ཕུ་གདབ། བགེགས་བསལ་གྱི་སྔགས་ནི། ཨོཾ་ཤ་པ་ཏྲི་ཤི་ཤག་ཤིག་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་ཏེ་རྡེའུ་ལ་འདེབས། བཟའ་ཐ«༤»བས་ནི། དང་པོ་མར་དཀར་མཐེ་བོང་ཙམ་རེ་རྡེའུའི་སྔ་ཕྱིར་བཏང༌། རྗེས་སུ་མ་བྱུང་ཡང་རུང༌། ཇ་ཆང་སྐྱོ་ཚ་གང་རིགས་ཕོར་ཚད་རེ་ཙམ་གྱིས་ཕུལ་ཏེ་མིད་རྗེས་གསོལ་འདེབས་ནི། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་བྷྱཿ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་མཁའ་འགྲོ་ནི་གུ་མར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྱུང་བ་རྡོ་ཡི་བཅུད་མཆོག་ལོན་པ་དང༌། །བཅུད་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དུས་གསུམ་རྣམ་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །རས་ཆེན་ཆོས་རྗེ་སངས་རྒྱས་བཟང་མོ་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །

p. 677

རིན་ཆེན་རྒྱལ་པོ་འཇམ་དབྱངས་པདྨ་གར། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །གྲགས་པ་འོད་ཟེར་རབ་འབྱམས་ཆོས་ཀྱི་རྗེ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །རཏྣའི་མཚན་ཅན་འདུས་ཆེན་རབ་རྒྱས་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །འཇམ་དབྱངས་དགའ་བ་རིན་ཆེན་བཟང་པོ་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །འཇིགས་མེད་རྣམ་རྒྱལ་འཇམ་དབྱངས་རྣམ་རྒྱལ་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །རིག་འཛིན་རྣམ་རྒྱལ་བདེ་ཆེན་མཚོ་མོ་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །ཚུལ་ཁྲིམས་རྡོ་རྗེ་རྩ་བའི་བླ་མ་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །ཡི་དམ་མཁའ་འགྲོ་བཀྲ་ཤིས་འོད་འབར་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །གནས་གསུམ་མཁའ་འགྲོ་རྡོ་རྗེའི་སྤུན་གྲོགས་ལ། །གསོལ་བ༴ །འབྱུང་བ༴ །བཅུད་ལེན༴ །ཞེས་གསོལ་བ་བཏབ་པས། ཆོས་སྐུ་སྣང་བ་མཐའ་ཡས་འོད་དུ་ཞུ་ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་ཐིམ། ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཐིམ། སྤྲུལ་སྐུ་པདྨ་འབྱུང་གནས་མཁའ་འགྲོ་ནི་གུ་མ་ལ་ཐིམ། ནི་གུ་མ་འཇིགས་མེད་གྲགས་པ༴ འཇིགས་མེད་གྲགས་པ་དཔལ་འབྱོར་བཟང་པོ་ལ༴ རས་ཆེན་དཔལ་འབྱོར་བཟང་པོ་ཡང་འོད་དུ་ཞུ་ཌཱ་ཀི་མ་སངས་རྒྱ་བཟང་མོ༴ སངས་རྒྱས་བཟང་མོ་ཡང༴ མཁས་གྲུབ་རིན་ཆེན་རྒྱལ་པོ་ལ༴ མཁས་གྲུབ་ཆེན་པོ༴ འཇམ་དབྱངས་པདྨ་གར་དབང་ལ༴ འཇམ་དབྱངས་པདྨ་གར་དབང་ཡང༴ རྗེ་བཙུན་གྲགས་པ་འོད་ཟེར་ལ༴ གྲགས་པ་འོད་ཟེར་ཡང༴ རབ་འབྱམས་ཆོས་རྗེ་ལ༴ རབ་འབྱམས་ཆོས་རྗེ་ཡང༴ རཏྣའི་མཚན་ཅན་ལ༴ རཏྣའི་མཚན་ཅན་ཡང༴ འདུས་ཆེན་རབ་རྒྱས་ལ༴ འདུས་

p. 678

ཆེན་རབ་རྒྱས་ཡང༴ འཇམ་དབྱངས་དགའ་བ་ལ༴ འཇམ་དབྱངས་དགའ་བ་ཡང༴ བཀའ་དྲིན་འཁོར་མེད་རིན་ཆེན་བཟང་པོ་ལ༴ རིན་ཆེན་བཟང་པོ་ཡང༴ སྦས་པའི་རྣལ་འབྱོར་འཇིགས་མེད་རྣམ་རྒྱལ་ལ༴ སྦས་པའི་རྣལ་འབྱོར་ཡང༴ རྗེ་བཙུན་འཇམ་དབྱངས་རྣམ་རྒྱལ་ལ༴ འཇམ་དབྱངས་རྣམ་རྒྱལ་ཡང༴ རིག་འཛིན་རྣམ་རྒྱལ་ལ༴ རིག་འཛིན་རྣམ་རྒྱལ་ཡང་འོད་དུ་ཞུ་ཆོས་དབྱིངས་བདེ་ཆེན་མཚོ་མོ་ལ༴ ཆོས་དབྱིངས་བདེ་ཆེན་མཚོ་མོ་ཡང༴ ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྡོ་རྗེ་ལ་ཐིམ། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྡོ་རྗེ་ཡང་འོད་དུ་ཞུ། བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དབྱེར་མ་མཆིས་པའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། སེམས་གཟུང་འཛིན་དང་བྲལ་བར་མཉམ་པར་བཞག་གོ །འདིའི་དམ་ཚིག་ལ། རྡོ་བྱིན་གྱིས་མ་བརླབས་པ་དང༌། ཡི་དམ་མ་བསྒོམས་པར་མི་བཟའ། གཞན་ལ་གསང་ཞིང་ཉམས་གྲིབ་ལ་འཛེམ། ཟས་གོས་གསོག་འཇོག་མི་བྱ་ཚོགས་སུ་གཏང༌། ཐིག་ལེ་ཉམས་སུ་མི་འཇུག སྔགས་འདྲེན་སྐབས་ངག་མི་གཏོང༌། གེགས་སེལ་ནི། འདི་ཉམས་སུ་ལེན་པའི་དུས་སུ་ཚེ་འདི་བློས་མི་ཐོང་བ་དང༌། བཟའ་སྙིང་མི་འདོད་པ་དང༌། དཀའ་ཐུབ་དང་དམ་བཅའ་བློས་གཏང་བར་འདོད་པ་བྱུང་ན། གེགས་དང་བར་ཆད་དུ་ཤེས་པར་བྱས་ལ། ན་ཤི་ལྟོགས་རྒྱགས་ཅི་བྱུང་རུང༌། འདིས་མགོ་ཐོན་པ་མི་བྱ་རེ་སྙམ་པའི་བློ་ཤད་བསྐྱེད། དེས་གེགས་མི་འོང༌། གལ་ཏེ་བྱུང་ན་སེལ་ཐབས་ཆུ་བསྐོལ་ལ་མར་བཏབ་ནས་འཐུང༌། སྐྱུག་ན་ཆུ་དྲོན་གཏང༌། འབྱམས་ན་སྐྱོ་ཆ་གཏང༌། རླུང་ལ་རླུང་སྨན་བསྟེན། དེས་གེགས་སེལ་ལོ། །འདིའི་ཡོན་ཏན་ལ་རྡོ་བཟའ་བའི་དུས་སུ་ཡོག་ཚད་ཟོས་པས་མཆོག

p. 679

ལྟོ་གོས་ཀྱི་རྩོལ་བ་ཆད། ཞག་བདུན་བརྒྱད་ནས་ཀྱིས་ཤ་བྲི། དྲི་ཆུང༌། ཞག་བཅུ་ནས་ཤེད་དང༌། ཤ་དྭངས་སྐྱེལ། ཤེས་པ་དང་དབང་པོ་གསལ། དགེ་སྦྱོར་ལ་བོགས་ཐོན། རྡོ་ལ་རོ་མཆོག་ཐོན། ལུས་ཡང་ཞིང་མགྱོགས། སྲོག་ཆགས་མི་འབྱུང༌། དྲོད་སྐྱེ། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ། དཔའ་བོ་དང་ཌཱ་ཀི་འདུ། ཆོས་སྐྱོང་དང་ལྷ་སྲིན་བྲན་དུ་འགྱུར། ཟས་ནོར་དང་ལོངས་སྤྱོད་འདུ། མངོན་ཤེས་དང་འོད་གསལ་གྱི་ཉམས་སྐྱེ། དགེ་སྦྱོར་ལ་བརྟན་པ་ཐོབ། སེར་སྣ་དང་ཆགས་པའི་དྲི་མ་དག ཕྱི་མ་མུ་གེའི་བསྐལ་པ་ལས་ཐར་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༌། །རྡོའི་འབྱུང་ཁུངས་བསྟན་པ་ནི། སྤ་གྲོ་སྟག་ཚང༌། ཆུ་བོ་རིའི་ནུབ་དང་བྱང༌། ཕག་མོ་གྲུ། གཞོ་སྟོད་ཏི་གྲོ་བྲག་དཀར། ལྷོ་བྲག་མཁར་ཆུ། གཟེད་ཀྱི་བྱེ་མ་ལུང་སོགས་ལ་ཡོད་དོ། །བདུད་རྩི་རྡོའི་བཅུད་ལེན་གྱི་གདམས་ངག་གཞན་ལས་ཁྱད་པར་འཕགས་པ་རྫོགས་སོ།། ༈ །གསུམ་པ་མེ་ཏོག་བཅུད་ལེན་ལ། དཔལ་དེ་ཁོ་ན་ཉིད་འདུས་པའི་ལུགས་ཡེ་ཤེས་ཀྱི་མཁའ་འགྲོ་མས་འཇིགས་བྲལ་དུས་གསུམ་རྣམ་མཁྱེན་ལ་སྙན་བརྒྱུད་དུ་གདམས་པའི་དཀའ་ཐུབ་མེ་ཏོག་བཅུད་ལེན་གྱི་གདམས་པ་ལ་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཕན་ཡོན་བསྟན་པའོ། །དེ་ལ་དང་པོ་སྔོན་འགྲོའི་རིམ་པ་ལ། མེ་ཏོག་ཐུ་བ་ནི། སྐྱབས་སེམས་སྔོན་དུ་བཏང༌། རང་ཉིད་རྡོ་རྗེ་ཕག་མོ་དཀར་མོའི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས་སྙིང་པོ་བཟླ་བཞིན་དུ་ས་གཙང་ས་མེ་ཏོག་སྣ་ཚོགས་སྐྱེ་བའི་སའི་ཆར་ཁ་ཤར་དུ་བལྟས་ཏེ་དུག་རིགས་མེད་པའི་རྩི་ཤིང་གང་ཡང་རུང་བའི་མེ་ཏོག་རྣམས་ཕྱག་གཡས་ཀྱི་གྲི་གུག་གིས་མགུལ་པ་ནས་བཅད་ཕྱག་གཡོན་པའི་ཐོད་པའི་ནང་དུ་བླུགས་པར་བསམས་ལ་བསྡུས་ཏེ། དེ་རྣམས་རུལ་སུམ་མེད་པའི་གྲིབ་བསྐམ་དུ་བྱས་པ་ཆ་གཉིས། དུག་རིགས་

p. 680

མེད་པའི་སྨན་སྣ་ཚོགས་ཀྱི་ཆ་གཅིག་སྟེ། དེ་ཡང་སོ་སོའི་ནད་བབས་དང་བསྟུན་པའི་ཕན་བྱེད་ཀྱི་མེ་ཏོག་དང་སྨན་སོགས་མང་བ་གཏོང་ལུགས་བྱ། དེ་གཉིས་བྲེ་གང་གི་ཚོད་ཙམ་ལ་ཞིབ་ཕུལ་གང་བཏབ་པ་འདམ་འཐག་ལེགས་པར་བྱས་ཏེ་རིལ་བུ་ཁམ་ཚིག་ཙམ་བསྒྲིལ་ལ་རིལ་ཆགས་དང་གྲིབ་སྐམ་བྱའོ། །གཉིས་པ་དངོས་གཞི་དེ་ཉིད་སྒྲུབ་པ་ནི། གནས་ཁང་བྱི་དོར་དང་སྤོས་ཆུས་ཆག་ཆག་གདབ། རིལ་བུ་རྣམས་ཀ་པཱ་ལའི་ནང་དུ་བླུགས་ལ་ཉེར་མཆོད་བཤམ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་ཕག་མོའི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབས། རང་དང་རིལ་བུ་གཉིས་ཀ སྭ་བྷཱ་ཝས་སྟོང་པར་སྦྱང༌། སྣང་སྲིད་ཆོས་ཀུན་འོད་གསལ་སྟོང་པའི་ངང༌། །རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་ཅུང་ཟད་ཞི་ཁྲོའི་ཉམས་དང་ལྡན། །ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་པ། །བདུད་རྩི་རིལ་བུས་གང་བ་ཐུགས་ཀར་འཛིན། །གཡས་བསྐུམ་གཡོན་བརྐྱང་པད་ཉི་རོ་སྟེང་བཞུགས། །མེ་དཔུང་འཇའ་འོད་འཁྲུགས་པའི་ཀློང་ན་གསལ། །ཨོཾ་ཨཱཿཧཱུྃ། ཞེས་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གསལ་གདབ། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་སྤྱན་དྲངས། རིལ་བུ་ཕག་མོར་གསལ་བ་ལ་ཐིམ་པར་དམིགས་ཏེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནིས་ཨ་མྲྀ་ཏ་སིདྡྷི་ཧཱུྃ། ཞེས་བརྒྱ་སྟོང་བཟླས་རྗེས་རིལ་བུ་ལྷར་གསལ་བ་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས། རང་ཡི་དམ་གྱི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས་ཇ་ཆང་གང་རིགས་ཀྱི་ཕོར་ཚད་རེས་ཕུལ་ཏེ་རིལ་བུ་གཉིས་རེ་ཁྱུར་མེད་དུ་གཏང༌། དཀའ་ཐུབ་ཀྱི་ཟས་ལ་བསྟེན་དགོས་པ་ཡིན་ཚེ། ཐུགས་པ་སླ་སེང་བ་བཀའ་བརྒྱུད་རིན་པོ་ཆེས་གསུང་པ་ལྟར་ཕུལ་རེ་གཏང༌། དམིགས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། བྱང་ཆུབ་

p. 681

སེམས་ཀྱི་བདུད་རྩིས་གང་སྟེ་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་གཡོ་མེད་ཀྱི་རང་མདངས་འགགས་མེད་ངང་ནས་གསོལ་བ་འདེབས་པ་ནི་སྤྱི་བོར་བླ་མ་ཀུན་འདུས་རྡོ་རྗེ་འཆང་ཡབ་ཡུམ་བསྐྱེད་ལ། ན་མོ་གུ་རུ་བྷྱཿ གནས་མཆོག་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་མཆོག་དཔལ་མོ་ཆོས་སྡིང་ཆོས་གྲྭ་རུ། །ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ་གསོལ་བ་འདེབས། །གནས་མཆོག་ཤམ་པོ་གངས་ཀྱི་ར་བ་རུ། །མི་ཉག་རིན་ཆེན་རྒྱལ་བ་ལ་གསོལ་བ་འདེབས། །གནས་མཆོག་གསང་ཕུ་ནེའུ་ཐང་ཡང་སྟེང་དུ། །མཚུངས་མེད་རས་སྟོན་ཆོས་རྗེ་ལ༴ །གནས་མཆོག་རི་ཁྲོད་ཡངས་པའི་དགོན་པ་རུ། །བྱ་བཏང་ཀུན་མཁྱེན་ཆོས་མཛད་ལ༴ །གནས་མཆོག་ཟབ་པ་ལུང་གི་དགོན་པ་རུ། །གྲུབ་ཆེན་བ་ལུའི་མེ་ཏོག་ལ༴ །གནས་མཆོག་བཀྲ་ཤིས་དཔལ་གྱི་དགོན་པ་རུ། །འདྲེན་མཆོག་སངས་རྒྱས་བརྩོན་འགྲུས་ལ༴ །གནས་མཆོག་བྱེ་ཚགས་དབེན་པའི་རི་ཁྲོད་དུ། །རྗེ་བཙུན་རཏྣའི་མཚན་ཅན་ལ༴ །གནས་མཆོག་འོན་ཕུ་དཀར་གྱི་རི་ཁྲོད་དུ། །རྗེ་བཙུན་དཔལ་ལྡན་གྲགས་པ་ལ༴ །གནས་མཆོག་ཤེལ་དཀར་ཅོག་པུའི་ཕོ་བྲང་དུ། །འགྲོ་མགོན་ལྕོག་གྲྭ་ཡབ་སྲས་ལ༴ །གནས་མཆོག་ཐུབ་བསྟན་ཆོས་འཁོར་ཆོས་གྲྭ་རུ། །སྐྱབས་མཆོག་འཇམ་དབྱངས་དགའ་བ་ལ༴ །གནས་མཆོག་ལྷ་རྩེ་བླ་མའི་གདན་ས་རུ། །མཉམ་མེད་རིན་ཆེན་བཟང་པོ་ལ༴ །གནས་མཆོག་གར་བཞུགས་དག་པའི་ཕོ་བྲང་དུ། །སྐྱབས་མགོན་དགེ་ལེགས་རྒྱལ་མཚན་ལ༴ །གནས་མཆོག་དགའ་ལྡན་ལྷ་རྩེའི་ཕོ་བྲང་དུ། །འདྲེན་མཆོག་འཇམ་དབྱངས་རྣམ་རྒྱལ་ལ༴ །གནས་མཆོག་བྱང་ཆུབ་སྦྱོར་ལམ་ཕོ་བྲང་དུ། །བསྐལ་བཟང་རིན་ཆེན་རྣམ་རྒྱལ་ལ༴ །གནས་མཆོག་མཁའ་སྤྱོད་བསམ་གྲུབ་ཆོས་སྡིང་དུ། །ཆོས་

p. 682

དབྱིངས་བདེ་ཆེན་མཚོ་མོ་ལ༴ །གནས་མཆོག་སྦྱོར་རྩེ་ཆོས་ཀྱི་ཕོ་བྲང་དུ། །ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་ལ༴ །གནས་མཆོག་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ༴ །གནས་མཆོག་རང་ལུས་རྒྱལ་བའི་ཕོ་བྲང་དུ། །རྩ་ཁམས་དཔའ་བོ་མཁའ་འགྲོ་ལ༴ །གནས་མཆོག་དག་སྣང་ཕྱོགས་མེད་གཞལ་ཡས་སུ། །མཆེད་གྲོགས་ཆོས་མཛད་ཐམས་ཅད་ལ༴ །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པར༴ །བདེ་དྲོད་ལུས་ལ་འབར་བར༴ །སྟོང་ཉིད་སྙིང་རྗེ་འབྱོངས་པར༴ །སྒྲུབ་པའི་རྒྱལ་མཚན་ཚུགས་པར༴ །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྡོ་རྗེ་ཕག་མོ་གོ་འཕང་མྱུར་ཐོབ་ཤོག །ཅེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཏེ། དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་སོགས་དང༌། བསྔོ་སྨོན་རྣམས་ཕྱག་ཆེན་གསོལ་འདེབས་ཀྱི་རྗེས་ལྟར་སོང་རྗེས། རང་ཉིད་ཕག་མའི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས། རྩ་བུག་སྟོང་ཕྲག་བདུན་ཅུ་རྩ་གཉིས་བྱང་སེམས་བདུད་རྩིས་གང་བར་དམིགས་ཏེ་རླུང་བུམ་ཅན་གང་ལྕོགས་རེ་འཛིན། ཐུན་མཚམས་ཐམས་ཅད་རླུང་ཕྱག་ལ་བརྩོན་པ་དང༌། ལུས་སྦྱོང་འཁྲུལ་འཁོར་སོགས་ལ་འབད། ལྟོགས་གེགས་བསལ་ཕྱིར་ནམ་མཁའ་ཟས་སུ་ཟ་བའི་དམིགས་པ་ནི་འོག་རླུང་ཅུང་ཟད་བསྡམ། ཧཱུྃ་ཞེས་པས་སྟེང་རླུང་དྲག་ཏུ་རྔུབས་པས་ནམ་མཁའ་སྔོ་འདུར་གྱིས་ཞུ་ནས་སྣ་བུག་ནས་དྲངས་ཁོང་དུ་མིད་པར་བསམ། གསུམ་པ་རྗེས་ཕན་ཡོན་དང་དམ་ཚིག་སོགས་རྡེའུ་དང་མཚུངས། ཉིན་རེ་ཐུན་བཞིའི་རིམ་པས་ཞག་བདུན་བསྟེན་ནོ། །རིལ་བུ་ལྷག་བྱུང་ཚེ་རྗེས་སུ་གཏོང་ཆོག་པས་སྣོད་ཀོ་ཁུག་སོགས་རླུང་མི་ཤོར་བའི་ནང་ལ་བླུགས་ཏེ་ཚགས་བྱའོ། །མེ་ཏོག་བཅུད་ལེན་གྱི་གདམས་

p. 683

པ་རྫོགས་སོ།། ༈ །བཞི་པ་ཆུའི་བཅུད་ལེན་ལ། དེ་ལ་གང་འཐུང་རྒྱུའི་ཆུ་ནི། མཚོ་ཆུ་དང༌། བ་ཚྭ་ཅན་དང༌། ཉི་ཟླའི་འོད་མ་ཕོག་པའི་ཁྲོན་ཆུ་སོགས་མ་ཡིན་པ་བླངས་ནས། ཞག་བདུན་སོགས་ཡུན་རིང་ལོན་པའི་ཆུ་རུས་རྣམས་དང་བསྐོལ་ནས་ཞག་འདས་པ་མ་ཡིན་ཞིང༌། རིང་ནས་འབབ་པའི་ཆུ་ཀླུང་གཙོ་བོ་དང༌། ཆུ་མིག་གི་ཆུ་འཇམ་པོ་ལ་ཡང་རུང༌། ཆུ་མིག་གི་ཆུ་མགོ་ནས་བླངས་པ་དང༌། ཆུ་དྲེག་ཡོད་པ་ལ་མི་བྱའོ། །ཆང་ཆུ་སོགས་ཆུའི་བཟང་ངན་བཤད་ཚུལ་ཡང་སྨན་རྒྱུད་ལས། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཞེས་གསུངས་ཤིང༌། གངས་ཆུ་ནི་གངས་ཅན་ལས་འབབ་པའི་ཆུ་ཡིན་ལ། ཁ་བའི་ཆུ་སྤང་བྱ་ཡིན་པར་བཤད། མཁའ་ལས་འབབ་པའི་ཆར་ཆུ་ནི་རང་བྱུང་གི་ཡན་ལག་བརྒྱད་ལྡན་ཡིན་ཏེ། རྒྱུད་ལས། མཁའ་ལས་འབབ་པ་རོ་མི་གསལ་ལ་ཞིམ། །འཚོ་ངོམས་བསིལ་ལ་ཡང་བས་བདུད་རྩིར་མཚུངས། །ཞེས་དང༌། ཡན་ལག་བརྒྱད་པར། མཁའ་ལས་འབབ་པ་གངྒཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང༌། །ཚིམ་ཞིང་སེམས་ནི་གསལ་བྱེད་པ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བས་བདུད་རྩིར་མཚུངས། །ཞེས་གསུངས་ཏེ། ཡན་ལག་བརྒྱད་ལྡན་ངོས་འཛིན་ཚུལ་ཡང་བརྒྱད་སྟོང་འགྲེལ་ཆེན་དུ། དྲི་ཞིམ་མངར་དང་བསིལ་བ་དང༌། །ཡང་དང་དྭངས་དང་གཙང་བ་དང༌། །འཐུང་ན་ལྟོ་དང་མགྲིན་པ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་དྲངས་སོ། །བཅོས་པའི་ཡན་ལག་བརྒྱད་ལྡན་ནི། རང་བྱུང་རྡོ་རྗེས། ཆུ་བསྐོལ་ཡན་ལག་བརྒྱད་དང་ལྡན། །རླུང་གནོན་བད་ཀན་འབྱིན་པར་བྱེད། །ཅེས་དང༌། རྒྱུད་ལས། ཆུ་བསྐོལ་ཟས་འཇུ་དྲོད་སྐྱེད་སྐྱིགས་བུ་སེལ། །བད་ཀན་

p. 684

ལྟོ་སྦོས་དབུགས་མི་བདེ་བ་དང༌། །ཆམས་པ་རིམས་གསར་འཕྲལ་དུ་ལྡོག་པར་བྱེད། །ཅེས་དང༌། པཎ་ཆེན་ཟླ་བ་མངོན་དགས། ཡུལ་དུས་ལྕི་དང་ཡང་བ་ལས། །བཞི་ཆ་སུམ་ཆ་ཕྱེད་གདུ་བར། །ལྦུ་བ་མེད་པར་བསྐོལ་པ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་སོ། །ཆུས་ཉེས་པ་སྐྱེད་པ་ཡང་རྒྱུད་ལས། ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་སྐྱེད། །ཅེས་དང༌། རང་བྱུང་རྡོ་རྗེས། ཆུ་ནི་ཞག་ལོན་ཉེས་གསུམ་སྐྱེད། །མ་གདུས་ཁྲེབ་པོ་དེ་དང་མཚུངས། །ཞེས་པ་ལྟར་རོ། །གང་གིས་འཐུང་བའི་གང་ཟག་ནི། ཚེ་འདི་བློས་བཏང་ནས་རི་ཁྲོད་དབེན་པའི་གནས་སུ་གཞོལ་ཞིང་སྒྲུབ་པ་མཛད་འདོད་པ་ལ། མཐུན་པའི་རྐྱེན་མ་འཛོམས་པའམ་དེ་ལ་མ་ལྟོས་པ་ཞིག་གོ །ནམ་འཐུང་བའི་དུས་ནི། སྟོན་ཀ་རྀ་ཥི་འཆར་བ་སོགས་ཆུ་བཟང་བའི་དུས་སུ་ཐོག་མར་བརྩམས་ཏེ། གོམས་ནས་དུས་ཐམས་ཅད་དུ་ཆུ་འབའ་ཞིག་གིས་འཚོ་བར་བྱའོ། །ཇི་ལྟར་འཐུང་བའི་ཚུལ་ནི། ཟས་སྐོམ་ལ་མ་ལྟོས་པར་དམ་ཆོས་སྒྲུབ་པ་པོས་ཆུ་འབའ་ཞིག་གིས་ལུས་རྟེན་འཚོ་བའི་ཐབས་སུ་ཆུའི་བཅུད་ལེན་ལ་ཇེ་ཆུང་ཇེ་ཆུང་རིམ་གྱིས་གོམས་ཤིང་སྦྱོང་བ་སྟེ། དེའང་རང་རྗེ་བཙུན་རྣལ་འབྱོར་མའམ་ཕག་མོ་མངོན་རྟོགས་བཞིན་བསྒོམ། ཆུ་ལེགས་པར་བསྐོལ་ཞིང་གདུས་པར་རྩམ་པ་ཐུར་མ་རེ་བཏབ་པ་བཟུང་ནས། ཨོཾ་ལཾ་ལཾ་རུང་རུང་ཞི་ཞི་ཉལ་ཉལ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་པས་ཐུགས་ཀའི་ཕཻཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་མཐུ། འཆི་མེད་ཚེའི་དངོས་གྲུབ་བརྙེས་པའི་དྲང་སྲོང་རྣམས་ཀྱི་ཚེའི་དངོས་གྲུབ། ལྷའི་བདུད་རྩིའི་བཅུད་ཐམས་ཅད་བདུད་རྩི་འོད་ཟེར་ཁ་དོག་ལྔའི་རྣམ་པར་བཀུག་ནས་ཆུ་ལ་ཐིམ་པར་བསམ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་བཏུང་ངོ༌། །ཨོཾ་ཛ་ལེ་སྭཱ་ཧཱ། ཉེར་གཅིག་བཟླས་པས་

p. 685

གེགས་མི་འབྱུང༌། ཨོཾ་ཐུད་དེ་ཐུད་དེ། ཐུང་ཏ་ཐུང་ཏ་སྭཱ་ཧཱ། ཉེར་གཅིག་བཟླས་པས་སྲིན་ལོག་སྤོང་ཞེས་གསུངས། དབེན་ས་པས། ས་ར་ཧའི་འབེབས་སྦྱོང་གསུངས་ཀྱང་ཡི་གེ་སྔ་མ་རྣམས་སུ་མ་བྱུང་ངོ༌། །དམིགས་རིམ་གཙོ་ཆེ་བ་ནི། འཐུང་པས་ལུས་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། བདུད་རྩི་སྤྱི་བོར་ལུད་པ་ལས་པདྨ་འདབ་མ་བཞི་པའི་དབུས་སུ་ཧེ་རུ་ཀ་སྔོན་པོ་བདུད་རྩིས་གང་བའི་བུམ་པ་ཐོད་པ་འཛིན་པ། ཡུམ་ཕག་མོ་བུམ་ཐོད་འཛིན་མས་འཁྱུད་པ། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ་ཐམས་ཅད་ཀྱང་བུམ་ཐོད་འཛིན་པ། རུས་པའི་རྒྱན་གྱིས་བརྒྱན་པ། འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་སྤྱན་དྲངས་ལ་ཐིམ་པར་མཆོད་ཅིང་གསོལ་བ་བཏབ་པས། བདེ་མཆོག་གསང་གནས་དང་ལྷ་རྣམས་ཀྱི་བུམ་ཐོད་ནས་བདུད་རྩི་བབས་པས་ལུས་ཐམས་ཅད་བདེ་བས་གང་ཞིང་ནད་གདོན་བཀྲེས་སྐོམ་མ་ལུས་ཞི་བར་བསམ། ལུས་མི་སྡོད་དེ་འཁྲུལ་འཁོར། ངག་མི་སྡོད་དེ་བཟླས་པ། ཡིད་མི་སྡོད་དེ་ཏིང་ངེ་འཛིན་ལ་བརྩོན་པར་དབེན་པས་གསུངས། དེ་ནས་ལུས་གནད་བཅས་ལ་ཕོ་བའི་འཁྲུལ་འཁོར་བྱ་ཞིང༌། བཙན་ཐབས་སུ་གཏུམ་མོའི་ཐབས་ལམ་ཉི་ཟླ་འབར་འཛག་ནི། ལྟེ་བར་ཉི་མ་སྤྱི་བོར་ཟླ་བ་གཉིས་དབུ་མ་དང་འབྲེལ་བར་འབྲུ་གསུམ་བསམས་ལ། བུམ་པ་ཅན་གྱི་འབར་འཛག་ཧཱུྃ་ལ་ཐིམ་པར་བསམ་མོ། །དེ་ཡང་ཐོག་མར་ཉི་མ་རེ་རེ་བཞིན་ཐུན་གསུམ་གསུམ། ཟླ་བ་རེ་སོང་ནས་ཐུན་གཉིས་རེ། དེ་ནས་ཟླ་བ་རེ་སོང་ནས་ཐུན་གཅིག་གིས་ཐུབ། རུས་སྙིང་གི་ཁུ་བ་ལེགས་པར་གདུས་པར་མར་རྙིང་བུ་རམ་ཚ་བ་གསུམ་དང་རྩམ་པ་བསྲེས་པའི་རིལ་བུ་བྱས་ལ། ཟླ་བ་དང་པོར་ཉི་མ་རེ་རེ་བཞིན་གསུམ་རེ། ཟླ་བ་རེ་སོང་ནས་གཉིས་རེ། ཟླ་རེ་སོང་ནས་རིལ་བུ་རེས་

p. 686

འཚོ་བར་ནུས་པ་སྟེ། སྟོན་པ་སངས་རྒྱས་ཀྱིས་དཀའ་ཐུབ་མཛད་པའི་ཚེ་ཤུག་འབྲུ་རིམ་བཞིན་བཞེས་པའི་རྣམ་ཐར་དང་ཕྱོགས་མཐུན་པ་ཡིན་ནོ། །རང་བྱུང་རྡོ་རྗེས་བཅུད་ལེན་དུ་ཆུ་བསྐོལ་བར་རྩམ་པ་བཏབ་པར་བཤད་པ་ནི་ཐོག་མ་ནས་ཟས་ཐམས་ཅད་གཅོད་ན་བཟོད་མི་ནུས་པས་རིམ་གྱིས་སྦྱོང་དགོས་ཆེད་ཡིན་ལ། རིམ་གྱིས་ལེགས་པར་སྦྱངས་ནས་ཆུ་འབའ་ཞིག་གིས་ཐུབ་ངེས་པ་མྱོང་བས་གྲུབ་བོ། །དབེན་ས་པས། ཉི་ཤུ་རྩ་གཅིག་བྱས་པས་བརྟན་པ་ཐོབ། །དེའི་རིང་ལ་རྩམ་པ་མི་གཏོང༌། བརྟན་པ་ཐོབ་ན་ཤ་ཆང་ལ་སོགས་པ་ཁ་ཟས་ཡོད་པ་མི་སྤང༌། མེད་པ་མི་སྒྲུབ། བཅུད་ལེན་འདི་ལྟ་བུ་ལ་གནས་པར་བྱའོ་གསུངས་སོ། །ཡང་ན། ལྟེ་བར་ཧཱུྃ་མཐིང་ནག ཤར་དུ་བྷྲཱུྃ་སེར་པོ། ལྷོར་ཨྃ་དམར་པོ། ནུབ་ཏུ་བྃ་དཀར་པོ། བྱང་དུ་ཁྃ་ལྗང་གུ་གསལ་བཏབ་པའམ། རང་བྱུང་རྡོ་རྗེས། ཟས་སྲེད་གཅོད་ནས་རླུང་བཟུང༌། །མགྲིན་པར་བྷྲཱུྃ་ལ་ཤེས་པ་གཏད། །སྐོམ་སྲེད་གཅོད་ན་ཆུ་རླུང་བཟུང༌། །སྤྱི་བོར་བ་ལ་ཤེས་པ་གཏད། །གོས་སྲེད་གཅོད་ན་མེ་རླུང་བཟུང༌། །ལྟེ་བར་ཨྃ་ལས་ཤེས་པ་གཏད། །རྟོག་པ་གཅོད་ན་ནམ་མཁའི་རླུང༌། །སྙིང་གར་ཧཱུྃ་ལ་བཟུང་ཞིང་བསྒོམ། །འདོད་སྲེད་གཅོད་ན་རླུང་གི་རླུང༌། །མཐིང་ག་གསང་བ་ཁཾ་ལ་གཏད། །ཀུན་ལ་མ་བཅོས་ཏིང་འཛིན་བསྒོམ། །ཞེས་པ་གང་རུང་ལྟ་བུ་ཞིག་ལ་དམིགས་པ་གཏད། ཡི་གེ་དེ་ལས་རང་མདོག་ཅན་གྱི་བདུད་རྩི་འབབ་པས་རྩ་ཐམས་ཅད་ལ་ཁྱབ་པར་བསམས་ལ་རླུང་ཁ་སྦྱོར་བཟུང༌། གེགས་སེལ་ནི། རླུང་ལོག་པ་བྱུང་ན་རུས་ཁུ་འཐུང་བས་སེལ། ཡུན་རིང་ལོན་ནས་མངར་གསུམ་ཟོས་པས་སྟོབས་འཕེལ་བར་འགྱུར། ཆུ་སྐྱུགས་ན་བུ་རམ་འདེབས། ཆུ་འགགས་པ་ལ་སྒ་སྐྱ་གཏང༌། ཆུ་སྙི་བ་ལ་གཞུག་ཆུང་གཏང༌། རླུང་ལངས་ན་ཟྭ་ཚོད་མ་ཕོར་གང༌། དྭང་ག་མི་བདེ་ན་སྒ། ཆུ་བུར་བྱུང་ན་ཕྱེ་ཚོད་ཕོར་གང་གཏང༌།

p. 687

མགོ་འཁོར་ན་རུས་སྙིང་གཏང༌། ཕན་ཡོན་ནི། རང་བྱུང་བས། ཞག་བདུན་ལོན་ནས་ནུས་པ་རྙེད། །ཉི་ཤུ་རྩ་གཅིག་བརྟན་པ་ཟིན། །དེ་ནས་གེགས་ལས་ཐར་པ་ཡིན། །ཟླ་བ་གཅིག་གིས་ལེགས་པར་འབྱོངས། །རྗེན་པའི་ཟས་དང་གྲང་མོའི་ཆུ། །གཏོར་མས་འབྱོངས་ཚད་ངེས་པའོ། །ཟླ་དྲུག་འབད་པས་ཡོན་ཏན་འཆར། །དེས་ན་ཆགས་མེད་རི་ཁྲོད་འགྲིམས། །ཞག་བདུན་ཉམས་སུ་བླངས་པ་ན། །མུ་གེའི་བསྐལ་པ་དག་ལས་ཐར། །ཉེར་གཅིག་ཁམ་གྱི་ཟས་དང་བྲལ། །ལུས་ཡང་དབུག་དལ་སེམས་མི་གཡོ། །ཟླ་གཅིག་ཟས་ཀྱི་རྩོལ་སྒྲུབ་བྲལ། །གཉིད་ཆུང་མདངས་གསལ་རྨི་ལམ་རྣོ། །ཟླ་དྲུག་ངོ་སྲུང་ཆོས་བརྒྱད་བྲལ། །ཞེས་གསུངས། དབེན་ས་པས། མི་ཆགས་པ་གསུམ་ནི། ལུས་ལ་དྲི་མ་མི་ཆགས། སྲིན་བུ་མི་ཆགས། མི་གཙང་བ་དང་སྣབས་ལུད་མི་ཆགས། འདུ་བ་གསུམ་ནི། ཉིན་མོ་མི་འདུ། ནུབ་མོ་མཁའ་འགྲོ་འདུ། ནང་ནུབ་ཟས་འདུ། བདེན་པ་གསུམ་ནི། སེམས་ལ་སྡུག་བསྔལ་མེད་པས་བདེན། ཡིད་ལ་ཞེན་ཆགས་མེད་པས་བདེན། ངག་ངན་པའི་རྫུན་མེད་པས་བདེན། བྲལ་བ་གསུམ་ནི། སེམས་སྡུག་བསྔལ་དང་བྲལ། ལུས་ངལ་དུབ་དང་བྲལ། ངག་རྫུན་དང་བྲལ། བདེ་བ་གསུམ་ནི། ཕྱི་སྣང་བ་ལ་ཞེན་པ་མེད་དེ་བདེ། ནང་ཉོན་མོངས་པ་ལ་གཉེན་པོ་མི་དགོས་ཏེ་བདེ། གསང་བ་འབྱུང་བ་ཆ་སྙོམས་པས་བདེ། མཉམ་པ་གསུམ་ནི། ཚེ་ཉི་ཟླ་དང་མཉམ། སྟོབས་གླང་པོ་ཆེ་དང་མཉམ། མགྱོགས་པ་རླུང་དང་མཉམ། གྲོལ་བ་གསུམ་ནི། ཕྱི་ནད་ལས་གྲོལ། ནང་ཕུང་པོ་ལས་གྲོལ། བར་བཏང་སྙོམས་ལས་གྲོལ། ཞེས་གསུངས་སོ། །ཞེས་པའང་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པའི་ཁ་སྐོང་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཁྲོད་ནས་བློ་གཏེར་དབང་པོས་ཉུང་ངུར་བསྡུས་པའི་དགེ་བས་སེམས་ཅན་ཐམས་ཅད་རིང་འཚོའི་རྟེན་ལ་དམ་ཆོས་སྤྱོད་པའི་རྒྱུར་གྱུར་ཅིག། །།

Pecha page